Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

18 occurrences of དང་ཚལ་་དང་
[Clear Hits]


  
  
  
 
རྒྱུན་གྱི་གཏོར་བསྔོས་བསྡུས་པ་རྩ་གསུམ་ལྷ་ཚོགས་དགྱེས་པའི་མཆོད་སྤྲིན།
 
 
  
  
  
  
 
  
 
  
  
  
  
  
 
  
  
  
  
  
 
  
  
 
  
 
  
  


18 occurrences of དང་ཚལ་་དང་
[Clear Hits]

 
previousརྒྱུན་གྱི་གཏོར་བསྔོས་བསྡུས་པ་རྩ་གསུམ་ལྷ་ཚོགས་དགྱེས་པའི་མཆོད་སྤྲིན།next

རྒྱུན་གྱི་གཏོར་བསྔོས་བསྡུས་པ་རྩ་གསུམ་ལྷ་ཚོགས་དགྱེས་པའི་མཆོད་སྤྲིན།


CMR027_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་གྱི་གཏོར་བསྔོས་བསྡུས་པ་རྩ་གསུམ་ལྷ་ཚོགས་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་པའི་དབུ་ཕྱོགས།།


CMR027_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ། རྒྱུན་གྱི་གཏོར་བསྔོས་བསྡུས་པ་བྱ་བ་ནི། །དབུས་སུ་བླ་མ་གཏོར་མ་ཟླུམ་པོ་གཅིག །གཡས་སུ་ཆོས་སྐྱོང་གཏོར་མ་ཟུར་གསུམ་པ། །གཉིས་པོ་ཤས་བརྒྱན་གཡོན་དུ་དཀར་གཏོར་གཅིག །བསྡུ་ན་ཤ་མེད་གཏོར་མ་ཟླུམ་པོ་གཅིག །རྩེ་ནི་བླ་མ་སྐེད་ནི་ཡི་དམ་དང་། །རྩ་བ་ཆོས་སྐྱོང་ཡུལ་ལྷར་བསྔོ་ཡང་རུང་། །འདོན་སྒོམ་སྦྲགས་ལ་དམིགས་པས་རྒྱས་བཏབ་བོ། །ཧཱུྃ། རང་ཉིད་སྐད་ཅིག་ཡི་དམ་ལྷར་གསལ་བའི། །ཐུགས་ལས་རཾ་ཡཾ་ཁཾ་གསུམ་འཕྲོས་པ་ལས། །མི་གཙང་དྲི་མའི་ཚོགས་ཀུན་བསྲེགས་གཏོར་བཀྲུས། །རླུང་མེ་ཐོད་སྐྱེད་སྟེང་དུ་ཀ་པཱ་ལ། །སྟོང་གསུམ་མཉམ་པའི་ནང་དུ་གཏོར་མའི་རྫས། །ཤ་ལྔ་


CMR027_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་ལྔ་དང་ཡེ་ཤེས་ལྔ། །ཞུ་ཞིང་ཁོལ་བས་ཟག་མེད་བདུད་རྩི་གྱུར། །རིན་ཆེན་སྣོད་དུ་དཀར་གསུམ་གཏོར་མ་ནི། །རོ་བརྒྱ་ནུས་པ་སྟོང་དང་ལྡན་པ་རྣམས། །ཧ་ཧོ་ཧྲཱི༔དང་ཨོཾ་ཨཱཿཧཱུྃ་རྣམས་ཀྱིས། །ཟག་མེད་འདོད་ཡོན་ལྡན་པར་བྱིན་གྱིས་རློབས། །རང་གི་ཐུགས་ཀའི་ས་བོན་འོད་ཟེར་གྱིས། །མགྲོན་རྣམས་ཐམས་ཅད་སྐད་ཅིག་སྤྱན་དྲངས་ནས། །ས་དང་བར་སྣང་ཐམས་ཅད་གང་བར་གྱུར། །ཕེཾ་ཕེཾ་པེ། རང་ལས་སྤྲོས་པའི་མཆོད་པའི་ལྷ་མོ་ནི། །གྲངས་མེད་བྷན་རིན་ཆེན་སྐྱོགས་བསྣམས་ནས། །མགྲོན་རྣམས་ཐམས་ཅད་སོ་སོར་མཆོད་


