Nitartha Digital Library
Tibetan
 
no previousno next

(༡)འདི་ན་ཨ་མའི་ཡང་ཚོམས་ཞུས་ལན་ཉི་ཤུ་རྩ་ལྔ་བ་བཞུགས་སོ། །

(༢)མི་མིན་ཡེ་ཤེས་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །མི་མིན་ཡེ་ཤེས་མཁའ་འགྲོ་མ། །མི་ལུས་ཐོབ་པ་ཇི་ལྟར་དཀོན། །ཞུས་པའི། སེམས་ཅན་མིའི་ལུས་མཐོང་ན། །མི་ལུས་ཐོབ་པ་མེད་པ་ཙམ། ཁ་ཐོར་ཙམ་གྱི་ལུས་མཐོང་ན། །མི་ལུས་ཐོབ་བ་སྲིད་པ་ཙམ། །སེམས་ཅན་གཟན་ལ་བལྟས་པ་ན། །འཁོར་ལོ་རྒྱུར་བ་བས་ཀྱང་དཀོན། །གསུངས་སོ། །དམ་ཆོས་སྤྱོད་པ་ཇི་ལྟར་དཀོན། །ཞུས་པའི། མཐའ་ཁོབ་ཡུལ་གྱི་མི་རྣམས་དང་། །ཆོས་མི་སྤྱོད་ལ་ཚད་བཙུགས་ན། །དམ་ཆོས་སྤྱོད་པའི་མི་རྣམས་ནི། །ཨུ་དུམ་ཝ་ར་བས་ཀྱང་དཀོན། །སྡིག་པ་བྱེད་པ་ཅི་ཙམ་ཡིན། །ཞུས་པས། སྡིག་པ་བྱེད་པའི་མི་རྣམས་ནི། །བུ་ཆུང་མེ་ལ་འཇུག་པ་དང་། །གླེན་པ་ཙན་བདུག་ཟབ་པ་དང་། །སྙོན་པ་གཡང་ལ་ཆོང་པ་དང་། །འདྲེ་ཅན་རང་སྲོག་བཅོད་པ་བཞིན། །

(༣)རང་སྡུག་རང་གི་ཉོས་པ་ཡིན། །བསྐལ་པར་བདེ་བ་ཐོབ་མི་འགྱུར། །རྟག་དུ་སྐྱེ་ཤིའི་འདམ་ལ་གནས། །ལས་སུ་སྡུག་བསྔལ་ལས་ལ་སྤྱོད། །ཟོ་ཆུང་ཁྱུང་མོ་བཞིན་དུ་འཁོར། །སྔ་མའི་སྣམ་སྨིན་མ་ཟད་པར། །ཕྱི་མའི་ལས་ཀྱི་སྒྲིབ་པ་སོག །དེ་པའི་སྡིག་པ་བྱེད་པ་ནི། །ཤིན་ཏུ་བླུན་པར་ཡིན་པར་གསུངས། །དད་པའི་ཡོན་ཏན་ཅི་ཙམ་ལགས། །ཞུས་པས། དད་པ་ཞིང་ས་ཤིན་པོ་།།།འདྲ། །དད་པ་ཚོང་པའི་རྒལ་དང་འདྲ། །དད་པ་བུད་མེད་འཛངས་ལ་འདྲ། །དད་པ་ནོར་བུ་རིན་ཆེན་འདྲ། །དད་པ་བདེ་དག་།།།ཡོད་པ་ལ། །དགོས་འདོད་ཐམས་ཅད་འབྱུང་བར་འགྱུར། །དད་ལྡན་བརྩོན་འགྲུས་ཆུང་པ་ཇི་ལྟར་བགྱི། །ཞུས་པའི། དད་ལྡན་བརྩོན་འགྲུས་ཆུང་བ་ནི། །གྱི་ལིང་སྒྲོག་དུ་ཆུད་པ་འདྲ། །ཞིང་ཤིན་སོ་རྣམས་ཆག་པ་འདྲ། །ཆང་ལ་ཕབས་རྩི་བྱེད་པ་འདྲ། །རྒྱུ་ལ་ཡོད་ཀྱང་རྐྱེན་ལ་མེད། །དད་པ་ཡོད་ཀྱང་ཐ་མལ་ལས། །བསགས་པར་མི་ནུས་དོན་ཆུང་འགྱུར། །དད་པ་པ་དང་བརྩོན་འགྲུས་འཛོམས་ན་ཇི་ལྟར་ལགས་

