Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

41 occurrences of གཡོན་དུ་
[Clear Hits]


  
 
འཕགས་པ་གནམ་ས་སྣང་བརྒྱད་ཀྱི་ཆོ་ག་ཁམས་གསུམ་བདེ་ལེགས་བཀླག་ཆོག་ཏུ་བཀོད་པ།
 
 
  
  
 
11   
  
  
  
  
  
 
  
  
  
  
  
  
 
  
  
  
  
 
  
 
  
  
  
  
  
 
  
  
  
 
  
 
 
 
 
  
  
  
  
  


41 occurrences of གཡོན་དུ་
[Clear Hits]

 
previousའཕགས་པ་གནམ་ས་སྣང་བརྒྱད་ཀྱི་ཆོ་ག་ཁམས་གསུམ་བདེ་ལེགས་བཀླག་ཆོག་ཏུ་བཀོད་པ།next

འཕགས་པ་གནམ་ས་སྣང་བརྒྱད་ཀྱི་ཆོ་ག་ཁམས་གསུམ་བདེ་ལེགས་བཀླག་ཆོག་ཏུ་བཀོད་པ།


CMR042_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་གནམ་ས་སྣང་བརྒྱད་ཀྱི་ཆོ་ག་ཁམས་གསུམ་བདེ་ལེགས་བཀླག་ཆོག་ཏུ་བཀོད་པ་བཞུགས་སོ།།


CMR042_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཤཱཀྱ་སེང་གེ་ལ་ཕྱག་འཚལ་ལོ། །འཕགས་པ་གནམ་ས་སྣང་བརྒྱད་ཀྱི་མདོས་ཆོག་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པ་དང་། རྒྱ་ནག་ནས་འགྱུར་བའི་ཆོ་ག་གཏེར་སྟོན་སངས་རྒྱས་བླ་མའི་གཏེར་ལས་བྱུང་བ་སོགས་ཀྱི་དོན་མདོར་བསྡུས་པ་ཁམས་གསུམ་བདེ་ལེགས་ཀྱི་ཕྱག་ལེན་བཀླག་ཆོག་ཏུ་བཀོད་པ་ལ། ཐོག་མར་བཅའ་གཞི་ནི། སྔོན་ཆད་རོ་དང་བག་ནལ་སོགས་མ་བྱུང་བའི་གཙང་མའི་གནས་སུ། མདོས་སྟེགས་ཀྱི་དབུས་དང་པོར་རི་རབ་བང་རིམ་བཞི་པ། ཕྱི་རོལ་གླིང་བཞི་མཚོ་དང་ལྕགས་རི་མུ་ཁྱུད་དང་བཅས་པའི་བཀོད་པ་ཅི་མཛེས་སུ་བྱ། དེའི་སྟེང་དུ་རུས་སྦལ་གྱི་གཟུགས་ཀྱི་སྙིང་ཁར་ས་བདག་ཡབ་ཡུམ་སྲས་གསུམ་གྱི་སྐུའམ། གཏོར་མ་དཀར་ཟླུམ་པད་འདབ་ཀྱིས་བརྒྱན་པ་གསུམ་བཞག །


CMR042_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཞིར་བཤོས་ཕྲན་བཞི། དེའི་ཕྱི་རོལ་དུ་རིམ་བཞིན་སྤར་ཁ་བརྒྱད། སྨེ་བ་དགུ། ལོ་སྐོར་བཅུ་གཉིས་སོ་སོའི་གཟུགས་སམ་བཤོས་བུ། སྲུང་བཞིའི་གཟུགས། །རི་རབ་བང་རིམ་དང་པོ་ལ་སྡེ་བརྒྱད་བཤོས་བུའམ། བཤོས་ཕྲན་བརྒྱད། གཉིས་པ་ནས་བརྩམས་ཏེ་ཉེར་སྤྱོད། འདོད་ཡོན། བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་སྣ་བདུན། མ་རྨོས་ལོ་ཏོག །གཏེར་བུམ་སོགས་སྲིད་པའི་འབྱོར་པ་དང་། རི་དྭགས། གཡུང་དྭགས། རྩ་བར་ཆུ་གནས་སྣ་ཚོགས། གླིང་དང་མཚོ་རྣམས་ལའང་འདོད་ཡོན་གྱི་ཚོགས་དང་། བཤོས་བུ། །རིལ་བུ། དཀར་གསུམ། མངར་གསུམ། འབྲུ་སྨན་སོགས་ཀྱིས་གཏམས། །མཐའ་བསྐོར་དུ་ཤིང་རྩི་བལ་ཚོན་དང་། དར་སྣ་ཚོགས་ཀྱིས་བརྒྱན་པ་བཙུགས། སྟེང་དུ་ནམ་མཁའ་


CMR042_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དར་འཕན་སོགས་ཀྱིས་མཛེས་པ་དང་། བྱ་རིགས་སྣ་ཚོགས་ལྡིང་བར་བྱ། མདུན་དུ་གསེར་སྐྱེམས་དང་། གཏོར་མ་ཆ་ལྔ། ཕྱེ་མར། ཟས་ཕུད་ཤེལ་ཚིགས་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་བཤམས། དེའི་སྟེང་གི་ནམ་མཁའ་ལ། མ་བདེ་ན་རྒྱབ་ཕྱོགས་སྟེགས་མཐོ་བར་སྟོན་པའི་སྐུ་དང་། གསུང་རབ་གླེགས་བམ། མཆོད་རྟེན་བཅས་ཀྱི་སྤྱན་སྔར་མཆོད་པ་ཅི་འབྱོར་བཤམ་མོ། །དེ་ནས་བདག་བསྐྱེད་ནི། རང་ཉིད་ཡི་དམ་གང་བྱེད་ཀྱི་གཞུང་བསྲང་བའམ་རུང་ལ། ཁྱད་པར་འདི་དང་འབྲེལ་བར་བྱེད་ན། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སྐྱབས་སེམས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷ་ཝ་སོགས། །སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །གནས་ཡུལ་རྣམ་དག་ཞིང་ཁམས་ཆེན་པོའི་


CMR042_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གཞིར། །སྣ་ཚོགས་པདྨ་འདབ་བརྒྱད་གཉིས་རིམ་དབུས། །བདག་ཉིད་བསྟན་པའི་གཙོ་བོ་ཤཱཀྱའི་རྒྱལ། །གསེར་མདོག་ས་གནོན་མཉམ་བཞག་སྤྲུལ་སྐུའི་ཆས། །རྡོ་རྗེའི་སྐྱིལ་ཀྲུང་འོད་ཟེར་རབ་འཕྲོ་བའི། །པད་འདབ་ནང་མར་ཉེ་བའི་སྲས་བརྒྱད་དང་། །ཕྱི་མར་ཉན་ཐོས་ཆེན་པོ་མཆོག་བརྒྱད་བཞུགས། །གཞན་ཡང་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རྫུ་འཕྲུལ་ཆེ་ལྡན་ཉན་རང་དགྲ་བཅོམ་སོགས། །དཔག་མེད་འཁོར་གྱིས་བསྐོར་བའི་སྨིན་མཚམས་ནས། །འོད་ཟེར་བྱེ་བ་བསམ་གྱིས་མི་ཁྱབ་འཕྲོས། །ལྷ་ཀླུ་ས་བདག་སྡེ་བརྒྱད་མི་མ་ཡིན། །ཁམས་གསུམ་ཀུན་ཁྱབ་འབྱུང་པོའི་ཚོགས་ལ་ཕོག །ཞི་ཞིང་དུལ་བས་བྱང་ཆུབ་སེམས་བསྐྱེད་ནས། །ཕན་བདེའི་ཕྲིན་ལས་འབའ་ཞིག་བསྒྲུབ་པར་གྱུར། །ཅེས་བསྒོམ་ཞིང་། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་ཤཱཀྱ་མུ་ན་ཡེ་སྭཱ་ཧཱ། ཞེས་དང་། ཡེ་དྷརྨཱ་སོགས། ཅི་ནུས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱཿ་ཡུར་པུཊྚི་ཀུ་རུ་ཡ་སྭཱ་ཧཱ། ཞེས་པའང་བཟླ། དེ་ནས་ཨ་མྲྀ་ཏས་བསྔགས་པའི་བསང་ཆུ་འཐོར་ཞིང་། མདུན་བསྐྱེད་བསང་སྦྱང་། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས་འོད་ཟེར་གྱི་རྩེ་ལས་བྱུང་བའི་ཡི་གེ་རཾ་ཡཾ་ཁཾ་ལཾ་


