གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ཡེ་ཤེས་འཇིགས་བྱེད་ཀྱི་ཟློག་པ།
གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ཡེ་ཤེས་འཇིགས་བྱེད་ཀྱི་ཟློག་པ་ཞེས་བྱ་བ་བཞུགས་སོ།།
ཧཱུྃ༔ ཆོས་སྐུ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀཿ ལོངས་སྐུ་རིགས་ལྔ་ཁྲག་འཐུང་གཙོ་བོ་ལྔ༔ གཅིག་བསྡུས་སྤྲུལ་སྐུ་ཁྲོ་བོ་ཀུན་གྱི་ཆོས་ཉིད་འགྱུར་མེད་སྐུ་མདོག་མཐིང་ནག་འབར༔ ཡེ་ཤེས་ལྷ་རྣམས་ཀུན་ཀྱང་འཇིགས་པར་བྱེད༔ ཡེ་ཤེས་ལྷ་ཡི་བཀའ་ཆད་དགྲ་ལ་ཐེག་པ་དགུ་རྫོགས་དབུ་དགུ་སྲིད་རྩེར་སླེབ༔ ཐེག་པ་རིམ་དགུའི་ལྷ་ཚོགས་འཇིགས་པར་བྱེད༔ ཐེག་པ་དགུ་ཡི་དམོད་པ་དགྲ་ལ་སྟོང་ཉིད་བཅོ་བརྒྱད་ཕྱག་གིས་བར་སྣང་ཁྱབ༔ དྲེགས་པ་བཅོ་བརྒྱད་སྐྲག་ཅིང་འཇིགས་པར་བྱེད༔ འཇིག་རྟེན་དྲེགས་པའི་དམོད་པ་
དགྲ་ལ་ཟློག༔ དུས་མིན་འཆི་བ་བཅོ་བརྒྱད་འཇིགས་པའི་ཞབས༔ དྲག་ཏུ་བརྡབས་པས་སྲིད་གསུམ་གཡོ་བར་བྱེད༔ གདོན་ཆེན་བཅོ་བརྒྱད་སྡང་བའི་དགྲ་ལ་ཟློག༔ རྩ་ཞལ་མཐིང་ནག་རབ་ཏུ་ཁྲོས་པ་ཡིས༔ ཉན་ཐོས་དགྲ་བཅོམ་རྣམས་ཀྱང་འཇིགས་པར་བྱེད༔ ཉན་ཐོས་དམོད་པའི་བཀའ་ཆད་དགྲ་ལ་ཟློག༔ གཡས་ཞལ་སྔོན་པོ་བཞད་པར་བསྟན་པ་ནི༔ འཕགས་པ་རང་རྒྱལ་རྣམས་ཀྱང་འཇིགས་པར་བྱེད༔ རང་རྒྱལ་དམོད་པའི་བཀའ་ཆད་དགྲ་ལ་ཟློག༔ གཡོན་ཞལ་དམར་པོ་གཤེ་བར་བསྟན་པ་ནི༔ རྒྱས་སྲས་སེམས་དཔའ་རྣམས་ཀྱང་འཇིགས་པར་
བྱེད༔ བྱང་སེམས་དམོད་པའི་བཀའ་ཚད་དགྲ་ལ་ཟློག༔ བར་པའི་རྩ་ཞལ་དུད་ཁ་འཇིགས་པ་ནི༔ ཀྲི་ཡའི་ལྷ་ཚོགས་ཀུན་ཀྱང་འཇིགས་པར་བྱེད༔ ཀྲི་ཡའི་རིག་སྔགས་དམོད་པ་དགྲ་ལ་ཟློག༔ བར་པའི་གཡས་ཞལ་ནག་པོ་ཁྲོས་པ་ཡིས༔ ཨུ་པའི་ལྷ་ཚོགས་ཀུན་ཀྱང་འཇིགས་པར་བྱེད༔ ཨུ་པའི་རིག་སྔགས་དམོད་པ་དགྲ་ལ་ཟློག༔ བར་པའི་གཡོན་ཞལ་སྔོན་པོ་རྔམ་པ་ཡིས༔ ཡོ་གའི་ལྷ་ཚོགས་རྣམས་ཀྱང་འཇིགས་པར་བྱེད༔ ཡོ་གའི་དམོད་པའི་དྲག་སྔགས་དགྲ་ལ་ཟློག༔ སྟེང་གི་རྩ་ཞལ་ལྗང་གུ་བཞད་པ་ནི༔ མ་ཧཱ་ཡོ་གའི་ལྷ་ཚོགས་འཇིགས་པར་བྱེད༔ མ་ཧཱ་ཡོ་གའི་དྲག་སྔགས་དགྲ་ལ་ཟློག༔ སྟེང་གི་གཡས་ཞལ་དུད་ཁ་རྔམ་པ་ནི༔ ཨ་ནུ་ཡོ་གའི་ལྷ་ཚོགས་འཇིགས་པར་བྱེད༔ ཨ་ནུ་ཡོ་གའི་དྲག་སྔགས་དགྲ་ལ་ཟློག༔ སྟེང་གི་གཡོན་ཞལ་ནག་པོ་ཁྲོས་པ་ནི༔ ཨ་ཏི་ཡོ་གའི་ལྷ་ཚོགས་འཇིགས་པར་བྱེད༔ ཨ་ཏིས་དམོད་པའི་དྲག་སྔགས་དགྲ་ལ་ཟློག༔ ཉེར་བདུན་སྤྱན་ནི་ཉི་ཟླ་ལྟར་བསྒྲད་པས༔ རྒྱུ་སྐར་ཉི་ཤུ་རྩ་བདུན་འཇིགས་པར་བྱེད༔ རྒྱུ་སྐར་ཉེར་བདུན་གནོད་པ་དགྲ་ལ་ཟློག་ཞལ་དགུ་གནམ་ས་ཙམ་དུ་གདངས་བ་ཡིས༔
འཇིགས་བྱེད་དྲག་པོ་དགུ་ཡང་འཇིགས་པར་བྱེད༔ མུ་སྟེགས་དམོད་པའི་དྲག་སྔགས་དགྲ་ལ་ཟློག༔ ལྗགས་དགུ་གློག་དམར་ལྟ་བུར་འཁྱུག་པ་ཡིས༔ འབྱུང་པོ་འབྱུང་མོ་དགུ་ཡང་འཇིགས་པར་བྱེད༔ འབྱུང་པོ་ཡམས་ནད་སྡང་བའི་དགྲ་ལ་ཟློག༔ མཆེ་བ་གངས་རི་ལྟ་བུར་གཙིགས་པ་ཡིས༔ སྣང་སྲིད་ཐམས་ཅད་ཟས་སུ་ཟ་བར་བྱེད༔ སྣང་སྲིད་ལྷ་འདྲེའི་དམག་དཔུང་དགྲ་ལ་ཟློག༔ དབུ་སྐུ་སྟོང་གསུམ་བར་སྣང་ཁྱབ་པ་ཡིས༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་འཇིགས་པར་བྱེད༔ སྲིད་པའི་གཡོས་ཆེན་སྡང་བའི་དགྲ་ལ་ཟློག༔ དང་པོའི་ཕྱག་གཉིས་ཐལ་མོ་བརྡེབ་པ་ཡིས༔ སྟོང་གསུམ་སྲིད་པའི་བྱད་མ་འཇིགས་པར་བྱེད༔ སྟོང་གསུམ་བྱད་ཁ་སྡང་བའི་དགྲ་ལ་ཟློག༔ གཡས་ཀྱི་གཉིས་པས་སྦྲུལ་ཞགས་བསྣམས་པ་ནི༔ ཀླུ་རྣམས་རང་གཤེད་འབེབས་ཤིང་འཇིགས་པར་བྱེད༔ ཀླུ་ནད་སྣ་ཚོགས་སྡང་བའི་དགྲ་ལ་ཟློག༔ གཡོན་གྱི་གཉིས་པས་ཆུ་སྲིན་བསྣམས་པ་ཡིས༔ ཀླུ་སྲིན་རང་གཤེད་འབེབ་ཅིང་འཇིགས་པར་བྱེད༔ མཛེ་རིགས་བཅོ་བརྒྱད་སྡང་བའི་དགྲ་ལ་བཟློག༔ གཡས་ཀྱི་གསུམ་པས་དགྲ་སྟ་བསྣམས་པ་ནི༔ དགྲ་
རྣམས་ཆམ་ལ་འབེབ་ཅིང་འཇིགས་པར་བྱེད༔ དགྲ་སྣ་གྱོད་སྣ་སྡང་བའི་དགྲ་ལ་ཟློག༔ གཡོན་གྱི་གསུམ་པས་དགྲ་སྙིང་བསྣམས་པ་ནི༔ ཞིང་བཅུའི་ཙིཏྟ་ཕྱུངས་ཤིང་འཇིགས་པར་བྱེད༔ བསྟན་དགྲའི་གདུག་རྩུབ་སྡང་བའི་དགྲ་ལ་ཟློག༔ གཡས་ཀྱི་བཞི་པས་ལྕགས་ཀྱུ་བསྣམས་པ་ནི༔ སྲིད་གསུམ་དབང་དུ་སྡུད་ཅིང་འཇིགས་པར་བྱེད༔ མི་ཁ་བྲ་མཆུ་སྡང་བའི་དགྲ་ལ་ཟློག༔ གཡོན་གྱི་བཞི་པས་ཐོ་བ་བསྣམས་པ་ནི༔ དགྲ་རྒྱུད་རྩད་ནས་གཅོད་ཅིང་འཇིགས་པར་བྱེད༔ དགྲ་ཆེན་བདུད་དུ་ལང་བ་དགྲ་ལ་ཟློག༔ གཡས་ཀྱི་ལྔ་པས་མཆོད་རྟེན་བསྣམས་པ་ནི༔ བསྟན་པ་སྲུང་ཞིང་བསྟན་དགྲ་འཇིགས་པར་བྱེད༔ བསྟན་པའི་སྐུ་ཆགས་སྡང་བའི་དགྲ་ལ་ཟློག༔ གཡོན་གྱི་ལྔ་པས་པོ་ཏི་བསྣམས་པ་ནི༔ རྒྱལ་བའི་སྐུ་གསུང་དམ་ཉམས་འཇིགས་པར་བྱེད༔ བཤད་སྒྲུབ་བར་ཆད་སྡང་བའི་དགྲ་ལ་ཟློག༔ གཡས་ཀྱི་དྲུག་པས་ལྕགས་སྡིག་བསྣམས་པ་ནི༔ རྒྱལ་འགོང་དམ་སྲི་ཐམས་ཅད་འཇིགས་པར་བྱེད༔ རྒྱལ་འགོང་སྨྱོ་འབོག་སྡང་བའི་དགྲ་ལ་ཟློག༔ གཡོན་གྱི་དྲུག་པ་རུ་སྦལ་བསྣམས་པ་ནི༔ ལོ་ཟླར་སྤར་སྨེའི་ས་བདག་འཇིགས་པར་བྱེད༔ སྐག་
རིགས་སུམ་བརྒྱ་དྲུག་ཅུ་དགྲ་ལ་ཟློག༔ གཡས་ཀྱི་བདུན་པས་ཉི་མ་འཛིན་པ་ནི༔ ཚེས་ལྷ་སུམ་བརྒྱ་དྲུག་ཅུ་འཇིགས་པར་བྱེད༔ ཞག་སྐག་ཟ་སྐག་སྡང་བའི་དགྲ་ལ་ཟློག༔ གཡོན་གྱི་བདུན་པས་ཟླ་བ་བསྣམས་པ་ནི༔ ཟླ་བའི་ས་བདག་ཐམས་ཅད་འཇིགས་པར་བྱེད༔ ལོ་སྐག་ཟླ་སྐག་སྡང་བའི་དགྲ་ལ་ཟློག༔ གཡས་ཀྱི་བརྒྱད་པས་རྡོ་རྗེ་བསྣམས་པ་ནི༔ དགྲ་བགེགས་ཀླད་ཁྲག་དཀྲུག་ཅིང་འཇིགས་པར་བྱེད༔ སྡང་དགྲ་གདོན་བགེགས་སྡང་བའི་དགྲ་ལ་ཟློག༔ གཡོན་གྱི་བརྒྱད་པས་གྲི་གུག་བསྣམས་པ་ནི༔ ཕྱི་དགྲ་རྩད་ནས་གཅོད་ཅིང་འཇིགས་པར་བྱེད༔ དགྲ་བོའི་བསམ་སྦྱོར་སྡང་བའི་དགྲ་ལ་ཟློག༔ གཡས་ཀྱི་དགུ་པས་གཏོར་ཟོར་བསྣམས་པ་ནི༔ སྔ་དགྲ་རྩད་ནས་གཅོད་ཅིང་འཇིགས་པར་བྱེད༔ དམག་ཇག་དུག་སྦྱོར་སྡང་བའི་དགྲ་ལ་ཟློག༔ གཡོན་གྱི་དགུ་པས་སྒོང་ཟོར་བསྣམས་པ་ནི༔ ད་དགྲ་ཧུར་ཐུམ་གསོད་ཅིང་འཇིགས་པར་བྱེད༔ མཚོན་གྲི་ཁྲག་གདོང་སྡང་བའི་དགྲ་ལ་ཟློག༔ དུར་ཁྲོད་ཆས་བརྒྱད་སྐུ་ལ་བརྒྱན་པ་ཡིས༔ དུར་ཁྲོད་བརྒྱད་ཀྱི་ཤ་ཟ་འཇིགས་པར་བྱེད༔ དུར་སྲི་དུར་མིག་སྡང་བའི་དགྲ་ལ་ཟློག༔ དཔལ་
