Nitartha Digital Library
Tibetan
༄༅། །དམ་ཅན་བསྟན་བསྲུང་རྒྱ་མཚོའི་རྣམ་པར་ཐར་པ་ཆ་ཤས་ཙམ་བརྗོད་པ་སྔོན་མེད་ལེགས་བཤད་ཅེས་བྱ་བ་བཞུགས་སོ། །

21 occurrences of དང་ཚལ་་དང་
[Clear Hits]


21   
༄༅། །དམ་ཅན་བསྟན་བསྲུང་རྒྱ་མཚོའི་རྣམ་པར་ཐར་པ་ཆ་ཤས་ཙམ་བརྗོད་པ་སྔོན་མེད་ལེགས་བཤད་ཅེས་བྱ་བ་བཞུགས་སོ། །


21 occurrences of དང་ཚལ་་དང་
[Clear Hits]

 
no previous༄༅། །དམ་ཅན་བསྟན་བསྲུང་རྒྱ་མཚོའི་རྣམ་པར་ཐར་པ་ཆ་ཤས་ཙམ་བརྗོད་པ་སྔོན་མེད་ལེགས་བཤད་ཅེས་བྱ་བ་བཞུགས་སོ། །no next

༄༅། །དམ་ཅན་བསྟན་བསྲུང་རྒྱ་མཚོའི་རྣམ་པར་ཐར་པ་ཆ་ཤས་ཙམ་བརྗོད་པ་སྔོན་མེད་ལེགས་བཤད་ཅེས་བྱ་བ་བཞུགས་སོ། །

(༡)དམ་ཅན་བསྟན་བསྲུང་རྒྱ་མཚོའི་རྣམ་པར་ཐར་པ་ཆ་ཤས་ཙམ་བརྗོད་པ་སྔོན་མེད་ལེགས་བཤད་ཅེས་བྱ་བ་བཞུགས་སོ། །

(༢)ཕྱོགས་བཅུ་དུས་གསུམ་རྒྱལ་བ་རྒྱ་མཚོ་ཀུན། །དགོངས་པ་ཆོས་ཀྱི་དབྱིངས་སུ་རོ་གཅིག་ཀྱང་། །རྣམ་འགྱུར་བཀོད་པ་རྒྱ་མཚོ་འབྱམ་ཀླས་པས། །འགྲོ་འདུལ་བཀྲ་ཤིས་གང་ཞིག་དེང་འདིར་སྩོལ། །གཅིག་ཆོག་རྒྱལ་པོ་བླ་མའི་བཀའ་དྲིན་གྱིས། །གཅིག་ཤེས་ཀུན་འདུས་མན་ངག་སྙིང་པོར་འདྲེལ། །གཅིག་ཉིད་དུ་མར་ཤར་བའི་ངེས་པ་རྙེད། །གཅིག་འདུས་ཀུན་ཁྱབ་རང་རིག་རྒྱལ་པོར་འདུད། །གནད་འགག་རིག་ན་ཐམས་ཅད་དག་སྣང་སྟེ། །མ་

(༣)རིག་ཐམས་ཅད་སྡུག་གི་སྣོན་མར་འཆར། །རིག་དང་མ་རིག་གཉིས་ཀྱི་སོ་མཚམས་ན། །ཉམས་དགའི་ལྟད་མོ་ཤར་བ་ཕྱག་གི་ཡུལ། །རྒྱལ་བའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི། །འཇུག་སྒོའི་ཡུལ་ལ་ཚད་གཟུང་ག་ལ་ཞེས། །འཕགས་ཆེན་དམ་པའི་རྣམ་ཐར་རྒྱ་མཚོ་ལས། །ཆུ་ཐིགས་ཙམ་ཞིག་ལེན་པར་བགྱིད་ལ་སྤྲོ། །ཟབ་མོའི་གནད་དོན་ཇི་བཞིན་མ་རྟོགས་ཀྱང་། །རང་གི་ཇི་ལྟར་སོགས་པའི་བློ་ནུས་དང་། །འཚམས་པར་ངོ་

(༤)མཚར་གཏམ་དུ་གླེང་བ་ལ། །དཔྱོད་ལྡན་སུ་ཞིག་ཁྲེལ་བ་ཅིའི་ཕྱིར་མཛད། །དེའི་ཕྱིར་ལས་དང་ཡེ་ཤེས་དྲེགས་པའི་ཚུལ། །འཛིན་མཛད་རྒྱུད་གསུམ་དམ་ཅན་རྒྱ་མཚོ་མེད། །གཏམ་རྒྱུད་སྔོན་ཆད་མེད་པའི་ལེགས་བཤད་ཅེས། །བསྔགས་པར་འོས་པའི་སྦྱོར་བ་འདིར་བཞུགས་སོ། །ཇི་ལྟར་བརྩམ་པ་མཐའ་རུ་ཕྱིན་པ་དང་། །དེ་ལས་འགྲོ་བའི་བསོད་ནམས་ཆེར་འཕེལ་ཞིང་། །རྒྱལ་བ་རྒྱ་མཚོ་དགྱེས་པའི་རྒྱུར་འགྱུར་བའི། །ཕྲིན་ལས་མཛོད་ཅིག་ཉི་མ་གཞོན་ནུ་ཀྱེ། །དེ་ལ་འདིར་འགྲོ་བའི་རྒྱུད་ཀྱི་མ་རྟོགས་པ་དང་། །ལོག་པར་རྟོག་པ་དང་། ཐེ་ཚོམ་གྱི་དྲི་མ་ཐམས་ཅད་བསལ་ཏེ་ཡང་དག་པའི་མཚང་རིག་ནས་དེའི་དོན་ཉམས་སུ་ལོངས་

(༥)ཤིག །ཚོགས་གཉིས་རླབས་པོ་ཆེ་རྫོགས་པར་འགྱུར་བ་དང་། བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་གོང་འཕེལ་དུ་འགྱུར་བའི་ཕྱིར་དུ་རང་གི་ཇི་ལྟར་རྟོགས་པའི་བློ་ནས་དང་། མཚམས་པར་མདོ་རྒྱུད་ནས་གསུང་པའི་དམ་ཅན་རྒྱ་མཚོ་རྣམས་ཀྱི་རྣམ་པར་ཐར་པ་ཆ་ཤས་ཙམ་ཕྱོགས་གཅིག་ཏུ་བསྒྲིགས་ནས་གླེང་བར་སྤྲོའོ། །དེ་ལ་དེང་སང་གངས་རིའི་ཁྲོད་འདིར་རྒྱལ་བ་རྡོ་རྗེ་འཆང་གིས་རང་དང་དགོངས་པ་མཉམ་པར་གསུངས་པའི་དམ་ཅན་སྟོན་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས་ཚད་མར་འཛིན་བཞིན་དུ་དེ་ནས་གསུངས་པའི་དམ་ཅན་ཁྱད་པར་ཅན་རྣམས་ལ། ལ་ལར་བསྟོད་ཅིང་། ལ་ལར་སྨོད་པ་དང་། མཉམ་པ་རྣམས་ལའང་མཆོག་དམན་གྱི་ཁྱད་པར་ཆེན་པོར་འཛིན་པ་དང་། འགའ་ཞིག་གཏན་ནས་སྤོང་བའི་ཆོས་སྤོང་གི་སྡིག་ཚབ་པོ་ཆེ་གསོག་པར་བྱེད་དོ། །ཇི་ལྟར་ཞེ་ན་དམ་ཅན་ཁྱད་པར་ཅན་འཕགས་ཆེན་དམ་པ་ཡིན་པ་ལ་མ་

(༦)ཡིན་པར་འདུ་ཤེས་ནས་སྤངས་པས་དེའི་རྒྱུད་ཀྱི་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་སྤང་པར་འགྱུར། དེ་སྤངས་པས་དཀོན་མཆོག་གསུམ་སྤོང་བར་འགྱུར་ཞིང་། དེའི་དབང་གིས་རྣམ་སྨིན་གྱི་ཕུང་པོ་ཤིན་ཏུ་ལྕི་བར་འགྱུར་རོ། །དེའི་ཕྱིར་ཡི་གེ་འདི་དག་ལ་བརྟེན་ནས་དམ་ཅན་རྣམ་ལ་དང་བ་བསྐྱེད་པའི་བློ་གྲོས་ཀྱི་མིག་འབྱིན་པ་ཡིན་པས་བལྟ་བར་བྱོས་ཤིག །དེ་ལ་འདིར་སྲིད་གསུམ་གྱི་དྲེགས་ལྡན་ཐམས་ཅད་ཀྱི་ཡང་རྡོ་རྗེའི་ཆོས་སྲུང་ཚད་མར་གྱུར་པ་ཐམས་ཅད་ཀྱི་མེས་པོ་ལེགས་ལྡན་དབང་ཕྱུག་ཆེན་པོ་འདི་ཉིད་ཐོག་མར་འཆད་པར་བྱ་སྟེ། བྱང་གཏེར་དྲེགས་པའི་མཐུ་དབང་ཆེན་མོ་ལས་ཀྱང་། ལྷ་སྲིན་སྡེ་བརྒྱད་གཙོ་བོ་སྟེ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་དང་༔ བཙུན་མོ་ཨུ་མ་དེ་ཝི་གཉིས༔ ཞེས་སྡེ་དཔོན་སུམ་ཅུ་པོ་ཐམས་ཅད་ཀྱི་ཐོག་མ་དང་གཙོ་བོར་གཟུང་། ཤ་འུག་གཏེར་བྱོན་ཐུགས་རྗེ་ཆེན་པོའི་བཀའ་བསྲུང་ལེགས་ལྡན་དམར་པོའི་བསྟོད་པ་ལས། སྤྱན་རས་གཟིགས་སྤྲུལ་དབང་

(༧)ཕྱུག་ལྷ་ཆེན་པོ༔ འཇིག་རྟེན་མེས་པོ་ཁམས་གསུམ་ཀུན་གྱི་བདག༔ དངོས་གྲུབ་མཆོག་སྟེར་ཡོན་ཏན་རྫོགས་པའི་ལྷ༔ རྒྱལ་བའི་བཀའ་སྡོད་མཐུ་ཆེན་ཁྱོད་ལ་བསྟོད༔ ཅེས་དང་། བདེ་ཆེན་དབང་གི་དཀྱིལ་འཁོར་ནས༔ དཔལ་ཆེན་ཁྲག་འཐུང་རྟ་མཆོག་དཔལ༔ ཐུགས་རྗེ་ཆེན་པོའི་རོལ་པ་ལས༔ གུ་ལང་ཆེན་པོ་ལྷ་ཡི་ལྷ༔ དབང་ཕྱུག་ཤྲཱི་རལ་པ་ཅན༔ ཞེས་འཕགས་མཆོག་སྤྱན་རས་གཟིགས་དང་རྟ་མགྲིན་གྱི་རྣམ་སྤྲུལ། འཇིག་རྟེན་ཐམས་ཅད་ཀྱི་མེས་པོ། ཁམས་གསུམ་ཐམས་ཅད་ཀྱི་བདག་པོར་གསུངས་ཤིང་། འོག་ཏུ་འཆད་པར་འགྱུར་བ་བཞིན། ཕོ་རྒྱུད་མོ་རྒྱུད་ཐམས་ཅད་ཀྱི་རྩ་བའི་ཡབ་རྗེ་དམ་པར་གྱུར་པའི་ཕྱིར་རོ། །ཟ་མ་ཏོག་བཀོད་པའི་མདོ་ལས། འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱིས་འཇིག་རྟེན་རྣམས་འདུལ་བའི་ཕྱིར་དུ་དབང་ཕྱུག་དང་། ཚངས་པ་དང་། ཉི་ཟླ་དང་། དབྱངས་ཅན་རྣམས་སུ་སྤྲུལ་བར་གསུངས་ཤིང་། གཏེར་ཁ་དུ་མའི་ལྷ་ཆེན་

(༨)གྱི་སྒྲུབ་སྐོར་ལས། འཕགས་པ་འཇིག་རྟེན་དབང་ཕྱུག་དམར་པོར་བསྒྲུབ་པའི་ཐབས ཞེས་ཀྱང་འབྱུང་ངོ་། །རིག་གསུམ་མཚན་མའི་རྒྱ་ཅན་ལས། །ངེད་ཅག་རིགས་གསུམ་མགོན་པོ་ཞེས། །སོ་སོར་སྣང་ཡང་ངོ་བོ་གཅིག །སངས་རྒྱས་རྣམས་ཀྱི་སྙིང་རྗེ་དང་། །ཤེས་རབ་ནུས་མཐུ་སོ་སོར་བསྟན། །ཅེས། དེ་བཞིན་གཤེགས་པ་རྣམས་ཀྱི་མཁྱེན་རབ་དང་། ཐུགས་རྗེ་དང་། ནུས་མཐུ་རྣམས་ལས་སམ། སྐུ་གསུང་ཐུགས་ལས། འཇམ་དཔལ། སྤྱན་རས་གཟིགས། གསང་བའི་བདག་པོ་གསུམ་དུ་ཤར་བས། མདོར་བསྡུ་ན་སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེ་གསུམ་པོ་ལས་མ་འདས་པས་ལྷ་ཆེན་འདི་ཉིད་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པ་བཞིན་དུ། འཇམ་དཔལ་དང་གསང་བའི་བདག་པོའི་སྤྲུལ་པར་ཡང་ལུང་རིགས་གཉིས་ཀས་འགྲུབ་ལ། རིགས་གསུམ་མགོན་པོ་ནི་སྟོན་པ་རྡོ་རྗེ་འཆང་རང་ཉིད་ལས་ལོགས་སུ་མེད་དེ། བརྟག་གཉིས་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པོ་ང་། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང་། །ཞེས་

(༩)གསུངས། དེ་བཞིན་དུ་འཇམ་དཔལ་སྐུ། པདྨ་གསུང་། ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕུར་པ་ཕྲིན་ལས། མ་མོ་རྦོད་གཏོང་། འཇིག་རྟེན་མཆོད་བསྟོད། དམོད་པ་དྲག་སྔགས། རིགས་འཛིན་སློབ་དཔོན་ཏེ་དཔལ་ཆེན་གཙོ་དགུའི་ལྷ་ཚོགས་དང་། ཞི་བ་བཞི་བཅུ་རྩ་གཉིས། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་སོགས་དམ་པ་རིགས་བརྒྱ། བདེ་ཀྱེ་དུས་འཁོར་གསང་འཇིགས་སོགས་ཀྱིས་མཚོན་ཏེ་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་འཁོར་ལོ་བསྟན་པ་འདི་ལ་ཇི་ལྟར་སྤྲུལ་པར་མཛད་པ་ཐམས་ཅད་ཐུགས་རྒྱུད་ཅིག་ཅིང་། དེ་བཞིན་དུ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་པོ་ཐམས་ཅད་ང་ཐུགས་རྒྱུད་གཅིག་པར་འགྲུབ་སྟེ། དེ་ཐམས་ཅད་ཐུགས་རྗེ་ཆེན་པོའི་རྣམ་རོལ་འབའ་ཞིག་ཏུ་གསུངས་པའི་ཕྱིར་ཏེ། ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང་། སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་སྤྱན་རས་གཟིགས་ཀྱི་ཆོ་ག་ཞིབ་

(༡༠)མོ་ལས་གསུངས་པའི་ཕྱིར་རོ། །དེ་བས་ན་ལེགས་ལྡན་ཆེན་པོ་འདི་ནི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བསྲུང་མ་ཐམས་ཅད་ཀྱི་བདག་ཉིད་དམ་ཁྱབ་བདག་ཆེན་པོར་འགྲུབ་སྟེ། དཀྱིལ་འཁོར་ཆེན་པོའི་འཁོར་གྱི་དཔའ་བོ་དང་མཁའ་འགྲོ་ཐམས་ཅད་དཔལ་ཧེ་རུ་ཀ་ཡབ་ཡུམ་དུ་འདུས་ཤིང་། ཡུམ་ཡང་ཡབ་ཀྱི་ཆོ་འཕྲུལ་ལས་ཤར་བས་དགོངས་པ་རོ་གཅིག་ཅིང་། དེ་དང་འདི་གཉིས་དགོངས་པ་དབྱེར་མེད་པའི་ཕྱིར་རོ། །ཆོས་སྲུང་ཚད་ཐུབ་ཕལ་ཆེར་འདི་ཉིད་ཡིན་པར་འགྲུབ་ཏེ། མགོན་པོ་འདི་དང་དཔལ་མགོན་མ་ནིང་གཅིག་ཅིང་དེ་ཉིད་ཀྱི་སྒྲུབ་ཐབས་དབང་དང་བཅས་པའི་ཆོ་ག་ཆོས་རྒྱལ་གཏེར་བདག་གླིང་པས་མཛད་པ་ལས། རྣམ་འགྱུར་སྣ་ཚོགས་མགོན་པོ་ཀུན། །གཉིས་མེད་མ་ནིང་འདི་ལས་ཤར། །དེ་ཕྱིར་རྡོ་རྗེ་ཐེག་པ་ཡི། །བསྟན་བསྲུང་སྙིང་པོ་འདི་སྒྲུབས་ཤིག །ཅེས་གདམས་པར་མཛད་དོ། །དགའ་རབ་དབང་ཕྱུག་ལ་སོགས་པའི་སྲིད་གསུམ་གྱི་དྲེགས་ལྡན་ཐམས་ཅད་འདིའི་བྲན་གཡོག་ཏུ་

(༡༡)མ་གྱུར་པ་ཅིག་ཀྱང་མེད་དེ། སློབ་དཔོན་ཆེན་པོ་པདྨས། ཚངས་དང་འདོད་ལྷ་དབང་པོ་སོགས། །དྲེགས་པའི་ལྷ་ཆེན་ཐམས་ཅད་ཀྱང་། ཁྱོད་ཀྱི་འཁོར་དང་གཡོག་ལགས་ཏེ། །ཞེས་བསྟོད་པར་མཛད་ཅིང་། འོག་ཏུ་དྲེགས་པ་སོ་སོའི་སྐབས་ཀྱང་རྟོགས་པར་འགྱུར་རོ། །འོན་ཀྱང་རྫུ་འཕྲུལ་གྱི་ཆེ་བ་འབྱིན་པའི་སླད་དུ་གདུལ་བྱའི་ཚུལ་བཟུང་བའི་བཀོད་པ་རགས་པ་ཙམ་འདིར་འཆད་པར་བྱའོ། །དེ་ལྟར་ཡང་རྣལ་འབྱོར་རྒྱུད་ལས། རི་རབ་ཀྱི་རྩེ་མོར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོ་སྤྲུལ་ཏེ། སྤྲུལ་བཤད་མཛད་པ་ན། ཕྱོགས་བཅུའི་སངས་རྒྱས་རྣམས་འདུས་ཏེ་རྡོ་རྗེ་སེམས་དཔའ་ལ་སེམས་ཅན་རྣམས་འདུལ་བར་བསྐུལ་བས། རྡོར་སེམས་ཀྱི་དབང་ཕྱུག་ཆེན་པོ་ལ་སོགས་པ་མ་རུང་པའི་སེམས་ཅན་རྣམས་སངས་རྒྱས་ཀྱིས་ཀྱང་ཞི་བས་མ་ཐུལ་ན། བདག་གི་ཇི་ལྟར་བགྱི་ཞེས་ཞུས་པས། དེ་བཞིན་གཤེགས་པས་སངས་རྒྱས་ཐམས་ཅད་ཞལ་དུ་དྲངས། སྔར་གྱི་རྡོར་སེམས་ཕྱག་རྡོར་རྡོ་རྗེ་ཧཱུྃ་མཛད་དུ་བསྒྱུར་ཏེ་

(༡༢)རྣམ་སྣང་གི་ཏིང་ངེ་འཛིན་དུ་སྙོམ་པར་བཞུགས་ནས། ཧཱུཾ་ཌཀྐི་ཛ ཞེས་ལྷ་ཆེན་པོ་འཁོར་བཅས་ཁུ་ཅིག་ཅེས་བཀའ་བསྒོས་པས་རྡོ་རྗེ་ཧཱུཾ་མཛད་ཀྱིས་རྡོ་རྗེ་ཞགས་པ་ལ་བཀའ་བསྒྱུར། རྡོ་རྗེ་ཞགས་པས་ལྷ་ཆེན་གྱི་དྲུང་དུ་བྱོན་ཏེ་བཀའ་བསྒྱུར་བས་ལྷ་ཆེན་ཁྲོས་ནས། ང་ནི་འཇིག་རྟེན་གསུམ་རྒྱལ་པོ། །དེ་ལས་སྟོན་པ་གཞན་ཡོད་དམ། །ཞེས་གསུངས། ལན་གསུམ་དུ་བོས་ཀྱང་བྱོན་དུ་མ་བཏུབ། རྡོ་རྗེ་ཞགས་པ་ཁྲོས་ནས་ལྷ་ཆེན་གཙོ་འཁོར་རྣམས་ཀྱི་ཡན་ལག་ཐམས་ཅད་བཅིངས་ཏེ་བཀུག་པས་འཁོར་གྱི་ལྷ་རྣམས་ནི་འཇིགས་ཤིང་སྐྲག་པས་ངུ་ཞིང་། དེ་བཞིན་གཤེགས་པ་ལ་སྐྱབས་འཚོལ་བར་བྱེད་དོ། །དེར་ལྷ་ཆེན་གྱིས་བཤུགས་བསྐྱེད་དེ་རྡོ་རྗེ་ཞགས་པ་བཅད་ནས་བྲོས་སོ། །དེར་རྡོ་རྗེ་ཞགས་པས་ཧཱུཾ་མཛད་ལ་ལྷ་རྣམས་ཀྱིས་བདག་བཅད་ནས་བྲོས་སོ་ཞུས་པས། ཧཱུཾ་མཛད་ཐུགས་ཁྲོས་ཏེ་རྡོ་རྗེ་ལྕགས་སྒྲོག་བཏང་ནས་ལྷ་ཆེན་ཨུ་མ་དང་བཅས་པའི་གཙོ་འཁོར་རྣམས་བསྡམས་ནས་བཀུག་པ་དང་། ཡང་ལྷ་ཆེན་གྱི་མཐུ་སྟོབས་ཀྱིས་

(༡༣)ལྕགས་སྒྲོགས་ཀྱང་བཅག་ནས་བྲོས་སོ། །དེར་ལྕགས་སྒྲོག་གིས་ལྷ་རྣམས་ཀྱིས་བདག་བཅག་ནས་བྲོས་སོ་ཞུས་པས། ཧཱུཾ་མཛད་སྔར་བས་ཀྱང་ཐུགས་ཁྲོས་ཏེ་རྡོ་རྗེ་ལྕགས་ཀྱུ་ལ་བཀའ་བསྒོས་པས་དེས་ལྕགས་ཀྱུ་གྲངས་མེད་བྱེ་བ་བཅུ་སྤྲུལ་ཏེ་ལྷ་ཐམས་ཅད་ཀྱི་སྤྱི་བོར་ལྕགས་ཀྱུ་བཏབ། ལྕགས་སྒྲོག་གིས་བསྡམས། ཞགས་པས་བཅིངས་རྡོ་རྗེ་ར་བའི་ཕྱི་རོལ་དུ་བཀུག་སྟེ་རྡོ་རྗེ་མེ་འབར་བས་བརྡུངས་པས་ཐམས་ཅད་འོ་དོད་འབོད་ཅིང་སྨྲེ་ངག་འདོན་ནོ། །དེར་ཧཱུཾ་མཛད་སྙིང་རྗེ་འཁྲུངས་ཏེ་བཅིངས་པ་ལས་བཀྲོལ་ནས་གྲོགས་སོ་དག །དེ་བཞིན་གཤེགས་པའི་བསྟན་པ་ལ་བཞུགས་ལ་ངའི་བཀའ་ལ་ཉོན་ཞིག་ཅེས་གསུངས་པས་ལྷ་ཆེན་གྱི་འཁོར་རྣམས་ཀྱིས་བདག་ཅག་གིས་ཇི་ལྟར་བསྒྲུབ་པར་བགྱི་ཞེས་ཞུས་པས། ཧཱུཾ་མཛད་ཀྱིས། སངས་རྒྱས་ཆོས་དང་དགེ་འདུན་ལ། །སྐྱབས་སུ་འགྲོ་བ་བསྒྲུབ་པར་བྱོས། །ཀུན་མཁྱེན་ཡེ་ཤེས་ཐོབ་པའི་ཕྱིར། །གྲོགས་པོ་རྣམས་ཀྱིས་གནས་ནི་

(༡༤)སྔར་མ་མཐོང་ངོ་། །ཞེས་གསུངས་པས། ཧཱུཾ་མཛད་ཀྱི་དྲག་ཏུ་བཞད་ནས། ང་ནི་གནོད་སྦྱིན་ཐམས་ཅད་ཟ་བར་བྱེད་པ་སྟེ། མ་རུངས་པ་ཁྱོད་དཀྱིལ་འཁོར་དུ་ཞུགས་ལ་ངའི་དམ་ཚིག་ནས་སར་གྱིས་ཤིག །ཅེས་གསུངས་པས། ལྷ་ཆེན་གྱིས། གནོད་སྦྱིན་ཁྱོད་ངས་ངོ་ཡང་མི་ཤེས། ཁྱོད་ཀྱི་བསྟན་པ་ལ་ང་མི་འཇུག །ང་ནི་འཇིག་རྟེན་གསུམ་གྱི་བདག་པོ་ཡིན་པས་ངེད་རང་གཉིས་མཐུ་སྟོབས་འགྲན་པར་བྱའོ། །ཞེས་གསུངས་པས། མདུང་རྩེ་གསུམ་སྟོང་ཕྲག་གཅིག་སྤྲུལ་པས། ཁྱབ་འཇུག་གིས་འཁོར་ལོ་སྟོང་ཕྲག་གཅིག །བརྒྱ་བྱིན་གྱི་རྡོ་རྗེ་སྟོང་ཕྲག་གཅིག །གཞོན་ནུ་གདོང་དྲུག་གིས་མདུང་། ཚངས་པས་དབང་ཕྱུག་ཐོ། ལྷ་གཞན་རྣམས་ཀྱིས་ཀྱང་རང་རང་གི་མཚོན་ཆ་སྟོང་ཕྲག་རེ་སྤྲུལ་ཏེ་ཆོ་འཕྲུལ་དུ་མ་དང་བཅས་ཏེ་རྡོ་རྗེ་ཧཱུཾ་མཛད་དང་འཐབས་སོ། །དེར་ཧཱུཾ་མཛད་ཀྱིས། མཚོན་ཆ་རྣམས་དུམ་བུར་གཏུབས། སྟོང་པ་ཉིད་དུ་སྦྱངས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་མེ་དཔུང་གིས་དཀྲིགས་པར་བསྲེགས་ཏེ། ལུས་

(༡༥)སྲུལ་པོ་མིའི་ཤ་ཟ་བ་ཁྱོད་ངའི་བཀའ་ལ་ཉོན་ཅིག །དེ་ལྟར་མ་ཡིན་ན་ཁྱོད་ཐལ་བར་གཞོམ་པར་བྱའོ། །ཞེས་གསུངས་པས་ལྷ་ཆེན་གྱིས། ང་འཇིག་རྟེན་གསུམ་གྱི་བདག་པོ་ཡིན་པས། ཁྱོད་རང་ངའི་བཀའ་ལ་ཉོན་ཞིག །ཅེས་གསུངས། དེར་ཧཱུཾ་མཛད་ཀྱིས་བཅོམ་ལྡན་འདས་ལ། ལྷ་ཆེན་འདི་ཁོ་རང་གི་སྟོབས་ཀྱིས་དྲེགས་ནས་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་ཏུ་མི་ཐུབ་པ་འདུག་པས་ཇི་ལྟར་བགྱི་ཞེས་ཞུས་པས་བཅོམ་ལྡན་འདས་ཀྱིས་ཐུགས་ཀ་ནས། ཨོཾ་སུམ་བྷ་ནི་སུམ་བྷ་བཛྲ་ཧཱུཾ་ཕཊ། །ཅེས་པ་དང་། ཧཱུཾ་མཛད་ཀྱིས་ཀྱང་ཧཱུཾ་ཞེས་གསུངས་པས་ལྷ་ཆེན་འཁོར་འདས་ཁ་བུབ་ཏུ་འགྱེལ་བ་རྣམ་སྣང་མངོན་བྱང་གི་རྩ་བརྒྱུད་ནས་གསུངས། རྡོ་རྗེ་རྩེ་མོ་ནས། དེར་ཧཱུཾ་མཛད་ཀྱིས་གཙུག་ཏོར་ནས་རྡོ་རྗེ་གཙུག་ཏོར། མཛོད་སྤུ་ནས་རྡོ་རྗེ་ཁྲོ་གཉེར་ཅན། ཞལ་ནས་རྡོ་རྗེ་རོ་མཆོག །ཐུགས་ཀ་ནས་འདོད་རྒྱལ། ཕྲག་པ་གཡས་

(༡༦)ནས་རྡོ་རྗེ་ལྕགས་ཀྱུ། གཡོན་པ་ནས་རྡོ་རྗེ་ཞགས་པ། ལྟེ་བ་ནས་རྡོ་རྗེ་ཞགས་པ། རྐེད་པ་ནས་རྡོ་རྗེ་སྐ་རགས། དཔུང་པ་གཡས་ནས་རྡོ་རྗེ་གདུ་བུ་ཁུ་ཚུར་གཡས་ནས་ཁྲོ་བོ་དམ་ཚིག ཁུ་ཚུར་གཡོན་ནས་ཁྲོ་བོ་ཁུ་ཚུར། སོར་མོ་གཡས་གཡོན་རྡོ་རྗེ་བསྡམས་པ་དང་། རྡོ་རྗེ་ཐལ་མོ་སེན་མོ་གཡས་གཡོན་ནས་རྡོ་རྗེ་སྡེར་མོ་དང་རྡོ་རྗེ་སྡེར་མོའི་གདོང་། བརླ་གཡས་གཡོན་ནས་ཁྲོ་བོ་རྐེད་པ་དང་ཁྲོ་བོ་སྤྱི་གཙུག་པུས་མོ་གཡོན་གཡས་ནས་ཁྲོ་བོ་གནམ་ལྕགས་དང་། ཁྲོ་བོ་ལྕགས་སྒྲོག །རྗེ་ངར་གཡས་གཡོན་ནས་རྡོ་རྗེ་དབྱིག་པ་དང་རྡོ་རྗེ་ཡན་ལག །མཆུ་ལས་རྡོ་རྗེ་རྐང་གདུབ་དང་རྡོ་རྗེ་དོན་ཡོད། རྐང་མཐིལ་གཉིས་ནས་རྡོ་རྗེ་ཤུགས་དང་རྡོ་རྗེ་ས་འོག །བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་ཏེ་གདུག་པ་ཅན་རྣམས་ཐུལ་ཞིག་ཅེས་གསུངས་པས་དེ་རྣམས་ཀྱིས། ཨོཾ་སུམ་བྷ་ནི་སུམ་བྷ་བཛྲ་ཧཱུཾ་ཕཊ། ཅེས་ང་རོ་ཆེས་ཆེར་

