Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

33 occurrences of བེར་་
[Clear Hits]


  
 
དཔལ་རྟ་མགྲིན་ནག་པོའི་མགོན་ཆུ་བསྐོལ་བ་ཞེས་བ། དྲག་པོའི་ལས་སྦྱོར་བཙོ་རྔོ་སྲེག་གསུམ་གྱི། ཕྱག་ལེན་བལྟས་ཆོག་ཏུ་བཀོད་པ།
  
  
  
  
  
  
 
  
  
 
  
 
 
  
  
  
  
  
  
  
  
  
  
  
 
 
  
 
 
 
  
  
  
 
  
  
  
  
  
  
  
  
  
  
  
  
  
  
  
  
 
  


33 occurrences of བེར་་
[Clear Hits]

 
previousདཔལ་རྟ་མགྲིན་ནག་པོའི་མགོན་ཆུ་བསྐོལ་བ་ཞེས་བ། དྲག་པོའི་ལས་སྦྱོར་བཙོ་རྔོ་སྲེག་གསུམ་གྱི། ཕྱག་ལེན་བལྟས་ཆོག་ཏུ་བཀོད་པ།next

དཔལ་རྟ་མགྲིན་ནག་པོའི་མགོན་ཆུ་བསྐོལ་བ་ཞེས་བ། དྲག་པོའི་ལས་སྦྱོར་བཙོ་རྔོ་སྲེག་གསུམ་གྱི། ཕྱག་ལེན་བལྟས་ཆོག་ཏུ་བཀོད་པ།


CMR016_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྟ་མགྲིན་ནག་པོའི་མགོན་ཆུ་བསྐོལ་བ་ཞེས་བ། དྲག་པོའི་ལས་སྦྱོར་བཙོ་རྔོ་སྲེག་གསུམ་གྱི། ཕྱག་ལེན་བལྟས་ཆོག་ཏུ་བཀོད་པ་བཞུགས་ལགས་སོ།།


CMR016_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཤྲཱི་བྱ་གྷཾ་ཝ་ཀཱ་ལ་ཙིཏྟ་མ་སཱ་དྷ་ན་མ། བོད་སྐད་དུ། དཔལ་རྟ་མགྲིན་ནག་པོ་ཐུགས་ཀྱི་སྒྲུབ་ཐབས་ཞེས་བྱ་བ། རྒྱ་གཞུང་ཆེན་པོ་ལས། གནོད་བྱེད་འདུལ་བའི་ལས་བྱེད་ན། །བཙོ་བ་བརྔོ་བ་བསྲེགས་པ་གསུམ། །དང་པོ་བཙོ་བའི་ལས་བྱེད་ན། །གྲུ་གསུམ་དུར་ཁྲོད་སྒྱེད་པུ་བཙུགས། །མགོན་ཟངས་ནང་དུ་ཆུ་གཙང་བསྐོལ། །སྟེང་དུ་དྲག་པོའི་གཏོར་མ་བཤམས། །མགོན་ཟངས་དུར་ཁྲོད་གཞལ་ཡས་སུ། །མགོན་ཆུ་རྟ་མགྲིན་ནག་པོར་བསྐྱེད། །གཏོར་མ་གནོད་བྱེད་དངོས་སུ་བཤམས། །བསྐྱེད་རིམ་མཆོད་བསྟོད་དྲག་ཏུ་བྱ། །དེ་ནས་རྟ་མགྲིན་འོད་དུ་ཞུ། །ཁྲོ་ཆུ་ཁོལ་མ་ལྟ་བུར་བསམ། །ལྷ་ཚོགས་གསོལ་ཞིང་སྲུང་མ་བསྐུལ། །མགོན་ཆུ་སྤྲོ་ཞིང་གདོན་


CMR016_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་བཏུལ། །དྲག་སྔགས་གཟིར་ཞིང་ལྕག་གིས་བྲབ། །དེ་ནས་མགོན་ཟངས་གྲུ་གསུམ་དུ། །གདོན་བགེགས་བཀུག་ལ་གཏོར་མ་བརྡེག །མགོན་ཟངས་སྒྲུབ་ལ་རྟ་བྲོ་བརྡུང་། ༈ གཉིས་པ་བཟོ་བའི་ལས་བྱེད་ན། །རབས་ཆད་ནག་མོའི་སླ་ང་རུ། །མར་ནག་དུག་སྣ་སྦྱར་ལ་བསྐོལ། །སྟེང་དུ་གདོན་བགེགས་ལིངྒ་བཞག །མེ་ཐབས་རྟ་མགྲིན་ནག་པོ་བསྒོམ། །སླ་ང་ཁྲོ་བོའི་ཞལ་དུ་བསམ། །མར་ཁུ་དུག་ཁྲག་རྒྱ་མཚོར་བསྐྱེད། །ལིངྒ་གདོན་བགེགས་བསྐྱེད་བསྟིམ་བྱ། །ཆང་དང་བུལ་ཏོག་སྔགས་ཐུན་བརྡེག །མེ་འབར་གནོད་བྱེད་དངོས་སུ་བསྲེགས། །གཏོར་མ་ལ་སོགས་གོང་བཞིན་བྱ། ༈ །གསུམ་པ་སྲེག་པའི་ལས་བྱེད་ན། །མཎྜལ་ནག་པོ་གྲུ་གསུམ་སྟེང་། །དྲག་པོའི་ཤིང་སྣ་གྲུ་གསུམ་བརྩེགས། །མེ་སྦྱར་མེ་ལྷ་


CMR016_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་བསྐྱེད། །ལིངྒ་བྷ་ལིང་ཤ་ཁྲག་ལ། །གདོན་བགེགས་བསྟིམས་ནས་ཉེར་གཅིག་འབུལ། །དགྲ་བགེགས་དངོས་སུ་གསོལ་བར་བསམ། །རྗེས་ཀྱི་བྱ་བ་གོང་བཞིན་ནོ། །ཞེས་འབྱུང་སྟེ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་ཅིང་། མངའ་བདག་ཉང་གི་གཏེར་མ་འདི་ཤིན་ཏུ་ཁུངས་བཙུན་ཞིང་དབང་ལུང་གི་རྒྱུན་ཡོད་པས། འདིའི་ཕྱག་ལེན་གཏན་ལ་འབེབས་པ་ལ་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱིས་བཀའ་ཡི་གནང་བ་སྩོལ་ཞིང་བྱིན་གྱིས་བརླབ་ཏུ་གསོལ། དེ་ལ་འདི་དྲག་ལས་ཆེན་པོ་ཡིན་པས། འདི་སུ་ཡིན་གྱིས་ནམ་དགར་བྱ་མི་རུང་སྟེ། རབ་གཏེར་ཁ་གང་རུང་གི་རྟ་མགྲིན་ནག་པོའི་བསྙེན་པ་ཚད་དུ་ཕྱིན་པ། འབྲིང་ཡི་དམ་གང་རུང་གི་བསྙེན་སྒྲུབ་མང་དུ་ཐེམ་ཞིང་། རྟ་ནག་ཉང་ལུགས་འདིའི་དབང་ལུང་ཐོབ་པ། ཐ་མ་ཡང་ཡི་དམ་གང་རུང་གི་གྲངས་བསྙེན་ཐེམ་ཞིང་རྟ་མགྲིན་འདིའི་དབང་ཐོབ་པ་ཞིག་གིས་རུང་ཙམ་མོ། །ཡོན་བདག་གི་ཡང་བདེ་རིམ་ལ་ནི་དྲག་ལས་འདི་འདྲ་མི་རུང་སྟེ། ཁྱིམ་དུ་བཙོག་ནལ་གཡོས་པའམ་མིང་སྲིང་སོགས་ཀྱི་ནལ་བུ་སྐྱེས་པ་དམེ་བྱས་རྨུག་སྐྱེས་པ། ཁྱིམ་དུ་འདྲེ་ཚང་བཅས་པ་མདོར་ན་གྲིབ་དང་མི་གཙང་བ་ལ་བརྟེན་ནས་ན་ཚ་རྒོད་གདོན་ཁ་ཆེ་བ་ལ་འདི་བྱའོ། །དེ་ཡང་བསྐང་བ་བཟློག་པ་སོགས་ཞག་མང་བྱས་པའི་མཇུག་ལ་བྱ་སྲོལ་ཡོད་ཅིང་ཆོད་ཀྱང་ཆེ། ཡོན་བདག་འབྱོར་པ་མེད་ན་ཞག་གཅིག་ལ་ཡང་མི་རུང་བ་ཡང་མེད་དེ། དགོས་ཆས་འདི་རྣམས་སྔ་ཚེ་ནས་འཛོམས་དགོས་པས། །ཡོན་བདག་བསམ་ཡོད་རྣམས་མདུན་དུ་བོས་ལ་འདི་སྐད་དོ།


CMR016_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ད་མགོན་ཆུ་བསྐོལ་བ་འདི་འཚེར། དགོས་ཆའི་རྫས་རྣམས་རྟེན་འབྲེལ་ཡིན་པས་མ་ཚང་བ་དང་། སྔགས་གྲངས་ཉུང་བ་དང་། དམིགས་པ་མ་ཟིན་ན་ཚིག་སྲོག་སོགས་འོང་ཉན་ཆེ། སྔར་དེ་འདྲ་བྱུང་རབ་ཡང་མང་པོ་ཡོད་པས་གཟབ་དགོས། སང་ཉིན་སྔ་དྲོ་ངས་ངག་གཅོད་དགོས་པས་དགོས་ཆ་འདི་རྣམས་འཛོམས་པར་གྱིས། སྐག་ལེ་ཅུང་ཞིག་འགེམ་ཡོད་པ་ཞིག །བལ་རྩི་མེད་པའི་བསད་ཡག་བྱས་ལ་ཉ་ག་དོ་གསུམ་ཙམ། དེ་ལ་ཐིག་གུ་ཕྲ་སྦོམ་ཏིལ་ཡུ་ཙམ་ལ་རིང་ཐུང་འདོམ་ཕྱེད་ཙམ་པ་ཞིག །དེ་འཕྲོའི་བལ་འདབ་རྣམས་དང་། མར་དཀར་ཆུ་བཅག་པའི་སྙིམ་པ་ཁ་སྦྱོར་ཙམ་ཐུ་རུས་ཙག་པ། མདའ་ལེབ་མ་ཆག་གས་མེད་པའི་མདའ་དར་གཅིག་ལ། རིན་ཆེན་སྣ་ལྔ་མཚོན་ཙམ་བཏགས། རྡུལ་ཚོན་དཀར་དམར་སེར་གསུམ་ནག་པོ། ཐིག་སྐུད་གཅིག་དེ་རྣམས་ཀྱང་བཟོ་དགོས་སོ། །མཁར་སྒོང་ཆེན་པོ་བཅག་པའི་དུམ་བུ་གྲུ་གསུམ་གྱི་དབྱིབས་ཅན་ཆེ་ཆུང་ཐེབ་སྐོར་གཉིས་བསྡོམ་ཙམ་པ་དྲུག །རས་གྲུ་བཞི་སོར་བཞི་ཙམ་སྣུམ་དུ་བསྒྲེས་ནས་བརྩིར་ཡག་བྱས་པ་གསུམ། མེ་རུ་སྦོམ་ཞིང་རིང་བ་རྩེ་མོ་རས་མཐོ་རེ་ཙམ་གྱིས་དཀྲིས་པ་ལྔ། དུང་རྡོག་ཁ་མ་ཡོ་བ་ལེགས་པ་མཐར་ཁྱེད་རང་རྣམས་ལ་བསྲུང་བ་བཏགས་རྒྱུ་ཡིན་པས་དུ་གདའ། དེ་དང་མཉམ་དུ་གྲི་ཆུང་གཅིག་མེད་ན་ཐ་ན་འབུག་དང་ཁབ་སྦོམ་ཡན་ཆད་མཚོན་ཆའི་རིགས་གཅིག །གྲི་ཆུང་ཡུ་བ་མེད་ཀྱང་རུང་། སྔོན་དུ་ཕུགས་གཏོར་ཡོད་ཀྱང་ཕུགས་གཏོར་བསྡུས་པ་ཞིག་བཅའ། དགོས་པས་དེའི་ཆས་ཀ་ཚེར་ནག་འོམ་བུ་སྐྱེར་པ་


CMR016_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

སུར་དཀར་སོགས་ཤིང་སྣ་གང་འཛོམས་ཆག་རེ་ཙམ། སྒྱེད་པུ་ས་སྐྱེད་སོགས་རྙིང་པ་ཡང་རུང་མེད་ན་རྡོ་འཕག་དོགས་མེད་པའི་སྒྱེད་པུ་གསུམ། མཁར་སྒོང་ཐེབ་སྐོར་ཙམ་གསུམ། རྗེས་གེ་མཛུབ་མགོ་ཙམ་དཀར་པོ་བཅུ་གསུམ། ནག་པོ་བཅུ་གསུམ། རབ་ཟངས་ཆག་གས་མེད་པ། འབྲིང་བལ་མ་ཆེན་པོ། ཐ་མ་ལྕགས་འགུ་ཆེན་པོ། རྫ་མ་ནི་རྐུབ་བུད་པས་མི་ཉན། ༈ ཞོར་ལ་མེ་མཆོད་བྱེད་ན་སྦང་མ་སྐམ་པོ་སླ་ངར་ཅུང་ཞིག་བརྔོས་ལ་ཞིབ་ཏུ་བཏགས། མི་ཉུང་ཞིང་ཁྱིམ་ཆུང་ན་སྡེར་རུ་གསུམ་བཞི་ཙམ་གྱིས་ཆོག །མི་མང་ཁྱིམ་ཆེ་ན་དེ་ལུགས་ཀྱིས་མང་དགོས། ཤིང་གཤག་གྲུ་རེ་ཙམ་དུ་གཏུབ་པ་དཔུང་པ་དོ་གསུམ་རེ། སུ་རུ་སྐམ་པོ་ཡོད་ན་རུང་། མེད་ན་ཤིང་ཕྲའུ་གཤག་པ་པང་གང་ལྷག་ཙམ། ཤུག་ལོ་གྲུ་རེ་ཙམ་ཆག་པ་གསུམ། མདུང་ཐང་ཐུང་ངམ་ཀ་ར་གསུམ། ཟངས་ལྕགས་ཀྱི་སྡེར་མའམ། མེད་ན་ཤིང་སྡེརགཙང་མ་གཅིག །དེ་རྣམས་སྔ་ཚེ་ནས་འཛོམ་པར་གྱིས། ཁྱིམ་གྱི་ཡང་ས་རྩྭ་སོགས་ཀྱི་རྩིག་པ་སོགས་མེད་ས་གཅིག་ཏུ་ས་གདན་ཡིན་ན་སྔོའམ་ཤིང་ལོ་རྡོ་ལེབ་བཀོད། ཁང་སྟེང་ཡིན་ན་མི་དགོས་ཏེ། ས་ཞིབ་གཙང་མ་ལོང་ལ་ཕུབ་ཀྱི་ཁ་རྒྱ་ཙམ་ཆུ་ཆག་གིས་ལེགས་པར་བཅག་ལ་མེ་ལོང་ངོས་འདྲ་བར་གྱིས། དེ་ལ་སོལ་ཕྱེ་ཐོབ་ལ་ནག་པོ་གྱིས་ལ་ཕྱིས། བལ་གྱི་ལྷག་མ་སྐག་ལེ་མདའ་དར་རིན་ཆེན་སྣ་ལྔ་རྣམས་ཀྱང་འཁྱེར་སྲོལ་ཡོད་ཀྱང་ཅི་བདེ་ཆོག །སྔགས་ཀྱི་གཞུང་རྣམས་ནས། ལྷ་ལ་རྟེན་མེད་པར་འདྲེ་ལ་དྲག་ལས་བྱས་ན་སྔགས་པའི་སྲོག་ལ་བར་ཆད་འོང་བར་བཤད་


CMR016_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྔོན་གྱི་ཆོས་རྒྱལ་རྣམས་ཀྱི་ཁྲིམས་ཡིག་ལས། བླ་མཆོད་ལ་ལྷ་རྟེན་མ་བཞག་པར། ཡོན་བདག་ཚང་དུ་བླ་མཆོད་ཤི་ན་ཡོན་བདག་ཚང་ལ་ཁག་ཡོད། ལྷ་རྟེན་བཞག་ནས་དེར་ཤི་ཡང་ཁག་མེད་པར་སྲོག་རིན་ཡིན་ཟེར་སྲོལ་གདའ། དེ་ལ་སྔོན་ནས་བཞག་པ་དང་ཕྱི་ཁས་ཀྱིས་མི་ཆོག །སང་བཅའ་ཚོགས་ཚར་ནས་འདོན་པའི་དབུ་བཙུགས་ཙམ་ལ། ལྷ་རྟེན་ཅི་འབྱོར་ཅིག་ཁྱེར་ཤོག །དེས་བླ་མཆོད་ཀྱི་བསྲུང་བ་དགོས་རྒྱུ་རེད། ངའི་ཟ་འདོད་མིན་ཧེ་ཧེ། སང་ཉིན་སྔ་མོ་སྐར་ཆུ་ལོན་ན་རབ་ཡིན། མིན་ཀྱང་རི་རྩེ་ཉི་མ་མ་ཕོག་དུས་ཞོགས་ཆུ། ཆུ་གཏོར་ས་མང་ན་ཆུ་ཡང་མང་དགོས། གཏོར་ས་དུད་གཅིག་ཡིན་ན་ཟོམ་དོ་ཙམ་གྱིས་ཆོག །བུ་ཚ་བུ་མོ་མགོ་གཙང་ཡིན་ངེས་པ་གཅིག་གམ་གཉིས་སམ་གསུམ་ཡང་རུང་སྟེ། ལག་ཏུ་ནས་འབྲུ་བཟུང་ལ་འགྲོ། དང་པོ་ཆུ་ལ་ནས་འབྲུ་མཆོད། དེ་ནས་གཟར་ཁ་ཡར་ཕུ་ངོས་ལ་བརྟེན་ནས་ཆུ་བཅུས་ཏེ། ཁྱེར་འོང་ནས་སྔགས་པའི་མདུན་དུ་བཞག །ཆུ་དེའི་ཕུད་ཟོ་བ་གཙང་མ་གང་བཅུས་ལ་རང་གི་མདུན་དུ་བཞག །ཕྱིར་ནངས་རྩ་སྟོང་ཡིན་ནམ་མིན་ཀྱང་ཤ་ཆང་མ་ཟོས་པར་ངག་བཅད་ནས། ཕུ་དང་སྔགས་མཆིལ་གྱིས་ཆུ་དང་མར་བསྔགས་ཏེ། སྔགས་འདི་འདྲ་ལ་ཁད་པ་ཞིག་འབྱུང་སྟེ། ཇི་ལྟ་བ་འདི་ནི་སྔར་ཡི་གེར་བྲི་སྲོལ་མེད་སྙན་བརྒྱུད་ཡིན། ༈ ཨོཾ་དཀར་བྲམ་ཟེ༔ དམར་བྲམ་ཟེ༔ མེ་བྲམ་ཟེ༔ དེ་ལ་ཧོ་བྲམ་ཟེ༔ ཁྲོ་ཆུ་བྲམ་ཟེ༔ རྦད་བྲམ་བྲེ༔ སོད་སྭཱ་ཧཱ༔ འདི་ལ་གྲངས་ཁ་


CMR016_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་ངེས་མ་གསུངས་ཀྱང་རང་ངག་ནུས་ཡོད་ན་སྟོང་ཚོ་ལྔ་ཙམ༔ ངག་ནུས་ཆུང་ན་དེ་ཡན་ཅི་ནུས་བཟླས། འདི་ནི་ཇོ་ལྕགས་ཆུ་གསུམ་གྱིས་སྔགས་སྔར་གྱི་ལག་བླངས་ཅན་ཡིན། ཡང་གནམ་ཆོས་ནས་གསུངས་པའི་ལྕགས་གནུར་སོགས་ཀྱི་སྔགས་ནི། ༈ ཨོཾ་བྲམ་ཟེ་དཀར་ནག་མགོ་ལ་སད༔ དེ་ལ་རྦད་སྭ་ཧཱཿ འདི་ལ་སྟོང་ཡན་ཆད་ཅི་མང་བཟླས་ལ་སྔགས། སྔགས་འདིས་ཆུ་བསྐོལ་དུས་ཐུབ་པ་ནི་བཅའ་ཚོགས་དང་། ཆུ་བསྐོལ་གཞུང་གི་འདོན་པ་དང་། ཕྱག་ལེན་ཟབ་པའི་དོན་ཡིན་གྱིས། དག་བྱེད་དུས་འདིའི་མི་ཐུབ་ངེས་ཏེ། བཅའ་ཚོགས་དང་འདོན་པའི་གཞུང་ཡང་མེད། སྔགས་ཆུས་བཀྲུ་བ་དང་། སྔགས་མར་བྱུག་མི་ཆོག་དམིགས་པ་མི་ཤེས། ལྷ་འདྲེས་དྲང་ཤན་ཡང་ཕྱེ་བའི་ཕྱིར། འདིས་ཐུབ་བསམས་ནས་རང་གཞན་ཕུང་བར་མི་བྱེད་པ་གལ་ཆེའོ།། ༈ དེ་ནས་སྔགས་མར་གྱི་ཐིག་གུ་ལྗིད་མོར་བྱུག་ལ་སྦྲུལ་ལྟར་བསྐྱིལ་ལ་སྔགས་ཆུ་ནང་དུ་འཕང་ངོ་། །གཏོར་འགུ་ཡང་འདྲ་གཅིག་གི་ནང་དུ་བལ་འདབ་མང་པོ་བརྩེགས་ལ་བསྟན་ནས་སྔགས་ཆུ་བྱུག་ལ་སྦྱང་ནས་བཞག །དེ་གཉིས་ཀྱིས་ཁ་བཀབ་སྟེ་གཞན་གྱིས་མི་མཐོང་བར་སྦས། དེ་ནས་ངག་བཏང་དགོས་མ་བྱུང་ན་བཟང་བཏང་ཡང་རུང་། སྔགས་གཞན་གྱིས་མ་ཐོས་པར་ལྐོག་འབུགས་སུ་འདོན་ཅིང་། སེམས་ཀྱིས་རང་ཉིད་རྒྱ་མཚོའིདཀྱིལ་གྱི་ཉ་སྤྲ་བ་ཁ་ཆེ་ཡིན་པར་བསྒོམ། སྐག་ལེ་དང་མཁར་སྒོང་རྣམས་རྒྱ་མཚོའི་དཀྱིལ་གྱི་ཆུ་རྡོ་ཡིན་པར་བསྒོམས་ཤིང་བཅའ་ཚོགས་རྣམས་བཅའ་སྟེ། གཞི་དཀར་པོ་ཞིག་བཏིང་ལ། བླ་


CMR016_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་ཕྱི་རྒྱུད་ཀུན་འདུས་ཕུགས་གཏོར་ལྔ་ཚོམ་ཙམ་བཅའ། ཚོགས་གཏོར་འབུལ་དཀར་གཏོར། སྔོན་འགྲོ་དཀར་བགེགས་ལྷ་བཤོས་གཅིག །དེ་རྣམས་གཞུང་ལྟར་ལས། ཟངས་ལྕགས་སམ་སྡེར་ནང་དུ་དུང་རྡོག་བཅུག་པའི་གཏོར་མ་ཟུར་གསུམ་མཐོ་གང་མར་རྒྱན་ཅན། དེའི་རྩེ་མར་གྱི་བྱ་ཁྱུང་བཙུགས། གཏོར་མ་དེའི་གཡས་གཡོན་མདུན་གསུམ་དུ། དམར་གཏོར་མར་རྒྱན་མེད་པ་ཆུང་བ་གསུམ། མདུན་དུ་སྒོ་ངའི་ཚུལ་མར་གྱི་རིལ་བུ་གསུམ། གཙོ་བོ་ལ་ལིངྒ་ཞིག་མགོ་ཐུར་དུ་བསྟན་ལ་བཙུགས། ས་འབེབས་ཀྱི་ལྕོག་རྡོག་ཅིག །ལིངྒ་ཆུང་ངུ་པར་མ་ཉེར་གཅིག །པར་མེད་ན་གཏུབ་རྒྱུ་ཅུང་ཟད་ཆེ་བ་གཅིག་གིས་ཆོག །དེ་རྣམས་ལ་ཁྲག་ཐིག་བྱུག་ཤ་དུམ་སྦྱར། གཞི་ཐོག་ཏུ་མཆོད་པ་རྣམ་ལྔ་ཚོགས་གཏོར་འབུལ་དང་། ཕྱེ་མར་སྡེར་ཆུང་གང་བཞག་པའི་ནང་ནས་མར་དང་ཕྱེ་ཕུར་བྱས་ལ་ཐེབ་ཙེ་ཆུང་བ་གང་ཙམ་བཞག །དེ་ནས་ད་ནངས་རང་ཉིད་རྟ་མགྲིན་ནག་པོ་རཏྣ་ལུགས་སམ། ཉང་ལུགས་ཀྱི་བདག་བསྐྱེད་སྔོན་དུ་སོང་ན་ལེགས། མ་སོང་ཡང་དྲན་རྫོགས་སུ་རང་ཉིད་རྟ་མགྲིན་ནག་པོར་བསྒོམས་པས་ཆོག །ཐིག་སྐུད་རྡུལ་མཚོན་དང་ལྕོག་རྡོག་བཤམས་པ་ཁྱེར་ནས་ས་སྟེགས་བཅག་སར་འགྲོ་སྟེ། ས་སྟེགས་སྟེང་དུ་ལྕོག་རྡོག་བཤམས་ལ་བྲན། ཨོཾ་ཨ་ཀཱ་རོ་སོགས། ཞེས་བྱིན་གྱིས་བརླབས་ལ་གནས་བདག་ས་བདག་ལ་བསྔོ། ཧཱུྃ། ཇི་ལྟར་སྔོན་གྱི་དཔང་མཛད་ལྟར། །སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། །


CMR016_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་བྱང་ཆུབ་སེམས་བསྒྲུབས་པས། །མཆོད་འབུལ་དཔང་མཛོད་ས་འདི་ཞུ། །བཅུ་གཉིས་ལོ་ཡི་རྟ་ལ་ཞོན། །ཀོ་ལོང་སྡོམ་པའི་ལྷ་དགུ་སོགས། །འབྱུང་པོའི་ཚོགས་རྣམས་མ་ལུས་ཀུན། །ས་གླུད་མཆོད་སྦྱིན་གཏོར་མ་བཞེས། །ས་འདི་བདག་ལ་གནང་བར་མཛོད། །འབྱུང་པོ་ས་ཡི་བདག་པོ་ཀུན། །གནས་རྟེན་གཞན་དུ་ཁྱོད་སྤོས་ལ། །ས་འདི་བཀྲ་ཤིས་མཛད་དུ་གསོལ། །སརྦ་བྷུ་ཏ་ཨུ་ཙི་ཏ་ཤྲཱི་ཧ་ན་ཁཱ་ཧི། ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་ཕྱིར་ཕུལ་ལ་བསླང་ངོ་། །འོག་མིན་གནས་མཆོག་དམ་པ་ནས། །བཅོམ་ལྡན་རྒྱལ་བ་རིགས་ལྔ་ཡི། །ཐུགས་ལས་འོད་ཟེར་སྣ་ལྔ་འཕྲོས། །ཐིག་ཚོན་རྣམས་ལ་ཐིམ་པ་ཡིས། །ཡེ་ཤེས་ལྔ་ཡི་ངོ་བོར་གྱུར། །ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱཿ དེ་ནས་ཐིག་ཆེན་བརྒྱད་གདབ་ལ། །གྲུ་གསུམ་མཐིང་ནག་མེ་རི་བཅས། །དབུས་སུ་པདྨ་འདབ་མ་བཞི། །དཔེའུ་རིས་ལྟར་བྲིས་པའི་སྟེང་། །ཤོག་གུ་བལ་ལམ་ཤིང་ལོས་བཀབ། །དེ་སྟེང་ས་ཡིས་བཀོད་ནོན་བྱ། །ལོགས་སུ་སྐྱེད་པུ་གསུམ་བཙུགས་ཏེ། །ཟངས་ཚད་ཐབ་ལོག་མི་འོང་བྱ། །རེ་ཞིག་ཟངས་དེ་ཕར་ལ་བཞག །བཅའ་ཚོགས་ཀྱི་ལེའུ་སྟེ་དང་པོའོ།། ༈ །།དེ་ནས་སྔགས་པ་གདན་ལ་འདུག །སྐྱབས་འགྲོ་སེམས་བསྐྱེད་དཀར་བགེགས་ཕུལ། །འདི་ནི་མཚམས་དང་


