Nitartha Digital Library
Tibetan
 
no previousno next

(༡)མན་ངག་ཟ་འོག་རས་མ་བཞུགས་སོ། །འགྲོ་དོན་ཕེལ།

(༢)ན་མོ་གུ་རུ་ཌཱ་ཀི་ནི་ཡེ། དེ་ཡང་འདིར་སྤྱི་འདོན་བདུན་པ། མན་ངག་ཟ་འོག་རས་མ་ཞེས་བྱ་བ་འདི་སྟོན་དེ། མ་གཅིག་གི་བརྒྱུད་བཏམས་མུ་ཏིག་འཕྲེང་བ་ལས། བཅོད་ཀྱི་ཡིད་ཆེས་སྐྱེད། དབང་བསྐུར་བྱིན་བརླབས་རྒྱ་མཚོའི་བརྒྱུད་བྱིན་གྱིས་བརླབས། བདོན་འཁྲིད་ཡི་ནི་ནུ་རུའི་ཆོས་ཉིད་ཀྱི་བདོན་མངོན་དུ་བྱས། ཉམས་ལེན་དངོས་གྲུབ་ལག་ཆངས་ཀྱི་སྙམས་རྗེས་དབྱེར་མེད་དུ་སྲེས། བགེགས་སེལ་གནད་ཀྱི་ལྡེ་མིག་གིས་བཅོད་ཀྱི་བགེགས་བསལ། བོགས་འདོན་ཡོན་ཏན་གཏེར་མཛོད་ཀྱིས་བཅོད་ལ་བོགས་སྟོན། འདི་དེ་རྣམས་ལ་ཉེ་བར་ཁོ་པའི་ཆོས་མན་ངག་ཟ་འོག་རས་མ་ཞེས་བྱ་བ་འདི་སྟོན། དེ་ཡང་ན་རེ། གཉན་འཁྲོད་ས་གནད་ལྡན་པ་རུ། བཅོད་འདོད་བྱ་ལོང་མ་བྱུང་ན། དམིགས་པའི་ཞི་དག་སླངས་བྱས་ནས། བཅོད་ཅིང་གྲོལ་བ་མན་ངག་ཡིན། །གཉན་སར་བདུད་བཅོད་བྱེད་དུས་སུ། །ཅིས་ཀྱང་ཕུགས་སུ་

(༣)ཉལ་དགོས་ན། །གཉན་འཁྲོད་དེ་ལ་དམིགས་བཏད་ནས། །མལ་དུ་ཉལ་པ་མན་ངག་ཡིན། །ཡུན་རིངས་སྒྲུབ་བ་བྱེད་དུས་སུ། །ཙ་རི་ཏི་སེ་ལ་སོགས་པའི། །ཞི་བདག་ལྷ་འདྲེ་བཅོད་འདོད་ན། །དམིགས་པའི་བཅོད་པའི་མན་ངག་ཡིན། །གནས་གཉན་ཁང་གཉན་བཤུ་དགོས་ཤིང་། །གཉན་འཁྲོད་ཤིང་གཉན་བཅོད་དགོས་ན། །སྙེམས་ཁྲིག་ཐམས་ཅད་མི་བྱེད་པར། །བཅོད་དམིགས་འཛིན་པ་མན་ངག་ཡིན། །དེ་ལྟར་ཉམས་སུ་སླངས་པའི་ན། །མན་ངག་ཟ་འགོ་རས་མ་འདྲ། །ཅེས་པ་དེ་ཡང་། དང་པོ་གཉན་འཁྲོད་ས་གནད་དང་ལྡན་པ་གཅིག་དུ། འདིར་བཅོད་ན་འོང་པ་འདུག་ཏེ་སྙམས་པའི་ས། རང་ངམ་གཞན་གྱི་རྐྱེན་གྱིས། སྡད་ལོང་མ་བྱུང་ན། གཉན་འཁྲོད་ཀྱི་དོན་དེ་ལ་དམིགས་པ་བཏད་ལ། སྤྲོས་ཅས་དྲག་པོ་གཅིག་བྱས་ལ། ཁོའི་ནོར་ལོངས་སྤྱོད་དམ་བརླའམ་ཚེ་སྲོག་དུ་བསམ་ལ། ས་རྡོ་གང་ཡིན་གཅིག་ཁྱེར་ནས། ལམ་ནས་ཕར་སྤྲོས་ཅས་བྱེད་ཅིང་ཕྱིན། ལམ་གྱི་ཞག་ས་དེར། སྤྲོས་མེད་དང་ཤིན་ཏུ་སྤྲོས་མེད་ལ་སོགས་པའི་དམིགས་པ་བྱས་སྟེ། ཉལ་དད་པའི། དེའི་ནུབ་སློངས་དང་ཚར་ཚད་ལ་སོགས་པ་ཀུན་ཡང་ངོ་། །དཔེར་ན་དེ་མ་བྱུང་ན།

(༤)ནམ་བྱུང་བྱུང་བཅོད་དམིགས་དང་མ་བྲལ་བར་ཕྱིན་པའི། མྱུར་དུ་འོང་ངོ་། །དེ་ལྟར་བྱུང་བ་དང་། ས་རྡོ་དེ་ཁྱེར་ཡོངས་པ་ཀུན། ཁོ་རང་ཕྱོགས་སུ་དོར་ལ། ཁོ་ལ་དམིགས་པའི་ཟང་ཟིང་ནོར་གྱི་བྱིན་པ་སྟོང་པ་ལོགས་པ། དམ་པ་ཆོས་ཀྱི་བྱིན་པ་སྐྱབས་འགྲོ་ལ་སོགས་པ་མང་དུ་བྱས། མི་འཇིགས་པ་སྐྱབས་ཀྱི་བྱིན་པ་དང་། གནས་སྐབས་དང་མཐར་ཐུག་གི་མགོན་དང་སྐྱབས་ཀྱི་དམིགས་པ་དང་། སྨོན་ལམ་ལ་སོགས་པ་མང་དུ་བྱའོ། །དེ་ལྟར་ཉམས་སུ་སླངས་པའི། མན་ངག་དེ་ཟ་འོག་གི་རས་མ་དང་འདྲའོ། །།།གཉིས་པ་གཉན་སར་བདུད་བཅོད་བྱེད་དུས་སུ། །ཅེས་པ་ནི། དེ་ཡང་། རང་ཉིད་གཉན་ས་དེར་བཅོད་པ་བྱེད་པའི་དུས་སུ། རང་ངམ་གཟན་གི་ཕུགས་སུ་ཉལ་དགོས་པ་བྱུང་ན། ཉལ་ས་དང་སྡོད་པ་གཉན་ཁྲོད་དེ་རང་ན་ཡོད་དོ། །སྙམས་པའི་ཤེས་པ་ཙེ་གཅིག་ཏུ་མ་ཡེངས་པར་བྱས་སྟེ། བཅོད་དམིགས་དང་མ་བྲལ་བར། མལ་ས་དེར་ཉལ་སྡད་པས་རི་ཁར་བྱས་དང་ཐ་དད་མེད་དེ་ཤིན་ཤིན་ཏུ་ཟབ་པ་ཡིན་ནོ། །དོན་གསུམ་པ་ཡུན་རིངས་སྒྲུབ་པ་བྱེད་དུས་སུ། ཅེས་པ་ནི། དེ་ཡང་རང་ཉིད་དབྱེན་ས་ལ་ཡུན་རིང་དུ་བཞུགས་པའམ། བཞུགས་དགོས་དམ་ཅ་ཅན་དུ་ཡོད་ཅིང་ཐོན་པའི་སྐབས་དེར། གནས་ཆེན་ཙ་རིའམ། ཏི་སེའམ་དཔལ་གྱི་རི་ལ་སོགས་པར་གནས་རམ། བཅོད་ལ་འགྲོ་སྙིང་འདོད་ན། རང་གི་མལ་བླ་གབ་མེད་པའི་ས་དབང་

(༥)ཐོབ་བམ། བླ་ཡེ་གང་ཡིན་དུ་བཅའ། འགྲོ་སྙིང་འདོད་པའི་གནས་དེ་ཕྱོགས་སུ་ཁ་ལྟས་ལ། གནས་དེར་ཕྱིན་པར་བསམ་ཏེ། དེ་ནས་སྤྲོས་བཅས་དང་སྤྲོས་མེད་ལ་སོགས་པ་དང་། ཤིན་ཏུ་སྤྲོད་མེད་རྣམས་མངོན་གསུམ་དུ་ཇི་ལྟར་བྱེད་པ་བཞིན་བྱས་པས། ཕྱི་ནང་གསུམ་ངམ་གི་སློངས་དཔག་དུ་མེད་པ་འབྱུང་ངོ་། །དེ་ནས་བཅོད་བྱེད་ཀྱི་གདམ་ངག་ཉམས་སུ་སླངས་པའི། ཆོད་ཚ་ང་ཚར་ཚད་ལ་སོགས་པ་འབྱུང་ངོ་། །དེ་ཡང་དབང་པོ་རབ་ཀྱི་ཞགས་གསུམ་ལ་སློངས་ཡོང་ངོ་། །འབྲིང་གི་ཟླ་བ་ཕྱེད་ལ། ཐ་མས་ཀྱང་ཟླ་བ་གཅིག་གི་ཁོངས་སུ་སློངས་ཡོང་ངོ་། །དེ་ལྟར་དུ་བྱས་ཤིང་ཉམས་སུ་སླངས་པའི། གནས་ཆེན་དེ་བསྐོར་བ་དང་ཁྱད་མེད་ཅིང་ཡོན་ཏན་ཐམས་ཅད་རྒྱུད་ལ་འབྱུང་ངོ་། །བདོན་བཞི་བ། གནས་གཉན་ཁང་གཉན་བཤུ་དགོས་ཤིང་། ཅེས་པ་ནི། དེ་ཡང་གནས་པོ་བདུད་དང་རྒྱལ་པོ་ལ་སོགས་པའི་དབང་བྱས་པའམ། གནས་ཡང་ཁང་པ་གཉན་པོ་བཤུ་དགོས་པའམ། ཤིང་གཉན་པོ་བཅོད་དགོས་པའམ། བྲག་གཉན་པོ་བཤག་དགོས་པའམ། ན་གཉན་པོ་རྐོ་དགོས་པའམ། ས་གཉན་པོ་གཏུལ་དགོས་པ་ལ་སོགས་པ་བྱུང་ན། ཇི་འདྲ་བ་ཡོང་སྙམས་པའི་གཉེན་པོ་ལ་ཐེ་ཚོམ་མི་བྱེད་པར། གནས་དག་གམ། ས་དག་དེ་རང་གི་མདུན་དུ་ཡོངས་ནས། གནས་སམ་ས་ཆ་དེ་དགུས་པའི་ཕུལ་པར་བསམ་ལ། རང་གི་དབང་བར་ལྟས་སྟེ། གནས་དེ་དང་རང་དང་བཤུ་འཁན་རྣམས་དམིགས་པ་མེད་པ་དང་བྲལ་བར་བྱས་

(༦)ཏེ། ངག་ཏུ་ཕཊ་ཅེས་བརྗོད་ཅིང་། ཁང་པ་བཤུ་བའམ། ཤིང་ཅོད་པའམ། ས་ཐུལ་པ་ལ་སོགས་པ་བྱ་ཞིང་། རྗེས་སུ་གནས་དག་དེའི་ཙོ་བྱས་ལྷ་འདྲེ་ཐམས་ཅད་སྦྱིན་པ་གསུམ་གྱིས་ཚིམས་པར་བྱའོ། །དཔེར་ན་ཁོའི་ཆོ་འཕྲུལ་དང་བཅས་སྟེ། རང་ངམ་གཟན་ལ་བར་ཆད་ཀྱི་རྒྱུ་ཏུ་འགྲོ་ན། རང་དང་བཤུ་ཁན་གྱི་མི་ཐམས་ཅད་ཀྱང་། ས་དག་ཁོ་རང་དུ་ལེགས་པར་སྒོམ་པའི། ཁོ་ཡང་གནས་འགྱུར་ཡོང་། དེ་ནས་དམིགས་པ་དེ་དང་མ་བྲལ་བར། རང་གི་གནས་བཤུའམ་ས་རྐོ་བ་ལ་སོགས་པ་བྱེད་པར་བསམ་པའི། མཐར་ཐུག་དུ་གནས་དང་ས་ཕྱོགས་པའི་སྡིག་པ་དང་བྲལ་སྟེ། རང་གི་ས་ལ་ལོངས་སྤྱོད་པའི་ཕྱིར། གནས་སྐབས་སུ་ཚེ་སྲོག་བར་ཆད་དང་བྲལ་སྟེ། རང་གི་རང་ལ་མི་གནོད་པའི་ཕྱིར། རྗེས་སུ་དོན་དམ་པ་ཡུམ་གྱི་ངང་དུ་བཞག་གོ །དེ་ལྟར་བྱས་པའི་ཕྱི་ནང་གི་སློངས་བྱུང་ན། བཅོད་བྱེད་ཀྱི་གདམ་ངག་ཉམས་སུ་སླང་ངོ་། །ཡང་ན་ཁང་པ་བཤུ་བ་ལ་སོགས་པ་བྱེད་པའི་དགོང་དུ། བཅོད་བྱེད་ཀྱི་ཉམས་ལེན་ཇི་ལྟ་བ་ཞིན་དུ། ཉམས་སུ་བླངས་པའི། ཆོད་ཚད་དང་ཚར་ཚད་འབྱུང་། དེ་ལྟར་བྱུང་བ་དང་། ད་ཟོད་ཁང་བ་བཤུ་བ་ལ་སོགས་པ་བྱས་པའི་ཁྱབ་བོ། །མདོར་ན་གདམ་ངག་དེ་ཉམས་སུ་སླངས་པའི། གནས་སྐབས་དང་མཐར་ཐུག་དཀོར་ཙེ་ཕན་ཐོགས་པ། ཟ་འོག་རས་མ་དང་འདྲ་བའི་མན་ངག་ཡིན་ནོ། །ད་གཟན་ཡང་ང་ན་རེ། ནད་པ་སྨན་པའི་བོར་པའི་མི། །འཆི་བའི་དུས་བཏབ་རྙིང་རྗེའི་ཡུལ། །བྱང་སེམས་ལྡན་ཕྱིར་མན་ངག་གིས།