གྱི་ཆས་བརྒྱད་སྐུ་ལ་གསོལ་བ་ནི༔ ཕྱོགས་སྐྱོང་བཅུ་ཡང་སྐྲག་ཅིང་འཇིགས་པར་བྱེད༔ ཕྱོགས་བཅུའི་གདོན་ཚོགས་སྡང་བའི་དགྲ་ལ་ཟློག༔ གར་གྱི་ཉམས་དགུ་སྐུ་ལ་རྫོགས་པ་ནི༔ གཟའ་ཆེན་དགུ་ཡང་ཟིལ་གནོན་འཇིགས་པར་བྱེད་གཟའ་ནད་ཧུར་ཐུམ་སྡང་བའི་དགྲ་ལ་ཟློག༔ ལས་ཧུར་ཁྲོ་མོ་སྐུ་ལ་འཁྲིལ་བ་ནི་མོ་རྒྱུད་ཐམས་ཅད་ཟིལ་གནོན་འཇིགས་པར་བྱེད༔ སྲིད་པ་མོ་རྒྱུད་ཟོད་གཏོང་སྡང་བའི་དགྲ་ལ་ཟློག༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས་པ་ནི༔ འཁོར་བའི་བག་ཆགས་བསྲེགས་ཤིང་འཇིགས་པར་བྱེད༔ སྲིད་པའི་སྡུག་བསྔལ་སྡང་བའི་དགྲ་ལ་ཟློག༔ པད་ཉི་དགྲ་བགེགས་སྟེང་ན་འགྱིང་པ་ཡིས༔ དགྲ་བགེགས་ཐམས་ཅད་ཟིལ་གནོན་འཇིགས་པར་བྱེད༔ བགེགས་རིག་སྟོང་ཕྲག་བརྒྱད་ཅུ་དགྲ་ལ་ཟློག༔ ཡེ་ཤེས་ལྷ་ཡང་འཇིགས་པར་བྱེད་ནུས་པའི༔ ཁྲོ་བོའི་ཆེ་བཙན་དཔལ་ཆེན་ཧེ་རུ་ཀཿ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ ཧཱུྃ༔ ཡེ་ཤེས་འཇིགས་བྱེད་ཤར་གྱི་བཀའ་སྡོད་ནི༔ ཚེ་བདག་སྲོག་བདག་འཆི་བདག་ཅིག་བསྡུས་པ༔ གཤིན་རྗེ་གནམ་ལྕགས་ཁྲོ་
ཆུ་དུག་གདོང་ནི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་འཇིགས་པའི་གཟུགས༔ ཕྱག་གཡས་དགྲ་སྟས་བྱད་མའི་མགོ་ལུས་ཕྲལ༔ གཡོན་པས་དགྲ་སྙིང་བྱེད་མའི་དོན་སྙིང་ཟྭ༔ སྐུ་སྨད་ཕུར་བུས་བྱེད་མའི་སྙིང་ལ་གཟིར༔ མྱུར་མགྱོགས་གཤོག་པས་ཁམས་གསུམ་ཁྱབ་པར་རྒྱུག༔ སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས་པ་རྣམས༔ དམ་རྫས་དགྲ་བགེགས་ཤ་ཁྲག་འདི་བཞེས་ལ༔ མུ་སྟེགས་བོན་གྱི་བྱད་ཁ་དགྲ་ལ་ཟློག༔ བོན་རྙིང་དམོད་པའི་ངན་སྔགས་དགྲ་ལ་ཟློག༔ བསྒྱུར་བོན་སྔགས་ལོག་དམོད་པ་དགྲ་ལ་ཟློག༔ བོན་སར་དམོད་པའི་ངན་སྔགས་དགྲ་ལ་ཟློག༔ རྡོལ་བོན་དམོད་པའི་ངན་སྔགས་དགྲ་ལ་ཟློག༔ རྦད་པའི་བོན་སྐྱོང་རང་གཤེད་རང་ལ་ཕོབ༔ བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ ཧཱུྃ༔ ཡེ་ཤེས་འཇིགས་བྱེད་ཤར་ལྷོའི་བཀའ་སྡོད་ནི༔ ཁྲོ་བོ་ཆེན་པོ་གཞན་གྱིས་མི་ཐུབ་པ༔ འདོད་ཁམས་གཙོ་བོ་བདུད་རྣམས་ཡོངས་ཀྱི་རྗེ༔ སྐུ་མདོག་མཐིང་ནག་ཁྲོ་བཞད་ཆགས་པའི་ཉམས༔ ཕྱག་གཡས་རྡོ་རྗེས་དགྲ་བགེགས་རྡུལ་དུ་བརླག༔ གཡོན་པས་ཙིཏྟ་དགྲ་བགེགས་དོན་སྙིང་བྲ༔ ཙིཏྟ་དུག་གདོང་འཁོར་དང་
བཅས་པ་རྣམས༔ དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ སྲུང་མའི་འཁུ་ལྡོག་གནོད་པའི་དགྲ་ལ་ཟློག༔ ཕོ་རྒྱུད་མགོན་པོའི་འཁུ་ལྡོག་དགྲ་ལ་ཟློག༔ མོ་རྒྱུད་མ་མོའི་འཁུ་ལྡོག་དགྲ་ལ་ཟློག༔ མ་ནིང་ཀླུ་རྒྱུད་འཁུ་ལྡོག་གནོད་པ་དགྲ་ལ་ཟློག༔ ཉོན་མོངས་བདུད་ཀྱི་བར་ཆད་དགྲ་ལ་ཟློག་ཕུང་པོའི་བདུད་ཀྱི་ན་ཚ་དགྲ་ལ་ཟློག༔ འཆི་བདག་བདུད་ཀྱི་ཚེ་ལེན་དགྲ་ལ་ཟློག༔ ལྷ་བུའི་བདུད་ཀྱི་བསླུ་བྲིད་དགྲ་ལ་ཟློག༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཡེ་ཤེས་འཇིགས་བྱེད་ལྷོ་ཡི་བཀའ་སྡོད་ནི༔ འཇིག་རྟེན་སྐྲག་བྱེད་ཁྱབ་འཇུག་རཱ་ཧུ་ལ༔ སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ༔ སྐུ་ལུས་མིག་གང་དུག་སྦྲུལ་མཇུག་མ་རྡེབ༔ ཕྱག་གཡས་སྦྲུལ་ཞགས་དམ་ཉམས་སྐེད་ནས་འཆིང་༔ གཡོན་པས་མདའ་གཞུ་དགྲ་བོའི་སྙིང་ལ་གཟེར༔ ར་ལ་དུག་གདོང་གཟའ་བརྒྱད་གདོང་མོར་བཅས༔ དམ་རྫས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ སྣང་སྲིད་གཟའ་སྐར་གནོད་པ་དགྲ་ལ་ཟློག༔ འབྱུང་བ་བཞི་ཡི་གཟའ་ནད་དགྲ་ལ་ཟློག༔ གདོང་ཐུག་ཧུར་ཐུམ་ནད་རྣམས་དགྲ་ལ་ཟློག༔ ཞ་རེངས་བརྒྱལ་འབོག་ནད་
