Nitartha Digital Library
Tibetan
 
no previousno next

(༡)འདི་ན་ཨ་མའི་བཀའ་ཚོམ་བཞུགས་སོ། །འགྲོ་འདོན་ཕེལ་བར་ཤོག །

(༢)མི་སྨྲ་མི་བསམ་བསམ་དུ་མེད་པའི་ངང་། ཡུལ་འདས་དབྱིངས་སུ་མེད་པའི་དབྱིངས་ལ་ཕྱག་འཚལ་ལོ། །གཅོད་ཀྱི་བཀའ་ཚོམས་ཆེན་མོ་འདི། །འགའ་ལ་ཕན་སྙམས་ཡི་གེར་བཀོད། །འཇུག་ཚན་ནན་ཏན་དུ་བསྟན་པ་ནི། །བཅོད་ནི་རྣམ་རྟོག་རང་སར་བཅོད། །བཀའི་རང་འཛིན་འགྱུར་བ་མེད། །ཚམས་ནི་བཤད་པའི་ཚམས་སུ་བཤད། །ཆེན་མོ་ཙི་འདབ་ཀུན་ལས་འདས། །བདུད་ཀྱི་རྩ་བ་རིག་པའི་སེམས། །ཡུལ་སྣང་ཅི་སྣང་རིག་པ་ལས། །ཞེན་ཅིང་ཆགས་པ་བདུད་ཀྱི་ཟིན། །སེམས་ལ་ཡུལ་དུ་བཟུང་བས་སླུས། །བདུད་ལ་རྣམས་པ་ཞི་རུ་དབྱེ། །ཐུགས་།།།བཅས་བདུད་དང་ཐུགས་།།།མེད་བདུད། །དགའ་སྤྲོའི་བདུད་དང་སྙེམས་

(༣)བྱེད་བདུད། །དེ་ཡང་སྙེམས་བྱེད་བདུད་དུ་འདུས། །ཐུགས་།།།བདུད་ལ་གྲངས་མང་ཡང་། །དབང་པོའི་ངོ་ལ་སྣང་བ་ལ། །དགག་སྒྲུབ་ཅད་པའི་ཐུགས་།།།བདུད། །ངེས་པར་ཟུངས་།།།འཁོར་བར་ཅིངས། །གཟུགས་ནི་གཟུགས་ཀྱི་དངོས་པོ་སྟོང་། །གཟུགས་ལ་མ་ཆགས་སྟོང་པ་སྒོམ། །གཟུགས་ལ་ངེས་པར་མ་བཟུང་བའི། །རྟག་པར་འཛིན་པའི་བདུད་ལས་སྒྲོལ། །སྟོང་པར་ཡོད་ལ་མ་སྒོམ་པའི། །ཆད་པའི་བདུད་ལས་རྣམ་པར་སྒྲོལ། །གཟུགས་སྣང་དགག་དུ་མི་ཏུབ་སྟེ། །ངེས་པར་མ་བཟུང་རང་སར་འདོད། །སྒྲ་དང་དྲི་དང་རོ་དང་རེག །ཡིད་ལ་སོགས་པའི་བདེ་འཛིན་ནོ། །ཡིད་ནི་ཐུགས་།།།མེད་བདུད་ཡིན་སྟེ། །དབང་པོའི་སྒོ་ལས་བྱུང་བས་ན། །ཐུགས་།།།བདུད་དུ་བསྟན་པ་ཡིན། །དབང་པོའི་དང་པོ་ལ་སྣང་བ་རྣམས། །རང་ལ་དགོས་པའི་ཐད་ཀར་ཆོད། །གཟུགས་ནི་གཟུགས་ཀྱི་རང་བཞིན་སྟོང་། །དབྱེར་མེད་གཏི་མུག་ཆེན་པོར་འགྱུར། །ཐུགས་།།།མེད་བདུད་ཀྱི་བྱུང་ཚུལ་ནི། །ཡིད་ཡུལ་འབྱུང་ཚོར་བཟང་ངན་དང་། །རང་གི་རྟོག་པའི་དབྱེ་བ་རྣམས། །ཐུགས་མེད་།།།

