Nitartha Digital Library
Tibetan
 
no previousno next

(༡)ཨ་མའི་ལྷན་ཐབས་དགོས་འདོད་ཀུན་འབྱུང་བཞུགས་སོ། །འགྲོ་དོན་ཕེལ།

(༢)ན་མོ་གུ་རུ་ཌཱ་ཀི་ན་ཡེ། དེ་ཡང་སྤྱི་དོན་བརྒྱད་ ། ལྷན་ཐབས་དགོས next hit་འདོད་ཀུན་འབྱུང་ཞེས་བྱ་བ་འདི་སྟོན། དེ་ཡང་བདུད་ཅོད་ཟབ་མོ་བདོན་གྱི་ཉིང་ཁུ་ཞེས་བགྱི་བ་འདི་ལ། སྤྱི་བདོན་བརྒྱད་ཀྱི་སྟན་པ་ལས། དང་པོ་ཡིད་ཆེས་ཤིང་ཁུངས་བཙུན་པར་བྱའི་ཕྱིར། བརྒྱུད་བཏམས་མུ་ཏིག་འཕྲེང་བ། གཉིས་པ་རང་རྒྱུད་ལ་བྱིན་གྱིས་བརླབས་པའི་ཕྱིར། དབང་བསྐུར་བྱིན་བརླབས་རྒྱ་མཚོའོ། །གསུམ་པ་བདོན་མངོན་གསུམ་དུ་རྟོགས་པར་བྱེད་པའི་ཕྱིར། དོན་འཁྲིད་ཡི་ནི་ནོར་བུ། བཞི་བ་མཉམས་རྗེས་དབྱེར་མེད་དུ་བསྲེ་བའི་ཕྱིར་ཉམས་ལེན་དངོས་གྲུབ་ལག་ཆངས། ལྔ་པ་བགེགས་ཐམས་ཅད་རང་ས་རུ་སྒྲོལ་བའི་ཕྱིར། བགེགས་གསེལ་།།།གནད་ཀྱི་ལྡེག་གི།། དྲུག་པ་བོགས་མེད་པ་ལ་བོགས་ཆེར་འདོན་པའི་ཕྱིར། བོགས་འདོན་ཡོན་ཏན་གཏེར་མཛོད། བདུན་པ་གང་ལ་གང་ཁོའི་མན་ངག་ཟབ་དུས་སུ་སྟན་པའི་ཕྱིར། མན་ངག་

(༣)ཟ་འོག་རས་མའོ། །དེ་འདིར་དེ་རྣམས་ཀྱི་སྤྱི་དོན། བརྒྱད་previous hit ་ལྷན་ཐབས་དགོས next hit་འདོད་ཀུན་འབྱུང་སུ་བཀོད་previous hit ། ལྷན་པས་དགོས next hit་འདོད་ཀུན་འབྱུང་ཞེས་བྱ་བ་སྟོན་པའོ། །དེ་ཡང་སྤྱིར་དུ་རང་ས་རང་ནས་ཞལ་བསལ་ཅིང་། དོན་གནད་དང་ལྡན་པར་སྟན་ཡོད་ཅིང་། འོན་ཀྱང་འདིར་དེ་རྣམས་ཐམས་ཅད་ཀྱི་ཅི་བྱེད་དུ་བྱས་པ་ལ། དོན་དུས་པར་ཆིངས་དུམ་ཙམ་རེ་སྟན་པར་གྱིའོ། །དེ་ལ་ཆོས་རྗེ་ན་རེ། བརྒྱུད་དམ་མུ་ཏིག་འཕྲེང་བ་ལ། བླ་མ་རྒྱུད་པའི་མཚན་ཉིད་རྒྱུད་པར་ལྡན་ན། དོན་དང་ལྡན་ན་དགོས་འདོད་འབྱུང་། །བརྒྱུད་པའི་མཚན་ཉིད་བར་མ་ཆད། །བླ་མ་བཟང་པོ་དང་འཇལ་ན། །བཟང་པོས་མཚན་ཉིད་ངན་པའི་དབྱེན། །མཚན་ཉིད་ལྡན་ན་དགོས་འདོད་འབྱུང་། །མཚན་ལྡན་མཚན་ཉིད་ཡོན་ཏན་ལྡན། །གསོལ་བ་བཏབ་ན་previous hit དགོས་འདོད་འབྱུང་། །ཅེས་གསུངས་པའི། དེ་ཡང་བླ་མའི་མཚན་ཉིད་ཇི་འདྲ་ལ་ཐུག་མཉམས་ན། བརྒྱུད་ next hit་དང་ལྡན་པ་ལ་ཐུག་པ་ཡིན། དེ་ཡང་བླ་མ་རང་ཡང་དོན་དམ་པའི་ཉམས་རྟོགས་གདེང་དང་ལྡན་པ་ལ་ཐུག་previous hit ་ཡིན། དེ་ལྟ་བུའི་བླ་མ་དང་འཇལ་ན་དགོས next hit་འདོད་ཐམས་ཅད་