(༧)།ནད་བ་འཚོ་བ་མན་ངག་ཡིན། །བུ་ཆུང་བསྲེའུ་མ་སོས་ན། །ཅིས་ཀྱང་བསོ་དགོས་བྱུང་བ་ན། །འཆི་མེད་གསུམ་གྱིས་མན་ངག་གིས། །བསྲིའུ་བོས་བ་མན་ངག་ཡིན། །མི་ཕྱུགས་ནད་རིམས་མ་ཆོད་ན། །འཛིན་བྲལ་དྲག་པོའི་སྤྲོས་བཅས་ཀྱི། །ཀུན་ལ་ཡར་བཤུགས་མར་བཤག་བྱ། །སྟོང་པ་སྒོམ་པ་མན་ངག་ཡིན། །དམིགས་མཆོག་སེར་པ་བཟློག་འདོད་ན། །གང་ཟློག་དེ་ལ་དམིགས་བཏད་ནས། །འཛིན་མེད་སྤྲོས་ཅས་དྲག་པོ་ཡིས། །།།མེད་དེ་སྒོམ་པ་མན་ངག་ཡིན། །དེ་ལྟར་ཉམས་སུ་སླངས་པ་ན། །མན་ངག་ཟ་འོག་རས་མ་འདྲ། །ཅེས་པས་དེ་ཡང་དང་པོ་ནི། ནད་པ་སྨན་པའི་བོར་བ། འཆི་ནས་ངན་སོང་གསུམ་དུ་འགྲོ་བ། ནད་དེ་བསོས་ན་ཆོས་ལ་འགྲོ་བ་མི་ཤིན་དུ་སྙིང་རྗེའི་ཡུལ་དུ་རྒྱུར་བ་གཅིག་ལ། རང་ལ་བློ་བཀལ་ལྟོས་པ་ཀྱུར་ན། ནད་འདི་ལ་བསོ་རོགས་ཞུ། ཞེས་།།།ནས་བྱམས་སྙིང་རྗེའི་ཆེན་པོ་དང་ལྡན་པས་ངང་ནས། ནད་པ་དེའི་ནད་བཅོས་པ་ནི། ནད་ཀྱི་རིགས་མཛེ་ནད་ཅོང་ནད་སྟོད་གཟེར་ལོགས་གང་ཡིན་ཡང་འདྲ། ཐོག་མར་ནམ་མཁའ་སྒོ་འབྱེད་ཀྱི་གདམ་པ་བསྟན་སྟེ། དེ་ཡང་ནུས། འཁོར་བ་ཐོག་མེད་ནས་ཁམས་གསུམ་དུ་འཁོར་ཞིང་། རྒྱུ་དྲུག་ཁྱམས་སྟེ། སྡུག་བསྔལ་ལས་ཟོད་པའི་གླགས་མེད་པར་མྱོང་པ། འདི་ངས་ལན་ན། བདག་དང་བདག་གིར་བཟུང་ནས་ཆང་།།།གི་ལས་བསགས་པའི་ལན། དེའི་ནང་ནས་ཀྱང་། རང་ལུས་ཕུང་ཁམས་སྐྱེ་ཕྱེད་འདིས་བདག་ཏུ་བཟུང་བའི་ལན། ཁྱད་པར་དུ་ན་བ་དང་ཚ་བའི་སྡུག་བསྔལ་ཟུག་གཟེར་བ་བཟོད་པའི་བླགས་མེད་པ། ལུས་བསྲོག་བྲལ་གྱི་དོགས་ཀྱི་སྡུག་བསྔལ་

(༨)འདི་ལུས་ལ་ཞེན་ཅིང་ཆགས་།།།པའི་ལན་ཡིན་པས། ད་རེས་ལུས་ཀྱི་ཞེན་པ་བཏང་ལ། རིག་པ་ཆོས་དབྱིངས་ཀྱི་ངང་དུ་བཞོག་པ་གཅིག་དགོས་པ་འདུག་པའི། དེ་ལ་རང་གི་རིག་པ་རྣམས་པར་མི་རྟོག་དགུ་རྟོག་འདིའ། དམིགས་པའི་རྟེན་འོད་དཀར་པོ་བྱ་སྒོང་ཙམ་གཅིག་ཏུ་རྒྱུར་ནས། དེ་གང་ནས་དེ་ནས་ཐོན། དབྱིངས་ཆོས་ཉིད་ཀྱི་ངང་དུ་ཆམས་བཞག་ལ། ལུས་རོའི་རང་བཞིན་དེ་འཆི་བདག་བདུད་པོ་དེ་ལ་རྒྱངས་ཀྱི་ཀྱུར་རོ། །ཁོས་དེ་ཟོས་ཤིང་ཆོས་པར་བསམ་ལ། སྟོང་ཉིད་ཡུམ་གྱི་ངང་དུ་བཞོག །དེ་ལྟ་བུའི་དམིགས་པ་དེ། ཉིན་ལན་གསུམ་མཚན་ལན་གསུམ་ཏེ། བཞག་རེ་ལ་ལན་དྲུག་དྲུག་བྱའོ། །ཅིས་ཀྱང་ཟུག་ཆེ་ན། སློབ་དཔོན་ནམ་ནད་པ་རང་གི་ལག་མཐིལ་དུ། སྟོང་ཉིད་སྐྱེ་བ་མེད་པ་མཚོན་པའི་རྟེན། ཡི་གེ་ཨཱ་དཀར་པོ་གཅིག་བསམ་ལ། རིག་པ་འཛིན་མེད་དུ་ཡུམ་གྱི་ངང་དུ་བཞག་སྟེ། གང་ན་སར་ཤུགས་སྐྱེད་ལ་འབྲུལ། ངག་དུ་ཕཊ་ཅེས་ཡང་ཡང་དུ་བརྗོད། དེའི་ཟུག་ཆག་གོ །ནད་པ་ལ་གནོད་སྦྱིན་འདེབས་ན། རང་དང་ནད་པ་དང་བདོན་གསུམ་ཕྱི་ལུས་ལ་ལྟས་སྟོང་པ། ནང་སེམས་ལ་ལྟས་སྟོང་པ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ངང་དུ་བལྟས་ལ། ཕཊ་དྲག་པོ་བརྗོད་ཅིང་དངོས་པོར་འཛིན་པའི་རང་ལུས་དེ་ལ། སློབ་དཔོན་གྱིས་སྟོང་པ་ཉིད་ཀྱི་ཛ་རྡུངས་བྱའོ། །ཡང་ན་ནད་པ་རང་གི་སྟེང་དུ་དེ་ལྟར་དུ་ཤེས་པའི་ངང་ནས་ལངས་ནུས་ན་ལྡང་། མི་ནུས་ན་ས་ལ་སྡོད། འཛིན་མེད་སྤྲོས་མེད་ཀྱི་ངང་ནས་སྤྲོས་ཅས་དྲག་དུ་བྱའོ། །དེའི་གདོན་

(༩)ལས་སྒྲོལ་ལོ། །ནད་པ་ཟས་མི་བཞིམས་ཞིང་སྐོམས་དད་ཆེ་ཆེ་ན། བགེགས་དེ་ངོ་ཡི་བཟུང་ལ། འཛིན་མེད་ཞེན་མེད་ཀྱི་ངང་ནས་རིག་པ་སྟོང་ཉིད་ཀྱི་ངར་དང་ལྡན་པ། ཟས་མི་ཞིམས་པ་དང་སྐོམ་དད་ཆེ་བ་ལ་དམིགས་པ་བཏད་དེ། ཕཊ་དྲག་པོ་བདབ་པོ་དེ་ལྟར་ཡུན་རིང་ན། ཞགས་གསུམ་ཐུང་ན་གྲོ་ཐོག་གཅིག་ལས་བགེགས་དེ་ལས་སྒྲོལ་ལོ། །ནད་པ་གཉིད་ཡེ་མི་ཕེབས་ན། དང་ལ་གང་སངས་བྱེད་ཀྱི་རིག་པ་དེ་ལ་དམིགས་པ་གཏད་དེ། བཏད་མེད་ཀྱི་ངང་ནས། ཕཊ་དྲག་པོ་མང་དུ་བརྗོད་དོ། །དེ་ནས་སྙིང་ཁའི་དཀྱིལ་དུ་།།། དོན་དམ་སྟོང་ཉིད་ཀྱི་རྟེན་ཡི་གེ་ཨ་ནག་པོ་གཅིག་ལ་བདུད་ཁའམ་སླངས་པ་འདྲ་བའི་སྨུག་པོ་སྔོ་བུན་འདུག་པར་བསམ་ལ། དེ་ལ་བྱེས་པ་མི་དྲག་ཅིང་མི་དྲག་པར་བཏད་དེ། ཡུམ་གྱི་ངང་དུ་བཞག་ལ། གཉིད་ལ་མདུན་པ་བྱས་ལ་ཉལ་ལོ། །དེའི་གཉིད་ཕེབས་ཡོང་ངོ་། །ཁ་ཟས་དང་སྤྱོད་ལམ་ཐམས་ཅད་སྨན་པ་དང་ཚུལ་མཐུན་ནོ། །ཡང་ན་བཟློག་སྒོམ་གྱི་ཚུལ་གྱི་ཉམས་སུ་བླངས་ཏེ། གདོན་གྱི་རྩེ་ན་སྣང་སྲིད་ཀྱི་གདོན་བགེགས་ཡོད་ཚད་ཐམས་ཅད་ལ་དམིགས་པ་སྟིམས་ལ། ངག་ཏུ་ཕཊ་དྲག་དུ་བརྗོད་དོ། །དེ་བཞིན་དུ་ཟུག་གིས་ཟེར་ན། སེམས་ཅན་གྱི་གཟུག་གཟེར་ཡོད་པ་ཐམས་ཅད་སྟིམས་ལ། དགོང་བཞིན་དུ་བརྗོད་དོ། །གཉིད་ཀྱི་རྨུགས་ན། གཉིད་ཡེ་མི་ལོག་པའི་གྲོབས་བྱས་ལ། ཡུམ་གྱི་དོན་སྒོ། གཉིད་བྱུང་ན་ཕཊ་ཀྱི་བདག །དེ་ལྟ་བུའི་མཛད་སྤྱོད་ཅི་རིགས་སུ་བྱའོ། །དོན་ལ་བདག་འཛིན་གྱི་ཞེན་

(༡༠)པ་བཅད་དེ། སྟོང་ཉིད་ཀྱི་བདོན་དང་མ་བྲལ་བ་གཅིག་གལ་ཆེའོ། །དེ་ལྟར་རི་ཁྲོད་དམ་གཉན་སའམ་དབྱེན་གནས་སམ། ཁང་སྟོང་ལ་སོགས་པ་ཉམས་སུ་སླངས་པས། ཚེ་རིང་ཞིང་འཆི་བ་དེ་ལས་ཟློག་གོ །དེ་ཅིའི་ཕྱིར་ཞེ་ན། ན་པ་དེ་གང་ནས་བྱུང་ན། མ་རིག་པ་ལས་བྱུང་། མ་རིག་པའི་བདུད་འཇོམས་པ་ལ། སྟོང་ཉིད་ཡེ་ཤེས་ཀྱི་རང་ངོ་བཟབ། ཡང་ན་ན་བ་དེ་ལུས་ལ་བདག་འཛིན་དང་། ཅེས་སྤྲས་བྱས་པ་ལས་བྱུང་། བདག་འཛིན་གྱི་བདུད་འཇོམས་པ་ལ་བདག་དུ་འཛིན་པའི་ཞེན་བཅོད། ལུས་བྱིན་པར་སྟོང་པ་ལས་བཟབ་པ་མེད། དེ་ལྟར་བདུ་བྱས་པའི། ལས་ཟད་པ་གཅིག་མ་རྟོགས་མི་ཟློགས་པ་མི་སྲིད་དོ། །དཔེར་དེ་ཤི་ན་ཡང་། བར་དོར་བགས་བཟང་པོ་དང་འགྲོགས་པས། ཆོས་ཀྱི་མཆོག་ཡིན་ནོ། །དོན་གཉིས་པ། བུ་ཆུང་སྲེའུ་མ་སོས་པ། ཅེས་པ་ནི། དེ་ལ་ཕ་མ་ཀུན་ཡང་། བུ་ཚ་ཆུང་ངུ་སྲེའུ་སྐྱེས་པ་གཟན་གྱི་ཡེ་མ་སོས་པ། བསྲི་ལ་ཅིང་འཆི་བ་དེ། ཤིན་ཏུ་སྙིང་རྗེའི་ཡུལ་ཡིན་པའི། དེ་ལ་ཕ་མ་ཀུན་ཡང་རང་ལ་ལྷག་པར་མོས་ཤིང་བུ་ཚ་འདི་ཅིས་ཀྱང་བསོ་རོགས་ཞེས་ཞུ་བ་འབུལ་ཅིང་བློ་འགྱེལ་ན། ལྷག་མར་སྙིང་རྗེ་ཞིང་མིའི་ཉེ་དོན་བྱེད་པ་ཡིན་པའི་ཐོག་མར་དབང་བསྐུར་བྱིན་བརླབས་རྒྱ་མཚོས་བརྒྱུད་བྱིན་གྱིས་བརླབས་ནས། དབྱིངས་རིག་སློབ་དཔོན་གྱི་དམིགས་པས་བསྲེས་སྟེ། མ་དང་བཅས་པའམ་མ་མེད་ཀྱང་རུང་སྟེ། ས་དེ་ནས་།།།བག་གསུམ་རི་གང་གཉན་པ་ལ་ཅོད་ལ་ཁྱེར། བཅོད་དམིགས་ཐམས་ཅད་བླ་མས་