(༤)བདུད་དུ་བསྟན་པ་ཡིན། །རང་འབྱུང་སེམས་ལས་མ་རྟོགས་པ། །ལྷ་བཟང་ལྷ་རུ་འཛིན་པ་དང་། །འདྲེ་ངན་འདྲེ་རུ་འཛིན་པ་དང་། །བདེ་འཛིན་ཡིད་ཡུལ་རེ་དོགས་རྣམས། །རང་བདུད་རང་ལས་ལངས་པ་ཡིན། །སེམས་ཉིད་ཀློང་ཆེན་རབ་གསལ་བའི། །དྲན་རྟོག་ཅིར་ཡང་ཆར་བ་ཡིན། །དཔེར་ན་རྒྱ་མཚོ་གཡོ་མེད་ལས། །རྦ་རླབས་ལ་སོགས་འབྱུང་བ་བཞིན། །དེ་ལྟར་རིག་པའི་རྣལ་འབྱོར་བས། །བཅས་བཅོས་མི་བྱ་རང་སར་བཞག །ཕན་གནོད་མི་ནུས་དབྱིངས་སུ་སྒྲོལ། །ཆོས་ཉིད་དབྱིངས་ནས་མཉམས་ཤར་ལ། །དྲན་རྟོག་གག་སྒྲུབ་བྱ་མི་རིགས། །དགག་སྒྲུབ་མ་བྱས་རང་འབྱུང་སེམས། །དགའ་དྲོད་བདུད་ཀྱི་བྱུང་ཚུལ་ནི། །ཐུན་མོངས་བདུད་དང་མཆོག་གིས་བདུད། །རིག་འཁྲུལ་སེམས་ལས་བྱུང་བ་ཡིན། །གཉན་སར་འདྲེ་ཡི་མ་ཚུགས་པ། །རློམས་སེམས་སྐྱེས་པ་དགའ་དྲོད་བདུད། །བྱིན་བརླབས་ནུས་པའི་རྟགས་བྱུང་བའི། །བསྣོམས་མེད་ནོར་ཟས་གཡེང་བའི་བདུད། །ཁྱེང་གྲགས་སྙན་གྲགས་སྤྲོས་པའི་བདུད། །ལྷ་འདྲེའི་དངོས་གྲུབ་གཏེར་བ་དང་། །བུ་དང་མཛའ་བཤེས་འཁོར་འདུས་པ། །དགའ་ཞིང་དྲོད་པ་དགའ་དྲོད་བདུད། །ཡོན་ཏན་ཅི་བྱུང་ཅི་ཤར་ཡང་། །ཡུལ་སེམས་གཉིས་སུ་མེད་པའི་བློས། །ཡོན་ཏན་དག་དུ་མི་བཟུང་སྟེ། །རྨི་ལམ་གྱི་ནི་ཡུལ་བཞིན་དུ། །རང་བཞིན་ཞེན་པ་མེད་པར་བཅད། །མཚར་མོའི་བྱད་ཀྱི་རང་མཛེས་ལྟར། །རང་འབྱུང་རང་ལས་བརྒྱན་པ་ཡིན། །དེ་ལ་རློམས་སེམས་སྐྱེད་དུ་མེད། །སྐྱེད་ན་རིག་འཁྲུལ་འཛིན་པས་ཀླད། །འཛིན་མེད་རང་ལུགས་སྤྱོད་

(༥)མཆོག་འདི། །བློ་ལྡན་རྣམས་ཀྱི་ཐུགས་ལ་སྦོས། །མཆོག་གི་བདུད་ལ་རྣམས་པ་གཉིས། །ལམ་དང་འབྲས་བུ་གཉིས་སུ་བསྟན། །སྤྲོས་བྲལ་ལྟ་བ་དྲོད་པ་དང་། །མཉམས་ཉིད་སྒོམ་པ་དྲོད་པ་དང་། །རྟོག་མེད་སྤྱོད་པ་དྲོད་པ་དང་། །ཉམས་མྱོང་ལས་ཀྱི་དྲོད་པ་དང་། །བག་ཙམ་ཡུལ་དུ་སྤྱོད་པའི་ན། །ལམ་དུ་མི་འགྲོ་བདུད་ཀྱི་ལས། །བལྟ་སྒོམས་བརྡ་རུ་སྟན་པ་ལས། །ངེས་པར་ཡིད་ལ་བྱ་རུ་མེད། །མ་འགགས་ཅིར་ཡང་ཆར་བ་ལས། །ལྟ་བའི་བསམ་པ་མ་ཆང་བར། །མཉམས་ཤར་ཕྱོགས་མེད་དབྱིངས་སུ་འགྱུར། །མི་ལྟ་བ་ནི་སྤྱོད་པའི་མཆོག །རང་འབྱུང་སེམས་ལ་མ་རྟོགས་པའི། །མཁན་པོ་གཅིག་གི་སྒོམ་དུ་མེད། །ཅི་བྱུང་རང་ཤར་འབྱུང་ཚོར་རྣམས། །ལྷན་ནེ་ལྷང་ངེ་ལམ་དུ་བཞག །མི་འགྱུར་པས་ན་ལྷན་ནེ་བ། །བདེ་བར་རྟོག་པ་ལྷང་ངེ་བ། །རང་སར་སྒྲོལ་བ་ལྷམས་མེ་བ། །དཔེར་ན་མར་ལ་མར་བཞག་བཞིན། །མི་སྒོམ་པ་ཡི་བསམ་གཏན་སྟེ། །དེ་ནི་སྒོམ་པའི་མཆོག་ཡིན་ནོ། །རང་སྤྱོད་ཤུགས་འབྱུང་རང་སྒྲོལ་པས། །ཆེད་དུ་བྱས་ནས་སྤྱོད་དུ་མེད། །ཉམས་ཤར་གཉེན་པོའི་བཟུང་དུ་མེད། །གཟུངས་དང་རང་འབྱུང་ཡིན་ཞེས་ན། །རང་ལ་རང་སྒྲོལ་བཀག་པ་མེད། །རྟོག་པའི་ཁྱད་པར་བཙན་པས་ན། །ངེས་པར་སྤྱོད་པ་གག་དུ་མེད། །མ་རྟོགས་སྤྱོད་པ་མི་བྱ་སྟེ། །གདམ་ངག་འདིའི་ཞེད་ལུགས་ནི། །བླ་མའི་བྱིན་བརླབས་སྡེང་ལྡན་གྱིས། །རྣམ་རྟོག་བདག་ལ་ཐོག་རྫིས་བྱེད། །རིམས་ཀྱི་བྱིན་བརླབས་བཞུགས་ནས་ནི། །ངེས་པར་རྟོགས་པ་ཆར་བར་འགྱུར། །ངེས་པར་གསུངས་པའི་གདམ་ངག་འདི། །སྤྱོད་ཡུལ་