(༤)ལྷུན་གྲུབ་དུ་འབྱུང་བ་ཡིན། དོན་གཉིས་པ། བརྒྱུད་པའི་མཚན་ཉིད་བར་མ་ཆད། །བཟང་པོ་དང་འཇལ་ན་previous hit དགོས་འདོད་འབྱུང་། །ཅེས་ next hit་ནི། དེ་ཡང་བརྒྱུད་པ་ཅེས་པ་ལ། གདུང་འཛིན་རུས་ཀྱི་རྒྱུད་པ་དང་། དོན་དམ་ཉམས་རྟོགས་ཀྱི་བརྒྱུད་པ་བྱ་བ་གཉིས་སུ་ཡོད་པ་ལས། འུ་སྒྲུབ་རྒྱུད་པ་ལ། དོན་དམ་ཉམས་རྟོགས་ཀྱི་བརྒྱུད་པ་གལ་ཆེ། དེ་ཡང་བླ་མ་ལ་ཉམས་རྟོགས་མེད་ན། སློབ་མ་ལ་བྱིན་བརླབས་མི་འཇུག །དེ་ཡང་ཉམས་རྟོགས་དང་ལྡན་པ། ཐོ་སངས་རྒྱས་ནས་སྨ་རྩའི་བླ་མ་ཡན་ཆོད། དམ་པའི་ཉམས་རྟོགས་བར་མ་ཆད་previous hit ་གཅིག་དགོས next hit། དེ་ཀ་ལ་བརྒྱུད་པའི་མཚན་ཉིད་བར་མ་ཆད། ཅེས་པའི་དོན་ཡིན་ནོ། །དེ་ལྟ་བུའི་རྒྱུད་པ་བར་མ་ཆད་པར་བྱོན་པའི་བླ་མ་བཟང་པོ་དང་འཇལ་ནས། previous hit དགོས་འདོད་ཀུན་འབྱུང་བ་ཡིན་ནོ། །དོན་གསུམ་ next hit། བཟང་བའི་མཚན་ཉིད་ངན་པའི་དབྱེན། མཚན་ཉིད་ལྡན་ན་previous hit དགོས་འདོད་འབྱུང་། །ཅེས་ next hit་ནི། དེ་ཡང་བླ་མ་བཟང་པོའི་མཚན་ཉིད་ངན་པའི་དབྱེན་ངན་པས་དབྱེན་པ་ཡིན། དེ་ཡང་སྐུ་མི་ངན་སྟེ། སྐུ་ལྷ་སྐུ་བདེ་བ་ཆེན་པོའི་རང་ངོར་རྟོགས་པ། རྣམས་པ་བསལ་ཤིང་གནད་དག་དྲན་པ། སྐུའི་འཁོར་འདས་ཀྱི་འཕྲིན་ལས་སྒྲུབ་པ་སྐུ་ལ་ངན་པའི་རྒྱུ་ཐམས་ཅད་སྤངས་པའོ། །གསུང་མི་ངན་སྟེ། གྲགས་སྟོང་སྔགས་ཀྱི་རང་སྒྲ་སྟོང་ཉིད་དུ་རྟོགས་པ། གསུང་རྣམ་པར་བདག་ཅིང་ངག་ལ་ནུས་པ་ཐོན་པ། གསུང་

(༥)གི་འཁོར་འདས་ཀྱི་འཕྲིན་ལས་ཐམས་ཅད་གྲུབ་པ། གསུང་ལ་ངན་པའི་རྒྱུ་ཐམས་ཅད་སྤངས་པའོ། །ཐུགས་མི་ངན་སྟེ། རང་རི་ཇི་ལྟ་།།།བ་མཁྱེན་པ་དང་། གཟན་སྣང་ཇི་རྙེད་མཁྱེན་པའི་རང་ངོ་རྟོགས་པ། ཐུགས་སྟོང་པ་དང་སྙིང་རྗེའི་བཟུང་དུ་ཆུད་པ། ཐུགས་ཀྱི་འཁོར་འདས་ཀྱི་འཕྲིན་ལས་ཐམས་ཅད་སྒྲུབ་པ། ཐུགས་ལ་ངན་པའི་རྒྱུ་ཐམས་ཅད་སྤངས་པའོ། །དེ་ལྟ་བུའི་བླ་མ་དེ་བཟང་པོ་ཡིན། དེ་ལྟར་རང་ལ་ཡོད་ན་ཡང་བླ་མ་བྱེད་པའི་དུས་ཡིན། དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་བླ་མ་དང་འཇལ་ན། previous hit དགོས་འདོད་ཀུན་འབྱུང་བ་ཡིན་ནོ། །དོན་གཉིས་ next hit། མཚན་ལྡན་མཚན་ཉིད་ཡོན་ཏན་ལྡན། །གསོལ་བ་བཏབ་ན་previous hit དགོས་འདོད་འབྱུང་། །ཅེས་ next hit་ནི། དེ་ཡང་མཚན་ལྡན་གྱི་མཚན་ཉིད་ནི། ཡོན་ཏན་ལྡན་པ་གཅིག་ལ་གཟེར། དེ་ཡང་བླ་མའི་སྐུ་ཡི་ཅི་མཛད་ཀྱང་ཡོན་ཏན། གསུང་གི་གང་གསུངས་ཀྱང་ཡོན་ཏན། ཐུགས་ཀྱི་ཅི་བསམ་ཀྱང་ཡོན་ཏན། དེས་ན་རྐྱོན་བྱ་བ་ཡེ་ནས་རྣམ་པར་འབྱུང་མི་སྲིད་པས། ཨ་མ་ཇོ་མོ་འདྲ་བ་གཅིག་previous hit དགོས། དེའི་ཡོན་ཏན་ནི། དེ་ཡང་སྐུ་རབ་དུ་བྱུང་ནས་བཙུན་མ་མ་མཛད་ཀྱང་། ཡོན་ཏན་དང་ལྡན་ next hit། སྐུ་སྐྱ་མོ་མཛད་ནས་སྲས་ཙ་སྲེལ་ཡང་ཡོན་ཏན་དང་ལྡན་པ། གསུང་གི་དམ་ཆོས་སྟོན་ཅིང་གསོལ་བ་འདེབས་ཡང་ཡོན་ཏན་དང་ལྡན། གསུང་གི་ཚིག་ཙུབ་གསུང་ཞིང་ངག་ཁྱལ་སྨྲ་ཡང་ཡོན་ཏན་དང་ལྡན། ཐུགས་མཉམས་པར་ཞག་ནས་སྙིང་རྗེ་སྒོམ་ཡང་ཡོན་ཏན་དང་ལྡན་པ། ཐུགས་ཁྲོ་གཏུམ་མཛད་