CMR042_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྣམས་འཕྲོས་པ་ལས། མདུན་དུ་རླུང་མེ་ཆུ་སའི་དཀྱིལ་འཁོར་རི་རབ་དང་བཅས་པའི་སྟེང་དུ་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་འོད་ཟེར་གྱི་ཁང་བཟང་འཇའ་ཚོན་གྱི་རྣམ་པ་ཅན་ཡངས་ཤིང་རྒྱ་ཆེ་བར་གྱུར། དེའི་སྟེང་གི་ནམ་མཁར་མཆོད་པའི་སྤྲིན་ཕུང་མཐའ་ཡས་མངོན་པར་འཕྲོ་བའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་གཉིས་རིམ་གྱི་ལྟེ་བར་ཟླ་བའི་གདན་གྱི་སྟེང་དུ་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་གསེར་མདོག་ས་གནོན་མཉམ་བཞག་སྤྲུལ་སྐུའི་ཆ་ལུགས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། འདབ་མ་རྣམས་ལ་ཟླ་བའི་གདན་རེ་རེའི་སྟེང་དུ། བསོད་ནམས་ཕུན་སུམ་ཚོགས་པ་ནམ་མཁའི་སྙིང་པོ། བཀོད་པ་ཕུན་སུམ་ཚོགས་པ་ས་ཡི་སྙིང་པོ། གཟི་བརྗིད་ཕུན་སུམ་ཚོགས་པ་ཀུན་ཏུ་བཟང་པོ་བདེ་ལེགས་ཕུན་སུམ་ཚོགས་པ་བྱམས་པ་མགོན་པོ། དགའ་བ་ཕུན་སུམ་ཚོགས་པ་སྒྲིབ་པ་རྣམ་སེལ། མཁྱེན་རབ་ཕུན་སུམ་ཚོགས་པ་འཕགས་པ་འཇམ་དཔལ། ཐུགས་རྗེ་ཕུན་སུམ་ཚོགས་པ་སྤྱན་རས་གཟིགས་དབང་ཕྱུག །མཐུ་སྟོབས་ཕུན་སུམ་ཚོགས་པ་ཕྱག་ན་རྡོ་རྗེ་རྣམས་བྱང་ཆུབ་སེམས་དཔའི་ཆ་བྱད་ཅན། དེའི་ཕྱི་རོལ་དུ་འཕགས་པ་


CMR042_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱ་རིའི་བུ། མོའུ་འགལ་གྱི་བུ། འོད་སྲུང་། ཀུན་དགའ་བོ། ནོར་འཛིན། ཉེ་བར་འཁོར། མ་འགགས་པ། རབ་འབྱོར་རྣམས་ཉན་ཐོས་དགྲ་བཅོམ་པ་དབང་པོ་དུལ་བའི་ཚུལ་གྱིས་འཁོད་ཅིང་། གཞན་ཡང་སངས་རྒྱས་བྱང་སེམས་ཉན་རང་དགྲ་བཅོམ་པའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། གཞལ་ཡས་ཁང་གི་དབུས་སུ་ས་བདག་དབང་ཆེན་སྟོད་མི་ཡི་གཟུགས་ལ། དབུ་ལྔ་ཕྱག་བཞི་པོ། མཇུག་མ་སྦྲུལ་ དུ་འཁྱིལ་བ། རྩ་ཞལ་རྔམས་ཤིང་མིའི་གདོང་སེར་པོ། གཡས་སྟག་གདོང་ལྗང་གུ་གཡོན next hit་ཕག་གདོང་ནག་མོ། གཡས་ཀྱི་གོང་མར་སྦྲུལ་མགོ་དམར་པོ། གཡོན་གྱི་གོང་མར་སྤྲེལ་མགོ་དཀར་པོ། ཞལ་དབུས་མའི་རལ་པའི་ཐོར་ཚུགས་ཀྱི་རྩེ་མོར་ནོར་བུ་རིན་པོ་ཆེས་བརྒྱན་པ། ཕྱག་དང་པོ་གཉིས་ཀྱིས་ཐུགས་ཀར་ཐལ་མོ་སྦྱར་ནས་སྒྲུབ་པ་པོ་ལ་འདུན་པ། གཡས་ཀྱི་འོག་མ་ན་གསེར་གྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། །རྩིབས་བརྒྱད་པ་ལ་སྤར་ཁ་བརྒྱད་ཀྱི་ཕྱག་རྒྱ་བསྣམས་པ། གཡོན་གྱི་འོག་མ་ན་རི་རབ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། འབྱུང་བ་ལྔའི་རང་


CMR042_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་ཉོན་མོངས་པ་ལྔའི་བདག་ཉིད་ཅན། རུས་སྦལ་སེར་པོའི་གདན་ལ་བཞུགས་པའོ། །དེའི་གཡོན་ཡུམ་ས་ཡི་ལྷ་མོ་བརྟན་མ་སྐུ་མདོག་སེར་མོ་བདུད་རྩིའི་བུམ་པ་འཛིན་པ། ཞི་ཞིང་སྒེག་པའི་ཉམས་དང་ལྡན་པ། གཡས་སུ་སྲས་ས་འཛིན་ལག་པ་ཆེན་པོ་སྐུ་མདོག་དཀར་པོ་གཡས་ན་རིན་པོ་ཆེའི་ལྗོན་ཤིང་འཛིན་པ། previous hit གཡོན་ན་ཕག་རྒོད་ཀྱི་མཆེ་བ་འཛིན་པ། སྐུ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ། ཤར་དུ next hit་ཤིང་ཁམས་རྒྱལ་པོ་ལྗང་གུ་ལྗོན་ཤིང་འཛིན་པ། ལྷོར་མེ་ཁམས་རྒྱལ་པོ་དམར་པོ་སྒྲོན་མེ་འཛིན་པ། ནུབ་ཏུ་ལྕགས་ཁམས་རྒྱལ་པོ་དཀར་པོ་རལ་གྲི་འཛིན་པ། །བྱང་དུ་ཆུ་ཁམས་རྒྱལ་པོ་ནག་པོ་བུམ་པ་འཛིན་པ། ཡུམ་དུས་བཞི་ལྷ་མོ་བཞི་དང་བཅས་པའོ། །དེའི་ཕྱི་རོལ་དུ་སྤར་ཁ་ཆེན་པོ་བརྒྱད། སྨེ་བ་དགུ། ལོ་སྐོར་བཅུ་གཉིས། ལོ་རྒན་དྲུག་ཅུ། ཐེ་སེ་རྒྱལ་པོ་ལ་སོགས་པའི་ས་བདག །མགྲོན་བུ་ལྷ་ལྔ་ལ་སོགས་ཟླ་བའི་ས་བདག །གསེར་མཛོད་གཡུ་མཛོད་ལ་སོགས་ཞག་དུས་ཀྱི་ས་བདག་རྣམས་ཀྱང་རང་རང་གི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། དེའི་ཕྱི་རོལ་དུ་ཚངས་པ་དང་བརྒྱ་བྱིན་ལ་


CMR042_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ལྷའི་སྡེ་ཚོགས། ཀླུ་ཆེན་བརྒྱད་ལ་སོགས་པ་ཀླུ་ཡི་སྡེ་ཚོགས། གཟའ་ཆེན་བརྒྱད་ལ་སོགས་པ་གཟའི་སྡེ་ཚོགས། གནོད་སྦྱིན་ཆེན་པོ་བརྒྱད་ལ་སོགས་པ་གནོད་སྦྱིན་གྱི་སྡེ་ཚོགས། རྒྱུ་སྐར་ཉེར་བརྒྱད་ལ་སོགས་པ་རྒྱུ་སྐར་གྱི་སྡེ་ཚོགས། གཉན་ཆེན་དེ་བ་ལ་སོགས་པ་གཉན་གྱི་སྡེ་ཚོགས། གཞན་ཡང་གནམ་ས་བར་སྣང་ལ་གནས་པའི་ལྷ་ཀླུ་ས་བདག་གཞི་བདག་འབྱུང་པོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་བསྐོར་བ་གསལ་བར་གྱུར། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། བདག་མདུན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སངས་རྒྱས་བྱང་སེམས་ཉན་རང་དགྲ་བཅོམ་པའི་ཚོགས་དང་ས་བདག་ལྷ་ཀླུ་རྒྱུ་སྐར་སོགས་འཇིག་རྟེན་སྐྱོང་བ་འཁོར་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿ ཞེས་སྙན་གསན་དབབ་ལ། དང་པོ་མཆོད་ཡུལ་ཡེ་ཤེས་པ་སྤྱན་དྲངས་པ་ནི། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི།