རྣམས་དགྲ་ལ་ཟློག༔ ཐོག་སེར་ཟེར་མའི་གནོད་པ་དགྲ་ལ་ཟློག༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཡེ་ཤེས་འཇིགས་བྱེད་ལྷོ་ནུབ་བཀའ་སྡོད་ནི༔ ཡེ་ཤེས་ཁྲོ་བོ་ཆེན་པོ་རྡོ་རྗེ་ཤུགས༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེས་བགེགས་རིགས་ཐམས་ཅད་འཇོམས༔ གཡོན་པས་མདུང་ཐུང་དགྲ་བགེགས་སྙིང་ལ་གཟིར༔ རབ་འཇིགས་ཁྲོ་བོའི་ཆས་རྫོགས་འདོར་ཐབས་བསྒྲད༔ རྡོར་ཤུགས་དུག་གདོང་འཁོར་དང་བཅས་པ་རྣམས༔ དམ་རྫས་དགྲ་བགེགས་ཤ་ཁྲག་འདི་བཞེས་ལ༔ གཟའ་སྐར་དུས་ཚོད་ངན་པའི་གནོད་པ་ཟློག༔ མགོན་པོ་ཁྲོས་པའི་སྡང་མིག་དགྲ་ལ་ཟློག༔ དབང་ཕྱུག་དྲུག་ཅུ་རྩ་བཞིའི་བར་ཆད་ཟློག་གཟའ་སྐར་འཕྲོད་སྦྱོར་ངན་པའི་གནོད་པ་ཟློག༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཡེ་ཤེས་འཇིགས་བྱེད་ནུབ་ཀྱི་བཀའ་སྡོད་ནི༔ ས་དྲུག་ལ་གནས་ལས་མགོན་བྱ་རོག་གདོང་༔ མཐིང་ནག་དུར་ཁྲོད་ཆས་རྫོགས་འདོར་ཐབས་བསྒྲད༔ ཕྱག་གཡས་གྲི་གུག་དགྲ་བགེགས་དོན་སྙིང་འགེམས༔ གཡོན་པས་ཐོད་པ་དམ་
ཉམས་སྙིང་ཁྲག་འཐུང་༔ བྱ་རོག་དུག་གདོང་ནག་པོ་སྟོང་དང་བཅས༔ དམ་རྫས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ནག་པོ་བདུད་ཀྱི་བར་ཆད་དགྲ་ལ་ཟློག༔ བསྟན་དགྲ་བདུད་ཀྱི་བསམ་སྦྱོར་དགྲ་ལ་ཟློག༔ ཕོ་བདུད་ཉི་ཁྲི་ཆིག་སྟོང་དགྲ་ལ་ཟློག༔ བདུད་ཀྱི་ཞགས་པ་ནག་པོ་དགྲ་ལ་ཟློག༔ བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ ཧཱུྃ༔ ཡེ་ཤེས་འཇིགས་བྱེད་ནུབ་ བྱང་བཀའ་སྡོད་ནི༔ གཙང་རིས་མགོན་པོ ་ཤ་ཟ་སེང་གེའི་གདོང་༔ ཕྱག་གཡས་དར་ནག་སྣང་སྲིད་དམག་དཔུང་སྡུད༔ གཡོན་པས་དམར་གཏོར་དགྲ་བགེགས་སྙིང་ལ་གཟིར༔ དར་ནག་བེར་གསོལ་འདོར་ཐབས་དགྲ་བགེགས་མནན༔ སེང་གེའི་དུག་གདོང་ཤ་ཟ་འབུམ་དང་བཅས༔ དམ་རྫས་བརྒྱན་པའི་མདོས་གཏོར་འདི་བཞེས་ལ༔ བན་བྱད་གཏོར་ཁ་ཐམས་ཅད་དགྲ་ལ་ཟློག༔ ཆོས་འཁོར་གཏོར་ཁ་ཟུག་པ་དགྲ་ལ་ཟློག༔ སྔགས་པའི་ཟོར་ཁ་གནོད་པ་དགྲ་ལ་ཟློག༔ བཀའ་སྲུང་དཀོར་བདག་གནོད་པ་དགྲ་ལ་ཟློག༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཡེ་ཤེས་འཇིགས་བྱེད་བྱང་གི་བཀའ་སྡོད་ནི༔ སངས་རྒྱས་བསྟན་སྲུང་མ་ཧཱ་
ཀཱ་ལ་ཆེ༔ ལེགས་ལྡན་ནག་པོ་མཐིང་ནག་བེར་ཆེན་གསོལ༔ ཕྱག་གཡས་ཙནྡན་བེང་ཆེན་ལྷ་དམག་འགྱེད༔ གཡོས་པས་བྷན་ལོག་འདྲེན་སྙིང་ཁྲག་འཐུང་༔། སག་རིའི་ལྷམ་གསོལ་རྫུ་འཕྲུལ་སྟོང་གསུམ་བསྐོར༔ ལྷ་དམག་བྱེ་མ་འབུམ་དང་བཅས་པ་རྣམས༔ དམ་རྫས་དགྲ་བགེགས་ཤ་ཁྲག་འདི་ལ་རོལ༔ གནོད་བྱེད་དགྲ་བོའི་དམག་སྣ་དགྲ་ལ་ཟློག༔ ད་དགྲ་ཐད་དུ་ལང་པ་དགྲ་ལ་ཟློག༔ ཕྱི་དགྲ་ཡིད་ལ་བསམ་པ་དགྲ་ལ་ཟློག༔ བསམ་ངན་དུག་སྦྱོར་ཤོམ་པ་དགྲ་ལ་ཟློག༔ བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ ཧཱུྃ༔ ཡེ་ཤེས་འཇིགས་བྱེད་བྱང་ཤར་བཀའ་སྡོད་ནི༔ སྲོག་བདུད་མ་ཧཱ་ཀཱ་ལ་ནག་པོ་ཆེ༔ ཞལ་གཅིག་ཕྱག་གཉིས་དར་ནག་བེར་ཆེན་གསོལ༔ ཕྱག་གཡས་རུ་མཚོན་བདུད་ཀྱི་དམག་དཔུང་སྡུད༔ གཡོན་པས་དགྲ་བོའི་གློ་སྙིང་ཁྲུམ་ཁྲུམ་གསོལ༔ སག་ལྷམ་གསོལ་ཞིང་འདོར་ཐབས་དགྲ་བགེགས་མནན༔ ཏྲཀ་ཤད་དུག་གདོང་བདུད་བགེགས་ཉི་ཁྲི་ཚོགས༔ དམ་རྫས་དགྲ་བགེགས་ཤ་ཁྲག་འདི་གསོལ་ལ༔ བདུད་མདའ་ནག་པོ་སྡང་བའི་དགྲ་ལ་ཟློག༔ བདུད་ཀྱི་ཁྲམ་ཁ་སྡང་བའི་དགྲ་ལ་ཟློག༔ བདུད་