(༡༧)བསྒྲགས་པས་ལྷ་ཆེན་འཁོར་བཅས་ཁ་སྦུབ་ཏུ་འགྱེལ་ལོ། །དེ་ནས་རྡོ་རྗེ་མེ་སྤྲོས་ཏེ་བསྲེགས་པས་ཐམས་ཅད་ཚིག་ནས་འོ་དོད་འབོད་དོ། །དེར་ཁྲོ་བོ་རྣམས་ཀྱིས་ཨོཾ་བཛྲ་ཨ་བེ་ཤ་ཡ་ཨ་ཞེས་ཁྲོ་བོ་རྡོ་རྗེ་འབེབས་པ་སྤྲོས་པས་ལྷ་ཆེན་གཙོ་འཁོར་ཐམས་ཅད་ལ་བྱིན་ཕེབས་ཏེ། རང་གི་ཡན་ལག་གཅིག་ཏུ་བརྡུང་ཞིང་ཟ་བར་བྱེད་དོ། །དེར་རྡོ་རྗེ་ལྕགས་ཀྱུས་སྤྱི་བོ་ནས་བཀུག །རྡོ་རྗེ་ཞགས་པས་དྲངས། རྡོ་རྗེ་མེས་བསྲེགས་མགོ་ཐུར་དུ་བསྟན་ནས་བཞག་པས་ཐམས་ཅད་སྨྲེ་ངག་འདོན་ནོ། །དེའི་ངང་ལ་རྡོ་རྗེ་ལྕགས་སྒྲོགས་ཀྱིས་བསྡམས་ཏེ་དཀྱིལ་འཁོར་དུ་བཅུག །ཧཱུཾ་མཛད་ཀྱིས་ཧཱུཾ་ཧཱུཾ་ཞེས་དྲག་ཏུ་གསུངས་པས་ཐམས་ཅད་ཤི་བ་བཞིན་དུ་འགྱུར་ཏོ། །ཞེས་གསུངས། རྩ་བརྒྱུད་ལས། འཁོར་རྣམས་ཧཱུཾ་མཛད་ལ་སྐྱབས་སུ་སོང་ཞིང་དབང་ཕྱུག་དེ་ཉིད་དུ་ཤི་བར་གསུངས། བཅོམ་ལྡན་འདས་ཀྱི་ཧཱུཾ་མཛད་ལ། འབྱུང་པོ་མཐུ་བོ་ཆེ་རྣམས་ཀྱིས་སྐྱབས་གནས་བགྱིས་པ་ལ་མ་གསོད་གསུངས་པས། ཧཱུཾ་མཛད་ཀྱིས་ལྷ་རྣམས་ལ་གལ་ཏེ་ཁྱེད་

(༡༨)རང་རྣམས་མི་འཆི་བར་འདོད་ན། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ལ་ངའི་བཀའ་ཉོན་ཞིག །ཅེས་གསུངས་པས་ཐམས་ཅད་ཀྱིས་ཁས་བླངས་སོ། །དེ་དག་གི་མཐར་ཧཱུཾ་མཛད་ཀྱིས་བཛྲ་ཨུ་ཏིཥྛ་ཞེས་གསུངས་པས། ལྷ་ཆེན་མ་གཏོགས་པ་ཐམས་ཅད་རྒྱལ་བསངས་ཏེ། འཇིགས་སྐྲག་ལས་གྲོལ་ཏེ་ཧཱུཾ་མཛད་ལ་བལྟ་བཞིན་དུ་ལངས་སོ། །དེར་བཅོམ་ལྡན་འདས་ཀྱིས། ཧཱུཾ་མཛད་ལ་ལྷ་ཆེན་པོ་ཡང་སློངས་ཤིག་གསུངས་པས། ཤི་བ་གསོ་བའི་སྙིང་པོ་བཛྲ་ཨཱ་ཡུ་ཞེས་བརྗོད་པས། ལྷ་ཆེན་གསོས་ཀྱང་བཞེང་བར་མ་ནུས་སོ། །དེར་ལྷ་ཆེན་གྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད། བདག་ཁྲོ་བོ་ཧཱུཾ་མཛད་ཀྱིས་འདུལ་ལམ་ཉིད་ཀྱི་འདུལ་ཞུས་པས། བཅོམ་ལྡན་འདས་ཀྱིས་ཁྱོད་ནི་ཧཱུཾ་མཛད་ཀྱིས་འདུལ་གྱི་ངས་མ་ཡིན་ནོ། །གསུངས། དེ་ཅི་ལགས། ཁྱེད་ཀྱིས་མ་རུངས་པ་འདི་ལྟ་བུའི་འཇིགས་པ་ལས་སྐྱོབས་པར་མི་ནུས་སམ་ཞུས་པས། ངས་འདི་ལས་སྐྱོབ་མི་ནུས་ཏེ། ངེད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་

(༡༩)པོ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པས། བཅོམ་ལྡན་འདས་ལས་གཞན་པའི་བདག་པོ་མེད་ན་འདི་སུ་ལགས་ཞུས་པས། ཧཱུཾ་མཛད་ཀྱིས། ཀྱེ། མ་རུང་པའི་སེམས་ཅན་ཁྱོད་ངའི་བཀའ་ལ་མི་ཉན་ནམ་གསུངས་པས། ལྷ་ཆེན་ཐུགས་ཁྲོས་ཤིང་བྲེད་ཀྱང་འཇིགས་པའི་གཟུགས་བསྟན་ནས་ང་ཤི་བ་བཟོད་ཁྱོད་ཀྱི་ངག་ལ་མི་ཉན་ནོ། །ཞེས་གསུངས་པས། ཧཱུཾ་མཛད་ཀྱིས་རང་གི་ཞབས་མཐིལ་ནས་རྡོ་རྗེ་རྗེས་སུ་སྦྱོང་བ་སྤྲོས་ནས་བཀའ་བསྒོས་པས་དེས་ལྷ་ཆེན་ཡབ་ཡུམ་རྣམས་དབུ་ཞབས་ལྡོག་སྟེ་ཧཱུཾ་མཛད་ཀྱི་དྲུང་དུ་བཞག་གོ །དེ་ནས་ཧཱུཾ་མཛད་ཀྱིས་བཅོམ་ལྡན་འདས་ལ་ཇི་ལྟར་བགྱི་ཞུས་པས། ཨོཾ་བཛྲ་ཨ་ཀ་མ་ཧོ ཞེས་གསུངས་པས། ཧཱུཾ་མཛད་ཀྱིས། ཨུ་མ་གན་རྒྱལ་དུ་བསྒྱེལ་ཏེ་ཞབས་གཡས་པས་མནན། ལྷ་ཆེན་ཁ་བུབ་ཏུ་བསྒྱེལ་ཏེ་ཞབས་གཡོན་པས་མནན། སྙིང་པོ་གསུངས་མ་ཐག་ཏུ་ལྷ་ཆེན་ལ་བྱིན་བབས་ཏེ། རང་གི་ཕྱག་སྟོང་གིས་རང་ལ་དབང་མེད་

(༢༠)དུ་ཚོགས་པར་མཛད་དོ། །དེར་དཀྱིལ་འཁོར་གྱི་ཕྱི་རོལ་ན་གནས་པའི་དབང་ཕྱུག་གི་འཁོར་སྲིད་གསུམ་གྱི་བདག་པོ་རྣམས་ཀྱིས་མགྲིན་གཅིག་ཏུ་བདག་ཅག་གི་དབང་པོ་ནི་བདག་ཉིད་ཆེན་པོ་རྡོ་རྗེ་ཧཱུཾ་མཛད་ཀྱིས་བརྔུལ་ལོ། །ཞེས་སྒྲ་ས་གཡོ་བ་ཙམ་དུ་གྲག་གོ །དེར་རྣམ་སྣང་གིས་བྱམས་པའི་སྙིང་པོ་གསུངས་པས་ལྷ་ཆེན་ལ་བྱིན་ཕེབས་པས་སྡུག་བསྔལ་ཞི་སྟེ། རང་གི་ལུས་ཧཱུཾ་མཛད་ལ་གདན་དུ་ཕུལ་ནས་འོག་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒའི་རླུང་སུམ་ཅུ་སོ་གཉིས་ཀྱི་བྱེ་མ་སྙེད་འདས་པ་ན་ཐལ་བས་ཁེབས་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་ཐལ་བའི་དབང་པོའི་དབྱངས་ཞེས་བྱ་བར་སངས་རྒྱས་སོ། །དེར་ལྷ་ཆེན་གཤེགས་པའི་སྐུ་ལུས་དེ་ལས། ཨེ་མ་ཧོ སངས་རྒྱས་ཐམས་ཅད་ཀྱིས། སངས་རྒྱས་ཡེ་ཤེས་བླ་ན་མེད། །ཡི་གེའི་ཚིག་གི་མནན་ནས་སུ། །མྱ་ངན་ལས་ནི་འདས་པར་བཞག །ཅེས་རང་བྱུང་གི་སྒྲ་བྱུང་སྟེ། ཆེད་དུ་བརྗོད་པས་ཆེད་དུ་བརྗོད་དོ། །ཞེས་གསུངས་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པར་འཇིག་རྟེན་གྱི་ལྷ་རང་ག་ཞིག་

(༢༡)ཡིན་ན་དེ་བཞིན་གཤེགས་པའི་རྣམ་སྤྲུལ་ལས་བྱུང་བའི་རྡོ་རྗེ་ཞགས་པ་གཅོད་པ་དང་། རྡོ་རྗེ་ལྕགས་སྒྲོག་བཅོག་པ་སོགས་ཇི་ལྟར་བྱེད་ནུས། གདུལ་བྱ་དང་འདུལ་བྱེད་གཉིས་ཀ་དགོངས་པ་མཉམ་པའི་རྣམ་སྤྲུལ་གྱི་བཀོད་པ་སྟོན་པར་བཞེད་ནས་དེ་ལྟར་མཛད་པ་ཡིན་ནོ། །དུས་དེ་ཕན་ཆད་དུ་ལྷ་ཆེན་པོ་སྐྱེ་བོ་རང་ག་ཡིན་པའི་དབང་དུ་གཏོང་ན་ཡང་། དེང་སང་ནི་རྫོགས་པའི་སངས་རྒྱས་ཡིན་པར་རྒྱུད་སྡེ་རིན་པོ་ཆེ་དེ་དག་ནས་གསུངས་པས་འཇིག་རྟེན་གྱི་ལྷ་རང་ག་བར་འཛིན་པ་ནི་བླུན་པོའི་ལུགས་སོ། །བདེ་མཆོག་གི་རྒྱུད་སྡེ་རྣམས་ནས་གསུངས་པའི་དོན་ཀུན་མཁྱེན་བུས་ཆོས་འབྱུང་དུ་འགོད་པར་མཛད་པ་ལས། ལྷ་ཆེན་དབང་ཕྱུག་ཆེན་པོའི་དབང་གི་རྣམ་འགྱུར་སྐུ་མདོག་དམར་པོ་ཡུམ་ཨུ་མ་དམར་མོ་དང་སྦྱོར་བ་གཞན་འཕྲུལ་དབང་བྱེད་ན་བཞུགས། རྒྱས་པའི་རྣམ་འགྱུར་སྐུ་མདོག་སེར་པོ་ཡུམ་ཨེ་ཀ་ཛ་ཏི་རལ་གཅིག་མ་དང་སྦྱོར་བ་རི་རབ་ཀྱི་དབུས་ན་བཞུགས། ཞི་

(༢༢)བའི་རྣམ་འགྱུར་སྐུ་མདོག་དཀར་པོ། ཆུང་མ་དཀར་མོ་དང་མཉམ་པར་སྦྱོར་བ་རི་རབ་ཀྱི་བྱང་ཤར་ན་བཞུགས། འདི་ཕྱོགས་སྐྱོང་བཅུའི་བྱང་ཤར་དབང་ལྡན་གྱི་ལྷ་དང་གཅིག་ཅིང་། ཆུང་མ་དཀར་མོ་ཡང་གཽ་རི་མ་ཡིན་གསུང་། དྲག་པོའི་རྣམ་འགྱུར་འཇིགས་བྱེད་སྐུ་མདོག་ནག་པོ་ཡུམ་དུས་མཚན་མ་དང་སྦྱོར་བ་འཛམ་བུའི་གླིང་གི་ཡུལ་དབུས་མ་གྷ་དྷར་བཞུགས། དེར་ནམ་མཁའ་ནས་ལྷ་བཞི་དང་དྲི་ཟ་བཞི་བྱུང་ནས་ཡུལ་ཆེན་པོ་བརྒྱད་བཟུང་སྟེ་མཁའ་སྤྱོད་ཀྱི་གནས་སུ་གྲགས་སོ། །གནོད་སྦྱིན་བཞི་དང་སྲིན་པོ་བཞི་ས་སྟེང་ནས་བྱུང་སྟེ་ཡུལ་ཆེན་པོ་བརྒྱད་བཟུང་བར་ས་ལ་སྤྱོད་པའི་གནས་སུ་གྲགས་སོ། །ཀླུ་ཆེན་པོ་བཞི་དང་ལྷ་མ་ཡིན་བཞི་པ་འོག་ནས་བྱུང་སྟེ་ཡུལ་ཆེན་པོ་བརྒྱད་བཟུང་བར་ས་འོག་ལ་སྤྱོད་པར་གྲགས་སོ། །མིའམ་ཅི་བཞི་དང་ཕྲ་མེན་མ་བཞིས་དུར་ཁྲོད་ཆེན་པོ་བརྒྱད་བཟུང་ངོ་། །དེ་དག་ཐམས་ཅད་ཀྱིས་དབང་ཕྱུག་ཡབ་ཡུམ་སྤྱན་འདྲེན་པར་འདོད་དེ་གསོལ་བས་མཆོད་པའི་རྟེན་དུ་རྡོའི་ལིངྒ་དང་བྷ་ག་རེ་རེ་སྤྲུལ་ཏེ་བྱིན་

(༢༣)ནོ། །དེ་ཐམས་ཅད་འདོད་ཆགས་ཤས་ཆེ་བས་འཁྲིགས་པའི་བྱ་བ་ལ་ལོངས་སྤྱོད། ཞེ་སྡང་ཤས་ཆེ་བས་བསད་པའི་ཤ་ཁྲག་ལ་རྟག་ཏུ་རོལ། གཏི་མུག་ཤས་ཆེ་བས་ལས་འབྲས་ཁྱད་དུ་གསོད་ཅིང་གནས་ལུགས་ཀྱི་དོན་ལ་རྨོངས། འཛམ་གླིང་ཐམས་ཅད་དབང་དུ་བསྡུས་ནས་ལོག་པར་སྤྱོད་ཅིང་གཞན་དག་ཀྱང་དེ་ལ་འགོད་པར་བྱེད་དོ། །དེའི་ཚེ་བདག་ཅག་གི་སྟོན་པ་ལོངས་སྤྱོད་རྫོགས་པའི་སྐུ་ལས། སྤྲུལ་སྐུའི་ཧེ་རུ་ཀར་བཞེངས་ཏེ་རི་རབ་ཀྱི་རྩེ་མོར་བྱོན་པས་མི་བསྐྱོད་པས་གཞལ་ཡས་ཁང་གདན་དང་བཅས་པ་ཕུལ། རིན་འབྱུང་གིས་འཇམ་དཔལ་ལ་སོགས་པ་དཔའ་བོ་ཉེར་བཞི་དང་རྡོ་རྗེའི་ཕོ་ཉ་མོ་ལ་སོགས་པ་དཔའ་མོ་ཉེར་བཞི་སྤྲུལ་ཏེ་ཕུལ། སྣང་བ་མཐའ་ཡས་ཀྱིས་ལྷ་མོ་བཅུ་གཉིས་སྤྲུལ་ཏེ་ཕུལ། དོན་གྲུབ་ཀྱི་གོ་ཆའི་ལྷ་བཅུ་གཉིས་སྤྲུལ་ཏེ་ཕུལ། རྣམ་སྣང་གིས་ཕུང་ཁམས་སྐྱེ་མཆེད་བྱིན་གྱིས་

(༢༤)བརླབས་པའི་རྣམ་སྤྲུལ་ཏེ་ཕུལ་བས་སྐད་ཅིག་དེ་ཉིད་ལ་འཛམ་བུའི་གླིང་དུ་གཤེགས་ཏེ་དྲག་པོ་འཇིགས་བྱེད་དང་དུས་མཚན་མ་ཞབས་འོག་ཏུ་མནན་ཏེ་བཏུལ་ནས་འཇིགས་བྱེད་ས་འོག་ཏུ་སངས་རྒྱས་ཀུན་ཏུ་བཟང་པོ་ལ་སོགས་པ་ཉི་ཤུ་རྩ་བཞི་ཁྲོ་བོར་སྤྲུལ་ནས་རྡོ་རྗེའི་ཕོ་ཉ་མོ་ལ་སོགས་པའི་ལྷ་མོ་རྣམས་ཁྲོ་མོར་སྤྲུལ་པ་དང་སྙོམ་པར་ཞུགས་པས་ཡུལ་ཉི་ཤུ་རྩ་བཞིའི་དྲེགས་པ་ཅན་རྣམས་བཏུལ་ཏེ། སྒོ་མཚམས་མ་རྣམས་ཀྱིས་མིའམ་ཅི་དང་ཕྲ་མེན་ལ་བརྒྱད་བཏུལ། སྙིང་པོའི་རྣལ་འབྱོར་མ་བཞིས་དབང་ཕྱུག་གི་ཡུམ་འགུགས་བྱེད་མ། འཆིང་བྱེད་མ། རྨོངས་བྱེད་མ། མྱོས་བྱེད་མ་བཞི་བཏུལ། དེ་དག་གི་ལོངས་སྤྱོད་རྣམས་འཕྲོགས་ཏེ་ལྷ་ཚོགས་རྣམས་ཀྱི་རྒྱན་དང་ཕྱག་མཚན་དང་གདན་ལ་སོགས་པར་མཛད་དེ་ཚོགས་ཀྱི་འཁོར་ལོར་རོལ། སྲོག་སྔགས་རྣམས་སྐུ་གསུང་ཐུགས་སྔགས་སུ་བྱིན་གྱིས་རླབས་པར་བཤད། གསང་བ་སྙིང་པོའི་རྒྱུད་ཀྱི་ལེའུ་བཅོ་ལྔ་པ་ལས། བཅོམ་ལྡན་འདས་ཀྱིས་དེ་བཞིན་ཉིད་ཀྱི་ངང་ལས་

(༢༥)ཁྲོ་མོ་དབང་ཕྱུག་ཆེན་མོར་སྤྲུལ་པར་རོལ་ཞིང་ཁྲོ་བོའི་དཀྱིལ་འཁོར་བསམ་གྱི་མི་ཁྱབ་པ་སྤྲུལ་ཏེ་སྤྲོས་པས་ས་རྣམ་པ་དྲུག་ཏུ་གཡོས། དབང་ཕྱུག་ཆེན་པོ་ལ་སོགས་པ་འཇིག་རྟེན་གྱི་དྲེགས་པ་མཐུ་བོ་ཆེ་རྣམས་བརྒྱལ། དེར་བཅོམ་ལྡན་འདས་ཁྲག་འཐུང་རྐུ་ཅིར་ཡང་སྟོན་པ་ཕྱག་ཞབས་སྟོང་ཁམས་ཀྱི་རྡུལ་སྙེད་སྣ་ཚོགས་སུ་འཆར་བ་དེ་དབུ་གསུམ་ཕྱག་དྲུག་ཞབས་བཞི་པར་བསྒྱུར་ཏེ། དབང་ཕྱུག་ཆེན་པོ་ཡབ་ཡུམ་བསྒྱེལ་བའི་གདན་ལ་བརྐྱང་བསྐུམ་དུ་བཞུགས། སྤྲུལ་པའི་ཁྲག་འཐུང་རིགས་བཞི། དྲི་ཟ། གནོད་སྦྱིན། སྲིན་པོ། གཤིན་རྗེ་ལ་སོགས་པ་ཡབ་ཡུམ་རྣམས་ཀྱི་གདན་ལ་བཞུགས། དེར་དབང་ཕྱུག་ཆེན་པོ་སོགས་ཏུ་ཏྲ་ཕོ་རྒྱུད་རྣམས་ཀྱིས། ཁྲོ་ཞིང་གཏུམ་པའི་སེམས་ཀྱིས་དགྲ་ཟླར་མཐོང་སྟེ། ལུས་གདན་དུ་གནས་ཀྱང་རྫུ་འཕྲུལ་ཆེན་པོ་སྣ་ཚོགས་བསྟན་ནས། འཁོར་བཅས་མགྲིན་གཅིག་ཏུ་ང་རོས་མི་སྙན་བརླང་པོའི་གཏུམ་ཚིག་གིས་འདི་སྐད་དུ་སྨྲས་

(༢༦)པ། ངེད་ནས་གདན་དུ་བཅིངས་པ་ལས་ཐོང་ཐོང་། ཁྱེད་སྙིང་རྗེའི་བདག་པོ་མ་ཡིན་ནམ། ཅི་བདག་ཅག་ལ་དེ་ལྟར་འཐོ་འཚམས་པར་བྱེད་དམ། ཞེས་ཟེར་ཞིང་ཤིན་ཏུ་གདུག་པའི་སེམས་ཀྱིས་ཁྲོས་ནས་ད་དུང་རྔམ་མོ། །དེ་ནས་གདུག་པ་ཅན་དེ་དག་གི་གཉེན་པོར་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་རིགས་ལྔའི་ཧེ་རུ་ཀ་ཉིད་སྒྲོལ་བྱེད་རྡོ་རྗེ་སྲིན་པོ་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བཅོ་བརྒྱད་དུ་གནས་པར་སྤྲུལ་ནས་ཐུགས་རྗེས་འདུལ་བའི་ཐབས་ལ་མཁས་པ་ཉིད་ཀྱི་རུ་དྲའི་ངོར་ཤིན་ཏུ་ཁྲོས་པ་ལྟར་སྣང་ནས་རྔམས་པའི་སྐད་ཀྱིས་ཧཱུཾ་ཧཱུཾ་ཞེས་དེ་དག་གི་སྒོ་གསུམ་བསྡུས་ཤིག་པ་དང་། ཧ་ཧ་ཧ་ཞེས་དུག་གསུམ་ཞལ་དུ་གསོལ་བར་དགྱེས་པའི་བཞད་སྒྲ་དང་། ཁཱ་ཧི་ཁཱ་ཧི་ཁཱ་ཧི། ཞེས་ཤ་ཁྲག་རུས་གསུམ་ཟོ་ཞིག་པར་བརྗོད་ནས་དབང་ཕྱུག་ཆེན་པོ་ལ་སོགས་པ་གདུག་པ་ཆེན་པོའི་ཚོགས་དེ་དག་གི་བདག་འཛིན་གཅོད་ཕྱིར་དོན་སྙིང་དང་། ཡུལ་འཛིན་གྱི་སྒོ་དགག་ཕྱིར་དབང་པོ་ཀུན་

(༢༧)ཕྱུང་། མངོན་ཞེན་དགག་ཕྱིར་ནང་ཁྲོལ་ཀུན་དྲངས། ལས་ངན་གྱི་བག་ཆགས་གཅོད་ཕྱིར་ཡན་ལག་ཀུན་དུམ་བུར་བཅད་ཅིང་གཏུབས་ནས་དུག་གསུམ་དག་པར་མཛད་པའི་ཕྱིར་དུ་གཏི་མུག་ཤ་ཀུན་ཟོས། འདོད་ཆགས་ཁྲག་ཀུན་འཐུངས། ཞེ་སྡང་རུས་པ་ཀུན་འཆོས་སོ། །དེ་ནས་ཕོ་བརྒྱུད་བསྒྲལ་ཏེ་བརྔུལ་བ་དང་དེ་ནས་མོ་རྒྱུད་སྦྱོར་བས་འདུལ་བའི་ཕྱིར་ཧཱུཾ་ཧཱུཾ་ཧཱུཾ་ནི་ལུས་ངག་ཡིད་གསུམ་བསྡུས་ཤིག་པའི་བསྐུལ་ཚིག །བྷྱོ་ནི་མ་མོ་རྣམས་ཀྱི་སྙིང་པོ་དང་འབོད་པ། ཨེ་འདིར་ཨ་ར་ལི་རོལ་པ། ཛཛདགུག་པའི་ས་བོན་ཏེ། དེ་སྐད་དུ་བརྗོད་པས་ཕྱོགས་བཅུའི་སྣོད་ཀྱི་འཇིག་རྟེན་གྱི་ཁམས་ནམ་མཁའི་མཐས་གཏུགས་པ་དང་བཅས་པ་ཀུན་མ་ལུས་པར་ཡུངས་འབྲུ་གཅིག་ཙམ་དུ་ཆུད་པར་དབང་འབྱོར་བའི་རྫུ་འཕྲུལ་ཆེན་པོས་བསྡུས་སོ། །དེ་ནས་བཅུད་ཀྱི་སེམས་ཅན་འབྱུང་པོ་ཕལ་པའི་རིགས་མ་ལུས་པའི་རྒྱལ་པོ་ནི་ལྷ་དང་ལྷ་མིན་གྱི་བློན་པོ་ཆེན་པོ་རྣམས་ཡིན་ལ། དེའི་

(༢༨)ཡང་རྒྱལ་པོ་ནི་དྲེགས་པ་ཆེན་པོ་སྲིན་པོ་ལ་སོགས་པ་དབང་ཕྱུག་ཆེན་པོ་ཕོ་རྒྱུད་ཉི་ཤུ་རྩ་བརྒྱད་པོ་ཡིན་པས། དེ་རྣམས་སོ་སོའི་ཆུང་མ་ནི། འབྱུང་པོ་མོ་རྒྱུད་ཕལ་པའི་རིགས་ཐམས་ཅད་ཀྱི་རྗེ་མོ་སྟེ་བློན་པོ་ཆེན་པོའི་ཆུང་མ། དེའི་ཚེ་ཡང་རྗེ་མོར་གྱུར་པ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་དེ། ཁྱོའི་མིང་ཆུང་མར་གྲགས་པས་སྲིན་པོ་རྟ་ཤ་གྲྀ་ཝའི་ཆུང་མ་སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། ཚངས་པའི་ཚངས་མོ་དང་། ལྷ་ཆེན་དྲག་མོའི་འཁྲུག་པ་དང་། བརྒྱ་བྱིན་གྱི་དབང་མོ་དང་། ཁྱབ་འཇུག་གི་འཇུག་སྲེད་མོ་དང་། གདོང་དྲུག་གི་གཞོན་ནུ་མོ་དང་དྲུག་ནི་ཤར་གྱི་མ་མོའོ། །འཇུག་སྲེད་ཀྱི་དམར་མོ་དང་། ཉི་མའི་བདུད་རྩི་མོ་དང་། ཟླ་བའི་ཞི་བ་མོ་དང་། བེ་ཅོན་གྱི་བེ་ཅོན་མོ་དང་། སྲིན་པོ་ཁྲག་མིག་གི་སྲིན་མོ་དང་། ལྷ་ཟ་བྱེད་ཀྱི་ཟ་བ་མོ་དང་། དྲུག་ནི་ལྷོའི་མ་མོའོ། །དགའ་བྱེད་དབང་ཕྱུག་གི་དགའ་མ་མོ་དང་།

(༢༩)སྟོབས་བཟང་གི་ར་རོ་ཁྲག་འཐུང་མྱོས་མ་དང་། བྷྲི༚་གི་རི་ཏིའི་གཅིག་པུར་སྤྱོད་མ་དང་། འདོད་ལྷའི་ཡིད་འཕྲོག་མ་དང་། ནོར་སྲུང་གི་གྲུབ་མོ་དང་། རླུང་ལྷའི་རླུང་མོ་དང་། དྲུག་ནི་ནུབ་ཀྱི་མ་མོའོ། །ལྷ་གསོད་བྱེད་ཀྱི་གསོད་བྱེད་མོ་དང་། མེ་ལྷའི་མེ་མོ་དང་། ས་བདག་ཕག་ཆེན་གྱི་ཕག་མོ་དང་། གཤིན་རྗེའི་རྒན་བྱེད་མོ་དང་། ཚོགས་བདག་གི་སྣ་ཆེན་མོ་དང་། ཀླུའི་ཆུ་ལྷ་མོ་དང་དྲུག་ནི་བྱང་གི་མ་མོའོ། །ལྷ་ནག་པོ་ཆེན་པོའི་ནག་མོ་ཆེན་མོ་དང་། ར་གདོང་ཆེན་པོའི་རྭ་མགོ་དམར་སེར་ཆེན་མོ་དང་། སྲིན་པོ་བུམ་སྣའི་སྔོ་ནག་ཆེན་མོ་དང་། གསུས་པོ་ཆེའི་གསུས་འཛིན་སེར་ནག་ཆེན་མོ་བཞི་ནི་སྒོ་མའོ། །དེ་ལ་སོགས་པའི་མ་མོའི་ཚོགས་ཏེ། ཕྱིའི་ལས་བྱེད་བྲན་དང་། དེའི་ཡང་བྲན་དང་། ནང་གི་ལས་བྱེད་གཡོག་དང་། དེའི་ཡང་གཡོག་བཅས་པ་འཁོར་ཞིང་

(༣༠)གི་རྡུལ་སྙེད་ལྟར་མཐའ་ཡས་པ་རྣམས་བསྡུས་སོ། །དེ་བཅོམ་ལྡན་འདས་ཀྱིས་མ་མོ་རྣམས་འདུལ་བའི་ཕྱིར་དུ། ཁྲག་འཐུང་རིགས་ལྔ་མ་མོ་རྣམས་ལ་སྣང་བར་མཛད་ནས་དགྱེས་པར་རོལ་བས་འབྱུང་མོའི་རྒྱལ་མོ་རྣམས་ཧེ་རུ་ཀ་རིགས་ལྔར་ཤིན་ཏུ་ཆགས་ཏེ་སྐུ་ལ་འཁྲིལ་ཞིང་བཛྲ་ཧེ་རུ་ཀས་སྐུ་བརྒྱད་དུ་སྣང་བར་མཛད་པ་ལ་སྲིན་མོ་ཆེན་མོ་མིའི་སྲིན་མོ་ལ་སོགས་པ་བཞི་དང་། སྒོ་སྐྱོང་ནག་མོ་ཆེན་མོ་ལ་སོགས་པ་བཞིས་འཁྲིལ་ཁྲག་འཐུང་རིགས་བཞི་པོ་ལྔ་ལྔར་སྣང་བར་རིམ་པ་བཞིན་དུ་ཚངས་མ་ལ་སོགས་པ་ཤར་ཕྱོགས་ཀྱི་མ་མོ་ལྔ་དང་། བདུད་རྩི་མོ་ལ་སོགས་པ་ལྷོའི་མ་མོ་ལྔ་དང་། ཁྲག་གི་མྱོས་མ་ལ་སོགས་པ་ནུབ་ཀྱི་མ་མོ་ལྔ་དང་། མེ་མོ་ལ་སོགས་པ་བྱང་གི་མ་མོ་ལྔ་དང་འཁྲེལ་ལོ། །དེ་ནས་རིགས་ལྔའི་དཀྱིལ་འཁོར་དེ་དག་གིས་ཧཱུཾ་ཞེས་བརྗོད་པས། དབང་མོ་རྣམས་ཀྱི་པདྨ་རྡོ་རྗེ་ལ་བསྡུས་ནས་སྐུའི་སྟོད་སྨད་ཤིན་ཏུ་བཅུམ་པས་རོལ་ལོ། །དེ་ནས་དགྱེས་ཏེ་