CMR042_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེའི་རྣམ་སྦྱང་ཞིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། ཁྱེད་བཞེད་འགྲོ་དོན་མཛད་དུས་འདིར་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཱཀྱ་མུ་ནེ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་པར་ལྡན། བདག་གི་མཆོད་ཡོན་བཞེས་སླད་དུ། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །ཅེས་བྱོན་ལེགས་བྱ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་སྐུ་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་


CMR042_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱྃ་ཧྲཱིཿཨཱཿ ཀ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་སྐུ་ཕྱི། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་དང་། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། །ཨོཾ་བཛྲ་ཝསྡུ་ཨ་ལཾ་ཀ་ར་སྭཱ་ཧཱ། ཞེས་ན་བཟའ་དང་རྒྱུན་འབུལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཨོཾ་པདྨ་ཀ་མ་ལཱུ་ཧཱུྃ། ཞེས་བཞུགས་སུ་གསོལ། དེ་ནས། ཇི་སྙེད་སུ་དག་སོགས། བཟང་སྤྱོད་ལས་བྱུང་བ་ལྟར་ཕྱག་མཆོད་ཡན་ལག་བདུན་པ་བྱའོ། །དེ་ནས་འཇིག་རྟེན་པའི་མགྲོན་རྣམས་སྤྱན་འདྲེན་པ་ནི། ཧཱུྃ། རྒྱལ་བའི་བསྟན་སྐྱོང་སེམས་ཅན་བདེ་ལེགས་སྒྲུབ། །སྟོང་གསུམ་མངའ་བདག་ས་བདག་དབང་ཆེན་པོ། །བཙུན་མོ་བརྟན་མ་ས་འཛིན་ལག་པ་ཆེ། །ལོ་ལ་འཁོར་བའི་རྗེ་བློན་བཅུ་གཉིས་སོགས། །ཡབ་ཡུམ་ཀླུ་འཁོར་བཅས་གནས་འདིར་སྤྱན་འདྲེན་ནོ། །ཤར་ཕྱོགས་ཤིང་ཁམས་ལྷོ་ཕྱོགས་མེ་ཡི་ཁམས། །ནུབ་ཕྱོགས་ལྕགས་ཁམས་བྱང་ཕྱོགས་ཆུ་ཡི་ཁམས། །ཕྱོགས་བཞིའི་ལྔ་བདག་


CMR042_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

དུས་བཞི་ཡབ་ཡུམ་རྣམས། །འཁོར་བཅས་མ་ལུས་གནས་འདིར་སྤྱན་འདྲེན་ནོ། །ཕྱོགས་མཚམས་མངའ་བདག་སྤར་ཁ་ཆེན་པོ་བརྒྱད། །ཕོ་བྲང་ལིང་དགུའི་ལྷ་ཚོགས་ཞེ་ལྔ་དང་། །སྤྲུལ་པའི་བློན་ཆེན་ལོ་སྐོར་བཅུ་གཉིས་རྣམས། །འཁོར་བཅས་མ་ལུས་གནས་འདིར་སྤྱན་འདྲེན་ནོ། །འབྱུང་ལྔའི་བདག་ཉིད་ལོ་རྒན་དྲུག་ཅུ་དང་། །ལོ་ལ་འཁོར་བའི་རྗེ་བློན་བཅུ་བདུན་དང་། །མགྲོན་བུ་ལྷ་ལྔ་ལ་སོགས་ཟླ་བའི་ལྷ། །འཁོར་བཅས་མ་ལུས་གནས་འདིར་སྤྱན་འདྲེན་ནོ། །ས་བདག་པི་ལིང་ལ་སོགས་དུས་ཚོད་ལྷ། །གཡུ་མཛོད་སྔོན་མོ་ལ་སོགས་ཟ་མི་ལྷ། །གཞན་ཡང་སྤྲུལ་པ་ཡང་སྤྲུལ་བཅས་པ་རྣམས། །འཁོར་བཅས་མ་ལུས་གནས་འདིར་སྤྱན་འདྲེན་ནོ། །བདེ་ལེགས་སྒྲུབ་མཛད་ལྷ་ཡི་སྡེ་ཚོགས་དང་། །དངོས་གྲུབ་སྟེར་མཛད་ཀླུ་ཡི་སྡེ་ཚོགས་དང་། །དཔལ་འབྱོར་རྒྱས་མཛད་གཟའ་ཡི་སྡེ་ཚོགས་རྣམས། །འཁོར་བཅས་མ་ལུས་གནས་འདིར་སྤྱན་འདྲེན་ནོ། །རིན་ཆེན་གཏེར་འཆང་གནོད་སྦྱིན་སྡེ་ཚོགས་དང་། །དགེ་ལེགས་དོན་འགྲུབ་རྒྱུ་སྐར་ཉི་ཤུ་བརྒྱད། །ཕོ་ཉ་ལས་མཁན་ས་བདག་གཉན་ཆེན་ཚོགས། །འཁོར་བཅས་མ་ལུས་


CMR042_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འདིར་སྤྱན་འདྲེན་ནོ། །གཞན་ཡང་ནམ་མཁའ་བར་སྣང་ས་གཞི་ལ། །རྒྱུ་བའི་ས་བདག་ལྷ་ཀླུ་འབྱུང་པོའི་ཚོགས། །ཡུལ་ལྷ་གཞི་བདག་གནས་བདག་གྲོང་གི་ལྷ། །འཁོར་བཅས་མ་ལུས་གནས་འདིར་སྤྱན་འདྲེན་ནོ། །ཨོཾ་སརྦ་དེ་བ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿ ཛཿ ཛཿཧཱུྃ་བཾ་ཧོ་གཉིས་སུ་མེད་པར་གྱུར། བཞུགས་སུ་གསོལ་བ་ནི། ཧཱུྃ། འཇིག་རྟེན་སྐྱོང་བའི་མཐུ་སྟོབས་རྫུ་འཕྲུལ་ཅན། །རྒྱལ་པོ་བཙུན་མོ་སྲས་དང་བློན་འཁོར་བཅས། །ཡིད་འོང་སྤྲུལ་པའི་དཀྱིལ་འཁོར་གཞལ་ཡས་སུ། །དགྱེས་ཤིང་བརྟན་པར་དགོངས་ཏེ་བཞུགས་སུ་གསོལ། །ཨོཾ་སརྦ་དེ་བཱ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་པདྨ་ཀ་མ་ལཱུ་ཧཱུྃ། ཁྲུས་གསོལ་བ་ནི། ཧཱུྃ། ས་བདག་ལྷ་ཀླུ་འཁོར་བཅས་རྣམས། །ཚུར་གཤེགས་འདིར་ནི་བྱོན་པ་ལེགས། །ཁྱེད་ལ་དྲི་མ་མི་མངའ་ཡང་། །འཇིག་རྟེན་སྲིད་ཞུའི་ཚུལ་གྱིས་ནི། །གཙང་མའི་ཁྲུས་ཆབ་འདི་ཕུལ་བས། །སྐུ་དང་ཕྱག་ཞབས་ཁྲུས་བགྱིའོ། །ཨོཾ་སརྦ་དེ་བཱ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཕྱག་འཚལ་བ་ནི། ཧཱུྃ། འབྱུང་བ་ཀུན་ལ་དབང་བསྒྱུར་བའི། །ས་བདག་ལྷ་


CMR042_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་དྲེགས་པའི་ཚོགས། །མཐུ་དཔལ་རྫུ་འཕྲུལ་ལྡན་པ་ལ། །དྭངས་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །ན་མོ་ན་མཱ་མི། མཆོད་པ་འབུལ་བའི་ཐོག་མར་མཆོད་རྫས་དང་གཏོར་མ་སོགས་ལ་བསང་ཆུ་འཐོར་ཞིང་བསང་། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨ་སྭ་བྷ་ཝ་ཤུདྡྷོཉཧཾ། མཆོད་གཏོར་རྣམས་རང་བཞིན་གྱིས་དག་པའི་སྟོང་པ་ཉིད་དུ་གྱུར། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷསརྦ་ཐཱ་ཁཾ་ཨུཏྠ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ཎ་ཁཾ་སྭཱ་ཧཱ། མཆོད་གཏོར་རྣམས་མགྲོན་རང་རང་སོ་སོ་ལ་གང་མཁོ་བའི་ཡོ་བྱད་ཟད་མི་ཤེས་པ་ནམ་མཁའི་མཛོད་དུ་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། མཆོད་གཏོར་རྣམས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་༈ ར་ཧཱུྃ། མཆོད་གཏོར་རྣམས་རྣམ་པ་མཆོད་སྦྱིན་གྱི་འདོད་ཡོན་ཆར་བཞིན་དུ་འབེབས་པར་གྱུར། ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ན་མསྶ་མནྟ་སྤ་ར་ཎ་རསྨི་སཾ་བྷ་བ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲིད་ཡ་ཛྭ་ལ་ནི་སྭཱ་ཧཱ། མཆོད་གཏོར་རྣམས་གང་ལ་བསྔོས་པ་བཞིན་དུ་ཐོབ་པར་གྱུར། ན་མསྶ་མནྟ་བུདྡྷཱ་ནཾ་གྲ་ཧེ་ཤཱ་རི་པྲ་བྷ་ཛྷོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། མཆོད་གཏོར་རྣམས་གང་