(༦)ཅིང་ཆགས་སྡང་སེམས་ཀྱང་ཡོན་ཏན་དང་ལྡན་སྟེ། མདོར་ན་མཚན་བརྗོད་ལས། ཡོན་ཏན་ལྡན་ཞིང་ཡོན་ཏན་ལྡན། ཅེས་པ་ནས་སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། ཅེས་པའི་བར་མཚན་ལྡན་གྱི་བླ་མ་རྟག་previous hit ་ཡིན། ད་དེ་ལྟ་བུའི་བླ་མ་དེ་ལ་།།།བྱས་ནས་གསོལ་བ་བཏབ་ན་དགོས next hit་འདོད་ཐམས་ཅད་འབྱུང་བ་ཡིན། དཔེར་ན་ནོར་བུ་རིན་པོ་ཆེ་ལ་ཡང་བྱི་དོར་བྱས། རྒྱལ་མཚན་གྱི་རྩེ་མོ་ལ་བརྟགས་སྟེ། གང་འདོད་པའི་དོན་ལ་གསོལ་བ་བཏབ་ན། དགོས་འདོད་བྱུང་བ་ཡིན་ནོ། །དཔེ་དེ་འཛིན་དུ་མཚན་ལྡན་གྱི་བླ་མ་ལ། དད་ཅིང་དགུས་པའི་རང་གི་སྤྱི་གཙུག་དུ་སྒོམས་ནས་གསོལ་བ་བཏབ་ན། མཆོག་དང་ཐུན་མོངས་གི་དངོས་གྲུབ་ཐམས་ཅད་ཐོབ་བར་འགྱུར་རོ། །དེས་ན་བླ་མ་མཚན་ལྡན་དེ་ལ་།།།previous hit དགོས་སྟེ། དེ་ཡང་དྲག་པོ་རྟུལ་ཞུགས་ཀྱི་སྤྱོད་ next hit་བྱེད་པའི་དུས་སུ། གཟན་གང་ཡང་བྱེད་ཅི་ཡང་བྱེད་དེ། བླ་མའི་།།།དེའི་དུས་སུ་ཡང་བྱེད་དགོས། གསོལ་བ་བཏབ་previous hit དགོས། དེས་ན་བརྒྱུད་ལྡན་གྱི་བླ་མ་དམ་ next hit་ལ། གདེང་ལྡན་གྱི་།།།ཚད་མེད་པ་སྐྱེད་བྱེད་།།།དགུས་ལྡན་གྱི་གསོལ་བ་འབྲལ་མེད་དུ་བཏབ་བོ། །དེ་ལྟར་དུ་མཛད་ན། བདུད་ལ་མི་ཆོད་པའི་དབང་མེད་པ་ལགས་སོ། །དེ་ན་རྒྱུད་མ་མི་རྟག་འཕྲེང་བའི་ལྷན་ཐབས་སུ་བག་ཙམ་བཀོད་པ། ཨིྀྠ། ད་སྤྱི་དོན་གཉིས་པ། དབང་བསྐུར་བྱིན་བརླབས་རྒྱ་མཚོའི་ལྷན་ཐབས་བག་ཙམ་བརྗོད་ན། དེ་ཆོས་རྗེ་ན་རེ། དབང་བསྐུར་བྱིན་བརླབས་རྒྱ་མཚོ་ལ། དབང་བསྐུར་ཇི་ལྟར་ཐོབ་བ་ནི། །དབང་བསྐུར་མཚན་ཉིད་