(༣༡)ཧ་ཧ་ཞེས་པའི་བཞད་སྒྲས་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཞི་བའི་ལས་ཀྱི་དག་པར་བྱེད་པ་དཀར་མོའི་ཚོགས་དང་། དབང་གིས་བསྡུས་པ་རྐུམ་མོའི་ཚོགས་དང་། ཞི་བས་སྤང་བླང་འབྱེད་པ་མེད་པའི་དབྱིངས་སུ་སྦྱར་བ་རྨོངས་མོའི་ཚོགས་དྲག་པོས་མི་མཐུན་པ་འཇོམས་པ་ཐལ་བྱེད་མའི་ཚོགས་དང་། རྒྱས་པས་ཡོན་ཏན་གྱི་གང་བ་སྤོས་མོའི་ཚོགས་དང་། དྲག་པོས་ཞེ་གཅོད་པ་གཏུམ་མོའི་ཚོགས་དང་། ལས་ཐམས་ཅད་པས་གང་ཡང་འགྲུབ་པ་དམེ་ཤ་ཅན་གྱི་ཚོགས་དང་། རྒྱས་པས་འཕེལ་བའི་ལས་སྒྲུབ་པ་མ་ཚོགས་མོའི་ཚོགས་རྣམས། ཞིང་དབང་ཕྱུག་དང་ཐོད་ཁྲག་ལ་སོགས་པ་ཐོགས་ཏེ་ངོ་མཚར་བའི་གཟུགས་དང་བཅས་ཡུམ་གྱི་བྷ་ག་ནས་ཕྱིར་སྤྲོས་ཏེ་འཁོར་ལོའི་རྩིས་མཆན་དང་གྲུ་ཆད་བཞིར་ཤར་ལྷོའི་མཚམས་ནས་གཡས་སྐོར་གྱི་འཁོད། སླར་ཡང་དཔལ་ཆེན་པོས་ཧེ་ཞེས་པའི་བཞད་སྒྲ་དང་བྱང་ཆུབ་སེམས་སྤྲིན་ལས་

(༣༢)རྟོག་པ་ཟིལ་གྱིས་གནོན་པ་སེང་གདོང་ཆེན་མོའི་ཚོགས་དང་། དཔའ་ཞིང་རྟུལ་ཕོད་པ་སྟག་གདོང་། ཐབས་མཁས་པས་ཕུང་པོའི་བདུད་འཇོམས་པ་ཝ་གདོང་། མེལ་ཚེ་མཁས་ཤིང་ལྷའི་བུའི་བདུད་འཇོམས་པ་ཁྱི་གདོང་། མིག་རྣོ་ཞིང་ཤེས་བྱ་ལ་ཐོགས་པ་མེད་པ་བཞད་གདོང་། རོ་ལ་སྤྱོད་ཅིང་འཆི་བདག་གི་བདུད་འཇོམས་པ་ཀངྐའི་གདོང་། ཉོན་མོངས་ཟད་པར་བྱེད་པ་ཁྭ་གདོང་། གདུལ་བྱ་ཕྲ་བ་ཡང་མི་འདོར་བ་འུག་་གདོང་སྟེ་ཕྲག་མན་ཆེན་པོ་རེ་རེར་ཉེར་བརྒྱད་ཀྱི་ཚོགས་དང་བཅས་པ་རྣམས། ལག་གཉིས་གྱེན་དུ་བསྣོལ་བས་རོ་བཟུང་བ་སོགས། རང་གི་ཕྱག་མཚན་དང་ཆ་ལུགས་དང་བཅས་ཏེ་ཡུམ་གྱི་བྷ་ག་ནས་འཐོན་ཏེ། འཁོར་ལོའི་ཕྱི་རོལ་གསེར་ཁྱམས་ལ་ཤར་ཕྱོགས་ནས་འཁོར་བར། ཕྱོགས་བཞིར་མཆེ་བ་ཅན་དང་། མཚམས་བཞིར་གཤོག་པ་ཅན་བཞི་འཁོད་དོ། །གནས་ཀྱི་མ་མོ་བརྒྱད་ནི། རུ་དྲའམ། ལྷ་ཆེན་པོ་འདུལ་བའི་སླད་དུ་དེའི་ཡུམ་དུ་བརྫས་ནས་ཕྱིས་དཔལ་ཆེན་

(༣༣)པོ་དང་ལྷན་ཅིག་པར་རུ་དྲ་བཏུལ། ཕེ་མེན་བརྒྱད་ནི། ལུས་ཁྲ་མོ་ལ་མགོ་བྱོ་སོང་། རུ་དྲའི་སྒོ་བསྲུང་དུ། སེངྒེ་། སྟག །ཝ། ཤྭ་ན། རྒོད། ཀངྐ་། ཁཱ་ཏ། འུག་པ། རྣམས་མཆིས་པར་དཔལ་ཆེན་པོས་སྦྱོར་བ་མཛད་པས། ལཱ་སྱ་མ་ལ་སོགས་པའི་སེམས་མ་བརྒྱད་ཀྱིས་དེ་དག་གི་སྲས་མོར་བལྟམས་པའི་ཚུལ་མཛད་པའི་མགོ་བརྙན་མ་བརྒྱད་ཡིན། ཞེས་གསུངས། དེ་ནས་དཔལ་ཆེན་པོས་ཕཊ་ཅེས་པའི་བཞད་སྒྲ་དང་། བྱང་ཆུབ་ཀྱི་སེམས་ལས་བྱམས་པས་མི་གཏོང་བར་འཛིན་པ་རྡོ་རྗེ་སྲིང་འགྲོ་རྟ་གདོང་མ། སྙིང་རྗེས་འཆིང་བ་རྡོ་རྗེ་གདོང་མོ་ཕག་གདོང་མ། དགའ་བས་སྡོམ་པ་རྡོ་རྗེ་འཇིག་རྟེན་སེང་གདོང་མ། བཏང་སྙོམས་ཀྱི་མྱོས་པར་བྱེད་པ་རྡོ་རྗེ་རོ་ལངས་སྤྱང་གདོང་མ་སྟེ་ལྕགས་ཀྱུ་དང་། ཞགས་པ་ལ་སོགས་པ་རང་རང་གི་ཕྱག་མཚན་རྣམས་ཐོགས་ཏེ་བྷ་ག་ལས་འཐོན་ཏེ་སྒོ་བཞིར་འཁོད་དོ། །དེ་ནས་ཡབ་ཡུམ་དགྱེས་པར་རོལ་བའི་དགའ་

(༣༤)བའི་སྒྲ་ལས་ཕྱོགས་བཅུ་ནས་ཕཊ་ཅེས་པའི་སྒྲ་བསྒྲགས་པས་མོ་བརྒྱུད་ཐམས་ཅད་སྔོན་གང་ནས་འོངས་པའི་རང་རང་གི་གནས་སུ་རྫུ་འཕྲུལ་གྱིས་ཕྱིན་པར་བཀྱེའོ། །དེ་ནས་ཁྲག་འཐུང་རིགས་ལྔ་བཛྲ་ཧེ་རུ་ཀར་བསྡུས་ནས་རྡོ་རྗེ་བདུད་རྩི་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །དེ་ནས་སྔར་ཞལ་དུ་བཏབ་ཟིན་པའི་དབང་ཕྱུག་ཆེན་པོ་ལ་སོགས་པའི་ཕོ་རྒྱུད་རྣམས་དཔལ་ཆེན་པོའི་ལྟོ་བར་གནས་པ་བཤང་ལམ་ལས་འཐོན་ཏེ་མི་གཙང་བའི་འདམ་གྱིས་རྒྱ་མཚོར་བསྒྱུར། སླར་ཡང་བཤང་ལམ་ལས། ཁྲོ་བོ་རྨེ་བ་བརྩེགས་པ་དང་། དམ་རྫས་བདུད་རྩི་ཕྱུངས་ཏེ། ཨོཾ་བཛྲ་མ་ཧཱ་ཨྀྲ་ཏ་མ་ཧཱ་ཀྲོ་དྷ་ཨཾ་ཨཾ་ཨཾ་ཞེས་བརྗོད་པས་ལན་གསུམ་དུ་དམ་རྫས་བདུད་རྩི་ལྕེར་བཞག་སྟེ་དབང་བསྐུར། རྨེ་བ་བརྩེགས་པས་མི་གཙང་བའི་འདམ་ཀུན་གསོལ་བས་དབང་ཕྱུག་ལ་སོགས་པ་རྣམས་བཏུལ་དུས་སུ་དཔལ་ཆེན་པོའི་གདུལ་བྱའི་ཡུལ་དུ་གྱུར་པའི་འཇིག་རྟེན་དྲུག་གི་མ་དྲེགས་པ་ཅན་བསོས་

(༣༥)ཏེ་དྲན་པ་རྙེད། སྣང་བ་རྣམ་པར་འབྱེད་པའི་ཏིང་ངེ་འཛིན་ཐོབ། འབར་བ་ཁྲོ་བོའི་དཀྱིལ་འཁོར་ཞལ་གཟིགས། དཔལ་ཆེན་པོས་སྤྲུལ་པའི་རུ་དྲའམ། གདུལ་བྱའི་གཙོ་བོ་ཞིང་འདིའི་དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམས་བཏུལ་དུས་སུ་དཔལ་ཆེན་པོའི་གདུལ་བྱའི་ཡུལ་དུ་གྱུར་པའི་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲིད་གསུམ་གྱི་དབང་ཕྱུག་ཆེན་པོ་ལ་སོགས་པའི་དྲེགས་པ་ཅན་ཐམས་ཅད་ཐབས་དང་བཀོད་པ་སྣ་ཚོགས་པས་སྔ་ཕྱི་མེད་པ་དུས་གཅིག་ཏུ་བཏུལ་ལོ། །དེའི་ཕྱིར་འགའ་ཞིག་ཏུ་བདེ་མཆོག་འཇིགས་བྱེད་རྣམ་པར་སྣང་མཛད་ལ་སོགས་པའི་རྣམ་པ། ལ་ལར་རྨེ་བ་བརྩེགས་པ་དང་། ལེགས་ལྡན་ལ་སོགས་པའི་རྣམ་པར་བཞེངས་ཏེ་རུ་དྲ་དང་དབང་ཕྱུག་བཏུལ་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ནི་བཀོད་པ་ཐ་དད་དུ་བསྟན་པ་ཡིན་ནོ། །དེ་བཞིན་དུ་དྲེགས་པ་ཅན་རྣམས་ཀྱི་ལུས་ཀྱི་ཆ་ཤས་རྣམས་ཞལ་དུ་གསོལ་བ་དང་། རྒྱན་དུ་མཛད་པ་དང་། སྟན་དུ་མཛད་པ་དང་།

(༣༦)ཕོ་བྲང་དུ་མཛད་པ་དང་། དུར་ཁྲོད་ཆེན་པོ་བརྒྱད་དུ་ཆ་བགོས་ཏེ་འཇོག་པར་མཛད་པ་སོགས་ཐམས་ཅད་ཀྱང་དོན་ལ་གནས་ཤིང་བཀོད་པ་བསམ་གྱིས་མི་ཁྱབ་པའོ། །འོ་ན་སྐབས་འདིར་འཇིག་རྟེན་གྱི་དབང་ཕྱུག་ཆེན་པོ་ལ་སོགས་པའི་གདུལ་བྱ་རྣམས་དཔལ་ཆེན་པོའི་སྤྲུལ་པ་ཡིན་པར་གང་གིས་ཤེས་སྙམ་ན། འགྲེལ་པ་ལུང་བསྟན་ལས། དེ་བཞིན་གཤེགས་པ་ཉིད་ཀྱི་ཚུལ་དུ་བསྟན་པ་རིག་པར་བྱ་སྟེ། དེ་ལ་དགོངས་པ་དང་དགོས་པ་ཅི་ཡོད་ཅེ་ན། རང་རྒྱུད་པའི་གོལ་པ་བགག་པ་དང་། ཆེ་བའི་མཐུའི་ཚད་བསྟན་པའི་དགོས་པ་དང་། ནང་དུ་བདུད་བཞི་བཏུལ་བའི་རྟགས། ཕྱི་རོལ་དུ་བསྟན་པར་འབྲེལ་ཏེ་ཞེས་དང་། ཇི་སྐད་བཤད་པའི་མཐུ་འདི་དག །རང་རྒྱུད་པ་ལ་ཡོད་པ་མ་ཡིན་ཏེ། །སྤྲུལ་པ་ཡིན་པར་སོམ་ཉི་མི་བྱའོ། །ཞེས་གསུངས། དེ་ནས་དབང་ཕྱུག་ལ་སོགས་པ་དྲེགས་པ་ཅན་རྣམས་ཤིན་ཏུ་འདར་ཞིང་དཔའ་ཞུམ་པའི་ང་རོས་བདག་ཅག་ཁྱེད་ཀྱིས་འབངས་སུ་མཆི། ངེས་པར་འབངས་སུ་མཆི། གལ་ཏེ་

(༣༧)འབངས་སུ་ནན་ཏན་མ་བགྱིད་ན། བདག་ཅག་རྣམས་ཀྱི་མགོ་ དང་། ལུས་ནི་དུམ་བུ་བརྒྱར་འགས་ཤིང་། སྙིང་ཡང་ཚལ next hit་པར་འགས་ཤིང་། དུམ་བུར་གཏུབས་པར་གྱུར་ཅིག །ཅེས་པ་ལ་སོགས་པའི་དམོད་བོར་ནས་རང་གི་ལུས་ཀྱི་དཀྱིལ་འཁོར་གྱི་གདན་དུ་ཕུལ་བར་གསུངས་ཏེ། གསང་བ་སྙིང་པོ་ལས། འབངས་སུ་ནན་ཏན་མ་བགྱིད་ན། །མགོ་དང་ལུས་ནི་རྒྱར་འགས་ཤིང་། །སྙིང་ཡང་འགས་ཤིང་གཏུབས་གྱུར་ཅིག །རུལ་མྱགས་ཚིགས་ནས་བརླག་པ་དང་། །དམྱལ་བར་ལྷུང་ནས་འབོད་པར་ཤོག །ཅེས་འབངས་སུ་མཆི་བར་མནའ་བོར་ནས། དཀྱིལ་འཁོར་གྱི་གདན་དུ་བཞག་གོ །ཐམས་ཅད་ཀྱི་མགྲིན་གཅིག་ཏུ་ཡང་སྨྲས་པ། བདག་ཅག་རྣམས་ཀྱི་མཆིས་འབྲང་དང་། །མ་དང་བུ་མོ་སྲིང་མོ་རྣམས། །དཀྱིལ་འཁོར་ཆེན་པོར་བཞེས་སུ་གསོལ། །དཔའ་བོ་ལྷ་རྗེ་བཞེས་སུ་གསོལ། །བདག་ཅག་སོ་སོ་

(༣༨)འཁོར་བཅས་ཀྱི། །ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར། །མིང་ཙམ་འཛིན་པར་བྱེད་པ་ཡང་། །གཙུག་གི་ནོར་བུ་འབར་བ་ལྟར། །གཡོ་སྒྱུ་མེད་ཅིང་གུས་ལྡན་པའི། །སེམས་ཀྱིས་བླངས་ནས་སྤྱི་བོ་ཡི། །གཙུག་ཏུ་བཞག་ནས་བཀུར་བར་བགྱི། །དེ་ཡི་དགོས་པ་ཅི་ཡང་རུང་། །མ་ལུས་པར་ནི་རྫོགས་པར་བསྒྲུབ། །གལ་ཏེ་དཔའ་བོའི་སྤྱན་སྔ་འདིར། །སྨྲས་པ་བཞིན་དུ་མ་བསྒྲུབས་ན། །བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་། །བཀས་གཏུབས་དུམ་བུར་རྡུལ་བར་མཆི། །ཞེས་སྨྲས། ཞེས་གསུངས། དེ་ནས་དབང་མོ་རྣམས་ཕྱོགས་བུ་ནས་དུས་གཅིག་ཏུ་འདུས་ཏེ། མགྲིན་གཅིག་ཏུ། བདག་ཅག་འཁོར་ཚོགས་ཐམས་ཅད་ཀུན། །དཔའ་བོ་ཆེན་པོའི་འབངས་སུ་མཆི། །དཔའ་བོ་ཆེན་པོས་བདག་ཅག་ལ། །ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་ཞུས་པས་དཔལ་ཆེན་པོ་ཤིན་ཏུ་དགྱེས་ཏེ། དེ་རྣམས་ཀྱི་ལག་ཏུ་རྡོ་རྗེ་བྱིན། རྡོ་རྗེ་མིའི་སྲིན་མོ་

(༣༩)ཞེས་བྱ་བ་ལ་སོགས་པའི་རང་རང་གི་མིང་གིས་དབང་བསྐུར་ཏེ། དཀྱིལ་འཁོར་ཆེན་པོའི་གསེར་ཁྱམས་ཀྱི་ཕྱི་རོལ་དུ་ཁྲག་ཁྱམས་ལ་རང་རང་གི་ལས་བསྐོས་ཏེ་འགོད་པར་མཛད་དོ། །འདི་དག་གི་ཚེ། ཡུལ་འཁོར་བསྲུང་འཕགས་སྐྱེས་སོ། །སྤྱན་མི་བཟང་། རྣམ་ཐོས་སྲས་ཏེ་རྒྱལ་ཆེན་བཞི། ཤར་ཕྱོགས་སྐྱོང་བ་བརྒྱ་བྱིན། ལྷོ་ཕྱོགས་སྐྱོང་བ་གཤིན་རྗེ། ནུབ་ཕྱོགས་སྐྱོང་བ་ཆུ་ལྷ། བྱང་ཕྱོགས་སྐྱོང་བ་གནོད་སྦྱིན་ཤར་ལྷོ་སྐྱོང་བ་མེ་ལྷ། ལྷོ་ནུབ་སྐྱོང་བ་སྲིན་པོ། ནུབ་བྱང་སྐྱོང་བ་རླུང་ལྷ། བྱང་ཤར་སྐྱོང་བ་དབང་ལྡན། སྟེང་ཕྱོགས་སྐྱོང་བ་ཚངས་པ། འོག་ཕྱོགས་སྐྱོང་བ་ས་ལྷ་སྟེ་ཕྱོགས་སྐྱོང་བཅུ། ཁྱབ་འཇུག །མ་ཧཱ་དེ་བ། བྷྲིང་གི་རི་ཏི། དགའ་བྱེད་དབང་ཕྱུག །གཞོན་ནུ་སྨིན་དྲུག་གམ། གདོང་དྲུག །ཚོགས་བདག་གླང་སྣ། མ་ཧཱ་ཀཱ་ལ། སཱ་ལ་ས་ཏྲ་སྟེ་ལྷ་ཆེན་བརྒྱད། མཐའ་ཡས། འཇོག་སོ། སྟོབས་རྒྱུ། རིགས་

(༤༠)ལྡན། ནོར་རྒྱས། དུང་སྐྱོང་། པདྨ་དང་། པདྨ་ཆེན་པོའི་ཆུ་ལྷ་སྟེ་ཀླུ་ཆེན་བརྒྱད། ཉི་མ། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ། སྒྲ་གཅན་ནམ་རཱ་ཧུ་ལ་ཏེ་གཟའ་ཆེན་བརྒྱད། གནོད་སྦྱིན་ལག་ན་རྡོ་རྗེ་ཅན་བཞི་དང་། ཧ་རི་ཀ །པཉྩི་ཀ །ནིརྟི་ཀ་གནོད་སྦྱིན་འཕྲོག་མ་སྟེ་གནོད་སྦྱིན་བརྒྱད་དམ། ཛམྦྷ་ལ། གང་བ་བཟང་པོ། ནོར་བུ་བཟང་པོ། ཡང་དག་ཤེས། ཀུ་བེ་ར། ལྔ་རྩེན་འབྲོག་གནས། པི་ཙི་ཀུཎྜ་ལི་སྟེ་གནོད་སྦྱིན་བརྒྱད། སྨིན་དྲུག །སྣར་མ། མགོ །ལག་པ། ནབས་སོ། རྒྱལ། སྐག །མཆུ། གྲེ། དོབ། མེ་བཞི། ནག་པ། ས་རི། ས་ག །ལྷ་མཚམས། སྣྲོན། སྣུབས། ཆུ་ཚོད། ཆུ་སྨད། བྱི་བཞིན། གྲོ་བཞིན། མོན་གྲུ། མོན་གྲེ། ཁྲུམས་སྟོད། ཁྲུམས་སྨད། ནམ་གྲུ། ཐ་སྐར། བྲ་ཉེ་སྟེ་རྒྱུ་སྐར་ཉེར་བརྒྱད་ཀྱི་སྟེང་དུ། ཉི་ཟླ་དང་། ཚངས་པ། བརྒྱ་བྱིན་ལོགས་སུ་

(༤༡)བགྲངས་པས་དཔལ་མགོན་བདུན་ཅུ་དོན་བདུན། ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། གཟབ་ཆེན་བརྒྱད། རྒྱལ་ཆེན་བཞི། ཕྱོགས་སྐྱོང་བཅུ། འཇིགས་བྱེད་དགུ། རྒྱུ་སྐར་ཉེར་བརྒྱད་སྟེ་བདུན་ཅུ་རྩ་ལྔ། འཇིགས་བྱེད་དགུ་ནི། བླ་མ་དགོངས་འདུས་ཀྱི་དྲེགས་པའི་སྲོག་དབང་ཆེན་མོ་ལས། བཀའ་ཉན་ལས་བྱེད་འཇིགས་བྱེད་དགུ་པོ་ན༔ འཇིགས་བྱེད་ཆེན་པོ་མཐིང་ནག་ཁ་ཊྭཱཾ་འཛིན༔ པྲ་མི་ཏ་ནི་མདོག་དཀར་རིན་ཆེན་འཛིན༔ འཇིགས་བྱེད་སྔོ་ནག་རྡོ་རྗེ་རྩེ་གསུམ་འཛིན༔ ཀ་བེ་ར་ནི་དམར་ནག་ཐོད་དབང་ཕྱུག་འཛིན༔ བེ་ར་ས་ནི་ལྗང་ནག་འཁོར་ལོ་འཛིན༔ བྷེ་ཤན་ཏ་ནི་དམར་ནག་མདའ་གཞུ་འཛིན༔ བེ་ཏི་སྔོ་ནག་ལག་ན་དགྲ་སྟ་འཛིན༔ ཀཱ་ལ་བྷེ་རི་ངུར་སྐྱ་རལ་དྲི་འཛིན༔ གྷ་ན་པ་ཏི་སྔོ་སྐྱ་གྲི་གུག་འཛིན༔ ཀུན་ཀྱང་ཁྲོ་གཏུམ་འཇིགས་པའི་ཆ་ལུགས་འཛིན༔ ཞེས་གསུངས། ལྷ་སྲས་ཀྱི་རྣམ་སྤྲུལ་མི་དབང་སངས་རྒྱས་རྒྱ་མཚོས་བཞེངས་པའི་གནས་ཆུང་ལྕོག་གི་ལོགས་བྲིས་སུ་

(༤༢)དགེ་སློང་འཇམ་དབྱངས་གྲགས་པས་ལྗགས་བཀོད་གནང་སྟེ། འཇིགས་བྱེད་ཀུ་བེ་ར། ཀཱ་ལ་བཻ་ར། འཇིགས་བྱེད་ཆེན་པོ། པྲ་མི་ཏ། བི་ཤནྟ། ག་ན་པ་ཏི། བྷེ་ར་ཝ། ཡེ་ཤེས་བྷེ་ར་ཝ། བྷེ་ཤན་ཏ་ཡང་ཟེར། བི་ཏི་ཞེས་འཇིགས་བྱེད་དགུའི་མཚན་བྱང་དུ་གནང་འདུག །ཕྱོགས་སྐྱོང་བཅུའི་སྟེང་དུ། ཉི་ཟླ། ཉེ་དབང་། ཚོགས་བདག །ཐག་བཟང་རིགས་ལྔ་བསྣན་པས་ཕྱོགས་སྐྱོང་བཅོ་ལྔ། དབང་ཕྱུག་ཆེན་པོ། ཨུ་མ་དེ་བཱི། འཆི་བདག་གཤིན་རྗེ་ནག་པོ། སྐྱེ་འགྲོ་སྲོག་གི་བདག་མོ། སྲིད་པའི་རྒྱལ་མོ། ཨེ་ཀ་ཛ་ཊི། བསྐོས་རྗེ་བྲང་དཀར། བདུད་མོ་རེ་མ་ཏི། པེ་ཧར། ཚངས་པ། རྡོ་རྗེར་ལེགས་པ། ཁྱབ་འཇུག །རཀྴ་གློག་འཕྲེང་། སྦལ་མགོ་ཁྲག་མིག །ཡཀྵ་མེ་དབལ། མོན་མོ་ནག་མོ། །མགོན་པོ་མ་ཧཱ་ཀ་ལ། ཞང་བློན་རྡོ་རྗེ་བདུད་འདུལ། སྐྲག་མེ་ཉི་ཤར། གུ་ལང་ནག་པོ། ཡར་ལྷ་ཤམ་བྷོ། གནམ་སྨན་ཐོག་གི་བུ་ཡུག །སྤྱི་བདུད་གུ་རུམ་རྩེ། བྲག་བཙན་སྲོག་

(༤༣)ཟན་དམར་པོ། གནམ་ཐེ་དཀར་པོ། ཡཾ་ཤུད་དམར་པོ། བི་ན་ཡ་ཀ །ནག་མོ་མགྱོགས་བྱེད། གླུ་བདུད་མགོ་དགུ། ཀླུ་མོ་ཡཀྵ་ནག་མོ་སྟེ་དྲེགས་པའི་སྡེ་དཔོན་སུམ་ཅུ། ནོར་རྒྱུན་མ། ཟླ་འོད་མ། སྦྱིན་མ། རབ་སྦྱིན་མ། འཕགས་མ། རབ་བཟང་མ། སྦས་མ། མཛེས་མ། དབྱངས་ཅན་མ་སྟེ་གནོད་སྦྱིན་མ་དགུ་དང་། དགའ་བྱེད་མ། འདྲེན་བྱེད་མ། གཟི་བརྗིད་མ། ཁྲོ་གཉེར་མ། གསོད་བྱེད་མ། སྤོར་བྱེད་མ། འབར་བྱེད་མ། འཇོམས་བྱེད་མ། ཆགས་བྱེད་མ། ཆགས་བྲལ་མ། འཁོར་ལོ་མ། རྒྱས་འདེབས་མ། སྣ་ཚོགས་ལུས་ཅན་མ། བསྲུང་བ་མ། གནོད་སྦྱིན་མ། ཡང་དག་འཕྲོག་མ། བྱ་རོག་གདོང་མ། འཇིགས་བྱེད་མ། བྱ་རྒོད་གདོང་མ། བཞད་གདོང་མ་ཞེས་ཀྱང་བཤད། འུག་གདོང་མ། ཁྱི་གདོང་མ། ཕག་གདོང་མ། རྔ་མོང་གདོང་མ། ཁྱི་གདོང་མ། ཕག་གདོང་མ། རྔ་མོང་གདོང་མ། བོང་གདོང་མ། ར་

(༤༤)གདོང་མ། རུས་འཆའ་མ། སེང་གདོང་མ། ལྕེ་སྤྱང་གདོང་མ། བུམ་སྣ་མ། རྣམ་འཇོམས་མ། རྡ་ཤ་གྲྀ་ཝ་མ། འབོད་སྒྲོག་མ་སྟེ་མཁའ་འགྲོ་སུམ་ཅུ་རྩ་གཉིས། འབར་མ། གློག་མ་སྤྲིན། སྐར་མདའ་འཕེན་མ། སྲིན་མོ་རླུང་ནག །ཀླུ་མོ་ལྕེ་འབེབས་མ། གནོད་སྦྱིན་ཁྱུང་ཐོགས་མ། བ་གླང་སྣ་མ། མིག་འབྱིན་སྙིང་བསྲེག་མ་སྟེ། འབར་བའི་སྤོར་མ་བརྒྱད། རྡོ་རྗེ་ཀུན་གྲགས་མ། རྡོ་རྗེ་ཀུན་བཟང་མ། རྡོ་རྗེ་ཀུན་གསལ་མ། རྡོ་རྗེ་ཡེ་ཤེས་མ། རྡོ་རྗེ་འོད་ཆགས་མ། རྡོ་རྗེ་འོད་འཕྲོ་མ། རྡོ་རྗེ་གཡུ་སྒྲོན་མ་སྟེ་མ་མོ་བདུན། གླིང་བཞི་མགྱོགས་མ་ལྷ་ཡི་སྲིང་། །མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང་། དམར་མོ་གཡག་ཐོད་ཀླུ་ཡི་སྲིང་། ནག་མོ་སྡེར་ཆེན་གནོད་སྦྱིན་སྲིང་སྟེ་སྲིང་མོ་བཞི། རྡོ་རྗེའི་རིགས་ཀྱི་ཕོ་ཉ་དྲུག་ཅུ། རིན་པོ་ཆེའི་རིགས་ཀྱི་ཕོ་ཉ་དྲུག་ཅུ། པདྨའི་རིགས་ཀྱི་ཕོ་ཉ་དྲུག་ཅུ། ལས་ཀྱི་རིགས་ཀྱི་ཕོ་ཉ་དྲུག་ཅུ། སངས་རྒྱས་རིགས་ཀྱི་ཕོ་

(༤༥)ཉ་དྲུག་ཅུ་སྟེ་སྤྱིར་དྲིལ་བས་ཕོ་ཉ་སུམ་བརྒྱ་སོགས་དེ་དུས་ཀྱི་འཇིག་རྟེན་གྱི་མཐུ་བོ་ཆེ། གདུལ་བྱར་གྱུར་པ་ཐམས་ཅད་དུས་གཅིག་ལ་འདུལ་བར་མཛད་དོ། །འདོད་ཁམས་ཀྱི་བདག་པོ་དགའ་རབ་དབང་ཕྱུག་འཁོར་དང་བཅས་པ་ཡང་སྟོན་པས་གཤིན་གཤེད་ཀྱི་སྐུར་བཞེངས་ནས་བཏུལ་ཏེ་བྱང་ཆུབ་ཀྱི་ལམ་ལ་འགོད་པར་མཛད་པའི་ལོ་རྒྱུས་རྒྱས་པར་མཆིས་མོད། སྐབས་འདིར་ཡང་བཏུལ་བར་ཁས་ལེན་དགོས་པས་ན་དོན་དུ་རྫོགས་པར་སངས་རྒྱས་ཟིན་པར་འགྲུབ་ན་བདུད་རང་ཚན་པར་བཟུང་ནས་སྐུར་པ་འདེབས་པར་མི་བྱའོ། །དེས་ན་འཇིག་རྟེན་སྐྱོང་བ་ཆེན་པོ་འདི་དག་ནི་རྡོ་རྗེ་འཆང་དང་དགོངས་པ་མཉམ་པ། སངས་རྒྱས་ཀྱི་སར་གཤེགས་པ་ཤ་སྟག་ཡིན་པས། དེང་སང་ཉི་ཟླ་ལ་སོགས་པའི་གཟའ་སྐར་འཕགས་ཆེན་དམ་པའི་སྒྱུ་འཕྲུལ་གྱི་ཞིང་ཁམས་ཆུ་བུར་མིག་གི་སྤྱོད་ཡུལ་དུ་མཇལ་རྒྱུ་ཡོད་པ་འདི་ཞིབ་ཏུ་བསམས་ན་སྐལ་བ་ཤིན་ཏུ་བཟང་པོ་ཡིན་པས་དེ་བཞིན་གཤེགས་