(༦)ཀུན་ལས་འདས་པ་ཡིན། །མི་བཅོད་ཅོད་པའི་སྤྱོད་དུ་གསུངས། །གང་ཡང་ཉམས་སུ་མ་བླངས་ན། །དེ་ཉིད་ཉམས་སུ་བླངས་པ་ཡིན། །ཉམས་ནི་ཤེས་བྱ་བློ་ཡི་ཉམས། །ཡང་དག་དོན་ལ་མྱོང་རྒྱུ་མེད། །སྐྱེ་བྱེད་བླངས་ནས་སླང་དུ་མེད། །ཉམས་སུ་སླངས་པའི་ཆོས་ཉིད་རྣམས། །བློ་སྣང་ཡུལ་དུ་བཅད་པས་སོ། །ཡུལ་དུ་མ་སྤྱད་ཉམས་ལེན་ནི། །མཐར་བའི་ལམ་མཆོག་བླ་མའི་ཞལ། །མཆོག་གི་བདུད་ནི་འདི་ཡིན་ནོ། །ཉན་ཐོས་རང་རྒྱལ་ལ་སོགས་པ། །གྲུབ་མཐའ་ཐེག་པའི་འབྲས་བུ་འདི། །སྐུ་གསུམ་ངེས་པར་ཐོབ་འདོད་པས། །འདོད་དང་བཅས་པ་དྲོད་པའི་བདུད། །ལུས་ངག་ཡིད་གསུམ་རང་བཞིན་ལ། །སྐུ་གསུམ་འབྲས་བུ་རྟགས་པ་ལ། །སངས་རྒྱས་ལོགས་ནས་སྒྲུབ་དུ་མེད། །རང་ལས་ལོགས་སུ་རྩལ་རྒྱུར་ན། །བསྐལ་པ་བྱེ་བ་དུ་མར་ཡང་། །སྒྲུབ་པ་ཐོབ་བར་མི་འགྱུར་སྟེ། །མི་ཙམ་མི་འགྲུབ་རང་བཞིན་བཞག །རེ་བ་མེད་པ་བཅོད་ཀྱི་མཆོག །མི་དགོས་པ་ཡི་མཐའ་དང་བྲལ། །འཛིན་པའི་ཐག་པ་བཅད་པ་ལ། །ངེས་པར་དབུས་རྟགས་ག་ལ་འཆིས། །བདུད་ལ་བཞི་རུ་དབྱེ་ལགས་ཀྱང་། །སྙེམས་བྱེད་བདུད་དུ་འདུས་པ་ན། །དངོས་པོའི་ཡུལ་ལ་སྙེམས་བཞུགས་པའི། །ཐུགས་།།།བཅས་བདུད་དུ་སྟན་པ་ནི། །དངོས་པོ་ཡུལ་གྱི་ཆགས་སྡང་རྣམས། །རྩ་བ་ཉམས་སུ་རྟོགས་ཙ་ན། །དཔེར་ན་ཙིག་བསེབ་དུ་བ་ཡང་། །ཐབ་ཀྱི་མེ་བསད་རང་ཞི་བཞིན། །སྙེམས་ཐག་ཆོད་པའི་དངོས་འཛིན་སྒྲོལ། །

(༧)འགོག་པ་བཞིན་དུ་ཡུལ་མི་འགག །རྩ་བྲལ་རྟོགས་པའི་ཐུགས་།།།བདུད་བདུད། །ངེས་པར་བདུད་རྣམས་ཆོད་པ་ཡིན། །དཔེར་ན་སྒྱུ་མའི་མཁན་པོ་བཞིན། །སྣང་ཡང་ཆགས་སེམས་མི་བྱེད་དོ། །དེ་བས་སྙེམས་ཀྱི་ཐག་པ་བཅད། །བཅད་པའི་ཆོས་པ་མ་ཡིན་ཏེ། །རྩ་བྲལ་རྟོགས་པས་བཟུང་མི་ཐུབ། །ཆོས་ཉིད་དབྱིངས་སུ་སྒྲོལ་བར་ངེས། །རྩི་འདབ་མེད་པའི་ས་ལ་ཟློག །ཐུགས་།།།མེད་བདུད་རྣམས་ཉམས་སུ་འདུས། །སྡུག་བསྔལ་ལ་སོགས་ཉོན་མོངས་དང་། །ཐུགས་།།།མེད་འདྲེད་ལ་འཇིགས་པ་དང་། །དངོས་མེད་ལྷ་ལ་རེ་བ་དང་། །དེ་འཛིན་ཡིད་ཡུལ་རེ་དོགས་རྣམས། །སྙེམས་བྱེད་ལ་སོགས་ཉོན་མོངས་བདུད། །ཞེ་སྡང་རང་སར་གྲོལ་བ་དང་། །སྙེམས་ཀྱི་ཐག་པ་ཆོད་ལས་འབྱུང་། །བཙོ་བསྲེག་དམྱལ་བའི་བདུད་ལས་མཐར། །མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ། །འདོད་ཆགས་རང་སར་སྒྲོལ་བ་ཡང་། །སྙེམས་ཀྱི་རྩ་བ་ཆོད་ལས་འབྱུང་། །སྐྲེས་སྐོམ་ཡི་དྭགས་བདུད་ལས་ཐར། །སོ་སོར་རྟོག་པའི་ཡེ་ཤེས་ཐོབ། །གཏི་མུག་རང་སར་སྒྲོལ་བ་ཡང་། །མཉེམས་ཀྱི་རྩ་བ་ཆོད་ལས་འབྱུང་། །སྤྱད་སྐོལ་ལ་སོགས་བདུད་ལས་ཐར། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ། །ཕྲག་དོག་རང་སར་སྒྲོལ་བ་ཡང་། །སྙེམས་ཀྱི་རྩ་བ་ཆོད་ལས་བྱུང་། །འགྱུར་དུ་མེད་པའི་བདུད་ལས་ཐར། །བྱ་བ་སྒྲུབ་པའི་ཡེ་ཤེས་ཐོབ། །ང་རྒྱལ་རང་སར་སྒྲོལ་བ་ཡང་། །དེ་ཡང་སྙེམས་ཐག་ཆོད་ལས་བྱུང་། །

(༨)ཐབ་ཙོད་ལྟུང་བའི་བདུད་ལས་ཐར། །མཉམས་པ་ཉིད་ཀྱི་ཡེ་ཤེས་ཐོབ། །སྙེམས་ཐག་མ་ཆོད་དུག་ལྔ་ལ། །སྙེམས་ཆོད་རང་སྒྲོལ་མ་དད་སོགས། །དེ་ཡང་ཐམས་ཅད་སྙེམས་སུ་འདུས། །གངས་དཀར་ལྟོངས་ཀྱི་སེངྒེ་བཞིན། །ཉམས་ང་བག་ཚ་མ་བྱས་པར། །སྙེམས་མེད་སྡེང་དང་ལྡན་རྒྱུར་ན། །སྣང་སྲིད་ལྷ་འདྲེ་ལྡང་མི་ནུས། །རྒྱ་ལ་ལངས་ཀྱང་གདམ་ངག་གསལ། །རང་གི་ཆོ་འཕྲུལ་ཡིན་ཞེས་བྱ། །ངེས་པར་རྩལ་སྦྱོང་ཆེན་པོར་འགྲོ། །དྲན་རྒྱུན་ཆད་པ་མི་སྒོམ་སྟེ། །རང་ཤར་རྟོགས་ན་ཆོད་པ་ཡིན། །དེ་འཛིན་ཉིད་རིམས་ལ་སོགས་ཚུངས། །རྩ་བྲལ་རྟོགས་ན་ཆོད་པ་ཡིན། །གདམ་ངག་ཀུན་ལས་ཁྱད་པར་འཕགས། །རྟོགས་པ་ཐད་དཀར་མ་ཆོད་ན། །མཚོན་རྣོན་ཚ་ངར་བོར་བ་བཞིན། །ལྟ་བས་མ་རྟོགས་ཉམས་ངས་ཅིངས། །ལྟ་ཅོད་འཇོམས་པའི་རྣལ་འབྱོར་ནི། །དཔའ་བོ་བདག་ལ་མཚོན་བསྐུར་བས། །དགྲ་དཔུང་ཐམས་ཅད་འཇོམས་པ་བཞིན། །བདུད་རྣམས་ཐམས་ཅད་འཇོམས་པ་བཞིན། །བདུད་རྣམས་སྙེམས་བྱེད་དབྱིངས་སུ་འཇོམས། །ཨེ་མ་ཧོ། །རང་སྙེམས་ཆོས་པས་བདུད་རྣམས་བཞི། །རྩ་བྲལ་རྟོགས་པའི་མངོན་སངས་རྒྱས། །དེ་ཡང་རང་འདངས་ལྷུག་པར་འཇོག །ཀུན་དང་བདེ་འཛིན་ཐད་ཀར་བྱོས། །དགའ་དྲོད་བདུད་རྣམས་སྙེམས་སུ་འདུས། །ཐུན་མོངས་མཆོག་ལ་དགའ་དྲོད་དང་། །འབྲས་བུ་ཐོབ་ལ་དགའ་དྲོད་དང་། །རང་གི་སྙེམས་ལས་བྱུང་བ་ཡིན། །ངེས་པར་ཆགས་པའི་བདུད་དུ་འགྱུར། །ཆགས་པ་མེད་པའི་

