Nitartha Digital Library
Tibetan
 
no previousno next

(༡)ཡུམ་ཆེན་འཁྲོས་མ་ནག་མོའི་ལེ་ལག་བརྒྱད་པའི་བུ་ཤོག་བཞུགས་སོ། །འགྲོན་པོ་འཕེལ།

(༢)ཨ་མ་ཇོ་མོ་ལ་ཕྱག་འཚལ་ལོ། །དམ་པའི་ཞལ་གྱི་བདུད་རྩི་འདི། །སྐལ་མེད་རྣམས་ཀྱི་མི་རྟོགས་ཀྱང་། །བསྐལ་ལྡན་དགའ་ལ་ཕན་པའི་ཕྱིར། །ལེ་ལག་རྒྱད་པ་བཤད་པར་བྱ། །དང་པོ་བླ་མ་མཉེས་བྱས་ལ། །གནད་ཀྱི་དམ་པ་ཐོབ་བར་བྱ། །བར་དུ་དམ་ཚིག་བསྲུངས་བྱས་ལ། །མི་འབྲལ་རྒྱུན་དུ་གསོལ་བ་བཏབ། །ཐ་མ་འཇིག་རྟེན་བློས་བཏང་ལ། །སྒྲུབ་ལ་རྟག་དུ་བརྩོན་པར་བྱ། །གཉིས་པ་ཞུགས་པ་ལམ་གྱི་རིམས་པ་བསྟན། །ས་ནི་དེ་ལྟར་གྲུབ་པ་བྱེད་པའི་རྣལ་འབྱོར་པས། འཁོར་བ་སྐྱུར་བདུད་ངོས་བཟུང་སྟེ། ཐུགས་།།།བཅས་བདུད་དང་ཐུགས་།།།མེད་བདུད། དགའ་བྲོད་བདུད་དང་སྙེམས་བྱེད་བདུད། འོན་ཀྱང་སྙེམས་བྱེད་བདུད་དུ་འདུས། །སྣང་དང་དེའི་སྟོང་པ་ལ། །ཡིད་ཀྱི་རེ་སྙེམས་མ་ཞུགས་ན། །བདུད་རྣམས་ཐམས་ཅད་ཙད་ནས་ཆོད། །སྙེམས་ནི་སེམས་ལ་རྟེན་ནས་འབྱུང་། །སེམས་ནི་སྐྱེ་མེད་དབྱིངས་སུ་ཡལ། །མ་རྟོགས་བདུད་ཀྱི་རྩ་བ་སེམས། །སྣང་དང་སྟོང་དང་ལྷ་དང་འདྲེ། །དགྲ་དང་གཉེན་དང་རྩང་དང་ཙོག །བདེ་

(༣)སྡུག་ལ་སོགས་ཆོས་རྣམས་ཀུན། །བླ་མའི་ཞལ་ལས་ཤེས་པར་བྱ། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །ཤེས་པ་ཁྲི་མེད་ཡལ་པོར་ཁྱེར། །ཆེད་དུ་མ་སྤངས་སེམས་ལ་འཛིན། །དབང་པོ་རྒྱ་ཡན་ལྷུག་པར་ཞོག །རང་ལ་རང་ཆས་ཡིན་པའི་ཕྱིར། །རང་ངོ་ཤེས་པའི་རང་སར་སྒྲོལ། །དཔེར་ན་ཐག་པ་སྦྲུལ་དུ་མཐོང་། །ངེས་པར་བཏགས་པའི་སྦྲུལ་མེད་ལྟར། །ལྷ་ཀླུ་ནད་གདོན་དོན་མི་རྩོགས། །ཐོག་དུ་སྐྱུར་བའི་གནོད་མི་སྲིད། །ཅི་ཕྱིར་སེམས་ལས་གཟན་མེད་ཕྱིར། །གཅིག་པ་བྱ་བྱེད་གཉིས་མེད་དེ། །དཔེར་ན་རལ་དྲིའི་བྱེད་པ་བཞིན། །དེ་ཕྱིར་རང་སྣང་སྣེམས་ཡིན་པའི། །སྙེམས་མེད་རང་སར་ལྷུག་པར་བཞོག །ཨེ་མ་ཧོ། །རང་ལ་བྱས་པའི་ཆོས་རྣམས་ལ། །ཆགས་དང་འཇིགས་པ་ངོ་བོར་ཆེ། །འོན་ཀྱང་རང་སེམས་འཁྲུལ་བ་འབྱུང་། །འཁྲུལ་བའི་བགས་ཡོད་ཀྱི་བར། །ཡུལ་སྣང་སྐག་པའི་མི་ཁྱེགས་ཀྱིས། །ཞེན་པ་སྙེམས་ཀྱི་རྩ་བ་ཆོད། །ས་བོན་མེ་ཡི་ཚིག་པ་བཞིན། །སྣང་ཡང་འཁོར་བར་སྐྱུར་མི་ནུས། །དོན་སྡུས་པ་དེ་ལྟར་རང་སྒྲོལ་དུ་བསྟན་པ་ནི། དེས་ན་སྙེམས་སེམས་ཡིན་པའི། རང་ལ་རང་འཇིགས་