(༤༦)པའི་དཀྱིལ་འཁོར་འཇལ་བ་དང་ཁྱད་མེད་དོ། །དེ་བཞིན་དུ་གོང་དུ་བཤད་པའི་ཕྱོགས་སྐྱོང་བཅུའི་ནང་ཚན་གྱི་སའི་ལྷ་མོ་བསྟན་མ་དེ་ནི་གསར་རྙིང་གི་རྒྱུད་སྡེ་ཐམས་ཅད་ནས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཅེས་བསྔགས་པའི་ལྷ་མོ་དེ་ཉིད་ཡིན་པས། ས་ཆེན་པོ་འདི་ལ་དེའི་ཕོ་བྲང་རྟེན་དང་བཅས་པས་མ་ཁྱབ་པ་གཅིག་ཀྱང་མེད་ཅིང་། དེ་བཞིན་དུ་མེ་ཐམས་ཅད་མེ་ལྷ། ཆུ་ཐམས་ཅད་ལ་ཆུ་ལྷ། རླུང་ཐམས་ཅད་ལ་རླུང་ལྷ། གོང་དུ་བཤད་པ་དེ་དག་གིས་ཁྱབ་ཅིང་། དེར་མ་ཟད་འབྱུང་བ་ལྔའི་ལྷ་མོ་ནི་ངེས་དོན་དུ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་ཡུམ་ལྔ་ཡིན་པས། སྣོད་བཅུད་ཐམས་ཅད་ལ་དེས་མ་ཁྱབ་པ་གཅིག་ཀྱང་མེད་པས། འབྱུང་བ་དེ་དང་དེ་མཐོང་བ་ན། ལྷ་དང་ལྷ་མོ་དེ་དག་གི་རྟེན་པའི་བདག་ཉིད་དུ་བསམ་ཤིང་། དེ་ཐམས་ཅད་ཀྱང་ཡང་དག་པའི་ཡེ་ཤེས་ཀྱི་རོལ་པར་བལྟ་བའི་དག་དྲན་གྱི་སྒོ་ནས་གསོལ་བ་འདེབས་པ་དང་། དངོས་གྲུབ་བསྐུལ་བ་སོགས་བགྱིས་ན་སྣང་སྲིད་

(༤༧)ཐམས་ཅད་དག་པ་རབ་འབྱམས་སུ་འཆར་ཞིང་ཕྲིན་ལས་དང་དངོས་གྲུབ་ཐམས་ཅད་འབད་མེད་དུ་འབྱུང་བར་གདོན། དེ་བཞིན་དུ་ཤམ་པོ་གུང་རྒྱལ། ཇོ་མོ་ཁ་རག་ལ་སོགས་པའི་འཕགས་ཆེན་དམ་པ་དྲེགས་པའི་ཚུལ་འཛིན་པ་རྣམས་ཀྱི་གནས་རི་དང་། རྟེན་མཁར་ལ་སོགས་པ་གང་དང་གང་མཐོང་ན་ཡང་དཔལ་ཆེན་པོའི་ཡེ་ཤེས་ཀྱི་རོལ་པ་འབའ་ཞིག་གི་བདག་ཉིད་དུ་ཐག་བཅད་ནས་གསོལ་བ་གདབ་པར་བྱའོ། །གཞན་ཡང་གཤིན་རྗེ་ཡ་མ་རཱ་ཙ། བདུད་བསྐོས་རྗེ་བྲང་དཀར། སྲིན་པོ་གློག་འཕྲེང་ནག་པོ། གནོད་སྦྱིན་ཡཀྵ་མེ་སྦལ་སོགས་སྡེ་དཔོན་སུམ་ཅུ་ནི་ནུབ་བྱང་མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཡིན་ཞིང་། གཤིན་རྗེ་འཆི་བདག་ནག་པོ། བདུད་པོ་མེའི་ཁ་རླངས་ཅན། སྲིན་པོ་གསོད་བྱེད་འབར་བ། གནོད་སྦྱིན་གང་བ་བཟང་པོ་སོགས་སྡེ་དཔོན་འཇིགས་བྱེད་བཅུ་ནི། དམོད་པ་དྲག་སྔགས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་བཞུགས་པ་དང་། ཡ་མ་རཱ་ཙ། མྱོས་བྱེད་འབར་

(༤༨)བ། ཨཱརྱ་མ་རུ་རྩེ། རལ་པ་ཚར་དགུ་སྟེ་གཤིན་རྗེ་བཞི་དང་། འཆི་བདག་བཅུ་གཉིས། སྲོག་བདག་དཀར་པོ་སྙིང་འབྱིན་ལ་སོགས་པའི་སྒོ་སྐྱོང་བཞི་སོགས་འཇམ་དཔལ་གཤིན་རྗེའི་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་བཞུགས་པ་དང་། གནས་ཀྱི་གཽ་རི་མ་བརྒྱད། སྒོ་སྐྱོང་སྲིན་མོ་ཉི་ཤུ་རྩ་བརྒྱད་ལ་སོགས་པ་ཡང་དག་ཐུགས་ཀྱི་ལྷ་ཚོགས་སུ་བཞུགས་པ་དང་། ཕུར་སྲུང་མ་མོ་བཅུ་གཉིས། གིང་གསུམ་ལ་སོགས་པ་དཔལ་ཆེན་ཕུར་པའི་ལྷ་ཚོགས་སུ་བཞུགས་པ་བཅས་སྔགས་རྙིང་མའི་ཁུངས་ཤིན་ཏུ་མང་ཞིང་དེ་བཞིན་དུ་ཕྱོགས་སྐྱོང་བཅོ་ལྔ་སོགས་དཔལ་མགོན་བདུན་ཅུ་རྩ་ལྔ་པོ་ཐམས་ཅད་གསར་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་མང་པོར་བཞུགས་པའི་ཁུངས་ཤིན་ཏུ་མང་ཡང་དེ་ཙམ་ལས་མ་སྤྲོས་སོ། །ལེགས་ལྡན་ཚོགས་རྗེ་ཆེན་པོ་འདི་ལ་སྲས་གསེར་གྱི་གཙུག་ཕུད་ཅན་དང་། གཞོན་ནུ་གདོང་དྲུག་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་ཤིང་འོག་ཏུ་འབྱུང་བ་ལྟར་ལྷ་ཆེན་བརྒྱད་ཀྱང་འདིའི་སྲས་ཡིན་པར་བཤད་ཀྱང་གཙོ་

(༤༩)བོར་གྱུར་པ་ནི་གཤིན་རྗེ་མ་ཧཱ་ཀ་ལ་དང་སྲས་མོ་ཙ་མུན་ཏྲི་གཉིས་ཡིན་ཏེ། མིང་པོས་མགོན་པོ་ཕྱག་བཞི་དྲུག་ལེགས་ལྡན་ལ་སོགས་པའི་མགོན་པོའི་ཚོགས་དང་། དྷེ་བ་སཏྭ་དང་ཆོས་ཀྱི་རྒྱལ་པོ་ལ་སོགས་པའི་གཤིན་རྗེའི་ཚོགས་དང་ས་ལ་འཕྲེང་མོས་ཨེ་ཀ་ཛ་ཊི་དང་འདོད་ཁམས་དབང་ཕྱུག་མ་དང་། དུད་གསོལ་མ་དང་། ཙཎྜི་ཀ་ལ་སོགས་པ་ཡེ་ཤེས་དང་ལས་ཀྱི་མ་མོ་དུ་མའི་རྣམ་པར་བསྟན་ཏེ་འགྲོ་བའི་དོན་མཛད་དཔལ་ཆེན་ཧེ་རུ་ཀས་དབང་ཕྱུག་ཆེན་པོ་དང་། རུ་དྲ་སྡེ་གསུམ་བཏུལ་བའི་དུས་ལ་ཡང་སྔ་ཕྱི་སྣ་ཚོགས་པ་ཞིག་བསྟན་ཅིང་། ཐང་ཡིག་ལས། མ་ཏྲཾ་རུ་དྲས་འཛམ་བུ་གླིང་གི་འཁོར་ཡུག་རྣམས་ལ་བདག་གིར་བྱེད་པ་དང་། བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་དམ་པ་ཏོག་དཀར་དུ་འཁྲུངས་པའི་ཚུལ་མཛད་པ་ཐོག་མཉམ་དུ་བཤད། མཁན་ཆེན་ལོ་ཙཱ་བ་དྷརྨ་ཤྲཱུའི་ཞལ་སྔ་ནས་ཀྱིས་མཛད་པའི་གསང་བ་སྙིང་པོའི་འགྲེལ་པ་གསང་བདག་དགོངས་རྒྱན་ལས།

(༥༠)གསུམ་པ་འཁོར་ལ། གདུལ་བྱར་བྱ་བ་གདུག་པ་ཅན་གྱི་འཁོར་དང་། ལས་བྱེད་སྙིང་པོའི་འཁོར་གཉིས། དང་པོ་ནི། རུ་དྲ་འཁོར་དང་བཅས་པ་སྟེ། དེར་གོལ་བའི་རྒྱུ་ཅི་ཡིན་སྙམ་ན། སྤྱིར་མ་རིག་པ་གཉིས་ཀྱི་སེམས་ཅན་ཐམས་ཅད་སྲིད་པར་འཁྱམས་ལ། བྱེ་བྲག་ཏུ་རུ་དྲ་ནི། སྔོན་བསྐལ་པ་ཀུན་བཀོད་ཀྱི་དུས་སུ་ཐར་པ་ནག་པོར་སྐྱེས་པའི་ཚེ། ཐུབ་དཀའ་གཞོན་ནུ། ཇི་བཞིན་ཉིད་དེ་མ་བཅོས་ན། །དངོས་པོ་གཞི་ལ་གནས་བཅས་ཀྱང་། །ནམ་མཁའ་ལ་ནི་སྤྲིན་བཞིན་ཏེ། །འདི་ནི་རྣལ་འབྱོར་དམ་པའི་ལམ། །ཞེས་གསུངས་པ་སྒྲ་ཇི་བཞིན་པར་སྤྱད་པས་གོལ་བའི་རྣམ་སྨིན་གྱིས་དམྱལ་བའི་ཚ་གྲང་གི་གནས་སུ་བསྐལ་པ་ཆེན་པོ་སྟོང་ཕྲག་བཅུ་གཉིས་དང་། དེ་ནས་བསྐལ་ཆེན་དྲུག་ཏུ་ཡི་དྭགས་སུ་སྐྱེ་བ་རྒྱུད་དེ་རྣམ་སྨིན་གྱི་འབྲས་བུ་མྱོང་སྟོབས་ཀྱིས་ཟད་པའི་མཐར་སྔོན་གྱི་རྒྱུ་མཐུན་པའི་འབྲས་བུས་མཚམས་སྦྱར་ནས། ཡུལ་ལངྐ་པུ་རིར་ཡི་དྭགས་ཀྱི་འགྲོ་བས་བསྡུས་

(༥༡)པའི་སྲིན་པོ་བྱའི་གཤོག་པ་ཅན་དུ་སྐྱེས་ཏེ། གཟུགས་ཁམས་ཀྱི་འཕགས་པའི་གནས་ལྔ་མ་གཏོགས་པ་འདོད་གཟུགས་ཀྱི་ཁམས་ཐམས་ཅད་དབང་དུ་བསྡུས་ཤིང་། འགྲོ་བའི་ཚོགས་ལ་གནོད་པར་བྱེད་པའི་ལས་ཀྱི་རུ་དྲར་གྱུར་པ་དེ་ཉིད། ཐུབ་དཀའ་རྡོ་རྗེ་སྙིང་པོར་གྱུར་པ་དང་། སྔོན་དཔོན་སློབ་ཏུ་འབྲེལ་བའི་སྟོབས་ཀྱིས་གདུལ་བྱར་གྱུར་པའོ། །དེ་དག་ཀྱང་། བདག་ཏུ་རྨོངས་པའི་རྟོག་པ་དང་། །ཞེས་པ་ནས། ཐུགས་རྗེས་འདུལ་བར་གྱུར་ཏེ། ཞེས་པའི་བར་རོ། །གཉིས་པ་ནི། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོར་གྱུར་ཏེ། ཞེས་སོགས་ཀྱི་རིགས་བཞིའི་འཁོར་དང་། དཀར་མོའི་ཚོགས་དང་། ཞེས་སོགས་ཀྱི་གསང་བའི་བུ་མོ་བརྒྱད་དང་། སེང་གདོང་ཆེན་མོའི་ཚོགས་དང་། ཞེས་སོགས་ཀྱིས་གུས་པའི་བུ་མོ་བརྒྱད་དང་། རྡོ་རྗེ་སྲིན་འགྲོ་མའི་ཚོགས་དང་སོགས་ཀྱི་དུར་ཁྲོད་མའི་སྒོ་བསྲུང་བཞི་དང་། སྲིན་མོ་ཆེན་མོ་མིའི་སྲིན་མོ་དང་། ཞེས་སོགས་ཀྱི་དབང་མོ་ཉེར་བརྒྱད་རྣམས་སོ། །ཞེས་པ་ཙམ་

(༥༢)ལས་དུས་སྔ་ཕྱིའི་ཁྱད་པར་གསལ་བར་མ་གསུངས། སློབ་དཔོན་རྡོ་རྗེས་མཛད་པའི་འགྲེལ་པ་ཚིག་དོན་རབ་གསལ་དུ་གཉིས་ལྡན་གྱི་དུས་སུ་དྲག་པོ་དབང་ཕྱུག་ཆེན་པོ་བཏུལ་བར་བཤད་ནས། དེའི་ཚེ་བདེ་མཆོག་རྩ་རྒྱུད་ཀྱང་གསུངས་པར་བཞེད། བུ་སྟོན་ཆོས་འབྱུང་ལས། དེ་ལྟར་འཛམ་བུའི་གླིང་དུ་དྲག་པོ་འཇིགས་བྱེད་འཁོར་བཅས་བཏུལ་ནས། རི་རབ་ཀྱི་རྩེ་མོར་མི་བསྐྱོད་པས་ཕུལ་བའི་དཀྱིལ་འཁོར་དུ་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་འཁོར་ལོ་འཁོད་པ་ལ། བཤད་པའི་རྒྱུད་ལྟར་ན་ཕྱག་ན་རྡོ་རྗེས་མཆོད་པ་སྔོན་དུ་བཏང་ནས་ཐལ་མོ་སྦྱར་ཏེ་རྒྱུད་གསུང་བར་གསོལ་བ་བཏབ་པ། ཕྱག་རྡོར་བསྟོད་འགྲེལ་ལས། རྩ་རྒྱུད་འབུམ་པ་དང་ཉུང་ངུའི་རྒྱུད་འདི་ཉིད་ཕག་མོས་རྡོ་རྗེ་འཆང་ལ་གསོལ་བ་བཏབ་ནས་གསུངས་པར་བཤད་ལ། ཁ་ཅིག་ན་ཕག་མོ་གསུང་བ་མོ་དང་རྡོ་རྗེ་འཆང་གིས་ཞུས་པར་འདོད་དེ། གདུལ་བྱའི་སྣང་ངོ་ལ་གང་ཡང་མི་འགལ་ལོ། །

(༥༣)དེ་ལྟར་ན་གནས་ཕུན་སུམ་ཚོགས་པ་སངས་རྒྱས་པའི་གནས་འོག་མིན། གདུལ་བྱ་བཏུལ་བའི་གནས་འཛམ་བུའི་གླིང་། དཀྱིལ་འཁོར་སྤྲུལ་ཅིང་རྒྱུད་བཤད་པའི་གནས་རི་རབ་ཀྱི་རྩེར་སྟོན་པ་སྐུ་གསུམ་གྱི་བདག་ཉིད་བདེ་མཆོག་གིས་གདུལ་བྱའི་འཁོར་དྲག་པོ་འཇིགས་བྱེད་འཁོར་དང་བཅས་པ་དཀྱིལ་འཁོར་ལ་བཀོད་པའི་འཁོར་ལོ་ལྔའི་ལྷ་ཚོགས། ཉན་པའི་འཁོར་སངས་རྒྱས་བྱང་སེམས་རི་རབ་ཀྱི་རྡུལ་དང་མཉམ་པ་དང་། སྐལ་བ་དང་ལྡན་པའི་ལྷ་མི་སོགས། ཞུ་བ་པོའི་འཁོར་ཕག་མོའི་ཕྱག་རྡོར། སྡུད་པ་པོའི་འཁོར་ཡང་དེ་ཉིད་ཡིན་ལ། ཆོས་བདེ་མཆོག་རྩ་བཤད་རྣམས་གདུངས་ཏེ། དེ་ཡང་གནས་དེ་ཉིད་དུ་རྟག་ཏུ་བཞུགས་ཀྱི་གཞན་དུ་འགྲོ་བ་མེད་ལ། ཆོས་ཀྱང་དང་པོར་གསུངས་པ་དེ་ཉིད་ལས། ཕྱིས་ཤཱཀྱ་ཐུབ་ཏུ་གྱུར་ནས་བཟློས་ཏེ་གསུངས་པ་མེད་པར་ཁ་ཅིག་འདོད་ལ། མཁའ་འགྲོ་རྒྱ་མཚོ་ལས་ནི་བཟློས་ནས་གསུངས་པར་ཡང་བཤད་དེ། རྩ་བའི་རྒྱུད་ནི་རྒྱུད་ཆེན་པོ། བསྡུས་

(༥༤)པའི་རྣམ་པ་གཟུགས་ཅན་དེ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཡིས། །དུས་ཐམས་ཅད་དུ་ཞལ་ན་གནས། །ཡི་གེ་ཀུན་གྱི་ཟ་མ་ཏོག །འབུམ་ཕྲག་སུམ་ཅུ་དྲུག་དང་པོ། །མཁའ་འགྲོ་རྒྱ་མཚོས་རབ་བཤད་དེ། །ཆེན་པོ་ཆུང་ངུར་གསུངས་པའི། །རི་རབ་ཀྱི་ནི་རྡུལ་ཚད་ཀྱི། །མཁའ་འགྲོ་ཐམས་ཅད་ཀྱི་གསུངས་སོ། །མཐའ་ཡས་ཤིང་ནི་མུ་མེད་ཉིད། །རྩོད་པའི་དུས་ཀྱི་སའི་ནང་དུ། །བཅོམ་ལྡན་མཐའ་ཡས་པས་འདི་གསུངས། །ཤཱཀྱ་སེངྒེས་གསུངས་པའི་རྒྱུད། །རྣལ་འབྱོར་ཕལ་པོ་གསུངས་པའོ། །ཞེས་གསུངས་པས། རྩ་བའི་རྒྱུད་ཆེན་པོ་འཇིག་རྟེན་ལས་འདས་པའི་དོན་ཐམས་ཅད་བསྡུས་པ་ནི་སངས་རྒྱས་སོགས་ཀྱི་ཞལ་ལ་གནས་ལ། དེའི་ནང་ནས་རྒྱུད་ཆེན་པོ་རྩ་བའི་རྒྱུད་ནི་རི་རབ་ཀྱི་རྡུལ་དང་མཉམ་པའི་མཁའ་འགྲོ་མ་རྣམས་ཀྱིས་གསུངས་པའི་འབུམ་ཕྲག་གསུམ་ཅུ་རྩ་དྲུག་པ་ཡིན་ལ། དེའི་ནང་ནས་སྙིང་པོ་བསྡུས་པ་ནི་རྒྱུད་ཆུང་ངུ་འདི་ཡིན་ལ། དེ་དག་སླར་ཡང་རྩོད་དུས་སུ་ཤཱཀྱ་སེངྒེས་གསུངས་པར་འགྲེལ་བར་བཤད་དེ། ཞེས་ཁུངས་དང་བཅས་ཏེ་གསུངས་ཤིང་

(༥༥)རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོས་སྦས་དོན་ཀུན་གསལ་དུ་དུས་ནམ་གྱི་ཚེ་གསུངས་པ་ནི་སློབ་དཔོན་རྡོ་རྗེས་མཛད་པའི་འགྲེལ་པར་གཉིས་ལྡན་གྱི་དུས་དབང་ཕྱུག་བཏུལ་བའི་ཚེ་གསུངས་པར་འདོད་ཀྱང་། བོད་ཀྱི་བླ་མ་རྣམས་རྩོད་ལྡན་གྱི་དུས་སུ་གསུངས་པར་བཞེད་པ་ནི། མཁའ་འགྲོ་རྒྱ་མཚོ་ལས། རྩོད་པའི་དུས་ཀྱི་སའི་ནང་དུ། །བཅོམ་ལྡན་མཐའ་ཡས་པས་འདི་གསུངས། །ཤཱཀྱ་སེང་གེས་གསུངས་པའི་རྒྱུད། །ཅེས་གསུངས་ཤིང་། འགྲེལ་པར་ཡང་མཁའ་འགྲོ་རྒྱ་མཚོའི་རྒྱུད་རྒྱས་པ། རྩོད་ལྡན་གྱི་དུས་སུ་ཤཱཀྱ་སེངྒེས་གསུངས་པར་བཤད་ལ། དེས་གཞན་ཡང་མཚོན་ནོ། རྩ་རྒྱུད་ཀྱི་འགྲེལ་པ་ཁ་ཅིག་ནས་བསྐྱར་ནས་གསུངས་པར་ཡང་བཤད་མོད་ཀྱང་། སྔ་མ་ལྟར་རིགས་ཏེ་གུར་ལས། སྙིགས་མའི་དུས་སུ་ཚེ་ཐུང་ཞིང་ཉོན་མོངས་ཤས་ཆེ་བ་རྣམས་ཀྱི་དོན་དུ་རྩ་རྒྱུད་རྒྱས་པ་ལས་བསྡུས་ནས་གསུངས་པར་བཤད་པས།

(༥༦)ཤེས་སོ། །ཞེས། བདེ་མཆོག་རྩ་རྒྱུད་རྒྱས་པ་དང་པོར་གསུངས་ནས་ཉུང་ངུའི་རྗེས་སུ་གསུངས་པར་བཞེད་པ་མཐུན་པས། དེའི་ཤུགས་ཀྱིས་ཧེ་རུ་ཀས་དྲག་པོ་འཇིགས་བྱེད་ཆེན་པོ་བཏུལ་བ་ཆེས་སྔ་ཞིང་། དེའི་རྗེས་སུ་ཤཱཀྱའི་རྒྱལ་པོར་སྤྲུལ་ནས་འཛམ་བུའི་གླིང་དུ་བྱོན་པར་བཞེད་པ་གྲུབ། རྩ་བརྒྱུད་ཀྱི་འགྲེལ་པ་ཨིནྡྲ་བྷུ་ཏིས་མཛད་པར་དུས་ཕྱིས་ཤཱཀྱ་ཐུབ་པས་དཔལ་ལྡན་འབྲས་སྤུངས་སུ་བསྐྱར་ནས་གསུངས་པར་བཞེད། དེ་ཡང་རི་རབ་ཀྱི་རྩེར་སྤྲུལ་བཤད་མཛད་ནས་འཛམ་བུའི་གླིང་པའི་མི་རྣམས་ཀྱི་དོན་གྱི་ཕྱིར་སྟོན་པས་དགའ་ལྡན་དུ་དམ་པ་ཏོག་དཀར་དུ་འཁྲུངས་པ་ལ་སོགས་མཛད་པ་བཅུ་གཉིས་ཀྱི་སྤྲུལ་སྐུར་སངས་རྒྱ་བའི་ཚུལ་ཐེག་པ་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་ནས་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱི་དོན་དུ་དཔལ་ལྡན་འབྲས་སྤུངས་ཀྱི་རི་ལ་བཅོམ་ལྡན་འདས་བདེ་མཆོག་འཁོར་ལོའི་ཏིང་ངེ་འཛིན་ལ་

(༥༧)སྙོམས་པར་ཞུགས་ནས་ཏིང་ངེ་འཛིན་གྱི་འཁོར་ལོ་སྤྲུལ་ཏེ་དཔའ་བོ་དང་རྣལ་འབྱོར་མ་བྱེ་བ་ཕྲག་བརྒྱད་ཅུ་ལ་བདེ་མཆོག་འཁོར་ལོའི་རྒྱུད་རྣམས་གསུངས་ཤིང་། དྲག་པོ་འཇིགས་བྱེད་འཁོར་བཅས་འདུལ་བའི་ཚུལ་བསྟན་ཏེ། ཇི་སྐད་དུ། བཅོམ་ལྡན་རྡོ་རྗེ་འཆང་ཆེན་ཧེ་རུ་ཀས། །གསང་བའི་བདེ་བ་ཆེན་པོ་མཆོག་གི་གནས། །དབང་ཕྱུག་ཆེན་པོ་མཆོག་གི་ཞིང་ཁམས་ནི། །རྡོ་རྗེ་བཙུན་མོའི་ཆོས་དབྱིངས་འབྱུང་གནས་ཉིད། །ཡོན་ཏན་རྫོགས་པ་རྣམ་དག་གནས་མཆོག་ཏུ། །དེ་བཞིན་གཤེགས་པ་དཔག་མེད་འདུས་པའི་ཚོགས། །ཕྱིར་མི་ལྡོག་པའི་སེམས་དཔའ་ཆེན་པོ་ནི། །རྡོ་རྗེ་སྙིང་པོ་དཔྱད་ཆོས་སྣང་འོད།།། །གསང་བའི་མཛོད་འཛིན་སྡུད་པ་པོར་བཅས་ལ། །ཡེ་ཤེས་འོད་གསལ་ལྷན་ཅིག་སྐྱེས་པ་ཉིད། །བདེ་མཆོག་གསང་བའི་ཏིང་འཛིན་ཉེར་དགོངས་མཛད། །དེ་ལས་ས་གསུམ་འགྲོ་བའི་དོན་གྱི་ཕྱིར། །སྟོན་པ་བཅོམ་ལྡན་སྐུ་བཞི་དབྱེར་མེད་ལ། །རི་རབ་རི་ཡི་རྩེ་མོ་

(༥༨)ག་ལ་བའི། ཁང་བརྩེགས་དེར་ནི་དཀྱིལ་འཁོར་འཁོར་ལོ་ནི། །མངོན་པར་འབྱུང་བའི་ཕོ་བྲང་རིན་ཆེན་སྤྲས། །བཀོད་པ་ཚད་མེད་ལྷ་ཚོགས་འདུས་པ་ནི། །བདེ་གཤེགས་རྣམས་དང་བྱང་ཆུབ་སེམས་དཔའ་ནི། །རིགས་མ་ལྷ་མོའི་ཚོགས་ཀྱིས་མཆོད་པར་གྱུར། །བཅོམ་ལྡན་གར་ཉམས་ལྡན་པས་བཞུགས་པར་མཛད། །ཁྲོ་རྒྱལ་ཉི་ཤུ་རྩ་བཞི་འཁོར་ལོ་བཀོད། །དཔའ་བོ་རྣལ་འབྱོར་མ་ཚོགས་མཁའ་འགྲོས་བསྐོར། །རྗེ་བཙུན་ཕྱག་ན་རྡོ་རྗེ་འཇིག་རྟེན་གྱི། །ལྷ་ནི་དབང་ཕྱུག་ཆེན་པོ་ཨུ་མར་བཅས། །ཞབས་གཡས་བསྐུམས་པས་ཨུ་མ་དེ་ཝི་བརྫིས། །གཡོན་ཞབས་བརྐྱང་བས་དབང་ཕྱུག་མནན་པར་གྱུར། །བཏུལ་ནས་གདན་དུ་མཛད་པས་གནས་པར་གྱུར། །དེ་ཉིད་ཕྲིན་ལས་དབང་བསྐུར་གཞན་ཡང་ནི། །ཚངས་པ་དབང་པོ་འཇུག་སེལ་ལ་སོགས་བཏུལ། །གསང་ཆེན་འབྱུང་བའི་དུས་ཏེ་གླིང་གཞི་བསྟན། །དཀྱིལ་འཁོར་རྒྱལ་པོ་མཆོག་ཏུ་བསྟན་པའོ། །འཛམ་གླིང་གནས་སུ་འགྲོ་རྣམས་དོན་གྱི་ཕྱིར། །མངོན་

(༥༩)པར་བྱང་ཆུབ་ཚུལ་བསྟན་བདུད་བཏུལ་ནས། །བདེ་བར་གཤེགས་པའི་ཕྲིན་ལས་སྟོབས་གཟིགས་པས། །དྷཱ་ནྱ་ག་ཊ་བར་བ་ཏི་ཞེས་གླིང་། །ཆགས་པ་ཟ་བྱེད་ཆོས་ཀྱི་འབྱུང་གནས་ཉིད། །དཀྱིལ་འཁོར་འཁོར་ལོ་དཔའ་བོ་རྣལ་འབྱོར་མ། །བྱེ་བ་ཕྲག་ནི་བརྒྱད་ཅུ་ལ་སོགས་པ། །དཔག་མེད་འདུལ་ལ་གསང་ཆེན་ལེགས་གསུངས་སོ། །ཉི་ཤུ་རྩ་བཞི་གནས་དང་བཅས་པར་ནི། །དྲག་པོ་འཇིགས་བྱེད་འཁོར་དང་བཅས་པ་ཡང་། །འཇུག་ཅིང་དབང་བཅས་ལོངས་སྤྱོད་ཐིམ་པར་མཛད། །འཇུག་གནས་གསང་བ་འབྱུང་ལྡོག་གྱུར་པ་ཡིས། །འཇིགས་བྱེད་མི་བཟད་རྔམས་པ་ནུས་པའི་མགོན། །སྒྲ་སྒྲོག་གློག་འགྱུ་མེ་འབར་ང་རོ་ཅན། །ལྗོན་ཤིང་ལ་གནས་མགོ་བརྙན་ཅན་དང་ནི། །མིའམ་ཡོད་འཕྲོག་ལ་སོགས་མཐའ་བརྒྱད་དང་། །དུར་ཁྲོད་གནས་སུ་འདུལ་བར་མཛད་པས་ནི། །གདུལ་བྱའི་མིང་ནི་འདུལ་བྱེད་ལ་གྲགས་འགྱུར།