(༩)རང་ཤར་ནི། །སྙེམས་མེད་ཆོས་སྐུ་བརྒྱན་དུ་གསུངས། །སྐུ་གསུམ་འབྲས་བུ་རང་ཉིད་ཡིན། །གཟན་དུ་དྲོད་པ་བསྐྱེད་མི་དགོས། །འཁོར་བ་རང་སར་གྲོལ་བ་ལས། །མྱང་འདས་ལོགས་སུ་སྒྲུབ་དུ་མེད། །རྟོགས་པ་རང་གཟུགས་ཤར་བ་ལ། །རྟོགས་མེད་ལོགས་སུ་སྒྲུབ་དུ་མེད། །དེ་བས་ཐམས་ཅད་སྙེམས་སུ་འདུས། །སྙེམས་ཐག་བཅད་པའི་ང་ཡིས་སྨྲ། །དངས་པར་བཞག་པའི་ཀུན་ནས་གསུངས། །དངས་པའི་སེམས་ལ་བདུད་ངོས་བཟུང་། །དཔེའི་སྒོ་ནས་སྟན་ལ་དབབ་པ་ནི། གདམ་ངག་ཐོབ་པའི་རྣལ་འབྱོར་བས། །བྱ་ཡིས་བྱི་ཕྲུགས་སོད་པ་བཞིན། །གདམ་ངག་ཆུས་སྐྱེས་བྱས་རྒྱུར་ན། །སྟོན་སྐྱེལ་ལྟོགས་རིར་འཆི་བ་བཞིན། །རང་ཉིད་འཁོར་བར་ཁྱམས་པར་འགྱུར། །འབྲི་བཟང་བེ་ཆུང་བསོ་བ་བཞིན། །རང་འབྲངས་གཟན་གྱི་བདོན་བྱས་ན། །བེ་ཆུང་ལ་སོགས་བསོ་བ་བཞིན། །རང་གི་སྙེམས་ཐག་ཆོད་རྒྱུར་ན། །སེམས་ཅན་ངེས་པར་གྲོལ་བར་འགྱུར། །ལྟ་བ་དེའི་དཔེ་སྟན་པ་ནི། །མཁའ་ལ་ཁྱུང་ཆེན་ལྡིང་བ་ནི། །གླིང་བཞི་བྱ་རྩོལ་མེད་པར་རྟོགས། །ཕྲག་དོག་གཡང་ས་ཉམས་མི་ང་། །བྱ་ཕྲན་ལ་སོགས་ཟིལ་གྱི་མནན། །དེ་འཛིན་རང་སེམས་ཐག་ཆོད་པའི། །བདུད་ཞིའི་རྩ་བ་མེད་པར་རྟོགས། །ངན་སོང་གཡང་ས་ཉམས་མི་ང་། །འདྲེ་བདུད་ལ་སོགས་གཟིལ་གྱི་མནོན། །ངེས་པར་རྩ་བྲལ་མ་རྟོགས་པར། །རྒྱུ་འབྲས་ཆོས་ལ་བཅོད་པ་ནི། །སྡོང་བཞག་ཡལ་ག་བཅོད་པ་འདྲ། །རྩ་བྲལ་རྟོགས་པའི་