(༤)རང་བདུད་རང་། སེམས་ལ་ཡུལ་དང་བརྟགས་པའི་འཁྲུལ། །མ་ཆད་མ་ཡང་རང་སར་བཞོག །རང་ངོ་ཤེས་པའི་རང་སྒྲོལ་འགྱུར། །སྔོན་དུ་འགྲོ་བའི་ལེ་ལག་སྟེ་དང་པོའོ། །ཨེ་མ་ཧོ། ཡུམ་སྲས་གཉིས་ལ་གདམ་ངག་ཞུས། ཞུས་པའི་བདུད་ལ་ཐོག་རྫིས་བྱས། །བདུད་དང་ལྷ་གཉིས་ཞི་གཅིག་པས། །ལྷ་ཆོད་བདུད་སྤོང་ག་ལ་སྲིད། །མི་སྲིད་པ་ཡིས་ཆོས་འདི་ཡིས། །མ་ཤེས་པ་ཡི་རང་ངོ་ཤེས། །སེམས་ཅན་སེམས་ལ་སངས་རྒྱས་ཐུགས། །མི་སྲིད་མཉམས་པའི་ཡེ་སྲིད་དཔེ། །དེ་ལྟར་ཉིད་དུ་སྟན་ལ་ཕབ། །སོལ་བ་དང་ནི་ནག་པོ་གཉིས། །དབྱེར་མེད་གཅིག་ཏུ་གནས་པ་བཞིན། །སངས་རྒྱས་སེམས་ཅན་དེ་འཛིན་ནོ། །སྙེམས་མེད་ཆོས་སྐུ་བདེན་།།།ནོ། །སེམས་ཅན་དེ་ཡི་རླབས་ཡིན་ནོ། །དེ་ལྟར་ཤེས་པའི་རྣལ་འབྱོར་པས། །སྙེམས་དང་སྙེམས་མེད་ཐ་མི་དད། །བརྒྱད་འཁྲི་ཞི་སྟོང་ཆོས་རྣམས་ཀུན། །རང་བཞིན་དབྱེར་མེད་རོ་གཅིག་མོད། །སེམས་ཅན་བློ་ཡི་ཁྱད་པར་ཡིན། །དུ་མ་ཉིད་དུ་བསྟན་པར་ངེས། །མཐར་ཐུག་ཐེག་པ་གཅིག་ཉིད་ལ། །གནས་སྐབས་ལམ་གྱི་གསུམ་མམ་དགུ། །ཟབ་མི་ཟབ་དུ་བྱུང་ས་།།།མང་། །ཐབས་ལ་མཁས་པའི་ཁྱད་པར་གྱི། །ཐ་དད་ལྟ་བུར་བསྟན་པ་ཡིན། །དེ་རྣམས་ཀུན་ཀྱང་སེམས་གཅིག་བུ། །སེམས་ལས་མ་རྟོགས་ཆོས་གཟན་མེད། །སེམས་ནི་ཡེ་ནས་སངས་རྒྱས་ཉིད། །ཆོས་ལ་སངས་རྒྱས་དེ་ན་འཆིང་། །ཕྱིང་ཟིན་ལམ་ལ་སྦོས་པ་ལྟར། །སེམས་ཅན་འདོད་ནས་དག་པ་ལས། །སྟོང་དང་ཞི་གནས་སྡམ་མི་དགོས། །སེམས་ཉིད་ཡེ་ནས་རང་སྟོང་ལ། །དྲི་མ་ཉེར་ཡེ་

(༥)ནས་ཞི་བ། །ཡོན་ཏན་ཡེ་ནས་གནས་པའི་ཕྱིར། །སྣང་སྟོང་གཉིས་སུ་འཛིན་པ་ཡིན། །ཐག་པ་ཅད་ནས་དབྱིངས་སུ་སྒྲོལ། །མེ་ཡིས་མི་སོད་མི་སྲིད་ཀྱི། །རྟོག་པ་ཉན་པོས་མ་བཅོས་པས། །རང་སར་བཞག་པའི་རང་སྒྲོལ་འགྱུར། །དཔེར་ན་རྔ་མའི་མདུད་པ་བཞིན། །ངེས་པར་སྣང་ལ་དངོས་ཡོད་ན། །ཤི་མ་སྣང་སྟོང་ལྡོག་མི་སྲིད། །སེམས་ཀྱི་རང་བཞིན་འདི་འདྲ་ནི། །སངས་རྒྱས་ཀྱིས་ཀྱང་མཐོང་མི་སྲིད། །མ་ཐོང་པ་ནི་དེ་མཐོང་ཡིན། །དེས་ན་ཆོས་རྣམས་རྟགས་པ་དེ། །རྟག་ཙམ་ཉིད་ན་རྗོད་དུ་མེད། །བཏགས་པའི་ཆོས་དང་མིག་རྒྱུས་ཆུས། །སླུ་བར་ངེས་ཀྱི་བདེན་མ་འཛིན། །གསུམ་པ་བདེ་དག་།།།གི་གྲུབ་པའི་དོན་སྡུས་པ་ནི། སྣང་སྟོང་གཉིས་ཐ་བྲལ་ལམ། རྟག་དུ་མ་ཏུབ་དངོས་པོ་མེད། །ཆད་པར་མེད་དེ་སྤྱིར་ཡང་བསལ། །དེ་ན་གཉིས་མེད་རང་སྒྲོལ་ཡིན། །གཉེན་པོ་བཟུང་དུ་མེད་པའི་ལེ་ལག་སྟེ་གཉིས་པའོ། །གསུམ་པ་ཉམས་སུ་བླངས་ནས་དངོས་གྲུབ་འབྱུང་བར་འདོད་པའི་ལེའུ་འདི་ལ་གསུམ་ལས། །།།རྡ་ལ་རྟེན་ནས་དོན་ཉམས་སུ་སླང་པར་བསྟན་པ་ནི། ཨེ་མ་ཧོ། ཡུས་།།།སྲས་གཉིས་ཀྱི་གདམ་ངག་འདི། །ཚིག་དུ་རྗོད་པ་།།།རྡ་ཙམ་ཡོད། །ཉམས་སུ་བླངས་ན་བདོན་དུ་འཆར། །གཉིས་པ་བླང་བྱ་བདོན་གྱི་གདམ་ངག་བསྟན་པ་ནི། །འཕྲིགས་པ་ལྷ་འདྲེ་ཀུན་གྱི་འཕྲིགས། །དངོས་གྲུབ་བདུད་དང་ཀླུ་ལས་འབྱུང་། །ཡོན་དག་བརྩན་དང་རྒྱལ་པོའི་བྱས། །རྐྱེན་ངན་སྣ་ཚོགས་