(༧)དབང་བསྐུར་ཡིན། །གནས་ཀུན་འགྱུར་ན་དགོས་འདོད་འབྱུང་། །བྱིན་བརླབས་མཚན་ཉིད་དགོས་འདོད་ཡིན། །།།ཡང་དག་བྱས་རྒྱུར་ན། །རྗེས་སྣང་མཚན་ཉིད་མངའ་བསྐུར་ཡིན། །ཤེས་ཐོག་འདྲེས་ན་previous hit དགོས་འདོད་འབྱུང་། །ཅེས་གསུངས་པའི། དེ་ཡང་དང་པོ་དབང་བསྐུར་མཚན་ཉིད་དབང་བསྐུར་ཡིན། །ཅེས་ next hit་ནི། དེ་ཡང་བླ་མའི་སློབ་མ་ལ་དབང་བསྐུར་བའི། སློབ་མའི་ལུས་ངག་ཡིད་གསུམ། ལྷའི་སྐུ་།།།སུ་དབང་གི་རྒྱུར་previous hit དགོས་སྟེ། དེ་ཡང་ཡེ་ནས་ཡིན་ next hit་ལ། གཟན་དབང་གི་བསྒྱུར་བ་ཡིན་སྟེ། ཡེ་ཡིན་པ་ལ་ཡིན་ལུགས་ཞིན་དུ་དབང་བསྐུར་བས། མ་རིག་པ་ཐ་མལ་གྱི་ལུས་ངག་ཡིད་གསུམ། རིག་པ་ཡེ་ཤེས་ལྔ་རུ་སྐུ་གསུང་ཐུགས་དབང་གི་བསྒྱུར་previous hit དགོས next hit་ཡིན། དེ་ཡིན་པ་ལ་ཡིན་ལུགས་ཞིན་དུ། དབང་མ་ཐོབ་ན། བྱིན་བརླབས་དང་དབང་བསྐུར་མ་ཐོབ་བ་ཡིན་ནོ། །དེ་ལྟར་དུ་ཐོབ་བར་བྱ་བ་ལ། ཐ་མལ་གྱི་ལུས་ངག་ཡིད་གསུམ་གྱི་གནས། ལྷའི་སྐུ་གསུང་ཐུགས་སུ་རྒྱུར་རྩ་ན། མཆོག་དང་ཐུན་མོང་གི་དངོས་གྲུབ་དང་། དགོས་འདོད་ཐམས་ཅད་ལྷུན་གྲུབ་དུ་འབྱུང་བ་ཡིན་ནོ། །དོན་གསུམ་previous hit ། བྱིན་བརླབས་མཚན་ཉིད་དགོས next hit་འདོད་ཡིན། །།།བྱས་ན་previous hit དགོས་འདོད་འབྱུང་། །ཅེས་ next hit་ནི། དེ་ཡང་སྐུའི་བྱིན་བརླབས་ཕྱག་དབང་ཞབས་དབང་། གསུང་གི་བྱིན་བརླབས་ཆོས་གསུང་པ་དང་ཞལ་རྐོས། ཐུགས་ཀྱི་བྱིན་བརླབས་ཐུགས་རྗེ་དང་ཐུགས་འདོགས། དེ་ལ་བརྟེན་ནས་རང་བརྒྱུད་བྱིན་གྱིས་བརློབས་སྟེ། དེ་ལྟར་སྐུ་གསུང་ཐུགས་ཀྱི་བྱིན་བརླབས་འདོད་ན། རང་ལ་།།།དྲི་མ་མེད་previous hit དགོས next hit། དེ་ཡང་།།།ལ་དྲི་མ་ཡོད་པ་གང་ཡིན་ན། ཡང་

(༨)ན། ལོ་འདོད་དང་ཁྱེངས་དྲགས་ཀྱི་ཀུན་ནས་སླངས་ནས། །།།བྱེད་པའམ། ཡང་ན་ངོ་ཚ་དང་། ཆས་འདོད་ཀྱི་།།།བྱེད་པའམ། ཡང་ན་སེམས་འཛིན་དང་མཉེས་སུ་རེས་བྱེད་པའམ། ཡང་ན་བྱར་རྒྱུ་དང་བྱེད་བྱེད་ཀྱི་བྱེད་པའམ། ཡང་ན་སྟོབས་ཤེས་སམ་དབང་མེད་ཀྱི་བྱེད་པའམ། དེ་ལ་སོགས་པ་སྐྱོན་དེ་རྣམས་དང་འདྲེས་ན། །།།ལ་དྲི་མ་ཞུགས་པ་བྱ་བ་ཡིན། །།།ལ་དྲི་མ་ཞུགས་ན་ནི། བྱིན་བརླབས་ནི་ཅི་ལ་ཡོང་ན། དེས་ན་།།།ལ་དྲི་མ་མེད་པ་རྣམ་པར་བདག་པའི་།།།ཐུན་མོང་མ་ཡིན་པ་བྱའོ། །དེ་ཡང་རྣམ་པར་དག་པ་ཅེས་པ་ནི། ལུས་རྣམ་པར་དག་པ་དགུས་པ་དང་ལྡན་པ། ལུས་ཀྱི་ཚུགས་མི་ཐུབ་པ་འདྲའི་།།།དེ། རྣམ་པར་དག་པའི་།།།ཡིན། ངག་རྣམ་པར་དག་པའི་།།།ནི། ངག་རྣམ་པར་དག་པ་དགུས་པ་དང་ལྡན་པ། ངག་ང་རོས་གསོལ་བ་འདེབས་པ། ངུ་བའི་ངག་གི་ཚུགས་མི་ཐུབ་པ་འདྲའི་།།།དེ། ངག་རྣམ་པར་དག་པའི་།།།ཡིན། ཡིད་རྣམ་པར་དག་པ་ཡིད་དགུས་པ་དང་ལྡན་པ། ཅི་ཤེས་ཁྱེད་ཤེས་སུ་བློས་རྒྱངས་སྟེ་སྟོང་ནུས་པ། ཡིད་ཀྱི་ཚུགས་མི་ཐུབ་previous hit ་འདྲའི་།།།དེ། ཡིད་རྣམ་པར་དག་པའི་།།།ཡིན། དེ་ལྟ་བུའི་།།།གཅིག་རྒྱུན་དུ་བྱས་ན་དགོས next hit་འདོད་ཐམས་ཅད་ལྷུན་གྲུབ་དུ་འབྱུང་བ་ཡིན་ནོ། །ད་དོན་གསུམ་བ། རྗེས་སྣང་མཚན་ཉིད་དབང་བསྐུར་ཡིན། །མངའ་ཐང་ཐོབ་ན་previous hit དགོས་འདོད་འབྱུང་། །ཅེས་ next hit་ནི། དེ་ཡང་རྗེས་སུ་སྣང་བའི་བདོན། ཕ་མ་