(༡༠)རྣལ་འབྱོར་བས། །དྲན་རྟོགས་བློ་བུར་ཡིན་ཤེས་ནས། །སྤང་བླང་མེད་པའི་ཆོས་ལ་སྤྱོད། །གཟུགས་མཐོང་སེམས་ཀྱི་སྐུ་རུ་ལྟ། །སྒྲ་ཐོས་སེམས་ཀྱི་གསུང་དུ་ལྟ། །ཅི་སེམས་ཐམས་ཅད་ཐུགས་སུ་ལྟ། །རྒྱུ་འབྲས་མེད་པ་སེམས་སུ་ལྟ། །གནས་ལུགས་སྒོམ་པའི་ཞག་ཐབས་ནི། །ལྷང་ནང་གི་ལྡེར་སོ་བཞིན། །འདུག་ཚུལ་དང་བཅས་ཞལ་མཛུམས་ཡང་། །མི་སེམས་པའི་ཚུལ་བཞིན་དུ། །རང་ལུས་རང་བདེ་འདུག་བྱས་ནས། །མི་བསམ་བསམ་པར་མི་བྱའོ། །བསམ་པ་ཡུམ་གྱི་དོན་མ་ཡིན། །དེ་བས་མི་བསམ་པ་ལ་བཞག །འབྱུང་ཚོར་འདྲན་རྟོགས་རྗེས་མི་བཅོད། །མཁའ་ལ་གློག་འགྱུར་རང་ལོག་ལྟར། །རྣམ་རྟོག་བྱུང་ཡང་དེ་བཞིན་བཞག །རྒྱ་ཚོ་ཆེན་པོའི་གཏིང་བཞིན་དུ། །གཡོ་བ་མེད་པའི་ངང་ལ་བཞག །རྐྱེན་སྣང་རྟོག་པ་རླབས་བཞིན་དུ། །རང་གི་ཆོས་ཉིད་དབྱིངས་སུ་འགྱུར། །བཅོས་ན་བཅོད་བྱེད་བདུད་ཡིན་པས། །ངེས་པར་རང་སར་བཞག་པ་ཡིན། །སྐྱེས་བུ་བདུད་ཀྱི་ཟེར་བ་ཡིས། །ཚོ་རྒྱ་དྲུག་ལྷག་།།།པའི་ཚུལ་དུ་བཞག །བྱ་བ་ཟིན་པས་སྐྱེས་བུ་བཞིན། །བློ་བདེ་ངང་རྡལ་བགས་ཀྱི་བཞག །བུ་ཆུང་ཨ་མ་མཐོང་བ་བཞིན། །སྣང་ཡང་ནུས་པ་མེད་པ་བཞིན། །རིག་པའི་རང་ལུས་རོ་ཁུར་ལ། །གཉན་ས་ལ་སོགས་མཛེ་གནས་སུ། །ཆགས་མེད་ཚུལ་དུ་སྐྱུར་བར་བྱ། །རིག་པ་ཡུམ་ཆེན་ཀློང་དུ་བཞག །དྲན་རྟོག་ཅི་བྱུང་ཅི་ཤར་ཡང་། །ཡུམ་ཆེན་སྤྲུལ་བ་ཉིད་དུ་ དགོངས། །ཡུམ་སྤྲུལ་འཁོར་བར་མི་འཛིན་ཅིང་། །གླེན་ next hit་ལྟོ་བ་རྡུངས་པ་

(༡༡)བཞིན། །འདུ་ཤེས་རྣམ་པར་བཤིག་ལ་བཞག །འཁོར་ཡང་མྱ་ངན་འདས་པར་ངེས། །ཨེ་མ་རྩོལ་མེད་དོན་ལ་previous hit དགོངས་པའོ། །སྤྱོད་ next hit་དཔེ་ཡིས་སྟན་པ་ནི། །སྒོ་བསྲུངས་ཁྲོ་བོ་གྱི་དམིགས་ཀྱང་། །ཁྲོ་ཞིང་བཏུམས་པ་འདྲ་ན་ཡང་། །བརྒྱུད་ལ་ཉོན་མོངས་རྩེ་མེད་བཞིན། །བརྟུལ་ཞུགས་ངེས་པར་ཆེ་བ་ལས། །ཞེ་འདོད་རྟོག་པ་མེད་པར་སྤྱད། །བརྟུལ་ཞུགས་སྤྱོད་པའི་བར་དོ་འདུལ། །ཞེ་འདོད་མེད་པར་དེ་ཉིད་རྟོགས། །མཚོ་ལ་ཉ་མོ་མཚོ་བ་བཞིན། །འཛིན་ཆགས་མེད་པར་བཅལ་བར་སྤྱོད། །སྐྱི་སེར་རི་རྩིབས་སྤྱོད་པ་བཞིན། །ཆགས་སྡང་རྗེས་མེད་ཙིས་ལས་འདས། །རང་གི་རང་ལ་སྤྱོད་པ་བཞིན། །སྙེམས་བྱེད་སྙེམས་ཀྱི་ཞུགས་མ་དགོས། །རང་ལ་འཇིགས་previous hit ་མེད་པར་བཅད། །རྨི་ལམ་དུས་ཀྱི་དྲི་དེ་ཡང་། །རང་ལས་བྱུང་བ་མ་དགོངས next hit་སམ། །ཡི་དམ་ལྷ་ཡི་དངོས་གྲུབ་དང་། །སེམས་ལ་སེམས་ཀྱི་སྒོམ་པར་བྱུང་། །དེ་བས་རང་ཡིན་གཟན་མ་ཡིན། །རང་སྣང་རང་ལས་གནོད་པ་ལས། །གཟན་ཡུལ་འབྲེལ་མེད་གནོད་མི་ནུས། །དཔེར་ན་རྒྱ་གར་དུག་སྦྲུལ་བཞིན། །འབྲས་བུ་དཔེ་ཡི་སྟན་པ་ནི། །མར་ངོ་ཤེས་པའི་དཀར་བ་འབྲུབ། །ངེས་པར་མར་ངོ་ཤེས་པ་ཙམ། །དཀར་བ་ལོགས་ནས་སྒྲུབ་མི་དགོས། །དེ་ནི་རང་སེམས་ངོ་ཤེས་ན། །སངས་རྒྱས་ལ་སོགས་སྒྲུབ་མི་དགོས། །སྙེམས་སྤངས་རྩ་བྲལ་ཀུན་ལས་རྒྱལ། །དེ་བས་ལོགས་སུ་སྒྲུབ་དུ་མེད། །དེ་ལྟར་རྟོགས་པའི་བདུད་རྣམས་ཞི། །དེ་ཡང་རང་འབྱུང་རང་ཞི་ཡིན། །དཔེ་དང་