(༡༡)བྱའོ། །དེ་ལ་ཆོད་ཚད་དང་ཚར་ཚད་བྱུང་ན་དེའི་མཆོག་གོ །མ་བྱུང་ན་བུ་ཚ་དེའི་ཕ་མས་བླ་མ་ལ་ཕུལ་ལ་བུའི་འཛིན་པ་བཏང་། བླ་མས་གང་གནོད་པའི་འདྲེ་ལ་བྱིན་པའི། འདྲེ་ཡིས་བུས་ཤ་རུས་ཐམས་ཅད་ཆོས་ནས་སྲོག་དང་བྲལ་བར་བསམ་ཏེ། བུའི་མིང་མེད་པར་གནས་ལུགས་སྟོང་ཉིད་ཀྱི་ངང་དུ་བཞག་གོ །དེ་ཡང་དང་པོ་ཕ་མས་བུ་བླ་མ་ལ་འབུལ་བའི་དུས་སུ། ཕྱག་བྱས་ལ་བུ་སྤང་དུ། ཐོགས་ཏེ་ངག་དུ། མཚན་ལྡན་བླ་མ་དམ་པ་ལ། བདག་གི་བུ་འདི་འབུལ་ལགས་པའི། །ཞེ་སྡང་ཐུགས་རྗེའི་བཟུང་ནས་ཀྱང་། །ཅི་འདོད་གང་མཛད་ཁྱེད་རང་ཤེས། །ཅེས་བརྗོད་ལ་འབུལ་ལོ། །དེ་ནས་བླ་མས་བུ་ཕྱག་དུ་ཞེས་སྟེ། གང་གནོད་པའི་འདྲེ་དེ། མདུན་དུ་དམིགས་ནས་མི་བུ་རིན་ཆེན་བུ་ཚ་འདི། ཕ་མས་ང་ལ་ལེགས་པར་བྱིན། །ང་ལ་ཡི་དགོས་པ་མེད། གང་གནོད་འདྲེ་ཚོ་རྒྱ་ལེགས་པར་ཁྱེར་བྱོས་ལ། ཅི་བྱེད་གང་བྱེད་ཁྱེད་རང་རྩོ། །ཞེས་པའི་གནོད་བྱེད་ཀྱི་འདྲེ་ཚོ་རྒྱ་ལ་ཞེན་པ་མེད་པར་བྱིན་ལ། བདག་འཛིན་བློས་བཏོང་པའི་གསལ་འདེབས་ཀྱང་བརྗོད་དེ། དེ་ནས་བུའི་དབང་པོ་ཁ་དོག་དང་བཅས་པ། གནོད་བྱེད་ཀྱི་འདྲེ་ཚོ་རྒྱ་ཐམས་ཅད་ཀྱིས། ལ་ལས་མགོན་པོ་ཁྱེར། ལ་ལས་སྙིང་ཁྱེར། དེ་འཛིན་དུ་གང་ལ་གང་འདོད་དུ། ཤ་ཧྲིལ་གྱི་ཁྱེར་ཅིང་བཟོས་ནས། བུའི་དངོས་པོར་འཛིན་པ་མིན། བདའ་རྟགས་ལས་སྒྲོལ་ཏེ། ཅི་ཡང་མ་གྲུབ་པ་འཛིན་མེད་ཞེན་མེད་ཀྱི་ངང་དུ་བཞག་གོ །དེ་ལྟ་བུའི་ཉམས་ལེན་

(༡༢)དེ། བཞག་བཅུ་གསུམ་བྱེད་པ་གལ་ཆེའོ། །དེ་མན་ཆད་ཀྱང་ཟླ་ངོ་མ་སྟོངས་པར། རབ་བཞག་བཅུ་གསུམ་འབྲིང་བཞག་བདུན། ཐ་མ་བཞག་གསུམ་ཉམས་ལེན་དེ་རྣམས་སྲི་ཐར་བྱའོ། །དོན་གསུམ་པ། མི་ཕྱུགས་ན་རིམས་བཅོད་འདོད་ན། །ཅེས་པ་ནི། དེ་ཡང་ཡུལ་ཕྱོགས་དེར། མི་ལ་རིམས་དར་དེ། ཚད་རིམས་སམ་རྒྱ་ནད་ལ་སོགས་པ་ནད་ཀྱི་རིགས་གང་ཡིན་འདྲ། ཕྱུང་ལ་བསྣག་དང་བ་གླང་ལ་སོགས་པ་ལ་གློ་གོར། ལུག་དང་ར་ལ་ཙོ་གེ་ད་སྤག་དང་། བློ་རྨུག་ལ་སོགས་པ་ནད་གང་བྱུང་ཡང་འདྲ། རང་ལ་བློ་བཀལ་ལྟོས་པ་ཀྱུར་ནས་ནད་རིམས་འདི་བཅོད་པར་བཞུ། ཞེས་ཞུས་ན། རང་འཛིན་མེད་ཡུམ་གྱི་བདོན་དང་ལྡན་པས། རིག་པ་ལ་ངར་རྟགས་སྟེ། སེམས་ཅན་དེ་དང་ནད་དག་དེ་དང་ནད་དང་གསུམ། དམིགས་པ་མེད་པ་སྟོང་པའི་ངང་དུ་བཞག་ལ། མི་དང་ཕྱུགས་ལ་སོགས་པ་ཐམས་ཅད་བསགས་སྟེ། ཚོགས་པ་དང་བདེན་མེད་ཀྱི་ངང་ནས་ཡར་བཤག་མར་བཤག་བྱེད་ཅིང་། སྤྲོས་ཅས་དྲག་ལ་མང་པོ་གཅིག་བྱའོ། །དེ་ནས་ཐམས་ཅད་ཀྱི་དབྱིངས་རིག་བསྲེས་སྟེ། ལུས་ཤ་ཁྲག་གི་བྱིན་སྟོང་བརྒྱ་ཆེན་དུ་བྱས་ལ། སྤྲོས་པའི་ཡང་སྤྲོས་པ་མེད་པ་སྟོང་པ་ཉིད་ཀྱི་ངང་ལ་བཞག་གོ །དེ་ལྟ་བུའི་མཛད་སྤྱོད་དེ་ལན་མགན་།།།བྱས་པའི། ནད་རིམས་ཐམས་ཅད་ཆད་ངེས་སོ། །རྗེས་སུ་ནད་བདག་སྦྱིན་པ་གསུམ་གྱིས་ཚིམས་པར་བྱའོ། །ལར་རང་སྟོང་ཉིད་

(༡༣)དང་མ་བྲལ་བ་གཅིག་གལ་ཆེའོ། །དོན་བཞི་བ། དམག་ཚོ་རྒྱ་སེར་བ་བཟློག་འདོད་ན། ཅེས་པ་ནི། དེ་ཡང་ཡུལ་དེར་དམག་ཚོ་རྒྱ་ཆེན་པོ་ཡོང་པའམ། བྱུང་བའམ། སེར་བ་དྲག་པོ་ཡོང་བའི་དུས་སུ། དེ་རྣམས་བཟློག་པར་ཞུ་བའམ། མི་ཞུ་ན་ཡང་རུང་སྟེ། བདེག་།།།བཟློག་པར་འདོད་པའི་རང་ཉིད་དམག་དང་སེར་པ་ཡོང་པའི་ཕྱོགས་དེར་ཁ་ལྟས་ལ། འཛིན་མེད་ཞེན་པ་མེད་པར་སྤྲོས་པའི་མཐའ་དང་བྲལ་བའི་ངང་ནས། དམག་དང་སེར་བ་གང་ཡིན་དེ། དངོས་པོ་མེད་པར་སྟོང་བར་སྒོམ་སྟེ། འཛིན་མེད་ཀྱི་སྤྲོས་བཅས་དྲག་དུ་བྱའོ། །དེའི་རྗེས་ལ་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པར་ཞག་གོ །དེའི་དམག་དང་སེར་བ་ཟློག་ཅིང་དབང་དུ་འདུ་བར་འགྱུར་རོ། །མདོར་ན་གདམ་ངག་དེ་རྣམས་ཉམས་སུ་སླངས་པའི་གནས་སྐབས་དང་མཐར་ཐུག་དུ། རང་གཞན་གཉིས་ཀ་ལ་ཕན་ཐོགས་པའི། ཟ་འོག་གི་རས་མ་དང་འདྲ་བ་ཡིན་ནོ། །དེ་ཡང་ང་ན་རེ། ནམས་ཞིག་ངེས་པར་འཆི་བ་ན། ཕྱི་ནང་བདུད་ཀྱི་འབྲེལ་ཐག་བཅད། །ཡུམ་ཆེན་ངང་དུ་དམིགས་བྱ་སྟེ། །འོད་གསལ་སྒོམས་པ་མན་ངག་ཡིན། །སྲིད་པ་བར་དོ་ཆར་བ་ན། །ཕྱི་ནང་གསང་བའི་ལྟས་རྣམས་ཀྱི། །བར་དོ་ངོ་ཤེས་དྲན་བྱས་ལ། །འཁྲུལ་ཐག་བཅོད་པའི་མན་ངག་ཡིན། །དུས་འདིར་དངོས་གྲུབ་ཐོབ་འདོད་ན། །གནས་སྐབས་མཐར་ཐུག་།།།མདོད་པའི་བདོན། །ཡུམ་ཆེན་ངང་དུ་གྲིགས་བྱས་ནས། །ཅི་འདོད་འབྱུང་བའི་མན་ངག་བྱའོ། །

(༡༤)ཕྱིའི་དོན་ཆེན་སྒྲུབ་འདོད་ན། །རྗེ་ལ་དད་ཅིང་ཡུམ་ཆེན་སྒོམས། །སྤྲོས་བཅས་སྤྲོས་མེད་དགེ་།།།བའི་ལས། །རྒྱུན་དུ་བྱེད་པ་མན་ངག་ཡིན། །དེ་ལྟར་ཉམས་སུ་སླངས་པས་ན། །མན་ངག་ཟ་འོག་རས་མ་འདྲ། །ཞེས་གསུངས་པའི། དེ་ཡང་དང་པོ་ནམ་ཞིག་ངེས་པར་འཆི་བ་ན། །ཅེས་པ་ནི། དེ་ཡང་དང་པོ་དུས་འདིའི་ཚེ་དང་བསོད་ནམས་ནི། འགྲིབ་སོས་མེད་པའི་ནད་ཀྱི་ནི་བཏབ། འབྲེལ་བའི་གཉེན་ཤེས་ཐམས་ཅད་ཤུལ་དུ་བཞག །བསགས་པའི་ནོར་རྫས་ཐམས་ཅད་ལུས། །གཤིན་རྗེའི་བང་ཆེན་པའི་རྟོལ་ཏེ། གཤིན་མིག་གྱེན་ལ་ལྟ། གྲེ་བ་ནི་བསོག །དབུགས་ཁ་འཐུང་། སྣ་མཆུ་ནི་རྫེས། ངོ་རྡུལ་ནི་ཆགས། སྤྲོ་ཡང་དད་དབང་མེད་པར། འཇིག་རྟེན་ཕ་རོལ་འགྲོ་བའི་དུས་དེར། ད་ཟོད་དུས་ལ་བབས་པའི་སྐབས་སུ་འདུག་པས། འཆི་དུས་ཀྱི་མདུན་མ་བྱེད་དགོས། དེ་ལ་འཆི་བདུད་གཉེན་ཤེས་གྲོགས་དགའ་མཛའ། ནོར་ཟས་ཁབ་བཀྱུད་གཅིག་ཡན་ཆད་ལ། བཟུང་བ་དང་འཛིན་པ་མེད་པར་བློ་ཡི་ལོངས་པར་སྟོང་། ནང་གི་བདུད་དབང་པོ་ཁ་དོག་རྟེན། ཕུང་པོ་ཁམས་དང་སྐྱེ་ཆེད་བཅུ་གཉིས་ལ་སྐད་གཅིག་ཀྱང་། ཞེན་པ་མེད་པར་བློས་ལིངས་བཏང་ཞིང་། མདོར་ན་གང་དང་ག་ལ་ཞེན་པ་དང་ཆགས་པ་མེད་པར་སྐད་ཅིག་ཙམ་ཡང་མེད་པར་བྱའོ། །སྤེ་དང་ལྷ་རྟེན་ཙམ་ལ་མི་ཆགས་ཅིང་། ངས་ན་ནིང་ཙམ་ན་ཆོས་པ་གཅིག་སྤེ་ཆ་དང་ལྷ་རྟེན་ལ་ཆགས་ནས། ཡི་དྭགས་སུ་སྐྱེས་འདུག་པ་མཐོང་ངོ་། །ཡང་ཆོས་པ་གཅིག་དགོས་ཡུག་སྙུག་ཁ་གཅིག་ལ་