CMR027_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཉེས། །ཀུན་བཟང་ཡབ་ཡུམ་དྲུག་པ་རྡོ་རྗེ་འཆང་། །ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན་མ་སོགས། །ཆོས་སྐུ་སངས་རྒྱས་ཐམས་ཅད་མཆོད་པར་བགྱི། །རིགས་ལྔ་ཡབ་ཡུམ་རྒྱལ་བ་རྒྱ་མཚོ་དང་། །བསྐལ་བཟང་སངས་རྒྱས་སྟོང་ལ་མཆོད་པ་འབུལ། །ཤཱཀ་ཐུབ་ཐུབ་དྲུག་གནས་བརྟན་བཅུ་དྲུག་དང་། །གྲུབ་ཆེན་བརྒྱད་ཅུ་རྗེ་འབངས་ཉི་ཤུ་ལྔ། །མར་མི་དྭགས་གསུམ་བཀའ་བརྒྱུད་ཡ་བཞི་ དང་། །འབྲི་སྟག་ཚལ next hit་གསུམ་བརྒྱུད་པར་བཅས་ལ་འདུད། །འཇམ་དབྱངས་བདུན་རྒྱུད་སེང་གེ་དགུ་ཚར་དང་། །ཀརྨ་བཅུ་གསུམ་ཞྭ་དམར་ཉི་ཤུ་གཅིག །ཇོ་བོ་ཁུ་རྔོག་འབྲོམ་དང་རྒྱལ་སྲས་གསུམ། །གཏེར་སྟོན་བརྒྱ་དང་རྗེ་བཙུན་ཆགས་མེད་སོགས། །དྲིན་ཆེན་བླ་མ་ཐམས་ཅད་མཆོད་པར་བགྱི། །སྨན་ལྷ་མཆེད་བརྒྱད་རིགས་གསུམ་མགོན་པོ་དང་། །ལྷ་མོ་ལྔ་པོར་བྱ་རྒྱུད་ལྷ་ཚོགས་མཆོད། །འབྱུང་འདུལ་གོས་སྔོན་ཅན་སོགས་སྤྱོད་རྒྱུད་དང་། །རྡོར་དབྱིངས་སྦྱོང་རྒྱུད་སྒྲོལ་མ་ཉེར་གཅིག་དང་། །འཇམ་དཔལ་ལ་སོགས་རྣལ་འབྱོར་ལྷ་ཚོགས་མཆོད། །བདེ་དགྱེས་གསང་གསུམ་འཇིགས་བྱེད་དགྲ་ནག་དང་། །གཤེད་དམར་དུས་འཁོར་མ་ཧཱ་མཱ་ཡ་