CMR016_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་ཡིན། །མི་འཁྱམས་དོན་མེད་ཕྱིར་ལ་ཕུད། །ཛོ་ལྕགས་ཆུ་སོགས་འགྲིམ་དགོས་པའི། །མི་རྣམས་གང་ཡོད་ནང་དུ་འཚོགས། །མཚམས་བཅད་ནས་གཏོར་སུམ་བྷ་བརྗོད། །དེ་ནས་ངོ་སར་མི་གཏུག་སྟེ། །མི་གཏུག་ཁ་མེད་བྱུང་བ་ན། །ཆབ་བླངས་ཤུག་དུད་སྤོས་རུམ་བྱ། །ནང་དུ་བྱུང་ཚེ་སུམ་བྷ་ནི། །བརྗོད་ཅིང་ནས་ལྕག་གདོང་ལ་གཏོར། །དེ་ནས་ཕུགས་གཏོར་བྲན་བྱས་ཏེ། །ཉི་མ་སྔ་ན་ཞི་དྲག་དང་། །རྟ་མགྲིན་མ་ནིང་ལ་སོགས་རང་གི་ལས་བྱང་ལྷ་གཞུང་འདོན། །ཉི་མ་འཕྱི་ན་འོད་འབར་རམ། །རྟ་མགྲིན་བདག་བསྐྱེད་ཙམ་བྱས་ལ། །ཕུགས་གཏོར་གཏོར་བསྔོས་ཚང་བར་བྱས། །དེ་ནས་སྔགས་ཆས་གང་ཡོད་གྱོན། །མདའ་དར་ལག་ཏུ་བཟུང་བྱས་ཟཏེ། །མདའ་དྲིལ་ལམ་ནི་མདའ་སིལ་ཐོགས། །ཐབ་ཀར་སྐོར་བ་བྱེད་བཞིན་དུ། །ས་འདུལ་འདི་ཉིད་གྱེར་ཞིང་འཆམས། ༈ ཧཱུྃ། ཁྲོ་རྒྱལ་རྟ་མགྲིན་ནག་པོ་ཡི། །མགོན་ཆུ་བསྐོལ་བའི་ས་གཞི་བཙལ། །ཤར་ཕྱོགས་རྡོ་རྗེ་སེམས་དཔའི་ས་གཞི་འདི། །མགོན་ཆུ་བསྐོལ་བའི་ས་གཞི་ཡིན། །ས་འདི་ལ་ཕྲག་དོག་མ་མཛད་ཅིག །ལྷོ་རིན་ཆེན་འབྱུང་ལྡན་ས་གཞི་འདི། །མགོན་ཆུ་བསྐོལ་བའི་ས་གཞི་ཡིན། །ས་འདི་ལ་ཕྲག་དོག་མ་མཛད་ཅིག །ནུབ་སྣང་བ་མཐའ་ཡས་ས་གཞི་འདི། །མགོན་ཆུ་བསྐོལ་བའི་ས་གཞི་ཡིན། །ས་འདི་ལ་ཕྲག་དོག་


CMR016_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

མ་མཛད་ཅིག །བྱང་དོན་ཡོད་གྲུབ་པའི་ས་གཞི་འདི། །མགོན་ཆུ་བསྐོལ་བའི་ས་གཞི་ཡིན། །ས་འདི་ལ་ཕྲག་དོག་མ་མཛད་ཅིག །ཁར་རྩང་ཁར་གྱི་ཉིན་པར་ལ། །ལྷ་སྲིན་གཉིས་པོ་འཐབ་ཤུལ་ལ། །མགོན་གཡག་ཁམ་པ་འདྲིལ་བའི་ས་གཞི་འདི། །མགོན་ཆུ་བསྐོལ་བའི་ས་གཞི་ཡིན། །ས་བཅག་པ་རྡོ་རྗེ་འགྲོས་ཀྱིས་བཅགས། །ཅགས་སེ་ཅགས་སེ་གར་གྱིས་བཅག །གར་ཁྲིགས་སེ་ཁྲིགས་སེ་བྲོ་ཞིག་བརྡུང་། །ས་འདི་ལ་ཕྲག་དོག་མ་མཛད་ཅིག །ཨོཾ་བཛྲ་བྷུ་མི་ཨ་དྷིཥཱན་བཛྲ་ས་མཱ་ཡ་ཧཱུྃ། ཧཱུྃ། དཔལ་ཆེན་རྟ་མགྲིན་ནག་པོ་ཡི། །མགོན་ཆུ་བསྐོལ་བའི་ས་ཡོད་ཀྱང་། །མགོན་ཟངས་བཙུགས་པའི་སྐྱེད་པུ་མེད། །རྡོ་རྗེ་སེམས་དཔའི་ཞིང་ཁམས་ན། །བྱ་ཁྱུང་འདྲ་བའི་རྡོ་ཞིག་ཡོ། །དེ་ལ་ཡ་སྐྱེད་རྒྱལ་པོ་བྱས། །དགུང་སྔོན་མཐོན་པོའི་ཡར་སྟེང་ན། །གཡུ་འབྲུག་འདྲ་བའི་རྡོ་ཞིག་ཡོད། །དེ་ལ་གཉིས་པ་བུ་སྐྱེད་བྱས། །གངས་དཀར་མཐོན་པོའི་ཡར་སྟེང་ན། །སེང་གེ་འདྲ་བའི་རྡོ་ཞིག་ཡོད། །དེ་ལ་གསུམ་པ་མ་སྐྱེད་བྱས། །ཡབ་ཡུམ་སྲས་གསུམ་མ་འཆུག་ཅིག །མགོན་པོའི་བྲག་ལ་དཔེ་བླངས་པས། །མཁར་སྒོང་


CMR016_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་གྱི་སྐྱེད་དུ་བཙུགས། །སྐྱེད་པུ་འདི་ལ་ཕྲག་དོག་མ་མཛད་ཅིག །ལས་མགོན་གསུམ་གྱིས་བཞུགས་གནས་མཛོད། །ཨོཾ་ཨཱཿཧཱུྃ། ཞེས་སྐྱེད་པུ་གསུམ་གྱི་སྟེང་དུ་མཁར་སྒོང་ཆུང་བ་གསུམ་བཞག །དེ་ནས་ཟངས་དེ་མདུན་དུ་ལན་གསུམ་བསྐོར་ལ་འཕང་། གསུམ་ཁ་རྒྱུན་བཟང་གཉིས་འབྲིང་གཅིག་ཐ་མ་ཡུམ་རྒྱུ་ན་ངན། དེ་ནས་ཟངས་དེ་ཡོན་བདག་གིས་དང་པོ་མགོ་ལ་གྱོན། དེ་ནས་རྒྱབ་ཏུ་ཁུར། དེ་ནས་ལག་ཏུ་ཁུར་ལ་སྔགས་པ་དང་མཉམ་དུ་བསྐོར་བ་བྱ་ཞིང་བཏབ་པའི་ཚུལ་བྱ་ཞིང་། ཧཱུྃ། དྲག་པོའི་མགོན་ཟངས་ལུང་དགུ་འདི། །ལན་གཅིག་མགོ་ལ་གྱོན་ཙམ་ན། །མགོན་ཟངས་རྨོག་གི་ཚུལ་དུ་སྡོད། །ལན་གཅིག་རྒྱབ་ཏུ་ཁུར་ཙམ་ན། །མགོན་ཟངས་ཕུབ་ཀྱི་ཚུལ་དུ་སྡོད། །མགོན་ཟངས་འཁོར་མོ་འགྱིང་རེ་ཆེ། །མགོན་ཟངས་འཁོར་མོ་བཅུད་རེ་ཆེ་། །མགོན་ཟངས་འཁོར་མོ་སྟོབས་རེ་ཆེ། །ཧཱུྃ། མགོན་ཟངས་ལན་གཅིག་ཤར་དུ་བཏབ། །མགོན་ཟངས་ཤར་དུ་མི་བཏབ་རྒྱུ། །ཤར་ཕྱོགས་ཁྲོ་བོ་རྣམ་པར་རྒྱལ། །དོ་ནུབ་དྲག་པོའི་ལས་ལ་བསྐུལ། །མགོན་ཟངས་ལན་གཅིག་ལྷོ་རུ་བཏབ། །མགོན་ཟངས་ལྷོ་རུ་མི་བཏབ་རྒྱུ། །ལྷོ་ཕྱོགས་གཤིན་རྗེ་གཤེད་པོ་དེ། །དོ་ནུབ་དྲག་པོའི་ལས་ལ་


CMR016_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ། །མགོན་ཟངས་ལན་གཅིག་ནུབ་ཏུ་བཏབ། །མགོན་ཟངས་ནུབ་ཏུ་མི་བཏབ་རྒྱུ། །ནུབ་ཕྱོགས་རྟ་མགྲིན་རྒྱལ་པོ་དེ། །དོ་ནུབ་དྲག་པོའི་ལས་ལ་བསྐུལ། །མགོན་ཟངས་ལན་གཅིག་བྱང་དུ་བཏབ། །མགོན་ཟངས་བྱང་དུ་མི་བཏབ་རྒྱུ། །བྱང་ཕྱོགས་བདུད་རྩི་འཁྱིལ་པ་དེ། །དོ་ནུབ་དྲག་པོའི་ལས་ལ་བསྐུལ།་མགོན་ཟངས་ལན་གཅིག་སྟེང་དུ་བཏབ། །མགོན་ཟངས་སྟེང་དུ་མི་བཏབ་རྒྱུ། །དབུས་ཀྱི་ཆེ་མཆོག་ཡབ་ཡུམ་དེ། །དོ་ནུབ་དྲག་པོའི་ལས་ལ་བསྐུལ། །མགོན་ཟངས་ལན་གཅིག་འོག་ཏུ་བཏབ། །མགོན་ཟངས་འོག་ཏུ་མི་བསྟབ་རྒྱུ། །འོག་ཕྱོགས་ཁྲོ་བོ་སྟོབས་པོ་ཆེ། །དོ་ནུབ་དྲག་པོའི་ལས་ལ་བཞེངས། །དྲག་པོའི་མགོན་ཟངས་ལུང་དགུ་འདི། །བཀྱག་ན་ཡི་དམ་ལྷ་ཡང་མཉེས་། །མནན་ན་འདྲེ་སྲིན་བྱུར་གསུམ་ནོན། །བསྟབ་ན་ཆོས་སྐྱོང་སྲུང་མ་མཉེས། །ཕྱོགས་བཅུའི་སངས་རྒྱས་ཁྲོ་བོ་བཅུས། །མགོན་ཟངས་འདི་ལ་དབང་ཞིག་བསྐུར། མགོན་ཟངས་འདི་ལ་བཅུད་ཅིག་ཕོབ། །ཕྱི་ནི་ནག་ལ་རྩུབ་པ་དེ། །དུར་ཁྲོད་ཆེན་པོར་བྱིན་གྱིས་རློབས། །ནང་ནི་དཀར་ལ་འཇམ་པ་དེ། །གཞལ་ཡས་ཁང་དུ་བྱིན་གྱིས་


CMR016_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

རློབས་། །ཨོཾ་ཧཱུྃ་མཎྜལ་ཧཱུྃ་སྭཱ་ཧཱ། དེ་ནས་ཟངས་མ་ཡོ་བར་བཙུགས། ཐབ་ལོག་མི་འོང་བའི་ཐབས་གཟབ་པ་གལ་ཆེ། དེ་ནས་ཞོགས་ཆུ་བླངས་བ་དེ་སྔགས་པ་རང་གིས་གཟར་བུས་ལན་གསུམ་བླུག་ལ༔ ཆུ་ཁ་ལྐོག་ཙམ་བླུག་བཅུག་ཅིང་། ཧཱུྃ། དཔལ་ཆེན་རྟ་མགྲིན་ནག་པོ་ཡི། །མགོན་ཆུ་བསྐོལ་བའི་ཆུ་བཙལ་བ། །ཤར་ཕྱོགས་དུང་གི་རི་བོ་ནས། །དུང་གི་བུད་མེད་སྤུན་གསུམ་དེས། །རྒྱབ་ན་དུང་གི་ཟོམ་ཆུང་ཁུར། །ཕྱག་ན་དངུལ་གྱི་སྐྱོགས་ཆུང་བསྣམས། །དུང་གི་ཆུ་མགོ་དེ་ལ་བཅུས། །མགོན་ཆུ་བསྐོལ་བའི་ཆུ་རུ་བྱས། །དོ་ནུབ་དྲག་པོའི་ཆུ་བསྐོལ་ན། །ཆུ་བོ་གང་གཱའི་མགོན་ཆུ་བསྐོལ། །ནེ་རཉྫནའི་མགོན་ཆུ་བསྐོལ། །ཆུ་བོ་པཀྵའི་མགོན་ཆུ་བསྐོལ། །ཆུ་བོ་སིན་དྷུའི་མགོན་ཆུ་བསྐོལ། །ཡར་ཆབ་གཙང་པོའི་མགོན་ཆུ་བསྐོལ། །ཆུ་བོ་གསེར་ལྡན་མགོན་ཆུ་བསྐོལ། །ཆུ་འདི་ལ་རུ་ང་མ་མཛད་ཅིག །ཆུ་འདི་ལ་ཕྲག་དོག་མ་མཛད་ཅིག །ཤར་ཕྱོགས་རྡོ་རྗེ་སེམས་དཔའ་ཡིས་། །ཆུ་འདིའི་འགལ་བ་བསལ་དུ་གསོལ། །ལྷོ་ཕྱོགས་རིན་ཆེན་འབྱུང་ལྡན་གྱིས། །ཆུ་འདིའི་འགལ་བ་བསལ་དུ་གསོལ། །ནུབ་ཕྱོགས་སྣང་བ་མཐའ་ཡས་ཀྱིས། །ཆུ་


CMR016_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་འགལ་བ་བསལ་དུ་གསོལ། །བྱང་ཕྱོགས་དོན་ཡོད་གྲུབ་པ་ཡིས། །ཆུ་འདིའི་འགལ་བ་བསལ་དུ་གསོལ། །ཆུ་གཟར་བུའམ་སྐྱོགས་ཀྱིས་ཕྱར་ཞིང་། །ཆུ་ལན་གཅིག་ལན་གཉིས་ལན་དང་གསུམ། །ལན་གཅིག་ཕྱིར་བ་ཤ་ར་ར། །ལན་གཉིས་ཕྱར་བ་སི་ལི་ལི། །ལན་གསུམ་ཕྱུར་བ་ཕ་ལ་ལ། །ཕོ་གདོན་མགོ་ལ་ཤ་ར་ར། །མོ་གདོན་མགོ་ལ་སི་ལི་ལི། །ཆུང་སྲི་ཐེའུ་རང་མགོ་དེར་ཕ་ལ་ལ། །བཙོག་འདྲེ་མོ་གདོན་མགོ་དེར་ཉི་ལི་ལི། །རྒྱལ་འགོང་བསེན་མོའི་མགོ་དེར་ཆེམས་སེ་ཆེམ། །མགོན་ཆུ་ཚ་བའི་ངར་དང་བཅས། །ནད་གདོན་གྲིབ་དང་མི་གཙང་བསྲེག །བདག་དང་ཡོན་བདག་འཁོར་བཅས་ལ། །ཡེ་ཤེས་གྲང་བའི་བསིལ་ཕོབ་ཅིག །ཨོཾ་ཊཾ་ཛྭ་ལ་ཛྭ་ལ་སྭཱ་ཧཱ། དེ་ནས་མགོན་སྙིང་དུང་རྡོག་འཕེན་བཅུག་ཅིང་། ཧཱུྃ། དཔལ་ཆེན་རྟ་མགྲིན་ནག་པོ་དང་། །ཁྲོ་རྒྱལ་ཡཀཱ་མེ་དབལ་དང་། །ཡེ་ཤེས་བྱ་ཁྱུང་རྒྱལ་པོ་དང་། །མ་ཧཱ་ཀཱ་ལའི་མགོན་ཆུ་ལ། །གལ་ཏེ་ནང་བཅུད་མེད་པ་ན། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཕུང་འདྲེ་བཙོག་འདྲེ་མི་ཐུལ་བས། །དེ་ནས་ནང་བཅུད་མགོན་སྙིང་བཅུག །མགོན་སྙིང་གསེར་ལས་བྱས་པ་ཡིས། །


CMR016_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

མི་རྒྱུད་གསེར་བས་བཟང་བར་ཤོག །མགོན་སྙིང་དངུལ་ལས་བྱས་པ་ཡིས། །མི་ཞལ་དངུལ་ལས་དཀར་བར་ཤོག །མགོན་སྙིང་གཡུ་ལས་བྱས་པ་འདིས། །མི་བཀྲག་གཡུ་བས་བཀྲག་པར་ཤོག །མགོན་སྙིང་མཆོང་ལས་བྱས་པ་འདིས། །མི་འབྲུ་མཆོང་བས་བཟང་བར་ཤོག །མགོན་སྙིང་དུང་ལས་བྱས་པ་དེས། །ལྷ་ཞལ་དུང་ལས་དཀར་བར་ཤོག །མགོན་སྙིང་རྡོ་དང་ལྕགས་ལས་བྱས་པ་དེས། །མི་སྲོག་ལྕགས་དང་བྲག་བས་སྲ་བར་ཤོག །མགོན་སྙིང་འབྲུ་ལས་བྱས་པ་དེས། །མི་འཕེལ་ནས་ལས་འཕེལ་བར་ཤོག །མགོན་སྙིང་ཆུ་ལས་བྱས་པ་དེས།་མི་མཐའ་ཆུ་ལས་རིང་བར་ཤོག །ཨོཾ་སརྦ་རཏྣ་ཙིཏྟ་ཧཱུྃ་སྭཱ་ཧཱ། དེ་ནས་འོག་ཏུ་ཤིང་གྲུ་གསུམ་སྒམ། ཤིང་སྣ་དང་བཅས་མེ་ཚང་བཅའ་བཅུག་ལ། ཧཱུྃ། དཔལ་ཆེན་རྟ་མགྲིན་ནག་པོ་ཡི། །བཀའ་ཡི་ལས་མཁན་ཕོ་ཉ་མོ། །ཤར་ལྷོ་མཚམས་ནས་ཤིང་ཐུ་མ། །མེ་ལྷའི་ཡུལ་ནས་ཤིང་ཐུས་ལ། །ནད་གདོན་ཞི་བའི་མེ་བུས་ཤིག །ལྷོ་ནུབ་མཚམས་ནས་ཤིང་ཐུ་མ། །སྲིན་པོའི་ཡུལ་ནས་ཤིང་ཐུས་ལ། །ཚེ་བསོད་རྒྱས་པའི་མེ་བུས་ཤིག །ནུབ་བྱང་མཚམས་ནས་ཤིང་ཐུ་མ། །རླུང་ལྷའི་


CMR016_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ནས་ཤིང་ཐུས་ལ། །ཁམས་གསུམ་དབང་སྡུད་མེ་བུས་ལ། །བྱང་ཤར་མཚམས་ནས་ཤིང་ཐུ་མ། །དབང་ལྡན་ཡུལ་ནས་ཤིང་ཐུས་ལ། །དགྲ་བགེགས་ཚར་གཅོད་མེ་བུས་ཤིག །དོ་ནུབ་དཔལ་གྱི་མེ་འབུད་ནས། །ཨ་གར་སྒྲོན་ཤིང་མགོན་མེ་འབུད། །བཟང་ཤིང་དགུ་ཡི་མགོན་མེ་འབུད། །དྲག་པོའི་ཚེར་ནག་མགོན་མེ་འབུད། །ཙནྡན་དཀར་དམར་མགོན་མེ་འབུད། །ལྷ་ཤིང་ཤུག་པས་མགོན་མེ་འབུད། །སྟག་ཐུབ་དབྱར་པའི་མགོན་མེ་འབུད། །མུ་ལེ་ལྗོན་ཤིང་མགོན་མེ་འབུད། །ཨོཾ་བྷྱོ་དྷི་བྷིག་ཀྱཱ་ཡེ་སྭཱ་ཧ༔ དེ་ནས་མེ་རུ་ལག་ཏུ་ཐོགས་ལ། ཧཱུྃ། དང་པོ་མེ་བྱུང་གང་ནས་བྱུང་། །སྔོན་ཚེ་བསྐལ་བའི་དང་པོ་ལ། །བཅོམ་ལྡན་རྒྱལ་བ་རིགས་ལྔ་ཡི། །ཐུགས་ཀར་འོད་ཀྱི་གང་བུ་ནས། །ཡི་གེ་རཾ་གྱི་འཕྲོ་འདུ་ལས། །ཡེ་ཤེས་ལྔ་ཡི་མེ་བྱུང་ནས། །དུག་ལྔའི་ཕུང་པོ་གཏན་ནས་བརླག །ཡེ་ཤེས་ལྔ་རུ་ལྷུན་གྱིས་གྲུབ། །ཤར་གྱི་ཕྱོགས་ནས་མེ་འབུད་མ། །རྡོ་རྗེ་མཁའ་འགྲོ་སྐུ་མདོག་དཀར། །ཕྱག་ན་རྡོ་རྗེ་མེ་འབར་བསྣམས། །ཞི་བའི་མེ་ནི་སྦྱར་བར་མཛོད། །ལྷོ་ཡི་ཕྱོགས་ནས་མེ་འབུད་མ། །རིན་ཆེན་མཁའ་འགྲོ་སྐུ་


CMR016_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་སེར། །ཕྱག་ན་རིན་ཆེན་མེ་འབར་བསྣམས། །རྒྱས་པའི་མེ་ནི་སྦར་བར་མཛོད། །ནུབ་ཀྱི་ཕྱོགས་ནས་མེ་འབུད་མ། །པདྨ་མཁའ་འགྲོ་སྐུ་མདོག་དམར་། །ཕྱག་ན་པདྨ་འབར་བ་བསྣམས། །དབང་གི་མེ་ནི་སྦར་བར་མཛོད། །བྱང་གི་ཕྱོགས་ནས་མེ་འབུད་མ། །ལས་ཀྱི་མཁའ་འགྲོ་སྐུ་མདོག་ལྗང་། །ཕྱག་ན་རྒྱ་གྲམ་མེ་འབར་བསྣམས། །དྲག་པོའི་མེ་ནི་སྦར་བར་མཛོད། །དུག་གསུམ་དུག་ལྔའི་བུད་ཤིང་ལ། །སྐུ་གསུམ་ཡེ་ཤེས་མེ་སྦར་བས། །ནད་གདོན་གྲིབ་དང་མི་གཙང་བསྲེག ། བསོད་ནམས་མེ་ལྟར་འབར་གྱུར་ཅིག །ཨོཾ་ཛྙཱ་ན་ཨཀྵེ་ཡེ་ཛྭ་ལ་རཾ་རཾ༔ ཞེས་མེ་སྦར་ནས་སྔགས་པས་ལག་ཏུ་མདའ་དར་གཡབ་ཅིང་། ཧཱུྃ། དོ་ནུབ་རྟ་མགྲིན་ནག་པོ་དང་། །མེ་དབལ་མགོན་པོའི་མགོན་མེ་འབུད། །ལྷ་གསུམ་ཁྲོས་པའི་མགོན་ཆུ་བསྐོལ། །དོ་ནུབ་མེ་ལྕེ་ལྷབ་ལྷབ་སྟེང་དུ་མ་འཕྲོ་ཞིག །མེ་ལྕེ་སྟེང་དུ་འཕྲོས་གྱུར་ན།་།གནམ་ལྷ་གནམ་སྨན་ཚིག་དོགས་ཡོད། །གནམ་ལྷ་གནམ་སྨན་ཚིག་གྱུར་ན། །ཡོད་བདག་ཕུག་ལྷ་དག་ཀྱང་ཉམས། །མེ་དར་ཁ་དོག་སྣ་ལྔས་བཅོས། །མེ་ལྕེ་ཤར་དུ་མ་འཕྲོ་ཞིག །མེ་ལྕེ་ཤར་


CMR016_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཕྲོས་གྱུར་ན། །ཤར་ལྷ་དཀར་པོ་ཚིག་དོགས་ཡོད། །ཤར་ལྷ་དཀར་པོ་ཚིག་གྱུར་ན། །ཡོན་བདག་ཕུག་ལྷ་དག་ཀྱང་ཉམས། །མེ་དར་དཀར་སེར་གཉིས་ཀྱིས་བཅོས་། །མེ་ལྕེ་ལྷོ་རུ་མ་འཕྲོ་ཞིག །མེ་ལྕེ་ལྷོ་རུ་འཕྲོས་གྱུར་ན། །ལྷོ་ལྷ་སེར་པོ་ཚིག་དོགས་ཡོད། །ལྷོ་ལྷ་སེར་པོ་ཚིག་གྱུར་ན། །ཡོན་བདག་ཕུག་ལྷ་དག་ཀྱང་ཉམས། །མེ་དར་དམར་ལྗང་གཉིས་ཀྱིས་བཅོས། །མེ་ལྕེ་ནུབ་ཏུ་མ་འཕྲོ་ཞིག །མེ་ལྕེ་ནུབ་ཏུ་འཕྲོས་གྱུར་ན། །ནུབ་ལྷ་དམར་པོ་ཚིག་དོགས་ཡོད། །ནུབ་ལྷ་དམར་པོ་ཚིག་གྱུར་ན། ཡོན་བདག་ཕུག་ལྷ་དག་ཀྱང་ཉམས། །མེ་དར་དམར་ནག་གཉིས་ཀྱིས་བཅོས། །མེ་ལྕེ་བྱང་དུ་མ་འཕྲོ་ཞིག །མེ་ལྕེ་བྱང་དུ་འཕྲོས་གྱུར་ན། །བྱང་ལྷ་ལྗང་ཀུ་ཚིག་དོགས་ཡོད་། །བྱུང་ལྷ་ལྗང་གུ་ཚིག་གྱུར་ན། །ཡོན་བདག་ཕུག་ལྷ་དག་ཀྱང་ཉམས། །མེ་དར་ལྗང་ནག་གཉིས་ཀྱིས་བཅོས། །མེ་ལྕེ་དབུས་སུ་མ་འཕྲོ་ཞིག །མེ་ལྕེ་དབུས་སུ་འཕྲོས་གྱུར་ན། །དབུས་ལྷ་སྔོན་པོ་ཚིག་དོགས་ཡོད། །དབུས་ལྷ་སྔོན་པོ་ཚིག་གྱུར་ན། །ཡོན་བདག་ཕུག་ལྷ་དག་ཀྱང་ཉམས། །མེ་དར་སྔོན་དམར་གཉིས་ཀྱིས་བཅོས། །དོ་ནུབ་


CMR016_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

མེ་བུད་གཞན་དུ་མ་འཕྲོ་ཞིག །ཆུར་བསྐོར་ཐབ་ཏུ་མ་འགྱུར་ཅིག །ཨོཾ་པཉྩ་ཝས་མེ་དབལ་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། དེ་ནས་སྒྱེད་པུ་གསུམ་གྱི་རྒྱབ་ནས་མདུང་ངམ་ཀ་ར་གསུམ་གྱིས་ཨོཾ་བཅལ། དེའི་ལོགས་གསུམ་ནས་ཤུག་ལོ་ཆག་པ་གསུམ་ཁྱུང་ཚང་གི་ཚུལ་དུ་བཅིང་། ནང་དུ་ཁྱུང་བཙུགས་པའི་གཏོར་མ་རང་ལ་ཞལ་བསྟན་ནས་བཞག་སྟེ་བྲན་བཅུག །དེ་ཚེ་སྔགས་པ་རང་གིས་མདའ་དར་བཟུང་ལ། ཧཱུྃ། ནི་མདའ་སྨྱུག་ཚིགས་བཟང་འདི། །སྐྱེས་པ་རྒྱ་བྲག་མཐིལ་ལ་སྐྱེས། །བརྔས་པ་རྒྱ་ཟོར་འགུག་མོས་བརྔས། །བཀལ་བ་ཁྱུང་དཀར་མཛོ་ལ་བཀལ། །བཀལ་ཐག་ཤ་འབྲེང་མཉེན་མོས་བྱས། །འོངས་བ་དེ་ཨ་བན་ཚོང་པས་འོང་། །མདའ་མཁན་ཐིག་ལེའི་ཕྱག་ཏུ་ཕུལ། །མདའ་མཁན་ཉིད་ཀྱིས་མདའ་བཟོས་ནས། །མདའ་ཡི་ལྟོང་ལས་ཡག་པ་མེད། །སྐུ་མཁར་བད་བཞི་ཡག་པའི་རྟགས། །ཐང་དཀར་རྒོད་སྒྲོ་སྒྲོན་པ་སྟེ། །སྒྲོ་མོ་ཡུག་ཅིག་སྒྲོན་པ་དེ། །རལ་གྲི་ཡ་ཚ་ཤུབས་ནས་བཏོན་པ་འདྲ། །སྒྲོ་མོ་ཡུག་གཉིས་སྒྲོན་པ་དེ། །སྐྱེས་ཕྲན་དམག་ལ་ཆས་པ་འདྲ། །སྒྲོ་མོ་ཡུག་གསུམ་སྒྲོན་པ་དེ། །རྒྱ་སྟག་གཟན་ལ་འགྲིམ་པ་འདྲ། །སྒྲོ་མོ་ཡུག་བཞི་སྒྲོན་པ་དེ། །སེང་གེ་གངས་ལ་འགྱིང་བ་