(༡༢)བྲལ་བའི་དོན་ལྔ་ནི། །མ་རིག་པ་ཡིས། རིག་པ་འཁྲུལ་བ། མ་བྱས་པ་ཞི། མི་བྱེད་པ་ལམ། མ་གྲུབ་པ་འབྲས་བུ། རིག་མེད་གཏི་མུག་ཆོས་ཀྱི་དབྱིངས། །ཡུལ་དུ་རིག་ཅིང་བཟུང་བའི་འཁྲུལ། །དབྱེར་མེད་གཅིག་ཞི་གཅིག་འབྱུང་བའི། ཁམས་གསུམ་གནས་སུ་འཁྲུལ་བ་ཡིན། །རིགས་དྲུག་ལས་སུ་འཁོར་བ་ཡིན། །དེ་ནི་རང་བཞིན་རིག་འཁྲུལ་ལོ། །ལྟོས་ཆོས་ཐེག་པའི་རིམ་པ་ནི། །ལྟས་སྒོམ་འབྲས་བུར་རིག་པའི་འཁྲུལ། །ཆད་པའི་ཆད་མེད་ཡུལ་དུ་རིག །རྟགས་པའི་འགྱུར་མེད་ཡུལ་དུ་རིག །རང་རྒྱལ་རྟེན་འབྲེལ་ཡུལ་དུ་རིག །སེམས་ཙམ་མ་རིག་སེམས་སུ་རིག །དབུ་མས་སྤྲོས་པ་བྲལ་བར་རིག །ཕ་བརྒྱུད་བདེ་གསལ་རླུང་དུ་རིག །མ་བརྒྱུད་བདེ་གསལ་རྒྱས་འདེབས་རིག །ཐབས་དང་ཤེས་རབ་གཉིས་སུ་རིག །ཕྱག་ཆེན་བློ་ལས་འདས་པར་རིག །དེ་ལྟར་རིག་པ་ཐམས་ཅད་ནི། །ཡུལ་དུ་རིག་པའི་རིག་པ་ཡིན། །ཡུལ་ཅན་རྣམས་ནི་དེ་ཉིད་ཡིན། །ཡུལ་མེད་སེམས་ལ་རིག་པ་མེད། །རང་གི་རིག་པ་རིག་པའི་བཅིངས། །དེ་བས་རིག་མེད་གཏི་མུག་འདི། །ཡེ་ཤེས་ཆེན་པོར་རྒྱལ་བའི་གསུངས། །རང་རིག་ཡུལ་མེད་འཁྲུལ་པ་སངས། །ཡུལ་སྣང་བློ་ཡི་བཏིང་ཙམ་ན། །སྙེམས་བྱེད་མ་ལུས་མཆོད་པ་ཡིན། །ཡུལ་མེད་རིག་པ་ཅི་ལ་སྙེམས། །རིག་པ་འཁྲུལ་བར་

(༡༣)ཤེས་ཙམ་ན། །འཁྲུལ་བའི་ཆོས་ལ་མི་འཛིན་པས། །འཛིན་མེད་རིག་པ་ཅིར་ཡང་སྣང་། །ཆེད་དུ་མ་བྱས་བྱུང་བ་ཡིན། །དེ་ལྟར་previous hit དགོངས་ན་རྟོགས་ ་ཡིན། །ཡང་དག་དོན་གྱི་ཡུམ་ཆེན་ནི། །འཁོར་འདས་ཀུན་གྱི་ཞི་ཡིན་པས། །དུས་གསུམ་སངས་རྒྱས་ཀུན་གྱི་ཀྱང་། །མ་བྱས་སྐྱེད་བྱེད་ཞི་རུ་བྱུང་། །སྐྱེ་བ་མེད་པར་ཡིད་ཆེས་པའི། །སྐྱེད་བྱེད་ཞི་ལ་བྱེད་མི་དགོས། །སྐྱེད་བྱེད་འདུས་བྱས་མ་ཡིན་པས། །མི་བྱེད་ལམ་དུ་ངེས་པར་སྒྲོལ། །སྣང་སྟོང་ཡིད་ལ་མ་བྱས་ན། །རྟག་ཆད་མེད་པའི་ལམ་དུ་སློངས། །གཉིས་མེད་ཡིད་ལ་མ་བྱས་པའི། །སྐྱེད་བྱེད་འདུ་བཞིའི་བདུད་ལས་ཐར། །ཤེས་བྱའི་སྒྲིབ་བ་བསངས་པར་གྲོལ། །གཟུགས་དང་ཚོར་དང་འདུ་ཤེས་སོགས། །ངེས་པར་ཡིད་ལ་མ་བྱས་ན། །ཁམས་གསུམ་གནས་ནས་ངེས་པར་སྒྲོལ། །གང་ཡང་ཡིད་ལ་མ་བྱས་ན། །བག་ཆགས་མི་འབྱུང་ས་ལམ་རྫོགས། །ཡིད་ལ་མི་བྱེད་ལམ་མཆོག་དུ། །རྒྱལ་བའི་བཀའ་ནས་གསུངས་པར་ངེས། །ཡིད་ལ་མི་བྱེད་རྟོགས་རྒྱུར་ན། །ཡིད་ཡུལ་རྒྱུ་བ་གག་མི་དགོས། །མིག་སྒྱུ་བཞིན་དུ་རང་སར་སྒྲོལ། །དེ་ལྟར་རྟོགས་པའི་སྐྱེས་བུ་ཡིས། །བག་ཡངས་སྤྱོད་པ་གག་མི་དགོས། །གང་ལྟར་བྱས་ཀྱང་ལམ་དུ་འགྲོ། །མི་བྱེད་པ་ཡི་ལམ་ཡིན་ནོ། །སྐུ་གསུམ་འབྲས་བུ་གསུངས་པ་ཡང་། །དྲང་པའི་ལུང་དུ་བསྟན་པ་ལས། །མཚན་དང་དཔེ་སྤྱད་ལ་སོགས་པ། །ངེས་པར་སྒྲུབ་བ་རྡུལ་ཙམ་མེད། །གྲུབ་ན་གང་སྒྲུབ་ཐར་ལྟུང་འགྱུར། །འཁོར་བའི་ཕ་རོལ་ཕྱིན་