(༤)ཞུས་པས། དད་པ་ཞིང་ས་བཤིན་།།།ལ། །བརྩོན་འགྲུས་སོ་ནམ་བྱས་རྒྱུར་ན། །བླ་མེད་བྱང་ཆུབ་ཐོབ་བར་འགྱུར། །རང་ལ་རང་དྲིན་ཆེ་བར་འགྱུར། །སྟན་གྱི་སོ་རྣམས་ཟིན་པར་འགྱུར། །ཆོས་ཐམས་ཅད་ཀྱི་མཆོག་དུ་རྒྱུར་བ་གང་ཡིན་ཞུས་པས། །རྫོགས་པའི་སངས་རྒྱས་གསུངས་པའི་བཀའ། །ཡུམ་ཆེན་ཕ་རོལ་ཕྱིན་མ་འདི། །ཆོས་ཀྱི་ནང་ནས་མཆོག་དུ་གསུངས། །དེ་ལ་ཡོན་ཏན་ཇི་ལྟར་དོག་ཞུས་པས། །ས་དང་ལམ་ལ་མ་དྲངས་བར། །དམིགས་མེད་ངང་ལ་གང་འཇོག་པ། །བདུད་རྣམས་ཟིལ་གྱི་མནོན་པར་འགྱུར། །མཚན་མ་ཡིད་ལ་མ་བྱས་པས། །ས་ལམ་རིག་པ་མ་སྦྱངས་དང་། །ཡུམ་ཆེན་ཀློང་ན་གནས་པར་འགྱུར། །ཡུམ་ཆེན་འདི་ཡི་བདོན་བཏོགས་ན། །རྩོལ་བའི་ནད་རྣམས་ཞི་བར་འགྱུར། །རྩོད་དང་བྲལ་བ་དེ་ཡི་ནི། །དམིགས་མེད་བརྗོད་མེད་བསམ་དང་བྲལ། །མ་བཅོས་སྐྱེ་འགག་མེད་པ་ལ། །རང་འཛིན་གྱི་ནི་འོད་གསལ་བ། །དུས་གསུམ་སངས་རྒྱས་འབྱུང་བའི་ཡུམ། །སྐྱེད་བྱེད་ས་ལ་གནས་པར་འགྱུར། །དེ་ཉིད་ཡིན་སྟེ་གཟན་ན་མེད། །དེའི་ངང་ལ་གནས་པ་ནི། །ཡུམ་གྱི་ངང་ལ་གནས་པ་ཡིན། །ཡུམ་གྱི་ངང་ལ་གནས་པ་ན། །མཚན་མའི་དགེ་བ་ཅི་སྤྱོད་དང་། །འཁོར་བར་ཡུན་རིངས་གནས་པ་ཡིན། །སྐྱེ་འཆི་མེད་པའི་ས་མི་ཐོབ། །ཅེས་སོ། །དམིགས་མེད་པ་ལ་ཇི་ལྟར་འདུག །བདུད་ཅེས་བྱ་བ་ཇི་ལྟ་བུ། །ཞུས་པས། ཅི་ཡང་ཡིད་ལ་མ་བྱས་ན། །དམིགས་མེད་ས་ལ་བཞག་པ་ཡིན། །ཡིད་དང་བྲལ་བའི་དོན་ལ་ཡང་། །ཞེ་

(༥)འདོད་དམིགས་པ་མ་བཅས་ན། །ངེས་པར་དམིགས་མེད་སྒོམ་པ་ཡིན། །ཅེས་གསུངས་སོ། །བདུད་ཀྱི་བྱེ་བྲག་བསྟན་པ་ནི། །ཐུགས་།།།བདུད་དང་ཐུགས་།།།མེད་བདུད། །དགའ་དྲོད་བདུད་དང་སྙེམས་བྱེད་བདུད། །རང་ལ་བྱུང་ན་རང་ལ་གནོད། །དཔེར་ན་སྲིན་བུའི་ཁ་ཆུ་བཞིན། །ཐུགས་།།།བདུད་ཅེས་གང་ལ་བྱས། །ཞུས་པས། མིག་གི་དབང་པོ་གཟུགས་ལ་ཐུགས།།། །སྡུག་དང་མི་སྡུག་རང་བཞིན་གྱི། །ཆགས་སྡང་གཉིས་སུ་བཟུང་བའི་བདུད། །འཛིན་པར་བྱེད་པའི་སེམས་ཉིད་ལ། །གཞིའི་ངོ་བོ་མ་གྲུབ་པས། །རྩ་བྲལ་བཞིན་དུ་རང་སར་བཞག །ཐོགས་བཅས་བདུད་རྣམས་ཟིལ་གྱི་མནོན། །སླར་ཡང་ཡེ་ཤེས་ཉིད་དུ་འགྱུར། །གཟུགས་ནི་མ་བཅིངས་མ་སྒྲོལ་བ། །།།ཞས་བྱ་བཀའ་དང་མཐུན་པ་ཡིན། །སྣ་བའི་དབང་པོ་ལ་སོགས་པ། །དགོང་དུ་བསྟན་པ་བཞིན་དུ་བཞག །ཐུགས་།།།བཅས་བདུད་དུ་སྟན་པ་ནི། །ཕྱིའི་བདུད་དུ་ཤེས་པར་བྱ། །དངོས་པོའི་ཡུལ་དུ་མི་གནས་པར། །ཞེ་ལ་ནག་པ་འཆང་པ་དང་། །ཡུལ་མེད་ཡིད་ལ་འདོད་པ་དང་། །མན་ངག་མེད་པར་དམུགས་པ་དང་། །ཞེ་ལ་རང་རེ་མ་མཐོང་དང་། །ཕྲག་དོག་ཞེ་ལ་འཇོག་པ་དང་། །ལྷ་འདྲེ་ཡིད་ལ་བྱེད་པ་རྣམས། །ཐུགས་།།།མེད་བདུད་དུ་མི་སྣང་ཡང་། །ཡིད་ལ་གནོད་པ་སྐྱེལ་བས་ན། །ཐོགས་མེད་།།།བཞིན་དུ་བདུད་དུ་འབྱུང་། །ཨེ་མ་ཧོ་གདམ་ངག་གནད་འདི་ལ། །འགྱུ་བ་ཅི་འབྱུང་ཅི་ཤར་ཡང་། །ཆེད་ཆེར་གང་ལའང་མ་ཆགས་ན། །ཐོགས་མེད་།།།བདུད་རྣམས་གཟིལ་མནོན་འགྱུར། །ཡིད་ཡུལ་འགྱུ་བ་བདུད་ཡིན་སྟེ། །བཟུང་སུ་འཛིན་པ་སྣ་