CMR016_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ། །གནམ་ལྕགས་ཐོག་མདེལ་སྦྱར་བ་འདི། །བར་སྣང་གློག་དམར་འཁྱུག་པ་འདྲ། །སྤྲིན་དང་མཚལ་གྱིས་བྱུག་པ་དེ། །གནམ་ནས་ཐོག་རྒོད་ལྷུང་བ་འདྲ། །དེ་འདྲའི་མདའ་མོ་བཞིན་ཡག་ལ། །པག་བུ་གྲོ་སེར་མགུལ་ཁྲིས་ཡག །དར་ཚོན་སྣ་ལྔ་བཏགས་པ་དེ། །མགོན་ཆེན་རྣམས་ཀྱི་རྟེན་དུ་བཙུགས། །གཡུ་དུང་མཆོང་གསུམ་བཏགས་པ་དེ། །རྟེན་ལ་བཞུགས་མཛོད་མཐུ་མ་ཆུང་། །འབྲུ་སྣ་ཤ་ཆང་མུ་ཏིག་དང་། །གཡག་རྒོད་དཀོན་པའི་རྗེ་ངར་དང་། །མགོན་པོ་མཉེས་པའི་རཀྟ་དང་། །རལ་གྲི་ཡ་ཚ་སྐར་ཚེ་ཕྲན་ལ། །ལེ་བརྒན་དར་གྱིས་བརྒྱན་པ་དང་། །གཞུ་མོ་མཆོག་དཀར་རྒྱུད་བཟང་ལ། །དར་དཀར་ཡུག་གཅིག་བཏགས་པ་དང་། །ཁྲབ་རྨོག་དར་ཐག་བརྒྱན་པ་དང་། །སྐུ་རྟེན་ཕུབ་དང་དཔའ་རྟེན་མདུང་། །དཔའ་རྟེན་སྲོག་གི་རྫོང་དམར་དང་། །བ་དན་རུ་མཚོན་སྤྲིན་ལྟར་གཏིབས། །གཡག་ནག་ལུག་ནག་རྟ་ནག་དང་། །མདའ་དར་རིན་ཆེན་སྣ་ལྔས་བརྒྱན། །།སྤྱན་གཟིག་ལོངས་སྤྱོད་སྣ་ཚོགས་དང་། །ཤ་ཁྲག་དམར་གྱི་གཏོར་ཆེན་ལ། །སྨན་དང་རཀྟས་བྲན་པ་འདི། །བཙོ་བརྔོ་སྲེག་གསུམ་ལས་བསྒྲུབ་ཕྱིར། །


CMR016_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་ནག་པོའི་རྟེན་དུ་བཙུགས། །ཡཀཱ་མེ་དབལ་རྟེན་དུ་བཙུགས། །ཡེ་ཤེས་ཁྱུང་ཆེན་རྟེན་དུ་བཙུགས། །ཚོགས་བདག་མགོན་པོའི་རྟེན་དུ་བཙུགས། །ལས་སྦྱོར་མཐའ་རུ་མ་ཕྱིན་བར། །རྟེན་ལ་བཞུགས་ནས་མཐུ་མ་ཆུང་། །དུས་ལ་བབ་བོ་ས་མཱ་ཡ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་རྒྱ་གྷི་ཝ་བཛྲ་ཡཀཱ་ག་རུ་ཊ་མ་ཧཱ་ཀཱ་ལ་ས་མ་ཡ་ཏིཥྛ་ལྷན། ཞེས་མདའ་དར་དེ་མཆོད་གཞི་ཡི་གཡས་ཕྱོགས་སུ། ལྷ་རྟེན་གང་བཞུག་དེའི་དྲུང་ངམ་སྟེང་དུ་དམ་པར་བཙུགས། མདར་དར་ལྷ་རྟེན་དང་བཅས་པ་བདུད་རྩིས་བྲན་ལ་བཞག །དེ་ནས་སྔགས་པ་རང་ཉིད་གདན་ལ་འདུག་སྟེ། ཡོན་བདག་གཅིག་མེ་འབུད་བཅུག་ལ་ཆུ་བསྐོལ། རྔ་བརྡུང་ཞིང་གྱེར། ཨེ། ཆོས་རྣམས་སྐྱེ་མེད་སྟོང་པའི་ངང་། ཡཾ་ལས་རླུང་གི་དཀྱིལ་འཁོར་སྟེང་། །རཾ་ལས་མེ་ཡི་དཀྱིལ་འཁོར་ནི། །གྲུ་གསུམ་མེ་དཔུང་རབ་ཏུ་འབར། །ལོག་གསུམ་ཡི་གེ་ཐ་གསུམ་ལས། །ལས་མགོན་མ་ཧཱ་ཀཱ་ལ་དང་། །ལས་མགོན་རྡོ་རྗེ་རོ་ལངས་དང་། ལས་མགོན་རྡོ་རྗེ་ཁྲག་འཐུང་གསུམ། །མཐིང་ནག་དུར་ཁྲོད་ཆས་ཀྱིས་བརྒྱན། །ཕྱག་ན་གྲི་ཐོད་འཛིན་བཞིན་དུ། །མགོན་ཟངས་བཏེག་པའི་ཚུལ་གྱིས་བཞུགས། །ཨ་ཡིག་


CMR016_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་མགོན་ཟངས་ནི། །ལུང་དགུ་རྒྱབ་ནི་ནག་ལ་རྩུབ། །དུར་ཁྲོད་བསིལ་བའི་ཚལ་དགུ་སྟེ། །ནང་ནི་དཀར་འཇམ་གཞལ་ཡས་ཁང་། །ཁཾ་ལས་མགོན་ཆུ་བདུད་རྩིའི་མཚོ། །དེ་དབུས་རི་རབ་གྲུ་བཞིའི་རྩེར། །དཔག་བསམ་ཤིང་རྩེར་ཁྱུང་ཚང་བཅས། །རི་རབ་སྟེང་གི་ལྗོན་ཤིང་རྩར། །པདྨ་འདབ་བཞི་རྒྱ་ཆེན་དབུས། །པད་ཉི་བོ་གྱི་གདན་སྟེང་དུ། །མགོན་སྙིང་ཁྲོ་བོ་རྟ་མགྲིན་སྐུ། །མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །སྤྱན་གསུམ་མཆེ་བ་རབ་ཏུ་གཙིགས། །ཕྱག་གཡས་སྒྲོལ་བྱེད་རལ་གྲི་ཡིས། །དགྲ་བགེགས་མགོ་ལུས་དུམ་བུར་ཕྲལ། །གཡོན་པས་འཛིན་བྱེད་ལྕགས་ཀྱུ་ཡིས། །དགྲ་བགེགས་མ་ལུས་སྙིང་ནས་འདྲེན། །ཞབས་གཉིས་དགྲ་བགེགས་ནོན་པར་མནན། །སྐུ་ལ་དར་ནག་ བེར next hit་ཆེན་གསོལ། །དབུ་གཙུག་རྟ་མགོ་ལྗང་ཞུར་གདེངས། །རྟ་སྐད་དྲག་པོ་ནམ་མཁར་འཚེར། །ཁམས་གསུམ་མ་ལུས་དབང་དུ་སྡུད། །སྲིད་གསུམ་མ་ལུས་ཟིལ་གྱིས་གནོན། །སྐུ་སྟོད་ཞིང་ཆེན་གཡང་གཞི་དང་། །སྐུ་སྨད་སྟག་གི་ཤམ་ཐབས་གསོལ། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །ཐོད་རློན་ལྔ་བཅུས་དོ་ཤལ་བྱས། །བ་


CMR016_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

སྤུ་མེ་ཡི་ཚྭ་ཚྭ་འཕྲོ། །བསྐལ་པའི་མེ་དཔུང་ཀློང་ན་བཞུགས། །དབུ་སྐྲ་གནམ་ལྕགས་རལ་པ་ཅན། །རལ་པ་བསིགས་པའི་སྐྲ་གསེབ་ནས། །ཁྲོ་ཆུང་དཔག་མེད་ཕྱིར་འཕྲོས་པས། །དགྲ་བགེགས་ཐམས་ཅད་ཚར་བཅད་དེ། །ཚུར་འདུས་ཁྲོ་བོའི་གུར་དུ་གྱུར། །དེ་ཡི་དབུས་སུ་ཧཱུྃ་ཡིག་ལས། །ཁྲོ་རྒྱལ་ཡཀཱ་མེ་དབལ་ནི། །སྨུག་ནག་ཞལ་གསུམ་ཕྱག་དྲུག་པ། །དུར་ཁྲོད་དཔལ་ཆས་ཡོངས་སུ་རྫོགས། །གཡས་གསུམ་ཐོ་བ་རྗེ་ཆུང་ཟོར། །གཡོན་གསུམ་ཞགས་པ་རྐང་གླིང་ཁྲག །འདོར་ཐབས་མེ་འབར་པད་ཉིའི་གདན། །གཡོན་དུ་བེང་ལ་ཧཱུྃ་གིས་མཚན། །དེ་ལས་མགོན་པོ་ཚོགས་བདག་མཐིང་། །ཆོས་གོས་ཤམ་ཐབས་previous hit བེར next hit་ནག་གསོལ། །བེང་དང་ཐོད་ཁྲག་ཁཊ་་བསྣམས། །སག་ཐིའི་ལྷམ་གསོལ་པད་ཉིའི་གདན། །སྟེང་ཕྱོགས་ཁྲོ་ལས་བྱ་ཁྱུང་དཀར། །འདབ་གཤོག་གཡུ་ལ་སྤྱན་མིག་སེར། །ཀུན་ཀྱང་སྤྲུལ་པའི་འཁོར་གྱི་ཚོགས། །ལྷ་དམག་བྱེ་བ་འབུམ་གྱིས་བསྐོར། །ཐབ་ཁུང་ནང་གི་མཁར་སྒོང་གསུམ། །ཁྱུང་སྒོང་གྲངས་དང་ལྷག་གེ་བ། །སྐག་ལེ་གནམ་ལྕགས་རྡོ་རྗེར་གསལ།་ལྷ་གསུམ་ཐུགས་ཀའི་


CMR016_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་གསུམ་ལས། །བྱུང་གི་ཐུགས་ཀའི་ཁྲོ་ཡིག་ལས། །འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས། །འདིའི་སྐབས་སུ་ལས་རིམ་བདུན་པའི་སྤྱན་འདྲེན་སོགས་སབ་དགོས་པར་སྔོན་ཀཿཐོག་གི་བླ་མ་ཉི་མ་རྡོ་རྗེ་དང་ནམ་མཁའ་རྡོ་རྗེ་དཔོན་སློབ་ཀྱིས་གསུངས་འདུག་པས། ཧཱུྃ། སྔོན་ཚེ་སངས་རྒྱས་བཅོམ་ལྡན་འདས། །སྣང་བ་མཐའ་ཡས་སྤྱན་སྔ་རུ། །ཐུགས་བསྐྱེད་རྣམ་དག་རྒྱ་ཆེན་གྱིས། །ཐུགས་དམ་གཉེན་པོ་ཞལ་བཞེས་པའི། །ཐུགས་རྗེ་ཆེན་པོ་གཤེགས་སུ་གསོལ། །སྤྱན་རས་གཟིགས་དབང་གཤེགས་སུ་གསོལ། །འཇིག་རྟེན་དབང་ཕྱུག་གཤེགས་སུ་གསོལ། །གསུང་གི་དབང་ཕྱུག་གཤེགས་སུ་གསོལ། །གར་གྱི་དབང་ཕྱུག་གཤེགས་སུ་གསོལ། །དབང་གི་རྒྱལ་པོ་གཤེགས་སུ་གསོལ། །རྒྱ་གྷི་ཝ་གཤེགས་སུ་གསོལ། །རྟ་མགྲིན་ནག་པོ་གཤེགས་སུ་གསོལ། །གནོད་སྦྱིན་ནག་པོ་གཤེགས་སུ་གསོལ། །ཡཀཱ་ནག་པོ་གཤེགས་སུ་གསོལ། །བདུད་འདུལ་ནག་པོ་གཤེགས་སུ་གསོལ། །ཀླུ་འདུལ་ནག་པོ་གཤེགས་སུ་གསོལ། །གཟའ་འདུལ་ནག་པོ་གཤེགས་སུ་གསོལ། །གདོན་འདུལ་ནག་པོ་གཤེགས་སུ་གསོལ། །བགེགས་འདུལ་ནག་པོ་གཤེགས་སུ་གསོལ། །སྲི་འདུལ་


CMR016_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་གཤེགས་སུ་གསོལ། །དགྲ་འདུལ་ནག་པོ་གཤེགས་སུ་གསོལ།་།དཔལ་མགོན་ནག་པོ་གཤེགས་སུ་གསོལ། །ལེགས་ལྡན་ནག་པོ་གཤེགས་སུ་གསོལ། །བསྟན་སྲུང་ནག་པོ་གཤེགས་སུ་གསོལ། །ལས་མཁན་ནག་པོ་གཤེགས་སུ་གསོལ། །སྲོག་བདུད་ནག་པོ་གཤེགས་སུ་གསོལ། །ཤན་པ་ནག་པོ་གཤེགས་སུ་གསོལ། །མོན་པ་ནག་པོ་གཤེགས་སུ་གསོལ། །སྤྲུལ་པ་ནག་པོ་གཤེགས་སུ་གསོལ། །ཡང་སྤྲུལ་ནག་པོ་གཤེགས་སུ་གསོལ། །བཀའ་ཉན་ཕོ་ཉ་གཤེགས་སུ་གསོལ། དྲེགས་པ་ཕོ་མོ་གཤེགས་སུ་གསོལ། །ལྷ་སྲིན་སྡེ་བརྒྱད་གཤེགས་སུ་གསོལ། །བསྟན་པ་སྲུང་ཕྱིར་གཤེགས་སུ་གསོལ། །དགྲ་བགེགས་འདུལ་ཕྱིར་གཤེགས་སུ་གསོལ། །ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །ཐུགས་དམ་བསྐང་ཕྱིར་གཤེགས་སུ་གསོལ། །ཧཱུྃ། སྐུ་གསུམ་ལྷུན་གྲུབ་གཞལ་ཡས་ནས།་རིགས་གསུམ་མགོན་པོ་གཤེགས་སུ་གསོལ། །གྲུ་གསུམ་མཐིང་ནག་དཀྱིལ་འཁོར་ནས། །དབང་ཆེན་རྟ་མགྲིན་གཤེགས་སུ་གསོལ། །མེ་རླུང་འཁྱིལ་བའི་ཀློང་དཀྱིལ་ནས། །ཡཀྵ་མེ་དབལ་གཤེགས་སུ་


CMR016_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ཀླུ་བདུད་ཕོ་མོའི་ཁྲི་སྟེང་ནས། །ཁྱུང་གི་ལྷ་ཚོགས་གཤེགས་སུ་གསོལ། །བྲག་རི་བསྣོལ་བའི་གདན་སྟེང་ནས། །བྲག་ལྷ་མགོན་པོ་གཤེགས་སུ་གསོལ། །ཏི་ར་སྤང་པའི་གྲོང་ཁྱེར་ནས། །ཚོགས་བདག་བདུད་འདུལ་གཤེགས་སུ་གསོལ། །མི་མངོན་བྲག་གི་ཁྲི་སྟེང་ནས། །ལེགས་ལྡན་མགོན་པོ་གཤེགས་སུ་གསོལ། །མེ་ཆུ་རླུང་ཐབས་རོལ་མཚོ་ནས། །ལྷ་དམག་ཚོགས་བཅས་གཤེགས་སུ་གསོལ། །སྲིའུ་གསོ་བའི་སེམས་དང་གཤེགས་སུ་གསོལ། །སྨྱོ་འདྲེ་འདུལ་བའི་སེམས་དང་གཤེགས་སུ་གསོལ། །འབྱུང་པོ་འདུལ་བའི་སེམས་དང་གཤེགས་སུ་གསོལ། །སྡེ་བརྒྱད་འདུལ་བའི་སེམས་དང་གཤེགས་སུ་གསོལ། །རོ་བག་གཤེད་འཁྱམས་འདུལ་ཕྱིར་གཤེགས་སུ་གསོལ། །མི་གཙང་དྲི་མའི་ལས་རྣམས་བསལ་ཕྱིར་གཤེགས་སུ་གསོལ། །ནད་འདྲེ་ཆུང་སྲི་འདུལ་ཕྱིར་གཤེགས་སུ་གསོལ། །ཨོཾ་རྒྱ་གྷི་ཝ་བཛྲ་ཡཀྵ་ག་རུ་ཊ་མ་ཧཱ་ཀཱ་ལ་བཛྲ་ས་མཱ་ཛཿ ཨེ་རྒྱ་ཧི་ཛཿཧཱུྃ་བཾ་ཧོ༔ ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །དྲེགས་པ་དགྲ་བགེགས་བསྣོལ་བའི་གདན་སྟེང་དུ། །དབང་གི་རྒྱལ་པོ་བཅོམ་ལྡན་ལྷ་ཡི་ལྷ། །སྤྲུལ་


CMR016_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལས་མཁན་བྱ་ཁྱུང་རྒྱལ་པོ་དང་། །ཡཀཱ་མེ་དབལ་མགོན་པོ་ཚོགས་ཀྱི་བདག །མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །དབང་ལྷ་རིགས་ལྔ་སྤྱན་དྲངས་དབང་བསྐུར་ནས། །དབང་རྟགས་དབུ་ཡི་རྩེ་རུ་འོད་དཔག་མེད། །འཁོར་རྣམས་ཀུན་ལ་གཅོ་བོས་དབུ་བརྒྱན་གྱུར། །ས་མ་ཡ་ཏིཥྛ་ལྷན། ཛྙཱ་ན་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་གྱིས་མཆོད་པའི་ཚོགས་རྣམས་སྟོང་པ་ཉིད། །ཨཱཝཡིས་ཐོད་སྣོད་ཡངས་ཤིང་རྒྱ་ཆེ་བ། །ཧཱུྃ་གིས་གཏོར་མ་དགྲ་བགེགས་ཤ་ཁྲག་དངོས། །ཧོཡིས་ཟག་མེད་ཡེ་ཤེས་བདུད་རྩིར་བསྒྱུར། །ཧ་ཧོ་ཧྲཱིཿཡིས་ཁ་དོག་དྲི་རོ་དང་། །ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་མཚོ། །ལྗགས་རྣམས་རྡོ་རྗེའི་སྦུ་གུས་བདུད་རྩི་གསོལ། །ཕུད་རླངས་མཆོད་པའི་སྤྲིན་དཔུང་མཐའ་ཡས་པ། །ལྷ་རྣམས་དབང་པོ་ལྔ་ལ་ཐིམ་པས་མཉེས། །ཧཱུྃ། དུག་གསུམ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་དང་། །དུག་ལ་སྨན་སྦྱོར་བདུད་རྩི་ཆེན་པོ་འདི། །ཁྲོ་རྒྱལ་དབང་གི་སྐུ་ལ་མཆོད་པ་འབུལ། །ཡཀཱ་མེ་དབལ་སྐུ་ལ་མཆོད་པ་འབུལ། །ཁྱུང་ཆེན་འབར་བའི་སྐུ་ལ་མཆོད་པ་འབུལ། །ཚོགས་བདག་མགོན་པོའི་སྐུ་ལ་


CMR016_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་འབུལ། །གནོད་བྱེད་གདུག་པ་འདུལ་ཕྱིར་བཞེས་སུ་གསོལ། །ཨོཾ་རྒྱ་གྷི་ཝ་བཛྲ་ཡཀྵ་ག་རུ་ཊ་མ་ཧཱ་ཀཱ་ལ་དགྲ་བགེགས་མཱ་ར་ཡ་མཱི་ས་ལ་ཁཱ་ཧི།་རཀྟ་ལ་ཁཱ་ཧི། ཙིཏྟ་ལ་ཁཱ་ཧི། བ་སུ་ཏ་ལ་ཁཱ་ཧི། ཀེ་ནི་རི་ཏི་ལ་ཁཱ་ཧི། བྷ་ལིང་ཏ་ལ་ཁཱ་ཧི། ལན་གསུམ། ཨངྒྷཾ་སོགས། རུ་པ་སོགས། པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ། ཧཱུྃ། ཆགས་མེད་སྐྱོན་བྲལ་པདྨ་རིགས་ཀྱི་ལྷ། །ཀླུ་དབང་ཚུལ་གྱིས་གདུག་པ་འདུལ་མཛད་པ། །རབ་འཇིགས་བསྐལ་པའི་གཟི་བརྗིད་མེ་ལྟར་འབར། །ཁྲོ་རྒྱལ་རྟ་མགྲིན་སྐུ་ལ་ཕྱག་འཚལ་བསྟོད། །ཡཀཱ་མེ་དབལ་སྐུ་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཁྱུང་ཆེན་སྐུ་ལ་ཕྱག་འཚལ་བསྟོད། །ཚོགས་བདག་མགོན་པོའི་སྐུ་ལ་ཕྱག་འཚལ་བསྟོད། །འཁོར་གྱི་ལྷ་དམག་རྣམས་ལ་ཕྱག་འཚལ་བསྟོད། །ན་མོ་པུ་རུ་ཤ་ཡ་ཧོ། ཧཱུྃ། སྤྱན་གྱི་དབང་པོ་ཚིམ་པའི་ཕྱིར། །སྣ་ཚོགས་གཟུགས་ཀྱི་ཐུགས་དམ་བསྐང་། །སྙན་གྱི་དབང་པོ་ཚིམ་པའི་ཕྱིར། །སྣ་སྒྲ་ཡི་ཐུགས་དམ་བསྐང་། །ཤངས་ཀྱི་དབང་པོ་ཚིམ་པའི་ཕྱིར། །སྣ་ཚོགས་དྲི་ཡི་ཐུགས་དམ་བསྐང་། །ལྗགས་ཀྱི་དབང་པོ་ཚིམ་པའི་ཕྱིར། །སྣ་ཚོགས་རོ་ཡི་ཐུགས་


CMR016_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བསྐང་། །སྐུ་ཡི་དབང་པོ་ཚིམ་པའི་ཕྱིར། །སྣ་ཚོགས་རེག་བྱས་ཐུགས་དམ་བསྐང་། །ཐུགས་ཀྱི་དབང་པོ་ཚིམ་པའི་ཕྱིར། །སྣ་ཚོགས་ཆོས་ཀྱི་ཐུགས་དམ་བསྐང་། །ཕྱི་ནང་བར་ཆད་ཞི་བའི་ཕྱིར། །ཕྱི་ཡི་མཆོད་པས་ཐུགས་དམ་བསྐང་། །ཚེ་དབང་ལོངས་སྤྱོད་རྒྱས་པའི་ཕྱིར། །ནང་གི་མཆོད་པས་ཐུགས་དམ་བསྐང་། །སྣང་བ་དབང་དུ་སྡུད་པའི་ཕྱིར། །གསང་བའི་མཆོད་པས་ཐུགས་དམ་བསྐང་། །།དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར། །ཤ་ཁྲག་དམར་གྱི་ཐུགས་དམ་བསྐང་། །སྒྲུབ་ལ་དངོས་གྲུབ་སྟེར་བའི་ཕྱིར། །བདུད་རྩི་སྨན་གྱི་ཐུགས་དམ་བསྐང་། །དབང་དང་བྱིན་རླབས་འབེབས་པའི་ཕྱིར། །དམར་ཆེན་རཀྟས་ཐུགས་དམ་བསྐང་། །སྣ་ཚོགས་ཕྲིན་ལས་མཛད་པའི་ཕྱིར། །དམ་རྫ་ས་གཏོར་མས་ཐུགས་དམ་བསྐང་། །བསོད་ནམས་ཕུན་སུམ་ཚོགས་པའི་ཕྱིར། །ལོངས་སྤྱོད་ཚོགས་ཀྱི་ཐུགས་དམ་བསྐང་། །ཧོ་དགོངས་སུ་གསོལ་ལོ། །ཧོ་དགོངས་སུ་གསོལ་ལོ། །ཨོ་རྒྱན་པདྨ་འབྱུང་གནས་རིག་འཛིན་བརྒྱུད་པའི་བླ་མ་ཡི་དམ་རྟ་མགྲིན་ནག་པོ་ཁྲོ་རྒྱལ་ཡཀཱ་མེ་དབལ་ཡེ་ཤེས་ཁྱུང་ཆེན་འབར་བ། མགོན་པོ་


CMR016_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་བདག་པོ། སྤྲུལ་པའི་ལྷ་དམག་འབུམ་སྡེ། འཁོར་དང་བཅས་པ་ལ་གསོལ་ལོ་མཆོད་དོ། །གསོལ་ཞིང་མཆོད་པ་ལ་བརྟེན་ནས། །རྣལ་འབྱོར་པ་བདག་གི་རྒྱབ་རྟེན་སྡོང་གྲོགས་མཛོད། །ཚ་བ་མེ་ཡི་དབལ་སོད། གྲང་བ་ཆུའི་བསིལ་ཕོབ། མེ་ཆུ་འབྱུང་བའི་ནུས་པ་ཆོམ། མཐུ་དང་ནུས་པ་མ་ཆུང་། རྟགས་དང་མཚན་མ་དངོས་སུ་སྟོན་ཅིག །སྐུ་གསུང་ཐུགས་མི་གཡེལ་ཅིག །རྟགས་དང་མཚན་མ་མངོན་སུམ་ད་ལྟ་ཉིད་དུ་སྟོན་ཅིག །ས་མཱ་ཡ། ས་མཱ་ཡ། རྡོ་ལྕགས་རྣམས་འདི་ལས་སྔ་ནས་བསྲེགས་ཀྱང་རུང་སྟེ། །སྔ་དྲག་ན་འོག་ཏུ་འགྲོ་ནས་མི་ཚིག །མཁར་སྒོང་གསུམ་གྱིས་ཆོག་ཀྱང་། །འགའ་རེ་ཞིག་འགྲོ་བས་དྲུག་བསྲེག །གཞི་ཐོག་གིས་རྡེལ་དཀར་བཅུ་གསུམ་དེ་མཆོད་གཡོག་པས་བཟུང་བཅུག་ལ། དཀར་དང་ཏ་ལ་ལ་ཟེར་དུས་མཆོད་གཞི་ངོས་དང་ཡར་ཁྱིམ་ཕུག་ན་འཕེན་བཅུག་ལ། ཧཱུྃ། དོ་ནུབ་ཕོ་བྲང་དམ་པ་འདིར། །དབལ་མེ་རང་འབར་ལྷབས་སེ་ལྷབ། །དབལ་ཆུ་རང་ཁོལ་སི་ལི་ལི། །དབལ་གྱི་ཚྭ་ཚྭ་ཐུ་ལུ་ལུ། །་བདག་དང་ཡོན་བདག་འཁོར་བཅས་ཀྱི། །ཕ་མཚུན་དགྲ་བླ་ཡུལ་ལྷ་རྣམས། །ཚ་བའི་དབལ་ལ་མི་བཙོའོ། གཏོར་མའི་རྩེ་ལ་མི་བསྐྱོན་ཏེ། །དཀར་དང་ཏ་ལ་ལ། མགྱོགས་


CMR016_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཀྱི་ལི་ལི། །ཡར་ལ་དབལ་བསྐྱེད་དབུ་འཕང་བསྟོད། །མཁར་ལྷ་ཕོ་ལྷ་མ་ལྷ་སྨན། །ཚེ་ལྷ་སྲོག་ལྷ་འཕྲག་ལྷ་རྣམས། །ཚ་བའི་དབལ་ལ་མི་བཙོའོ། །གཏོར་མའི་རྩེ་ལ་མི་བསྐྱོན་ཏེ། །དཀར་དང་ཏ་ལ་ལ། །མགྱོགས་དང་ཀྱི་ལི་ལི། །།ཡར་ལ་དབལ་བསྐྱེད་དབུ་འཕང་བསྟོད། །ཕ་མྱེས་རྒྱུད་ཀྱི་སྲུང་མ་དང་། །རྟ་ལྷ་ནོར་ལྷ་རྨ་གཡང་དང་། །ཕུག་ལྷ་ཁྱིམ་ལྷ་ཐབ་ལྷ་རྣམས། །ཚ་བའི་དབལ་ལ་མི་བཅོའོ། །གཏོར་མའི་རྩེ་ལ་མི་བསྐྱོན་ཏེ། །དཀར་དང་ཏ་ལ་ལ། །མགྱོགས་དང་ཀྱི་ལི་ལི། །ཡར་ལ་དབལ་བསྐྱེད་དབུ་འཕང་བསྟོད། །ཨོཾ་ལོཀྐ་དེ་ཝ་པུ་ཙ་ཧོ། རྡེལ་ནག་རྣམས་མགོན་ཆུ་ནང་དུ་འཕེན་བཅུག་ཅིང་། ཧཱུྃ། མ་ཉེས་མ་ལེན་གཟུ་དང་དཔང་། །གཟུ་དཔང་དཀོན་མཆོག་གསུམ་པོ་བཞུགས། །སྡང་བའི་དགྲ་དང་གནོད་པའི་བགེགས། །དབལ་ཆུ་ཁོལ་མའི་ནང་དུ་བཙོ། །དྲག་པོ་གཏོར་མའི་ཟུར་ལ་བསྐྱོན། །གྲལ་དང་མགོ་འཕང་མར་ལ་སྨད། །རྨི་འདྲེ་བཙོག་འདྲེ་བྱུར་འདྲེ་རྣམས། །དབལ་ཆུ་ཁོལ་མའི་ནང་དུ་བཙོ། །དྲག་པོའི་གཏོར་མའི་ཟུར་ལ་བསྐྱོན། །གྲལ་དང་མགོ་འཕང་མར་ལ་སྨད། །ཟ་འདྲེ་ཤི་