(༦༠)།ལས་རྒྱལ་མཆོག་གི་ཕྲིན་ལས་བསྟན་པའོ། །ཞེས་རྣལ་འབྱོར་མ་སྙིང་པོའི་རྒྱུད་ལས་གསུངས་སོ་ཞེས་ལུང་དུ་དྲངས་སོ། །ཞེས་ཤཱཀ་ཐུབ་འཛམ་གླིང་དུ་བྱོན་ནས་དྲག་པོ་དབང་ཕྱུག་ཆེན་པོ་བཏུལ་བ་གསུངས། འཇིག་རྟེན་གྱི་ཁམས་འདིར་མ་ཟད་འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་སོགས་ཞིང་གི་རྡུལ་གྱི་གྲངས་དང་མཉམ་པའི་འཇིག་རྟེན་གྱི་ཁམས་སུ་དབང་ཕྱུག་འདུལ་བའི་བཀོད་པ་སྣ་ཚོགས་པ་བསྟན་པས། དོན་དམ་པར་དུས་སྔ་ཕྱི་དང་བཏུལ་ཚུལ་གྱི་བཀོད་པ་སོགས་ལ་མཐའ་གཅིག་ཏུ་འཇོག་པར་མི་ནུས་ཏེ། མངོན་བརྗོད་འགྲེལ་པར། ཇི་སྐད་དུ། དེ་ནས་ལོངས་སྤྱོད་རྫོགས་པའི་སྐུས་གདུལ་བྱ་སྣ་ཚོགས་པ་ལ་གཟིགས་ནས། འདུལ་བྱེད་ཀྱི་འཁོར་ལོར་དགོངས་པ་སྣ་ཚོགས་པའི་ཁ་དོག་དང་དབྱིབས་ཐ་དད་པའི་ཀུན་རྫོབ་ཀྱི་དམ་ཚིག་ཆེན་པོ་རྣམ་པར་རོལ་ཅིང་སྤྲུལ་པའི་རྡོ་རྗེ་ཞེས་བྱ་བའི་ཡུལ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་སྙོམ་པར་བཞུགས་སོ། །སྣོད་ཀྱི་འཇིག་རྟེན་མ་ལུས་

(༦༡)ཤིང་བཅུད་ཀྱི་སེམས་ཅན་མ་ལུས་པ་མེད་པའི་སེམས་ཅན་བྱང་ཆུབ་ཀྱི་སྙིང་པོ་ཅན་གྱི་ཆོས་ཀྱི་དབྱིངས་ཀྱི་སྣང་བ་ཀུན་ཏུ་གང་བར་གཟིགས་ནས་གདུལ་བྱ་དེའི་དོན་དུ་ལོངས་སྤྱོད་རྫོགས་པའི་སྐུའི་རང་གི་བ་སྤུའི་བུ་ག་ནས་གླིང་བཞི་པ། བྱེ་བ་ཕྲག་བརྒྱར་དལ་གྱི་འཁོར་ལོ་སྣ་ཚོགས་པ་སྤྲོས་ཏེ། གདུལ་བྱ་སྣ་ཚོགས་པ་འདུལ་བའི་ཐབས་ཀྱིས་དཀྱིལ་འཁོར་སྣ་ཚོགས་པའི་ཐབས་ཀྱིས་ནམ་མཁའི་ཁམས་ཡོངས་སུ་གང་བར་གདུལ་བྱ་སྣ་ཚོགས་དང་ལྡན་པ་རྣམས་ལ་ལྷའི་མིག་དང་རྣ་བ་ལ་སྣང་བར་གྱུར་ཏོ། །འཛམ་བུའི་གླིང་ཡོན་ཏན་རྒྱལ་མཚན་འདིར་བཅོམ་ལྡན་འདས་བདེ་མཆོག་རིགས་ལྔ་རྣམས་ཀྱི་བདག་པོ་ཞལ་བཞི་ཕྱག་བཅུ་གཉིས་པས་སྣ་ཚོགས་པའི་སྐུ་འཛིན་པ་དྲག་པོ་འཇིགས་བྱེད་ཀྱི་གདུལ་བྱའི་སེམས་ཅན་ལྷ་བཞི་དང་། དྲི་ཟ་བཞི་དང་། གནོད་སྦྱིན་བཞི་དང་། སྲིན་པོ་བཞི་དང་། ཀླུ་བཞི་དང་། ལྷ་མ་ཡིན་བཞི་དང་། མིའམ་ཅི་བཞི་དང་། དུར་ཁྲོད་བརྒྱད་ཀྱིས་སེམས་ཅན་ལ་

(༦༢)ཕན་པར་དགོངས་ནས་རྒྱུ་ཐུགས་རྗེ་ཆེན་པོ་ལས་བྱུང་བའི་འབྲས་བུ་ཁྲོ་བོའི་ཉམས་དགུ་དང་ལྡན་པའི་ཡབ་ཡུམ་གཉིས་སུ་མེད་པའི་སྦྱོར་བས་ཡེ་ཤེས་དང་ཐུགས་དང་། གསུང་དང་། སྐུ་དང་། དམ་ཚིག་གི་འཁོར་ལོ་ངོ་མཚར་བ་སྣ་ཚོགས་ཤིང་འཛམ་བུའི་གླིང་མཐའ་ཡས་པའི་གནས་གསུམ་ཅུ་རྩ་གཉིས་སུ་དབང་དུ་བྱས་པ་དང་ལོངས་སྤྱོད་པ་དང་། ཐིམ་པའི་ཆོ་འཕྲུལ་ཆེན་པོ་རྡུལ་ཕྲ་རབ་དང་མཉམ་པའི་ས་འོག་དང་། ས་བླ་དང་། ས་སྟེངས་ཀྱི་བདག་པོའི་འཁོར་ལོ་བདེ་མཆོག་གི་དཔལ་དུ་ཡང་དག་པར་བསྟན་ནས་སྤྲུལ་པའི་སྐུ་གཟུགས་ཀྱི་སྒོ་ནས་གདུལ་བྱ་བཏུལ་ཞིང་ཆོས་བཤད་ནས་ཞེས་དང་། ཡང་དེ་ཉིད་ལས། སུམ་ཅུའི་དབང་ཕྱུག་ལ་དབང་བྱེད་པ་ནི་ལྷ་དབང་དུ་བྱེད་པ་ལོངས་སྤྱོད་པ་ཐིམ་པའོ། །ཐོག་མའི་དངོས་གྲུབ་ནི། ཐུགས་ཀྱི་དངོས་གྲུབ་སྟེར་བའི་རྣལ་འབྱོར་མའི། །གནོད་སྦྱིན་ནི་ཞིང་དང་ཉེ་བའི་ཞིང་གི་རྣལ་འབྱོར་མའོ། །སྲིན་མོ་ནི་ཚན་དོ་ཧ་དང་ཉེ་བའི་ཚན་དོ་ཧའི་རྣལ་འབྱོར་མའོ། །

(༦༣)ཀླུ་མོ་ནི་འདུས་པ་དང་། ཉེ་བའི་འདུས་པའི་རྣལ་འབྱོར་མའོ། །ལྷ་མ་ཡིན་གྱི་དུར་ཁྲོད་དང་ཉེ་བའི་དུར་ཁྲོད་ཀྱི་རྣལ་འབྱོར་མའོ། །དྲི་ཟ་མོ་ནི་ཉེ་བའི་གནས་བཞིའི་རྣལ་འབྱོར་མའོ། །གཞན་ཡང་སྣ་ཚོགས་པ་ནི་གྲོང་མཐའ་དང་ཉེ་བའི་གྲོང་མཐའ་བརྒྱད་ཀྱི་མིའམ་ཅིའི་ལྷ་མོ་བརྒྱད་དོ། །འདོད་པའི་ལོངས་སྤྱོད་དག་ལ་སྤྱོད་ཅེས་པ་ནི། གདོང་དྲུག་ངོ་འཐོན་སྟོབས་ཀྱིས་མནན། །གཞོན་ནུ་མ་ཡང་འཕྲོག་གནས་སུ། །ཞེས་བཤད་པའི་ལྷ་མོ་དང་དྲི་ཟ་མོ་དང་། གནོད་སྦྱིན་མོ་དང་། སྲིན་མོ་དང་། ཀླུ་མོ་དང་། ལྷ་མ་ཡིན་མོ་དང་། མིའམ་ཅི་མོ་རྣམས་ལ་དགའ་བ་བཞིའི་ལོངས་སྤྱོད་ནས། ཨཱ་ལི་ཀཱ་ལི་ཐབས་དང་ཤེས་རབ་མཉམ་པར་བསྒོམ་པས། དོན་དམ་གྱི་བདེན་པ་དེ་ཉིད་སྒྱུ་མ་དང་། འོད་གསལ་དང་། ཟུང་འཇུག་ཐོབ་པའི་ཐབས་གསང་བ་དང་ཤེས་རབ་ཡེ་ཤེས་དང་དབང་བཞི་པ་གོང་ནས་གོང་དུ་བསྐུར་ནས་རང་གི་ལྷའི་རྣལ་འབྱོར་གྱི་གང་ཟག་ཐམས་ཅད་ཀྱི་

(༦༤)རྒྱུད་སྡེ་བཞི་ཐམས་ཅད་ལ་དེ་བཞིན་དུ་བརྟག་པར་བྱའོ། །ཞེས་གསུངས། དེ་ལྟར་ཡང་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་བཀའ་བསྲུང་ལྷ་ཆེན་གྱི་ལོ་རྒྱུས་ལས། ཐུགས་རྗེ་ཆེན་པོའི་བཀའི་སྲུང་མ་འཇིག་རྟེན་ན་དྲག་རྩལ་དབང་ཕྱུག་གྲུབ་པའི་ལྷ་ཆེན་འདི་ནི། ངོ་བོ་གདོད་ནས་མི་འགྱུར་བ་སྤྱན་རས་གཟིགས་སུ་མངོན་པར་བྱང་ཆུབ་པའོ། །རང་བཞིན་མ་འགགས་པའི་རྩལ་ཞི་བ་དང་ཁྲོ་བོ་ཅིར་ཡང་སྣང་བའོ། །ཐུགས་རྗེ་ཀུན་ཁྱབ་ཀྱི་ཆོ་འཕྲུལ་ལས་ལྷ་ཆེན་དུ་སྲིད་པའོ། །དེ་ཡང་རྒྱ་གར་གྱི་ཡུལ་ཀུན་ཏུ་བུདྡྷའི་བསྟན་པ་ཆེས་ཆེར་དར་ཞིང་རྒྱས་པར་གྱུར་པ་ན། མུ་སྟེགས་རྣམས་ཀྱིས་མ་བཟོད་དེ་ཐ་སྙད་ཀྱི་རྩོད་པ་དང་རིགས་སྔགས་ཀྱི་སྦྱོར་བས་དྲེགས་པ་ཅན་འགུགས་པ་དང་གཉེན་པོར་སྤྲོད་པ་སྩོགས་ཐབས་སྣ་ཚོགས་ཀྱིས་གནོད་པར་བྱེད་དོ། །དེ་ལས་ལྷོ་ཕྱོགས་སུ་འཇིག་རྟེན་གྱི་ལྷ་དང་ཀླུ་མཐུ་བོ་ཆེ་དུ་མས་ཀྱང་མུ་སྟེགས་ཀྱི་རིགས་ལ་དངོས་གྲུབ་སྟེར་ཞིང་ནང་པ་རྣམས་

(༦༥)ལ་ཚེ་བར་བྱེད་དོ། །དེའི་ཚེ་བདག་གིས་འདུལ་བའི་དུས་ལ་བབས་པར་རིག་ནས་ལྷོ་ཕྱོགས་སུ་སོང་སྟེ་སྟོན་པ་ལྔ་བརྒྱ་པོ་ཐམས་ཅད་རྩོད་པས་ཚར་བཅད་ནས་ཉམས་པར་བྱས་པས་དེ་དག་ཡིད་ཁོང་དུ་ཆུད་ནས་སླར་ཡང་ཙན་དན་གྱི་ནགས་སུ་རིག་སྔགས་ཀྱི་སྦྱོར་བས་བསྒྲུབ་པར་བྱེད་དོ། །དེའི་ཚེ་བདག་གིས་འདུལ་བའི་དུས་ལ་བབས་པར་རིག་ནས་ལྷོ་ཕྱོགས་དེར་རྒྱལ་དང་ལྡན་པའི་སྟོང་གི་ནམ་ཕྱེད་ན་བདག་ཉིད་བཞུགས་པའི་གནས་སུ་ས་གཡོ་བ་དང་ལྗོན་ཤིང་རྣམས་འཁྲུག་ཅིང་སྒྲ་འབྱིན་པ་དང་། འོད་དམར་པོ་ར་ལ་ཙམ་པ་འཁྱིལ་འཁྱིལ་བྱེད་པ་སོགས་ཆོ་འཕྲུལ་སྣ་ཚོགས་སྣང་བར་བྱེད་དོ། །བདག་གིས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཟིལ་གྱི་མནན་ནས་དབང་དུ་བསྡུས་པས་འོད་དེ་ཉིད་སྐྱེས་བུ་བཞིན་དམར་ཞིང་ཆགས་པའི་ཚུལ་ཅན་མེ་ཏོག་གི་རྒྱན་དང་ལྡན་པ་ཞིག་ཏུ་གྱུར་ནས་བཀའ་ཅི་སྩལ་འབངས་སུ་མཆིའོ་ཞེས་ཕྱག་བྱེད་ཅིང་ཞབས་ལ་འདུད་པར་

(༦༦)གྱུར་ཏེ། དེར་བདག་གིས་མཁྱེན་བཞིན་དུ་མི་མ་ཡིན། གྱི་རིགས་སུ་གཏོགས་པ་འདྲ་མོ་ཞིག་མཆིས་ན་སུ་ཞིག་ཆོ་འཕྲུལ་དེ་ནི་གང་གི་མཐུ་ཞེས་དྲེས་པས། དེ་ན་རེ། བདག་ནི་འཇིག་རྟེན་ན་ཆེ་བའི་མཐུ་རྩལ་གྲུབ་པ་དབང་ཕྱུག་མ་ཧཱ་དེ་བ་ཞེས་བྱ་བ་སྟེ༔ ཙན་དན་གྱི་ནགས་སུ་མུ་སྟེགས་སྟོན་པ་རྣམས་ཀྱི་རིགས་སྔགས་ཀྱི་སྦྱོར་བས་བསྐུལ་བ་ལས་འདིར་མཆིས་པའོ། །ཆོ་འཕྲུལ་འདི་དག་ནི་བདག་གིས་མཐུའོ། །འགྲོ་བ་གཞན་བདག་ནི་བདག་གི་ཆོ་འཕྲུལ་ཕྲ་མོ་རེས་ཀྱང་འགུགས་ཤིང་གསོད་པར་བྱེད་པའོ། །སློབ་དཔོན་གྱི་དགོངས་པ་ནི་བཤིག་པར་མ་ནུས་པས་བདག་ཉིད་མི་བཟད་པའི་ཆོ་འཕྲུལ་གྱིས་དཔའ་བཀོང་བར་གྱུར་ན་ཁྱོད་ནི་སངས་རྒྱས་ཐམས་ཅད་ཀྱི་སྤྱི་དཔལ་དུ་ངེས་པས་གུས་ཤིང་འདུད་པ་ལགས་བཟོད་པར་མཛོད་ཅིག་འབངས་སུ་མཆིའོ། །ཞེས་སོགས་ཀྱི་སྙིང་པོ་རྒྱུད་གཅེས་གནང་དང་བཅས་པ་ཐམས་ཅད་མདོང་གསོལ་དུ་ཕུལ་ལོ། །

(༦༧)དེར་བདག་གིས་མི་འགྱུར་བའི་བཀའ་རྩིགས་སུ་ཕབ་ནས་དམ་པ་ཆོས་ཀྱི་སྲུང་མར་གཉེར་གཏད་དབང་བསྐུར་ནས་དམ་ཚིག་གསོལ་བཏབ། དེར་བདག་ཉིད་ཐུགས་ཞི་བ་ཆོས་ཀྱི་དབྱིངས་ལས་རོལ་པ་སྙིང་རྗེ་ཆེན་པོའི་ཐབས་ཀྱིས་མུ་སྟེགས་ཀྱི་སྟོན་པ་རྣམས་ལ་རང་གཤེད་དུ་ཕབ་པས་ཙན་དན་གྱི་ནགས་སུ་མི་བཟད་པའི་ཆོ་འཕྲུལ་སྣ་ཚོགས་དང་བཅས་པའི་གནམ་ལྕགས་ཆར་བཞིན་དུ་ཕབ་པས་ནགས་previous hit ཚལ་མེར་འབར་ཏེ་མུ་སྟེགས་སྡེ་དང next hit་བཅས་པ་ཚར་བཅད་ནས་མིང་མི་གྲགས་པར་བྱས་ཤིང་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་བཞིན་གྱུར་ཏོ༔ དེ་ནས་བདག་གི་ལྷ་ཆེན་གྱི་སྲོག་ཏད་རྒྱུད་དང་བཅས་པའི་མན་ངག་མང་དུ་སྤེལ་ཞིང་སྐལ་བ་དང་ལྡན་པ་སོ་སོར་བསྟན་པ་ལས་འདི་ནི་མན་ངག་ཐམས་ཅད་ཀྱི་ཟབ་གནད་ལོགས་སུ་ཕྱེད། རྒྱུད་ཀྱི་བཅུད་ཐམས་ཅད་གཅེས་གནད་ཀྱི་སྙིང་པོར་བསྡུས་ནས་ཁ་ཚང་དོན་འགྲེལ་དུ་བྱས་ཏེ་ལས་ཅན་གྱི་སློབ་མ་

(༦༨)མངའ་བདག་ཡབ་སྲས་དང་ལོ་ཙཱ་བ་བཻ་རོ་ཙ་ན་ལ་ཐུགས་གཙིགས་སུ་དགོངས་ནས་བསྟན་པའོ། །སྤྱིར་སྙིགས་མ་ལྔ་བོད་སུམ་ཅུ་ཁ་རལ་གྱི་དུས་ན་གནམ་གྱི་འོད་ཉམས་པས་ཆར་ཆུ་སྒང་གཤོངས་ཆེ༔ སའི་བཅུད་ཉམས་པས་ལོ་ཏོག་དང་རྩི་ཤིང་མི་སྨིན། སྐྱེ་འགྲོའི་གཡང་ཉམས་པས་ནད་རིགས་དང་དམག་འཁྲུག་དར། དེའི་ཚེ་ནགས་ཕྱོགས་ཀྱི་སྟོབས་རྒྱས་པ་འགྲོ་བ་ཐམས་ཅད་ཀྱི་སྙིང་ལ་བདུད་ཞུགས་ནས་གཙུག་ལག་དང་ཆོས་འཁོར་འཇིག །ཆོས་བྱེད་ཀྱི་མངའ་ཐང་འཕྲོག་ཅིང་སྲོག་ལ་རྒོལ་བས་མཐའི་དམག་མཚོ་བརྡོལ། ཁྱད་པར་བོད་ཕུང་བྱེད་ཀྱི་ཆེ་བཙན་འགོང་པོ་སྙིང་ལ་ཞུགས་པ་དགུས་ཐབས་དུ་མའི་སླུ་བྲིད། ནང་གདུག་རྩུབ་ཀྱིས་བོད་ཁམས་སུ་མི་བདེ་བའི་དུཁ་སྣ་ཚོགས་ཟིངས་སློང་བའི་དུས་སུ་ངའི་རྗེས་སུ་ཞུགས་པ་རྣམས་ཀྱིས་དེ་དག་དུལ་བའི་ལས་བྱའོ། །དེ་ཡང་དྲག་པོའི་ལས་ཀྱི་ཐུལ་དཀའོ། །ཅིའི་ཕྱིར་ན་ལྟ་བ་སྟོང་ཉིད་རྟོགས་པ་གྱབས་ཀྱི་ལྷ་དང་ཏིང་ངེ་འཛིན་གྱི་

(༦༩)དྲོད་ཚད་རྙེད་པ་གཉེན་པོ་སྟོབས་ཀྱི་ལྷ་དང་། དེ་མངོན་དུ་གྱུར་པ་ལ་རགས་ལུས་ན་དེའི་ཚེ་ལེ་ལོ་དང་སྙོམས་ལས་ཆེ་བརྩོན་འགྲུས་ཀྱི་མཐུ་ཆུང་བས་ཕོ་ཉ་ལས་ཀྱི་ལྷ་འཁྲུལ་བར་མི་ནུས་ཤིང་ཞེ་སྡང་རང་གདམས་འཁོར་བར་ལྟུང་ངོ་། །དེས་ན་འདི་ཉིད་འཕགས་པ་ཐུགས་རྗེ་ཆེན་པོ་ཡིན་པས་བྱིན་རླབས་ཆེ་ཞིང་དབང་དུ་བསྡུས་ཚད་འཁོར་བར་མི་ལྟུང་། རྣམ་པ་འཇིག་རྟེན་གྱི་ལྷ་ཆེན་དབང་ཕྱུག་གྲུབ་པ་ཡིན་པས་ཚན་ཆེ། དབང་གི་ལྷ་དབང་གི་ཕྲིན་ལས་སུ་གྲུབ་པས་རྣོ་ལ་མྱུར། མན་ངག་གབ་འཁྲུགས་སུ་མ་སྦས་པས་ཉམས་སུ་བླངས་བདེ༔ དམ་ཚིག་ཟོལ་ཟོག་མེད་པས་བསྒྲུབ་ན་བེམ་པོའི་རྡོ་ཡང་འགུགས་ནུས། དེའི་ཕྱིར་འདི་ཉིད་གཅེས་པ་ཐམས་ཅད་ཀྱི་ཡང་ཏིག་ཐུགས་རྗེ་ཆེན་པོའི་བཀའ་སྲུང་མར་གདམས་པ་ཡིན་པས་ནགས་ཕྱོགས་ཀྱི་ལོག་འདྲེན་མཐུ་དང་ལྡན་པ་ཐམས་ཅད་དབང་དུ་བསྡུས་ནས་བསྟན་པ་ལ་གཟུད་པར་གྱིས་

(༧༠)ཤིག །དེས་བོད་འདིར་རེ་ཞིག་བདེ་བར་འགྱུར་རོ། །ཞེས་གསུངས་ནས་མངའ་བདག་ཡབ་སྲས་དང་བདག་དང་ཕྱི་མའི་འགྲོ་ལ་བརྩེ་བར་དགོངས་ནས་གཏད་པའོ། །གཅེས་པར་བཟུང་ཞིག་སྐལ་མེད་ཁ་སག་ཅན་ལ་མིང་ཙམ་ཡང་མི་བསྒྲག་གོ །ཤིན་ཏུ་གསང་བའི་ཐ་ཚིག་གོ །ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་དེང་སང་གི་དུས་སུ་དམ་ཅན་བསྲུང་མའི་དབང་པོ་འདི་ཉིད་སྐྱབས་སུ་གསོལ་ཏེ་དམ་ཚིག་ཟོལ་ཟོག་མེད་པའི་སྒོ་ནས་བསྒྲུབས་ན་བསྟན་འགྲོའི་དོན་རྒྱ་ཆེན་པོ་འགྲུབ་པར་གསུངས་ཤིང་། སློབ་དཔོན་ཆེན་པོའི་ཟབ་གཏེར་ལས་བྱོན་པའི་ལྷ་ཆེན་འདིའི་ཆོས་སྐོར་མཐའ་ཀླས་པ་ཞིག་ཡོད་པར་སྣང་ཡང་ཁོ་བོས་པདྨ་ལས་འབྲེལ་རྩལ་གྱི་གཏེར་བྱོན་གྱིས་སྐོར་དང་། མཉལ་པ་ཉི་མ་ཤེས་རབ་ཀྱི་གཏེར་བྱོན་གྱི་སྐོར་དང་། ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གཏེར་བདག་གླིང་པའི་གཏེར་བྱོན་གྱི་སྐོར་སོགས་རིག་འཛིན་ཆེན་པོ་དེ་ཉིད་ནས་བརྒྱུད་དེ་གར་དབང་དྷརྨའི་མཚན་ཅན་

(༧༡)དང་། རྡོ་རྗེ་འཛིན་པ་ཆེ་མཆོག་འདུས་པ་རྩལ་གྱི་སྤྱན་སྔར་ལེགས་པར་ཐོབ་བོ། །བཀའ་སྲུང་ཐམས་ཅད་ཀྱི་རྒྱལ་པོ་ནག་པོ་ཆེན་པོ་ཕྱག་བཞི་པའམ། བྱ་རོག་གི་མཚན་ཅན་ནམ། བདེ་བྱེད་ཀྱི་མགོན་པོ་ཞེས་བྱ་བ་འདི་ནི། རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་དཔལ་འཁོར་ལོ་སྡོམ་པའི་ཐུགས་ལ་སྤྲུལ་ཞིང་། ཡབ་འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱི་ཡང་རྗེ། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ལེགས་ལྡན་དབང་ཕྱུག་ཆེན་པོ་དང་། ཡུམ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའི་སྒྱུ་འཕྲུལ་ཨུ་མ་དེ་ཝིའི་སྲས་སུ་སྐུ་འཁྲུངས། དཔལ་ལྡན་ལྷ་མོའི་ལོ་རྒྱུས་སུ་འབྱུང་བའི་བུ་གཤིན་རྗེ་མ་ཧཱ་ཀ་ལ་ཞེས་པ་ཡང་མགོན་པོ་འདི་ཉིད་ཡིན། འདི་ཉིད་ཀྱི་ལོ་རྒྱུས་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་ཞལ་སྔ་ནས་གྱིས་གསུངས་པ་བཅོས་མེད་དུ་བཀོད་པ་ནི་འདི་ལྟར། དཔལ་རྡོ་རྗེ་ནག་པོ་ཆེན་པོ་བྱ་རོག་མཚན་ཅན་གྱི་མགོན་པོ་ཁྱད་པར་

(༧༢)ཅན་འདིའི་སྔོན་གྱི་བྱུང་བའི་ལོ་རྒྱུས་ཅུང་ཟད་བརྗོད་ན། སྤྱིར་ལྷ་དང་བཅས་པའི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་པའི་ཕ་རོལ་དུ་གསོན་ཞིང་། ཐུགས་རྗེའི་ཆེན་པོའི་གཞན་དབང་དུ་གྱུར་པ་དེས། དང་པོར་གདུལ་བྱ་སེམས་ཅན་གྱི་རིགས་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད། བར་དུ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་སངས་རྒྱས་སུ་བྱེད་པའི་རྒྱུ་ཕུན་སུམ་ཚོགས་པ་ཆེན་པོའི་ལམ་གྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་ཚང་བ་བསམ་གྱི་མི་ཁྱབ་པ་རྣམས། གདུལ་བྱའི་སེམས་ཅན་བསམ་གྱིས་མི་ཁྱབ་པའི་ཆེད་དུ་དཀའ་བ་སྣ་ཚོགས་ཀྱི་སྒོ་ནས་བསྒྲུབས། མཐར་སྟོང་གསུམ་མི་མཇེད་ཀྱི་འཇིག་རྟེན་འདིར། འཛམ་བུ་གླིང་བྱེ་བ་ཕྲག་བརྒྱར། བྱང་ཆུབ་ཀྱི་ཤིང་བྱེ་བ་ཕྲག་བརྒྱའི་དྲུང་། སྲོད་ལ་བདུད་ཀྱི་སྡེ་ཐམས་ཅད་ཅིག་ཅར་དུ་བཅོམ་ལྡན་འདས་ནས་ནག་པོའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བས་འགྲན་

(༧༣)པའི་ཟླ་ཐམས་ཅད་དང་བྲལ་བར་མཛད་དེ། ཐོ་རང་ཤེས་བྱ་བདེན་པ་གཉིས་ཀྱིས་བསྡུས་པའི་བསམ་གྱིས་མི་ཁྱབ་པའི་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ཏེ་གདུལ་བྱའི་འགྲོ་བ་སེམས་ཅན་གྱི་རིགས་བསམ་གྱིས་མི་ཁྱབ་པའི་ཆོས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་ཏེ་གདུལ་བྱའི་འགྲོ་བ་སེམས་ཅན་གྱི་རིགས་བསམ་གྱིས་མི་ཁྱབ་པའི་ཡང་ཁམས་དང་བསམ་པ་དང་དབང་པོའི་རིམ་པ་བསམ་གྱིས་མི་ཁྱབ་པ་གང་ལ་གང་ཚམས་ཀྱི་སྒོར་ཐེག་པའི་རིམ་པ་དང་། ཆོས་ཀྱི་ཆུ་ལ་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཤིང་། གདུལ་བྱ་སེམས་ཅན་གྱི་རིགས་བསམ་གྱིས་མི་ཁྱབ་པ་རྣམས་ལ་འདུལ་བྱེད་ཀྱི་སྤྲུལ་པ་ཡང་སྤྲུལ་གྱི་སྐུའི་བཀོད་པ་ཡང་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་ཏེ། བླ་མ་འདུལ་བ་རྣམས་ལ་ནི་བླ་མའི་སྐུར་བསྟན། ཡི་དམ་གྱི་ལྷས་འདུལ་བ་རྣམས་ལ་ནི་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་

(༧༤)གྱི་ལྷར་བསྟན། མཁའ་འགྲོ་ཆོས་སྐྱོང་གི་འདུལ་བ་རྣམས་ལ་ནི་མཁའ་འགྲོ་ཆོས་སྐྱོང་གི་སྐུར་བསྟན་ནས་ཕྲིན་ལས་རྣམ་པ་བཞི་གང་ལ་གང་འདུལ་གྱི་སྒོ་ནས་བསྟན་པ་བསྲུང་ཞིང་སྐྱོང་བ་དང་། གདུལ་བྱ་སྨིན་ཅིང་གྲོལ་བར་མཛད་པའི་ཚུལ་བསམ་གྱིས་མི་ཁྱབ་པའི་ནང་ནས་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་བསྟན་པ་གཉན་པོ་བསྲུང་བའི་ཆོས་སྐྱོང་དྲག་པོའི་སྐུར་བསྟན་པ་རང་ལ་ཡང་གྲངས་དང་མཐའ་མི་མངོན་པའི་བསམ་གྱི་མི་ཁྱབ་པ་ཞིག་ཡོད་མོད། སྤྲུལ་པའི་བསྟན་བསྲུང་རྒྱ་མཚོ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་གཙོ་བོ་དང་། རབ་དང་ཕུལ་དུ་གྱུར་པ་ནི། ནག་པོ་ཆེན་པོ་ཕྱག་བཞི་པ་འདི་ཉིད་ཡིན་པར་འཇིག་རྟེན་གསུམ་ན་སྙན་པར་གྲགས་སིང་། གྲུབ་པ་ཡིན་ནོ། །དེ་ཡང་འདི་ནི་བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་གི་ཐུགས་ཀྱི་སྤྲུལ་པའི་ཆོས་སྐྱོང་། རྡོ་རྗེ་མི་བསྐྱོད་པའི་རིགས་ལས་བྱུང་བ་ཡིན་ཏེ། དོན་དང་ལྡན་པའི་མཚན་

(༧༥)གྱི་ཆེ་བའི་དབང་དུ་བྱས་ན་ཡང་མཐའ་ཡས་པ་ལས། འདིར་འགའ་ཞིག་བརྗོད་ན། འདུལ་བྱེད་གཉེན་པོའི་མཚན་དུ་གསོལ་བའི་མཚན་གྱི་ཆེ་བ་ནི། བདེ་བྱེད་མགོན་པོ་ཞེས་པ་ཡིན་ལ། ཚུལ་དེ་བཞིན་དུ་གདུལ་བྱ་ཡུལ་ལས་མཚན་དུ་གསོལ་བ་ནི། མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། གཙོ་བོ་ལས་མཚན་དུ་གསོལ་བ་ནི། དཔལ་མགོན་བྱ་རོག་མཚན་ཅན་ཡེ་ཤེས་རིག་པའི་རྒྱལ་པོ། འཁོར་ལས་མཚན་དུ་གསོལ་བ་ནི་སྡེ་དཔོན་ཆེན་པོ། ལས་མཁན་ལས་མཚན་དུ་གསོལ་བ་ནི་གནོད་སྦྱིན་བྱ་རོག་གདོང་ཅན་ཞེས་ཀྱང་བྱ་བ་ཡིན་ཏེ། དེ་ལྟ་བུ་ལ་སོགས་པའི་མཚན་གྱི་རྣམ་གྲངས་མཐའ་ཡས་པ་དང་ལྡན་པའི་བསྟན་བསྲུང་ཆེན་པོ་འདི་གང་ལས་གསུངས་པའི་རྒྱུད་ཀྱི་ཁུངས་བཙུན་པའི་ཆེ་བ་དང་ལྡན་ཚུལ་ནི། སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་མདོ་སྔགས་གཉིས་ལས་འདི་ནི་གསང་སྔགས་ནས་