(༦)ཅི་བྱུང་ཡང་། །གྲོགས་སུ་ཁྱེར་བའི་མན་ངག་མཆོག །སེམས་རྒྱུད་རང་བཞིན་ཤ་ཉིད་ལས། །དགེ་དང་སྡིག་པ་གཉིས་རྟོགས་པ། །དེ་ཡི་ཡང་དག་དོན་མ་ཐོང་། །གཅིག་ལ་གཉིས་སུ་ཕྱེ་ནས་འཕྲུལ། །དགེ་སྡིག་གཉིས་ཀ་ཡེ་སྟོང་ལ། །ཕྲལ་དུ་སྟོང་པར་སྒོམ་པས་འཕྲུལ། །རྩམ་དེ་སྙེམས་སེམས་བློ་བུར་བ། །དེ་ནི་དོན་མེད་སྒོམ་པའི་ཅིངས། །དེ་ན་མན་ངག་སྲོག་གིས་སླུས། །སྟོང་པ་མི་སྒོམ་ངོས་འཛིན་བྲལ། །དེ་ནི་མ་བཅོས་བདེ་བ་ཆེ། །རང་རིག་ཟེར་གྱི་གཟན་མ་སེམས། །བརྟེན་མེད་རིག་པ་སྙེམས་དང་བྲལ། །རྟེན་དང་རྟེན་པ་གཉིས་མེད་འཁྲུལ། །ལྷ་ཡང་སེམས་ལ་འདྲེ་ཡང་སེམས། །ངོ་བོ་མ་གྲུབ་སེམས་ལས་འདས། །རང་གི་རང་བྱེད་མ་ཐོང་ནི། །སེམས་ཀྱི་སེམས་ལྟས་མི་མཐོང་བཞིན། །དབྱེར་མེད་གཏི་མུག་ཆེན་པོ་ལ། །སངས་རྒྱས་ཙམ་དུ་བཏགས་པ་ཡིན། །སེམས་ཅན་མི་དམིགས་སངས་རྒྱས་གང་། །འོན་ཀྱང་བཏགས་པ་ཙམ་དུ་གསུངས། །དུག་ཡེ་རང་བཞིན་མེད་ཤེས་པ། །ཡེ་ཤེས་ཙམ་དུ་རྟགས་པ་ཡིན། །འདོགས་མཁན་བློ་ཡི་དེ་ཉིད་མན། །ཐ་སྙད་ཚིག་ལ་རེ་བ་ཆེ། །བསམ་པ་བློ་ལ་དེང་མ་ཆ། །སྒྲ་སྒྲོགས་ཡུལ་ནི་ཀུན་བཏགས་ཡིན། །ཡང་དག་དོན་ནི་དམ་ལས་འདས། །བསམ་མེད་སྙེམས་བྲལ་སྡེང་ལྡན་ན། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །གཉན་སར་སོང་ལ་ཤེས་པ་སྡོལ། །མ་ཡེངས་ཀློད་ན་སྒྲོལ་བར་ངེས། །འཇིགས་སུ་སྙམས་པའི་སེམས་བྱུང་ན། །སྙེམས་སྟེ་འདྲེ་ཡིན་གློད་ལ་བཞོག །འདྲེ་དེ་སེམས་ཡིན་གཟན་མ་ཡིན། །སེམས་ནི་རྩ་བྲལ་

(༧)སྟོང་པ་ཞེས། །སྙེམས་ཐག་རྦད་ཀྱི་སོད་ལ་བཞོག །བཞག་པའི་རང་སེམས་ཆོས་ཀུར་མཐོང་། །གསུམ་པ་དོན་ཐར་ཕྱིན་པའི་འབྲས་བུ་སྟན་པ་ནི། དེ་ལྟར་ཡང་ཡང་སྒོམ་པའི། མ་སྒོམ་ལྷུན་གྱིས་གྲུབ་པ་ཡིན། །དེ་ལ་རང་གཞན་ཐམས་ཅད་ཀྱི། །དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཉམས་སུ་སླངས་ན་དངོས་གྲུབ་འབྱུང་བར་བསྟན་པའི་ལེ་ལག་སྟེ་གསུམ་པའོ། །བཞི་བ་བཙོད་པ་དང་བྲལ་བའི་ལེའུ་འདི་ལ་གསུམ་ལས། མཚན་མ་ངོས་བཟུང་སྤྱི་སྒོ་ནས་ཀུན་དང་ཐུན་མོངས་མ་ཡིན་པར་བསྟན་པ་ནི། ཨེ་མ་ཧོ། ཡུམ་སྲས་གཉིས་ཀྱི་གདམ་ངག་འདི། །བདུད་ཀྱི་སྤྱོད་ཡུལ་ཅེས་བྱ་བ། །བསྐལ་མེད་རྣམས་ཀྱི་སྙིང་བསྲེག་ཅིང་། །བཀལ་ལྡན་རྣམས་ཀྱི་བརྒྱུད་སྒྲོལ་ཡིན། །གཉིས་པ་བླང་དོར་གྱི་མཐའ་ངོས་བཟུང་བ་ནི། །ཁྱེད་ནི་རང་སེམས་རྟོགས་ན་ཆེ། །ཉེན་ནི་ལྟ་བ་ལོག་ན་གནོད། །དགྲ་ནི་དམ་ཚིག་ལོག་ན་གནོད། །གཉེན་ནི་བསོད་ནམས་བསགས་ན་གཉེན། །བདུག་ནི་ངོས་འཛིན་རྣམས་རྟོག་སྟེ། །སྨན་ནི་དངོས་མེད་རྣམས་སྒྲོལ་ཡིན། །བདུད་ནི་སྙེམས་དང་འཁྲིགས་པ་ཡིན། །ལྷ་ནི་སྙེམས་མེད་ཆོས་སྐུ་ཡིན། །འཁོར་བ་དུག་ལྔའི་རྣམ་རྟོག་སྟེ། །དུག་ལྔ་རང་སྒྲོལ་མྱ་ངན་འདས། །དེ་ཡང་དམ་པའི་གནད་ཡིན་པའི། །གནད་ཀྱི་དམ་པའི་དོན་རྟོགས་མཛོད། །སངས་རྒྱས་དོན་ལ་ལྟར་མེད་ཀྱི། །དེ་བས་སེམས་ཅན་མཚན་ཉིད་རྟོགས། །མི་རྟོག་པ་ལ་སྒོམ་དུ་མེད། །རྟོག་པའི་རྩ་བ་མཆོད་པར་མཛོད། །