CMR016_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་ཆུང་སྲི་རྣམས། །དབལ་ཆུ་ཁོལ་མའི་ནང་དུ་བཙོ། །དྲག་པོ་གཏོར་མའི་ཟུར་ལ་བསྐྱོན། །གྲལ་དང་མགོ་འཕང་མར་ལ་སྨད། །གོད་འདྲེ་གོད་སྲི་བསེ་རིག་རྣམས། །དབལ་ཆུ་ཁོལ་མའི་ནང་དུ་བཙོ། །དྲག་པོ་གཏོར་མའི་ཟུར་ལ་བསྐྱོན། །གྲོལ་དང་མགོ་འཕང་མར་ལ་སྨད། །རྟ་འདྲེ་རྟིལ་སྲི་སྒབ་འདྲེ་རྣམས། །དབལ་ཆུ་ཁོལ་མའི་ནང་དུ་བཙོ། །དྲག་པོ་གཏོར་མའི་ཟུར་ལ་བསྐྱོན། །གྲལ་དང་མགོ་འཕང་མར་ལ་སྨད། །མོ་འདྲེ་མི་ཁ་བྲ་མཆུ་རྣམས། །དབལ་ཆུ་ཁོལ་མའི་ནང་དུ་བཙོ། །དྲག་པོ་གཏོར་མའི་ཟུར་ལ་བསྐྱོན། །གྲལ་དང་མགོ་འཕང་མར་ལ་སྨད། །དམ་སྲི་འགོང་པོ་ཕུང་འདྲེ་རྣམས། །དབལ་ཆུ་ཁོལ་མའི་ནང་དུ་བཙོ། །དྲག་པོ་གཏོར་མའི་ཟུར་ལ་བསྐྱོན། །གྲལ་དང་མགོ་འཕང་མར་ལ་སྨད། །རྒྱ་གྷི་ཝ་བཛྲ་ཡཀཱ་ག་རུ་ཊ་མ་ཧཱ་ཀཱ་ལ་གནོད་བྱེད་སརྦ་པ་ཙ་པ་ཙ་ཧཱུྃ་ཕཊ༔ དེ་ནས་འོ་མ་ཁམ་གང་ཙམ་ཞིག་མགོན་ཆུ་ནང་དུ་བླུག་བཅོལ། ཆུ་ཉུང་སོང་ཟིན་ན་ད་ནངས་བླང་བའི་ཆུ་ནས་བསྣོན། རང་མདུན་སྔགས་ཆུ་ནས་གཟར་བུ་ཆེ་བ་གང་ཙམ་བླུག་བཅོལ། ཧཱུྃ། རང་སྣང་ཡེ་ཤེས་གཞལ་ཡས་འདིར། །རྟ་མགྲིན་ཁྱུང་དང་མེ་དབལ་དང་། །མགོན་པོ་ཚོགས་


CMR016_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མཐུ་ཆེན་དེས། །བདུད་བགེགས་དམ་སྲི་འདུལ་བའི་ཕྱིར། །དུག་གསུམ་མ་སྤངས་སྒྱེད་པུ་བཙུགས། །དྲག་པོ་སྣང་བའི་མེ་ཡར་གཏམ། །དྲག་པོའི་མགོན་ཟངས་ལུང་དགུ་བཙུགས། །རིན་ཆེན་སྣ་ལྔའི་མགོན་སྙིང་བཅུག །གཡོ་བྱེད་རླུང་གིས་སྲེག་བྱེད་སྦྱར། །ཞེ་སྡང་བདུད་མཚོ་ནག་པོ་དེར། །དྲག་རྩལ་མགོན་ཆུ་ཁོལ་མར་བསྐོལ། །གནམ་ལྕགས་ཐོག་མདའ་ཛོ་དམར་བསྲེག །རྔམ་ཞིང་གདོན་དང་བགེགས་ལ་ཚ། །ཁོལ་བ་རི་རབ་རྩེ་ནས་ཁོལ། །སྤྲོ་བ་དཔག་བསམ་ཤིང་གིས་སྤྲོ། །ནད་གདོན་བར་ཆད་ཞི་བའི་ཕྱིར། །དཀར་པོ་ཤར་ནས་སིལ་སིལ་ཁོལ། །ཅི་བསམ་ཕུན་སུམ་ཚོགས་པའི་ཕྱིར། །དབུས་ནས་ལྷོག་ལྷོག་ཁོལ་མདུང་རྒྱོབ། །ནོར་ཕྱུགས་འཕེལ་ཕྱིར་ལྷོ་ནས་ཁོལ། །རྐང་ཕྲན་འཕེལ་ཕྱིར་ནུབ་ནས་ཁོལ། །དགྲ་གདོན་འདུལ་ཕྱིར་བྱང་ནས་ཁོལ། །ཁོལ་ལུགས་བཟང་པོ་བསྟན་དུ་གསོལ། །ཆུ་མདོག་དཀར་པོ་བསྟན་དུ་གསོལ། །ལྷོ་ཁོལ་ཁམ་ནག་ནད་ཀྱི་ངོ་། །བྱང་ཁོལ་དམར་ནག་གྲིབ་ཀྱི་ངོ་། །ནུབ་ཁོལ་ནག་ན་རྐྱེན་ཁའི་ངོ་། །ཤར་ཁོལ་ཆུ་མདོག་དཀར་པོ་སྟོན། །ཤར་ལྷོ་ནས་ཁོལ་


CMR016_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

གོད་ཀྱི་ངོ་། །ལྷོ་ནུབ་ནུབ་བྱང་ནས་ཁོལ་བ། །ཡམས་ནད་རིམས་ནད་འོང་བའི་ལྟས། །བྱང་ཤར་ནས་ཁོལ་དགྲ་ཡི་ངོ་། །ནག་ཅིང་ཁོལ་དང་དུད་ཁུ་འདྲ། །ཤ་ཁུ་འདྲ་བ་ལ་སོགས་པ། །གལ་ཏེ་ངན་པའི་རྟགས་ཤར་ན། །རྡོ་རྗེ་སེམས་དཔའི་སྤྲུལ་པ་སྟེ། །ཤར་གྱི་རྟ་མགྲིན་དཀར་པོ་བཞེངས། །ཁོལ་ལུགས་ཆུ་མདོག་ངན་པ་བསྒྱུར། །རིན་ཆེན་འབྱུང་ལྡན་སྤྲུལ་པ་སྟེ། །ལྷོ་ཡི་རྟ་མགྲིན་སེར་པོ་བཞེངས། །ཁོལ་ལུགས་ཆུ་མདོག་ངན་པ་བསྒྱུར། །སྣང་བ་མཐའ་ཡས་སྤྲུལ་པ་སྟེ། །ནུབ་ཀྱི་རྟ་མགྲིན་དམར་པོ་བཞེངས། །ཁོལ་ལུགས་ཆུ་མདོག་ངན་པ་བསྒྱུར། །དོན་ཡོད་གྲུབ་པའི་སྤྲུལ་པ་སྟེ། །བྱང་གི་རྟ་མགྲིན་ལྗང་གུ་བཞེངས།་།ཁོལ་ལུགས་ཆུ་མདོག་ངན་པ་བསྒྱུར། །ཨོཾ་བཛྲ་རཏྣ་པདྨ་ཀརྨ་བྱ་གྷི་ཝ་སརྦ་བྷིག་ནན་ཨུ་ཙ་ཏ་ཡ་ཕཊ༔ ཏྲི་ཤུ་ཡ་ཡལ་སྭཱ་ཧཱ། དེ་ནས་ཇོ་ལྕགས་ཆུ་གསུམ་ལས་དང་པོ་ཆུའི་གྱེར་གཞུང་ནི། ཧཱུྃ། སྔོན་གྱི་བསྐལ་པའི་དང་པོ་ལ། །སློབ་དཔོན་པདྨ་འབྱུང་གནས་དང་། །དཔལ་ཆེན་རིགས་གསུམ་མགོན་པོ་རྣམས། །བསྐལ་པའི་མེ་རླུང་ཆེན་པོ་ཡི། །འཁྲུགས་པའི་དབུས་ན་བཞུགས་ནས་ནི། །བླ་མ་ཡི་དམ་དེ་


CMR016_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས། །ཁྲོ་རྒྱལ་ཡཀཱ་མེ་དབལ་དང་། །ལྷ་ཆེན་མགོན་པོ་རྣམས་གསུམ་ནི། །མེ་རླུང་མཚོན་ཆ་འབར་བའི་སྟེང་། །མེ་སླག་དམར་པོ་རྒྱབ་ན་གྱོན། །ད་སྔོན་པོ་དབུ་ལ་བཅིངས། །མེ་དར་དམར་པོ་ལག་ན་བཞག །དྲག་པོ་མེ་ཆུའི་དབང་ཡང་བསྐུར། །དགྲ་བགེགས་འདུལ་བའི་དབང་ཡང་བསྐུར། །ཆུང་སྲི་ཐེའུ་རང་འདུལ་བའི་ལས་རྣམས་བཅོལ། །ལྷ་ཚོགས་དེ་རྣམས་ཐམས་ཅད་ཀྱིས། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ཁྲོ་ཆུ་ཁོལ་མའི་སླག་ལྤགས་བཀོན། །ཆུ་ཐོད་སྔོན་པོ་དབུ་ལ་བཅིངས། །ཁྲོ་ཆུ་ཁོལ་མའི་གདན་ལ་བཞུགས། །ཡེ་ཤེས་མེ་དཔུང་རབ་ཏུ་འབར། །ཁྲོ་ཆུ་ཁོལ་མའི་དབང་ཡང་བསྐུར། །ཧཱུྃ། བཅོམ་ལྡན་རིགས་གསུམ་མགོན་པོའི་སྐུ་སྤྲུལ་པ། །དབང་གི་རྒྱལ་པོ་ཁྲོ་བོ་རྟ་མགྲིན་སྐུ། །ཡང་སྤྲུལ་ཡཀཱ་མེ་དབལ་གསུང་། །ཐུགས་སྤྲུལ་མགོན་པོ་སྡེ་གསུམ་ལ། །སྲིད་པའི་དབང་ཕྱུག་ཉེར་བརྒྱད་བསྐོར། །ལྷ་དམག་མང་པོ་ཐུགས་ལས་སྤྲུལ། །འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཧཱུྃ། བཅོམ་ལྡན་མགོན་པོ་དབང་ཆེན་རྟ་མགྲིན་ནི། །ཞལ་གཅིག་ཕྱག་


CMR016_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྐུ་མདོག་མཐིང་ནག་འབར། །གཡས་པས་རལ་གྲི་གཡོན་པས་ལྕགས་ཀྱུ་འཛིན། །དར་ནག་previous hit བེར next hit་ཆེན་སྐུ་ལ་མཛེས་པར་བརྒྱན། །ཞིང་ཆེན་སྟོད་གཡོགས་སྟག་ལྤགས་ཤམ་ཐབས་ཅན། །ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་མཛེས། །ཁྲག་གི་ཐིག་ལེ་ཞག་གི་ཟོ་རིས་བརྒྱན། །དབུ་སྐྲ་གྱེན་བརྫེས་རྟ་སྐད་ནམ་མཁར་འཚེར། །ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན། །མགོན་སྙིང་འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། །མགོན་ཟངས་འདི་ལ་དབང་མཆོག་བསྐུར་དུ་གསོལ། །མགོན་ཟངས་འདི་ལ་ཕོ་བྲང་ཐོབ། །མགོན་ཟངས་ནང་དུ་ཆུ་སྣ་ལུགས། །ཕོ་བྲང་ཐོབ་ལ་འདྲེ་གདོན་ཐུལ། །ཆུང་སྲི་ཐེའུ་རང་གཞོབ་ཏུ་གསོལ། །བཙོག་ནལ་སྡིག་སྒྲིབ་བསལ་དུ་གསོལ། །མགོན་གཡང་སུམ་བརྒྱ་དྲུག་ཅུ་འདི། །ལྔ་ཚན་ལྔ་ལ་དབང་བ་ལ། །མགོན་ཟངས་ཁྱེད་ལ་རྫོངས་སུ་བརྫངས། །མགོན་སྙིང་ཟངས་ཀྱི་ནང་དུ་འཁོར། །ཆུང་སྲི་འདྲེ་གདོན་ཐམས་ཅད་ཐུལ། །ཀྱེ། སྔོན་གྱི་བསྐལ་པ་དང་པོ་ལ། །ཡོད་མེད་གཉིས་ཀྱི་སོ་མཚམས་ན། །ལྕགས་སྒོང་ནག་པོ་དགུ་རུ་སྲིད། །སྒོ་ང་དེ་དགུའི་ནང་ཤེད་ནས། །མེ་ཡི་མཚོན་ཆ་སྣ་


CMR016_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་སྲིད། །མདུང་མོ་རང་གིས་རང་འདེབས་དང་། །གཞུ་མོ་རང་གིས་རང་བཀུག་དང་། །མདའ་མོ་རང་གིས་རང་འཕེན་དང་། །རལ་གྲི་རང་གིས་རང་འདེབས་དང་། །སཱུ་རེ་རང་གིས་རང་གཤག་དང་། །སྤུ་གྲི་རང་གིས་རང་གཤག་དང་། །ཆུ་གྲི་རང་གིས་རང་འདེབས་དང་། །ཐོ་བ་རང་གིས་རང་བརྡུང་དང་། །ཐུ་ལུམ་རང་གིས་རང་བསྒྲལ་དང་། །དོ་ནུབ་མེ་ཡི་མཚོན་ཆ་སྣ་དགུ་འདི། །མགོན་ཟངས་ནང་དུ་ཕོ་བྲང་ཐོབ། །ཕོ་བྲང་ཐོབ་ལ་འདྲེ་གདོན་ཐུལ། །ཧཱུྃ། ཁྲོ་རྒྱལ་ཡཀྴ་མེ་དབལ་ནི། །ཞལ་གསུམ་ཕྱག་དྲུག་རྔམས་བརྗིད་སྟོབས་དང་ལྡན། །སྐུ་མདོག་དམར་ནག་སྲིན་པོ་ཁྲོས་པའི་གཟུགས། །གཡས་དཀར་གཡོན་དམར་དབུས་སྨུག་ནག །ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །ཕྱག་གཡས་གཡོན་གཉིས་ཀྱི་དང་པོ་ན། །རྡོ་རྗེ་ཐོ་བ་ཞགས་པ་འཛིན། །བར་པས་ཐོད་རྔ་མི་རྐང་གླིང་བུ་སྒྲོགས། །ཐ་མ་གཉིས་ན་ཐོད་ཟོར་ཁྲག་ཟོར་འཕེན། །སྐུ་ལ་མེ་ཡི་ཚྭ་ཚྭ་འཕྲོ། །མེ་དཔུང་འབར་བའི་དབུས་ན་འགྱིང་། །ཁྲོ་བོའི་ཆས་ཀྱིས་རབ་ཏུ་བརྒྱན། །འཁོར་དུ་དབང་ཕྱུག་ཉེར་བརྒྱད་ནི། །


CMR016_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

བུད་མེད་ལུས་ལ་མགོ་བརྙན་ཅན། །ཕྱག་ན་ཁྲག་ཟོར་ཇོ་ཟོར་འཕེན། །འཁོར་དུ་མ་མོ་འབུམ་གྱིས་བསྐོར། །མེ་དབལ་སྐུ་འཁོར་ཡོངས་རྫོགས་ལ། །སྐུ་ལ་མེ་སླག་དམར་པོ་གསོལ། །དབུ་ལ་མེ་ཐོད་དམར་པོ་བཅིངས། །ཕྱག་ན་མེ་དར་དམར་པོ་བསྣམས། །མེ་རླུང་འཚུབ་མའི་གདན་ལ་བཞུགས། །དེ་ལ་མིང་དང་མཚན་གསོལ་བ། །ཁྲོ་རྒྱལ་ཡཀཱ་མེ་དབལ་ནི། །དྲག་པོའི་ལས་ལ་ཐུགས་ཁྲོས་ནས། །དོ་ནུབ་ཤར་དེར་སེང་རྔམ་ཁྲ་ལ་ལ། །ལྷོ་དེར་འབྲུག་རྔམ་འུ་རུ་རུ། །ནུབ་དེར་ཁྱུང་རྔམས་ཆེམས་སེ་ཆེམ། །བྱང་དེར་སྟག་གཟིག་རྔམས་སྟབས་གློག་ལྟར་འཁྱུག །སྟེང་ནས་ཁྱུང་དམར་སེར་ཆེན་འབེབས། །འོག་ཏུ་གདོན་བགེགས་བརྒྱལ་ཞིང་བསྔངས། །དོ་ནུབ་ལྷ་ཚོགས་ཐུགས་དམ་དུས་ལ་བབ། །དུས་ལ་བབ་བོ་མེ་དབལ་ཚོགས། །གཞུང་ལས་བཞེངས་རབ་གྱེར་ཞེས་དང་། །རྟ་མགྲིན་ནག་པོའི་ཆུ་བསྐོལ་གཞུང་ལསཾ། །བསྟོད་བསྐུལ་ཡན་ལག་རྫོགས་པར་བྱ་གསུངས་པས། ཧཱུྃ། གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས། །དྲེགས་པ་དགྲ་བགེགས་བསྣོལ་བའི་ཁྲི་སྟེང་ནས། །རྟ་མགྲིན་ནག་པོ་སྐུ་བཞེངས་ཤིག །གནོད་སྦྱིན་ནག་པོ་སྐུ་བཞེངས་ཤིག །


CMR016_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཁན་ནག་པོ་སྐུ་བཞེངས་ཤིག །བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །གདུག་པ་འདུལ་ཕྱིར་དྲག་པོའི་སྐུ། །སྐུ་མདོག་ནག་པོ་འཇིགས་པ་ལ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་བསྒྲད། །དབུ་གཙུག་རྟ་དབུ་ལྗང་ཞུར་རྟ་སྐད་འཚེར་བ་ནི། །ཁམས་གསུམ་མ་ལུས་དབང་དུ་སྡུད་པའི་རྟགས། །སྐུ་ལ་དར་ནག་previous hit བེར next hit་ཆེན་གསོལ་བ་ནི། །ལྷ་སྲིན་སྡེ་བརྒྱད་ཟིལ་གྱིས་གནོན་པའི་རྟགས། །དབུ་ལ་ཐོད་སྐམ་ལྔ་ཡིས་རབ་ཏུ་བརྒྱན་པ་ནི། །རིག་པ་དོན་ལྡན་ལྷ་རྣམས་དགྱེས་པའི་རྟགས། །དབུ་ལ་རིན་ཆེན་ལྔ་ཡིས་མཛེས་པར་བརྒྱན་པ་ནི། །རིགས་མཆོག་ལྔ་ཡིས་འགྲོ་དོན་མཛད་པའི་རྟགས། །དབུ་སྐྲ་གནམ་ལྕགས་རལ་པ་བསིགས་པ་ནི། །ཁྲོ་ཆུང་མང་པོས་དགྲ་བགེགས་རྡུལ་དུ་བརླགས་པའི་རྟགས། །སྙན་ནས་དྲག་པོའི་འབྲུག་སྒྲ་སྒྲོགས་པ་ནི། །དགྲ་བགེགས་མ་ལུས་ཟིལ་གྱིས་གནོན་པའི་རྟགས་། །སྤྱན་ནས་མེ་ཡི་ཚྭ་ཚྭ་འཕྲོ་བ་ནི། །དགྲ་བགེགས་མ་ལུས་སྲེག་པར་བྱེད་པའི་རྟགས། །ཤངས་ནས་དྲག་པོའི་རླུང་དམར་འཚུབ་པ་ནི། །དགྲ་བགེགས་མ་ལུས་གཏོར་


CMR016_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

བར་བྱེད་པའི་རྟགས། །ཞལ་ནས་ཁྲོ་བོའི་གད་རྒྱངས་སྒྲོགས་པ་ནི། །དགྲ་བགེགས་མ་ལུས་བརྒྱལ་བར་བྱེད་པའི་རྟགས། །མཆེ་བ་དཀར་པོ་ཟུར་གསུམ་གཙིགས་པ་ནི། །དགྲ་བགེགས་མ་ལུས་ཞལ་དུ་གསོལ་བའི་རྟགས། །ཕྱག་གཡས་སྒྲོལ་བྱེད་རལ་གྲི་བསྣམས་པ་ནི། །དགྲ་བགེགས་མ་ལུས་དུམ་བུར་གཏུབ་པའི་རྟགས། །གཡོན་པས་འཛིན་བྱེད་ལྕགས་ཀྱུ་བསྣམས་པ་ནི། །དགྲ་བགེགས་མ་ལུས་སྙིང་ནས་འདྲེན་པའི་རྟགས། །ཞབས་གཉིས་རོལ་པའི་རྟ་བྲོ་བརྡུང་བ་ནི། །དགྲ་བགེགས་མ་ལུས་རྡུལ་དུ་བརླགས་པའི་རྟགས། །ཐོད་རློན་ལྔ་བཅུས་དོ་ཤལ་བྱས་པ་ནི། །དགྲ་བགེགས་བསྒྲལ་ནས་ཐུགས་དམ་གཉན་པོ་བསྐང་། །སྐུ་སྟོད་ཞིང་ལྤགས་གཡང་གཞི་གསོལ་བ་ནི་།་ཉོན་མོངས་ཕྲག་དོག་གནས་སུ་དག་པའི་རྟགས། །སྐུ་སྨད་སྟག་གི་ཤམ་ཐབ་གསོལ་བ་ནི། །ང་རྒྱལ་སྡུག་བསྔལ་རྩད་ནས་གཅོད་པའི་རྟགས། །བ་སྤུའི་གསེབ་ནས་མེ་དཔུང་འབར་བ་ཡིས། །ས་བདག་ཀླུ་གཉན་མ་ལུས་གཞོབ་ཏུ་བསྲེགས། །གནམ་ལྕགས་སྡིག་པའི་ཚྭ་ཚྭ་འཕྲོ་བ་ཡིས། །རྒྱལ་བསེན་འབྱུང་པོ་མ་ལུས་རྡུལ་དུ་བརླགས། །ཧཱུྃ་བྷྱོ༔ བསྐུལ་


CMR016_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ཡཀཱ་མཐུ་བོ་ཆེ། །རྦད་དོ་དྲེགས་པ་སྡེ་བརྒྱད་ཚོགས། །མ་གཡེལ་སྲུང་མ་ཐུགས་དམ་ཅན། །དམ་རྫས་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད། །རྣལ་འབྱོར་སྐུ་ཚེ་ཁྱོད་ཀྱིས་སྲིངས། །ཡོན་བདག་བར་ཆད་ཁྱོད་ཀྱིས་སོལ། །གནོད་པའི་བགེགས་ལ་ལས་མཛོད་ཅིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །ཡེ་ཤེས་ཁྱུང་ཆེན་འབར་བ་སྐུ་བཞེངས་ཤིག །ལྕགས་ཀྱི་བྱ་ཁྱུང་ནག་པོ་ལ། །ཁྱུང་རུ་གཡས་ཀྱི་རྩེ་མོ་ན། །ལྷ་ཆེན་བརྒྱད་ཀྱི་འདུན་ས་ལ། །ཁྱུང་རུ་གཡོན་གྱི་རྩེ་མོ་ན། །གཉན་ཆེན་བརྒྱད་ཀྱིས་རོལ་རྩེད་བྱེད། །ཁྱུང་རུས་སྲིད་རྩེ་མན་ཆད་བཅད། །ཡ་སོ་ཁྲོ་བོ་སྟོབས་བྱེད་པ། །མ་སོ་ཁྲོ་མོ་རྩེ་བྱེད་པ། །ལྗགས་ནི་བར་སྣང་གློག་ལྟར་འཁྱུགས། །གཤོག་པ་གཡས་ལ་མེ་ཆེན་འབར། །བརྡབས་པས་ནམ་མཁའི་དགྲ་བགེགས་བསྲེགས། །གཤོག་པ་གཡོན་པ་གློག་གིས་གཤོག །གློག་གི་གཤོག་པ་བརྡབ་པ་ཡིས། །ས་གཞིའི་དགྲ་བགེགས་གཞོབ་ཏུ་བཏང་། །མཇུག་མ་ཐོག་


CMR016_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

གི་རལ་གྲི་ཡིས། །མཐའ་ཡི་རྒྱ་མཚོ་གཏིང་ནས་དཀྲུགས། །བྱ་ཁྱུང་སྤུ་རྩེ་རེ་རེ་ལ། །བྱ་ཁྱུང་ཁྲི་སྟོང་འབུམ་འབུམ་འགྱེད། །ཀླུ་བདུད་ནག་པོའི་སྙིང་ནས་འདྲེན། །ཀླུ་ཐིལ་ཀུན་ཀྱང་ཆོལ་བུར་བཏང་། །ཁྱུང་རུའི་ཁ་ལ་དབལ་མེ་འབར། །ལྕེ་ཟེར་ཁ་ལ་ཐོག་སེར་འཕྲོ། །ཁྱོད་ཀྱིས་མི་འདུལ་གང་ཡང་མེད། །སྡང་བའི་དགྲ་དང་གནོད་པའི་བགེགས་། །དབང་དུ་སྡུས་ལ་རྡུལ་དུ་རློགས། །རིངས་པར་ཁུག་ལ་མྱུར་དུ་སྒྲོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། དཔལ་ཆེན་རྟ་མགྲིན་ཡང་ཆུང་ནག་པོའི་མགོན་ཆུའི་བསྐུལ་གྱི་གཏོར་མ་ཕུལ། ཤུག་པ་ལ་བསྲུང་བཙུགས་ཁྱུང་ལག་ཏུ་ཐོགས་ལ་སྨོན་ལམ་འདེབས་ལ། མགོན་ཆུ་ནང་དུ་སྐུ་ཁྲུས་གསོལ། ༈ བསོ༔ དབལ་ཁྱུག་སྐུ་ལ་སྨོན་ལམ་ཞུ། །ཁྱུང་གི་རྭ་ཅོ་གཡས་པ་ལ། །དགྲ་བླ་དཔལ་ཁྲོམ་དར་བའི་སྨོན་ལམ་ཞུ། །ཁྱུང་གི་རྭ་ཅོ་གཡོན་པ་ལ། །མ་ལྷ་སྨན་གསས་དར་བའི་སྨོན་ལམ་ཞུ། །ཁྱུང་གི་སྤྱི་གཙུག་ནོར་བུ་ལ། །དགོས་འདོད་འབྱུང་བའི་སྨོན་ལམ་ཞུ། །ཁྱུང་གི་སྤྱན་མིག་གཡས་གཡོན་ན། །ལྷ་མི་དར་བའི་སྨོན་ལམ་ཞུ། །ཁྱུང་གི་སྐུ་ལུས་བུམ་པ་ལ། །མི་ཚེ་རིང་བའི་སྨོན་ལམ་ཞུ། །ཁྱུང་གི་འགྱིང་པ་གཡས་པ་