(༦)ལེན་ཡིན། །བཟུང་སུ་མ་འཛིན་རིགས་ཀྱི་བུ། །འབྱུང་ཚོར་མ་འགྱེགས་རིགས་ཀྱི་བུ། །ལུས་སེམས་མ་ཆོས་རིགས་ཀྱི་བུ། །འདུ་ཤེས་མ་འཇུག་རིགས་ཀྱི་བུ། །དེ་ལྟར་ཁྱོད་ཀྱི་ཉམས་ཀྱང་ན། །བདུད་རྣམས་གཟིལ་གྱི་མནོན་པར་འགྱུར། །གང་ལ་དགའ་ཞིང་དྲོད་པ་དེ། །དམིགས་སུ་མེད་པའི་མ་ཟིན་ན། །ཕ་རོལ་ཕྱིན་པའི་དོན་མེད་པའི། །བདུད་ཀྱི་དབང་དུ་འགྱུར་བ་ཡིན། །དེ་ལྟར་རང་རེ་བདུད་ཡིན་ནོ། །རང་ཞི་ཙ་ན་བདུད་ཀྱང་ཞི། །རང་གནས་ཙ་ན་བདུད་ཀྱང་གནས། །རང་ལ་རང་འཛིན་མ་གྲུབ་ན། །བདེ་འཛིན་བདུད་ཀྱང་འགྲུབ་མི་འགྱུར། །ཞི་ཙ་མེད་པའི་ཆོས་ཉིད་འདི། །རང་བཞིན་ཤེས་པ་གཟིལ་མནན་ནས། །མྱ་ངན་འདས་པ་ཐོབ་པར་འགྱུར། །དགའ་དྲོ་སྐྱེད་བྱེད་རང་སར་བཞོག །དེ་ལྟར་དགོངས་གཅིག་རིགས་ཀྱི་བུ། །སྙེམས་བྱེད་ཅི་བྱ་ཕྱི་ནང་སེམས། །སྣང་སྲིད་འཁོར་འདས་རང་སེམས་ཡིན། །ལྷ་དང་འདྲེ་ལ་སོགས་པ་ཡང་། །དེ་ཡང་རང་གི་སྙེམས་བྱེད་ཡིན། །སྙེམས་བྱེད་སྒྱུ་འཕྲུལ་ཆད་ཙམ་ན། །བླ་ན་མེད་པའི་བྱང་ཆུབ་ཡིན། །དྲན་པ་འགྱེགས་པ་མ་ཡིན་གྱི། །ཐམས་ཅད་སྙེམས་བྱེད་ཡིན་ཤེས་ནས། །སྙེམས་པའི་ཆོས་ཀྱི་གཟུགས་མི་ཐུབ། །རིགས་ཀྱི་བུ་ཡི་དེ་ལྟར་།།།དགོས། །བདུད་རྣམས་གཟིལ་གྱི་མནོན་པར་འགྱུར། །གཉན་སར་འགྲིམས་པ་ཇི་ལྟར་ལགས། །ཞུས་པའི།

(༧)ཐོག་དུ་བྱུང་བའི་རྐྱེན་གྱི་ནི། །ཆོས་ཀྱི་སྒྲོགས་སུ་འགྲོ་བ་དགའ། །དང་པོ་གདམ་ངག་རློམས་སེམས་ཀྱི། །གཉན་ས་ལ་སོགས་འགྲིས་ཙ་ན། །རྐྱེན་གྱི་དབང་དུ་འགྱུར་བ་ཡིན། །མན་ངག་གྲོགས་སུ་འགྲོ་བ་ཅེས། །སེམས་ཅན་ལུས་ལ་འཕངས་པ་དང་། །སྲོག་ལ་བར་ཆད་བྱུང་དོགས་ན། །ཉམས་སུ་སླངས་པའི་རྟོགས་པར་འགྱུར། །རྟོགས་ན་ཉམས་མྱོང་སྐྱེ་བར་འགྱུར། །དེ་ལྟར་ཉམས་དང་ལྡན་ཙ་ན། །ཐོག་དུ་བྱུང་བའི་སྐྱེན་ལ་ཡང་། །ཤུགས་ཀྱིས་རང་དམ་མེད་པར་གྲོ། །རྐྱེན་གྱིས་དམ་ཆོས་སྐུལ་མ་འདེབས། །དེ་ན་གཉན་ས་འགྲིམས་པ་ཅེས། །གཉན་ས་འགྲིམས་གཅིག་རིགས་ཀྱི་བུ། །དེ་ལྟར་རྟོགས་པའི་མཁལ་བཀལ་བས། །བདག་ལ་འདྲེ་བདུད་འབྱུང་དོགས་མེད། །རྟོགས་པ་ངང་གི་ཕེལ་བར་འགྱུར། །དོགས་པ་མེད་པའི་སེམས་ཉིད་ལ། །སྣང་མདུན་མེད་ཅིང་འདྲེ་མི་འབྱུང་། །དེ་འཛིན་རྟོགས་པའི་ཐམས་ཅད་འགགས། །གལ་ཏེ་སྐྱེས་དང་ཉམས་ལེན་དགྲོགས། །ལྟ་བའི་ལྟ་བུ་ཚུགས་ཇི་ལྟར་ལགས། །ཞུས་པའི། སེམས་ལ་གཉིས་སུ་མ་རྩིས་པའི། །ལྟ་རུ་མེད་པའི་ཚུལ་གྱི་ལྟ། །ལྟས་པའི་རང་གི་སེམས་མི་མཐོང་། །མཐོང་བའི་ཆོས་ཉིད་དོན་མ་ཡིན། །དེ་ནས་ལྟ་བར་བྱ་བ་ནི། །རྡུལ་ ཙམཡོད་མ་ཡིན་ནོ། །ཅེས་སོ། །གཉན་སར་སེམས་ཉིད་ཇི ་ལྟར་བཞག །ཞུས་པས། ཨེ་མ་ཧོ། །ལུས་ནི་རོ་ཡི་ཚུལ་བཞིན་བཞག །བདག་པོ་མེད་པའི་ཚུལ་དུ་བཞག །མར་མེ་རླུང་གི་མ་སྐྱོད་བཞིན། །གསལ་ལ་མི་རྟོག་ཚུལ་དུ་བཞག །རྒྱ་ཚོ་རྫི་ཡིས་