(༩)ཡིས་བུ་ལ། མངའ་བསྐུར་བའམ། བླ་མའི་སློབ་མ་ལ་མངའ་བསྐུར་སྟེ། ལས་ཀྱི་སློབ་དཔོན་མཁྱེད་ཀྱི་བགྱིས་གཅིག །ཅེས་པ་དང་འདྲ་ལ། དེ་ཡང་ལུས་ལ་བརྒྱན་གྱི་རྗེས་སྣང་། ངག་ལ་ཕཊ་ཀྱི་རྗེས་སྣང་། ཡིད་ལ་སྟོང་ཉིད་ཀྱི་རྗེས་སྣང་། སྦྱིན་པའི་དེ་ལྟ་བུའི་ཡོན་ཏན་ནམ། མངའ་ཐང་ཐོབ་སྟེ། ཐམས་ཅད་ལ་མངའ་བསྐུར་ནས་ལོངས་སྤྱོད་པས། དགོས་འདོད་ཐམས་ཅད་ལྷུན་གྲུབ་དུ་འབྱུང་བ་ཡིན་ནོ། །ད་དོན་བཞི་བ། དབྱིངས་རིག་མཚན་ཉིད་བཤིས་དངས་ཡིན། །བཤིས་ཐོག་འདྲེས་ན་previous hit དགོས་འདོད་འབྱུང་། །ཅེས་ next hit་ནི། དེ་ཡང་དབྱིངས་བྱ་བ་རང་བཞིན་བཤིས་ཅི་ཡང་མ་ཡིན་པ་ལ་ཟེར། གདངས་བྱ་བ་རང་མདངས་འགག་པ་མེད་པ། ཅེས་པའི་ཡང་རང་ངོར་ཆར་བ་རིག་པ་འདི་ལ་ཟེར། དེ་ལ་བཤིས་ཐོག་དེར་རིག་པ་ཕེབས་སྟེ། དབྱེར་མེད་དུ་འདྲེས་ནས་བཤིས་ལ་གཡོ་བ་མེད་པ་དེ་ལ། དབྱིངས་ཐོག་དུ་རིག་པ་འདྲེས་པ་དེ་ལ་གཟེར་རོ། །དེ་ལྟར་དབྱིངས་རིག་བསྲེས་ནས་གང་ལ་ཡང་བཟུང་འཛིན་གྱི་བློ་མ་བཤགས་པར་བཞག་པའི། དགོས་འདོད་ཐམས་ཅད་ལྷུན་གྲུབ་དུ་འབྱུང་བ་ཡིན་ནོ། །དེའི་དབང་བསྐུར་བྱིན་བརླབས་རྒྱ་མཚོའི་ལྷན་ཐབས་བག་ཙམ་བཀོད་པ་ཨིྀྠ། ད་སྤྱི་དོན་གསུམ་པ་དོན་ཁྲིད་ཡིད་བཞིན་ནོར་བུའི་ལྷན་ཐབས་སུ་བག་ཙམ་བཀོད་ན། དེ་ཡང་ཆོས་རྗེ་ན་རེ། དོན་ཁྲིད་ཡིད་བཞིན་ནོར་བུ་ལ། །ཉམས་སུ་བླངས་པའི་ལྷན་ཐབས་ནི། །སྐྱབས་འགྲོའི་མཚན་ཉིད་བློ་ཁྱིལ་ཡིན། །ལྟོས་བ་ཅད་ན་དགོས་འདོད་བྱུང་། །སེམས་བསྐྱེད་མཚན་ཉིད་གཟན་དོན་ཡིན། །བྱང་སེམས་ལྡན་ན་དགོས་འདོད་འབྱུང་། །གསོལ་འདེབས་མཚན་ཉིད་འདེབས་