CMR016_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །མོ་འདྲེ་འདུལ་བའི་སྨོན་ལམ་ཞུ། །ཁྱུང་གི་མཇུག་སྒྲོ་ལེབ་ཆེན་ལ། །དར་སྲི་འདུལ་བའི་སྨོན་ལམ་ཞུ། །ཁྱུང་གི་གཤོག་པ་གཡས་པ་ལ། །སྨྲེ་འདྲེ་འདུལ་བའི་སྨོན་ལམ་ཞུ། །ཁྱུང་གི་གཤོག་པ་གཡོན་པ་ན། །མུགས་འདྲེ་འདུལ་བའི་སྨོན་ལམ་ཞུ། །ཁྱུང་གི་སྡེར་མོ་གཡས་གཡོན་ན། །འདྲེ་དགུ་གདོན་བཅུ་འདུལ་བའི་སྨོན་ལམ་ཞུ། །ཁྱུང་ཚང་ནང་ན་ཁྱུང་བོབ་ལ། །དཔལ་གཏོར་སྟེང་དུ་ཁྱུང་བཞུགས་ལ། །བདག་དང་རྒྱུ་འབྱོར་ཡོན་བདག་གི །སྲིད་པའི་འདྲེ་དགུ་ཁྱུང་གིས་ཆུམ། །གཙུག་ལག་གདོན་བཅུ་ཁྱུང་གིས་ཆུམ། །རྨེ་མུགས་ནལ་གསུམ་ཁྱུང་གིས་ཆུམ། །རྔམ་འཚེ་ཐན་གསུམ་ཁྱུང་གིས་ཆུམ། །ཐབ་གཞོབ་འཁོན་གསུམ་ཁྱུང་གིས་ཆུམ། །གྲི་བོ་རབས་ཆད་བྱུང་གིས་ཆུམ། །ཐུལ་ཅིག་དྲག་པོ་དབལ་གྱིས་ཐུལ། །ཆུམ་ཞིག་སྤྱི་རྗེ་ཁྱུང་གིས་ཆུམ། །དབལ་ཆུའི་གདན་ལ་བཞུགས་སུ་གསོལ། །ཅེས་ཁྱུང་ཚང་བཅས་བསྟོད། ཁྱུང་གིས་བསྟོད་བསྐུལ་རྫོགས་སོ།། ༈ ཧཱུྃ་ཧཱུྃ། བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །གཉིས་མེད་མཁའ་ལྟར་དག་པའི་ཕོ་བྲང་ནས། །ཁྲོ་རྒྱལ་ཡཀཱ་མེ་དབལ་སྐུ་བཞེངས་ཤིག །དུར་ཁྲོད་།


CMR016_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་སུ་རུང་བའི་ཕོ་བྲང་ནས། །ཁྲོ་རྒྱལ་ཡཀ་མེ་དབལ་སྐུ་བཞེངས་ཤིག །བསྐལ་པ་མེ་རླུང་འཚུབ་མའི་ཀློང་དཀྱིལ་ནས། །ཁྲོ་རྒྱལ་ཡཀྵ་མེ་དབལ་སྐུ་བཞེངས་ཤིག །མ་ཏཱཾ་རུ་ཏྲ་བསྒྲལ་བའི་ཕོ་བྲང་ནས། །ཁྲོ་རྒྱལ་ཡཀཱ་མེ་དབལ་སྐུ་བཞེངས་ཤིག །ཆུང་སྲི་ཕོ་མོ་བསྒྲལ་བའི་དུས་ལ་བབ། །རྒྱལ་འགོང་དམ་སྲི་བསྒྲལ་བའི་དུས་ལ་བབ། །བཙོག་འདྲེ་དགུ་རྒྱུད་འདུལ་བའི་དུས་ལ་བབ། །རྨུག་འདྲེ་ངན་པ་འདུལ་བའི་དུས་ལ་བབ། །ཟ་འདྲེ་ཤི་གཤེད་འདུལ་བའི་དུས་ལ་བབ། །དུས་ལ་བབ་བོ་བཛྲ་ས་མ་ཡ། །ཁྱེད་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །དབང་བསྐུར་བྱིན་གྱིས་བརླབས་པའི་མཐུ་རྩལ་ཅན། །ཞལ་གསུམ་ཕྱག་དྲུག་རྔམ་ཞིང་བརྗིད་པའི་སྐུ། །གཡས་དཀར་གཡོན་དམར་དབུས་སྨུག་རྔམ་པའི་ཞལ། །དུས་གསུམ་སངས་རྒྱས་སྐུ་ལ་རྫོགས་པའི་རྟོགས། །སྤྱན་དགུ་དམར་ལ་ཟླུམ་པར་གཟིགས་པ་ནི། །མ་རུངས་བདུད་ཀྱི་ཚོགས་རྣམས་བསྐྲད་པར་མཛད་། །མཆེ་བ་གཙིགས་ཤིང་ལྗགས་ནི་གློག་ལྟར་འཁྱུག །སྐྱེ་ཤི་རྩད་གཅོད་འཁོར་བའི་སྙིང་ཁྲག་རོལ། །གཡས་གཡོན་མེ་ཡི་ཐོ་བ་ཞགས་པ་བསྣམས། །ལོག་པར་ལྟ་


CMR016_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དགྲ་བགེགས་རྡུལ་དུ་རློགས། །གཉིས་པས་བྷནྡྷ་འབར་བའི་རྔ་ཆུང་སྒྲོག །མ་མོ་མཁའ་འགྲོ་ཐམས་ཅད་དབང་དུ་སྡུད། །གསུམ་པས་ཐོད་ཟོར་སྐྱ་བོ་བསྣམས་པ་ཡིས། །སྲིད་གསུམ་ཕོ་རྒྱུད་ཟོད་གཏོང་ཟློག་པར་བྱེད། །གཡོན་གྱི་དང་པོས་མེ་དཔུང་འབར་བ་འཛིན། །དམིགས་བྱེད་རིག་སྔགས་ཐམས་ཅད་འཆིང་ཞིང་བསྲེགས། །གཉིས་པས་མི་རྐང་གླིང་བུ་ཀྱུ་རུ་རུ། །སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་དམག་ལ་འདྲེན། །གསུམ་པས་ཁྲག་ཟོར་དམར་པོ་བསྣམས་པ་ནི། །ཕས་ཀྱི་རྦོད་གཏོང་ལྟས་ངན་ཟློག་པར་བྱེད། །སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན་པ་ནི། །དཔའ་གཏུམ་ཁྲོ་རྒྱལ་གཞན་བས་ཁྱད་དུ་འཕགས། །ཞབས་གཉིས་བརྐྱང་བསྐུམ་འདོར་ཐབས་བཞུགས་པ་ནི། །ཕྲིན་ལས་རྣམ་བཞིས་འགྲོ་བ་འདུལ་བར་བྱེད། །མེ་དཔུང་ནང་ནས་ཧཱུྃ་དང་ཕཊ་སྒྲ་སྒྲོག །ཉོན་མོངས་བག་ཆགས་མ་ལུས་སྲེག་པར་བྱེད། །སྐུ་ལ་གདུག་པའི་མཚོན་ཆ་སྣ་ཚོགས་འཕྲོ། །བསྟན་པ་བཤིག་པའི་དམ་ཉམས་རྡུལ་དུ་བརླག །ཡཀྵ་མེ་དབལ་སྐུ་ལ་ཕྱག་འཚལ་བསྟོད། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །རིག་སྔགས་ལོག་


CMR016_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་བྱེད་པ་དང་། །ཆེ་སྐག་ཆུང་སྲི་ཐེའུ་རང་དམ་ཉམས་འདི། །བསྲུང་བའི་གུར་ཁང་རྡོ་རྗེའི་མཚོན་ཆས་ཤིགས། །མགོན་པའི་ལྷ་སྲུང་གནོད་པའི་བདུད་དུ་ཕོབ། །སྔགས་ཀྱི་ནུས་པ་རང་ལ་སྨིན་པར་གྱིས། །ལུས་ལ་མཚོན་ཆ་སྣ་ཚོགས་ཆར་དུ་ཕོབ། །རྣམ་ཤེས་ལུས་སྲོག་རྟེན་དང་ཕྲོལ་ལ་ཐོངས། །ཆེ་སྐག་ཆུང་སྲི་ཐེའུ་རང་ཕོ་མོ་རྣམས། །བསྒྲལ་བའི་དུས་ལ་བབ་བོ་ས་མ་ཡ། །རྦོད་གཏོང་རིག་སྔགས་བཟློག་པའི་ལས་མཛོད་ཅིག ༈ །བྷྱོ༔ ཡཀཱ་མེ་དབལ་བཀའ་ཡི་ཕོ་ཉ་མོ། །གཅིག་ནི་ཤ་ཟ་ཚེ་འཕྲོག་པྲ་མོ་ཧ། །གཅིག་ནི་ཁྲག་འཐུང་སྲོག་འཕྲོག་པྲ་མོ་ཧ། །གཅིག་ནི་རུས་འཆའ་དབུགས་འཕྲོག་པྲ་མོ་ཧ། །གསུམ་ཀ་དམར་པོ་གཅེར་བུ་རལ་པ་ཅན། །གཡས་པས་ཅང་ཏེའུ་ནམ་མཁའི་དབྱིངས་སུ་འཁྲོལ། །གཡོན་པས་ཁྲག་ཟོར་དམར་པོ་དགྲ་ལ་འཕེན། །མེ་དཔུང་ཀློང་ནས་རྫུ་འཕྲུལ་རླུང་ལ་ཆིབས། །རེ་རེའི་འཁོར་དུ་མ་མོ་བྱེ་བས་བསྐོར། །སྔོན་ཚེ་རིག་སྔགས་བཟློག་པའི་མཁའ་འགྲོ་མ། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །དོ་ནུབ་ཆུང་སྲི་བསྒྲལ་བའི་ལས་མཛོད་ཅིག །བྷྱོ། ཡཀཱ་མེ་དབལ་བཀའ་ཉན་ནི། །དབང་


CMR016_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱུག་ཉི་ཤུ་རྩ་བརྒྱད་རྣམས། །བུད་མེད་ལུས་ལ་མགོ་བརྙན་ཅན། །འཁོར་དུ་མ་མོ་འབུམ་གྱིས་བསྐོར། །དོ་ནུབ་ཆུང་སྲི་བསྒྲལ་བའི་ལས་མཛོད་ཅིག །ཧཱུྃ། བཞེངས་ཤིག་བཞེངས་ཤིག་གནས་འདིར་བཞེངས། །ལེགས་ལྡན་ནག་པོ་སྐུ་བཞེངས་ཤིག །སྐུ་མདོག་ནག་པོ་ཆར་སྤྲིན་མདོག །རལ་པ་ཁམ་ནག་ཆར་སྤྲིན་མདོག །མཆེ་བ་གངས་རི་བསྣོལ་བ་འདྲ། །སྐུ་ལ་བདུད་ཀྱི་previous hit བེར next hit་ཆེན་གསོལ། །ཕྱག་ན་ཙནྡན་བེང་ཆེན་བསྣམས། །སྟག་གཟིག་དོམ་དྲེད་རྗེས་སུ་འབྲང་། །བྱ་ཆེན་མང་པོ་ཀླད་ལ་ལྡིང་། །རྒྱལ་ཆེན་སྡེ་བཞི་ཕོ་ཉར་འགྱེད། །འཁོར་དུ་དམག་ཚོགས་ཉི་ཁྲིས་བསྐོར། །བཀའ་ཡི་གཏོར་མ་འདི་བཞེས་ལ། །དམ་ཉམས་འབྱུང་པོ་རྡུལ་དུ་རློགས། །ཆེ་སྐག་ཆུང་སྲི་བསྒྲལ་དུ་གསོལ། །ཧཱུྃ། བཞེངས་ཤིག་མ་ཧཱ་ཀཱ་ལ་བཞེངས། །སྤྲུལ་པ་མ་མོའི་ཚོགས་དང་བཅས། །ཙནྡན་བེང་དང་ད་བཞེངས་ཤིག །ཧཱུྃ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་བྱང་ཕྱོགས་ཕ་ཀི་ན། །མདུང་དང་རལ་གྲི་གཤིབས་པའི་གདན་སྟེང་ནས། །ཚོགས་བདག་མ་ཧཱ་ཀཱ་ལ་ད་བཞེངས་ཤིག །བཛྲ་ས་མ་ཡ་ཧཱུྃ། བིང་དུང་ཛཿ བིང་


CMR016_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

དུང་ཛཿ ཧཱུྃ། དོ་ནུབ་མགོན་པོ་ནག་པོ་སྦྱོ། །དོ་ནུབ་དམ་སྲི་དབང་དུ་སྡུས། །དོ་ནུབ་ཆུང་སྲི་དམ་ལ་ཐོགས། །ཙནྡན་བེང་ཆེན་བགེགས་ལ་གསོར། །ཡུངས་ཀར་རྦབ་ཀྱིས་བགེགས་ལ་རྒྱོབས། །མགོན་པོའི་དམག་གིས་དམ་སྲི་ཐུལ། །དོ་ནུབ་གདོན་བགེགས་དབང་དུ་སྡུས། །དོ་ནུབ་དམ་སྲི་དབང་དུ་སྡུས། །དོ་ནུབ་མི་ལ་ཆུང་སྲི་རྡུལ་དུ་རློགས། །ཧཱུྃ། བྱང་ཤར་སྒྲུང་གི་ཕར་མཐའ་ན། །དགྲ་བགེགས་བསྣོལ་བའི་གདན་སྟེང་ནས། །མ་ཧཱ་ཀཱ་ལ་ད་བཞེངས་ཤིག །ལེགས་ལྡན་ནག་པོ་ད་བཞེངས་ཤིག །འཁོར་གྱི་མགོན་པོ་ད་བཞེངས་ཤིག །འཁོར་གྱི་ཁྲོ་བོ་ད་བཞེངས་ཤིག །འཁོར་གྱི་ལས་མཁན་ད་བཞེངས་ཤིག །སྒྲོལ་བྱེད་ཤན་པ་ད་བཞེངས་ཤིག །ཤ་ཆེན་གསར་རྙིང་རི་ལྟར་དཔུང་། དགྲ་བགེགས་འབྱུང་པོ་རྡུལ་དུ་རློགས། །མི་ལ་ཆུང་སྲི་གཞོབ་ཏུ་བསྲེགས། །ཨོཾ་མ་ཧཱ་ཀཱ་ལ་ཏྲག་ཤད་ཡཾ་ཛ་ཛཿ གནོད་བྱེད་མི་ལ་དམ་སྲི་ཆུང་སྲི་རྨུག་འདྲེའི་སྲོག་ལ་རྦད་རྦད་མཱ་ར་ཡ་ཕཊ༔ ཧཱུྃ། དུར་ཁྲོད་ཆེན་པོའི་མཚོ་གླིང་དུ། །དམར་ནག་འབར་བའི་གཞལ་ཡས་ནས། །ཁྲག་གི་ཨགྷོ་རྒྱ་མཚོ་འདི། །ཞིང་ཆེན་གསར་རྙིང་བླ་བྲེ་


CMR016_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

བྲེས། །ཐོད་རུས་གསར་རྙིང་མཁར་ལྟར་བརྩིགས། །ཤ་ཆེན་གསར་རྙིང་རི་ལྟར་དཔུང་། །གཡས་ན་ཙིཏྟ་གཅལ་དུ་བཀྲམ། །མདུན་ན་དམར་གཏོར་རི་ལྟར་སྤུངས།་དགྲ་བགེགས་བསྒྲལ་ཕྱིར་མཆོད་པ་འབུལ། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། །ཧཱུྃ། བཞེངས་ཤིག་ནག་པོ་ཆེན་པོ་བཞེངས། །བཞེངས་ཤིག་ལེགས་ལྡན་བདུད་འདུལ་བཞེངས། །དགྲ་བགེགས་སྟེང་དུ་ད་བཞེངས་ཤིག །དོ་ནུབ་དགྲ་བགེགས་གནོད་བྱེད་ཆུང་སྲི་རྡུལ་དུ་རློགས། །གནོད་བྱེད་གདོན་ཚོགས་རྡུལ་དུ་རློགས། །ཀླུ་ཡི་གདོན་ཚོགས་རྡུལ་དུ་རློགས། ཀྱེ། མ་ཧཱ་ཀཱ་ལ་དགྲ་ལ་བྷྱོ། །ནག་པོ་ཆེན་པོ་དགྲ་ལ་སྦྱོ། །འཁོར་གྱི་དམག་ཚོགས་དགྲ་ལ་བྷྱོ། །སྒྲོལ་བྱེད་ཕོ་ཉ་དགྲ་ལ་བྷྱོ། །ཆུང་སྲི་བཙོག་འདྲེའི་ཡུལ་དུ་དམག་སྣ་དྲོངས། །གནོད་བྱེད་བཙོག་འདྲེ་མི་ལ་རྡུལ་དུ་རློགས། །ཧཱུྃ། བྱང་ཤར་མཚམས་ཀྱི་མགོན་པོ་བཞེངས། །ལེགས་ལྡན་ནག་པོ་བཞེངས་སུ་གསོལ། །ཙནྡན་བེང་ཆེན་བཞེངས་སུ་གསོལ། །དཔལ་ལྡན་མཐུ་ཆེན་བཞེངས་སུ་གསོལ། །སྔགས་འཆང་བདག་གིས་བོས་པའི་ཚེ། །དྲག་པོ་ཆོས་ཀྱི་རྔ་ཆེན་བརྡུང་།


CMR016_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་པའི་དུང་ཆེན་ཕྱོགས་བཅུར་སྒྲོགས། །དྲི་ཞིམ་སྤོས་ཀྱི་དུད་པ་གཏོང་། །དམག་ཚོགས་འབུམ་དང་བཞེངས་སུ་གསོལ། །རྔམ་པའི་མཚོན་དང་བཞེངས་སུ་གསོལ། །ཤིང་རྟ་ཅན་གྱི་ཚོགས་དང་གཤེགས་སུ་གསོལ། །རུ་བཞིའི་དམག་དང་གཤེགས་སུ་གསོལ། །ཐོད་རུས་འབར་བའི་གཞལ་ཡས་ནས། །ལྷ་ཆེན་མ་ཧཱ་ཀཱ་ལ་གཤེགས་སུ་གསོལ། །སྤྲིན་ནག་རླུང་གི་དཀྱིལ་འཁོར་ནས། །ཡུམ་ཆེན་ཡཀྵ་བྷེ་ཏ་གཤེགས་སུ་གསོལ། །ཀེང་རུས་བརྩེགས་པའི་མཁར་ནང་ནས། །དཀར་པོ་སྤྱན་གསུམ་གཤེགས་སུ་གསོལ། །དུར་ཁྲོད་ཆེན་པོའི་གཞལ་ཡས་ནས། །མ་ཧཱ་ཀཱ་ལ་གཤེགས་སུ་གསོལ། །བྲག་རི་བསྣོལ་བའི་ཁྲི་སྟེང་ནས། །ལྷ་ཆེན་མགོན་པོ་གཤེགས་སུ་གསོལ། །ཤ་ཆེན་དཔུང་བའི་རི་བོ་ནས། །འཇིག་རྟེན་ཀཾ་ཀ་གཤེགས་སུ་གསོལ། །རཀྟ་དམར་གྱི་རྒྱ་མཚོ་ནས། །དམར་ཆེན་ཞིང་འདུལ་གཤེགས་སུ་གསོལ། །སྨུག་ནག་འབར་བའི་ཞིང་འདུལ་ནས། ལྗང་ནག་འབར་བ་གཤེགས་སུ་གསོལ། །སེར་ནག་འབར་བའི་ཞིང་འདུལ་ནས། །ལྷ་དམག་བཞེངས་ཤིག་དར་དང་བཞེངས། །ཁྲོ་བོ་བཞེངས་ཤིག་དཔལ་དང་བཞེངས། །


CMR016_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་བུ་བཞེངས་ཤིག་མཐུ་དང་བཞེངས། །སྐུ་ཡི་གཟི་མདངས་ཕྱུང་དང་བཞེངས། །སྤྲུལ་པ་ཡང་སྤྲུལ་ཕྱུང་ཅིག་བཞེངས། །སྐུ་ཡི་སྤྲུལ་པ་མེ་དཔུང་འབར། །གསུང་གི་སྤྲུལ་པ་རྒྱ་མཚོ་འཕྱུར། །ཐུགས་ཀྱི་སྤྲུལ་པ་རླུང་ནག་འཚུབ། །ཕྲིན་ལས་སྤྲུལ་པ་ཐོག་རྒོད་འབེབས། །མེ་ཆུ་རླུང་གསུམ་མཚོན་ཆ་ཡིས། །བཙོག་འདྲེ་མི་ལ་རྡུལ་དུ་རློགས། །བདུད་ཀྱི་འགྲིམ་ལམ་ངན་པ་ཆོད། །བགེགས་ཀྱི་སྤྲུལ་པ་ངན་པ་ཤིགས། །ཧཱུྃ། དཔལ་ཆེན་རྟ་མགྲིན་ནག་པོ་དང་། །ཡཀཱ་མེ་དབལ་སྲིད་པའི་ཁྱུང་། །མ་ཧཱ་ཀཱ་ལ་ཚོགས་བདག་རྣམས། །མེ་ཆེན་ཞུན་མ་གདན་དུ་བཏིང་། །ཆུ་ཆེན་ཁོལ་མ་གོས་སུ་གྱོན། །མགོན་ཆུ་ཚ་བའི་ངར་དང་བཅས། །བདག་དང་ཡོན་བདག་འཁོར་བཅས་ཀྱི། །ལྷ་ལ་ཕོག་ན་གཟི་བརྗིད་བསྐྱེད། །མི་ལ་ཕོག་ན་ནད་གདོན་ཞི། །ཉེས་མེད་ལྷ་འདྲེ་ལ་ཕོག་ན། །ལུས་ངག་ཡིད་གསུམ་བདེ་བ་བསྐྱེད། །ཉེས་མེད་སེམས་ཅན་ལ་ཕོག་ན། །ལུས་ངག་ཡིད་གསུམ་སྒྲིབ་པ་དག །གནོད་པའི་འདྲེ་དང་མི་གཙང་གྲིབ། །གར་ཕོག་བསྲེག་ཅིང་བརླག་པར་བྱེད། །དེ་འདྲའི་དམ་རྫས་མགོན་ཆུ་འདི། །དོ་ནུབ་


CMR016_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ཆུ་ཡར་ཡར་ཁོལ། །གནམ་ས་དགུང་དུ་ཡར་ཡར་ཁོལ། །དོ་ནུབ་མགོན་ཆུ་ཡར་ཡར་ཁོལ། །སྲིད་གསུམ་རྩེ་མོར་ཡར་ཡར་ཁོལ། །དོ་ནུབ་མགོན་ཆུ་ཡར་ཡར་ཁོལ། །རི་བྲག་རྩེ་མོར་ཡར་ཡར་ཁོལ། །དོ་ནུབ་མགོན་ཆུ་ཡར་ཡར་ཁོལ། །གངས་དཀར་རྩེ་ལ་ཡར་ཡར་ཁོལ། །དོ་ནུབ་མགོན་ཆུ་ཡར་ཡར་ཁོལ། །བྲག་དཀར་རྩེ་ལ་ཡར་ཡར་ཁོལ། །བཅོམ་ལྡན་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས། །མཚོན་ཆ་སྣ་དགུའི་དགྲ་དང་བགེགས་ལ་བྷྱོ་ཛཿ །ཡུངས་ཀར་རྦབ་ཀྱིས་དགྲ་དང་བགེགས་ལ་བྷྱོ་ཛཿ ཙནྡན་བེང་གིས་དགྲ་དང་བགེགས་ལ་བློ་ཛཿ ཧཱུྃ་ཁཾ་རི་ལི་ལི་རྦད་རྦད་ཛཿ ཧཱུྃ། ནམ་མཁའི་དབྱིངས་སུ་དངོས་གྲུབ་ཆུ། །ས་གཞིའི་སྟེང་དུ་བདུད་རྩིའི་ཆུ། །བར་སྣང་ཁམས་སུ་མགོན་ལྷའི་ཆུ། །གཡའ་ཆུ་གངས་ཆུ་སྨན་གྱི་ཆུ། །ཆུ་ཆེན་བརྒྱ་དང་ཆུ་བྲན་སྟོང་། །།ཆུ་སྣ་སྨན་སྣ་སྤོས་སྣ་དང་། །སྔགས་དང་ཕྱག་རྒྱས་བྱིན་རླབས་ཆུ། །ལྷ་ཚོགས་རྣམས་ལ་སྐུ་ཁྲུས་གསོལ། །ཡེ་ཤེས་ལྷ་ལ་སྐུ་ཁྲུས་གསོལ། །འཇིག་རྟེན་ལྷ་ལ་སྐུ་ཁྲུས་གསོལ། །ཆོས་སྐྱོང་རྣམས་ལ་སྐུ་ཁྲུས་གསོལ། །དམ་ཅན་རྣམས་ལ་སྐུ་ཁྲུས་


CMR016_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ནོར་ལྷ་རྣམས་ལ་སྐུ་ཁྲུས་གསོལ། །ཡུལ་ལྷ་རྣམས་ལ་སྐུ་ཁྲུས་གསོལ། །ཕོ་ལྷ་རྣམས་ལ་སྐུ་ཁྲུས་གསོལ། །མ་ལྷ་རྣམས་ལ་སྐུ་ཁྲུས་གསོལ། །ཞང་ལྷ་རྣམས་ལ་སྐུ་ཁྲུས་གསོལ། །ཕྲག་ལྷ་རྣམས་ལ་སྐུ་ཁྲུས་གསོལ། །ཁྱིམ་ལྷ་རྣམས་ལ་སྐུ་ཁྲུས་གསོལ། །ཐབ་ལྷ་རྣམས་ལ་སྐུ་ཁྲུས་གསོལ། །དེ་རྣམས་གྲིབ་ཀྱིས་མ་མནོལ་བར། །བཀྲག་དང་གཟི་བརྗིད་ལྡན་གྱུར་ཅིག ༈ །ཧཱུྃ།་མགོན་ཆུ་ཚ་བའི་ཟེར་ཅིག་དེ། །ཉི་མ་ཤར་གྱི་ཕྱོགས་སུ་འཕྲོས། །གནོད་བྱེད་ཤར་བདུད་ཤར་བཙན་དང་། །ཤར་ཕྱོགས་དྲི་ཟའི་གདོན་ཚོགས་རྣམས། །མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ། །གཟུགས་ཕུང་མེ་དང་ཆུ་ཡིས་ཤིགས། །དོ་ནུབ་ཚ་ངར་མ་ཆུང་ལ། །རྣོ་ངར་དེ་ནི་མ་ཞན་ཅིག །ཚ་ངར་སྡང་བའི་དགྲ་ལ་ཕོབ། །རྣོ་ངར་གནོད་པའི་བགེགས་ལ་རྒྱོབས། །དོ་ནུབ་ཚ་ངར་ཤ་ར་ར། །རྣོ་ངར་དེ་ནི་སི་ལི་ལི། །དོ་ནུབ་མགོན་ཆུ་ཚ་བའི་ཟེར་ཅིག་དེ། །ཉི་མ་ལྷོ་ཡི་ཕྱོགས་སུ་འཕྲོས། །གནོད་བྱེད་ལྷོ་བདུད་ལྷོ་བཙན་དང་། །ལྷོ་ཕྱོགས་གཤིན་རྗེའི་གདོན་ཚོགས་རྣམས། །མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ། །གཟུགས་


CMR016_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་མེ་དང་ཆུ་ཡིས་ཤིགས། །དོ་ནུབ་ཚ་ངར་མ་ཆུང་ལ། །རྣོ་ངར་དེ་ནི་མ་ཞན་ཅིག །ཚ་ངར་སྡང་བའི་དགྲ་ལ་ཕབ། །རྣོ་ངར་གནོད་པའི་བགེགས་ལ་རྒྱོབས། །དོ་ནུབ་ཚ་ངར་ཤ་ར་ར། །རྣོ་ངར་དེ་ནི་སི་ལི་ལི། །དོ་ནུབ་མགོན་ཆུ་ཚ་བའི་ཟེར་ཅིག་དེ། །ཉི་མ་ནུབ་ཀྱི་ཕྱོགས་སུ་འཕྲོས། །གནོད་བྱེད་ནུབ་བདུད་ནུབ་བཙན་དང་། །ནུབ་ཕྱོགས་ཀླུ་ཡི་གདོན་ཚོགས་རྣམས། །མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ། །གཟུགས་ཕུང་མེ་དང་ཆུ་ཡིས་ཤིགས། །དོ་ནུབ་ཚ་ངར་མ་ཆུང་ལ། །རྣོ་ངར་དེ་ནི་མ་ཞན་ཅིག །ཚ་ངར་སྡང་བའི་དགྲ་ལ་ཕོབ། །རྣོ་ངར་གནོད་པའི་བགེགས་ལ་རྒྱོབས། །དོ་ནུབ་ཚ་ངར་ཤ་ར་ར། །རྣོ་ངར་དེ་ནི་སི་ལི་ལི། །དོ་ནུབ་མགོན་ཆུ་ཚ་བའི་ཟེར་ཅིག་དེ། །ཉི་མ་བྱང་གི་ཕྱོགས་སུ་འཕྲོས། །གནོད་བྱེད་བྱང་བདུད་བྱང་བཙན་དང་། །བྱང་ཕྱོགས་གནོད་སྦྱིན་གདོན་ཚོགས་རྣམས། །མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ། །གཟུགས་ཕུང་མེ་དང་ཆུ་ཡིས་ཤིགས་། །དོ་ནུབ་ཚ་ངར་མ་ཆུང་ལ། །རྣོ་ངར་དེ་ནི་མ་ཞན་ཅིག །ཚ་ངར་སྡང་བའི་དགྲ་ལ་ཕོབ། །རྣོ་ངར་གནོད་པའི་བགེགས་ལ་རྒྱོབས། །དོ་ནུབ་རྣོ་ངར་ཤ་ར་ར། །རྣོ་