ཞགས་ནག་པོས་འཆིང་བ་དགྲ་ལ་ཟློག༔ སྲོག་ལ་ཧུར་ཐུ་གཏོང་བ་དགྲ་ལ་ཟློག༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ དཔལ་ཆེན་ཁྲག་འཐུང་ཡེ་ཤེས་འཇིགས་བྱེད་ཀྱི༔ ཤར་དང་ཤར་ལྷོ་མཚམས་ཀྱི་ཕོ་ཉ་མོ༔ དུས་གསུམ་རྒྱལ་བའི་གཙུག་ཏོར་ལས་སྤྲུལ་པའི༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་ཁྲོ་མོའི་སྐུ༔ ཕྱག་མཚན་སྙིང་དང་སྟག་མོས་དགྲ་བགེགས་འདུལ༔ གཙུག་ཏོར་གདུགས་དཀར་རིག་སྔགས་ལྷ་མོའི་ཚོགས༔ དམ་རྫ་ས་དགྲ་བགེགས་ཤ་ཁྲག་འདི་བཞེས་ལ༔ མ་མགོན་པར་བུ་བསྐོར་བ་དགྲ་ལ་ཟློག༔ མགོན་པོའི་བཀའ་ཆད་བབ་པ་དགྲ་ལ་ཟློག༔ མ་མོའི་ཁ་རླངས་དལ་ཡམས་དགྲ་ལ་ཟློག༔ རིག་སྔགས་ཆོད་གཏོང་ཐམས་ཅད་དགྲ་ལ་ཟློག༔ ཧཱུྃ༔ དཔལ་ཆེན་ཁྲག་འཐུང་ཡེ་ཤེས་འཇིགས་བྱེད་ཀྱི༔ ལྷོ་དང་ཤར་ལྷོ་མཚམས་ཀྱི་ཕོ་ཉ་མོ༔ འདོད་ཁམས་དབང་ཕྱུག་དཔལ་ལྡན་དུད་སོལ་མ༔ མཐིང་ནག་ཕྱག་གཉིས་རལ་གྲི་ནད་རྐྱལ་འཛིན༔ མ་མོའི་ཆས་རྫོགས་འདོར་ཐབས་པད་ཉི་གནོན༔ མ་གཅིག་དཔལ་ལྡན་ལྷ་མོ་འཁོར་དང་བཅས༔ དམ་རྫས་དགྲ་བགེགས་ཤ་ཁྲག་འདི་རོལ་ལ༔ ནད་རིགས་བཞི་
བརྒྱ་རྩ་བཞི་དགྲ་ལ་ཟློག༔ རིམས་ནད་ཡམས་ནད་ཐམས་ཅད་དགྲ་ལ་ཟློག༔ ཁྲག་ནད་རྒྱུ་གཟེར་འབྲུམ་བུ་དགྲ་ལ་ཟློག༔ གག་ལྷོག་ཟེར་གསུམ་ནད་རྣམས་དགྲ་ལ་ཟློག༔ ཧཱུྃ༔ དཔལ་ཆེན་ཁྲག་འཐུང་ཡེ་ཤེས་འཇིགས་བྱེད་ནི༔ ལྷོ་དང་ལྷོ་ནུབ་མཚམས་ཀྱི་ཕོ་ཉ་མོ༔ བདུད་ཀྱི་བུ་མོ་གཉན་གྱི་རེ་མ་ཏི༔ མཐིང་ནག་ཕྱག་ན་ཁྲམ་ཤིང་ཙིཏྟ་བསྣམས༔ མ་མོའི་ཆས་རྫོགས་རལ་པ་མུན་ལྟར་གཏིབས༔ མ་མོ་བྱེ་བ་འཁོར་དང་བཅས་པ་རྣམས༔ དམ་རྫས་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ ཀླད་གཟེར་བལ་ཚད་སྡང་བའི་དགྲ་ལ་ཟློག༔ གློ་གཟེར་ཁྲག་སྐྱུག་སྡང་བའི་དགྲ་ལ་ཟློག༔ འགོས་ནད་རིམས་ཡམས་སྡང་བའི་དགྲ་ལ་ཟློག༔ མི་ནད་ཕྱུགས་ནད་སྡང་བའི་དགྲ་ལ་ཟློག༔ ཧཱུྃ༔ དཔལ་ཆེན་ཁྲག་འཐུང་ཡེ་ཤེས་འཇིགས་བྱེད་ཀྱི༔ ལྷོ་ནུབ་དང་ནི་ནུབ་མཚམས་ཕོ་ཉ་མོ༔ ཡེ་ཤེས་ཌཱཀྐི་སེང་གེའི་གདོང་པ་ཅན༔ མཐིང་ནག་གྲི་གུག་ཐོད་པ་ཁ་ཊཾ་བསྣམས༔ མཁའ་འགྲོ་བྱེ་བ་འབུམ་གྱི་ཚོགས་དང་བཅས༔ དམ་རྫ་ས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ བོན་དང་མུ་སྟེགས་བྱད་ཁ་དགྲ་ལ་ཟློག༔ གཏད་སེལ་ངག་མནན་
རླུང་འཁོར་དགྲ་ལ་ཟློག༔ རིག་སྔགས་གཟུངས་སྔགས་དམོད་པ་དགྲ་ལ་ཟློག༔ དྲང་སྲོང་རྣམས་ཀྱི་དམོད་པ་དགྲ་ལ་ཟློག༔ ཧཱུྃ༔ དཔལ་ཆེན་ཁྲག་འཐུང་ཡེ་ཤེས་འཇིགས་བྱེད་ཀྱི༔ ནུབ་དང་ནུབ་བྱང་མཚམས་ཀྱི་ཕོ་ཉ་མོ༔ ཐུགས་རྗེ་ཁྲོས་མ་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ༔ ཁྲོ་ཞལ་རབ་འཇིགས་ཕག་ཞལ་ངུར་སྒྲ་འབྱིན༔ ཞིང་ལྤགས་རྡེབ་ཅིང་རྐང་གླིང་སྟོང་གསུམ་བསྔངས༔ ཁྲོ་མོའི་ཆས་རྫོ་གས་གར་སྟབས་བམ་གྱི་གདན༔ མཁའ་འགྲོ་བྱེ་བ་འབུམ་དང་བཅས་པ་རྣམས༔ དམ་རྫས་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ འཇིགས་པ་བརྒྱད་དང་བཅུ་དྲུག་དགྲ་ལ་ཟློག༔ སྣང་སྲིད་ལྷ་འདྲེའི་ཆོ་འཕྲུལ་དགྲ་ལ་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་དགྲ་ལ་ཟློག༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་དགྲ་ལ་ཟློག༔ ཧཱུྃ༔ དཔལ་ཆེན་ཁྲག་འཐུང་ཡེ་ཤེས་འཇིགས་བྱེད་ཀྱི༔ ནུབ་བྱང་དང་ནི་བྱང་མཚམས་ཕོ་ཉ་མོ༔ སྲིད་པའི་ཡུམ་ཆེན་ཨེ་ཀ་ཙ་ཏི་མ༔ མཐིང་ནག་སྤྱན་གཅིག་ཚེམས་གཅིག་ནུ་གཅིག་མ༔ གཡས་པས་གྲི་གུག་གཡོན་པས་ལྕགས་སྤྱང་འགྱེད༔ ཞབས་ལ་རྐང་གཅིག་སྲིད་གསུམ་སྐད་ཅིག་བསྐོར༔ མ་མོ་བདུན་འབུམ་འཁོར་དང་བཅས་པ་
རྣམས༔ དམ་རྫས་ཤ་ཁྲག་མཆོད་པ་འདི་བཞེས་ལ༔ འཇིག་རྟེན་ལྷ་འདྲེའི་གདུག་པ་དགྲ་ལ་ཟློག༔ འབྱུང་པོའི་ཡམས་ནད་སྡང་བའི་དགྲ་ལ་ཟློག༔ མ་མོའི་ཁ་རླངས་སྡང་བའི་དགྲ་ལ་ཟློག༔ མཁའ་འགྲོའི་ཁྲག་ནད་སྡང་བའི་དགྲ་ལ་ཟློག༔ ཧཱུྃ༔ དཔལ་ཆེན་ཁྲག་འཐུང་ཡེ་ཤེས་འཇིགས་བྱེད་ཀྱི༔ བྱང་དང་བྱང་ཤར་མཚམས་ཀྱི་ཕོ་ཉ་མོ༔ ཤ་ཟ་ཌཀྐི་བདུད་མོ་ཁ་མོ་ཆེ༔ མཐིང་ནག་རབ་ཁྲོས་སྤུ་གྲི་ཙིཏྟ་བསྣམས༔ ཁྲོ་མོའི་ཆ་ལུགས་དར་ནག་གོ་ཟུ་གསོལ༔ ཤ་ཟ་ཌཀྐི་མ་མོ་འཁོར་དང་བཅས༔ དམ་རྗེ་ས་དགྲ་བགེགས་ཤ་ཁྲག་འདི་བཞེས་ལ༔ བཀའ་སྲུང་རྣམས་ཀྱི་འཁུ་ལྡོག་དགྲ་ལ་ཟློག༔ གོད་འདྲེ་ཤ་ཟན་སྡང་བའི་དགྲ་ལ་ཟློག༔ གློ་ཧོན་གོར་གསུམ་སྡང་བའི་དགྲ་ལ་ཟློག༔ ནད་ཁ་རིམས་ཡམས་སྡང་བའི་དགྲ་ལ་ཟློག༔ ཧཱུྃ༔ དཔལ་ཆེན་ཁྲག་འཐུང་ཡེ་ཤེས་འཇིགས་བྱེད་ཀྱི༔ བྱང་ཤར་ཤར་གྱི་མཚམས་ཀྱི་ཕོ་ཉ་མོ༔ དུར་ཁྲོད་བདག་མོ་རྡོ་རྗེ་ངན་ནེ་མ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ དུར་ཁྲོད་ཆས་རྫོགས་བརྐྱང་བསྐུམ་འདོར་སྟབས་བསྒྲད༔ ཤ་ཟ་སྨན་མོ་མང་པོའི་འཁོར་དང་བཅས༔ དམ་རྫ་ས་ཤ་
ཁྲག་མཆོད་པ་འདི་བཞེས་ལ༔ ཡམས་ནད་རིམས་ནད་སྡང་བའི་དགྲ་ལ་ཟློག༔ ཇག་སྣ་རྐུན་སྣ་སྡང་བའི་དགྲ་ལ་ཟློག༔ ནོར་གོད་སྙིང་སྟོང་སྡང་བའི་དགྲ་ལ་ཟློག༔ འཇིག་རྟེན་སྨན་མོའི་བླ་རྐུན་དགྲ་ལ་བཟློག༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་གནམ་ཆོས་ག་ཞུང་གི༔ བདག་ཉིད་ཡེ་ཤེས་འཇིགས་བྱེད་དེ༔ བྱད་པ་ཀུན་གྱིས་ཚུགས་པ་མེད༔ བན་བྱད་ཐམས་ཅད་བཟློག་པར་འགྱུར༔ བན་གྱིས་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ བོན་བྱད་ཐམས་ཅད་བཟློག་པར་འགྱུར༔ བོན་གྱིས་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ མུ་སྟེགས་བྱེད་པ་བཟློག་པར་འགྱུར༔ མུ་སྟེགས་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ མགོན་པོའི་བྱད་པ་བཟློག་པར་འགྱུར༔ མགོན་པོས་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྡུས་འདེབས༔ མཁའ་འགྲོའི་བྱེད་པ་བཟློག་པར་འགྱུར༔ མཁའ་འགྲོས་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ དབང་ཕྱུག་བྱེད་པ་བཟློག་པར་