(༧༦)གསུངས་ཤིང་། གསང་སྔགས་ལས་ཡང་རྒྱུད་སྡེ་ཆེན་པོ་བཞི་ལས། འདི་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལས་གསུངས། བླ་མེད་ལ་ཡང་རྣལ་འབྱོར་ཕ་མའི་རྒྱུད་གཉིས་ལས་འདི་མ་རྒྱུད་ནས་གསུངས་པས་ཆེ། མ་རྒྱུད་ཐམས་ཅད་ཀྱི་གཙོ་བོ་བཀའ་བར་གྲགས་པ་ལ། བཀའི་བསྲུང་མ་ཡང་བཞིར་གསུངས་པའི། དཔལ་དུས་ཀྱི་འཁོར་ལོའི་བཀའི་སྲུང་མ་མགོན་པོ་ཐ་བ་རི། དཔལ་དགྱེས་པ་རྡོ་རྗེའི་བཀའ་སྲུང་མགོན་གྲི་གུག །དཔལ་རྡོ་རྗེ་གདན་བཞིའི་བཀའ་སྲུང་མགོན་པོ་ཞལ་བཞི་པ། དཔལ་འཁོར་ལོ་བདེ་མཆོག་གི་བཀའ་སྲུང་མགོན་པོ་ཕྱག་བཞི་པ་འདི་ཉིད་ཡིན་པས་འདི་ནི་མ་རྒྱུད་བཀའ་བཞིའི་ཡང་གཙོ་བོ་དཔལ་འཁོར་ལོ་བདེ་མཆོག་གི་རྒྱུད་ལས་གསུངས་པས་ཆེ་བ་ཡིན་ཏེ། བདེ་མཆོག་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ནག་པོ་ཆེན་པོའི་ཕྲིན་ལས་ཀྱི་བརྟག་པ་ཞེས་བྱ་བའི་ལེའུ་གཅིག་གསུངས་པ་ལས་བསྟན་པ་ཡིན་ཞིང་། གཞན་ཡང་བདེ་མཆོག་གི་རྒྱུད་མངོན་པར་འབྱུང་བའི་ལེའུ་བཅུ་པ་

(༧༧)ལ་སོགས་པ་དཔལ་འཁོར་ལོ་བདེ་མཆོག་གི་རྒྱུད་མང་པོ་ནས་གསུངས་པས་ན། རྒྱལ་བའི་བཀའ་དྲི་མ་མེད་པའི་ཁུངས་ཀྱི་ཚ་བ་དང་ལྡན་པའོ། །གཞན་ཡང་མགོན་པོ་འདིའི་སྒོ་ནས་རྒྱུད་དང་། སྤྱི་རྒྱུད་མན་ངག་གི་རྒྱུད་ལ་སོགས་པ་མཐའ་ཡས་པ་ཞིག་གསུངས་པ་ཐམས་ཅད་ཀྱང་མ་རྒྱུད་སྡེ་བཞི་སྡེ་བཞི་ལས། བདེ་མཆོག་གི་རྒྱུད་སྐོར་དུ་གཏོགས་པ་ཡིན་ལ། སྒྲུབ་པ་སྡེ་བརྒྱད་ལས་འཇིག་རྟེན་མཆོད་བསྟོད་ཀྱི་སྡེར་གཏོགས་པ་ཡིན་ཞིང་། སྐུ་གསུམ་ལས་སྤྲུལ་པའི་སྐུར་གཏོགས་པ་ཡིན་ཏེ། འདིའི་རྒྱུད་ཁྲག་མཚོ་ཁོལ་མ། སྤྱི་རྒྱུད་ཐོད་པ་ནག་པོ་དང་གྲི་གུག་བརྩིགས་པ། སྒོ་ནས་རྒྱུད་ཞགས་པ་ནག་པོ་དང་ལྕགས་སར་ནག་པོ། མན་ངག་གི་རྒྱུད་སྤུ་གྲི་ཀླད་གཟེར་ནག་པོ་དང་། དྲག་པོ་མཚོན་ཆ་རྣོ་དབལ་ལ་སོགས་པ་བཀའ་གཏེར་གྱི་རྒྱུད་མཐའ་ཡས་པ་ནས་གསུངས་པའི་ཁུངས་ཀྱི་ཆེ་བ་ཡིན་ནོ། །

(༧༨)དེ་ལ་ཡང་གཏེར་མའི་དབང་དུ་བྱས་ན། མགོན་པོ་བྱ་རོག་གདོང་ཅན་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་ལ་སོགས་པ་མགོན་པོ་འདིའི་རྒྱུད་མང་དུ་གསུངས་པ་རྣམས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་བཀའི་བསྡུས་པ་པོ་མཛད་ནས་ཨོ་རྒྱན་གྱི་ཡུལ་མཁའ་འགྲོ་མའི་གནས་ཆོས་བཟང་སྤྲིན་གྱི་ཡང་རྗོང་དུ་རྒྱ་རིམ་པ་བདུན་གྱིས་བཏབ་ནས་སྦས་ཏེ། སྐལ་ལྡན་ལས་འཕྲོ་ཅན་དང་ཕྲད་ནས། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ལུང་བསྟན་ཏོ། །དེ་ལྟར་ལུང་བསྟན་པ་ཇི་ལྟ་བ་བཞིན་དུ་མགོན་པོ་འདི་ཇི་ལྟར་བྱུང་བའི་ཚུལ་ལ། བདུད་དང་མུ་སྟེགས་འདུལ་བའི་སླད་དུ་བྱུང་བའི་ཚུལ་གཉིས་ལས། བདུད་འདུལ་བའི་སླད་དུ་ཇི་ལྟར་བྱུང་བའི་ཚུལ་ནི། སྔོན་འདས་པའི་དུས་ན་བདུད་ན་བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་གིས་བདུད་དམག་བྱེ་བ་དུང་ཕྱུར་བསྐུལ་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་བསྣུབས་ཏེ་ལོག་འདྲེན་གྱི་སྤྱོད་པ་སྣ་ཚོགས་འཇིག་རྟེན་དུ་དར་ཞིང་འཕེལ་དུ་བཅུག་ནས། དགེ་བའི་སྣང་བ་ནུབ་པར་

(༧༩)བྱས་ཏེ་སྡིག་པ་མི་བཟད་པའི་མུན་པར་འགྲོ་བ་གསུམ་པོ་འཁྱམ་དུ་བཅུག་ནས་བྱང་ཆུབ་ཀྱི་མྱུ་གུ་སྐྱེ་བ་བཀག་པའི་ཚེ། དཔལ་འཁོར་ལོ་བདེ་མཆོག་གིས་ཐུགས་ཀྱི་བརྩེ་བས་དགོངས་ཏེ་ཞི་བས་མི་ཐུལ་བའི་གདུལ་བྱ་བདུད་ཀྱི་རྒྱལ་པོ་དེ་དྲག་པོས་འདུལ་བའི་གཉེན་པོར་ཁྲོ་བོའི་དབང་པོ་འདི་སྤྲུལ་པའི་ཕྱིར། ལྷ་དབང་ཕྱུག་ཆེན་པོ་དང་། ལྷ་མོ་ཨུ་མ་དེ་ཝི་གཉིས་ཀྱི་རྒྱུད་བྱིན་གྱིས་རླབས་ཏེ་མཉམ་སྦྱོར་གྱི་ལས་ལ་བསྐོས་པ་ལས། ནམ་ཞིག་གི་ཚེ་དེ་གཉིས་ཀྱི་སྲས་སུ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་འདི་འཁྲུངས་ཏེ། སྔོན་གྱི་སྨོན་ལམ་དང་ཐུགས་རྗེའི་ཤུགས་བསམ་གྱིས་མི་ཁྱབ་པས་བདུད་ཀྱི་དམག་དཔུང་ཐམས་ཅད་ཕམ་པར་མཛད་དེ། ཕྱག་གཡས་པའི་རལ་གྲིས་བདུད་ཀྱི་དམག་ལྷ་མིན་རྣམས་ཀྱིས་མགོ་བོ་བཅད་ནས་ཀླད་ཁྲག་ཞལ་དུ་གསོལ་ཞིང་། ལྷ་མ་ཡིན་གྱི་ཤིང་བེ་རྩའི་འབྲས་བུ་ཕྲོགས་ནས་ཕྱག་གཡས་སུ་

(༨༠)བསྣམས། བདུད་ཀྱི་མཚོན་ཆ་ཁ་ཊྭཱཾ་ཀ་རྩེ་གསུམ་ཕྲོགས་ནས་བདུད་ཀྱི་རྒྱལ་པོ་ཁོ་རང་གི་ལུས་ལ་བསྣུན་ཏེ་ཟང་ཐལ་དུ་བཞག །བདུད་ཀྱི་བཙུན་མོ་མ་མོ་འབུམ་ཕྲོགས་ནས་སྦྱོར་བ་བྱས་ཤིང་། བདུད་ཀྱི་བཙུན་མོ་དམ་པ་དམར་མོ་རྩ་འཇིག་མ་ཕྲོགས་ནས་མགོན་པོ་འདིས་ཡུམ་དུ་བྱས། བདུད་མོ་དེའི་འཁོར་མཁའ་འགྲོ་མ་དྲུག་ཕྲོགས་ནས་བྲན་མོར་བྱས་ཤིང་། དེའི་ཚེ་ནམ་མཁའ་ལ་འབྲུག་བསྒྲག །བར་སྣང་ལ་གློག་ཁྱུག །ས་གཞི་ལ་ཐོག་དང་སེར་བ་ཕབ་ནས། བདུད་ཀྱི་སྡེ་དང་ཕྱོགས་སུ་བཏོགས་པའི་གདུག་པ་ཅན་ཐམས་ཅད་ཚར་བཅད་ནས་ཉམས་ཤིང་མྱོས་སུ་བཅུག་ནས་སླར་དྲན་པ་རྙེད་པ་དང་། འཇིག་རྟེན་ལས་གྲུབ་པའི་དྲེགས་པ་ཅན་དེ་ཐམས་ཅད་ཀྱིས་རང་རང་གི་སྲོག་གི་སྙིང་པོ་ཕུལ་ནས་བཀའ་ཉན་པའི་བྲན་དུ་ཁས་བླངས་ཏེ་དམ་ལས་མི་འདའ་བར་ཅི་དང་ཅི་བཅོལ་བའི་ཞི་རྒྱས་དབང་དྲག་གི་ཕྲིན་ལས་རབ་འབྱམས་ཐམས་ཅད་དུས་ལས་མི་ཡོལ་བར་ཚུལ་བཞིན་དུ་བསྒྲུབས་པས་སེམས་ཅན་ཐམས་ཅད་བདེ་བ་བཀོད་བྱང་ཆུབ་ཀྱི་

(༨༡)ལམ་ལ་འཇུག་སྟེ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པ་ཡིན། གཙོ་བོ་ཡེ་ཤེས་ཀྱི་མགོན་པོ་ཇི་ལྟར་སྤྲུལ་བའི་ཚུལ་མདོ་ཙམ་ཡིན། ༈ དེའི་ལས་བྱེད་ཀྱི་མགོན་པོ་བྱ་རོག་གདོང་ཅན་གྱི་སྐྱེ་རྒྱུད་ནི། སྔོན་བསྐལ་པ་སྐར་མ་བཀྲམ་པ་ཞེས་བྱ་བ་ལ། དགེ་སློང་སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་ལྡན་པ་ཞིག་གིས་ལོ་བཅུ་གཉིས་ཀྱི་བར་དུ་བདེ་མཆོག་བསྒྲུབ་པས་རྨི་ལམ་དུ་མི་ནག་པོ་ཞིག་བྱུང་བ་དེ་ན་རེ། ཁྱོད་འདིར་མ་སྡོད་པར་བྱང་ཕྱོགས་ཨོ་ཏའི་ཡུལ་དུ་སོང་དང་། དེར་ཡེ་ཤེས་ཀྱི་མགོན་པོ་བདེ་བྱེད་ཀྱི་འཁོར་ལོ་ཞེས་བྱ་བས་ཁྱོད་ལ་དངོས་གྲུབ་སྟེར་བར་འགྱུར་ཏེ། དེ་ནི་བདེ་མཆོག་གི་སྤྲུལ་པའོ། །ཟེར་བ་ཞིག་བྱུང་བས་དགེ་སློང་གིས། ཡུལ་དེར་བྱོན་པའི་ལམ་དུ། རྒྱལ་པོ་དགེ་བའི་དཔལ་ཞེས་བྱ་བ་འཇིག་རྟེན་གྱི་ལྷ་ཡི་དམ་དུ་བྱེད་པ་ཞིག་དང་ཕྲད་དེ། དེའི་མཆོད་གནས་བྱས་པ་ལས། རེ་ཞིག་ན་ཁོ་ན་རེ། ངའི་ལྷ་ཁང་

(༨༢)དུ་དེང་ཟེར་ཕྱིན་པས་འཇིག་རྟེན་པའི་ལྷ་ཁང་དུ་འདུག་པ་དང་། ཕྱག་མ་བྱས་པས་རྒྱལ་པོ་ཁྲོས་ཏེ། དགེ་སློང་གི་མིག་བྲུས་ཤིང་སྙིང་ཕྱུངས་ཏེ་ཆད་པ་དྲག་པོ་བཅད། དེ་དུས་དགེ་སློང་ཁྲོས་ནས་འདི་སྐད་དུ། ངས་བསོད་ནམས་བསགས་པ་དང་། གསང་སྔགས་བསྒྲུབ་པ་དང་། དཔལ་མགོན་ལ་དམིགས་པ་གཏད་ནས་འོངས་པའི་བདེན་པའི་བྱིན་རླབས་ཀྱིས། ང་སྲིད་པ་གསུམ་ན་དབང་ཆེ་བར་གྲགས་པའི་གནོད་སྦྱིན་བྱ་རོག་གི་མཆུ་ཅན་ཞིག་ཏུ་སྐྱེས་ནས་རྒྱལ་པོ་འཁོར་འདས་ཀྱི་མིག་དང་སྙིང་འབྲུ་བར་གྱུར་ཅིག །དེ་ནས་ཡེ་ཤེས་ཀྱི་མགོན་པོ་བདེ་བྱེད་འཁོར་ལོའི་ཐུགས་ཀྱི་སྤྲུལ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས། ཚེ་འཕོས་པའི་སྐྱེ་བ་ཕྱི་མ་ལ་རི་རབ་ཀྱི་བྱང་ཕྱོགས་རྣམ་པར་རྒྱལ་བའི་གྲོང་ཁྱེར་དུ་ཡབ་གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་སྲས་དང་། ཡུམ་མཁའ་འགྲོ་མ་བྱ་རོག་གི་མིག་ཅན་གཉིས་ཀྱི་སྲས། ཁྲོ་བོའི་ལུས་ལ་བྱ་རོག་གི་མཆུ་ཡོད་པ། ཤིན་ཏུ་མི་སྡུག་ཅིང་འཇིགས་སུ་རུང་བ་ཞིག་ཏུ་སྐྱེས་ཏེ་སྔར་

(༨༣)གྱི་རྒྱལ་པོ་དེ་བུ་སྟོང་དང་བཅས་པའི་མིག་བྲུས་ཤིང་སྙིང་ཕྱུངས་ནས་ཟོས་ཏེ་འཁོར་དང་བཅས་པ་རླག་པར་བྱས་སོ། །དེ་ནས་ཀྱང་སེམས་ཅན་ཐམས་ཅད་ཟད་པ་ལ་ཐུགས་པ་ཙམ་དུ་ཟོས་པའི་ཚེ། འཇིག་རྟེན་ལ་ཐུགས་བརྩེ་བས་དགོངས་ཏེ་དཔལ་འཁོར་ལོ་བདེ་མཆོག་གིས་མཐུ་སྟོབས་ཆེན་པོས་བཏུལ་བས། དེ་ན་རེ། བཅོམ་ལྡན་འདས་ཁྱེད་ལ་མཐུ་རྩལ་ཆེན་པོ་མངའ་བ། བཀའ་ཉན་ནི་ཇི་སྐད་བྱ་བ་ཡོད་ཟེར་བ་ལ། བཅོམ་ལྡན་འདས་ཀྱིས་ང་ལ་བཀའ་ཉན་གྱི་ཕོ་ཉ་བྱ་རོག་མཚན་ཅན་བྱ་བ་ཞིག་ཡོད་དེ། དེའི་མིང་ཐོས་པ་ཙམ་གྱིས་ཀྱན་གནོད་བྱེད་འབྱུང་པོ་རྣམས་ཀྱི་མགོ་བོ་འགས་པར་འགྱུར་ཞེས་གསུངས་ཤིང་། མགོན་པོ་ཕྱག་བཞི་པ་མདུན་དུ་བཀུག་ནས། ཨོཾ་བཛྲ་མ་ཧཱ་ཀ་ལ་ཧཱུཾ་ཕཊ ཅེས་དྲག་ཏུ་གསུངས་པ་དང་། མགོན་པོ་ཁྲོས་ཏེ་ཞབས་བརྡབ་པས་སྲིད་པ་གསུམ་པོ་ཐམས་ཅད་གཡོས་ཤིང་། ཁོ་ཤིན་ཏུ་འཇིགས་

(༨༤)ནས་མགོན་པོའི་བྲན་བྱེད་པར་ཁས་བླངས་ཏེ་ཕྲིན་ལས་ཐམས་ཅད་སྒྲུབ་པར་བྱེད་དོ། །དེ་ལྟར་བདུད་དང་ལོག་འདྲེན་འདུལ་བའི་མཐུ་སྟོབས་ཀྱི་ཆེ་བའི་མགོན་པོ་ལས་མཁན་གྱི་འཁོར་འདས་།།།པ་འདི་།།།མུ་སྟེགས་འདུལ་བའི་སླད་དུ་ཇི་ལྟར་བྱུང་བའི་ཚུལ་མདོ་ཙམ་ཞིག་བརྗོད་ན། སྔོན་བྱུང་བ་འཛམ་བུའི་གླིང་པའི་མི་རྣམས་ཚེ་ལོ་བརྒྱ་ཐུབ་པའི་དུས་ན་རང་ཅག་རྣམས་ཀྱི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་དེ་ལངྐ་སུ་རིའི་ཡུལ་ན་འཁོར་རྣམས་ལ་ཆོས་སྟོན་ཅིང་བཞུགས་པའི་ཚེ། སྟེང་གི་ནམ་མཁའ་ལས་བྱ་རོག་གི་ལུད་དོར་བ་དབུའི་གཙུག་ཏོར་ལ་ཕོག་པ་དང་། སྟོན་པའི་ཞལ་འཛུམ་ནག་ཏིང་ངེར་གྱུར་པ་མཐོང་ནས། ཀུན་དགའ་བོས་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ཏེ་ཞུས་པ། བཅོམ་ལྡན་འདས་ནི་རྒྱུ་དང་རྐྱེན་མ་མཆིས་པ་ཞལ་འཛུམ་གནག་པར་མི་མཛད་ན། ཅིའི་རྒྱུ་ཅིའི་རྐྱེན་གྱི་ཞལ་འཛུམ་གནག་པར་མཛད་པ་

(༨༥)ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཉོན་ཅིག །བདུད་དགའ་རབ་དབང་ཕྱུག་ཅེས་བྱ་བ་འདིས་སྔོན་ཡང་ང་ལ་འགྲན་བཙུགས་ཤིང་གནོད་པ་མང་དུ་བྱས། མ་འོངས་པ་ན་ང་འདས་པའི་འོག་ཏུ་ཡང་ངའི་བསྟན་པ་འདི་ལ་གནོད་པ་ཆེན་པོར་བྱེད་པར་འགྱུར་ཏེ། མུ་སྟེགས་ཀྱི་སྟོན་པ་ལ་ཁོལ་ཞེས་བྱ་བར་སྐྱེས་ནས་ངའི་བསྟན་པ་འཇིག་པར་བྱེད་པས། དེའི་སྔ་ལྟས་སུ་ངའི་དབུ་ལ་བྱ་ཐལ་གཏོར་བ་འདི་ལ་ལྟོས་ཤིག །ཅེས་བཀའ་སྩལ་ཏེ། དེ་ནས་ཡང་སྟོན་པ་ཞལ་འཛུམ་པ་དང་བཅས་ཏེ་བཞད་པར་གྱུར་ཏོ། །དེ་ལ་ཚེ་དང་ལྡན་པ་ཀུན་དགའ་བོས། ཅིའི་རྒྱུ། ཅིའི་རྐྱེན་གྱིས་ཞལ་འཛུམ་པ་མཛད་པ་ལགས། །ཞེས་ཞུས་པ་དང་། འཁོར་དེའི་ནང་ནས་བྱང་ཆུབ་སེམས་དཔའ་ལི་ཙ་བྱི་ཐོང་ན་དགའ་བ་ཞེས་བྱ་བ་ཞིག་ཡོད་པ་

(༨༦)དེ་བསྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་པུས་མོ་གཡས་པའི་ལྷ་ང་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས། བཅོམ་ལྡན་འདས་ནི་གསུང་བདེན་པའི་བྱིན་རླབས་ཅན་ཐུགས་བདེན་པའི་བྱིན་རླབས་ཅན་ཡིན་ན། དེའི་དུས་སུ་མུ་སྟེགས་ཀྱི་སྟོན་པ་དེ་འདུལ་བའི་གཉེན་པོར། བདག་རྒོལ་བར་ལུང་བསྟན་དུ་གསོལ་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ཁྱོད་བྱོས་ཤིག །ལྷོ་ཕྱོགས་བྷེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཞེས་གྲགས་པ། །དེ་མི་ཀླུ་ཞེས་བོད་པ་སྟེ། །ཡོད་པ་མེད་པའི་ཕྱོགས་འཇིགས་པ། །ང་ཡི་བསྟན་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་སྟེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་གསུངས་པའོ། །གཞན་ཡང་སླད་མའི་དུས་སུ་མུ་

(༨༧)སྟེགས་ཀྱི་སྟོན་པ་དེ་འདུལ་བ་དང་། སངས་རྒྱས་ཀྱི་བསྟན་པ་འཛིན་ཅིང་སྐྱོང་བའི་ཆེད་དུ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་གཉིས་ནི་བཅོམ་ལྡན་འདས་ཀྱི་མདོ་སྔགས་གཉིས་ཀ་ནས་ལུང་བསྟན་པ་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་ལས་ཀྱང་། དེ་བཞིན་གཤེགས་པ་ང་འདས་ནས་ལོ་ནི་བཞི་བརྒྱ་ལོན་པ་ན། དགེ་སློང་ཀླུ་ཞེས་དེ་འབོད་འབྱུང་། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིགས་སྔགས་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་འགྲུབ། །བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་ནི་རིག །གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་ནི་མཐར་གྱི་སངས་རྒྱས་ཉིད། །ངེས་པ་ཁོ་ནར་ཡང་དག་ཐོབ། །ཅེས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཞབས་ལུང་བསྟན་ནས། ཡང་དེ་ཉིད་ལས། གཞན་ཡང་རབ་བྱུང་དམ་པ་ནི། སིངྒ་ལ་ཡི་

(༨༨)གླིང་ན་གནས། འཕགས་པ་མིན་ཡང་འཕགས་པའི་མིང་། སིངྒ་ལ་ཡི་གླིང་ན་གནས། །ཕ་རོལ་རྒོལ་བ་བཟློག་ནས་ནི། །མུ་སྟེགས་རྣམས་ཀྱི་སྔགས་སུན་ཕྱུངས། །དེ་དུས་འཇིགས་སུ་རུང་བ་ཡི། །དུས་ཀྱི་མཐའ་ལ་འབྱུང་བར་འགྱུར། །ཞེས་དེའི་སློབ་མ་ཐུགས་སྲས་ཨརྱ་དེ་ཝ་ལུང་བསྟན་པ་ཡིན་ནོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་ཇི་ལྟ་བ་བཞིན་དུ་བྱོན་པ་ལས་ཐོག་མར་སློབ་དཔོན་འཕགས་པ་ཀླུ་སྒྲུབ་འཇིག་རྟེན་དུ་ཇི་ལྟར་བྱུང་བའི་ཚུལ་མདོ་ཙམ་བརྗོད་ན། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་མི་ལོ་བཞི་བརྒྱ་ལོན་པ་ན། སྔོན་གྱི་ལི་ཙ་བྱི་དྲི་མ་མེད་པ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་དེ་ཉིད། རྒྱ་གར་ལྷོ་ཕྱོགས་སམ་བྷེ་དྷའི་ཡུལ་དུ། བྲམ་ཟེའི་རིགས་ཕུན་སུམ་ཚོགས་པ་ཞིག་གིས་སྲས་སུ་

(༨༩)འཁྲུངས་ཏེ། མཚན་མཁན་ལ་བསྟན་པས། མཚན་བཟང་མེད་དོ་འོན་ཀྱང་ཞག་བདུན་གྱི་ཚེ་ལས་མེད་དོ་ཟེར་བ་ལ། ཅིས་ཕན་བྲིས་པས། བྲམ་ཟེ་བརྒྱ་ལ་ཆོས་སྟོན་དྲངས་ན་ཟླ་བ་བདུན་དང་། དགེ་སློང་བརྒྱ་ལ་ཆོས་སྟོན་དྲངས་ན་ལོ་བདུན་ཐུབ། དེ་ནས་ཐབས་མེད་ཟེར་བས། དེ་བཞིན་དུ་བྱས་ཏེ། ལོ་བདུན་དུ་ཉེ་བ་ན། ཕ་མས་བུའི་རོ་ལ་བལྟ་བར་མི་བཟོད་ནས་གཡོག་དང་བཅས་པ་འཁྱམས་དུ་བཏང་སྟེ་ཡུལ་གཅིག་ནས་གཅིག་ཏུ་སོང་སོང་བ་ལས། ཁར་ས་པ་ཎིའི་ལྷ་ཁང་མཇལ་ཏེ། དཔལ་ན་ལེན་དྲའི་གཙུག་ལག་ཁང་གི་སྒོ་དྲུང་དུ་ཕྱིན་ནས། སྙན་ངག་གི་རིག་བྱེད་དག་བསྒྲགས་པ་དེ། བྲམ་ཟེ་ཆེན་པོ་ས་ར་ཧ་ནང་ན་བཞུགས་པས་གསན་ཏེ། དྲུང་དུ་བོས་ནས་དྲིས་པ་ལ། ཇི་ལྟར་གྱུར་པའི་ཚུལ་རྒྱས་པར་ཞུས་པས། བྲམ་ཟེ་ཆེན་པོའི་ཞལ་ནས། གལ་ཏེ་

(༩༠)ཁྱོད་རབ་ཏུ་འབྱུང་བར་ནུས་ན་ནི་ད་དུང་ཐབས་ཡོད་ཅེས་གསུངས་པས། རབ་ཏུ་བྱུང་ཞིང་ཚེ་དཔག་མེད་འཆི་བདག་འཇོམས་པའི་དཀྱིལ་འཁོར་དུ་དབང་བསྐུར་ནས་བཟུང་འདོན་དུ་བཅུག ཁྱད་པར་དགུང་ལོ་བདུན་པའི་ནུབ་མོ་མཚན་ཐོག་ཐག་བཏོན་པས། འཆི་བདག་གི་བདུད་ལས་རྒྱལ་ཏེ་ཡབ་དང་ཕྲད་པས་ཤིན་ཏུ་དགའ། དེ་ནས་བྲམ་ཟེ་ཆེན་པོ་ས་ར་ཧའི་དྲུང་དུ། དཔལ་གསང་བ་འདུས་པ་ལ་སོགས་པའི་དབང་དང་གཞུང་བཤད་གདམས་པ་ཞུས་ཤིང་། མཁན་པོ་སྒྲ་གཅན་ཟིན་བཟང་པོའི་དྲུང་དུ་བསྙེན་པར་རྫོགས་ཏེ། མཚན་ཡང་དགེ་སློང་དཔལ་ལྡན་ཞེས་གྲགས་པོ་དེ་ནས་སྒྲ་ཚད་བཟོད་དང་གསོ་བ་ན་རིག་པ་སྟེ། རིག་པའི་གནས་ཆེན་པོ་ལྔ་ལ་སོགས་པ། ཤེས་བྱ་རིག་པའི་གནས་ཐམས་ཅད་ལ་སྦྱངས་པ་མཐར་ཕྱིན་པའི་མཁས་པ་ཆེན་པོར་གྱུར་ཏེ། ན་ལེན་ཏྲའི་དགེ་འདུན་གྱི་ཞལ་ཏ་བ་མཛད་ནས། བསྟན་པ་འཛིན་སྐྱོང་སྤེལ་

(༩༡)གསུམ་མཛད་པའི་སྐབས་ཤིག་ཏུ་མུ་གེ་ཆེན་པོ་འབྱུང་བའི་ཚེ། གསེར་འགྱུར་གྱི་རྩིས་ལྕགས་ཟངས་རྣམས་གསེར་དུ་བསྒྱུར་ནས་བཙོངས་ཏེ་དབྱར་གནས་པའི་རིང་དགེ་འདུན་གྱི་ཆེད་དུ་གདུགས་ཚོད་དུ་སྦྱར་ནས། དགག་དབྱེ་ཐོན་པ་དང་། དགེ་འདུན་རྣམས་ལྗོངས་རྒྱུ་བར་བྱོན་པས། མི་མང་པོ་ཤི་བའི་རོ་གསར་རྙིང་རིད་པ་མང་པོ་དང་། ཤི་ལ་ཁད་པ་མང་པོ་འདུག་པ་མཐོང་སྟེ། ཅིའི་རྒྱུས་འདི་ལྟར་གྱུར། ཅེས་འདྲི་བ་ལ། མུ་གེ་ཆེན་པོ་བྱུང་བའི་རྒྱུ་ལས་གྱུར་ཚུལ་བཤད་པས། འོ་ན་དགེ་འདུན་ལ་མུ་གེ་མ་བྱུང་བ་ཅི་ཡིན་ཟེར་བ་ལ། བདག་གིས་གསེར་འགྱུར་བྱས་ནས་གདུགས་ཚོད་སྦྱར་རོ། །ཞེས་ལོ་རྒྱུས་ཀྱི་རྒྱས་པར་བཤད་པས། དེ་ལྟར་ཁྱོད་ཀྱི་དགེ་འདུན་རྣམས་དབྱར་གནས་པའི་བར་དུ་ལོག་འཚོ་ལ་སྦྱར་འདུག་པས། གནས་ནས་དབྱུང་ལ་གཙུག་ལག་