CMR016_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ངར་དེ་ནི་སི་ལི་ལི། །དོ་ནུབ་མགོན་ཆུ་ཚ་བའི་ཟེར་ཅིག་དེ། །ནམ་མཁའ་དགུང་དུ་འཕྲོས་པ་ལ། །དགུང་བདུད་དང་ནི་དགུང་བཙན་དང་། །ཉི་ཟླ་གཟའ་སྐར་གདོན་ཚོགས་རྣམས། །མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ། །གཟུགས་ཕུང་མེ་དང་ཆུ་ཡིས་ཤིགས། །དོ་ནུབ་ཚ་ངར་མ་ཆུང་ལ། །རྣོ་ངར་དེ་ནི་མ་ཞན་ཅིག །ཚ་ངར་སྡང་བའི་དགྲ་ལ་ཕོབ། །རྣོ་ངར་གནོད་པའི་བགེགས་ལ་རྒྱོབས། །དོ་ནུབ་ཚ་ངར་ཤ་ར་ར། །རྣོ་ངར་དེ་ནི་སི་ལི་ལི། །དོ་ནུབ་མགོན་ཆུ་ཚ་བའི་ཟེར་ཅིག་དེ། །གསལ་པོ་ཟླ་བའི་ཡུལ་དུ་འཕྲོས། །གནོད་བྱེད་ཟླ་བདུད་ཟླ་བཙན་དང་། །ཟླ་བའི་གདོན་ཚོགས་འཁོར་བཅས་ལ། །མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ། །གཟུགས་ཕུང་མེ་དང་ཆུ་ཡིས་ཤིགས་དོ་ནུབ་ཚ་ངར་མ་ཆུང་ལ། །རྣོ་ངར་དེ་ནི་མ་ཞན་ཅིག །ཚ་ངར་སྡང་བའི་དགྲ་ལ་ཕོབ། །རྣོ་ངར་གནོད་པའི་བགེགས་ལ་རྒྱོབས། །དོ་ནུབ་རྣོ་ངར་ཤ་ར་ར། །ཚ་ངར་དེ་ནི་སི་ལི་ལི། །ཡང་མགོན་ཆུ་ཚ་བའི་ཟེར་ཅིག་དེ། །འཕེན་པོ་སྐར་མའི་ཡུལ་དུ་འཕྲོས། །གནོད་བྱེད་སྐར་བདུད་སྐར་བཙན་དང་། །གཟའ་དང་རྒྱུ་སྐར་གདོན་ཚོགས་


CMR016_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་། །མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ། །གཟུགས་ཕུང་མེ་དང་ཆུ་ཡིས་ཤིགས། །དོ་ནུབ་ཚ་ངར་མ་ཆུང་ལ། །རྣོ་ངར་དེ་ནི་མ་ཞན་ཅིག །ཚ་ངར་སྡང་བའི་དགྲ་ལ་ཕོབ། །རྣོ་ངར་གནོད་པའི་བགེགས་ལ་རྒྱོབས། །མགོན་ཆུ་ཚ་བའི་ཟེར་ཅིག་དེ། །དོག་མོ་ས་ཡི་སྟེང་དུ་འཕྲོས། །གནོད་བྱེད་ས་བདུད་ས་སྲི་རྣམས། །མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ། །གཟུགས་ཕུང་མེ་དང་ཆུ་ཡིས་ཤིགས། །ལོ་བདུད་རྣམས་ཀྱི་མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ། །གཟུགས་ཕུང་མེ་དང་ཆུ་ཡིས་ཤིགས། །ཐེའུ་རང་རྣམས་ཀྱང་མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ། །གཟུགས་ཕུང་མེ་དང་ཆུ་ཡིས་ཤིགས། །ནད་འདྲེ་རྣམས་ཀྱང་མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ།་གཟུགས་ཕུང་མེ་དང་ཆུ་ཡིས་ཤིགས། །རྒྱལ་བྱིན་རྣམས་ཀྱང་མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ། །གཟུགས་ཕུང་མེ་དང་ཆུ་ཡིས་ཤིགས། །བཙན་རིགས་རྣམས་ཀྱང་མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ། །གཟུགས་ཕུང་མེ་དང་ཆུ་ཡིས་ཤིགས། །བདུད་རིགས་རྣམས་ཀྱང་མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ། །གཟུགས་ཕུང་མེ་དང་ཆུ་ཡིས་ཤིགས། །གཉན་རིགས་རྣམས་ཀྱང་མགོན་ཆུ་ཚ་བའི་ཟེར་གྱིས་


CMR016_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ཐུལ། གཟུགས་ཕུང་མེ་དང་ཆུ་ཡིས་ཤིགས། །ཀླུ་གདོན་རྣམས་ཀྱང་མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ། །གཟུགས་ཕུང་མེ་དང་ཆུ་ཡིས་ཤིགས། །རྒྱལ་བསེན་རྣམས་ཀྱང་མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ། །གཟུགས་ཕུང་མེ་དང་ཆུ་ཡིས་ཤིགས། །ཉེ་བའི་རྒྱུད་འདྲེ་རྣམས་ཀྱང་མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ། །གཟུགས་ཕུང་མེ་དང་ཆུ་ཡིས་ཤིགས། །བཙོག་འདྲེ་བཙོག་སྲི་རྣམས་ཀྱང་མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ། །གཟུགས་ཕུང་མེ་དང་ཆུ་ཡིས་ཤིགས། །རྨོང་འདྲེ་རྨོང་སྲི་རྐུན་རྣམས་ཀྱང་མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ། །གཟུགས་ཕུང་མེ་དང་ཆུ་ཡིས་ཤིགས། །མཛེ་འདྲེ་ཤ་འདྲེ་རྣམས་ཀྱང་མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ། །གཟུགས་ཕུང་མེ་དང་ཆུ་ཡིས་ཤིགས། །གཟའ་བདུད་གཟའ་བཙན་རྣམས་ཀྱང་མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ། །གཟུགས་ཕུང་མེ་དང་ཆུ་ཡིས་ཤིགས། །ཁྱིམ་མཚེས་བསྒྲེན་འདྲེ་རྣམས་ཀྱང་མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ། །གཟུགས་ཕུང་མེ་དང་ཆུ་ཡིས་ཤིགས། །སྔ་འདྲེ་རྙིང་པ་རྣམས་ཀྱང་མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ། །གཟུགས་ཕུང་མེ་དང་ཆུ་ཡིས་ཤིགས། །ད་འདྲེ་གསར་པ་རྣམས་ཀྱང་


CMR016_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ། །གཟུགས་ཕུང་མེ་དང་ཆུ་ཡིས་ཤིགས། །སྒབ་འདྲེ་འཁྱམ་པོ་རྣམས་ཀྱང་མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ། །གཟུགས་ཕུང་མེ་དང་ཆུ་ཡིས་ཤིགས། །ཡུལ་འདྲེ་འཁྱམ་པོ་རྣམས་ཀྱང་མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ། །གཟུགས་ཕུང་མེ་དང་ཆུ་ཡིས་ཤིགས། །རྨུག་འདྲེ་ངན་པ་རྣམས་ཀྱང་མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ། །གཟུགས་ཕུང་མེ་དང་ཆུ་ཡིས་ཤིགས། །མི་ལ་བཙོག་འདྲེ་རྣམས་ཀྱང་མགོན་ཆུ་ཚ་བའི་ཟེར་གྱིས་ཐུལ། །གཟུགས་ཕུང་མེ་དང་ཆུ་ཡིས་ཤིག །མགོན་ཆུ་ཚ་ངར་ཤ་ར་ར། །རྣོ་ངར་དེ་ནི་སི་ལི་ལི། །ཚ་ངར་དེ་ནི་མ་ཆུང་ལ། རྣོ་ངར་དེ་ནི་མ་ཞན་ཅིག །ཚ་ངར་སྡང་བའི་དགྲ་ལ་ཕོབ། །རྣོ་ངར་གནོད་པའི་བགེགས་ལ་བྷྱོ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་མགོན་ཟངས་ཀྱི་གཏོར་མ་བདུད་རྩིས་བྲན་ལ་འདི་སྐད་དོ། །ཧཱུྃ། རྟ་མགྲིན་ནག་པོ་མཐུ་མ་ཆུང་། །ཡཀཱ་མེ་དབལ་སྐུ་མ་གཡེལ། །ལྷ་ཆེན་དཔལ་འབར་ལས་མ་ཞན། །མ་མོ་མཁའ་འགྲོ་བང་མ་བུལ། །ཕོ་ཉ་ལས་མཁན་རྩལ་མ་ཞན། །སྤྲུལ་པའི་དམག་ཚོགས་དེ་རྣམས་ཀྱང་། །ཁྲམ་ཁ་བསྒྱུར་བའི་མཐུ་བོ་ཆེ། །བདུད་


CMR016_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་བསྒྱུར་བའི་ང་རོ་ཅན། །དོ་ནུབ་བཟློག་ཅིང་བསྒྱུར་བའི་དུས་ལ་བབ། །སྲིད་པའི་ཁྲམ་ཁ་ད་སྒྱུར་ཅིག །ལྷ་ཡི་དམག་ཚོགས་དགྲ་ལ་དྲོངས། །གཞན་གྱི་བྱད་དུ་བཅུག་པ་ཟློག །པྱད་མའི་ཕུར་ཁ་སྟོན་པ་ཟློག །མཚེ་ཟོར་ཡུངས་ཟོར་འཕེན་པ་ཟློག །འབྱུང་པོས་ཐོད་ཟོར་འཕེན་པ་ཟློག །མ་མོས་ཁྲག་ཟོར་འཕེན་པ་ཟློག ། གཤིན་རྗེས་འཁོར་ལོ་བསྐོར་བ་ཟློག །ཀླུ་ཡིས་བྱེད་དུ་བཅུག་པ་ཟློག །ཐེའུ་རང་སྲི་ལ་རྐུ་བ་ཟློག །རྒྱལ་པོས་སྨྱོ་འབོག་གཏོང་བ་ཟློག །ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག ། ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཟློག །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་བཅུ་ཟློག །མུ་སྟེགས་དམོད་པའི་དྲག་སྔགས་ཟློག །དྲང་སྲོང་གཟའ་ཡི་ཀིང་ཀང་ཟློག །ཞང་ཞུང་ཛོ་དམར་འཕེན་པ་ཟློག །སུམ་པས་གླང་ཟོར་འཕེན་པ་ཟློག །བན་དེས་སྔགས་ཟོར་འཕེན་པ་ཟློག །བོན་པོས་གཏོར་ཟོར་འཕེན་པ་ཟློག །སྐྱེ་བོས་མདའ་ཟོར་འཕེན་པ་ཟློག །བུད་མེད་ཐལ་ཟོར་འཕེན་པ་ཟློག །རླུང་རྟ་བཞི་གཤེད་ངན་པ་ཟློག །མོ་རྩིས་ཇུ་ཐིག་ངན་པ་ཟློག །མཁའ་འགྲོ་མ་དང་རོ་


CMR016_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ལངས་ཟློག །རྒྱལ་བསེན་བར་ཆད་བྱེད་པ་ཟློག །དེ་ལ་སོགས་པའི་གདུག་རྩུབ་རྣམས། །ཐམས་ཅད་བཙོག་འདྲེའི་སྟེང་དུ་ཟློག །རྦོད་གཏོང་ངན་པའི་སྟེང་དུ་ཟློག ། བཟློག་བསྒྱུར་མཛད་པའི་དུས་ལ་བབ། །ཧཱུྃ། མ་ཧཱ་ཀཱ་ལ་མཐུ་རྩལ་ཅན། །སོད་ཅིག་ཐུལ་ཅིག་ཆུང་སྲི་རྣམས། །གཉེར་རོ་གཏད་དོ་བསྒྲལ་བྱེད་ཤན་པའི་ཚོགས། །བདག་གི་འཁོར་དང་ལོངས་སྤྱོད་བུ་སློབ་རྣམས། །ལེ་གུ་ལ་སོགས་ཁྱོད་ཀྱིས་སྲུང་བར་མཛོད། །ཧཱུྃ། ཡས་ཀྱི་བདུད་གཡོས་དམར་གྱི་གཏོར་མས་ཟློག །མས་ཀྱི་སྲི་ལང་དམར་གྱི་གཏོར་མས་ཟློག །གློ་བུར་ཡེ་འདྲོགས་དམར་གྱི་གཏོར་མས་ཟློག །ནད་སྣ་ཡམས་སྣ་དམར་གྱི་གཏོར་མས་ཟློག །དགྲ་སྣ་གྱོད་སྣ་དམར་གྱི་གཏོར་མས་ཟློག །མི་ཁ་ཁྱོད་བྱུར་དམར་གྱི་གཏོར་མས་ཟློག །བཙོག་སྣ་གོད་ཁ་དམར་གྱི་གཏོར་མས་ཟློག །བཟློག་བསྒྱུར་དྲག་པོའི་དུས་ལ་བབ། །ཧཱུྃ། རིགས་ལྔ་ཁྲག་འཐུང་ཧེ་རུ་ཀ །བཟློག་བསྒྱུར་དྲག་པོའི་དུས་ལ་བབ། །རིགས་ལྔ་ཁྲག་འཐུང་བཀའ་འཁོར་དུ། །ཤ་ཟ་ཁྲག་འཐུང་ལས་ལ་བསྐུལ། །མི་འདའ་བཅོལ་བའི་ཕྲིན་ལས་མཛོད། །ཛོ་གསུམ་ལྕགས་དང་བཞི་པོ་འདི། དང་


CMR016_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

པོ་དམིགས་པ་དང་བཅས་གཞུང་རྫོགས་པར་གྱེར་ནས། རྗེས་ནས་ཛོ་གསུམ་ལྕགས་ཆུ་རྣམས་དུས་གཅིག་ལ་བྱེད་པ་ཕྱག་ལེན་རྙིང་པ་རྒྱུན་ལྡན་ཡིན་ཅིང་སྟབས་བདེ་བས། དང་པོ་བྱིན་རླབས་ཀྱི་དམིགས་པ་དང་གཞུང་གྱེར་བ་ནི། ཧཱུྃ། བདག་ཉིད་རྟ་མགྲིན་ནག་པོ་ཡི། །གཡས་སོར་རྒྱལ་བ་རིགས་ལྔ་ལ། །གཡོན་སོར་ལྷ་མོ་ཡུམ་ལྔར་གསལ། །ལག་མཐིལ་ཉི་ཟླའི་དཀྱིལ་འཁོར་དབུས། །མཁར་སྒོང་ཨོཾ་ཡིག་དཀར་པོ་ལས། །མེ་དཔུང་ཁ་དོག་ལྔ་འབར་བས། །དུག་ལྔའི་རང་བཞིན་གྲིབ་དང་གདོན། །བྱ་སྒྲོ་མེ་ལ་བསྲེགས་པ་ལྟར། །བསྲེག་ཅིང་ཚ་འོད་སྟོང་གསུམ་གང་། །བདག་དང་ཡོན་བདག་ལྷ་དང་མིར། །ཡེ་ཤེས་དྲངས་བའི་བསིལ་ཕབ་ནས། །སྟོང་པའི་ངང་དུ་དྭངས་སང་ངེ་། །བདེ་སྟོང་ཉམས་དང་ལྡན་པར་གྱུར། །ཧཱུྃ༔ དབུས་ཕྱོགས་རྣམ་པར་སྣང་མཛད་ནི། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་གཡས་མེ་ཡི་འཁོར་ལོ་བསྣམས། །གཡོན་པས་དྲིལ་བུ་དཀུ་ལ་བརྟེན། །མེ་དཔུང་དཀར་པོ་ལྷབས་སེ་ལྷབ། །གཏི་མུག་ལས་གྱུར་གདོན་རྣམས་གཞོབ་ཏུ་བསྲེགས། །ཆོས་དབྱིངས་ཡེ་ཤེས་མངོན་དུ་འགྱུར་བར་ཤོག །ཧཱུྃ། ཤར་ཕྱོགས་རྡོ་རྗེ་སེམས་


CMR016_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ནི། །སྐུ་མདོག་སྔོ་ལ་འོད་ཟེར་འབར། །ཕྱག་གཡས་རྡོ་རྗེ་མེ་འབར་བསྣམས། །གཡོན་པས་དྲིལ་བུ་དཀུ་ལ་བརྟེན། །མེ་དཔུང་སྔོ་དམར་ལྷབས་སེ་ལྷབ། །ཞེ་སྡང་། ལས་གྱུར་གདོན་རྣམས་གཞོབ་ཏུ་བསྲེགས། །མེ་ལོང་ཡེ་ཤེས་མངོན་དུ་འགྱུར་བར་ཤོག །ཧཱུྃ། ལྷོ་ཕྱོགས་རིན་ཆེན་འབྱུང་ལྡན་ནི། །སྐུ་མདོག་སེར་པོ་འོད་ཟེར་འབར། །ཕྱག་གཡས་རིན་ཆེན་མེ་དཔུང་བསྣམས། །གཡོན་པས་དྲིལ་བུ་དཀུ་ལ་བརྟེན། །།མེ་དཔུང་སེར་པོ་ལྷབས་སེ་ལྷབ། །ང་རྒྱལ་ལས་གྱུར་གདོན་རྣམས་གཞོབ་ཏུ་བསྲེགས། །མཉམ་ཉིད་ཡེ་ཤེས་མངོན་དུ་འགྱུར་བར་ཤོག །ཧཱུྃ། ནུབ་ཕྱོགས་སྣང་བ་མཐའ་ཡས་ནི། །སྐུ་མདོག་དམར་པོ་འོད་ཟེར་འབར། །ཕྱག་གཡས་པདྨ་མེ་འབར་བསྣམས། གཡོན་པས་དྲིལ་བུ་དཀུ་ལ་བརྟེན་། །མེ་དཔུང་དམར་པོ་ལྷབས་སེ་ལྷབ། །འདོད་ཆགས་ལས་གྱུར་གདོན་རྣམས་གཞོབ་ཏུ་བསྲེགས། །སོར་རྟོག་ཡེ་ཤེས་མངོན་དུ་འགྱུར་བར་ཤོག །ཧཱུྃ། བྱང་ཕྱོགས་དོན་ཡོད་གྲུབ་པ་ནི། །སྐུ་མདོག་ལྗང་ནག་འོད་ཟེར་འབར། །ཕྱག་གཡས་རྒྱ་གྲམ་མེ་འབར་བསྣམས། །གཡོན་པས་དྲིལ་བུ་དཀུ་ལ་བརྟེན། །མེ་


CMR016_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་དམར་ལྗང་ལྷབས་སེ་ལྷབ། །ཕྲག་དོག་ལས་གྱུར་གདོན་རྣམས་གཞོབ་ཏུ་བསྲེགས། །བྱ་གྲུབ་ཡེ་ཤེས་མངོན་དུ་འགྱུར་བར་ཤོག །ཨོཾ་ཧཱུྃ་ཏྲཾ་ཧྲཱིཿལཿ གནོད་བྱེད་ཆེ་སྐག་ཆུང་སྲི་མི་ལ་དམ་སྲི་བཙོག་འདྲེ་ཐམས་ཅད་མཱ་ར་ཡ་ཛྭ་ལ་རཾ་རཾ། དམན་མོ་བསེན་མོ་གསོན་འདྲེ་མོ་འདྲེ་ཡུལ་འདྲེ་བསེ་རག་ཐམས་ཅད་མཱ་ར་ཡ་ཛྭ་ལ་རཾ་རཾ། དེ་ནས་མཁར་སྒོང་གཉིས་པ་བྱིན་རླབས་ནི། དམིགས་པ་གོང་དང་འདྲ་བ་ལས། མཁར་སྒོང་ཨ་དམར་མེ་འབར་བསྐྱེད། ཧཱུྃ། དཔལ་ཆེན་རྟ་མགྲིན་ནག་པོ་དང་། །སྤྲུལ་པའི་ཁྱུང་ཆེན་འབར་བ་དང་། །མེ་དབལ་མགོན་པོ་ཚོགས་བདག་བཅས། །དམག་ཚོགས་དཔག་མེད་མཚོན་ཆ་ཐོགས། །ཞལ་ནས་སོད་སོད་རྒྱོབས་རྒྱོབས་སྒྲོགས། །མི་གཙང་གྲིབ་དང་གདོན་ཚོགས་ཐུལ། །དབུས་ཕྱོགས་བུདྡྷ་ཧེ་རུ་ཀ །ཤར་དུ་བཛྲ་ཧེ་རུ་ཀ །ལྷོ་རུ་རིཏྭཱ་ཧེ་རུ་ཀ །ནུབ་ཏུ་པདྨ་ཧེ་རུ་ཀ །བྱང་དུ་ཀརྨ་ཧེ་རུ་ཀ །ཀུན་ཀྱང་སྐུ་མདོག་ཕྱག་མཚན་སོ་སོར་གསལ། །ཕྱག་གཡས་པ་རྣམས་ཀྱིས་མེ་དཔུང་འབར་བ་བསྣམས། །གཡོན་པས་མེ་ཡི་ཞགས་པ་འཛིན། །ཡེ་ཤེས་ལྔ་ལྡན་མེ་འབར་འུ་རུ་རུ། །དུག་ལྔའི་ཕུང་པོ་གཞོབ་ཏུ་བསྲེགས། །


CMR016_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ལྔ་ལྡན་ལྷུན་གྱིས་གྲུབ། །དགྲ་བགེགས་གནོད་བྱེད་རྡུལ་དུ་རློགས། །ཁྲག་འཐུང་རིགས་ལྔས་ཕྲིན་ལས་མཛོད། །ཨོཾ་ཤྲཱི་ཧེ་རུ་ཀ་རྒྱ་གྷི་ཝ་གནོད་བྱེད་ཛྭ་ལ་རཾ་རཾ། དེ་ནས་མཁར་སྒོང་གསུམ་པ་བྱིན་རླབས་ནི། ཧཱུྃ། བདག་ཉིད་རྟ་མགྲིན་གསལ་བ་ཡི། །ཕྱག་གཡོན་ཉི་མའི་དཀྱིལ་འཁོར་དབུས། །ཧཱུྃ་ཡིག་མཐིང་ཀའི་འོད་ཟེར་གྱིས། །གནོད་བྱེད་གྲིབ་དང་མི་གཙང་པ། །བ་མོར་ཉི་ཟེར་ཕོག་བཞིན་བསྲེགས། །ཧཱུྃ། དབུས་ཕྱོགས་བུདྡྷ་ཁྲག་འཐུང་ཧེ་རུ་ཀ །ཤར་དུ་བཛྲ་ཁྲག་འཐུང་ཧེ་རུ་ཀ །ལྷོ་རུ་རཏྣ་ཁྲག་འཐུང་ཧེ་རུ་ཀ །ནུབ་ཏུ་པདྨ་ཁྲག་འཐུང་ཧེ་རུ་ཀ །བྱང་དུ་ཀརྨ་ཁྲག་འཐུང་ཧེ་རུ་ཀ །ཀུན་ཀྱང་སྐུ་མདོག་ཕྱག་མཚན་འཛིན་པར་བཞུགས། །ཕྱག་གཡས་མེ་དཔུང་འབར་བ་བསྣམས། །གཡོན་པས་ལྕགས་སྡིག་འགྱེད་ཚུལ་མཛད། །དགྲ་བགེགས་དམ་སྲི་མི་ལ་བཙོག་འདྲེ་རྡུལ་དུ་རློགས། །བཙོག་འདྲེ་འབར་བའི་མེ་ལ་བསྲེགས། །མི་མཐུན་རྐྱེན་དང་བར་ཆད་བསྲེགས་། །གནོད་བྱེད་མི་ཁ་དམ་སྲི་ཆུང་སྲི་ཐེའུ་རང་ཐམས་ཅད་མཱ་ར་ཡ་ཛྭ་ལ་རཾ་རཾ། དེ་ནས་ལྕགས་བྱིན་རླབས་ནི། རང་ཉིད་རྟ་མགྲིན་གསལ་བ་ཡི། །གཡས་སོར་ཁྲག་འཐུང་


CMR016_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ལྔ་སྟེ། །གཡོན་སོར་ཁྲོ་མོ་ཡུམ་ལྔར་གསལ། །ལྕགས་ནི་རྡོ་རྗེ་རྩེ་དགུ་པ། །ཡེ་ཤེས་མེ་དཔུང་ལྔ་ལྡན་འབར། །གནོད་བྱེད་ཆེ་སྐག་ཆུང་སྲི་བསྲེགས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཐུགས་རྗེ་བསིལ་བའི་ངད་ཕོབ་ཅིག །ང་ནི་རྟ་མགྲིན་ཁྲོ་བོའི་སྐུ། །ང་ནི་ཡཀྵ་མེ་དབལ་སྐུ། །ང་ནི་ཁྲག་འཐུང་ཧེ་རུ་ཀ །ཞལ་དང་ཤངས་ནས་ཧཱུྃ་ཧཱུྃ་ཕཊ། །དྲག་པོ་འབྲུག་གི་སྒྲ་སྒྲོགས་པའི། །གནོད་བྱེད་བྱུར་འདྲེ་བསྔངས་ཤིང་འདར། །ཕྱག་གཉིས་ཡབ་ཡུམ་ཐབས་ཤེས་སྦྱོར། །དཔལ་རྟགས་ཡེ་ཤེས་སྣ་ལྔ་ལ། །རྡོ་རྗེ་མེ་དཔུང་ཚྭ་ཚྭ་འཕྲོས། །ལྕགས་ཀྱི་རྡོ་རྗེ་རྩེ་དགུ་ལ། །ཡེ་ཤེས་བསྐལ་པའི་མེ་དཔུང་འབར། །གནོད་བྱེད་དགྲ་བགེགས་འབྱུང་པོ་ཕུང་སྲི་ཐལ་བ་རྡུལ་དུ་རློགས་ཤིག ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷོ་ཝ་ཧཱུྃ་ཕཊ༔ བཛྲ་ཡཀྵ་ནག་པོ་ནི་ཏྲི་ཧུར་ཐུ་ཛཿ གནོད་བྱེད་དགྲ་བགེགས་ཆེ་སྐག་ཆུང་སྲི་ཐམས་ཅད་ཀྱི་སྲོག་ལ་རྦད་རྦད། དེ་ནས་རྔ་བརྡུང་རོ་བསྒྱུར་ལ། མདའ་དྲིལ་ལམ་མདའ་སིལ་ཐོགས་ཏེ་གྱེར་ཞིང་། བསྡོ་རྣམས་རིང་བ་འཐེན་ཞིང་མདའ་སིལ་འཁྲོལ་ཏེ། ཧོ་དགོངས་སུ་གསོལ་ལོ། །ང་ནི་རྟ་མགྲིན་ནག་པོ་ཡིན། །ཁྲོ་བོ་ཀུན་གྱི་ཆེ་བཙན་ཡིན། །


CMR016_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་ཀུན་གྱི་ཚོགས་དཔོན་ཡིན། །ཆོས་སྐྱོང་ཀུན་གྱི་ཡང་རྗེ་ཡིན། །ཕོ་ཉ་བྱ་ཁྱུང་གསེར་མིག་ཡིན། །བཀའ་སྡོད་ཡཀྵ་མེ་དབལ་ཡིན། །ལས་མཁན་མ་ཧཱ་ཀཱ་ལ་ཡིན། །སངས་རྒྱས་ཆོས་ལ་བསྲོ་མེད་ཀྱང་། །མགོན་པོ་ནག་པོ་བསྲོ་ལ་དགྱེས། །སྣང་སྲིད་ལྷ་འདྲེ་བསྲོ་ལ་དགའ། །ཇོ་ལྕགས་ཆུ་གསུམ་བསིལ་ཕབ་ཕྱིར། །དཔལ་ལྡན་མགོན་པོ་བསྲོ་ཡིས་བསྐུལ། །ལེགས་ལྡན་ནག་པོ་བསྲོ་ཡིས་བསྐུལ། །ཚོགས་བདག་ནག་པོ་བསྲོ་ཡིས་བསྐུལ། །ཡཀྵ་བྷེ་ཏ་བསྲོ་ཡིས་བསྐུལ། །མགོན་པོའི་ལྷ་དམག་བསྲོ་ཡིས་བསྐུལ། །བསྲོ་བསྲོ་བསྲོ། ལྷ་རྣམས་རྒྱལ་གྱུར་བསྲོ། ལྷ་མིན་ཕམ་གྱུར་བསྲོ། ཆོས་རྣམས་རྒྱལ་གྱུར་བསྲོ། ཆོས་མིན་ཕམ་གྱུར་བསྲོ། སངས་རྒྱས་རྒྱལ་གྱུར་བསྭོ་མུ་སྟེགས་ཕམ་གྱུར་བསྲོ། བསོ་མེ་རི་འབུམ་འགྱུར་བསྲོ། ཁྲོ་ཆུ་རྦབ་ནག་བསྲོ། ཙནྡན་སྡོང་པོ་དྲིལ་བསྲོ། ཁྲོ་ཆུ་ཁོལ་མ་བསྲོ། ཡ་ཙི་ཆར་པ་བསྲོ། ཡུ་རི་བུ་ཡུག་བསྲོ། འཁོར་ལོ་གསེར་འདྲིལ་བསོ། གཡུལ་རྒྱལ་ཐོ་ལེ་བསྲོ། རྡོ་རྗེ་ཐོག་མདའ་བསྲོ། དཔའ་བོ་རྟ་ཁྲོམ་བསྲོ། ཞགས་ཐོག་འཆིང་བྱེད་བསྲོ། ལྕགས་ཀྱུ་སྙིང་