CMR042_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

གིས་བཞེས་པའི་མགྲོན་ཐམས་ཅད་བདག་གི་དབང་དུ་འདུས་ནས་ཅི་བསྒོ་བའི་ལས་བསྒྲུབ་པར་གྱུར། ཅེས་སོ་སོའི་ཕྱག་རྒྱ་དང་བཅས་པའི་བྱིན་གྱིས་བརླབ་ཅིང་། ན་མོ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་འདིར་མ་ལུས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད། དེ་ནས་མཆོད་པ་འབུལ་བ་ནི། ཧཱུྃ། འབྱུང་བ་ཀུན་ལ་དབང་བསྒྱུར་བའི་། །ས་བདག་ཤྲི་བྷ་དྲ་ནི། །ཡབ་ཡུམ་སྲས་དང་སྤྲུལ་འཁོར་བཅས། །སྐྱོང་བྱེད་རྒྱལ་པོ་ཆེན་པོ་བཞི། །ཕྱོགས་སྐྱོང་བཅུ་དང་ལྷ་གནས་གསུམ། །དབང་བསྒྱུར་ལྷ་ཆེན་བརྒྱད་པོ་དང་། །ཀླུ་རིགས་བཞི་དང་ཀླུ་ཆེན་བརྒྱད། །གཞན་གླུ་ཡང་དགའ་བོ་ཉེ་དགའ་བོ། །སྲིད་པ་ཆུ་ཀླུང་བདག་པོ་དང་། །གཉན་ཆེན་བཅུ་གཅིག་སྡེ་རིགས་བཞི། །ནོར་སྲུང་ཕོ་མོ་དགུ་དང་ནི། །གཟའ་དང་སྤར་ཁ་ལོ་ཟླ་ཞག །དབང་


CMR042_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ས་བདག་རྫུ་འཕྲུལ་ཅན། །རྒྱུ་སྐར་ཉེར་བརྒྱད་འཁོར་དང་བཅས། །མདོར་ན་ཁམས་གསུམ་རྒྱུ་བ་ཡི། །དྲེགས་པ་སྡེ་བརྒྱད་འབྱུང་པོ་ཀུན། །དེ་རིང་སྲིད་པའི་ཉི་མ་ལ། །བཀྲ་ཤིས་གནས་འདིར་སྤྱན་འདྲེན་ནས། །ཕྱག་འཚལ་མཆོད་པ་འབུལ་བ་ནི། །ཡན་ལག་བརྒྱད་ལྡན་མཆོད་ཡོན་དང་། །གཟུགས་མཛེས་མེ་ཏོག་སྣ་ཚོགས་དང་། །དྲི་ཞིམ་སྤོས་ཀྱི་བྱེ་བྲག་དང་། །ཉི་ཟླ་ལ་སོགས་སྒྲོན་མེའི་ཚོགས། །དྲི་བཟང་བྱུགས་པའི་མཆོག་རྣམས་དང་། །ཞལ་ཟས་བཟའ་བཅའ་བཏུང་བའི་ཚོགས། །སྒྲ་སྙན་རོལ་མོའི་ཚོགས་རྣམས་དང་། །གནས་དང་མཁོ་དགུའི་ཡོ་བྱད་དང་། །དར་ཟབ་འབྲུ་སྣ་བཟང་སྨན་དང་། །རིན་ཆེན་སྣ་ཚོགས་འདོད་ཡོན་ལྔ། །བྱ་གཅན་རི་དྭགས་གཡུང་ཕྱུགས་ཚོགས། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའ་གང་། །ཁྱེད་ལ་འབུལ་གྱིས་བཞེས་སུ་གསོལ། །ཨོཾ་སརྦ་དེ་བཱ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་སརྦ་པཱུ་ཛ་ཧོ༔ དེ་ནས་གཏོར་མ་འབུལ་བ་ནི། མཆོད་གཏོར་བྱིན་རླབས་གོང་དུ་ཆ་གཅིག་གྲུབ་པ་ཡིན་ཀྱང་། སྐབས་འདིར། ན་མསྶརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས། ནམ་མཁའ་མཛོད་ཀྱི་སྔགས་དང་ཕྱག་རྒྱས་རྒྱས་པར་སྤེལ་ལ། ན་མསྶརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་


CMR042_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་ར་སཾ་བྷ་ར་ཧཱུྃ། ཞེས་ལན་བདུན་ལ་སོགས་པས་བསྔོས། ཧོ། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་ཆ་དང་པོ་འདི་ཉིད་འབུལ་བའི་གནས་སུ་གྱུར་པ་ནི། ཀུང་ས་ཁམས་རྒྱལ་པོ། རྒྱལ་ཕྲན་སྤར་ཁ་མཚམས་བཞི་ལ་གནས་པ། སྨེ་བ་ལྔ་སེར། ལོ་ཟླ་ཞག་དུས་ཁྱི་འབྲུག་གླང་ལུག་ལ་གནས་པ། གཟའ་སྤེན་པ་དང་སྒྲ་གཅན་ལ་གནས་པ། སྐར་མ་མཚམས་བཞི་ལ་གནས་པ། གཉན་ཆེན་པོ་སྤྲེལ་སེར་པོ་ལ་གནས་པ། མདོར་ན་ཉི་མ་དབུས་དང་མཚམས་བཞི་ལ་མངའ་མཛད་པའི་འབྱུང་བ་ས་ཁམས་སུ་གཏོགས་པའི་ལྷ་འདྲེ་དྲེགས་པ་ཅན་རྣམས་ལ། ཡོན་བདག་ཤི་གསོན་མི་ནོར་གྱི་འཚེར་རྩུབ་བསྒྱུར་བ་དང་གླུད་དུ་དམིགས་ཏེ་འབུལ་བ་བཞེས་ལ། ལོངས་སྤྱོད་བསོད་ནམས་ས་ལྟར་རྒྱས་པའི་ཕྲིན་ལས་མཛོད་ཅིག །ཧོ། མཆོད་སྦྱིན་གྱི་གཏོར་མ་ཆ་གཉིས་པ་འདི་ཉིད་འབུལ་བའི་གནས་སུ་གྱུར་པ་ནི། ཀེག་ཤིང་ཁམས་རྒྱལ་པོ། རྒྱལ་ཕྲན། སྤར་ཁ་ཟིན། སྨེ་བ་བཞི་ལྗང་ལ་གནས་པ། ལོ་ཟླ་ཞག་དུས་སྟག་ཡོས་ལ་གནས་པ། གཟའ་ཕུར་བུ་དང་ཤར་སྐར་དྲུག་ལ་གནས་པ། གཉན་ཆེན་པོ་སྟག་དཀར་པོ་ལ་གནས་པ།