(༨)དངོས་གྲུབ་ལོགས་ནས་སྒྲུབ་དུ་མེད། །བར་ཆད་སེམས་སུ་ཤེས་པར་བགྱིས། །ཅི་ནས་འདི་ཡིན་བྱར་མེད་ཀྱི། །གྱི་ན་ཙམ་དུ་བཞག་པར་བགྱི། །སྣང་བའི་ཆོས་འདི་རེ་ཤིག་ཙམ། །ཡང་དག་དོན་ནི་བློ་ལས་འདས། །སྙེམས་བག་སྙམས་པ་དེ་ཀེའི་སྙེམས། །དེ་ལས་བྱུང་བ་རྩེ་གཅིག་བཞོག །དུག་སྦྲུལ་ཞིན་དུ་ཆེར་ཕེལ་ལོ། །ཕྱལ་པ་ཡན་པ་ལྷུག་པ་ལ། །མ་བཅོས་པ་ནི་སྤྱོད་པའི་མཆོག །སྣང་ཡིང་རྩིས་བཏབ་མ་བྱེད་པར། །སྟོང་པའི་དོན་རྩིས་མ་བྱེད་པར། །ཟིན་པར་བགྱིས་རྩིས་ཤོར་མ་ཚོར། །དོན་དེ་ངལ་བའི་རང་ལུས་འགྱུར། །དེ་ན་ཞལ་གྱི་གདམ་པ་ཅེས། །ཡང་དག་ཉིད་ལ་ཆེར་ལྟ་བ། །ལྷག་འབྲས་བསལ་བ་མིག་འབྲས་ཞིན། །སེམས་སྟོང་ཉིད་ལ་མངོན་ཞེན་པ། །དེ་ནི་ལྷ་མིན་བདུད་ཀྱི་ཟིན། །རང་བདུད་རང་ལ་ལངས་པ་ཡིན། །གཟན་གྱི་བཞོམས་དུ་ག་ལ་ཡོད། །དེ་ན་ཐར་ལྟའི་སེམས་སྤངས་ལ། །སྣང་ལ་མ་ཞེན་སྟོང་པ་སྒོམ། །མང་བར་མ་སྡོད་གཅིག་བུར་སྡོད། །རང་གི་ཡོན་ཏན་རྟོགས་ན་བདུད། །གནས་ཀྱིས་སྐྱོན་རྟོག་དེ་འཛིན་ནོ། །དྲག་རྟོག་ཐམས་ཅད་བདུད་ཡིན་པའི། །རྟག་འགྲོགས་པ་ཁ་ཕྱེ་ལ། །དེ་བས་མི་བྱེད་རློད་ལ་བཞོག །རློད་ན་སྒྲོལ་རྒྱུར་ཐེ་ཚོམ་མེད། །རྩོད་པ་དང་བྲལ་བའི་ལེ་ལག་སྟེ་བཞི་བའོ། །ལྔ་པ་སངས་རྒྱས་ཚེ་གཅིག་ལ་ངོ་སྤྲད་པའི་ལེའུ་འདི་ལ་གསུམ་ལས། གདམ་པ་ཁྱད་པར་འཕགས་པའི་མཚན་ཉིད་སྟན་པ་ནི། ཨེ་མ་ཧོ།

(༩)ཡུམ་སྲས་གཉིས་ལ་གདམ་ངག་བཞུས། །དམ་ཆོས་བདུད་ཀྱི་སྤྱོད་ཡུལ་ནི། །གདམ་པ་གཟན་དང་མི་ཚུངས་སྟེ། །གཟན་གྱི་མཐུ་ཡི་ཕྱིར་དུ་འདེབས། །འདི་ནི་ད་ལྟ་ཉིད་དུ་བསྲེ། །གཉིས་པ་རྒྱུ་མཚན་རྒྱས་པ་ཉིད་དུ་བཤད་པ་ནི། དེ་ལྟར་སྙེམས་ཐག་མ་ཆད་ན། ཕྱིས་འཇོག་པ་ཡི་ནོར་བུ་ལྟར། །ཐོབ་བར་མི་ནུས་ཡིད་སྨོན་ཙམ། །འབྲས་བུའི་བགེགས་ནི་རེ་དོགས་བློ། །དེ་ན་འབྲས་བུ་རྒྱང་རིང་གནས། །འབྲས་བུ་བྱེད་པའི་དགྲའོ་ཆེ། །ཡུལ་དུས་རྣམས་པ་གཟན་རྒྱུར་པ། །གཅིག་ཀྱང་ཡོད་མིན་རང་གི་སེམས། །འོན་ཀྱང་བློ་བུར་དྲི་མའི་སྟུམས། །དྲི་མ་རགས་པ་གཉེན་པ་ཡི། །ཅུང་ཟད་གསལ་བར་ནུས་མོད་ཀྱི། །ཤིན་ཏུ་ཕྲོ་བ་རྩི་ལྟར་གཞན། །ཡོང་བར་མ་སྔོན་རྣམས་སྒྲོལ་རེ། །དེ་ལ་བྱང་ཆུབ་རྒྱང་རིང་གནས། །འདི་ནི་དྲི་མ་བློ་བུར་བ། །རྒྱུ་མ་ཡོད་པ་རྐྱེན་གྱི་ལྡང་། །རྐྱེན་སྣང་ཡུལ་དང་ཡུལ་ཅན་སེམས། །མཉམས་དུ་ཕྲད་པའི་ལྡང་བར་འགྱུར། །སྙེམས་དེ་བདུད་ཡིན་བཅད་པའི་ཕྱིར། །སྙེམས་བྱེད་དབྱིངས་སུ་སྐྱུར་ལ་བཞག །བཅད་བྱ་བཅོད་བྱེད་གཉིས་མེད་ཀྱི། །རང་སྒྲོལ་ཆེན་པོར་བདུད་ལ་བཞོག །གང་ལ་བརྟེན་ནས་སྙེམས་བྱུང་བ། །བདེ་ཉིད་བདུད་ཡིན་ཆོད་པར་བགྱིས། །དང་པོ་སྙིང་ཁམས་ཆེ་ཡང་དགོས། །རིག་པ་ངར་དང་ལྡན་པ་ཡི། །སྙེམས་ཐག་མ་ལུས་རྦད་ཀྱི་ཆོད། །རྟོག་པའི་མ་ཕོག་ཉམས་མྱོང་དགོས། །གཉན་སར་སོང་ལ་ཤེས་པ་རྡོལ། །མ་ཡེངས་རློད་ན་སྒྲོལ་བར་ངེས། །སྒོམ་སྒོམ་སོ་ཡི་མ་ཐེབས་པར། །ལུས་རློད་སེམས་ཀྱི་འདུ་ཤེས་ཤིག །