(༩༢)ཁང་དང་། མཆོད་རྟེན་དབྱེ་བ་བཞེངས་ཤིག །ཅེས་བསྒོ་བ་དང་། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཞབས་དེ། དགེ་འདུན་གྱི་གསུང་མི་བཅག་པའི་ཕྱིར་གནས་ནས་ཕྱིར་དབྱུང་བ་དང་། ན་ལེན་ཏྲའི་བསྟན་སྲུང་ཐམས་ཅད་ཀྱང་དེའི་ཕྱི་བཞིན་དུ་འབྲང་ནས་བྱུང་བ་དང་། བདག་ཉིད་ཆེན་པོ་དེས་སླད་དུ་བཟློག་སྟེ། རང་ཉིད་གཅིག་བུ་དཀའ་ཐུབ་ཀྱི་ནགས་སུ་བྱོན་ན་སྒྲུབ་པ་མཛད་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་སྟེ། མཁས་ཤིང་གྲུབ་པའི་དབང་ཕྱུག་ཏུ་གྱུར་ནས། ཆོས་ལོག་དང་། གྲུབ་མཐའ་ངན་པ་ཐམས་ཅད་སུན་ཕྱུངས་ཏེ་སླར་ཡང་ཆོས་གྲྭ་ཆེན་པོ་དཔལ་ན་ལེནྟྲར་བྱོན་ཏེ། དགེ་འདུན་རྣམས་ལ་ཆོས་གསུངས་པའི་ཚེ། བྱིས་པ་གཉིས་ཉིན་རེ་བཞིན་ཆོས་ཉན་ནས་ས་འོག་ཏུ་འགྲོ་བ་ལ་སུ་ཡིན་དྲིས་པས་ཀླུ་ཡིན་ཟེར། འོ་ན་ཀླུའི་རྒྱལ་པོ་འདམ་ཁྱེར་ལ་ཤོག་གསུངས་པས། དེ་ཉིད་ཀྱི་ཀླུའི་རྒྱལ་པོ་ལ་ཞུས་

(༩༣)པ་དང་། ཀླུའི་རྒྱལ་པོས་སློབ་དཔོན་སྤྱན་དྲངས་པས་དོན་ཆེན་པོར་འགྱུར་བར་མཁྱེན་ནས་ཀླུའི་ཡུལ་དུ་བྱོན་ཏེ། ཀླུ་རྣམས་ལ་དམ་པའི་ཆོས་བསྟན་ནས་དད་པར་མཛད་པས། ཀླུའི་རྒྱལ་པོས་རྟག་ཏུ་བཞུགས་པར་ཞུས་པས་མ་གནང་སྟེ། ང་འདིར་དུས་རྟག་ཏུ་བསྡད་པར་མི་ཁོམ། འཛམ་བུ་གླིང་དུ་མཆོད་རྟེན་བྱེ་བ་བཞེངས་པ་ལ་འགྲོ་དགོས་ཡོད་པས། དེའི་རྒྱུར་ཀླུའི་འདམ་འཚོལ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་གདན་འདྲེན་དུ་འོངས་པ་ཡིན་པས་དེ་རྣམས་ཕུལ་ཞིག །ཕྱིས་འདིར་འོང་སྲིད་དོ་གསུངས་ནས། ཀླུའི་འདམ་མང་པོ་དང་། འབུམ་དང་། ཤེར་ཕྱིན་ཡི་གེ་ཉུང་ངུ་ཡང་ཕུལ་བ་དེ་རྣམས་གདན་དྲངས་ཏེ་བྱོན་པའི་ཚེ། སློབ་དཔོན་སླར་ཡང་ཀླུ་ཡུལ་དུ་འབྱོན་པའི་ཆེད་དུ་འབུམ་གྱི་ཞབས་ནས་ལེའུ་འགའ་ཞིག་ཀླུས་མ་བསྐུར་ཅེས་ཀྱང་གྲག་གོ །དེ་ནས་འཛམ་བུའི་གླིང་དུ་ཕེབས་ཏེ། ཀླུའི་འདམ་དེ་དག་ལས་

(༩༤)མཆོད་རྟེན་བྱེ་བ་མཛད་པའི་གྲོགས་ཀླུ་རྣམས་ཀྱིས་ཀྱང་བྱས་ཏེ་ཕལ་ཆེར་གྲུབ་ཅིང་། ཀླུའི་ཡུལ་དུ་མི་བྱོན་པའི་སླད་དུ་འགའ་ཞིག་གྲུབ་པར་མ་བྱས་ཏེ། དེའི་ཚེ་ནམ་མཁའ་ལས་མཚན་ཡང་ཀླུ་སྒྲུབ་སྙིང་པོ་ཞེས་གྲགས་པར་གྱུར་ཏོ། །དེ་ནས་དཔལ་ན་ལེནྟྲའི་གཙུག་ལག་ཁང་ན་པཎྜི་ཏ་བདུན་བརྒྱ་ཙམ་བཞུགས་པའི་ཚོགས་དཔོན་མཛད་དེ་སངས་རྒྱས་ཀྱི་བསྟན་པ་མཐའ་དག་གི་གཉེར་ཁ་འཛིན་ཅིང་བཞུགས་ཙ་ན་ཉིན་གཅིག་དགེ་འདུན་རྣམས་དང་བཅས་ཕྱི་དྲོ་མེ་ཏོག་སིང་མའི་ཐང་ལ་སྐྱོ་སངས་མཛད་པའི་ཚེ། སློབ་དཔོན་གྱིས་ཆུ་བོ་གང་གའི་འགྲམ་དུ་དར་གཅིག་བཞུགས་པ་ན། ཆུ་འགྲམ་དེར་མུ་མེན་གྱི་རྡོ་སྐུ་རང་བྱུང་ཞལ་གཅིག་ཕྱག་གཉིས་པ་གྲི་གུག་དང་ཐོད་ཁྲག་བཟུང་ནས་བཞེངས་པ་བྱ་ཁྭ་ཏའི་མགོ་ཅན་སྐུ་སྨད་ཆུ་ནང་ན་ཡོད་པ་ཞིག་འདུག་པ་གཟིགས་པ་དང་། སློབ་དཔོན་གྱིས་དེ་ལ་གཏོར་མ་ཞིག་ཕུལ་ཏེ། ཁྱོད་སྲུང་

(༩༥)མ་གཅིག་ནི་ཡིན་པར་ངེས་པ་།།།གང་གི་བསྲུང་མ་ཡིན། ཕྱི་པའི་སྲུང་མ་ཡིན་ན་དེ་ཀར་སྡོད་གལ་ཏེ་ནང་པའི་སྲུང་མ་ཡིན་ན་དཔལ་ན་ལནྟྲའི་གཙུག་ལག་ཁང་དུ་འབྱོན་པར་ཞུ། ཞེས་གསུངས་པས། ནང་པར་དབུ་རྩེའི་སྒོ་དྲུང་ན་བྱོན་འདུག་པ་དང་། ཆོས་སྐྱོང་ཡིན་པར་མཁྱེན་ནས་དགེ་འདུན་རྣམས་ལ་བཀའ་བསྒོས་ཏེ་གཏོར་མ་མ་ཆགས་པར་ཕུལ་གཏོར་སྟེགས་ཁར་རྡོ་གཞོང་ཡང་མཛད་ནས་བཞག་གོ །དུས་རེ་ཞིག་ན་དུ་རུ་ཀའི་དམག་བྱུང་ནས། དགེ་འདུན་གྱི་སྡེ་དང་། ཡུལ་འཁོར་རྣམས་གཞོམ་ཞིང་གཤིག་པར་བཙོམ་པ་ན། ཡུལ་མི་ཕལ་ཆེར་ཕྱོགས་གཞན་དུ་བྲོས་པའི་ཚེ། དམག་མི་རྣམས་ཀྱིས་རྡོ་སྐུའི་གཏོར་སྟེགས་བཤིག །གཏོར་སྣོད་བཅག་པའི་སྟེང་དུ་མི་གཙང་བླུགས་ནས་བཞག་གོ །དེའི་ནུབ་མོ་དཀོན་གཉེར་གྱི་གཏོར་

(༩༦)མ་འབུལ་དུ་ཕྱིན་པ་དང་། རྡོ་གཞོང་བཅག་པ་མཐོང་ནས། ཁྱོད་འདྲ་བའི་ཆོས་སྐྱོང་། རང་གི་ཁ་ཕོར་ཡང་སྲུང་མི་ཐུབ་པ་ལ། ངེད་ཀྱི་སྲུང་མ་ག་ལ་རེ། ཞེས་ཚིག་རྩུབ་པོ་བརྗོད་པས། རྡོ་སྐུ་མ་དགྱེས་ཏེ་སྔར་གྱི་གནས་སུ་གཤེགས་ཏེ། ཞལ་ཡང་དུ་རུ་ཀའི་དམག་གི་ཕྱོགས་སུ་བསྟན་ནས་བཞུགས་སོ། །དེའི་ཚེ་དགེ་འདུན་རྣམས་ཀྱི་དྲག་པོའི་གཏོར་མ་བཤམས་ཏེ། མགོན་པོ་ལ་དཔང་དུ་བཙུགས་ཏེ་གཏོར་མ་བསྐྱེལ་དུ་ཕྱིན་པས། དེ་ལྟར་གྱུར་པ་ཤེས་ནས། ཀུན་གྱི་ཆོས་གོས་ཕུད་དེ་གཡབ་རྡུལ་བྱས་ཤིང་། མགོན་པོ་རྦད་པས་དུ་རུ་ཀའི་དམག་རྣམས་ས་གཡོས་པའི་འཇིགས་པས་ཤི་བར་གྱུར། དེ་ནས་སློབ་དཔོན་གྱི་རྡོ་སྐུའི་དྲུང་དུ་བྱོན་ནས་ཉེས་པ་བཤགས་ནས་ན་ལེན་ཏྲར་གཤེགས་སུ་གསོལ་བས། ང་དེར་མི་འོངས་བསིལ་ཚལ་གྱི་དུར་ཁྲོད་དུ་འགྲོ་དགོས་པ་ཡོད། ཁྱེད་ལ་སྲུང་མ་དགོས་ན། ངའི་

(༩༧)དཔོན་གཅིག་ཕྱིའི་རྒྱ་མཚོ་ཆེན་པོའི་ལྷོ་ཕྱོགས་ཀྱི་འགྲམ་ན། ཨིནྡྲ་ནི་ལའི་རྡོ་སྐུ་རང་བྱུང་གི་ཚུལ་དུ་བཞུགས་ཏེ། དེ་ཡང་ཞལ་གཅིག་ཕྱག་བཞི་པ་རྔམས་བརྗིད་འོད་དུ་འབར་བ་ཞིག་ཡོད་ཀྱི། དེ་སྤྱན་དྲོངས་ལ་སྲུང་མ་མཛད་པ་ཞུ་ཞུས་ཤིག་previous hit དང་གནང་བར་འགྱུར་རོ། །དུར་ཁྲོད་བསིལ་བ་ཚལ next hit་འདི་ཁྱེད་ན་ལེནྟྲའི་ལྕགས་རི་ལྟ་བུར་འདུག་པས། ངས་ཀྱང་ཕྱིན་ལ་ཁྱེད་རྣམས་ཀྱི་གྲོགས་བྱ་ཡི་ཟེར་ཏེ་དེ་ནི་ལས་མགོན་བྱ་རོག་གདོང་ཅན་གྱི་སྤྲུལ་པ་ཡིན་ནོ། །དེས་ཇི་སྐད་ལུང་བསྟན་པ་ལྟར་སློབ་དཔོན་གྱིས་ཀྱང་ལྷོ་ཕྱོགས་ཀྱི་རྒྱ་མཚོའི་འགྲམ་དུ་བྱོན་པས། ངས་ཀྱང་ཕྱིན་ལ་ཁྱེད་རྣམས་ཀྱི་གྲོགས་བྱ་ཡི་ཟེར་ཏེ། བྱེ་མའི་གླིང་གཅིག་ན་དེ་ཁོ་ན་བཞིན་བཞུགས་འདུག་པ་ལ་གཏོར་མ་ཕུལ་ཏེ། ཚུར་གཤེགས་ཆོས་སྐྱོང་ནག་པོ་ཆེ། །དམ་ཚིག་ཅན་གྱིས་བསྐུལ་བའི་ཚེ། །དཔལ་ལྡན་མགོན་པོ་བྱ་རོག་གདོང་། །ན་

(༩༨)ལེནྟྲ་རུ་གཤེགས་སུ་གསོལ། ཨོཾ་མ་ཧཱ་ཀཱ་ལ་ཛ་ཛ ཞེས་བསྐུལ་ཞིང་གསོལ་བས། ད་རེས་ང་མི་འོང་། གསང་སྔགས་ཀྱི་བསྟན་པ་སྤྱི་དང་། ཁྱད་པར་བདེ་མཆོག་འཁོར་ལོའི་བཀའ་སྲུང་ཐམས་ཅད་ཀྱི་འདུ་པ། བྲི་ཀ་མ་ཤི་ལའི་གཙུག་ལག་ཁང་བྱ་བ་དེར། ང་ཡང་འགྲོ་དགོས་པ་ཡོད། ཁྱོད་རང་ང་ལ་སྲུང་མ་ཞུ་ན། འདི་ནས་ཤར་ཕྱོགས་སུ་སོང་དང་། ཆོས་བཟང་སྤྲིན་གྱི་ཡང་རྫོང་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་ངའི་སྒྲུབ་ཐབས་རྣམས་གཏེར་དུ་སྦས་ནས་ཡོད་པས་ཐོན་ལ་སྒྲུབ་པ་གྱིས་དང་། ང་ན་ལནྟྲའི་བསྲུང་མར་འགྱུར་གྱི། ངའི་སྐུའི་འབག་ཙན་དན་ལས་བྱས་པ་ཞིག་རབ་གནས་ལེགས་པར་གྱིས་ལ། གཙུག་ལག་ཁང་དུ་བཞུགས་སུ་ཆུག །དེ་ལ་མཆོད་པ་དང་གཏོར་མ་ཕུལ་ལ་གསོལ་བ་ཐོབ་དང་། དེས་བསྟན་པ་སྲུང་བར་འགྱུར་རོ། །ཞེས་མགོན་པོ་ཡེ་ཤེས་པ་ཉིད་ཀྱི་སྤྲུལ་པའི་སྐུ་དེས་ལུང་བསྟན་པ། དེ་

(༩༩)ཁོ་ན་ལྟར་ཙན་དན་གོར་ཤིང་ཤ་ལ་གྲུབ་པའི་ཆོས་སྐྱོང་གི་སྐུ། རྣམ་པ་རང་བྱུང་གི་རྡོ་སྐུ་ཇི་ལྟ་བ་ཞིག །ཞེས་གསུངས་ཏེ་རབ་ཏུ་གནས་པ་རྒྱས་པར་མཛད་ནས་བཞུགས་སུ་གསོལ་བ་དེ་ལ་མཆོད་གཏོར་ཕུལ་ཤིང་གསོལ་བ་བཏབ་པ་བྱིན་རླབས་མངོན་སུམ་དུ་བྱུང་ཞིང་། ད་ལྟ་ཡང་དེ་ཉིད་ཀྱིས་བསྟན་པ་མི་ནུབ་པའི་རྒྱལ་མཚན་མཛད་པ་ཡིན་ནོ། །དེ་ནས་ཆུ་བོ་གངྒའི་འགྲམ་ཕན་ཆད་དུ་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས་པ་དེ་དག་ཏུ། བསྟན་སྲུང་བརྒྱ་རྩ་བརྒྱད་དགོས་པ་བྱུང་བས། སྔར་གྱི་ལུང་བསྟན་ལྟར་རྒྱ་གར་ཤར་ཕྱོགས་མྱ་ངན་མེད་པའི་གླིང་དུ་བྱོན་པས། ལྗོན་ཤིང་མེ་ཏོག་རྒྱས་པའི་ནགས་ཚལ་གྱི་ནང་ན། ཁྲི་འཕང་བརྒྱད་པ་ཞིག་ཡོད་པ་གཟིགས་ཏེ། དེའི་ནང་ན་སྔོན་དཔལ་ཕྱག་ན་རྡོ་རྗེས་རྒྱུད་སྡེ་རིན་པོ་ཆེ་སྟོང་ཕྲག་མང་པོ་གཏེར་དུ་སྦས་ནས་ཡོད་པར་མཁྱེན་ཏེ། ནོར་དང་ཆོས་ཀྱི་གཏེར་ཆེན་པོའི་

(༡༠༠)མཆོད་རྟེན་དེ་ལ་སྤྱན་མི་འཛུམ་པར་གཟིགས་པས། དེ་ལ་ནི་དུས་རྟག་ཏུ་སྟེང་ན་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱི་སྐོར་བ་བྱེད། བར་ན་རིག་འཛིན་གྱི་དཔའ་བོ་རྣམས་ཀྱིས་སྐོར་བ་བྱེད། འོག་ན་འཇིག་རྟེན་གྱི་ཌཱ་ཀི་རྣམས་ཀྱིས་སྐོར་བ་བྱེད་ཅིང་བསྲུང་ནས་གཏེར་འདོན་པའི་སྐབས་མ་རྙེད་པ་དང་། སློབ་དཔོན་གྱིས་ཆོས་གོས་ལས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་བཀྱེ་བས་ལས་ཀྱི་མཁའ་འགྲོ་མ་རྣམས་དེའི་ལྟད་མོ་ལ་ཡེངས་པའི་བར་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ལ་མཆོད་གཏོར་ཕུལ་ཏེ། ཡེ་ཤེས་ཀྱི་མགོན་པོའི་རྒྱུད་བརྒྱ་རྩ་བརྒྱད་བཏོན་ཏེ་དེ་རྣམས་ལ་སྒྲུབ་ཐབས་བརྒྱ་རྩ་བརྒྱད་མཛད་དེ་བསྒྲུབ་པས་བསྟན་སྲུང་ཐམས་ཅད་ཞལ་གཟིགས་ཤིང་བཀའ་ཉན་པས། གཙུག་ལག་ཁང་བརྒྱ་རྩ་བརྒྱད་དུ་བསྟན་སྲུང་བརྒྱ་རྩ་བརྒྱད་བཞག་སྟེ། མགོན་པོ་འདིའི་ཕྱི་སྒྲུབ། ནང་སྒྲུབ། གསང་སྒྲུབ་ལ་སོགས་པ་སྒྲུབ་ཐབས་སྣ་ཚོགས་ལག་ལེན་མང་པོ་དང་བཅས་པ་དང་། རྐང་བརྒྱད་ལ་

(༡༠༡)སོགས་པའི་བསྟོད་པ། མདོས་གཏོར། ནོར་སྒྲུབ། གཏད་སེར་ཆོ་འཕྲུལ་སྟོན་པའི་མན་ངག་སོགས་གདམས་པ་དཔག་ཏུ་མེད་པ་ལེགས་པར་སྦྱར་བ་རྣམས་མི་ཡུལ་དུ་དར་བར་མཛད་དེ། བདེ་མཆོག་གི་བཀའ་སྲུང་དུ་མངའ་གསོལ་ནས་ལྷོ་ཕྱོགས་དཔལ་གྱི་རི་ལ་སྒྲུབ་པ་མཛད་ཅིང་བཞུགས་སོ། །སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཞབས་དེའི་སློབ་མ་ཨཱརྱ་དེ་བ་ནི་སིང་ག་ལའི་གླིང་དུ་མེ་ཏོག་པདྨའི་སྦུབས་སུ་རྫུས་ཏེ་འཁྲུངས་པ་ཡིན་ལ། ཆེར་སྐྱེས་པ་དང་། སྔོན་གྱི་སྨོན་ལམ་གྱི་མཐུས། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་བཞུགས་གནས་སུ་བྱོན་ནས་རབ་ཏུ་བྱུང་སྟེ་སློབ་གཉེར་མཛད་པས་རིག་གནས་ཐམས་ཅད་དང་། ཕྱི་ནང་གི་གྲུབ་མཐའ་མ་ལུས་པ་ལ་མཁས་པ་ཆེན་པོར་གྱུར་ཏེ། མཚན་སློབ་དཔོན་འཕགས་པ་ལྷ་ཞེས་བྱ་བ་དེ་ཡིན་ལ། ཆོས་སྐྱོང་སྤྱི་དང་ཁྱད་པར་མགོན་པོ་འདིའི་ཆོས་སྐོར་རྣམས་ཚང་བར་གནང་ནས་མགོན་པོ་ངག་གི་དབང་

(༡༠༢)ཕྱུག་བསྒྲུབ་བཅུག་སྟེ། དེས་ཀྱང་བླ་མའི་བཀའ་བཞིན་བསྒྲུབ་པས་ཚོགས་མེད་པར་ངག་གི་དབང་ཕྱུག་འགྲུབ་ནས་བསྟན་བཅོས་མང་པོ་མཛད་དེ། བཤད་སྒྲུབ་ཀྱི་རྒྱལ་བའི་བསྟན་པ་དར་བར་མཛད་དོ། །ཡང་དེའི་ཚེ་རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་ཤ་ཀེ་རའི་བྲམ་ཟེ་གསེར་མིག་མའི་བུ་དབང་ཕྱུག་ལ་དད་པ་མ་ཁོལ་ཞེས་བྱ་བ་ཞིག་བྱུང་སྟེ། དེས་ལྷ་དབང་ཕྱུག་བསྒྲུབ་པས་འགྲུབ་སྟེ། མངལ་སྐྱེས་སུས་ཀྱང་མི་ཐུབ་པའི་རྩོད་པ་ཕྱོགས་ལས་རྣམས་པར་རྒྱལ་བའི་དངོས་གྲུབ་ཐོབ་པ་དང་། ཕྱི་པའི་གྲུབ་མཐའ་སྨྲ་བ་ཐམས་ཅད་འོག་ཏུ་བཅུག་ནས། ནང་པའི་པཎྜི་ཏ་རྣམས་ཀྱང་རྩོད་པས་འཕན་པར་བྱས་ཤིང་། སངས་རྒྱས་ཀྱི་བསྟན་པ་ཉམས་པར་བྱེད་དུ་བྱུང་བའི་ཚེ་ན་ལེནྟྲའི་མཁན་པོ་དགེ་འདུན་དང་བཅས་པ་ཐུགས་ཁྲལ་ཆེན་པོས་ནོན་ཏེ་ཐབས་གཞན་མེད་པས། དཀོན་མཆོག་ལ་མཆོད་པ་རྒྱ་ཆེན་པོ་ཕུལ། ཁྱད་པར་མགོན་པོ་འདིའི་

(༡༠༣)རྟེན་གྱི་མདུན་དུ་མཆོད་གཏོར་རྒྱ་ཆེན་པོ་བཤམས་ནས་མཆོད་ཅིང་བསྟོད་དེ་གསོལ་བ་བཏབ་པས། དེའི་ནུབ་མོ་མི་ནག་པོ་གཅིག་བྱུང་ནས། ངའི་འདྲ་འབག་གི་སྤྱི་བོ་ནས་མུ་སྟེགས་ཀྱི་ཕུར་པ་ངན་སྔགས་ཅན་བརྒྱབ་འདུག་པ་དེ་ཕྱུངས་ལ་རྟེན་འབྲེལ་སྙིང་པོ་དང་བདེ་གཤེགས་ཀྱི་སྔགས་ལ་སོགས་པ་མང་དུ་བཟླས་པའི་འབྲུ་དང་སྨན་སྣ་འབྱོར་ཚད་དང་། རིན་པོ་ཆེའི་རིགས་དང་བཅས་པ་ལ་མ་ཧཱ་ཀཱ་ལ་ཏི་སྙིང་པོ་བྱེ་བ་འབུམ་ཟློས་ལ་སླར་དེ་རུ་ཆུག་ལ་རབ་གནས་མཆོད་བསྟོད་གསོལ་གདབ་རྒྱས་པར་གྱིས་དང་། དེའི་ཐུགས་ནས་བྱ་རོག་ཆེན་པོ་གཅིག་འོང་གིས། དེའི་མགུལ་དུ་ཞུ་བའི་མགྲིན་ཡིག་ཐོགས་ལ་ལྷོ་ཕྱོགས་དཔལ་གྱི་རི་ལ་ཀླུ་སྒྲུབ་ཡབ་སྲས་བཞུགས་པའི་དྲུང་དུ་ཐོང་དང་། དེ་ཉིད་ནི་མ་ཧཱ་ཀཱ་ལ་ངག་གི་དབང་ཕྱུག་གྲུབ་པ་ཡིན་པས་འདིར་བྱོན་ནས་མུ་སྟེགས་འདུལ་བར་འགྱུར་རོ་ཞེས་ལུང་བསྟན་པ་

(༡༠༤)ལྟར་སྐུ་འདྲ་རང་བྱུང་གི་དབུ་གཙུག་ན་ཕུར་པ་བརྒྱབ་འདུག་པ་བཏོན་ནས། ཇི་སྐད་གསུངས་པ་ཐམས་ཅད་བྱས་ཏེ་གསོལ་བ་བཏབ་པས། རྡོའི་སྐུ་དེའི་ཐུགས་ཀ་ནས་བྱ་རོག་ཆེན་པོ་མི་འབྲོས་པ་ཞིག་ཐོན་བྱུང་བ་དང་། སངས་རྒྱས་བསྟན་པ་འདམ་དུ་བྱིང་གྱུར་ན། །ཤིང་རྟའི་ཤུགས་ནི་མྱུར་དུ་མི་ཐེན་ནམ། །བདུད་དང་མུ་སྟེགས་རིགས་སུ་གྱུར་པ་རྣམས། །སྐྱེས་མཆོག་ཐུབ་པའི་དབང་པོས་བསྲུང་དུ་གསོལ། །ཞེས་པ་ཞིག་བྲིས་པ་བྱ་རོག་གི་སྐེ་ལ་བཏགས་ནས་བཏང་བས་ལྷོ་ཕྱོགས་སུ་འཕུར་ནས་སོང་སྟེ། དཔལ་གྱི་རི་ལ་སློབ་དཔོན་ཡབ་སྲས་བཞུགས་པའི་དྲུང་དུ་བབས་ནས་སྐད་དྲག་ཏུ་སྒྲོག་ཅིང་འདུག་པ་དང་། ཆོས་སྐྱོང་གི་སྤྲུལ་པར་མཁྱེན་ཏེ་བྱ་རོག་གི་སྐད་འདོན་པ་དང་བསྟུན་ནས་བསྟོད་པ་རྐང་བརྒྱད་མ་མཛད། དེའི་མགུལ་ན་བཏགས་པའི་ཡི་གེ་བཀྲོལ་ནས་གཟིགས་པས་ཡུལ་དབུས་སུ་མུ་སྟེགས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ལ་གནོད་

(༡༠༥)པ་བྱུང་བས་བཟློག་ཏུ་གསོལ་བྱ་བ་འདུག་པས། སློབ་དཔོན་གཉིས་ཀ་སྤྱན་ཆབ་ཤོར་ཞིང་། སློབ་དཔོན་ཀླུ་སྒྲུབ་ཉིད་ཡུལ་དབུས་སུ་འབྱོན་པར་ཆས་པ་ལ། སློབ་དཔོན་ཨཱརྱ་བས་གལ་ཏེ་བདག་གིས་ཐུལ་ན་སློབ་དཔོན་འབྱོན་པ་འོ་བརྒྱལ་བས་བདག་འགྲོ་བར་གནང་དུ་གསོལ་ཞེས་ཞུས་པས། བརྟག་པ་བྱ་ཡི་གསུངས། ཕྱི་ནང་གི་གྲུབ་མཐའི་ཕྱོགས་བཟུང་ནས་བདག་རེས་མཛད་པས། ཨཱརྱ་དེ་བ་རྒྱལ་བར་གྱུར་ཏེ། དེ་ནས་སློབ་དཔོན་གྱི་ཞལ་ནས་མུ་སྟེགས་དེ་རྫུས་སྐྱེས་དང་སྤྲུལ་པ་མིན་པས་མི་ཐུབ་པ་ཞིག་ཡིན་ཏེ། ཁྱོད་ཀྱིས་ཐུལ་བར་འདུག་སོང་ལ། མུ་སྟེགས་ཐུལ་སངས་རྒྱས་ཀྱི་བསྟན་པ་དར་བར་གྱིས་ཤིག་གསུངས་ཏེ། གནང་ནས་བཀྲ་ཤིས་བརྗོད་པར་མཛད་དེ་ན་ལེནྟྲར་བརྫངས་སོ། །དེ་ནས་སློབ་དཔོན་ཨཱརྱ་དེ་བས་བླ་མ་ལས་ཕྱག་བྱས་ནས་གཡས་ཕྱོགས་སུ་བསྐོར་ནས་ཡུལ་

(༡༠༦)དབུས་ཀྱི་ལམ་དུ་ཞུགས་ཏེ་བྱོན་པ་དང་། ནགས་འཐིབས་པོ་ཞིག་གི་ནང་དུ་ཕེབས་པའི་ཚེ་ཤིང་གི་ལྷ་མོ་ཞིག་སློབ་དཔོན་གྱི་སྐུ་བྱད་མཚར་བ་ལ་སེམས་ཆགས་ནས་ལུས་དངོས་སུ་བསྟན་དེ་ཁྱིམ་ཐབས་མཛད་ཅིང་བཞུགས་སུ་གསོལ་བས་མ་གནང་བ་དང་། འོ་ན་ཁྱེད་ཀྱི་སྤྱན་གཅིག་འཚལ་ལོ་ཞེས་ཞུས་པ་དང་། ཚམ་ཚོམ་མེད་པར་སྤྱན་ཡ་གཅིག་བཏོན་ནས་དེ་ལ་བྱིན་ཏེ། མུ་སྟེགས་པའི་ཆས་སུ་བཞུགས་ནས་ན་ལེནྟྲར་བྱོན་ཏེ། དགེ་འདུན་གྱི་སྲོ་ཁང་དུ་བཞུགས་ཤིང་ནང་པར་གདུགས་ཚོད་ལ་འདུ་བའི་གཎྜིའི་སྒྲ་བརྡུང་བྱུང་བ་དང་། སློབ་དཔོན་གྱིས་ཀྱང་ཚོགས་སུ་བྱོན་ཏེ་གྲལ་གྱི་དཀྱིལ་སྨད་དུ་བཞུགས་སོ། །དེའི་ཚེ་མུ་སྟེགས་ཀྱི་མཚན་མཁན་གྱིས་གཎྜིའི་སྒྲ་ལ་བརྟགས་པས་ངན་པར་ཤེས་ནས། གཎྜིའི་སྒྲ་འདི་འུ་ཅག་མུ་སྟེགས་ལ་ངན་ཏེ། སྒྲ་འདི་ལས་ཚིགས་སུ་བཅད་པ་འདི་སྐད་གྲགས་སོ། བལྟས་ཤིང་དབྱིབས་ལེགས་ཡལ་ག་གཡུ་ལོས་མཛེས། ལྷ་དང་ཀླུ་དང་ལྷ་