(༡༠)བ་ཡིན། །ཉམས་རྟོགས་ཤར་ན་དགོས་འདོད་འབྱུང་། །ངོ་སྤྲོད་མཚན་ཉིད་ཡོན་ཏན་ཡིན། །རང་ངོ་སྤྲོད་ན་previous hit དགོས་འདོད་འབྱུང་། །ཅེས་གསུངས་པའི། དེ་ཡང་དང་པོ་ཁྲོད་ཀྱི་དུས་སུ་སྐྱབས་སུ་འགྲོ་བར་བྱེད་ next hit་ནི། བླ་མ་དང་དཀོན་མཆོག་རྣམས་ལ། བློ་ལེགས་པར་ཁྱེལ་བར་བྱས་སྟེ། ལྟོས་པ་སྐྱུར་ནས། སྐྱབས་འགྲོ་བྱེད་པ་ཡིན་ནོ། །དེ་མ་ཡིན་པའི་སྐྱབས་འགྲོ་འལ་འོལ་གྱི་དོན་མི་འགྲུབ་པའི། ངེས་པར་བློ་སྐལ་ལོ། །སེམས་བསྐྱེད་སྟོང་པའི་དུས་སུ་གཟན་དུ་བློ་ཡོངས་སུ་མི་འཇུག་པར། འགྲོ་བ་སེམས་ཅན་གྱི་བདོན་དུ་སྙམས་པ། བློ་དང་འདྲེས་པའི་ངང་ནས་བྱམས་སྙིང་རྗེ་སྐྱེད་ནས་བྱེད་པ་ཡིན། དེ་ལྟར་དུ་བྱས་ན་གཟན་གྱི་བདོན་འགྲུབ་previous hit ། རང་ལ་དགོས next hit་འདོད་འབྱུང་བ་ཡིན་ནོ། །དོན་གསུམ་པ། གསོལ་འདེབས་ཀྱི་མཚན་ཉིད་ཐེབས་པ་ཡིན། ཅེས་པ་ནི། དེ་ཡང་སྒོམས་འདེབས་པའི་དུས་སུ། ལུས་གནད་དང་ལྡན་པ། འཁོར་རྟིང་པ་མནན་ལ་བཏབ། སེམས་གནད་དང་ལྡན་པས་གཟན་དུ་བློ་ཡེ་མ་ཕྲོས་པར་བྱས་ལ་བཏབ། ངག་གནད་དང་ལྡན་པ་ལྐུགས་པའི་ཚུལ་དུ་བྱས་ལ་བཏབ། དེ་ལྟར་དུ་བྱས་ནས་ཡུན་སྲིངས་པས། བརྒྱུད་ལ་ཉམས་མྱོང་དང་རྟོགས་པ་ཤར་ཡོང་ངོ་། དོན་བཞི་བ། ངོ་སྤྲོད་མཚན་ཉིད་དོན་སྟོན་ཡིན། །ཅེས་པ་ནི། དེ་ཡང་སེམས་ངོ་སྤྲོད་པའི་དུས་སུ། གནས་ལུགས་ཀྱི་བདོན་ལ་སྟན་པའི་རང་རྒྱུད་ལ་ཤར་བ་དང་། ཚུལ་པར་ངོ་སྤྲད་ན། ཕུན་སུམ་ཚོགས་ཅིང་དགོས་འདོད་ཐམས་ཅད་འབྱུང་

(༡༡)བ་ཡིན་ནོ། །དེའི་སྒོ་ནས་དོན་ཁྲིད་ཡིད་བཞིན་ནོར་བུའི་ལྷན་ཐབས་སུ་བག་ཙམ་བཀོད་པ་ཨིྠི། ད་སྤྱི་དོན་བཞི་བ་ཉམས་ལེན་དངོས་གྲུབ་ལག་ཆངས་སུ་ཀྱི་ལྷན་ཐབས་སུ་བག་ཙམ་བཤད་ན། དེ་ཡང་ཆོས་རྗེ་ན་རེ། ཉམས་ལེན་དངོས་གྲུབ་ལག་ཆངས་ལ། །ཉམས་སུ་བླང་པའི་ལྷན་ཐབས་ནི། །ས་གནས་མཚན་ཉིད་ཆོས་ཕེལ་ཡིན། །གནད་ཐེམས་ཡིན་ན་དགོས་འདོད་འབྱུང་། །སྤྲོས་ཅས་མཚན་ཉིད་གནས་འགྱུར་ཡིན། །རྣམས་previous hit ་གསལ་ན་དགོས next hit་འདོད་འབྱུང་། །སྤྲོས་མེད་མཚན་ཉིད་སྤྲོས་བྲལ་ཡིན། །སྟོང་པར་བྱས་ན་དགོས་འདོད་འབྱུང་། །སྦྱིན་བཏོང་མཚན་ཉིད་ཞེན་མེད་ཡིན། །བློ་ཡི་ཐོངས་ན་དགོས་འདོད་འབྱུང་། །ཅེས་གསུངས་པའི། དེ་ཡང་ཉམས་ལེན་དངོས་གྲུབ་ལག་ཆངས་ལས། དང་པོ་ས་གནད་ཀྱི་མཚན་ཉིད་དང་། ཆོས་དང་ཉམས་མྱོང་དང་རྟོགས་པ་གང་ཕེལ་བའི་ས་དེ། ས་གནས་ཀྱི་མཚན་ཉིད་ཡིན་ནོ། །དོན་གཉིས་པ། སྤྲོས་བཅས་ཀྱི་མཚན་ཉིད་ནི། ལུས་ལྷ་རུ་སྤྲོས་པ། ཡིད་སྟོང་ཉིད་དུ་སྤྲོས་པ། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་གནས་འགྱུར་བ་དེ། སྤྲོས་ཅས་མཚན་ཉིད་ཡིན་ནོ། །དོན་གསུམ་པ། སྤྲོས་མེད་ཀྱི་མཚན་ཉིད་ནི། ཡིན་མིན་ཡོད་མེད། བསྒོམས་མི་སྒོམས་ལ་སོགས་པའི་ཡིད་ཀྱི་སྤྲོས་པ་ཐམས་ཅད་དང་བྲལ་བ། དོན་དམ་པ་སྟོང་ཉིད་ཡུམ་གྱི་རང་ངོར་གནས་པ་དེ་

