ནག་པོ་མགོ་གསུམ་སྲས་ལུགས་ཀྱི་འདོན་ཆོག་འགྲིགས་སུ་བཀོད་པ།
ནག་པོ་མགོ་གསུམ་སྲས་ལུགས་ཀྱི་འདོན་ཆོག་འགྲིགས་སུ་བཀོད་པ་བཞུགས་སོ།
རང་ཉིད་སྐད་ཅིག་གིས་ཡི་དམ་གནས་འགྱུར་ཏེ། ཡ་མཱནྟ་ཀ་སྐུ་མདོག་དམར་སེར་ཞལ་མ་ཧེ་ཁྲོས་པའི་གདོང་པ་ཅན། རྭ་གཡས་གཡོན་ནམ་མཁའ་ལ་གདེངས་བ། སྤྱན་གསུམ་སྡང་མིག་ཕྱོགས་བཅུར་བསྒྲད་པ། ཤངས་ནས་རླུང་ནག་བུ་ཡུག་འཚུབ་པ། ཕྱག་གཡས་བེ་ཅོན་དང་ཐོད་དབྱུག་ནམ་མཁའ་ལ་ཕྱུར་བ། གཡོན་སྡིགས་མཛུབ་ཐོད་ཁྲག་འཛིན་པ། ཞབས་མ་ཧེའི་གདན་ལ་འདོར་ཐབས་སུ་བསྒད་པ། དུར་ཁྲོད་ཀྱི་ཆས་ཐམས་ཅད་ཀྱིས་བརྒྱན་པ། དེའི་གཡས་སུ་རྟ་མགྲིན་དམར་པོ་གཡས་དབྱུག་ཐོ་དང་གཡོན་སྡིགས་མཛུབ་མཛད་པ།
གཡོན་དུ་ཕྱག་ན་རྡོ་རྗེ་མཐིང་ནག །གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ་མཛད་པ། གསུམ་ཀའང་ཁྲོ་བོའི་ཆས་བརྒྱད་ཀྱིས་བརྒྱན་ཅིང་། འབར་བའི་གར་དགུ་དང་ལྡན་པ། པད་ཉིའི་གདན་ལ་འདོར་ཐབས་སུ་བསྒྲད་ཅིང་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ན་འགྱིངས་བ། །སྐུ་ཆེ་ལ་ཡན་ལག་རགས་པ་ཁམས་གསུམ་དབང་དུ་སྡུད་པ། སྲིད་གསུམ་ཟིལ་གྱིས་གནོན་པ། དེ་གསུམ་གྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པ། རིགས་བདག་རང་ཆས་དང་དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་པའི་རང་བཞིན་ཅན་
དུ་གྱུར། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ། ཨོཾ་ཧཱིཔདྨནྟ་ཀྲྀཏྟ་ཧ་ཡ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་བསྙེན་པ་ཅི་འགྲུབ་བྱེད། བདག་བསྐྱེད་དོ།། དེ་ནས་མདུན་བསྐྱེད་ཡར་གྱི་དཀར་པོ་མགོ་གསུམ་ནི། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨཱསྭ་བྷཱ་ཝ་ཤུདྡྷོཉཧཾ༔ སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་གཏོར་མ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པའི་དབུས་སུ། པཾ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། རལ་གྲི་ཡུ་བ་ཨཾ་གྱིས་མཚན་པ་གཅིག་ཏུ་གྱུར། དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། སྐད་ཅིག་གིས་འཕགས་པ་འཇམ་དཔལ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་བཞི་ཞབས་སྐྱིལ་ཀྲུང་དུ་བཞུགས་པ། ཕྱག་གཡས་ཀྱི་དང་པོས་རལ་གྲི་འོག་མ་ན་མདའ། གཡོན་གྱི་དང་པོས་ཨུཏྤལ་པུ་ཏི། འོག་མ་ན་གཞུ་འཛིན་པ། དེའི་གཡས་སུ་པད་ཟླའི་སྟེང་དུ་ཧཱུྃལས་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་བཞི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་ཤེལ་དཀར་གྱི་
ཕྲེང་བ་བརྒྱ་རྩ་བརྒྱད་འདྲེན་པ། གཡོན་འོག་མས་མེ་ཏོག་ཨུཏྤལ་སྙན་གྱི་ཐད་ཀར་ཁ་བྱེ་བ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེ་གཉིས་ལ་དར་དང་རིན་པོ་ཆེས་རྒྱན་གྱིས་བརྒྱན་པ། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། ཞབས་གདུབ། སོར་གདུབ་ལ་སོགས་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གཡོན་དུ་པད་ཉིའི་སྟེང་དུ་ཧཱུྃ་ལས་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ། ཕྱག་གཡས་རྡོ་རྗེ་ནམ་མཁར་ཕྱར་བ། གཡོན་པས་སྡིགས་མཛུབ་དང་དྲིལ་བུ་ཐུགས་ཀར་འཛིན་པ། སྦྲུལ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེ་དག་གི་གནས་གསུམ་ཡི་གེ་གསུམ་དང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར་པ་ལ། དབང་ལྷ་སྤྱན་དྲངས་དབང་བསྐུར་སོ་སོའི་རིགས་བདག་གིས་དབུ་བརྒྱན་པར་གྱུར། གཞལ་ཡས་ཁང་གི་རྩེར་ཁྱུང་འབྲུག་སེང་གསུམ་གྱིས་སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པ་རེ་རེ་ལ་ཡང་སྤྲུལ་པ་དུ་མ་
འཕྲོ་བ། གཞལ་ཡས་ཁང་གི་ནང་དུ་རིགས་གསུམ་མགོན་པོའི་གཡས་སུ་བསྲུང་བྱ་ཕོ་ཐམས་ཅད། གཡོན་དུ་བསྲུང་བྱ་མོ་ཐམས་ཅད། མདུན་དུ་ནོར་ཐམས་ཅད། རྒྱབ་ཏུ་བྲན་གཡོག་ཐམས་ཅད་འཕགས་པ་རིགས་གསུམ་མགོན་པོའི་སྐྱབས་འོག་ཏུ་ཚུད་པར་གྱུར། རིགས་གསུམ་མགོན་པོའི་སྐུ་ལས་འོད་ཟེར་འཕྲོས་པས་ཕྱི་རོལ་དུ་རྡོ་རྗེའི་གུར་བླ་བྲེ་ས་གཞི། དེ་རྒྱབ་རལ་གྲིའི་གུར། དེ་རྒྱབ་གྲི་གུག་གི་གུར། དེ་རྒྱབ་ཐོ་བའི་གུར། དེ་རྒྱབ་ཕུར་པའི་གུར། དེ་རྒྱབ་འབྱུང་བ་ཤིང་གི་རང་བཞིན་གུར་ལྗང་གུ་ནར་མོ་ལོ་མ་མེ་ཏོག་འབྲས་བུ་དང་བཅས་པ། དེའི་ཕྱི་རོལ་དུ་ཆུའི་གུར་སྔོན་པོ་ཟླུམ་པོ་རྦ་རླབས་འཁྲུགས་པ། དེའི་རྒྱབ་ཏུ་ལྕགས་ཀྱི་གུར་ཟླ་གམ་རྔམ་ལ་མཐུག་པ་སྲ་ཞིང་བརྟན་པ། དེའི་རྒྱབ་ཏུ་ས་ཡི་གུར་གྲུ་བཞི་སེར་པོ་གཡོ་འགུལ་མེད་པ། དེའི་རྒྱབ་ཏུ་མེའི་གུར་གྲུ་གསུམ་དམར་པོ་མཆེད་ཅིང་འབར་བའི་རང་བཞིན་ཅན་དུ་གྱུར། ཨོཾ་མཉྫཤི་ལོ་ཀེ་ཤྭ་ར་བཛྲ་པཱ་ཎི་མ་མ་རཀ་རཀྵ་ཀུ་རུ་ཧཱུཾ་ཧཱུཾ། རཾ་ཡཾ་ཁཾ། རཾ་ལས་མེ་བྱུང་བསྲེགས། ཡཾ་ལས་རླུང་བྱུང་གཏོར། ཁཾ་ལས་ཆུ་བྱུང་བཀྲུས། སྭ་བྷ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་འོག་ཏུ་ཡཾ་
ལས་རླུང་གི་དལ། དེའི་སྟེང་དུ་རཾ་ལས་མེའི་དལ། དེའི་སྟེང་དུ་པཾ་ལས་ཆུའི་དལ། དེའི་སྟེང་དུ་དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ། མདོས་གཞི་ཨེ་མཐིང་ནག་ཡོངས་སུ་གྱུར་པ་ལས། གནམ་ལྕགས་ལས་གྲུབ་པའི་སླ་ང་གྲུ་གསུམ་མཐིང་ནག་ཡངས་ཤིང་རྒྱ་ཆེ་བ། དེའི་དབུས་སུ་སྐད་ཅིག་གིས་མ་ཧཱ་གསེར་གྱི་རུས་སྦལ། དེའི་སྟེང་དུ་ཕེ་ཤ་ཀེ་རུ་བྷྱ༔ ཡོངས་སུ་གྱུར་པ་ལས་ཟློག་བྱེད་ནག་པོ་མགོ་བོ་གསུམ་པ། སྐུ་མདོག་མཐིང་ནག་དབུ་གསུམ་ཕྱག་དྲུག་པ། དབུས་གླང་མགོ་སེར་པོ་གནམ་ལྕགས་ཀྱི་རྭ་ལ་དྲག་པོའི་ཚྭ་ཚྭ་འཕྲོ་བ། གཡས་སྟག་མགོ་དམར་བཀྲ་ཞལ་གདངས་བ། གཡོན་ཕག་མགོ་ནག་པོ་ཐུར་དུ་གཟིགས་པ། དབུ་གསུམ་གྱི་ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་བར་སྣང་ཁམས་སུ་འཁྱུགས་པ། སྤྱན་རྣམས་དམར་ཞིང་ཟླུམ་པ། སྡང་མིག་ཏུ་བསྒྲད་པ། ཕྱག་དྲུག་དང་པོས་གྲི་གུག་ཐོད་ཁྲག་་་གང་གནོད་དེ་ལ་ཕྱག་མཚན་བསྒྱུར་དགོས༔ བར་པ་ན་རལ་གྲི་མདའ་གཞུ། ཐ་མ་གཉིས་ཀྱིས་དགྲ་འདྲེ་་་དཔེར་ན་ནད་འདྲེ་གོད་འདྲེ་གང་གནོད་དམིགས་ལ། ཟས་སུ་ཟ་བ། སྐུ་ལ་མཚོན་ཆ་སྣ་ཚོགས་ཀྱི་བ་སྤུ་སྐྱེས་པ། གསུས་
པ་ཁྲག་གི་རྒྱ་མཚོར་འདུག་པ། མི་ཁ་ཐམས་ཅད་ཟས་སུ་ཟ་བ། ཞབས་གཉིས་དགྲ་འདྲེ་བྱུར་གསུམ་མནན་པའི་ཁྲི་ལ་འདུག་པ། སྦྲུལ་མཇུག་རྒྱ་མཚོ་ནང་དུ་བརྐྱངས་བ། སྐུ་ལ་ནད་དུག་མཚོན་གསུམ་གྱི་ཆར་འབེབས་པ། ལྟས་ངན་མི་ཁ་ཐམས་ཅད་ཟློག་པའི་ཚུལ་དུ་བཞུགས་པའོ། །དེའི་ཤར་དུ་ཐེ་སེའི་བུ་དཀར་པོ། ཕག་དང་སེང་གེ་གླང་ཆེན་གྱི་མགོ །ཕྱག་དང་པོ་གཉིས་རྡོ་རྗེ་དང་སྙེ་མ་འཛིན་པ། ལྷོ་ཕྱོགས་ཙང་ཀུན་གྱི་བུ་སྔོན་པོ་བྱ་རྒོད་སྤེལ་དང་ཕག་རྒོད་མགོ་ཅན། ཕྱག་དང་པོ་གཉིས་རིན་པོ་ཆེ་དང་ལྗོན་ཤིང་འཛིན་པ། ནུབ་ཏུ་ཐེའུ་ཁྱིམ་བུ་སེར་པོ་རྟ་སྦྲུལ་སྟག་དང་འབྲུག་གི་མགོ་ཅན། ཕྱག་དང་པོ་གཉིས་པདྨ་དང་དུང་ཕོར་འཛིན་པ། བྱང་དུ་ཧོ་བན་གྱི་བུ་དམར་པོ་ཆུ་སྲིན་དོམ་དང་དྲེད་ཀྱི་མགོ་ཅན། ཕྱག་དང་པོ་གཉིས་རྒྱ་གྲམ་ཕྲེང་བ་འཛིན་པ། ཤར་ལྷོར་སེ་ཤང་གྱི་བུ་དམར་པོ་ཆུ་བྱ་དུར་བྱ་འུག་པའི་མགོ་ཅན། ཕྱག་དང་པོ་གཉིས་ན་རལ་གྲི་དང་མེ་དཔུང་བསྣམས་པ། ལྷོ་ནུབ་མཚམས་སུ་སེ་ཤར་གྱི་བུ་ལྗང་སེར་ཉ་དང་དུག་སྦྲུལ་པིར་གྱི་མགོ་ཅན། ཕྱག་དང་པོ་གཉིས་རྒྱལ་མཚན་བུམ་པ་འཛིན་པ། ནུབ་བྱང་ཧོ་པན་གྱི་བུ་དུད་ཀ་
གཡག་དང་ཤ་བ་མཛོའི་མགོ་ཅན། ཕྱག་དང་པོ་གཉིས་འཁོར་ལོ་བ་དན་འཛིན་པ། བྱང་ཤར་དུ་བིའི་བུ་དུད་ཀ་བྱི་ལ་གཟིག་དང་སྤྱང་ཀིའི་མགོ་ཅན། ཕྱག་དང་པོ་གཉིས་སྦྲུལ་དང་ཞགས་པ་འཛིན་པ། དེ་ལྟར་ས་བདག་བརྒྱད་པོ་ཕྱག་བར་པ་མདའ་གཞུ་འཛིན་པ། ཐ་མས་དགྲ་བགེགས་ཟས་སུ་ཟ་བ་གཤོག་པ་དང་སྦྲུལ་མཇུག་ཅན། ཞབས་གཉིས་དགྲ་བགེགས་སྟེང་ན་འདོར་ཐབས་སུ་བསྒྲད་པའོ། །སྨེ་བ་དགུ་རྒྱས་པར་འདོད་ན། དེ་ཡི་ཕྱི་རོལ་དུ་སྨེ་བ་དགུ་ཡི་ས་བདག་ནི། བྱང་དུ་སྨེ་བ་གཅིག་དཀར་གསེར་ཕག་ལ་ཆིབས་པ། གཡས་རི་རབ་དང་གཡོན་བུམ་པ་འཛིན་པ། ལྷོ་ནུབ་ཏུ་གཉིས་ནག་བདུད་མི་ནག་རྟ་ནག་ཅན། གཡས་ཁྲམ་ཤིང་དང་། གཡོན་ཞགས་པ་འཛིན་པ། ཤར་དུ་མི་གསུམ་མཐིང་བསེན་མོ་རྟ་སྔོན་ལ་ཆིབས་པ། གཡས་ཐོད་ཕྲེང་དང་གཡོན་ཐོད་པ་འཛིན་པ། ཤར་ལྷོར་བཞི་ལྗང་ཀླུ་ཡི་རྒྱལ་པོ་ཆུ་སྲིན་ལ་ཆིབས་པ། གཡས་བུམ་པ་དང་གཡོན་ནོར་བུ་འཛིན་པ། དབུས་སུ་ལྔ་སེར་ཤ་བ་ལ་ཆིབས་པ། ཕྱག་ན་མདུང་འཛིན་པ། ནུབ་བྱང་མཚམས་སུ་དྲུག་དཀར་སེང་གེ་ལ་ཆིབས་པ། གཡས་རྡོ་རྗེའི་དབྱུག་པ་དང་གཡོན་
རྒྱལ་མཚན་འཛིན་པ། ནུབ་ཏུ་བདུན་དམར་རྟ་དམར་ལ་ཆིབས་པ། གཡས་མདུང་དང་། གཡོན་ཞགས་པ་འཛིན་པ། བྱང་ཤར་དུ་བརྒྱད་དཀར་གླང་དཀར་ལ་ཆིབས་པ། ཕྱག་ན་ཁ་ཊཾ་རྩེ་གསུམ་འཛིན་པ། ལྷོར་དགུ་དམར་མ་མོ་དྲེའུ་ལ་ཆིབས་པ། གཡས་ནད་རྐྱལ་དང་གཡོན་མཚོན་གྱི་གྲུ་གུ་འཛིན་པའོ། །དེ་ལས་བསྡུ་ན། དེའི་ཕྱི་རོལ་དུ་སྨེ་བ་དགུ་ཡི་ས་བདག་ནི་གཅིག་དཀར་ལྷ་མི་དཀར་རྟ་དཀར་ཅན། གཉིས་ནག་བདུད་མི་ནག་རྟ་ནག་ཅན། གསུམ་མཐིང་དམུ་མི་སྨུག་རྟ་སྨུག་ཅན། བཞི་ལྗང་ཀླུ་མི་སྔོན་རྟ་སྔོན་ཅན། ལྔ་སེར་ས་བདག་མི་སེར་རྟ་སེར་ཅན། དྲུག་དཀར་རྒྱལ་པོ་མི་དཀར་རྟ་དཀར་ཅན། །བདུན་དམར་བཙན་མི་དམར་རྟ་དམར་ཅན། བརྒྱད་དཀར་ལྷ་མི་དཀར་རྟ་དཀར་མོ་རྟ་དམར་ཅན། ཕྱག་ན་འབྱུང་བ་ལྔ་ཡི་ཕྱག་མཚན་འཛིན་པ། ཕྱོགས་མཚམས་དབུས་དང་དགུར་འདུག་པའོ། ༈ །དེའི་ཕྱི་རོལ་དུ་སྤར་ཁ་བརྒྱད་ནུབ་བྱང་དུ་ཁེན་གནམ་དབང་རྒྱལ་པོ་དཀར་སེར་འཁོར་ལོ་འཛིན་པ། ལྷོ་ནུབ་ཏུ་ཁོན་མ་སེར་མོ་བུམ་པ་འཛིན་པ། ཤར་ལྷོར་ཟོན་རླུང་སེར་པོ་བ་དན་འཛིན་
པ། བྱང་ཤར་དུ་གིན་རི་སེར་པོ་མཆོད་རྟེན་འཛིན་པ། བྱང་དུ་ཁམ་ཆུ་སྔོན་པོ་སྒྲིབ་ཤིང་འཛིན་པ། ནུབ་ཏུ་དྭ་ལྕགས་དཀར་པོ་རལ་གྲི་འཛིན་པ། ལྷོར་ལི་མེ་དམར་མོ་མེ་ལོང་འཛིན་པ། ཤར་དུ་ཟིན་ཤིང་ལྗང་གུ་ལྗོན་ཤིང་འཛིན་པ། སྤར་ཁའི་ནོར་བརྒྱད་རྟ་ལ་ཞོན་པ། བན་བཞི། བོན་བཞི། འཁོར་གྱིས་བསྐོར་བའོ། །དེའི་ཕྱི་རོལ་དུ་ཤར་ཕྱོགས་ཤིང་གི་མཁར་ནང་ནས། །ཤིང་ལས་གྲུབ་པའི་སྟག་ཡོས་གཉིས། །ལྷོ་ཕྱོགས་མེ་ཡི་མཁར་ནང་ནས། །མེ་ལས་གྲུབ་པའི་རྟ་སྦྲུལ་གཉིས། །ནུབ་ཕྱོགས་ལྕགས་ཀྱི་མཁར་ནང་ནས། །ལྕགས་ལས་གྲུབ་པའི་བྱ་སྤྲེལ་གཉིས། །བྱང་ཕྱོགས་ཆུའི་མཁར་ནང་ནས། །ཆུ་ལས་གྲུབ་པའི་བྱི་ཕག་གཉིས། །མཚམས་བཞི་ས་ཡི་མཁར་ནང་ནས། ས་ལས་གྲུབ་པའི་ཁྱི་འབྲུག་གླང་ལུག་བཞི། ལོ་སྐོར་བཅུ་གཉིས་ཀྱི་ས་བདག་དེ་རྣམས་མཐུན་གསུམ་སྲུང་རྟ་ལ་ཆིབས་པ། ཟླ་བ་ཞག་དུས་ཀྱི་འཁོར་གྱིས་བསྐོར་བ། དེའི་ཕྱི་རོལ་དུ་འཁྲུགས་འདྲེ་བཅོ་བརྒྱད། ཐན་སྐྱ་ཉི་ཤུ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུས་བསྐོར་བ། དེའི་ཕྱི་རོལ་དུ་ཤར་དུ་གཏོ་མཁན་སྟག་གི་མགོ་ཅན། །
ཆར་སྤྲིན་ནག་པོ་སྐུ་ལ་གསོལ་བ། ཕྱག་ན་དྲང་ཤིང་དཀར་པོ་བསྣམས་པ། ནད་པ་གསོ་བའི་གཏོ་མཛད་པ། ལྷོར་གཏོ་མཁན་འབྲུག་གི་མགོ་ཅན། འཇོལ་ བེར ་དམར་པོ་སྐུ་ཤུལ་གསོལ་བ། ཕྱག་ན་དངུལ་གྱི་སྣང་གསལ་བསྣམས་པ། སྲིའུ་གསོ་བའི་གཏོ་མཛད་པ། ནུབ་ཏུ་གཏོ་མཁན་ཆུ་སྲིན་མགོ་ཅན། སྐུ་ལ་མ་ཐང་གི་སླག་པ་སྔོན་པོ་གསོལ་བ། །ཕྱག་ན་འཕྲུལ་གྱི་ཞགས་པ་བསྣམས་པ། གོད་ཁ་གཅོད་པའི་གཏོ་མཛད་པ། བྱང་གི་གཏོ་མཁན་རྟའི་མགོ་ཅན། སྐུ་ལ་འབྲུག་གི་སླག་པ་སྔོན་པོ་གསོལ་བ། ཕྱག་ན་བདུད་རྩིའི་རྐྱལ་པ་འཛིན་པ། མཛེ་འཕྲོ་གཅོད་པའི་གཏོ་མཛད་པ། ཤར་དུ་སྟག་སྐྱ་བོ། ལྷོར་གཡུ་འབྲུག་སྔོན་མོ། ནུབ་ཏུ་བྱ་དམར་མོ། བྱང་དུ་རུས་སྦལ་རྒྱ་བོ། གཙོ་བོའི་མདུན་ཕྱོགས་ཏྲིལས་མི་དམར་མགོ་གསུམ་སྐུ་མདོག་དམར་པོ་དབུ་གསུམ་ཕྱག་གཉིས་པ། དབུས་ཕག་མགོ་གཡས་བྱ་མགོ་གཡོན་སྦྲུལ་མགོ་ཅན། ཕྱག་ན་སྐྱེར་པའི་མདའ་གཞུ་འཛིན་པ། སྡང་དགྲ་གདོན་བགེགས་ལ་འཕེན་པ། སྐུ་སྟོད་དམར་པོ་ཁྲག་གིས་བྱུག་པ། སྐུ་སྨད་ལ་དུག་སོལ་གྱིས་བྱུག་པ། འཁོར་དུ་མི་དམར་ཁྲམ་ཐོགས་ཅན་བཅུ་གསུམ་
གྱིས་བསྐོར་བ། ཟློག་བྱེད་ནག་པོ་མགོ་གསུམ་གྱི་སྣ་ཁྲིད་དུ་རྒྱུག་པ། དེའི་རྒྱབ་ཕྱོགས་སུ་བྷྱོལས་བལ་མོ་སྐུ་མདོག་ནག་མོ་གྲི་གུག་དང་ཐོད་ཁྲག་འཛིན་པ། ཕུང་སྲི་རྔ་མོང་ལ་ཆིབས་པ། འཁོར་དུ་མ་མོ་མོ་གདོན་འབུམ་སྡེས་བསྐོར་བ། མདུན་དུ་ཤང་ཤང་སེར་པོ་མི་ལུས་བྲ་བའི་མགོ་ཅན་བྱའི་གཤོག་པ་ཡོད་པ། ཕྱག་གཉིས་ཀྱིས་ཟངས་དུང་དམར་པོ་འབུད་པ། ཟློག་བྱེད་ནག་པོ་མགོ་གསུམ་གྱི་སྣ་ཁྲིད་དུ་རྒྱུག་པ། གཡས་ཀྱི་རུ་འདྲེན་པ་བདུད་ནག་པོ་རྟ་ནག་ཅན། ཕྱག་ན་ཁྲམ་ཤིང་དང་རུ་མཚོན་ཕྱར་བ། ཆིབས་སུ་རྟ་ནག་པོ་ལ་ཆིབས་པ། འཁོར་དུ་བདུད་དམག་གིས་བསྐོར་བ། གཡོན་གྱི་རུ་འདྲེན་པ་བཙན་མི་དམར་རྟ་དམར་ཅན། གཡས་རོའི་རྒྱལ་མཚན་དང་གཡོན་མདུང་ཞགས་འཛིན་པ། འཁོར་དུ་བཙན་དམག་གིས་བསྐོར་བ། རྒྱབ་ཏུ་མི་ཁའི་བུ་མོ་བ་རུ་མ་སྐུ་མདོག་མཐིང་ནག་ཕྱག་གིས་ཡས་སྣ་ཚོགས་པ་བཟུང་བ། རྒྱབ་ཏུ་མི་ཁའི་ཡས་སྣ་ཚོགས་ཁུར་བ། མི་ཁའི་འཁོར་སྟོང་གིས་བསྐོར་བ་གཅིག་ཏུ་གྱུར། ན་མོ། དཀོན་མཆོག་གསུམ་གྱི་བདེན་པ་དང་། འཕགས་པ་རིགས་གསུམ་མགོན་པོའི་བདེན་པ་དང་།
ས་བདག་ཧ་ས་གརྒྷ་མི་ནག་མགོ་བོ་གསུམ་པ། ས་བདག་ཁྲོ་བོ་བུ་བརྒྱད། སྤར་ཁ་བརྒྱད། སྨེ་བ་དགུ། ལོ་སྐོར་བཅུ་གཉིས། ལོ་རྒན་དྲུག་ཅུ། རུ་འདྲེན་སྡེ་བཞི། ལས་བྱེད་མི་དམར་མགོ་གསུམ། བཀའི་ལྷ་མ་སྲིན་སྡེ་བརྒྱད། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གཏོ་གླུད་ཡས་ལ་རེ་བ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་འདིར་མཆིས་པར་གྱུར་ཅིག །ཡེ་ཤ་ཀེ་རུ་ཏྲི་རཱ་ཛཿ བཛྲ་ཨཾ་ཀུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྤོ་ཊ་པཾ། བཛྲ་གནྡྷེ་ཧོ༔ གཉིས་སུ་མེད་པར་གྱུར། དབུས་ཀྱི་གླང་མགོའི་སྟེང་དུ་འཇམ་དཔལ་དམར་སེར་རལ་གྲི་དང་པུ་ཏི་འཛིན་པ། གཡས་སྟག་མགོའི་སྟེང་དུ་རྟ་མགྲིན་དམར་པོ་དབྱུག་ཐོ་སྡིགས་མཛུབ་མཛད་པ། གཡོན་ཕག་མགོའི་སྟེང་དུ་ཕྱག་རྡོར་མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན་པས་དབུ་བརྒྱན་ནས་ཟིལ་གྱིས་གནོན་པར་གྱུར། ཨཱཿཧྲཱི་ཧཱུྃ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བྱིན་རླབས་ཀྱིས་ཐལ་མོ་ཁོང་སྟོང་གི་ཕྱག་རྒྱའི་ནང་ཨཱཿདཀར་པོ་ལས་འོད་འཕྲོས་པས། ཡས་གླུད་རྣམས་ཀྱི་དངོས་འཛིན་དག་པར་གྱུར། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརཿསྭ་བྷ་ཝ་ཤུདྡྷོ྅ཧཾ། རྣམ་པར་སྣང་མཛད་བྱིན་རླབས་ཀྱིས་ཐལ་མོ་
ཚིགས་བཅིག་ཕྱག་རྒྱའི་ནང་དུ་ཁཾ་སྔོན་པོ་ལས་འོད་འཕྲོས། ཡས་གླུད་རྣམས་གཟུགས་སྒྲ་དྲི་རོ་རེག་བྱ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་ཟད་མི་ཤེས་པར་གྱུར། །ཨོ་ན་མཿསརྦ་ཏ་ཐཱ་ག་ཏོ་སྦྱོ་མི་ཤྭ་མུ་ཁེ་བྷྱ༔ སརྦ་ཐ་ཁཾ་ཨུཏྟ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བདུད་རྩི་འཁྱིལ་པའི་བྱིན་རླབས་ཀྱིས་ཐལ་མོ་ཁ་འབྱེད་ཕྱག་རྒྱའི་ནང་གི་ཛདམར་པོ་ལས་འོད་འཕྲོས། ཡས་གླུད་རྣམས་ཟག་མེད་ཀྱི་བདུད་རྩིར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། རིན་ཆེན་འབྱུང་ལྡན་བྱིན་རླབས་ཀྱིས་མཆོད་སྦྱིན་ཕྱག་རྒྱ་ཏྭཾ་སེར་ལས་འོད་འཕྲོས། མགྲོན་ཐམས་ཅད་ཀྱིས་སོ་སོར་ཐོབ་པར་གྱུར་ཅིག །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། དོན་ཡོད་གྲུབ་པའི་བྱིན་རླབས་ཀྱིས་ཁུ་ཚུར་མཆོད་སྦྱིན་ཕྱག་རྒྱའི་ནང་ཧྭ་ལྗང་གུ་ལས་འོད་འཕྲོས་མགྲོན་རྣམས་ཐམས་ཅད་མཉེས་ཤིང་ཚིམ་པར་གྱུར་ཅིག །ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སྤ་ར་ཎ་རསྨི་བྷ་ཝ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧཱིད་ཡ་ཛྭ་ལ་ནི་སྭཱ་ཧཱ། ཕྱག་ན་རྡོ་རྗེའི་བྱིན་རླབས་ཀྱི་སོར་བསྣོལ་ཕྱག་རྒྱ་ཛཿདམར་པོ་ལས་འོད་འཕྲོས། མགྲོན་ཐམས་ཅད་བདག་གིས་དབང་དུ་འདུ་བར་གྱུར་
ཅིག ན་མཿསརྦ་མནྟ་བུདྡྷཱ་ནཾ་ག་རི་ཀྲོ་ཏི་ཤྭ་རི་པྲ་བྷ་ཛྷཱ་ན་མཱ་ར་ཡ་སྭཱ་ཧཱ། དེ་ནས་གཞུང་ཐེམ་འདོན་འགྲིགས་ཀཐེམ་ལྟར་འདོན་པར་བྱའོ། །ཞེས་པ་འདི་སྔགས་འཆང་ཨོ་རྒྱན་བཀྲ་ཤིས་ཀྱིས་བསྐུལ་ནས། སྔགས་རྒན་རཱ་ག་ཨ་སྱས་བསྒྲིགས་པའོ། །ཡི་གེ་པ་བསྐུལ་བ་པོ་རང་གིས་བྲིས་པའོ།། །།གསང་བ་སྣ་འདྲེན་འདོན་ཚེ་སྔོན་མོ་ནས་ཀྱི་ཕོ་ཉ་བཏང་ཟེར་དུས་ནས་འབྲུ་མཆོད་པ་དང་། གསེར་སྐྱེམས་གཏོར་བ་སོགས་ཕྱག་ལེན་ལྟར་བྱའོ། །མངོན་རྟོགས་དང་གཅིག །གསང་བ་སྣ་འདྲེན་དང་གཉིས། དཀར་པོ་མགོ་གསུམ་དང་གསུམ། སྐྱེས་རྒྱུད་དང་བཞི། ཐུན་མཚམས་གཏོར་ཆུང་དང་ལྔ། འཇམ་དབྱངས་བསྟོད་པ་དང་མགོ་གསུམ་བསྟོད་པ་དང་དྲུག །དམར་པོ་མགོ་གསུམ་དང་བདུན། རུ་འདྲེན་སྡེ་བཞི་དང་བརྒྱད། མ་མོའི་ཐན་བསྒྱུར་དང་དེ་དགུ་ནི་མགོ་གསུམ་གྱི་གཞུང་ཆེན་ཡིན་པས་ཉིན་རེ་ཚར་གསུམ་རེའམ་རེ་རེ་འདོན་དགོས། གཞན་རྣམས་འདོན་རེས་བྱས་པས་ཆོག །ཅེས་པ་ཟིན་བྲིས་འདི་གཞུང་གི་ངོས་འཛིན་ནོ། །༼ཁ༽ ༈ གསང་བ་སྣ་འདྲེན་འདོན་བྱ་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ། ཧཱུྃ། སྐུ་ཡི་སྟོབས་ཀྱིས་ས་བཅུ་ནོན། །པདྨ་སེང་གེའི་གདན་ལ་བཞུགས། །གསུང་གི་སྟོབས་ཀྱིས་མ་འགག་པ། །ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། །ཐུགས་ཀྱི་སྟོབས་ཀྱིས་མ་འཁྲུགས་པ། །འགྲོ་བའི་བདུད་བཞི་ཟིལ་གྱིས་གནོན། །
ཡོན་ཏན་སྟོབས་ཀྱིས་བྱང་སེམས་ལྡན། །བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར། །ཕྲིན་ལས་སྟོབས་ཀྱིས་རྒྱལ་བའི་བཀའ། །སྐག་ཆེན་མི་ཁ་ལྟས་ངན་སྒྱུར། །སྟོབས་ལྔ་རབ་ལྡན་འཇམ་དཔལ་གཤིན་རྗེའི་གཤེད། །ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་བསྟོད། །འཕགས་པ་དཀོན་མཆོག་གསུམ་པོ་དང་། །བཅོམ་ལྡན་འཇམ་དཔལ་བཀའ་བྱུང་གི །དུས་གསུམ་སངས་རྒྱས་བྱིན་རླབས་ཀྱིས། །རིགས་གསུམ་མགོན་པོའི་རྣམ་འཕྲུལ་ནི། །ཁྱུང་འབྲུག་སེང་གསུམ་མཐུ་སྟོབས་ཅན། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ནི། །སྔོན་མོ་ནས་ཀྱི་ཕོ་ཉ་བཏང་། །དེ་རིང་གཏོ་ཡི་དཀྱིལ་འཁོར་འདི། །བརྡ་སིལ་གསང་བའི་སྐད་ཀྱིས་འབོད། །བ་དན་རུ་མཚོན་བརྡ་ཡིས་གཡབ། །སྐུ་གཟུགས་འདི་དང་དབྱེར་མེད་དུ། །སྐག་ཆེན་མི་ཁ་བྲ་མཆུ་དང་། །ལྟས་ངན་བཟློག་ཕྱིར་གཤེགས་སུ་གསོལ། །གསེར་སྐྱེམས་སྔོན་མོའི་ཆས་ཇ་འདྲེན། །ཧཱུྃ། སྲིད་པའི་ཀྱི་མིང་ནི་བཟུང་བ་ལ། །སྔོན་གྱི་བསྐལ་པའི་དང་པོ་ལ། །ཡོད་དང་མེད་ཀྱི་ཕ་རོལ་ཏུ། །སྨུག་དང་སྒྲིག་གིས་ཚུར་རོལ་ན། །གནམ་ས་གཉིས་ཀྱི་ཐེམ་བར་དུ། །སྲིད་པའི་ཁེན་
ཁོན་སྤྲུལ་པ་ལ། །དུག་གསུམ་ཁྲོས་པའི་ས་བདག་ནག་པོ་ཆེ། །མི་ནག་མགོ་གསུམ་འཇིགས་པའི་གཟུགས། །དབུ་གསུམ་ཕྱག་དྲུག་འཇིགས་པ་ལ། །ང་རྒྱལ་ཕྲག་དོག་ཞེ་སྡང་ཅན། །འཕགས་པ་འཇམ་དཔལ་བཀའ་བྱུང་གི །སྔོན་མོ་ནས་ཀྱི་ཕོ་ཉ་བཏང་། །དེ་རིང་གཏོ་ཡི་དཀྱིལ་འཁོར་འདིར། །བརྡ་སིལ་གསང་བའི་སྐད་ཀྱིས་འབོད། །བ་དན་རུ་མཚོན་བརྡ་ཡིས་གཡབ། །སྐུ་གཟུགས་འདི་དང་དབྱེར་མེད་དུ། །སྐག་བདུད་བཟློག་ཕྱིར་གཤེགས་སུ་གསོལ། །ནང་མི་ཡོན་མཆོད་འཁོར་བཅས་ཀྱི། །ནད་ཡམས་རིམས་གསུམ་བཟློག་ཏུ་གསོལ། །སྐག་ཆེན་བཟློག་ཕྱིར་གཤེགས་སུ་གསོལ། །གསེར་སྐྱེམས་སྔོན་མོའི་ཆས་ཇ་འདྲེན། །ཀྱཻ། ནུབ་བྱང་མཚམས་ནས་སྤྱན་འདྲེན་པ། །ནམ་མཁའ་ཡངས་པའི་ཕོ་བྲང་ནས། །ཕ་གཅིག་ཁེན་པ་རྒན་པོ་ནི། །ཤེལ་གྱི་མི་རྒན་དུང་གི་ཐོར་ཚུགས་ཅན། །དྲུག་དཀར་ཡབ་ལྷ་འདབ་དྲུག་ནི། །ཆིབས་སུ་སེང་གེ་དཀར། མོ་ཆིབས། །ལོ་བདག་མི་ལུས་ཁྱི་ཡི་མགོ་བོ་ཅན། །ནུབ་བྱང་ཧོ་པན་ལྷུམས་སུ་ཞུགས་པའི་བུ། །གཡག་དང་ཤ་བ་མཛོ་ཡི་མགོ་བོ་ཅན། །སྔོན་མོ་ནས་ཀྱི་ཕོ་ཉ་བཏང་། །དེ་
རིང་གཏོ་ཡི་དཀྱིལ་འཁོར་འདིར། །བརྡ་སིལ་གསང་བའི་སྐད་ཀྱིས་འབོད། །བ་དན་རུ་མཚོན་བརྡ་ཡིས་གཡབ། །སྐུ་གཟུགས་འདི་དང་དབྱེར་མེད་དུ། །སྐག་ཆེན་མི་ཁ་བྲ་མཆུ་དང་། །ལྟས་ངན་བཟློག་ཕྱིར་གཤེགས་སུ་གསོལ། །གསེར་སྐྱེམས་སྔོན་མོའི་ཆས་ཇ་འདྲེན། །ཀྱཻ། ལྷོ་ནུབ་མཚམས་ནས་སྤྱན་འདྲེན་པ། །ས་གཞི་ཡངས་པའི་དཀྱིལ་འཁོར་དུ། །མ་གཅིག་ཁོན་མ་རྒན་མོ་དང་། །གཉིས་ནག་བདུད་པོ་མི་ནག་རྟ་མགོ་ཅན། །ལོ་བདག་མི་ལུས་ལུག་གི་མགོ་བོ་ཅན། །ལྷོ་ནུབ་སེ་ཤར་ལྷུམས་སུ་ཞུགས་པའི་བུ། །ཉ་དང་དུག་སྦྲུལ་པིར་གྱི་མགོ་བོ་ཅན། །སྔོན་མོ་ནས་ཀྱི་ཕོ་ཉ་བཏང་། །དེ་རིང་གཏོ་ཡི་དཀྱིལ་འཁོར་འདིར། །བརྡ་སིལ་གསང་བའི་སྐད་ཀྱིས་འབོད། །བ་དན་རུ་མཚོན་བརྡ་ཡིས་གཡབ། །སྐུ་གཟུགས་འདི་དང་དབྱེར་མེད་དུ། །སྐག་ཆེན་མི་ཁ་བྲ་མཆུ་དང་། །ལྟས་ངན་བཟློག་ཕྱིར་གཤེགས་སུ་གསོལ། །གསེར་སྐྱེམས་སྔོན་མོའི་ཆེས་ཇ་འདྲེན། །ཀྱཻ། བྱང་ཤར་མཚམས་ནས་སྤྱན་འདྲེན་པ། །རི་བོ་རྩེ་བརྒྱད་ཕོ་བྲང་ནས། །ས་བདག་བུ་ཕོ་གིན་རི་སྒོམ་ཆེན་ནི། །བརྒྱད་དཀར་ལྷ་
ཆེན་ཚངས་པ་དང་། །ལོ་བདག་མི་ལུས་གླང་གི་མགོ་བོ་ཅན། །བྱང་ཤར་ས་བདག་བིཊྚི་ལྷུམས་སུ་ཞུགས་པའི་བུ། །བྱི་ལ་གཟིག་དང་སྤྱང་ཀིའི་མགོ་བོ་ཅན། །སྔོན་མོ་ནས་ཀྱི་ཕོ་ཉ་བཏང་། །དེ་རིང་གཏོ་ཡི་དཀྱིལ་འཁོར་འདིར། །བརྡ་སིལ་གསང་བའི་སྐད་ཀྱིས་འབོད། །བ་དན་རུ་མཚོན་བརྡ་ཡིས་གཡབ། །སྐུ་གཟུགས་འདི་དང་དབྱེར་མེད་དུ། །སྐག་ཆེན་མི་ཁ་བྲ་མཆུ་དང་། །ལྟས་ངན་བཟློག་ཕྱིར་གཤེགས་སུ་གསོལ། །གསེར་སྐྱེམས་སྔོན་མོའི་ཆེས་ཇ་འདྲེན། །ཀྱཻ། ཤར་ལྷོ་མཚམས་ནས་སྤྱན་འདྲེན་ན། །འབྱུང་བ་རླུང་གི་མཁར་ནང་ནས། །ས་བདག་བུ་མོ་ཟོན་མ་རླུང་། །བཞི་ལྗང་ཀླུ་ཡི་རྒྱལ་མོ་ཆུ་སྲིན་ཆིབས། །ལོ་བདག་མི་ལུས་འབྲུག་གི་མགོ་བོ་ཅན། །ཤར་ལྷོ་ས་བདག་སེ་ཤར་ལྷུབས་སུ་ཞུགས་པའི་བུ། །ཆུ་བྱ་དུར་བྱ་འུག་པའི་མགོ་བོ་ཅན། །སྔོན་མོ་ནས་ཀྱི་ཕོ་ཉ་བཏང་། །དེ་རིང་གཏོ་ཡི་དཀྱིལ་འཁོར་འདིར། །བརྡ་སིལ་གསང་བའི་སྐད་ཀྱིས་འབོད། །བ་དན་རུ་མཚོན་བརྡ་ཡིས་གཡབ། །སྐུ་གཟུགས་འདི་དང་དབྱེར་མེད་དུ། །སྐག་ཆེན་མི་ཁ་བྲ་མཆུ་དང་། །ལྟས་ངན་བཟློག་ཕྱིར་གཤེགས་སུ་གསོལ། །གསེར་
སྐྱེམས་སྔོན་མོའི་ཆས་ཇ་འདྲེན། །ཀྱཻ། ཤར་གྱི་ཕྱོགས་ནས་སྤྱན་འདྲེན་པ། །དཔག་བསམ་ཤིང་གི་བསིལ་གྲིབ་ནས། །ཟིན་གྱི་བུ་མོ་སྟག་གཟིག་ཐུལ་པ་གྱོན། །གསུམ་མཐིང་བསེན་མོ་ཁྱི་ནག་ཆིབས། །ལོ་བདག་སྟག་དང་ཡོས་བུའི་མགོ་བོ་ཅན། །ཤར་ཕྱོགས་ས་བདག་ཐེ་སེ་ལྷུམས་སུ་ཞུགས་པའི་བུ། །སེང་གེ་གླང་ཆེན་ཕག་གི་མགོ་བོ་ཅན། །སྔོན་མོ་ནས་ཀྱི་ཕོ་ཉ་བཏང་། །དེ་རིང་གཏོ་ཡི་དཀྱིལ་འཁོར་འདིར། །བརྡ་སིལ་གསང་བའི་སྐད་ཀྱིས་འབོད། །བ་དན་རུ་མཚོན་བརྡ་ཡིས་གཡབ། །སྐུ་གཟུགས་འདི་དང་དབྱེར་མེད་དུ། །སྐག་ཆེན་མི་ཁ་བྲ་མཆུ་དང་། །ལྟས་ངན་བཟློག་ཕྱིར་གཤེགས་སུ་གསོལ། །གསེར་སྐྱེམས་སྔོན་མོའི་ཆས་ཇ་འདྲེན། །ཀྱཻ། ལྷོ་ཡི་བ་ཕྱོགས་ནས་སྤྱན་འདྲེན་པ། །འབྱུང་བ་མེ་ཡི་མཁར་ནང་ནས། །ལི་ནི་བུད་མེད་རྟ་མགོ་ཅན། །དགུ་དམར་མ་མོ་དྲེལ་ལ་ཞོན། །ལོ་བདག་རྟ་དང་སྦྲུལ་གྱི་མགོ་བོ་ཅན། །ལྷོ་ཕྱོགས་ས་བདག་ཙང་ཀུན་ལྷུམས་སུ་ཞུགས་པའི་བུ། །བྱ་རྒོད་སྤེལ་དང་ཕག་རྒོད་མགོ་བོ་ཅན། །སྔོན་མོ་ནས་ཀྱི་ཕོ་ཉ་བཏང་། །དེ་རིང་གཏོ་ཡི་དཀྱིལ་འཁོར་འདིར། །བརྡ་