(༡༠)ཅིར་སྣང་གྲོགས་ཡིན་གླང་དོར་ཐོང་། །གལ་ཏེ་བག་ཚ་བྱུང་རྒྱུར་ཀྱང་། །རང་བག་རང་གི་སྲོ་བ་ལས། །གཟན་ལ་ལྟས་ན་རྣལ་འབྱོར་མིན། །དེའང་ཡིན་ལ་གཟན་མ་ཡིན། །ཐ་དད་འཛིན་པའི་རྣམ་རྟོག་དེ། །རིག་པ་ངར་དང་ལྡན་པ་ཡི། །རིག་མེད་གཏི་མུག་དབྱིངས་སུ་བསྐྱུར། །གསུམ་པ་དེ་དག་གི་འདོན་སྡུས་པ་ནི། དེ་ལྟར་སྙེམས་ཐག་ཆོད་པ་ལ། །སངས་རྒྱས་ཞེས་ནི་རྟགས་པ་ཡིན། །སངས་རྒྱས་ཚེ་གཅིག་ལ་ངོ་སྤྲོད་པའི་ལེ་ལག་སྟེ་ལྔ་བའོ། །དྲུག་པ་གོལ་བ་ཚར་བཅད་པ་རྒྱ་གར་གྱི་ལེ་ལག་འདི་ལ་ཞི་ལས། འཁོར་བ་རང་སྒྲོལ་དུ་མ་ཤེས་ན། ཆོས་བྱས་མེད་རང་ལ་ཆིངས་བར་བསྟན་པ་ནི། ཨེ་མ་ཧོ། ཨ་མ་ཇོ་མོའི་ཞལ་ལྔ་ནས། སྟོན་པ་ཐུགས་རྗེ་ཆེན་པོ་དེས། །གཉིས་གཅིག་ལ་ཐབས་མཁས་ཀྱི། །ཆོས་རྣམས་སྣ་ཚོགས་གསུངས་ནའང་། །སེམས་ཅན་རང་གི་བློ་རྐྱེན་གྱིས། །སྦུར་བ་བལ་དུ་བཏུམས་པ་ཞིན། །སྒྲོལ་བར་འདོད་ཀྱང་སླར་ལ་འཆིང་། །གཉིས་མ་ཆིང་ཚུལ་གྱི་དབྱེ་བ་དོན་བྱར་སྟེ། །རྒྱས་པར་བཤད་པ་ནི། ངན་སོང་གི་འཇིགས་པ་མ་ལགས་ཏེ། །འཁོར་བ་སྤོང་བ་སྲིད་པ་ཙམ། །འཁོར་བ་སྤོང་བ་མང་ལགས་ཏེ། །མྱང་འདས་སྤོང་བ་སྲིད་པ་ཙམ། །དུ་ཁ༔ སྤོང་བ་མང་ལགས་ཏེ། བདེ་བ་སྲིད་པ་སྤོང་བ་ཙམ། །མི་དགེ་སྤོང་བ་མང་ལགས་ཀྱང་། །དགེ་བ་སྤོང་བ་སྲིད་པ་ཙམ། །ཞེན་པ་ལོག་པ་མང་ལགས་ཀྱང་། །དངོས་འཛིན་སྲིད་ཐོངས་སྲིད་པ་ཙམ། །རྟོག་པ་ཆོམས་པ་མང་ལགས་ཀྱང་། །སྙེམས་ཐག་ཆོད་

(༡༡)པ་སྲིད་པ་ཙམ། །ངན་རྟོག་ཆོད་པ་མང་ལགས་ཀྱང་། །བཟང་རྟོག་ཆོད་པ་སྲིད་པ་ཙམ། །ནད་དོན་ཆོམས་པ་མང་ལགས་ཀྱང་། །དུག་ལྔ་སྤོང་བ་སྲིད་པ་ཙམ། །ཕ་ཡུལ་སྤོང་བ་མང་ལགས་ཀྱང་། །བཟུང་འཛིན་ཐོངས་པ་སྲིད་པ་ཙམ། །མི་རྟོག་སྒོམ་པ་མང་ལགས་ཏེ། །ཡིད་ལ་མི་བྱེད་སྲིད་པ་ཙམ། །སྤྱོད་པ་བཟང་བ་མང་ལགས་ཏེ། །འཕྲད་འཇོམས་བྱེད་པ་བསྲེད་པ་ཙམ། །ཉམས་ལེན་བྱེད་པ་མང་ལགས་ཏེ། །རྒྱུན་ཆད་མེད་པ་སྲིད་པ་ཙམ། །འབྲས་བུ་ཐོབ་བ་མང་ལགས་ཏེ། །རེ་དོགས་མེད་པ་སྲིད་པ་ཙམ། །ཐོས་པ་ཆེ་བ་མང་ལགས་ཏེ། །སྒྲོ་འདོགས་ཆོད་པ་སྲིད་པ་ཙམ། །གདམ་ངག་ཆེ་བ་མང་ལགས་ཏེ། །ཉམས་ལེན་བྱེད་པ་སྲིད་པ་ཙམ། །ཤེས་རབ་ཆེ་བ་མང་ལགས་ཏེ། །སེམས་ངོ་ཕྲོད་པ་སྲིད་པ་ཙམ། །མི་ཆོས་སྤོང་བ་མང་ལགས་ཏེ། །ལྷ་ཆོས་བྱེད་པ་སྲིད་པ་ཙམ། །འཁོར་བ་སྤངས་པ་མང་ལགས་ཏེ། །མྱང་འདས་སྤངས་པ་སྲིད་པ་ཙམ། །གསུམ་པ་དབྱེར་མེད་ཀྱི་དོན་རྟོགས་ནས། །བྱས་པའི་ཆོས་ཀྱི་སངས་རྒྱས་པར་སྟོན་པ་ནི། །ལར་རྒན་མོ་ང་ཡིས་ཆོས་བཤད་ཀྱི། །ཉན་དུ་མ་བཏུབ་ཉལ་འདོད་ཀྱི། །ཉལ་བའི་མཆོག་པའི་ཆོས་ཡིན་སྟེ། །བྱས་པའི་དུས་བྱས་མི་རྟག་སྐྱེ། །འདུས་པ་འཇིག་པའི་ཆོས་ཙན་སྟེ། །སླུ་བས་ཆོས་ལ་མ་སྟན་ནོ། །བཞི་བ་དོན་བསྡུས་སྟེ་དོན་མ་བཅོས་པར་བཞག་ན། རང་སྒྲོལ་བར་བསྟན་པ་ནི། དེ་བས་རྒྱུ་དང་རྐྱེན་བྲལ་བའི། །རང་སེམས་རང་བཞིན་སྟོང་པ་ལས། །བཅས་བཅོས་མ་བྱེད་རང་སར་བཞོག །རང་གྲོལ་བདེ་བ་ཆེན་པོ་ཡིན། །གོལ་པ་བཅད་པ་རྒྱ་གར་གྱི་ལེ་ལག་