(༡༢)སྤྲོས་མེད་ཀྱི་མཚན་ཉིད་ཡིན་ནོ། །དོན་བཞི་བ། སྦྱིན་བཏོང་གི་མཚན་ཉིད་ལུས་ལོངས་སྤྱོད་གང་ལ་ཡང་ཞེན་པ་མེད་པ་དང་། ཆགས་པ་མེད་པར་བློ་ཡི་ཐོངས་ན། སྦྱིན་པའི་མཚན་ཉིད་ཡིན། དེ་ལྟར་མཚན་ཉིད་བཞི་དང་ལྡན་ན་སྤྱོད་བྱེད་previous hit ་ལ་དགོས next hit་འདོད་འབྱུང་བ་ཡིན་ནོ། །ད་གནས་བཟང་ཆོས་རྗེ་ན་རེ། ཉམས་ལེན་དངོས་གྲུབ་ལག་ཆངས་ལ། །ཉམས་སུ་སླངས་པའི་ལྷན་ཐབས་ནི། །སློངས་ཀྱི་མཚན་ཉིད་ལངས་previous hit ་ཡིན། །ལས་ངན་སློངས་ན་དགོས next hit་འདོད་འབྱུང་། །ཅོད་ཀྱི་མཚན་ཉིད་ཅོད་previous hit ་ཡིན། །སྟོང་པར་རྟོགས་ན་དགོས next hit་འདོད་འབྱུང་། །ཆོད་པའི་མཚན་ཉིད་ཚར་བ་ཡིན། །དངོས་གྲུབ་ཐོབ་ན་དགོས་འདོད་འབྱུང་། །རྗེས་འཛིན་མཚན་ཉིད་ཕན་འདོགས་ཡིན། །བྱང་སེམས་ལྡན་ན་དགོས་འདོད་འབྱུང་། །ཅེས་གསུངས་པས། དེ་ཡང་དང་པོ། སློངས་ཀྱི་མཚན་ཉིད་ནི། རང་གི་ལུས་ཐོག་དུ་ནད་ལངས་པ། སེམས་ཐོག་དུ་སྡུག་བསྔལ་ལངས་པ། སྣང་ཐོག་དུ་ཆོ་འཕྲུལ་ལངས་པ། སྐྱེ་བ་སྔ་མའི་ལས་ཀྱི་རྣམ་པར་སྨིན་པ་ཀུན་ལངས་ཅིང་། སློངས་དེ་སློངས་ཀྱི་མཚན་ཉིད་ཡིན་ནོ། །དོན་གཉིས་པ་བཅོད་ཀྱི་མཚན་ཉིད་ནི། སློངས་ཅི་བྱུང་ཐམས་ཅད་ཡུམ་ཆེན་མོ། དོན་དམ་པ་སྟོང་པ་ཉིད་ཀྱི་ངང་དུ་སྤྱོད་པ་ཡིན། དེ་ལྟར་དུ་ཅོད་པའི་སློངས་ཐམས་ཅད་སྟོང་ཉིད་ཀྱི་ངང་དུ་སྙོལ་

(༡༣)སྟེ། previous hit དགོས་འདོད་འབྱུང་ངོ་། །དོན་གསུམ་ next hit། ཆོད་པའི་མཚན་ཉིད་རྒྱུད་ལ་ཡོན་ཏན་རྫོགས་པ་དང་། ཚར་བ་ཡིན། མཆོག་དང་ཐུན་མོང་གི་དངོས་གྲུབ་མཐའ་དག་ཐོབ་པའོ། །དོན་བཞི་བ། རྗེས་སུ་འཛིན་པའི་མཚན་ཉིད་ནི། ལྷ་འདྲེ་ལ་ཕན་འདོགས་པ་ཡིན་སྟེ། དེ་ལ་བྱང་སེམས་ཚད་མེད་པ་སྒོམ་པ་ཡིན། དེ་ལྟར་མཚན་ཉིད་བཞི་དང་ལྡན་ན་བཅོད་བྱས་previous hit ་ལ་དགོས next hit་འདོད་འབྱུང་ངོ་། །དེ་ཉམས་ལེན་དངོས་གྲུབ་ལག་ཆངས་ཀྱི་ལྷན་ཐབས་སུ་བག་ཙམ་བཀོད་པ་ཨིིྠ། ད་གནས་བཟང་བགེགས་སེལ་བ། བོགས་འདོན་མན་ངག་དུ་སྟན་པ། ལྷན་ཐབས་སུ་བྱ་བ་ཅེས་པ་དེ་རྣམས་ཀྱི་ལྷན་ཐབས་སུ་བག་ཙམ་བཀོད་པ་བཤད་ན། དེ་ཡང་ཆོས་རྗེ་ན་རེ། བགེགས་སེལ་བོགས་འདོན་མན་ངག་སོགས། ཉམས་སུ་བླངས་པའི་ལྷན་ཐབ་ནི། བགེགས་སེལ་མཚན་ཉིད་རྐྱེན་སྒྲོལ་ཡིན། གནད་ལ་མཁས་ན་དགོས་འདོད་འབྱུང་། །བོགས་འདོན་མཚན་ཉིད་སྐྱེད་འདོན་ཡིན། །བློ་བོགས་བྱུང་ན་དགོས་འདོད་འབྱུང་། །ལྷ་ཐབས་མཚན་ཉིད་རྡ་སྤྲོད་ཡིན། །དོན་ཀུན་ཁྲོལ་ན་དགོས་འདོད་འབྱུང་། །ཅེས་གསུངས་པའི་དེ་ཡང་དང་པོ། བགེགས་སེལ་གྱི་མཚན་ཉིད་རྐྱེན་ཐ་དག་ལས་སྒྲོལ་བ་ཡིན་སྟེ། བགེགས་སེལ་བྱེད་ཀྱི་མནད་ལ་མཁས་ན་བགེགས་སེལ་བྱེད་ཀྱི་མཚན་ཉིད་ཡིན་ནོ། །དོན་གཉིས་པ། བོགས་འདོན་གྱི་མཚན་ཉིད་བློ་ལ་ཡར་སྐྱེད་ཐོན་པ་གཅིག་ཡིན། དེ་ཡང་གནད་ཅན་གྱི་གདམ་ངག་གི་ཤེས། སྐྱེད་མེད་ཀྱི་ཤེས་པ་ལ་བོགས་