སིལ་གསང་བའི་སྐད་ཀྱིས་འབོད། །བ་དན་རུ་མཚོན་བརྡ་ཡིས་གཡབ། །སྐུ་གཟུགས་འདི་དང་དབྱེར་མེད་དུ། །སྐག་ཆེན་མི་ཁ་བྲ་མཆུ་དང་། །ལྟས་ངན་བཟློག་ཕྱིར་གཤེགས་སུ་གསོལ། །གསེར་སྐྱེམས་སྔོན་མོའི་ཆས་ཇ་འདྲེན། །ཀྱཻ། ནུབ་ཀྱི་ཕྱོགས་ནས་སྤྱན་འདྲེན་པ། །འབྱུང་བ་ལྕགས་ཀྱི་མཁར་ནང་ནས། །དྭ་ནི་སྐྱེས་ཕྲན་སྟག་ཆས་ཅན། །བདུན་དམར་བཙན་རྟ་དམར་པོ་ཆིབས། །ལོ་བདག་སྤྲེལ་དང་བྱ་ཡི་མགོ་བོ་ཅན། །ནུབ་ཕྱོགས་ས་བདག་ཙང་ཀུན་ལྷུམས་སུ་ཞུགས་པའི་བུ། །རྟ་སྦྲུལ་སྟག་གི་མགོ་བོ་ཅན། །སྔོན་མོ་ནས་ཀྱི་ཕོ་ཉ་བཏང་། །དེ་རིང་གཏོ་ཡི་དཀྱིལ་འཁོར་འདིར། །བརྡ་སིལ་གསང་བའི་སྐད་ཀྱིས་འབོད། །བ་དན་རུ་མཚོན་བརྡ་ཡིས་གཡབ། །སྐུ་གཟུགས་འདི་དང་དབྱེར་མེད་དུ། །སྐག་ཆེན་མི་ཁ་བྲ་མཆུ་དང་། །ལྟས་ངན་བཟློག་ཕྱིར་གཤེགས་སུ་གསོལ། །གསེར་སྐྱེམས་སྔོན་མོའི་ཆས་ཇ་འདྲེན། །ཀྱཻ། བྱང་གི་ཕྱོགས་ནས་སྤྱན་འདྲེན་པ། །འབྱུང་བ་ཆུ་ཡི་མཁར་ནང་ནས། །ཁམ་ནི་བྱིས་སྦ་རལ་པ་ཅན། །གཅིག་དཀར་ལྷ་ཆེན་ཕག་ལ་ཆིབས། །ལོ་བདག་ཕག་དང་བྱི་བའི་མགོ་བོ་
ཅན། །བྱང་ཕྱོགས་ས་བདག་ཧོ་པན་ལྷུམས་སུ་ཞུགས་པའི་བུ། །ཆུ་སྲིན་དོམ་དང་དྲེད་ཀྱི་མགོ་བོ་ཅན། །སྔོན་མོ་ནས་ཀྱི་ཕོ་ཉ་བཏང་། །དེ་རིང་གཏོ་ཡི་དཀྱིལ་འཁོར་འདིར། །བརྡ་སིལ་གསང་བའི་སྐད་ཀྱིས་འབོད། །བ་དན་རུ་མཚོན་བརྡ་ཡིས་གཡབ། །སྐུ་གཟུགས་འདི་དང་དབྱེར་མེད་དུ། །སྐག་ཆེན་མི་ཁ་བྲ་མཆུ་དང་། །ལྟས་ངན་བཟློག་ཕྱིར་གཤེགས་སུ་གསོལ། །གསེར་སྐྱེམས་སྔོན་མོའི་ཆས་ཇ་འདྲེན། །ཀྱཻ། དབུས་ཀྱི་ཕྱོགས་ནས་སྤྱན་འདྲེན་པ། །ཡར་ཡུལ་འདི་ཡི་སོག་ཀ་རུ། །མི་དམར་མགོ་གསུམ་སྣ་ཁྲིད་ཆོས། །དབུ་གསུམ་འཇིགས་བྱེད་ཁྲོ་གཏུམ་ཆེ། །གཡས་པ་བྱ་ལ་གཡོན་པ་སྦྲུལ། །དབུས་ཀྱི་ཞལ་དེ་ཕག་གི་དབུ། །སྔོན་མོ་ནས་ཀྱི་ཕོ་ཉ་བཏང་། །དེ་རིང་གཏོ་ཡི་དཀྱིལ་འཁོར་འདིར། །བརྡ་སིལ་གསང་བའི་སྐད་ཀྱིས་འབོད། །བ་དན་རུ་མཚོན་བརྡ་ཡིས་གཡབ། །སྐུ་གཟུགས་འདི་དང་དབྱེར་མེད་དུ། །སྐག་ཆེན་མི་ཁ་དགྲ་འདྲེ་དང་། །ལྟས་ངན་བཟློག་ཕྱིར་གཤེགས་སུ་གསོལ། །ནང་མི་ཡོན་མཆོད་འཁོར་བཅས་ཀྱི། །ནད་ཡམས་རིམས་གསུམ་བཟློག་ཏུ་གསོལ། །གསེར་སྐྱེམས་སྔོན་མོའི་ཆས་
ཇ་འདྲེན། །ཛཿཧཱུྃ་བཾ་ཧོཿ ས་མ་ཡཱ། ཏིཥྛ་ལྷན། ༈ དེ་ནས་མགོ་གསུམ་ཟིལ་གནོན་ནི། དཔུང་བཅོལ་ཡང་ཟེར། ཨེ་མ་ཧོ༔ ཆོས་ཀྱི་དབྱིངས་ལ་སྤྲོས་པ་མི་མངའ་ཡང་། །ཐུགས་རྗེའི་དབང་གིས་འགྲོ་བའི་དོན་མཛད་པ། །མཁྱེན་རབ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་བསྟོད། །གཞོན་ནུའི་ཚུལ་འཆང་བདེ་བར་གཤེགས་པའི་སྐུ། །རལ་གྲི་ཨུཏྤལ་སྔོན་པོ་ཕྱག་ན་བསྣམས། །སེང་གེའི་ཁྲི་ལ་ཁྲོ་འཛུམ་འགྱིངས་བག་ཚུལ། །གདུག་པའི་ཚོགས་རྣམས་ཟིལ་གྱིས་གནོན་མཛད་པ། །མཁྱེན་རབ་འཇམ་པའི་དབྱངས་ལ་ཕྱག་འཚལ་བསྟོད། །ཀྱཻ། སྣང་ཞིང་སྲིད་པའི་འཇིག་རྟེན་ན། །རིགས་དྲུག་སེམས་ཅན་གྲངས་རེ་མང་། །གདུག་པ་ཅན་རྣམས་ཚན་རེ་ཆེ། །མཐུ་ཆེན་རྩལ་གྲགས་ང་ལ་ཉོན། །བདག་ནི་འཕགས་པ་འཇམ་དཔལ་ཡིན། །མཐུ་དང་མན་ངག་ཐུགས་ལ་འཆང་། །ཕྱག་རྒྱ་གསང་བ་སྐུ་ལ་རྫོགས། །རྫུ་འཕྲུལ་སྣ་ཚོགས་སྟོབས་དང་ལྡན། །སྟོང་གསུམ་ལྷ་འདྲེ་དབང་དུ་བསྡུ། །གདུག་པ་ཅན་རྣམས་སྒལ་ཚིགས་གཅོག །དྲེགས་པ་ཅན་རྣམས་ཟིལ་གྱིས་གནོན། །དབང་པོ་ཆེ་ཡང་འདུལ་བར་བྱེད། །སྣང་ཞིང་སྲིད་པའི་
ལྷ་འདྲེ་ཀུན། །ཐམས་ཅད་འཇམ་དཔལ་ང་ཡི་འཁོར། །འབྱུང་བ་ལྔ་ཡི་སྤྱད་པ་ཀུན། །ཀུན་ལ་དབང་བསྒྱུར་ཐོགས་པ་མེད། །གོ་ཆ་འགྱུར་མེད་ཏིང་འཛིན་ཡོད། །ཐོགས་པ་མེད་པའི་མཚོན་ཆ་ཡིས། །གང་ལ་བཏབ་ཀྱང་ཐོགས་པ་མེད། །རྣམ་ཤེས་རིག་པའི་རྩལ་དང་ལྡན། །ཕ་རོལ་བདུད་དཔུང་འཇོམས་པར་བྱེད། །གདུག་པ་ཅན་རྣམས་འདུལ་བར་བྱེད། །ཉོན་མོངས་ཅན་ལ་ཕན་ཡང་འདོགས། །གཏི་མུག་ཅན་ལ་ཆོས་ཡང་སྟོན། །ཞེ་སྡང་ཅན་རྣམས་ཞི་བར་བྱེད། །ང་རྒྱལ་ཅན་རྣམས་ཟིལ་གྱིས་གནོན། །འདོད་ཆགས་ཅན་རྣམས་འཇོམས་པར་བྱེད། །ཕྲག་དོག་ཅན་རྣམས་འཆིང་ལས་གྲོལ། །རྣམ་རྟོག་ཅན་གྱི་རྣམ་རྟོག་སེལ། །ཤེས་རབ་ཆེན་པོའི་རྟ་ལ་ཞོན། །མངོན་པར་ཤེས་པའི་མེ་ལོང་ཕྱིར། །ཡེ་ཤེས་ལྔ་ཡི་འཁོར་ལོ་བསྐོར། །ཕ་རོལ་ཕྱིན་དྲུག་ངང་ལ་རྫོགས། །མངོན་པར་ཤེས་པ་ཐུགས་ལ་ཤར། །སྲིད་གསུམ་མ་ལུས་ལྷང་ངེར་མཁྱེན། །ཁྱོད་ལས་དོན་བདུད་སྲིན་ཉོན་རེ་མོངས། །ལས་ངན་བྱས་པས་མཁའ་ལ་རྒྱུ། །གདུག་པའི་དུག་ཅན་སྐྱུག་རེ་བྲོ། །ལས་ངན་བྱས་པས་སྙིང་རེ་རྗེ། །ཐོགས་མེད་
ཡིད་ཀྱི་མཁའ་ལ་རྒྱུ། །ཁྱོད་ལས་ངན་བདུད་སྲིན་སྙིང་རེ་རྗེ། །ཐམས་ཅད་ང་ཡིས་འདུལ་བ་སྟེ། །ང་ཡི་བཀའ་ལ་ཁྱོད་ཀྱང་ཉོན། །ང་ཡིས་བཟའ་བཏུང་ནོར་ཡང་སྦྱིན། །ང་ཡིས་ཟབ་མོའི་དོན་ཡང་སྟོན། །ང་ཡི་བཀའ་ལ་ཉན་ན་ལེགས། །འདི་དང་ཕྱི་མ་གཉིས་ཀ་བདེ། །ཁྱོད་སེམས་ཉིད་གཏན་ལ་མ་ཕེབས་པས། །ད་ལྟ་སྡུག་བསྔལ་མང་པོ་ཤར། །ཀྱཻ། སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས། །ང་ཡི་འཁོར་དུ་མ་གཏོགས་མེད། །ཐམས་ཅད་ང་ཡིས་མི་ཐུབ་མེད། །ལྷ་ཡི་ཚོགས་རྣམས་ང་ཡི་བྲན། །རྒྱལ་ཆེན་རིགས་བཞི་ང་ཡི་བུ། །ཀླུ་ཆེན་བརྒྱད་པོ་ང་ཡི་གཡོག །ལྷ་སྲིན་སྡེ་བརྒྱད་ང་ཡི་འབངས། །གཟའ་དང་རྒྱུ་སྐར་ང་ཡི་བྲན། །འབྱུང་བ་ལྔ་པོ་ང་ཡི་གཉེན། །བདུད་བཙན་རྒྱལ་པོ་ང་ཡི་འཁོར། །ལྷ་སྲུང་གཉན་པོ་ང་ཡི་བུ། །ང་ཡི་བཀའ་ལ་ཐམས་ཅད་གནས། །ང་ལས་ཆེ་བའི་གཏོ་མཁན་ནི། །འཇིག་རྟེན་འདི་ན་འགའ་ཡང་མེད། །མན་ངག་རིག་པ་ཡང་བཀོལ་ཡོད། །ཀྱཻ། ལས་ངན་བདུད་སྲིན་ཉོན་མོངས་ཀུན། །ཐམས་ཅད་ང་ཡི་བཀའ་ལ་ཉོན། །སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག །ཆོས་ཉིད་
ཆགས་དང་བྲལ་ཏེ་བདེན་པའི་མཆོག །དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག །བདེན་པའི་བཀའ་ལ་མི་ཉན་གང་ཡང་མེད། །སྲིད་པའི་ཆུ་ལ་མི་འཐུང་གང་ཡང་མེད། །རི་རབ་ཟོམ་ལ་མི་བརྟེན་གང་ཡང་མེད། །དེ་བས་ཐམས་ཅད་བདེན་པའི་བཀའ་ལ་ཉོན། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །རྐྱེན་ངན་ལང་པ་དེ་རིང་བཅོས། །དེ་རིང་འབྱུང་བའི་དགྲ་གཤེད་བཅོས། །དེ་རིང་འབྱུང་བའི་གཏོ་བཅོས་བྱེད། །གནོད་པ་སྐྱེལ་བའི་ཡི་དྭགས་རྣམས། །ང་ཡི་བཀའ་ལ་ལེགས་པར་ཉོན། །གསོན་ཅིག་དགོངས་ཤིག་ལྷ་འདྲེ་རྣམས། །ང་ཡིས་མི་འདུལ་གང་ཡང་མེད། །གཏོ་ཡིས་མི་བཟློག་གང་ཡང་མེད། །ཟློག་ཅིག་སྒྱུར་ཅིག་བདེ་གཤེགས་བཀའ། །སྐག་ཆེན་ཐམས་ཅད་བཟློག་ཏུ་གསོལ། །ཟློག་ཅིག་སྒྱུར་ཅིག་འབྱུང་བའི་གཏོ། །དེ་རིང་བཟློག་བསྒྱུར་དུས་ལ་བབ། །བདེ་གཤེགས་རྒྱལ་བའི་བཀའ་བྱུང་ངོ། །བདུད་པོ་ཆེ་རྣམས་བཟློག་ཏུ་གསོལ། །བདུད་ཆད་བདུད་ལས་ཐར་བར་གྱིས། །ཚེ་ཟད་ཚེ་དང་ལྡན་པར་གྱིས། །ནད་པ་ཡོད་ན་བསླང་བར་གྱིས། །སྲིའུ་ཚང་ནས་བསྐྱེད་པར་གྱིས། །གནོད་པ་སྐྱེལ་
བའི་གང་འཕྲད་སོད། །མཐུ་རྩལ་ཅན་དང་དབང་པོ་ཅན། །མི་མིན་གདུག་པའི་དྲག་ཤུལ་ཅན། །ས་བདག་ཡུལ་བདག་གཉན་པོ་རྣམས། །ང་ཡི་བཀའ་ལ་ལེགས་པར་ཉོན། །གཏོ་ཡས་འདི་རྣམས་ལེན་དུ་བྱོན། །ཞེ་སྡང་གདུག་པའི་སེམས་དང་མ་འབྱོན་ཅིག །གཏི་མུག་རྨོངས་པའི་སེམས་དང་མ་འབྱོན་ཅིག །ཕྲག་དོག་གདུག་པའི་སེམས་དང་མ་འབྱོན་ཅིག །ང་རྒྱལ་ཁྲོས་པའི་སེམས་དང་མ་འབྱོན་ཅིག །འདོད་ཆགས་གླན་པའི་སེམས་དང་མ་འབྱོན་ཅིག །དགའ་བདེ་ཞི་བའི་སེམས་དང་ལྡན་ཏེ་བྱོན། །མོས་ཤིང་གུས་པའི་སེམས་དང་ལྡན་ཏེ་བྱོན། །བྱམས་དང་སྙིང་རྗེའི་སེམས་དང་ལྡན་ཏེ་བྱོན། །ཡས་སྟགས་ལེན་པའི་སེམས་ཀྱིས་འདིར་བྱོན་ཅིག །གཏོ་ཡས་འདི་རྣམས་མྱུར་དུ་ལེན་དུ་བྱོན། །ཅེས་བརྗོད་ཅིང་ཟིལ་གྱིས་གནོན། དེ་ནས་མགོ་གསུམ་གྱི་གཞུང་ནི། རང་འཇམ་དཔལ་དུ་བསྒོམ། གཏོ་ནག་རྣམས་སྤྱན་འདྲེན་པ་ནི། ཀྱེ་མ་ཧོ། དང་པོ་ཅི་ཡང་མེད་པ་ལ། །ནམ་མཁའ་སྟོང་པ་གྲུ་གསུམ་སྲིད། །དེ་ནས་འབྱུང་བ་རླུང་དུ་སྲིད། །དེ་ལས་འབྱུང་བ་མེ་རུ་སྲིད། །དེ་ལས་འབྱུང་བ་ཆུ་རུ་སྲིད། །དེ་ལས་གསེར་གྱི་ས་གཞི་སྲིད། །དེ་ལས་རི་
རབ་གླིང་བཞི་སྲིད། །དེ་ལས་འགྲོ་བ་རིགས་དྲུག་སྲིད། །མི་དང་གདོན་གཉིས་མ་འཆམས་པས། །འཕགས་པ་འཇམ་དཔལ་ཐུགས་རྗེ་ཡིས། །བཀའ་སྩལ་གསུང་བྱོན་མཛད་པ་ལ། །སྣང་སྲིད་ལྷ་འདྲེ་ཁྱེད་རྣམས་ཀྱང་། །རྫུན་པོས་བསླུས་པ་མི་ཉན་ན། །བདེན་ཚིག་རྒྱལ་བའི་བཀའ་ལ་ཉོན། །གལ་ཏེ་ང་ཡི་བཀའ་བཅག་ན། །ཁྱེད་རང་རྣམས་ཀྱང་བརླག་པར་འགྱུར། །གལ་ཏེ་ང་ཡི་བཀའ་ཉན་ན། །ཁྱོད་ལ་དངོས་གྲུབ་འོང་བར་ངེས། །ལྷ་འདྲེ་མཐོང་ཐོས་སྤྱན་འདྲེན་ན། །ཁོང་ཁྲོ་ཞི་ཞིང་གཏོ་ལ་བྱོན། །ཡོན་ཏན་ཟབ་མོ་སྟོན་ཕྱིར་གཏོ་ལ་བྱོན། །སྟོན་པའི་དམ་ཆོས་ཉན་ཕྱིར་གཏོ་ལ་བྱོན། །དགེ་འདུན་ཞལ་མཐོང་དཀོན་ཕྱིར་གཏོ་ལ་བྱོན། །དབང་པོ་ཚང་བ་དཀོན་ཕྱིར་གཏོ་ལ་བྱོན། །གཤིན་རྗེའི་ཞགས་པ་སྒྲོལ་ཕྱིར་གཏོ་ལ་བྱོན། །ཀྱཻ། རི་རབ་རི་བདུན་རི་རྩེ་མཐོན་པོ་དང་། །ལུང་སྟོང་རི་སུལ་གད་པ་གཡང་ས་གྲོང་། །རི་ངོས་བྲག་རི་རི་སྟོང་ས་ཕུག་སོགས། །མཆོད་སྦྱིན་དར་བའི་ཡུལ་ནས་གཏོ་ལ་བྱོན། །སྨན་ལྗོངས་སྤང་རི་གངས་རི་མེ་ཏོག་ཚལ། །རྒྱ་མཚོ་ཆུ་ཕྲན་ཆུ་ཀླུང་འབབ་ཆུ་དང་། །ཆུ་མིག་ཁྲོན་པ་ལུ་
མ་ལྡིང་ཀ་དང་། །རོལ་མཚོ་གླིང་བཞི་ཀུན་ནས་གཏོ་ལ་བྱོན། །ཤིང་ཀླུང་སྐྱེད་ཚལ་ཤིང་གཅིག་དུར་ཁྲོད་དང་། །ལམ་མདོ་སུམ་མདོ་ཕོ་བྲང་འདུན་ས་དང་། །ཚོང་འདུས་ཁང་སྟོང་མྱ་ངན་དགོན་པའི་ཡུལ། །ས་འོག་ས་སྟེང་ཀུན་ནས་གཏོ་ལ་བྱོན། །མདོར་ན་དམྱལ་བ་ཡི་དྭགས་ཡུལ་ལ་སོགས། །སྟོང་གསུམ་ཀུན་ཁྱབ་གདོན་བགེགས་འབྱུང་པོའི་ཚོགས། །ཉིན་མཚན་ཀུན་ཏུ་རྒྱུ་བའི་གདོན་བགེགས་ཚོགས། །ལོ་སྐག་ཟླ་སྐག་ཉི་མ་ཞག་གི་སྐག །དུས་ཚོད་སྐག་ལ་དབང་བྱེད་གནོད་བྱེད་པ། །དེ་རིང་གཏོ་ལ་སྤྱན་འདྲེན་ད་ཚུར་བྱོན། །གདུག་པའི་དུག་སྤངས་ཞི་བའི་སེམས་ཀྱིས་བྱོན། །ཀྱཻ། སྣང་ཞིང་སྲིད་པའི་ལྷ་འདྲེ་ཁྱེད་རྣམས་ཀྱང་། །ཚོང་པ་རིན་ཆེན་གླིང་དུ་ཕྱིན་པ་ལྟར། །རེ་བ་བསྐང་བའི་གཏོ་མཆིས་ཀྱི། །འདུས་འདུས་ཁྱད་པར་གཏོ་ལ་འདུས། །ཀྱཻ། མེ་དཔུང་འབར་བའི་དཀྱིལ་འཁོར་ནས། །ལི་ཡི་བུ་མོ་གཏོ་ལ་བྱོན། །བརྡལ་བ་རིམ་དགུའི་འོག་རོལ་ནས། །ཁོན་མ་རྒན་མོ་གཏོ་ལ་བྱོན། །ལྕགས་ཀྱི་ཁང་སྒྲོམ་འབར་བ་ནས། །དྭ་ཡི་བུ་མོ་གཏོ་ལ་བྱོན། །ནམ་མཁའ་སྟོང་པའི་དབྱིངས་རོལ་ནས། །ཁེན་པ་
རྒན་པོ་གཏོ་ལ་བྱོན། །རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ནས། །ཁམ་གྱི་བུ་ཡང་གཏོ་ལ་བྱོན། །རི་བོ་རྩེ་ལྔའི་གདན་ཁྲི་ནས། །གིན་གྱི་བུ་ཕོ་གཏོ་ལ་བྱོན། །དཔག་བསམ་ཤིང་གི་བསིལ་གྲིབ་ནས། །ཟིན་གྱི་བུ་མོ་གཏོ་ལ་བྱོན། །རྡོ་རྗེ་རྒྱ་གྲམ་རླུང་སྟེང་ནས། །ཟོན་གྱི་བུ་མོ་གཏོ་ལ་བྱོན། །མ་ཧཱ་གསེར་གྱི་རུས་སྦལ་གྱི། །མགོ་བོ་སྤྱི་བོའི་གཙུག་ནས་ནི། །མེ་ལོ་བཅུ་གཉིས་གཏོ་ལ་བྱོན། །མ་ཧཱ་རུས་སྦལ་གཡས་ཕྱོགས་ནས། །ཤིང་ལོ་བཅུ་གཉིས་གཏོ་ལ་བྱོན། །མ་ཧཱ་རུས་སྦལ་མཇུག་མ་ནས། །ཆུ་ལོ་བཅུ་གཉིས་གཏོ་ལ་བྱོན། །མ་ཧཱ་རུས་སྦལ་གཡོན་ཕྱོགས་ནས། །ལྕགས་ལོ་བཅུ་གཉིས་གཏོ་ལ་བྱོན། །རུས་སྦལ་ཡན་ལག་བཞི་པོ་ནས། །ས་ལོ་བཅུ་གཉིས་གཏོ་ལ་བྱོན། །གཞན་ཡང་ཡ་བདུད་མ་བདུད་ནས། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང་། །དུག་ལྔའི་སེམས་ཀྱིས་མ་འབྱོན་པར། །སྙིང་རྗེ་བྱམས་པའི་སེམས་ཀྱིས་གཏོ་ལ་བྱོན། །དེ་རིང་རྒྱུ་སྦྱོར་ཡོན་བདག་གི །སྲོག་ལུས་དབང་ཐང་སྐྱིན་དུ་ནི། །སྲིད་པ་ལས་ཀྱི་གཏོ་བཏང་གིས། །རྒྱུ་ནི་འབྱུང་བ་ལྔ་ལས་གྲུབ། །འཇམ་དཔལ་ལྗགས་ཀྱི་མཆིལ་མ་
ལས། །འབྱུང་བའི་དྭངས་མ་ལྔ་རུ་ཤར། །འཕགས་པ་ཀོང་ཙེའི་སྤྲུལ་པ་ལས། །ཅེར་གྱི་རུ་སྦལ་གཅིག་ཏུ་སྲིད། །བདག་ལ་སྣང་བ་ཡིན་ཟེར་ཡང་། །དེ་ལས་འབྱུང་བ་ལྔ་རུ་སྲིད། །དྭངས་མ་བཅོ་ལྔ་ཁེན་ཁོན་སྲིད། །གིན་ཟོན་ལྕམ་དྲལ་དྭ་ལི་གཉིས། །ནལ་ཕྲུག་ཁམ་ཟིན་གཏོ་ལ་བྱོན། །རུས་སྦལ་རྩ་རྒྱུས་མཆིན་པ་ལས། །འབྱུང་བ་དང་པོ་ཤིང་དུ་སྲིད། །ཤིང་སྟག་ཡོས་བུ་གཏོ་ལ་བྱོན། །རུས་སྦལ་སྙིང་དང་ཕོ་བ་ལ། །སྤྲུལ་པ་འབྱུང་བ་གཉིས་པོ་མེ། །རྟ་སྦྲུལ་གཉིས་པོ་གཏོ་ལ་བྱོན། །རུས་སྦལ་གློ་བ་རུས་པ་ཡི། །སྤྲུལ་པའི་འབྱུང་བ་གསུམ་པ་ལྕགས། །བྱ་སྤྲེལ་གཉིས་པོ་གཏོ་ལ་བྱོན། །རུས་སྦལ་ཁྲག་དང་མཁལ་མ་ལས། །སྤྲུལ་པའི་འབྱུང་བ་བཞི་ས་ཆུ། །བྱི་ཕག་གཉིས་པོ་གཏོ་ལ་བྱོན། །རུས་སྦལ་མཚེར་པ་ལྤགས་པ་ཡི། །སྤྲུལ་པའི་འབྱུང་བ་ལྔ་པ་ས། །ཁྱི་འབྲུག་གླང་ལུག་གཏོ་ལ་བྱོན། །མ་ཧཱ་གསེར་གྱི་རུས་སྦལ་གྱི། །རེ་སྨིན་སྨན་པའི་སྤྲུལ་པ་ལས། །ཐོ་རངས་སྐར་ཆེན་གཅིག་དཀར་ཤར། །སྨེ་བ་གཅིག་དཀར་གཏོ་ལ་བྱོན། །མ་ཧཱ་གསེར་གྱི་རུས་སྦལ་ལ། །མིག་འབྲས་གཉིས་ལས་གཉིས་ནག་བྱུང་། །
སྨེ་བ་གཉིས་ནག་གཏོ་ལ་བྱོན། །ཤངས་ལ་བྱེ་བྲལ་རླུང་གསུམ་བྱུང་། །སྨེ་བ་གསུམ་མཐིང་གཏོ་ལ་བྱོན། །ཞལ་གྱི་རུས་སྦལ་མྱ་ངན་བྱུང་། །གྱོད་ཀྱི་རུ་མ་སྤུན་བཞི་བྱུང་། །སྨེ་བ་བཞི་ལྗང་གཏོ་ལ་བྱོན། །ཤ་རུས་ལྤགས་ནས་ཆུ་སེར་བྱུང་། །སྨེ་བ་ལྔ་སེར་གཏོ་ལ་བྱོན། །སྒལ་ཚིགས་བར་དྲུག་གངས་རི་དྲུག །སྨེ་བ་དྲུག་དཀར་གཏོ་ལ་བྱོན། །ལྷག་མ་ཁྲག་རྣག་ཤན་པ་བདུན། །སྨེ་བ་བདུན་དམར་གཏོ་ལ་བྱོན། །དཔྲལ་བར་འོད་ལས་བརྒྱུད་དཀར་ཤར། །སྨེ་བ་བརྒྱད་དཀར་གཏོ་ལ་བྱོན། །སྒང་བར་ནོར་ལྷ་ལྕམ་དྲལ་དགུ། །སྨེ་བ་དགུ་དམར་གཏོ་ལ་བྱོན། །མིག་ལ་ཉི་ཟླ་གཉིས་སུ་སྲིད། །ཉི་ཟླ་གཉིས་པོ་གཏོ་ལ་བྱོན། །མཆེ་བ་བརྒྱད་ལ་གཟའ་བརྒྱད་སྲིད། །གཟའ་ཆེན་བརྒྱད་པོ་གཏོ་ལ་བྱོན། །སྒལ་ཚིགས་རྒྱུ་སྐར་ཉེར་བརྒྱད་སྲིད། །རྒྱུ་སྐར་ཉེར་བརྒྱད་གཏོ་ལ་བྱོན། །རུས་སྦལ་བར་པའི་འདྲེ་ལྔ་ལས། །གློག་དང་གཡུ་འབྲུག་གཉིས་སུ་སྲིད། །གློག་འབྲུག་གཉིས་པོ་གཏོ་ལ་བྱོན། །དེ་ལ་འཇའ་ཚོན་སྣ་ལྔ་སྲིད། །འཇའ་ལ་གནས་པ་གཏོ་ལ་བྱོན། །ཁྲོས་པ་ཐོག་དང་སེར་བ་སྲིད། །ཁ་བ་བུ་ཡུག་
རླུང་བདག་དང་། །ཐོག་སེར་བདག་པོ་གཏོ་ལ་བྱོན། །ཀྱཻ། ལྷ་ཀླུ་བདུད་དང་སྲིན་པོའི་ཚོགས། །བཙན་དང་རྒྱལ་པོ་ཐེའུ་རང་བགེགས། །སྨན་གཟེད་མ་མོ་དྲི་ཟ་དང་། །ཕྱོགས་སྐྱོང་གཟའ་དང་ལོ་ཁྱིམ་དང་། །རྒྱལ་ཆེན་རྒྱུ་སྐར་ནོར་སྲུང་དང་། །ས་བདག་རྗེ་བློན་ཡུལ་བདག་རྣམས། །འདུས་ཤིག་འདུས་ཤིག་གཏོ་ལ་འདུས། །འཇམ་དཔལ་བཀའ་བཞིན་གནས་འདི་རུ། །བདག་གི་གཏོ་ལ་མ་བྱོན་ན། །བཅོམ་ལྡན་འདས་ཀྱི་བཀའ་ཆད་ཀྱིས། །ཁྱོད་ཀྱི་ལུས་སེམས་བྲལ་བར་འགྱུར། །གལ་ཏེ་བྱོན་ནས་གཏོ་བྱས་ན། །གཏོས་ཀྱང་བཀྲ་ཤིས་ཕུན་སུམ་ཚོགས། །རྒྱུ་སྦྱོར་ཡོན་བདག་གདོན་ལས་གྲོལ། །གཏོ་མཁན་བདག་ཀྱང་ངོ་རེ་ཆེ། །སྨོན་ལམ་འདི་ཡང་ཆུད་མ་ཟོས། །དེ་བས་འདིར་གཤེགས་སྐག་བསྒྱུར་ཕྱིར། །དགྱེས་པའི་ཚུལ་གྱིས་ཡས་ལ་གཟིགས། །བདག་གིས་གཏོ་ཡས་བསགས་པ་འདི། །འབྱུང་བའི་གདོན་རིགས་བསལ་བའི་ཕྱིར། །ཁྱེད་ལ་འབུལ་གྱིས་བཞེས་སུ་གསོལ། །ཅེས་བརྗོད་ཅིང་། ཧཱུྃ། དུག་གསུམ་ལས་ལ་སྤྱོད་པའི་ཉོན་མོངས་བདུད། །དུག་ལྔ་སྤྱོད་པའི་ཡི་དྭགས་འདྲེ་ཡི་ཚོགས། །འགོང་པོ་ཐེའུ་རང་
བསེན་མོ་དང་། །བསྒྲེན་འདྲེ་སྲི་ཅན་བྱུར་གདོན་བགེགས། །ཡས་ལ་མི་དབང་རློམ་པ་རྣམས། །ས་འདི་བཅད་པ་ཡན་ཆད་དུ། །མ་ཉེ་མ་འཚོགས་མ་འཁོར་ཅིག བསགས་པའི་ཡས་ལ་མ་རློམ་པར། །གཏོར་མའི་དྲི་ལ་མ་རྐུ་ཅིག །ཕོ་བྲང་དཀྱིལ་འཁོར་སོགས་དག་དང་། །འབྱུང་བ་ལྔ་ཡི་གཞལ་ཡས་སུ། །ཆོ་འཕྲུལ་བར་ཆད་བགེགས་མ་བྱེད། །གནོད་པའི་ཆོ་འཕྲུལ་མི་བྱེད་པར། །མཐའ་ཡི་ལྕགས་རིའི་ཕྱི་རོལ་དུ། །མུན་པ་ཆེན་པོའི་རྒྱབ་ཏུ་སོང་། །དཔག་ཚད་དུ་མ་བརྒལ་དུ་སོང་། །སོ་སོ་རང་། རང་གནས་སུ་དེངས། །ཞེས་བརྗོད་མཚམས་དྲག་ཏུ་བཅད། ཡུངས་ཀར་ཐུན་གྱིས་བྲབ།། ༼ག༽ དེ་ནས་དཀར་པོ་མགོ་གསུམ་ནི། ཧཱུྃ། འབྱུང་བ་ལྔ་ཡི་ཁྱད་པར་ལས། །དབང་ཆེན་རྣམ་ལྔ་རིམ་པར་ཆགས། །དབང་ཆེན་རྣམ་ལྔའི་རིམ་པ་ལ། །སྲིད་པའི་གཞི་ཆེན་རྒྱ་མཚོ་ཆགས། །དེ་སྟེང་རི་རབ་ལྷུན་པོ་སྲིད། །དཔག་བསམ་ལྗོན་པའི་ཚལ་ཆེན་རྒྱས། །དཔག་ཚད་བརྒྱད་ཁྲི་བཞི་སྟོང་ལས། །རྩ་བ་རྒྱ་མཚོ་ཀླུ་ཡི་གནས། །ལོ་འདབ་རྒྱ་མཚོ་མཐའ་ཡས་ཁྱབ། །ཡལ་ག་བརྒྱད་ཁྲི་བཞི་སྟོང་ལྡན། །ལྷ་ཡི་གནས་སུ་འབྲས་བུ་
སྨིན། །ཕྱོགས་བཞི་གྲུ་བཞི་ཁ་བད་ལྡན། །མཚན་ནི་མི་མཇེད་འཇིག་རྟེན་ཁམས། །ཁྱད་པར་གླིང་ནི་འཛམ་བུ་གླིང་། །ཤར་ཕྱོགས་ལུས་འཕགས་པོ་ཡི་གླིང་། །ལྷོ་ཕྱོགས་རྩུབ་གྱུར་ཚལ་གྱི་གླིང་། །ནུབ་ཕྱོགས་བ་ལང་སྤྱོད་ཀྱི་གླིང་། །བྱང་ཕྱོགས་སྒྲ་མི་སྙན་གྱི་གླིང་། །ཤར་ཕྱོགས་ཟླུམ་པོ་ཞི་བའི་ངང་། །ལྷོ་ཕྱོགས་རྒྱས་པ་གྲུ་བཞིའི་གླིང་། །ནུབ་ཕྱོགས་ཟླ་གམ་དབང་གི་ཚུལ། །བྱང་ཕྱོགས་གྲུ་གསུམ་དྲག་པོའི་ཚུལ། །དེ་ཡི་འཁོར་སྲུང་ཆེན་པོ་ནི། །འཕགས་པ་འཇམ་དཔལ་བསྟན་པ་རྒྱས། །རྒྱ་ནག་རྒྱལ་པོ་ཆེན་པོ་སྟེ། །རི་རབ་ཆེན་པོའི་དབུས་ན་བཞུགས། །འདིར་བྱོན་རྒྱས་པའི་མཆོད་པ་བཞེས། །རྣལ་འབྱོར་བདག་ལ་དབང་ཞིག་བསྐུར། །ཡོན་བདག་འཁོར་བཅས་བསྲུང་དུ་གསོལ། །རིན་ཆེན་རྒྱལ་པོ་ཀེ་ཀེ་རུ། །བདེ་བའི་ཚལ་དང་དགའ་བའི་ཚལ། །འཕུར་བའི་ཚལ་དང་བསིལ་བའི་ཚལ། །འབྲས་བུ་རྒྱས་པའི་ཚལ་དུ་ཆགས། །རི་རབ་གསེར་གྱི་རི་བདུན་ཆགས། །བར་ན་རོལ་པའི་མཚོ་བདུན་ཆགས། །རིན་ཆེན་བླ་བྲེའི་ཚུལ་དུ་ཆགས། །འོག་ཏུ་གསེར་གྱི་ས་གཞི་ཆགས། །ཟླ་ཞག་དུས་ཚོད་ཚེས་གྲངས་འཛིན། །ལོ་
གཅིག་ཟླ་བ་བཅུ་གཉིས་བསྐོར། །ཟ་མ་བདུན་བརྒྱ་ཉི་ཤུ་བྱུང་། །བྱི་བ་གླང་ལ་རྩིས་བཏབ་ནས། །ཁྱི་དང་ཕག་ལ་མཇུག་བྱས་ནས། །གཟའ་དང་རྒྱུ་སྐར་རྩིས་བཏབ་ནས། །རྒྱ་ནག་རྒྱལ་པོ་གཏོ་བསྒྱུར་མཁན། །གབ་རྩེ་རྒྱལ་པོ་གཙུག་ལག་རྩིས། །ཡག་ཉེས་མཚམས་བྱེད་ཆེན་པོ་སྟེ། །ཀུན་མཁྱེན་ཡེ་ཤེས་ཐུགས་རྗེས་གཟིགས། །ཐམས་ཅད་མཁྱེན་པས་ཐུགས་རྗེས་དགོངས། །འཆི་བདག་དབང་ཆེན་བཤོལ་བ་དང་། །འདུས་པའི་ནད་རྣམས་སེལ་བ་དང་། །རྣམ་རྟོག་བགེགས་རྣམས་འཇོམས་པ་དང་། །སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་དང་། །ཁམས་གསུམ་འཁོར་བའི་སྐག་ཆེན་རྣམས། །མི་མཐུན་རྐྱེན་རྣམས་བཟློག་པའི་ཕྱིར། །འཕགས་པ་འཇམ་དཔལ་ཐུགས་རྗེ་ཡིས། །ཟློག་བྱེད་ནག་པོ་མགོ་གསུམ་བཞེངས། །དུས་གསུམ་སངས་རྒྱས་སྐུ་སྤྲུལ་པ། །ཞལ་གཅིག་ཕྱག་གཉིས་ཞི་བའི་ཞལ། །སྐུ་མདོག་གསེར་གྱི་མདངས་དང་ལྡན། །ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་བཞུགས། །ཕྱག་གཉིས་རལ་གྲི་ཨུཏྤལ་བསྣམས། །འཕགས་པ་འཇམ་དཔལ་སྐུ་ལ་ཕྱག་འཚལ་བསྟོད། །དྲེགས་པ་ཅན་
རྣམས་འདུལ་བར་བྱིན་གྱིས་རློབས། །ལོ་ཟླ་ཞག་དུས་རྩིས་འདེབས་ན། །ལོ་ཡི་དང་པོ་བྱི་བ་གླང་། །ཟླ་བའི་དང་པོ་སྟག་ལ་ཚེས། །ཞག་གི་གྲངས་འཛིན་སྟག་སྤྲེལ་ལ། །ཟ་མའི་མགོ་བོ་ཡོས་བུ་བརྩི། །ལོ་སྐོར་བཅུ་གཉིས་བསྐལ་པར་བསྒྲུང་། །སྐག་ཆེན་རྐྱེན་རྣམས་བཟློག་པའི་ཕྱིར། །དྲེགས་བྱེད་ནག་པོ་མགོ་གསུམ་བཞེངས། །བདུད་མོ་རྔ་ཞོན་བཙུན་མོ་དང་། །ཤོ་ཁ་ཟློག་ལ་ཤོ་རྡེལ་གཏོར། །མི་དམར་མགོ་གསུམ་སྣ་ཁྲིད་སྦྱར། །ཤང་ཤང་བྲ་མཆུ་འཁོར་དུ་མངག །མི་ཁ་བྲ་མཆུ་གཡོག་ཏུ་ཁྲིད། །སྟོབས་ལྡན་གླང་ཆེན་ཁལ་དུ་བཀལ། །མི་ཁའི་ཟས་རྣམས་བཀལ་ནས་ནི། །མི་མཐུན་རྐྱེན་རྣམས་བཟློག་ཏུ་གསོལ། །ཧཱུྃ། འཕགས་པ་འཇམ་དཔལ་སྐུ་སྤྲུལ་པ། །ཞི་བར་བཞུགས་པའི་ལྷ་རྣམས་ལ། །གསེར་དངུལ་གཟི་མཆོང་མུ་ཏིག་དང་། །གཡུ་དང་མན་ཤེལ་ས་ལེ་སྦྲམ། །བཻཌཱུརྨ་དང་ཨ་མྲྀ་ཏ། །རིན་ཆེན་སྣ་ཚོགས་དཀོར་ཆ་བཤམས། །དར་ཟབ་སྣ་ཚོགས་གདན་དུ་བཏིང་། །ཟ་འོག་དར་ཚོན་རྣམས་ཀྱིས་བརྒྱན། །རིན་ཆེན་ཀ་ར་བུ་རམ་དང་། །ཤིང་མངར་ཨ་བར་སྐྱུར་གསུམ་དང་། །ཛཱ་ཏི་ལི་ཤི་སུག་སྨེལ་དང་། །
རྩི་སྨན་བདུད་རྩི་གསེར་སྐྱེམས་དང་། །ཨཱ་ལོ་ཀེ་དང་འབྲས་གཅིག་ཀ །འབྲས་དང་ནས་དང་གྲོ་དང་ཁྲེ། །ནལ་སོན་སིལ་ན་སྟར་ཁ་དང་། །ཁ་བུ་གཡེར་མ་ཀུ་ཤུ་དང་། །ཤིང་ཐོག་འབྲས་བུ་སྣ་ཚོགས་མཆོད་པ་འབུལ། །ཡོན་ཏན་རྒྱས་པར་བྱིན་གྱིས་རློབས། །རྣལ་འབྱོར་ཡོན་མཆོད་འཁོར་བཅས་ཀྱིས། །བདུད་རྩི་རྒྱ་མཚོའི་ཟས་ཀྱི་རིགས། །དཀར་གསུམ་མངར་གསུམ་མཆོད་པ་འབུལ། །མི་འཛད་གཏེར་ལ་སྤྱོད་པར་ཤོག །སྲོག་ཆགས་རྐང་འགྲོས་ཅི་མཆིས་རྣམས། །མཆོད་པའི་རྫས་སུ་བཞེས་སུ་གསོལ། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །རྣལ་འབྱོར་ཡོན་མཆོད་འཁོར་བཅས་ལ། །ལན་ཆགས་བྲལ་ཞིང་བུ་ལོན་འཁོར། །ཚེ་རབས་སྔོན་གྱི་འབྲེལ་ཆགས་སམ། །ད་ལྟ་དུས་ཀྱི་རྐྱེན་དབང་ངམ། །སྐྱེ་བ་སྔ་མའི་ལས་འབྲས་སམ། །ད་ལྟ་འཕྲལ་གྱི་ལན་ཆགས་སམ། །དུག་ལྔའི་རྣམ་རྟོག་གང་ཡིན་དང་། །འཁོན་པ་སྦྱང་བའི་ཡོན་དུ་འབུལ། །འགལ་བ་ཡོད་ན་བཟོད་པར་གསོལ། །ན་བ་ཡོད་ན་སྨན་དུ་འབུལ། །ཤི་བ་ཡོད་ན་སྟོང་གིས་བསབ། །རྐྱེན་ངན་ཡོད་ན་མདོས་ཀྱིས་ཟློག །མི་ལུས་རིན་
ཆེན་རྒྱུ་མ་འདི། །ལོ་བརྒྱ་ཐུབ་པར་བྱིན་གྱིས་རློབས། །བདེན་པའི་བཀའ་ལ་མ་འདའ་བར། །གནམ་གྱི་བརྒྱ་བྱིན་མ་འབེབས་ཤིག །བར་དུ་བདུད་བཙན་མ་འཁྲུགས་ཤིག །འོག་ཏུ་དུར་ཕག་མ་འཁུན་ཅིག །སྟེང་དུ་གནམ་གྱི་དལ་ཁ་མ་འབེབས་ཤིག །བར་དུ་བཙན་སྲི་མ་ལྡང་ཞིག །འོག་ནས་ཀླུ་སྲིན་མ་ལྡང་ཞིག །རྣལ་འབྱོར་ཡོན་བདག་འཁོར་བཅས་རྣམས། །ལོ་ལས་ཐར་ལ་ཚེ་ལ་བཤོལ། །མི་གྲངས་སྤེལ་ལ་ཚེ་མཐར་ཕྱིན། །མི་མཐུན་ཕྱོགས་ལས་རྒྱལ་བར་མཛོད། །ཤི་སྒབ་ཆོད་ལ་གསོན་སྒབ་སྤེལ། །ས་མཱ་ཡ། རྒྱ་རྒྱ༔ ཞེས་མཆོད་པ་སྣ་ཚོགས་འབུལ། ༈ གསོལ་བ་གདབ་ལ་དབང་དང་དངོས་གྲུབ་ཞུ་བ་ནི་འདི་སྐད་དོ།། །ཀྱཻ། ཀོང་ཙེ་འཕྲུལ་རྒྱལ་གཏོ་ལ་བཞེངས། །འགྲོ་བ་རིགས་དྲུག་སེམས་ཅན་རྣམས། །འབྱུང་བ་ལྔ་ལ་མི་བརྟེན་མེད། །ནམ་མཁའ་འདི་ནི་སྟོང་ལགས་ཀྱང་། །དེ་ཡང་འབྱུང་བ་ལྔ་ལ་བརྟེན། །འབྱུང་བའི་གཞི་མ་ས་ལས་གྲུབ། །འབྱུང་བ་ས་འདི་ཐེག་པ་ཆེ། །མེས་ནི་ཐམས་ཅད་དྲོ་བར་བྱེད། །ཆུ་འདི་འབྱུང་བ་ཀུན་དང་མཐུན། །རླུང་གིས་ཐམས་ཅད་སྨིན་པར་བྱེད། །ཤིང་གིས་ཐམས་ཅད་བསྐྱེད་པར་བྱེད། །དེ་བས་
སེམས་ཅན་སྐྱེ་འགྲོ་རྣམས། །རྒྱུ་ནི་འབྱུང་བ་ལྔ་ལས་གྲུབ། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །ཀུན་ལ་འཇིགས་པ་སེང་གེ་ཡིན། །སྒྲ་ཡི་རྒྱལ་པོ་གཡུ་འབྲུག་ཡིན། །ཐམས་ཅད་ཟིལ་གནོན་བྱ་ཁྱུང་ཡིན། །འཇིགས་སྟོབས་ཆེ་བ་ཆུ་སྲིན་ཡིན། །སྟོབས་ཀྱི་རྒྱལ་པོ་གླང་ཆེན་ཡིན། །སྟོབས་ཤུགས་ཆེ་བའི་སེམས་ཅན་རྣམས། །འཇིག་རྟེན་ཁམས་ལས་གཞན་མ་མཆིས། །རྩལ་ཆེན་སེམས་ཅན་རྒྱལ་པོ་གསུམ། །རི་རབ་རྩེ་ནས་གཤེགས་སུ་གསོལ། །པདྨའི་གདན་ལ་བཞུགས་སུ་གསོལ། །འདིར་བྱོན་དམ་རྫས་མཆོད་པ་བཞེས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །རྣལ་འབྱོར་ཡོན་མཆོད་བསྲུང་དུ་གསོལ། །མི་མཐུན་ཕྱོགས་རྣམས་བཟློག་ཏུ་གསོལ།། ༈ དེ་ནས་སྤྲུལ་པའི་སྐུ་གསུམ་ལ་བསྟོད་པ་ནི། ཧཱུྃ། འཕགས་པ་འཇམ་དཔལ་སྤྲུལ་པ་ལས། །དབུ་ལ་ཁྱུང་ཆེན་འབར་བས་བརྒྱན། །སྐུ་ཡི་སྤྲུལ་པ་ཁྱུང་ཆེན་གྱིས། །རི་རབ་ལྷུན་པོའི་ཡང་རྩེ་ནས། །དཔག་བསམ་ཤིང་གི་རྩེ་མོ་ནས། །སྤྲུལ་པས་སྣང་སྲིད་ཟིལ་གྱིས་གནོན། །མཐུ་རྩལ་དྲག་པོའི་དགྲ་བགེགས་འདུལ། །མཆུ་ནི་གནམ་ལྕགས་ཐོག་གི་མཆུ། །སྤྱན་