(༨)མ་སྐྱོད་བཞིན། །མེར་ལ་དངས་པ་ཉིད་དུ་བཞིན། །རིགས་ཀྱི་བུ་ཤེས་པ་རློད་ལ་བཞོག །རྩོལ་བ་མ་བྱེད་རང་ལུགས་སུ་བཞག་པ་ནི། སེམས་ཉིད་ལ་རང་བཞིན་མེད་པའི། སྒོམ་པ་མི་སྒོམ་པར། འཛིན་པ་མ་ཞུར་བར་བཞག་པ་ཡིན་ནོ། །སྐྱེ་མེད་བྱ་བ་དང་བྲལ་བ་ཡིན་པས། ལྷོད་རློད་ལ་བཞག་པ་ཡིན་ནོ། །ཁོང་ཤིག་བཤིག་ལ་བཞག་པར་བྱ་བ་ཡིན་ནོ། །ཆོས་ཉིད་ཡུལ་དུ་མ་རྒྱུར་བའི། །རང་བློ་།།།འཇོག་པ་ཡིན། །ཆོས་ཉིད་རྟོགས་པ་དང་བྲལ་བ་ཡིན་པའི། །རྩི་འདབ་གང་ཡང་མེད་པར་འཇོག་པ་ཡིན། ཆོས་ཉིད་སྤྲོས་དང་བྲལ་བ་ཡིན་པའི། སྐྱོན་ཡོན་གང་ཡང་མི་བསམ་པར་བཞོག །རེས་འགའ་མིག་གོ་སྐམས་པོ་བཞིན། །སྒོ་ལྔ་ལྷག་པར་འཇོག་པ་ཡིན་ནོ། །ཡང་ན་བུ་ཆུང་གཉིད་ལོག་བཞིན། །ལྷན་ནེ་པ་ལ་འཇོག་པ་ཡིན། །ཆོས་ཉིད་ཆགས་པ་དང་བྲལ་བ་ཡིན་པའི། །སྐར་མདའ་སྐྱེས་པའི་མདའ་འཕངས་པ་བཞིན། །སྒོ་ལྔ་ལྷག་པར་འཇོག་པ་ཡིན་ནོ། །ཤེས་པ་རྒྱངས་བཏང་ལ་བཞག །འཁོར་བ་ལས་སངས་རྒྱས་ལོགས་ན་མེད་པའི། བརྟེན་མེད་དུ་བཞག །དུག་མེད་དུ་བཞག །ཤི་བ་བཞིན་དགའ་མི་དགའ་མེད་པར་འཇོག་པ་ཡིན། ཞིག་པའི་ཚུལ་དུ་བཞག །གླེན་ཐེ་ཚོམ་བཞག །ལར་ཞིག་པ་ཞིག་སྟེ་ཆེད་དུ་མ་ཞིག །གདམ་ངག་གིས་ཟིན་པས་གང་ལྟར་བྱས་པ་ཡིན། དོན་ཙ་བྲལ་གྱི་གོ་བ་མེད་ན། གང་ལྟར་