(༡༤)ཐོན་པ་དེ། བོགས་འདོན་གྱི་མཚན་ཉིད་ཡིན་ནོ། །དོན་གསུམ་previous hit ་མན་ངག་གི་མཚན་ཉིད་ནི། གང་ལ་གང་དགོས ་ཀྱི་གདམ་ངག་གནད་དང་ལྡན་ཞིང་། ཤིན་ཏུ་ཟབ་པའི་དོན་དང་ལྡན་པ་དེ། མན་ངག་གི་མཚན་ཉིད་དོ། །དོན་བཞི་བ། ལྷན་ཐབས་ཀྱི་མཚན་ཉིད་ནི། གདམ་ངག་གཟན་ཚོའི་རྡ་སྤྲོད་ཅིང་། དོན་མི་གསལ་བ་རྣམས་ཀྱི་གནད་ཀུན་འཁྲོལ་བ་དེ། ལྷན་ཐབས་ཀྱི་མཚན་ཉིད་ཡིན་ནོ། །ཉམས་ལེན་ཟབ་མོ་དོན་གྱི་ཉིང་ཁུ་ལས། བགེགས་སེལ་བ་བོགས་འདོན་པ། མན་ངག་དུ་སྟན་པ། ལྷན་ཐབས་སུ་བཀོད་པ་བྱ་བའི་ཆོས་ཀྱི་རིམས་པ་རྣམས་ལྷན་ཐབས་སུ་སྡུས་པ་བཀོད་པ། ཨིིྠ། བདུད་ཅོད་ཟབ་མོ་དོན་གྱི་ཉིང་ཁུ་འདི། །རི་ཁྲོད་འཛིན་པ་བློས་བཏང་གསལ་འོད་ཀྱི། །གཉན་ཁྲོད་རྒྱ་དང་རྒྱ་ཙ་འགའ་རེ་འགྲིམས། །མནད་ཀྱི་གདམ་ངག་ཁྱད་པར་འཕགས་པ་ཀུན། །ཡང་དང་ཡང་དུ་རང་གི་རྒྱུད་ལ་འཁྲུངས། །དེ་དོན་མན་ངག་ཡོངས་སུ་གསལ་བའི་དོན། །རྗེས་འཇུག་ཀུན་ལ་ཕན་པར་བྱ་བའི་ཕྱིར། །སྐྱེ་བ་གསུམ་དུ་དཔོན་དང་སློབ་མར་འགྲོགས། །རྣམ་སྨིན་ལས་ངན་ཤིན་དུ་དྲག་པོར་སློངས། །བསོད་ནམས་བསགས་པ་བླ་མ་རྗེ་དང་མཇལ། །སྐྱོ་དུབ་མེད་ཅིང་གང་ལའང་མ་བསམ་པར།

(༡༥) །ཐུགས་རྗེ་ཆེན་པོའི་རྒྱུན་དུ་ལེགས་སྐྱངས་སྟེ། ལས་ཅན་སྐལ་ལྡན་འོད་ཟེར་བཟང་པོ་ཡི། །དོན་དམ་རྣམས་པ་ཡང་དང་ཡང་བཞུས་ཅིང་། །ལེགས་པར་བཀོད་པ་ཡིན་ཅིང་གནས་བཟང་ངོ་། །དབེན་གནས་དམ་པ་ཤྲིའི་ཤར་མགུལ་གྱི། །དོན་དམ་སྦས་པ་མཚོ་བར་དབེན་གནས་སུ། །ཤིན་དུ་དོན་ཟབ་བདུད་ཀྱི་བཅོད་འདི་ཙམ། །འགལ་ཤིང་འཁྲུལ་རྣམས་ཡུམ་གྱི་ཀློང་དུ་བཤེགས། འདི་སྐོད་ལམ་དུ་ཞུགས་པའི་གང་ཟག་ཀུན། །བདུད་ཚོ་རྒྱ་ཐམས་ཅད་རང་སྒྲོལ་རང་ཆོད་ནས། །ཆོས་སྐུ་འོད་གསལ་དོན་ལ་རབ་གནས་ཤོག །བཅོད་ཀྱི་དམ་ཆོས་ཟབ་མོ་དོན་གྱི་ཉིང་ཁུ་ཞེས་བྱ་བ་རྫོགས་སོ། །བཀྲ་ཤིས། དགེའོ། །ཡུམ་ཆེན་ཁྲོས་མའི་སྤྱོད་ཀྱི་ལེ་ལག་བརྒྱད་པ་རྫོག ས་སོ། །བཀྲ་ཤིས།


no previousno next