ནས་ཉི་ཟེར་ཟླ་ཟེར་འཕྲོ། །གཤོག་པས་བར་སྣང་སྟོང་གསུམ་ཁེངས། །ཀླུ་གཉན་ས་བདག་དབང་དུ་སྡུད། །སྣང་སྲིད་སྡེ་བརྒྱད་རླབས་ཀྱིས་གཅོད། །གདུག་པ་ཅན་རྣམས་རྡུལ་དུ་རློགས། །ཀླུ་རིགས་ཐམས་ཅད་དབང་དུ་སྡུད། །གནོད་སྦྱིན་དྲི་ཟ་གཤིན་རྗེ་སྲིན་པོ་དང་། །ཀླུ་དང་རྒྱལ་ཆེན་དབང་ལྡན་བཞི། །ཕྱོགས་སྐྱོང་ལ་སོགས་འཁོར་དང་བཅས། །ཐམས་ཅད་མ་ལུས་དབང་དུ་སྡུདོ། །རྣལ་འབྱོར་ཡོན་མཆོད་འཁོར་བཅས་ལ། །ཁྱུང་ཆེན་སྤྲུལ་པས་བྱིན་གྱིས་རློབས། །ས་བདག་ཀླུ་གཉན་གདུག་པ་ཟློག །ཁྱུང་གི་སྤྱི་གཙུག་ནོར་བུ་ལས། །དངོས་གྲུབ་སྣ་ཚོགས་ཆར་དུ་འབེབས། །རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ། །ཁྱུང་གི་སྤྱི་གཙུག་རྭ་གཉིས་ལས། །གནམ་ལྕགས་ཐོག་གི་ཚྭ་ཚྭ་འཕྲོ། །སྟོང་གསུམ་གནོད་བྱེད་རྡུལ་དུ་རློགས། །ཁྱུང་གི་གཤོག་པ་གཡས་གཡོན་ལ། ཡེ་ཤེས་མེ་འབར་འབྲུག་སྒྲ་སྒྲོག །ཞལ་ནས་ཀྲང་ཀྲིང་སྒྲ་སྒྲོགས་པས། །ངན་སྔགས་ཐམས་ཅད་ཟློག་པར་བྱེད། །ཡེ་ཤེས་མ་མོས་དགྲ་བགེགས་འདུལ། །སྣང་སྲིད་ལྷ་འདྲེ་བསྔངས་བར་བྱེད། །གནོད་བྱེད་ཐམས་ཅད་རྡུལ་དུ་རློགས། །ཁྱུང་གི་མཐུ་
རྩལ་བསམ་མི་ཁྱབ། །ཐུགས་ཀྱི་སྤྲུལ་པས་ས་གཞི་གང་། །གསུང་གི་སྤྲུལ་པས་བར་སྣང་གང་། །རྣལ་འབྱོར་ཡོན་མཆོད་བྱིན་གྱིས་རློབས། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བར་ཆད་རྐྱེན་རྣམས་བཟློག་ཏུ་གསོལ། །མདོས་འདི་གནམ་ལ་འཕུར་དུ་མ་བཅོལ་ཅིག །མདོས་འདི་འགྲམ་དུ་མ་བཅོལ་ཅིག །མདོས་འདི་ལོགས་སུ་མ་བཅོ་ཅིག །མདོས་འདི་སྡུག་ཏུ་མ་བཅོལ་ཅིག །ལྷ་འདྲེའི་གོང་ནོན་ཁྱུང་གིས་མཛོད། །མདོས་ཀྱི་གོང་ནོན་ཁྱུང་གིས་མཛོད། །ནམ་མཁའ་ལྡིང་གི་སྤྲུལ་པ་མཛོད། །རྣལ་འབྱོར་འཁོར་བཅས་བསྲུང་དུ་གསོལ། །མཐུ་རྩལ་ཁྱུང་གིས་བྱིན་གྱིས་རློབས། །གནོད་བྱེད་རྣམས་ཀྱི་གཉའ་གནོན་མཛོད། །སྐལ་ལྡན་བདག་ལ་བྱིན་གྱིས་རློབས། །གནས་ཁང་འདི་ལ་བྱིན་གྱིས་རློབས། །འཕགས་པ་འཇམ་དཔལ་བཀའ་མ་བཅག །སྔགས་འཆང་བདག་གི་དམ་མ་བཀྲལ། །ཡོན་བདག་དྲིན་ལེན་ཆུད་མ་གསོན། །དམ་རྫས་མཆོད་པ་འདི་བཞེས་ལ། །རྣལ་འབྱོར་ཡོན་མཆོད་བསྲུང་དུ་གསོལ། །མི་མཐུན་རྐྱེན་རྣམས་བཟློག་ཏུ་གསོལ། །ཨོཾ་བཛྲ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཧཱུཾ་ཕཊ༔ རཀྵ་ཙིཏྟ་དགྲ་
བགེགས་ཀྱི་སྲོག་ལ་མཱ་ར་ཡ་རྦད། སྙིང་ལ་མཱ་ར་ཡ་རྦད་སརྦ་བིག་ནཱན། ཨོ་བཛྲ་ག་རུ་ཊ་ཧཱུྃ་ཕཊ༔ ཨོ་གྷ་རུ་ཊ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ། མ་མ་ས་པཱ་རི་ཝཱ་ར་རཀྵ་རཀྵ། ༈ ། ཧཱུྃ༔ འཕགས་པ་འཇམ་དཔལ་གསུང་གི་སྤྲུལ་པ་ལས། །འཛམ་གླིང་ས་གཞིའི་དཀྱིལ་འཁོར་དབུས། །སེམས་ཅན་ལས་ཀྱི་སྤྱི་མཐུན་ལས། །གསུང་གི་སྤྲུལ་པ་བསམ་མི་ཁྱབ། །ལས་ཀྱི་རྒྱ་མཚོ་གཏིང་རེ་ཟབ། །འཆི་བདག་ཆེན་པོ་དབང་ར་ཆེ། །གཤིན་རྗེའི་ཕོ་ཉ་རྒྱུག་ཅིང་མཆོང་། །དེ་རྣམས་ཐམས་ཅད་བཟློག་པའི་ཕྱིར། །གསུང་གི་སྤྲུལ་པའི་འབྲུག་སྒྲ་སྒྲོག །བར་སྣང་ཁམས་ནས་ས་གཞི་གདལ། །སྤྲིན་དང་ན་བུན་ནང་དུ་རྒྱུག །གློག་གི་ལྕེ་ལ་ཐོག་གི་རྐང་། །འབྲུག་རུ་སྲིད་པའི་རྩེ་ལ་ལྡེམ། །འབྲུག་ལྕེ་བར་སྣང་ཁམས་ལ་གཡུག །འབྲུག་སྐད་བར་སྣང་ཁམས་སུ་གྲག །ལག་པས་རི་རབ་དབུས་ནས་བསྙིལ། །རྐང་པས་སྟོང་གསུམ་འཇིག་རྟེན་བགྲོད། །དུས་ཚོད་བྱེད་ཅིང་མཚམས་བཞི་བསྲུང་། །མཁའ་ལ་རྒྱུག་ཅིང་ཞག་ཟླ་བསྲུང་། །སྲིད་པ་ཆགས་འཇིགས་གསོ་མཁན་བསྲུང་། །མདོས་གླུད་ཀུན་ཀྱང་ཟིལ་གྱིས་གནོན། །སྐྱེ་འགྲོ་སེམས་ཅན་
གང་ཡང་རུང་། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །གསུང་གི་སྤྲུལ་པས་བསྲུང་དུ་གསོལ། །ནད་གདོན་རྐྱེན་རྣམས་བཟློག་ཏུ་གསོལ། །འཚེར་རྩུབ་ཐམས་ཅད་བཟློག་ཏུ་གསོལ། །གསུང་གི་འབྲུག་སྒྲ་སྒྲོག་པ་ཡིས། །ཐོག་དང་སེར་བ་གང་ཡང་འབེབས། །གློག་གི་ཞགས་པས་ཀུན་ལ་ཁྱབ། །སྤྱན་མིག་བསྒྲད་པས་གནམ་ཐེལ་བརྒྱལ། །བར་སྣང་སྐོས་པས་རྫུ་འཕྲུལ་ཅན། །སྐྱེ་འགྲོ་རྩི་ཤིང་ནགས་ཚལ་རྣམས། །ཀུན་གྱི་གཤེད་དུ་མཐུ་རྩལ་ཅན། །བསོད་ནམས་ཚོགས་ལ་གཉེན་པོར་འབབ། །ཡེ་ཤེས་ཚོགས་ནི་རང་སར་འབར། །ཡང་དག་དོན་ལ་རྟོགས་པ་འཛིན། །བསྟན་པ་དར་རྒྱས་མཐུ་རྩལ་ཅན། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །བར་ཆད་རྐྱེན་དང་སྐག་ཆེན་རྣམས། །རྨིས་ལྟས་མཚན་མ་ངན་པ་དང་། །ནད་ཡམས་གོད་ཁ་བཟློག་པའི་ཕྱིར། །སྲིད་པའི་གཏོ་མཁན་མགོ་གསུམ་བཞེངས། །བསྒྱུར་ཞིང་བཟློག་པའི་དཔང་པོ་མཛོད། །རྣལ་འབྱོར་ཡོན་མཆོད་འཁོར་བཅས་ལ། །གསུང་གི་བྱིན་གྱིས་བརླབ་ཏུ་གསོལ། །བཙན་གྱི་ཁ་ཡོག་མ་གཏོང་ཞིག །མི་ལ་ན་ཚ་མ་གཏོང་ཞིག །ཕྱུགས་ལ་གོད་
ཁ་མ་གཏོང་ཞིག །ལོ་བདུད་ལོ་དུས་མ་འབེབས་ཤིག །ཟླ་བདུད་ཟླ་སྲི་མ་གཏོང་ཞིག །ཞག་བདུད་ཞག་སྲི་མ་གཏོང་ཞིག །དུ་ན་དུ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་རཀྵ་རཀྵ་སྭཱ་ཧཱ། ། ཧཱུྃ༔ གསུང་གི་འབྲུག་སྒྲ་སྒྲོག་པ་ནི། །མདོས་འདི་སྡུག་ཏུ་མ་བཅོལ་ཅིག །མདོས་འདི་ལོགས་སུ་མ་བཅོལ་ཅིག །མདོས་འདི་འཕུར་དུ་མ་བཅོལ་ཅིག །མདོས་འདི་འཁྱམ་དུ་མ་བཅུག་ཅིག །མདོས་འདིས་འཚེར་རྩུབ་བསྒྱུར་དུ་གསོལ། །མདོས་ཀྱི་གོང་ནོན་འབྲུག་གིས་མཛོད། །རྣལ་འབྱོར་ཡོན་མཆོད་འཁོར་བཅས་ལ། །གསུང་གིས་བྱིན་གྱིས་བརླབ་ཏུགསོལ། །གནམ་བདུད་དལ་གཟེར་མ་འབེབས་ཤིག །འཚེར་རྩུབ་ལྟས་ངན་ཐམས་ཅད་ཟློག །ཟློག་ཅིང་སྒྱུར་བའི་རྒྱལ་པོ་མཛོད། །རྒྱ་ཤྲཱི་ཝ་རཱ་ཙ་ཧཱུྃ་ཧཱུྃ་ཕཊ་ཕཊ་༔ མ་མ་རཀྵ་རཀྵ། ཧཱུྃ། འཕགས་པ་འཇམ་དཔལ་ཐུགས་ཀྱི་སྤྲུལ་པ་ལས། །དབང་ཆེན་གསེར་གྱི་ས་གཞིའི་དཀྱིལ་འཁོར་ནས། །འབྱུང་བ་ལྔ་ཡི་གཞལ་ཡས་ནས། །རི་རབ་ཆེན་པོའི་རྩེ་མོ་ནས། །སེམས་ཅན་ཀུན་གྱི་རྒྱལ་པོ་ནི། །དུང་སེང་གཡུ་ཡི་རལ་པ་ཅན། །ཞལ་ནས་ཧཱ་ག་དི་རི་རི། །མཆེ་བ་གནམ་ལྕགས་སྟ་རེ་འདྲ། །
སྤྱན་མིག་ཉི་ཟླ་ཤར་བ་འདྲ། །ཨག་ཚོམ་གཡུ་ཡི་རལ་པ་འདྲ། །ཤངས་ནི་ཁྲོ་གཉེར་གསུམ་དང་ལྡན། །གཡུ་རལ་ནམ་མཁའི་དབྱིངས་སུ་གཡེང་། །གང་ལ་དམིགས་ཀྱང་ཐོག་ལྟར་འབེབས། །སེམས་ཅན་ཀུན་གྱི་ཟིལ་གནོན་ཆེ། །སྡེར་མོས་དགྲ་བགེགས་སྲོག་རྩ་གཅོད། །རྩལ་ཆེན་སེང་གེའི་སྤྲུལ་པ་སྟེ། །སེམས་ཅན་སྲོག་ཚེ། ཆགས་གང་ཡོད་རྣམས། །ཐམས་ཅད་མ་ལུས་ཟིལ་གྱིས་གནོན། །འབྱུང་པོ་མི་མིན་རྡུལ་དུ་རློགས། །མཐུ་ཆེན་སེང་གེའི་ངར་སྐད་ཀྱིས། །ས་བདག་ཀླུ་སྲིན་རྩད་ནས་ཆོད། །གཉེན་བདུད་བཙན་རྣམས་བྲན་དུ་བཀོལ། །དྲེགས་པ་ཅན་རྣམས་འདར་ཞིང་བསྔངས། །གནོད་སྦྱིན་ཕོ་མོ་ཞབས་ཀྱིས་མནན། །ནག་པོ་མགོ་གསུམ་ཕོ་ཉར་འགྱེད། །ཁྱད་དང་རྦོད་གཏོང་ཟློག་པར་བྱེད། །ལོ་སྐག་ཟླ་སྐག་ཟློག་པར་བྱེད། །མི་ཁ་བྲ་མཆུ་ཟློག་པར་བྱེད། །ལྟས་ངན་འཚེར་རྩུབ་སྒྱུར་བར་བྱེད། །དམར་པོ་མགོ་གསུམ་སྣ་ཁྲིད་སྦྱར། །དམ་ཉམས་དགྲ་ལ་སྐྱེར་མདའ་རྒྱོབ། །ཡོན་བདག་ཚེ་གླད་ཁྱོད་ཀྱིས་གྱིས། །བདུད་ཀྱི་ངོ་ལེན་ཁྱོད་ཀྱིས་གྱིས། །བདུད་མོ་རྔ་ཞོན་བཙུན་མོར་སྦྱོར། །ཁྲག་ནད་རིམས་ནད་
ཁྱོད་ཀྱིས་སྒྱུར། །བདུད་ཀྱི་ཁྲམ་ཁ་དགྲ་ལ་སྒྱུར། །སྟོབས་ལྡན་གླང་ཆེན་རོལ་དུ་ཁྲིད། །ནད་རིམས་རྐྱེན་རྣམས་དེ་ལ་ཁོལ། །ཤོ་རྡེལ་དཀར་ནག་གཏོར་ལ་སོང་། །ལོ་ཡི་སྐག་རྣམས་བསྒྱུར་དུ་གསོལ། །འཚེར་རྩུབ་མོ་ངན་བསྒྱུར་དུ་གསོལ། །ཧཱུྃ། བཅོམ་ལྡན་འཕགས་པ་འཇམ་དཔལ་གྱི། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས། །རྣལ་འབྱོར་ཡོན་མཆོད་འཁོར་བཅས་ཀྱི། །སྐག་པོ་ཆེ་རྣམས་བཟློག་ཏུ་གསོལ། །ཚེ་གླུད་སྲོག་སྐྱིན་མདོས་བཏང་ན། །མདོས་འདི་ལོགས་སུ་མ་བཅུག་ཅིག །མདོས་འདི་སྡུག་ཏུ་མ་འཇུག་ཅིག །མདོས་འདི་འཁྱམས་སུ་མ་འཇུག་ཅིག །མདོས་ཀྱིས་ལམ་ཕྱེས་འཕྲང་སོལ་མཛོད། །མདོས་འདིའི་གོང་གནོན་སེང་གེས་མཛོད། །རྣལ་འབྱོར་ཡོན་བདག་བསྲུང་དུ་གསོལ། །མི་མཐུན་རྐྱེན་དང་བར་ཆད་ཟློག །དམ་ཉམས་དགྲ་བགེགས་རྡུལ་དུ་རློགས། །དགྲ་དང་བགེགས་རྣམས་ཞི་བར་མཛོད། །ཧཱུྃ། འཕགས་པ་འཇམ་དཔལ་ཐུགས་རྗེ་ཡིས། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་མཛད། །སྐུ་ཡི་སྤྲུལ་པ་བྱ་ཁྱུང་གིས། །སྤྱི་བོའི་གཙུག་ཏུ་བསྲུང་དུ་གསོལ། །གཤིན་རྗེའི་གདུག་པ་ཐམས་ཅད་དང་། །ས་
བདག་ལྷ་ཀླུའི་གདུག་པ་དང་། །མཐོ་གནོན་གདུག་པ་ཞི་གྱུར་ཅིག །གསུང་གི་སྤྲུལ་པ་ལྕགས་འབྲུག་གིས། །མགྲིན་པའི་གནས་སུ་བསྲུང་དུ་གསོལ། །བདུད་བཙན་དམ་སྲི་ཕོ་མོ་དང་། །དྲང་སྲོང་གདུག་པ་བཟློག་ཏུ་གསོལ། །ཐུགས་ཀྱི་སྤྲུལ་པ་སེང་ཆེན་གྱིས། །ཐུགས་ཀྱི་དཀྱིལ་ནས་བསྲུང་དུ་གསོལ། །རྒྱལ་བསེན་ཕོ་མོ་ལྟ་དམ་སྲི་དང་། །བགེགས་རིགས་གནོད་བྱེད་བཟློག་ཏུ་གསོལ། །ཡོན་ཏན་ཕྲིན་ལས་བྱིན་གྱིས་རློབས། །རྣལ་འབྱོར་ཡོན་མཆོད་འཁོར་བཅས་ལ། །གནས་ལྔ་ལྷ་ཡི་བཀོད་པ་ཡི། ཡི། །སྤྱི་བོའི་གཙུག་རུམ་ཐམས་ཅད་ནས། །གོ་ཁྲབ་ཅན་གྱིས་བསྲུང་དུ་གསོལ། །སྙིང་ག་དབང་ བེར ་ཅན་གྱིས་བསྲུང་དུ་གསོལ། །ལྟེ་བར་གསེར་ཁྲབ་ཅན་གྱིས་བསྲུང་དུ་གསོལ། །པུས་མོའི་གཡས་དང་གཡོན་པ་ན། །ལྕགས་ཁྲབ་ཅན་གྱིས་བསྲུང་དུ་གསོལ། །བྱང་ཁོག་སྟོད་ཀྱི་ལྷུ་དྲུག་ལ། རྒྱལ་ཆེན་སྡེ་བཞིས་བསྲུང་དུ་གསོལ། །ལུས་ལ་བཙན་པའི་མཁར་བརྩེགས་འཚལ། །ལུས་ལ་བསྲུང་བའི་གོ་བསྐོན་འཚལ། །སྲོག་ལ་རྡོ་རྗེའི་དབང་བསྐུར་འཚལ། །ངག་ལ་སྙན་པའི་གསུང་ཕྱུང་འཚལ། །ཐུགས་ལ་ཏིང་
འཛིན་དོན་རྟོགས་འཚལ། །བློ་ལ་མཛེས་པའི་མཚོན་བཏགས་འཚལ། །རྣལ་འབྱོར་ཡོན་མཆོད་འཁོར་བཅས་ལ། །སྟག་ཡོས་ལོ་པའི་མི་ཡོད་ན། །ནུབ་ནས་ལྕགས་དགྲ་མ་གཏོང་ཞིག །རྟ་སྦྲུལ་ལོ་པའི་མི་ཡོད་ན། །བྱང་ནས་ཆུ་དགྲ་མ་གཏོང་ཞིག །བྱ་སྤྲེལ་ལོ་པའི་མི་ཡོད་ན། །ལྷོ་ནས་མེ་དགྲ་མ་གཏོང་ཞིག །བྱི་ཕག་ལོ་པའི་མི་ཡོད་ན། །མཚམ་ནས་ས་དགྲ་མ་གཏོང་ཞིག །མཚམས་བཞི་ལོ་པའི་མི་ཡོད་ན། །ཤར་ན་ཤིང་དགྲ་མ་གཏོང་ཞིག །མ་བུའི་ཚུལ་དུ་བསྲུང་དུ་གསོལ། །དགའ་བདེའི་དགོངས་ལ་གཤེགས་སུ་གསོལ། །དབུས་རི་ལྷུན་པོའི་རྩེ་ལ་གཤེགས་སུ་གསོལ། །གངས་དཀར་རྩེ་ལ་འཕུར་ཏེ་གཤེགས་སུ་གསོལ། །གཡས་རི་རྩེ་ལ་གཟུར་ཏེ་གཤེགས། །མཆོད་གཏོར་གཉེན་པོ་འདི་བཞེས་ལ། །བདག་ཅག་རྣལ་འབྱོར་བསྲུང་དུ་གསོལ། །ཨོཾ་ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥཱན་ཐཱ་ག་ཏོ་ཧྱ་ཝ་དཏ། ཏེ་ཥཉྩ་ཡོ་ནི་རོ་དྷ་ཨེ་བཾ་ཝཱ་དཱི་མ་ཧཱ་ཤྲ་མ་ཎཿཡེ་སྭཱ་ཧཱ། རྒྱ་ནག་ཧྭ་ཤང་མ་ཧཱ་ཡ་མའི་ལུགས་སོ།། ༈ ༼ང༽ དེ་ནས་མགོ་གསུམ་གྱི་སྐྱེ་རྒྱུད་བཤད་པ་ནི། ཧཱུཾ། ང་ནི་འཕགས་པ་འཇམ་དཔལ་ཡིན། །ང་ནི་ཁྲོ་རྒྱལ་གཤིན་རྗེའི་
གཤེད། །ང་ནི་གཏོ་རྒྱལ་ཆེན་པོ་སྟེ། །ང་ནི་ཡེ་ཤེས་ལྷ་ཡི་སྐུ། །སྣང་སྲིད་སྡེ་བརྒྱད་ཚུར་ཉོན་དང་། །ང་ཡི་བཀའ་ལས་མ་འདའ་ཞིག །ཧ་ས་གརྒྷ་དམ་ལ་འདུས། །བཀའ་འདི་འཕགས་པ་འཇམ་དཔལ་བཀའ། །ལུང་འདི་རིག་འཛིན་བརྒྱུད་པའི་ལུང་། །གཏོ་འདི་སྲིད་པ་ཕུག་གི་གཏོ། །མདོས་འདི་གཙུག་ལག་འཕྲུལ་གྱི་མདོས། །དཔྱད་འདི་ལྷ་ཆེན་ཀོང་ཙེའི་དཔྱད། །གྱེར་འདི་རྒྱ་ནག་གཙུག་ལག་གྱེར། །སྨེང་འདི་སྔགས་འཆང་བདག་གི་སྨེང་། །ཡས་འདི་འདོད་ཡོན་རྣམ་ལྔའི་ཡས། །བསྒྱུར་ནི་འབྱུང་བའི་སྐག་རྣམས་སྒྱུར། །མཆོད་ནི་ལྷ་འདྲེ་དྲེགས་པ་མཆོད། །གཏོ་འདི་ལན་ཆགས་གླུད་དུ་འཇལ། །གཤེད་ནི་ལྷ་འདྲེ་དྲེགས་པ་ཅན། །ཧ་ས་གཛྷ་ཁྱོད་ལ་བཤད། །བསགས་ནི་ཡས་སྟགས་གཞུང་ལྟར་བསགས། །འདི་ཡིས་མི་ཕན་པ་ལ་གཅིག་ཀྱང་མེད། །འདི་ཡིས་མི་བསྒྱུར་བ་ལ་གང་ཡང་མེད། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཡི། །ཆོ་དང་འབྲང་ལ་ང་རེ་མཁས། །ཁྱོད་ཀྱི་མཚང་ནས་མི་བཏོན་རྒྱུའི། །སྟོང་ཕྲག་བརྒྱད་ཅུའི་ཆོ་འབྲང་མང་། །ཁྱོད་ཀྱི་མཚན་མ་ང་རེ་མཁས། །ཁྱོད་ཀྱི་བྱུང་ཁུངས་ངས་
བརྗོད་ཀྱི། །ཀྱཻ། དང་པོ་ཅི་ཡང་མེད་པ་ལས། །ཆུ་རླུང་མེ་ཡི་འཁོར་ལོ་ཆགས། །དེ་སྟེང་ས་གཞི་རི་རབ་སྟེགས། །དེ་ལས་ས་བདག་རུས་སྦལ་སྲིད། །སྟོང་ཕྲག་བརྒྱད་ཅུ་དེ་ལ་སྲིད། །རུས་སྦལ་ཁྲག་དང་ཆུ་སེར་ལས། །འབྱུང་བའི་དྭངས་མ་ཆུ་བྱུང་སྟེ། །ཆུ་དབང་ལྷ་འདྲེ་སྔོན་དུ་སྲིད། །རུས་སྦལ་རྩ་རྒྱུས་སྤྲུལ་པ་ལས། །ཆུ་ལས་སྐྱེས་པའི་ཤིང་བྱུང་སྟེ། །ཤིང་ལ་དབང་བའི་ལྷ་འདྲེ་སྲིད། །སྙིང་དང་དྲོད་ཀྱི་སྤྲུལ་པ་ལས། །ཤིང་ལས་བསྐྱེད་པའི་མེ་བྱུང་སྟེ། །མེ་ལ་དབང་བའི་ལྷ་འདྲེ་སྲིད། །རུས་སྦལ་མཚེར་པ་ཡན་ལག་ལས། །མེ་ལས་བསྐྱེད་པའི་ས་བྱུང་སྟེ། །ས་ལ་དབང་བའི་ལྷ་འདྲེ་སྲིད། །རུས་སྦལ་གློ་བའི་སྤྲུལ་པ་ལས། །ས་ལས་བསྐྱེད་པའི་ལྕགས་བྱུང་སྟེ། །ལྕགས་ལ་༈ དབང་བའི་ལྷ་འདྲེ་སྲིད། །རུས་སྦལ་སྤྱན་མིག་གཡས་གཡོན་ལས། །ཉི་མ་ཟླ་བ་གཉིས་སུ་སྲིད། །རུས་སྦལ་མཆེ་བ་བརྒྱད་པོ་ལས། །གཟའ་ཆེན་བརྒྱད་པོ་དེ་ལ་སྲིད། །རྐན་སྒྲ་བརྡབས་པས་འབྲུག་ཏུ་སྲིད། །ལྗགས་ནི་བརྐྱངས་བས་གློག་ཏུ་སྲིད། །རུས་སྦལ་ཁ་ཡི་རླངས་པ་ལས། །ཁ་བ་བུ་ཡུག་སྣ་ཚོགས་སྲིད། །སྤྱི་བོའི་གཙུག་གི་རླངས་པ་
ལས། །འཇའ་ཚོན་སྣ་ལྔ་དེ་ལ་སྲིད། །དྲོད་དང་ལུས་ཀྱི་རླངས་པ་ལས། །སྤྲིན་དང་ན་བུན་སྣ་ཚོགས་སྲིད། །འདོམས་དང་སྨད་ཀྱི་རླངས་པ་ལས། །དེ་ལ་རླུང་དང་བུ་ཡུག་སྲིད། །དབུ་ཡི་སྤྲུལ་པས་ཆར་དུ་སྲིད། །བ་སྤུ་སུམ་བརྒྱ་དྲུག་ཅུ་ལས། །ཞག་མ་སུམ་བརྒྱ་དྲུག་ཅུ་སྲིད། །རྩ་ཕྲན་བདུན་བརྒྱ་ཉི་ཤུ་ལས། །ཟ་མ་བདུན་བརྒྱ་ཉི་ཤུ་སྲིད། །ས་བདག་རུས་སྦལ་ཆེན་པོ་དེས། །རྫུ་འཕྲུལ་ཆེ་ཞིང་མ་རུངས་པ། །བརྒྱད་ཅུ་བགེགས་དཔུང་ཞེས་ཀྱང་བྱ། །འགྲོ་བ་མི་ལ་འཚེ་ཞིང་གནོད། །མི་དང་གདོན་གཉིས་མ་མཐུན་པས། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཡིས། །མི་ལ་གནོད་ཅིང་འཚེ་བར་བྱས། །རུས་སྦལ་རུ་ཏྲ་ལྟ་བུར་བྱུང་། །དུས་གསུམ་བདེ་གཤེགས་ཐུགས་རྗེ་ཡིས། །འཕགས་པ་འཇམ་དཔལ་སྐུ་སྤྲུལ་ནས། །ས་བདག་རུས་སྦལ་མ་རུངས་པའི། །རུ་ཏྲ་ལྟ་བུ་ལྗོན་པ་ལས། །ལྗགས་ཀྱི་མཆིལ་མ་ཐིགས་གཅིག་བཏབ། །འཕགས་པ་འཇམ་དཔལ་བྱིན་རླབས་ཀྱིས། །རུས་སྦལ་རྒྱུད་སྦྱངས་དག་པར་འགྱུར། །སྤྲུལ་པའི་རུས་སྦལ་ཆེན་པོ་དེས། །གང་སྤྱད་གནས་ན་འབྱུང་བ་ལྔ། །བརྟགས་ན་སྣང་
བ་མ་འགག་སྟེ། །ལས་ཀྱི་དཔའ་རྩལ་འབྱུང་བ་ཤར། །རུ་ཏྲ་ལྟ་བུའི་རུས་སྦལ་དེ། །རང་རྒྱུད་དག་པར་གྲོལ་བ་ལས། །ཐབས་དང་ཤེས་རབ་ལྡན་པར་བྱས། །སྙིང་ལ་རེ་བའི་ཆད་པ་བྱུང་། །དྭངས་མ་སྤྲུལ་པ་སྟོང་དང་ལྡན། །འགྲོ་བ་སེམས་ཅན་མགོན་དུ་ཤར། །ཐབས་དང་ཤེས་རབ་ཟུང་དུ་འབྲེལ། །འབྱུང་བ་དར་རྒུད་རིམ་པར་ཕྱེས། །འཇིག་རྟེན་དྲེགས་པ་ཡ་བྲལ་ཏེ། །གཟུགས་ཀྱི་ཕུང་པོ་ཞིག་པ་ལ། །འབྱུང་བའི་སྙིང་པོ་གཏོར་བ་ཡིས། །འདྲེ་སྲིན་འབྱུང་པོ་བྱེར་ཞིང་དེང་། །དང་པོ་དེ་ཙམ་དུས་དེ་རུ། །ལྷ་འདྲེ་ཁ་འཐོར་གནོད་པ་ལས། །འཕགས་པ་འཇམ་དཔལ་ཐུགས་རྗེ་ཡིས། །འགྲོ་དྲུག་ཡོངས་ལ་ཕན་བཏགས་ཕྱིར། །ས་བདག་ཧ་ས་གནྡྷོ་ལས། །སྤྲུལ་པའི་རུས་སྦལ་ཆེན་པོ་དེ། །འབྱུང་བ་ཆེན་པོ་ལྔ་ལས་གྲུབ། །འབྱུང་བ་ལྔ་ཡི་སྙིགས་མ་ལས། །གནམ་ས་གཉིས་ཀྱི་བདག་པོ་ནི། །ས་བདག་ཁེན་པ་རྒན་པོ་དང་། །ས་བདག་ཁོན་མ་རྒན་མོ་སྲིད། །སྐག་ཆེན་ཐམས་ཅད་ཟློག་པ་དང་། །སྲིད་པའི་གདོན་རྣམས་བཟློག་པའི་ཕྱིར། །ཁེན་པ་རྒན་པོ་ཐུགས་ཁྲོས་པས། །མ་གཅིག་ཁོན་མ་རྒན་མོ་ལ། །ཡིད་ཀྱིས་སྦྱོར་
བ་བྱས་པ་ཡིས། །ཟླ་དགུ་ངོ་བཅུ་ལོན་ཙ་ན། །ཕ་མ་གཉིས་དང་མི་འདྲ་བའི། །ལུས་པོ་མི་ཡི་ལུས་པོ་ལ། །མགོ་བོ་གསུམ་ལ་ལུས་པོ་ནག །དེ་ནི་ཕ་ཡི་རིགས་ལས་གྲུབ། །མགོ་གཅིག་གཅན་གཟན་སྟག་གི་མགོ །དེ་ཡང་ཕ་ཡི་རིགས་ལས་གྲུབ། །མགོ་གཅིག་བྱོལ་སོང་གླང་གི་མགོ །མགོ་གཅིག་གཏི་མུག་ཕག་གི་མགོ །ཁ་གདངས་སོ་གཙིགས་སྡང་མིག་བསྒྲད། །འདོད་ཆགས་ཆེ་ལ་ཤ་རྩ་གླན། །འཇིགས་སུ་རུང་བ་གཅིག་ཏུ་སྐྱེས། །སླ་ངའི་ནང་དུ་བཞག་ནས་ཀྱང་། །མི་ཁ་སྣ་ཚོགས་རྐན་མར་བྱོན། །དགྲ་དང་བགེགས་ཀྱི་མིང་བྲིས་ནས། །ཁོ་ཡི་ཁོག་པའི་ནང་དུ་བཅུག །མ་གཅིག་ཁོན་མ་རྒན་མོ་ཡིས། །འདི་སྐད་བརྗོད་དེ་དམོད་མོ་བོར། །ཕ་མ་རྒན་རྒོན་ངེད་གཉིས་ཀྱིས། །ཀྱེ་མ་ལས་ངན་བྱེད་པ་འདྲ། །དེ་འདྲའི་འབྲས་བུ་ད་ལྟ་སྨིན། །ཨེ་མ་སེམས་ཅན་འདི་འདྲ་བ། །འཇིག་རྟེན་འདི་ན་མཐོང་མ་མྱོང་། །ཨ་མ་ཨ་ཙི་ང་རེ་འཇིགས། །མི་ནག་མགོ་བོ་གསུམ་པ་འདི། །སྡེར་མོ་ལྕགས་ཀྱི་སྡེར་མོ་ཅན། །ཁ་གདངས་མིག་བསྒྲད་མཆེ་བ་གཙིགས། །ཐམས་ཅད་འཇོམས་པའི་ང་རོ་ཅན། །ཁྱོད་ཆེ་
ན་སྡང་བའི་དགྲ་ལ་ཆེ། །ཆེ་ན་གནོད་པའི་བགེགས་ལ་ཆེ། །བྱུར་འགོང་སླ་ངའི་ནང་ན་སྡོད། །ཟས་སུ་མི་ཁ་སྣ་ཚོགས་ཟོ། །གནས་ནི་རྒྱ་གྲམ་ལམ་དུ་སྡོད། །དེ་སྐད་བརྗོད་ནས་ལམ་ཁར་བསྐྱལ། །ལམ་ཁར་བསྐྱལ་བས་འཕྲད་ཚད་ཟོས། །ཡུལ་དེའི་མི་རྣམས་ཟད་པར་ཟོས། །དེས་ཀྱང་མི་ཚད་འཇིག་རྟེན་ཕུང་། །ཐམས་ཅད་མགོ་གསུམ་དེ་ཡིས་ཟོས། །སྲིད་པ་གསུམ་པོ་སྟོང་ལ་ཁད། །གཅན་གཟན་སྟག་གི་མགོ་ཅན་དེ། །གཟའ་ཁྱབ་འཇུག་ལྷུམས་སུ་ཞུགས་པའི་བུ། །གང་དང་འཕྲད་པ་ཧུར་ཐུམ་གསོད། །གསོད་དང་གཅོད་ལ་ཤིན་ཏུ་དགའ། །ཤ་ཟ་ཁྲག་འཐུང་ཞེ་སྡང་ཆེ། །མགོ་གཅིག་ཁྱབ་བྱེད་གླང་གི་མགོ །གཟའ་སྤེན་པ་ལྷུམས་སུ་ཞུགས་པའི་བུ། །གང་དང་འཕྲད་པའི་སྲོག་དབུགས་ལེན། །མཛེ་དང་ཤུ་བ་ལྷོག་པ་གཏོང་། །མགོ་གཅིག་གཏི་མུག་ཕག་གི་མགོ །གཟའ་ལྷག་པ་ལྷུམས་སུ་ཞུགས་པའི་བུ། །ལག་པ་མྱུར་མགྱོགས་ཤིན་ཏུ་ཆེ། །ཚེ་དང་སྲོག་ལ་ཤིན་ཏུ་སྡང་། །སེམས་ཅན་གང་འཕྲད་ཟས་སུ་ཟ། །གཟའ་མིན་བདུད་མིན་དྲག་ཤུལ་ཆེ། །ཟས་སུ་མི་ཡི་ཚེ་སྲོག་ཟ། །དེ་འདྲའི་མི་ནག་མགོ་གསུམ་པོ། །
འཕགས་པས་ཐུགས་རྗེས་འདུལ་བར་དགོངས། །མཁྱེན་རབ་འཕགས་པ་འཇམ་དཔལ་གྱིས། །ཁོ་རང་འདྲ་བ་གཅིག་ཏུ་སྤྲུལ། །མི་ནག་མགོ་གསུམ་འཇིགས་པའི་གཟུགས། །རྐན་སྒྲ་བརྡབས་པས་འཇིག་རྟེན་གཡོ། །མིག་ནས་མེ་འབར་ཚྭ་ཚྭ་འཕྲོ། །ཁ་ནས་དྲག་པོའི་ཁུ་འཕང་འབེབས། །མཆེ་གཙིགས་མིག་བསྒྲད་འདི་སྐད་བརྗོད། །ཁྱོད་མི་ནག་གདུག་པའི་ང་རོ་ཅན། །སྙིང་རྗེ་མེད་པའི་སེམས་ཅན་ཁྱོད། །ང་ཡིས་ཐམས་ཅད་འདུལ་བ་སྟེ། །ཁྱེད་ཀྱང་ང་ཡི་འདུལ་བར་བྱེད། །དེ་སྐད་གསུངས་ནས་མགོ་གསུམ་པོ། །ཁ་རུ་མིད་ནས་ཞབས་སུ་ཕྱུངས། །ཁོ་སྐག་ལུས་པོ་འདར་ནས་ཀྱང་། །དཔའ་བོ་ཆེན་པོ་ང་ལ་ཉོན། །ཇི་སྐད་གསུངས་པ་དེ་བཞིན་བགྱི། །ཁྱོད་ཀྱིས་གསུངས་པའི་བཀའ་ལ་ཉོན། །དཔའ་བོ་ཆེན་པོས་བཀའ་སྩལ་པ། །མི་ནག་མགོ་བོ་གསུམ་པ་ཁྱོད། །སྙིགས་མ་ལྔ་ཡི་དུས་ཚོད་ལ། །སྲིད་པའི་བྷྱོབཟློག་ཁྱོད་ཀྱིས་གྱིས། །སྐག་པོ་ཆེ་ཡི་སྐག་རྣམས་ཟློག །ནད་པ་ཡོད་ན་བསླང་བར་གྱིས། །སྲིའུ་ཚང་ནས་བསྐྱེད་པར་གྱིས། །གནོད་པའི་གདོན་བགེགས་ཐམས་ཅད་ཟོ། །སླ་ང་ནག་པོའི་གདན་ལ་
སྡོད། །གཏོར་མ་གླུད་དང་མཐེབ་སྐྱུ་སྦྱིན། །སྔོན་གྱི་དམ་ཚིག་དེ་ལྟར་ཕོག །དེ་རིང་དགོས་པའི་དུས་བྱུང་ངོ། །སྔོན་གྱི་དམ་ཚིག་རྗེས་དྲན་ལ། །འཕགས་པ་འཇམ་དཔལ་གསུང་མ་བཅག །ཡོན་བདག་དྲིན་ལེན་ཆུད་མ་གསན། །གཏོ་ཡས་གནས་སུ་ཐེང་བར་མཛོད། །ཀྱཻ། མི་ནག་མགོ་གསུམ་འཁོར་བཅས་རྣམས། །སྲིད་པ་གསུམ་གྱི་མཐུ་བོ་ཆེ། །སྲིད་པའི་བློ༔ ཟློག་ཆེན་པོ་མཛོད། །སྐག་དང་འཚེར་རྩུབ་ལྟས་ངན་རྣམས། །སུ་དང་འཕྲད་པ་དེ་ལ་སྒྱུར། །མིང་འདྲ་ལོ་འདྲ་དེ་ལ་སྒྱུར། །བྱོལ་སོང་ཐ་མ་ཁྱི་ལ་སྒྱུར། །ས་རྡོ་སེམས་མེད་སྟེང་དུ་སྒྱུར། །ལོ་སྐག་ཟླ་སྐག་ཞག་སྐག་སྒྱུར། །ཟ་སྐག་དུས་ཚོད་སྐག་ངན་སྒྱུར། །མོ་རྨིས་ལྟས་ངན་ཐན་ངན་སྒྱུར། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །འཆི་བར་ངེས་པའི་མི་ཡོད་ཀྱང་། །ལོ་གསུམ་བར་དུ་བཤོལ་ཐོབ་ཅིག །ད་ནི་སྒྱུར་བའི་རྒྱལ་པོ་མཛོད། །གཡས་པ་སྟག་གི་མགོ་བོ་ཡིས། །འགོང་པོའི་གདོན་རྣམས་ཐམས་ཅད་སྒྱུར། །གཡོན་པ་ཕག་གི་མགོ་བོ་ཡིས། །བྱུར་དང་གོད་ཁ་ཐམས་ཅད་སྒྱུར། །དབུས་མ་གླང་གི་མགོ་བོ་ཡིས། །སྐག་ཆེན་ཉམ་ང་ཐམས་ཅད་སྒྱུར། །ནག་པོ་མགོ་
གསུམ་གྱི་སྐྱེ་རྒྱུད་རྫོགས་སོ།། །། ༼ཅ༽ ༈ ནག་པོ་མགོ་གསུམ་ལ་གཏོར་མ་འབུལ་ཞིང་ཕྲིན་ལས་བཅོལ་བ་བཞུགས་སོ། །དེ་ནས་ཐུན་མཚམས་སུ་གཏོར་ཆུང་ལིང་མཐེབ་སྒྱུ་ཤ་དུམ་འབྲུ་སྣ་དང་བཅས་པ་ཐེབ་ཙེའི་ནང་དུ་བཤམས་ནས་བྲན་ལ། ན་མོ། དཀོན་མཆོག་གསུམ་གྱི་བདེན་པ་དང་། འཕགས་པ་རིགས་གསུམ་མགོན་པོའི་བདེན་པ་དང་། ས་བདག་ཧ་ས་གཙཱའི་མཐུ་སྟོབས་ཀྱིས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ། གནོད་ཅིང་འཚེ་བར་བྱེད་པའི་ནད་གདོན་བར་དུ་གཅོད་པ་བཀའ་དང་དམ་ལ་མི་གནས་པ་བདེན་པའི་སྟོབས་བརྗོད་ཀྱང་མི་བརྩི་བ། དམ་པའི་ཆོས་བཤད་ཀྱང་མི་ཉན་པ། གླུད་དང་གཏོར་མས་བརྔན་ཀྱང་མི་ཐུབ་པ། འགྲུ་ལོག་འཕར་ལྡང་མགོ་གཡོག་མགོ་སྐོར་བྱེད་པ་ཐམས་ཅད་དྲག་པོ་ཐུན་གྱི་གཏོར་མ་འདི་ལ་ཁུག་ཅིག །ཛཿཧཱུྃ་བཾ་ཧོཿ ངོ་བོ་དགྲ་བགེགས་ཀྱི་ཤ་ཁྲག་ལ། རྣམ་པ་ཟག་མེད་ཀྱི་བདུད་རྩི་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོརྡིསཱ་ཧཱ། སྔགས་ལན་གསུམ། ཨོ་ཕེ་ཤ་ཀེ་རུ་ཧཱུཾ། ཧ་ས་གརྒྷ་ས་པཱ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དམ་རྫས་བརྒྱན་པའི་གཏོར་
མ་རྒྱ་ཆེན་པོ་འདི། མི་ནག་མགོ་བོ་གསུམ་པ། ས་བདག་ཁྲོ་བོ་བུ་བརྒྱད། སྨེ་བ་དགུ། སྤར་ཁ་བརྒྱད། ལོ་སྐོར་བཅུ་གཉིས། ལོ་རྒན་དྲུག་ཅུ། ཟླ་བ་ཞག་དུས་ཀྱི་ས་བདག །འཁྲུག་འདྲེ་བཅོ་བརྒྱད། ཐན་སྐྱ་ཉི་ཤུ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གཏོ་མཁན་བཞི། སྒོ་སྲུང་བཞི། གཡས་སུ་བདུད་དམག །གཡོན་དུ་བཙན་དམག་་རྒྱབ་ཏུ་མ་མོའི་དམག་ཚོགས། མདུན་དུ་གསོད་བྱེད་དམར་པོ་མགོ་གསུམ། སྣ་ཁྲིད་ཤང་ཤང་བྲ་མཆུ། རྗེས་འབྲང་མི་ཁ་བ་རུ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །བསྔོའོ། །སྦྱིན་ནོ། །ངོམ་ཞིང་ཚིམས་ལ་དགའ་ཞིང་མགུ་ནས་བདག་ཅག་དཔོན་སློབ་ཡོན་མཆོད་བསྲུང་བྱ་རྣམས་ཀྱི་ཆག་ཆེན་ཉམ་ང་སྐག་དང་འཚེར་རྩུབ་ལྟས་ངན་མཚན་ངན་ལ་སོགས་པ་བཀྲ་མི་ཤིས་པའི་ཕྱོགས་རིས་ངན་པ་ཐམས་ཅད་བསྒྱུར་བ་དང་བཟློག་པའི་ཕྲིན་ལས་མཛོད་ཅིག །འཕགས་པ་འཇམ་དཔལ་གྱི་བཀའ་དང་དམ་ལས་མ་འདའ་ས་མཱ་ཡ། ཞེས་པ་རབ་དུས་བཞི་འབྲིང་གསུམ་ཐ་མ་ཡང་ཉིན་ནུབ་གཉིས་ལ་ཐུན་གཏོར་འབུལ་ལོ། །ཞེས་རཱ་ག་ཨ་སྱས་སྦྱར།། ༼ཆ༽ རིགས་གསུམ་གྱི་སྐུ་བསྟོད་བཞུགས་སོ།། ཨོཾ། དུས་
གསུམ་སངས་རྒྱས་སྐུ་ཡི་ངོ་བོ་ཉིད། །གཞོན་ནུའི་ཚུལ་འཆང་བྱམས་དང་སྙིང་རྗེ་ཅན། །གསེར་གྱི་མདོག་ཅན་འགྲོ་བའི་དོན་མཛད་པ། །ཤེས་རབ་རལ་གྲི་གླེགས་བམ་པུ་ཏི་བསྣམས། །མཁྱེན་རབ་མངའ་བདག་འཇམ་དཔལ་ཁྱེད་ལ་བསྟོད། །ཨཱཿ དུས་གསུམ་སངས་རྒྱས་གསུང་གི་མཛོད་འཛིན་པ། །ཤེལ་གྱི་མདོག་ཅན་འགྲོ་ལ་ཐུགས་བརྩེ་ལྡན། །མུ་ཏིག་བགྲང་ཕྲེང་པདྨ་དཀར་པོ་འཛིན། །སེམས་ཅན་ཀུན་གྱི་བྱམས་མགོན་ཐུགས་རྗེ་ཅན། །སྙིང་རྗེའི་བདག་ཉིད་སྤྱན་རས་གཟིགས་མགོན་བསྟོད། །ཧཱུྃ༔ དུས་གསུམ་སངས་རྒྱས་ཐུགས་ཀྱི་གཏེར་འཆང་བ། །སྣང་སྲིད་དྲེགས་པ་ཐམས་ཅད་འདུལ་མཛད་པ། །ནམ་མཁའི་མདོག་ཅན་རྡོ་རྗེ་དྲིལ་བུ་བསྣམས། །གཏུམ་ཆེན་གདུག་པ་འདུལ་ལ་ཕྱག་འཚལ་ལོ། །ཞེས་རིགས་གསུམ་མགོན་པོ་ལ་བསྟོད་པའོ། །བདག་ཉིད་རིགས་གསུམ་མགོན་པོའི་ང་རྒྱལ་དང་ལྡན་པར་བྱས་ལ། མདུན་གྱི་མི་ནག་མགོ་གསུམ་ལ་བསྟོད་པ་ནི། འདི་སྐད་དོ།། ཧཱུྃ། འབྱུང་བ་ལྔ་ཡི་གདན་སྟེང་ནས། །མེ་རི་ཁྲག་མཚོ་འཁྱིལ་བའི་ཀློང་དཀྱིལ་ནས། །འདྲེ་སྲིན་བྱུར་གསུམ་བསྐྱེལ་བའི་གདན་སྟེང་དུ། །མི་ཁ་དགྲ་འདྲེ་གནོད་བྱེད་ཁྲི་སྟེང་