(༡༥)ཆགས་ནས། འདྲེ་ཏུ་སྐྱེས་འདུག་པ་མཐོང་ངོ་། །ཡང་དགེ་སློང་གཅིག་ཞིང་ཁལ་གཅིག་ལ་ཆགས་ནས། ཞིང་དེའི་འགྲིམས་ན། ན་གཅིག་འདུག་པའི་དེ་ལ་སྦལ་བ་སྟོབས་མེད་གཅིག་དུ་སྐྱེས་འདུག་པ་ཡང་མཐོང་ངོ་། །ཡང་རྩུན་ལོག་གཅིག་ཆུང་མ་ཇོ་མོ་ལོག་མོ་གཅིག་དང་། ར་ཚེར་ཁ་གཅིག་ལ་ཆགས་ནས། ཁ་ལ་རྒྱུ་བའི་ཡི་དྭགས་སྟོབས་མེད་གཅིག་དུ་སྐྱེས་འདུག་པ་ཡང་མཐོང་ངོ་། །དེས་ན་གང་ལ་ཡང་ཞེན་པ་དང་ཆགས་པ་མེད་པར། འཆི་ཁ་དེར་ཐམས་ཅད་བློས་ལིངས་མཐོང་གཅིག །བཟུང་འཛིན་གྱི་བློ་ཐམས་ཅད་སྦད་ཆོད་གཅིག །དེ་ལྟར་འཛིན་པའི་སྤྲོས་པ་ཆོད་པ་དང་། ཡུམ་ཆེན་མོའི་ངང་དུ་དམིགས་པ་སིང་ངེ་བཏད་དེ། གཟན་གྱི་སྣང་བ་ལ་ཡང་བློ་མ་ཤོར་བ་བྱ། དེ་ཡང་དཀར་ལམ་དམར་ལམ་ནག་ལམ་ལ་སོགས་པ་དང་། གནས་ཡང་རྩ་གནས་རྟུལ་པའི་ཀྲག་ཀྲིག །རླུང་མལ་ཆུགས་པའི་འུར་འུར། སེམས་མལ་ཆུགས་པའི་བན་བུན་ལ་སོགས་པ་གང་བྱུང་ཡང་། རྗེས་སུ་མི་འབྲེང་བར་གནས་ལུགས་འོད་གསལ་གྱི་ངང་དུ་སིང་ངེ་བཞོག་གཅིག །བཅོས་མེད་ཀྱི་ཤེས་པ་མ་ཡེངས་པར་ཡོང་ངོ་། །མ་ཡེངས་གཅིག །མ་ཡེངས་གཅིག་གནས་པ་སྐྱེད་གཅིག །སྙིང་རུས་སྐྱེད་གཅིག །དེའི་དུས་སུ་མི་ཞོགས་པ་ཙམ་དུ་ཡོང་སྟེ་དུམ་ཙམ་རྒྱུན་སྲིངས་པའི། འཕྲའང་སུན་མའི་འོད་གསལ་གྱི་སྙེལ་ཡོང་གི་སྒོམ་གཅིག །སྒོམ་མེད་གི་འོད་གསལ་ཆར་གི་ཞུར་གཅིག །རྩོལ་མེད་ཀྱི་འོད་གསལ་འབྱུང་གི །དེ་ལྟ་རང་ཀ་སྒོམ་མི་དགོས། རྩོལ་མི་དགོས། འབད་མི་དགོས་པ་གཅིག་ཡོང་གིས། དྲོད་རྡུང་བགྱིས་ལ་བག་

(༡༦)ཙམ་གཅིག་སྒོམ་དང་། དེ་དོན་དམ་ཡུམ་གྱི་དམ་པ་ཡིན་ཞིང་། དེའི་ངང་ལ་ཤི་ན་ཆོས་སྐུ་འོད་གསལ་གྱི་ངང་དུ་སངས་རྒྱས་སོ་ཨང་། བླ་མ་བསམ་འོད་པ་ཁོ་ལ་ད་ལྟ་དག་ཕོ་ཆོ་ཙམ་མི་འདུག་སྟེ། འདི་ཀ་དྲོད་ལོ། །ཁོ་ལ་འཆི་བ་བྱུང་ཙ་ན། དྲོད་ཅིང་བདེ་བ་འོད་གསལ་ཡོད། །དེས་ན་རྗེས་འཇུག་བུ་སློབ་ཀུན། །ཅིས་ཀྱང་རེམས་ལ་འོད་གསལ་སྒོམ། །འཚེ་བའི་དུས་གཅིག་བྱུང་བ་ན། །གཟན་གྱི་མདུན་མའི་ཨེ་ཕན་ལྟོས། །མདོར་ན་འཆི་བའི་དུས་སུ། འོད་གསལ་ལས་བཟབ་པའི་ཆོས་གཟན་མེད་དོ་ཨང་། དོན་གཉིས་པ། སྲིད་པ་བར་དོ་ཤར་བ་ནི། །ཅེས་པ་ནི། དེ་ཡང་འཆི་ཁར་འོད་གསལ་ལ་གནས་སྟེ། སངས་རྒྱས་ཐོབ་ན་ལེགས་སོ། །དེ་ལྟར་སངས་རྒྱས་མ་ཐོབ་བར། །བར་དོའི་སྣང་བ་ཤར་ན། བར་དོ་ལ་བར་དོར་ངོ་ཤེས་པ་བྱེད་དགོས་སྟེ། དེ་ལ་ཕྱི་ལུས་ཀྱི་དབང་ངོ་། །ས་རྡོ་རི་བྲག་གནས་ཁང་རྩིག་པ་ལ་སོགས་རྫས་ཀྱི་དངོས་པོ་གང་ལ་ཡང་ཐོགས་ཆགས་མེད་པར་ཐལ་ཐལ་འགྲོ་བ་བྱུང་། དེ་ལ་བརྟེན་ནས་ཀྱང་ཐོས་པ་དང་། གོ་བ་མི་འབྱུང་། དེ་ལ་རྟེན་ནས་ཀྱང་བར་དོ་ལ་བར་དོ་ངོ་ཤེས་པ་བྱེད་དགོས། བསང་པ་ཡིད་ཀྱི་དབང་པོ་འཇིགས་པ་དང་སྐྲག་པ་དང་། གཟན་གང་བྱེད་ཅི་བྱེད་ཤེས་པའི་ཟག་ཅས་ཀྱི་མངོན་ཤེས་མཐུན་ཙམ་དང་བཅས་པ་འབྱུང་། དེ་ལ་རྟེན་ནས་བར་དོ་ལ་བར་དོ་ངོ་ཤེས་པ་བྱ་དགོས། གཞན་ཡང་ཕྱི་རུ་འཇིགས་པའི་གྲ་རྣམས་པ་ཞི། ནང་དུ་ཡ་ང་བའི་གཡང་ས་རྣམས་པ་གསུམ། གསང་བ་ལྟར་དུ་ལྷན་སྐྱེས་ཀྱི་ལྷ་དང་འདྲེ་ཡིས། ལས་དཀར་ནག་གི་རྡེའུ་སྒྲང་པ་

(༡༧)ལ་སོགས་པ་བྱུང་བའི། དེ་རྣམས་ལ་རྟེན་ནས་ཀྱང་། བར་དོ་ལ་བར་དོར་ངོ་ཤེས་པ་བྱེད་དགོས། དེ་ལྟར་དུ་ཤེས་པ་དང་། འདི་ལྟར་གྱི་སྣང་སྲིད་མཐོང་ཚད་འདུག་ཚད་ཡོད་ཚད་ཐམས་ཅད་ལ། རང་འཁྲུལ་པའམ། རྣམ་པར་རྟོག་པ་མ་རྟོགས་པ་ཅི་ལ་ཡང་བདེན་པ་མེད། གང་ལ་ཡང་འཁྲུལ་བ་མེད། ཐམས་ཅད་འཁྲུལ་པའི་རང་ངོ་ཡིན་སྙམས་དུ་བསམ་ལ། འཁྲུལ་མེད་ཀྱི་རིག་པ་ཡེངས་མེད་ཀྱི་ངང་དུ་སྒོམ་རྒྱུ་མེད་པར། ཡུམ་གྱི་ངང་དུ་ཡིད་ལ་མི་བྱེད་པར་སློད་མ་བཞག་གོ །དེ་ལྟར་བྱས་པས། བར་དོའི་འཁྲུལ་ཐག་བཅད་ནས། འོད་གསལ་གྱི་རང་ས་ཟིན་པར་འགྱུར་རོ། །དོན་གསུམ་པ། དུས་འདིར་དངོས་གྲུབ་ཐོབ་འདོད་ན། དེ་ཡང་རྟེན་གྱི་གང་ཟག་འབྲས་བུ་འཆི་དུས་དང་ཡོན་ཏན་སང་དུས་ལ་མི་ལྟོས་པར། ཟིད་དང་ངང་ཤིན་དུ་ཐུང་ན། གནས་སྐབས་དང་མཐར་ཐུག་གི་རྟེན་འབྲེལ་ཐམས་ཅད་ཡུམ་གྱི་ངང་དུ་བསྒྲིགས་པས། རང་གང་འདོད་པའི་སིཏི་ཐམས་ཅད་ད་ལྟ་རང་དུ་འབྱུང་བ་ཡིན་ཏེ། དེ་ལ་མཆོག་གི་སིཏི་སངས་རྒྱས་ཀྱི་གོ་ཕངས། གཅིག་ཐོབ་དགོས་སྟེ། ཐུན་མོངས་གི་དངོས་གྲུབ་ཆེན་པོ་བརྒྱད་དམ། དེ་ལས་བཞན་པའི་ཟས་ནོར་དང་། ཚེ་ལ་སོགས་པའི་དངོས་གྲུབ་ཀུན་ཐོབ་དགོས་པའི། དེ་ཐོབ་པར་བྱེད་པ་ལ་གནས་སྐབས་དང་། མཐར་ཐུག་གི་ཡུམ་གྱི་ངང་དུ་སྒྲིག་པ་ནི། རང་སྟོང་ཉིད་ཡུམ་གྱི་ངང་དུ་བཞག་ལ། དེ་ལ་གཡོ་བ་མེད་བཞིན་དུ། རང་ག་སྙིང་ལ་མདོད་པའི་བདོན། ཚེ་རིང་པར་འདོད་པའམ། ནོར་ཕྱུག་པ་འདོད་པའམ། གཉན་གྲགས་

(༡༨)ཆེན་པོ་འདོད་པའམ། ཀུན་གྱི་ཁུར་ཞིང་མཆོད་པར་འདོད་པ་ལ་སོགས་པ་ཀུན་ལ། ཡིད་དུ་འོང་བར་བྱས་སྟེ། དེ་ལ་མདུན་པ་རྡུང་རྡུང་བཏང་སྟེ། ཤེས་པ་དེའི་ཚལ་རྫོགས་ནས་དེས་ལ་བྱུང་ན་ཡོང་སྟེ། བློ་སྐྲག་ཡེར་ཤར་བ་དང་། ངག་དུ་ཕཊ་ཅེས་རྗོད་ལ། བློ་དབྱིངས་ཐོག་དུ་ཡུམ་གྱི་ངང་དུ་ལྷོད་སློད་ལ། འོད་གསལ་གྱི་ངང་དུ་ཟན་ཁམས་རེ་ཟ་བའི་ཡུན་ཙམ་རེ་བཞག་གོ །དེ་ལྟ་བུའི་རྣམ་རྟོག་གི་བར་མ་ཆོད་པར་ཐུན་རེ་ལ། ལན་ཉི་ཤུ་རྩ་ལྔ་འཇུར་ལ་དལ་དྲག་པར་བསྒོམ་མོ། །དེ་ལྟར་བྱས་པའི་ཐུན་མོངས་གི་དངོས་གྲུབ་གང་འདོད་པ་ཐོབ་བོ། །ཡང་མཆོག་གི་དངོས་གྲུབ་ལ། མཆོག་གི་དངོས་གྲུབ་བརྙེས་པ་སངས་རྒྱས། ལོངས་སྐུ་རྡོ་རྗེ་འཆང་ངམ། སྤྲུལ་སྐུ་ཐུབ་པའི་དབང་པོ། ཆོས་སྐུ་ཡུམ་ཆེན་མོ་དེ་རྣམས་ཀྱི་རང་ངོ་། །བླ་མ་རིན་པོ་ཆེ་དང་བཅས་པ་ལ་དད་དགུས་སྐྱེད། ཡིད་རང་འབུལ། ངས་ཀྱང་དེ་ལྟ་བུའི་ཡོན་ཏན་མཆོག་གི་དངོས་གྲུབ་གཅིག་ཐོབ་ན་སྙམས་དུ་མདུན་པ་རྡུང་རྡུང་བཏང་། དེ་ལ་བློ་སྐྲག་ཡེར་ཤར་བ་དང་། ཕཊ་ཅེས་བརྗོད་ལ། དབྱིངས་ཐོག་ཡུམ་གྱི་ངང་དུ་ལྷོད་སློད་ལ། འོད་གསལ་གྱི་ངང་དུ་ཆམས་བཞག་གོ །ཐུན་རེ་ལ་ལན་ཉི་ཤུ་རྩ་ལྔ་རྩ་ལྔ་སྒོམ། མཐུན་ཞིར་བྱེད། དེ་ལྟར་བྱས་པའི་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །མདོར་ན་རང་གང་འདོད་པ་ཐམས་ཅད་ལ་དེ་ལྟར་དུ་ཉམས་སུ་བླངས་པའི། ཇི་ལྟར་མདོད་པའི་དོན་ཐམས་ཅད་དུ་འདིར་