(༩)བྱས་ཀྱང་མེད་པ་ཡིན་ནོ། །འོན་ཀྱང་དེ་ལྟར་སློབས་གཅིག་རིགས་ཀྱི་བུ། །སྤྱོད་པའི་དུས་སུ་ཇི་ལྟར་འགྲོ། །ཞུས་པའི། དོན་ལ་སྤྱད་རྒྱུ་མེད་པ་ལས། །རྐྱེན་སྣང་ཕྲལ་གྱི་རང་སྤྱོད་ཡིན་གྱི། །རྟོག་མེད་ཕག་པ་བཞིན་དུ་སྤྱོད། །རྩོད་མེད་སྨྱོན་པ་བཞིན་དུ་སྤྱོད། །སྙེམས་བྱེད་རྟོག་པ་ཞུགས་ཙམ་ན། །བྱིས་པ་མགོ་ཐུག་བྱེད་པ་བཞིན། །སླར་ཡང་དེའི་ཐོག་དུ་སྐྱུར། །རྐྱེན་སྣང་ཅི་བྱུང་ཅི་ཤར་ཡང་། །རང་སྒྲོལ་དགོངས་པའི་ཟིན་པར་བཅད། །འདི་བཅད་ཁོ་ནའི་ཕྱོགས་མ་ཆིས། །འདི་མིན་གདམ་ངག་གཞན་ལ་མེད། །འོན་ཀྱང་སྤྲོས་པའི་གཏམས་མི་སྨྲ། །ཉམས་དང་།།།དབྱངས་ཆུང་བླང་། །ཅི་བྱ་སྙམས་པའི་སྐྱོ་བ་མེད། །གང་ན་འདུག་ཀྱང་གྱི་ན་ཙམ། །ཡི་མུག་པ་ཡི་བྱ་བ་བཞིན། །ང་ལ་གཅིག་དང་བྱ་བ་མེད། །ཆེད་དུ་བྱ་བ་ཀུན་བཞག་ནས། །བགས་ཀུན་ལས་སྒྲོལ་བར་འགྱུར། །ཅེས་སོ། །བཅོད་ཅེས་བྱ་བ་ཇི་ལྟ་བུ། ཅེས་ཞུས་པས་རིགས་ཀྱི་བུ། ཐམས་ཅད་སེམས་སུ་བཅོད་པ་ཡིན། །སྙེམས་བྱེད་མ་ལུས་ཀུན་མེད་པའི། །སེམས་རྟོགས་སྙེམས་བྱེད་ཆོད་པ་བཞིན། །སྙེམས་བྱེད་རྟོག་པ་གོ་ཙམ་ན། །དཔེར་ན་ཁང་སྟོང་རྐུན་མོ་བཞིན། །ངོ་ཤེས་ཙམ་གྱི་ཟུང་མི་ཐུབ། །གོ་བ་ལོངས་པར་བྱ་བ་ལ། །ཕྱེད་དུ་དོན་ལ་སྤྱོད་པ་མེད། །མི་ཕོ་རྫི་བས་སྤྱོད་དུ་གསུངས། །དམིགས་པ་མེད་པར་ཡིད་ལ་སྤྱོད་པ་ལ། །གཉེན་པོའི་ཕྱོགས་དང་མི་མཐུན་ཕྱོགས། །ཞེས་པ་སྤྱོད་པའི་སྤྱོད་ཅེས་བྱ། །མི་ཕོ་རྫི་བ་ཇི་ལྟར་ལགས་ཞུས་པས།

(༡༠)སྐྱིད་དང་བྲལ་བའི་མི་ཕོ་དང་། །ལྷ་བསྲུངས་སྤོང་བའི་མི་ཕོ་དང་། །འདྲེ་ལ་ལུས་སྐྱུར་མི་ཕོ་དང་། །བཙོག་པ་ལ་སྤྱོད་མི་ཕོ་དང་། །རང་འཁྲིམས་བསྲུང་བའི་མི་ཕོ་དང་། །གཉན་ས་འགྲིམས་པ་མི་ཕོ་དང་། །ནད་དང་རིམས་ལ་སོགས་པ་ལ། །མི་ཕོད་བཞིན་དུ་ཐོག་རྫིས་ན། །རོ་སྙོམས་སྤྱོད་པ་ཁྱད་པར་ཕགས། །ཀུན་དང་ཡོན་ཏན་སྙམས་པར་འགྱུར། །དགག་སྒྲུབ་རྟོགས་པ་ཆུང་བར་འགྱུར། །དགག་སྒྲུབ་དེའི་དོན་རྟོགས་ན། །བཏང་སྙོམས་ཆེན་པོའི་ངང་ལ་བཞོག །ཅེས་སོ། །གཟན་ལ་བྱིན་རླབས་གྱི་ན་ཇི་ལྟར་བགྱི། ཞུས་པའི། དང་པོ་ཕྱིའི་བྱིན་བརླབས་ནི། ཉམས་དབྱངས་ཆུང་ངུ་བླང་བ་དང་། །སྤྱོད་ལ་ཀླེང་བླངས་བྱ་བ་ཡིན། །གཟན་མོས་སྐྱེད་པའི་བྱིན་བརླབས་འབྱུང་། །ནང་གི་བྱིན་བརླབས་བྱ་བ་ནི། །འདྲེ་དང་ནད་པ་རང་གི་སེམས། །གཉིས་མེད་གཅིག་གི་ངང་ལ་།།། །དེའི་ངང་ནས་མ་ཡེངས་བཞག །སྡུག་བསྔལ་བཞི་བའི་བྱིན་བརླབས་འབྱུང་། །གསང་།།།བྱིན་བརླབས་བྱ་བ་ནི། །བྱིན་གྱིས་འགྱུར་བ་མེད་པ་ཡིན། །རླབས་ནི་འགག་མེད་ཤུགས་ལས་འབྱུང་། །ཆོས་ཉིད་སྙེམས་དང་བྲལ་ནས་ནི། །རྩོལ་བྲལ་ཆེན་པོའི་ངང་ལ་བཞག །བྱིན་བརླབས་འབད་པ་མེད་པར་འབྱུང་། །བདག་དང་བཅས་པའི་བྱིན་བརླབས་ནི། །བྱིན་དང་མི་ལྡན་ནུས་པར་ཆུང་། །འདོད་སྲེད་ཅན་གྱི་བྱིན་བརླབས་མེད་ཅེས་སོ། །རང་ལ་ན་ཚ་བྱུང་ན་ཇི་ལྟར་བགྱི།