དུ། །ས་བདག་གཟའ་ཀླུ་ཁྲོས་པའི་སྤྲུལ་པ་ལས། །ནག་པོ་ཆེན་པོ་གདུག་བྱེད་མགོ་གསུམ་པ། །གཡས་པ་སྟག་མགོས་སྣང་སྲིད་ཟས་སུ་ཟ། །གཟའ་ཆེན་གདུག་པ་ཁྲོས་པའི་ང་རྒྱལ་ཅན། །གཅན་གཟན་གདུག་པ་སྟག་གི་གཟུགས་སུ་སྤྲུལ། །སྤྱན་མིག་སྡང་མིག་ནམ་མཁར་ལྟ་བ་ཡིས། །སྟེང་ཕྱོགས་གདོན་ཚོགས་ཐམས་ཅད་རྡུལ་དུ་རློགས། །ས་ནི་བར་སྣང་ཁམས་སུ་བརྐྱངས་བ་ཡིས། །བར་སྣང་གནོད་བྱེད་མ་ལུས་དབང་དུ་སྡུས། །མཆེ་བ་ཟངས་ཡག་ཐུར་དུ་གཙིགས་པ་ཡིས། །ས་གཞིའི་དགྲ་བགེགས་ཐམས་ཅད་ཟས་སུ་ཟོ། །སྟག་ལྟར་རྔམ་ཞིང་གཟི་བརྗིད་མཆེ་བ་ཡིས། །ཁམས་གསུམ་སྲིད་གསུམ་མ་ལུས་ཟིལ་གྱིས་གནོན། །སངས་རྒྱས་བསྟན་སྲུང་གཟའ་བདུད་ཁྲོས་པའི་བུ། །འཇིགས་བྱེད་རྔམ་སྟག་རྩལ་ཆེན་གྱད་ཀྱི་རིགས། །སྟོབས་ཆེན་བགེགས་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུྃ། དབུས་ཀྱི་གླང་ཆེན་མགོས་ནི་ཁམས་གསུམ་འཇོམས། ས་བདག་ཆེན་པོ་ཁྲོས་པའི་ཞེ་སྡང་ལས། །གདུག་བྱེད་གླང་ཆེན་འགྱིང་བའི་གཟུགས་སུ་བསྟན། །རྭ་གཉིས་གནམ་ལྕགས་དབལ་དུ་གནམ་དུ་བསིགས། །སྟེང་གི་ལྷ་བདུད་
ཐམས་ཅད་རྡུལ་དུ་བརླག །སྤྱན་གསུམ་སྡང་མིག་ཕྱོགས་བཅུར་བསྐྲད་ཅིང་བལྟ། །ཕྱོགས་སྐྱོང་བཅུ་ཡི་གདོན་འཁོར་ཟིལ་གྱིས་གནོན། །སྣ་ལྗགས་མེ་གློག་བར་སྣང་ཁམས་སུ་བརྐྱངས། །བར་སྣང་གཉན་དང་བཙན་བདུད་ལས་ལ་འགྱེད། །ལྗགས་ནི་ས་གཞི་ཁམས་སུ་བསྒྲིལ་བ་ཡིས། །འབྱུང་པོ་བེ་ཐེལ་ཤ་རུས་ཕྱེ་མར་བཏང་། ཁ་རླངས་ནད་ཀྱི་ན་བུན་ཁམས་གསུམ་གཏིབས། །དམ་ཉམས་དགྲ་བོའི་ཡུལ་དུ་ནད་ཡམས་འགྱེད། །སྟོབས་ལྡན་དཔའ་རྔམས་གླང་ཆེན་དབུ་ལ་བསྟོད། །གཡོན་གྱི་ཕག་མགོ་དཔའ་བརྗིད་དྲག་པོའི་ཞལ། །ཀླུ་རྒྱལ་ནཱ་ག་ཁྲོས་པའི་གཏི་མུག་ལས། །ཕག་ནག་རྔམས་པ་ཁོང་ཁྲོས་འཇིགས་པའི་གཟུགས། །རྣ་བ་སྲིད་པའི་རྩེ་མོས་ཉན་པ་ནི། །གསུམ་ལྷ་འདྲེ་མ་ལུས་དབང་དུ་སྡུད། །སྤྱན་མིག་བར་སྣང་གློག་ལྟར་བལྟ་བ་ནི། །ཀླུ་བདུད་ཀླུ་བཙན་རྒྱ་མཚོའི་གཏིང་ནས་བསྐུལ། །སྣ་སྒྲས་གནམ་ས་བར་སྣང་འུར་གྱིས་གང་། །ཁ་རླངས་གདུག་པའི་མེ་སྤྲིན་ཕྱོགས་བཅུར་འཁྲིགས། །མཆེ་བ་གཙིགས་པས་གནམ་ལྕགས་ཐོག་རྒོད་འབེབས། །ཁ་ཆུ་འཐོར་བས་སེར་བ་སེར་ཆེན་འབེབས། །
དམ་ཉམས་བགེགས་ཐལ་བ་རྡུལ་དུ་རློགས། །འཇིགས་རྔམ་དྲག་པོ་ཕག་གི་དབུ་ལ་བསྟོད། །སྟོབས་ལྡན་དྲག་པོ་མི་ནག་མགོ་གསུམ་པ། །ཞལ་གསུམ་ཕྱག་དྲུག་དཔའ་བོ་བརྟུལ་ཞུགས་ཅན། །ཕྱག་དྲུག་གཡས་ཀྱི་དང་པོའི་ཕྱག་མཚན་ནི། །རྡོ་རྗེ་འབར་བ་གྲི་གུག་བསྣམས་པ་ཡིས། །དམ་ཉམས་དགྲ་བོའི་སྲོག་རྩ་མྱུར་དུ་གཅོད། །བར་པས་གནམ་ལྕགས་རལ་གྲི་ཕྱར་བ་ནི། །གདུག་པའི་ལྷ་འདྲེ་མགོ་ལུས་ཕྲལ་བར་བྱེད། །འོག་མས་ཐབས་ཤེས་མདའ་གཞུ་འགེངས་པ་ནི། །དམ་ཉམས་དགྲ་བགེགས་སྙིང་གི་དཀྱིལ་ནས་གཟིར། །གཡོན་གྱི་དང་པོས་ཐོད་ཁྲག་བསྣམས་པ་ནི། །དགྲ་འདྲེ་གདུག་ཅན་སྙིང་ཁྲག་ཞལ་དུ་གསོལ། །བར་པས་ལྕགས་ཀྱུ་འབར་བ་བསྣམས་པ་ནི། །གང་ལ་བྱ་བའི་སྙིང་ནས་བཟུང་བར་བྱེད། །ཐ་མས་སྦྲུལ་ནག་ཞགས་པ་བསྣམས་པ་ནི། །དམ་ཉམས་དགྲ་ཡི་ཡན་ལག་བཅིངས་བར་བྱེད། །གདུག་པའི་ཕྱག་མཚན་རྫོགས་ལ་ཕྱག་འཚལ་བསྟོད། །སྐུ་སྟོད་གླང་ཆེན་ཀོ་རློན་གྱོན་པ་ནི། །གཏི་མུག་མ་ལུས་རྩད་ནས་གཅོད་པར་བྱེད། །སྦྲུལ་ནག་ཆུན་པོས་ཡན་ལག་བརྒྱན་པ་ནི། །ཞེ་སྡང་མི་མངོན་དབྱིངས་སུ་
བསྒྲལ་བའི་རྟགས། །སྐུ་སྨད་སྟག་ལྤགས་ཤམ་ཐབས་བྱས་པ་ནི། །འདོད་ཆགས་མི་མངོན་དབྱིངས་སུ་བསྒྲོལ་བའི་རྟགས། །ཐོད་རློན་ཕྲེང་བས་ལུས་ལ་བརྒྱན་པ་ནི། །དུར་ཁྲོད་དཔའ་རྔམ་ཆས་དང་ལྡན་པའི་རྟགས། །ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ་ནི། །རིགས་གསུམ་མགོན་པོའི་དབང་བསྐུར་མཛད་པའི་རྟགས། །སྐུ་ཡི་ཆས་རྣམས་རྫོགས་ལ་ཕྱག་འཚལ་བསྟོད། །སྟོབས་ལྡན་མི་ནག་མགོ་བོ་གསུམ་པ་ལ། །རྒྱུ་སྐར་ཉེར་བརྒྱད་མགུལ་རྒྱན་བྱས་པ་ནི། །གཟའ་སྐར་གདུག་རྩུབ་དབྱིངས་སུ་བཟློག་པའི་རྟགས། །ཞག་གི་ཟོ་རིས་ལུས་ལ་བརྒྱན་པ་ནི། །སྔགས་འཆང་ཞག་སྐག་ངན་པ་བསྒྱུར་བའི་རྟགས། །གཟའ་ཆེན་བརྒྱད་པོའི་ཕྱག་གདུབ་བྱས་པ་ནི། །གཟའ་བདུད་ཁ་རླངས་གདུག་རྩུབ་བཟློག་པའི་རྟགས། །ཉི་མ་ཟླ་བས་དབུ་ལ་བརྒྱན་པ་ནི། །བདག་དང་ཡོན་བདག་ལོ་ཟླ་ཞག་དུས་སྐག །ཟ་མའི་སྐག་རྣམས་ཐམས་ཅད་བསྒྱུར་བའི་རྟགས། །སྤར་ཁ་བརྒྱད་ཀྱི་འཁོར་གྱིས་བསྐོར་བ་ནི། །ནམ་ཟླ་དུས་བཞིའི་སྤར་ཁའི་བདུད་ཟློག་རྟགས། །ལོ་སྐོར་བཅུ་གཉིས་སྐུ་ལ་བརྒྱན་པ་ནི། །བར་གཟའ་བཅུ་གཉིས་སྐག་བདུད་
བཟློག་པའི་རྟགས། །ལོ་རྒན་དྲུག་ཅུའི་འཁོར་གྱིས་བསྐོར་བ་ནི། །ལོ་ཟླ་ཞག་དུས་ཟ་མའི་སྐག་རྣམས་དང་། །ཕྱོགས་ངན་བདུད་གཅོད་ཐམས་ཅད་བཟློག་པའི་རྟགས། །འབྱུང་བ་ལྔ་པོ་གོས་སུ་གྱོན་པ་ནི། །འབྱུང་བ་ལྔ་ཡི་འཁྲུགས་འདྲེ་བཟློག་པའི་རྟགས། །བདག་དང་ཡོན་བདག་འདྲེ་གདོན་ཐམས་ཅད་སྒྱུར། །ལུས་ཀྱི་རྒྱན་རྣམས་རྫོགས་ལ་ཕྱག་འཚལ་བསྟོད། །ཞབས་གཉིས་དཔའ་བོ་གྱད་འགྲོས་བྱེད་པ་ཡིས། །ས་ཡི་གདུག་བྱེད་འབྱུང་པོ་རྣམས། །ཐམས་ཅད་སྐྲག་ཅིང་བསྔངས་བར་བྱེད། །བ་སྤུ་གནམ་ལྕགས་དབལ་རྫས་ཀྱིས། །དམིགས་པའི་སྡང་དགྲ་གནོད་བྱེད་ལ། །གདུག་རྩུབ་ངན་པ་མ་སྟོན་ཅིག །མི་ཁ་བྲ་མཆུ་འདྲེ་སྲིན་བྱུར། །གདན་དུ་བཏིང་ནས་གཏམ་བརྗོད་ཀྱིས། །ཁ་སྨྲས་ངན་པ་དགྲ་ལ་སྒྱུར། །དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ། །དགྲ་འདྲེ་དམ་ཉམས་དགྲ་ལ་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ས་བདག་ཧ་ས་གཏྟ་ཁྱོད། །སྙིགས་མ་ལྔ་ཡི་དུས་ཚོད་ལ། །སྲིད་པའི་ལྷ་འདྲེ་འཁྲུགས་པའི་དུས། །ཁྱོད་ཀྱིས་ཐམས་ཅད་ཟློག་པར་བྱེད། །ཁྱོད་ཀྱིས་མི་བཟློག་གང་ཡང་མེད། །ཟློག་
ཅིག་རྐྱེན་ངན་བར་ཆད་ཟློག །རྐྱེན་ངན་བར་ཆད་བརྡའ་ཐན་ཟློག །བྱད་ཁ་ཕུར་ཁ་དགྲ་ལ་སྟོན། །དགྲ་སྣ་གྱོད་སྣ་བཙོན་སྣ་སྒྱུར། །ལོང་བ་ཁྲག་ནད་རྒྱུ་གཟེར་ཟློག །མི་ནད་ལང་དགུ་དགྲ་ལ་སྒྱུར། །ཁྲག་ནད་རྒྱུ་གཟེར་དགྲ་ལ་སྒྱུར། །ཧཱུྃ། ས་བདག་ནག་པོ་མཐུ་བོ་ཆེ། །འཇིགས་པའི་གཟུགས་ཀྱིས་ཁམས་གསུམ་བརླག །ཕྱག་མཚན་དྲག་པོའི་ཕུར་པ་འདྲིལ། །སྟག་པའི་ཁྲམ་ཤིང་མདའ་གཞུ་ཡིས། །སྡང་བའི་དགྲ་བོ་རླག་པར་བྱེད། །གཡས་ཕྱོགས་སྟག་གི་མགོ་བོ་ཡིས། །རྒྱལ་འགོང་སྤུན་དགུ་འཇོམས་པར་བྱེད། །གཡོན་ཕྱོགས་ཕག་རྒོད་མགོ་བོ་ཡིས། །ས་འདྲེ་ཕུང་སྲི་འདུལ་བར་བྱེད། །དབུས་ཕྱོགས་གླང་ཆེན་མགོ་བོ་ཡིས། །འགོང་པོ་སྤུན་དགུ་འདུལ་བར་བྱེད། །སྤྲུལ་པ་སྣ་ཚོགས་ཅིར་ཡང་སྟོན། །སྡང་བའི་དགྲ་ལ་ཆད་ཙ་ན། །བྱུར་དང་འགོང་པོ་ཕོ་ཉར་འགྱེད། །མི་ཁའི་རྒྱལ་མོ་སྔོན་དུ་མངག །སྡང་བའི་དགྲ་བོ་རྡུལ་དུ་རློགས། །ལོ་བདུད་བཅུ་གཉིས་རོལ་དུ་ཁྲིད། །སྡང་བའི་དགྲ་ལ་ལོ་བདུད་ཕོབ། །བཙན་བདུད་གིན་གསུམ་ལས་ལ་འགྱེད། །སྡང་བའི་དགྲ་ལ་ལས་མཛོད་ཅིག་
མ་བདུད་རྒྱལ་མོ་ལས་ལ་མངག །ནད་ཀྱི་རྒྱལ་མོ་ལས་ལ་ཆོས། །དགྲ་བོའི་ཡུལ་དུ་ནད་ཡམས་ཐོངས། །མི་ཁའི་རྒྱལ་མོ་སྤུན་དགུ་ཡང་། །དགྲ་འདྲེའི་སྟེང་དུ་མྱུར་བར་ཆོས། །མི་ཁ་གཡུལ་སྡིག་དགྲ་ལ་ཐོངས། །ས་བདག་ནག་པོ་གདུག་པ་ཅན། །དགྲ་བགེགས་འབྱུང་པོ་རྡུལ་དུ་རློགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གྱེར་རོ། །ནག་པོ་མགོ་གསུམ་གྱི་སྐུ་བསྟོད་རྫོགས་སོ།། །།དེ་ནས་མ་གོ་གསུམ་ཁྲོ་བོ་སྲས་དགུའི་བསྐུལ་པ་ནི། །ཀྱཻ། ཉི་མ་ཕྱོགས་ཕྱོགས་ཕ་ཀི་ན། །དབུས་ཕྱོགས་ཚངས་པའི་འཇིག་རྟེན་ཁམས། །རི་རབ་ཆེན་པོའི་རྩེ་མོ་ནས། །དྲང་སྲོང་ལྷུམས་སུ་ཞུགས་པའི་བུ། །མི་ནག་མགོ་གསུམ་ཕྱག་དྲུག་པ། །གཡས་པ་རྔམ་པ་སྟག་གི་མགོ །ཞེ་སྡང་ཕོ་གདོན་འདུལ་བར་བྱེད། །མི་གཡོན་པ་གདུག་བྱེད་ཕག་གི་མགོ །འདོད་ཆགས་མོ་གདོན་འདུལ་བར་བྱེད། །དབུས་ཕྱོགས་སྟོབས་ཆེན་གླང་གི་ཞལ། །གཏི་མུག་འཆི་བདག་གཤིན་རྗེ་འདུལ། །ཕྱག་དྲུག་གཡས་ཀྱི་དང་པོ་ན། །གསེར་གྱི་འཁོར་ལོ་འབར་བ་བསྣམས། །ཉོན་མོངས་དུག་ལྔ་རྩད་ནས་གཅོད། །གཡོན་གྱི་དང་པོས་ཁྲམ་ཤིང་འཛིན། །བྱད་མ་དམ་ཉམས་ཁྲམ་ལ་
འདེབས། །བར་མ་གཉིས་ཀྱིས་མདའ་གཞུ་བཀང་། །དགྲ་བགེགས་དམིགས་པའི་འབེན་ལ་བརྡེག །ཐ་མས་ལྕགས་ཀྱུ་ཕུར་པ་འདྲིལ། །གནོད་བྱེད་བཀུག་ཅིང་སྙིང་ལ་འདེབས། །གསུས་པ་ཁྲག་གི་རྒྱ་མཚོ་འཁྱིལ། །སྡང་བའི་དགྲ་ལ་ནད་ཡམས་ཐོངས། །ཡན་ལག་ལྷུ་ཚིགས་ཐུང་ལ་སྦོམ། །དགྲ་བགེགས་གནོད་བྱེད་ཆམ་ལ་ཕོབ། །སྡེར་མོ་ལྕགས་ཀྱུ་འབར་བ་ཡིས། །དགྲ་བགེགས་ཐམས་ཅད་དམྱལ་ཐག་གཅོད། །གཟའ་དང་རྒྱུ་སྐར་ལུས་ལ་བརྒྱན། །སྟེང་ཕྱོགས་ལྷ་གདོན་ཐམས་ཅད་ཟློག ། གཤོག་པ་གནམ་ལྕགས་ཤང་ལང་བརྒྱན། །བར་སྣང་གཉན་རིགས་གདུག་པ་ཐམས་ཅད་ཟློག །མཇུག་མ་སྦྲུལ་ནག་རྒྱ་མཚོ་དཀྲུགས། །འོག་ཕྱོགས་ཀླུ་དང་ས་བདག་གནོད་པ་ཟློག །ལོ་སྐོར་བཅུ་གཉིས་འཁོར་གྱིས་བསྐོར། །རྟེན་འབྲེལ་བཅུ་གཉིས་འགྲིགས་པར་བྱེད། །སྣང་སྲིད་ལྷ་འདྲེའི་དམག་དང་བཅས། །མོ་ངན་རྨི་ལམ་ངན་པ་དང་། །ཐན་ལྟས་ངན་པ་ཐམས་ཅད་ཟློག །འབྱུང་བ་ལྔ་ལ་དབང་བསྒྱུར་ཞིང་། །ལྷ་སྲིན་སྡེ་བརྒྱད་ཁ་ལོ་སྒྱུར། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་འདུལ། །གླུད་དང་གཏོར་མ་འདི་
བཞེས་ལ། །ཆོས་ཤིག་སྡང་བའི་དགྲ་ལ་ཆོས། །ཟློག་ཅིག་སྡང་བའི་དགྲ་ལ་ཟློག །སྒྱུར་ཅིག་རྐྱེན་ངན་བར་ཆད་སྒྱུར། །ནག་པོ་ཆེན་པོ་དགྲ་ལ་བློ། །མཐུ་ཆེན་ནག་པོ་དགྲ་ལ་བྷྱོ༔ །སྒྱུར་ཅིག་རྐྱེན་ངན་བར་ཆད་སྒྱུར། །སྟོབས་ལྡན་ནག་པོ་དགྲ་ལ་བྷྱོ༔ །ནག་པོ་ཆེན་པོ་དགྲ་འདྲེ་ལ་ཁཱ་ཧི། །ཡས་ཀྱི་བདུད་གཡོས་བདུད་ཁ་ཟློག །མས་ཀྱི་སྲི་ལང་སྲི་ཁ་ཟློག །བར་གྱི་བཙན་ལང་བཙན་ཁ་ཟློག །གནམ་གྱི་དལ་ཁ་བཟློག་ཏུ་གསོལ། །ས་ཡི་ཡམས་ཁ་བཟློག་ཏུ་གསོལ། །མོ་ངན་རྨི་ངན་ཐོམས་ཅད་ཟློག །ཐན་ལྟས་ངན་པ་ཐམས་ཅད་ཟློག །བྱད་ཁ་དྲོད་གཏོང་ཐམས་ཅད་ཟློག །ཨོཾ་ཙནྟི་ཏྲི་ཡཾ་ཁ་ལ་རཀྟ་དུ་ན་སིང་དུ་ན་སིང་། དགྲ་ལ་ཆོད་འདྲེ་ལ་ཆོད། ཟློག་ཅིག་སྒྱུར་ཅིག་ས་མཱ་ཡ༔ །ཀྱཻ། ཉི་མ་ཤར་ཕྱོགས་ཕ་ཀི་ན། །འབྱུང་བ་ས་ལ་དབང་བསྒྱུར་ཞིང་། །དྲི་ཟའི་ཚོགས་རྣམས་འདུལ་མཛད་པ། །ས་བདག་ཐེ་སེ་ལྷུམས་སུ་ཞུགས་པའི་བུ། །མི་ལུས་སེང་གེ་གླང་ཆེན་རྟ་མཆོག་དབུ། །ཞི་བའི་ཕྲིན་ལས་མཛད་ཕྱིར་སྐུ་མདོག་དཀར། །ཕྱག་དྲུག་དང་པོས་རྡོ་རྗེ་ལྕགས་ཀྱུ་བསྣམས། །བར་པ་གཉིས་ཀྱིས་ཐབས་ཤེས་མདའ་གཞུ་འགེངས། །
ཐ་མས་ཕུར་པ་དགྲ་བགེགས་སྙིང་ལ་འདེབས། །གསུས་པ་ཁྲག་གི་རྒྱ་མཚོ་འཁྱིལ། །སྡང་བའི་དགྲ་ལ་ཡམས་ནད་གཏོང་། །ཡན་ལག་ལྷུ་ཚིགས་ཐུང་ལ་སྦོམ། །གནོད་པའི་བགེགས་རྣམས་ཆམ་ལ་ཕོབ། །སྡེར་མོ་ལྕགས་ཀྱུ་འབར་བ་ཡིས། །དགྲ་འདྲེ་བྱུར་གསུམ་དམྱལ་ཐག་གཅོད། །གཟའ་དང་རྒྱུ་སྐར་ལུས་ལ་བརྒྱན། །སྟེང་ཕྱོགས་ལྷ་གདོན་ཐམས་ཅད་ཟློག །གཤོག་པ་གནམ་ལྕགས་རལ་གྲི་ཡིས། །བར་སྣང་གཉན་རིགས་གདུག་པ་ཐམས་ཅད་ཟློག །མཇུག་མ་སྦྲུལ་ནག་རྒྱ་མཚོ་དཀྲུག །འོག་ཕྱོགས་ཀླུ་དང་ས་བདག་གདུག་པ་འདུལ། །གླུད་དང་གཏོར་མ་འདི་བཞེས་ལ། །ཆོས་ཤིག་སྡང་བའི་དགྲ་ལ་ཆོས། །ཟློག་ཅིག་ལྷ་འདྲེའི་ཆོ་འཕྲུལ་ཟློག །སྒྱུར་ཅིག་རྐྱེན་ངན་བར་ཆད་སྒྱུར། །ཀྱཻ། ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །འབྱུང་བ་ཆུ་ལ་དབང་བསྒྱུར་ཞིང་། །གཤིན་རྗེའི་ཚོགས་རྣམས་འདུལ་མཛད་པ། །ས་བདག་ཧོ་པན་ལྷུམས་སུ་ཞུགས་པའི་བུ། །མི་ལུས་ཁྱུང་དང་སྡིག་པ་རུས་སྦལ་མགོ །རྒྱས་པའི་ཕྲིན་ལས་མཛད་ཕྱིར་སྐུ་མདོག་སེར། །ཕྱག་དྲུག་དང་པོས་རིན་ཆེན་ཞགས་པ་འཛིན། །བར་པ་གཉིས་ཀྱིས་
ཐབས་ཤེས་མདའ་གཞུ་འགེངས། །ཐ་མ་གཉིས་ཀྱིས་ཕུར་པ་དགྲ་སྙིང་འདེབས། །གསུས་པ་ཁྲག་གི་རྒྱ་མཚོ་འཁྱིལ། །སྡང་བའི་དགྲ་ལ་ཡམས་ནད་གཏོང་། །ཡན་ལག་ལྷུ་ཚིགས་ཐུང་ལ་སྦོམ། །གནོད་པའི་བགེགས་རྣམས་ཆམ་ལ་ཕོབ། །སྡེར་མོ་ལྕགས་ཀྱུ་འབར་བ་ཡིས། །དགྲ་འདྲེ་བྱུར་གསུམ་དམྱལ་ཐག་གཅོད། །གཟའ་དང་རྒྱུ་སྐར་ལུས་ལ་བརྒྱན། །སྟེང་ཕྱོགས་ལྷ་གདོན་ཐམས་ཅད་ཟློག །གཤོག་པ་གནམ་ལྕགས་རལ་གྲི་ཡིས། །བར་སྣང་གཉན་རིགས་གདུག་པ་ཐམས་ཅད་ཟློག །མཇུག་མ་སྦྲུལ་ནག་རྒྱ་མཚོ་དཀྲུག །འོག་ཕྱོགས་ཀླུ་དང་ས་བདག་གདུག་པ་འདུལ། །གླུད་དང་གཏོར་མ་འདི་བཞེས་ལ། །ཆོས་ཅིག་སྡང་བའི་དགྲ་ལ་ཆོས། །ཟློག་ཅིག་ལྷ་འདྲེའི་ཆོ་འཕྲུལ་ཟློག །སྒྱུར་ཅིག་རྐྱེན་ནང་བར་ཆད་སྒྱུར། །ཀྱཻ། ཉི་མ་ནུབ་ཕྱོགས་ཕ་ཀི་ན། །འབྱུང་བ་མེ་ལ་དབང་བསྒྱུར་ཞིང་། །ཆུ་ལྷའི་ཚོགས་རྣམས་འདུལ་མཛད་པ། །ས་བདག་ཙང་ཀུན་ལྷུམས་སུ་ཞུགས་པའི་བུ། །མི་ལུས་སྟག་དང་རྔ་མོང་འབྲུག་གི་མགོ །དབང་གི་ཕྲིན་ལས་མཛད་ཕྱིར་སྐུ་མདོག་དམར། །ཕྱག་དྲུག་དང་པོས་པདྨ་ལྕགས་སྒྲོག་བསྣམས། །བར་
པ་གཉིས་ན་ཐབས་ཤེས་མདའ་གཞུ་འགེངས། །ཐ་མས་ཕུར་པ་དགྲ་བགེགས་སྙིང་ལ་འདེབས། །གསུས་པ་ཁྲག་གི་རྒྱ་མཚོ་འཁྱིལ། །སྡང་བའི་དགྲ་ལ་ཡམས་ནད་གཏོང་། །ཡན་ལག་ལྷུ་ཚིགས་ཐུང་ལ་སྦོམ། །གནོད་པའི་བགེགས་རྣམས་ཆམ་ལ་ཕོབ། །སྡེར་མོ་ལྕགས་ཀྱུ་འབར་བ་ཡིས། །དགྲ་འདྲེ་བྱུར་གསུམ་དམྱལ་ཐག་གཅོད། །གཟའ་དང་རྒྱུ་སྐར་ལུས་ལ་བརྒྱན། །སྟེང་ཕྱོགས་ལྷ་གདོན་ཐམས་ཅད་ཟློག །གཤོག་པ་གནམ་ལྕགས་རལ་གྲི་ཡིས། །བར་སྣང་གཉན་རིགས་གདུག་པ་ཐམས་ཅད་ཟློག །མཇུག་མ་སྦྲུལ་ནག་རྒྱ་མཚོ་དཀྲུག །འོག་ཕྱོགས་ཀླུ་དང་ས་བདག་གདུག་པ་འདུལ། །གླུད་དང་གཏོར་མ་འདི་བཞེས་ལ། །ཆོས་ཤིག་སྡང་བའི་དགྲ་ལ་ཆོས། །ཟློག་ཅིག་ལྷ་འདྲེའི་ཆོ་འཕྲུལ་ཟློག །སྒྱུར་ཅིག་རྐྱེན་དང་བར་ཆད་སྒྱུར། །ཀྱཻ། ཉི་མ་བྱང་ཕྱོགས་ཕ་ཀི་ན། །འབྱུང་བ་རླུང་ལ་དབང་བསྒྱུར་ཞིང་། །གནོད་སྦྱིན་སྡེ་ཚོགས་འདུལ་མཛད་པ། །ས་བདག་སེ་བྱིན་ལྷུམས་སུ་ཞུགས་པའི་བུ། །མི་ལུས་དོམ་དང་ཆུ་སྲིན་དྲེད་ཀྱི་མགོ །དྲག་པོའི་ཕྲིན་ལས་མཛད་ཕྱིར་སྐུ་མདོག་ལྗང་། །ཕྱག་དྲུག་དང་པོ་གཉིས་ཀྱིས་རྒྱ་
གྲམ་དྲིལ་བུ་འཛིན། །བར་མ་གཉིས་ན་ཐབས་ཤེས་མདའ་གཞུ་འགེངས། །ཐ་མ་གཉིས་ཀྱིས་ཕུར་པ་སྙིང་ལ་གཟིར། །གསུས་པ་ཁྲག་གི་རྒྱ་མཚོ་འཁྱིལ། །སྡང་བའི་དགྲ་ལ་ཡམས་ནད་གཏོང་། །ཡན་ལག་ལྷུ་ཚིགས་ཐུང་ལ་སྦོམ། །གནོད་པའི་བགེགས་རྣམས་ཆམ་ལ་ཕོབ། །སྡེར་མོ་ལྕགས་ཀྱུ་འབར་བ་ཡིས། །དགྲ་འདྲེ་བྱུར་གསུམ་དམྱལ་ཐག་གཅོད། །གཟའ་དང་རྒྱུ་སྐར་ལུས་ལ་བརྒྱན། །སྟེང་ཕྱོགས་ལྷ་གདོན་ཐམས་ཅད་ཟློག །གཤོག་པ་གནམ་ལྕགས་རལ་གྲི་ཡིས། །བར་སྣང་གཉན་རིགས་གདུག་པ་ཐམས་ཅད་ཟློག་མཇུག་མ་སྦྲུལ་ནག་རྒྱ་མཚོ་དཀྲུག །འོག་ཕྱོགས་ཀླུ་དང་ས་བདག་གདུག་པ་འདུལ། །གླུད་དང་གཏོར་མ་འདི་བཞེས་ལ། །ཆོས་ཤིག་སྡང་བའི་དགྲ་ལ་ཆོས། །ཟློག་ཅིག་ལྷ་འདྲེའི་ཆོ་འཕྲུལ་ཟློག །སྒྱུར་ཅིག་རྐྱེན་དང་བར་ཆད་སྒྱུར། །ཀྱཻ། ཉི་མ་ཤར་ལྷོར་མཚམས་ཤེད་ནས། །མེ་ལྷའི་ཚོགས་ལ་དབང་བསྒྱུར་ཞིང་། །ལྷ་ཡི་བུ་ཡི་བདུད་རྣམས་འདུལ་མཛད་པ། །ས་བདག་གནམ་ཁྱི་ལྷུམས་སུ་ཞུགས་པའི་བུ། །མི་ལུས་རྨ་བྱ་ཀངྐ་འུག་པའི་མགོ །སྣ་ཚོགས་ཕྲིན་ལས་མཛད་ཕྱིར་སྐུ་མདོག་སྨུག །ཕྱག་དྲུག་དང་
པོས་སྤུ་གྲི་ཐོད་ཁྲག་བསྣམས། །བར་པ་གཉིས་ན་ཐབས་ཤེས་མདའ་གཞུ་འགེངས། །ཐ་མས་ཕུར་པ་དགྲ་བགེགས་སྙིང་ལ་འདེབས། །གསུས་པ་ཁྲག་གི་རྒྱུ་མཚོ་འཁྱིལ།། །སྡང་བའི་དགྲ་ལ་ཡམས་ནད་གཏོང་། །ཡན་ལག་ལྷུ་ཚིགས་ཐུང་ལ་སྦོམ། །གནོད་པའི་བགེགས་རྣམས་ཆམ་ལ་ཕོབ། །སྡེར་མོ་ལྕགས་ཀྱུ་འབར་བ་ཡིས། །དགྲ་འདྲེ་བྱུར་གསུམ་དམྱལ་ཐག་གཅོད། །གཟའ་དང་རྒྱུ་སྐར་ལུས་ལ་བརྒྱན། །སྟེང་ཕྱོགས་ལྷ་གདོན་ཐམས་ཅད་ཟློག །གཤོག་པ་གནམ་ལྕགས་རལ་གྲི་ཡིས། །བར་སྣང་གཉན་རིགས་གདུག་པ་ཐམས་ཅད་ཟློག །མཇུག་མ་སྦྲུལ་ནག་རྒྱ་མཚོ་དཀྲུག །འོག་ཕྱོགས་ཀླུ་དང་ས་བདག་འདུལ། །གླུད་དང་གཏོར་མ་འདི་བཞེས་ལ། །ཆོས་ཤིག་སྡང་བའི་དགྲ་ལ་ཆོས། །ཟློག་ཅིག་ལྷ་འདྲེའི་ཆོ་འཕྲུལ་ཟློག །སྒྱུར་ཅིག་རྐྱེན་དང་བར་ཆད་སྒྱུར། །ཀྱཻ། ཉི་མ་ལྷོ་ནུབ་མཚམས་ཤེད་ནས། །སྲིན་པོའི་ཚོགས་ལ་དབང་བསྒྱུར་ཞིང་། །ཕུང་པོའི་བདུད་རྣམས་འདུལ་མཛད་པ། །ས་བདག་སེ་ཤར་ལྷུམས་སུ་ཞུགས་པའི་བུ། །མི་ལུས་སྦྲུལ་དང་སྤྲེའུ་ཉ་ཡི་མགོ །སྐུ་མདོག་སེར་ནག་འབར་བ་ལ། །ཕྱག་
དྲུག་དང་པོས་རྒྱལ་མཚན་ཞགས་པ་བསྣམས། །བར་པ་གཉིས་ན་ཐབས་ཤེས་མདའ་གཞུ་འགེངས། །ཐ་མ་གཉིས་ཀྱིས་ཕུར་པ་གནོད་བྱེད་སྙིང་ལ་གཟིར། །གསུས་པ་ཁྲག་གི་རྒྱ་མཚོ་འཁྱིལ། །སྡང་བའི་དགྲ་ལ་ཡམས་ནད་གཏོང་། །ཡན་ལག་ལྷུ་ཚིགས་ཐུང་ལ་སྦོམ། །གནོད་པའི་བགེགས་རྣམས་ཆམ་ལ་ཕོབ། །སྡེར་མོ་ལྕགས་ཀྱུ་འབར་བ་ཡིས། །དགྲ་འདྲེ་བྱུར་གསུམ་དམྱལ་ཐག་གཅོད། །གཟའ་དང་རྒྱུ་སྐར་ལུས་ལ་བརྒྱན། །སྟེང་ཕྱོགས་ལྷ་གདོན་ཐམས་ཅད་ཟློག།གཤོག་པ་གནམ་ལྕགས་རལ་གྲི་ཡིས། །བར་སྣང་གཉན་རིགས་གདུག་པ་ཐམས་ཅད་ཟློག །མཇུག་མ་སྦྲུལ་ནག་རྒྱ་མཚོ་དཀྲུག །འོག་ཕྱོགས་ཀླུ་དང་ས་བདག་གདུག་པ་འདུལ། །གླུད་དང་གཏོར་མ་འདི་བཞེས་ལ། །ཆོས་ཤིག་སྡང་བའི་དགྲ་ལ་ཆོས། །ཟློག་ཅིག་ལྷ་འདྲེའི་ཆོ་འཕྲུལ་ཟློག །སྒྱུར་ཅིག་རྐྱེན་དང་བར་ཆད་སྒྱུར། །ཀྱཻ། ཉི་མ་ནུབ་བྱང་མཚམས་ཤེད་ནས། །རླུང་ལྷའི་ཚོགས་ལ་དབང་བསྒྱུར་ཞིང་། །ཉོན་མོངས་བདུད་རྣམས་འདུལ་མཛད་པ། །ས་བདག་ཐེ་ཁྱིམ་ལྷུམས་སུ་ཞུགས་པའི་བུ། །མི་ལུས་གཡག་དང་ཤ་བ་རྟོལ་པོའི་མགོ །སྐུ་མདོག་དམར་
ནག་འབར་བ་ལ། །ཕྱག་དྲུག་དང་པོས་ཁཊཾ་དགྲ་སྣ་བསྣམས། །བར་མ་གཉིས་ན་ཐབས་ཤེས་མདའ་གཞུ་འགེངས། །ཐ་མ་གཉིས་ཀྱིས་ཕུར་པ་གནོད་བྱེད་སྙིང་ལ་འདེབས། །གསུས་པ་ཁྲག་གི་རྒྱ་མཚོ་འཁྱིལ། །སྡང་བའི་དགྲ་ལ་ཡམས་ནད་གཏོང་། །ཡན་ལག་ལྷུ་ཚིགས་ཐུང་ལ་སྦོམ། །གནོད་པའི་བགེགས་རྣམས་ཆམ་ལ་ཕོབ། །སྡེར་མོ་ལྕགས་ཀྱུ་འབར་བ་ཡིས། །དགྲ་འདྲེ་བྱུར་གསུམ་དམྱལ་ཐག་གཅོད། །གཟའ་དང་རྒྱུ་སྐར་ལུས་ལ་བརྒྱན། །སྟེང་ཕྱོགས་ལྷ་གདོན་ཐམས་ཅད་ཟློག །གཤོག་པ་གནམ་ལྕགས་རལ་གྲི་ཡིས། །བར་སྣང་གཉན་རིགས་གདུག་པ་ཐམས་ཅད་ཟློག །མཇུག་མ་སྦྲུལ་ནག་རྒྱ་མཚོ་དཀྲུག །འོག་ཕྱོགས་ཀླུ་དང་ས་བདག་གདུག་པ་འདུལ། །གླུད་དང་གཏོར་མ་འདི་བཞེས་ལ། །ཆོས་ཤིག་སྡང་བའི་དགྲ་ལ་ཆོས། །ཟློག་ཅིག་ལྷ་འདྲེའི་ཆོ་འཕྲུལ་ཟློག །སྒྱུར་ཅིག་རྐྱེན་དང་བར་ཆད་སྒྱུར། །ཀྱཻ། ཉི་མ་བྱང་ཤར་མཚམས་ཤེད་ནས། །དབང་ལྡན་ཚོགས་ལ་དབང་བསྒྱུར་ཅིང་། །འཆི་བདག་ཚོགས་རྣམས་བཟློག་མཛད་ཅིང་། །ས་བདག་ཧལ་ཁྱི་ལྷུམས་སུ་ཞུགས་པའི་བུ། །མི་ལུས་གཟིག་དང་སྤྱང་ཀི་
བྱི་ལའི་མགོ །སྐུ་མདོག་ལྗང་ནག་འབར་བ་ལ། །ཕྱག་དྲུག་དང་པོ་གཉིས་ཀྱིས་མདུང་ཐུང་ཐོ་བ་བསྣམས། །བར་མ་གཉིས་ཀྱིས་ཐབས་ཤེས་མདའ་གཞུ་འགེངས། །ཐ་མ་གཉིས་ཀྱིས་ཕུར་པ་དགྲ་བགེགས་སྙིང་ལ་འདེབས། །གསུས་པ་ཁྲག་གི་རྒྱ་མཚོ་འཁྱིལ། །སྡང་བའི་དགྲ་ལ་ཡམས་ནད་གཏོང་། །ཡན་ལག་ལྷུ་ཚིགས་ཐུང་ལ་སྦོམ། །གནོད་པའི་བགེགས་རྣམས་ཆམ་ལ་ཕོབ། །སྡེར་མོ་ལྕགས་ཀྱུ་འབར་བ་ཡིས། །དགྲ་འདྲེ་བྱུར་གསུམ་དམྱལ་ཐག་གཅོད། །གཟའ་དང་རྒྱུ་སྐར་ལུས་ལ་བརྒྱན། །སྟེང་ཕྱོགས་ལྷ་གདོན་ཐམས་ཅད་ཟློག །གཤོག་པ་གནམ་ལྕགས་རལ་གྲི་ཡིས། །བར་སྣང་གཉན་རིགས་གདུག་པ་ཐམས་ཅད་ཟློག །མཇུག་མ་སྦྲུལ་ནག་རྒྱ་མཚོ་དཀྲུག །འོག་ཕྱོགས་ཀླུ་དང་ས་བདག་གདུག་པ་འདུལ། །གླུད་དང་གཏོར་མ་འདི་བཞེས་ལ། །ཆོས་ཤིག་སྡང་བའི་དགྲ་ལ་ཆོས། །ཟློག་ཅིག་ལྷ་འདྲེའི་ཆོ་འཕྲུལ་ཟློག །སྒྱུར་ཅིག་རྐྱེན་དང་བར་ཆད་སྒྱུར།། ཁྲོ་བོ་ཆེན་པོ་བརྒྱད་ཀྱི་སྒྱུར་ཆོག་རྫོགས་སོ།། །།ཧཱུྃ། ནག་པོ་ཆེན་པོ་དགྲ་ལ་བྷྱོ༔ །ཡས་ཀྱི་བདུད་དུ་གཡོས་པ་བསྒྱུར་དུ་གསོལ། །མས་ཀྱི་སྲི་ལང་བསྒྱུར་དུ་གསོལ། །
བར་གྱི་བཙན་འགྱུ་བསྒྱུར་དུ་གསོལ། །གནམ་གྱི་དལ་ཁ་བསྒྱུར་དུ་གསོལ། །ས་ཡི་ཡམས་ཁ་བསྒྱུར་དུ་གསོལ། །མོ་ངན་འཚེར་རྩུབ་བསྒྱུར་དུ་གསོལ། །གནོད་བྱེད་དགྲ་བགེགས་སྟེང་དུ་ཧཱུཾ་བྷྱོ་ཟློག་ཟློག།དེ་ནས་སྨེ་བ་དགུའི་སྒྱུར་ཆོག་ནི། །ཀྱཻ། གཅིག་དཀར་ས་ཡི་བརྟན་མ་ནི། །སྐུ་མདོག་གངས་རི་ཤེལ་སྒོང་འདྲ། །སྐུ་ལ་ཤེལ་གྱི་སླག་པ་གསོལ། །ཕྱག་ན་བདུད་རྩིའི་བུམ་པ་བསྣམས། །ཆིབས་སུ་དུང་ཕག་སེར་མགོ་ཆིབས། །འཁོར་དུ་ས་བདག་འབུམ་གྱིས་བསྐོར། །གླུད་དང་གཏོར་མ་འདི་བཞེས་ལ། །ཆོས་ཤིག་སྡང་བའི་དགྲ་ལ་ཆོས། །ཟློག་ཅིག་བར་ཆད་འབྱུང་པོ་ཟློག །ཟས་སུ་དགྲ་འདྲེ་བྱུར་གསུམ་ཟོ། །ཀྱཻ། གཉིས་ནག་བདུད་ཕོ་བཀྲག་མེད་ནི། །དར་ནག་འཇོལ་ བེར ་སྐུ་ལ་གསོལ། །ཕྱག་ན་བདུད་ཀྱི་ཁྲམ་བམ་བསྣམས། །ཆིབས་སུ་བདུད་རྟ་ནག་པོ་ཆིབས། །འཁོར་དུ་བདུད་དམག་འབུམ་གྱིས་བསྐོར། །གླུད་དང་གཏོར་མ་འདི་བཞེས་ལ། །དགྲ་འདྲེ་བྱུར་གསུམ་བཟློག་ཏུ་གསོལ། །ནད་རིམས་དལ་ཡམས་བསྒྱུར་དུ་གསོལ། །མི་ཁ་ཡས་རྣམས་ཟས་སུ་ཟོ། །ཀྱཻ། གསུམ་མཐིང་མ་
ཡམས་བསེན་མོ་ནི། །ཁྱི་མོ་ནག་པོ་རྟ་རུ་ཞོན། །དར་སྔོན་རལ་ག་སྐུ་ལ་གསོལ། །ཕྱག་ན་ནད་ཀྱི་རྐྱལ་པ་ཐོགས། །འཁོར་དུ་བསེན་མོ་འབུམ་གྱིས་བསྐོར། །གླུད་དང་གཏོར་མ་འདི་བཞེས་ལ། །དགྲ་འདྲེ་བྱུར་གསུམ་བཟློག་ཏུ་གསོལ། །ནད་རིམས་དལ་ཡམས་བསྒྱུར་དུ་གསོལ། །མི་ཁ་ཡས་རྣམས་ཟས་སུ་ཟོ། །ཀྱཻ། བཞི་ལྡང་ཀླུ་ཡི་རྒྱལ་མོ་ནི། །ཆིབས་སུ་ཆུ་སྲིན་རྒྱལ་པོ་ཆིབས། །དར་ལྗང་ན་བཟའ་སྐུ་ལ་གསོལ། །ཕྱག་ན་སྦྲུལ་གྱི་ཞགས་པ་བསྣམས། །ཀླུ་མོ་འབུམ་གྱི་འཁོར་གྱིས་བསྐོར། །གླུད་དང་གཏོར་མ་འདི་བཞེས་ལ། །ཀླུ་ནད་མཛེ་ཡམས་བསྒྱུར་དུ་གསོལ། །ནད་རིམས་དལ་ཡམས་བསྒྱུར་དུ་གསོལ། །དགྲ་འདྲེ་བྱུར་གསུམ་བཟློག་ཏུ་གསོལ། །ཀྱཻ། ལྔ་སེར་ས་བདག་ཙང་ཀུན་ནི། །སྐུ་མདོག་སེར་ལ་འོད་ཟེར་འབར། །ཆིབས་སུ་དུང་ཤ་དཀར་མོ་ཆིབས། །ཕྱག་ན་ཁ་ཊཾ་རྩེ་གསུམ་བསྣམས། །འཁོར་དུ་ས་བདག་འབུམ་གྱིས་བསྐོར། །གླུད་དང་གཏོར་མ་འདི་བཞེས་ལ། །ས་བདག་གདུག་པ་དགྲ་ལ་སྒྱུར། །ནད་རིམས་དལ་ཡམས་བསྒྱུར་དུ་གསོལ། །ཟས་སུ་དགྲ་འདྲེ་བྱུར་གསུམ་ཟོ། །ཀྱཻ།
དྲུག་དཀར་ལྷ་ཆེན་ཚངས་པ་ནི། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་ན་བ་དན་དཀར་པོ་བསྣམས། །ཆིབས་སུ་སེང་གེ་དཀར་མོ་ཆིབས། །འཁོར་དུ་ལྷ་དམག་འབུམ་གྱིས་བསྐོར། །གླུད་དང་གཏོར་མ་འདི་བཞེས་ལ། །རྒྱལ་པོའི་སྐག་ཆེན་བཟློག་ཏུ་གསོལ། །མི་མཐུན་དལ་ཡམས་དགྲ་ལ་སྒྱུར། །དགྲ་འདྲེ་བྱུར་གསུམ་བཟློག་ཏུ་གསོལ། །ཀྱཻ། བདུན་དམར་ཡམ་ཤུད་དམར་པོ་ནི། །མི་དམར་རྟ་དམར་དར་དམར་གྱོན། །ཕྱག་ན་བཙན་གྱི་ཤོ་རྡེལ་བསྣམས། །འཁོར་དུ་བཙན་དམག་འབུམ་གྱིས་བསྐོར། །གླུད་དང་གཏོར་མ་འདི་བཞེས་ལ། །བཙན་གྱི་ཤོ་ཁ་བཟློག་ཏུ་གསོལ། །ནད་རིམས་དལ་ཡམས་བསྒྱུར་དུ་གསོལ། །དགྲ་འདྲེ་བྱུར་གསུམ་ཟས་སུ་ཟོ། །ཀྱཻ། བརྒྱད་དཀར་དགྲ་ལྷའི་རྒྱལ་པོ་ནི། །སྐུ་མདོག་དཀར་པོ་རྒྱན་དང་ལྡན། །གླང་ཆེན་ཁྲོས་པའི་ཁྲི་ལ་བཞུགས། །ཕྱག་ན་དགྲ་ལྷའི་མདུང་དམར་བསྣམས། །དགྲ་ལྷའི་རྒྱལ་པོ་འབུམ་གྱིས་བསྐོར། །གླུད་དང་གཏོར་མ་འདི་བཞེས་ལ། །དགྲ་སྡང་གནོད་བྱེད་བསྒྱུར་དུ་གསོལ། །སྒྱུར་ཅིག་ལྟས་ངན་དགྲ་ལ་སྒྱུར། །ཟས་སུ་མི་ཁ་བྲ་
