།འདུས་པའི་བདག་བསྐྱེད།
།འདུས་པའི་བདག་བསྐྱེད་བཞུགས།
འདུས་པའི་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེའི་དཀྱིལ་འཁོར་བའི་ལྷ་ཚོགས་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །འདིར་འདུས་པའི་ཆོ་གའི་ངག་འདོན་བྱ་ཚུལ་འཇུག་པ་བདེ་བར་དགོད་པ་ལ། གནས་ཡིད་དང་མཐུན་པར་རྡོར་དྲིལ་མཆོད་རྫས་སོགས་ཚོགས་པར་བྱས་ཏེ་ཐོག་མར། རང་ཉིད་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། རང་དང་འདྲ་བའི་རེག་བྱ་རྡོ་རྗེ་མས་འཁྱུད་པ། གཉིས་ཀའང་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། སྐུ་་སྟོད་ལྷ་རྫས་ཀྱི་གོས་ཀྱིས་ག་ཤལ་བྱས་ཤིང་སྐུ་སྨད་ལྷ་རྫས་ཀྱི་དར་གྱི་ཤམ་ཐབས་འཕྱར་བར་གྱུར། རྡོར་དྲིལ་བྱིན་བརླབ་བྱ་བ་ནི། རྡོ་རྗེ་ནི་ཐབས་དང་དྲིལ་བུ་ནི་ཤེས་རབ་སྟེ། དེ་གཉིས་ཀའང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ། །ༀ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡེ་ཏིཥྛ་ཨེ་ཀ་ཏྭཱཾ་དྷཱ་ར་ཡཱ་མི་བཛྲ་ས་ཏྭ་ཧི་ཧི་ཧི་ཧི་ཧི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ ཧཱ། ༀ་བཛྲ་གྷཎྚཱ་ཧཱུཾ། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་མཉེས་པར་བྱའོ། །ཧཱུཾ་སེམས་ཅན་རྨོངས་དང་འགྲེལ་བ་ཡི། །རྡོ་རྗེ་གསོར་བ་མཛེས་པ་ཡིས། །རྣམ་ཐར་ཆོས་ཀྱི་བྱ་བ་སྟེ། །སྤྲོ་དང་བཅས་པས་རྡོ་རྗེ་གཟུང་། ཧཱུཾ་ཧུཾ་ཧཱུཾ་ཧོ་ཧོ་ཧོ། ༀ་བཛྲ་དྷརྨཱ་ར་ཎི་ཏ་པྲ་ར་ཎི་ཏ་སཾ་པྲ་ར་ཎི་ཏ་སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནེ་པྲཛྙཱ་པཱ་ར་མི་ཏ་ནཱ་ད་སྭ་བྷཱ་ཝེ་བཛྲ་་སཏྭ་ཧྲཾ་ད་ཡ་སནྟོ་ཥ་ཎི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་སྭཱཧཱ། ནང་མཆོད་བྱིན་བརླབ་ནི། ༀ་ཨཱཿབིགྷྣན་ཏ་ཀྲིཏ་ཧཱུཾ། ༀ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ ཧཾ། སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་ཧཱུཾ་ཡཾ་ཧཱུཾ་གི་ཡཾ་སྔོ་སྐྱ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་ལྗང་སྔོན་ཟླ་གམ་ཧཱུཾ་གཉིས་ལས་བྱུང་བའི་རྡོ་རྗེ་གཉིས་ཀྱིས་ཕྱོགས་གཉིས་བརྒྱན་པ། དེའི་སྟེང་དུ་ཧཱུཾ་རཾ་ཧཱུཾ་གི་རཾ་དམར་པོ་ལས་བྱུང་བའི་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་ཧཱུཾ་གཉིས་ལས་བྱུང་བའི་རྡོ་རྗེ་གཉིས་ཀྱིས་ཕྱོགས་གཉིས་བརྒྱན་པ། དེའི་སྟེང་དུ་ༀ་ཨཱཿཧཱུཾ་ལས་བྱུང་བའི་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨཱཿལས་བྱུང་བའི་ཐོད་པ་ཕྱི་དཀར་ལ་ནང་དམར་བའི་ནང་དུ་ཨཱཿ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ལས་ཨཱཿས་མཚན་པ། དེའི་དབུས་སུ་ཧཱུཾ་ལས་མིའི་ཤ་ཧཱུཾ་གིས་མཚན་པ། ཤར་དུ་བྲུཾ་ལས་གླང་པོ་ཆེའི་ཤ་བྲུཾ་གྱིས་མཚན་པ། ལྷོར་ཨཱཾ་ལས་རྟའི་ཤ་ཨཱཾ་གིས་མཚན་པ། ནུབ་ཏུ་ཛྲིཾ་ལས་བ་ལང་གི་ཤ་ཛྲིཾ་གིས་མཚན་པ། བྱང་དུ་ཁཾ་ལམ་ཁྱིའི་ཤ་ཁཾ་གིས་མཚན་པ། སླར་ཡང་དབུས་སུ་ཧཱུཾ་ལས་དྲི་ཆུ་ཧཱུཾ་གིས་མཚན་པ། ཤར་དུ་བྲུཾ་ལས་དྲི་ཆེན་བྲུཾ་གྱིས་མཚན་པ། ལྷོར་ཨཱཾ་ལས་རཀྟ་ཨཱཾ་གིས་མཚན་པ། ནུབ་ཏུ་ཛྲིཾ་ལས་བྱང་སེམས་དཀར་པོ་ཛྲིཾ་གིས་མཚན་པ། བྱང་དུ་ཁཾ་ལས་ཤ་ཆེན་ཁཾ་གིས་མཚན་པ། བདུད་རྩི་ལྔ་ལ་ཐུན་མོང་དུ་ༀ་ཡིག་གིས་མཚན་པ། དེ་དག་གི་སྟེང་གི་བར་སྣང་ལ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་གིས་མཚན་པ། དེ་ལ་འོད་འཕྲོས། རླུང་གཡོས། མེ་སྦར། ཐོད་པའི་ནང་གི་རྫས་རྣམས་ཞུ་ཞིང་ཁོལ་བའི་ནང་དུ་རྡོ་རྗེ་ཉི་གདན་དང་བཅས་པ་ལྟུང་ནས་དཀྲུགས་པས་རྡོ་རྗེ་དང་རྫས་རྣམས་རོ་མཉམ་དུ་གྱུར། དྲི་མ་ཐམས་ཅད་སྤྱངས། ཤེལ་ལྟར་དག་པར་གྱུར། པདྨ་ཨཱཿདང་བཅས་པ་ཞུ་བས་ཉི་མ་ལྟར་འབར་བའི་འོད་ཀྱིས་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་རྟོགས་པར་བྱས། ༀ་ཡིག་གི་འོད་ཟེར་ལྕགས་ཀྱུ་ལྟ་བུས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་བསྣན་པས་མང་བོར་སྦར་ཞིང་སྤེལ་བར་གྱུར། ༀ་ཨཱཿཧཱུཾ། ལན་གསུམ་མམ་བདུན་བརྗོད། སྔོན་འགྲོའི་མཆོད་པ་བྱིན་བརླབ་ནི། ༀ་ཨཱཿ་བིགྷྣཱ་ན་ཏ་ཀྲྀཏ་ཧཱུཾ། ༀ་ཤཱུནྱ་ཏཱ་ཞེས་པ་ནས། ཧཾ་སྟོང་བ་ཉིད་དུ་གྱུར། སྟོང་བའི་ངང་ལས་ཨཱ་ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨཾ་པཱཾ་པུཾ་ལ་སོགས་བ་སོ་སོའི་མིང་ཡིག་དང་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། ཞལ་བསིལ། བསང་གཏོར། མེ་ཏོག །བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་རྣམས་རང་བཞིན་བདེ་སྟོང་། རྣམ་པ་མཆོད་རྫས། བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ། ༀ་པཱ་དྱཾ་ཨཱཿཧཱུཾ། ༀ་ཨཱཉྩ་མ་ཎཾ་ཨཱཿཧཱུཾ། ༀ་པྲོཀྵ་ཎཾ་ཨཱཿཧཱུཾ། དེ་བཞིན་དུ་སྦྱར་ཏེ། པུཥྤེ། དྷཱུ་པེ། ཨ་ལོ་ཀེ །གནྡྷ། ནཻ་ཝི་དྱེ། ཤཔྟ་ཨཱ་ཧཱུཾ། དེ་ནས་སྔོན་འགྲོའི་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ཏེ། གཏོར་མགྲོན་སྤྱན་དྲངས་ནས་གསལ་ག དབ་པ་ནི། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས། ཕྱོགས་སྐྱོང་བཅོ་ལྔ་འཁོར་དང་བཅས་པ་བཀུག་སྟེ་ཕྱོགས་མཚམས་རྣམས་སུ་གནས་པ་ནི། ཤར་དུ་རྡོ་རྗེ་མཚོན་ཆ་སེར་པོ་མིག་སྟོང་བ། ས་སྲུང་དཀར་པོ་ལ་ཞོན་པ། རྡོ་རྗེ་འཛིན་པ། དེའི་གཡས་སུ་སྒྱུ་མ་རྡོ་རྗེ་ནག་པོ་ནམ་མཁའ་ལྡིང་ལ་ཞོན་པ། གཡས་གཉིས་འཁོར་ལོ་དང་དབྱུག་ཏོ། གཡོན་གཉིས་དུང་དང་ནོར་བུ་ཀཽ་ཏུ་བྷ་ཐོགས་པ། མེར་རྡོ་རྗེ་མེ་དམར་པོ་སྨིན་མ་དང་རལ་པའི་ཐོད་དང་སྨ་ར་འབར་ཞིང་འཁྲུག་པ། ཤིན་ཏུ་ཚོ་བ། ར་ལ་ཞོན་པ། གཡས་གཉིས་སྐྱབས་སྦྱིན་དང་བགྲང་ཕྲེང་། གཡོན་གཉིས་རིལ་བ་དང་དབྱུ་གུ་འཛིན་པ། ལྷོར་རྡོ་རྗེ་དུས་ནག་པོ་མ་ཧེའི་གདན་ལ་གཡས་བརྐྱང་གིས་བཞུགས་པ། སྐྲ་གྱེན་དུ་འབར་ཞིང་ཁྲོས་པ། གཡས་དབྱུག་པ་་དང་། གཡོན་སྡིགས་མཛུབ་མཛད་པ། ལྷོ་ནུབ་ཏུ་རྡོ་རྗེ་གཏུན་ཤིང་ནག་པོ་རོ་ལ་གནས་པ། གཅེར་བུ་མི་རུས་ཀྱིས་བརྒྱན་ཅིང་མཆེ་བ་གཙིགས་པ། གཡས་གྲི་གུག་དང་། གཡོན་ཐོད་པ་འཛིན་པ། ནུབ་ཏུ་རྡོ་རྗེ་ཀླུ་དཀར་བོ་གདེངས་ཀ་བདུན་དང་ལྡན་པ། སྦྲུལ་ཞགས་འཛིན་པ། ནུབ་བྱང་དུ་རྡོ་རྗེ་རླུང་ལྗང་ཀུ་ཨེ་ན་ཡ་སེར་པོ་ལ་གནས་པ། རླུང་རས་འཛིན་པ། །བྱང་དུ་རྡོ་རྗེ་འཇིགས་བྱེད་སེར་པོ་མི་ལ་གནས་ཤིང་སྦོམ་པ། གཡས་ནེའུ་ལེ་དང་། གཡོན་བི་ཛ་བུ་ར་འཛིན་པ། དེའི་གཡས་སུ་རྡོ་རྗེ་སྣ་རིང་དཀར་པོ་གླང་པོ་ཆེའི་གདོང་བ་ཅན་བྱི་བ་ལ་གནས་པ། གཡས་གཉིས་ལ་ཕུག་དང་དབྱུག་པ། གཡོན་གཉིས་ལ་དུ་དང་ཕྲེང་བ་འཛིན་པ། བྱང་ཤར་དུ་རྡོ་རྗེ་ཁྲོ་བོ་དཀར་པོ་ཁྱུ་མཆོག་ལ་གནས་པ། རལ་པའི་ཐོར་ཚུགས་དང་རུས་པས་རྒྱན་དང་ལྡན་པ། གཡས་རྩེ་གསུམ་པས་མཚན་པའི་ཁ་ཊྭཱཾ་ག་དང་། གཡོན་ཅང་ཏེའུ་འཛིན་པ། དབང་ལྡན་དང་ཉེ་དབང་གི་བར་དུ་རྡོ་རྗེ་འཁྱིལ་བ་དམར་པོ་ཤིང་རྟ་ལ་གནས་པ། བཟོད་པར་དཀའ་བའི་འོད་ཟེར་ཅན། པདྨ་འཛིན་པ། རྡོ་རྗེ་འོད་དཀར་པོ་་འཁོར་ལོ་ལ་གནས་པ། གཡས་སུ་མུ་ད་དང་གཡོན་བགྲང་ཕྲེང་འཛིན་པ། མི་སྨྲ་རྡོ་རྗེ་སེར་པོ་ངང་པ་ལ་གནས་པ། གཡས་གཉིས་པདྨ་དང་སྐྱབས་སྦྱིན། གཡོན་གཉིས་བགྲང་ཕྲེང་དང་དབྱིག་པ་འཛིན་པ། ཆུ་ལྷ་དང་བདེན་བྲལ་གཉིས་ཀྱི་བར་དུ་ཐག་བཟང་རིས་ནག་པོ་ཤིང་རྟ་གནས་པ། རལ་གྲི་འཛིན་པ། སའི་ལྷ་མོ་སེར་མོ་པདྨ་ལ་གནས་པ། པདྨ་འཛིན་པ། དབང་པོ་ལ་སོགས་པའི་འཇིག་རྟེན་པ་ཐམས་ཅད་སྐད་ཅིག་གིས་འོད་གསལ་དུ་བཅུག་པ་ལས་འདུས་པའི་ལྷ་ཤེས་རབ་མ་དང་བཅས་པའི་སྐུར་བཞེངས་པའི་མགྲོན་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་བའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་རྣམས་སུ་གྱུར། ༀ་ཨཱ་ཧྲཱིཿཔྲ་ཝ་ར་སད་ཀ་རཾ་མརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ ཧཱ། ༀ་ཨཱཿཧྲཱིཿཔྲ་ཝ་ར་ས ད་ཀ་རཾ་པཱ་དྱཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ༀ་ཨཱཿ ཧྲཱིཿཔྲ་ཝ་ར་སད་ཀ་རཾ་ཨཱ་ཉྩ་མ་ཎཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ ཧཱ། ༀ་ཨཱཿཧྲིཿཔྲ་ཝ་ར་ས ད་ཀ་རཾ་པྲོ་ཀཱ་ཆཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཞེས་ཆུ་བཞི་ཕུལ་ནས། གཏོར་མ་འདུལ་ཞིང་འཕྲིན་ལས་བཅོལ་བ་ནི། ༀ་ཨཱཿ་དུས་གསུམ་སྐྱེས་པ་ཀུན་དང་ཕྱོགས་བཅུ་ཡི། །འཇིགས་རྟེན་ཁམས་རྣམས་ནམ་མཁའི་མཐའ་ཀླས་པ། །རྒྱ་མཚོ་སྤྲིན་གྱི་བཀོད་པ་རབ་འབྱམས་ཀྱི། །ཤིན་ཏུ་ཕྲ་བའི་རྡུལ་སྐྱེས་དཀྱིལ་འཁོར་ནི། །ཕན་ཚུན་གཅིག་གི་ནང་དུ་གཅིག་སོན་པ། །སྙོམས་པར་འཇུག་པ་ཀུན་ཏུ་གནས་པ་ཡི། །ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་ཞིང་། །ནམ་མཁའི་ཁམས་ཀྱི་ཡོངས་སུ་མཐར་ཐུག་པའི། །དུས་གསུམ་སྐྱེས་པ་ཀུན་དང་ཕྱོོགས་བཅུ་ཡི། །འཇིག་རྟེན་ཁམས་རྣམས་མཐའ་ཡས་སྤྲིན་བཀོད་པ། །ནམ་མཁའ་རབ་འབྱམས་མཉམ་དང་འཇིག་རྟེན་སྐྱོང་། །ཀུན་དང་སེམས་ཅན་ཀུན་ཀྱང་འདི་ལྟ་སྟེ། །རྡོ་རྗེ་མཚོན་ཆ་སྒྱུ་མ་རྡོ་རྗེ་དང་། །རྡོ་རྗེ་མེ་དང་རྡོ་རྗེ་དུས་དང་ནི། རྡོ་རྗེ་གཏུན་ཤིང་རྡོ་རྗེ་ཀླུ་དག་དང་། རྡོ་རྗེ་ལུང་དང་རྡོ་རྗེ་འཇིགས་བྱེད་དང་། །རྡོ་རྗེ་སྣ་རིང་རྡོ་རྗེ་ཁྲོ་བོ་དང་། རྡོ་རྗེ་འཁྱིལ་བ་རྡོ་རྗེ་འོད་དང་ནི། །མི་སྨྲ་རྡོ་རྗེ་དང་ནི་ཐག་བཟང་རིས། །ས་ཡི་ལྷ་མོ་འཁོར་དང་བཅས་པ་ལ། །མེ་ཏོག་དག་དང་བདུག་པ་མར་མེ་དང་། །དྲི་་དང་ལྷ་བཤོས་ལ་སོགས་ཡང་དག་ལྡན། །ཉེ་བར་སྤྱོད་པ་དང་ནི་གཏོར་མ་འདི། །སོ་སོར་བཞེས་ཤིང་ཉེ་བར་ལོངས་སྤྱད་ནས། །བདག་གི་དབྱིག་གསེར་ནོར་འབྲུ་ལང་ཚོ་ཚེ། །ནད་མེད་པ་དང་བདེ་བ་དམ་པ་རྣམས། །འཕྲོག་པར་བྱེད་པའི་བགེགས་དང་ལོག་འདྲེན་ཀུན། །སྡང་དང་རབ་ཏུ་སྡང་བ་ཐམས་ཅད་དང་། །མི་དང་མི་མ་ཡིན་རྣམས་རྨོངས་པར་མཛོད། །རེངས་་དང་བཅིང་དང་རྣམ་པར་འཇིག་པར་མཛོད། །བདག་ལ་དབྱིག་གསེར་ནོར་་འབྲུ་ལང་ཚོ་ཚེ། །ནད་མེད་པ་དང་བདེ་བ་དམ་པ་དང་། །བདེ་བ་ཆེན་པོ་རབ་ཏུ་འཕེལ་བ་རྣམས། །ཇི་སྲིད་བྱང་ཆུབ་སྙིང་པོའི་མཐར་ཐུག་བར། །གནང་བར་མཛད་ཅིང་རྟག་ཏུ་སྟོོངས་གྲོགས་དང་། ཞི་བ་དང་ནི་སྲུང་བར་མཛད་དུ་གསོལ། ཧཱུཾ་སྭཱཧཱ། དེ་ནས་ཞལ་བསིལ་མཆོད་ཡོན་ཉེར་སྤྱོད་ནང་མཆོད་བཟོད་གསོལ་སོགས་ནི་རིམ་པ་བཞིན། ༀ་ཨཱཿཧྲཱཾཿཔྲ་ཝ་ར་སད་ཀ་རཾ་ཨཉྩ་མ་ཎཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ༀ་ཨཿཧཱིཿཔྲ་ཝ་ར་སད་ཀ་རཾ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཧཱ། ༀ་བཛྲ་ཏཾ་བུ་ལ་ཡེ་སྭཱཧཱ། ༀ་ད་ཤ་དི ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། དེ་བཞིན་དུ་སྦྱར་ཏེ། ཤཔྟ་པྲ་ཏཱཾ་ཙྪ་ཧཱུཾ་སྭཱཧཱ། ཞེས་པའི་བར་བརྗོད། ༀ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝ་ར་ༀ་ཨཱཿཧཱུཾ། ༀ་བཛྲ་ས་ཏྭ། སོགས་ཡིག་བརྒྱ་ཚར་གཅིག་བརྗོད། མ་རྙེད་ཡོངས་སུ་མ་ཤེས་དང་། གང་ཡང་ནུས་པ་མ་མཆིས་པས། འདིར་ནི་བྱ་བ་གང་བགྱིས་པ། དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། །ༀ་ཨཱཿཧཱུཾ་བཛྲ་མུཿཕྱོགས་སྐྱོང་འཁོར་བཅས་རང་གནས་་སུ་གཤེགས་པར་གྱུར། །ཞེས་བརྗོད་དེ་སེ་གོལ་གཏོག །བདག་བསྐྱེད་མཆོད་པ་བྱིན་བརླབས་ནི། ༀ་ཨཱཿབིགྷྣཱན་ཏ་ཀྲྀཏ་ཧཱུཾ། ༀ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ ཝ་ཨཏྨ་ཀོ་ཉ་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཅེས་པ་ནས། རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ༀ་པཱཾ་པུཾ་ལ་སོགས་པ། ཞེས་པ་ནས། རོལ་མོ་ལ་སོགས་པ་རྣམས་རང་བཞིན་བདེ་སྟོང་། ཞེས་པ་ནས། བསྐྱེད་པར་གྱུར། ༀ་ཨརྒྷཾ་ཨཱཿཧཱུཾ། དེ་བཞིན་དུ་སྦྱར་ཏེ། པཱདྱཾ། པུཤཔེ། དྷཱུ་པེ། ཨཱལོ་ཀེ། གནྡྷེ། ནཻ་ཝིདྱེ། ཤཔྟ། རཱུ་པ། ཤཔྟ གདྷེ། ར་་ས། སྤར་ཤ་ཨཱཿཧཱུཾ། ཞེས་དང་། དེ་ནས་དཀྱིལ་འཁོར་སྒྲུབ་པ་ལྟ་བུའི་སྐ བས་མ་ཡིན་ན་མ་གཏོག །འདིར་མཎྜལ་འབུལ་དགོས་པའི་ངེས་པ་མི་འདུག་ཀྱང་། འདོད་ན་གཞན་དུ་གསལ་བ་ལྟར། ༀ་བཛྲ་བྷུ་མི་ཨཱཿཧཱུཾ། ཞེས་པ་ནས། སེམས་ཅན་ཐམས་ཅད་ལ་བྱིན་གྱིས་རློབ་ཏུ་གསོལ། བདག་གཞན་ལུས་ངག་ཡིད་གསུམ་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས། རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། །བློ་ཡིས་བསླངས་ནས་བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཨི་དཾ་གུ་རུ་རཏྣ་མཎྜལ་ཀཾ་ནི་རཱ་ཏ་ཡཱ་མི། ཞེས་སྦྱར་བའི་རྒྱས་པའམ་ཚིགས་བཅད་སྔགས་དང་བཅས་པ་ཙམ་གྱིས་འབུལ་ལོ། །སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། ཡིད་ཀྱི་རོལ་བ་དྲི་མེད་ཟླ་འདྲས་བསྒྲུབས། །སྙིང་རྗེ་དམ་པ་མཐའ་ཡས་པ་ཡི་་ཐབས། །རང་གི་ཡིད་ལ་གནས་པར་གྱུར་པ་ནི། །བདེ་གཤེགས་རྣམས་ལ་རྟག་ཏུ་སྐྱབས་སུ་མཆི། །རྟོག་པ་མ་ལུས་པ་ལས་ངེས་གྲོལ་ཞིང་། །སེམས་་དཔའ་དམ་པ་རྣམས་ཀྱི་ཕུན་ཚོགས་གཞི། །དངོས་པོ་ཐམས་ཅད་རོ་གཅིག་ངོ་བོ་ཉིད། །དམ་པའི་ཆོས་ལ་རྟག་ཏུ་སྐྱབས་སུ་མཆི། །འཆིང་བ་རྣམས་ལས་་ཡང་དག་གྲོལ་གྱུར་ཅིང་། །སྙིང་རྗེ་མཆོག་གིས་བསྐྲུན་པའི་དཔལ་དང་ལྡན། །རབ་ཏུ་དགའ་སོགས་ས་ལ་རབ་བཞུགས་པ། །བརྟུལ་ཞུགས་དབང་པོའི་ཚོགས་ལ་སྐྱབས་སུ་མཆི། །བསམ་དང་རྣམ་པར་སྨིན་པ་དག་གྱུར་པས། །སྒྲིབ་པ་ཀུན་གྱི་བག་ཆགས་ཡང་དག་འབྱིན། །ལྷག་པར་མོས་པས་རྣམ་པར་བརྒྱན་པ་ཡི། །སེམས་ནི་བྱང་ཆུབ་དམ་པར་བསྐྱེད་པར་བགྱི། །དེ་ནས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། རང་གི་སྤྱི་བོར་བཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ཧཱུཾ་གིས་མཚན་པ། དེ་ལས་འོད་འཕྲོས། འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་་དང་དྲིལ་བུ་འཛིན་པས་འཁྱུད་པ། གཉིས་ཀའང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ། ཡབ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུཾ་ཡིག་དཀར་པོ། །དེ་ལས་འོད་འཕྲོས། །རང་འདྲའི་ཡེ་ཤེས་པ་སྤྱན་དྲངས། །ༀ་བཛྲ་ས་ཏྭ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཞེས་པ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་དབང་གི་ལྷ་རྣམས་སྤྱན་དྲངས། ༀ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། ཞེས་པ་ནས། ཤཔྟ་པྲ་ཏཱི་ཙྪ་ཧཱུཾ་སྭཱཧཱ། དེ་བཞིན་གཤེེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་དབང་བསྐུར། སྐུ་ཡེ་ཤེས་ཀྱི་བདུད་རྩིས་གང་། །མི་བསྐྱོད་པས་དབུ་བརྒྱན་པར་གྱུར། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆགས་་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པས་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། སངས་རྒྱས་སྲས་བཅས་ལ་མཉེས་པའི་མཆོད་པ་ཕུལ། དེ་རྣམས་ཀྱི་ཡོན་ཏན་་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་ཐུགས་ཀའི་ཧཱུཾ་ལ་ཐིམ་པས་གཟི་བརྗིད་་དང་མཐུ་སྟོབས་ཕུན་སུམ་ཚོགས་པར་གྱུར། ༀ་བཛྲ་ས་ཏྭཱ་ས་མ་ཡ། མ་ནུ་པ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་ཌི་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷཱ་བ། སུ་པོ་ཥྱོ་མེ་བྷཱ་ཝ། ཨ་ནུ་རཀྟོ་མེ་བྷཱ་ཝ། སརྦ་སིདྡྷི་མྨེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མ། ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱ ན་སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ། བཛྲི་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱུཾ་ཕཊ། བདག་ནི་མི་ཤེས་རྨོངས་པ་ཡི། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། རྡོ་རྗེ་སེམས་དཔའི་ཞལ་ནས། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་དང་དམ་ཚིག་ཉམས་ཆགས་་ཐམས་ཅད་བྱང་ཞིང་དག་གོ །ཞེས་གསུངས་ནས་རང་ལ་ཐིམ་པས་རང་གི་སྒོ་གསུམ་དང་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར། དེ་ནས་ཚོགས་ཞིང་སྤྱན་དྲངས་ཏེ་ཕྱག་འཚལ་ཞིང་མཆོད་པ་དང་སྡིག་བཤགས་སེམས་བསྐྱེད་ནི། རང་མི་བསྐྱོད་རྡོ་རྗེར་གསལ་བའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་རང་བཞིན་གྱི་གནས་ནས་བྲི་མ་དང་གཉིས་སུ་མེད་པའི་མི་སྐྱོད་པའི་དཀྱིལ་འཁོར་སྤྱན་དྲངས། །འོད་ཟེར་རང་གི་སྙིང་གར་ཐིམ། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། དེ་བཞིན་དུ། ཨརྒྷཾ་གྱི་གནས་སུ། པྟ་དྱ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གན་དྷེ། ནེ་ཝི་དྱེ། ཤཔྟ། རཱུ་པ། ཤཔྟ། གནྡྷེ། ར་ས། སྤར་ཤ། ཞེས་སྦྱར། གང་ཞིག་གཟུགས་དང་ཚོར་བ་འདུ་ཤེས་འདུ་བྱེད་དང་། རྣམ་པར་ཤེས་དང་སྐྱེ་མཆེད་དྲུག་དང་དབང་པོ་དྲུག །ས་ཆུ་མེ་དང་རླུང་དང་ནམ་མཁའ་ཐམས་ཅད་ནི། །བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ། །གཏི་མུག་ཉེས་པ་འདོད་ཆགས་རྡོ་རྗེ་ཆོས་བཅས་གང་། །རིག་པའི་སྦྱོར་བ་ལས་བྱུང་རྟག་ཏུ་རབ་འབྲེལ་བར། །རྣམ་པ་སྣ་ཚོགས་དགའ་བས་མྱོས་པའི་དངོས་གྱུར་པ། །བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ། །སྡུད་དང་དག་དང་རྣམ་པ་་དེ་བཞིན་མི་འགྱུར་དང་། །རྒྱུ་དང་འབྲས་བུའི་རང་བཞིན་སེམས་སུ་རྗེས་ཐོགས་ཆོས། །རྨོངས་དང་ཞེ་སྡང་འདོད་ཆགས་སྒྲིབ་བ་རྡོ་རྗེ་སྟེ། །བྱང་ཆུབ་་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ། །གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །མ་ལུས་ཀུན་རྟོག་གིས་བསགས་རྙོག་པ་རྣམས། །ཐུགས་རྗེ་ཆེ་ལྡན་སྤྱན་སྔར་དེ་དག་ནི། །ཆོ་ག་བཞིན་དུ་ཐམས་ཅད་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། །འཕགས་པ་གཞན་གྱིས་དགེ་བ་གང་མཛད་པ། །དེ་དག་ཀུན་ལ་ཡང་དག་ཡི་རང་ཞིང་། བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོ་བར་བགྱི། །ཡིད་ཀྱི་རོལ་བ་དྲི་མེད་ཟླ་འདྲས་བསྒྲུབས། །ཞེས་པ་ནས། སེམས་ནི་བྱང་ཆུབ་དམ་པར་བསྐྱེད་པར་བགྱི། །བདེ་གཤེགས་སྲས་བཅས་རྣམས་ཀྱི་ལམ་གཅིག་པུ། །སྦྱིན་སོགས་རྣམ་བཅུ་་དཀར་པོའི་ཡོན་ཏན་ཚུལ། རྫོགས་སངས་རྒྱས་བདག་མ་ལུས་ངོ་བོའི་བློས། ཡང་དག་ཉིད་དུ་དེ་ནི་གནས་པར་བགྱི། །དེ་ནས་རིགས་ལྔའི་སྡོམ་བཟུང་ནི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བྱ་བ་ནི། །དུས་འདི་ནས་ནི་བཟུང་ནས་ནི། །བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་ མགོན་པོ་རྣམས། །བྱང ་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་་སོར་བརྟན་པོར་བདག་གིས་བཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བདག་གིས་བཟུང་། །རྡོ་རྗེ་རིགས་མཆོག་ཆེན་པོ་ཡི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་་དག་ཉིད་དུ་སོ་སོར་བཟུང་། །མཆོད་པའི་ལས་ནི་ཅི་ནུས་བགྱི། །བྱང་ཆུབ་་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད་། །ཚོགས་ཞིང་རྣམས་རང་གནས་སུ་གཤེགས་པར་གྱུར། དེ་ནས་ཁྲོ་བཅུའི་བསྲུང་འཁོར་ཕུར་གདབ་དང་བཅས་པ་ནི། ༀ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ་ཉ་ཧཾ། ཆོས་རྣམས་ཀྱི་ངོ་བོ་རྒྱུ་འབྲས་གསུམ་རང་གི་མཚན་ཉིད་གྱིས་གྲུབ་པས་སྟོངས་པའི་སྟོང་བ་ཉིད་དུ་གྱུར། །སྟོང་བའི་ངང་ལས་བཾ་ལས་སྣ་ཚོགས་པདྨའི་ལྟེ་བར་ཨཿལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲུཾ་སེར་པོ་ལས་བྱུང་བའི་འཁོར་ལོ་སེར་པོ་རྩིབས་བཅུ་བ་གཡས་སྐོར་དུ་མགྱོགས་པར་འཁོར་བ། རྡོ་རྗེ་འབར་བའི་སྤྲིན་གྱི་འཕྲེང་བ་ཕྱོག་བཅུར་འཕྲོ་བ། ལྟེ་བའི་ནང་གི་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བའི་གདན། ཕྱོགས་མཚམས་ཀྱི་རྩིབས་བརྒྱད་ཀྱི་རྩེ་མོ་དང་ལྟེ་བའི་ནང་གི་སྟེང་འོག་གི་རྩིབས་ལ་ཅུང་ཟད་མ་རེག་པར་སྣ་ཚོགས་པདྨ་དང་ཉི་མའི་གདན་རེ་རེ། གདན་དབུས་མའི་སྟེང་དུ་རང་ཉིད་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ་གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དཀར་མོ་དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། ཡབ་ཡུམ་གཉིས་ཀའི་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་དུ་འཁྱུད་པ། གཉིས་ཀའང་འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་མཛེས་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན་དུ་གྱུར། རང་གི་ཐུགས་་ཀར་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ཡེ་ཤེས་སེམས་དཔའ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་སྣང་གི་ཤེས་རབ་མ་ལ་འཁྱུད་པ། དེའི་ཐུགས་ཀར་ཟླ་བའི་གདན་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བའི་ནང་དུ་ཏིང་ངེ་སེམས་དཔའ་ཧཱུཾ་ཡིག་སྔོན་པོ། རང་གི་སྤྱི་བོར་སྐུ་རྡོ་རྗེ་ངོ་བོ་ༀ་དཀར་པོ། མགྲིན་པར་གསུང་རྡོ་རྗེའི་ངོ་བོ་ཨཱཿདམར་པོ། །ཐུགས་ཀར་ཐུགས་རྡོ་རྗེའི་ངོ་བོ་ཧཱུཾ་སྔོན་པོ། །ཡབ་ཡུམ་སྙོམ་པར་ཞུགས་པའི་་ཐུགས་ཀའི་ཏིང་ངེ་སེམས་དཔའི་འོད་ཟེར་གྱིས་མི་བསྐྱོད་པ་ལ་ཁྲོ་བོ་བཅུས་བསྐོར་བ་སྤྱན་དྲངས། །ཞལ་ནས་ཞུགས། རྡོ་རྗེའི་ལམ་ནས་ཡུམ་ཀྱི་པདྨར་ཞུ་བའི་ཐིག་ལེ་བཅུ་གཅིག་ཧཱུཾཾ་རིང་བོ་བཅུ་གཅིག་ཏུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་དང་ཁྲོ་བོ་བཅུར་གྱུར་པའི་མི་བསྐྱོད་པ་ནག་པོ་ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འ ཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། རང་གི་ཐུགས་ཀར་དྲངས། བཛྲ་དྷྲིཀ་ཐུགས་ཀ་ནས་ཕྱིར་ཕྱུང་། ཕྱོགས་བཅུར་འཕྲོོས། ཆོས་འཁོར་བསྐོར་བ་ལ་སོགས་པའི་སངས་རྒྱས་ཀྱི་མཛད་པ་མཛད། ཁྱད་པར་དུ་ཡང་སེམས་ཅན་ཞེ་སྡང་ཅན་རྣམས་ཀྱི་ཞེ་སྡང་སྦྱངས། མི་བསྐྱོད་པའི་གོ་འཕང་ལ་བཀོད། སྤྲུལ་བ་རྣམས་གཅིག་ཏུ་འདུས། མི་བསྐྱོད་པ་ཡེ་ཤེས་པ་དང་དབྱེར་མེད་དུ་འདྲེས་ནས་རང་ལ་རྗེས་སུ་ཞུགས་པས་སྔར་གྱི་ཟླ་བ་ཉ ི་གདན་དུ་གྱུར་པའི་སྟེང་དུ་རང་ཉིད་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ཁྲོ་བ་དང་འདོད་ཆགས་ཆེན་པོ་འདྲེས་པའི་ཉམས་ཅན། མཆེ་བ་ཅུང་ཟད་གཙིགས་པ། རྩ་ཞལ་ནག་བོ་དྲག་པོ། གཡས་ཞལ་དཀར་པོ་ཞིག །གཡོན་ཞལ་དམར་པོ་ཆགས་པའི་ཉམས་ཅན། ཕྱག་དྲུག་གི་གཡས་རྡོ་རྗེ་རྩེ་དགུ་པ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱད་པ། ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་རེག་བྱ་རྡོ་རྗེ་མ་སྔོན་མོར་གྱུར་པ་ནི། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། དབུ་སྐྲ་རལ་བ་ཕྱེད་བཅིངས་སུ་བྱས་པ། ཤིན་ཏུ་སྒེག་ཅིང་བཞིན་འཛུམ་བག་དང་ལྡན་པ་ཟུར་གྱི་བལྟ་བ་ལ་སོགས་པའི་རྣམ་འགྱུར་གྱིས་མཛེས་པ། ལང་ཚོ་དར་ལ་བབ་ཅིང་འདོད་ཡོན་ལྔའི་དགའ་བས་རོལ་བ། ཡབ་ཡུམ་གཉིས་ཀའི་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་དུ་འཁྱུད་པ། གཉིས་ཀའང་རིན་པོ་ཆེའི་དབུ་རྒྱན་གསོལ་བ། རིན་པོ་ཆེའི་སྙན་རྒྱན་དང་། སྙན་གོང་ཨུཏྤལའི་གདེངས་ཀ་དང་དར་དཔྱངས་ཀྱིས་མཛེས་པར་བྱས་པ། རིན་པོ་ཆེའི་མགུལ་རྒྱན་དང་། མུ་ཏིག་གི་སེ་མོ་དོ་དང་། རིན་པོ་ཆེའི་དོ་ཤལ་དང་། ཕྱག་གདུབ་དང་། ཞབས་གདུབ་དང་།རིན་པོ་ཆེའི་་འོག་བག་སྟེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱི་བརྒྱན་པ། སྐུ་སྟོད་ལྷ་རྫས་ཀྱི་གོས་གྱིས་ག་ཤལ་བྱས་ཤིང་། སྐུ་སྨད་ལྷ་རྫས་ཀྱི་དར་གྱི་ཤམ་ཐབས་འཕྱར་བ། འོད་དམར་པོ་འབར་ཞིང་འཁྲུག་པའི་དབུས་ན་སྙོམས་པར་འཇུག་པའི་ཚུལ་གྱིས་བཞུགས་པ། སེམས་དཔའ་གསུམ་གྱི་བདག་ཉིད་ཅན་དུ་གྱུར། །གཤིན་རྗེ་གཤེད་ནག་པོ་རྣམ་སྣང་གི་དབུ་བརྒྱན་ཅན། ནག་དཀར་དམར་པའི་ཞལ་གསུམ་ཕྱག་དྲུག་གི་གཡས་དབྱུག་པ་འཁོར་ལོ་རྡོ་རྗེ། གཡོན་ཐུགས་གར་ཞགས་པ་བཟུང་ནས་སྡིགས་མཛུབ་མཛད་ཅིང་དྲིལ་བུ་དགྲ་སྟ་འཛིན་པ། རང་གི་ཐུགས་ཀར་དྲངས། ཡ་མཱནྟ་ཀྲྀཏ་ཐུགས་ཀ་ནས་ཕྱིར་ཕྱུང་། །ཤར་གྱི་རྩིབས་ཀྱི་རྩེ་མོའི་སྟེང་གི་རང་གི་གདན་ལ་གཡོན་བརྐྱང་གིས་འཁོད། ཤེས་རབ་མཐར་བྱེད་དཀར་བོ་རིན་འབྱུང་གི་དབུ་རྒྱན་ཅན། དཀར་ནག་དམར་བའི༴ གཡས་རྡོ་རྗེ་རྡོ་རྗེས་མཚན་པའི་དབྱུག་པ་དཀར་པོ་རལ་གྲི། གཡོན་ཐུགས་ཀར་ཞགས་པ་བཟུང་ནས་སྡིགས་མཛུབ་མཛད་ཅིང་དྲིལ་བུ་དགྲ་ལྟ་འཛིན་པ། རང་གི༴ །པྲཛྙཱ་ནྟ་ཀྲྀཏ༴ ལྷོའི༴ རྟ་མགྲིན་དམར་པོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། །དམར་ནག་དཀར་བའི༴ གཡས་པདྨ་རལ་གྲི་གཏུན་ཤིང་། གཡོན་དྲིལ་བུ་སྙེམས་པ་དང་བཅས་པས་བཀུར་བརྟེན་ཅིང་དགྲ་སྟ་ཞགས་པ་འཛིན་པ། རང་གི༴ པདྨ་ནྟ་ཏ་ཀྲྀཏ༴ ནུབ་ཀྱི༴ བགེག་མཐར་བྱེད་ནག་པོ་དོན་གྲུབ་ཀྱི་དབུ་རྒྱན་ཅན། སྔོ་དཀར་དམར་བའི༴ གཡས་སྣ་ཚོགས་རྡོ་རྗེ་འཁོར་ལོ་གཏུན་ཤིང་། གཡོན་ཐུགས་ཀར་ཞགས་པ་བཟུང་ནས་སྡིགས་མཛུབ་མཛད་ཅིང་དྲིལ་བུ་དགྲ་སྟ་འཛིན་པ། རང་གི༴ བིགྷྣན་ཏ་ཀྲྀཏ༴ བྱང་གི༴ །མི་གཡོ་བ་ནག་པོ་རྣམ་སྣང་གི་དབུ་རྒྱན་ཅན། ནག་དཀར་དམར་བའི༴ གཡས་རལ་གྲི་རྡོ་རྗེ་འཁོར་ལོ་གཡོན་ཐུགས་ཀར་སྡིགས་མཛུབ་དགྲ་སྟ་ཞགས་པ་འཛིན་པ། རང་གི༴ ཨ་ཙ་ལ༴ ཤར་ལྷོའི༴ འདོད་པའི་རྒྱལ་པོ་སྔོན་པོ་རིན་འབྱུང་གི་དབུ་རྒྱན་ཅན། ནག་དཀར་དམར་བའི༴ དང་པོ་གཉིས་ཀྱིས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་་འཆིང་ཞིང་ལྷག་མ་གཡས་རྡོ་རྗེ་རལ་གྲི། གཡོན་ཞགས་པ་ལྕགས་ཀྱུ་འཛིན་པ། རང་གི༴ ཊཀྐི་རཱ་ཛ༴ ལྷོ་ནུབ་ཀྱི༴ དབྱུག་སྔོན་ཅན་སྔོན་པོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། སྔོ་དཀར་དམར་བའི༴ གཡས་རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ་རལ་གྲི་འཁོར་ལོ། །གཡོན་ཐུགས་ཀར་ཞགས་པ་བཟུང་ནས་སྡིགས་མཛུབ་མཛད་ཅིང་པདྨ་དགྲ་སྟ་འཛིན་པ། རང་གི༴ ནཱི་ལ་དཎྜ༴ ནུབ་བྱང་གི༴ སྟོབས་པོ་ཆེ་སྔོན་པོ་དོན་གྲུབ་ཀྱི་དབུ་རྒྱན་ཅན། ནག་དཀར་དམར་བའི༴ གཡས་རྡོ་རྗེ་མཚན་པའི་དབྱུག་པ་ནག་པོ་རྡོ་རྗེ་འཁོར་ལོ། །གཡོན་ཐུགས་ཀར་ཞགས་པ་བཟུང་ནས་སྡིགས་མཛུབ་མཛད་ཅིང་རྩེ་གསུམ་དགྲ་སྟ་འཛིན་པ། རང་གི༴ མ་ཧཱ་པཱ་ལ༴ བྱང་ཤར་གྱི༴ །གཙུག་གཏོར་འཁོར་ལོས་བསྒྱུར་བ་སྔོན་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། སྔོ་དཀར་དམར་བའི༴ དང་པོ་གཉིས་ཀྱིས་གཙུག་ཏོར་གྱི་ཕྱག་རྒྱ་འཆིང་ཞིང་། ལྷག་མ་གཡས་རྡོ་རྗེ་པདྨ། གཡོན་སྡིགས་མཛུབ་རལ་གྲི་འཛིན་པ། རང་གི༴ ཨུཥྞི་ཥ་ཙཀྲ་ཝ་རྟི༴ སྟེང་གི་རྩིབས་ཀྱི་ནང་གི༴ གནོད་མཛེས་རྒྱལ་པོ་སྔོན་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། ནག་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི །གཡས་རྡོ་རྗེ་འཁོར་ལོ་རིན་པོ་ཆེ། གཡོན་ཐུགས་ཀར་ཞགས་པ་བཟུང་ནས་སྡིགས་མཛུབ་མཛད་ཅིང་པདྨ་རལ་གྲི་འཛིན་པ། རང་གི་ཐུགས་ཀར་དྲངས་སུམྦྷ་རཱ་ད་ཐུགས་ཀ་ནས་ཕྱིར་ཕྱུང་། འོག་གི་རྩིབས་ཀྱི་ནང་གི་རང་གི་གདན་ལ་གཡོན་བརྐྱང་གིས་འཁོད། ཁྲོ་བོ་བཅུ་པོ་ཐམས་ཅད་ཀྱང་དབུ་སྐྲ་དམར་སེར་གྱེན་དུ་བརྗེས་ཤིང་སྨིན་མ་དང་སྨ་ར་དམར་སེར་རབ་ཏུ་འབར་བ། ཞལ་རེ་རེ་ཡང་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་དང་ལྡན་ཞིང་མཆེ་བ་རྣོན་པོ་བཞི་བཞི་གཙིགས་པ། ཧ་ཧའི་གད་རྒྱངས་དྲག་པོ་སྒྲོག་ཅིང་བཞིན་ཤིན་ཏུ་འགྱུར་བའི་ཁྲོ་གཉེར་ཅན། གསུས་ཁྱིམ་ཆེ་ཞིང་གསུས་པ་འཕྱང་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང་་སྟག་གི་པགས་པའི་ཤམ་ཐབས་ཅན། སྦྲུལ་མཐའ་ཡས་སྔོན་པོས་དབུ་སྐྲ་བཅིངས་ཤིང་འཇོག་པོ་དམར་པོས་རྣ་རྒྱན་བྱས་པ། རིགས་ལྡན་ཁྲོ་བོས་དཔུང་པ་ལ་བརྒྱན་ཅིང་པདྨ་དཀར་པོས་མགུལ་རྒྱན་བྱས་པ། དུང་སྐྱོང་སེར་པོས་ལག་གདུབ་བྱས་ཤིང་སྟོབས་རྒྱུ་ལྗང་གུས་མཆོད་ཕྱིར་ཐོགས་བྱས་པ། ནོར་རྒྱས་ཀྱི་བུ་བདུད་རྩིའི་ཁ་དོག་ལྟ་བུས་སྐ་རགས་བྱས་ཤིང་པདྨ་ཆེན་པོ་དཀར་པོས་རྐང་གདུབ་བྱས་པ། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་ཚུལ་གྱིས་བཞུགས་པར་གྱུར། བདག་ཉིད་ཀྱི་འོག་གི་གནོད་མཛེས་ལ་བལྟས་པས་དེས་སྤྲུལ་བའི་གནོད་མཛེས་གཉིས་པ་དེ་འོག་ནས་མདུན་དུ་འདུག་སྟེ་བདག་གིས་ཅི་ཞིག་བགྱི་ཞེས་བཀའ་ནོད་པ་ལ། ༀ་སུམྦྷ་ནི་སུམྦྷ་ཧཱུཾཾ། གྲྀཧྞ་གྲྀཧྞ་ཧུཾ། གྲྀཧྞཱ་པཱ་ཡ་གྲྀཧྞཱ་པཱ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་ཝན་བིདྱཱ་རཱ་ཛ་ཧཱུཾ་ཕཊ། ཅེས་གནོད་མཛེས་ལ་བོས་ནས་བགེགས་རྣམས་ཟུངས་ལ་ཁུག་ཅིག་ཅེས་བཀའ་བསྒོས་པས་གནོད་མཛེས་ཀྱི་ཕྱག་གཡས་ཀྱི་དང་པོའི་རྡོ་རྗེ་དེ་རྡོ་རྗེ་ལྕགས་ཀྱུར་གྱུར་ནས་བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུའི་སྙིང་ག་ནས་ལྕགས་ཀྱུས་བཟུང་། མགྲིན་པ་ནས་ཞགས་པས་བཅིངས་ཏེ་བཀུག་ནས་ཁྲོ་བོ་བཅུ་ལ་གཏད་པས་ཕྱི་རོལ་ཏུ་ཧུཾ་རིང་བོ་ལས་གྲུབ་པའི་ཁྲོན་པ་འབྲུབ་ཁུང་གི་རྣམ་པ་ཅན་རྣམས་སུ་བཅུག་པར་གྱུར། བྱང་གི་བདུད་རྩི་འཁྱིལ་བས་སྤྲུལ་པའི་བདུད་རྩི་འཁྱིལ་བ་གཉིས་པ་དེ་ཡོངས་སུ་གྱུར་པ་ལས། སྟོད་ཁྲོ་བོ་བདུད་རྩི་འཁྱིལ་བ་སྔོན་པོ་དོན་གྲུབ་ཀྱི་དབུ་རྒྱན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་སྣ་ཚོགས་རྡོ་རྗེ་འཁོར་ལོ་གཏུན་ཤིང་། གཡོན་ཐུགས་ཀར་ཞགས་པ་བཟུང་ནས་སྡིགས་མཛུབ་མཛད་ཅིང་དྲི ལ་བུ་དགྲ་སྟ་འཛིན་པ། ལྟེ་བ་མན་ཆད་མདུད་རྩེ་གཅིག་པའི་དབྱིབས་ཅན་གྱི་ཕུར་བུ་མེ་དཔུང་རབ་ཏུ་འབར་བ་བཅུར་གྱུར་ཏེ་ཕྱོགས་སྐྱོང་འཁོར་དང་བཅས་པའི་མགོ་བོར་ཟུག་པར་གྱུར། ཨོ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚི་ཕཊ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ། བཛྲ་ཀཱི་ལ་ཡ། བཛྲ་དྷཱ་ར་ཨཛྙཱ་པ་ཡ་ཏི་སརྦ་བིགྷཱཾ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། གནོད་མཛེས་ཀྱི་ཕྱག་མཚན་རྡོ་རྗེ་ལྕགས་ཀྱུ་དེ་རྡོ་རྗེ་ཐོ་བ་མེ་འབར་བར་གྱུར་ཏེ། ཤར་ནས་བརྩམས་ཏེ་ཕྱོགས་བཞི་དང་། མེ་ནས་བརྩམས་ཏེ་མཚམས་བཞི་དང་། སྟེང་འོག་གི་ཕུར་བུ་རྣམས་ཀྱིས་སྤྱི་བོ་ནས་བརྡུངས་པས་བགེག་རྣམས་ཀྱི་སྤྱི་བོ་ནས་རྐང་མཐིལ་གྱི་བར་དུ་ཕུར་བུ་བཏབ་པས་ལུས་ངག་ཡིད་གསུམ་གཡོ་འགུལ་མེད་པར་གྱུར། སྤྲུལ་བའི་གནོད་མཛེས་འོག་གི་གནོད་མཛེས་ལ་་ཐིམ། སླར་ཡང་ཁྲོ་བོོ་དང་ཕུར་བུ་ལས་རྡོ་རྗེའི་མེ་འོད་རབ་ཏུ་འབར་བ་ཕྱོགས་བཅུར་འཕྲོས་པས་འཁོར་གྱི་བགེགས་གདུག་པ་ཅན་རྣམས་ཚིག་པས་ཕན་ཚུན་དུ་བྲོས་པར་གྱུར། ཊཀྐི་ཧཱུཾ་ཛཿཁྲོ་བོ་རྣམས་ཀྱི་ཕྱི་རོལ་ཏུ་ལྕགས་ཀྱི་རྡོ་རྗེའི་ར་བ། ཊཀྐི་ཧུཾ་ཛཿ དེའི་ཕྱི་རོལ་ཏུ་ཆུའི་ར་བ། ཊཀྐི་ཧུཾ་ཛཿདེའི་ཕྱི་རོལ་ཏུ་མེའི་ར་བ། ཊཀྐི་ཧཱུཾ་ཛཿ དེའི་ཕྱི་རོལ་ཏུ་རླུང་གི་ར་བ། ཧཱུཾ་ལས་ལྕགས་ཀྱི་ར་བའི་སྟེང་དུ་རྡོ་རྗེའི་གུར་མཆོད་རྟེན་ལྟ་བུ། གུར་གྱི་འོག་ར་བའི་སྟེང་དུ་རྡོ་རྗེའི་བླ་རེ་འོག་གཞི་ཧཱུཾ་ལས་རྡོ་རྗེའི་ས་གཞི། ཕྱིའི་ཕྱོགས་མཚམས་ཐམས་ཅད་་དུ་མདའི་དྲ་བ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་འཕྲོ་བ་དང་བཅས་པར་གྱུར། ལྷ་རྣམས་ཀྱི་སྤྱི་བོར་ཟླ་བ་ལ་ༀ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། སྙིང་གར་ཉི་མ་ལ་ཧཱུཾ་སྔོན་པོ། ༀ་ཨཱཿཧཱུཾ། ལན་གསུམ་ངག་ཏུ་ཡང་བཟླ། དེ་ནས་ཡེ་ཤེས་ཀྱིས་བསྒོམས་ཏེ་ལྷག་མོས་ཀྱི་རྟེན་བརྟེན་པ་བསྐྱེད་པ་ནི། དངོས་པོ་མེད་པས་བསྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། སྒོམ་པ་དམིགས་སུ་མེད་པའོ། །སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོན་དམ་པར་ངོ་བོ་ཉིད་མེད་པར། སྒོམ་པ་དང་བསྒོམ་པར་བྱ་བ་དང་སྒོམ་པ་པོ་གསུམ་མི་དམིགས་པའི་སྟོང་པ་ཉིད་་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་རང་བཞིན་དུ་གྱུར། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་ས་གཞི་ར་བ་གུར་བླ་རེ་མེ་རི་དང་བཅས་པ་ཡོངས་སུ་རྫོགས་པའི་དབུས་སུ་ཆོས་འབྱུང་དཀར་པོ་ཟུར་གསུམ་པ་གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་ཤིང་རྩེ་མོ་ཕྲ་བ་ཐུར་དུ་ཟུག་པའི་ནང་དུ་སྣ་ཚོགས་པདྨའི་ལྟེ་བར་ཧཱུཾ་ཡཾ་ཧཱུཾ་གི་ཡཾ་སྔོ་སྐྱ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན། ཧཱུཾ་གཉིས་ལས་བྱུང་བའི་རྡོ་རྗེ་གཉིས་ཀྱིས་ཕྱོགས་གཉིས་བརྒྱན་པ། དེའི་སྟེང་དུ་ཧཱུཾ་རཾ་ཧུཾ་གི་རཾ་དམར་པོ་ལས་བྱུང་བའི་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། ཧཱུཾ་གཉིས་ལས་བྱུང་བའི་རྡོ་རྗེ་གཉིས་ཀྱིས་ཕྱོགས་གཉིས་བརྒྱན་པ། དེའི་སྟེང་དུ་ཧུཾ་བཾ་ཧཱུཾ་གི་བཾ་དཀར་པོ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ། ཧཱུཾ་གཉིས་ལས་བྱུང་བའི་རྡོ་རྗེ་གཉིས་ཀྱིས་ཕྱོགས་གཉིས་བརྒྱན་པ། དེའི་སྟེང་དུ་ཧཱུཾ་ལཾ་ཧཱུཾ་གི་ལཾ་སེར་པོ་ལས་བྱུང་བའི་སའི་དཀྱིལ་འཁོར་སེར་བོ་གྲུ་བཞི་པ། ཧཱུཾ་གཉིས་ལས་བྱུང་བའི་རྡོ་རྗེ་གཉིས་ཀྱིས་ཕྱོགས་གཉིས་བརྒྱན་པ་སྤྱན་སོགས་ལྷ་མོ་བཞིའི་ངོ་བོ་གྱུར། དཀྱིལ་འཁོར་བཞི་པོོ་གཅིག་ཏུ་འདྲེས་པ་ལས། སྣ་ཚོགས་རྡོ་རྗེར་གྱུར་པའི་ལྟེ་བའི་སྟེང་དུ་བྷྲུཾ་དཀར་པོ་སངས་རྒྱས་ཀྱི་སྤྲིན་གྱི་འོད་ཟེར་འཕྲོ་བ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ཕྱི་ནས་རིམ་པ་བཞིན་དཀར་སེར་་དམར་ལྗང་སྔོ་བའི་རིམ་པ་ལྔ་དང་ལྡན་པའི་རིན་པོ་ཆེའི་རྩིགས་པས་བསྐོར་བའི་་སྟེང་ན་རིན་པོ་ཆེའི་ཕ་གུ་གཞི་དམར་པོ་ལ་རིན་པོ་ཆེ་ཟུར་གསུམ་པ་དང་གྲུ་བཞི་པ་ལ་སོགས་པས་སྨྲས་པ། དེའི་སྟེང་ན་གནས་པའི་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་མུ་ཏིག་གི་དོ་ཤལ་དང་དོ་ཤལ་ཕྱེད་པ་འཕྱང་བ། དེའིི་ཕྱི་ངོས་སུ་བྱ་འདབ་ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། དེའི་སྟེང་ན་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན་གྱི་མདའ་ཡབ་ལ་གནས་པའི་གསེར་གྱི་བུམ་པ་ནས་ཐོན་པའི་རྒྱལ་མཚན་དང་བ་དན་བརྒྱད་བརྒྱད་ཀྱིས་མཛེས་པར་བྱེད་པ། ཕྱིའི་སྟེང་གི་ཟུར་བཞི་ལ་གདུགས་བཞིས་བརྒྱན་པ། རྩིགས་པའི་འགྲམ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ་བཞུགས་སྟབས་དང་ཁ་དོག་སྣ་ཚོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་བྱེད་བཞིན་པ། སྒོ་དང་སྒོ་ཁྱུད་ཀྱི་ཕྱིའི་མཚམས་དང་རྩིགས་པའི་ཕྱི་ནང་གི་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རིན་པོ་ཆེ་དམར་པོའི་སྟེང་དུ་རྡོ་རྗེས་བརྒྱན་པ། སྒོ་བཞི་སོ་སོའི་མདུན་དུ་སྟེགས་བུ་གྲུ་བཞི་པའི་སྟེང་དུ་བུམ་པ་ལ་གནས་པའི་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་གསེར། ཤར་བུ། རིན་པོ་ཆེ། རྟ་རྨིག །མུན་སྣམ། ཝ་རཎྜ། མུན་པ། ཤར་བུ། རིན་པོ་ཆེ། རྨིག་པ། མདའ་་ཡབ་སྟེ་རྣམ་བུ་བཅུ་གཅིག་དང་ལྡན་པའི་རྩེ་མོར་ཆོས་ཀྱི་འཁོར་ལོའི་གཡས་གཡོན་དུ་རི་དྭགས་ཕོ་མོ་བཅས་པ། རྟ་བབས་ཀྱི་གཡས་གཡོན་དུ་བུམ་པ་བཟང་པོ་ལ་སྐྱེས་པའི་དཔག་བསམ་གྱི་ཤིང་ལ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང་། བར་བར་དུ་གྲུབ་པ་ཐོབ་པ་དང་། སྤྲིན་གྱི་གསེབ་ནས་བྱུང་བའི་ལྷ་མེ་ཏོག་གི་ཕྲེང་བ་བཟུང་བ་རྣམས་ཀྱིས་ཀུན་ནས་མཛེས་པར་བྱས་པ། གཞལ་་ཡས་ཁང་གི་ནང་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཆད་ཀྱི་ཕྱི་ངོས་སུ་འོད་ཟེར་རྣམ་པ་ལྔའི་འཕྲེང་བས་བསྐོར་བའི་ནང་དུ་རྡོ་རྗེ་རྩེ་གསུམ་པས་ཟླུམ་པོར་བསྐོར་བ་ལ་བརྟེན་པའི་ཤར་དུ་འཁོར་ལོ། །ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་རལ་གྲིས་མཚན་པའི་ཀ་བ་གཉིས་གཉིས་ཀྱི་བཏེགས་པའི་རྡོ་རྗེ་གདུང་གིས་མཛེས་པར་ཕུབ་པའི་རྩེ་མོ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་སྤྲས་པ། རིམ་པ་གཉིས་པའི་གྲྭའི་གཡས་གཡོན་གཉིས་སུ་བདུད་རྩིས་པ་གང་བའི་རིན་པོ་ཆེའི་བུམ་པ་གཉིས་གཉིས་ཏེ་བུམ་པ་བརྒྱད་ཀྱི་མཛེས་པར་བྱེད་པ། ལྷ་དང་མི་ལས་ཡོན་ཏན་ཀྱང་བར་དུ་འཕགས་པའི་ཁང་བཟང་དམ་པ་ཕྱི་བལྟས་ནང་གསལ་བ། ནང་བལྟས་ཕྱི་གསལ་བའི་ནང་གི་སྟེང་དང་འོག་གི་ས་གཞི་ཐམས་ཅད་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་སྔོ་བར་གྱུར་པའི་ནང་དུ་སྣ་ཚོགས་པདྨའི་གདན་སུམ་བཅུ་རྩ་གཅིག །གཙོ་བོ་དང་ཁྲོ་བོ་བཅུ་ལ་ཉི་མའི་གདན། རྣམ་སྣང་ལ་སོགས་པའི་ཤར་ཕྱོགས་པ་རྣམས་ལ་ཟླ་བའི་གདན། མཱ་མ་ཀཱི་ལ་རྡོ་རྗེའི་གདན། དེ་མ་གཏོགས་པའི་ལྷོ་ཕྱོགས་པ་རྣམས་ལ་རིན་པོ་ཆེའི་གདན། ནུབ་ཕྱོགས་པ་རྣམས་ལ་པདྨ་དམར་པོའི་གདན། བྱང་ཕྱོགས་པ་རྣམས་ལ་སྣ་ཚོགས་རྡོ་རྗེའི་གདན། གདན་དེ་རྣམས་ཀྱི་སྟེང་དུ་སྐད་ཅིག་གིས་ལྷག་པར་མོས་པ་ཙམ་གྱིས་ལྷ་སུམ་ཅུ་རྩ་གཉིས་དུས་གཅིག་ཏུ་ཡོངས་སུ་རྫོགས་པར་གྱུར་པ་ནི། དབུས་ཀྱི་གདན་ལ་རང་ཉིད་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ། ཞེས་པ་ནས། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། མཚན་བཟང་བོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཡུམ་རེག་བྱ་རྡོ་རྗེ་མ་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ཅན་སྔོ་དཀར་དམར་བའི། ཞེས་པ་ནས། དབུ་སྐྲ་རལ་བ་ཕྱེད་བཅིངས་སུ་བྱས་པ། ཤིན་ཏུ་སྒེག་ཅིང་བཞིན་འཛུམ་བག་དང་ལྡན་པ། ཞེས་པ་ནས། ཤམ་ཐབས་འཕྱར་བ། འོད་ཀྱི་དཀྱིལ་འཁོར་གྱིས་བསྐོར་བའི་དབུས་ན་ཡབ་སེམས་དཔའི་སྐྱིལ་མོ་ཟུང་གིས་བཞུགས་པར་གྱུར། །ཤར་་དུ་རྣམ་སྣང་དཀར་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་འཁོར་རྡོ་རྗེ་པདྨ་དཀར་པོ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། ལྷོར་རིན་འབྱུང་སེར་པོ་མི་བསྐྱོད་པའི༴ སེར་ནག་དཀར་བའི༴ གཡས་ནོར་བུ་རྡོ་རྗེ་འཁོར་ལོ། །གཡོན་དྲིལ་བུ་པད་སེར་རལ་གྲི་འཛིན་པ། ནུབ་ཏུ་འོད་དཔག་མེད་དམར་པོ་མི་བསྐྱོད་པའི༴ དམར་ནག་དཀར་བའི༴ གཡོན་གྱི་དང་པོས་དྲིལ་བུ་དང་བཅས་པའི་པདྨ་དམར་པོའི་རྩ་བ་དཀུར་བརྟེན་ནས་འཛིན་ཅིང་། གཡས་ཀྱི་དང་པོས་ཐུགས་ཀར་པདྨ་ཁ་འབྱེད་པར་མཛད་པ། ལྷག་མ་གཡས་རྡོ་རྗེ་འཁོར་ལོ། །གཡོན་རིན་ཆེན་རལ་གྲི་འཛིན་པ། བྱང་དུ་དོན་གྲུབ་ལྗང་ཀུ་མི་བསྐྱོད་པའི༴ ལྗང་ནག་དཀར་བའི༴ གཡས་རལ་གྲི་སྣ་ཚོགས་རྡོ་རྗེ་འཁོར་ལོ། །གཡོན་དྲིལ་བུ་པད་ལྗང་ནོར་བུ་འཛིན་པ། ཤར་ལྷོར་སྤྱན་མ་དཀར་མོ་རྣམ་སྣང་གི༴ དཀར་ནག་དམར་བའི༴ གཡས་འཁོར་ལོ་རྡོ་རྗེ་ཨུཏྤལ་དཀར་པོ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། ལྷོ་ནུབ་ཏུ་མཱ་མ་ཀཱི་སྔོན་མོ་མི་བསྐྱོད་པའི༴ སྔོ་དཀར་དམར་པའི༴ །གཡས་རྡོ་རྗེ་འཁོར་ལོ་ཨུཏྤ ལ་སྔོ་དམར། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། ནུབ་བྱང་དུ་གོས་དཀར་མོ་དམར་མོ་འོད་དཔག་མེད་ཀྱི༴ དམར་ནག་དཀར་བའི༴ གཡོན་གྱི་དང་པོས་དྲིལ་བུ་དང་གཅས་པའི་ཨུཏྤ ལ་དམར་པོ་སྡོང་བུ་དང་བཅས་པའི་རྩ་བ་དཀུར་རྟེན་ནས་འཛིན་ཅིང་། གཡས་ཀྱི་དང་པོས་ཐུགས་ཀར་ཨུཏྤལ་ཁ་འབྱེད་པར་མཛད་པ། ལྷག་མ་གཡས་རྡོ་རྗེ་འཁོར་ལོ། །གཡོན་རིན་ཆེན་རལ་གྲི་འཛིན་པ། བྱང་ཤར་དུ་སྒྲོལ་མ་ལྗང་ཀུ་དོན་གྲུབ་ཀྱི་དབུ༴ ལྗང་ནག་དཀར་བའི༴ གཡས་སྣ་ཚོགས་རྡོ་རྗེ་འཁོར་ལོ་རྡོ་རྗེས་མཚན་པའི་ཨུཏྤ ལ། གཡོན་དྲི ལ་བུ་རིན་ཆེན་རལ་གྲི་འཛིན་པ། རིམ་པ་གཉིས་པའི་ཤར་ལྷོར་གཟུགས་རྡོ་རྗེ་མ་དཀར་མོ་རྣམ་སྣང་གི༴ དཀར་ནག་དམར་བའི༴ རྩ་ཕྱག་གཉིས་ཀྱིས་མེ་ལོང་དམར་པོ་འཛིན་ཅིང་ལྷག་མ་གཡས་རྡོ་རྗེ་ཨུཏྤ ལ་དཀར་པོ། གཡོན་རིན་ཆེན་རལ་གྲི་འཛིན་པ། ལྷོ་ནུབ་ཏུ་སྒྲ་རྡོ་རྗེ་མ་སེར་མོ་རིན་འབྱུང་གི༴ སེར་ནག་དཀར་བའི༴ རྩ་ཕྱག་གཉིས་ཀྱིས་པི་ཝང་སྔོན་པོ་བསྒྲེང་ཞིང་། ལྷག་མ་གཡས་འཁོར་ལོ་ཨུཏྤལ་སྔོ་དམར། གཡོན་རིན་ཆེན་རལ་གྲི་འཛིན་པ། ནུབ་བྱང་དུ་དྲི་རྡོ་རྗེ་མ་དམར་མོ་འོག་དཔག་མེད་ཀྱི༴ །དམར་ནག་དཀར་བའི༴ རྩ་ཕྱག་གཉིས་ཀྱིས་དྲིའི་དུང་ཆོས་འཛིན་ཅིང་། ལྷག་མ་གཡས་རྡོ་རྗེ་འཁོར་ལོ། །གཡོན་རིན་ཆེན་རལ་གྲི་འཛིན་པ། བྱང་ཤར་་དུ་རོ་རྡོ་རྗེ་ལྗང་ཀུ་དོན་གྲུབ་ཀྱི༴ ལྗང་ནག་དཀར་བའི༴ རྩ་ཕྱག་གཉིས་ཀྱིས་རོའི་སྣོད་འཛིན་ཅིང་། ལྷག་མ་གཡས་འཁོར་ལོ་རྡོ་རྗེས་མཚན་པའི་ཨུཏྤལ། གཡོན་རིན་ཆེན་རལ་གྲི་འཛིན་པ། ལྷ་མོ་བརྒྱད་པོ་ཐམས་ཅད་ཀྱང་དབུ་སྐྲ་རལ་པ་ཕྱེད་བཅིངས་སུ་བྱས་པ། རིན་པོ་ཆེའི་དབུ་རྒྱན་གསོལ་བ། རིན་པོ་ཆེའི་སྙན་རྒྱན་དང་། ཞེས་སོགས་བསྲུང་འཁོར་གྱི་གཙོ་བོའི་ཡུལ་གྱི་སྐབས་བཞིན། སྐུ་སྨད་ལྷ་རྫས་ཀྱི་དར་གྱི་ཤམ་ཐབས་ཅན། ཤིན་ཏུ་སྒེག་ཅིང་། ཞེས་པ་ནས། དགའ་བས་རོལ་བ། འོད་ཀྱི་དཀྱིལ་འཁོར་རབ་ཏུ་འབར་བའི་དབུས་ན་རང་རང་གི་གདན་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། ཤར་སྒོའི་གཡས་གཡོན་གྱི་གདན་ལ་རིམ་པ་བཞིན་དུ་བྱམས་པ་དང་ས་སྙིང་དཀར་པོ་རྣམ་སྣང་གི༴ དཀར་ནག་དམར་བའི༴ གཡས་འཁོར་ལོ་རྡོ་རྗེ་པདྨ་དཀར་པོ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། བྱམས་པའི་ཕྱག་གཡས་ཀྱི་དང་པོས་ཀླུ་ཤིང་གི་མེ་ཏོག་སྡོང་བུ་དང་བཅས་པ་འཁོར་ལོས་མཚན་པ་འཛིན་པ། ལྷོ་སྒོའི༴ ཕྱག་རྡོར་དང་ནམ་སྙིང་སེར་པོ་རིན་འབྱུང་གི༴ སེར་ནག་དཀར་བའི༴ ཕྱག་མཚན་རིན་འབྱུང་ལྟ་བུ། ནུབ་སྒོའི༴ །འཇིག་རྟེན་དབང་ཕྱུག་དང་འཇམ་དཔལ་དམར་པོ་འོད་དཔག་མེད་ཀྱི༴ དམར་ནག་དཀར་པའི༴ །ཕྱག་མཚན་འོད་དཔག་མེད་ལྟ་བུ། བྱང་སྒོའི༴ སྒྲིབ་སེལ་དང་ཀུན་བཟང་ལྗང་གུ་དོན་གྲུབ་ཀྱི༴ ལྗང་ནག་དཀར་བའི༴ ཕྱག་མཚན་དོན་གྲུབ་ལྟ་བུ། རྣམ་སྣང་ནས་ཀུན་བཟང་གི་བར་གྱི་ལྷ་ལྷག་མ་ཐམས་ཅད་ཀྱང་དབུ་སྐྲ་རལ་པའི་་ཐོར་ཚུགས་ཅན། རིན་པོ་ཆེའི་དབུ་རྒྱན་གསོལ་བ། ཞེས་པ་ནས། སྐུ་སྨད་ལྷ་རྫས་གྱི་དར་གྱི་ཤམ་ཐབས་ཅན། མཚན་བཟང་པོ༴ དཔེ་བྱད་བཟང་པོ༴ བརྒྱན་པ། ཞི་བ། འོད་ཀྱི་དཀྱིལ་འཁོར་རབ་ཏུ་འབར་བའི་དབུས་ན་རང་རང་གི་གདན་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། ཤར་སྒོར་གཤིན་རྗེ་གཤེད་ནག་པོ་རྣམ་ནང་གི༴ །ནག་དཀར་དམར་བའི༴ གཡས་དབྱུག་པ་འཁོར་ལོ་རྡོ་རྗེ། གཡོན་ཐུགས་ཀར་ཞགས་པ་བཟུང་ནས་སྡིགས་མཛུབ་མཛད་ཅིང་དྲིལ་བུ་དགྲ་སྟ་འཛིན་པ། ལྷོ་སྒོར་ཤེས་རབ་མཐར་བྱེད་དཀར་པོ་རིན་འབྱུང་གི༴ ནུབ་སྒོར་རྟ་མགྲིན་དམར་པོ༴ བྱང་སྒོར་བགེགས་མཐར་བྱ་ནག་པོ༴ །ཤར་ལྷོར་མི་གཡོ་བ་ནག་པོ༴ །ལྷོ་ནུབ་ཏུ་འདོད་པའི་རྒྱལ་པོ་སྔོན་པོ༴ ནུབ་བྱང་དུ་དབྱུག་སྔོན་ཅན་སྔོན་པོ༴ བྱང་ཤར་དུ་སྟོབས་པོ་ཆེ་སྔོན་པོ༴ སྟེང་དུ་གཙུག་ཏོར་འཁོར་ལོས་བསྒྱུར་བ་སྔོན་པོ༴ །འོག་ཏུ་གནོད་མཛེས་རྒྱན་པོ་སྔོན་པོ༴ ཁྲོ་བོ་བཅུ་པོ་ཐམས་ཅད་ཀྱང་། ཞེས་པ་ནས། གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་ཚུལ་གྱིས་བཞུགས་པར་གྱུར། །ཅེས་པའི་བར་རྣམས་བསྲུང་འཁོར་གྱི་སྐབས་ལྟར་རོ། །ལྷག་མོས་ཀྱི་ལྷའི་མཛད་པ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་བཀུག་སྟེ་དཀྱིལ་འཁོར་གྱི་ཕྱོགས་བཞི་ནས་ཐོགས་པ་མེད་པར་འཇུག་པའི་རྡོ་རྗེ་སེམས་དཔའི་འཇུག་པས་ཞུགས་པ་ལ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་གྱིས་དབང་བསྐུར་བས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་ཐོབ་སྟེ་རྡོ་རྗེ་སེམས་དཔའ་གྱུར་ནས་རང་རང་གི་སངས་རྒྱས་ཀྱི་ཞིང་དུ་གཤེགས་པར་གྱུར། ལྷག་མོས་ཀྱི་ལྷ་ལུས་ལ་བསྡུ་བ་ནི། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་རྣམ་སྣང་ནས་གནོད་མཛེས་ཀྱི་བར་གྱི་ལྷ་རྣམས་སྤྱན་དྲངས་ཏེ་རང་གི་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་འཁོད་ནས་གཟུགས་ཀྱི་ཕུང་པོ་ལ་སོགས་པ་དང་ངོ་བོ་དབྱེར་མེད་དུ་གྱུར་པ་ནི། སྤྱི་བོར་རྣམ་པར་སྣང་མཛད། མགྲིན་པར་འོད་དཔག་མེད། ལྟེ་བར་རིན་ཆེན་འབྱུང་ལྡན། བརླའི་རྩ་བར་དོན་ཡོད་གྲུབ་པ། ལྟེ་བར་སྤྱན་མ། སྙིག་གར་མ་མ་ཀཱི། མགྲིན་པར་གོས་དཀར་མོ། །སྤྱི་གཙུག་ཏུ་སྒྲོལ་མ། མིག་ཏུ་སའི་སྙིང་པོ། རྣ་བར་ཕྱག་ན་རྡོ་རྗེ། སྣར་ནམ་མཁའི་སྙིང་པོ། ལྕེར་འཇིག་རྟེན་དབང་ཕྱུག