(༡༡)ཞུས་པས། ལུས་པོ་བཏུབས་ལ་ཚོགས་སུ་འཕུལ། །རྣམ་རྟོག་ཆོས་ཉིད་གཏེར་དུ་སྦས། །དེ་ཡང་ལན་དྲངས་མང་དུ་སྦ། །སོས་ན་དགའ་བའི་བློ་མི་སྐྱེད། །རྐྱེན་ནང་ཚེ་བ་ཅི་བྱུང་དང་། །ཙལ་བྱོངས་རེ་རེས་ཤེས་པར་བྱ། །རྐྱེན་བྱུང་གྲོགས་སུ་མ་ཆོད་ན། །ལྟ་བ་ཐོ་ཡང་དབྱིངས་སུ་རྒོལ། །སེམས་སྟོང་ཙམ་ལ་རློམ་པ་དེ། །དེ་ནི་གསང་བའི་བདུད་ཀྱི་ཟིན། །ཅེས་སོ། །གཟན་ལ་དམ་པ་འདེབས་པ་ན། །ཐེང་གཅིག་གི་ནི་མཆོག་མི་ཆོག །ཞུས་པས། མི་དེ་བསྐལ་ལྡན་བློ་མི་དགོས། །སྔོན་གྱི་སྐྱངས་པའི་ལས་ཡིན་ན། །དེ་མིན་ནན་ཏན་བྱ་བ་ཅེས། །དམ་པའི་ཆོས་ཕྱིར་འབྲེང་བ་ཅེས། །མན་ངག་ཁོང་དུ་ཆུད་པ་ཅེས། །གོ་བ་དང་དུ་མ་ལོངས་བར། །ཚིག་འགག་ཙམ་ལ་ཐག་པ་བཅད། །དེ་ལྟར་དགོངས་གཅིག་རིགས་ཀྱི་བུ། །མི་མིན་ཡེ་ཤེས་མཁའ་འགྲོ་མ། །སངས་རྒྱས་བྱ་བ་ཇི་ལྟ་བུ། །དེ་རུ་འགྲོ་ན་ཇི་ལྟར་འགྲོ། །ཞུས་པའི། སངས་རྒྱས་བགྱི་བའི་ཡིན་ཚུལ་དེ། །འཛིན་པ་བྱ་བ་ཀུན་སྤངས་ནས། །སྐྱེད་བྱེད་རང་བཞིན་ཡེ་སངས་རྒྱས། །སངས་རྒྱས་ཞེས་ནི་དེ་ལ་བྱ། །དེ་རུ་འགྲོ་ལུགས་སྟན་པ་ནི། །སངས་རྒྱས་སྐྱེད་བྱེད་བླ་དགས་ཡིན། །སྔར་འདས་སངས་རྒྱས་རྣམས་ཀྱིས་ཀྱང་། །དེ་ལྟར་ཞུགས་པ་རྣམས་ཀྱི་དང་། །སངས་རྒྱས་ས་རུ་འགྲོ་རུ་མེད། །སངས་རྒྱས་ས་རུ་མི་འགྲོའོ། །བྱིས་པའི་བློ་ཕྱིར་མ་འབྲེང་གཅིག །སངས་རྒྱས་ཐོབ་བྱར་མ་བྱེད་གཅིག །སྐྱེད་བྱེད་དམིགས་པ་མ་བྱེད་གཅིག །འཁོར་བས་འཇིགས་པར་མ་བྱེད་གཅིག །རྣམ་རྟོག་བཟུང་དུ་མ་འཛིན་གཅིག །མི་རྟག་སྒོམ་