CMR042_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ན་ཉི་མ་ཤར་ཕྱོགས་ལ་མངའ་མཛད་པའི། འབྱུང་བ་ཤིང་གི་ཁམས་སུ་གཏོགས་པའི་ལྷ་འདྲེ་རྫུ་འཕྲུལ་ཅན་རྣམས་ལ་ཡོན་བདག་ཤི་གསོན་མི་ནོར་འཁོར་བཅས་ཀྱི་འཚེར་རྩུབ་བསྒྱུར་བ་དང་གླུད་དུ་དམིགས་ཏེ་འབུལ་བ་བཞེས་ལ། ལོངས་སྤྱོད་བསོད་ནམས་ཤིང་ལྟར་འཕེལ་བའི་ཕྲིན་ལས་མཛོད་ཅིག །ཧོ། མཆོད་སྦྱིན་གྱི་གཏོར་མ་ཆ་གསུམ་པ་འདི་ཉིད་འབུལ་བའི་གནས་སུ་གྱུར་པ་ནི། ཇི་མེ་ཁམས་རྒྱལ་པོ། རྒྱལ་ཕྲན། སྤར་ཁ་ལི། སྨེ་བ་དམར་པོ་གཉིས་ནག་ལ་གནས་པ། ལོ་ཟླ་ཞག་དུས་རྟ་སྦྲུལ་ལ་གནས་པ། །གཟའ་ཉི་མ་མིག་དམར་ལ་གནས་པ། སྐར་མ་ལྷོ་སྐར་དྲུག་ལ་གནས་པ། གཉན་ཆེན་པོ་འབྲུག་སྔོན་པོ་ལ་གནས་པ། ཉི་མ་ལྷོ་ཕྱོགས་ལ་མངའ་མཛད་པའི་འབྱུང་བ་མེའི་ཁམས་སུ་གཏོགས་པའི་ལྷ་སྲིན་རྫུ་འཕྲུལ་ཅན་རྣམས་ལ། ཡོན་བདག་ཤི་གསོན་མི་ནོར་གྱི་འཚེར་རྩུབ་བསྒྱུར་བ་དང་། གླུད་དུ་དམིགས་ཏེ་འབུལ་བ་བཞེས་ལ། གཟི་བརྗིད་མེ་ལྟར་འབར་བར་མཛོད་ཅིག །ཧོ། མཆོད་སྦྱིན་གྱི་གཏོར་མ་ཆ་བཞི་པ་འདི་ཉིད་འབུལ་བའི་གནས་སུ་གྱུར་པ་ནི། ཤང་ལྕགས་ཁམས་རྒྱལ་པོ། རྒྱལ་ཕྲན། སྤར་ཁ་དྭ། སྨེ་བ་


CMR042_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་པོ་གསུམ་ལ་གནས་པ། ལོ་ཟླ་ཞག་དུས་བྱ་སྤྲེལ་ལ་གནས་པ། གཟའ་པ་སངས་ལ་གནས་པ། སྐར་མ་ནུབ་སྐར་དྲུག་ལ་གནས་པ། གཉན་ཆེན་པོ་བྱ་དམར་པོ་ལ་གནས་པ། མདོར་ན་ཉི་མ་ནུབ་ཕྱོགས་ལ་མངའ་མཛད་པའི་འབྱུང་བ་ལྕགས་ཀྱི་ཁམས་སུ་གཏོགས་པའི་ལྷ་འདྲེ་རྫུ་འཕྲུལ་ཅན་རྣམས་ལ་ཡོན་བདག་ཤི་གསོན་མི་ནོར་གྱི་འཆེར་རྩུབ་བསྒྱུར་བ་དང་། གླུད་དུ་དམིགས་ཏེ་འབུལ་བ་བཞེས་ལ། ལོངས་སྤྱོད་བསོད་ནམས་ཚེ་སྲོག་ལྕགས་ལྟར་སྲ་བའི་ཕྲིན་ལས་མཛོད་ཅིག །ཧོ། མཆོད་སྦྱིན་གྱི་གཏོར་མ་ཆ་ལྔ་པ་འདི་ཉིད་འབུལ་བའི་གནས་སུ་གྱུར་པ་ནི། འུ་ཆུ་ཁམས་རྒྱལ་པོ། རྒྱལ་ཕྲན། སྤར་ཁ་ཁཾ་དང་། སྨེ་བ་ནག་མཐིང་གཉིས་ལ་གནས་པ། ལོ་ཟླ་ཞག་དུས་བྱི་ཕག་ལ་གནས་པ། གཟའ་ཟླ་བ་དང་ལྷག་པ་ལ་གནས་པ། སྐར་མ་བྱང་སྐར་དྲུག་ལ་གནས་པ། གཉན་ཆེན་པོ་རུས་སྦལ་རྒྱ་བོ་ལ་གནས་པ། མདོར་ན་ཉི་མ་བྱང་ཕྱོགས་ལ་མངའ་མཛད་པའི་འབྱུང་བ་ཆུ་ཁམས་སུ་གཏོགས་པའི་ལྷ་འདྲེ་རྫུ་འཕྲུལ་ཅན་རྣམས་ལ། ཡོན་བདག་ཤི་གསོན་མི་ནོར་གྱི་ཚེ་སྲོག་འཚེར་རྩུབ་བསྒྱུར་བ་དང་། གླུད་དུ་དམིགས་ཏེ་


CMR042_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བ་བཞེས་ལ། ལོངས་སྤྱོད་བསོད་ནམས་མི་རིང་ཆུ་བོའི་གཞུང་ལྟར་རྒྱུན་མི་ཆད་པའི་ཕྲིན་ལས་མཛོད་ཅིག །ཅེས་གཏོར་མ་ཕྱོགས་བཞི་དབུས་དང་ལྔ་ལ་འབུལ། དེ་ནས་གསེར་སྐྱེམས། ཕྱེ་མར། ནས་སྔོན་པོ། ཟས་སྐོམ་གྱི་ཕུད། ཤེལ་ཚིགས། ལྕགས་ངར་པ། དེ་རྣམས་ལག་ཏུ་ཐོགས་ལ་མཆོད་པ་བྱ་ཞིང་མཁྱེན་གསོལ་བྱས་ལ་ས་རིན་འཇལ་ལ་འདི་སྐད་དོ།། ན་མོ། ཕུད་ཐམས་ཅད་ཀྱི་བདག་པོ་མན་ངག་ཐམས་ཅད་ཀྱི་སྙིང་ཁུ། རིགས་ཐམས་ཅད་ཀྱི་ཡང་རྗེ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །བདུད་རྩི་གཙང་མའི་ཕུད་ཀྱིས་མཆོད། སྙན་གྱིས་ཊྛེགསན་ཅིང་དགོངས་སུ་གསོལ། སྲིད་པའི་ལྷ་མོ་རྣམ་རྒྱལ་མ་འཁོར་ལྷ་མོ་བདུན་དང་བཅས་པ་རྣམས་ལ། བདུད་རྩི་གཙང་མའི་ཕུད་ཀྱིས་མཆོད། སྙན་གྱིས་གསན་ཅིང་དགོངས་སུ་གསོལ། ལྷ་ཀོང་རྩེ་འཕྲུལ་གྱི་རྒྱལ་པོ་ལ་སོགས་ཏེ་གཙུག་ལག་བརྒྱུད་པ་འཛིན་པ་རྣམས་ལ། བདུད་རྩི་གཙང་མའི་ཕུད་ཀྱིས་མཆོད། སྙན་གྱིས་གསན་ཅིང་དགོངས་སུ་གསོལ། ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ལྷ་ཆེན་པོ་འཁོར་དང་བཅས་པ་རྣམས་ལ། བདུད་རྩི་གཙང་མའི་ཕུད་ཀྱིས་མཆོད། སྙན་གྱིས་གསན་ཅིང་དགོངས་སུ་གསོལ། །


CMR042_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་ཟ་བདེན་བྲལ་ལ་སོགས་ཏེ། ལྷ་མིན་གྱི་སྡེ་ཚོགས་འཁོར་དང་བཅས་པ་རྣམས་ལ། བདུད་རྩི་གཙང་མའི་ཕུད་ཀྱིས་མཆོད། སྙན་གྱིས་གསན་ཅིང་དགོངས་སུ་གསོལ། མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ལ་སོགས་ཏེ། མཁའ་ལྡིང་འཁོར་དང་བཅས་པ་རྣམས་ལ། བདུད་རྩི་གཙང་མའི་ཕུད་ཀྱིས་མཆོད། སྙན་གྱིས་གསན་ཅིང་དགོངས་སུ་གསོལ། ཉི་མ་ཟླ་བ་ལ་སོགས་ཏེ། གཟའ་ཆེན་པོ་བརྒྱད་འཁོར་དང་བཅས་པ་རྣམས་ལ། བདུད་རྩི་གཙང་མའི་ཕུད་ཀྱིས་མཆོད། སྙན་གྱིས་གསན་ཅིང་དགོངས་སུ་གསོལ། སྨིན་དྲུག་སྣར་མ་ལ་སོགས་ཏེ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་འཁོར་དང་བཅས་པ་རྣམས་ལ། བདུད་རྩི་གཙང་མའི་ཕུད་ཀྱིས་མཆོད། སྙན་གྱིས་གསན་ཅིང་དགོངས་སུ་གསོལ། ཕ་ཁེན་པ་རྒན་པོ་གནམ། མ་ཁོན་མ་རྒན་མོ་ས། བུ་ཆེན་གིན་རི། བུ་མོ་ཟོན་རླུང་། བུ་མོ་འབྲིང་བ་ལི་མེ། བུ་ཕོ་ཆུང་བ་དྭ་ལྕགས། ཚ་མོ་ཟིན་སྤུ་ཤིང་། ཚ་བོ་ཁཾ་ཆུ་ལ་སོགས་ཏེ་སྤར་ཁ་ཆེན་པོ་བརྒྱད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ། །བདུད་རྩི་གཙང་མའི་ཕུད་ཀྱིས་མཆོད། སྙན་གྱིས་གསན་ཅིང་དགོངས་སུ་