(༡༩)མྱུར་དུ་འགྲུབ་བར་འགྱུར་རོ། །དོན་བཞི་པ། ཕྱི་མའི་དོན་ཆེན་སྒྲུབ་འདོད་ན། །ཅེས་པ་ནི། དེ་ཡང་ཕྱི་མའི་མདུན་མ་གཅིག་རང་མ་འགྲུབ་ན། གཟན་གྱི་མདུན་མ་ཅི་བྱས་ཀྱང་། །ཐམས་ཅད་དོན་མེད་ཀྱི་རྒྱུ་ཡིན། །དེས་ན་ཁ་དྲག་བུ་རྟ་རུ་འཛོམས་ཀྱང་ཅི་དོན་པ། བསོད་ཆུང་འབུལ་འདེགས་སུ་འཛོམས་ཀྱང་ཅི་དོན་པ། ཚེ་འདི་རྨི་ལམ་སྒྱུ་མ་ཙམ་ན་སྟོང་ཉིད་ངང་ལ་བཞག་གོ །དེའི་ངང་ནས་སྤྲོས་ཅས་སྤྲོས་མེད་ལ་སོགས་པ་གང་བྱེད་ཀྱང་། དགེ་བར་འགྲོ་བ་གཅིག་དགོས་ཏེ། ཕྱག་དང་བསྐོར་བའམ། ལྷ་སྒོམ་པ་ལ་སོགས་པ་དང་། མཚན་འཛིན་དང་རྣམ་རྟོག་དུ་མ་སོང་བ། སྤོ་ཏི་ཀ་གཟུགས་ཀྱི་ངོ་བོར་མ་སོང་ལམ་མེ་བ་དེ་ཡང་ངག་སྤྲོས་སྟེ། གསོལ་འདེབས་དང་ཧཱུཾ་ཕཊ་བསྔགས་ཀྱི་རྣམ་པར་སྤྲོས་དང་། མཚན་འཛིན་དང་རྣམ་རྟོག་དུ་མ་སོང་བ། སྟོང་ཉིད་རང་སྒྲའི་རྣམ་པར་ལྷང་ངེ་དེ་བདག་དགེ་བ་ཡིད་སྤྲོས་སྟེ། འདས་མ་འོངས་དུས་གསུམ་གྱི་རྣམ་པར་སྤྲོས་ལ། མཚན་འཛིན་དང་རྣམས་རྟོག་དུ་མ་སོང་བར་རང་རིག་རང་གསལ་གྱི་རྣམ་པར་ལམ་མེ་བ་ཡིད་དགེ་བ། མདོར་ན་མཚན་བྱས་ཐམས་ཅད་དགེ་བའི་རང་ངོར་ཤེས་པའི་སྤྲོས་བཅས་བྱའོ། །སྤྲོས་མེད་ནི་ལུས་ཀྱི་སྤྲོས་པ་མེད་པར། ཞེན་མེད་འཛིན་མེད་ཀྱི་རང་ངོར་གནས་ཀྱང་གཏི་མུག་དང་། བཏང་སྙོམས་སུ་མ་ལུས་པར་ངག་སྤྲོས་མེད་ཀྱི་རང་འཛིན་དགེ་བའི་རང་ངོ་། །ཡང་ཡིད་ལ་སྤྲོས་པ་མེད་དེ། གཞི་གནས་རྟོག་མེད་ཀྱི་རང་ངོར་གནས་

(༢༠)ཀྱང་། གཏི་མུག་དང་བཏང་སྙོམས་སུ་མ་ལུས་པར་ཡིད་སྤྲོས་མེད་དགེའི་རང་ངོར་གནས་སོ། །མདོར་ན་ལུས་སྔགས་ཡིད་གསུམ་སྤྲོས་མེད་མཚན་མེད་ཀྱི་ངང་དུ་བཞག་ཀྱང་། གཏི་མུག་དང་བཏང་སྙོམས་སུ་མ་ལུས་པར་རང་རིག་རང་རིག་རང་གསལ་གྱི་རྣམ་པར་ཤེས་པའི་སྤྲོས་མེད་བྱའོ། །མདོར་ན་སྤྲོས་བཅས་དང་སྤྲོས་མེད་དང་། གང་ཅི་བྱེད་ཀྱང་དབྱེར་མེད་ཟུང་འཇུག་འོད་གསལ་གཉིས་འདྲེས་ཀྱི་རང་ངོ་ཤེས་པའི་དགེ་སྦྱོར་ལ་དུས་རྒྱུན་དུ་སྤྱད་པའི་ཚེ་ཕྱི་མའི་མདུན་མ་འགྲུབ་ཅིང་། དུས་སྟན་གྱི་མདུན་མ་ལེགས་པར་ཟིན་པའི་ལས་ལ་འབད་དོ། །དེ་ལྟ་བུའི་གདམ་ངག་དེ་རྣམས་ཉམས་སུ་བླངས་པའི། གནས་སྐབས་དང་མཐར་ཐུག་དུ་ཕན་ཐོགས་པ། ཟ་འོག་གི་རས་མ་དང་འདྲ་བའི་མན་ངག་ཡིན་ནོ། །ད་གཟན་ཡང་ང་ན་རེ། སེམས་ལ་རྟོགས་པ་ཆར་འདོད་ན། སྣང་སྲིད་འཁོར་འདས་ཐམས་ཅད་ལ། འཛིན་མེད་གཞན་མེད་གཏད་མེད་དུ། །བདེན་མེད་ལྟ་བ་མན་ངག་ཡིན། །ལུས་ལ་བདེ་བ་འབར་འདོད་ན། །རྩ་དང་རླུང་དང་ཐིག་ལེ་དང་། །མ་ཉམས་རྒྱུད་ལ་རྟན་བྱས་ནས། །ཡུམ་ཆེན་སྒོམ་པ་མན་ངག་ཡིན། །ངག་ལ་ནུས་པ་ཐོན་མདོད་ན། །ཕཊ་ཕཊ་ཕཊ་ཀྱི་གསུང་སྐད་ཀུན། །དྲག་སྟོང་རང་སྣང་གཏད་མེད་དུ། །རྒྱུན་དུ་སྒྲོག་པ་མན་ངག་ཡིན། །འཕྲིན་ལས་ཐོགས་མེད་སྒྲུབ་འདོད་ན། །ཐོ་ལ་མོས་ཤིང་རྨ་ལ་རྩི། །མཉམས་པ་རྣམས་ལ་དགུས་བྱས་ནས། །ཀུན་དང་མཐུན་པ་མན་ངག་ཡིན། །དེ་ལྟར་ཉམས་སུ་བླངས་པ་ན། །མན་ངག་ཟ་འོག་རས་མ་འདྲ། །

(༢༡)།ཅེས་པའི། དང་པོ་སེམས་ལ་རྟོགས་པ་ཆར་འདོད་ན། །ཅེས་པ་ནི། དེ་ཡང་བརྟེན་གྱི་གང་ཟག་རང་གི་ སེམས་ལ་རྟོགས་པ་འཆར next hit་འདོད་ན། འདི་ལྟར་གྱི་སྣང་སྲིད་འཁོར་འདས་ཀྱི་ཆོས་མ་ལུས་ཤིང་། ལུས་པ་མེད་པ་ཐམས་ཅད་ལ། ཀུན་རྫོབ་དུ་འཛིན་པ་མེད་པ། ཡང་དག་དུ་ཞེན་པ་མེད་པ། བདེན་འཛིན་གྱི་གཏད་སོ་མེད་པ། བདེན་མེ་འཛིན་མེད་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པར་བྱས་སོ་།།།ནས། དུས་དང་རྣམས་པ་ཐམས་ཅད་དུ་ཉམས་སུ་བླངས་པས། ཕྱི་ནང་གི་རྟེན་འབྲེལ་ལ་བརྟེན་ནས། རང་རྒྱུད་ལ་རྟོགས་པ་མྱུར་དུ་འཆར་ཡང་ངོ་། །དོན་གཉིས་པ། རང་ལུས་བདེ་བ་འབར་འདོད་ན། །ཅེས་པ་ནི། དེ་ཡང་བརྟེན་གྱི་གང་ཟག་ལུས་ལ་བདེ་བ་འབར་འདོད་ན། རྩ་མ་སྒུད་པར་བྱས་སྟེ། ཙ་དར་བྱེད་ཀྱི་ལུས་སྦྱོངས། རླུང་མ་སྒུད་པར་བྱས་སྟེ། རླུང་ཐུན་འགའ་རེ་སྒོམ་པ། ཐིག་ལེ་མ་སྒུད་པར་བྱས་སྟེ། ཐིག་ལེ་སྤེལ་སྦྱངས་ལ་སོགས་པ་བྱས་སྟེ། ཡུམ་ཆེན་མོའི་ངང་དུ་བཞག་པས། རང་ལུས་ལ་བདེ་སྟོང་ཆེན་པོ་མྱུར་འབར་ཡོང་། དོན་གསུམ་པ་ངག་ལ་ནུས་པ་ཐོབ་འདོད་ན། ཅེས་པ་ནི། དེ་ཡང་རྟེན་གྱི་གང་ཟག་ངག་ལ་ནུས་པ་ཐོན་པར་འདོད་པའི། རང་གི་ངག་གིས་གསུང་སྐད་ཐམས་ཅད་དྲག་ཅིང་། སྟོང་པའི་རང་ངོར་ཤེས་པར་བྱས་ལ། ངག་ལ་ཡང་བཏད་པ་དང་འཛིན་པ་མེད་པར་བྱས་སྟེ། ཕཊ་ཕཊ་ཅེས་སྒྲ་རྒྱུན་དུ་།།།སྒྲོགས་ཤིང་ཡུམ་གྱི་དོན་དང་མ་བྲལ་བར་བྱས་ལ། ངག་ལ་ནུས་པ་

(༢༢)མྱུར་དུ་ཐོན་ཡོང་ངོ་། །དོན་བཞི་བ། འཕྲིན་ལས་ཐོགས་མེད་གྲུབ་འདོད་ན། །ཅེས་པ་ནི། རྟེན་གྱི་གང་ཟག་འཕྲིན་ལས་ཕྱོགས་མེད་གྲུབ་འདོད་པ་དེ། ཡར་བླ་མ་དཀོན་མཆོག་ཡི་དམ་གྱི་ལྷ། དམ་པའི་ཆོས། མཁན་པོ་དང་སློབ་དཔོན་ལ་སོགས་པ་ལ་ཕྱོགས་མེད་དུ་དད་དགུས་སྐྱེད། །།།བྱའོ། །མར་འགྲོ་བ་རིགས་དྲུག་སེམས་ཅན་སྡུག་པ་དང་མངལ་བ། མདོར་ན་སེམས་ཅན་དམ་ལ་བྱམས་པ་སྒོམ། སྙིང་རྗེ་སྐྱེད་དོ། །ཐད་ཀའི་ཆོས་སྒྲོགས་དང་། ཆོས་མཛད་བསྟན་པའི་སྒོ་རུ་ཞུགས་པ་ཐམས་ཅད་ལ་དད་པ་བྱ། མོས་པ་བྱའོ། །མདོར་ན་སྣང་སྲིད་འཁོར་འདས་ཐམས་ཅད་ལ་དད་ཅིང་དགུས་པར་བྱས་ནས། ཅི་མཉེས་འབའ་ཤིག་བྱས་པས། ཕྱི་ནང་གི་རྟེན་འབྲེལ་གིས་འཕྲིན་ལས་ཕྱོགས་མེད་དུ་ད་ལྟར་དུ་འགྲུབ་བོ། །ལྟས་ངན་གཡང་དུ་བླང་བྱའི་བ་ནི་ཕྱིར། །ཡུམ་ཆེན་དོན་གྱི་ཟློག་བསྒོམ་བགྱིས། །རང་སར་ཟློགས་པའི་མན་ངག་བྱའོ། །གྲ་དང་ཆོམས་རྐྱན་བྱུང་བ་ན། །སངས་རྒྱས་སྟན་ལ་ཕན་བྱའི་ཕྱིར། །ཡུམ་ཆེན་གནད་ལྡན་མན་ངག་གིས། །ལྟས་ངན་ཐུ་སྟོན་སྟོང་པ་ན། །དམ་ཆོས་ཆེ་བ་དབྱུང་བའི་ཕྱིར། །སྙན་གྲགས་བསྐུར་སྟི་འབྱུང་འདོད་ན། །ཡུམ་ཆེན་ཆིག་ཆོད་གནད་ལྡན་གྱིས། །ལྷུན་གྱི་གྲུབ་པའི་མན་ངག་བྱའོ། །དེ་ལྟར་ཉམས་སུ་བླངས་པའི་ན། །མན་ངག་ཟ་འོག་རས་མ་འདྲ། །ཅེས་པའི་དང་པོ། སྦོད་སྟོང་གནན་གཏད་ཟློག་མདོད་ན། །ཅེས་པ་ནི། རང་ངམ་གཟན་ལ་གཟན་གྱི་སྦོད་དམ། མནན་པའམ། ཐུ་ལ་སོགས་པ་བྱུང་ན། དེ་རང་སར་བཟློག་ཅིང་གཡང་དུ་གླན་པ་འདོད་ན། རང་ཉིད་ཐུ་སྟོང་འཁན་གྱི་

(༢༣)གནས་དེར་འམ། དེ་ལས་གཟན་པའི་གཉན་ཁྲོད་དུ། ཐུ་བཟློག་པར་འདོད་པའི་སྒྲུབ་བྱ་རང་ངམ་། གཟན་གང་ཡིན་པ་དེའི་བདག་འཛིན་བློས་བཏང་ལ། སྟོང་ཉིད་ཡུམ་གྱི་ངང་དུ། རང་ཉིད་ཁོས་སྦད་པའི་ལྷ་དེ་རུ་ལེགས་པར་སྒོམ་ནས། ཡིད་གཟན་དུ་ཡེངས་པའམ། ལྷ་རུ་མི་བསལ་ན། ངག་དུ་ཕཊ་དྲག་དུ་བརྗོད་ཅིང་། སྟོང་ཉིད་དམ་ཁོའི་ལྷ་དེར་ལམ་ལམ་སྒོམ་པས། སྦོད་བྱེད་ལྷ་ཐམས་ཅད་གཡང་དུ་ལོན་སྟེ། རང་ལ་དངོས་གྲུབ་ཡོན་ཏན་ཡར་ལྡན་དུ་བྱུང་ངོ་། །ཡང་ན་སྟོང་ཉིད་རང་ལ་བཞག་པའི། སྦོད་ལ་འགྲོ་ས་མི་འབྱུང་ཞིང་། ཁོ་རང་ལ་བཟློག་གོ །ཡང་ན་ཁོའི་སྦོད་པའི་ལྷ་ཚོགས་ཐམས་ཅད་ལ། དབྱིངས་རིག་སྲེས་སྟེ། ལུས་ཕུང་ཁམས་སྐྱེ་ཆེད་།།།ཐམས་ཅད་བྱིན་ལ། རིག་པ་དབྱིངས་ཐོག་དུ་བཞོག་ཚད་བཞོག་པའི། ཐུ་ཡི་མི་གླགས་ཤིང་། ལྷ་ལ་ཆོད་ཚད་དང་། ཚར་ཚད་འབྱུང་ཞིང་། ཡོན་ཏན་ཡར་ལྡན་དུ་བྱུང་ངོ་། །གནན་པའམ་གཏད་ལ་བཏད་པའི་གདོན་དེ་རང་གི་སེམས་ལ་སྟིམས། ས་ཆ་དེ་རང་གི་ལུས་ལ་སྟིམས་ལ། ལུས་སེམས་ཐ་དད་པ་མེད་པར་ཡུམ་གྱི་ངང་དུ་བཞག་ལ། ཐམས་ཅད་སྟོང་པར་སྒོམ་མོ། །དེ་ལྟར་བྱས་པའི། མནན་པར་སུ་ཚུགས་སྟེ། གཏད་གང་བྱས་ཀྱང་། ཅི་བྱས་ཀྱང་མི་གླགས་སོ། །དོན་གཉིས་པ། སྒྲ་