སྙིང་གར་འཇམ་དཔལ། གསང་གནས་སུ་སྒྲིབ་པ་རྣམ་སེལ། ཚིག་རྣམས་ལ་ཀུན་ཏུ་བཟང་པོ། སྤྱི་གཙུག་ཏུ་བྱམས་པ། མིག་གི་སྒོར་གཟུགས་རྡོ་རྗེ་མ། རྣ་བའི་སྒོར་སྒྲ་རྡོ་རྗེ་མ། སྣའི་སྒོར་དྲི་རྡོ་རྗེ་མ། ཁའི་སྒོར་རོ་རྡོ་རྗེ་མ། རྡོ་རྗེའི་སྒོར་རེག་བྱ་རྡོ་རྗེ་མ། ལག་པ་གཡས་ལ་གཤིན་རྗེ་གཤེད། ལག་པ་གཡོན་ལ་གཞན་གྱིས་མི་ཐུབ་པ། ཁ་ལ་རྟ་མགྲིན། རྡོ་རྗེ་ལ་བདུད་རྩི་འཁྱིལ་བ། དཔུང་བ་གཡས་པའི་རྩ་བར་མི་གཡོ་བ། དཔུང་བ་གཡོན་པའི་རྩ་བར་འདོད་པའི་རྒྱལ་པོ། པུས་མོ་གཡས་ལ་དབྱུག་སྔོན་ཅན། པུས་མོ་གཡོན་ལ་སྟོབས་པོ་ཆེ། སྤྱི་གཙུག་ཏུ་གཙུག་ཏོར་འཁོར་ལོས་བསྒྱུར་བ། རྐང་མཐིལ་གཉིས་སུ་གནོད་མཛེས་རྒྱལ་པོ། ལྷག་མོས་འོད་གསལ་དུ་བསྡུས་ནས་འཆི་བ་ཆོས་སྐུའི་ལམ་ཁྱེར་བསྒོམ་པ་ནི། བདག་ཉིད་ཀྱི་ལུས་ཀྱི་ལྷ་རྣམ་སྣང་། སྤྱན་མ། སའི་སྙིང་པོ། གཟུགས་རྡོ་རྗེ་མ། བྱམས་པ། གཤིན་རྗེ་གཤེད། མི་གཡོ་བ་རྣམས་རིམ་གྱིས་འོད་གསལ་དུ་ཐིམ། དེ་ནས་རིན་འབྱུང་། མཱ་མ་ཀཱི། ཕྱག་རྡོར། སྒྲ་རྡོ་རྗེ་མ། གཞན་གྱིས་མི་ཐུབ་པ། འདོད་པའི་རྒྱལ་པོ་རྣམས་རིམ་གྱིས་་འོད་གསལ་དུ་ཐིམ། དེ་ནས་འོད་དཔག་མེད། གོས་དཀར་མོ། ནམ་མཁའི་སྙིང་པོ། དྲི་རྡོ་རྗེེ་མ། རྟ་མགྲིན། དབྱུག་སྔོན་ཅན་རྣམས་རིམ་གྱི་་འོད་གསལ་དུ་ཐིམ། དེ་ནས་དོན་གྲུབ། སྒྲོལ་མ། འཇིག་རྟེན་དབང་ཕྱུག རོ་རྡོ་རྗེ་མ། སྒྲིབ་སེལ། རེག་བྱ་རྡོ་རྗེ་མ། ཀུན་བཟང་། བགེགས་མཐར་བྱེད། སྟོབས་པོ་ཆེ་རྣམས་རིམ་གྱིས་འོད་གསལ་དུ་ཐིམ། དེ་ནས་གཙུག་ཏོར་འཁོར་ལོས་བསྒྱུར་བ། གནོད་མཛེས་རྒྱལ་པོ། འཇམ་་དཔལ་རྣམས་རིམ་གྱིས་འོད་གསལ་དུ་ཐིམ་ཞིང་། གཙོ་བོ་ཡང་རིམ་གྱིས་འོད་གསལ་དུ་ཐིམ་པར་གྱུར། །ༀ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། བར་་དོ་ལོངས་སྐུའི་ལམ་ཁྱེར་བསྒོམ་པ་ནི། གདན་དབུས་མའི་སྟེང་དུ་ཧཱུཾཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར། དེའི་དབུས་སུ་ༀ་ལས་བྱུང་བའི་ཟླ་བའི་དཀྱིལ་་འཁོར། དེའི་སྟེང་དུ་ཨཱཿལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ༀ་ཨཱཿཧཱུཾ་གི་ཡི་གེ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་གྱུར། དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས་ཟླ་བའི་དཀྱིལ་འཁོར་ཆ་ཐམས་ཅད་ཡོངས་སུ་རྫོགས་པ་ཅིག་ཏུ་གྱུར། དེ་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་བསྡུས་ཏེ་ཟླ་བ་ལ་ཐིམ། ༀ་དྷརྨྨཱ་དྷཱ་ཏུ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། སྣོད་བཅུད་ཀྱི་ཆོས་ཐམས་ཅད་གྱི་རྩ་བ་རླུང་སེམས་ཙམ་ཟླ་བར་སྣང་བ་དེ་ངའོ། །ཟླ་བའི་སྟེང་དུ་ཆུ་ལས་ཆུ་བུར་རྡོལ་བའི་ཚུལ་དུ་ཟླ་བ་ལས་བྱུང་བའི་ༀ་དཀར་པོ། ཨཱཿདམར་པོ། ཧཱུཾ་སྔོན་པོ། དེ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་ནས་རིགས་ལྔ་འཁོར་དང་བཅས་པ་དཔག་ཏུ་མེད་པ་སྤྱན་དྲངས། དེ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ༀ་ཨཱཿཧཱུཾ་གིས་མཚན་པ། བཛྲ་ཨཏྨ་ཀོ྅་ཧཾ། རྡོ་རྗེ་ཡི་གེ་དང་བཅས་པ་ཡོངས་སུ་གྱུར་པ་ལས་རང་ཉིད་་དང་པོའི་མགོན་པོ་སྐུ་མདོག་དཀར་པོ། དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན་དུ་གྱུར། དེ་ནས་སྐྱེ་བ་སྤྲུལ་སྐུའི་ལམ་ཁྱེར་བསྒོམ་པ་ནི། རང་བཞིན་གྱི་གནས་ནས་དེ་བཞིན་གཤེགས་པ་ཡབ་ཡུམ་སེམས་ཅན་འདུལ་བའི་ཕྱིར་དུ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་ལས་གྲུབ་པའི་མི་བསྐྱོད་པས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པ་བྱས། དེས་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབས་པས་ཟག་པ་མེད་པའི་བདེ་བ་དང་ཡིད་བ དེ་བ་ཐོབ་པར་གྱུར། མི་བསྐྱོད་པ་ཐམས་ཅད་ཀྱང་གཞལ་ཡས་ཁང་གི་ནང་དུ་གཅིག་ཏུ་འདྲེས་པ་ལ་རང་ཉིད་རྗེས་སུ་ཞུགས་པས་རང་ཉིད་སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་སྔོན་པོ་སྔོ་དཀར་དམར་བའི༴ གཡས་རྡོ་རྗེ༴ རལ་གྲི་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན་དུ་གྱུར། དེ་ནས་རྟེན་གྱི་ལུས་དཀྱིལ་བསྒོམ་པ་ནི། རང་གི་ལུས་ཀྱི་མདུན་རྒྱབ་དང་གཡས་གཡོན་བཞི་ནི་དཀྱིལ་འཁོར་གྱི་ཟུར་བཞི། ཁ་སྣ་བཤང་གཅིའི་ལམ་གྱི་བུག་པ་བཞི་ནི་སྒོ་བཞིའི་རྣམ་རྟོག་གི་བཞོན་པ་ཡེ་ཤེས་ལྔ་་དག་པའི་རླུང་ཁ་དོག་ལྔ་པ་ནི་རྩིག་པ་རིམ་པ་ལྔ། ལྕེའི་རྣམ་པར་ཤེས་པ་ནི་རིན་པོ་ཆེའི་ཕ་གུ། རྒྱུ་མ་དྲ་བ། རྒྱུས་པ་དྲ་ཕྱེད། བྱང་སེམས་དཀར་པོའི་ཆ་ཟླ་བ་ཕྱེད་པ། མིག་གི་རྣམ་ཤེས་ནི་མེ་ལོང་། སྣའི་རྣམ་ཤེས་ནི་མེ་ཏོག་གི་འཕྲེང་བ། ལྕེའི་དབང་པོ་ནི་དྲིལ་བུ། ལུས་ཀྱི་དབང་པོའི་ཚོགས་རྔ་ཡབ་ཏུ་གྱུར་པ་རྣམས་ནི་དྲ་བ་དང་དྲ་ཕྱེད་ཀྱི་རྒྱན་ནོ། །རྣ་བ་དང་ལུས་ཀྱི་རྣམ་ཤེས་ནི་མདའ་ཡབ་ལ་གནས་པའི་བ་དན་དང་དར་འཕན། རྗེ་ངར་བརླ་དཔུང་ལག་ངར་གྱི་རྐང་བརྒྱད་ནི་ཀ་བ་བརྒྱད། ལྟོ་བ་ནི་དཀྱིལ་འཁོར་གྱི་ནང་གི་བུམ་པ། རྣ་བའི་དབང་པོ་ནི་མཚམས་རྣམས་ཀྱི་ཟླ་ཕྱེད་རྡོ་རྗེ། ཕུང་པོ་ལྔ་རྣམ་པར་དག་པ་ནི་དཀྱིལ་འཁོར་གྱི་ཁ་དོག་ལྔ། གསང་གནས་ལྟེ་བ་སྙིང་ག་གདོང་གི་སྣ་རྩེ་བཞི་ནི་རྟ་བབས་བཞི། མིག་གི་དབང་པོ་ནི་དེའི་སྟེང་གི་འཁོར་ལོ། །ཡིད་ཀྱི་རྣམ་ཤེས་ནི་རི་དྭགས། སྣའི་དབང་པོ་ནི་རྟ་བབས་ཀྱི་བ་དན། ཡིད་ཀྱི་་དབང་པོ་ནི་དབུས་ཀྱི་པདྨ་སྟེ། དེ་ལྟར་ལུས་ཀྱི་ཆ་ཐམས་ཅད་གཞལ་ཡས་ཁང་གི་ཆ་སོ་སོར་གྱུར། དེ་ནས་བརྟན་པའི་ལུས་དཀྱིལ་བསྒོམ་པ་ནི། རང་གི་་སྤྱི་གཙུག་ནས་སྐྲ་མཚམས་ཀྱི་བར་དུ་གཟུགས་ཀྱི་ཕུང་པོའི་ངོ་བོ་ༀ་དཀར་པོ་ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། དཀར་ནག་དམར་བའི༴ གཡས་འཁོར་ལོ་རྡོ་རྗེ་པདྨ་དཀར་པོ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། སྐྲ་མཚམས་ནས་མགྲིན་པའི་བར་དུ་འདུ་ཤེས་ཀྱི་ཕུང་པོ་ཨཱཿདམར་པོ་ཡོངས་སུ་གྱུར་པ་ལས་འོད་དཔག་མེད་དམར་པོ་མི་བསྐྱོད་པའི༴ དམར་ནག་དཀར་པའི༴ མགྲིན་པ་ནས་ནུ་མ་གཉིས་ཀྱི་དབུས་ཀྱི་སྙིང་གའི་བར་་དུ་རྣམ་ཤེས་ཀྱི་ཕུང་པོའི་ངོ་བོ་ཧཱུཾ་སྔོན་པོ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་སྔོན་པོ་མི་བསྐྱོད་པའི། ཞེས་སོགས་ཚིག་ལྷག་མ་སྦྱོར་ཚུལ་འོག་མ་ཐམས་ཅད་ལ་གོང་གིས་རིགས་བསྒྲེ། སྙིང་ག་ནས་ལྟེ་བའི་བར་དུ་ཚོར་བའི་ཕུང་པོའི་ངོ་བོ་སྭཱ་སེར་པོ༴ རིན་འབྱུང་སེར་པོ་མི་བསྒྱོད་པའི༴ །ལྟེ་བ་ནས་བརླའི་རྩ་བའི་བར་དུ་་འདུ་བྱེད་ཀྱི་ཕུང་པོའི་ངོ་བོ་ཧཱ་ལྗང་གུ༴ དོན་གྲུབ་ལྗང་གུ་མི་བསྐྱོད་པའི༴ ལྟེ་བར་ལུས་ཀྱི་སའི་ཁམས་ཐམས་ཅད་ཀྱི་ངོ་བོ་ལཾ་ཡོངས་སུ་གྱུར་པ་ལས་སྤྱན་མ་དཀར་མོ་རྣམ་སྣང་གི༴ སྙིང་གར་ལུས་ཀྱི་ཆུའི་ཁམས་ས་ཐམས་ཅད་ཀྱི་ངོ་བོ་མཱཾ༴ མཱ་མ་་ཀཱི་སྔོན་མོ་མི་བསྐྱོད་པའི༴ མགྲིན་པར་ལུས་ཀྱི་མའི་ཁམས་ཐམས་ཅད་ཀྱི་ངོ་བོ་བཾ༴ གོས་དཀར་མོ་དམར་མོ་འོད་དཔག་མེད་ཀྱི༴ སྤྱི་གཙུག་ཏུ་ལུས་ཀྱི་རླུང་གི་ཁམས་ཐམས་ཅད་ཀྱི་ངོ་བོ་ཏཱཾ༴ སྒྲོལ་མ་ལྗང་ཀུ་དོན་གྲུབ་ཀྱི༴ མིག་ཏུ་མིག་དབང་གི་ངོ་བོ་ཐླྷིཾ༴ ས་སྙིང་དཀར་པོོ་རྣམ་སྣང་གི༴ མིག་གི་སྒོར་ལུས་ཀྱི་གཟུགས་ཀྱི་རང་བཞིན་ཛཿ གཟུགས་རྡོ་རྗེ་མ་དཀར་མོ་རྣམ་སྣང་གི༴ རལ་གྲི་འཛིན་པ། ཡབ་ཡུམ་གཉིས་ཀའི་ཕྱག་དང་པོ་གཉིས་ཀྱི་ཕན་ཚུན་དུ་འཁྱུད་པ། རྣ་བར་རྣ་བའི་དབང་པོའི་ངོ་བོ་ༀ༴ ཕྱག་རྡོར་སེར་པོ་རིན་འབྱུང་གི༴ རྣ་བའི་སྒོར་ལུས་ཀྱི་སྒྲའི་རང་བཞིན་ཧཱུཾ༴ སྒྲ་རྡོ་རྗེ་མ་སེར་མོ་རིན་འབྱུང་གི༴ རལ་གྲི་འཛིན་པ། ཡབ་ཡུམ་གཉིས་ཀའི༴ སྣར་སྣའི་དབང་བོ་ངོ་བོ་ༀ༴ ནམ་སྙིང་སེར་པོ་རིན་འབྱུང་གི༴ སྣའི་སྒོར་ལུས་ཀྱི་དྲིའི་རང་བཞིན་པཾ༴ དྲི་རྡོ་རྗེ་མ་དམར་མོ་འོད་དཔག་མེད་ཀྱི༴ འཛིན་པ། ཡབ་ཡུམ་གཉིས་ཀའི༴ ལྕེར་ལྕེའི་དབང་པོའི་ངོ་བོ་ༀ། འཇིག་རྟེན་དབང་ཕྱུག་དམར་པོ་འོད་དཔག་མེད་ཀྱི༴ ཁའི་སྒོར་ལུས་ཀྱི་རོའི་རང་བཞིན་ཧོཿ༴ །རོ་རྡོ་རྗེ་མ་ལྗང་ཀུ་དོན་གྲུབ་ཀྱི༴ འཛིན་པ། ཡབ་ཡུམ་གཉིས་ཀའི༴ སྙིང་གར་ཡིད་དབང་གི་ངོ་བོ་ཧཱུཾ༴ འཇམ་དཔལ་དམར་པོ་འོད་དཔག་མེད་ཀྱི༴ རྡོ་རྗེར་ལུས་དབང་གི་ངོ་བོ་ༀ༴ སྒྲིབ་སེལ་ལྗང་ཀུ་དོན་གྲུབ་ཀྱི༴ རྡོ་རྗེར་སྒོར་ལུས་ཀྱི་རེག་བྱའི་རང་བཞིན་ཁཾ༴ རེག་བྱ་རྡོ་རྗེ་མ་སྔོན་མོ་མི་བསྐྱོད་པའི༴ །འཛིན་པ། ཡབ་ཡུམ་གཉིས་ཀའི༴ ཚིགས་རྣམས་ལ་ཚིགས་རྣམས་ཀྱི་ངོ་བོ་སཾ༴ ཀུན་བཟང་ལྗང་གུ་དོན་གྲུབ་ཀྱི༴ སྤྱི་གཙུག་ཏུ་ལུས་ཀྱི་རྩ་དང་རྒྱུས་པའི་ངོ་བོ་མེ༴ བྱམས་པ་དཀར་པོ་རྣམ་སྣང་གི༴ ཕྱག་དྲུག་གི་གཡས་ཀླུ་ཤིང་གི་མེ་ཏོག་སྡོང་བུ་་དང་བཅས་པ་འཁོར་ལོས་མཚན་པ་རྡོ་རྗེ་པདྨ་དཀར་པོ། །གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། རྣམ་སྣང་ནས་བྱམས་པའི་བར་གྱི་ལྷ་ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན་དུ་གྱུར། ལག་པ་གཡས་ལ་དེའི་ངོ་བོ་ཧཱུཾ༴ གཤིན་རྗེ་གཤེད་ནག་པོ་རྣམ་སྣང་གི༴ ལག་པ་གཡོན་ལ་དེའི་ཧཱུཾ༴ གཞན་གྱིས་མི་ཐུབ་པ་དཀར་པོ་རིན་འབྱུང་གི༴ ཁ་ལ༴ ཧཱུཾ༴ རྟ་མགྲིན་དམར་པོ་འོད་དཔག་མེད་ཀྱི༴ རྡོ་རྗེ་ལ༴ ཧཱུཾ༴ བདུད་རྩི་འཁྱིལ་བ་སྔོན་པོ་དོན་གྲུབ་ཀྱི༴ དཔུང་པ་གཡས་པའི་རྩ་བར༴ ཧཱུཾ༴ མི་གཡོ་བ་ནག་པོ་རྣམ་སྣང་གི༴ དཔུང་པ་གཡོན་པའི་རྩ་བར༴ ཧཱུཾ༴ འདོད་པའི་རྒྱལ་པོ་སྔོན་པོ་རིན་བྱུང་གི༴ པུས་མོ་གཡས་ལ༴ ཧཱུཾ༴ དབྱུག་སྔོན་ཅན་སྔོན་པོ་འོད་དཔག་མེད་ཀྱི༴ པུས་མོ་གཡོན་ལ༴ ཧཱུཾ༴ སྟོབས་པོ་ཆེ་སྔོན་པོ་དོན་གྲུབ་ཀྱི༴ སྤྱི་གཙུག་ཏུ༴ ཧཱུཾ༴ གཙུག་ཏོར་འཁོར་ལོས་བསྒྱུར་བ་སྔོན་པོ་མི་བསྐྱོད་པའི༴ རྐང་ཐིལ་གཉིས་སུ་དེའི་ངོ་བོ་ཧུཾ་ཡོངས་སུ་གྱུར་པ་ལས་གནོད་མཛེས་རྒྱལ་པོ་སྔོན་པོ་མི་བསྐྱོད་པའི༴ ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་རིན་པོ་ཆེ། གཡོན་ཐུགས་ཀར་ཞགས་པ་བཟུང་ནས་སྡིགས་མཛུབ་མཛད་ཅིང་པདྨ་རལ་གྲི་འཛིན་པ། ཁྲོ་བོ་བཅུ་པོ་ཐམས་ཅད་ཀྱང་དབུ་སྐྲ་དམར་སེར་གྱེན་དུ་བརྗེས་པ་ལ་སོགས་པ་ཁྲོ་བོའི་ཉམས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། དེ་ནས་སྒོ་གསུམ་སོ་སོའི་བྱིན་བརླབས་ལ་སྐུ་བྱིན་བརླབ་ནི། རང་གི་སྤྱི་བོར་ༀ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ལྟེ་བར་ༀ་དཀར་པོ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་ལས་སྤྱན་མའི་ཚོགས་ནམ་མཁའ་གང་བ་སྤྲོས་པས་སྐད་ཅིག་གིས་སྐུ་རྡོ་རྗེ་རྣམ་སྣང་གི་ལྷའི་ཚོགས་ནམ་མཁའ་གང་བ་སྤྱན་དྲངས་པའི་དབུས་ན་བཞུགས་པའི་གཙོ་བོ་རྣམ་པར་སྣང་མཛད་སྤྱན་མ་་དང་སྦྱོར་བའི་མདུན་ན་རང་ཉིད་གནས་པར་གྱུར། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ནི་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུས་ན