(༡༢)སྟེ་དྲུག་པའོ། །བདུན་པ་རྒྱུ་རྐྱེན་དང་བྲལ་བ། དེ་བཞིན་ཉིད་ཀྱི་ལེ་ལག་འདི་ལ་གསུམ་ལས། ཆོས་ཐམས་ཅད་ཀྱི་སྙིང་པོ་ཡིན་པའི། འབད་པར་གདམ་པ་ནི། ཨེ་མ་ཧོ། །མ་མི་མིན་ཡེ་ཤེས་མཁའ་འགྲོ་མ། རྡོ་རྗེ་དབྱིངས་ལ་ཕྱག་འཚལ་ལོ། །ཡུམ་སྲས་གཉིས་ཀྱི་གདམ་པ་འདི། །འགའ་ལ་ཕན་ཕྱིར་ཡི་གེར་བཀོད། །གཉིས་པ་འབད་ཚུལ་གྱི་དབྱེ་བ་སྟན་པ་ནི། ཕོ་ལ་མོ་དུད་གནོད་ཀྱི་མོ་འཛིན་སྙེམས་བྱེད་ཐོང་། མོ་ལ་ཕོ་བདུད་གནོད་ཀྱི་ཕོ་འཛིན་སྙེམས་བྱེད་ཐོང་། ཕོ་མོ་གཉིས་སུ་མེད་ཀྱི་སེམས་ཀྱི་སེམས་ལ་ལྟོས། ཡིན་པ་ཡེ་ནས་ཡིན་རྟོགས་པར་གྱིས། རྟགས་པ་རྟོག་པ་ཡིན་གྱིས་རྟོག་པ་ཞིབ་བར་མཛོད། བྱས་པ་ལས་ཕྲོ་ཡིན་གྱི་བྱར་མེད་ལྷུག་པར་ཞོག །དབྱིངས་ལ་ཅི་ཡང་ཆར་གྱི་ཆགས་སྡང་མེད་པར་མཛོད། །ཨེ་མ་ཧོ་རློང་དང་སྒྲོལ་གྱིས། བཞག་དང་གསལ་གྱིས། ལྷོ་དང་བདེ་ཡིས། ཨེ་མ་ཧོ་བརྒྱད་ཁྲི་ཞི་སྟོང་ཆོས་རྣམས་དང་། མཚོན་པར་ཡིན་པ་མ་ཤེས་ན། །ཚིག་ལ་རེ་ལ་ཆགས་པའི་འཆིང་། །བཀའ་ན་རང་བཞིན་རྡ་བློ་བུར་རམ། ལུང་ཡང་བདེ་འཛིན་ཤེས་པར་བགྱིས། །མན་ངག་སྙིང་པོ་རྩོད་བྲལ་ཡིན། །དོན་མ་ཐོང་བར་ཞི་གནས་བསྒོམ། །མེ་རྟག་ཐལ་བའི་གཡོགས་པ་འདྲ། །རྟོགས་པ་ཆོས་མཆོག་གཟེར་བྱེད་མང་། །རྟ་རྒོད་སྲབ་འདའ་ཆད་པ་འདྲ། །མཐོང་ན་མ་ཡེངས་བཞག་ལགས་ན། །བྱང་ཆུབ་ཆོས་སྐུ་ཐེ་ཚོམ་མེད། །སེམས་ཀྱི་ངོ་བོ་མཐོང་རྒྱུར་ན། །རྒྱུན་དུ་མཚན་མ་

(༡༣)རང་སར་བཞག །དེ་ནི་མི་སྨྲ་མི་བསམ་བཞག །གསུམ་པ་དོན་བསྡུས་ཏེ་འཁོར་འདས་དབྱེར་མེད་དུ་བཞག་ན། རང་བསྒྲོལ་བར་སྟན་པ་ནི། བསམ་པ་བློངས་ཡིན་དོན་མ་ཡིན། །བསམ་པའི་ཡུལ་ན་བསམ་སེམས་ཡིན། །བསམ་པ་ཡུལ་མེད་སེམས་དེ་སྟོང་། །ཉོན་མོངས་ལྔ་དང་ཡེ་ཤེས་ལྔ། །གཅིག་ཡིན་སྤང་བླང་མེད་པར་ཡིན། །མ་བཅོས་རང་འབྱུང་སངས་རྒྱས་ཏེ། །འདུ་ཤེས་རྣམ་པར་བཤིག་པའི་འབྱུང་། །བདེ་འདོད་སྒོམ་པའི་རེ་སྙེམས་བཞུགས། །དེ་དང་བཅས་པའི་བདོན་ལ་དྲིལ། །དེ་ནས་ཡིད་ཀྱི་རེ་དོགས་འཕྲོལ། །ཨེ་མ་ཧོ། ནད་པ་འདྲེ་ལ་བཅོལ་བའི་གནོད་པ་རང་སར་ཞི། སྐྱེལ་མ་དགྲ་།།།ལ་བཅོལ་བས་འཇིགས་མེད་མཐའ་རུ་སྐྱེལ། རྐྱེན་རྣམས་དགྲོགས་སུ་ཁྱེར་བའི་ཉམས་ཀྱི་རྩལ་རྣམས་འཇོངས། སྙེམས་པ་བདུད་ཡིན་གྱི་འགྱུ་བ་ཆོད། འཇིགས་པ་བདུད་ཡིན་ཤེས་པ་རྣམ་པར་བཤིག །བརྩོལ་བ་ནད་ཡིན་བྱ་བྱེད་མ་མང་ཞོག །སངས་རྒྱས་སེམས་ཡིན་གཟན་དུ་མ་རེ་གཅིག །ལུས་ནི་རོ་ཡིན་མ་ཆགས་གཟན་དུ་བསྐྱུར། །སྐྱུར་ཁན་སེམས་ཡིན་ཁྱབ་རྡལ་ཆེན་པོར་བཞོག །རྒྱུ་རྐྱེན་དང་བྲལ་བ་དེ་བཞིན་ཉིད་ཀྱི་ལེའུ་སྟེ་བདུན་པའོ། །བརྒྱད་པ་ལག་དུ་བླངས་པ་ལག་ལེན་གྱི་ལེའུ་འདི་ལ་གསུམ་ལས། དང་པོ་ཞུས་ལན་གྱི་སྒོ་ནས་གདམ་པའི་བྱུང་ཚུལ་བསྟན་པ་ནི། ཨེ་མ་ཧོ། མ་མི་མིན་ཡེ་ཤེས་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །མ་གཅིག་ཡེ་ཤེས་མཁའ་འགྲོ་མ། སྲས་ཀྱི་བཅོད་ཀྱི་གདམ་པ་ཞུས། ཡུམ་གྱི་ལག་ལེན་དམར་ཁྲིད་བསྟན། སྲས་ཀྱི་གཞེད་དོན་ཡི་གེར་