CMR016_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་བསྲོ། ལྕགས་སྒྲོག་རྐང་སྡོམ་བསྲོ། དྲེལ་རྐང་དབང་སྡུད་བསྲོ། དུང་རྐང་ཀླད་འགེམ་བསྲོ། ཆོས་ཊ་བདུད་འདུལ་བསྲོ། བ་དན་གཡུལ་བཟློག་བསྲོ། སྟག་ཆས་མཐོང་འཇིགས་བསྲོ། གླང་ཆིབས་ཡ་རྐང་བསྲོ། རྒྱལ་བྱེད་ཆོས་ཆེན་བསྲོ། འབུམ་བྱིལ་མཚོན་དུག་བསྭོ། དཔའ་སྟག་གོས་མནབས་བསྲོ། མཐའ་སྟག་མདུང་ཚོགས་བསྲོ། རྒྱུག་སྟག་སག་ཏི་ཡུ་རིང་བསྲོ། དམག་གི་དཔུང་བཞི་བསྲོ། མགོན་པོའི་དམག་ཚོགས་སྤྲུལ་པ་ཡི། །ཛོ་ལྕགས་ཆུ་གསུམ་འདི་དག་ལ། །ཡ་མཚན་བྱིན་རླབས་ཆེན་པོ་ཐོབ། །བདག་དང་བསྲུང་བྱ་ལ་ཕོག་ཚེ། །བསིལ་ཞིང་འཇམ་ལ་བདེ་བ་ལྡན། །ནད་དང་གདོན་དང་བར་ཆད་ཀུན། །མུན་པར་ཟླ་འོད་ཤར་ལྟར་སོལ། །གནོད་བྱེད་གདོན་ལ་ཕོག་པའི་ཚེ། །གནམ་ལྕགས་མེ་ཡི་ཐོག་རྒོད་འབར། །གཞོབ་ཏུ་བསྲེགས་ནས་རྡུལ་དུ་རློགས། །ནད་གདོན་མི་གཙང་གྲིབ་ཀྱི་ཚོགས། །བ་མོར་ཉི་ཟེར་ཕོག་ལྟར་སོལ། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷི་ཝ་ཧཱུྃ་ཕཊ། བཛྲ་ཡཀྵ་ཧཱུྃ༔ ཨོཾ་བཛྲ་ག་རུ་ཊ་ཧཱུྃ་ཕཊ༔ ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ ཨོཾ་ཧྲཱིཿམ་ཧཱ་ཀ་ལ་ཡེ་ཧཱུྃ་ཕཊ༔ ཨོཾ་མ་ཧཱ་ཀཱ་ལ་


CMR016_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

བེ་དུ་ཙ་ཡེ་ཧཱུྃ་ཕཊ༔ ཨོཾ་ཙ་ར་ཙ་ར་སྟག་ཚིག་སྟག་ཚིག་མ་མ་ཏིང་ཏིང་མེ་དབལ་སོད། ཨོཾ་བྷི་ཙ་རི་སོད། ན་རི་སོད། ཅི་མ་ཏི་སད། མེ་དབལ་སོད་སྭཱ་ཧཱ། ཨོཾ་དྲག་པོའི་སྤྱི་མདའ་ཤ་ནག་དེ། །འདྲེ་གདོན་བདུད་ཀྱི་སྟེང་དུ་ཕོབ། །ཚེ་ཀུ་རུ་རུ་ནག་མོ་རེ་རེ། །ཨོཾ་སརྦ་སྨག་ཤད། ཅི་ཅེ་ཁ་མོ་གདབ། སྤྱོ་རྩེ་ཁ་མོ་གདབ། ན་ཙེ་ཁ་མོ་གདབ། ན་ག་ཨག་ཤོ་བྱི་ལིང་། ཐབ་དང་མེ་དབལ་ལ་གདབ། ཨཱ་ཙ་སོད། མེ་ཙ་སོད། མེ་རི་སད། གྲང་ལྷང་ནག་མོ་ཐིབ། ཚ་བའི་དབལ་སོད། གྲོང་བའི་བསིལ་ཕོབ། རྣོ་བའི་ངར་ལོང་། ལྕགས་ཀྱི་སྲོག་ཆོད། མེའི་གཤེད་གྱིས། ཨོཾ་བིང་རི་ལི་ལི་ཛ་ཛཿ བསོའ་བང་རི་ལི་ལི་ཛཿ བིང་རི་ལི་ལི་ཛཿ ཨོཾ་སྟག་ཚིག་སྟག་ཚིག་ཙཀྲ་ཙཀྲ། མ་ཏིང་མ་ཏིང་། ཚ་བའི་དབལ་ཏུ་དུ། གྲང་བའི་བསིལ་ཕོབ། ཨོཾ་མ་ཧཱ་ཀཱ་ལ་གྷ་རུ་ཊ་ཏ་རེ་ཏུ་རེ་བསལ་བསལ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་བསོད་མོ་ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་དྷེ་ཝ་ཡཀྵ་ཧཱུྃ་ཛཿ ཨོཾ་མ་ཧཱ་ཀཱ་ལ་དྷེ་ཝ་བྷི་དུ་ཛཿ ཨོཾ་ཙག་ཤ་ཙག་ཤ་མ་ཏིང་ཚ་བའི་དབལ་ཏུ་དུ་གྲང་བའི་བསིལ་ཕོབ། རྣོ་བའི་ངར་ཕྱུང་། སྟག་ཚིག་སྟག་ཚིག་ཙཀྲ་ཡ་མ་ཛཿ དེང་རིང་རིང་སྭཱ་


CMR016_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ། རྟ་མགྲིན་མེ་དབལ་མགོན་པོ་ཡི། །ལྷ་ཚོགས་མདོག་ནག་འཇིགས་སུ་རུང་། །དཔའ་གཏུམ་གཟི་བརྗིད་བཟོད་རེ་དཀའ།་ཐུགས་ལས་འོད་ཟེར་དཔག་མེད་འཕྲོས། །བདག་དང་ཡོན་བདག་རྣམས་ལ་ཕོག །རྟ་མགྲིན་སྐུ་ལས་བདུད་རྩིའི་རྒྱུན། །བབས་པས་མགོན་ཆུ་དབྱེར་མེད་འདྲེས། །འོད་ཟེར་འཕྲོས་པས་འདྲེ་གདོན་བསྲེགས། །ཆུ་ནི་བདུད་རྩི་དྭངས་སང་ངེ་། །ཛོ་དང་ལྕགས་ཀྱང་དེ་བཞིན་དུ། །བདག་དང་བསྲུང་བྱ་ལ་རེག་ཚེ། །བསིལ་ཞིང་བདེ་བའི་རེག་བྱ་ཅན། །ཡན་ལག་བརྒྱད་ལྡན་ཆུ་ལྟར་གྱུར། །ཨོཾ་རྒྱ་གྷི་ཝ་མ་ཧཱ་ཀཱ་རུ་ན་ཏ་རེ་ཏུ་རེ་གསལ་ལ་ལ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཨོཾ་ཁྱུང་ཨོཾ་ཁྱུང་ཡེ་ཁྱུང་ཡེ། ཁྱུང་སྤུར། འབྱུང་པོ་ཙམ་རཾ་བེ་རཾ་སྭཱ་ཧཱ། ཀར་བྲམ་ཟེ། མེ་བྲམ་ཟེ། ཧོར་བྲམ་ཟེ། མེ་ཏི་ཤི། མེ་ཏི་ངུ་ཤི་སོད། མེ་བྲམ་ཟེ་སོད།་ཆུ་བྲམ་ཟེ་སོད། ཀར་བྲམ་ཟེ་སོད། གྲུ་ལུ་ཧོ། བྲམ་ཟེ་སོད། ཨོཾ་སྐྱེ་རྩེ་ཁ་མོ་བརྡབ། ནེ་ཙོ་ཁ་མོ་བརྡབ། སྤུ་རྩེ་ཁ་མོ་བརྡབ། སྐྱེ་འདྲེ་ངན་མ་ལེ་ཤར། ཨོཾ་སྟག་ཚིག་སྟག་ཚིག་རྩ་ཏྲ་ཡ་པ་མ་ཏིང་ཡེ་སྭཱ་ཧཱ། ཨོཾ་རྩ་སོད། ཚ་བ་གྲང་སོད། བེ་དབལ་


CMR016_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

སོད༔ ཆུ་དབལ་སོད། ཨོཾ་རཾ་ཡཾ་རཾ་སོད་སྭཱ་ཧཱ། ཨོཾ་མེ་ཤི་ངུ་ཤི་སོད་སྭཱ་ཧཱ། ཨོཾ་ཙ་དུ་སོད༔ ཚ་ལ་གྲང་སོད༔ མེ་དབལ་སོད༔ ཆུ་དབལ་སོད༔ ཨེ་བྲམ་ཡཾ་རཾ་སོད་སྭཱ་ཧཱ༔ བདག་ཅག་མི་ནོར་འཁོར་དང་བཅས་པ་ལ་སྲུང་སྐྱོབ་མཛོད་ཅིག །རཀྟ་ཀུ་རུ་ཡེ་སྭཱ་ཧཱ། མགོན་ཆུ་རྐྱང་པ་ཡིན་ན། བདག་བསྐྱེད་ཐུགས་ལས་འོད་འཕྲོས་པས། རྟ་མགྲིན་མེ་དབལ་བྱ་ཁྱུང་དང་། །མགོན་པོ་འོད་ཞུ་མགོན་ཆུར་ཐིམ། །ཁྲོ་ཆུ་ཁོལ་མ་ཚྭ་ཚྭ་འཕྲོ། །ནད་གདོན་བསྲེགས་པའི་ནུས་ལྡན་གྱུར། །འོན་ཀྱང་བཙོ་བརྔོ་སྲེག་དང་གསུམ། །སྦྲེལ་མར་བྱས་ན་ཆོད་ཆེ་ཞིང་། །སྔོན་གྱི་ཕྱག་ལེན་རྙིང་པའང་། །གསུམ་ཀ་དོན་གྱིས་ཚང་བར་སྣང་། །དེ་ཕྱིར་འདི་ལྟར་འདོན་སྒོམ་སྦྲགས། ༈ རྟ་མགྲིན་མེ་དབལ་བྱ་ཁྱུང་དང་། །མགོན་པོའི་སྐུ་ལས་བདུད་རྒྱུན་། །བབས་ནས་མགོན་ཆུ་ལ་ཐིམ་པས། །མགོན་ཆུ་ཡེ་ཤེས་བདུད་རྩིའི་མཚོ། །ལྷ་ལ་ཕོག་ན་ཐུགས་དམ་བསྐང་། །རྣལ་འབྱོར་ལ་ཕོག་ཉམས་ཆག་དག །བསིལ་ལ་བདེ་བའི་རེག་བྱ་ལྡན། །འཇིག་རྟེན་ལྷ་ཕོག་རྨུག་འཐིབ་སང་། །བསྲུང་བྱ་ལ་ཕོག་ནད་གདོན་དག །གནོད་བྱེད་གདོན་བགེགས་ལ་ཕོག་ན། །ཁྲོ་ཆུ་ཁོལ་མ་ཚ་ངར་ཅན། །


CMR016_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

རྣོ་མྱུར་ནུས་པ་ལྡན་པར་གྱུར། །མགོན་ཟངས་ནང་གི་ལྷ་ཚོགས་ཀུན། །ནམ་མཁའི་དབྱིངས་སུ་བཏེག་སྟེ་བཞུགས། །ཨོཾ་བེ་གྲྭ་ཀྲ་ཡ་མ་ཧོ༔ དེ་ནས་མགོན་ཟངས་ནང་གི་གཏོར་ཆུ་བླང་ལ་གཞི་སྟེང་དུ་བཞག །ཀ་རའི་ཨོཾ་དང་ཤུག་པ་ཡང་ཚུར་བསལ། ཆུ་ཉུང་འདུག་ན་སྣོན། རྡོ་ལྕགས་ཚིག་ཡག་མ་རེད་ན་མི་རུང་བས། ཤིང་ངམ་སོལ་བ་སྣོན་ལ། སྤུད་པ་དྲག་ཏུ་བརྒྱབ་ལ། རྡོ་ལྕགས་རྣམས་ཚིག་ཡག་དམར་ཝང་ངེ་བ་བྱ། དེའི་ཚུལ་ཐབ་དྲུང་དུ་རྡོ་ལེབ་ཁོད་སྙམ་པ་ཅིག་བཞག །ལྕགས་སྲེག་ཚེ་སོགས་ལའམ། དེ་བས་སྔོན་ནས་སྔགས་ཆུ་དེ། ཆུ་མང་ནང་དུ་བསྲེས་ལ། ད་ནངས་ཀྱི་སྔགས་དེ་ཕྲེང་བསྐོར་མང་ཉུང་ཅི་འགྲུབ་ཀྱིས་ཁ་གསོ་ལ་སྔགས། དེ་ནས་ལག་པ་རང་གིས་སྔགས་ཆུ་གཟག་ན་ལེགས། མི་མང་ན་བུ་ཆུང་མགོ་གཙང་འགའ་ཟུང་ལ་ལག་ཆུ་གཟག་བཅུག་ནས། ཁྱེད་རྣམས་ཀྱིས་ལག་པའི་ནང་དེ་དག་ཡག་གལ་ཆེ། འཁྱོར་ཁོ་གཡོན་དུ་སྔགས་ཆུ་ཞིག་ཟུང་ལ་སྡོད། ལག་པ་སྐམ་ན་མི་ཉན། སྔགས་མར་འདི་ལག་པའི་ནང་དུ་ཞ་ལ་གྱིས། ཞེས་སྔགས་མར་རྡོག་ཙམ་རེ་བཀྱེ། རང་གིས་ཡང་ལག་པ་དང་རྐང་གཡས་པའི་ཕྱི་རྟིང་བཀྲུས། ཕྱི་རྟིང་རླན་དང་མ་བྲལ་བའི་ཐབས་བྱ། སྔགས་མར་བྱུག ༈ དེ་ནས་དམིགས་པ་ནི། རང་ཉིད་རྟ་མགྲིན་ལག་པ་གཡས་སོར་ལྔ་ཁྲག་འཐུང་ཡབ་ལྔ། གཡོན་སོར་ལྔ་ཡུམ་ལྔ། སྐག་ལེ་གནམ་ལྕགས་རྡོ་རྗེ། མཁར་སྒོང་དང་པོ་ཨོཾ་དཀར་པོ། གཉིས་པ་ཨཱདམར་པོ། གསུམ་པ་ཧཱུྃ་སྔོན་


CMR016_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

པོར་བསྒོམ་པ་ནི་གཞུང་ནས་བཤད་དེ། ༈ རང་ཉིད་ནུས་པ་ཆུང་ནས་ཚིག་སྲག་འདྲ་འོང་དོགས་ན། སྐད་ཅིག་གིས་གནས་འགྱུར་ནས། གནས་ཁང་དེ་མཐའི་རྒྱ་མཚོ་ཆེན་པོའི་དཀྱིལ་ཏེ། རང་ཉིད་ངོ་བོ་རྟ་མགྲིན་ལ་རྣམ་པ་རྒྱ་མཚོའི་དཀྱིལ་གྱི་ཉ་པྲ་བ་ཁ་ཆེ། མི་ཐམས་ཅད་རྟ་མགྲིན་གྱི་སྤྲུལ་པ་ཉ་ཕྲ་བ་ཁ་ཆེ་རེ་རེ། རྡོ་དང་ལྕགས་རྣམས་ཆུ་རྡོ་བསིལ་བའི་ངད་ཅན་དུ་བསྒོམ། གཞན་གྱིས་མ་ཐོས་པར་ད་ནངས་ཀྱི་སྔགས་དེ་འབག་འབུག་བཟླ་ཞིང་། མེ་མདུང་གིས་སྐག་ལེ་ཚུར་དྲུད་ལ། སྐག་ལེའི་མིག་ཏུ་ཤིང་ཐུང་སྦོམ་པ་ཅིག་བརྒྱུས་ཏེ། སྒྱེད་པུ་ལ་ལན་གསུམ་བརྡབ་སྟེ་ལྕགས་དྲེག་སྤྲུག་ཡག་བྱས་ལ། རྡོ་ལེབ་ཀྱི་སྟེང་དུ་སྐག་ལེ་སྒྲུབ་མི་རུང་གན་རྐྱལ་དུ་བཞག །དེའི་སྟེང་དུ་རང་གི་ཕྱི་རྟིང་གཡས་པས་མགྱོགས་པར་ལན་གསུམ་བརྒྱབ། རྐང་པའི་སྔ་སོ་དང་རྐེད་པས་མི་རུང་ངོ་། །སོར་མོ་ལྕགས་ལ་རེག་མི་དགོས་པར་སྐག་ལེའི་སྟེང་ངོས་ནས་བལ་ཐིག་སྣེ་བརྒྱུས་ལ། བལ་ཐིག་གི་སྣེ་གཉིས་ནས་ལག་པ་གཉིས་ཀྱིས་བཟུང་སྟེ་ལག་པ་བརྐྱངས་ནས་ལག་པ་མཐོ་དམན་གྱིས་སྐག་ལེ་ཕར་འགྲིམ་ཚུར་འགྲིམ་བྱེད་ཅིང་འགྲོ་ནས། ཁྱེད་རྣམས་ཀྱི་ལག་མཐིལ་གཉིས་ཀྱི་བར་དུ་ལྕགས་སྲེག་ཚུད་པར་གྱིས་ལ་ཐལ་རྡེབ་རེ་རེ་གྱིས། མང་པོ་བྱེད་མི་རུང་། གཅིག་ནི་མི་བྱེད་མི་རུང་། ང་ཡི་ཟེར་བ་ལྟར་མ་བྱས་ན་ཡ་ཉེས་ཆེ། ཞེས་བརྗོད་རང་གིས་དམིགས་པ་བཟུང་སྔགས་བཟླ་ཞིང་འགྲིམ། མི་རྣམས་རྫོགས་ནས་སྐག་ལེ་བལ་ཐིག་བརྒྱུད་ནས་ཐབ་གཤུར་བྱས་ཏེ། ཟངས་རྐུབ་ཕུད་དོགས་བྱས་ལ་མགོན་ཆུ་ནང་


CMR016_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཕང་། ཡང་ན་དང་པོ་ཇོ་གསུམ་འགྲིམ། དེ་ནས་ལག་པ་བཀྲུས་ནས་ལྕགས་འགྲིམ་གསོལ་ཡང་སྣང་སྟེ་གང་འདོད་ཆོག་ཁྱད་མེད། དེ་ནས་མེ་ཡོག་གི་ཇོ་རྣམས་མེ་འགྲམ་དུ་བཏོན། རང་མཆོད་གཞིའི་འགྲམ་དུ་འགྲོ་ནས་བལ་འདབ་བརྩེགས་མ་སྔགས་ཆུར་སྦང་བ་དེ། རང་གི་ལག་མཐིལ་གཡོན་གྱི་སོར་མོ་དེ་ཁེབས་པར་བཀོད། ཕྱེ་མར་ནང་ནས་མར་མ་འདྲེས་པའི་རྩམ་པ་མང་བ་ཞིག་བཀོད། དེ་ནས་མེ་འགྲམ་དུ་འོང་ནས་མེ་ཐུར་གྱིས་མཁར་སྒོང་ཟུར་གསུམ་གྱི་དབྱིབས་ཟུར་ཡོད་པ་གཅིག་ཚུར་བཏོན། རྡོ་ལེབ་ཕར་གཏུག་ལ་དེའི་སྟེང་དུ་མཁར་སྒོང་བཏོན། ལག་པ་གཡོན་གྱིས་བལ་གྱི་སྔགས་ཆུ་ལ། གཡས་ཀྱིས་མཐེབ་མཛུབ་གཉིས་སྦྱང་ཡག་བྱས་ལ། མཐེབ་མཛུབ་གཉིས་ཀྱིས་སོར་རྩེ་སྐམ་པའི་དབྱིབས་ལྟར་བྱས་ཏེ། མགྱོགས་པར་ལག་པ་གཡོན་པ་རྩམ་པའི་དཀྱིལ་དེར་བཞག །མཆོད་འགྲམ་དུ་སོང་ནས་མཁར་སྒོང་གི་སྟེང་རས་སྣུམ་ཚོས་བྱས་པས་བཀབ། དེའི་སྟེང་དུ་ཕྱེ་མར་ཕྱེ་ཕུར་བྱས་པ་དེ་ཚུམ་གཅིག་བཏབ། ལག་པ་གཡས་པས་མེ་རུ་བཟུང་བས་དབབ་དོགས་བསྐྱོར་ཏེ། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷི་ཝ་ཧཱུྃ་ཕཊ༔ ཕུག་གི་ལྷ་ལ་གནོད་པར་བྱེད་པའི་གདོན་བགེགས་ཐམས་ཅད་མཱ་ར་ཡ་ཛྭ་ལ་རཾ། ཞེས་བརྗོད་ཅིང་མི་རྣམས་ཀྱི་ངོ་ལ་གཡས་སྐོར་གྱི་ཚུལ་རེ་བྱས་ཤིང་འགྲིམ་ཚར་ནས་མཆོད་གཞིའི་འགྲམ་དུ་རྡོ་ལེབ་ཐོག་ཏུ་བཞག །དེ་ནས་སྔོན་ལྟར་མཁར་སྒོང་ཅིག་བླང་ལ་གོང་ལྟར་བྱས་ཏེ། མི་རྣམས་ཀྱི་བྲང་གི་ཐད་དུ་བསྐོར་བའི་ཚུལ་བྱ་ཞིང་། ཨོཾ་


CMR016_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གྷི་ཝ་ཧཱུྃ་ཕཊ༔ བར་གྱི་མི་ལ་གནོད་པའི་གདོན་བགེགས་ཐམས་ཅད་མཱ་ར་ཡ་ཛྭ་ལ་རཾ། ཞེས་བརྗོད་ཅིང་འགྲིམ་ཚར་ནས་དལ་བུས་ཟངས་ནང་དུ་འཕང་། དེ་ནས་ལག་པ་གཡོན་ཅུང་ཞིག་གྲོས་བྱུང་ན་སྔགས་ཆུ་ནང་དུ་བསྒྲེས། བལ་གྱི་སྟེང་དུ་རྩམ་པ་ཞིག་ཀྱང་བསྣོན། སླར་ཡང་སྔོན་ལྟར་མཁར་སྒོང་ཅིག་བླང་ལ་འགྲིམ་ཞིང་། པུས་མོའི་ཐད་དུ་བསྐོར་ཚུལ་རེ་བྱ་ཞིང་། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷི་ཝ་ཧཱུྃ་ཕཊ༔ སྒོའི་ནོར་ལ་གནོད་པའི་གདོན་བགེགས་ཐམས་ཅད་མཱ་ར་ཡ་ཛྭ་ལ་རཾ། ཞེས་བརྗོད་ཚར་ནས་མཁའ་འགྲོ་རྒྱུ་ལྡོག་ཕྱོགས་ཅིག་འཕྲོད་ན་ཟོར་དུ་འཕང་བ་སྲོལ་ཡིན་ཏེ། བཞེས་འབོད་འདྲ་བ་རང་གི་ཅི་ཤེས་ཅུང་ཟད་བརྗོད་སྲོལ་གདའ། ཁོ་བོའི་སློབ་དཔོན་གྱིས་སྔར་སྐུ་གཞོན་དུས་ཇོ་འཕང་བ་མདའ་རྒྱང་ཙམ་དུ་སོང་། འགྲས་སུ་ཡོད་པའི་མི་ཞིག་གི་ཁང་ཐོག་ཏུ་སོང་ནས་བམ་པོ་ལ་མེ་མཆེད་པའི་ལོ་རྒྱུས་ཀྱང་སྣང་། འོན་ཀྱང་ཕྱོགས་ཞིབ་པར་བརྩི་དཀའ་བས། སྒོ་ཕྱི་ཡི་སྒོ་དྲུང་གི་གཡས་གཡོན་གང་རུང་དུ་བཞག་ནས། སྒོ་སྲུང་ཁྲོ་བོ་ཁྲོ་མོ་ཡིན་པར་བསྒོམས་པས་བསྲུང་བའི་མཆོག་ཡིན་ཏེ། གནོད་བྱེད་གདོན་བགེགས་གང་གིས་ཀྱང་མི་ཚུག་པར་སྲུངས་ཤིག་རཀྵ་རཀ། ཞེས་བརྗོད༔ དེ་ནས་ཁྱུང་ཚང་བཅས་པའི་ཤུག་ལོ། རྩ་བ་རགས་པ་རྩེ་མོ་ཕྱུག་པ་གཅིག་ལག་པ་གཡས་སུ་བཟུང་ལ། མི་རྣམས་ཉེ་མ་རིང་དུ་ཕྱི་སྟོད་ཕུད་ལ་འདུག་བཅུག །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷི་ཝ་ཧཱུྃ་ཕཊ༔ ཨེ་ཧོ་ཤུདྡྷེ་ཤུདྡྷེ་


CMR016_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་ཨ༔ ལན་གསུམ་བརྗོད། དེ་ནས་ཡར་མཆོད་གཞིའི་ངོས་སུ་ཤུག་པས་གཏོར་ཞིང་། བླ་མ་ཡི་དམ་རྣམས་ལ་སྐུ་ཁྲུས་གསོལ། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་སྐུ་ཁྲུས་གསོལ། །ནོར་ལྷ་གཏེར་བདག་རྣམས་ལ་སྐུ་ཁྲུས་གསོལ། །ཁྱིམ་ལྷ་ཕུག་ལྷ་རྣམས་ལ་སྐུ་ཁྲུས་གསོལ། །ཕོ་ལྷ་དགྲ་ལྷ་རྣམས་ལ་སྐུ་ཁྲུས་གསོལ། །མ་ལྷ་ཐབ་ལྷ་རྣམས་ལ་སྐུ་ཁྲུས་གསོལ། །དེ་ནས་ཁ་ཕྱིར་གྲུས་ལག་པ་གཡས་པ་བརྐྱང་ལ་ཟངས་ནང་དུ་ཤུག་པ་བཅུག་ནས་དལ་བུས་འུར་རྡོ་འཕེན་པ་ལྟར་བསྐོར་ཞིང་། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷི་ཝ་ཧཱུྃ་ཕཊ༔ ག་རུ་ཊ་བྷརྩི་བྷནི་བྷི་མ་ལེ་ཨུ་ཙུཥྛ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ༔ མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག་སྭཱ་ཧཱ། གཅིག་གམ་གསུམ་བརྗོད་ནས། ལག་སྟབས་གོང་ལྟར་བྱེད་ཅིང་མི་རྣམས་ལ་གཏོར་ཞིང་། ཨོཾ་བྷཆུང་དྷིཥ་རོ་གྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་བྷཆུང་དྷིཥ་བཙོག་གྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། །ཨོཾ་བྷཆུང་དྷིཥ་ནལ་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་བྷཆུང་དྷིཥ་སྨུག་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་བྷུཆུང་དྷིཥ་དམེ་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་


CMR016_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བྷཆུང་དྷིཥ་འཁོན་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་བྷུཆུང་དྷིཥ་མཛེ་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་བྷུཆུང་དྷིཥ་ཡུགས་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་བྷཆུང་དྷིཥ་མནོལ་གྲིབ་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་བྷཆུང་དྷིཥ་ཟས་གྲིབ་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་བྷཆུང་དྷིཥ་གོས་གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་བྷཆུང་དྷིཥ་དམ་ཚིག་ཉམས་པའི་གྲིབ་ཐམས་ཅད་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་བྷུཆུང་དྷིཥ་མི་གཙང་དྲི་མའི་ཚོགས་རྣམས་ཐམས་ཅད་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། དེ་ནས་ཟངས་ནང་དུ་ཆུ་འཁྱག་སྣོན་ལ་ཟོ་ལུ་ནང་དུ་ཕར་འཕྲིས་ཏེ། སྔགས་པ་རང་ཉིད་འགྲོ་བའམ་མ་ལྕོགས་ན་བུ་ཆུང་མགོ་གཙང་བཏང་ལ་ཁྱིམ་མགོ་མཇུག་ཐམས་ཅད་དང་། རྣམ་རྟོག་གར་ཡོད་དུ་གཏོར་བཅུག །ཆུ་གཞན་ལ་སྦྱིན་དགོས་ཀྱང་སྐུར་ཆོག །ཞག་སོང་ཡང་འདེབས་རུང་། བརྔོ་སྲེག་མི་བྱེད་ན། འདི་ནས་ཟངས་ནང་དུ་གཏོར་མ་སྟེགས་པ་དང་རྟ་བྲོ་སོགས་མཇུག་ནས་འབྱུང་བ་ལྟར་བྱ་བ་ཡིན་ཏེ། གསུམ་ཀ་སྦྲེལ་ནས་བྱེད་ན། ཟངས་ཕར་ཕོག་ལ་སླ་ང་ཅིག་རབས་ཆད་དང་མི་གྲིབ་ཅན་གཅིག་གིས་སྦྱབ་རང་ལ་བསྟན་ནས་བཙུགས་བཅུག །མར་ནག་གི་ཚབ་ལ་རྐང་དང་ཚིལ་དང་། གཏོར་མའི་མདུན་གྱི་སྒོ་ངའི་ཚུལ་གྱིས་མར་གྱི་རིལ་བུ་གསུམ། ཁྲག་ཐིགས་གཅིག་རེ་ལྕག་ཐང་ཕྲོམ་བོང་ང་གང་རྙེད་བཏབ། དེའི་ནང་དུ་གཏོར་