མཆུ་ཟོ། །ཀྱཻ། དགུ་དམར་མ་མོ་ཆེན་མོ་ནི། །དབང་སྨེ་དགུ་པོ་རྩ་མུན་ཏྲི། །ཆིབས་སུ་དྲེལ་རྟ་དམར་པོ་ཆིབས། །ཕྱག་ན་མཚོན་གྱི་གྲུ་གུ་བསྡོག།འཁོར་དུ་མ་མོ་འབུམ་གྱིས་བསྐོར། །གླུད་དང་གཏོར་མ་འདི་བཞེས་ལ། །སྡང་དགྲ་གནོད་བྱེད་རྡུལ་དུ་རློགས། །ཟས་སུ་མི་ཁ་བྲ་མཆུ་ཟོ། ༈ དེ་ནས་གཟའ་དང་སྐར་མའི་སྒྱུར་ཆོག་ནི། །ཀྱཻ། ཉི་མ་ཟླ་བ་མིག་དམར་དང་། །ལྷག་པ་ཕུར་བུ་པ་བ་སངས། །སྤེན་པ་རཱ་ཧུ་ལ་དང་བརྒྱད། །རང་རང་ཕྱོགས་མཚམས་སྐུ་མདོག་ཅན། །གཟའ་ཆེན་བརྒྱད་པོ་འཁོར་དང་བཅས། གླུད་དང་གཏོར་མ་འདི་བཞེས་ལ། །གཟའ་བདུད་གདུག་པ་ནད་གཟེར་དང་། །གཟའ་བདུད་བྱུར་ཁྲམ་སྐྱེལ་བ་སོགས། །གཟའ་བརྒྱད་ཉེས་པ་ཞི་བར་མཛོད། །ཀྱཻ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ནི། །ཕྱོགས་བཞི་དབུས་ལ་མངའ་མཛད་ཅིང་། །ཉིན་མཚན་དུས་ཀྱི་རྩིས་འདེབས་པ། །གླུད་དང་གཏོར་མ་འདི་བཞེས་ལ། །སྐར་ངན་སྐར་ཐན་སྐར་མདའ་ཟློག །རིམས་ནད་དལ་ཡམས་དགྲ་ལ་སྒྱུར། །ཅེས་གབ་རྩེ་དགུ་དང་གཟར་སྐར་དང་བཅས་པའི་གྱེར་རྫོགས་སོ།། །། ༈ །ཀྱཻ། མི་ནག་མགོ་གསུམ་མཐུ་བོ་ཆེ། །རུས་སྦལ་
ནག་པོའི་ཁོག་པ་ལ། །གཏོ་ཡིས་བཟློག་ཅིང་བསྒྱུར་བ་ནི། །གཅིག་དཀར་རྒྱལ་པོའི་གཏོ་འདི་ལོངས། །ཐེའུ་རང་འགོང་པོ་དགྲ་ལ་སྒྱུར། །གཉིས་ནག་བདུད་པོའི་གཏོ་འདི་ལོངས། །མྱ་ངན་མཆི་མ་དགྲ་ལ་སྒྱུར། །གསུམ་མཐིང་བསེན་མོའི་གཏོ་འདི་ལོངས། །རླུང་ནག་འཚུབ་མ་དགྲ་ལ་སྒྱུར། །བཞི་ལྗང་ཀླུ་ཡི་གཏོ་འདི་ལོངས། །ཀླུ་ནད་མཛེ་ཤུ་དགྲ་ལ་སྒྱུར། །ལྔ་སེར་ས་བདག་གཏོ་འདི་ལོངས། །ཆུ་ཁྱེར་ས་གྲི་དགྲ་ལ་སྒྱུར། །དྲུག་དཀར་རྒྱལ་འགོང་གཏོ་འདི་ལོངས། །རྒྱལ་འགོང་སྤུན་དགུ་དགྲ་ལ་སྒྱུར། །བདུན་དམར་བཙན་གྱི་གཏོ་འདི་ལོངས། །ཤན་པ་གྲི་བརྡར་དགྲ་ལ་སྒྱུར། །བརྒྱད་དཀར་ལྷ་ཡི་གཏོ་འདི་ལོངས། །ལྷ་ནད་གནམ་ནད་དགྲ་ལ་སྒྱུར། །དགུ་དམར་མ་མོའི་གཏོ་འདི་ལོངས། །ཡམས་ནད་རིམས་ནད་དགྲ་ལ་སྒྱུར།། ༈ སྤར་ཁ་བརྒྱད་ཀྱི་མདོས་གླུད་བྱུང་ཚུལ་ནི། །ཀྱཻ། དང་པོ་འབྱུང་བ་རྣམ་པ་ལྔ། །ས་བདག་རུས་སྦལ་གཅིག་ཏུ་བྱུང་། །རྒྱབ་ལ་ཁེན་ནི་གནམ་དུ་བྱུང་། །སྦོ་ལ་ཁོན་མ་ས་རུ་བྱུང་། །དེ་གཉིས་རྫུ་འཕྲུལ་བསྡེབ་པ་ལ། །བུ་ནི་མིང་སྲིང་དྲུག་ཏུ་བྱུང་། །བུ་གསུམ་
ནང་གི་ཆེ་བ་དེ། །བཙུན་པ་བཀའ་ཐུབ་གཅིག་ཏུ་བྱུང་། །མིང་ནི་ས་བདག་གིན་རི་བཏགས། །འབྲིང་བ་ཨ་ཙ་ར་ཞིག་བྱུང་། །མིང་ནི་ས་བདག་དྭ་ལྕགས་བཏགས། །ཆུང་བ་བོན་པོ་གཅིག་ཏུ་བྱུང་། །མིང་ནི་ས་བདག་ཁམ་ཆུ་བཏགས། །སྲིང་མོ་གསུམ་གྱི་ཆེ་བ་དེ། །བུ་མོ་མགྱོགས་མ་གཅིག་ཏུ་བྱུང་། །མིང་ནི་ཟོན་མ་རླུང་དུ་བཏགས། །འབྲིང་བ་བུ་མོ་སྔོན་མོ་བྱུང་། །མིང་ནི་ཟིན་ཤིང་ཞེས་སུ་གྲགས། །ཆུང་བ་བུ་མོ་དམར་མོ་བྱུང་། །མིང་ནི་བུ་མོ་ལི་མེ་བཏགས། །དེ་ལྟར་སྤར་ཁ་བརྒྱད་ཀྱི་ས་བདག་སྲིད། ། ་་་འདིའི་ནང་འདིར་སྤར་ཁའི་ཕུང་སྒྲུང་ནང་གི་ལོ་རྒྱུས་སྤར་ཁ་འགྲམ་འཁྲུག་གི་རྩ་བའི་དོན་གནད་ཤིན་ཏུ་ཆེ་ནས་རུང་ངོ་མཚར་བའི་སྒྲུང་ཡིན། འདིའི་བཅོས་ཆོག་སོ་སོའི་གཏོའི་གཞུང་ལྟར་ཡོད་ན། སྤར་ཁའི་སྐག་ཟློག་སྐབས་སུ་བཏོན་ན་ལེགས་སོ། །མི་འཐད་པ་གང་ཡང་མེད་པས་ཤིན་ཏུ་ཕན་ཆེའོ། མཆན། ཡུལ་བསྒོས་སོ་སོར་བྱས་པ་ལ། །གིན་རི་བྱང་ཤར་མཚམས་སུ་བཞག །ཟོན་ནི་ཤར་ལྷོ་མཚམས་སུ་བཞག །ལི་ནི་ཉི་མ་ལྷོ་རུ་བཞག །དྭ་ནི་ཉི་མ་ནུབ་ཏུ་བཞག །ཁམ་ནི་ཉི་མ་བྱང་དུ་བཞག །ཟིན་ནི་ཉི་མ་ཤར་དུ་བཞག །ཁོན་མ་ལྷོ་ནུབ་མཚམས་སུ་བཞག །ཁེན་པ་ནུབ་བྱང་མཚམས་སུ་
བཞག །གིན་དང་ཟོན་གཉིས་ཆགས་པ་སྐྱེས། །ནལ་ཕྲུག་ཡོས་བུ་སྣ་རིང་བྱུང་། །རི་རབ་བང་རིམ་འོག་ཏུ་སྦས། །མིང་པོ་གིན་རི་ཐུགས་འཁྲུགས་ནས། །བྱང་ཤར་མཚམས་སུ་ཕུག་པར་བཞག །སྲིང་མོ་ཟོན་མ་དམོད་པ་བོར། །གིན་གི་བརྡལ་འདྲེ་ཐེའུ་རང་བྱུང་། །བར་ཆད་འདྲེ་དང་ཐེའུ་རང་ལ། །ཡོན་གྱི་བདག་པོའི་གླུད་དུ་འབུལ། །མཉམ་གཉིས་བརྗེས་ལ་མཚུངས་གཉིས་གཟུར། །རྣལ་འབྱོར་ཡོན་གྱི་བདག་པོ་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །སྲིང་མོ་ཟོན་མ་མྱོས་ཏེ་ཤི། །ཟོན་གྱི་སྨྱོ་འདྲེ་དེ་ལས་བྱུང་། །ཟོན་གྱི་སྨྱོ་འདྲེ་དེ་དག་ལ། །ཡོན་གྱི་བདག་པོའི་གླུད་དུ་འབུལ། །མཉམ་གཉིས་བརྗེས་ལ་མཚུངས་གཉིས་གཟུར། །རྣལ་འབྱོར་ཡོན་གྱི་བདག་པོ་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །མ་གཅིག་ཁོན་མ་རྒན་མོ་ཡི་ཆད་པས། །ལྷོ་ནུབ་མཚམས་སུ་གསོན་ཕུག་བསྙག །ཕུག་པ་བརྐོས་པས་གཏིབ་གྲིར་ཤི། །ཁོན་གྱི་གཏིབ་གྲི་དེ་ནས་བྱུང་། །ཁོན་གྱི་ས་འདྲེ་གཏིབ་གྲི་ལ། །ཡོན་གྱི་བདག་པོའི་གླད་དུ་འབུལ། །མཉམ་གཉིས་བརྗེས་ལ་མཚུངས་གཉིས་གཟུར། །རྣལ་འབྱོར་ཡོན་གྱི་བདག་པོ་
ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །ཕ་གཅིག་ཁེན་པ་རྒན་པོ་དང་། །བུ་མོ་ལི་གཉིས་ར་མདར་འོང་། །མུན་རུབ་ལམ་ཡང་ཡེ་མ་མཐོང་། །བུ་མོ་ལི་ཡིས་མེ་བུས་ནས། །མེ་སྟག་ཡར་བས་མིག་ཡ་བཅར། །གནམ་ཕབ་ས་ཕུག་འཇོར་གྱིས་བརྐོས། །བུ་མོ་ལི་ཡི་མགོ་ལ་ཕོག །ཕ་གཅིག་ཁེན་པ་ཁྱིམ་དུ་བྲོས། །ལམ་དུ་གནམ་ཁྱི་ནག་པོས་ཕུག །ཁྱི་འདྲེ་གནམ་ཐེལ་དེ་ལས་བྱུང་། །ཁེན་གྱི་ཁྱི་འདྲེ་གནམ་ཐེལ་ལ། །ཡོན་གྱི་བདག་པོའི་གླུད་དུ་འབུལ། །མཉམ་གཉིས་བརྗེས་ལ་མཚུངས་གཉིས་གཟུར། །རྣལ་འབྱོར་ཡོན་གྱི་བདག་པོ་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །བུ་མོ་ལི་ཡང་ཁྱིམ་དུ་འོང་། །ལམ་དུ་གནམ་ལྕགས་ཐོག་གིས་བསད། །ཐོག་འདྲེ་གཞོབ་སྲི་དེ་ལས་བྱུང་། །ལི་ཡི་ཐོག་འདྲེ་གཞོབ་སྲི་ལ། །ཡོན་གྱི་བདག་པོའི་གླུད་དུ་འབུལ། །མཉམ་གཉིས་བརྗེས་ལ་མཚུངས་གཉིས་གཟུར། །རྣལ་འབྱོར་ཡོན་གྱི་བདག་པོ་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །མིང་པོ་ཁམ་ཡང་སེམས་ལུས་པས། །བྱང་ཕྱོགས་མཚོ་ལ་ཆུ་འཐུང་སོང་། །རྒྱ་མཚོའི་རླབས་ཀྱིས་ཁྱེར་བས་ཤི། །ཁམ་གྱི་ཆུ་འདྲེ་དེ་ནས་སྲིད། །
ས་བདག་ཁམ་གྱི་ཆུ་འདྲེ་ལ། །ཡོན་གྱི་བདག་པོའི་གླུད་དུ་འབུལ། །མཉམ་གཉིས་བརྗེས་ལ་མཚུངས་གཉིས་གཟུར། །རྣལ་འབྱོར་ཡོན་གྱི་བདག་པོ་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །སྲིང་མོ་ཟིན་ཡང་ཡི་ཆད་ནས། །དར་གྱིས་བཅིངས་ཏེ་འགགས་ནས་ཤི། །ཟིན་གྱི་འགགས་འདྲེ་དེ་ལས་བྱུང་། །ས་བདག་ཟིན་གྱི་འགགས་འདྲེ་ལ། །ཡོན་གྱི་བདག་པོའི་གླུད་དུ་འབུལ། །མཉམ་གཉིས་བརྗེས་ལ་མཚུངས་གཉིས་གཟུར། །རྣལ་འབྱོར་ཡོན་གྱི་བདག་པོ་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །མིང་པོ་དྭ་ཡང་ཡི་ཆད་པས། །གཡས་ཀྱི་མཚོན་གྱིས་གཡོན་ལ་བརྒྱབ། །རང་མཚོན་རང་ལ་ཕོག་ནས་ཤི། །དྭ་ཡི་གྲི་བོ་དེ་ནས་བྱུང་། །ས་བདག་དྭ་ཡི་གྲི་བོ་ལ། །ཡོན་གྱི་བདག་པོའི་གླུད་དུ་འབུལ། །མཉམ་གཉིས་བརྗེས་ལ་མཚུངས་གཉིས་གཟུར། །རྣལ་འབྱོར་ཡོན་གྱི་བདག་པོ་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །ཁེན་ཁོན་མྱུ་ངན་ཕོག་པའི་འདྲེ། །གིན་ཟོན་བཤའ་གྲི་བརྡར་བའི་འདྲེ། །ལི་ཁམ་ཁང་སྟོང་སྲུང་བའི་འདྲེ། །དཱ་ཟིན་གྲི་ཕུར་ཐོགས་པའི་འདྲེ། །སྤར་ཁ་བརྒྱད་ཀྱི་འདྲེ་བརྒྱད་ལ། །ཡོན་
གྱི་བདག་པོའི་གླུད་དུ་འབུལ། །མཉམ་གཉིས་བརྗེས་ལ་མཚུངས་གཉིས་གཟུར། །རྣལ་འབྱོར་ཡོན་གྱི་བདག་པོ་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །ཀྱཻ། གནམ་ས་དེ་གཉིས་སྤྲུལ་པ་ལས། །ལོ་སྐོར་བཅུ་གཉིས་ས་བདག་སྲིད། །ཡོན་གྱི་བདག་པོའི་གླུད་དུ་འབུལ། །གླུད་ཀྱི་བདག་པོས་གླུད་ལོངས་ཤིག །མཉམ་གཉིས་བརྗེས་ལ་མཚུངས་གཉིས་གཟུར། །རྒྱུ་སྦྱོར་ཡོན་གྱི་བདག་འཁོར་བཅས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །མི་ལ་ན་ཚ་མ་གཏོང་ཞིག །ཕྱུགས་ལ་གོད་ཁ་མ་གཏོང་ཞིག །ཀྱཻ་མ་ཧོ༔ ཡུལ་འདྲེ་བྱི་བའི་མགོ་བོ་ཅན། །མིག་དང་ཀླད་པ་ན་བར་བྱེད། །ཡས་གདོན་མི་ལུས་གླང་གི་མགོ །ཆུ་སོ་མིག་འབྲས་ན་བར་བྱེད། །མི་ལུས་སྟག་གི་མགོ་བོ་ཅན། །མཁལ་རྐེད་ནད་ཀྱི་བདག་པོ་ཡིན། །མི་ལུས་ཡོས་བུའི་མགོ་བོ་ཅན། །གྲང་བ་ནད་ཀྱི་བདག་པོ་ཡིན། །མི་ལུས་འབྲུག་གི་མགོ་བོ་ཅན། །ཚ་འཁྲུགས་ནད་ཀྱི་བདག་པོ་ཡིན། །གཉའ་འདྲེ་སྦྲུལ་གྱི་མགོ་བོ་ཅན། །རྐང་ལག་ནད་ཀྱི་བདག་པོ་ཡིན། །ཐེའུ་རང་རྟ་ཡི་མགོ་བོ་ཅན། །ཞ་རེངས་ནད་ཀྱི་བདག་པོ་ཡིན། །ལམ་འདྲེ་ལུག་གི་མགོ་བོ་
ཅན། །ཨོག་མ་ནད་ཀྱི་བདག་པོ་ཡིན། །མི་ལུས་སྤྲེལ་གྱི་མགོ་བོ་ཅན། །སྙིང་གའི་ནད་ཀྱི་བདག་པོ་ཡིན། །བསེ་རག་བྱ་ཡི་མགོ་བོ་ཅན། །ཁ་སྣ་ནད་ཀྱི་བདག་པོ་ཡིན། །སྒྲེན་འདྲེ་ཁྱི་ཡི་མགོ་བོ་ཅན། །གྲང་འཁྲུགས་ནད་ཀྱི་བདག་པོ་ཡིན། །ས་སྲི་ཕག་གི་མགོ་བོ་ཅན། །གག་པ་ཨོག་ནད་བདག་པོ་ཡིན། །དེ་ལྟར་ལོ་འདྲེ་བཅུ་གཉིས་ཀྱིས། །ཡོན་གྱི་བདག་པོའི་གླུད་ལོངས་ཤིག །ལྷ་འདྲེ་གླུད་ཀྱིས་ཚིམ་གྱུར་ཅིག །རྣལ་འབྱོར་ཡོན་བདག་འཁོར་བཅས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །ཚུ་གཤེད་བཞི་བདུད་དུ་མ་འབེབས་ཤིག །མི་ལ་བདུད་དུ་མ་འབེབས་ཤིག །ནོར་ལ་གོད་ཁ་མ་འབེབས་ཤིག །ཚེ་ལ་བར་ཆད་མ་གཏོང་ཞིག །སྲོག་ལ་ཧུར་ཐུམ་མ་གཏོང་ཞིག །མི་ཡི་གྲངས་ལ་མ་བརྐུ་ཞིག །ཕུག་གི་སྲིས་ལ་མ་བརྐུ་ཞིག །དལ་སྣ་ཡམས་སྣ་མ་གཏོང་ཞིག །ལོ་ཟླ་ཞག་དུས་སྐག་ཟློག་ཅིག །ཐན་ལྟས་སྡང་བའི་དགྲ་ལ་སྒྱུར། །ཤི་སྒབ་ཆོད་ལ་གསོན་སྒབ་སྤེལ། །སྤར་ཁའི་འཁྲུགས་སྒྱུར་རྫོགས་སོ།། །།སྤར་ཁ་བརྒྱད་ཀྱི་བསྒྱུར་མདོས་ནི། །ཀྱཻ། གནམ་རིམ་པ་བཅུ་གསུམ་ཡང་སྟེང་ནས། །ཕ་ཁེན་པ་རྒན་པོ་བྱ་
བ་ནི། །ཤེལ་གྱི་མི་རྒན་མགོ་སྐྱ་བ། །གཉེར་མ་བརྒྱད་ཅུ་ཐམ་པ་བསྒྲངས། །དབྱར་དགུན་གཉིས་ནི་ཐང་མ་བརྡལ། །སྟོན་དཔྱིད་གཉིས་ནི་གོས་སུ་གྱོན། །གླུད་ཆེན་དམ་པ་འདི་ལོངས་ལ། །གནམ་སྒོ་བྱེ་བ་ཁྱོད་ཀྱིས་ཆོད། །ས་གཞི་ཉིད་ལ་དབང་བྱེད་པ། །ས་རིམ་པ་དགུ་ཡི་འོག་ཤེད་ནས། །མ་ཁོན་མ་རྒན་མོ་བྱ་བ་དེ། །ཤེལ་གྱི་བུད་མེད་མགོ་སེ་མ། །གཉེར་མ་བརྒྱད་ཅུ་ཐམ་པ་བསྒྲངས། །ལག་ན་འཇོར་དང་གཡག་པ་ཐོགས། །ས་རིམ་པ་དགུ་ཡི་འོག་ན་འདུག །གླུད་ཆེན་དམ་པ་འདི་ལོངས་ལ། །ས་སྒོ་བྱེ་བ་ཁྱོད་ཀྱིས་ཆོད། །རྒན་རྒོན་དེ་གཉིས་འཚོགས་པ་ལས། །བུ་ཚ་མིང་སྲིང་བཞི་རུ་སྲིད། །བུ་ཆེན་གིན་རི་བྱ་བ་དེ། །བརྗེ་སེར་པོ་འཇོལ་ བེར ་ཅན། །ལག་ན་ཤེལ་གྱི་མེ་ལོང་ཐོགས། །ཀླུ་གླང་དམར་པོའི་རྟ་རུ་ཞོན། །ཁྱོད་ཀྱང་ནད་ཡམས་ཀུན་གྱི་བདག །གླུད་ཆེན་དམ་པ་འདི་ལོངས་ལ། །དལ་ཁ་ཆོད་ལ་ཡམས་ཁ་སྒྱུར། །བུ་ནི་དེ་ཡི་ཆུང་བ་དེ། །དཱ་ནི་ལྕགས་ཞེས་བྱ་བ་ཡིན། །དགྲ་བཅོམ་གཞོན་ནུའི་ཆ་བྱེད་ཅན། །ལག་ན་ཤེལ་གྱི་རལ་གྲི་བསྣམས། །དྲེལ་རྟ་ཁ་དཀར་འོག་ཏུ་ཆིབས། །ཁྱོད་ཀྱང་དལ་ཡམས་
བདག་པོ་སྟེ། །གླུད་ཆེན་དམ་པ་འདི་བཞེས་ལ། །དལ་ཁ་ཆོད་ལ་ཡམས་ཁ་ཟློག །བུ་མོ་ཟོན་རླུང་བྱ་བ་དེ། །རི་བོང་ལྤགས་པ་གོས་སུ་གྱོན། །ལག་ན་འཇོར་དང་གཡག་པ་ཐོགས། །འོག་ཏུ་མཛོ་རྒན་རྟོལ་པོ་ཞོན། །ཁྱོད་ཀྱང་དལ་ཡམས་བདག་པོ་སྟེ། །གླུད་ཆེན་དམ་པ་འདི་བཞེས་ལ། །དལ་ཁ་ཆོད་ལ་ཡམས་ཁ་ཟློག །དེ་ཡི་བུ་མོ་ལི་མེ་ནི། །སྐུ་ལ་དར་དམར་རལ་ག་གྱོན། །ཆིབས་སུ་རྟ་དམར་མདངས་ཅན་ཆིབས། །ལག་ན་གསལ་བའི་མར་མེ་བསྣམས། །ཁྱོད་ཀྱང་དལ་ཡམས་ཀུན་གྱི་བདག ། གླུད་ཆེན་དམ་པ་འདི་བཞེས་ལ། །དལ་ཁ་ཆོད་ལ་ཡམས་ཁ་ཟློག །མིང་སྲིང་དེ་གཉིས་འཚོགས་པ་ལས། །དེ་ལ་མིང་སྲིང་གཉིས་སྲིད་པ། །མིང་པོ་ཁམ་ཆུ་བྱ་བ་དེ། །མི་ནག་ལྕགས་ཀྱི་རལ་པ་ཅན། །གོས་སུ་སྐྱི་འདང་རྨ་འདང་གྱོན། །ལག་ན་ལྕགས་ཀྱི་ཐ་རམ་ཐོགས། །ཁྱོད་ཀྱང་དལ་ཡམས་ཀུན་གྱི་བདག །གླུད་ཆེན་དམ་པ་འདི་ལོངས་ལ། །དལ་ཁ་ཆོད་ལ་ཡམས་ཁ་ཟློག །དེ་ཡི་བུ་མོ་ཟིན་ཤིང་ནི། །བུད་མེད་ལྗང་ཁུ་ཤིང་ལོ་ཐོགས། །རླུང་གི་རྟ་ཕོ་འོག་ཏུ་ཆིབས། །དགྲ་བོ་འབོད་པའི་ཕོ་ཉར་བཏང་། །ཁྱོད་ཀྱང་
དལ་ཡམས་ཀུན་གྱི་བདག །གླུད་ཆེན་དམ་པ་འདི་ལོངས་ལ། །དལ་ཁ་ཆོད་ལ་ཡམས་ཁ་ཟློག །སྤར་ཁ་བརྒྱད་པོ་འཁོར་བཅས་ཀྱིས། །གཏོ་གླུད་གཉེན་པོ་འདི་བཞེས་ལ། །རྣལ་འབྱོར་ཡོན་བདག་འཁོར་བཅས་ཀྱི། །སྤར་ཁ་མི་མཐུན་དགྲ་གཤེད་སྒྱུར། །མོ་རྨི་ལྟས་ངན་སྐག་རྣམས་སྒྱུར། །བདུན་ཟུར་དགྲ་གཤེད་གྱོད་རྐྱེན་སྒྱུར། །ཅེས་སྤར་ཁའི་སྒྱུར་ཆོག་རྫོགས་སོ།། ༈ །དེ་ནས་ལོ་སྐོར་བཅུ་གཉིས་སྒྱུར་ཆོག་སྤྲང་ལ་འདི་སྐད་དོ། །ཀྱཻ། མི་ནག་མགོ་བོ་གསུམ་པ་ཁྱོད། །ལོ་བདུད་ལོ་གཤེད་བསྒྱུར་དུ་གསོལ། །ལོ་བདུད་ལོ་གཤེད་ལོ་སྐག་རྣམས། །རང་རང་གནས་སུ་བསྒྱུར་དུ་གསོལ། །ཀྱཻ། ལོ་ཡི་རྒྱལ་པོ་བྱི་བའི་ལོ། །སྣ་ཚོགས་ཆུ་ལས་གྲུབ་པའི་གཟུགས། །མི་ལུས་བྱི་བའི་མགོ་བོ་ཅན། །ལག་ན་ཆུ་ཡི་རྐྱལ་པ་ཐོགས། །བྱི་བ་ལོ་པའི་སྐག་སྒྱུར་ཅིག །མི་ལུས་གླང་གི་མགོ་བོ་ཅན། །རིན་ཆེན་གསེར་ལས་གྲུབ་པ་ཡི། །གསེར་ས་རིམ་པ་དགུ་ཡི་མངའ་བདག་བྱེད། །ཕྱག་ན་གསེར་གྱི་འཁོར་ལོ་བསྣམས། །བྱང་ཤར་ས་བདག་གིན་ལ་གནས། །གླང་ལོའི་སྐག་ལ་བབ་པ་ཟློག །མི་ལུས་སྟག་གི་མགོ་བོ་ཅན། །ཤིང་ལོ་ལྗང་
གུའི་མདངས་ལས་གྲུབ། །ཤར་སྟོད་ཤིང་གི་གདན་ལ་བཞུགས། །རི་མོ་ཐམས་ཅད་ལུས་ལ་བཀྲ། །།ཕྱག་ན་ལྗོན་ཤིང་ཏ་ལ་བསྣམས། །སྟག་ལོའི་སྐག་ལ་བབ་པ་སྒྱུར། །མི་ལུས་ཡོས་བུའི་མགོ་བོ་ཅན། །རྣམ་པ་མི་འགྱུར་ཤིང་ལ་བརྟེན། །ཤིང་ལོ་ལྗང་གུའི་མདངས་ལས་གྲུབ། །ཕྱག་ན་ལྗོན་ཤིང་སྣ་ཚོགས་བསྣམས། །ཡོས་བུ་ལོ་པའི་སྐོག་བབ་སྒྱུར། །མི་ལུས་འབྲུག་གི་མགོ་བོ་ཅན། །གསེར་གྱི་མེ་ཏོག་མདངས་ལས་གྲུབ། །ས་རིམ་པ་དགུ་ཡི་མངའ་བདག་བྱེད། །ཕྱག་ན་གསེར་གྱི་འཁོར་ལོ་བསྣམས། །འབྲུག་ལོའི་སྐག་བབ་བསྒྱུར་དུ་གསོལ། །མི་ལུས་སྦྲུལ་གྱི་མགོ་བོ་ཅན། །མེ་ཡི་མདངས་ལས་གྲུབ་པ་སྟེ། །ཕྱག་ན་སྲེག་བྱེད་མེ་དཔུང་བསྣམས། །སྦྲུལ་གྱི་སྐག་ཆེན་ས་སྒོ་ཡིན། །སྦྲུལ་ལོའི་སྐག་རྣམས་བཟློག་ཏུ་གསོལ། །མི་ལུས་རྟ་ཡི་མགོ་བོ་ཅན། །འབྱུང་བ་མེ་ཡི་ན་བཟའ་གསོལ། །ལོ་བདུད་བྱི་བའི་དགྲ་གཤེད་ཡིན། །ཕྱག་ན་གསལ་བྱེད་མེ་ལོང་བསྣམས། །རྟ་ལོ་པ་ཡི་སྐག་བབ་སྒྱུར། །མི་ལུས་ལུག་གི་མགོ་བོ་ཅན། །སྐུ་ལ་གསེར་གྱི་སླག་པ་གསོལ། །ཕྱག་ན་གསེར་གྱི་སྒྲོམ་བུ་བསྣམས། །
ལྷོ་ནུབ་ཁོན་མའི་ས་སྒོ་སྲུང་། །ལུག་ལོའི་སྐག་རྣམས་བསྒྱུར་དུ་གསོལ། །མི་ལུས་སྤྲེལ་གྱི་མགོ་བོ་ཅན། །སྐུ་ལུས་གངས་རི་ཤེལ་དང་འདྲ། །གཅོད་བྱེད་མཚོན་ཆ་ཕྱག་ན་བསྣམས། །ལྕགས་ལས་གྲུབ་པའི་ས་བདག་སྟེ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །སྤྲེལ་ལོའི་སྐག་བབ་བསྒྱུར་དུ་གསོལ། །མི་ལུས་བྱ་ཡི་མགོ་བོ་ཅན། །མདོག་དཀར་གཅོད་བྱེད་རལ་གྲི་བསྣམས། །སྲ་བརྟན་ལྕགས་ཀྱི་ས་བདག་སྟེ། །བྱ་ལོ་པ་ཡི་ལོ་སྐག་སྒྱུར། །མི་ལུས་ཁྱི་ཡི་མགོ་བོ་ཅན། །ས་བདག་གསེར་ལས་གྲུབ་པའི་མདོག ། གསེར་ལྟར་སེར་བའི་ན་བཟའ་གསོལ། །ཕྱག་ན་གསེར་གྱི་རུ་དར་བསྣམས། །ནུབ་བྱང་ཁེན་གྱི་གནམ་སྒོ་བསྲུང་། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཁྱི་ལོ་པ་ཡི་སྐག་བབ་སྒྱུར། །མི་ལུས་ཕག་གི་མགོ་བོ་ཅན། །འཁྲུག་བྱེད་ཆུ་ཡི་ན་བཟའ་གསོལ། །ཕྱག་ན་ཆུ་ཡི་བུམ་པ་བསྣམས། །ས་བདག་ཆེན་མོ་ཆུ་ལ་བསྐྱོན། །ཕག་ལོའི་སྐག་བབ་བསྒྱུར་དུ་གསོལ། །ཅེས་ལོ་སྐོར་བཅུ་གཉིས་ཀྱི་སྐག་སྒྱུར་རྫོགས་སོ།། །།ལོ་སྐོར་བཅུ་གཉིས་འཁོར་བཅས་ཀྱིས། །རྣལ་འབྱོར་ཡོན་གྱི་བདག་པོ་ཡི། །མི་མཐུན་ལོ་ཡི་སྐག་རྣམས་ཟློག །
འབྱུང་བ་མ་བུ་དགྲ་གྲོགས་ཀྱི། །གཅོད་འདྲལ་མི་མཐུན་རྐྱེན་ངན་སྒྱུར། །མདོར་ན་རྐྱེན་སྐག་འཚེར་རྩུབ་དང་། །ལོ་ཟླ་ཞག་དུས་ཟ་མའི་སྐག །མོ་རྨི་ལྟས་ངན་ནད་ཡམས་གོད། །མི་ཁ་དགྲ་སྣ་བྱུར་གྱོད་སྒྱུར། །ཀྱཻ། མཐུ་ཆེན་དྲག་རྩལ་སྟོབས་ལྡན་པ། །མི་ནག་མགོ་གསུམ་འཁོར་བཅས་ལ། །ཡོན་ཏན་ཀུན་ལྡན་གླུད་མདོས་རྒྱ་ཆེན་དང་། །ཤ་ཁྲག་རུས་པ་རྐང་དང་ལྷ་བ་དང་། །གློ་སྙིང་ལ་སོགས་ནང་གྲོལ་དབང་པོ་ལྔ། །བཙོས་བསྲེག་སྐམ་རློན་ཁུ་བ་ཞག་དང་བཅས། །འབྲུ་སྣའི་བྱེ་བྲག་རྣམ་པ་སྣ་ཚོགས་དང་། །འབྲང་རྒྱས་དཀར་གཏོར་དམར་གཏོར་མཐེབ་ཀྱུ་དང་། །སྟག་གཟིག་དར་སྣ་གོ་ཁྲབ་རིན་པོ་ཆེ། །ཡོན་ཏན་དཔག་མེད་ངར་གྱི་གླུད་ཆེན་དང་། །ཡོན་བདག་གཟུགས་འདྲ་ངར་མི་གླུད་ཆེན་དང་། །དཀར་དམར་སྤྱན་གཟིགས་བདུད་རྩིའི་བཏུང་བའི་སྐྱེམས། །ཚ་སྒོག་རམ་རུག་གཡེར་མ་མི་ཁའི་ཡས། །སོ་སོར་མཐུན་རྫས་རྣམ་པ་སྣ་ཚོགས་རྣམས། །ཧ་ས་གརྒྷ་མགོ་གསུམ་འཁོར་བཅས་ལ། །ཡོན་བདག་འདི་ཡི་གླུད་དུ་འབུལ་ལགས་ཀྱི། །བཞེས་ནས་དགྱེས་པའི་ཚུལ་གྱིས་སྡོང་གྲོགས་མཛོད། །སྔོན་གྱི་
དམ་ཚིག་ཚུལ་བཞིན་དགོངས་མཛོད་ལ། །སྔགས་འཆང་བདག་གིས་བཅོལ་བའི་ཕྲིན་ལས་ཀུན། །འཇམ་དཔལ་བཀའ་བཞིན་ཁྱོད་ཀྱིས་ལེགས་པར་སྒྲུབས། །ཞེས་པ་མི་ནག་མགོ་གསུམ་འཁོར་བཅས་ལ་གཏོར་མ་བསྔོ་ཞིང་ཕྲིན་ལས་བཅོལ། །དེ་ནས་ཐུན་མཚམས་སུ་གཏོར་ཆུང་ལིངྒ་མཐེབ་སྐྱུ་ཤ་དུམ་འབྲུ་སྣ་དང་བཅས་པ་ཐེབ་ཙེ་གཅིག་ཏུ་བཤམས་ལ་བྲན་ནས། ན་མོ། དཀོན་མཆོག་གསུམ་གྱི་བདེན་པ་དང་། འཕགས་པ་རིགས་གསུམ་མགོན་པོའི་བདེན་པ་དང་། ས་བདག་ཧ་ས་གཛྷའི་མཐུ་སྟོབས་ཀྱིས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ། །གནོད་ཅིང་འཚེ་བར་བྱེད་པའི་ནད་གདོན་བར་དུ་གཅོད་པ་བཀའ་དང་དམ་ལ་མི་གནས་པ་བདེན་པའི་སྟོབས་བརྗོད་ཀྱང་མི་བརྩི་བ། དམ་པའི་ཆོས་བཤད་ཀྱང་མི་ཉན་པ། གླུད་དང་གཏོར་མས་བརྔན་ཀྱང་མི་ཐུབ་པ། འགྲུ་ལོག་འཕར་ལྡང་མགོ་གཡོག་མགོ་སྐོར་བྱེད་པ་ཐམས་ཅད་དྲག་པོ་ཐུན་གྱི་གཏོར་མ་འདི་ལ་ཁུག་ཅིག །ཛཿཧཱུྃ་བཾ་ཧོཿ ངོ་བོ་གནོད་བྱེད་ཀྱི་ཤ་ཁྲག་ལ། རྣམ་པ་ཟག་མེད་ཀྱི་བདུད་རྩི་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོརྷིསྭཱ་ཧཱ། སྔགས་ལན་གསུམ། ཨོ་ཕེ་ཤ་ཀེ་རུ་ཧཱུཾ། ཧ་ས་གརྒྷ་ས་པཱ་
རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དམ་རྫས་བརྒྱན་པའི་གཏོར་མ་རྒྱ་ཆེན་པོ་འདི། མི་ནག་མགོ་བོ་གསུམ་པ། ས་བདག་ཁྲོ་བོ་བུ་བརྒྱད། སྨེ་བ་དགུ། སྤར་ཁ་བརྒྱད། ལོ་སྐོར་བཅུ་གཉིས། ལོ་རྒན་དྲུག་ཅུ། ཟླ་བ་ཞག་དུས་ཀྱི་ས་བདག །འཁྲུག་འདྲེ་བཅོ་བརྒྱད། ཐན་སྐྱ་ཉི་ཤུ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གཏོ་མཁན་བཞི། སྒོ་སྲུང་བཞི། གཡས་སུ་བདུད་དམག །གཡོན་དུ་བཙན་དམག །རྒྱབ་ཏུ་མ་མོའི་དམག་ཚོགས། མདུན་དུ་གསོད་བྱེད་དམར་པོ་མགོ་གསུམ། སྣ་ཁྲིད་ཤང་ཤང་བྲ་མཆུ། རྗེས་འབྲང་མི་ཁ་བ་རུ་འཁོར་དང་བཅས་པ་ལ་འབུལ་ལོ། །བསྔོའོ། །སྦྱིན་ནོ། །ངོམ་ཞིང་ཚིམས་དགའ་ཞིང་མགུ་ནས་བདག་ཅག་དཔོན་སློབ་ཡོན་མཆོད་བསྲུང་བྱ་རྣམས་ཀྱི་ཆག་ཆེན་ཉམ་ང་སྐག་དང་འཚེར་རྩུབ་ལྟས་ངན་མཚན་ངན་ལ་སོགས་པ་བཀྲ་མི་ཤིས་པའི་ཕྱོགས་རིས་ངན་པ་ཐམས་ཅད་བསྒྱུར་བ་དང་བཟློག་པའི་ཕྲིན་ལས་མཛོད་ཅིག །འཕགས་པ་འཇམ་དཔལ་གྱི་བཀའ་དང་དམ་ལས་མ་འདའ་ས་མཱ་ཡ། ཞེས་པ་རབ་དུས་བཞི་འབྲིང་གསུམ་ཐ་མ་ཡང་ཉིན་ནུབ་གཉིས་ལ་ཐུན་གཏོར་འབུལ་ལོ། །ཞེས་པ་༧རཱ་ག་
ཨ་སྱས་སྦྱར་བའོ།། །། ༈ དེ་ནས་ས་བདག་གི་སྒྱུར་ཆོག་ནི། །ཀྱཻ། སྟག་དང་ཡོས་ལས་བྱུང་བ་ཡི། །དཔྱིད་ཟླ་ར་འབྲིང་ས་བདག་ནི། །མི་ལུས་སྟག་ཡོས་མགོ་བོ་ཅན། །གླུད་ཆེན་དམ་པ་འདི་ལོངས་ལ། །དཔྱིད་ཟླ་ར་འབྲིང་སྐག་ཟློག་ཅིག །རྟ་དང་སྦྲུལ་ལས་བྱུང་བ་ཡི། །དབྱར་ཟླ་ར་འབྲིང་ས་བདག་ཡིན། །མི་ལུས་རྟ་སྦྲུལ་མགོ་བོ་ཅན། །གླུད་ཆེན་དམ་པ་འདི་ལོངས་ལ། །དབྱར་ཟླ་ར་འབྲིང་སྐག་ཟློག་ཅིག །བྱ་དང་སྤྲེལ་ལས་བྱུང་བ་ཡི། །སྟོན་ཟླ་ར་འབྲིང་ས་བདག་ནི། །མི་ལུས་བྱ་སྤྲེལ་མགོ་བོ་ཅན། གླུད་ཆེན་དམ་པ་འདི་ལོངས་ལ། སྟོན་ཟླ་ར་འབྲིང་སྐག་ཟློག་ཅིག །བྱི་ཕག་གཉིས་ལས་བྱུང་བ་ཡི། །དགུན་ཟླ་ར་འབྲིང་ས་བདག་ནི། །མི་ལུས་བྱི་ཕག་མགོ་བོ་ཅན། །གླུད་ཆེན་དམ་པ་འདི་ལོངས་ལ། །དགུན་ཟླ་ར་འབྲིང་སྐག་ཟློག་ཅིག །ཁྱི་འབྲུག་གླང་ལུག་བཞི་ལས་བྱུང་། །ཐ་ཆུང་བཞི་ཡི་ས་བདག་རྣམས། །མི་ལུས་ཁྱི་འབྲུག་མགོ་བོ་ཅན། །བུད་མེད་གླང་ལུག་མགོ་བོ་ཅན། །གླུད་ཆེན་དམ་པ་འདི་ལོངས་ལ། །ཐ་ཆུང་བཞི་ཡི་སྐག་ཟློག་ཅིག །ས་བདག་གི་སྒྱུར་ཆོག་རྫོགས་སོ།། །། ༈ །གཏོ་མཁན་བཞིའི་སྒྱུར་
ཆོག་ནི། །ཀྱཻ། ཤར་ཕྱོགས་གཏོ་མཁན་སྟག་མགོ་ཅན། །ཆར་སྤྲིན་སྨུག་པོ་གོས་སུ་གྱོན། །འཇའ་ཚོན་སྣ་ལྔའི་དབུ་ཞྭ་ཅན། །ཕྱག་ན་དྲངས་ཤིང་དཀར་པོ་བསྣམས། །གླུད་དང་གཏོར་མ་འདི་བཞེས་ལ། །ནད་པ་གསོ་བའི་གཏོ་མཛོད་ཅིག །ལྷོ་ཕྱོགས་གཏོ་མཁན་འབྲུག་མགོ་ཅན། །འཇོལ་ བེར ་དམར་པོ་གོས་སུ་གྱོན། །ཕྱག་ན་འཕྲུལ་གྱི་སྣང་གསལ་བསྣམས། །གླུད་དང་གཏོར་མ་འདི་བཞེས་ལ། །སྲིའུ་གསོ་བའི་གཏོ་མཛོད་ཅིག །ནུབ་ཕྱོགས་གཏོ་མཁན་ཆུ་སྲིན་མགོ །སྐུ་ལ་མ་ཐང་སླག་པ་གསོལ། །ཕྱག་ན་འཕྲུལ་གྱི་ཞགས་པ་བསྣམས། །གླུད་དང་གཏོར་མ་འདི་བཞེས་ལ། །གོད་ཁ་གཅོད་པའི་གཏོ་མཛོད་ཅིག །བྱང་ཕྱོགས་གཏོ་མཁན་རྟ་མགོ་ཅན། །སྐུ་ལ་འབྲུག་གི་སླག་པ་གསོལ། །ཕྱག་ན་བདུད་རྩིའི་བུམ་པ་བསྣམས། །གླུད་དང་གཏོར་མ་འདི་བཞེས་ལ། །མཛེ་འཕྲོ་གཅོད་པའི་གཏོ་མཛོད་ཅིག །ཟློག་པའི་རྒྱལ་པོས་བཟློག་/ཏུ་གསོལ། །སྒྱུར་བའི་རྒྱལ་པོས་བསྒྱུར་དུ་གསོལ། །དུས་ལ་བབ་བོ་ས་མ་ཡཱ། །གཏོ་ཡས་གནས་སུ་ཐེང་བར་མཛོད། །གཏོ་མཁན་བཞི་ཡི་སྒྱུར་ཆོག་རྫོགས་སོ། །༈ མི་ནག་
མགོ་གསུམ་གྱི་ལོ་རྒན་དྲུག་ཅུའི་བསྐོར་རྣམས་བཞུགས་སོ།། ཧཱུྃ། ང་ནི་འཕགས་པ་འཇམ་དཔལ་ཡིན། །གདུག་བྱེད་ཐམས་ཅད་ཚུར་ཉོན་དང་། །ང་ཡི་བཀའ་ལ་མ་འདའ་ཞིག །ཀྱེ་མ་ས་བདག་གདུག་པ་ཅན། །མགོ་བོ་གསུམ་ལ་ལག་དྲུག་པ། །གཡས་ཀྱི་མགོ་དེ་སྟག་གི་མགོ །གཉན་གྱི་གདུག་པ་བསྒྱུར་དུ་གསོལ། །གཡོན་གྱི་མགོ་དེ་ཕག་གི་མགོ །དུར་སྲི་སྒྲེན་འདྲེ་བསྒྱུར་དུ་གསོལ། །དབུས་ཀྱི་མགོ་དེ་གླང་གི་མགོ །གླང་མགོ་ཕུང་སྲི་བསྒྱུར་དུ་གསོལ། །རྒྱུ་ནི་འབྱུང་བ་ལྔ་ལས་གྲུབ། །གཏོ་འདི་དྲང་སྲོང་མན་ངག་གཏོ། །ཟློག་ཅིག་དགྲ་དང་འབྱུང་པོ་ཟློག །གཡས་པ་ཁྲམ་ཤིང་སྟག་པ་ནི། །ཁྲག་གིས་བྱུག་པའི་མཚོན་ཆ་ལྔ། །ཁྲག་གིས་བྱུག་པའི་མཚོན་ཆ་ཡིས། །དགྲ་བགེགས་ལོ་སྐག་བསྒྲེན་པ་དང་། །རྒྱལ་པོའི་ཆོ་འཕྲུལ་སྨྱོ་འབོག་དང་། །རོ་བདུད་ཆེན་པོའི་རོ་སྐག་འབེབས། །ཁྱོད་ལ་གླུད་དང་ཡས་འབུལ་ལོ། །འབྱུང་པོ་ཐམས་ཅད་བཟློག་ཏུ་གསོལ། །མཚོན་ཆའི་དབལ་ཁ་ཟུག་པ་ཟློག །གཡོན་པས་མཚོན་ཆ་མདའ་གཞུ་ཡིས། །འབྱུང་པོ་ཐམས་ཅད་བཟློག་ཏུ་གསོལ། །གསུས་པ་ཁྲག་གི་རྒྱ་མཚོ་ཡིས། །ནད་ཀྱི་དལ་ཡམས་བཟློག་
ཏུ་གསོལ། །ངན་བྱེད་འབྱུང་པོ་ཁ་ལ་འཆའ། །མི་ཁ་བྲ་མཆུའི་མགོ་ནས་བརྫིས། །ཆོས་ཤིག་སྡང་བའི་དགྲ་ལ་ཆོས། །ཟློག་ཅིག་དགྲ་བགེགས་འབྱུང་པོ་ཟློག་སྒྱུར་ཅིག་རྐྱེན་དང་བར་ཆད་སྒྱུར། །ཧཱུྃ། དེ་ཡི་རྗེས་ལ་རྒྱུག་པ་ནི། །རྣམ་པ་བཅུ་གཉིས་ས་བདག་སྟེ། །ཟླ་བ་དང་པོ་དཔྱིད་ཟླའི་བདག །ཤར་སྟོད་ཤིང་གི་མཁར་ནང་ནས། །ཤིང་ལ་མངའ་མཛད་སྟག་གི་ལོ། །སྟག་གི་འཁོར་ཚོགས་འབྱུང་བ་ལྔ། །དགྲ་བགེགས་ལོ་སྐག་འདྲེན་པ་དང་། །རྒྱལ་པོའི་ཆོ་འཕྲུལ་སྨྱོ་འབོག་དང་། །ལོ་བདུད་ཆེན་པོས་ལོ་སྐག་འབེབས། །ཁྱོད་ལ་གླུད་དང་ཡས་འབུལ་ལོ། དགྲ་བགེགས་གདུག་རྩུབ་གཏོ་ཡིས་སྒྱུར། །ཤར་སྨད་ཤིང་གི་བསིལ་གྲིབ་ནས། །ཤིང་ལ་མངའ་མཛད་ཡོས་བུ་ལོ། །ཡོས་བུའི་འཁོར་ཚོགས་འབྱུང་བ་ལྔ། །དགྲ་བགེགས་ལོ་སྐག་འདྲེན་པ་དང་། །སྨེ་བཙོག་ནལ་ཡུགས་ཁྱོད་ལས་བྱུང་། །ཁྱོད་ལ་གླུད་དང་ཡས་འབུལ་ལོ། །དགྲ་བགེགས་གདུག་རྩུབ་གཏོ་ཡིས་སྒྱུར། །ཤར་ལྷོ་རླུང་གི་འཁོར་ལོ་ནས། །རླུང་ལ་མངའ་མཛད་འབྲུག་གི་ལོ། །འབྲུག་གི་འཁོར་་ད་བྱུང་བ་ལྔ། །དགྲ་