(༡༤)བཀོད། །གཉིས་པ་ཉམས་སུ་ལེན་པའི་གང་ཟག་གི་མཚན་ཉིད་སྟན་པ་ནི། འདི་ཉིད་ཉམས་སུ་ལེན་པ་ལ། །དད་རྩོན་ཤེས་རབ་དུ་ལྡན་པའམ། །བྱམས་དང་སྙིང་རྗེ་རྒྱུན་ཐག་རིང་། །ཞེན་པ་ཆུང་ཞིང་སྟོང་ལ་མོས། བླ་མ་ལ་།།།ལྡན་པ་ཡིས། །གསུམ་པ་ཉམས་སུ་བླང་བྱའི་ལམ་གྱི་རིམས་པ་བསྟན་པ་གསུམ་ལས། དང་པོ་ངོ་སྤྲོད་ཀྱི་གདམ་པས་སེམས་ཅུན་ལ་ཐེམས་པར་ནུས་པ་ནི། དང་པོ་ངོ་སྤྲོད་གདམ་པ་ཅེས། དེ་ཡང་ཡང་ནས་ཡང་དུ་བཏབ། གཉིས་པ་ཐེམས་པའི་བདོན་ཉམས་སུ་བླངས་པ་ལ། གསུམ་ལས། དང་པོ་སྔོན་འགྲོ་ཐབས་ཀྱི་རིམས་པ་སྟན་པ་ནི། དེ་ནས་ལག་དུ་ལེན་པ་ལ། སྐྱབས་སུ་འགྲོ་དང་སེམས་བསྐྱེད་ལ། །བླ་མ་སྒོམ་ཞིང་གསོལ་བ་བཏབ། །གཉིས་པ་དངོས་གཞི་ཤེས་རབ་ཀྱི་རང་བཞིན་སྟན་པ་ནི། དེ་ནས་སྨྲས་སམ་བརྗོད་མེད་དམ། །ཡང་ན་བེམས་རིག་བྲལ་ལ་བཞག །ཡང་ན་ཕུང་པོ་ཟན་དུ་བསྐྱུར། །མཉམས་ཉིད་ངང་དུ་བཞག་པར་བྱ། །དེ་ནས་ཆོ་འཕྲུལ་ལ་སོགས་ལ། །བརྟེན་ནས་ཉམས་རྟོགས་སྐྱེས་པ་དང་། །རིག་པ་ངར་དང་ལྡན་པ་ཡི། །ཕཊ་ཕཊ་ཅེས་པའི་ཧུར་ཁྱུང་ལ། །དེ་རྗེས་དྲན་མེད་ངང་དུ་བཞག །འཁྲུལ་རྟོག་རང་གྲོལ་ཆོས་སྐུ་ཡིན། །གསུམ་པ་བཟུང་འཇུག་ཐབས་མཁས་པ་ལ་ལྔ་ལས། དང་པོ་མཉམས་བཞག་ནི། དགེ་བ་བསྔོ་ཞིང་རྗེས་ལ་ཡང་། །དགེ་བ་ཅི་ནུས་བསག་པ་ནི། །དེ་རྗེས་རྒྱུ་མ་ལྟ་བུ་སློབ། །དགེ་བ་སྔོ་ཞིང་སྨོན་ལམ་བཏབ། །ཚོ་རྒྱ་གཉིས་བསག་ལ་འབད་པར་བྱ། །གཉིས་པ་རྐྱོན་ངན་གྲོགས་སུ་ཁྱེར་ན། རྟོགས་པ་ལྷུན་གྲུབ་ཏུ་བྱུང་བར་སྟན་པ་ནི། གནས་བཟང་རང་གཟན་ལ་རྟེན་པའི།