CMR016_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ནང་གི་ལིངྒ་ཡང་བཞག་ལ་བྲན། ནམ་མཁར་བཏེག་པའི་རྟ་མགྲིན་གཙོ་འཁོར་ཐབ་ཀྱི་མེ་དཔུང་གི་ནང་དུ་བྱོན་ནས་བཞུགས་པར་གྱུར། ཛཧཱུྃ་བཾ་ཧོཿ ལྷ་བཞིའི་ཞལ་དང་དབྱེར་མེད་པ་ལྕགས་སྲེག་གི་སླ་ང་དུག་ཁྲག་གི་རྒྱ་མཚོ་དམར་ལྷང་ངེ་བ། དུག་རླང་གི་མེ་དཔུང་སྔོ་དམར་འཚུབ་ཅིང་འཁྱིལ་བའི་དབུས་ན་ལིངྒ་གནོད་བྱེད་གདོན་བགེགས་མངོན་སུམ་དུ་གསལ་བར་གྱུར། ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པ་དང་། དཔལ་ཆེན་རྟ་མགྲིན་ནག་པོ། ཡེ་ཤེས་ཁྱུང་ཆེན་འབར་བ། ཁྲོ་རྒྱལ་ཡཀཱ་མེ་དབལ༔ མ་ཧཱ་ཀཱ་ལ་ཚོགས་ཀྱི་བདག་པོ་འཁོར་དང་བཅས་པའི་མཐུ་སྟོབས་ཀྱིས། བདག་ཅག་ཡོན་མཆོད་ལ་གནོད་ཅིང་འཚེ་བར་བྱེད་པའི། ནད་འདྲེ་གཅོང་སྲི་ཟ་འདྲེ་ཤི་གཤེད། གོད་འདྲེ་ཆུང་སྲི། སྒབ་འདྲེ་དམ་སྲི་ཐམས་ཅད་གཟུགས་ལིངྒ་འདི་ལ་ཁུག་ཅིག །བཛྲ་ཨཾ་ཀུ་ཤ་ཛ་ཛཿ བཛྲ་པཱ་ཤ་ཧཱུྃ་ཧཱུྃ༔ བཛྲ་སྤོ་ཊ་ཐཾ་ཐཾ༔ བཛྲ་གྷནྡྷེ་ཧོ་ཧོ༔ བཛྲ་ཨ་ཝེ་ཤ་ཡ་ཨ་ཨཱཿ ཆང་ནང་དུ་ཡུངས་ཀར་དང་བུལ་ཏོག་བཏབ་པ་ཡོད་ན་ལེགས། མེད་ན་ཇ་རྒོད་ནང་དུ་མར་ཁུ་བསྲེས་ལ་ནས་བཏབ། རྡོ་ཐུན་ཞིབ་བུ་དང་བསྲེས་ཀྱང་རུང་སྟེ། དྲག་སྔགས་འདི་བཟླས་ཤིང་སླ་ང་ནང་དུ་བྲབ།


CMR016_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

མེ་འབར་ཞིང་གསུར་གཞོབ་འོང་བར་བྱས་ཏེ། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷི་ཝ་ཧཱུྃ་ཕཊ༔ ཡཀྵ་ནག་པོ་ནི་ཁྲི་ཧུར་ཤྲཱི་ཛཿ གནོད་བྱེད་མཱ་ར་ཡ་སྲོག་ལ་རྦད་རྦད༔ སྙིང་ལ་རྦད་རྦད༔ རྩ་ལ་རྦད་རྦད༔ ཁྲག་ལ་རྦད་རྦད༔ ཤ་ལ་རྦད་རྦད༔ རུས་ལ་རྦད་རྦད༔ ཀླད་པ་ལ་རྦད་རྦད༔ ཡིད་ལ་རྦད་རྦད༔ ཙིཏྟ་ཟུང་ཟུང་༔ ཙིཏྟ་སྨུག་སྨུག༔ ཙིཏྟ་ཕྱུང་ཕྱུང་༔ ཙིཏྟ་གཏུབ་གཏུབ༔ ཙིཏྟ་མྱོག་མྱོག༔ ཙིཏྟ་ཧཱུྃ་ཧཱུྃ༔ ཧྲིལ་ཧྲིལཿ ཡ་ཡ༔ བྷྱོ་བྷྱོ༔ སྲོག་རྩ་ཆོད་ཆོད༔ སྙིང་རྩ་ཕྱུང་ཕྱུང་༔ ཁཾ་ཁཾ་ལཾ་ལཾ༔ ཚལ་པ་རྦད་རྦད༔ དུམ་བུར་རྒྱུད་ཆུད༔ ཐུ་མྱོག་བི་རིལ༔ མཱ་ར་ཡ་རྦད་སོད༔ རཾ་རཾ་ཛྭ་ལ་རཾ༔ ཨུ་ཙ་ཏ་ཡ་ཕཊ༔ ཅེས་པ་དལ་ཁོམ་དང་བསྟུན་ནས་བཟླས་ཤིང་ཐུན་བརྡེག །ཁྲོ་བོའི་ཞལ་གྱིས་རང་ཉིད་ལྕགས་སྲེག་སླ་ངའི་ནང་དུ་ཡོད་ན་བགེགས་རྣམས་གཞོབ་ཐུལ་དུ་ཚིག་པར་བསྒོམ། དེ་ནས་གཏོར་ཆེན་ནང་ནས་དམར་གཏོར་ཆུང་བ་ཞིག་བླངས་ལ་བྲན་ནས་བཟུང་བཅུག་ཧཱུྃ། མེ་དཔུང་འབར་བའི་དཀྱིལ་འཁོར་ནས། །དགྲ་བགེགས་བསྣོལ་བའི་ཁྲི་སྟེང་ནས། །རྟ་མགྲིན་ནག་པོ་སྐུ་བཞེངས་ཤིག །བསྐུལ་ལོ་ཡཀྵ་མཐུ་བོ་ཆེ། །རྦད་དོ་ཁྱུང་ཆེན་དྲག་རྩལ་ཅན། །མ་གཡེལ་མགོན་པོ་ཚོགས་ཀྱི་བདག །དམ་


CMR016_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད། །རྣལ་འབྱོར་སྐུ་ཚེ་ཁྱོད་ཀྱིས་སྲིངས། །ཡོན་བདག་བར་ཆད་ཁྱོད་ཀྱིས་སོལ། །གནོད་པའི་བགེགས་ལ་ལས་མཛོད་ཅིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་ཧྱ་གྷི་ཝ་བཛྲ་ཡཀཱ་ག་རུ་ཊ་མ་ཧཱ་ཀཱ་ལ་གནོད་བྱེད་གདོན་བགེགས་ཐམས་ཅད་ཀྱི་མ་ཧཱ་མཾ་ས་ལ་ཁཱ་ཧི། རཀྟ་ལ་ཁཱ་ཧི། ཙིཏྟ་ལ་ཁཱ་ཧི། ཀིཾ་ནི་རི་ཏི་ལ་ལཱ་ཧི། བྷ་ལིང་ཏ་ལ་ཁཱ་ཧི་ཁཱ་ཧི་ཛྭ་ལ་རཾ་རཾ། གདོན་བགེགས་ཐམས་ཅད་བསྲེག་ཅིང་གསོལ་ནས། སླ་ང་ཡང་ཞུ་སྟེ་ལྷ་རྣམས་ཀྱི་ཞལ་ལ་ཐིམ། སྒྱེད་པུའི་ལྷ་གསུམ་ཡང་མགོན་པོ་ཚོགས་བདག་གི་སྐུ་གསུང་ཐུགས་ལ་ཐིམ་པར་གྱུར། ཨོཾ་ཨཱཿཧཱུྃ། དེ་ནས་སླ་ང་ཕོག་ལ་ཕ་ཀིར་བཞག །སྒྱེད་པུ་རྣམས་ལག་ལྕིབ་ཀྱིས་བལ་དེ། མིས་མི་རྫི་མེ་མི་མཆེད་སར་བཞག །དེ་ནས་ཐབ་ཀྱི་མེ་ཅུང་ཞིག་བརྡོལ་ནས། མགོན་ཆུའི་གཏོར་མ་སྟེབ་ནང་དུ་དུང་རྡོག་བཅུག་པ་དེ་བཞག །མར་གྱི་ཁྱུང་ཚུར་བླངས་ལ་དངོས་གྲུབ་ཀྱི་ཚུལ་དུ་སྔགས་མར་བྱ་རུང་། ༈ ཕྱི་ནས་ཤིང་གྲུ་གསུམ་དུ་བརྩེགས་མེ་ཚང་བཅའ། རང་གི་མདུན་དུ་གཏོར་ཆུང་དང་ལིངྒ་ཤ་ཁྲག་གིས་བརྒྱན་པ་ཉེར་གཅིག་བཞག །ཐབ་དང་གཉིས་ཀ་བྲན། སྐད་ཅིག་


CMR016_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཨེ་ལས་མེ་ཐབ་གྲུ་གསུམ་མཐིང་ནག་ཁ་ཁྱེར་རལ་གྲིས་མཚན་པ། མེ་དཔུང་ཁ་དོག་ལྔ་འབར་བའི་དབུས་སུ། སྔར་གྱི་རྟ་མགྲིན་གཙོ་འཁོར་བཞི་པོ་སྐད་ཅིག་ལ་གསལ་བར་གྱུར། ལྷ་བཞི་པོ་ཞལ་གནམ་ས་ཙམ་གདངས་པ། མཆེ་བ་གངས་རི་ཙམ་གཙིགས་པ། ལྗགས་གློག་ལྟར་འཁྱུག་པ། ཁ་རླངས་མེ་དཔུང་འབར་བའི་ནང་དུ་གནོད་བྱེད་གདོན་བགེགས་ཐམས་ཅད་བཞེས་ཤིག །དཀོན་མཆོག་གསུམ་གྱི་བདེན་པ་དང་བདེན་པ་ཆེན་པོའི་མཐུས། གནོད་བྱེད་གདོན་བགེགས་ཐམས་ཅད་ལིངྒ་འདི་ལ་ཐིམ་པར་གྱུར་ཅིག ། ཛཧཱུྃ་བཾ་ཧོ༔ ཧཱུྃ། ཡེ་ཤེས་ཀློང་ཡངས་ཆེན་པོའི་ཧོམ་ཁུང་དུ། །གནོད་བྱེད་དགྲ་བགེགས་འབྱུང་པོའི་ཤ་ཁྲག་འདི། །དཔལ་ཆེན་རྟ་མགྲིན་ནག་པོའི་ཞལ་དུ་བསྟབ། །ཡེ་ཤེས་ཁྱུང་ཆེན་འབར་བའི་ཞལ་དུ་བསྟབ། །ཁྲོ་རྒྱལ་ཡཀཱ་མེ་དབལ་ཞལ་དུ་བསྟབ། །མགོན་པོ་ཚོགས་ཀྱི་བདག་པོའི་ཞལ་དུ་བསྟབ། །ཞལ་དུ་བསྟབ་བོ་བཞེས་ཤིག་ཁ་རཾ་ཁཱ་ཧི། །མགུལ་དུ་བསྟིམ་མོ་བཛྲ་ཨཱ་ར་ལི། །ལྷག་མེད་དབྱིངས་སུ་རོལ་ཅིག་ས་མ་ཡ། །རྒྱ་གྷི་ཝ་བཛྲ་ཡཀཱ་ག་རུ་ཊ་མ་ཧཱ་ཀཱ་ལ་གནོད་བྱེད་ཛྭ་ལ་རཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་མགོན་


CMR016_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཆུའི་གཏོར་མའི་དྲུང་གི་དམར་གཏོར་ཆུང་བ་གཅིག་ལྷག་ཡོད་པ་དེ་ཕུལ། དེ་ནས་ལིང་ཆུང་དང་གཏོར་ཆུང་ཉེར་གཅིག་པོ་སྔགས་རེ་དང་སྤྲད་ལ་ཕུལ། དགང་གཟར་མི་དགོས་རང་གི་ལག་གིས་འཕེན་པ་དྲག་ལས་ཆེན་པོར་བཤད། དེ་ནས་ཡོན་བདག་རྣམས་ཉེ་མ་རིང་དུ་གོས་སྤུ་མེད་པ་གྱོན་ལ་འདུག །སུ་རུའམ་ཤིང་གཤག་སྣོན་ལ་མེ་ཆེན་སྦྱར། མཆོད་གཡོག་པས་སྦྱང་ཕྱེ་ཐོགས་ལ།་རང་ཉིད་ལངས་ཏེ། ཧཱུྃ། རང་བཞིན་རྣམ་དག་ཟླ་དུར་ཁྲོད་ཆེན་པོ་ནས། །ཡེ་ཤེས་ལྔ་ཡི་མེ་དཔུང་འབར་བ་འདི། །ཕྱོགས་མཚམས་སྟེང་འོག་ཁྱབ་པར་འཕྲོས། །མེ་ལྕེ་སྣ་ལྔས་སྟོང་གསུམ་གང་། །ཡེ་ཤེས་མེ་སྒྲ་འབྲུག་ལྟར་ལྡིར། །སྤྲུལ་པའི་མེ་ལྕེ་གློག་ལྟར་འཁྱུག །ཡང་སྤྲུལ་ཚྭ་ཚྭ་སྐར་ལྟར་འཁྲུག །ལྷ་བཞིའི་ཚོགས་ཀྱང་དེ་འདྲ་སྟེ། །ཚངས་པའི་འཇིག་རྟེན་མན་ཆད་དང་། །ས་འོག་ལྟོ་འཕྱེ་ཡན་ཆད་དུ། །ཕྲིན་ལས་ཕུན་སུམ་ཚོགས་པའི་ལས་མཛོད་ཅིག །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །དེ་ནས་རྟ་མགྲིན་གྱི་ཆེད་བརྒྱད་དམ། རྩ་སྔགས་ལ་སུམ་བྷ་ནི་བཏག་ཅིང་མི་རྣམས་ལ་མེ་ཞགས་བརྒྱབ། དེ་ནས་སྔོན་གྱི་སླ་ང་དེ་ཡུ་བ་རིང་པོ་སྦྱར། དེའི་ནང་དུ་ཐབ་ནས་མེ་བླུག་ལ། ཤིང་གཤག་གམ་སུ་རུ་སྦྱར་ལ་མཆོད་གཡོག་པས་སུ་རུ་སྦྲང་མ་ཁྱེར། ཁྱིམ་མམ་རྟ་ནོར་དང་རྣམ་རྟོག་གང་ཡོད་མེ་ཞགས་


CMR016_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱབ། རྩྭ་ཚང་དང་སོག་ཚང་ལ་རྒྱོབ་མི་རུང་། དེ་ནས་མེ་འགལ་དང་མེ་ཁྲོལ་མ་ལུས་པར་བསྡུས་ནས་ཐབ་ཏུ་བླུག །ཐབ་ཀྱི་ལྷ་ཚོགས་རྣམས་ནམ་མཁར་བཏེག་པར་ཡིད་ཀྱིས་བསྒོམས་ལ། མེ་སྙིང་གི་གཏོར་མ་ཚུར་བླངས་ལ་ནང་ནས་དུང་རྡོག་བཏོན། མགོན་ཟངས་ནང་གི་ཆུ་རྣམས་སྣོད་གཞན་དུ་དལ་བུས་བྱོ་སྟེ། ཆུ་ལྷག་དེ་སྒོ་ལ་ཁྱེར་ནས་འཕོ་བཅུག་སྟེ། དེ་ཡང་དུང་རྡོག་སོགས་རིན་པོ་ཆེ་ཡར་བླང་། །མགོན་སྙིང་གྲི་ཆུང་བཙུགས་པ་དེ་བཞག་ལ། ཆུ་ལྷག་མོ་སྒོར་འདེབས་དུས་གྲི་དེའི་རྩེ་ཕར་བསྟན་ན་བཟང་། རྩེ་ཚུར་བསྟན་པ་དང་། དམིགས་པ་མི་གསལ་བ་དང་ཆུ་མདོག་དང་ཕོ་ལུགས་ངན་ན་ད་རུང་རིམ་གྲོའི་ལུང་སྟོན། ཟངས་ཡོ་བྱུང་ན་གར་ཡོ་དེ་ཕྱོགས་ལོ་སྙིང་ཅན་ལ་ངན། ཆུ་མདོག་དང་ཁོལ་ལུགས་བཟང་ན་དམིགས་པ་གསལ་ཞིང་རྨིས་ལྟོས་ལེགས་གྲི་རྩེ་ཕར་བསྟན་ན། རྐྱེན་འགྱུར་སྐྱོན་མེད་ཅེས་ལུང་བསྟན་ནོ། །དེ་ནས་ཟངས་དེ་མདུན་དུ་བཞག་ལ། ཨེ་ལས་ལྕགས་སྲེག་གི་མགོན་ཟངས་གྲུ་གསུམ་འབར་བའི་ནང་དུ་གནོད་བྱེད་གདོན་བགེགས་དམ་སྲི་བཀའ་ལ་མི་ཉན་དམ་ལ་མི་གནས་མགོ་གཡོག་མགོ་བསྐོར་འགྱུ་ལོག་འཕར་ལྡང་བྱེད་པ་ཐམས་ཅད་ཁུག་ཅིག །ཛཧཱུྃ་བཾ་ཧོཿ དེ་ནས་མགོན་ཆུ་གཏོར་མ་ཆུང་བ་གཅིག་དེ་བཟུང་ལ། ཧཱུྃ། རྟ་མགྲིན་ནག་པོའི་དུས་ལ་བབ། །ཁྱུང་ཆེན་འབར་བའི་དུས་ལ་བབ། །ཡཀཱ་མེ་དབལ་དུས་ལ་བབ། །མ་ཧཱ་ཀཱ་ལའི་དུས་ལ་


CMR016_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བབ་། །གདོན་བགེགས་སྙིང་ལ་གཏོར་ཟོར་རྒྱོབ། །དམ་སྲི་སྙིང་ལ་གཏོར་ཟོར་རྒྱོབ། །གཏོར་མར་མེ་དཔུང་འབར་བ་ཡིས། །གདོན་བགེགས་དམ་སྲི་གཞོབ་ཏུ་བསྲེགས། །ཞེས་ཆད་བརྒྱད་བཟླས་ལ་གཏོར་མ་ཟངས་ནང་དུ་བརྒྱབ། །དེ་ནས་ཟངས་སྒྲུབ་ལ་རྐང་པས་མནན་ནས། ཧཱུྃ། དགྲ་བགེགས་བསྒྲལ་བའི་ཕུང་པོ་ལ། །དཔའ་བོ་ཆེན་པོས་བྲོ་བརྡུང་བས། །ཕྱོགས་བཅུ་ནམ་མཁའི་ཁམས་གང་ནས། །ཁྲོ་བོའི་ཚོགས་དང་ཁྲོ་མོའི་ཚོགས། །མ་སྲིང་ཚོགས་དང་མཁའ་འགྲོའི་ཚོགས། །བྲོ་ལ་གཤེགས་སོ་ཆེམས་སེ་ཆེམ། ཧཱུྃ། ང་ནི་རྟ་མགྲིན་ཁྲོས་པའི་སྐུ། །རྟ་སྐད་ལན་གསུམ་སྟེང་དུ་སྒྲོགས། །དང་པོས་གཟུགས་མེད་ཁམས་ཀུན་གཡོ། །གཉིས་པས་གཟུགས་ཁམས་དབང་དུ་སྡུད། །གསུམ་པས་ཁམས་གསུམ་ཟིལ་གྱིས་གནོན། །འདི་ནི་རྟ་ཡི་བརྟུལ་ཞུགས་ཡིན། །ཧཱུྃ། ང་ནི་རྟ་མགྲིན་ཁྲོས་པའི་སྐུ། །རྟ་བྲོ་ཁམས་གསུམ་འོག་ཏུ་བརྡུང་། །དང་པོས་ས་སྟེང་འཇིག་རྟེན་གཡོ། །གཉིས་པས་ས་བླ་དབང་དུ་སྡུད། །གསུམ་པས་ས་འོག་ཟིལ་གྱིས་གནོན། །འདི་ནི་ཁྲོ་བོའི་མཐུ་རྩལ་ཡིན། །ཧཱུྃ། ང་ནི་རྟ་མགྲིན་ཁྲོས་པའི་སྐུ། །དུག་གསུམ་


CMR016_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་ཞབས་སུ་མནན། །ཞེ་སྡང་ཕོ་རྒྱུད་གཡས་སུ་མནན། །འདོད་ཆགས་མོ་རྒྱུད་བགཡོན་དུ་མནན། །གཏི་མུག་རིགས་རྒྱུད་རྩད་ནས་བཅད། །འདི་ནི་ཁྲོ་བོའི་ཕྲིན་ལས་ཡིན། །ཧཱུྃ། སྡང་བའི་དགྲ་དང་གནོད་པའི་བགེགས། །བྱད་མ་རྣམས་ཀྱི་རྩད་ཆོད་ཅིག །བྱེད་མི་དམ་སྲི་གདོན་གྱི་ཚོགས། །རྡུལ་ཕྲན་བཞིན་དུ་མེད་པར་མཛོད་།་རྟ་མགྲིན་ཁྲོ་བོའི་ཚོགས་ཀྱིས་བརྡུང་། །ཡེ་ཤེས་རི་རབ་བརྗིད་ཀྱིས་མནན། །དྲག་སྔགས་རྡོ་རྗེའི་མཚོན་གྱིས་གཏུབ། །གཟི་བརྗིད་མེ་དཔུང་ཟིལ་གྱིས་བསྲེགས། །སྲིད་པ་ལས་ཀྱི་རླུང་གིས་གཏོར། །ཇི་སྲིད་བསྟན་པ་མ་རྫོགས་པར། །དགྲ་བགེགས་ལྡང་བར་མ་གྱུར་ཅིག །སརྦ་བྷིག་ནན། ཤ་ཏྲི་པུཾ་བྷ་ཡ་ནན། དེ་ནས་མགོན་ཟངས་ཁ་ཡར་ཟེད་ལ་དངོས་གྲུབ་ཀྱིས་གང་བར་བསམ་ལ། སརྦ་སིདྡྷི་ཕ་ལ་ཧོ། ཞེས་བརྗོད། དེ་ནས་གཏང་རག་གི་ཚུལ་གྱིས་རང་གི་ཡི་དམ་གུ་རུ་ཞི་དྲག་སོགས་གང་ཡིན་གྱི་ཚོགས་བྱས་ལ། ཚོགས་ཕུད་ཀྱི་སྐབས་སུ་ཚོགས་ཕུད་ཕུལ་ནཱས། གྱ་གྱི་ཝ་བཛྲ་ཡཀཱ་ག་རུ་ཊ་མ་ཧཱ་ཀཱ་ལ་གྷ་ན་ཙཀྲ་ཁཱ་ཧི། ལན་གསུམ་གྱིས་གཏང་རག་ཕུལ། ལྷག་མ་ཕུལ། ཆད་མདོ་བརྟན་སྐྱོང་བྱས་ཀྱང་རུང་མ་བྱས་ཀྱང་ཆོག །བཀྲ་ཤིས་བརྗོད། དེ་


CMR016_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །སྤྱན་དྲངས་པའི་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། བཛྲ་མུཿ དམ་ཚིག་པ་འོད་དུ་ཞུ་ནས་མགོན་སྙིང་ལ་ཐིམ་པར་གྱུར། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། མགོན་སྙིང་སོ་སོར་བསྲུང་བ་བཏགས་རྒྱུ་གཏད། དགེ་བ་འདི་ཡིས་མྱུར་དུ་བདག །རྟ་མགྲིན་ནག་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བསྔོ་བ་སྨོན་ལམ་བྱ། མི་དམིགས་པར་བཞག་གོ༔ ༈ །ཨེ་མ་ཧོ༔ རྟ་མཆོག་རོལ་པའི་དུམ་བུ་ཀླུ་འདུལ་རྒྱུད། །སྒྲུབ་ཐབས་རྒྱ་གཞུང་ཨོ་རྒྱན་ཆེན་པོས་མཛད། །གཏེར་སྟོན་རྒྱལ་པོ་མངའ་བདག་ཉང་གིས་བཏོན། །གྲུབ་མཐའ་ཕྱོགས་རིས་མེད་པ་ཀུན་ལ་དར། །སྐྱེས་ཆེན་དམ་པ་མང་པོས་ཡི་དམ་མཛད། །དབང་ལུང་ཡོངས་རྫོགས་བརྒྱུད་པ་དར་ཆེ་ཡང་། །ལས་སྦྱོར་བཙོ་བརྔོ་སྲེག་པའི་ཕྱག་ལེན་ནི། །བསལ་ཞིང་ཆ་ཚང་སྔོན་ཆད་བསྒྲིགས་པ་མེད། །འདི་ཉིད་བསྒྲིགས་ན་རྒྱུད་དང་རྒྱ་གཞུང་དེའི། །བསྟན་པའི་ཆགས་ཕྱི་མཆོག་ཏུ་འགྱུར་བར་སེམས། །ལྷ་དང་ཆོས་བདག་རྣམས་ལ་གསོལ་བཏབ་ནས། །མཎྜལ་བརྒྱ་རྩ་བསྐང་ཐུང་བརྒྱ་རྩ་ཕུལ། །ཁུངས་བཙུན་རྒྱ་གཞུང་ཉིད་ལ་ཕུག་བྱས་ཏེ། །ཀཐོག་ཉི་མ་རྡོ་རྗེས་མཛད་པ་ཡི། །རྒྱ་གཞུང་དེ་ཡི་ཞལ་གདམས་ཉུང་བསྡུས་དང་། །མེ་དབལ་དང་ནི་ཁྱུང་གི་དབལ་ཆུ་དང་། །ཚོགས་བདག་མགོན་ཆུ་རིགས་གཉིས་དོན་བསྡུས་ཏེ། །སློབ་དཔོན་སྔགས་འཆང་གོང་མའི་ཕྱག་


CMR016_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་དང་། །ཆུང་དུས་རང་གིས་ལག་བླངས་ཉམས་མྱོང་བསྟུན། །སློབ་དཔོན་ཁྲོ་མེད་བཀླགས་པས་ཆོག་པ་འདི། །དགེ་སློང་སྔགས་འཆང་རཱ་ག་ཨ་སྱ་ངས། །ཕྱི་རབས་སྔགས་འཆང་སེང་ཕྲུག་ཐམས་ཅད་ལ། །མཛེས་པའི་རྒྱན་དུ་གཡུ་རལ་འདི་བཞག་པ། །གོ་ཁྲབ་ཇ་དར་ཚན་ཆེན་བཞག་པ་བས། །དུས་མཐའི་བར་དུ་བཞག་འདི་ཕན་པ་ཆེ། །ཉེས་འགལ་མཆིས་ན་ལྷ་དང་སྲུང་མར་བཤགས། །དགེ་བས་ཇི་སྲིད་འཁོར་བ་གནས་ཀྱི་བར། །འདི་ཉིད་མི་ནུབ་འཕེལ་ཞིང་ཀུན་ཏུ་དར། །ཡོན་བདག་ལྷ་མནོལ་གྲིབ་ཀྱིས་ནོན་པ་ཡིས། །།ཡར་འགྲོ་མེད་པ་རྣམས་ཀྱི་སྐྱབས་དང་མགོན། །ཕན་ཐོགས་འགྲོ་དོན་རྒྱ་ཆེན་འབྱུང་བར་ཤོག །ཡི་གེ་པ་ནི་དགེ་སློང་སྦྱིན་པ་དང་། །བརྩོན་འགྲུས་གཉིས་ཀྱིས་རེས་མོས་བྱས་ནས་བྲིས། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདཔལ་རྟ་མགྲིན་ནག་པོའི་མགོན་ཆུ་བསྐོལ་བ་ཞེས་བ། དྲག་པོའི་ལས་སྦྱོར་བཙོ་རྔོ་སྲེག་གསུམ་གྱི། ཕྱག་ལེན་བལྟས་ཆོག་ཏུ་བཀོད་པ།next