བགེགས་ལོ་སྐག་འདྲེན་པ་དང་། །དུར་བདུད་གཤིན་རྗེ་ལག་བརྗེ་ས་དང་། །ངུར་སྐད་ང་རོ་ཁྱོད་ལས་བྱུང་། །གླུད་ཆེན་དམ་པ་འདི་བཞེས་ལ། །དགྲ་བགེགས་གདུག་རྩུབ་གཏོ་ཡིས་སྒྱུར། །ལྷོ་ཕྱོགས་མེ་ཡི་ཀློང་དཀྱིལ་ནས། །མེ་ལ་དབང་བསྒྱུར་སྦྲུལ་གྱི་ལོ། །སྦྲུལ་གྱི་འཁོར་ཚོགས་འབྱུང་བ་ལྔ། །དགྲ་བགེགས་ལོ་སྐག་འདྲེན་པ་དང་། །ཐན་ལྟས་ཆོ་འཕྲུལ་གཉན་ན་འདྲེ། །སྦྲུལ་ཐན་ཀླུ་ནད་དྲངས་བའི་བདག །གླུད་ཆེན་དམ་པ་འདི་ལོངས་ལ། །དགྲ་བགེགས་སྟེང་དུ་གཏོ་སྣ་དྲོངས། །ལྷོ་སྨད་མེ་ཡི་ཀློང་དཀྱིལ་ནས། །མེ་ལ་མངའ་མཛད་རྟ་ཡི་ལོ། །རྟ་ཡི་འཁོར་ཚོགས་འབྱུང་བ་ལྔ། །དགྲ་བགེགས་ལོ་སྐག་འདྲེན་པ་དང་། །ཡུལ་བུད་ནོར་གོད་བསྒྱུར་བའི་ཕྱིར། །ཁྱོད་ལ་གླུད་དང་ཡས་འབུལ་ལོ། །དགྲ་བགེགས་སྟེང་དུ་གཏོ་སྣ་དྲོངས། །ལྷོ་ནུབ་ས་ཡི་དཀྱིལ་འཁོར་ནས། །ས་ལ་དབང་སྒྱུར་ལུག་གི་ལོ། །ལུག་གི་འཁོར་ཚོགས་འབྱུང་བ་ལྔ། །དགྲ་བགེགས་ལོ་སྐག་འདྲེན་པ་དང་། །དུར་སྲི་བཙན་འཁོན་བསྒྱུར་བའི་ཕྱིར། །ཁྱོད་ལ་གླུད་དང་ཡས་འབུལ་ལོ། །དགྲ་བགེགས་གདུག་རྩུབ་གཏོ་ཡིས་སྒྱུར། །ནུབ་ཕྱོགས་
ལྕགས་ཀྱི་མཁར་ནང་ནས། །ལྕགས་ལ་དབང་སྒྱུར་སྤྲེལ་གྱི་ལོ། །སྤྲེལ་གྱི་འཁོར་ཚོགས་འབྱུང་བ་ལྔ། །དགྲ་བགེགས་ལོ་སྐག་འདྲེན་པ་དང་། །ཐན་དང་དམེ་འདྲེ་བསྒྱུར་བའི་ཕྱིར། །ཁྱོད་ལ་གླུད་དང་ཡས་འབུལ་ལོ། །དགྲ་བགེགས་གདུག་རྩུབ་གཏོ་ཡིས་སྒྱུར། །ནུབ་སྨད་ལྕགས་ཀྱི་མཁར་ནང་ནས། །ཚེ་རིང་ལྕགས་མོ་བྱ་ཡི་ལོ། །བྱ་ཡི་འཁོར་ཚོགས་འབྱུང་བ་ལྔ། །དགྲ་བགེགས་མི་ཁ་བྱུར་སྲི་དང་། །བྱེ་བྲལ་བྱེ་ཡུག་བསྒྱུར་བའི་ཕྱིར། །ཁྱོད་ལ་གླུད་ཡས་དམ་པ་འབུལ། །དགྲ་བགེགས་སྟེང་དུ་གཏོ་སྣ་སྒྱུར། །ནུབ་བྱང་གནམ་ལྕགས་རྩེ་མོ་ནས། །གནམ་ལ་དབང་སྒྱུར་ཁྱི་ཡི་ལོ། །ཁྱི་ཡི་འཁོར་ཚོགས་འབྱུང་བ་ལྔ། །དགྲ་བགེགས་ལོ་སྐག་སྒེན་སྲི་དང་། །བག་མས་མཚང་ཆེན་གཡོས་པ་དང་། །རྒྱལ་པོ་ཐེའུ་རང་བསྒྱུར་བའི་ཕྱིར། །ཁྱོད་ལ་གླུད་དང་མདོས་འབུལ་ལོ། །དགྲ་བགེགས་སྟེང་དུ་གཏོ་སྣ་སྒྱུར། །བྱང་ཕྱོགས་ཆུ་ཡི་རྒྱ་མཚོ་ནས། །ཆུ་ལ་དབང་སྒྱུར་ཕག་གི་ལོ། །ཕག་གི་འཁོར་ཚོགས་འབྱུང་བ་ལྔ། །དགྲ་བགེགས་ལོ་སྐག་འདྲེན་སྲི་དང་། །ལོ་བདུད་ལོ་གཤེད་གཏོ་ཡིས་སྒྱུར། །ཕུང་སྣ་གྱོད་སྣ་གཏོ་ཡིས་
སྒྱུར། །ཁྱོད་ལ་གླུད་དང་ཡས་འབུལ་ལོ། །དགྲ་བགེགས་སྟེང་དུ་གཏོ་སྣ་དྲོངས། །བྱང་སྨད་ཆུ་ཡི་ཡར་གོང་ནས། །ཆུ་ལ་མངའ་མཛད་བྱི་བའི་ལོ། །བྱི་བའི་འཁོར་ཚོགས་འབྱུང་བ་ལྔ། །དགྲ་བགེགས་གདུག་རྩུབ་གཤེད་སྲི་དང་། །སྐྱས་ངོ་གྱོད་ངོ་བསྒྱུར་བའི་ཕྱིར། །ཁྱོད་ལ་གླུད་དང་ཡས་འབུལ་ལོ། །དགྲ་བགེགས་སྟེང་དུ་གཏོ་སྣ་དྲོངས། །བྱང་ཤར་གསེར་གྱི་རི་དགུ་ནས། །གསེར་ལ་མངའ་མཛད་གླང་གི་ལོ། །གླང་གི་འཁོར་ཚོགས་འབྱུང་བ་ལྔ། །ལོ་བདུད་ཟླ་བདུད་ཐུག་པ་དང་། །རོ་ཡི་སྣ་ལེན་བསྒྱུར་བའི་ཕྱིར། །ཁྱོད་ལ་གླུད་དང་ཡས་འབུལ་ལོ། །དགྲ་བགེགས་སྟེང་དུ་གཏོ་སྣ་དྲོངས། །ཤིང་མེ་ས་ལྕགས་ཆུ་ཡི་ལོ། །འབྱུང་བ་རེ་ལ་ལོ་སྐོར་རེ། །དྲུག་ཅུ་ལོ་སྐོར་འབྱུང་བའི་བདག །ཁྱོད་ལ་གླུད་དང་མདོས་འབུལ་ལོ། །ལྷ་འདྲེའི་ཆོ་འཕྲུལ་ངོན་པ་རྣམས། །གཏོ་ཆེན་དྲག་པོ་འདི་ཡིས་སྒྱུར། །ནག་པོ་ཆེན་པོ་སོགས་འདོན། མཆན། ཅེས་ལོ་རྒན་དྲུག་ཅུའི་སྒྲུང་རྫོགས་སོ།། །།དམར་པོ་མགོ་གསུམ་འདོན། །གསོད་བྱེད་དམར་པོ་མགོ་གསུམ་བཞུགས་སོ།། ན་མོ་ཨཱརྱ་མཉྫ་ཤྲཱི་ཡེ། ནག་པོ་མགོ་གསུམ་གྱི་ཤན་པ་སྔོན་དུ་རྒྱུག་པ། གསོད་བྱེད་
དམར་པོ་མགོ་གསུམ་འདི་ལ། དོན་གཞུང་དང་མཐུན་པར་འདི་སྐད་དོ། །ལིང་ག་གཅིག་ལ་འགུགས་གཞུག་བྱས་ལ་མཐར་གྲིས་གཏུབ་ལ་འབུལ་ལོ། ༼ཇ༽ ཧཱུྃ། འཕགས་པ་འཇམ་དཔལ་བཀའ་བྱུང་བ། །མི་དམར་མགོ་གསུམ་གུས་པས་ཉོན། །ཡལ་ཡུལ་དེ་ནི་སོ་ཀ་རུ། །ཡུལ་བུ་ཡུལ་གྱི་ནང་ཤེད་ནས། །ཤང་པོ་དཔོན་གཡོག་ནད་ཀྱིས་བཏབ། །ལོ་དང་ཟླ་བའི་སྐག་ཀྱང་ལང་། །གཏོ་གླུད་ཡས་སུ་བོར་བ་ལས། །བསྐལ་པ་དེ་ཡི་ཡ་ཐོག་ལ། །མི་གླུད་ཁབས་སུ་གང་ཆེ་ཟེར། །ཤང་པོ་དཔོན་གཡོག་འཁོར་བཅས་ཀྱིས། །ཟས་ཟོས་པ་མཉམ་དུ་ཟོས། །སྐོམ་གཅིག་འཐུང་བ་མཉམ་དུ་འཐུང་། །གོས་གཅིག་གྱོན་པ་མཉམ་དུ་གྱོན། །མི་གླུད་ཁབས་སུ་བསྡོང་བ་ལ། །བདུད་ལ་ཡོར་པོས་གོས་སུ་གྱོན། །ཁ་བ་ཉིན་དགུ་མཚན་དགུ་བབ། །མགོ་ནས་ཞྭ་ཕུད་རྐང་ནས་ལྷམ་ཡང་ཕུད། །ལུས་ནས་གོས་ཕུད་གླུད་མཆོག་དེ་ལ་བསྐོན། །ཤང་པོ་དཔོན་གཡོག་འཁོར་བཅས་ཀྱིས། །མཛེས་པའི་ཞྭ་ཆུང་དབུ་ལ་བསྐོན། །དྲོ་བའི་ཕྱིང་པ་ལུས་ལ་བསྐོན། །མཛེས་པའི་ལྷམ་ཆུང་རྐང་ལ་བསྐོན། །སྐེ་རགས་དེ་ནི་རྐེད་པར་བཅིངས། །མཐུན་རྫ་ས་གླུད་
དུ་འབུལ་འཚལ་ཟེར། །དེ་བཞིན་ཡོན་བདག་གླུད་དུ་འབུལ། །ཉི་མ་ཤར་ལྷོ་ནུབ་བྱང་ནས། །ས་བདག་ཆེན་པོ་གཏོ་ལ་བྱོན། །ཤར་ནས་ཐེ་སེ་གཏོ་ལ་བྱོན། །ལྷོ་ནས་ཧོ་བན་གཏོ་ལ་བྱོན། །ནུབ་ནས་བྱ་དམར་གཏོ་ལ་བྱོན། །བྱང་ནས་ཙང་ཀུན་གཏོ་ལ་བྱོན། །དབུས་ནས་ས་བདག་ཆེན་པོ་གཏོ་ལ་བྱོན། །ས་བདག་མི་དམར་གདུག་རྩུབ་ཅན། །དབུ་གསུམ་འཇིགས་བྱེད་ཁྲོ་གཏུམ་ཅན། །གཡས་པ་བྱ་ལ་གཡོན་པ་སྦྲུལ། །དབུ་ནི་གཏི་མུག་ཕག་གི་མགོ །ལུས་པོ་མི་ལ་ཕུང་སྲིའི་མགོ །རྐང་ལག་མེད་པར་མཆོངས་བར་འགྲོ། །འདབ་ཆགས་མིན་ཏེ་མཁའ་ལ་འཕྱོ། །བྱད་ཁ་ཟློག་པའི་ཐབས་རེ་མཁས། །སྡང་བའི་དགྲ་དང་གནོད་པའི་བགེགས། །ཐམས་ཅད་ཁྱོད་ཀྱིས་འཇོམས་པར་བྱེད། །བྷྱོཿབྷྱོཿསྡང་བའི་དགྲ་ལ་བྷྱོ༔ །ལྟས་ངན་མི་ཁ་བྲ་མཆུ་བྷྱོ༔ །ཧཱུྃ། འཕགས་པ་འཇམ་དཔལ་ཐུགས་རྗེ་ཡིས། །གཙུག་ལག་སྲིད་པའི་ལྷ་བཀོས་པ། །གཏོ་མཁན་ཡོན་བདག་འཁོར་བཅས་ལ། །ཡ་ཀི་སྤྱི་བོའི་གཙུག་རུམ་ནས། །མགོན་པོའི་ཚོགས་ཀྱིས་བསྲུང་དུ་གསོལ། །སྙིང་ག་སྲོག་རྩ་ལུས་པོ་ནི། །ཐུགས་ཀྱི་མགོན་པོས་
བསྲུང་དུ་གསོལ། །ཕྲག་པ་གཡས་དང་གཡོན་གང་ནས། །སྐུ་ཡི་མགོན་པོས་བསྲུང་དུ་གསོལ། །ལུས་ལ་བཙན་པའི་གོ་བསྐོན་འཚལ། །སྲོག་ལ་བཙན་པའི་དབང་བསྐུར་འཚལ། །ཡིད་ལ་དཔའ་བའི་སྲུང་བཙུགས་འཚལ། །ཕྱག་ན་རྣོ་བའི་མཚོན་ཐོགས་འཚལ། །དགྲ་དང་བགེགས་ལ་མདའ་འཕེན་འཚལ། །སྔོན་དུ་སྟག་རྟ་ཁྱི་གསུམ་བསྐོར། །རྒྱབ་ཏུ་ཁྱི་འབྲུག་སྤྲེལ་གསུམ་བསྐོར། །བདག་ནི་འབྱུང་བ་ལྔའི་མཁར་བཞུགས། །བདག་གི་བཀའ་ལ་ཐམས་ཅད་ཉོན། །དང་པོ་གཏོ་བྱུང་གང་ནས་བྱུང་། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོའི་གཏོ། །ཉི་ཟླ་ལྟོ་ཕུག་ཤར་ནས་བྱུང་། །དེ་ནས་གཏོ་རྒྱལ་གང་དུ་རྒྱལ། །རྒྱ་ནག་རྒྱལ་པོའི་ཡུལ་དུ་རྒྱལ། །བདག་ནི་འཕགས་པ་འཇམ་དཔལ་སྤྲུལ་པ་ཡིན། །དེ་རིང་འཇམ་དཔལ་གཏོ་ལ་བྱོན། །སྐར་མ་སྨིན་དྲུག་སྨན་གྱི་སྐར། །མི་ནོར་ཟས་གསུམ་ཀུན་གྱི་བརྩི། །མི་དམར་མགོ་གསུམ་འཇིགས་པའི་གཟུགས། །ལག་ན་གདུག་པའི་མཚོན་ཆ་ཐོགས། །གཡས་ན་གཅོད་པའི་ཟོར་བ་ཐོགས། །གཡོན་ན་བདུད་ཀྱི་མདའ་གཞུ་འཛིན། །སྐུ་སྟོད་ཁྲག་མཚོ་མེ་རེ་རེ། །སྐུ་སྨད་
སོལ་མཚོ་ཀྱི་ལི་ལི། །ཞེ་སྡང་གདུག་པ་སེམས་ལ་འཆང་། །བྷྱོ༔བྷྱོ༔སྡང་བའི་དགྲ་ལ་བྷྱོ༔ །དྲག་པོ་འབྱུང་བའི་གཏོ་ནག་འདི། །དགྲ་འདྲེ་མི་ཁའི་སྟེང་དུ་བྷྱོ༔། །མོ་ངན་ལྟས་ངན་སྟེང་དུ་བྷྱོ༔ །ཐན་དང་ཆོ་འཕྲུལ་དགྲ་ལ་བྷྱོ༔། །གཏོ་བྷྱོགྲང་བའི་ནང་དུ་བྷྱོ༔ །གྲང་བའི་ནང་དུ་མི་བྷྱོ༔རྒྱུས། །མེ་ཆུ་རྫས་གསུམ་ལས་ལ་གྲུབ། །དེ་བས་གྲང་བའི་ནང་དུ་བྷྱོ༔ །གཏོ་འདི་ཕུར་མའི་ནང་དུ་བྷྱོ༔། །ཕུར་མའི་ནང་དུ་མི་བྷྱོ༔རྒྱུས། །རྗེ་བོ་གཅིག་ལ་འཁོར་འབངས་བཅུ། །རྗེ་དང་འཁོར་ལ་བཟང་ངན་མེད། །དེ་བས་ཕུར་མའི་ནང་དུ་བྷྱོ༔ །གཏོ་འདི་སྟོང་སྡེའི་ནང་དུ་བྷྱོ༔ །སྟོང་སྡེའི་ནང་དུ་མི་བྷྱོ༔རྒྱུས། །སྟོང་སྡེའི་ནང་དུ་ཁ་གཡོག་མང་། །དང་པོ་ཐང་ཅིག་ལྷན་ཅིག་བསྡད། །དེ་ནས་བློ་སེམས་གཅིག་ལ་གཏད། །དེ་ནས་སྟོང་སྡེའི་ནང་དུ་བྷྱོ༔ །གཏོ་བྷྱོཕ་ཚན་ནང་དུ་བྷྱོ༔ །ཕ་ཚན་ནང་དུ་མི་བྷྱོ༔རྒྱུས། །དང་པོ་མཐུན་པ་ལོ་གཅིག་སྟེ། །དེ་ནས་མཐུན་པ་ཟླ་གཅིག་སྟེ། །སྐྱེས་ཀྱང་ཟླ་བ་གཅིག་ལ་སྐྱེས། །ཆེ་དེ་ལོག་སེམས་གཉིས་སུ་འཆང་། །དེ་བས་ཕ་ཚན་ནང་དུ་བྷྱོ༔ །གཏོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ །སྡང་བའི་དགྲ་ལ་མི་བྷྱོ༔རྒྱུས། །དང་
པོ་ཁ་རྒྱས་བྱས་པ་ཡིན། །ད་ལྟ་ལོག་སེམས་གཉིས་ལ་གཏོང་། །དེ་བས་སྡང་བའི་དགྲ་ལ་བྷྱོ༔ །གཏོ་བྷྱོ༔ཕུང་བའི་འདྲེ་ལ་བྷྱོ༔ །ཕུང་བའི་འདྲེ་ལ་མི་བྷྱོ༔རྒྱུས། །ཡ་ཆ་སྣ་ཚོགས་འདྲེ་ཡིས་བྱེད། །དེ་བས་ཕུང་བའི་འདྲེ་ལ་བྷྱོ༔ །དེ་ནས་ཀོང་ཙེའི་བདེན་པའི་བཀའ། །སྔགས་འཆང་བདེན་པའི་བཀའ་ལ་ཉོན། །འཕགས་པ་འཇམ་དཔལ་བཀའ་མ་བཅག །སངས་རྒྱས་བདེན་པའི་སུན་མ་བྱུང་། །རྣལ་འབྱོར་བདག་གི་དམ་མ་བཀྲལ། །ཡོན་བདག་གཏོ་གླུད་ཆུད་མ་གསན། །དྲང་སྲོང་ཁྲོས་པའི་གཏོ་ནག་འདིས། །དགྲ་དང་བགེགས་ཀྱི་གདུག་རྩུབ་ཟློག །གཏོ་ནག་མཚན་མ་དགྲ་ཟོར་འདི། །བྲག་ལ་ཕོག་ན་ཤིགས་ཀྱིས་བཤིགས། །རི་ལ་ཕོག་ན་རི་ཡང་བསྙིལ། །མཚོ་ལ་ཕོག་ན་མཚོ་ཡང་སྐེམས། །གང་ལ་འཕྲད་པ་ལམ་དུ་གསོད། །སེམས་ཅན་གང་འཕྲད་ཟས་སུ་ཟ། །གཟུགས་ནི་མཐོང་བ་ཙམ་གྱིས་འཇིགས། །གདུག་བྱེད་མི་དམར་མགོ་གསུམ་ཁྱོད། །མི་ནག་མགོ་གསུམ་སྣ་ཁྲིད་གྱིས། །ཁྱེད་གཉིས་སྐྱེ་བ་སྔ་རོལ་ནས། །ཟློག་སྒྱུར་བྱེད་པའི་ཁས་ཀྱང་བླངས། །དེ་རིང་ཡོན་བདག་འཁོར་བཅས་ཀྱི། །སྤྱི་
བདུད་དལ་ཁ་གཡོས་པ་ན། །དུ་བ་སྤྱི་བོའི་སྟེང་དུ་བྷྱོ༔ །ཕ་ཚན་རྒྱབ་འདྲེ་ཡོ་བ་ན། །ཕ་སྤུན་མྱེས་སྤུན་སྟེང་དུ་བྷྱོ༔ །མ་སྲུའི་མདུན་ཡུག་བབ་པ་ན། །དགྲ་བོ་བྱད་མའི་མ་ཚན་སྟེང་དུ་བྷྱོ༔ །ཡུལ་མའི་བྱོལ་པོ་ཡོ་བ་ན། །ཕུང་བའི་དགྲ་དང་འདྲེ་ལ་བྷྱོ༔ །དགྲ་བགེགས་བྱད་མ་ལང་བ་ན། །སྒོས་སྡང་ཉེ་བའི་དགྲ་ལ་བྷྱོ༔ །ལྷ་འདྲེའི་མདུན་འགྲོས་ཤོམ་པ་ན། །ཡུལ་མི་ཁྱིམ་མཚེས་སྟེང་དུ་བྷྱོ༔ །བདུན་ཟུར་སྐྱས་སྣ་ཐུག་པ་ན། །གཏོ་འདི་གང་འཕྲད་སྟེང་དུ་བྷྱོ༔ །གཡས་སུ་བསྒྱུར་ཞིང་གཡོན་དུ་ཟློག །ཐད་དུ་སྡང་བའི་དགྲ་ལ་བྷྱོ༔ །ཕོ་ཤིང་ཤུག་པའི་ཕོ་ཐོང་འདིས། །ཕོ་བདུད་དལ་ཁ་གཡས་སུ་སྒྱུར། །མོ་ཤིང་གླང་མའི་མོ་ཐོང་འདིས། །མོ་བདུད་དལ་ཁ་གཡོན་དུ་སྒྱུར། །བུ་ཤིང་ཚར་བུའི་ལོ་ཁྲམ་འདིས། །ཆུང་བདུད་དལ་ཁ་མཁའ་ལ་སྒྱུར། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཆག་ཆེན་ཉམ་ང་བཟློག་ཏུ་གསོལ། །ཧཱུྃ། དུག་གསུམ་འདུས་པའི་མི་བོ་ཆེ། །ཞེ་སྡང་འབར་བའི་ལུས་པོ་ལ། །ཉོན་མོངས་མངའ་རྒྱས་དུག་གསུམ་དབུ། །ཁ་གདངས་དུག་གསུམ་ཟས་སུ་ཟ། །འདོད་ཆགས་བྱ་ལ་ཞེ་སྡང་སྦྲུལ། །གཏི་
མུག་ཕག་གི་མགོ་བོ་ཅན། །ཤིན་ཏུ་ཁྲོས་ནས་འཇིགས་པའི་གཟུགས། །གང་དང་འཕྲད་པ་རླག་པར་བྱེད། །མགོ་ལ་མེ་འབར་དགྲ་བགེགས་བསྲེགས། །ལག་གཡས་གདུག་བྱེད་ཟེར་བ་ཐོགས། །སུ་དང་འཕྲད་པའི་སྲོག་རྩ་གཅོད། །གཏི་མུག་ཕག་མགོ་ཅན་གྱིས་བཞེས། །གཏི་མུག་ཤ་ཡི་རི་བོ་ཟོ། །དགྲ་བོའི་ཁྲག་ནི་ཆང་བས་ཞིམ། །འདོད་ཆགས་བྱ་མགོ་ཅན་གྱིས་བཞེས། །འདོད་ཆགས་ཁྲག་གི་མཚོ་ལ་འཐུང་། །དགྲ་བགེགས་རུས་པ་མར་བས་སྣུམ། །ཞེ་སྡང་སྦྲུལ་མགོ་ཅན་གྱིས་བཞེས། །ཞེ་སྡང་རུས་ལ་ཀྲུམ་ཀྲུམ་མུར། །དགྲ་བོའི་དུག་གསུམ་རྩད་ནས་ཆོད། །སྐུ་སྟོད་དམར་པོ་ཁྲག་གིས་བྱུག །ཁྲག་མཚོ་དམར་པོ་མེ་རེ་རེ། །སྐུ་སྨད་སོལ་བ་ནག་པོ་བྱུག །དུག་མཚོ་ནག་པོ་མེ་རེ་རེ། །དགྲ་ལ་རྦད་ན་རྩད་ནས་ཆོད། །བགེགས་ལ་རྦད་ན་ཐལ་བར་བརླག །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །སྡང་བའི་དགྲ་ལ་ཆད་ཙ་ན། །རྟགས་དང་མཚན་མ་མངོན་དུ་ཕྱུང་། །འབྱུང་བ་འདུས་པའི་གཏོ་ནག་འདི། །གང་དང་འཕྲད་པ་རླག་པར་བྱེད། །བྷྱོ༔བྷྱོ༔སྡང་བའི་དགྲ་ལ་བྷྱོ༔ །ཟློག་ཟློག་གནོད་པའི་བགེགས་ལ་
ཟློག །ཡས་ཀྱི་བདུད་ཆེན་གཡོས་པ་ནི། །རང་བས་མཐོ་བའི་དགྲ་ལ་ཟློག །མས་ཀྱི་སྲི་སྡེབ་ལང་བ་ནི། །རང་བས་དམའ་བའི་དགྲ་ལ་ཟློག །བར་ན་བཙན་བཞིན་འགྲོགས་པ་ནི། །རང་དང་མཉམ་པའི་དགྲ་ལ་ཟློག །བཙན་གྱི་ཞགས་པ་དགྲ་ལ་ཐོབས། །གྲི་བཙན་ཟ་ཁ་དགྲ་ལ་ཕྱེས། །ལོ་ཟླ་ཞག་དུས་སྐག་ངན་ཟློག །མི་ཁ་བྲ་མཆུའི་ལྟས་ངན་ཟློག །དགྲ་འདྲེ་བྱུར་གསུམ་ལྟས་ངན་ཟློག །དེ་རིང་ཟློག་སྒྱུར་དུས་ལ་བབ། །འཇིགས་བྱེད་མི་དམར་མགོ་གསུམ་ཁྱོད། །མི་ནག་མགོ་གསུམ་སྣ་ཁྲིད་གྱིས། །གཏོ་སྣ་ཡས་སྣ་དགྲ་ལ་ཁྲིད། །ནད་ཡམས་དལ་ཡམས་དགྲ་ལ་ཟློག །དམ་སྲི་དམ་ཉམས་དགྲ་བོ་ལ། །རཀྟ་བྱོབྷཱུསི་ལི་ལི། །དགྲ་ལ་ཆོས་ཆོས་བགེགས་ལ་ཆོས། །དལ་ཁ་ཡམས་ཁ་དགྲ་ལ་བྷྱོ༔ །ཀྱཻ། མཛད་ནི་ཀོང་ཙེ་འཕྲུལ་གྱིས་མཛད། །སྲིད་པ་དེ་ནི་ཕྱ་ཡི་ལུགས། །མ་ནོར་གཞུང་བཞིན་བྱས་པ་ན། །མི་བཟློག་པ་ནི་གཅིག་ཀྱང་མེད། །ལྷ་ཡང་གསོན་ལ་འདྲེ་ཡང་ཉོན། །ཀུན་ཀྱང་འབྱུང་བ་ལྔ་ལས་གྲུབ། །ཕྱི་སྣོད་འཇིག་རྟེན་ཆགས་པ་ཡིས། །ནང་བཅུད་སེམས་ཅན་ཐམས་ཅད་སྲིད། །འབྱུང་བ་ལྔ་ལས་མ་
གྲུབ་གང་ཡང་མེད། །འབྱུང་བ་ལྔ་ནི་སྣང་སྲིད་ལྷ་འདྲེའི་ལུས། །ལུས་ནི་འཇིགས་བྱེད་མི་ཡི་ལུས། །ཉོན་མོངས་མཐའ་རྒྱས་དུག་གསུམ་དབུ། །འདོད་ཆགས་བྱ་ལ་ཞེ་སྡང་སྦྲུལ། །གཏི་མུག་ཕག་གི་མགོ་བོ་ཅན། །ཁ་གདངས་མཆེ་གཙིགས་རྐན་སྒྲ་རྡེབ། །གང་དང་འཕྲད་པ་ཟས་སུ་ཟ། །གནོད་སྦྱིན་གཙུག་ན་མེ་འབར་བ། །དགྲ་བགེགས་བྱད་མ་མི་ཁ་བསྲེགས། །ཕྱག་གཡས་ལྕགས་ཀྱི་ཟོར་བ་ཡིས། །དགྲ་བོའི་སྐྱེ་རྒྱུད་རྩད་ནས་གཅོད། །གཡོན་པས་ལྟས་ངན་སྒྲོ་སྒྲོན་པའི། །དུག་ཤིང་སྐྱེར་པའི་མདའ་ཟོར་འདིས། །གནོད་བྱེད་དགྲ་འདྲེའི་སྙིང་ལ་གཟིར། །དགྲ་འདྲེའི་ཤ་ནི་ཟན་བས་ཞིམ། །གཡོན་པས་སྐྱེར་པའི་མདའ་གཞུ་བཟུང་། །དགྲ་འདྲེ་གནོད་བྱེད་སྙིང་ལ་འཛེར། །བདག་ལ་སྡང་བའི་དགྲ་བོ་འདི། །གཏི་མུག་ཕག་མགོའི་ཞལ་དུ་བཞེས། །གཏི་མུག་ཤ་ཡི་རི་བོ་ཟོ། །དགྲ་བགེགས་ཤ་ལ་ཁ་རཾ་ཁཱ་ཧི། །སྡང་བར་བྱེད་པའི་དགྲ་བོ་འདི། །འདོད་ཆགས་བྱ་མགོའི་ཞལ་དུ་བཞེས། །འདོད་ཆགས་དགྲ་བོའི་ཁྲག་ལ་འཐུང་། །དགྲ་བོའི་ཁྲག་ལ་ཁ་རཾ་ཁཱ་ཧི། །སྡང་བར་བྱེད་པའི་དགྲ་བོ་འདི། །ཞེ་སྡང་
སྦྲུལ་གྱི་ཞལ་དུ་བཞེས། །ཞེ་སྡང་དགྲ་བོའི་རུས་ལ་ཆེམ་ཆེམ་གསོལ། །དགྲ་བོའི་རུས་ལ་ཁ་རཾ་ཁཱ་ཧི། །དུག་གསུམ་ཁྲོས་པའི་ས་བདག་དགྲ་ལ་བྷྱོ༔ །སྡང་བའི་དགྲ་བོ་རྩད་ནས་ཆོད། །བར་ཆད་འབྱུང་པོ་རྡུལ་དུ་རློགས། །སྐུ་སྟོད་དམར་ནག་ཁྲག་གིས་བྱུག །ཁྲག་མཚོ་དམར་པོ་མེ་རེ་རེ། །སྐུ་སྨད་ནག་པོ་སོལ་བས་བྱུག །སོལ་མཚོ་ནག་པོ་ཀྱི་ལི་ལི། །དགྲ་ལ་རྦད་ན་རྩད་ནས་ཆོད། །བགེགས་ལ་རྦད་ན་རྡུལ་དུ་བརླག །གཏོ་ནག་མཚན་མའི་དགྲ་ཟོར་འདི། །དམ་ཉམས་སྡང་བའི་དགྲ་ལ་བྷྱོ༔ །རྟགས་དང་མཚན་མ་མངོན་དུ་ཕྱུངས། །དུག་གསུམ་ཁྲོས་པའི་གཏོ་ནག་འདིས། །གང་དང་འཕྲད་པ་བརླག་པར་གྱིས། །མི་དམར་མགོ་གསུམ་ལྟོ་སྣ་ཁྲིད། །སྡང་བའི་དགྲ་དང་གནོད་པའི་བགེགས། །མནན་ཞིང་གཟིར་བའི་དུས་ལ་བབ། །དམ་ཉམས་རང་སྲོག་རང་གིས་ཆོད། །ཙན་དྲི་དམ་སྲི་ཆོ། ཁ་ལ་རཀྟ། ར་ཏྲི་དུ་སིང་དུ་སིང་དམ་སྲི་པ་ར་ཐམ། སྲོག་ལ་ཛ་ཛཿ སྡང་བར་བྱེད་པའི་དགྲ་ལ་བྷྱོ༔ གནོད་པར་བྱེད་པའི་བགེགས་ལ་བྷྱོཿ དགྲ་འདྲེ་བྱུར་གསུམ་སྲོག་ལ་མཱ་ར་ཡ་རྦད། སརྦ་ཤ་ཏྲ་མཱ་ར་ཡ་ཙིཏྟ་ཕྱུང་རྦད་སོད་བྷྱོཿ གལ་ཆེ་
ན་འདི་སྔགས་དང་དམིགས་པ་མང་དུ་བྱའོ། །ནག་པོ་མགོ་གསུམ་མདོས་ཐབས་སུ་བྱེད་ན། དམར་པོ་མགོ་གསུམ་སླ་ངའི་ནང་དུ་བཅའ། མི་དམར་མགོ་གསུམ་གཡས་བྱ་མགོ་སེར་པོ། གཡོན་སྦྲུལ་མགོ་དམར་པོ། དབུས་ཕག་མགོ་ནག་པོ། ཕྱག་གཡས་ཟོར་བ་གཡོན་མདའ་གཞུ་འཛིན་པ། འཁོར་དུ་མི་དམར་མདུང་འཛིན་པ་བཅུ་གསུམ། བུད་མེད་ནག་མོ་ཁྲམ་ཤིང་འཛིན་པ་བཅུ་གསུམ། ཕོ་ཐོང་བཅུ་གསུམ། མོ་ཐོང་བཅུ་གསུམ། ཅང་དམར་ནག་སྲིན་མོ་འགྲོས་སུ་བཙུགས། ཀོང་ཙེའི་གཏོ་ནག་ལུགས། རྒྱ་བཟའ་ཀོང་ཇོས་བོད་ལ་བསྒྱུར་བ་རྫོགས་སོ།། །།དེ་ནས་རུ་འདྲེན་བཞིའོ།། ༼ཉ༽ །མགོ་གསུམ་རུ་འདྲེན་ལས་མཁན་བཞིའི་བསྐུལ་པ་ནི༔ ཧཱུྃ། ང་ནི་འཇམ་དཔལ་ནག་པོ་སྟེ། །ང་ནི་སྲིད་གསུམ་སྔོན་ནས་བྱུང་། །ང་ནི་སྲིད་པ་ཕྱིས་ཀྱང་འབྱུང་། །ང་ནི་སྲིད་གསུམ་ད་ལྟ་འོང་། །སྲིད་གསུམ་ང་ཡི་འཁོར་དུ་འདུས། །ང་ནི་ཁྲོ་རྒྱལ་ཡོངས་ཀྱི་རྗེ། །ངས་ནི་ཁམས་གསུམ་དབང་དུ་འདུས། །ང་ཡི་བཀའ་ལ་ཅི་མི་འདའ། །མི་ནག་མགོ་བོ་གསུམ་པ་ཁྱོད། །ཁྱོད་ཀྱང་ང་ཡི་འདུལ་སྐལ་ཡིན། །ཁྱོད་ཀྱིས་ཕ་ཡི་མིང་སྨོས་པ། །གནམ་གྱི་ཁེན་པ་རྒན་པོ་ཡིན། །ཁྱོད་ཀྱི་མ་ཡི་མིང་སྨོས་པ། །མ་ནི་ཁོན་མ་རྒན་མོ་ཡིན། །དེ་གཉིས་ཞེ་སྡང་གཡོས་པའི་
བུ། །མི་ནག་འཇིགས་པའི་མགོ་བརྙན་ཅན། །ལུས་པོ་མི་ཡི་ལུས་པོ་ལ། །མགོ་བོ་གསུམ་ལ་ཕྱག་ཀྱང་དྲུག །གདུག་པའི་སེམས་ཅན་མགོ་བརྙན་ཅན། །དབུས་ནི་གཏི་མུག་གླང་གི་མགོ །གཏི་མུག་འཁྲུགས་པའི་རྒྱུ་ལས་བྱུང་། །གླང་ཆེན་ཞལ་གདངས་རྐན་སྒྲ་རྡེབ། །གཏི་མུག་ཞལ་དུ་གསོལ་བའི་རྟགས། །སྣ་ལྗགས་གདུག་པའི་མཚོན་ཆས་བརྒྱན། །ཉོན་མོངས་དགྲ་བགེགས་མ་ལུས་གཅོད། །གདུག་པའི་སྔགས་བྱེད་མེ་ལྟར་འབར། །སྤྱན་ནི་དམར་པོ་སྡང་མིག་བསྒྲད། །སྲིད་གསུམ་སེམས་ཅན་དབང་དུ་སྡུད། །མཆེ་བ་གཙིགས་ཤིང་རབ་ཏུ་རྔམ། །དགྲ་བགེགས་མ་ལུས་ཞལ་དུ་གསོལ། །གཡས་པ་དཔའ་གཏུམ་སྟག་གི་མགོ །ཞེ་སྡང་ཁྲོས་པའི་རྒྱུ་ལས་བྱུང་། །སྟག་ཞལ་འཇིགས་པ་གྱེན་དུ་རྔམས། །མཐིང་ནག་ཁྲོས་ཤིང་ཁ་ཡང་གདངས། །བདུད་ཀྱི་དམག་ཚོགས་བཟློག་ཏུ་གསོལ། །གཡོན་པ་ངུར་མོ་ཕག་གི་མགོ། །ཕྲག་དོག་ཁྲོས་པའི་རྒྱུ་ལས་བྱུང་། །ཕག་ནག་འཇིགས་པ་ཐུར་དུ་རྔམ། །ཕག་ནག་ཁྲོས་པའི་ཁ་ནང་ནས། །དུག་གི་ཁ་རླངས་ཕྱུར་རུ་རུ། །མཆེ་བ་གཙིགས་ཤིང་སྲོག་ལ་རྔམ། །སྐྱེ་འགྲོ་སེམས་
ཅན་སྲོག་རྩ་གཅོད། །སྡང་མིག་དམར་ནག་ཕྱོགས་བཅུར་བསྒྲད། །འདྲེ་སྲིན་བྱུར་གསུམ་དབང་དུ་སྡུད། །མ་མོའི་སྐག་རྣམས་བཟློག་ཏུ་གསོལ། །ཞལ་གསུམ་འཇིགས་པའི་རྔམ་ཆེན་སྒྲོག །དབུ་སྐྲ་ནག་པོ་གྱེན་དུ་འབར། །སྟེང་ཕྱོགས་གཟའ་སྐར་དབང་དུ་སྡུད། །སྟེང་ཕྱོགས་ལྷ་གདོན་བར་ཆད་ཟློག །དུག་སྦྲུལ་ནག་པོའི་ཐོད་ཆེན་བཅིངས། །ཟས་སུ་ཀླུ་སྲིན་གདུག་པ་ཟ། །ཀླུ་ཡི་གཏད་ཁྲོམ་དགྲ་ལ་ཟློག །སྐུ་མདོག་ནག་པོ་འཇིགས་པ་ལ། །ལུས་ནི་རི་རབ་བོང་དང་མཉམ། །ན་བཟའ་མཐིང་ནག་འབར་བ་ལ། །ཆུ་སྲིན་འབར་བའི་གདོང་ལག་ཅན། །ཞེ་སྡང་འབར་བའི་རྐང་ལག་ཅན། །སྐུ་ལས་འོད་ཟེར་དམར་ནག་འཕྲོ། །དགྲ་བོ་མ་ལུས་གཞོབ་ཏུ་བསྲེག ། ཁྱོད་ཀྱིས་ལྷ་སྲིན་སྡེ་བརྒྱད་འདུལ། །སྡེ་བརྒྱད་གདུག་པ་བཟློག་ཏུ་གསོལ། །ཕྱག་དྲུག་བར་སྣང་ཁམས་སུ་བརྐྱངས། །།བར་སྣང་གདུག་པ་བཟློག་ཏུ་གསོལ། །གཡས་གཡོན་གཉིས་ཀྱི་དང་པོ་ན། །གྲི་ཤིང་ཁྲག་བྱུག་ཁྲམ་ཤིང་བསྣམས། །བདུད་དང་གཤིན་རྗེའི་ཁྲམ་ཁ་སྒྱུར། །བར་པས་མཚོན་ཆ་མདའ་གཞུ་ཡིས། །དམ་ཉམས་དགྲ་འདྲེའི་སྙིང་ལ་
གཟིར། །ཐ་མས་མི་ཁ་སྣ་ཚོགས་ཟ། །མི་ཁ་བྲ་མཆུ་བཟློག་ཏུ་གསོལ། །ཞབས་གཉིས་གྱད་ཀྱི་འདོར་ཐབས་ཀྱིས། །མི་ཁ་བྲ་མཆུ་འོག་ཏུ་བརྫིས། །ནད་ཡམས་སྣ་ཚོགས་བཟློག་ཏུ་གསོལ། །གནས་ནི་རྒྱ་གྲམ་ལམ་དུ་གནས། །སུ་དང་འཕྲད་པའི་སྲོག་ལ་རྒོལ། །སུ་འཕྲད་དགྲ་བགེགས་ཟས་སུ་ཟ། །སྡང་བའི་དགྲ་བོ་ཟས་སྐལ་ཡིན། །ཁྱོད་ཀྱི་བཀའ་ཡི་ཕོ་ཉ་ནི། །གཡས་ན་བདུད་ནག་ལས་ལ་འགྱེད། །གཡོན་ན་བཙན་དམག་ཕོ་ཉར་འགྱེད། །ནག་མོ་རྔ་ཞོན་སྔོན་དུ་རྒྱུག །སླད་དུ་མི་ཁ་བྲ་མཆུ་མ། །མི་ཁ་སྣ་ཚོགས་རྒྱབ་ཏུ་ཁུར། །གླུད་གཏོར་དམ་པ་འདི་བཞེས་ལ། །མི་ཁ་སྣ་ཚོགས་དགྲ་ལ་སྒྱུར། །ཧཱུྃ། མི་ནག་མགོ་གསུམ་མཐུ་བོ་ཆེ། །ཁྱོད་ཀྱི་གཡས་ཀྱི་རུ་འདྲེན་པ། །བདུད་ཀྱི་རྒྱལ་པོ་ནག་པོ་ཆེ། །སྐུ་མདོག་ནག་པོ་འགྱིངས་བག་ཅན། །སྐུ་ལ་བདུད་ཆས་ནག་པོ་གསོལ། །དབུ་སྐྲ་རལ་པ་གྱེན་དུ་གཟིངས། །དབུ་ལ་དར་ནག་ཐོད་ཆེན་བཅིངས། །གཡས་ན་ཁྲམ་ཤིང་ནག་པོ་ཕྱར། །གཡོན་པས་རུ་མཚོན་དགྲེ་ལ་ཕྱར། །ཆིབས་སུ་བདུད་རྟ་ནག་པོ་ཆིབས། །རླུང་ནག་འཚུབ་མའི་འགྲོས་དང་ལྡན། །སྟོང་
གསུམ་འཇིག་རྟེན་ཉུལ་བར་བྱེད། །རྟ་ནག་སྔ་ཤ་ཕྱི་ཤ་ལ། །དུག་སྦྲུལ་ནག་པོའི་ཞགས་པ་དང་། །ནད་ཀྱི་རྐྱལ་པ་ནག་པོ་བཀལ། །འཁོར་དུ་བདུད་དམག་འབུམ་གྱིས་བསྐོར། །བདུད་ཀྱི་བྱ་ནག་ཀླད་ན་ལྡིང་། །ལྕེ་སྤྱང་ནག་པོ་ཕོ་ཉར་འགྱེད། །བདུད་ཀྱི་དམག་སྣ་དགྲ་ལ་འགྱེད། །བདུད་ཀྱི་མཚོན་ཆས་དགྲ་སྲོག་གཅོད། །ནག་པོ་ཆེན་པོའི་བཀའ་བྱུང་གིས། །བདུད་ཀྱི་དམག་སྣ་དགྲ་ལ་སྒྱུར། །ཁྱོད་ནི་བདུད་རྒྱལ་ཡོངས་ཀྱི་རྗེ། །ཟས་སུ་སྐྱེ་འགྲོའི་ཤ་ལ་ཟ། །སྐོམ་དུ་སྐྱེ་འགྲོའི་ཁྲག་ལ་འཐུང་། །གླུད་གཏོར་གཉེན་པོ་འདི་བཞེས་ལ། །རྣལ་འབྱོར་ཡོན་གྱི་བདག་པོ་ཡི། །བདུད་ཀྱི་ཁྲམ་ལ་མ་འདེབས་ཤིག །ཁྲམ་ཁ་སྡང་བའི་དགྲ་ལ་སྒྱུར། །ལྷ་སྲིན་གདུག་རྩུབ་བཟློག་ཏུ་གསོལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཀྱཻ། ནག་པོ་ཆེན་པོ་རྫུ་འཕྲུལ་ཅན། །ཁྱོད་ཀྱི་གཡོན་གྱི་རུ་འདྲེན་པ། །བཙན་རྒྱལ་དམར་པོ་མཐོང་གསོད་རྗེ། །སྐུ་མདོག་དམར་ནག་མེ་ལྟར་འབར། །དབུ་སྐྲ་དམར་པོ་གྱེན་དུ་གཟིངས། །ལེ་བརྒན་དར་དམར་ཐོད་ཆེན་བཅིངས། །སྤྱན་
མིག་དམར་པོ་སྡང་མིག་བསྒྲད། །མཆེ་བ་ཟུར་གསུམ་དགྲ་ཤ་ཟ། །སྐུ་ལ་ལེ་བརྒན་འཇོལ་ བེར ་གསོལ། །ཕྱག་གཡས་རོ་ཡི་རྒྱལ་མཚན་ཕྱར། དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །གཡོན་པས་ཞགས་པ་དམར་པོ་བསྣམས། །དགྲ་བགེགས་ཀུན་གྱི་ཡན་ལག་བཅིངས། །ཞལ་ནས་ཁྲག་གི་ཁ་ཕྲུ་འདེབས། །རི་རབ་རྩེ་ནས་ཀུ་ཡིས་འདེབས། །བཙན་གྱི་དམག་ཚོགས་ཕོ་ཉར་འགྱེད། །རོལ་དུ་འཕར་བ་དམར་མོ་ཁྲིད། །བཙན་བྱ་འུག་པ་ཀླད་ན་ལྡིང་། །འཁོར་དུ་བཙན་དམག་འབུམ་གྱིས་བསྐོར། །བཙན་དམག་མང་པོ་ཕྱུ་རུ་རུ། །རླུང་ནག་འཚུབ་མའི་འགྲོས་ལྡན་པས། །སྟོང་གསུམ་འཇིག་རྟེན་ཁམས་གསུམ་བསྐོར། །བཙན་གྱི་དལ་ཡམས་དགྲ་ལ་ཐོངས། །བཙན་གྱི་ཆོ་འཕྲུལ་སྟོང་གསུམ་འགེངས། །ཉིན་ཕྱེད་དང་ནི་ནམ་ཕྱེད་ལ། །ཕོ་ཉ་མང་པོ་སྐར་ལྟར་འཁྲུགས། །བཙན་བདུད་མང་པོ་འཁོར་དང་བཅས། །ནག་པོ་འཇིགས་བྱེད་བཀའ་བྱུང་གིས། །བཙན་གྱི་ཁྲམ་ཁ་དགྲ་ལ་སྒྱུར། །གཏོ་གླུད་གཉེན་པོ་འདི་བཞེས་ལ། །བཙན་གྱི་དམག་སྣ་དགྲ་ལ་སྒྱུར། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །བར་དུ་གཅོད་པའི་དགྲ་བགེགས་
སྒྲོལ། །ཀྱཻ། ནག་པོ་ཆེན་པོ་རྫུ་འཕྲུལ་ཅན། །ཁྱོད་ཀྱི་སྔོན་གྱི་རུ་འདྲེན་པ། །མ་མོ་ནག་མོ་རྫུ་འཕྲུལ་ཅན། །བལ་མོ་ནག་མོ་གདུག་རྩུབ་ཅན། །ལུས་ལ་ནད་ཡམས་སྣ་ཚོགས་བརྒྱན། །གཡས་ན་མ་མོའི་ཤོ་རྡེལ་འགྲིལ། །གཡོན་ན་ནད་ཀྱི་རྐྱལ་པ་བསྣམས། །ཕུང་སྲི་རྔ་མོང་འོག་ཏུ་ཞོན། །ཁ་ནས་ནད་ཀྱི་རླངས་པ་འཐུལ། །མིག་ནས་ཁྲག་ནད་ཆུ་ལྟར་འགྲུབ། །དུར་ཁྲོད་ཉུལ་ཞིང་ཀུན་ཏུ་རྒྱུག །སྐྱེ་འགྲོ་ཀུན་གྱི་སྲོག་ཀྱང་གཅོད། །ནམ་ཕྱེད་ཉུལ་ཞིང་ཕྱོགས་བཞིར་རྒྱུག །ཕུང་བྱེད་ཆེན་མོ་དབུགས་འཕྲོག་མ། །ཁྱོད་ནི་ནག་མོ་ཕུང་བྱེད་མ། །མི་རོ་བམ་རོ་རྒྱབ་ན་ཁུར། །ཤ་ལ་དགའ་ཞིང་ཁྲག་ལ་དགྱེས། །སེམས་ཅན་ཀུན་གྱི་མདངས་འཕྲོག་མ། །སྐྱེ་འགྲོ་ཡོངས་ཀྱི་བདུད་གཅོད་མ། །ཁྱོད་ཀྱི་རྫུ་འཕྲུལ་བསམ་མི་ཁྱབ། །ཡམས་ནད་རིམས་ནད་ཕྱོགས་བཅུར་གཏོང་། །ནད་བདག་རིམས་བདག་མཐུ་མོ་ཆེ། །འཁོར་དུ་ནག་མོ་འབུམ་གྱིས་བསྐོར། །ནག་མོ་འབུམ་སྡེ་ཕོ་ཉར་འགྱེད། །བྱ་ནག་གཤོག་རིང་ཀླད་ན་ལྡིང་། །དྲེལ་ནག་དཔུང་ཁྲ་རོལ་དུ་ཁྲིད། །ཕུང་གསུམ་ནད་ཀྱི་བདག་མོ་ཁྱོད། །ནག་