(༡༢)པར་མ་བྱེད་གཅིག །ཡེ་ནས་སེམས་ཉིད་སྐྱེད་བྱེད་ལ། །སྐྱེ་བར་དོགས་པར་མ་བྱེད་གཅིག །སྐྱེད་བྱེད་རེ་བ་མ་བྱེད་གཅིག །རྣམ་རྟོག་བཟུང་དུ་མ་འཛིན་གཅིག །ཡེ་ནས་ཆོས་ཉིད་སྐྱེད་བྱེད་ལ། །རྩོལ་བའི་ཉམས་སུ་མ་ལེན་གཅིག །ཆོས་ཉིད་ཡེ་དལ་ཆེན་པོ་ལ། །དམིགས་པ་རང་སར་སྡུ་བར་མ་བྱེད་གཅིག །འཁོར་བ་མྱང་འདས་གཉིས་མེད་ལ། །རེ་དོགས་བསམ་པ་མ་བྱེད་གཅིག །འཁོར་བ་འཛིན་མེད་མྱང་འདས་ལ། །མྱང་འདས་འདོད་པ་འཁོར་བར་ཁྱམས། །མ་ཡེངས་ད་ལྟ་རིགས་ཀྱི་བུ། །མ་རེ་མ་དོགས་རིགས་ཀྱི་བུ། །མ་དོགས་མ་སྤྱོད་རིགས་ཀྱི་བུ། །མདོ་ལས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མིང་མེད། ཞེས་གསུངས་སོ། །འོ་ན་མི་སྒྲུབ་མི་སྒྲུབ་བམ། །ཞེས་ཞུས་པའི། དོན་ལ་ལྟ་བུ་རུ་མེད་པ་ལས། ལྟ་སྤྱོད་བྲལ་བའི་སྐྱེས་བུ་དེ། །མ་ནོར་ལྟ་བ་ཡིན་པར་གསུངས། །དོན་ལ་སྒོམ་དུ་མེད་པ་ལ། །སྒོམ་མེད་སྒྲོལ་བའི་སྐྱེས་བུ་དེ། །མ་ནོར་སྒོམ་འཁན་ཡིན་པར་གསུངས། །སྤྱོད་པ་སྤྱད་དུ་མེད་པ་ལ། །སྤྱོད་འཁན་སྒྲོལ་བའི་སྐྱེས་བུ་དེ། །མ་ནོར་སྤྱོད་མཁན་ཡིན་པར་གསུངས། །ཕ་རོལ་ཕྱིན་པའི་འབྲས་བུ་ལ། །སྒྲུབ་དུ་བཏིལ་ཙམ་ཡོད་མ་ཡིན། །སྒྲུབ་ཆེད་དག་པོ་སྒྲོལ་བ་དེ། །མ་ནོར་འབྲས་བུ་ཡིན་པར་གསུངས། །དེ་ལྟ་བུའི་དོན་རྙེད་ན། །རེ་དོགས་འཆིང་བའི་འཆིང་མི་འགྱུར། །འཁོར་བ་སྒྲོལ་བར་ཐེ་ཚོམ་མེད། །དཔེར་ན་སོས་ཀའི་ཆབ་རོན་འདྲ། །བློ་སྣང་འཁོར་བའི་རང་བཞིན་ལ། །སྐད་ཅིག་ཙམ་

(༡༣)།།།གྱི་སྒྲོལ་བར་འགྲོ། །ཅེས་སོ། །འོ་ན་སངས་རྒྱས་ལ་གཟན་གྱི་དོན་འབྱུང་ངམ་མི་འབྱུང་ངམ་། ཞུས་པས། རྟོག་པ་བཅས་པའི་གཟན་བདོན་དེ། །སེམས་ཅན་ནུས་པའི་བསྟན་བཅོས་སུ་གསུངས། སངས་རྒྱས་སེམས་ཅན་དོན་བྱེད་པ། །དཔེར་ན་ནོར་བུ་རིན་ཆེན་བཞིན། །རྟོག་པ་མེད་བཞིན་སངས་རྒྱས་ནི། །བེམ་པོ་ཡིན་སྟེ་ལྷུན་གྲུབ་དུ། །གཟན་གྱི་དོན་ནི་འབྱུང་བ་ཡིན། །རང་རྟོག་འཛིན་པ་མེད་པ་ལ། །སངས་རྒྱས་ཡོན་ཏན་བསམ་མི་ཁྱབ། །ད་ལྟའི་སེམས་ཨན་བདེ་སྐྱིད་དང་། །དམ་པའི་ཆོས་ལ་ལོངས་སྤྱོད་དེ། །གྲུབ་པ་ཐོབ་པའི་དངོས་གྲུབ་ཀྱང་། །རྟོགས་ལྡན་རྣམས་ཀྱི་ཉམས་མྱོང་དང་། །ལོ་རྟོག་ཆར་ཆུ་དུས་འབྱུང་དང་། །འདོར་ན་ལོངས་སྤྱོད་ཐམས་ཅད་དང་། །སངས་རྒྱས་རྣམས་ཀྱི་ཡོན་ཏན་ནོ། །ཅེས་གསུངས་སོ། །སངས་རྒྱས་ཡོན་ཏན་རང་ལ་བྱུང་བར་འདོད་ན་ཇི་ལྟར་བགྱི། ཞུས་པས། སངས་རྒྱས་རྣམས་ཀྱི་གསུངས་པ་བཞིན། །ཉམས་སུ་སླངས་ན་བྱིན་བརླབས་འབྱུང་། །དུས་གསུམ་སངས་སྐུ་གཟུགས་ལ། །མོས་པ་བྱས་བདོན་བྱུང་བ་བཞིན། །ཉམས་སུ་སླངས་ན་སྨོས་ཅི་དགོས། །མདོ་ཟློས་ཙམ་ལ་བྱིན་བརླབས་འབྱུང་། །ཡིད་ལ་བསམ་པ་སྨོས་ཅི་དགོས། །ཚོ་རྒྱ་གྱི་དོན་ཉིད་རྟོགས་པར་བྱེད། །ཚིག་ལ་མ་བསམ་དོན་ལ་བསམ། །ཚིག་མཁས་པ་ལ་མཁས་པ་མིན། །དོན་ལ་མཁས་པ་མཁས་པ་ཡིན། །དོན་ལ་བསམ་ཞིང་སྤྱད་ན་རང་རིག་སྐྱེ། །དེ་བཞིན་སྐྱེད་བྱེད་སྟོང་པའི་དབྱིངས། །ཚིག་གི་དེ་ཉིད་མཚོན་པའི་ཐབས། །དོན་ལ་ཞོག་གཅིག་རིགས་ཀྱི་བུ། །ལམ་ལ་དྲོད་དུ་མ་ཆིས་ཅིང་། །འབྲས་བུ་ཐོབ་རྒྱུ་མ་ཆིས་པས། །རེ་བ་མ་བྱེད་རིགས་ཀྱི་