CMR027_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཕག་ཁྲོས་སེང་གསུམ་བླ་མེད་ལྷ་ཚོགས་མཆོད། །བཀའ་དགོངས་ཕུར་གསུམ་གུ་རུ་ཞི་དྲག་དང་། །དམ་པ་རིགས་བརྒྱ་ཡང་དག་མ་གཤིན་ཚོགས། །སྨེ་བརྩེགས་ལོའི་པཱ་ལ་གདུགས་དཀར་མོ། །གསང་སྔགས་རྙིང་མའི་ལྷ་ཚོགས་མཆོད་པར་བགྱི། །ཚེ་བདག་ཁྲོ་ཀིང་འཆར་ཁ་ཀླུ་སྲིན་དང་། །རྟ་མགྲིན་དམར་ནག་དྲེགས་འདུལ་ཁྲོ་བོ་བཅུ། །སྔ་འགྱུར་གཏེར་མའི་ལྷ་ཚོགས་ཐམས་ཅད་མཆོད། །པེར་ཆེན་གུར་དང་ཕྱག་བཞི་ཕྱག་དྲུག་པ། །མ་ནིང་ཏྲཀཱད་ཞིང་སྐྱོང་ཞལ་བཞི་པ། །དེ་སོགས་ཕོ་རྒྱུད་མགོན་པོ་ཀུན་ལ་འབུལ། །དུད་སོལ་མ་དང་རང་བྱུང་རྒྱལ་མོ་དང་། །རེ་ཏི་མཆེད་གསུམ་དམག་ཟོར་རལ་གཅིག་སོགས། །མོ་རྒྱུད་ལྷ་མོ་ཀུན་ལ་མཆོད་པ་འབུལ། །རྣམ་སྲས་རིགས་དགུ་ཛཾ་ལྷ་རིགས་ལྔ་དང་། །ཚོགས་བདག་ཚེ་རིང་མཆེད་ལྔ་དུར་ཁྲོད་བདག །ནོར་ལྷ་རྟ་ལྷས་བྷ་ལིང་འདི་བཞེས་ཤིག །དཔལ་མགོན་བདུན་ཅུ་ཞིང་སྐྱོང་ཉི་ཤུ་གཅིག །མཁའ་འགྲོ་སོ་གཉིས་དྲེགས་པ་ཉི་ཤུ་བཅུ། །དྲེགས་པ་བཅོ་བརྒྱད་དགེ་བསྙེན་ཉི་ཤུ་གཅིག །གཟའ་བདུད་རྡོར་ལེགས་ཤན་པ་ངེ་ནེ་མ། །དམ་ཅན་རྒྱ་མཚོ་ཀུན་གྱིས་མཆོད་


CMR027_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་བཞེས། །བརྟན་མ་བཅུ་གཉིས་མགུར་ལྷ་བཅུ་གསུམ་དང་། །དོན་གསལ་ལྷ་བཙན་ཐང་ལྷ་བདུད་བཙན་ཀླུ། །ཁྱད་པར་ཡུལ་འདིའི་གཞི་བདག་གནས་བདག་སོགས། །སོ་སོར་དཀར་དམར་གང་དགྱེས་སོ་སོར་འབུལ། །དམ་རྫས་བརྒྱན་པའི་མཆོད་གཏོར་འདི་བཞེས་ལ། །ཚེ་རིང་ནད་མེད་ལོངས་སྤྱོད་མངའ་ཐང་འཕེལ། །བར་ཆད་ཀུན་ཞི་བསམ་དོན་གྲུབ་པར་མཛོད། །ཨོཾ་གུ་རུ་དྷེ་ཝ་ཌཱཀྐི་ནཱི་སརྦ་དྷརྨཱ་པཱ་ལ་ལོ་ཀ་པཱ་ལ་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི། ༀ་བཛྲ་ཨརྒྱུ་སོགས་ནས་ཤརྡ་པྲ་ཏཱིཙྪ་སྭཱ་ཧཱ། ཡེ་ཤེས་འཇིག་རྟེན་མགྲོན་རིགས་ཀུན་ལ་བསྟོད། །རྒྱུ་ཆུང་ཕུད་ཉམས་ལ་སོགས་ཉེས་བྱས་བཤགས། །མགྲོན་རྣམས་རང་རང་གནས་སུ་བདེ་བར་གཤེགས། །དགེ་བས་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་ཨ་མཆོད་ལྷ་ལུས་བསྐུལ་བ་བཞིན། ༧ རཱ་ག་ཨ་སྱས་སྦྱར་བའོ། །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།། །།


previousརྒྱུན་གྱི་གཏོར་བསྔོས་བསྡུས་པ་རྩ་གསུམ་ལྷ་ཚོགས་དགྱེས་པའི་མཆོད་སྤྲིན།next