(༢༤)དང་ཆོམས་རྐུན་བྱུང་བ་ན། །ཅེས་པ་ནི། རང་ངམ་གཟན་གྱི་རི་ལ་ཕྱིན་ནམ་མ་ཕྱིན་ཡང་རང་སྟེ། སྒྲའམ་ཆོམས་རྐུན་ལ་སོགས་པ་བྱུང་ན། རང་ཉིད་ཞེ་སྡང་དང་། ཆགས་སེམས་ཀྱི་ཀུན་ནས་སླངས་པ་མ་ཡིན་པར། སངས་རྒྱས་ཀྱི་སྟན་པ་ལ་ཕན་པར་བྱ་བའི་ཕྱིར་དང་། ཆོས་ཀྱི་ཆེ་བ་དབྱུང་བའི་ཕྱིར། དགྲ་དང་ཆོམས་རྐུན་བྱས་པའི་མི་དེ་ལ། མཐུ་དང་ལྟས་ངན་བཏང་བར་བྱས་ཏེ། དེ་ལ་རང་ལ་དགྲ་དང་ས་དེ་རང་དུ་སྡད་དེ། སྤྲོས་ཅས་སྤྲོས་།།།མེད་དང་ལྡན་པའི་ངང་ནས། ཆོད་ཚད་དང་ཚར་ཚད་རྣམས་ནམ་བྱུང་བྱུང་ཅོད་བྱ། ཆོད་ཚད་དང་ཚར་ཚད་བྱུང་བ་དང་། དགྲའོ་དེ་རང་གི་དམིགས་ཡུལ་དུ་ལམ་མེ་སྒོམ་ལ། དེ་ལ་གཉན་འཁྲོད་ཀྱི་བདོན་དེ་དམིགས་པའི། སྦད་ལ་གནས། ནུབ་རེ་ཞིན་རང་སྟོང་ཉིད་ཀྱི་ངར་དང་ལྡན་པས། སྤྲོས་ཅས་དྲག་དུ་བྱས་སྟེ། སྦོད་བྱེད་ཀྱི་དམིགས་པ་དེ་དང་མ་བྲལ་བར། ཡུན་རིང་དུ་གཉན་ས་དེར་སྡད་པས། དགྲའོ་དེ་ལ་ལྟས་ངན་དང་ཆོ་འཕྲུལ་དུ་མ་འབྱུང་ངོ་། །དཔེར་དེ་མ་བྱུང་ན་གཉན་ཁྲོད་ཀྱི་གདོན་དེ་རང་ལ་དམིགས་པ་བཏད་ནས། དགྲའོ་ལ་ལྟས་ངན་དང་ཆོ་འཕྲུལ་མི་བཏང་ན། གདོན་དེ་རང་དམིགས་པས་གཟིར་ལ། ཡུལ་ནས་འདོན་པ་དང་། སྐྲག་པ་དང་། རྩུབ་པའི་བློ་ཡིས་སྤྲོས་ཅས་དྲག་པོ་བྱའོ། །སྟོང་ཉིད་ཀྱི་ངང་

(༢༥)ནས་དམིགས་པ་དེ་ལྟར་དུ་ཡུན་ཅི་རིགས་སུ་ཉམས་སུ་བླངས་པའི། དགྲའོ་དེ་ལ་གདོན་བབས་པ་དང་ཁ་ལབ་པ་ལ་སོགས་པ་དང་། ལྟས་ངན་པ་དུ་མ་འབྱུང་ངོ་། །དེ་ལྟར་བྱུང་བ་དང་ཁོ་རང་དགུས་ཐུད་དུ་ཡོང་ངོ་། །དཔེར་དེ་མ་བྱུང་ཡང་། རྙིང་རྗེ་བའི་རྗེས་སུ་བཟུང་ཤིག །དགུས་པའི་སླང་། ཆོས་ལ་བཀུལ། སྡུག་སྤོང་དུ་འཇུག་པ་ལ་སོགས་པ་བྱའོ། །དེ་ལྟར་རྗེས་སུ་མ་ཟུང་ན། སེམས་ཅན་བློ་ཡི་སྤངས་པའི་སྒྲིབ་པ་ཡོང་པའི། རྗེས་སུ་ཅིས་ཀྱང་ཟུང་ངོ་། །རང་སྟོང་ཉིད་ཀྱི་དོན་དང་ལྡན་པས་འདི་འགྲུབ་ཁབ་མེད་ཀྱི་མན་ངག་ཡིན་ཞིང་། ཤིན་དུ་རྣོ་ཞིང་ཟབ་པ་ཡིན་ནོ། །དོན་གསུམ་པ། དམ་ཆོས་ཀྱི་ཆེ་བ་དབྱུང་བའི་ཕྱིར། རང་ལ་གཉན་པ་དང་། བསྐུར་ཏི་ལ་སོགས་པ་འབྱུང་བར་འདོད་ན། རང་ཉིད་འཇིག་རྟེན་པའི་ལྷ་འདྲེ་དྲེགས་པ་དང་། དེ་རྣམས་ལ་རྟེན་འབྲེལ་ཡོད། དེ་ནས་གནས་དེར་ཏོལ་བ་དང་། སྟོང་ཉིད་ངར་དང་ལྡན་པའི་ངང་ནས། ཞེན་པ་དང་ཆགས་པ་མེད་ཞིན་པའི། སྙན་པ་དང་གྲགས་པ་དང་། བསྐུར་ཏི་ལ་སོགས་པ་འབྱུང་བའི་བསྔོ་བ་དང་སྨོན་ལམ་བྱས་ལ། ད་དུང་གཉན་ཁྲོད་དེ་ཀར་ཉལ་བའི། རང་ལ་རྟགས་སྣང་དུ། གདུང་བུས་བ། རྔ་སྡུང་པ། དར་ཕྱར་བ། ས་གཡོ་པ། སེམས་ཅན་མང་པོའི་མགོན་དང་སྐྱབས་བྱས་ཤིང་། བདེ་དག་བདག་ལ་འདུ་བ། ལོངས་སྤྱོད་དཔག་དུ་མེད་པ་འབུལ་བ་ལ་སོགས་འབྱུང་ངོ་། །དེ་ལྟར་དུ་བྱས་པའི། ཡུན་རིང་པོར་

(༢༦)མི་ཐོགས་པར་རང་ལ་གཉན་གྲགས་ལ་སོགས་པ་གང་འདོད་པ་བྱུང་ངོ་། །དེ་ལྟ་བུ་འབྱུང་བའི་དུས་སུ། བླ་མའི་དྲིན་དུ་ལྟ། ཆོས་ཀྱི་ཡོན་ཏན་དུ་བལྟས་ལ། རང་ལ་རློམ་པ་དང་། ཞེན་པ་མེད་པར་རྨི་ལམ་འམ། སྒྱུ་མར་ཤེས་པར་བྱས་ལ། བླ་མ་དང་ཆོས་ལ་།།།སྐྱེད། རྗེས་སུ་འཇུག །ཆོས་ཚུལ་ཞིན་ཁོ་ནར་སྤྱོད། འདི་ཡང་གཟན་ལ་མེད་པའི་ཟབ་ཆོས་ཁོ་ན་ཡིན་ནོ། །དོན་བཞི་བ། གནས་སྐབས་མཐར་ཐུག་འདོད་པའི་དོན། །ཅེས་པ་ནི། དེ་ཡང་གནས་སྐབས་ཐུན་མོང་གི་ཡོན་ཏན་ཚེ་རིང་བ་དང་། ནད་མེད་པ་དང་། རྐྱེན་ངན་དང་ཕྱོགས་ངན་མེད་པ་ལ་སོགས་པ། གནས་སྐབས་ཀྱི་ཡོན་ཏན་ནམ། འདོད་ཡོན་ཐམས་ཅད་ལྷུན་གྲུབ་དུ་འགྲུབ་པར་འདོད་ན། རང་ཉིད་ཡུམ་གྱི་ངང་དུ་བཞག་ལ། དང་པོ་ཚེ་ཐུང་པ་ལྟ་བུ་ལ་དམིགས་པ་བཏད་ལ། བཏད་མེད་དུ་ཕཊ་ཀྱི་བཏབ། ཡང་སྟོང་ཉིད་ཡུམ་གྱི་ངང་དུ་བཞག །ཡང་ཚེ་འཐུང་བའི་རྐྱེན་ལ་དམིགས་པ་བཏད་ལ། བཏད་མེད་དུ་ཕཊ་ཀྱི་བཏབ། ཡང་སྟོང་ཉིད་ཀྱི་ངང་དུ་བཞག །དེ་ལྟ་བུའི་ཆོས་དེ་ལ་ཞག་ཉི་ཤུ་རྩ་གཅིག་རི་ཁྲོད་བྱས་པའི་ན། ནམ་ཟླ་དུས་ཞི་ལ་ཐུན་བཞིར་ཉམས་སུ་བླངས་སྟེ། དེའི་ཚེ་སྲིངས་པ་ཞིན་དུ་འགྲོའོ། །ཡང་རང་ལ་ནད་མེད་པར་འདོད་ན། ཡུམ་གྱི་ངང་ནས་ནད་ཀྱི་རིགས་བཞི་བརྒྱ་རྩ་བཞི་ལ་དམིགས་པ་བཏད་དེ་ལ་ཕཊ་ཀྱི་བཏབ།

(༢༧)ཡང་ནད་ཀྱི་རིགས་ཐམས་ཅད་སྟོང་ཉིད་ཀྱི་ངང་དུ་མཉམ་པར་བཞག །དེ་ལྟར་བཞག་དང་། ནམ་ཟླ་ལ་སོགས་པ་དགོང་བཞིན་དུ་ཉམས་སུ་བླངས་པས་ནད་གང་ཡང་མི་འབྱུང་ཞིང་། བསྲུང་པའི་མཆོག་ཏུ་འགྱུར་རོ། །དེ་ཡང་རང་ལ་ནད་བྱུང་ཡང་རུང་། མ་བྱུང་བར་བྱས་ཀྱང་ཟབ། ཁྱད་པར་དུ་ཡུལ་ཕྱོགས་དེར་ན་རིམས་དར་དུས་བྱས་པའི་ནད་གང་གི་ཡང་མི་ཚུགས་སོ། །ནད་བྱུང་ནས་བྱས་ན་ཡང་། ན་བ་དེ་དྲག་རྐྱེན་ནོ། །ཡང་བགེགས་མེད་པར་འདོད་ན། ཡུམ་གྱི་ངང་དུ་མཉམ་པར་བཞག་ལ། བགེགས་རིགས་སྟོང་ཕྲག་བརྒྱ་བཅུ་ལ་དམིགས་པ་གཏད་དེ། གཏད་མེད་དུ་ཕཊ་དྲག་པོ་བཏབ། ཡང་སྟོང་ཉིད་ཀྱི་ངང་དུ་བཞག །གདོན་བགེགས་རིགས་གང་ལ་ཡང་དམིགས་པ་བཏད་དེ། ཕཊ་ཀྱི་འདེབས་པ་དང་། ནམ་ཟླ་ཞག་ལ་སོགས་པ་དགོང་བཞིན་དུ་བྱས་པས། བགེགས་གནོད་པ་ལས་མྱུར་དུ་སྒྲོལ་ལོ། །མི་གནོད་པར་བྱས་ན་བསྲུང་ངོར་དུ་འགྱུར་ཞིང་། བགེགས་ཀྱི་འཇུག་མི་ནུས་སོ། །ཡང་རང་ལ་བློ་རྐྱེན་གང་ཡོད་མེད་པར་འདོད་ན། ཡུམ་གྱི་ངང་དུ་མཉམ་པར་བཞག་ལ། བློ་རྐྱེན་སུམ་བརྒྱ་དྲུག་ཅུ་ལ་དམིགས་པ་གཏད་དེ། བཏད་མེད་དུ་ཕཊ་ཀྱི་འདེབས་པ་ལ་སོགས་པ་ཐམས་ཅད་དགོང་བཞིན་དུ་བླངས་པས། བློ་རྐྱེན་གང་ཡང་མི་འབྱུང་ངོ་། །བློ་རྐྱེན་བསྲུང་བའི་མཆོག་ཡིན་