CMR042_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། ཧོ། ཤར་སྟོད་ན་གནས་པའི་སྟག་རྣམ་པ་ལྔ་མ་འཁྲུགས་ཤིག །ཞི་བ་དང་བདེ་ལེགས་སུ་བཅོས་སོ། །ཤར་སྨད་ན་གནས་པའི་ཡོས་བུ་རྣམ་པ་ལྔ་མ་འཁྲུགས་ཤིག །ཞི་བ་དང་བདེ་ལེགས་སུ་བཅོས་སོ། །ལྷོ་སྟོད་ན་གནས་པའི་སྤྲུལ་རྣམ་པ་ལྔ་མ་འཁྲུགས་ཤིག་།ཞི་བ་དང་བདེ་ལེགས་སུ་བཅོས་སོ། །ལྷོ་སྨད་ན་གནས་པའི་རྟ་རྣམ་པ་ལྔ་མ་འཁྲུགས་ཤིག །ཞི་བ་དང་བདེ་ལེགས་སུ་བཅོས་སོ། །ལྷོ་ནུབ་མཚམས་ན་གནས་པའི་ལུག་རྣམ་པ་ལྔ་མ་འཁྲུགས་ཤིག །ཞི་བ་དང་བདེ་ལེགས་སུ་བཅོས་སོ། །ནུབ་སྟོད་ན་གནས་པའི་སྤྲེལ་རྣམ་པ་ལྔ་མ་འཁྲུགས་ཤིག །ཞི་བ་དང་བདེ་ལེགས་སུ་བཅོས་སོ། །ནུབ་སྨད་ན་གནས་པའི་བྱ་རྣམ་པ་ལྔ་མ་འཁྲུགས་ཤིག །ཞི་བ་དང་བདེ་ལེགས་སུ་བཅོས་སོ། །ནུབ་བྱང་མཚམས་ན་གནས་པའི་ཁྱི་རྣམ་པ་ལྔ་མ་འཁྲུགས་ཤིག །ཞི་བ་དང་བདེ་ལེགས་སུ་བཅོས་སོ། །བྱང་སྟོད་ན་གནས་པའི་ཕག་རྣམ་པ་ལྔ་མ་འཁྲུགས་ཤིག །ཞི་བ་དང་བདེ་ལེགས་སུ་བཅོས་སོ། །བྱང་སྨད་དུ་གནས་པའི་བྱི་བ་རྣམ་པ་ལྔ་མ་འཁྲུགས་ཤིག །ཞི་བ་དང་བདེ་ལེགས་སུ་བཅོས་སོ། །བྱང་ཤར་མཚམས་ན་གནས་པའི་གླང་


CMR042_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་ལྔ་མ་འཁྲུགས་ཤིག །ཞི་བ་དང་བདེ་ལེགས་སུ་བཅོས་སོ། །ཕྲག་དོག་མ་བྱེད་ཅིག །ཧོ། གཞན་ཡང་དབུས་ཀྱི་ས་བདག་ཁྱབ་པ་དབང་ཆེན། ས་ཡི་ལྷ་མོ་བརྟན་མ། བློན་པོ་གཙང་ཀུན་སྤྲེལ་མགོ། ས་འཛིན་ལག་པ་ཆེན་པོ་རྣམས་ལ། ས་ལ་རིན་འཇལ། རྡོ་ལ་ནས་འབུལ་བ་ཡིན་པས། རུ་ང་དང་ཕྲག་དོག་མ་བྱེད་ཅིག །ཡ་མ་ང་། ཡོ་མ་བཟུར། ཉམས་ན་བཅོས། ཆད་ན་མཐུད། རལ་ན་དྲུབ། ཡོ་ན་ཐིག་གིས་བསྲོང་། གཞན་ཡང་ས་བདག་རྗེ་བློན་བཅུ་གཉིས། ཀོ་ལོང་སྡོམ་པའི་ལྷ་དགུ། གཙུག་ལག་འཕྲུལ་གྱི་ལྷ་དགུ། ཕོ་བྲང་བཞི་བཅུ་རྩ་གཉིས། ཕྱི་སྐོར་ཕྱི་ན་གནས་པའི་ལྷ། ནང་སྐོར་ནང་ན་གནས་པའི་ལྷ། བར་སྐོར་བར་ན་གནས་པའི་ལྷ། སྐྱོང་བྱེད་དམུ་དགུ། ལམ་གྱི་དམུ་དགུ། འདྲེ་ཆེན་དམུ་དགུ། འབྱུང་བ་ལྔ་ཡི་ལྷ་ཚོགས། ལོ་ཟླ་ཞག་དུས་གཟའ་སྐར་མ་སྤར་ཁ་སྨེ་བ་ལ་གནས་ཤིང་མངའ་མཛད་པ་རྣམས་གསན་ཅིང་དགོངས་སུ་གསོལ། ཁྱེད་རྣམས་ལ་ས་རིན་ལ་ས་འབུལ། རྡོ་རིན་ལ་རྡོ་འབུལ། ཉམས་ན་བཅོས། ཆག་ན་སྦྱར། ཡོ་ན་ཐིག་གིས་བསྲོང་། ཁྱེད་


CMR042_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་རུ་ང་དང་ཕྲག་དོག་མ་མཛད་ཅིག །དེ་ནས་ཤེལ་ཚིགས་འབུལ་བ་ལ་འདི་སྐད་དོ། །ཧཱུྃ། ཤེལ་ཚིག་ཁྲི་དཀར་སྟོང་ནག་འདི། །བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །འདོད་ཡོན་ལོངས་སྤྱོད་ལྷུན་གྱིས་གྲུབ། །སྲིད་པའི་ས་བདག་ཀླུ་གཉན་ཉོན། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །མེད་པ་དེ་ནི་མི་ལས་བཙལ། །སྲ་བ་དེ་ནི་བྲག་ལས་བརྐོས། །དཀོན་པ་དེ་ནི་རིན་གྱིས་ཉོས། །རྒྱལ་སྲིད་བདུན་གྱི་མཛོད་ནས་བཏོན། །མེས་པོ་གནམ་རྗེ་སྔོན་པོ་ཡིན། །ཕྱི་མོ་ས་སྨན་འཕུལ་མོ་ཡིན། །ཕ་ནི་བདུད་རྩི་བརླན་བྱེད་ཡིན། །མ་ནི་སྲིད་པའི་རྒྱལ་མོ་ཡིན། །ཞིང་པ་རྒན་པོའི་འདུ་བྱེད་ཀྱིས། །དཔྱིད་ཟླ་གསུམ་ལ་རྫུ་འཕྲུལ་བསྡེབ། །དབྱར་ཟླ་གསུམ་ལ་ཆར་གྱིས་བྲན། །སྟོན་ཟླ་གསུམ་ལ་འབྲས་བུ་སྨིན། །མིང་པོ་རྒྱ་ནས་འཕེལ་ཆེན་ཡིན། །སྲིང་མོ་སྔོན་མོ་འབྲུ་བདུན་ཡིན། །སྐུ་གསུང་ཐུགས་ཀྱི་སྐྱེད་དུ་བཅས། །ཐེག་པ་ཆེན་པོའི་སླ་ང་བཙུགས། །འོད་གསལ་ཆེན་པོའི་མེ་སྦར་ནས། །ཐབས་མཆོག་ཆེན་པོའི་ཡོག་པས་དཀྲུགས། །ཤེས་རབ་ཆེན་པོའི་སྐོམ་པ་ཐོགས། །དཀར་བ་གཡང་