པོ་ཆེན་པོའི་བཀའ་བྱུང་གིས། །མ་མོའི་གདུག་པ་བསྒྱུར་དུ་གསོལ། །ལོ་སྐག་ཟླ་སྐག་བསྒྱུར་དུ་གསོལ། ལྟས་ངན་སྣ་དགུ་བསྒྱུར་དུ་གསོལ། །བསམ་པ་སྒྲུབས་ལ་རེ་བ་སྟོངས། །བར་དུ་གཅོད་པའི་དགྲ་བགེགས་ཐུལ། །ཀྱེ་མ་སེམས་ཅན་སྲོག་གཅོད་ནག་པོ་ཆེ། །ཁྱོད་ཀྱི་རྫུ་འཕྲུལ་འགའ་སྡུད་པའི། །མི་ཁའི་རྒྱལ་མོ་བྲ་མཆུ་མ། །ཕ་ནི་སྤེལ་མགོ་ཆེན་པོ་ཡིན། །མ་ནི་ས་ཡི་ཕུང་བྱེད་མ། །དེ་གཉིས་འཚོགས་ཤིང་བཤོས་པ་ནི། །བུད་མེད་ལུས་ལ་བྲ་བའི་མགོ །ཁ་ནས་དམོད་པའི་ངན་སྔགས་ཟློག །རྒྱབ་ཏུ་མི་ཁ་སྣ་ཚོགས་ཁུར། །ལག་ན་ཚེར་ལྕགས་དམར་པོ་འཛིན། །བྱུར་གཤོག་ནག་པོས་མི་ཁ་སྡུད། །ཡར་གྱི་ལྷ་དང་བདུད་ལ་འབོད། །མར་གྱི་བགེགས་དང་སྲི་ལ་འབོད། །མི་ཁའི་རྒྱལ་མོ་ཕུང་བྱེད་མ། །དལ་ཡམས་སྣ་ཚོགས་སྣ་ཡང་འདྲེན། །ལྷ་མི་ཀུན་གྱི་བློ་ཡང་འཕྲོག །དགྲ་དང་གྱོད་ཀྱི་སྣ་ཡང་འདྲེན། །སྐྱེས་པ་ཕོ་ཡི་དབང་ལ་བརྐུ། །ཟ་མ་མོ་ཡི་མངལ་ལ་བརྐུ། །བཙན་དང་རྒྱལ་པོའི་སྣ་ལ་འདྲེན། །བདུད་དང་མ་མོའི་སྣ་ཡང་འདྲེན། །དལ་དང་ཡམས་ཀྱི་སྣ་ཡང་འདྲེན། །མི་ཁའི་རྒྱལ་མོ་ཕུང་གསུམ་བདག །
ནག་པོ་ཆེན་པོའི་བཀའ་བྱུང་གིས། །ལྷ་སྲིན་སྡེ་བརྒྱད་གདུག་རྩུབ་ཟློག །གླུད་གཏོར་གཉེན་པོ་འདི་བཞེས་ལ། །སྐྱེས་པ་ཕོ་བརྒྱ་འདུས་པ་ན། །མི་ཁ་མདའ་ལྟར་གསོར་བ་ཟློག །མོ་བརྒྱ་འདུས་པའི་འཕང་ར་ན། །མི་ཁ་བལ་ལྟར་གཡེང་བ་ཟློག །བྲ་མཆུ་རླུང་ལྟར་འཚུབས་པ་ཟློག །དོ་ནུབ་བདུད་ཀྱི་ཁྲམ་ཁ་ཟློག །བཙན་དམག་སྡེ་བརྒྱད་གདུག་པ་ཟློག །གཤིན་རྗེའི་ཁྲམ་ལ་བཏབ་པ་ཟློག །མི་ཁ་བྲ་མཆུའི་རྐྱེན་ངན་ཟློག །སྐག་དང་འཚེར་རྩུབ་ཐམས་ཅད་སྒྱུར། །ལུས་ལ་ནད་དུ་བཏང་བ་སྒྱུར། །སྲོག་ལ་བར་ཆད་བྱེད་པ་སྒྱུར། །ཚེ་དང་བསོད་ནམས་ཉམས་པ་སྒྱུར། །ཁ་རྗེ་དབང་ཐང་ཉམས་པ་སྒྱུར། །ཟས་ནོར་ལོངས་སྤྱོད་འཕྲོག་པ་སྒྱུར། །དཔལ་དང་ལོངས་སྤྱོད་ཆུང་བ་སྒྱུར། །ལོ་སྐག་ཟླ་སྐག་ཐམས་ཅད་སྒྱུར། །ཞག་སྐག་ཟ་སྐག་ཐམས་ཅད་སྒྱུར། །དུས་ཚོད་བདུན་ཟུར་ངན་པ་སྒྱུར། །མོ་ངན་རྨི་ལྟས་ངན་པ་སྒྱུར། །ལོ་མཉམ་ཟླ་མཉམ་སྟེང་དུ་སྒྱུར། །མིང་འདྲ་འཁོན་འདྲའི་སྟེང་དུ་སྒྱུར། །སྡང་བྱེད་དགྲ་ཡི་སྟེང་དུ་སྒྱུར། །གནོད་བྱེད་བགེགས་ཀྱི་སྟེང་དུ་ཟློག །དམ་ཉམས་བྱེད་མའི་སྟེང་དུ་བྷྱོཿ
སྒྱུར་སྒྱུར། བྷྱོ༔བྷྱོ༔ཟློག་ཟློག །ནག་པོ་མགོ་གསུམ་གྱི་རུ་འདྲེན་སྡེ་བཞིའི་བསྐུལ་པ་རྫོགས་སོ།། །། ༈ མི་ནག་མགོ་གསུམ་གྱི་ཐན་སྐྱ་ཉི་ཤུ་བཞུགས་སོ།། ཧཱུྃ། ས་བདག་འཁྲུགས་པའི་གཏི་མུག་ལས། །ལས་ཀྱི་སྲིན་པོ་ཕག་མགོ་ཅན། །གནས་ནི་གཏི་མུག་སྟེང་ན་གནས། །སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀྱི། །ནམ་ཕྱེད་དག་ལ་ཚེ་སྲོག་ལེན། །ཞེ་སྡང་སྲིན་པོ་ཚེ་སྲོག་བདུད། །ཕྱག་ཏུ་རབས་ཆད་ཐོད་པ་འབུལ། །རྨོངས་སྡུག་དབུལ་བའི་བསྒྲེན་འདྲེ་རྣམས། །ས་བདག་ནག་པོའི་གླུད་ཟོར་འདི། །སྡང་དགྲའི་སྟེང་དུ་བསྒྱུར་ཞིང་ཟློག །ས་བདག་འཁྲུགས་པའི་འདོད་ཆགས་ལས། །བཙན་ནི་དམར་པོ་བྱ་མགོ་ཅན། །གནས་ནི་ཁྲག་གི་རྒྱ་མཚོར་གནས། །སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀྱིས། །ཐོ་རངས་དག་ལ་རྣམ་ཤེས་ལེན། །འབྱུང་བ་ཆུ་ཡི་འཁོར་ལོར་བཤིག །ཕྱག་ཏུ་སྡང་བའི་དགྲ་བོ་འདུལ། །རྨང་སྡུག་དབུལ་བའི་སྡུག་འདྲེ་རྣམས། །ས་བདག་ནག་པོའི་གླུད་ཟོར་འདི། །སྡང་བའི་དགྲ་ལ་བསྒྱུར་ཞིང་ཟློག །ས་བདག་འཁྲུགས་པའི་ཞེ་སྡང་ལས། །བདུད་ཀྱི་མི་ནག་ཁྱི་མགོ་ཅན། །སྤྲིན་ནག་འཁྲུགས་པའི་ནང་ན་བཞུགས། །སྲོད་ལ་མི་ཡི་
རྣམ་ཤེས་ལེན། །འབྱུང་བ་མེ་ཡི་འཁོར་ལོ་བཤིག །ཕྱག་ཏུ་སྡང་བའི་དགྲ་བོ་འབུལ། །རྨང་སྡུག་འབུལ་བའི་ཕུང་འདྲེ་ལ། །ས་བདག་ནག་པོའི་གླུད་ཟོར་འདི། །སྡང་བའི་དགྲ་ལ་བསྒྱུར་ཞིང་ཟློག །ས་བདག་འཁྲུགས་པའི་ཕྲག་དོག་ལས། །གནོད་སྦྱིན་ནག་པོ་སྦྲུལ་མགོ་ཅན། །གནས་ནི་བྲག་དམར་རྫོང་ལ་གནས། །ཉིན་ཕྱེད་དགྲ་བོའི་ཚེ་སྲོག་ལེན། །འབྱུང་བ་རུས་པའི་འཁོར་ལོ་བཤིག །བདུད་ཀྱི་ལུས་ལ་བཙན་གྱི་མགོ །རི་བོང་སྙིང་ལ་རེ་འབྱམས་སྤུ། །ཕྱག་ན་སྲོག་གི་སྤུ་གྲི་བསྣམས། །ཁྱེད་ནི་ལོ་བདུད་སྲོག་གི་གཤེད། །དགྲ་བོའི་སྟེང་དུ་རིང་པར་ཆོས། །ལྷ་བདུད་བར་དུ་ཁྱོད་ཞུགས་ལ། །དགྲ་བོའི་ཐུན་གསུམ་རྟེན་འབྲེལ་ཤིག །དགྲ་བོའི་དུར་ཁ་ཞག་དུས་ཟློག །དགྲ་བོའི་མི་ནོར་ཆམ་ལ་ཕོབ། །དགྲ་བོའི་མི་ནོར་རྡུལ་དུ་རློགས། །དགྲ་བོའི་བདུན་རྒྱུད་རྩད་ནས་ཆོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། ལོ་སྐོར་བཅུ་གཉིས་ས་བདག་ལ། །མཐུན་པའི་དམ་རྫས་འབུལ་བ་ནི། །སྨྱུག་མ་རྩེ་རྒྱལ་བཅུ་གཉིས་ལ། །དར་སྣ་བལ་ཚོན་བཏགས་པ་ནི། །ལོ་ཡི་ས་བདག་སྐུ་ལ་འབུལ། །
བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །མི་དང་ནོར་གྱི་རིགས་རྒྱུད་སྤེལ། །མཐུ་དང་དངོས་གྲུབ་བདག་ལ་སྩོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ། སྔོན་གྱི་བསྐལ་པ་དང་པོ་ལ། །མ་རིག་གནམ་ས་འཁྲུགས་པའི་འདྲེ། །བར་གྱི་བསྐལ་པ་དང་པོ་ལ། །འབྱུང་བ་ལྔ་ཡི་འདྲེ་གཤེད་ལངས། །བསྐལ་ངན་དུས་ཀྱི་ཐ་མ་ལ། །རྒྱ་ཡི་མི་རབས་གཅོད་པའི་འདྲེ། །སློབ་དཔོན་ངན་པས་གདུག་པ་ལངས། །སྨོན་ལམ་ངན་པས་སྐྱེ་མཆེད་ལངས། །ཕོ་བདུད་དང་ནི་མོ་བདུད་ལངས། །གཞོན་གྱི་དར་སྲི་རྔམ་པ་ལངས། །རྩ་ནག་སྡིག་པའི་རྨང་འདྲེ་ལངས། །བསོད་ཟད་ཆུང་སྲི་རྟག་ཆད་དང་། །རབས་ཆད་སྟོང་ནག་དུར་ཕོ་དང་། །རྨོངས་སྡུག་དབུལ་བའི་འདྲེ་གདོན་རྣམས། །རབས་ཆད་ནག་པོའི་ཐོད་ཟོར་དང་། །ས་ཡི་བདག་པོའི་ཡས་སྟགས་འདི། །སྡང་བའི་དགྲ་ལ་བསྒྱུར་ཞིང་ཟློག །ཧཱུྃ། རྒྱ་གྲྭ་བའི་བྱིན་རླབས་ཀྱིས། །སྣང་སྲིད་ལྷ་འདྲེ་དབང་དུ་བསྡུས། །ཕྱག་ན་རྡོ་རྗེའི་མཐུ་སྟོབས་ཀྱིས། །གནོད་པར་བྱེད་པའི་འབྱུང་པོ་ཐུལ། །ཤང་ཤང་བྲ་མཆུ་བྱ་བ་ཁྱོད། །བྱང་ཕྱོགས་ཆུ་ཡི་དགྲ་དར་བས། །མཚོན་གྱི་ཁྲག་
བཤལ་འོང་བ་སྒྱུར། །མཚམས་བཞི་ས་ཡི་དགྲ་དར་བས། །དུར་དུ་རོ་གལ་འགུལ་བ་སྒྱུར། །བློ་མི་ཁ་སུམ་ཏྲི་ཀ་ཏྲི་ཡཾ་ཡཾ། །ཀྱཻ། ཤང་ཤང་བྲ་མཆུ་བྱ་བ་ཁྱོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཁྱིམ་སྒོ་ལམ་སྲང་འདི་དག་ལ། །མི་ཁ་མདའ་ལྟར་གསོར་བ་སྒྱུར། །བྲ་མཆུ་རྟ་ལྟར་འཚེར་བ་སྒྱུར། །ཁང་པའི་གསལ་ཁུང་ཕྱོགས་ཕྱོགས་ནས། །མི་ཁ་བྱིའུ་ལྟར་འཕུར་བ་སྒྱུར། །འགྲིམ་སྲང་སྒོ་ཐེམ་མར་ཞབས་ནས། །མི་ཁ་སྦྲུལ་ལྟར་འཛུལ་བ་སྒྱུར། །ཕྱོགས་ཕྱོགས་འགྲོན་པོའི་སྔོན་རྒྱབ་ན། །མི་ཁ་ཁྱི་ལྟར་འབྲང་བ་སྒྱུར། །བརྒྱ་ལམ་སྟོང་ལམ་འདུས་མདོ་ན། །མི་ཁ་ཐག་ལྟར་འཐག་པ་སྒྱུར། །མང་པོ་འདུས་པའི་འཕང་ར་ན། །མི་ཁ་ང་ལྟར་འདྲིལ་བ་སྒྱུར། །ཀྱཻ། ཤང་ཤང་བྲ་མཆུ་བྱ་བ་ཁྱོད། །ཤིང་གི་དགྲ་སྣ་གྲི་མདའ་འཕང་བ་སྒྱུར། །མེ་ཡི་དགྲ་སྣ་འཚིག་ཅིང་བསྲེགས་པ་སྒྱུར། །ལྕགས་ཀྱི་དགྲ་སྣ་གྲི་ངོ་ཁྲག་ངོ་ལང་བ་སྒྱུར། །ཆུ་ཡི་དགྲ་སྣས་ཁྱེར་ཞིང་བརྡེབ་པ་སྒྱུར། །རླུང་གི་དགྲ་སྣས་གནམ་དུ་གཡེང་བ་སྒྱུར། །འབྱུང་བཞི་གནམ་དུ་འཕྱུར་བ་སྒྱུར། །བན་བྱེད་བོན་བྱད་གཏད་ཁྲམ་དང་། །ནད་སྣ་
རིམས་སྣ་ཡམས་སྣ་དང་། །མི་ལ་སྤྱི་རིལ་ཕོག་པ་རྣམས། །སྡང་དགྲ་གནོད་བྱེད་ཐོག་ཏུ་སྒྱུར། །ཁྱིམ་མཚེས་སྙིང་ངན་ཐོག་ཏུ་སྒྱུར། །ཤང་ཤང་བྲ་མཆུ་བྱ་བ་ཁྱོད། །ཟངས་་ཀྱི་བྲ་མཆུ་དབུ་ལ་སྐྱེས། །མཆུ་ལྟོ་ལྕགས་ལ་སྡེར་མོ་ཟངས། །ཡོན་བདག་རྨང་སྲི་དབུལ་འདྲེ་རྣམས། །སྡང་བ་དགྲ་བོའི་སྟེང་དུ་སྒྱུར། །འབྱུང་བའི་འཁྲུགས་འདྲེ་དགྲ་ལ་གཏད། །ཧཱུྃ། འབྱུང་བ་ཟད་པའི་སྟོང་གསུམ་ནས། །དམ་སྲི་ནག་པོ་རྟ་ལ་འགོང་། །ཀླུ་སྲིན་ནག་པོ་སྦལ་པར་འགོང་། །ཐེའུ་རང་ནག་པོ་ར་ལ་འགོང་། །ཕུང་སྲི་ནག་པོ་རྔ་མོང་འགོང་། །གྲི་ཕོ་ནག་པོ་ཕག་ལ་འགོང་། །བཙན་སྲི་དམར་པོ་ཤ་བ་འགོང་། །ཆུང་སྲི་ནག་པོ་སྲེ་མོང་འགོང་། །རྦབ་འདྲེ་ནག་མོ་བྱི་བ་འགོང་། །འགོང་སྲི་ནག་མོ་རི་ཝང་འགོང་། །ཐབ་སྲིན་ནག་མོ་ཡུ་མོ་འགོང་། །གཟེར་གྲི་ནག་མོ་ཤ་བ་འགོང་། །ཡུལ་འདྲེ་ནག་མོ་ཁྱི་ལ་འགོང་། །ཡུལ་གདོན་ནག་མོ་ཤྭ་བ་འགོང་། །བྲག་ཐིལ་ནག་པོ་འུག་པ་འགོང་། །ཆུ་འདྲེ་ནག་པོ་སྦྲུལ་ལ་འགོང་། །བདག་དང་ཡོན་གྱི་བདག་པོ་ཡི། །རྨོངས་སྡུག་དབུལ་བའི་འདྲེ་གདོན་རྣམས། །ཟ་ཁ་སྡང་བའི་དགྲ་ལ་སྟོན། །ཡས་
དགུ་ཐག་བཅུ་རྫོངས་སུ་འདེབས། །ལྟས་ངན་ཡུལ་སྡིག་སྣ་ཁྲིད་ལ། །དགྲ་བོའི་ཡུལ་དུ་རིང་པར་ཆོས། །གནོད་བྱེད་འབྱུང་པོའི་གནོད་པ་རྣམས། །དགྲ་བོའི་ཡུལ་དུ་སྐྱེས་སུ་ཐོབ། །དགྲ་བོའི་མི་ནོར་རྡུལ་དུ་རློགས། །ས་བདག་ནག་པོ་འཁོར་བཅས་ཀྱང་། །དགྲ་བོའི་ཡུལ་དུ་མྱུར་དུ་ཆོས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དགྲ་ལ་གཡུལ་ཉེས་མི་རོ་བྱུང་། །དགྲ་ལ་ཡུལ་ཤོར་ལོ་ཉེས་ཐོངས། །དགྲ་ལ་ནང་འཁྲུག་རྨེ་ཤི་ཐོངས། །དགྲ་བོའི་མི་ནོར་མཐའ་ནས་སྐོམས། །དགྲ་བའི་བདུན་རྒྱུད་རྩད་ནས་ཆོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད།། ༈ མ་མོའི་ཐན་བསྒྱུར་བཞུགས་སོ།། ༼ཏ༽ བྷྱོཿ དུས་ངན་སྙིགས་མར་འཁྲུགས་པ་མེ་ལྟར་འབར། །མི་རྣམས་ཚེ་ཐུང་ལོངས་སྤྱོད་དབུལ། །ཉོན་མོངས་སྡུག་བསྔལ་ཆེ་བའི་ཕྱིར། །རྣལ་འབྱོར་དམ་ཚིག་མི་བསྲུང་ཞིང་། །སྐྱེ་བོ་བླ་མར་དགྲར་ལེན་ཅིང་། །བུད་མེད་བཙུན་ཚུགས་མི་འཛིན་ཅིང་། །བཙུན་པས་སྡོམ་ཁྲིམས་མི་བསྲུང་དུས། །དེ་དུས་སྲིད་པའི་མ་མོ་འཁྲུགས། །ལྟས་ངན་སྣ་ཚོགས་ཆར་དུ་འབེབས། །གཏོང་ཡང་མ་མོའི་ལྟས་ངན་
གཏོང་། །བཟློག་ཀྱང་མ་མོས་ལྟས་ངན་ཟློག །དེ་རིང་ལྟས་ངན་བཟློག་པའི་དུས་ལ་བབ། །བྷྱོཿ ནམ་མཁའི་དབྱིངས་ནས་རྡོ་བྱུང་བ། །སྤྱི་བོ་བཅོམ་པའི་ལྟས་ངན་ཡིན། །ཉི་མ་ཟླ་བ་ཤི་བ་དེ། །ཆེ་བཙུན་ཤི་བའི་ལྟས་ངན་ཡིན། །སྐར་ཕྲན་འཕྲུ་ཐོ་ལང་བ་ནི། །སྡེ་འཁྲུག་འོང་བའི་ལྟས་ངན་ཡིན། །དེ་རིང་སྲིད་པའི་མ་མོ་དང་། །སྟོབས་ཆེན་མི་ནག་མཐུ་བསྡོང་ལ། །གཏོར་མ་གླུད་དང་གསེར་སྐྱེམས་བཞེས། །ཐན་ལྟས་གསུམ་པོ་དགྲ་ལ་སྒྱུར། །སྐར་མ་ཡུལ་དུ་བབ་པ་དེ། །གཟའ་འཁོར་འཆི་བའི་ལྟས་ངན་ཡིན། །གློག་དམར་འཁྱུག་ཅིང་སྤྲིན་ནག་འཁྲུགས། །སད་སེར་འབྱུང་བའི་ལྟས་ངན་ཡིན། །དེ་རིང་སྲིད་པའི་མ་མོ་དང་། །སྟོབས་ཆེན་མི་ནག་མཐུ་བསྡོང་ལ། །གཏོར་མ་གླུད་དང་གསེར་སྐྱེམས་བཞེས། །ཐན་ལྟས་གསུམ་པོ་དགྲ་ལ་སྒྱུར། །ཞིང་ལ་ས་གཡོས་ཆད་པ་དེ། །ཞིང་བདག་འཆི་བའི་ལྟས་ངན་ཡིན། །རི་བྲག་འགྱེལ་ཞིང་ཉིལ་བ་དེ། །ཡུལ་ལྷས་འགྱོད་པའི་ལྟས་ངན་ཡིན། །རི་དྭགས་ཁྱིམ་དུ་ཕྱིན་པ་དེ། །བྱེ་བྲལ་མི་ཁའི་ལྟས་ངན་ཡིན། །དེ་རིང་སྲིད་པའི་མ་མོ་དང་། །སྟོབས་ཆེན་མི་ནག་མཐུ་
བསྡོང་ལ། །གཏོར་མ་གླུད་དང་གསེར་སྐྱེམས་བཞེས། །ཐན་ལྟས་གསུམ་པོ་དགྲ་ལ་སྒྱུར། །རི་བྱ་ཁྱིམ་དུ་འཛུལ་བ་དེ། །དགྲ་བོ་འོང་བའི་ལྟས་ངན་ཡིན། །སྦལ་སྤྲུལ་ཁྱིམ་དུ་འོང་བ་དེ། །ཀླུ་བདུད་ནག་པོའི་ལྟས་ངན་ཡིན། །བྱིས་པའི་རྐང་ལག་དྲུད་པ་དེ། །ཕ་ཁུ་འཆི་བའི་ལྟས་ངན་ཡིན། །དེ་རིང་སྲིད་པའི་མ་མོ་དང་། །སྟོབས་ཆེན་མི་ནག་མཐུ་བསྡོང་ལ། །གཏོར་མ་གླུད་དང་གསེར་སྐྱེམས་བཞེས། །ཐན་ལྟས་གསུམ་པོ་དགྲ་ལ་སྒྱུར། །ཕུ་ཡི་ཤ་ཕོ་རུ་འཛིང་དེ། །སྡེ་འཐོར་འབྱུང་བའི་ལྟས་ངན་ཡིན། །མདའ་ཡི་ཉ་མོ་རྔ་འཛིང་དེ། །གྲི་འཁྲུགས་འབྱུང་བའི་ལྟས་ངན་ཡིན། །བར་གྱི་བྱ་ནག་སྡེར་འཛིང་དེ། །བདུད་ཀྱི་ཁྲམ་བཏབ་ལྟས་ངན་ཡིན། །དེ་རིང་སྲིད་པའི་མ་མོ་དང་། །སྟོབས་ཆེན་མི་ནག་མཐུ་བསྡོང་ལ། །གཏོར་མ་གླུད་དང་གསེར་སྐྱེམས་བཞེས། །ཐན་ལྟས་གསུམ་པོ་དགྲ་ལ་སྒྱུར། །ཝ་རོ་མགོ་སྡུམ་རྙེད་པ་དེ། །རང་ཉིད་འཆི་བའི་ལྟས་ངན་ཡིན། །སྲིན་བྱས་ཀུ་ཡིས་འདེབས་པ་དེ། །མི་རོ་ཡུལ་འདྲེའི་ལྟས་ངན་ཡིན། །སྲེ་མོང་ཕྱི་རོ་ཁྱེར་བ་དེ། །ཆུང་སྲི་གཡོས་པའི་ལྟས་ངན་ཡིན། །
དེ་རིང་སྲིད་པའི་མ་མོ་དང་། །སྟོབས་ཆེན་མི་ནག་མཐུ་བསྡོང་ལ། །གཏོར་མ་གླུད་དང་གསེར་སྐྱེམས་བཞེས། །ཐན་ལྟས་གསུམ་པོ་དགྲ་ལ་སྒྱུར། །གླུ་ཐན་ཡུལ་དུ་རྒྱུག་པ་དེ། །བཟའ་དཔོན་འཆི་བའི་ལྟས་ངན་ཡིན། །ཝ་བརྒྱལ་འུག་པ་རྒོད་པ་དེ། །ཡུལ་བུད་ཤི་ཆད་ལྟས་ངན་ཡིན། །སྤྱང་ཀུའི་ངུ་འབོད་བྱེད་པ་དེ། །ཡུལ་དཔོན་འཆི་བའི་ལྟས་ངན་ཡིན། །དེ་རིང་སྲིད་པའི་མ་མོ་དང་། །སྟོབས་ཆེན་མི་ནག་མཐུ་བསྡོང་ལ། །གཏོར་མ་གླུད་དང་གསེར་སྐྱེམས་བཞེས། །ཐན་ལྟས་གསུམ་པོ་དགྲ་ལ་སྒྱུར། །སྲིན་བྱས་འབུ་རོ་ཁྱེར་བ་དེ། །མི་རོ་བཟུང་བའི་ལྟས་ངན་ཡིན། །སྒོ་ཁྱི་ནམ་ཕྱེད་དུ་བ་དེ། །བཟའ་ཚང་བྱེར་བའི་ལྟས་ངན་ཡིན། །བྱང་པས་ས་དོང་སྐོ་བ་དེ། །ཤི་ཆད་འབྱུང་བའི་ལོ་ལྟས་ངན་ཡིན། །དེ་རིང་སྲིད་པའི་མ་མོ་དང་། །སྟོབས་ཆེན་མི་ནག་མཐུ་བསྡོང་ལ། །གཏོར་མ་གླུད་དང་གསེར་སྐྱེམས་བཞེས། །ཐན་ལྟས་གསུམ་པོ་དགྲ་ལ་སྒྱུར། །སྲིད་ལ་བྱ་ཕོ་གྲག་པ་དེ། །མ་ཡམས་གཉེན་གྱི་ལྟས་ངན་ཡིན། །སྲེག་པ་ཁྱིམ་དུ་འོང་བ་དེ། །གོད་སྣ་ལྡང་བའི་ལྟས་ངན་ཡིན། །གོང་མོ་གྲོང་དུ་འོང་བ་དེ། །སྨན་གཟའ་གདུག་
པའི་ལྟས་ངན་ཡིན། །དེ་རིང་སྲིད་པའི་མ་མོ་དང་། །མི་ནག་མགོ་གསུམ་མཐུ་བསྡོང་ལ། །གཏོར་མ་གླུད་དང་གསེར་སྐྱེམས་བཞེས། །ཐན་ལྟས་གསུམ་པོ་དགྲ་ལ་སྒྱུར། །མཛེར་པ་བྱུང་དང་བྲུས་པ་དེ། །རོ་སྲེག་ལག་ལེན་བྱེད་པའི་ལྟས། །ལུས་དལ་ཉ་རྫོང་བརྣང་བ་དེ། །ལུས་ལ་འབུ་བུད་བྱུང་བ་རྣམས། །བཟའ་གྲོགས་འཆི་བའི་ལྟས་ངན་ཡིན། །བྱི་བ་ཁྱིམ་དུ་མཁྱེན་པ་དེ། །ཡུལ་བུད་འབྱུང་བའི་ལྟས་ངན་ཡིན། །དེ་རིང་སྲིད་པའི་མ་མོ་དང་། །མི་ནག་མགོ་གསུམ་མཐུ་བསྡོང་ལ། །གཏོར་མ་གླུད་དང་གསེར་སྐྱེམས་བཞེས། །ཐན་ལྟས་གསུམ་པོ་དགྲ་ལ་སྒྱུར། །བྱ་ལོང་ཁྱིམ་དུ་འོང་བདེ། །བུ་ཕྲུག་འཆི་བའི་ལྟས་ངན་ཡིན། །དྲེལ་རྟས་རྔ་རྔོག་འཆའ་བ་དེ། །བཙན་དྲི་འབྱུང་བའི་ལྟས་ངན་ཡིན། །བཅའ་དུ་ལམ་དུ་རྙེད་པ་དེ། །འཁོན་ཐབས་འབྱུང་བའི་ལྟས་ངན་ཡིན། །དེ་རིང་སྲིད་པའི་མ་མོ་དང་། །མི་ནག་མགོ་གསུམ་མཐུ་བསྡོང་ལ། །གཏོར་མ་གླུད་དང་གསེར་སྐྱེམས་བཞེས། །ཐན་ལྟས་གསུམ་པོ་དགྲ་ལ་སྒྱུར། །སོག་པའི་མེ་ལོང་བུག་པ་དེ། །རྒྱལ་པོའི་བཀའ་ཆད་ལྟས་ངན་ཡིན། །མཆིན་པའི་ཕོ་
གདང་གས་པ་དེ། །བྲག་སྲིན་ཁྲོས་པའི་ལྟས་ངན་ཡིན། །རི་བྱ་ཁྱིམ་དུ་ཕྱིན་པ་དེ། །མིང་སྲིང་བཙོག་ནལ་ལྟས་ངན་ཡིན། །དེ་རིང་སྲིད་པའི་མ་མོ་དང་། །མི་ནག་མགོ་གསུམ་མཐུ་བསྡོང་ལ། །གཏོར་མ་གླུད་དང་གསེར་སྐྱེམས་བཞེས། །ཐན་ལྟས་གསུམ་པོ་དགྲ་ལ་སྒྱུར། །མདུང་དར་སྐེད་ནས་ཆག་པ་དེ། །སྲུང་སྐྱོབ་ལྷ་དབྱེའི་ལྟས་ངན་ཡིན། །སྦྲ་ཡི་གུང་ཤིང་ཆགས་པ་དེ། །ཐབ་ལྷ་འགྱོད་པའི་ལྟས་ངན་ཡིན། །ཁང་པའི་གདུང་མ་ཆག་པ་དེ། །ཁྱིམ་ལྷས་འགྱོད་པའི་ལྟས་ངན་ཡིན། །དེ་རིང་སྲིད་པའི་མ་མོ་དང་། །མི་ནག་མགོ་གསུམ་མཐུ་བསྡོང་ལ། །གཏོར་མ་གླུད་དང་གསེར་སྐྱེམས་བཞེས། །ཐན་ལྟས་གསུམ་པོ་དགྲ་ལ་སྒྱུར། །སྦྲ་ཡི་ཆོན་ཐག་རྒྱུག་པ་དེ། །ཕུག་ལྷས་འཕང་བའི་ལྟས་ངན་ཡིན། །རི་རྡོ་ཞིང་དུ་ལྷུང་བ་དེ། །ཞིང་ལྷ་འཁྱམས་པའི་ལྟས་ངན་ཡིན། །རྨོས་གླང་རོལ་དུ་མཁྱེན་པ་དེ། །ས་སྲི་ནག་པོའི་ལྟས་ངན་ཡིན། །དེ་རིང་སྲིད་པའི་མ་མོ་དང་། །མི་ནག་མགོ་གསུམ་མཐུ་བསྡོང་ལ། །གཏོར་མ་གླུད་དང་གསེར་སྐྱེམས་བཞེས། །ཐན་ལྟས་གསུམ་པོ་དགྲ་ལ་སྒྱུར། །སྲིན་སྣ་མགྲོན་སྣ་འཕྲད་པ་དེ། །རྒ་ཐན་
སྲིད་པའི་ལྟས་ངན་ཡིན། །ཏིས་ལོས་གྲོང་བར་འགྲིམ་པ་དེ། །བྱེ་བྲལའོང་བའི་ལྟས་ངན་ཡིན། །མར་མེས་ནག་འབུང་གྱོན་པ་དེ། །བན་བོན་འཆི་བའི་ལྟས་ངན་ཡིན། །དེ་རིང་སྲིད་པའི་མ་མོ་དང་། །སྟོབས་ཆེན་མི་ནག་མགོ་གསུམ་དང་། །གཏོར་མ་གླུད་དང་གསེར་སྐྱེམས་བཞེས། །ཐན་ལྟས་གསུམ་པོ་དགྲ་ལ་སྒྱུར། །ཁ་ཤོ་རྐན་རལ་བྱུང་བ་དེ། །ནོར་དང་བྱེ་བའི་ལྟས་ངན་ཡིན། །རྐན་ལ་སོ་སྐྱེས་རིང་བྱུང་བ། །གཅེས་ཕྲུག་འཆི་བའི་ལྟས་ངན་ཡིན། །རྒྱུ་ལུག་སྐད་དཀྲིས་འབྱུང་བ་དེ། །རོ་མཚོ་འབྱུང་བའི་ལྟས་ངན་ཡིན། །དེ་རིང་སྲིད་པའི་མ་མོ་དང་། །སྟོབས་ཆེན་མི་ནག་མགོ་གསུམ་དང་། །གཏོར་མ་གླུད་དང་གསེར་སྐྱེམས་བཞེས། །ཐན་ལྟས་གསུམ་པོ་དགྲ་ལ་སྒྱུར། །བྱ་ཁ་བྱིའུ་མཆུ་འོང་བ་དེ། །གཏམ་ངན་མི་ཁའི་ལྟས་ངན་ཡིན། །ལྟག་པར་ཁ་དོད་བྱུང་བ་དེ། །ཉེ་རིང་འཆི་བའི་ལྟས་ངན་ཡིན། །རྐང་ལག་ཆད་ལྷག་བྱུང་བ་དེ། །།རིམས་ནད་འབྱུང་བའི་ལྟས་ངན་ཡིན། །བྷྱོཿ སྲིད་པའི་མ་མོ་ཆེན་མོ་དང་། །སྟོབས་ཆེན་མི་ནག་མགོ་གསུམ་ལ། །གཏོར་མ་གླུད་དང་གསེར་སྐྱེམས་འབུལ། །ཐོན་ལྟས་
བརྒྱད་ཅུ་རྩ་གཅིག་དེ། །དེ་རིང་བསྒྱུར་ཞིང་བཟློག་ཏུ་གསོལ། །བཙན་པོའི་ཁ་ཡོག་ལྟས་ངན་སྒྱུར། །འཕེན་པོའི་མི་གཡང་ཉམས་པ་སྒྱུར། །ཕྱུག་པོའི་ནོར་སྒོ་བྱེ་བ་སྒྱུར། །དགྲ་སྣ་དམག་སྣ་ལྟས་ངན་སྒྱུར། །ལྟས་ངན་བརྒྱད་ཅུ་རྩ་གཅིག་རྣམས། །དེ་རིང་བཟློག་བསྒྱུར་ཕྲིན་ལས་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ༔བྷྱོ༔ཟློག་ཟློག །རྣམ་མོའི་ཐན་སྒྱུར་རྫོགས་སོ།། །། ༈ ནག་པོ་མགོ་གསུམ་གྱི་བྱང་བཀྲ་བཅུ་གསུམ་བཞུགས་སོ།། ཧཱུྃ། ང་ནི་འཕགས་པ་འཇམ་དཔལ་སྐུ། །ང་ནི་ཀོང་ཙེ་འཕྲུལ་གྱི་རྒྱལ། །འཕགས་པ་འཇམ་དཔལ་བཀའ་བྱུང་བས། །ནག་པོ་མགོ་གསུམ་འཁོར་བཅས་རྣམས། །བཀའ་དང་དམ་ལ་མ་འདའ་ཞིག །བསྔོས་པའི་གླུད་མདོས་འདི་བཞེས་ལ། །མ་འདའ་མ་འདའ་དམ་མ་འདའ། །དམ་ཚིག་འདི་ནི་གཙང་ལགས་སོ། །འཚོགས་པ་ཐམས་ཅད་ནོར་གྱིས་འབྱིན། །གླུད་མདོས་དམ་པ་རྒྱན་ཅན་འདི། །དར་སྟག་འབྲུ་སྣ་ཤེལ་ཚིགས་དང་། །སྟོང་གསུམ་ཙམ་གྱི་མདོས་ཆེན་འདི། །ཡོན་བདག་ཚེ་སྲོག་བསླུ་བའི་མདོས། །མི་ཁ་བྲ་མཆུ་བསྒྱུར་བའི་མདོས། །སྐག་པོ་ཆེ་རྣམས་བསྒྱུར་བའི་
མདོས། །བྱད་ཁ་ཕུར་ཁ་སྒྱུར་བའི་མདོས། །ནད་ཁ་ཡམས་ཁ་ཟློག་པའི་མདོས། །གྱོད་སྣ་དམག་སྣ་ཟློག་པའི་མདོས། །སྒྱུར་ཅིག་ལྷ་འདྲེའི་བྱད་ཁ་སྒྱུར། །ཤ་ཁྲག་དམར་གྱི་གཏོར་མ་དང་། །འདོད་ཡོན་མཆོད་པ་བསམ་མི་ཁྱབ། །སྤྱན་གཟིགས་གཏོར་མ་མཐེབ་ཀྱུ་དང་། །དམིགས་གླུད་བསགས་པ་བསམ་མི་ཁྱབ། །འདི་འདྲའི་གླུད་མདོས་བརྒྱན་ཅན་འདི། །སྣང་སྲིད་ལྷ་འདྲེ་མདོས་ཀྱིས་མཆོད། །རྐང་འགྲོས་གཟུགས་བརྙན་མདོས་ལ་འབུལ། །དང་པོ་གནམ་མཐའ་ལྕགས་ཀྱིས་བསྐོར། །ས་མཐའ་དེ་ནི་ཟངས་ཀྱིས་བསྐོར། །གནམ་ས་དེ་གཉིས་སྲིད་པའི་བུ། །ཐབས་དང་ཤེས་རབ་ངང་ཉིད་ལ། །གནམ་བདུད་ལོ་གཤེད་བཅུ་གཉིས་དང་། །ས་བདུད་ལོ་གཤེད་བཅུ་གཉིས་དང་། །ལོ་བདུད་ལོ་གཤེད་བཅུ་གཉིས་དང་། །གཙུག་ལག་གནོད་པའི་སྐག་བསྒྱུར་ཏེ། །དེ་རིང་སྲིད་པའི་ལྷ་འདྲེ་ལ། །བྱང་བཀྲ་བཅུ་གསུམ་འབུལ་བ་ནི། །སྟོད་ཀྱི་རྩེ་མོ་ཟུར་གསུམ་ནི། །ཡོན་བདག་ལུས་ངག་ཡིད་གསུམ་གླུད། །སྨད་ཀྱི་རྐང་པ་ཟུར་གསུམ་ནི། །ཡོན་བདག་བྲན་གཡོག་འཁོར་བཅས་གླུད། །རྒྱབ་ཀྱི་ཁྲམ་ཤིང་བཅོ་
བརྒྱད་འདི། །ཡོན་བདག་ཁམས་ཆེན་བཅོ་བརྒྱད་གླུད། །སྟོད་ཀྱི་མཁའ་གསང་ལྷ་མོ་རིས། །ཡོན་བདག་ཕུང་ཁམས་ལྔ་ཡི་གླུད། །ནང་གི་ལོ་འགྲོས་བཅུ་གཉིས་ནི། །ཡོན། བདག་སྐྱེ་མཆེད་བཅུ་གཉིས་གླུད། །སྟོད་ཀྱི་ཅོག་བུ་དམར་ནག་ནི། །བདུད་རྗེ་བདུད་བློན་བཅུ་གཉིས་དང་། །བདུད་རིགས་རྣམས་ཀྱིས་དཔང་མཛོད་ཅིག །མཚམས་ཀྱི་ཅོག་བུ་དམར་ནག་བཅུ་གཉིས་འདི། །དམུ་རྗེ་དམུ་བློན་རྣམས་ཀྱིས་དཔང་མཛོད་ཅིག །བཙན་ཁྲམ་བདུད་ཁྲམ་ལ་སོགས་ཀྱི། །བཙན་བདུད་རྣམས་ཀྱིས་དཔང་མཛོད་ཅིག །ཤར་ཕྱོགས་ཁྲམ་ཤིང་དཀར་པོ་འདིས། །དྲི་ཟའི་གདུག་པ་དགྲ་ལ་སྒྱུར། །ལྷོ་ཕྱོགས་ཁྲམ་ཤིང་སེར་པོ་འདིས། །གཤིན་རྗེའི་གདུག་པ་དགྲ་ལ་སྒྱུར། །ནུབ་ཕྱོགས་ཁྲམ་ཤིང་སྔོན་པོ་འདིས། །ཀླུ་ཡི་གདོན་ཚོགས་དགྲ་ལ་སྒྱུར། །བྱང་ཕྱོགས་ཁྲམ་ཤིང་དམར་པོ་འདིས། །གནོད་སྦྱིན་གདོན་ཚོགས་དགྲ་ལ་སྒྱུར། །རྐྱེན་ངན་བར་ཆད་ཐམས་ཅད་སྒྱུར། །ཀྱི༔ བདུད་ཀྱི་ཁྲོ་རྒྱལ་ཆེན་པོ་དང་། །སྣང་སྲིད་ལྷ་འདྲེ་ཁྱེད་རྣམས་ལ། །བྱང་བཀྲ་བཅུ་གསུམ་འབུལ་བ་ནི། །སྟོད་ཀྱི་སྤྲིན་ཆེན་ལྡིང་བ་འདི། །ཉི་མ་ཟླ་བ་གཟའ་སྐར་
བཅས། །སྐར་བདུད་བཅུ་གསུམ་དཔང་མཛོད་ཅིག །བར་གྱི་ལོ་རིས་བཅུ་གསུམ་སྟེ། །ལོ་བདུད་ལོ་གཤེད་རྣམས་ལ་འབུལ། །ཡོན་བདག་ལོ་གཤེད་བཟློག་ཏུ་གསོལ། །ཀྱཻ། རྒྱལ་པོ་བྱི་བའི་ལོ་འདི་ལ། །ལུས་པོ་མི་ཡི་ལུས་པོ་ལ། །མགོ་བོ་བྱི་བའི་མགོ་བོ་ཅན། །མཇུག་མ་སྦྲུལ་དུ་འདུག་པ་ལ། །ལག་པ་བྱ་ཁྱུང་སྡེར་མོ་ཅན། །བདུད་པོ་རེ་སྡེ་མགོ་ཉག་ལ། །ཡོན་གྱི་བདག་པོའི་གླུད་དུ་འབུལ། །མིའུ་རིན་ཆེན་གླུད་ཀྱིས་བསླུ། །གཤེད་མ་བདུད་ཀྱི་དལ་ཁ་ཟློག །བརྟུལ་ཞུགས་གླང་གི་ལོ་འདི་ལ། །ལུས་པོ་མི་ཡི་ལུས་པོ་ལ། །མགོ་བོ་གླང་གི་མགོ་བོ་ཅན། །མཇུག་མ་སྦྲུལ་དུ་འདུག་པ་ལ། །ལག་པ་བྱ་ཁྱུང་སྡེར་མོ་ཅན། །བདུད་རྒྱལ་གཤེད་ཀྱི་རྒྱལ་པོ་ལ། །ཡོན་གྱི་བདག་པོའི་གླུད་དུ་འབུལ། །མིའུ་རིན་ཆེན་གླུད་ཀྱིས་བསླུ། །གཤེད་མ་བདུད་ཀྱི་དལ་ཁ་ཟློག །གདུག་པ་སྟག་གི་ལོ་འདི་ལ། །ལུས་པོ་མི་ཡི་ལུས་པོ་ལ། །མགོ་བོ་སྟག་གི་མགོ་བོ་ཅན། །མཇུག་མ་སྦྲུལ་དུ་འདུག་པ་ལ། །ལག་པ་བྱ་ཁྱུང་སྡེར་མོ་ཅན། །བདུད་པོ་ཁང་སྟོང་འདྲེ་ཡུག་ལ། །ཡོན་གྱི་བདག་པོའི་གླུད་དུ་འབུལ། །མིའུ་རིན་
རྟ་ཡི་མགོ་བོ་ཅན། །མཇུག་མ་སྦྲུལ་དུ་འདུག་པ་ལ། །ལག་པ་བྱ་ཁྱུང་སྡེར་མོ་ཅན། །བདུད་པོ་མ་རྔམས་ཁོལ་པོ་ལ། །ཡོན་གྱི་བདག་པོའི་གླུད་དུ། །མིའུ་རིན་ཆེན་གླུད་ཀྱིས་བསླུ། །གཤེད་མ་བདུད་ཀྱི་དལ་ཁ་ཟློག །གཡང་ཅན་ལུག་གི་ལོ་འདི་ལ། །ལུས་པོ་མི་ཡི་ལུས་པོ་ལ། མགོ་བོ་ལུག་གི་མགོ་བོ་ཅན། །མཇུག་མ་སྦྲུལ་དུ་འདུག་པ་ལ། །ལག་པ་བྱ་ཁྱུང་སྡེར་མོ་ཅན། །བདུད་པོ་ཁྲོ་རྒྱལ་ཆེན་པོ་ལ། །ཡོན་གྱི་བདག་པོའི་གླུད་དུ་འབུལ། །མིའུ་རིན་ཆེན་གླུད་ཀྱིས་བསླུ། །གཤེད་མ་བདུད་ཀྱི་དལ་ཁ་ཟློག །འདུ་མོ་སྤྲེལ་གྱི་ལོ་འདི་ལ། །ལུས་པོ་མི་ཡི་ལུས་པོ་ལ། །མགོ་བོ་སྤྲེལ་གྱི་མགོ་བོ་ཅན། །མཇུག་མ་སྦྲུལ་དུ་འདུག་པ་ལ། །ལག་པ་བྱ་ཁྱུང་སྡེར་མོ་ཅན། །བདུད་རྒྱལ་རྔམས་སྟོབས་ཆེན་པོ་ལ། །ཡོན་གྱི་བདག་པོའི་གླུད་དུ་འབུལ། །མིའུ་རིན་ཆེན་གླུད་ཀྱིས་བསླུ། །གཤེད་མ་བདུད་ཀྱི་དལ་ཁ་ཟློག །འདབ་ཆགས་བྱ་ཡི་ལོ་འདི་ལ། །ལུས་པོ་མི་ཡི་ལུས་པོ་ལ། །མགོ་བོ་བྱ་ཡི་མགོ་བོ་ཅན། །མཇུག་མ་སྦྲུལ་དུ་འདུག་པ་ལ། །ལག་པ་བྱ་ཁྱུང་སྡེར་མོ་ཅན། །བདུད་རྒྱལ་ཟ་བྱེད་ཆེན་
ཆེན་གླུད་ཀྱིས་བསླུ། །གཤེད་མ་བདུད་ཀྱི་དལ་ཁ་ཟློག །འཚང་ཆེན་ཡོས་བུའི་ལོ་འདི་ལ། །ལུས་པོ་མི་ཡི་ལུས་པོ་ལ། །མགོ་བོ་ཡོས་བུ་མགོ་བོ་ཅན། །མཇུག་མ་སྦྲུལ་དུ་འདུག་པ་ལ། །ལག་པ་བྱ་ཁྱུང་སྡེར་མོ་ཅན། །བདུད་པོ་མང་ཤོང་ནག་པོ་ལ། །ཡོན་གྱི་བདག་པོའི་གླུད་དུ་འབུལ། །མིའུ་རིན་ཆེན་གླུད་ཀྱིས་བསླུ། །གཤེད་མ་བདུད་ཀྱི་དལ་ཁ་ཟློག །གཏུམ་ཆེན་འབྲུག་གི་ལོ་འདི་ལ། །ལུས་པོ་མི་ཡི་ལུས་པོ་ལ། །མགོ་བོ་འབྲུག་གི་མགོ་བོ་ཅན། །མཇུག་མ་སྦྲུལ་དུ་འདུག་པ་ལ། །ལག་པ་བྱ་ཁྱུང་སྡེར་མོ་ཅན། །བདུད་པོ་ཁྲོ་རྒྱལ་ཆེན་པོ་ལ། །ཡོན་གྱི་བདག་པོའི་གླུད་དུ་འབུལ། །མིའུ་རིན་ཆེན་གླུད་ཀྱིས་བསླུ། །གཤེད་མ་བདུད་ཀྱི་དལ་ཁ་ཟློག །ཞེ་སྡང་སྦྲུལ་གྱི་ལོ་འདི་ལ། །ལུས་པོ་མི་ཡི་ལུས་པོ་ལ། །མགོ་བོ་སྦྲུལ་གྱི་མགོ་བོ་ཅན། །མཇུག་མ་སྦྲུལ་དུ་འདུག་པ་ལ། །ལག་པ་བྱ་ཁྱུང་སྡེར་མོ་ཅན། །བདུད་རྒྱལ་མྱུར་བ་ལག་རིང་ལ། ཡོན་གྱི་བདག་པོའི་གླུད་དུ་འབུལ། །མིའུ་རིན་ཆེན་གླུད་ཀྱིས་བསླུ། །གཤེད་མ་བདུད་ཀྱི་དལ་ཁ་ཟློག །མགྱོགས་པ་རྟ་ཡི་ལོ་འདི་ལ། །ལུས་པོ་མི་ཡི་ལུས་པོ་ལ། །མགོ་བོ་