(༡༤)བུ། འཁོར་བར་ལྟུང་རྒྱུ་མ་འཆིས་པས། །དོགས་པར་མ་བྱེད་རིགས་ཀྱི་བུ། །སྤྱོད་ལ་སྤྱོད་རྒྱུ་མ་ཆིས་པས། །དུས་གསུམ་རྒྱུན་དུ་ལྷུག་པར་བཞོག །དེ་ལྟར་བཅོས་མེད་ངང་བཞག་ན། །ཆོས་རྣམས་ཀུན་གྱི་རྩ་བ་ཆོད། །ཉོན་མོངས་རྣམ་རྟོག་ངང་གི་བདག །བདུད་རྣམས་སྐྱེད་བྱེད་ངང་གི་བྲལ། །འཁོར་བ་མྱང་འདས་གཉིས་མེད་དུ། །གཅུག་ཏུ་རྒྱུར་བའི་ཆོས་ཉིད་དབྱིངས། །སངས་རྒྱས་ཐམས་ཅད་དགེས་པའི་ན། །བྱིན་བརླབས་འབྱུང་བས་རིགས་ཀྱི་བུ། །ཐེ་ཚོམ་མ་བྱེད་རིགས་ཀྱི་བུ། །བརྒྱུད་པ་ཟུང་གཅིག་རིགས་ཀྱི་བུ། །བདུད་ཀྱི་སྤྱོད་ཡུལ་ཞུས་པས་ན། །བདུད་ཉིད་ཆོས་སྐུ་ཡིན་པས་ན། །དེ་ཉིད་སེམས་སུ་ངོ་ཤེས་ཀྱི། །སེམས་ལ་བཅས་ཅོས་མ་བྱེད་པར། །མ་ཅོས་ངང་ལ་ཞག་པས་ན། །བདུད་ཀྱི་ཆོ་འཕྲུལ་ཅི་འབྱུང་ཡང་། །སྐྱེད་བྱེད་ངང་ལ་བཅོད་ཅིང་བཅོད། །དོན་གྱི་མན་ངག་དེ་བཞིན་ཡིན། །ཉམས་སུ་ལོང་གཅིག་རིགས་ཀྱི་བུ། །བྱིན་བརླབས་འབྱུང་གི་རང་རྒྱུད་བཟུང་། །སྐལ་ལྡན་དྲོངས་གཅིག་རིགས་ཀྱི་བུ། །ཅེས་སོ། །གདམ་པ་འདི་གཟན་ལ་སྤེལ་ལམ་ཞུས་པས། ཁྱོད་ཀྱི་སྤེལ་བའི་མི་ཕེལ་གྱི། །དད་དང་བསྐལ་པར་ལྡན་པ་རྣམས། །དད་ཅིང་འདུས་ན་སྟན་པར་མཛད། །སྐྱེན་གྱི་དེད་པའི་གང་ཟག་ལ། །ཞལ་གྱི་གདམ་པ་ནན་ཆེན་ཐོབ། །ཕན་སེམས་ཅིར་འགྱུར་བྱེད་པས་ན། །ཡིག་སྣ་བཏང་བར་མི་འགྱུར་རོ། །གང་ཟག་སྣོད་ལ་རྟག་པ་ནི། །

(༡༥)ཆགས་སྡང་རྣམ་རྟོག་སྐྱེས་ན་ཡང་། །ངོ་སྤྲོད་དྲན་པ་ལོད་ཀྱི་རློད། །རང་སྒྲོལ་རྩོལ་བ་ཆེན་པོ་ཡིན། །གསུམ་པ་ངོས་འཛིན་པའི་བདོན་དང་མ་བྲལ་ན། མཐུན་དུ་བཅད་པ་སྒོམ་མི་དགོས་པར་སྟན་པ་ནི། ཐུན་དུ་བཅད་པའི་སྒོམ་མི་དགོས། །མ་ཡེངས་དྲན་པ་ཙིས་ཀྱི་བཟུང་། །བཞི་བ་རྣམ་རྟོག་ཐས་ན་བོགས་དབྱུང་བ་ནི། ཐས་ན་རྐྱེན་སྣ་ཚོགས་ལ་བརྟེན་ནས་རྟོགས་པ་དབྱུང་བར་བྱའོ། །ལྔ་པ་ལོག་ན་ལོག་གནོན་གཟེར་ལྟ་བུ་བསྟན་པ་ནི། ལོག་ན་ལོག་མནོན་བདེ་སྟོང་བསྲེ། །མི་འདོད་སྣ་ཚོགས་ལ་རྩལ་བྱངས། །གསུམ་པ་དོན་མཐར་ཕྱིན་པའི་འབྲས་བུ་སྟན་པ་ནི། སྙེམས་མེད་དང་ལྡན་རེ་དོགས་མེད། ཚེ་འདི་ཉིད་མངོན་སངས་རྒྱས། ནང་བདོན་ལག་དུ་བླངས་པ་དེ་ལེ་ལག་བརྒྱད་པའོ། །མ་ཅིག་གི་ལེ་ལག་བརྒྱད་པ་བུ་ཡིག་དང་བཅས་པ་ལེའུ་དགུ་རྫོགས་སོ། །བཀྲ་ཤིས། དགེའོ། །


no previousno next