CMR042_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ལུག་བརྒྱ་དང་། །ནག་པོ་ཟལ་ལེ་འབྲི་བརྒྱ་སྟེ། །སེར་པོ་འདོ་བ་རྟ་བརྒྱ་འཚེར། །ཁམ་པ་འགྱིང་བ་གཡག་བརྒྱ་ངུར། །གླང་ཆེན་བརྒྱ་དང་མ་ཧེ་སྟོང་། །ལྷ་གཡག་བརྒྱ་དང་ངུར་གཡག་ཁྲི། །གཡུ་ལུག་བརྒྱ་དང་ཤེལ་ར་ཁྲི། །བ་ཟལ་བརྒྱ་དང་བིལ་ཁྲི་སྟོང་། །དཀར་བ་བརྒྱ་དང་ནག་པོ་སྟོང་། །སྲིད་པའི་ས་བདག་ཀླུ་གཉན་ལ། །བརྒྱ་ཉིས་སྟོང་མཆིས་པ་འདི་འབུལ་ལོ། །འགྲས་པ་ཟླུམ་ལ་འཁོན་པ་སྦྱངས། །མ་བསད་པ་ཡི་སྟོང་དུ་འབུལ། །མ་བརྐུས་པ་ཡི་འཇལ་དུ་འབུལ། །མ་འཕྲོག་པ་ཡི་སྐྱིན་དུ་འབུལ། །ཚེ་གླུད་སྲོག་གི་རིན་དུ་འབུལ། །སྐྱེས་པ་ཕོ་བརྒྱའི་གླུད་དུ་འབུལ། །ཟ་མ་མོ་ཡི་གླུད་དུ་འབུལ། །བྱིས་སྦ་ཆུང་གི་གླུད་དུ་འབུལ། །སྒོ་ཡི་ནོར་གྱི་གླུད་དུ་འབུལ། །བཞེས་ཤིག་ཚེ་སྐྱིན་གླུད་དུ་བཞེས། །ཞི་བ་བྱང་ཆུབ་སེམས་ལྡན་མཛོད། །ཧོ། ཡུལ་གྱི་ས་བདག་ཀླུ་གཉན་རྣམས། །ཕྲག་དོག་དང་རུ་ང་མ་མཛད་ཅིག །ལས་ཐབས་བཟང་ངན་ཅི་བྱེད་ཀྱང་། །གདུག་རྩུབ་དང་ཀོ་ལོང་མ་མཛད་ཅིག །རྭ་ཡི་རྩེ་ལ་བབ་ཀྱང་མ་རྡུངས་ཤིག །རྨིག་པའི་རྩེ་ལ་བབ་ཀྱང་མ་འཁྲབས་ཤིག །ལྟ་བའི་


CMR042_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

མིག་ལ་བབ་ཀྱང་སྡང་མིག་མ་མཛད་ཅིག །བསམ་པའི་སེམས་ལ་བབ་ཀྱང་ངན་སེམས་མ་འཆངས་ཤིག །སྤྱི་བོའི་གཙུག་ཏུ་བབ་ཀྱང་སིག་གེ་མ་སྤྲུགས་ཤིག །གདུག་པའི་དལ་ལྟ།ཟེར་མ་གཏོངས་ཤིག །ཞི་བ་ཆེན་པོའི་ངང་ལ་གནས་པར་མཛོད་ཅིག །ས་བདག་ཀླུ་གཉན་ཐམས་ཅད་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གིས་མཐོལ་ལོ་བཤགས་སོ། །ཤིང་གཉན་སྟ་རེས་བཅད་དམ། ཆུ་གཉན་གཏིང་ནས་དཀྲུགས་སམ། མཁར་གཉན་རྨང་ནས་རྫོགས་སམ། རྩྭ་གཉན་ཟོར་བས་བརྫས་སམ། ས་བདག་མགུལ་དུ་ཐབ་ཉེས་བྱས་སམ། ས་གཉན་ལ་རོ་བསྲེགས་སམ། རི་གཉན་ལ་མེ་བཀྱེས་སམ། གོང་རྡོ་ལམ་ཉལ་བྱས་སམ། །དེ་དག་ལ་སོགས་པ་ས་བདག་འགྲམ་དུ་གྱུར་པ་རྣམས་ལ་མཐོལ་ལོ་བཤགས་སོ། །འཁོན་འགྲས་སྦྱོངས་ལ་ཕྲག་དོག་ཀོ་ལོང་མ་མཛད་ཅིག །ཐུགས་ཞི་བ་བྱང་ཆུབ་སེམས་དང་ལྡན་པར་མཛོད་ཅིག་ད་ནི་བདུད་བཅུ་གསུམ་ལ་ཡས་འབུལ་ལོ། རྩྭ་མཚོན་སྤར་བ་འདྲིལ་བ་དང་། རྡོ་མཚོན་སྤར་བ་དང་། ཤེལ་ཚིགས་སྦྲུལ་གཞོམ་དང་། ཤིང་རིས་རྒྱན་དཀར་དང་། སྟག་པའི་ཡོག་པ་དང་། དར་ཚོན་སྣ་ཚོགས་དང་།


CMR042_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

མར་གྱི་རིལ་བུ་དང་། ཐུད་ཀྱི་སྡོང་པོ་དང་། གཟུ་ཟན་དཔའ་སྐྱེམས་དང་། འབྲང་རྒྱས་ཞལ་དཀར་ཏེ། དེ་དག་གིས་བདུད་བཅུ་གསུམ་ལ་བླུད་འཇལ་ལོ། །དལ་གཟེར་མ་གཏོང་ཞིག །བདུད་དུ་མ་འབབས་ཤིག །ཡ་བདུད་གྱེན་དུ་བསྒྱུར། མ་བདུད་ཐུར་དུ་མནན། ལྷ་ལ་རྟེན་བཅའ། མི་ལ་ཡོན་འབུལ། འདྲེ་ལ་ན། དེ་རིང་ཉི་མ་ཐམས་ཅད་དགེ་བ་ཡིན། གཟའ་དང་རྒྱུ་སྐར་ཐམས་ཅད་བཟང་པོ་ཡིན། སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ། དགྲ་བཅོམ་པ་ཐམས་ཅད་ཟག་པ་མི་མངའ་འོ། །བདེན་པ་དང་བདེན་པའི་ཚིག་དེས་བདག་དང་ཡོན་གྱི་བདག་པོ་ལ་ཞི་བ་དང་བདེ་ལེགས་སུ་གྱུར་ཅིག །ཅེས་བརྗོད། བསྡུ་ན་གཏོར་མ་ཕུལ་བའི་རྗེས་སུ་བསྟོད་པ་ལ་འཇུག་ཀྱང་རུང་ངོ་། དེ་ནས་བསྟོད་པ་བྱ་ནི། ཧཱུྃ། འཇིག་རྟེན་སྲུང་མ་དམ་ཚིག་ཅན། །རྒྱལ་པོ་བཙུན་མོ་སྲས་དང་བཅས། །རྒྱལ་ཕྲན་བློན་པོ་ཕོ་ཉ་དང་། །སྤྲུལ་པ་འཁོར་ཚོགས་སྡེ་དང་བཅས། །ལོ་ཟླ་ཞག་དང་དུས་ཚོད་ལྷ། །ལྷ་ཀླུ་གནོད་སྦྱིན་གཉན་གྱི་ཚོགས། །གཟའ་དང་རྒྱུ་སྐར་འབྱུང་པོའི་ཚོགས། །ཡུལ་ལྷ་གཞི་བདག་ཐམས་ཅད་ལ། །བདག་ཅག་


CMR042_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པས་ཕྱག་འཚལ་བསྟོད། །སྐབས་འདིར་སྣང་བརྒྱད་ཀྱི་མདོ་ལན་གསུམ་མམ་མང་དུ་བགྲང་། ཁྱད་པར། ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མཎྜལ་མ་ཡེ་སྭཱ་ཧཱ། ཞེས་མང་དུ་བཟླ། དེ་ནས་ཕྲིན་ལས་བཅོལ་བ་ནི། ཧོ༔ དགོངས་སུ་གསོལ་ལོ། །བདག་ཅག་འཁོར་དང་བཅས་པས། མ་ཤེས་པ་དང་མ་རིག་པའི་དབང་གིས་ས་བདག་ཀླུ་གཉན་ཁྱེད་རྣམས་ཀྱི། ཐུགས་ལ་འཁོན་འགྲས་ཅི་མཆིས་པ་ཐམས་ཅད་བཤགས་སོ། །ཁྱེད་རྣམས་ལ་མནོལ་བ་ཡོད་ན་བསངས། ཆད་པ་ཡོད་ན་མཐུད། བསྙུང་བ་ཡོད་ན་བཅོས། འཁོན་པ་ཡོད་ན་བཟླུམ། དམའ་བ་ཡོད་ན་བསྟོད། ཐུགས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཅིག །ཁྱེད་རྣམས་ལ་ཡོད་མི་བཙུགས། དོ་མི་བསྡོ། འགྲས་མི་བཙལ། བདག་གི་ལས་ཀྱི་བྱ་བ་ཆེན་པོ་འདི་ལ། ཡ་མ་ང་། ཕྲག་མ་དོག །ཀོ་ལོང་རུ་ང་མ་བྱེད། འདྲེ་སྲིན་ངན་པའི་དབྱེན་མ་ཉན། ངན་བྱེད་བགེགས་ཀྱི་རྒྱབ་མ་རྟེན། ལྷ་དང་མགོན་པོའི་བཀའ་མ་བཅགས། རང་རང་གི་དམ་ཚིག་མ་བརྗེད་པར། བདག་ཅག་རྣམས་ལ་དུས་རྟག་ཏུ་མཛའ་གྲོགས་དང་ཤག་རོགས་ལྟ་བུར་ཤེས་པར་གྱིས་ལ་དུས་རྟག་ཏུ་ཕན་པ་དང་