པོ་ལ། །ཡོན་གྱི་བདག་པོའི་གླུད་དུ་འབུལ། །མིའུ་རིན་ཆེན་གླུད་ཀྱིས་བསླུ། །གཤེད་མ་བདུད་ཀྱི་དལ་ཁ་ཟློག །ཕྲག་དོག་ཁྱི་ཡི་ལུས་འདི་ལ། །ལུས་པོ་མི་ཡི་ལུས་པོ་ལ། །མགོ་བོ་ཁྱི་ཡི་མགོ་བོ་ཅན། །མཇུག་མ་སྦྲུལ་དུ་འདུག་པ་ལ། །ལག་པ་བྱ་ཁྱུང་སྡེར་མོ་ཅན། །བདུད་རྒྱལ་རྟ་ཡང་ཆེན་པོ་ལ། །ཡོན་གྱི་བདག་པོའི་གླུད་དུ་འབུལ། །མིའུ་རིན་ཆེན་གླུད་ཀྱིས་བསླུ། །གཤེད་མ་བདུད་ཀྱི་དལ་ཁ་ཟློག །དུར་མོ་ཕག་གི་ལོ་འདི་ལ། །ལུས་པོ་མི་ཡི་ལུས་པོ་ལ། །མགོ་བོ་ཕག་གི་མགོ་བོ་ཅན། །མཇུག་མ་སྦྲུལ་དུ་འདུག་པ་ལ། །ལག་པ་བྱ་ཁྱུང་སྡེར་མོ་ཅན། །བདུད་རྒྱལ་ཡོར་མོ་འགྲམ་རིང་ལ། །ཡོན་གྱི་བདག་པོའི་གླུད་དུ་འབུལ། །མིའུ་རིན་ཆེན་གླུད་ཀྱིས་བསླུ། །གཤེད་མ་བདུད་ཀྱི་དལ་ཁ་ཟློག །མི་ལུས་སྦལ་པའི་མགོ་བོ་ཅན། །མཇུག་མ་སྦྲུལ་དུ་འདུག་པ་ལ། །ལག་པ་བྱ་ཁྱུང་སྡེར་མོ་ཅན། །ས་བདག་རྒྱལ་པོ་འཁོར་བཅས་ལ། །ཡོན་གྱི་བདག་པོའི་གླུད་དུ་འབུལ། །མིའུ་རིན་ཆེན་གླུད་ཀྱིས་བསླུ། །གཤེད་མ་བདུད་ཀྱི་དལ་ཁ་ཟློག །དེ་འདྲའི་བྱང་བཀྲ་བཅུ་གསུམ་འདི། །སྲིད་པའི་ལྷ་འདྲེ་རྣམས་ལ་
འབུལ། །སྣང་སྲིད་ལྷ་འདྲེས་དཔང་མཛོད་ཅིག །ཀྱཻ། ཕོ་བདུད་བཅུ་གསུམ་གཡས་སུ་སྒྱུར། །མོ་བདུད་བཅུ་གསུམ་གཡོན་དུ་སྒྱུར། །ཆུང་བདུད་བཅུ་གསུམ་ཐད་དུ་སྒྱུར། །སྤྱི་བདུད་བཅུ་གསུམ་མཁའ་ལ་སྒྱུར། །བདུད་སྣ་བཅུ་གསུམ་སྟག་སྣ་ཟློག །བཙན་སྣ་བསྒྱུར་ལ་ཁྲམ་སྣ་ཟློག །བྱད་ཁ་ཟློག་ཅིག་རིམས་ཁ་སྒྱུར། །མིའུ་རིན་ཆེན་གླུད་ཀྱིས་བསླུ། །གཤེད་མ་བདུད་ཀྱི་དལ་ཁ་ཟློག །སྔགས་འཆང་བདག་གིས་བསྔོས་པ་ཡིས། །གླུད་མདོས་དམ་པ་རྒྱན་ཅན་འདི། །འགྲོ་བ་རིགས་དྲུག་གླུད་དུ་འབུལ། །གླུད་བདག་ཆེན་པོས་གླུད་ལོངས་ཤིག །མདོས་བདག་ཆེན་པོས་མདོས་བཞེས་ཤིག །བུ་ལོན་ལན་ཆགས་བྱང་གྱུར་ཅིག །རྐྱེན་ངན་བར་ཆད་ཐམས་ཅད་ཟློག །བདག་དང་ཡོན་བདག་འཁོར་བཅས་ཀྱི། །ད་ལྟ་འཆི་བའི་མི་ཡོད་ཀྱང་། །ལོ་གསུམ་བར་དུ་བཤོལ་ཐོབ་ཅིག །སྲིད་པའི་ཁྲམ་མདོས་ཆེན་པོ་འདི། །མི་ཁ་བྲ་མཆུ་དགྲ་ལ་སྒྱུར། །ཟླ་སྐག་ཞག་གཤེད་དགྲ་ལ་སྒྱུར། །མི་ཁ་ཟློག་ཅིག་ཁྲམ་ཁ་སྒྱུར། །དགྲ་སྣ་སྒྱུར་ཅིག་ཡམས་སྣ་ཟློག །ཕོ་བརྒྱ་འབངས་ཀྱི་ལྟས་ངན་ཟློག །མོ་བརྒྱ་བྲན་གྱི་
གིང་ལོང་ཟློག །ཕ་སྤུན་ངན་པའི་དུག་གཡོས་ཟློག །མདའ་དང་མདུང་གི་མཚོན་སྣ་སྒྱུར། །དཔལ་གྱི་རི་བོ་འགྱེལ་བ་སྒྱུར། །སྲིད་ཀྱི་མཚོ་མོ་སྐམ་པ་ཟློག །ལོ་དགྲ་བཙའ་སད་སེར་གསུམ་སྒྱུར། །ཤར་ཕྱོགས་སྟག་དང་ཡོས་བུའི་ལོ། །ཤར་དྲི་ཟའི་གདུག་པོ་དགྲ་ལ་སྒྱུར། །ལྷོ་ཕྱོགས་རྟ་དང་སྦྲུལ་གྱི་ལོ། །ལྷོ་ཕྱོགས་གཤིན་རྗེའི་གདུག་པ་དགྲ་ལ་སྒྱུར། །ནུབ་ཕྱོགས་བྱ་དང་སྤྲེལ་གྱི་ལོ། །ནུབ་ཀླུ་བདུད་གདུག་པ་དགྲ་ལ་སྒྱུར། །བྱང་ཕྱོགས་ཕག་དང་བྱི་བའི་ལོ། །བྱང་གནོད་སྦྱིན་གདུག་པ་དགྲ་ལ་སྒྱུར། །བྱང་ཤར་གཤེད་འདྲེ་གླང་གི་ལོ། །བྱང་ཤར་གཤེད་འདྲེ་དགྲ་ལ་སྒྱུར། །ཤར་ལྷོའི་གཤེད་འདྲེ་འབྲུག་གི་ལོ། ཤར་ལྷོའི་གཤེད་འདྲེ་དགྲ་ལ་སྒྱུར། །ལྷོ་ནུབ་གཤེད་འདྲེ་ལུག་གི་ལོ། །ལྷོ་ནུབ་གཤེད་འདྲེ་དགྲ་ལ་སྒྱུར། །ནུབ་བྱང་གཤེད་འདྲེ་ཁྱི་ཡི་ལོ། །ནུབ་བྱང་གཤེད་འདྲེ་དགྲ་ལ་སྒྱུར། །ཧཱུཾ། གདུག་པའི་ལོག་འདྲེན་ཐམས་ཅད་ཀུན། །སྡང་བར་བྱེད་པའི་དགྲ་ལ་སྒྱུར། །ཧཱུཾ། ནག་པོ་མགོ་གསུམ་འཁོར་བཅས་ལ། །བྱང་བཀྲ་རྒྱང་བུ་ལོ་རིས་དང་། །གཏོར་མ་ཤ་དང་མཐེབ་སྐྱུ་འབུལ། །དགྲ་བགེགས་གདུག་རྩུབ་ཞི་བར་
མཛོད། །མི་ཁ་ཁྲམ་སྣ་དགྲ་ལ་སྒྱུར། །ཐན་དང་ཆོ་འཕྲུལ་དགྲ་ལ་སྒྱུར། །ཧཱུྃ། ས་བདག་རྒྱལ་པོའི་གླུད་མདོས་འདི། །གདུག་བྱེད་བདུད་ཀྱི་ཆོ་འཕྲུལ་སྒྱུར། །སྡེ་བརྒྱད་གདུག་པ་བཟློག་ཏུ་གསོལ། །སྲོག་ལ་དགྲ་ཞུགས་སྲོག་བདུད་དགྲ་ལ་སྒྱུར། །ཚེ་ལ་དགྲ་དར་ཚེ་བདུད་སྒྱུར། །རྒྱལ་འབངས་ཡོངས་ཀྱི་སྐག་བདུད་སྒྱུར། །ཡུལ་ཕྱོགས་དགྲ་སྲི་ལང་བ་སྒྱུར། །མི་ཁ་ཁྱོད་རྐྱེན་དགྲ་ལ་སྒྱུར། །ཨོཾ་ཧ་ས་གནྟུ་མཱ་ར་ཡ་ཕཊ། དགྲ་བགེགས་མི་ཁ་བྱད་ཁ་ལོ་བདུད་དགྲ་གཤེད་ཐམས་ཅད་སྒྱུར་སྒྱུར༔ ཟློག་ཟློག །བྱང་བཀྲའི་འཁྲུགས་ཆོག་རྫོགས་སོ།། །།ཤེས་རབ་སྙིང་པོ་འདོན་པ་གལ་ཆེ། མི་ནག་མགོ་གསུམ་གྱི་རྩང་གྱེར་བཞུགས་སོ།། ཧཱུྃ། ང་ནི་འཕགས་པ་འཇམ་དཔལ་ཡིན། །ཁྲོས་པ་ཡབ་གཅིག་གཤིན་རྗེ་ཡིན། །ཟློག་སྒྱུར་བྱེད་པའི་བདག་པོ་ཡིན། །ཉོན་ཅིག་སྣང་སྲིད་ལྷ་འདྲེ་ཉོན། །ཧཱུྃ་བྷྱོ་ཛཿ དྲག་པོ་རྩང་དང་ཕུར་པའི་ལྷ། །སྲིད་པ་ལས་ཀྱི་མདོས་བཤམས་ནས། །མཐའ་མ་ལྕགས་རི་ནག་པོས་བསྐོར། །ལྕགས་རི་ནག་པོའི་མུ་ཁྱུད་ལ། །དྲག་པོ་ལས་ཀྱི་རྩང་ཕུར་བཙུགས། །ཞེ་སྡང་མཚོན་ཆར་བྱིན་
གྱིས་རློབས། །རྩང་སྟོད་མེ་འབར་ལྷབས་སེ་ལྷབ། །བཙན་དམག་ལས་བྱེད་ཤོ་ར་ར། །རྩང་སྨད་མུན་ནག་ཐིབས་སེ་ཐིབི། །བདུད་དམག་བྲོ་བརྡུང་ཁྲིགས་སེ་ཁྲིག །བདུད་བཙན་དམག་སྣ་དགྲ་ལ་འགྱེད། །རྐེད་པ་རྒྱ་མདུད་ཁོང་སེང་ནས། །ཁྲོ་བོའི་འབྲུག་སྒྲ་འུ་རུ་རུ། །དྲག་པོའི་ཕྲིན་ལས་མཛད་ཙམ་ན། །ཞེ་སྡང་རྩང་ཕུར་བཞེངས་སུ་གསོལ། །ཧཱུཾ། དང་པོ་རྩང་བྱུང་གང་ནས་བྱུང་། །རྩང་ཕུར་མུ་སྟེགས་ཡུལ་ནས་བྱུང་། །མུ་སྟེགས་ཡུལ་གྱི་ལྷོ་ནུབ་ཏུ། །དུར་ཁྲོད་ཆེན་པོའི་མཐའ་མ་རུ། །གདུག་པའི་སྐྱེར་པ་ཕུང་གཅིག་སྐྱེས། །དེ་ལ་ལྷ་འདྲེ་མང་པོ་གནས། །གཤིན་རྗེ་ལས་ཀྱི་གྲུབ་སྔགས་ཡིས། །སྤུ་གྲི་ངར་མའི་ཕྱག་ཆ་བསྣམས། །གདུག་པའི་སྐྱེར་ཕུང་རྩ་བ་བཅད། །རྩ་བཅད་རྩེ་བཞོགས་གཉིས་ཀ་བྱས། །ཚད་ནི་གྲུ་གང་ཚོན་གང་བྱས། །རྩེ་མོ་ཟུར་གསུམ་སྐུ་གསུང་ཐུགས། །རྩ་བ་ཟུར་གསུམ་དབལ་ཕུར་བྱས། །ཛདང་བྷྱོ་ཡི་ཡི་གེ་བྲིས། །གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ན། །རྣལ་འབྱོར་སྔགས་འཆང་ལས་གྲུབ་པས། །སྤྲུལ་པའི་ཕོ་ཉར་བྱིན་གྱིས་བརླབས། །ཁྲོ་བོ་ཆེན་པོར་བསྔགས་
ལགས་ཀྱི། །མཚོན་གྱི་སྤྲུལ་པར་ཕྱག་རྒྱུར་གསལ། །གདུག་པ་འདུལ་ཕྱིར་རྩེ་མོ་དབལ་དང་ལྡན། །རྩང་ཕུར་རྩེ་མོ་ཆོས་ཀྱི་དབྱིངས་སུ་འགྱེད། །མར་གྱི་རྩེ་མོར་དུར་ཁྲོད་སོལ་བས་བྱུག །འཇིགས་པའི་མུན་ནག་ཐིབས་སེ་ཐིབ། །དེ་འདྲའི་རྩང་ཕུར་བཞེངས་སུ་གསོལ། །ཡར་གྱི་རྩེ་མོ་ཆོས་ཉིད་དབྱིངས་སུ་འཕྱོ། །ལྷ་མ་ཡིན་གྱི་ཁ་རླངས་གཏོང་བ་དང་། །མི་མ་ཡིན་གྱི་ཆོ་འཕྲུལ་བྷྱོ་ཐུན་བྷྱོ༔ །མར་གྱི་རྩེ་མོ་དུར་ཁྲོད་གནས་སུ་ཟུག །དལ་ཡམས་མི་ཁ་ཐམས་ཅད་བསྒྱུར་དུ་གསོལ། །རྐེད་པ་རྒྱ་མདུད་ཁམས་གསུམ་དབང་དུ་སྡུད། །དགྲ་འདྲེ་མི་ཁ་ལྟས་ངན་བསྒྱུར་དུ་གསོལ། །ཧཱུྃ་བྷྱོ་ཛཿ རྩང་སྟོད་རྩེ་མོ་གདུག་པའི་མེ་ལྟར་འབར། །ལྷ་མ་ཡིན་གྱི་ཁ་རླངས་གཏོང་བ་དང་། །མི་མ་ཡིན་གྱི་ཆོ་འཕྲུལ་བྷྱོ༔ཐུན་བྷྱོ༔ །མར་གྱི་རྩེ་ལ་ཞེ་སྡང་ཆུ་ལྟར་ཁོལ། །དལ་ཡམས་མི་ཁ་བསྒྱུར་དུ་གསོལ། །རྐེད་པ་རྒྱ་མདུད་ལྷ་ཡི་ཕོ་ཉ་འགྱེད། །དགྲ་འདྲེའི་མི་ཁ་ལྟས་ངན་བསྒྱུར་དུ་གསོལ། །ཧཱུྃ་བྷྱོ་ཛཿ ཡར་གྱི་རྩེ་ལ་དྲག་པོའི་འབྲུག་སྒྲ་སྒྲོག །ལྷ་དང་ལྷ་མིན་ཁ་རླངས་གཏོང་བ་དང་། །མི་མ་ཡིན་གྱི་ཆོ་འཕྲུལ་བྷྱོ༔ཐུན་བྷྱོ༔ །
མར་གྱི་རྩེ་ལ་ལྕགས་ཀྱི་སྤྱང་མོ་ངུ། །དལ་ཡམས་མི་ཁ་བསྒྱུར་དུ་གསོལ། །རྒྱ་མདུད་ནང་དུག་སྦྲུལ་ནག་མདུད་པ་བཅའ། །དགྲ་འདྲེ་མི་ཁ་ལྟས་ངན་བསྒྱུར་དུ་གསོལ། །ཧཱུྃ་བྷྱོ་ཛཿ ཡར་གྱི་རྩེ་ལ་གཡུ་ཡི་ཁུ་བྱུག་གྲག །ལྷ་མ་ཡིན་ཁ་རླངས་གཏོང་བ་དང་། །མི་མ་ཡིན་གྱི་ཆོ་འཕྲུལ་བྷྱོན་བྷྱོ༔ །མར་གྱི་རྩེ་ལ་སྦྲུལ་ནག་མདུད་པ་བཅའ། །དལ་ཡམས་མི་ཁ་བསྒྱུར་དུ་གསོལ། །སྐེད་པ་རྒྱ་མདུད་མི་ཁའི་ཕོ་ཉ་རེ། །དགྲ་འདྲེ་མི་ཁ་ལྟས་ངན་བསྒྱུར་དུ་གསོལ། །ཧཱུྃ་བྷྱོ་ཛཿ ཡར་གྱི་རྩེ་ལ་དུང་སེང་རལ་པ་བསིགས། །ལྷ་མ་ཡིན་གྱི་ཁ་རླངས་གཏོང་བ་དང་། །མི་མ་ཡིན་གྱི་ཆོ་འཕྲུལ་བྷྱོ༔ཐུན་སྦྱོ། །མར་གྱི་རྩེ་ལ་འཇིགས་པའི་དྲེད་མོང་རྔམ། །དལ་ཡམས་མི་ཁ་བསྒྱུར་དུ་གསོལ། །རྒྱ་མདུད་ནང་དུ་སྲིན་པོའི་གྲོང་ཁྱེར་བཅའ། །དགྲ་འདྲེ་མི་ཁ་ལྟས་ངན་བསྒྱུར་དུ་གསོལ། །ཧཱུྃ་བྷྱོ་ཛཿ ཡར་གྱི་རྩེ་ལ་བསེ་ཡི་བྱ་གླག་འཇུམ། །ལྷ་མ་ཡིན་གྱི་ཁ་རླངས་གཏོང་བ་དང་། །མི་མ་ཡིན་གྱི་ཆོ་འཕྲུལ་བྷྱོ༔ཐུན་བྷྱོ༔ །མར་གྱི་རྩེ་ལ་ཟངས་ཀྱི་འཕར་བ་རྒྱུག །དལ་ཡམས་མི་ཁ་བསྒྱུར་དུ་གསོལ། །རྒྱ་མདུད་ནང་དུ་ཞེ་སྡང་རླུང་དམར་འཚུབ། །དགྲ་འདྲེ་
མི་ཁ་ལྟས་ངན་བསྒྱུར་དུ་གསོལ། །ཧཱུྃ་བྷྱོ་ཛཿ ཡར་གྱི་རྩེ་ལ་ལྟས་ངན་འུག་པ་རྒོད། །ལྷ་མ་ཡིན་གྱི་ཁ་རླངས་གཏོང་བ་དང་། །མི་མ་ཡིན་གྱི་ཆོ་འཕྲུལ་བྷྱོ༔ཐུན་བྷྱོ༔ །མར་གྱི་རྩེ་ལ་ལྕགས་ཀྱི་ཕག་རྒོད་ངུར། །དལ་ཡམས་མི་ཁ་བསྒྱུར་དུ་གསོལ། །རྒྱ་མདུད་ནང་དུ་ལྕགས་ཀྱི་སྡིག་པ་ངར། །དགྲ་འདྲེ་མི་ཁ་ལྟས་ངན་བསྒྱུར་དུ་གསོལ། །ཧཱུྃ་བྷྱོ་ཛཿ ཡར་གྱི་རྩེ་ལ་དུང་གི་བྱ་རྒོད་ལྡིང་། །ལྷ་མ་ཡིན་གྱི་ཁ་རླངས་གཏོང་བ་དང་། །མི་མ་ཡིན་གྱི་ཆོ་འཕྲུལ་བྷྱོ༔ཐུན་བྷྱོ༔ །མར་གྱི་རྩེ་ལ་དཔའ་གཏུམ་སྟག་མོ་ངར། །དལ་ཡམས་མི་ཁ་བསྒྱུར་དུ་གསོལ། །རྒྱ་མདུད་ནང་དུ་རྒྱ་གྲོག་དམར་ནག་འཁྲུགས། །དགྲ་འདྲེའི་མི་ཁ་ལྟས་ངན་བསྒྱུར་དུ་གསོལ། །ཧཱུྃ་བྷྱོ་ཛཿ ཡར་གྱི་རྩེ་ལ་བསེ་ཡི་འུག་པ་རྒོད། །ལྷ་མ་ཡིན་གྱི་ཁ་རླངས་གཏོང་བ་དང་། །མི་མ་ཡིན་གྱི་ཆོ་འཕྲུལ་བྷྱོན་བྷྱོ༔ །མར་གྱི་རྩེ་ལ་ཟངས་ཀྱི་ཝ་མོ་བརྒྱལ། །དལ་ཡམས་མི་ཁ་བསྒྱུར་དུ་གསོལ། །རྒྱ་མདུད་ནང་དུ་དབལ་གྱི་ཚྭ་ཚྭ་འཕྲོ། །དགྲ་འདྲེ་མི་ཁ་ལྟས་ངན་བསྒྱུར་དུ་གསོལ། །ཧཱུྃ་བྷྱོ་ཛཿ ཡར་གྱི་རྩེ་ལ་བསེ་ཡི་བྱ་ཁྲ་འབབ། །ལྷ་མ་ཡིན་གྱི་ཁ་རླངས་
གཏོང་བ་དང་། །མི་མ་ཡིན་གྱི་ཆོ་འཕྲུལ་བྷྱོ༔ཐུན་བྷྱོ༔ །མར་གྱི་རྩེ་ལ་དོམ་ནག་རིལ་པ་གསིགས། །དལ་ཡམས་མི་ཁ་བསྒྱུར་དུ་གསོལ། །རྒྱ་མདུད་ནང་དུ་གཟིག་ཆེན་ཐིག་ལེ་ངར། །དགྲ་འདྲེ་མི་ཁ་ལྟས་ངན་བསྒྱུར་དུ་གསོལ། །ཧཱུྃ་བྷྱོ་ཛ་་ཡར་གྱི་རྩེ་ལ་དྲག་པོའི་འབྲུག་སྒྲ་སྒྲོག །ལྷ་མ་ཡིན་གྱི་ཁ་རླངས་གཏོང་བ་དང་། །མི་མ་ཡིན་གྱི་ཆོ་འཕྲུལ་བྷྱོ༔ཐུན་བྷྱོ༔ །མར་གྱི་རྩེ་ལ་བསྐལ་པའི་གློག་དམར་འཁྱུགས། །དལ་ཡམས་མི་ཁ་བསྒྱུར་དུ་གསོལ། །རྒྱ་མདུད་ནང་དུ་ལྕགས་ཀྱི་སེར་བ་འབེབས། །དགྲ་འདྲེ་མི་ཁ་ལྟས་ངན་བསྒྱུར་དུ་གསོལ། །ཧཱུྃ་བྷྱོ་ཛཿ ཡར་གྱི་རྩེ་ལ་བྱ་རོག་ཤ་འཐབ་བྱེད། །ལྷ་མ་ཡིན་གྱི་ཁ་རླངས་གཏོང་བ་དང་། །མི་མ་ཡིན་གྱི་ཆོ་འཕྲུལ་བྷྱོ༔ཐུན་བྷྱོ༔ །མར་གྱི་རྩེ་ལ་་གདུག་པའི་སྦྲུལ་ནག་འཁྲུགས། །དལ་ཡམས་མི་ཁ་བསྒྱུར་དུ་གསོལ། །རྒྱ་མདུད་ནང་དུ་གནམ་ལྕགས་ཐོག་རྒོད་འཕྲོ། །དགྲ་འདྲེ་མི་ཁ་ལྟས་ངན་བསྒྱུར་དུ་གསོལ། །ཧཱུཾ་བྷྱོ༔ཛཿ ཡར་གྱི་རྩེ་ལ་ལྷ་ཡི་ཕོ་ཉ་འགྱེད། །ལྷ་མ་ཡིན་གྱི་ཁ་རླངས་གཏོང་བ་དང་། །མི་མ་ཡིན་གྱི་ཆོ་འཕྲུལ་བྷྱོ༔ཐུན་བྷྱོ༔ །མར་གྱི་རྩེ་ལ་ཁྲག་མཚོ་དམར་ནག་འཁྲུགས། །
དལ་ཡམས་མི་ཁ་བསྒྱུར་དུ་གསོལ། །རྒྱ་མདུད་ནང་དུ་ཆོས་སྐྱོང་ལས་ལ་འགྱེད། །དགྲ་འདྲེ་མི་ཁ་ལྟས་ངན་བསྒྱུར་དུ་གསོལ། །རྩོང་ཕུར་དྲག་པོའི་ལས་ཀྱི་ཕོ་ཉ་མངག །ང་རྒྱལ་རྫུ་འཕྲུལ་རི་རབ་ཚོགས་པོར་འཕེན། །འཇིགས་པའི་སྐད་ཀྱིས་སྟོང་གསུམ་ཟིལ་གྱིས་གནོན། །མྱུར་མགྱོགས་སྟོབས་ཀྱིས་ཁམས་གསུམ་དབང་དུ་སྡུད། །སྤྲུལ་པའི་སྟོབས་ཀྱིས་རི་རབ་གླིང་བཞི་བསྐོར། །དྲག་པོའི་རྩང་ཕུར་ནམ་མཁའི་མཐའ་དང་མཉམ། །དྲག་པོའི་རྩང་ཕུར་མདོས་ཀྱི་རྒྱན་དུ་བཙུགས། །དྲག་པོ་རྩང་ཕུར་ཞེ་སྡང་མེ་ལྟར་འབར། །ཆོས་ཉིད་དྲག་པོའི་དྲྭ་བ་མིག་མང་རིས། །འཁོར་བའི་དྲྭ་བ་ཁ་སྤྱོད་ཕོ་བ་རིས། །ཉོན་མོངས་དྲྭ་བས་གནོན་ཅིང་འཐིབས་པར་བྱེད། །ཤེས་རབ་དྲྭ་བས་མ་རིག་གསལ་བར་བྱེད། །།སྤྲུལ་པའི་དྲྭ་བས་དགྲ་བགེགས་སྲོག་རྩ་གཅོད། །གདུག་རྩུབ་སྤྲུལ་པའི་དྲྭ་མིག་རེ་རེ་ལ། །དགྲ་བགེགས་གནོད་བྱེད་བཀུག་ནས་ཡང་ཡང་བསྟིམས། །དམ་ཉམས་དགྲ་བོའི་སྲོག་རྩ་གཅོད་པའི་བྱེད། །ཧཱུྃ། ཞི་བའི་ལྷ་ཚོགས་ཐུགས་དམ་བསྐུལ་བ་ནི། །ཞི་བའི་ཆུང་ཕུར་དཀར་པོ་རྩེ་མོ་ཟླུམ། །ཡར་གྱི་རྩེ་མོ་ཆོས་ཉིད་དབྱིངས་
སུ་སླེབས། །མར་གྱི་རྩེ་མོ་ངན་སོང་རྡོག་པས་ནོན། །རྐེད་པ་རྒྱ་མདུད་སྟོང་ཉིད་བྱང་ཆུབ་སེམས། །ཡར་གྱི་རྩེ་ལ་བསྐལ་པའི་མེ་དཔུང་འབར། །གདུག་རྩུབ་མེ་འབར་ལམས་སེ་ལམ། །མར་གྱི་རྩེ་ལ་ཁྲག་མཚོ་དམར་ནག་ཁོལ། །ཁྲག་མཚོ་དམར་ནག་ལམས་སེ་ལམ། །རྐེད་པ་རྒྱ་མདུད་ཟླུམ་པོ་གཞལ་ཡས་ཁང་། །མ་མོ་མཁའ་འགྲོའི་བྲོ་བརྡུང་ཁྲིགས་སེ་ཁྲིག །ཞི་བའི་རྩང་ཕུར་སྲིན་མོ་འགྲོས་སུ་བཙུགས། །རྩང་ཕུར་རྔམས་སྟབས་ཁྲིགས་སེ་ཁྲིག །རྩང་ཕུར་ཤ་ཟ་ལྗིབས་སེ་ལྗིབ། །རྩང་ཕུར་ཁྲག་འཐུང་སྙོམས་སེ་སྙིམ། །རྩང་ཕུར་རུས་འཆའ་ཆེམས་སེ་ཆེམ། །དགྲ་འདྲེ་བྱད་མའི་སྙིང་ལ་འདེབས། །ཧཱུཾ། རྒྱས་པའི་རྩང་ཕུར་གྲུ་བཞི་སེར་པོ་ལ། །ཡར་གྱི་རྩེ་ལ་རྒྱས་པའི་ལྷ་རྣམས་བཞུགས། །རྟིང་པ་དགྲ་བགེགས་སྙིང་ལ་གཟིར། །རྐེད་པ་གྲུ་བཞི་གཞལ་ཡས་ཁང་། །རྒྱས་མཛད་རྣོ་དབལ་རྩང་ཕུར་གྱི། །མར་གྱི་རྩེ་ལ་མཚལ་སྟག་དམར་པོ་མཆོངས། །རི་བཀྲ་འཛུམ་དྲུག་ཤིགས་སེ་ཤིག །དུང་གི་མཆེ་བ་ཐམས་སེ་ཐམ། །ལྕགས་ཀྱི་རལ་གསིགས་ཟིངས་སེ་ཟིང་། །རྒྱས་པའི་རྩང་ཕུར་སྲིན་མོ་འགྲོས་སུ་བཙུགས། །རྩང་ཕུར་
རྔམ་སྟབས་ཁྲིགས་སེ་ཁྲིག །རྩང་ཕུར་ཤ་ཟ་ཆེམས་སེ་ཆེམ། །རྩང་ཕུར་ཁྲག་འཐུང་སྙིམས་སེ་སྟིམ། །རྩང་ཕུར་རུས་འཆའ་ཁྲུམས་སེ་ཁྲུམ། །དགྲ་བགེགས་བྱད་མའི་སྙིང་ལ་འདེབས། །ཧཱུཾ། དབང་གི་རྩང་ཕུར་ཟླ་གམ་དམར་པོ་ལ། །ཡར་གྱི་རྩེ་ལ་དབང་གི་ལྷ་ཚོགས་བཞུགས། །མར་གྱི་རྩེ་མོ་དགྲ་འདྲེའི་སྙིང་ལ་འདེབས། །རྐེད་པ་རྒྱ་མདུད་ཟླ་གམ་གཞལ་ཡས་ཁང་། །ཡར་གྱི་རྩེ་ལ་གཟིག་ཆེན་ཐིག་ལེ་ངར། །འཇིགས་པའི་རྔམ་སྟབས་འུ་རུ་རུ། །རྟིང་པར་དོམ་ནག་མཆེ་བ་གཙིགས། །དྲག་པོའི་མཆེ་གཙིགས་ཐམས་སེ་ཐམ། །རྐེད་པར་ལྕགས་ཀྱི་སྤྱང་མོ་ངུང་། །གདུག་པའི་སྤྱང་ཀུ་ལྷངས་སེ་ལྷང་། །དབང་གི་རྩང་ཕུར་སྲིན་མོ་འགྲོས་སུ་བཙུགས། །རྩང་ཕུར་རྔམ་སྟབས་ཁྲིགས་སེ་ཁྲིག །རྩང་ཕུར་ཤ་ཟ་ལྗིབས་སེ་ལྗིབ། །རྩང་ཕུར་ཁྲག་འཐུང་སྙིམས་སེ་སྟིམ། །རྩང་ཕུར་རུས་འཆའ་ཁྲུམས་སེ་ཁྲུམ། །དགྲ་བགེགས་བྱད་མའི་སྙིང་ལ་འདེབས། །ཧཱུྃ༔ དྲག་པོའི་རྩང་ཕུར་གྲུ་གསུམ་ནག་པོ་ལ། །ཡར་གྱི་རྩེ་ལ་དྲག་པོའི་ལྷ་རྣམས་བཞུགས། །རྟིང་པས་དགྲ་བགེགས་སྙིང་ལ་གཟིར། །རྐེད་པ་རྒྱ་མདུད་གྲུ་གསུམ་གཞལ་
ཡས་ཁང་། །མར་གྱི་རྩེ་ལ་བསེ་ཡི་བྱ་གླག་འཇུམ། །གླག་མོའི་ཟུག་སྐད་ཆེམས་སེ་ཆེམ། །དྲག་པོའི་སྡེར་འཛུམ་ཁྲིགས་སེ་ཁྲིག །རྟིང་པར་ལྕགས་ཀྱི་ཕོ་རོག་འགྱེད། །མི་སྡུག་འགྱོད་སྐད་ཁྲངས་སེ་ཁྲང་། །རྐེད་པར་ཐན་བྱ་འུག་པ་རྒོད། །ལྟས་ངན་འུག་རྒོད་ལྷངས་སེ་ལྷང་། །དྲག་པོའི་རྩང་ཕུར་སྲིན་མོ་འགྲོས་སུ་བཙུགས། །གསོད་བྱེད་དྲག་པོའི་རྔམ་སྟབས་ཁྲིགས་སེ་ཁྲིག །རྩང་ཕུར་ཤ་ཟ་ལྗིབས་སེ་ལྗིབ། །རྩང་ཕུར་ཁྲག་འཐུང་སྙོམས་སེ་སྟིམ། །རྩང་ཕུར་རུས་འཆའ་ཆེམས་སེ་ཆེམ། །རྩང་ཕུར་རྣོ་དབལ་ཟངས་སེ་ཟང་། །དགྲ་འདྲེ་བྱད་མའི་སྙིང་ལ་འདེབས། །ཧཱུཾ། ཞི་རྒྱས་དབང་དྲག་རྩང་ཕུར་ལ། །ཡར་གྱི་རྩེ་ལ་ཁྲོ་ཚོགས་སྤྲིན་ལྟར་གཏིབས། །མར་གྱི་རྩེ་ལ་ལས་མཁན་ས་གཞི་གང་། །རྐེད་པ་རྒྱ་མདུད་བྷྱོ་དང་ཛ་ཡིས་གང་། །རྩེ་ལ་གདུག་པའི་གློག་དམར་ཀེམས་སེ་ཀེམ། །རྐེད་པར་དྲག་པོའི་སེར་བ་ཤ་ར་ར། །རྟིང་པར་དབལ་གྱི་ཐོག་སྒྲ་ཆེམས་སེ་ཆེམ། །རྩང་ཕུར་དུག་གི་མཚོ་མོ་ཀྱི་ལི་ལི། །དམར་ནག་ཅུང་ཕུར་སྲིན་མོ་འགྲོས་སུ་བཙུགས། །དགྲ་བགེགས་བྱད་མའི་སྙིང་ལ་ཟད་ཙ་ན། །རྩང་ཕུར་རྔམ་སྟབས་
ཁྲིགས་སེ་ཁྲིག །རྩང་ཕུར་ཤ་ཟ་ལྗིབས་སེ་ལྗིབ། །རྩང་ཕུར་ཁྲག་འཐུང་ཀྱུ་རུ་རུ། །རྩང་ཕུར་རུས་འཆའ་ཁྲུམས་སེ་ཁྲུམ། །བྱད་མ་དགྲ་བགེགས་སྙིང་ལ་འདེབས། ཧཱུྃ་བྷྱོཿ དམར་ནག་དྲག་པོའི་རྩང་ཕུར་འདི། །འཇིགས་བྱེད་སྟོབས་ཀྱི་གཟུགས་དང་བཅས། །ཁྲོས་པའི་སྤྱན་གྱིས་ཕྱོགས་བཅུར་གཟིགས། །གདུག་པའི་ང་། རོས་སྟོང་གསུམ་འགེངས། །མགྱོགས་པའི་འགྲོས་ཀྱིས་སྟོང་གསུམ་བསྐོར། །འཇིགས་པའི་མཚོན་ཆས་དགྲ་སྲོག་གཅོད། །དྲག་པོའི་སྟོབས་ཀྱིས་རི་རབ་བཤིགས། །གདུག་པའི་མཚོན་གྱིས་རྒྱ་མཚོ་སྐེམས། །སྤྲུལ་པའི་ཚོགས་ཀྱིས་བར་སྣང་ཁྱབ། །ལས་མཁན་ཚོགས་ཀྱིས་དགྲ་ཤ་ཟ། །མ་མོའི་ཚོགས་ཀྱིས་དགྲ་ཁྲག་འཐུང་། །ཤ་ཟན་ཚོགས་ཀྱིས་དགྲ་རུས་འཆའ། །འཇིགས་བྱེད་དྲག་པོའི་རྩང་ཕུར་འདི། །དམ་ཉམས་དགྲ་བོ་སྡིག་ཅན་འདི། །རང་དབང་མེད་པར་ཁུག་ལ་ཤོག །ལས་ཀྱི་རླུང་གིས་རྒྱབ་ནས་དེད། །ཞེ་སྡང་མུན་པས་སྔོན་ནས་བསུས། །འཛིན་བྱེད་ལྕགས་ཀྱུས་སྙིང་ནས་དྲོངས། །ནམ་མཁའི་དབྱིངས་སུ་བསྒྲལ་དུ་གསོལ། །དམར་ནག་དྲག་པོའི་རྩང་ཕུར་འདིས། །ད་ནི་
བཟློག་པའི་དུས་ལ་བབ། །གཤིན་རྗེའི་འཁོར་ལོ་བསྐོར་བ་ཟློག །མགོན་པོས་སྦྱིན་སྲེག་བྱེད་པ་ཟློག །མ་མོའི་ཐུན་ཟོར་འཕེན་པ་ཟློག །ཡུངས་དཀར་མདའ་ལྟར་འཕེན་པ་ཟློག །བན་དེས་སྔགས་ཟོར་འཕེན་པ་ཟློག །བོན་པོས་ལྟས་ཟོར་འཕེན་པ་ཟློག །མགོན་པོས་པར་བུ་བསྐོར་བ་ཟློག །ཀླུ་བདུད་ནག་པོའི་གཏད་ཁྲམ་ཟློག །གཟའ་བདུད་ནག་པོའི་གཟེར་ནད་ཟློག །མུ་སྟེགས་ངན་སྔགས་བྱེད་པ་ཟློག །ཞང་ཞུང་ངན་པའི་ཛོ་དམར་འཕེན་པ་ཟློག །མ་མོས་ཁྲག་ནད་གཏོང་བ་ཟློག །རྒྱ་གར་དམོད་བྱེད་བྱེད་པ་ཟློག །དམར་པས་ཕྲ་མེན་གཏོང་བ་ཟློག །སུམ་པས་གླང་ཟོར་འཕེན་པ་ཟློག །བོད་ཀྱི་ཀོང་ཟོར་འཕེན་པ་ཟློག །བྲམ་ཟེས་སྔགས་རྒོད་འཕེན་པ་ཟློག །དྲི་ཟས་མྱོས་ཤིང་འཐིབ་པ་ཟློག །རྒྱལ་པོས་སྨྱོ་འབོག་གཏོང་བ་ཟློག །སྲིན་པོས་ཤ་རིས་བྱེད་པ་ཟློག །ཀླུ་ཡི་བྱད་དུ་བཅུག་པ་ཟློག །བདུད་ཀྱི་ཁྲམ་ལ་བཏབ་པ་ཟློག །བཙན་གྱི་ཞགས་པ་འདེབས་པ་ཟློག །གནོད་སྦྱིན་མཚོན་ཆ་འཁྲུགས་པ་ཟློག །རྒྱུ་སྐར་ངན་པས་གནོད་པ་ཟློག །ཐེའུ་རང་སྲི་ལ་བརྐུ་བ་ཟློག །འགོང་པོས་དབུལ་འདྲེ་བྱས་པ་ཟློག །
མཚེ་ཟོར་ཡུངས་ཟོར་འཕེན་པ་ཟློག །ཐོད་ཟོར་ཁྲག་ཟོར་འཕེན་པ་ཟློག །གཏོར་ཟོར་དུག་ཟོར་འཕེན་པ་ཟློག །གློ་བུར་ཡེ་འདྲོག་གཏོང་བ་ཟློག །ཡམས་ནད་རིམས་ནད་གཏོང་བ་ཟློག །ལོང་བ་རྒྱུ་གཟེར་མྱོས་ནད་ཟློག །ཡས་ཀྱི་བདུད་དུ་བབ་པ་ཟློག །མས་ཀྱི་སྲི་ཁ་ལང་པ་ཟློག །ཐད་དུ་བཙན་དམག་རྒྱུག་པ་ཟློག །ཕ་ཚན་མེ་ལ་ཤོར་བ་ཟློག །ཁྱིམ་མཚེས་དགྲ་རུ་ལང་བ་ཟློག །ཕ་ཁུའི་དུར་སྲི་ལང་བ་ཟློག །ཕ་བུའི་བྱུར་འདྲེ་ལང་བ་ཟློག །མ་སྲུའི་སྒབ་འདྲེ་ལང་བ་ཟློག །བྱིས་པའི་ཆུང་སྲི་ལང་བ་ཟློག །རྟ་ནད་ནོར་ནད་གོད་ཁ་ཟློག །ལོ་ནད་བཙའ་སད་སེར་གསུམ་ཟློག །དམར་ནག་རྩང་ཕུར་ནག་པོས་ཟློག །དྲག་པའི་མདོས་དང་རྩང་གིས་ཟློག །ངན་པ་བརྒྱད་ཅུ་རྩ་གཅིག་ཟློག །འཇའ་སྣ་ཁྱིམ་དུ་ཟུག་པ་ཟློག །རི་དྭགས་གྲོང་བར་འགྲིམས་པ་ཟློག །སྲིན་བྱས་ཉིན་པར་ཀུས་འདེབས་ཟློག །དུར་སྲི་ཝ་མོ་བརྒྱལ་བ་ཟློག །འུག་པས་སྒོ་ཉལ་བྱེད་པ་ཟློག །བྱ་ནག་སྦྲ་ལ་བབ་པ་ཟློག །རི་བྱས་ཁྱིམ་སྐོར་ཕྱིན་པ་ཟློག །བྱ་ཆེན་སྟེང་དུ་བབ་པ་ཟློག །རྟ་ཕོའི་འཚེར་སྡོང་བྱེད་པ་ཟློག །མཛོ་ཕོའི་ངུར་
སྡོང་བྱེད་པ་ཟློག།ཕོ་རོག་ཤ་འཐབ་བྱེད་པ་ཟློག །སྒོ་ཁྱིའི་ངུ་ཟུག་བྱེད་པ་ཟློག །ཕུ་ཡི་ཤ་ཕོ་རུ་འཛིང་ཟློག །མདའ་ཡི་ཉ་མོ་རྔ་འཛིང་ཟློག །བར་གྱི་བྱ་ནག་སྡེར་འཛིང་ཟློག །སྦྲུལ་ནག་ཁྲོས་པའི་ལྟས་ངན་ཟློག །སྦལ་ནག་ཁྱིམ་འཛུལ་ལྟས་ངན་ཟློག །བྱི་བ་ཁྱིམ་འཁུན་ལྟས་ངན་ཟློག །ནག་བྱིལ་གྱེན་དུ་འགྲོ་བ་ཟློག །སྤྲེལ་དམར་ཅོ་འཛིང་བྱེད་པ་ཟློག །བཅའ་དུམ་ལམ་རྙེད་ལྟས་ངན་ཟློག །ཡས་སྟགས་འཁོར་ལོག་བྱེད་ཟློག །དྲེལ་རྟས་རྔ་རྔོག་འཆའ་བ་ཟློག །ཁང་སྦྲའི་གདུང་མ་ཆག་པའི་ལྟས་ངན་ཟློག །ཤོ་མོང་ཁྱིམ་དུ་སྐྱེས་པ་ཟློག །ཏེ་ལོའི་གྲོང་བར་འགྲིམས་པ་ཟློག །གཡང་སྒྲོ་བྱི་བས་ཕུག་པའི་ལྟས་ངན་ཟློག །ཇུ་ཐིག་མདུད་པ་ངན་པ་ཟློག །མེ་ཉག་སོག་མོ་ངན་པ་ཟློག །རྒྱ་ཡི་ཆུ་ཞགས་ངན་པ་ཟློག །ལྷ་ཡི་བཀའ་ཆད་ངན་པ་ཟློག །ཉི་ཟླའི་འོད་ཟེར་བབ་པ་ཟློག །ལྷ་མའི་རྒྱུ་སྐར་ངན་པ་ཟློག །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །སྐག་རིགས་བདུན་བརྒྱ་ཉི་ཤུ་ཟློག །ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །ཕྱི་ཡི་མི་ཁ་བྲ་མཆུ་
ཟློག །ནང་གི་སྨྲེ་ངག་ངན་པ་ཟློག །བཟའ་ཚང་བྱེ་བྲལ་ཕུང་གྱོད་ཟློག །ནོར་གྱི་གོད་སྣ་གཅན་སྣ་ཟློག །བྷྱོ་ཟློག་དྲག་པོའི་ཕྲིན་ལས་མཛོད། །ཧཱུཾ་བྷྱོ༔ཛཿབྷྱོ༔རྩང་ཕུར་བྷྱོ༔ །དམིགས་པའི་དགྲ་འདྲེ་དེ་ལ་བྷྱོ༔ །སྡེ་བརྒྱད་དྲག་པོའི་བཟློག་མདོས་འདིས། །རྩང་ཕུར་གདུག་པའི་དམག་ལ་ཆོས། །ཛཿབྷྱོ༔མདོས་བྷྱོ༔རྩང་ཕུར་ཤར་དུ་བྷྱོ༔ །ཤར་ཕྱོགས་དགྲ་དཔུང་ཆོག་ལ་བདུད་དཔུང་ཤིག །མི་ཁ་བསྒྱུར་ལ་ལྟས་ངན་ཟློག །ནད་སྣ་ཡམས་སྣ་ལྟས་ངན་ཟློག །དགྲ་འདྲེ་མི་ཁ་ལྟས་ངན་ཟློག །བྷྱོ༔བསྒྱུར་བཟློག་པའི་ཕྲིན་ལས་མཛོད། །ཛཿབྷྱོ༔མདོས་བྷྱོརྩང་ཕུར་ལྷོ་རུ་བྷྱོ༔ །ལྷོ་ཕྱོགས་དགྲ་དཔུང་ཆོག་ལ་བདུད་དཔུང་ཤིག །མི་ཁ་བསྒྱུར་ལ་ལྟས་ངན་ཟློག །ནད་སྣ་ཡམས་སྣ་ལྟས་ངན་ཟློག །དགྲ་འདྲེ་མི་ཁ་ལྟས་ངན་ཟློག །བྷྱོབསྒྱུར་བཟློག་པའི་ཕྲིན་ལས་མཛོད། །ཛཿབྷྱོ༔མདོས་བྱོརྩང་ཕུར་ནུབ་ཏུ་བྷྱོ༔ །ནུབ་ཕྱོགས་དགྲ་དཔུང་ཆོག་ལ་བགེགས་དཔུང་ཤིག །མི་ཁ་བསྒྱུར་ལ་ལྟས་ངན་ཟློག །ནད་སྣ་ཡམས་སྣ་དལ་སྣ་ལྟས་ངན་ཟློག །དགྲ་འདྲེ་མི་ཁ་ལྟས་ངན་ཟློག །བྷྱོབསྒྱུར་བཟློག་པའི་ཕྲིན་ལས་མཛོད། །
ཛཿབྷྱོ༔མདོས་བྷྱོ༔རྩང་ཕུར་བྱང་དུ་བྷྱོ༔ །བྱང་ཕྱོགས་དགྲ་དཔུང་ཆོག་ལ་བདུད་དཔུང་ཤིག །མི་ཁ་བསྒྱུར་ལ་ལྟས་ངན་ཟློག །ནད་སྣ་ཡམས་སྣ་ལྟས་ངན་ཟློག །དགྲ་འདྲེ་རྨི་ལྟས་ངན་པ་ཟློག །བྱོབསྒྱུར་བཟློག་པའི་དྲག་པོའི་མཛོད། །ཛབྷྱོ་མདོས་བྷྱོ་རྩང་ཕུར་མཚམས་བཞིར་བྷྱོ༔ །མཚམས་བཞིའི་དགྲ་དཔུང་ཆོག་ལ་བགེགས་དཔུང་ཤིག །མི་ཁ་བསྒྱུར་ལ་ལྟས་ངན་ཟློག །ནད་སྣ་ཡམས་སྣ་དལ་ཁ་ཟློག །དགྲ་འདྲེ་མི་ཁ་ལྟས་ངན་ཟློག །བྷྱོ༔བསྒྱུར་བཟློག་པའི་ཕྲིན་ལས་མཛོད། །མདོས་ཀྱི་སྣ་དང་རྩང་གི་དཔུང་། །ཡར་གྱི་རྩེ་ལ་བསྐལ་པའི་མེ་ཆེན་འབར། །ལྷ་བཙན་སྤྲུལ་པའི་ལྟས་ངན་ཆོ་འཕྲུལ་ཟློག །མར་གྱི་རྩེ་ལ་གདུག་པའི་མུན་ནག་འཐིབས། །བདུད་དང་གཤིན་རྗེའི་ལྟས་ངན་ཆོ་འཕྲུལ་ཟློག །རྐེད་པ་རྒྱ་མདུད་ཛདང་བྷྱོཡིས་བརྒྱན། །བརྒྱད་ཅུ་རྩ་གཅིག་ལྟས་ངན་མ་ལུས་ཟློག །སྤར་ཁའི་སྤྱི་མདའ་ཐུག་པ་ཟློག །ས་བདག་སྤྱང་ཀུ་ང་བ་ཟློག །དྲ་མིག་ཁ་སྤྲོད་ཆོ་ལོ་རིས། །དགྲ་འདྲེ་མི་ཁའི་ཆོ་འཕྲུལ་ལྟས་ངན་ཟློག །སྲིན་མོ་འགྲོས་སུ་བཙུགས་པ་ཡིས། །སྲིན་མོ་ཁྲག་འཐུང་ལྟས་ངན་ཟློག །ཕྱི་རིམ་ལྕགས་རི་མུ་ཁྱུད་
བཙུགས་པ་ཡིས། །ཕྱི་རྒྱུད་རྨོངས་བྱེད་བཟློག་ཏུ་གསོལ། །སྒྱུར་ཅིག་བྷྱོབྷྱོབཟློག་ཏུ་གསོལ། །མི་ནག་མགོ་གསུམ་གྱི་རྩང་གྱེར་རྫོགས་སོ།། གླུད་གྱེར་འདོན། མཆན། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།