(༢༨)དེ་ཡང་ང་ལ་ཕྱོགས་ངན་པ་དང་། དུས་ངན་པ་མེད་པར་འདོད་པའི། རང་ཉིད་འགྲོ་སྡོད་གང་བྱེད་ན་ཡང་།ཕྱོགས་ངན་པ་དང་། དུས་ངན་པ་གང་ཡོད་པ་དེར་དམིགས་པ་བཏད་ལ། བཏད་མེད་དུ་ཕཊ་དྲག་པོའི་བཏབ། ཡང་སྟོང་ཉིད་ཀྱི་ངང་དུ་བཞག །དེ་ལྟར་དགོང་དང་མཐུན་པར་ཉམས་སུ་བླངས་པའི། ཕྱོགས་ངན་པ་དང་དུས་ངན་པ་ལ་སོགས་པ་མེད་པར། གནས་སྐབས་ཀྱི་འགྲོ་བདོན་ཐམས་ཅད་ལྷུན་གྲུབ་དུ་འབྱུང་བའི་ཆོས་ཡིན་ནོ། །ཡང་རང་ཉིད་ལ་མཐར་ཐུག་མཆོག་གི་ཡོན་ཏན། སྐུ་དང་ཞིང་ཁམས་དང་། མཛད་པ་དང་འཕྲིན་ལས་ལ་སོགས་པ་ལྷུན་གྲུབ་དུ་འབྱུང་བར་འདོད་ན། རང་སྟོང་ཉིད་ཡུམ་གྱི་ངང་དུ་མཉམ་པར་བཞག་ལ། སྐུ་དང་ཞིང་ཁམས་ལ་སོགས་པ་གང་འདོད་པ་དེ་ལ་མདུན་པ་བཏང་། ཡང་མདུན་པ་དེ་ཡང་། སྟོང་ཉིད་ཀྱི་ངང་དུ་བཞག །སྐུ་དང་ཞིང་ཁམས་ལ་སོགས་པའི་ལས་དང་རྐྱེན་ལ་དམིགས་པ་བཏད་ལ། བཏད་མེད་དུ་ཕཊ་ཀྱི་བཏབ། ཡང་སྟོང་ཉིད་ཡུམ་གྱི་ངང་ལ་མཉམ་པར་བཞག །དེ་ལྟར་དགོང་དང་འདྲ་བར་ཉམས་སུ་བླངས་པའི། མཐར་ཐུག་མཆོག་གི་ཡོན་ཏན་ཐམས་ཅད་ལྷུན་གྲུབ་དུ་འབྱུང་བ་འགྲུབ་བར་འགྱུར་རོ། །མདོར་ན་

(༢༩)དེ་རྣམས་དང་། སྐོར་རྩེ་སྐོར་རྩེ་ཉམས་སུ་སླངས་པའི། གནས་སྐབས་དང་མཐར་ཐུག་དུ་ཕན་ཐོགས་པ། ཟ་འོག་གི་རས་མ་དང་འདྲ་བའི་ཆོས་ཡིན་ནོ། །དེས་ན་མན་ངག་དེ་རྣམས་ཟ་འོག་གི་རས་མ་དང་འདྲ་བའི་ན། མན་ངག་ཟ་འོག་རས་མ་ཞེས་བྱ་བའི་ཆོས་དེ་རྫོགས་སོ། །འདི་སྐལ་མེད་རྣམས་ལ་རྦ་ཞིང་། ལས་དང་སྐལ་པར་ལྡན་པའི་གང་ཟག་རྣམས་ལ་དམ་པ། ས་མ་ཡཱ། འདི་བྲིས་དགེ་བའི་བསོད་ནམས་ཀྱི། ཡུམ་ཆེན་འཁྲོས་མ་འགྲུབ་རྒྱུར་ཤོག །བཀྲ་ཤིས། དགེའོ། །

(༢༡)ཅེས་པའི། དང་པོ་སེམས་ལ་རྟོགས་པ་ཆར་འདོད་ན། ཅེས་པ་ནི། དེ་ཡང་བརྟེན་ཀྱི་གང་ཟག་རང་གི་previous hit སེམས་ལ་རྟོགས་པ་འཆར ་འདོད་ན། འདི་ལྟར་ཀྱི་སྣང་སྲིད་འཁོར་འདས་ཀྱི་ཆོས་ལུས་ཤིང་། ལུས་པ་མེད་པ་ཐམས་ཅད་ལ། ཀུན་རྫོབ་དུ་འཛིན་བ་མེད་པ། ཡང་དག་དུ་གཞེན་པ་མེད་པ། བདེན་འཛིན་ཀྱི་གཏད་སོ་མེད་པ། བདེན་མེད་འཛིན་མེད་རྨི་སྒྱུ་མ་ལྟ་བུར་ཤེས་པར་བྱས་ནས། དུས་དང་རྣམས་པ་ཐམས་ཅད་དུ་ཉམས་སུ་བླངས་པས། ཕྱི་ནང་གི་རྟེན་འབྲེལ་ལ་བརྟེན་ནས། རང་རྒྱུད་ཨལ་རྟོགས་བ་མྱུར་དུ་འཆར་ཡོང་ངོ་། །དོན་གཉིས་པ། རང་ལུས་བདེ་བ་འབར་འདོད་ན། ཅེས་པ་ནི། དེ་ཡང་བརྟེན་ཀྱི་གང་ཟག་ལུས་ལ་བདེ་བ་འབར་འདོད་ན། རྩ་མ་སྒུད་བར་བྱས་སྟེ། ཙ་དར་བྱེད་ཀྱི་ལུས་སྦྱོངས། རླུང་མ་སྒུད་པར་བྱས་སྟེ། རླུང་ཐུན་འགའ་རེ་སྒོམ་པ། ཐིག་ལེ་མ་སྒུད་བར་བྱས་སྟེ། ཐིག་ལེ་སྤེལ་སྦྱངས་ལ་སོགས་པ་བྱས་སྟེ། ཡུམ་ཆེན་མོའི་ངང་དུ་བཞག་པས། རང་ལུས་ལ་བདེ་སྟོང་ཆེན་པོ་མྱུར་འབར་ཡོང་། དོན་གསུམ་པ་ངག་ལ་ནུས་པ་ཐོབ་འདོད་ན། ཅེས་པ་ནི། དེ་ཡང་བརྟེན་ཀྱི་གང་ཟག་ངག་ལ་ནུས་པ་ཐོན་པར་འདོད་པའི། རང་གོ་ངག་གིས་གསུང་སྐད་ཐམས་ཅད་དྲག་ཅིང་སྟོང་པའི་རང་ངོར་ཤེས་པར་བྱས་ལ། ངག་ལ་ཡང་བཏད་པ་དང་འཛིན་པ་མེད་པར་བྱས་སྟེ། ཕཊ་ཕཊ་ཅེས་སྒྲ་རྒྱུན་དུ་ཆེད་སྒྲོགས་ཤིང་ཡུམ་ཀྱི་དོན་དང་བྲལ་བར་བྱས་ལ།་ ངག་ལ་ནུས་པ་

(༢༢)མྱུར་དུ་ཐོན་ཡོང་ངོ་། །དོན་བཞི་བ། འཕྲིན་ལས་ཐོགས་མེད་གྲུབ་འདོད་ན། ཅེས་པ་ནི། རྟེན་གྱི་གང་ཟག་འཕྲིན་ལས་ཕྱོགས་མེད་གྲུབ་འདོད་པ་དེ། ཡར་བླ་མ་དཀོན་མཆོག་ཡིད་དམ་ཀྱི་ལྷ། དམ་པའི་ཆོས། མཁན་པོ་དང་སློབ་དཔོན་ལ་སོགས་པ་ལ་ཕྱོགས་མེད་དུ་དད་དགུས་སྐྱེད། མོས་གུས་བྱའོ། མར་འགྲོ་བ་རིགས་དྲུག་སེམས་ཅན་སྡུག་པ་དང་མངལ་པ། མདོར་ན་སེམས་ཅན་དམ་ལ་བྱམས་པ་སྒོམ། སྙིང་རྗེ་སྐྱེད་དོ། ཐད་ཀའི་ཆོས་སྒྲོགས་དང་། ཆོས་མཛད་བསྟན་པའི་སྒོ་རུ་ཞུགས་པ་ཐམས་ཅད་ལ་དད་པ་བྱ། མོས་པ་བྱའོ། མདོར་ན་སྣང་སྲིད་འཁོར་འདས་ཐམས་ཅད་ལ་དད་ཅིང་དགུས་པར་བྱས་ནས། ཅི་མཉེས་འབའ་ཤིག་བྱ་པས། ཕྱི་ནང་གི་རྟེན་འབྲལ་གིས་འཕྲིན་ལས་ཕྱོགས་མེད་དུ་ད་ལྟར་དུ་འགྲུབ་བོ། ལྟས་ངན་གཡང་དུ་བླང་བྱའི་བ་ནི་ཕྱིར། ཡུམ་ཆེན་དོན་ཀྱི་ཟློག་བསྒོམ་བགྱིས། རང་སར་ཟློགས་པའི་མན་ངག་བྱའོ། གྲ་དང་ཆོམས་རྐུན་བྱུང་བ་ན། སངས་རྒྱས་སྟན་ལ་ཕན་བྱའི་ཕྱིར། ཡུམ་ཆེན་གནད་ལྡན་མན་ངག་གིས། ལྟས་ངན་ཐུ་སྟོན་སྟོང་པ་ན། དམ་ཆོས་ཆེ་བ་དབྱུང་བའི་ཕྱིར། སྙན་གྲགས་བསྐུར་སྟི་འབྱུང་འདོད་ན། ཡུམ་ཆེན་ཆིག་ཆོད་གནད་ལྡན་གྱིས། ལྷུན་གྱི་གྲུབ་པའི་མན་ངག་བྱའོ། །དེ་ལྟར་ཉམས་སུ་བླངས་པའི་ན། མན་ངག་ཟ་འོག་རས་མ་འདྲ། ཅེས་པའི་དང་པོ། སྦོད་སྡོང་གནན་གཏད་ཟློག་མཛོད་ན། ཅེས་པ་ནི། རང་ངམ་གཞན་ལ་གཞན་ཀྱི་སྦོད་དམ། མནན་པའམ། འཐུ་ལ་སོགས་པ་བྱུང་ན། དེ་རང་སར་བཟློག་ཅིང་གཡང་དུ་གླན་པར་འདོད་ན། རང་ཉིད་འཐུ་སྟོང་འཁན་ཀྱི་

(༢༣)གནས་དེར་འམ། དེ་ལས་གཞན་པའི་གཉན་ཁྲོད་དུ། འཐུ་བཟློག་པར་འདོད་པའི་སྒྲུབ་བྱ་རང་ངམ་། གཞན་གང་ཡིན་པ་དེའི་བདག་འཛིན་བློས་བཏང་ལ། སྟོང་ཉིད་ཡུམ་ཀྱི་ངང་དུ་། རང་ཉིད་ཁོས་སྦད་པའི་ལྷ་དེ་རུ་ལེགས་པར་སྒོམ་ནས། ཡིད་གཞན་དུ་ཡེངས་པའམ། ལྷ་རུ་མི་བསལ་ན། ངག་དུ་ཕཊ་དྲག་དུ་བརྗོད་ཅིང་། སྟོང་ཉིད་དམ་ཁོའི་ལྷ་དེར་ལམ་ལམ་སྒོམ་བས། སྦོད་བྱེད་ལྷ་ཐམས་ཅད་གཡང་དུ་ལོན་སྟེ། རང་ལ་དངོས་གྲུབ་ཡོན་ཏན་ཡར་ལྡན་དུ་བྱུང་ངོ་། །ཡང་ན་སྟོང་ཉིད་རང་ལ་བཞག་པའི། སྦོད་ལ་འགྲོ་ས་མི་འབྱུང་ཞིང་། ཁོ་རང་ལ་བཟློག་གོ། ཡང་ན་ཁོའི་སྦོད་པའི་ལྷ་ཚོགས་ཐམས་ཅད་ལ། དབྱིངས་རིག་སྲེས་སྟེ། ལུས་ཕུང་ཁམས་སྐྱེས་མཆེད་ཐམས་ཅད་བྱིན་ལ། རིག་པ་དབྱིངས་ཐོག་དུ་བཞོག་ཚད་བཞག་པའི། འཐུང་ཡི་མི་གླགས་ཤིང་། ལྷ་ལ་ཆོད་ཚད་དང་། ཚར་ཚད་འབྱུང་ཞིང་། ཡོན་ཏན་ཡར་ལྡན་དུ་བྱུང་ངོ་། གནན་པ་ལམ་གཏད་ལ་བཏད་པའི་གདོན་དེ་རང་གི་སེམས་ལ་སྟིམས། ས་ཆ་དེ་རང་གི་ལུས་ལ་སྟིམས་ལ། ལུས་སེམས་ཐ་དད་པ་མེད་པར་ཡུམ་ཀྱི་ངང་དུ་བཞག་ལ། ཐམས་ཅད་སྟོང་པར་སྒོམ་མོ། དེ་ལྟར་བྱས་པའི། མནན་པར་སུ་ཚུགས་སྟེ། གཏད་གང་བྱས་ཀྱང་། ཅི་བྱས་ཀྱང་མི་གླགས་སོ། དོན་གཉིས་པ་སྒྲ་

(༢༤)དང་ཚོམས་རྐུན་བྱུང་བ་ན། ཅེས་པ་ནི། རང་ངམ་གཞན་ཀྱི་རི་ལ་ཕྱིན་ནམ་མ་ཕྱིན་ཡང་རང་སྟེ། སྒྲ་འམ་ཆོམས་རྐུན་ལ་སོགས་པ་བྱུང་ན། རང་ཉིད་ཞེ་སྡང་དང་། ཆགས་སེམས་ཀྱི་ཀུན་ནས་སླངས་པ་མ་ཡིན་པར། སངས་རྒྱས་ཀྱི་སྟན་པ་ལ་ཕན་པར་བྱ་བའི་ཕྱིར་དང་། ཆོས་ཀྱི་ཆེ་བ་དབྱུང་བའི་ཕྱིར། དགྲ་དང་ཆོས་རྐུན་བྱས་པའི་མི་དེ་ལ། མཐུ་དང་ལྟས་ངན་བཏང་པར་བྱས་ཏེ། དེ་ལ་རང་ལ་དགྲ་དང་ས་དེ་རང་དུ་སྡད་དེ། སྤྲོས་བཅས་སྤྲོས་མེད་དང་ལྡན་པའི་ངང་ནས། ཆོད་ཚད་དང་ཚར་ཚད་རྣམས་ནམ་བྱུང་བྱུང་ཅོད་བྱ། ཆོད་ཚད་དང་ཚར་ཚད་བྱུང་བ་དང་། དགྲ་བོ་དེ་རང་གི་དམྱི་ཡུལ་དུ་ལམ་མེ་སྒོམ་ལ། དེ་ལ་གཉན་འཁྲོད་ཀྱི་དོན་དེ་དམྱི་བའི། སྦད་ལ་གནས། ནུབ་རེ་ཞིན་རང་སྟོང་ཉིད་ཀྱི་ངར་དང་ལྡན་པས། སྤྲོས་བཅས་དྲག་དུ་བྱས་སྟེ། སྦོད་བྱེད་ཀྱི་དམྱི་བ་དེ་དང་བྲལ་བར། ཡུན་རིང་དུ་གཉན་པ་དེར་སྡད་པས། དགྲ་བོ་དེ་ལ་ལྟས་ངན་དང་ཆོ་འཕྲུལ་དུ་མ་འབྱུང་ངོ་། དཔེར་དེ་མ་བྱུང་ན་གཉན་ཁྲོད་ཀྱི་གདོན་དེ་རང་ལ་དམྱི་བ་བཏད་ནས། དགྲ་བོ་ལ་ལྟས་ངན་དང་ཆོ་འཕྲུལ་མི་བཏང་ན། གདོན་དེ་རང་དམྱི་བས་ཟིར་བའི་ལ། ཡུལ་ནས་འདོན་བ་དང་། སྐྲག་པ་དང་། རྩུབ་པའི་བློ་ཡིས་སྤྲོས་བཅས་དྲག་པོ་བྱའོ། །སྟོང་ཉིད་ཀྱི་ངང་