(༡༥)ནོར་གྱི་ཕྱིར་དུ་མ་སྟན་གཅིག །འོན་ཀྱང་ནོར་ལ་བཏོང་བ་ནི། །ནོར་ལ་སྟོང་ཕོད་མི་འདུག་ན། །ངེས་པར་སྐལ་ལྡན་མ་ཡིན་སྟེ། །རྟོག་ཅིང་བསྟང་པའི་རྟེན་འབྲེལ་གྱིས། །མ་གཅིག་དགོས་པ་ཇི་ལྟར་ལགས། །ཞུས་པའི། སྐྱེ་བ་མེད་ལ་འགག་པ་མེད། །བདག་མེད་ངང་དུ་གཤེགས་ཡུལ་མེད། །ལྷང་ངེ་ལྷན་ནེ་ལྷམ་མེ་ཙམ། །ཅེས་གསུངས་སོ། །ཞུས་ལན་ཉི་ཤུ་ཙ་ལྔ་པ། བདུད་བཞི་མཁས་སྤྱོད་གདམ་པ། སྲས་ཀྱི་ཡུམ་ལ་བཞུས་པ་རྫས་སོ། །བཀྲ་ཤིས། ན་མོ་གུ་རུ། ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལྟ་།།། ཁམས་ གསུམ་དུ་འཁོར་ཞིང་བརྒྱུད ་དྲུག་དུ་ཁྱམས་པའི་རྐྱེན་ཅི་ལས་བྱུང་ན། བླ་མའི་གདམ་ངག་གི་མ་ཟིན། །རང་སོ་རང་གི་མ་ཤེས། རང་འབད་རྩོལ་བྱུང་ས་ལས་བྱུང་། ད་ཡང་ཤེས་པ་ཡན་པར་བཏང་འཛིན་དམ་པའི། གདམ་ངག་ལ་ནན་མ་བྱས་ན། འཁོར་བ་ལས་སྒྲོལ་བ་མེད། ད་ནི་བསམ་ལྷག་དུ་ཉལ་བའི་མི་ཡོང་། སེམས་ལ་ལྟ་དགོས། སེམས་ལ་མ་ལྟས་ན་འཕན་མེད། མི་ཚེ་སྟོང་བཟད་དུ་དད་ཉེན་ཆེ། འཛམ་བུ་གླིང་དུ་སྐྱེས་ནས་སྟོང་ལོག་བྱས་ཉེན་ཡོད་པའི། བྱང་ཆུབ་ཀྱི་སེམས་སྒོམ་དགོས། དེ་སྒོམ་པ་ལ་སེམས་ཅི་འདྲ་བ་གཅིག་ཡིན་ངོས་བཟུང་དགོས། དེ་ངོས་བཟུང་བ་ནི། བྱང་ཆུབ་ཀྱི་སེམས་འདི་རྒྱུ་ལས་མ་བྱུང་བ། རྐྱེན་གྱི་མ་སླད་པ། འདུས་མ་ཡིན་ནོ། སེམས་ཀྱི་དོན་ལ་དྲུག་སྟེ། མ་ཅིངས་པ། མ་སླད་པ། མ་རྒྱུར་བ། རང་ལུགས་རང་ས། གཉུག་མ་

(༡༦)བཅོས་པ་ནི། ཤེས་པ་ལྷོད་ལ་སློད་ལ། བྱང་ཆུབ་ཀྱི་སེམས་ལྷུག་པར་ཁྲིལ་ལེ། ཁྱབས་སེ། ཤིག་གེ། གལ་ལེ། དགའ་ཡལ་ལེ། ཤེས་པ་རྣམ་པར་རྟོག་པ་ལ། མ་བྲོས་པར་སིང་ངེ་། ཡལ་ལེ་ལྷང་ངེ་འཇོག་པ་ཡིན་ནོ། །མ་སླད་པ་ནི། རང་སེམས་ཀྱི་ཅི་ཡང་ཡིད་ལ་མི་བྱེད། དགེ་བ་ཡང་ཡིད་ལ་མི་བྱེད། མི་དགེ་བ་ཡང་ཡིད་ལ་མི་བྱེད། ལུང་དུ་མ་སྟན་པ་ཡང་ཡིད་ལ་མི་བྱེད་པར་འཇོག་པ་ཡིན་ནོ། །དེ་ཡང་ཅིས་མངོན་ན། ཡུམ་རྒྱས་པ་ཁམས་གཟུགས་ཡིད་ལ་མི་བྱེད་པ་ནས། རྣམས་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་མི་བྱེད་དོ། །ཅེས་པས། གང་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ། དེ་ནི་སངས་རྒྱས་རྗེས་སུ་དྲན་པའོ། །ཨརྱ་ཆོས་ཕཊ་ཀྱི་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ལ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་དོན་ལ་སྤྱོད་པ་ལ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡིད་ལ་མི་བྱེད་པ་མཉམས་པ་ཉིད་ལས། ཆོས་ཐམས་ཅད་ཡིད་ལ་མི་བྱེད་པ་ཉིད་དོ། །ཆོས་ཐམས་ཅད་མཉམས་པ་ཉིད་ལས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མཉམས་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྐྱེ་བ་མེད་པ་ཉིད་ལས། ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་དོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འགག་པ་མེད་པ་ཉིད་ལས། ཆོས་ཐམས་ཅད་འགག་པ་མེད་པ་ཉིད་དོ། །ཅེས་པའི་དོན་ནོ། །མ་འགྱུས་པ་ནི་རང་གི་སེམས། མ་གཡོས་པར་སྙེམས་

(༡༧)མེད་དུ་འཇོག་པ་ཡིན་ནོ། །རང་ལུགས་ལ་སེམས་ལུགས་གང་ལ་ཡང་མ་ཤོར་བར། བདེ་བ། གསལ་བ། སྟོང་པ། ཤེས་པ། རྟེན་མེད་པ། འབྲེལ་མེད་དུ་གསལ་ལེ་འཇོག་པ་ཡིན་ནོ། །གཉུག་མ་ནི། སེམས་ལྷན་གྱིས་ལྷུག་པར་བཞག་ནས། རྒྱར་རྒྱུར་མེད་པར་ཁྱབ་དེ། སྡལ་ལེ་ཤིག་གེ། དགའ་ཡལ་ལེ། བག་བྲོ་ཧཱུར་རེ། ཤེས་པ་བདེ་སིང་ངེ་། བཀྲ་ཡལ་ལེ། གཡོ་བ་མེད་པར་རྫོགས་པ་ཡིན་ནོ། །སེམས་ཀྱི་དོན་དེ་ལྟ་བུ་གཅིག་ཡིན་ན། དེ་ལ་གོལ་ས་ཡོད་མེད་ཞུས་པའི། ཅི་ཡང་ཡིད་ལ་མི་བྱེད་ན། གོལ་པར་ལྟུང་བ་ཅི་ལ་ལྟུང་། བསམ་མེད་སྒོམ་པ་མ་ནོར་ན། ཆོས་སྐུ་འབྱུང་བར་ཐེ་ཚོམ་མེད། །ཅེས་གསུངས་སོ། །བྱང་ཆུབ་སེམས་ཀྱི་དོན་དྲུག་རྫོགས་སོ། །བཀྲ་ཤིས། དགེའོ། །


no previousno next