འགྱུར༔ དབང་ཕྱུག་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ གཟའ་ཡི་བྱེད་པ་བཟློག་པར་འགྱུར༔ གཟའ་ཡིས་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ མིག་གསུམ་བྱེད་པ་བཟློག་པར་འགྱུར༔ མིག་གསུམ་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ བདུད་ཀྱི་བྱད་པ་བཟློག་པར་འགྱུར༔ བདུད་ཀྱིས་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སཱུས་འདེབས༔ ས་བདག་བྱེད་པ་བཟློག་པར་འགྱུར༔ ས་བདག་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ ལེགས་ལྡན་བྱེད་པ་བཟློག་པར་འགྱུར༔ ལེགས་ལྡན་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ གཤིན་རྗེའི་བྱད་པ་བཟློག་པར་འགྱུར༔ གཤིན་རྗེས་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སཱུས་འདེབས༔ བདུད་མགོན་བྱེད་པ་བཟློག་པར་འགྱུར༔ བདུད་མགོན་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ ལྷ་མོའི་བྱད་པ་བཟློག་པར་
འགྱུར༔ ལྷ་མོས་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ བདུད་མོའི་བྱད་པ་བཟློག་པར་འགྱུར༔ བདུད་མོས་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ དྲག་མོའི་བྱེད་པ་བཟློག་པར་འགྱུར༔ དྲག་མོས་བྱས་པའི་རིག་སྔགས་ཀུན་བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ ཀྲོ་དྷིའི་བྱད་པ་བཟློག་པར་འགྱུར༔ ཀྲོ་དྷིས་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ སྲུང་མའི་བྱད་པ་བཟློག་པར་འགྱུར༔ སྲུང་མས་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སཱུས་འདེབས༔ ཀླུ་ཡི་བྱེད་པ་བཟློག་པར་འགྱུར༔ ཀླུ་ཡིས་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྣུས་འདེབས༔ ཀླུ་མོའི་བྱད་པ་བཟློག་པར་འགྱུར༔ ཀླུ་མོས་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ དུར་བདག་བྱེད་པ་བཟློག་པར་འགྱུར༔ དུར་བདག་བྱེད་མའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྣུས་འདེབས༔ རྒྱལ་འགོང་བྱད་པ་བཟློག་པར་འགྱུར༔ རྒྱལ་འགོང་བྱས་པའི་རིག་སྔགས་ཀུན༔ བཟློག་
ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ བསེན་མོའི་བྱད་པ་བཟློག་པར་འགྱུར༔ བསེན་མོས་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས། ཐེའུ་རང་བྱད་པ་བཟློག་པར་འགྱུར༔ ཐེའུ་རང་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ བཙན་གྱི་བྱད་པ་བཟློག་པར་འགྱུར༔ བཙན་གྱིས་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ གནོད་སྦྱིན་བྱེད་པ་བཟློག་པར་འགྱུར༔ གནོད་སྦྱིན་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྣུས་འདེབས༔ ཁྱུང་གི་བྱད་པ་བཟློག་པར་འགྱུར༔ ཁྱུང་གིས་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྣུས་འདེབས༔ དྲི་ཟའི་བྱད་པ་བཟློག་པར་འགྱུར༔ དྲི་ཟས་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ འབྱུང་པོའི་བྱད་པ་བཟློག་པར་འགྱུར༔ འབྱུང་པོས་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ མིའམ་ཅི་ཡི་བྱད་པ་ཟློག་པར་བྱེད༔ མིའམ་ཅིས་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ ལྟོ་འཕྱེའི་