CMR042_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བའི་སྡོང་གྲོགས་རྒྱ་ཆེན་པོ་མཛད་དུ་གསོལ། ཅེས་བརྗོད་ཅིང་མེ་ཏོག་འཐོར། ཚར་གྲངས་བྱེད་ན་མཆོད་གཏོར་གསོ་བྲན་བྱིན་བརླབས་བྱས་ལ། མཆོད་པ་དང་། གཏོར་མ་འབུལ་བ། །བསྟོད་པ། སྣང་བརྒྱད་ཀྱི་མདོ་བཀླག་པ། ཕྲིན་ལས་གསོལ་བ་དང་བཅས་བསྐྱར་བ་ལ་གྲངས་བཟུང་ངོ་། །དེ་ནས་བཟོད་པར་གསོལ་བ་ནི། ཧོ། མཆོད་ཡུལ་ཁྱེད་རྣམས་དགོངས་སུ་གསོལ། །སྣང་སྲིད་མཆོད་པའི་ཆོ་ག་ལ། །ལྷག་ཆད་འགལ་འཁྲུལ་སྙོམས་ལས་དང་། །མཆོད་རྫས་མ་ཚང་སེར་སྣས་སྦག །ཐུགས་དང་འགལ་བ་ཅི་མཆིས་པ། །བཟོད་པར་གསོལ་ལོ་ཚངས་པར་སྩོལ། །ཅེས་བརྗོད་ཡེ་ཤེས་པ་རྣམས་སྐུ་གསུང་ཐུགས་ཀྱི་རྟེན་ལ། ཨོཾ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་བསྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྟན་བཞུགས་བྱ། འཇིག་རྟེན་པ་རྣམས་གཤེགས་སུ་གསོལ་བ་ནི། ཧོ། ས་བདག་ལྷ་ཀླུ་རྫུ་སྤུ་འཕྲུལ་ཅན། །དང་པོ་བྱོན་པ་ཞལ་རེ་དྲོ། །བར་དུ་བཞུགས་པ་དོན་རེ་ཆེ། །ད་ནི་གཤེགས་པ་སྒབ་རེ་བཟང་། །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉིན་མོའི་གུང་


CMR042_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་བདེ་ལེགས་ཤོག །ཉིན་མཚན་ཀུན་ཏུ་བདེ་ལེགས་པ། །སངས་རྒྱས་ཀུན་ཏུ་བདེ་ལེགས་ཤོག །ཨོཾ་སརྦ་དེ་བ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་གཙྪ་མཿ ཞེས་རོལ་མོའི་སྒྲ་དང་བཅས་ཏེ། གཤེགས་སུ་གསོལ་ཞིང་། བཅའ་གཞི་རྣམས་ཕྱོགས་མཚམས་ཀྱི་རི་རྩེ་འམ། མཚོ་དང་རྫིང་བུ། ཆུ་ཀླུང་དང་ཆུ་མིག་སོགས་གཙང་སར་བསྐྱལ། རང་གི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་ཅིང་ལུས་རྡོ་རྗེའི་གོ་ཁྲབ་ཞུ་བླུགས་ཀྱིས་གཡོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་རཀྵ་རཀྵ། ཞེས་པས་བསྲུངས་བ་བྱས་ལ། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ལྷར་ཡང་དུས་སུ་ཆར་འབེབས་ཤིང་། །ལོ་ཏོག་ཕུན་སུམ་ཚོགས་པར་ཤོག །རྒྱལ་པོ་ཆོས་བཞིན་བྱེད་གྱུར་ཅིག །འཇིག་རྟེན་དག་ཀྱང་དར་བར་ཤོག །སྨན་རྣམས་མཐུ་དང་ལྡན་པ་དང་། །གསང་སྔགས་བཟླས་བརྗོད་འགྲུབ་པ་དང་། །མཁའ་འགྲོ་སྲིན་པོ་ལ་སོགས་པ། །སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་


CMR042_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །གཞན་ཡང་སྐྱེ་བ་འདི་ཉིད་དུ། །མི་མཐུན་ཕྱོགས་ཀུན་ཞི་བ་དང་། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །བཀྲ་ཤིས་ནི། སྟོན་མཆོག་དམ་པ་ལྷ་མིའི་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཞི་བ་ཆགས་བྲལ་ལྷ་མིའི་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག །ཚོགས་ཀྱི་དམ་པ་ལྷ་མིའི་མཆོད་འོས་པ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་དེང་འདིར་བདེ་ལེགས་ཤོག་།འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང་། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་མོ་ཆོས་ལ་སྤྱོད་པར་ཤོག །གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉིན་


CMR042_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱིས་བཀྲ་ཤིས་ཤོག །ཅེས་བརྗོད་ཅིང་མེ་ཏོག་འཐོར་རོ། །དེ་ལྟར་བགྱིས་པའི་ཕན་ཡོན་ནི། ཡུལ་དང་མཚེར་ས་བཟུང་བ། ཁང་ལས་བྱེད་པ། བྱེས་ལ་འགྲོ་བ། བྱིས་སྦ་བཙའ་བ། ཤི་སྒབ་གཅོད་པ་བག་མ་བསུ་བ་སོགས་ཀྱི་སྐབས་སུ་བྱས་ན་བཀྲ་ཤིས་ཤིང་བསམ་པ་འགྲུབ། ཞིང་རྨོ་བའི་དུས་སུ་བྱས་ན་ལོ་ཏོག་ལེགས། སྟོན་ཐོག་བསྡུ་བའི་དུས་སུ་བྱས་ན་འབྲུ་འཕེལ། རྟ་ཕྱུགས་ལ་དམིགས་ཏེ་བྱས་ན་སྒབ་འཕེལ། ནད་ཡམས་བྱུང་བའམ། ལྟས་ངན་བྱུང་བའམ། དུར་ཁ་ལྡང་བའམ། སྲི་ཁ་བྱེ་བ་སོགས་ཀྱི་དུས་སུ་བྱས་ན་དེ་དག་ཐམས་ཅད་ཞི་ཞིང་མི་འབྱུང་། ཁྱད་པར་ས་བནོ། རྡོ་རློག །ཤིང་གཅོད་པ་སོགས་ཀྱི་དུས་སུ་བྱས་ན་ས་བདག་ཀླུ་གཉན་ཀུན་གྱི་གནོད་པ་མི་འབྱུང་ཞིང་། ཞི་བ་དང་བདེ་ལེགས་སུ་འགྱུར། མདོར་ན་ཕྲིན་ལས་གང་བརྩམ་པ་ཐམས་ཅད་འགྲུབ་པ་སོགས་ཕན་ཟཡོན་རྒྱ་ཆེར་གསུངས་སོ། །འཕགས་པ་གནམ་ས་སྣང་བརྒྱད་ཀྱི་ཆོ་ག་ཁམས་གསུམ་བདེ་ལེགས་ཀྱི་གཞུང་ངག་འདོན་བཀླག་ཆོག་བཀའ་གཏེར་ཟུང་འབྲེལ་དུ། རཱ་ག་ཨ་སྱས་བྲིས་པ་དགེ་ཤིང་བཀྲ་ཤིས་པར་གྱུར་ཅིག །ཤུ་བྷཾ། མངྒ་ལཾ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའཕགས་པ་གནམ་ས་སྣང་བརྒྱད་ཀྱི་ཆོ་ག་ཁམས་གསུམ་བདེ་ལེགས་བཀླག་ཆོག་ཏུ་བཀོད་པ།next