(༡༤)པ་ཡིན། །ཤེས་རབ་ཕ་རོལ་ཕྱིན་པ་ནི། །བློ་ཡི་ཡུལ་དུ་སྒྲུབ་པ་མེད། །བློས་ནི་གང་འགྲུབ་འཁོར་བའི་ཆོས། །གྲུབ་མེད་འབྲས་བུ་མ་རྟོགས་ན། །སྒྲུབ་འདོད་རྩོལ་བ་ཅི་བྱས་ཀྱན་། །ཐར་པའི་ལམ་དུ་མི་འགྱུར་རོ། །ཆོས་ཀྱི་ཞེ་བློ་མ་ཞིག་བར། །ཞེན་པའི་བློ་ཡི་ཆོས་བཅད་པའི། །ཆོས་ལ་འཆིང་པའི་གྲོགས་སུ་འགྱུར། །དེས་ན་གདམ་ངག་བསྲོག་གི་སླུ། །སངས་རྒྱས་འདུས་བྱས་མ་ཡིན་པའི། །འདུས་བྱས་རྩོལ་པའི་སྣང་བ་འཁྲུལ། །འདུས་བྱས་ཆོས་ལ་ཡིད་མ་ཆེས། །བྱས་པའི་ཆོས་ལ་རེ་བ་ཆེ། །ལུས་ལ་འཛིན་མེད་རྒྱལ་བའི་སྐུ། །ངག་ལ་འཛིན་མེད་རྒྱལ་བའི་གསུང་། །ཡིད་ལ་འཛིན་མེད་རྒྱལ་བའི་ཐུགས། །འཛིན་མེད་ཆོས་ལས་མ་རྟོགས་པ། །རྒྱལ་བའི་དགོས་པ་གཟན་མི་ཚོལ། །ཨེ་མ་ཧོ། ནན་ཏན་ཉམས་མྱོང་བསྟན་པ་ནི། །དམིགས་པའི་ཡུལ་ལས་འདས་པ་ཡིན། །ཉམས་སུ་མྱོང་བའི་བློ་དང་བྲལ། །གཉན་ས་ལ་སོགས་བཅོད་པའི་དུས། །ཇི་ལྟར་མར་མེས་ཚིག་པ་ལ། །མི་ཉིད་ཀྱིས་ནི་འདུག་པ་བཞིན། །སླར་བཅོས་ལོག་གནོན་གདམ་པ་སྣང་། །རྨ་བྱུང་མེ་ཡིས་ལྟར་བསྲེག་བཞིན། །རྐྱེན་སྣང་འགལ་དུ་བསྐལ་པ་ཡིན། །འགལ་རྐྱེན་གནད་ཡིན་གོ་བ་ལོང་། །ཆོས་ཀུན་འགལ་དུ་མ་ཁྱེལ་ན། །ཞི་བདེ་གཉེན་པོར་གྲོལ་མི་

(༡༥)ནུས། །གཉན་ས་རི་ཁྲོད་འགྲིམས་གཅིག་ཨང་། །དཔེ་ལ་མ་ཡངས་དཔེ་ཚིག་གིས། །བྱིན་བརླབས་མི་འབྱུང་ཚིག་འདྲེས་ཁྱེར། །དཔེ་དང་བྲལ་བའི་དོན་རྟོགས་ན། །སྨྲ་བརྗོད་ཀུན་ལས་འདས་པ་ཆོས་ཀྱི་དབྱིངས། །དཔེ་མཚོན་པར་བྱེད་པའི་གདམ་པ་ནི། མ་གཅིག་ཡུམ་གྱི་གསུངས་པའི་བཅོད་ཀྱི་བཀའ་ཚོམས་ཆེན་མོ་རྫོགས་སོ། །བཀྲ་ཤིས། དགེའོ། །


no previousno next