(༢༥)ནས་དམྱི་བ་དེ་ལྟར་དུ་ཡུན་ཅི་རིགས་སུ་ཉམས་སུ་བླངས་བའི། དགྲ་བོ་དེ་ལ་གདོན་བབས་པ་དང་ཁ་ལབ་པ་ལ་སོགས་པ་དང་། ལྟས་ངན་པ་དུ་མ་འབྱུང་ངོ་། དེ་ལར་བྱུང་བ་དང་ཁོ་རང་དགུས་ཐུད་དུ་ཡོང་ངོ་། དཔེར་དེ་མ་བྱུང་ཡང་། རྙིང་རྗེ་བའི་རྗེས་སུ་བཟུང་ཤིག །དགུས་པའི་སླང་། ཆོས་ལ་བཀུལ། སྡིག་སྤོང་དུ་འཇུག་པ་ལ་སོགས་པ་བྱའོ། དེ་ལྟར་རྗེས་སུ་མ་ཟུང་ན། སེམས་ཅན་བློ་ཡི་སྤངས་པའི་སྒྲིབ་པ་ཡོང་བའི། རྗེས་སུ་ཅིས་ཀྱང་ཟུང་ངོ་། རང་སྟོང་ཉིད་ཀྱི་དོན་དང་ལྡན་པས་འདི་འགྲུབ་ཁབ་མེད་ཀྱི་མན་ངག་ཡིན་ཞིང་། ཤིན་དུ་རྣོ་ཞིང་ཟབ་པ་ཡིན་ནོ། དོན་གསུམ་པ། དམ་ཆོས་ཀྱི་ཆེ་བ་དབྱུང་བའི་ཕྱིར། རང་ལ་གཉན་པ་དང་། བསྐུར་ཏི་ལ་སོགས་པ་འབྱུང་བར་འདོད་ན། རང་ཉིད་འཇིག་རྟེན་པའི་ལྷ་འདྲེ་དྲེགས་པ་དང་དེ་རྣམས་ལ་རྟེན་འབྲེལ་ལ་ཡོད། དེ་ནས་གནས་དེར་ཏོལ་བ་དང་། སྟོང་ཉིད་རང་དང་ལྡན་པའི་ངང་ནས། ཞེན་པ་དང་ཆགས་པ་མེད་ཞིན་པའི། སྙན་པ་དང་གྲགས་པ་དང་། བསྐུར་ཏི་ལ་སོགས་པ་འབྱུང་བའི་བསྔོ་བ་དང་སྨོན་ལམ་བྱས་ལ། ད་དུང་གཉན་ཁྲོད་དེ་ཀར་ཉལ་པའི། རང་ལ་རྟགས་སྣང་དུ། གདུང་བུས་བ། རྔ་སྡུང་བ། དར་ཕྱར་བ། ས་གཡོ་བ། སེམས་ཅན་མང་པོའི་མགོན་དང་སྐྱབས་བྱས་ཤིང་། དེ་དག་བདག་ལ་འདུ་བ། ལོངས་སྤྱོད་དཔག་དུ་མེད་པ་འབུལ་བ་ལ་སོགས་འབྱུང་ངོ་། དེ་ལྟར་དུ་བྱས་པའི། ཡུན་རིང་པོར་

(༢༦)མི་ཐོགས་བར་རང་ལ་གཉན་གྲགས་ལ་སོགས་པ་གང་འདོད་བ་བྱུང་ངོ་། །དེ་ལྟ་བུ་འབྱུང་བའི་དུས་སུ། བླ་མའི་དྲིན་དུ་ལྟ། ཆོས་ཀྱི་ཡོན་ཏན་དུ་བལྟས་ལ། རང་ལ་རློམ་པ་དང་། ཞེན་པ་མེད་པར་རྨི་ལམའམ། སྒྱུ་མར་ཤེས་པར་བྱས་ལ། བླ་མ་དང་ཆོས་ལ་མོས་གུས་སྐྱེད། རྗེས་སུ་འཇུག །ཆོས་ཚུལ་ཞིན་ཁོ་ནར་སྤྱོད། འདི་ཡང་གནས་སྐབས་ཐུན་མོངས་གི་ཡོན་ཏན་ཚེ་རིང་བ་དང་། ནད་མེད་པ་དང་། རྐྱེན་ངན་དང་ཕྱོགས་ངན་མེད་པ་ལ་སོགས་བ། གནས་སྐབས་ཀྱི་ཡོན་ཏན་ནམ། འདོད་དོན་ཐམས་ཅད་ལྷུན་གྲུབ་དུ་འགྲུབ་པར་འདོད་ན། རང་ཉིད་ཡུམ་ཀྱི་ངང་དུ་བཞག་ལ། དང་པོ་ཚེ་ཐུང་བ་ལྟ་བུ་ལ་དམྱི་བ་བཏད་ལ། བཏད་མེད་དུ་ཕཊ་ཀྱི་བཏབ། ཡང་སྟོང་ཉིད་ཡུམ་ཀྱི་ངང་དུ་བཞག །ཡང་ཚེ་འཐུང་པའི་རྐྱེན་ལ་དམྱི་བ་བཏད་ལ། བཏད་མེད་དུ་ཕཊ་ཀྱི་བཏབ། ཡང་སྟོང་ཉིད་ཀྱི་ངང་དུ་བཞག །དེ་ལྟ་བུའི་ཆོས་དེ་ལ་ཞག་ཉི་ཤུ་རྩ་གཅིག་རི་ཁྲོད་བྱས་པའི་ན། ནམ་ཟླ་རུས་ཞི་ལ་ཐུན་བཞུར་ཉམས་སུ་བླངས་སྟེ། དེའི་ཚེ་སྲིངས་པ་ཞིན་དུ་འགྲོ་བའོ། ཡང་རང་ལ་ནད་མེད་པར་འདོད་ན། ཡུམ་ཀྱི་ངང་ནས་ནད་ཀྱི་རིགས་བཞི་བརྒྱ་རྩ་བཞི་ལ་དམྱི་བ་བཏད་དེ་ལ་ཕཊ་ཀྱི་བཏབ་

(༢༧)ཡང་ནད་ཀྱི་རིགས་ཐམས་ཅད་སྟོང་ཉིད་ཀྱི་ངང་དུ་མཉམ་པར་གཞག །དེ་ལྟར་བཞག་དང་། ནམ་ཟླ་ལ་སོགས་པ་དགོང་བཞིན་དུ་ཉམས་སུ་བླངས་པས་ནད་གང་ཡང་མི་འབྱུང་ཞིང་། བསྲུང་བའི་མཆོག་ཏུ་འགྱུར་རོ། དེ་ཡང་རང་ལ་ནད་བྱུང་ཡང་རུང་། མ་བྱུང་བར་བྱས་ཀྱང་ཟབ། ཁྱད་པར་དུ་ཡུལ་ཕྱོགས་དེར་ནད་རིམས་དར་དུས་བྱས་པའི་ནད་གང་གི་ཡང་མི་ཚུགས་སོ། ནད་བྱུང་ནས་བྱས་ན་ཡང་། ན་བ་དེ་དྲག་རྐྱེན་ནོ། ཡང་བགེགས་མེད་པར་འདོད་ན། ཡུམ་ཀྱི་ངང་དུ་མཉམས་པར་བཞག་ལ། བགེགས་རིགས་སྟོང་ཕྲག་བརྒྱ་བཅུ་ལ་དམྱི་བ་གཏད་དེ། གཏད་མེད་དུ་ཕཊ་དྲག་པོ་བཏབ། ཡང་སྟོང་ཉིད་ཀྱི་ངང་དུ་བཞག །གདོན་བགེགས་རིགས་གང་ལ་ཡང་དམྱི་བ་བཏད་དེ། ཕཊ་ཀྱི་འདེབས་པ་དང་། ནམ་ཟླ་ཞག་ལ་སོགས་པ་དགོང་བཞིན་དུ་བྱས་པས། བགེགས་གནོད་པ་ལས་མྱུར་དུ་སྒྲོལ་ལོ། མི་གནོད་པར་བྱས་ན་བསྲུང་དུ་འགྱུར་ཞིང་། བགེགས་ཀྱི་འཇུག་མི་ནུས་སོ། ཡང་རང་ལ་བློ་རྐྱེན་གང་ཡོད་མེད་པར་འདོད་ན། ཡུམ་ཀྱི་ངང་དུ་ཉམས་པར་ཞག་ལ། བློ་རྐྱེན་སུམ་བརྒྱ་དྲུག་ཅུ་ལ་དམྱི་བ་གཏད་དེ། བཏད་མེད་དུ་ཕཊ་ཀྱི་འདེབས་པ་ལ་སོགས་པ་ཐམས་ཅད་དགོང་བཞིན་དུ་བླངས་པས། བློ་རྐྱེན་གང་ཡང་མི་འབྱུང་ངོ་། བློ་རྐྱེན་བསྲུང་བའི་མཆོག་ཡིན་

(༢༨)དེ་ཡང་ང་ལ་ཕྱོགས་ངན་པ་དང་། དུས་ངན་པ་མེད་པར་འདོད་པའི། རང་ཉིད་འགྲོ་སྡོད་གང་བྱེད་ན་ཡང། ཕྱོགས་ངན་པ་དང་། དུས་ངན་པ་གང་ཡོད་པ་དེར་དམྱི་བ་བཏད་ལ། བཏད་མེད་དུ་ཕཊ་དྲག་པོའི་བཏབ། ཡང་སྟོང་ཉིད་ཀྱི་ངང་དུ་བཞག །དེ་ལྟར་དགོང་དང་མཐུན་པར་ཉམས་སུ་བླངས་པའི། ཕྱོགས་ངན་པ་དང་དུས་ངན་པ་ལ་སོགས་པ་མེད་པར་གནས་སྐབས་ཀྱི་འགྲོ་དོན་ཐམས་ཅད་ལྷུན་གྲུབ་དུ་འབྱུང་བའི་ཆོས་ཡིན་ནོ། །ཡང་རང་ཉིད་ལ་མཐར་ཐུག་མཆོག་གི་ཡོན་ཏན། སྐུ་དང་ཞིང་ཁམས་དང་། མཛད་པ་དང་འཕྲིན་ལས་ལ་སོགས་པ་ལྷུན་གྲུབ་དུ་འབྱུང་བར་འདོད་ན། རང་སྟོང་ཉིད་ཡུམ་ཀྱི་ངང་དུ་མཉམ་པར་བཞག་ལ། སྐུ་དང་ཞིང་ཁམས་ལ་སོགས་པ་གང་འདོད་པ་དེ་ལ་མདུན་པ་བཏང་། ཡང་མདུན་པ་དེ་ཡང་། སྟོང་ཉིད་ཀྱི་ངང་དུ་བཞག །སྐུ་དང་ཞིང་ཁམས་ལ་སོགས་པའི་ལས་དང་རྐྱེན་ལ་དམྱི་བ་བཏད་ལ། བཏད་མེད་དུ་ཕཊ་ཀྱི་བཏབ། ཡང་སྟོང་ཉིད་ཡུམ་ཀྱི་ངང་ལ་མཉམས་པར་བཞག །དེ་ལྟར་དགོང་དང་འདྲ་བར་ཉམས་སུ་བླངས་པའི། མཐུར་ཐུག་མཆོག་གི་ཡོན་ཏན་ཐམས་ཅད་ལྷུན་གྲུབ་དུ་འབྱུང་བ་འགྲུབ་པར་འགྱུར་རོ། མདོར་ན་

(༢༩)དེ་རྣམས་དང་། སྐོར་རྩེ་སྐོར་རྩེ་ཉམས་སུ་སླངས་པའི། གནས་སྐབས་དང་མཐར་ཐུག་དུ་ཕན་ཐོགས་པ། ཟ་འོག་གི་རས་མ་དང་འདྲ་བའི་ཆོས་ཡིན་ནོ། དེས་ན་མན་ངག་དེ་རྣམས་ཟ་འོག་གི་རས་མ་དང་འདྲ་བའི་ན། མན་ངག་ཟ་འོག་རས་མ་ཞེས་བྱ་བའི་ཆོས་དེ་རྫོགས་སོ། འདི་སྐལ་མེད་རྣམས་ལ་རྦ་ཞིང་། ལས་དང་སྐལ་པར་ལྡན་པའི་གང་ཟག་རྣམས་ལ་དམ་པ། ས་མ་ཡཱ། འདི་བྲིས་དགེ་བའི་བསོད་ནམས་ཀྱི། ཡུམ་ཆེན་འཁྲོས་མ་འགྲུབ་རྒྱུར་ཤོག །བཀྲ་ཤིས། དགེའོ། །


no previousno next