བྱེད་པ་ཟློག་པར་བྱེད༔ ལྟོ་འཕྱེས་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ ལྷ་ཡི་བྱེད་པ་ཟློག་པར་བྱེད༔ ལྷ་ཡིས་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ མི་མིན་བྱེད་པ་ཟློག་པར་བྱེད༔ མི་མིན་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ རིག་འཛིན་བྱེད་པ་ཟློག་པར་བྱེད༔ རིག་འཛིན་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ ལུང་ཟིན་བྱེད་པ་ཟློག་པར་བྱེད༔ ལུང་ཟིན་བྱས་པའི་རིག་སྔགས་ཀུན་བཟློག་ཅིང་བསྒྱུར་རོ་དགྲ་སྣུས་འདེབས༔ སྐྱེས་བུའི་བྱད་པ་བཟློག་པར་འགྱུར༔ སྐྱེས་བུས་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ ཆོས་ལོག་བྱེད་པ་བཟློག་པར་འགྱུར༔ ཆོས་ལོག་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ རལ་གཅིག་བྱད་པ་བཟློག་པར་འགྱུར༔ རལ་གཅིག་བྱས་པའི་རིག་སྔགས་འགྱུར༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ བྱ་རིས་བྱེད་པ་བཟློག་པར་འགྱུར༔ བྱ་རིས་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་
བསྒྱུར་རོ་དགྲ་སྣུས་འདེབས༔ དྲང་སྲོང་བྱེད་པ་བཟློག་པར་འགྱུར༔ དྲང་སྲོང་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ ཨ་ཙར་བྱད་པ་བཟློག་པར་འགྱུར༔ ཨ་ཙར་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ རྒྱས་བྱད་ཐམས་ཅད་བཟློག་པར་འགྱུར༔ རྒྱས་གུས་བྱས་པའི་རིག་སྔགས་ཀུན༔ བཟློག་ཅིང་བསྒྱུར་རོ་དགྲ་སྟས་འདེབས༔ བཟློག་གོ་བྱད་ཁ་ཐམས་ཅད་ཟློག༔ བསྒྱུར་རོ་བྱད་ཁ་དགྲ་ལ་སྒྱུར༔ ཡེ་ཤེས་འཇིགས་བྱེད་འཁོར་བཅས་ཀྱིས༔ བཟློག་ཅིང་བསྒྱུར་བའི་དུས་ལ་བབ༔ དམ་ལ་མ་འདའ་ས་མ་ཡ༔ ཨཿཧྲཱིཿཧཱུྃཿཕཊཿཧཱུྃཿཛྙཱཿནཿཀྲོཿདྷཿཕཊཿ ཀྵཾཿཀྵཾཿཀྵཾཿཧཱུྃཿ ཏྲིཿརཿཟློགཿཟློགཿ ཧཱུྃཿདུཿཧཱུྃཿབྱདཿཟློགཿ ཧཱུྃཿཧཱུྃཿཧྲཱིཿཔྱདཿབྷྱོཿབྷྱོཿབྷྱོཿམཿཧཱུྃཿབྷྱོཿབྷྱོཿབྷྱོཿམཿཧཱུྃཿཟློགཿ བཾཿབྷྱོཿབྷྱོཿཏྲཿ བནཿབྱདཿབོནཿབྱདཿདགྲཿབྱདཿབགེགསཿབྱདཿ ལྷཿསྲིནཿསྡེཿབརྒྱདཿཀྱིཿབྱདཿཁཿཐམསཿཅདཿབྷྱོཿབྷྱོཿ ཟློག་ཟློག༔ མཇུག་གི་སྔགས་འདི་བཟླས་པ་དང་༔ རླུང་ལ་བསྐོར་ཀྱང་རུང་བ་ཡིན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཡེ་ཤེས་འཇིགས་བྱེད་གཏོར་ཟློག་འདི༔ སྤྲུལ་སྐུ་ཉིད་ཀྱིས་བཀས་བསྐུལ་ནས༔ གཞུང་ནས་ཁྲིགས་སུ་བསྡེབས་པ་དང་༔ ཁ་སྐོང་འདོན་ཆ་
སྦྱར་ག༔ སུངས་ནས༔ ལོ་ཡི་རྒྱལ་པོ་བྱི་བ་ལོ༔ སྨིན་དྲུག་ཟླ་བར་བརྩམས་བྱས་ཀྱང་༔ ཤིན་ཏུ་གཉན་པའི་ལྟས་མཐོང་ནས༔ ལོ་དགུའི་བར་དུ་བཏང་སྙོམས་བཞིན༔ བཀའ་རྒྱ་གྲོལ་བའི་ལྟས་མཐོང་ཞིང་༔ སྤྲུལ་སྐུའི་དགོངས་པའི་རྫོགས་པའི་ཕྱིར༔ སྤྲེལ་ལོ་སྨིན་དྲུག་ཟླ་བ་ཡི༔ ཉེར་བདུན་ཉི་ན་པར་རྫོགས་པར་བྲིས༔ སྔོན་ཆད་ས་སྟེང་མ་གྲགས་པའི༔ བཟློག་པ་འདི་བས་ཟབ་པ་ནི༔ འཇིག་རྟེན་ཁམས་ན་སྲིད་མི་འགྱུར༔ ཤིན་ཏུ་ཟབ་ཅིང་གཉན་པའི་ཕྱིར༔ གཞན་ལ་མི་སྤེལ་གསང་ཞིང་སྤྱོད༔ དེ་ལྟར་གཏེར་སྟོན་སྐུ་གཤེགས་ཀྱང་༔ གཏེར་བློན་རཱ་ག་ཨ་སྱས་སྨྲས༔ མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།