ི་མཛད་དུ་གསོལ། །ཞེས་རྣམ་སྣང་གཙོ་འཁོར་ལ་གསོལ་བ་བཏབ་པས་སྤྲོས་པའི་སྤྱན་མ་དང་སྤྱན་དྲངས་པའི་རྣམ་སྣང་གི་སྒོ་ནས་ལྷའི་ཚོགས་གཉིས་པོ་ཐམས་ཅད་ཕན་ཚུན་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བས་སྙོམས་པར་ཞུགས། མཆོག་ཏུ་དགའ་བའི་བདེ་བ་མྱོང་། འོད་ཟེར་དཀར་བོའི་ངོ་བོར་ཞུགས་ཡེ་ཤེས་སེམས་དཔའི་ཚུལ་གྱིས་བདག་ཉིད་ཀྱི་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཞུགས་ཏེ་ཡེ་ཤེས་ཀྱི་ས་ཐོབ་པས་ལུས་ཐམས་ཅད་བཀང་སྟེ་ཚིམ་ནས་སྐུའི་དབང་ཕྱུག་ཐོབ་པར་གྱུར། །སངས་རྒྱས་ཀུན་གྱི་སྐུ་གང་ཡིན། ཕུང་པོ་ལྔ་ཡིས་རབ་བཀང་བ། །སངས་རྒྱས་སྐུ་ཡི་ངོ་བོ་ཡིས། །བདག་ཀྱང་དེ་དང་འདྲ་བར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་་ཀ྅་ཧཾ། གསུང་བྱིན་བརླབས་ནི། རང་གི་ལྕེའི་དབུས་སུ་ཨཱཿལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨཱཿདམར་པོ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་ལས་གོས་དཀར་མོའི་ཚོགས་ནམ་མཁའ་གང་བ་སྤྲོས་པས་སྐད་ཅིག་གིས་གསུང་རྡོ་རྗེ་འོད་དཔག་མེད་ཀྱི་ལྷའི་ཚོགས་ནམ་མཁའ་གང་བ་སྦྱན་དྲངས་པའི་་དབུས་ནས་བཞུགས་པའི་གཙོ་བོ་འོད་དཔག་མེད་གོས་དཀར་མོ་དང་སྦྱོར་བའི་མདུན་ན་རང་ཉིད་གནས་པར་གྱུར། །ཆོས་ཀྱི་གསུང་ལམ་དཔལ་ལྡན་པ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་བའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུང་གིས་མཛད་དུ་གསོལ། །ཞེས་འོད་དཔག་མེད་གཙོ་འཁོར་ལ་གསོལ་བ་བཏབ་པས་སྤྲོས་པའི་གོས་དཀར་མོ་དང་སྤྱན་དྲངས་པའི་འོད་དཔག་མེད་ཀྱི་ལྷའི་ཚོགས་གཉིས་པོ་ཐམས་ཅད་ཕན་ཚུན་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བས་སྙོམས་པར་ཞུགས། །མཆོག་ཏུ་དགའ་བའི་བདེ་བ་མྱོང་། །འོད་ཟེར་དམར་པོའི་ངོ་བོར་ཞུ་བ་ཡེ་ཤེས་སེམས་དཔའི་ཚུལ་གྱིས་བདག་ཉིད་ཀྱི་ལྕེ་ལ་ཞུགས་ཏེ་ཡེ་ཤེས་ཀྱི་ས་ཐོབ་པས་ལུས་ཐམས་ཅད་བཀང་སྟེ་ཚིམ་ནས་གསུང་གི་དབང་ཕྱུག་ཐོབ་པར་གྱུར། རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན། །ངེས་པའི་ཚིག་ནི་ཕུན་སུམ་ཚོགས། །བདག་གི་ཚིག་ཀྱང་དེ་འདྲ་ཞིང་། །ཆོས་འཛིན་པ་དང་འདྲ་བར་ཤོག །ༀ་སརྦ་ཏ་ཐ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་་ཀོ྅་ཧཾ། ཐུགས་བྱིན་བརླབ་ནི། རང་གི་སྙིང་གའི་དབུས་སུ་ཧཱུཾཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་ལྟེ་བར་ཧཱུཾ་སྔོན་པོ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་ལས་མཱ་མ་ཀིའི་ཚོགས་ནམ་མཁའ་གང་བ་སྤོས་པས་སྐད་ཅིག་གིས་ཐུགས་རྡོ་རྗེ་མི་བསྐྱོད་པའི་ལྷའི་ཚོགས་ནམ་མཁའ་གང་བ་སྤྱན་དྲངས་པའི་དབུས་ན་བཞུགས་པའི་གཙོ་བོ་མི་བསྐྱོད་པ་མཱ་མ་ཀཱི་དང་སྦྱོར་བའི་མདུན་ན་རང་ཉིད་གནས་པར་གྱུར། །དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱི་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་ཀྱིས་མཛད་དུ་གསོལ། །ཞེས་མི་བསྐྱོད་པ་གཙོ་འཁོར་ལ་གསོལ་བ་བཏབ་པས་སྤྲོས་པའི་མཱ་མ་ཀཱི་དང་སྤྱན་དྲངས་པའི་མི་བསྐྱོད་པའི་ལྷའི་ཚོགས་གཉིས་པོ་ཐམས་ཅད་ཕན་ཚུན་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བས་སྙོམས་པར་ཞུགས། མཆོག་ཏུ་དགའ་བའི་བདེ་བ་མྱོང་། འོད་ཟེར་ནག་པོའི་ངོ་བོར་ཞུ་བ་ཡེ་ཤེས་སེམས་དཔའི་ཚུལ་གྱིས་བདག་ཉིད་ཀྱི་སྙིང་གར་ཞུགས་ཏེ་ཡེ་ཤེས་ཀྱི་་ས་ཐོབ་པས་ལུས་ཐམས་ཅད་བཀང་སྟེ་ཚིམ་ནས་ཐུགས་ཀྱི་དབང་ཕྱུག་ཐོབ་པར་གྱུར། ཀུན་ཏུ་བཟང་པོའི་ཐུགས་གང་ཡིན། གསང་བའི་དབང་བོ་བློ་ལྡན་པ། བདག་ཀྱང་དེ་དང་འདྲར་འགྱུར་ཞིང་། །རྡོ་རྗེ་འཛིན་དང་མཚུངས་འགྱུར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། སྒོ་གསུམ་་ཐུན་མོང་བའི་བྱིན་བརླབ་ནི། རང་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་རྡོ་རྗེ་འཆང་ཆེན་པོར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་ནས་སེམས་་དཔའ་གཞན་གཉིས་དང་རིགས་བདག་གི་རྒྱས་གདབ་ནི། རང་ཉིད་དམ་ཚིག་་སེམས་དཔའ་རྡོ་རྗེ་འཆང་སྔོན་པོར་གསལ་བའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ཡེ་ཤེས་སེམས་དཔའ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་སྣང་གི་ཤེས་རབ་མ་ལ་འཁྱུད་པ། ཁ་སྦྱོར་གྱི་སྦྱོར་བས་ལུས་རྒྱས་པར་བྱེད་པ། དེའི་ཐུགས་ཀར་ཟླ་བའི་གདན་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་བའི་ལྟེ་བའི་ནང་དུ་ཏིང་ངེ་སེམས་དཔའ་ཧཱུཾ་ཡིག་སྔོན་པོ་རྟག་ཏུ་འཆང་བ་མར་མེ་ཆེན་པོ་ལྟ་བུ་མི་ཤེས་པའི་མུན་པ་འཇོམས་པའི་དོན་དུ་སྣང་བ་ཕུང་པོ་ཆེན་པོ་ལྟ་བུར་གྱུར། དམ་ཚིག་སེམས་དཔའི་རལ་པའི་ཅོད་པན་ལ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་ལྷན་ཅིག་ཁ་སྦྱོར་གྱི་སྦྱོར་བས་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་འཛག་པའི་རྒྱུད་གྱི་ལུས་ཐམས་ཅད་ཚིམ་པར་བྱེད་པར་གྱུར། དེ་ནས་རིག་མ་འདུ་བྱ་བ་ནི། རང་གི་སྙིང་ག་ནས་རང་རིགས་ཀྱི་རིག་མ་བྱུང་། ༀ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། རིག་མ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁཾ་ལས་རྡོ་རྗེ་ཁཾ་གིས་མཚན་པ། དེ་ཡོངས་སུ་གྱུར་པ་ལས་རེག་བྱ་རྡོ་རྗེ་མ་སྔོན་མོ་མི་བསྐྱོད་པའི༴ རལ་གྲི་་འཛིན་པ། དབུ་སྐྲ་རལ་བ་ཕྱེད་བཅིངས་སུ་བྱས་པ། ཤིན་ཏུ་སྒེག་ཅིང་༴ དགའ་བས་རོལ་བ། དེའི་སྤྱི་གཙུག་ནས་སྐྲ་མཚམས་ཀྱི་བར་དུ་ༀ་དཀར་པོ་་ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་པོ་མི་བསྐྱོད་པའི༴ རལ་གྲི་འཛིན་པ། སྐྲ་མཚམས་ནས་མགྲིན་པའི་བར་དུ་ཨཱཿདམར་པོ་ཡོངས་སུ་གྱུར་པ་ལས་འོད་དཔག་མེད་དམར་པོ་མི་བསྐྱོད་པའི༴ །རལ་གྲི་འཛིན་པ། མགྲིན་པ་ནས་ནུ་མ་གཉིས་ཀྱི་དབུས་ཀྱི་སྙིང་གའི་བར་དུ་ཧཱུཾ་སྔོན་པོ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་སྔོན་པོ་མ ི་བསྐྱོད་པའི༴ རལ་གྲི་འཛིན་པ། སྙིང་ག་ནས་ལྟེ་བའི་བར་དུ་སྭ་་སེར་པོ་ཡོངས་སུ་གྱུར་པ་ལས་རིན་འབྱུང་སེར་པོ་མི་བསྐྱོད་པའི༴ རལ་གྲི་འཛིན་པ། ལྟེ་བ་ནས་བརླའི་རྩ་བའི་བར་དུ་ཧཱ་ལྗང་གུ་ཡོངས་སུ་གྱུར་པ་ལས་དོན་གྲུབ་ལྗང་ཀུ་མི་བསྐྱོད་པའི༴ ནོར་བུ་འཛིན་པ། ལྟེ་བར་ལཾ། ལས་སྤྱན་མ། སྙིང་གར་མཱཾ་ལས་མཱ་མ་ཀི། མགྲིན་པར་བཾ་ལས་དཀར་མོ། སྤྱི་གཙུག་ཏུ་ཏཱཾ་ལས་སྒྲོལ་མ། མིག་ཏུ་ཛཿལས་གཟུགས་རྡོ་རྗེ་མ་ལ་ས་སྙིང་གིས་འཁྱུད་པ། རྣ་བར་ཧཱུཾ་ལས་སྒྲ་རྡོ་རྗེ་མ་ལ་ཕྱག་རྡོར་གྱིས་འཁྱུད་པ། སྣར་བཾ་ལས་དྲི་རྡོ་རྗེ་མ་ལ་ནམ་སྙིང་གིས་འཁྱུད་པ། ལྕེར་ཧོ་ལས་རོ་རྡོ་རྗེ་མ་ལ་འཇིག་རྟེན་དབང་ཕྱུག་གིས་འཁྱུད་པ། བྷ་གར་ཁཾ་ལས་རེག་བྱ་རྡོ་རྗེ་མ་ལ་སྒྲིབ་སེལ་གྱིས་འཁྱུད་པ། ལག་པ་གཡས་ལ་ཧཱུཾ་ལས་རོ་ལངས་མ། ལག་པ་གཡོན་ལ་ཧཱུཾ་ལས་གཞན་གྱིས་མི་ཐུབ་མ། ཁ་ལ་ཧཱུཾ་ལས་ཁྲོ་གཉེར་ཅན་མ། བྷ་གར་ཧཱུཾ་ལས་རལ་གཅིག་མ། དཔུང་བ་གཡས་པའི་རྩ་བར་ཧཱུཾ་ལས་དེ་བཞིན་གཤེགས་པའི་ཡུམ་རྡོ་རྗེ་མ། དཔུང་བ་གཡོན་པའི་རྩ་བར་ཧཱུཾ་ལས་སྣ་ཚོགས་རིན་ཆེན་མ། པུས་མོ་གཡས་ལ་ཧཱུཾ་ལས་སྣ་ཚོགས་པདྨ། པུས་མོ་གཡོན་ལ་ཧཱུཾ་ལས་སྣ་ཚོགས་ལས་མ། སྤྱི་གཙུག་ཏུ་ཧཱུཾཾ་ལས་ནམ་མཁའི་རྡོ་རྗེ་མ། རྐང་མཐིལ་གཉིས་སུ་ཧཱུཾ་ལས་ས་འཛིན་ལྷ་མོ་རྣམས་སུ་གྱུར། རང་གི་གསང་གནས་མི་དམིགས་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་རྭ་དབུས་མའི་ནོར་བུ་ལ་ༀ་ཡིག་གི་མཚན་ཞིང་བུ་ག་ཡི་གེ་ཕཊ་སེར་པོས་བཀག་པ། ཡུམ་གྱི་གསང་གནས་མི་དམིགས་པའི་ངང་ལས་ཨཱཿལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ་བུ་ག་ཡི་གེ་ཕཊ་སེར་པོས་བཀག་པ། །རྡོ་རྗེ་དང་པདྨའི་ནང་འོད་ཟེར་རྣམ་པ་ལྔས་གང་བར་གྱུར། རང་ཉིད་རིན་འབྱུང་དུ་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། རང་ཉིད་རྡོ་རྗེ་འཆང་དུ་གྱུར། ཧཱུཾ་སྙོམས་པར་འཇུག་པའི་ལས་ལ་གནས་པར་བྱས་པས་མཆོག་ཏུ་དགའ་བའི་བདེ་བ་ཐོབ། རང་ཉིད་དོན་གྲུབ་ཏུ་གྱུར། ཕཊ། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དེ་ནས་དཀྱིལ་འཁོར་རྒྱལ་མཆོག་གི་རྟེན་བརྟེན་པ་བསྐྱེད་དེ་མཛད་པ་མཛད་ནས་དཀྱིལ་འཁོར་ལ་དགོད་པ་ནི། ལུས་དཀྱིལ་གྱི་ལྷ་ཐམས་ཅད་ཚིམ་ནས་ཞུ་བའི་ཐིག་ལེ་ཡུམ་གྱི་པདྨར་ཕབ་པ་དེ་ཉིད་དེ་བཞིན་གཤེགས་པ་རིགས་ལྔ་ལ་སོགས་པ་ལྷ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར། ཐིག་ལེ་ཆ་གཅིག་བྷྲུཾ་དང་། དེ་ཡོངས་སུ་གྱུར་པ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་གདན་དང་བཅས་པར་གྱུར། ཐིག་ལེ་ཆ་གཅིག་གདན་དེ་རྣམས་ཀྱི་སྟེང་དུ་ཆ་སུམ་ཅུ་རྩ་གཉིས་སུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། ༀ་ཨཱཿཧཱུཾ་ཧཱུཾ། ༀ་ཨཱཿཁཾ་ཧཱུཾ། ༀ་ཨཱཿༀ་ཧཱུཾ། ༀ་ཨཱཿསྭཱ་ཧཱུཾ། ༀ་ཨཱཿཨཱཿཧཱུཾ། ༀ་ཨཱཿཧཱ་ཧཱུཾ། ༀ་ཨཱཿལཾ་ཧཱུཾ། ཨཱོཾ་ཨཱཿམཱཾ་ཧཱུཾ། ༀ་ཨཱཿ བཾ་ཧཱུཾ། ༀ་ཨཱཿཏཱཾ་ཧཱུཾ། ༀ་ཨཱཿཛཿཧཱུཾ། ༀ་ཨཱཿཧཱུཾ་ཧཱུཾ། ༀ་ཨཱཿབཾ་ཧཱུཾ། ༀ་ཨཱཿཧོཿཧཱུཾ། ༀ་ཨཱཿམཻ་ཧཱུཾ། ༀ་ཨཱཿཐླྷཱིཾ་ཧཱུཾ། ༀ་ཨཱཿༀ་ཧཱུཾ། ༀ་ཨཱཿༀ་ཧཱུཾ། ༀ་ཨཱཿༀ་ཧཱུཾ། ༀ་ཨཱཿཧཱུཾ་ཧཱུཾ། ༀ་ཨཱཿༀ་ཧཱུཾ། ༀ་ཨཱཿསཾ་ཧཱུཾ། ༀ་ཨཱཿཧཱུཾ་ཧཱུཾ་བཅུ་རྣམས་སུ་གྱུར། དེ་རྣམས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་དང་རྡོ་རྗེ། འཁོར་ལོ། །རིན་པོ་ཆེ། པདྨ། སྣ་ཚོགས་རྡོ་རྗེ། འཁོར་ལོ། རྡོ་རྗེ། ཨུཏྤལ། སྣ་ཚོགས་རྡོ་རྗེ། མེ་ལོང་དམར་པོ། བི་ཝང་སྔོན་པོ། དྲིའི་དུང་ཆོས། རོའི་སྣོད། ཀླུ་ཤིང་གི་མེ་ཏོག་སྡོང་བུ་དང་བཅས་པ་འཁོར་ལོས་མཚན་པ། འཁོར་ལོ། རིན་པོ་ཆེ་གཉིས། པདྨ་གཉིས། རལ་གྲི་གཉིས། དབྱུག་པ། རྡོ་རྗེ། པདྨ། སྣ་ཚོགས་རྡོ་རྗེ། རལ་གྲི། རྡོ་རྗེ། རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ། རྡོ་རྗེས་མཚན་པའི་དབྱུག་པ་ནག་པོ། རྡོ་རྗེ་དང་རྡོ་རྗེ། དེ་རྣམས་ཡོངས་སུ་གྱུར་པ་ལས་རིམ་གྱིས་ལྷ་སུམ་ཅུ་རྩ་གཉིས་སུ་གྱུར་པ་ནི། གདན་དབུས་མའི་སྟེང་དུ་རང་ཉིད་མི་བསྐྱོད་པ་ཞི་བ་མཐིང་ན ག་མི་བསྐྱོད་པའི་དབུ་རྒྱན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། རང་ཉིད་རེག་བྱ་རྡོ་རྗེ་མ་སྔོན་མོ་མི་བསྐྱོད་པའི༴ གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། དབུ་སྐྲ་རལ་པ་ཕྱེད་བཅིངས་སུ་བྱས་པར༴ འདོད་ཡོན༴ ཡབ་ཡུམ་གཉིས་ཀའི་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་དུ་འཁྱུད་པ། གཉིས་ཀའང་རིན་པོ་ཆེའི་དབུ་རྒྱན་གསོལ་བ༴ ཤམ་ཐབས་འཕྱར་བ། འོད་ཀྱི་དཀྱིལ་འཁོར་གྱིས་བསྐོར་བའི་དབུས་ན་ཡབ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། ཤར་དུ་རང་ཉིད་རྣམ་སྣང་དཀར་པོ་མི་བསྐྱོད་པའི༴ ལྷོར་རང་ཉིད་རིན་་འབྱུང་༴ ནུབ་ཏུ་རང་ཉིད་འོད་དཔག་མེད༴ བྱང་དུ་རང་ཉིད་དོན་གྲུབ༴ ཤར་ལྷོར་རང་ཉིད་སྤྱན་མ༴ ལྷོ་ནུབ་ཏུ་རང་ཉིད་མཱ་མ་ཀཱི༴ ནུབ་བྱང་དུ་རང་ཉིད་གོས་་དཀར་མོ༴ བྱང་ཤར་དུ་རང་ཉིད་སྒྲོལ་མ༴ རིམ་པ་གཉིས་པའི་ཤར་ལྷོར་རང་ཉིད་གཟུགས་རྡོ་རྗེ་མ༴ ལྷོ་ནུབ་ཏུ་རང་ཉིད་སྒྲ་རྡོ་རྗེ་མ༴ ནུབ་བྱང་དུ་རང་ཉིད་དྲི་རྡོ་རྗེ་མ༴ བྱང་ཤར་དུ་རང་ཉིད་རོ་རྡོ་རྗེ་མ༴ ལྷ་མོ་བརྒྱད་པོ་ཐམས་ཅད་ཀྱང་དབུ་སྐྲ་རལ་པ་ཕྱེད་བཅིངས་སུ་བྱས་པ། རིན་པོ་ཆེའི་དབུ་རྒྱན་གསོལ་བ༴ ཤམ་་ཐབས་ཅན། ཤིན་ཏུ་སྒེག་ཅིང་བཞིན་འཛུམ་བག་དང་ལྡན་པ༴ འོད་ཀྱི་དཀྱིལ་འཁོར་རབ་ཏུ་འབར་བའི་དབུས་ན་རང་རང་གི་གདན་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། རང་ཉིད་ཤར་སྒོའི་གཡས་སུ་བྱམས་པ་དང་། གཡོན་དུ་ས་སྙིང་དཀར་པོ༴ རང་ཉིད་ལྷོ་སྒོའི་གཡས་སུ་ཕྱག་རྡོར་དང་། གཡོན་དུ་ནམ་སྙིང་༴ རང་ཉིད་ནུབ་སྒོའི་གཡས་སུ་འཇིག་རྟེན་དབང་ཕྱུག་དང་། གཡོན་དུ་འཇམ་དཔལ༴ །རང་ཉིད་བྱང་སྒོའི་གཡས་སུ་སྒྲིབ་སེལ་དང་། གཡོན་དུ་ཀུན་བཟང་༴ རྣམ་སྣང་ནས་ཀུན་བཟང་གི་བར་གྱི་ལྷ་ལྷག་མ་ཐམས་ཅད་ཀྱང་རིན་པོ་ཆེའི་དབུ་རྒྱན་གསོལ་བ༴ ཤམ་ཐབས་ཅ༴ མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་ནབརྒྱན་པ། ཞི་བ། འོད་ཀྱི་དཀྱིལ་འཁོར་རབ་ཏུ་འབར་བའི་དབུས་ན་རང་རང་གི་གདན་ལ་རྡོ་རྗེའིི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། ཤར་སྒོར་རང་ཉིད་གཤིན་རྗེ་གཤེད་ནག་པོ་རྣམ་སྣང་གི་དབུ་རྒྱན་ཅན། ཞེས་པ་ནས། འོག་ཏུ་རང་ཉིད་གནོད་མཛེས་རྒྱལ་པོ་སྔོན་པོ༴། གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་ཚུལ་གྱིས་བཞུགས་པར་གྱུར། མི་བསྐྱོད་པ་རང་གི་ཐུགས་ཀར་དྲངས། བཛྲ་དྷྲྀཀ་ཐུགས་ཀ་ནས་ཕྱིར་ཕྱུང་། ཕྱོགས་བཅུར་འཕྲོས། ཆོས་འཁོར་བསྐོར་བ་ལ་་སོགས་པའི་སངས་རྒྱས་ཀྱི་མཛད་པ་མཛད། ཁྱད་པར་དུ་ཡང་སེམས་ཅན་ཞེ་སྡང་ཅན་རྣམས་ཀྱི་ཞེ་སྡང་སྦྱངས། མི་བསྐྱོད་པའི་གོ་འཕང་ལ་བཀོད། སྤྲུལ་པ་རྣམས་གཅིག་ཏུ་འདུས། མི་བསྐྱོད་པ་ཡེ་ཤེས་པ་དང་དབྱེར་མེད་དུ་འདྲེས། རང་གི་རིགས་བདག་ཡབ་ཡུམ་གྱི་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར། སླར་བྱོན་ནས་རང་གི་མདུན་ན་འདུག་པ་རང་གི་སྙིང་གར་ཞུགས་ནས་འདྲེས་པས་རང་རྡོ་རྗེ་འཆང་ཞི་བ་དེ་ཡོངས་སུ་གྱུར་པ་ལས། སྔར་གྱི་ཟླ་བ་ཉི་གདན་ལ་ཐིམ་པའི་སྟེང་དུ་རང་ཉིད་ཞེ་སྡང་རྡོ་རྗེ་སྐུ་མདོག་མཐིང་ནག་ནག་་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་རྩེ་དགུ་པ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། འོད་དམར་པོ་འབར་ཞིང་འཁྲུགས་པའི་དབུས་ན་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར། རེག་བྱ་རྡོ་རྗེ་མ་རང་གི་ཐུགས་ཀར་དྲངས། སྤར་ཤ་བཛྲ་ཐུགས༴ ཕྱོགས་བཅུར་འཕྲོས། སེམས་ཅན་རེག་བྱ་ལ་ཞེན་པ་རྣམས་སྦྱངས། རྒྱལ་བ་རྣམས་རེག་བྱའི་བདེ་བས་མཆོད། སྤྲུལ་པ་རྣམས༴ རེག་བྱ་རྡོ་རྗེ་མ་ཡེ་ཤེས་པ་དང་༴ རང་གི་རིགས་པ་བ དག༴ སླར་བྱོན་ནས་སྔར་གྱི་རེག་བྱ་རྡོ་རྗེ་མ་ལ་ཐིམ་པར་གྱུར། རྣམ་པར་སྣང་མཛད༴ ཛི་ན་ཛིཀ༴ ཕྱོགས༴ ཆོས་འཁོར༴ ཁྱད་པར་དུ་ཡང་སེམས་ཅན་གཏི་མུག་ཅན་རྣམས་ཀྱི༴ རྣམ་པར་སྣང་མཛད་ཀྱི༴ སྤྲུལ་བ༴ རྣམ་པར་སྣང་མཛད༴ རང་གི་རིགས་བདག༴ སླར་བྱོན་ནས་རིམ་པ་དང་པོའི་ཤར་དུ་་འཁོད། རིན་ཆེན་འབྱུང་ལྡན༴ རཏྣ་དྷྲྀཀ༴ ཆོས་འཁོར༴ ཁྱད་པར་དུ་ཡང་སེམས་ཅན་ང་རྒྱལ་ཅན་རྣམས་ཀྱི༴ རིན་ཆེན་འབྱུང་ལྡན་གྱི༴ སླར་བྱོན་ནས་རིམ་པ་དང་པོའི་ལྷོར་འཁོད། འོད་དཔག་མེད༴ ཨཱ་རོ་ལིཀ༴ ཆོས་འཁོར༴ ཁྱད་པར་དུ་ཡང་སེམས་ཅན་འདོད་ཆགས་ཅན་རྣམས༴ རིམ་པ་དང་པོའི་ནུབ་ཏུ་འཁོད། དོན་ཡོད་གྲུབ་པ༴ པྲ ཉྫ་དྷྲིཀ༴ ཆོས་འཁོར༴ སེམས་ཅན་བརྫུན་དུ་སྨྲ་བ་དང་ཕྲག་དོག་ཅན་རྣམས་ཀྱི༴ དོན་ཡོད་གྲུབ་པའི༴ སླར་བྱོན་ནས་རིམ་པ་དང་པོའི་བྱང་དུ་འཁོད། སྤྱན་མ་རང་གི༴ མོ་ཧ་ར་ཏི༴ ཕྱོགས་བཅུར་འཕྲོས༴ སེམས་ཅན་ནད་གདོན་གྱིས་གདུངས་པ་རྣམས་ཞི་བར་མཛད། སྤྲུལ་བ་རྣམས༴ སྤྱན་མ་ཡེ་ཤེས༴ རང་གི༴ སླར་བྱོོན་ནས་རིམ་པ་དང་པོའི་ཤར་ལྷོར་འཁོད། མཱ་མ་ཀཱི༴ དྭེ་ཥ་ར་ཏི༴ སེམས་ཅན་བགེགས་ཆེན་པོས་གཟིར་བ་རྣམས་བསྲུང་ཞིང་རྒྱས་པར་མཛད༴ རིམ་པ་དང་པོའི་ལྷོ་ནུབ་ཏུ་འཁོད། གོས་དཀར་མོ༴ རཱ་ག་ར་ཏི༴ སེམས་ཅན་གདོན་གྱིས་ཉེན་པ་རྣམས་ཞི་ཞིང་བསྲུང་བར་མཛད༴ རིམ་པ་་དང་པོའི་ནུབ་བྱང་དུ་འཁོད། སྒྲོལ་མ་རང་གི༴ བཛྲ་ར་ཏི༴ སེམས་ཅན་ཐམས་ཅད་དབང་དུ་བསྡུ་བའི་འཕྲིན་ལས་མཛད། རིམ་པ་དང་པོའི་བྱང་ཤར་དུ་འཁོད། གཟུགས་རྡོ་རྗེ་མ༴ རཱུ་པ་བཛྲ༴ ཕྱོགས༴ སེམས་ཅན་གཟུགས་ལ་ཞེན་པ་རྣམས་སྦྱངས། རྒྱལ་བ་རྣམས་གཟུགས་ཀྱི་བདེ་བས་མཆོད། སྦྲུལ་བ༴ གཟུགས་རྡོ་རྗེ་མ་ཡེ་ཤེས༴ རང་གི༴ སླར་བྱོན་ནས་རིམ་པ་གཉིས་པའི་ཤར་ལྷོར་་འཁོད། སྒྲ་རྡོ་རྗེ་མ་ཤཔྟ་བཛྲ༴ སེམས་ཅན་སྒྲ་ལ༴ རྒྱལ་བ་རྣམས་སྒྲའི༴ རིམ་པ་གཉིས་པའི་ལྷོ་ནུབ་ཏུ་འཁོད། དྲི་རྡོ་རྗེ་མ༴ གནྡྷེ་བཛྲ། སེམས་ཅན་དྲི་ལ། རྒྱལ་བ་རྣམས་དྲིའི༴ །རིམ་པ་གཉིས་པའི་ནུབ་བྱང་དུ་འཁོད། རྡོ་རྗེ་མ༴ བཛྲ་ར་ས་བཛྲ༴ སེམས་ཅན་རོ་ལ༴ རྒྱལ་བ་རྣམ་རོའི༴ རིམ་པ་གཉིས་པའི་བྱང་ཤར་་དུ་འཁོད། བྱམས་པ་རང་གི༴ མ་ཏྲི༴ ཕྱོགས༴ སེམས་ཅན་ཐམས་ཅད་ཀྱི་རྩ་་དང་རྒྱུས་པ་སྦྱངས། སྤྲུལ་པ༴ བྱམས་པ་ཡེ་ཤེས༴ རང་གི༴ སླར་བྱོན་ནས་ཤར་སྒོའི་གཡས་སུ་འཁོད། སའི་སྙིང་པོ༴ ཀྵིཏི་གརྦྷ༴ སེམས་ཅན་ཐམས་ཅད་མིག་གི་སྐྱེ་མཆེད༴ ཤར་སྒོའི་གཡོན་དུ་འཁོད། ཕྱག་ན་རྡོ་རྗེ༴ བཛྲ་པཱ་ཎི༴ སེམས་ཅན་ཐམས་ཅད་ཀྱི་རྣ་བའི་སྐྱེ་མཆེད༴ ལྷོ་སྒོའི་གཡས་སུ་འཁོད། ནམ་མཁའི་སྙིང་པོ༴ ཁཾ་གརྦྷ༴ སེམས་ཅན་ཐམས་ཅད་ཀྱི་སྣའི་སྐྱེ་མཆེད༴ ལྷོ་སྒོའི་གཡོན་དུ་འཁོད། འཇིག་རྟེན་དབང་ཕྱུག༴ ལོ་ཀེ་ཤྭ་ར༴ སེམས་ཅན་ཐམས་ཅད་ཀྱི་ལྕེའི་སྐྱེ་མཆེད༴ ནུབ་སྒོའི་གཡས་སུ་འཁོད། འཇམ་དཔལ༴ མཉྫུ་ཤྲཱི༴ སེམས་ཅན་ཐམས་ཅད་ཡིད་ཀྱི་སྐྱེ་མཆེད༴ ནུབ་སྒོའི་གཡོན་དུ་འཁོད། སྒྲིབ་བ་རྣམ་སེལ༴ སརྦ་ནི་ཝ་ར་ཎ་བི་སྐཾ་པ་ནི༴ སེམས་ཅན་ཐམས་ཅད་ཀྱིི་ལུས་ཀྱི་སྐྱེ་མཆེད༴ བྱང་སྒོའི་གཡས་སུ་འཁོད། ཀུན་ཏུ་བཟང་པོ༴ ས་མནྟ་བྷ་དྲ༴ སེམས་ཅན་ཐམས་ཅད་ཀྱི་ཚིགས་རྣམས༴ བྱང་སྒོའི་གཡོན་དུ་འཁོད། གཤིན་རྗེ་གཤེད༴།ཡ་མཱནྟ་ཀྲྀཏ༴ ཕྱོགས༴ དབང་པོ་ལ་སོགས་པའི་གདོན་བཅོམ༴ སྤྲུལ་པ༴ གཤེད་རྗེ་གཤེད་ཡེ་ཤེས༴ རང་གི༴ སླར་བྱོན་ནས་ཤར་སྒོར་འཁོད། ཤེས་རབ་མཐར་བྱེད༴ པྲཛྙཱཏྣ་ཀྲྀཏ༴ གཤིན་རྗེ་དང་མ་མོ་ལ་སོགས་པའི་གདོན༴ ལྷོ་སྒོར་འཁོད། རྟ་མགྲིན༴ པདྨཱནྟཱ་ཀྲྀཏ༴ ཀླུ་དང་ས་བདག་གི་གདོན༴ ནུབ་སྒོར༴ བགེགས་མཐར་བྱེད༴ བིགྷྣནྟ་ཀྲྀཏ༴ གནོད་སྦྱིན་དང་ལོག་འདྲེན་ལ་སོགས་པའི་གདོན༴ བྱང་སྒོར་འཁོད། མི་གཡོ་བ༴ ཨ་ཙ་ལ༴ མེ་ལྷའི་གདོན༴ ཤར་ལྷོའི་་འཁོད༴ འདོད་པའི་རྒྱལ་པོ༴ ཊཀྐི་རཱ་ཛ༴ བདེན་བྲལ་གྱི་གདོན༴ ལྷོ་ནུབ་ཏུ་འཁོད། དབྱུག་སྔོན་ཅན༴ ནཱི་ལ་དཎྜ༴ རླུང་ལྷའི་གདོན༴ ནུབ་བྱང་དུ་འཁོད། སྟོབས་པོ་ཆེ༴ མ་ཧཱ་བཱ་ལ༴ དབང་ལྡན་གྱི་གདོན་༴ བྱང་ཤར་དུ་འཁོད། གཙུག་ཏོར་འཁོར་ལོས་བསྒྱུར་བ༴ ཨུཥྞི་ཥ་ཙཀྲ་ཝརྟི༴ ཚངས་པ་དང་ལྷའི་གདོན༴ སྟེང་་དུ་འཁོད༴ གནོད་མཛེས་རྒྱལ་པོ༴ སུམྦྷ་རཱ་ཛ༴ བརྟན་པ་དང་གཡོ་བའི་དུག་དང་ཀླུ་དང་ས་བདག་གི་གདོན་བཅོམ། འོག་ཏུ་འཁོད། གཞལ་ཡས་ཁང་རང་གི་ཐུགས་ཀར་དྲངས། ༀ་ཨཱཿཧཱུཾ་ཐུགས་ཀ་ནས་ཕྱིར་ཕྱུང་། ཕྱོགས་བཅུར་་འཕྲོས། སྣོད་ཀྱི་ཉེས་སྐྱོན་ཐམས་ཅད་སྦྱངས། གཅིག་ཏུ་འདུས། ཡེ་ཤེས་ཀྱི་གཞལ་ཡས་ཁང་དང་འདྲེས་པ་སླར་བྱོན་ནས་སྔར་གྱི་གཞལ་ཡས་ཁང་ལ་ཐིམ་པར་གྱུར། དེ་དག་ནི་དཀྱིལ་འཁོར་རྒྱལ་མཆོག་གོ །དེ་ནས་བཟླས་པ་ནི། བཟླས་བྱའི་སྔགས་ཀྱིས་བསྐོར་བའི་ལྷ་རྣམས་ཀྱི་ཐུགས་ཀའི་རང་རང་གི་ས་བོན་ལས་དཀྱིལ་འཁོར་བའི་ལྷའི་ཚོགས་སྤྲོས་ཏེ་འགྲོ་བའི་དོན་བྱས་ནས་སྔགས་དང་ལྷན་ཅིག་ཏུ་འཇུག་པའི་རླུང་གིས་རང་རང་གི་ས་བོན་ལ་འཇུག་པའི་སྤྲོ་བ་དང་བསྡུ་བའི་དད་པ་ཅན་དུ་གྱུར། ༀ་ཨཱཿཧཱུཾ། ༀ་ཨཱཿབཛྲ་དྷྲྀཀ་ཧཱུཾ་ཧཱུཾ། ༀ་ཨཿསྤར་བཛྲ་ཁཾ་ཧཱུཾ། ༀ་ཨཱཿ་ཛི་ན་ཛིཀ་ༀ་ཧཱུཾ། ༀ་ཨཱཿརཏྣ་དྷྲྀཀ་སྭཱ་ཧཱུཾ། ༀ་ཨཱཿཨཱ་རོ་ལིཀ་ཨཱཿཧཱུཾ། ༀ་ཨཱཿཔྲཛྙཱ་དྷྲྀཀ་ཧྲཱ་ཧཱུཾ། ༀ་ཨཱཿ་མོ་ཧ་ར་ཏི་ལཾ་ཧཱུཾ། ༀ་ཨཱཿདྭེ་ཥ་ར་ཏི་མཾ་ཧཱུཾ། ༀ་ཨཱཿརཱ་ག་ར་ཏི་བཾ་ཧཱུཾ། ༀ་ཨཱཿ་བཛྲ་ར་ཏི་ཏཱཾ་ཧཱུཾ། ༀ་ཨཱཿརཱུ་པ་བཛྲ་ཛཿཧཱུཾ། ༀ་ཨཱཿཤཔྟ་བཛྲ་ཧཱུཾ་ཧཱུཾ། ༀ་ཨཱཿགནྡྷེ་བཛྲ་བཾ་ཧཱུཾ། ༀ་ཨཱཿ་ར་ས་བཛྲ་ཧོ་ཧཱུཾ། ༀ་ཨཱཿམཻ་ཏྲི་མཻ་ཧཱུཾ། ༀ་ཨཱཿཥྵིཾ་ཏི་གརྦྷ་ཐླྷཱིཾ་ཧཱུཾ། ༀ་ཨཱ༔བཛྲ་པཱ་ཎི་ༀ་ཧཱུཾ། ༀ་ཨཱཿཁ་གརྦྷ་ༀ་ཧཱུཾ། ༀ་ཨཱཿལོ་ཀེ་ཤྭ་ར་ༀ་ཧཱུཾ། ༀ་ཨཱཿམཉྫུ་ཤྲཱི་ཧཱུཾ་ཧཱུཾ། ༀ་ཨཱ༔སརྦ་ནི་ཝ་ར་ཎ་བི་སྐཾ་བི་ནི་ༀོ་ཧཱུཾ། ༀ་ཨཱཿས་མནྟ་བྷ་དྲ་སཾ་ཧཱུཾ། ༀ་ཨཱཿཡ་མཱནྟ་གྲྀཏ་ཧཱུཾ་ཧཱུ། ཨ་ཨཱོཾ་པྲཛྙཱ ནྟ་ཀྲྀ་ཏཾ་ཧཱུཾ་ཧཱུཾ། ༀ་ཨཱཿཔདྨནྟ་ཀྲྀཏ་ཧཱུཾ་ཧཱུཾ། ༀ་ཨཱཿ་བཾ་གྷྣཱནྟ་ཀྲྀཏ་ཧཱུཾ་ཧཱུཾ། ༀ་ཨཱཿ ཨ་ཙ་ལ་ཧཱུཾ་ཧཱུཾ། ༀ་ཨཱཿཊཀྐི་རཱ་ཛ་ཧཱུཾ་ཧཱུཾ། ༀ་ཨཱཿ་ནཱི་ལ་དཎྜ་ཧཱུཾ་ཧཱུཾ། ༀ་ཨཱཿམ་ཧཱ་བཱ་ལ་ཧཱུཾ་ཧཱུཾ། ༀ་ཨཱཿཨུཥྞཱི་ཥ་ཙཀྲ་ཝརྟི་ཧཱུཾ་ཧཱུཾ། ༀ་ཨཱཿསུམྦྷ་རཱ་ཛ་ཧཱུཾ་ཧཱུཾ། ཡིག་བརྒྱ་བཟླ། དེ་ནས་གཙོ་བོ་འོད་གསལ་དུ་འཇུག་པ་དང་བསྐུལ་ཏེ་དེ་ལས་བཞེངས་པ་ནི། ཡབ་ཡུམ་སྙོམས་པར་ཞུགས་པའི་རྐྱེན་གྱིས་ཡུམ་ཡབ་ལ་ཐིམ། ཡབ་དམ་ཚིག་སེམས་དཔའ་ཡེ་ཤེས་སེམས་དཔའ་ལ་ཐིམ། ཡེ་ཤེས་སེམས་དཔའ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། ཏིང་ངེ་འཛིན་སེམས་དཔའི་ཞབས་ཀྱུ་ཨུ་ནི་ཧ་ལ། ཧ་ནི་ཧའི་མགོ་བོ་ལ། མགོ་བོ་ནི་ཟླ་ཚེས་ལ། ཟླ་ཚེས་ནི་ཐིག་ལེ་ལ། ཐིག་ལེ་ནི་ནཱ་ད་ལ། ནཱ་ད་ཡང་འོད་གསལ་དུ་ཐིམ་པར་གྱུར། དེ་ནས་ཚད་མེད་པ་བཞིའི་ངོ་བོར་གྱུར་པའི་ལྷ་མོ་བཞིས་གཙོ་བོ་མ་མཐོང་བས་གདུང་བའི་ཡིད་ཀྱིས་བལྟ་བར་འདོད་དེ་སྙན་པའི་གླུ་དབྱངས་ཀྱིས་བསྐུལ་བ་ནི། སེམས་ཅན་ཁམས་ན་གནས་ཀྱི་དབང་ཕྱུག་ཁྱོད་ནི་རྡོ་རྗེའི་ཐུགས། དགའ་བ་ཡིད་འོང་དོན་ཆེན་འདོད་པས་བདག་ལ་བསྐྱབ་ཏུ་གསོལ། མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན། སེམས་ཅན་ཡབ་ཆེན་གཉེན་མཆོག་བདག་ལ་དགྱེས་པར་མཛད་དུ་གསོལ། རྡོ་རྗེའི་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན། སངས་རྒྱས་དོན་དུ་ བྱང་ཆུབ་དོན་དམ་རྗེས་སུ་ཕན་སྟོན་པ། མགོན་པོ ་གལ་ཏེ་དེ་རིང་༴ འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ། ཁྱོད་ནི་རྡོ་རྗེའི་གསུང་སྟེ་་ཀུན་ལ་ཕན་ཞིང་ཐུགས་བརྩེ་བ། འཇིག་རྟེན་དག་གི་དགོས་པའི་དོན་མཛད་པ་ལ་རྟག་ཏུ་བརྩོན། མགོན་པོ་གལ་ཏེ་དེ་རིང་༴ རབ་དགའི་སྤྱོད་པ་ཀུན་ཏུ་བཟང་པོས་བདག་ལ་དགྱེས་པར་མཛོད། ཁྱོད་ནི་རྡོ་རྗེ་འདོད་པ་དམ་ཚིག་མཆོག་གི་ཕན་དོན་ཆེ། ཡང་དག་རྫོགས་སངས་རྒྱས་ཀྱི་གདུང་མཆོག་མཉམ་པ་ཉིད་གཟིགས་པ། མགོན་པོ་གལ་ཏེ་དེ་རིང་༴ ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་བདག་ལ་དགྱེས་པར་མཛོད། ཅེས་བསྐུལ་བས་སྔོན་གྱི་སྨོན་ལམ་་དང་ཐུགས་རྗེའི་ཤུགས་ཀྱིས་འོད་གསལ་ལས་སེམས་དཔའ་གསུམ་གྱི་བདག་ཉིད་ཅན་གྱི་སྐུར་བཞེངས་ཏེ། དཀྱིལ་འཁོར་པ་ཐམས་ཅད་ཀྱིས་མངོན་སུམ་དུ་མཐོང་བར་གྱུར། དེ་ནས་བསྟོད་པ་ནི། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །གསང་བའི་དབྱངས་ལ་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཕྱག་འཚལ་ལོ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་མཁའ་འདྲ་དྲི་མ་མེད། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པ། །དག་པ་ངོ་བོ་ཉིད་ལས་བྱུང་། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་ལོ། །སྔར་བྱིན་གྱིས་བརླབས་པའི་ཕྱི་ནང་གི་མཆོད་པ་འབུལ་བ་ནི། ༀ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། དེ་བཞིན་དུ་སྦྱར་ཏེ། བཱ་དྱཾ། པུཥྤེེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝིདྱེ། ཤཏྤ། རཱུ་པ། ཤཔྟ། གནྡྷེ། ར་ས། སྤ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ། བདག་ཉིད་ཀྱི་ལག་པ་གཡོན་པའི་མཐེ་བོང་ཀྵུཾ་ལས་ས་གཞི། མིང་མེད་སུཾ་ལས་རི་རབ་ཏུ་གྱུར་པས་ས་ལ་གནས་པའི་རྒྱ་མཚོ་ཆེན་པོའི་དབུས་ནས་བདུད་རྩིའི་སྙིང་པོ་བླངས་ཏེ། མགྲོན་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་རྣམས་སུ་གྱུར། མཆོད་དོ། །ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་་ཡོན་ཏན་འཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོ། ཆོས་ཀྱི་ཕུང་པོ་་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ༀ་ཨཱཿཧཱུཾ། རྒྱལ་བ་རྡོ་རྗེ་འཆང་གི་ཞལ་དུ༴ རྒྱལ་སྲས་བློ་གྲོས་རིན་ཆེན་གྱི༴ དཔལ་མགོན་་འཕགས་པ་ཀླུ་སྒྲུབ་ཀྱི༴ རྒྱལ་སྲས་མ་ཏངྐི་པའི༴ གྲུབ་ཆེན་ཏཻ་ལོ་པའི། པཎ་ཆེན་ནཱ་རོ་ཏ་པའི། སྒྲ་སྒྱུར་མར་པ་ལོ་ཙཱའི། མཚུར་སྟོན་དབང་གི་རྡོ་རྗེའི། །འཁོན་སྟོན་གད་པ་ཀིརྟིའི། བྱ་སྒང་བ་བསོད་ནམས་རིན་ཆེན་གྱི། ཐུར་ལྷ་བ་ཚུལ་ཁྲིམས་སྐྱབས་ཀྱི། ཐང་སྤེ་བ་འཕགས་པ་སྐྱབས་ཀྱི། གསེར་སྡིངས་པ་གཞོན་ནུ་འོད་ཀྱི། ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱི། ཀུན་མཁྱེན་འཕགས་པ་འོད་ཀྱི། ཆོས་རྗེ་བུ་སྟོན་རིན་ཆེན་གྲུབ་ཀྱི། ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས་ཀྱི། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི། སླར་ཡང་རྒྱལ་པ་རྡོ་རྗེ་འཆང་གི །རྒྱལ་སྲས་ཕྱག་ན་རྡོ་རྗེའི། རྒྱལ་པོ་ཨིནྡྲ་བྷཱུ་ཏིའི། ཀླུ་ལས་སྐྱེེས་པའི་རྣལ་འབྱོར་མའི། མངའ་བདག་བི་སུ་ཀལྤའི། དཔལ་ལྡན་སཱ་ར་ཏ་པའི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི། དཔལ་ལྡན་ཟླ་བ་གྲགས་པའི། སློབ་པའི་རྡོ་རྗེའི། གྲུབ་ཆེན་ནག་པོ་སྤྱོད་པའི། བླ་མ་སྤྲིན་གྱི་ཤུགས་ཅན་གྱི། རྗེ་རིན་པོ་ཆེ་མགོས་ཀྱི། མང་ར་བ་སེང་གེ་རྒྱལ་མཚན་གྱི། རྔོག་ཡེ་ཤེས་སེང་གེའི། རྔོག་ཨཱརྱ་དེ་བའི། གླན་ཚ་ཉི་མ་ལྕམ་གྱི། ལྟག་པ་རིན་ཆེན་གྲགས་ཀྱི། ཐུར་ལྷ་བ་ཚུལ་ཁྲིམས་སྐྱབས་ཀྱི། ཐང་སྤེ་བ་་འཕགས་པ་སྐྱབས་ཀྱི། གསེར་སྡིངས་པ་གཞོན་ནུ་འོད་ཀྱི། ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱི། ཀུན་མཁྱེན་འཕགས་པ་འོད་ཀྱི། ཆོས་རྗེ་བུ་སྟོན་རིན་ཆེན་གྲུབ་ཀྱི། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི། སྒྲ་སྒྱུར་ནམ་མཁའ་བཟང་པོའི། མཉམ་མེད་རྗེ་བཙུན་རེད་མདའ་བ་ཆེན་པོའི། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི། མཁས་གྲུབ་ཐམས་ཅད་མཁྱེན་པ། རྗེ་བཙུན་ཤེས་རབ་སེངྒེའི། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི། རྡོ་རྗེ་འཆང་བློ་བཟང་སྦྱིན་པའི། རྡོ་རྗེ་འཆང་བློ་གྲོས་རྒྱ་མཚོའི་ཞལ་དུ་ༀ་ཨཱཿཧཱུཾ། གཞན་ཡང་དབང་བསྐུར། རྒྱུད་བཤད། མན་ངག་གནང་བའི་བླ་མ་དམ་པ་བརྒྱུད་པ་དང་བཅས་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། བཛྲ་དྷྲིཀ་ༀ་ཨཱཿཧཱུཾ། སྤཪྴ་བཛྲ་ༀ་ཨཱཿཧཱུཾ། ཛི་ན་ཛི་ཀ་ༀ་ཨཱཿཧཱུཾ། ཞེས་པ་ནས། སུམྦྷ་རཱ་ཛ་ༀ་ཨཱཿ་ཧཱུཾ། གཞན་ཡང་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། སྔོན་སངས་རྒྱས་མཐོང་བ། དམ་པའི་ཆོས་ཐོས་པ། འཕགས་པའི་དགེ་འདུན་ལ་བརྟེན་པ། བསྟན་པ་དང་འཁོར་རྣམ་བཞི་སྐྱོང་བར་ཞལ་གྱིས་བཞེས་པ། བླ་མ་གོང་མ་རྣམས་ཀྱིས་བསྟེན་ཅིང་བསྒྲུབས་པའི་བསྲུང་མ་དམ་ཚིག་ཅན་རྣམས་ཀྱིི་ཞལ་དུ་ༀ་ཨཱཿཧཱུཾ། ཡུལ་སུམ་ཅུ་རྩ་གཉིས། གནས་ཉི་ཤུ་རྩ་བཞི། དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་དཔའ་བོ་དང་རྣལ་འབྱོར་མ་དང་། ཕྱོགས་སྐྱོང་དང་། ཞིང་སྐྱོང་དང་། ཀླུ་ལ་སོགས་པ་རྣམས་གྱི་ཞལ་དུ་ༀ་ཨཱཿ ཧཱུཾ། གཞི་བདག་གཉུག་མར་གནས་པ་དང་སེམས་ཅན་ཐམས་ཅད་ལྷར་གྱུར་པ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུཾ། ༀ་ཨ་མྲྀ་ཏ་སྭ་ད་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། མགྲོན་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་མཉེས་ཤིང་ཚིམ་པར་གྱུར། གསང་མཆོད་ནི། རང་གི་གསང་གནས་མི་དམིགས་པའི་ངང་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པར་དབུས་མའི་ནོར་བུ་ལ་ༀ་ཡིག་གིས་མཚན་ཞིང་བུ་ག་ཡི་གེ་ཕཊ་སེར་བོས་བཀག་པ། ཡུམ་གྱི་གསང་གནས་མི་དམིགས་པའི་ངང་ལས་ཨཱཿལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པ། བུ་གེ་ཡི་གེ་ཕཊ་སེར་པོས་བཀག་པ། རྡོ་རྗེ་དང་པདྨའི་ནང་འོད་ཟེར་རྣམ་པ་ལྔས་གང་བར་གྱུར། རང་ཉིད་རིན་འབྱུང་་དུ་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། རང་ཉིད་མི་བསྐྱོད་པར་གྱུར། ཧཱུཾ་སྙོམས་པར་འཇུག་པའི་ལས་ལ་གནས་པར་བྱས་པས་མཆོག་ཏུ་དགའ་པའི་བདེ་བ་ཐོབ། རང་ཉིད་དོན་གྲུབ་ཏུ་གྱུར། ཕཊ། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། དཀྱིལ་འཁོར་བའི་ལྷ་ཐམས་ཅད་ཀྱིས་ཀྱང་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་སྟེ་བདེ་བ་ཆེན་པོ་དང་དེ་ཁོ་ན་ཉིད་དབྱེར་མི་ཕྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པས་དགྱེས་པར་གྱུར། བསྒོམ་པའི་རྟེན་བརྟེན་པ་རྣམས་སླར་ལུས་པ་བསྡུ་བ་ནི། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་རྣམ་སྣང་ནས་གནོད་མཛེས་ཀྱི་བར་གྱི་སྤྱན་དྲངས་ཏེ་རང་གི་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་འཁོད་པ་ནི། སྤྱི་བོར་རྣམ་པར་སྣང་མཛད། མགྲིན་པར་འོད་དཔག་མེད། ལྟེ་བར་རིན་ཆེན་འབྱུང་ལྡན། བརླའི་རྩ་བར་དོན་ཡོད་གྲུབ་པ། ལྟེ་བར་སྤྱན་མ། སྙིང་གར་མཱ་མ་ཀཱི། མགྲིན་པར་གོས་དཀར་མོ། སྤྱི་གཙུག་ཏུ་སྒྲོལ་མ། མིག་ཏུ་སའི་སྙིང་པོ། རྣ་བར་ཕྱག་ན་རྡོ་རྗེ། སྣར་ནམ་མཁའི་སྙིང་པོ། ལྕེར་་འཇིག་རྟེན་དབང་ཕྱུག །སྙིང་གར་འཇམ་དཔལ། གསང་གནས་སུ་སྒྲིབ་པ་རྣམ་སེལ། ཚིགས་རྣམས་ལ་ཀུན་ཏུ་བཟང་པོ། སྤྱི་གཙུག་ཏུ་བྱམས་པ། མིག་གི་སྒོར་གཟུགས་རྡོ་རྗེ་མ། རྣ་བའི་སྒོར་སྒྲ་རྡོ་རྗེ་མ། སྣའི་སྒོར་དྲི་རྡོ་རྗེ་མ། ཁའི་སྒོར་རོ་རྡོ་རྗེ་མ། ལག་པ་གཡས་ལ་གཤིན་རྗེ་གཤེད། ལག་པ་གཡོན་ལ་གཞན་གྱིས་མི་ཐུབ་པ། ཁ་ལ་རྟ་མགྲིན། རྡོ་རྗེ་ལ་བདུད་རྩི་འཁྱིལ་བ། དཔུང་པ་གཡས་པའི་རྩ་བར་མི་གཡོ་བ། དཔུང་པ་གཡོན་པའི་རྩ་བར་འདོད་པའི་རྒྱལ་པོ། པུས་མོ་གཡས་ལ་དབྱུག་སྔོན་ཅན། པུས་མོ་གཡོན་ལ་སྟོབས་པོ་ཆེ། སྤྱི་གཙུག་ཏུ་གཙུག་གཏོར་འཁོར་ལོས་བསྒྱུར་བ། རྐང་མཐིལ་གཉིས་སུ་གནོད་མཛེས་རྒྱལ་པོ། གཞལ་ཡས་ཁང་གི་ཆ་སོ་སོ་ཡང་རང་གི་ལུས་ཀྱི་ཆ་སོ་སོ་ལ་ཐིམ་པར་གྱུར། མཐའི་མཛད་པ་ནི། རང་་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ལ་དབང་བསྐུར། སྒྲིབ་པ་སྦྱངས། ཧཱུཾ་ཡིག་ཏུ་གྱུར། དེ་ནམ་མཁའི་ཁམས་གང་བ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཆང་དུ་གྱུར་པ་རྣམས་རང་གི་འོད་ཟེར་གྱིས་དྲངས་ནས་རང་ཉིད་ལ་ཐིམ་པར་གྱུར། ཨོ་ཡོ་ག་ཤུདྡྷ་སརྦ་དྷརྨཿཡོ་ག་ཤུདྡྷོ་྅ཧཾ། བཟླས་པ་ནས་འདིའི་བར་ལས་རྒྱལ་མཆོག་གོ །ཐུན་མཐར་གཏོར་མ་འབུལ་བ་ནི། གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་ཁྲོོ་བོ་བཅུ་དང་བཅས་པའི་བསྲུང་བའི་འཁོར་ལོ་རྩིབས་བཅུ་བའི་ལྟེ་བའི་ནང་དུ་འདུས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་སྤྱན་དྲངས་ཤིང་བསྲུང་འཁོར་གྱི་ཕྱི་རོལ་ཏུ་ཕྱོགས་སྐྱོང་བཅོ་ལྔ་འཁོར་དང་བཅས་པ་་དང་། ཀླུ་རྣམས་དང་སེམས་ཅན་ཐམས་ཅད་བཀུག་པའི་གཞལ་ཡས་ཁང་གི་་དབུས་སུ་མི་བསྐྱོད་པ་ཡབ་ཡུམ། ཤར་དུ་རྣམ་སྣང། ཅེས་པ་ནས། འོག་ཏུ་གནོད་མཛེས་རྒྱལ་པོ། ཕྱིའི་ཤར་དུ་རྡོ་རྗེ་མཚོན་ཆ་སེར་པོ། ཅེས་པ་ནས། འདུས་པའི་ལྷ་ཤེས་རབ་མ་དང་། ཞེས་པ་ནས། སྦུ་གུ་ཅན་དུ་གྱུར། ༀ་ཨཱཿཧྲཱིཿཞེས་སོགས་ཀྱི་ཆུ་བཞི་བུལ། རྡོ་རྗེ་གསོར་ཞིང་དྲིལ་བུ་བསིལ་ནས། ༀ་བཛྲ་དྷྲཱིཀ་ཧཱུཾ། སྤར་ཤ་བཛྲ་ཁཾ། ཛི་ན་ཛིཀ་ༀ། ཅེས་པ་ནས། སུམྦྷ་རཱ་ཛ་ཧཱུཾ། སརྦ་དུཥྚཱ ན་ས་མ་ཡ་མུ་དྲ་པྲ་བྷཾ་ཛ་ཀ་མ་མ་ཤིནྟཾ་རཀྵ་ཙ་ཀུ་རུ་སྭཱཧཱ། ཞེས་པས་ལྷ་སོ་གཉིས་ལ་འབུལ། དེ་ནས་རོ་དྲིལ་སྔར་ལྟར་ལ། ༀ་ཨཱཿདུས་གསུམ་སྐྱེས་པ། ཅེས་པ་ནས། བསྲུང་བར་མཛད་དུ་གསོལ། ཧཱུཾ་སྭཱཧཱ། ཞེས་ཕྱོགས་སྐྱོང་ལ་འབུལ། ༀ་ཨཱཿཧྲིཿཔྲ་ཝ་ར་སད་ཀ་རི་ཨཉྫ་མཱ་ཎཾ་པྲ་ཏཱིཙྩ་ཧཱུཾ་སྭཱཧཱ། ༀ་ཨཱཿཧྲཱིཿནས་ཨརྒྷཾ་པྲ་ཏཱིི ཙྪ་ཧཱུཾ་སྭཱཧཱ། ༀ་བཛྲ་ཏཾ་པུ་ལ་སྭཱ ཧཱ། ༀ་སརྦ་ཏྭ་ཐཱ་ག་ཏ་པུཥྤེ་ནས། ཤཔྟ་པྲ་ཏཱིཙྪ་ཧཱུཾ་སྭཱཧཱ། ༀ་བཛྲ་དྷྲིཀ་ཨོ་ཨཱཿཧཱུཾ། ཅེས་པ་ནས། སུམྦྷ་ཛ་རཱ་ཛཱ་ༀ་ཨཱཿཧཱུཾ། ༀ་ད་ཤ་དི ཀ་ལོ་ཀ་པཱ་ལ་ས་པ་རི་ཝ་ར་པུཥྤེ། ཅེས་པ་ནས། ཤཔྟ་པྲ་ཏི ཙྪ་ཧཱུཾ་སྭཱ་ཧཱ། ༀ་ད་ཤ་དི་ཀ༴ ༀ་ཨཱཿཧཱུཾ། མ་རྙེད་ཡོངས་སུ་ཞེས་པ་ནས། བཟོད་མཛོད་རིགས། ༀ་བཛྲ་ས་ཏྭ་ས་མ་་ཡ། ཞེས་པ་ནས། སྭ་ཏྭ་ཨཱ་ཧཱུཾ་ཕཊ། ཅེས་ཡིག་བརྒྱ་བརྗོད། ༀ་ཡོ་ག་ཤུདྷཱཿསརྦ་དྷརྨ་ཡོ་ག་ཤུདྷོ་྅ཧཾ། པད་སྐོར་འཁྱུད་པའི་ཕྱག་རྒྱ་བྱས་ནས། དཀྱིལ་འཁོར་གྱི་འཁོར་ལོ་བདག་ཉིད་ལ་ཐིམ་ཞིང་། སེ་གོལ་གདབ་ཅིང་། ༀ་ཨཱཿཧཱུཾ། བཛྲ་མུཿ ཕྱོགས་སྐྱོང་འཁོར་བཅས་རང་གནས་སུ་གཤེགས་པར་གྱུར། དེ་ནས། དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་ཀྱི་སྨོན་ལམ་རྒྱས་བསྡུས་ཅི་རིགས་གདབ་བོ། །ཡང་རྒྱུད་ནས་བཤད་པའི་སྒྲུབ་ཐབས་བསྡུས་པ་དང་པོ་སྦྱོར་བ་ཙམ་བྱ་བར་འདོད་ན། རང་ཉིད་ཞེ་སྡང་རྡོ་རྗེ་ཞེས་པ་ནས། པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་྅ཧཾ། གི་བར་སྒྲུབ་ཐབས་རྒྱས་པ་ལྟར་ལ། དེ་ནས་ཐིག་ལེ་དབྱུང་བ་སོགས་དཀྱིལ་འཁོར་རྒྱལ་མཆོག་གི་སྐོར་བཞག །ལུས་དཀྱིལ་ལ་དམིགས་ཏེ། བཟླས་བྱའི་སྔགས་ཀྱིས་བསྐོར་བའི། ཞེས་པ་ནས། སུམྦྷ་རཱ་ཛ་ཧཱུཾ་ཧཱུཾ། ཞེས་པའི་བར་ལྷ་ཐམས་ཅད་ཀྱི་བཟླས་པ་བྱས་ནས། ཡིག་བརྒྱའི་འཇུག་ཏུ། མི་བསྐྱོད་རྡོ་རྗེ་ནས་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་གྱུར། གཞལ་ཡས་ཁང་གི་ཆ་སོ་སོ་ཡང་ནས་ཐིམ་པར་གྱུར། ཡབ་ཡུམ་སྙོམས་པར་ཞུགས་པའི་ནས་ཤུདྷོ྅ཧཾ། ཞེས་པའི་བར་སྔར་ལྟར་རོ། །ལྷག་མོས་ལུས་ལ་བསྡུ་བའི་ཚེ་ལྷའི་གདན་རྣམས་ཀྱང་མི་དམིགས་པར་བསམ་ཞིང་། བསྔོ་སྨོན་དང་གཏོར་མ་འབུལ་ཚུལ་ནི། སྔར་ལྟར་རོ། །རྒྱུན་པའི་ཞལ་འདོན་ཡིན་ན་རྒྱས་བསྡུས་གཉིས་ཀ་ལའང་ཚོགས་ཞིང་གི་མཇུག་ཏུ། དངོས་པོ་མེད་པ་བསྒོམ་པ་མེད་ཞེས་པ་ནས་འཇུག་ཏུ་རུང་ཞིང་། དེ་་དག་གི་སྐབས་སུ་ལུས་དཀྱིལ་གྱི་ལྷའི་སྐྱེད་ཆོག་དང་དཀྱིལ་འཁོར་རྒྱལ་མཆོག་གི་སྤྲོ་བསྡུ་ལ་རྒྱས་བསྡུས་ཇི་ལྟར་བྱ་བ་ནི་གཞན་དུ་ཤེས་པར་བྱའོ། །ཞེས་པ་་འདི་ཡང་ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱི་རང་སྐལ་གྱི་ཆེད་དང་གཞན་་འགའ་ཞིག་ལའང་ཕན་སྲིད་པར་བསམས་ཏེ་ཅུང་ཟད་རེ་ཁ་བསྐང་བས་ཅོ་ནེ་དགོན་ཉིད་དུ་བསྒྲིགས་པའི་པར་ཤིང་རྣམས་ནི་ཚེ་རིང་བཀྲ་ཤིས་ཀྱིས་དད་པས་བསྒྲུབས་ཤིང་ཡི་གེ་པ་ནི་སྔགས་རཾ་པ་བྱམས་པ་རིན་ཆེན་ནོ། །མངྒལཾ།།