(༡༠༧)མིན་གྱིས་མཆོད་པའི། དཀོན་མཆོག་གསུམ་གྱི་གཎྜི་འདི་བརྡུངས་པས། མུ་སྟེགས་འཆལ་པའི་ཀླད་པ་ཚལ་པར་འགེམས། ཞེས་སོགས་ཤེས་པ་བཞིན་ཟེར་རོ། །དེ་ནས་མུ་སྟེགས་ཀྱི་སྟོན་པ་མ་ཁོལ་དཔོན་གཡོག་རྣམས། དགེ་འདུན་གྱི་ཚོགས་ཁང་དུ་བྱུང་སྟེ་མཁན་པོ་ནས་རིམ་བཞིན་དབུ་ལ་བེར་ཀ་བརྒྱག་ཅིང་མགོ་ཟླུམ་དོང་གང་ནས་བྱུང་ཞེས་སོགས་འདྲི་བ་ལ་སུས་ཀྱང་ལན་མ་བྱུང་བའི་ཚེ། སློབ་དཔོན་ཨཱརྱ་དེ་བའི་ཐད་དུ་སླེབས་ནས་དབུ་ལ་བེར་ཀ་བརྒྱབ་སྟེ་མགོ་ཟླུམ་དང་པོ་གང་ནས་བྱུང་འདྲི་བ་ལ། སློབ་དཔོན་གྱིས་ཁྱོད་ཀྱིས་འདས་པའམ། མ་འོངས་པའམ། ད་ལྟར་བའི་མགོ་བོ་གང་ལ་བརྟེན་ཅི་འདྲི། འདས་པ་ནི་ཐལ། མ་འོངས་པ་ནི་མ་བྱུང་། ད་ལྟར་བ་ནི་མ་འགགས་ཤིང་མ་སྐྱེས་པ་མ་ཡིན་ནམ་གསུངས། ཁོ་ན་རེ། སྔར་མེད་པའི་མིག་གཅིག་པ་ཞིག་སླེབས་འདུག ཁྱོད་སང་

(༡༠༨)ཉིན་ནས་རྩོད་པར་བྱའོ་ཟེར། སློབ་དཔོན་གྱིས། དྲག་པོ་མིག་གསུམ་ལྡན་པས་དེ་ཉིད་མཐོང་བ་མེད། །ཨཱརྱ་དེ་ཝ་མིག་གཅིག་པ་དེ་གང་ཡིན་དེས། །སྲིད་པ་གསུམ་པོ་མ་ལུས་པ་ཡི་དེ་ཉིད་མཐོང་། །ཞེས་གསུངས་རྩོད་པར་ཞལ་གྱིས་བཞེས་སོ། །དེ་ནས་སང་རྩོད་པའི་ར་བར། ཕྱི་ནང་གི་རྒོལ་བའི་ཁྲི་དང་། དབང་པོ་རྣམས་ཀྱི་གདན་བཤམས་པ་སོ་སོའི་སྟེང་དུ་གདུགས་ཕུབ་སྟེ་བཀོད་པ་མཛེས་པར་བྱས། སོ་སོའི་གདན་ལ་འཁོད་པའི་ཚེ་མུ་སྟེགས་ཀྱི་སྟོན་པ་མ་ཁོལ་གྱིས་ཐོག་མར་འདིའི་ལན་ཐོབ་ཅིག་ཅེས་ནེ་ཙོའི་པཎྜི་ཏ་གཅིག་སྨྲ་བཅུག་བྱུང་བ་དང་། སློབ་དཔོན་གྱིས་བྱི་ལ་གཅིག་བཏང་བྱུང་བས་ནེ་ཙོ་བསད། ཡང་མ་ཁོལ་གྱིས་ད་དུང་འདིའི་ལན་ཐོབ་ཅིག་ཅེས། ཐོད་ལོ་ཀོར་གཅིག་འཕངས་བྱུང་བས་དེས་རྩོད་ཡིག་བྲི་བར་བརྩམས་པས་ལ། སློབ་དཔོན་གྱིས་ས་ཕྱོགས་དེར་སྣུམ་ནག་བཤོས་པས་ཡི་གེ་ཟུབས་སོ། །ཡང་ཁོས་འོ་

(༡༠༩)ན་འདིའི་ལན་ཐོབ་ཅིག་ཟེར་ནས། སྲིང་མོ་པཎྜི་ཏ་སྨྲར་བཅུག་པ་ལ་སློབ་དཔོན་གྱིས་གདོལ་པ་གཅེར་བུ་ཞིག་བཏང་བས། དེ་ངོ་ཚ་སྟེ་ཁ་ཕྱིར་ཕྱོགས་ཏེ་ཅང་མི་སྨྲ་བར་གདོང་གིས་བཀབ་ནས་འདུག་གོ །དེ་ནས་ཁོ་རང་གི་ལུས་ལ་དབང་ཕྱུག་ཆེན་པོ་འཇུག་ཁར་ཁོའི་གདུགས་ཀྱི་འོག་ཏུ་ཀོ་བ་རུལ་བ་བཏགས་པས་མ་ཞུགས་པ་དང་བལྟས་པས་ནམ་མཁའི་མཐོང་ན་འདུག་པ་མཐོང་སྟེ། ལྷ་ཆེན་པོས་ཁོ་བོ་བསླུའམ་བྱས་པས་ངས་མི་བསླུ་གདུག་འོག་གི་ཀོ་རུལ་སོལ་ཞིག་ཟེར། དེ་བསལ་བ་དང་། ལྷ་ཆེན་པོ་ཁོའི་ལུས་ལ་བཞུགས་སོ། །དེ་ནས་བསྟན་པ་དབང་དུ་བཙུག་ནས་རྩོད་པས། མགོན་པོ་ངག་གི་དབང་ཕྱུག་འགྲུབ་པའི་མཐུས་སློབ་དཔོན་ཨཱརྱ་དེ་ཝ་རྩོད་པའི་ཕྱོགས་ལས་རྒྱལ་བར་གྱུར་ནས། ད་ངའི་བསྟན་པ་ལ་ཁྱོད་འཁོར་དང་བཅས་པ་འཇུག་དགོས་གསུངས་པས། ཁོ་ན་རེ་ཚིག་གི་

(༡༡༠)རྩོད་པ་ཁྱོད་རྒྱལ་བར་ཡིན་དུ་ཆུག་ཀྱང་། དོན་གྱི་རྫུ་འཕྲུལ་ང་ཆེ་བས་མི་འཇུག་ཟེར། དབང་ཕྱུག་ལག་པ་སྟོང་ཡོད་པ་ཞིག་ཏུ་གྱུར་ནས་སྡིགས་སུ་བྱུང་བ། སློབ་དཔོན་གྱིས་སྤྱན་རས་གཟིགས་ཕྱག་སྟོང་ཡོད་པ་ཤིན་ཏུ་ཆེ་བ་གཅིག་ཏུ་སྤྲུལ་ནས་མ་ཧཱ་ཀ་ལའི་རྫུ་འཕྲུལ་ཁོང་ནས་ཕྱུང་བས། ཁོ་ནམ་མཁའ་ལ་འཕུར་སོང་བའི་ཕྱི་བཞིན་དེད་སོང་བས་ཉི་མའི་འོག་ཐུག་ཤོར། དེར་སློབ་དཔོན་གྱིས། ད་དེ་ཕན་ལ་འགྲོ་མི་རུང་སྟེ། རླུང་སྤུ་གྲི་ཅན་གྱིས་རེག་ན་ཁྱོད་ཀྱི་ལུས་འཚིག་པར་འགྱུར་རོ་གསུངས་པས། དེ་ཅིས་ཤེས་ཟེར་བ་ལ་ཡིད་མི་ཆེས་ནས་རལ་པ་ཆོད་ལ་ཕོངས་ཤིག་དང་ཤེས་པར་འགྱུར་རོ་གསུངས་པས་ཁོས་རལ་པ་བཅད་ནས་འཕངས་པས་ཕྱེ་མར་འཚིག་པར་གྱུར་པ་མཐོང་ནས་སླར་ལོག་གོ །དེ་ནས་མུ་སྟེགས་འཁོར་བཅས་བཟུང་སྟེ། གཙུག་ལག་ཁང་གཅིག་ཏུ་བཅུག་ནས་

(༡༡༡)སྒོ་བཅད་དེ་བཞག །དེར་མ་ཁོལ་གྱིས་གླེགས་བམ་རྣམས་བཀླགས་པས། རང་ཉིད་ལུང་བསྟན་པའི་མདོ་མཐོང་ནས་སྒོ་ནང་ནས་བརྡུངས་པ་ན། ཅི་དགོས་དྲིས་པས། ལྕེ་གཅོད་པའི་སྤུ་གྲི་དགོས་ཏེ། སྔར་བྱས་ལ་འགྱོད་དོ་ཟེར་བ་ལ། སློབ་དཔོན་གྱིས་དེ་ལྟར་བྱས་པ་ལ་ལྕེ་བཅད་པས་ཅི་ཕན། ལྕེ་ལ་སྙིང་པོ་བླངས་ན་སྒྲིབ་པ་འདག་པས་དེའི་ཕྱིར་ངའི་བསྟན་པ་ལ་རབ་ཏུ་བྱུང་ལ་བརྩོན་པར་གྱིས་དང་། ཞེས་དང་། དེ་བས་རབ་ཏུ་བྱུང་ལ་འཆད་རྩོད་རྩོམ་གསུམ་ལ་འབད་པ་གྱིས་ཤིག་གསུངས་པས། དེས་ཀྱང་ཇི་སྐད་གསུང་པ་བཞིན་བྱས་པས་ཡུད་ཙམ་གྱིས། མཁས་གྲུབ་ཆེན་པོར་གྱུར་ཏེ། མུ་སྟེགས་པ་དང་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་དེས་སྨོན་ལམ་བདུན་བཅུ་པ་གསུངས་ཤིང་བྱོན་པས་སྟག་མ་བུ་ལྟོགས་ཤིང་རེད་པ་དག་འདུག་པ་གཟིགས་ཏེ་ཁ་ཟས་སློང་བ་

(༡༡༢)ལ། སློབ་དཔོན་གྱིས་འདི་སྐད་དུ། བདག་གི་སྦྱིན་པའི་བསོད་ནམས་ཀྱིས། རྙེད་དཀའ་སངས་རྒྱས་ཉིད་ཐོབ་ནས། རབ་མེད་སྲིད་པའི་རྒྱ་མཚོ་ལས། །སེམས་ཅན་དཔྱད་ཞེས་གསུངས་ནས། སྟག་མ་བུ་དང་བཅས་པ་རྣམས་ལ་སྐུ་ལུས་སྦྱིན་པར་བཏང་སྟེ་དག་པ་མཁའ་སྤྱོད་ཀྱི་གནས་ལ་གཤེགས་སོ། །དེ་ལྟ་བུའི་བདག་ཉིད་ཆེན་པོ་དེ་བཞི་མདོ་ལས། དགེ་སློང་མང་དུ་ཐོས་པ་ནི། །དེ་ཡི་ཚེ་ན་འབྱུང་འགྱུར་བ། །མ་ཁོལ་ཞེས་ཀྱང་བྱ་བ་སྟེ། །ང་ཉིད་ཀྱིས་ནི་བསྟོད་བྱེད་པ། །ཇི་ལྟ་བཞིན་དུ་བརྗོད་པར་གྱུར། །ཀུན་ནས་སེམས་ནི་རབ་དྭངས་ཤིང་། །སངས་རྒྱས་རྣམས་ཀྱི་བསྟན་ལ་དད། །སྒྲུབ་དཀའ་བསྔགས་ཤིང་མཆོག་ཏུ་གྱུར། །འཇམ་དཔལ་དབྱངས་ཀྱི་དེ་བཞིན་ནོ། །ཡོན་ཏན་ལྡན་ཞིང་ཚུལ་ཁྲིམས་ལྡན། །མང་དུ་ཐོས་ཤིང་ཆོས་ཀྱང་སྨྲ། །ཞེས་སོགས་མཐའ་ཡས་པ་ཞིག་གསུངས་ཏེ། འདུལ་བྱེད་སློབ་དཔོན་ཀླུ་སྒྲུབ་དང་སློབ་དཔོན་ཨཱརྱ་དེ་ཝ་གཉིས་ཀྱི་འདུལ་བྱ་མུ་སྟེགས་ཀྱི་སྟོན་པ་མ་

(༡༡༣)ཁོལ་དེ་འདུལ་ཐབས་མགོན་པོ་འདིའི་སྒོ་ནས་བཏུལ་བས། དུལ་བ་ཞི་བ་ཉེ་བར་ཞི་བའི་མཁས་གྲུབ་ཆེན་པོར་གྱུར་པ་ཡིན་ནོ། །དེ་ལྟར་ན་བདུད་དང་མུ་སྟེགས་འདུལ་བའི་སླད་དུ་བྱོན་པའི་མགོན་པོ་འདིའི་མཐུ་ལ་བརྟེན་ནས། སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་གྱུར་པ་ཡིན་ལ། སྤྲུལ་པ་བྱ་རོག་ཏུ་བཀྱེ་བས་ཆོས་སྐྱོང་འདིའི་མཚན་ཡང་བྱ་རོག་མཚན་ཞེས་གསོལ། ད་ལྟ་ཡང་སངས་རྒྱས་ཀྱི་བསྟན་པ་གར་བཞུགས་སུ་མགོན་པོ་འདིའི་སྤྲུལ་པ་རེ་བཞུགས་པའི་རྟེན་གྱི་གཙོ་བོ་འགའ་ཞིག་སྨོས་ན་རྒྱ་གར་རྡོ་རྗེ་གདན་གྱི་གཞིའི་སྒོ་ནས་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་རྡོ་སྐུ་རང་བྱུང་གི་ཚུལ་དུ་བཞུགས་ནས་བསྟན་པ་བསྲུང་བའི་ཕྲིན་ལས་མཛད་དོ། །དེ་བཞིན་དུ་གཏུམ་དྲག་དང་། འཇིགས་བྱེད་འབར་བ་ལ་སོགས་པའི་དུར་ཁྲོད་དང་། དེ་དང་ཉེ་བའི་གནས་བརྒྱད་དང་། ཡུལ་ཉི་ཤུ་རྩ་བཞི་ལ་སོགས་

(༡༡༤)པ་རྣམས་ན་ཡང་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ལྕམ་དྲལ་ཕོ་ཉ་དང་བཅས་པ་རེ་རེ་བརྟེན་ཡང་། རང་བྱུང་གི་རྡོ་སྐུ་དང་ཙན་དན་གྱི་ཤིང་ལ་རང་བྱོན་དུ་བཞུགས་པ་སོགས་མཐའ་ཡས་པ་ཡོད་ཅིང་། བསིལ་བའི་ཚལ་གྱི་དུར་ཁྲོད་ན་མགོན་པོ་ཕྱག་བཞི་པའི་བཀའ་སྡོད་ལས་མཁན་བྱ་རོག་གདོང་ཅན། སྐུ་བོངས་ཆེ་བ་རྡོ་སྐུ་རང་བྱུང་གི་ཚུལ་དུ་བཞུགས་ནས་བསྟན་པ་བསྲུང་བ་དང་། བསྟན་འཛིན་སྐྱོང་བར་མཛད་དོ། །དེ་ལྟ་བུའི་ཆོས་སྐྱོང་ཁྱད་པར་ཅན་འདི་ལ་རྒྱུད་དང་། རྒྱ་གར་བའི་པཎ་གྲུབ་རྣམས་ཀྱིས་མཛད་པའི་སྒྲུབ་བསྐོར་མཐའ་ཡས་པ་ཞིག་ཡོད་པ་ལས་གཙོ་ཆེ་བ་ནི། སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་དང་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ལས་རིམ་པར་བརྒྱུད་པ་རྣམས་ཡིན་ཞིང་། དེ་ལ་ཡང་བཀའ་མ་དང་གཏེར་མ་གཉིས་ལས། བཀའ་གཏེར་ཐུན་མོང་དུ་ཉམས་སུ་ལེན་པ་ལའང་འགལ་བ་མེད་དོ། །འདིར་ཀླུ་སྒྲུབ་ཞབས་ནས་ཇི་ལྟར་བརྒྱུད་

(༡༡༥)པའི་ཚུལ་ནི། སྔར་བཤད་པ་ལྟར། དཔལ་ཡེ་ཤེས་ཀྱི་མགོན་པོ་ཉིད་ལ། སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སུ་གསན་ནས་འདིའི་སྒྲུབ་ཐབས་ཀྱི་སྐོར་མང་དུ་མཛད་དོ། །དེས་སློབ་དཔོན་ཨཱརྱས་གན་ནས། འདིའི་སྒྲུབ་ཐབས་ཀྱི་སྐོར་མང་དུ་མཛད་དོ། །དེས་སློབ་དཔོན་ཨཱརྱ་དེ་ཝ་ལ་གནང་། ཨཱརྱ་དེ་ཝས་སྒྲུབ་པ་ཁོ་ནས་ཕྱིར་རྒོལ་བ་དང་། ལོག་པར་སྨྲ་བ་ཚར་གཅད་ནས་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ཚུལ་མདོ་ཙམ་གོང་དུ་ཞུས་པ་ལྟར་ཡིན། དེས་མུ་སྟེགས་ཀྱི་སྟོན་པ་མ་ཁོལ་ཞེས་ཕྱིས་ནང་པའི་པཎྜི་ཏ་ཆེན་པོར་གྱུར་པ། མཚན་གཞན་རྟ་དབྱངས་དཔའ་བོ་ཞེས་ཀྱང་གྲགས་པ་དེ་ལ་གནང་ཞིང་། བདེ་གཤེགས་མངོན་པར་འབྱུང་བའི་རྒྱུད་ལེའུ་བཅུ་པ་ལ་བརྟེན་ནས་སྒྲུབ་ཐབས་ཀྱང་མཛད་དོ། །དེས་སློབ་དཔོན་ཀླུའི་བྱང་ཆུབ་དང་། ཞེ་སྡང་རྡོ་རྗེ་ཞེས་བྱ་བ་ལ་གནང་། དེས་བིརྱ་ཀིརྟི་ལ་གནང་། དེས་

(༡༡༦)དེ་བ་ཨཱ་ཀ་ར་ལ་གནང་། དེས་དུས་ཞབས་ས་ཆེ་ཆུང་གཉིས་ལ་གནང་། དེས་སློབ་དཔོན་ཆེན་པོ་ཨ་བྷྱ་ཀ་ར་གུཔྟ་ལ་གནང་། དེས་ཙ་མི་མཁས་པ་ཆེན་པོ་སངས་རྒྱས་གྲགས་པ་ལ་གནང་སྟེ་ཁོང་རྣམས་པ་གཉིས་ཕར་སློབ་ཚུར་སློབ་ཡིན་ཞིང་། མགོན་པོ་འདིའི་སྒྲུབ་ཐབས་ཀྱང་མང་དུ་མཛད། དེ་དུས་ཚངས་པ་ཀླུ་འདུལ་གྱི་གཙུག་ལག་ཁང་དུ་ས་བདག་དང་ཀླུའི་གནོད་པ་བྱུང་སྟེ། ལྷ་ཁང་ཆུས་བཀང་ནས་ཀླུ་དངོས་སུ་བྱུང་སྟེ། ཀ་བ་འདིའི་ནང་ན་འདུག་པའི་གཏེར་མི་འདོན་ན་དགེ་འདུན་རྣམས་བརླག་པར་བྱའོ། །ཟེར་བས་སྐྲག་ནས། རྒྱལ་པོ་དང་དགེ་འདུན་རྣམས་འདུས་ནས་ཀ་བའི་ནང་གི་གཏེར་འདོན་ནུས་པ་སུ་ཡོད་ཅེས་སྨྲས་པས་ཐམས་ཅད་ཞལ་འཚམ་པར་ན་ལེནྟྲའི་སློབ་དཔོན་ཨ་བྷྱ་ཀ་ར་དང་། རྡོ་རྗེ་གདན་གྱི་བླ་མ་ཙ་མི་སངས་རྒྱས་གྲགས་པ་ཉིད་ཀྱིས་ནུས་ཞེས་ཞུ་བར་མཐུན་ནས། སྤྱན་སྔར་ཕྱིན་

(༡༡༧)ཏེ། འདི་ལྟ་བུའི་ལྟས་དང་། ར་མ་ངན་པ་བྱུང་བས། ཐུགས་རྗེའི་དགོངས་ནས་ཀ་བའི་གཏེར་འདི་འདོན་པར་ཞུ་ཞེས་གསོལ་བ་བཏབ་པས། གཉིས་ཀ་ཐུགས་མཐུན་པར་གཏོར་མ་གཅིག་ཁྱེར་ལ་ཤོག་གསུངས་ཏེ། དམིགས་པ་གཏོར་མ་ལ་གཏད་དེ། སྤྱན་ནམ་མཁའ་ལ་གཟིགས་ནས་གཉིས་ཀས། ཨ་ལ་ལ་ཧི་ཧི་གསུངས་པ་དང་། ཀ་བའི་ནང་ནས་སྲིན་པོའི་ནག་པོའི་རྒྱུད་ལ་སོགས་པའི་གཏེར་ཆོས་རྣམས་རང་ཐོན་དུ་བྱུང་ཞིང་། ཀླུ་གཉན་ས་བདག་གི་གནོད་པ་ཡང་ཞི་བར་གྱུར་ཏོ། །དེའི་དགེ་འདུན་བདེ་བ་ལ་བཀོད་པ་ཡིན་ནོ། །བླ་མ་དེ་ཉིད་ལ་དཔལ་རྒ་ལོས་གསན་པ་ཡིན་ཏེ། དེ་ཡང་མདོ་ཁམས་སྨད་དུ་སྐུ་འཁྲུངས་ནས་གཞོན་ནུ་ལ་རབ་ཏུ་བྱུང་སྟེ། རྒྱ་གར་དུ་ལན་གསུམ་བྱོན་ཏེ། བླ་མ་དེ་ཉིད་ལ་དབང་དང་གདམས་ངག་རྣམས་རྫོགས་པར་གསན་ཅིང་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ལ་མཁས་

(༡༡༨)པར་སྦྱངས་ནས་ད་ནི་སྒྲུབ་པ་ཞིག་བྱེད་དགོས་དགོངས། ཤྲཱི་ཀ་མ་ལ་ཤི་ལའི་གཙུག་ལག་ཁང་དུ་འདག་སྦྱར་ལ་བཞུགས་ལོ་བདུན་བསྒྲུབས་དངོས་གྲུབ་ཐོབ། ཡི་དམ་ལྷ་དང་ཆོས་སྐྱོང་གི་ཞལ་གཟིགས་ཤིང་ལུང་བསྟན་ཐོབ་པ་ནི། ལས་དང་སྐལ་བར་ལྡན་པ་ཡིས་རྒྱལ་བས་འབྱུང་བར་ལུང་བསྟན་པ། བསོད་ནམས་སྙིང་པོ་འདྲ་བ་ཁྱོད། །ང་ཡི་ཐུགས་ཀྱི་ཆོ་འཕྲུལ་གྱིས། །སངས་རྒྱས་བསྟན་པ་བསྲུང་བར་མཛོད། །བསིལ་བའི་ཚལ་དུ་ལོ་བདུན་བསྒོམ། ཁྱོད་འབྲས་མྱུར་དུ་འགྲུབ་པ་ཡིན། །ཞེས་གསུངས་པ་བཞིན་དུ་མཚམས་གྲོལ་ནས་བླ་མ་རྣམས་ཀྱིས་དྲུང་དུ་ཕྱག་ཕུལ་ཏེ། ཚོགས་ཀྱིས་ཡོ་བྱད་བསྐྱེལ་བའི་མི་མང་པོ་previous hit དང་བཅས་ནས། བསིལ་བའི་ཚལ next hit་གྱི་དུར་ཁྲོད་དུ་བྱོན་ཏེ་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། བསྐྱེལ་མི་རྣམས་སླར་ལོག་ཏུ་བཅུག་ནས། བླ་མ་རྒ་ལོས་དེར་སྤྱིལ་པོ་གཅིག་

(༡༡༩)མཛད་དེ་ལོ་བདུན་བཞུགས། ཉིན་གཅིག་མགོན་པོའི་རྡོ་སྐུ་རང་བྱོན་ཆེན་པོ་གཅིག་གི་རྩ་ན་སྐུ་རྒྱབ་གཏད་ནས་བདེ་མཆོག་གི་རིམ་གཉིས་ཀྱི་རྣལ་འབྱོར་བསྒོམ་ཞིང་ཡོད་ཙ་ན། ཉི་མ་ཟེར་ལ་ཁད་པའི་དུས་སུ། གཅན་གཟན་མང་པོས་བསྐོར་ནས་ཟར་བྱུང་ཡང་བར་ཆད་ཀྱི་མ་ཚུགས་མུན་རུབ་པ་ལ་ལས་དང་ཡེ་ཤེས་ཀྱི་མཁའ་འགྲོ་མ་མང་པོ་འདུས་ནས་ཉམས་སད་པའི་ཕྱིར་བསྡིགས་ཀྱང་ཐུགས་དམ་གྱི་ངང་ལས་མ་གཡོས། ནམ་ཕྱེད་ཀྱི་དུས་སུ་ནག་པོ་སྟོང་གཙོ་བོ་ལས་མཁན་བྱ་རོག་གདོང་ཅན་དྲོད་ཚད་ཉུལ་བ་ལ་དངོས་སུ་བྱུང་ནས་འཛིངས་པས། བླ་མ་རྒ་ལོས་ཡི་དམ་བདེ་མཆོག་གི་ཏིང་ངེ་འཛིན་གྱི་ངང་ནས་ཞབས་འོག་ཏུ་མནན་ཏེ་ཚར་བཅད་ནས། ཁྱོད་སུ་ཡིན་དྲིས་པས། ང་ལས་ཀྱི་མགོན་པོ་ཁྭ་ཏའི་གདོང་བྱ་བ་ཡིན་ནོ། །དེ་ཕྱིན་ཆད་ཁྱོད་ཀྱི་ཕྲིན་ལས་དང་ཡིས་བསྒྲུབ་

(༡༢༠)གལ་ཏེ་དམ་ཚིག་འདི་ལས་འགལ་ན་རྡོ་རྗེ་ཁྲག་འཐུང་གིས་ཟ་བར་གྱུར་ཅིག་ཟེར་ནས་ཆོས་སྐྱོང་དུ་ཁས་བླངས་ཤིང་དམ་བཅས་སོ། །བླ་མས་འོ་ན་ལེགས་ཀྱི་ཁྱོད་ལ་དཔོན་དང་གཡོག་ཇི་སྙེད་ཡོད་གསུངས་པས། དཔལ་མགོན་པོ་ཕྱག་བཞི་པ་དེ་ངའི་དཔོན་པོ་ཡིན། དུར་ཁྲོད་ཆེན་པོ་དགུ་ན་སྲུང་མ་མགོ་རྙན་ཆེན་པོ་དགུ་པའི་དབུས་ཀྱི་དུར་ཁྲོད་བསིལ་བའི་ཚལ་སྐྱོང་བའི་མགོན་པོ་ང་ཡིན། ངེད་དགུ་པོ་དེ་ལ་མི་མ་ཡིན་པའི་འཁོར་མ་མོ་བྱེ་བ། ཤ་ཟ་འབུམ། གནོད་སྦྱིན་ཁྲི། ནག་པོ་སྟོང་། ལས་བྱེད་སྡེ་བརྒྱད་དྲེགས་པ། ཕོ་མོ་འཁོར་བསམ་གྱིས་མི་ཁྱབ་པ་ཡོད་ཟེར། བླ་མས་དེའི་མགོ་ལ་སྣ་མའི་མེ་ཏོག་གི་ཕྲེང་བ་གཅིག་བཏགས་ནས་གཏོར་མ་ཕུལ་ཏེ་དམ་ལ་བཏགས་བསིལ་བའི་ཐལ་གྱིས་བསྟོད་པའང་མཛད་དེ་ཕྱིན་ཆད་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་ལོ་ལྔ་ཙམ་སོང་ཙ་ན། དུར་ཁྲོད་ཆེན་

(༡༢༡)པོ་དེའི་དཀྱིལ་ནས་མུ་མེན་གྱི་མཆོད་རྟེན་ཉིན་མོ་སྨུག་པས་སྒྲིབས། མཚན་མོ་མེའི་ཕུང་པོ་འབར་བ་ཞིག་ཡོད་པ་དེའི་སྨུག་པ་སངས་ནས་མཆོད་རྟེན་གསལ་བར་སྣང་བ་ལ། མི་ནག་པོ་གཅིག་གིས་སྣ་དྲངས་པའི་མཁའ་འགྲོ་དང་མཁའ་འགྲོ་མ་མང་པོ་འདུས་ནས་སྐོར་བ་དང་། ཚོགས་འཁོར་བྱེད་པ་གཟིགས་ནས་དེར་བླ་མས་གཏོར་མ་མང་པོ་བཏང་ཙ་ན། བྱ་ཁྭ་ཏ་གཅིག་བྱུང་བ་དེ་ན་རེ། །ཨ་ཨ་ཧ་ཧ་རྣལ་འབྱོར་པ། །རྒྱལ་བའི་སྲས་པོ་སྐལ་པ་ཅན། །བློ་ལྡན་ཁྱད་པར་བརྟུལ་ཞུགས་བཟང་། །དཔལ་ལྡན་ཁྲག་འཐུང་འགྲོ་བའི་མགོན། །ལྷ་མོ་དང་བཅས་འཁོར་ལོ་བསྐོར། །གང་འདོད་གཏེར་རྣམས་དེ་རིང་ཕྱུང་། །ཟེར་བས། དེ་སྤྲུལ་པ་ཡིན་པར་ཤེས་ནས། ལུང་བསྟན་པ་བཞིན་བཏོན་པས། མཆོད་རྟེན་དེའི་ནང་ནས་དྲག་པོ་མཚོན་ཆ་རྣོ་དབལ་གྱི་རྒྱུད་ལེའུ་བཅོ་ལྔ་པ་

(༡༢༢)ཐོན་བྱུང་བ་དང་། ཡང་སྨུག་པས་ནོན་ནས་མཆོད་རྟེན་མ་མཐོང་བས། ཚོགས་གཏོར་ཕུལ་བར། ཡུམ་དམར་པོ་རྩ་འཇིབ་པའི་སྤྲུལ་པ་བུད་མེད་དམར་པོ་གཅིག་བྱུང་བས། བྱིན་གྱི་རླབས་པ་དང་སྐུ་གསུང་ཐུགས་ཀྱི་གདམས་ངག་ཐམས་ཅད་ཐུགས་ལ་བཀྲ་ལམ་ཤར་ཞིང་། གཞན་ཡང་དངོས་གྲུབ་འདོད་པ་ཐམས་ཅད་ཐོབ་ཅིང་། ལོ་བདུན་ཡང་ཐེམས་ནས་བྱོན་པར་དགོངས་པ་ན། རྒྱལ་པོ་ལ་སོགས་པའི་ཡོན་བདག་རྣམས་ཀྱི་རོལ་མོ་དང་། ཤིང་རྟ་ལ་སོགས་པ་རྣམས་ཀྱིས་བསུས་ཏེ། དུར་ཁྲོད་ནས་ཕྱིར་བྱོན་ནོ། །དེ་ནས་བཟུང་ཏེ་གང་ཟག་སྣང་བ་བདག་པ་རྣམས་ཀྱི་ནི། བླ་མ་འདི་དཔལ་ཧེ་རུ་ཀར་དངོས་སུ་མཐོང་ལ་ལས་ཁྲོ་བོའི་སྐུར་མཐོང་། འགའ་ཞིག་ནི་འཇའ་འོད་དུ་མཐོང་བ་སོགས་མཐོང་སྣང་མི་འདྲ་བ་དཔག་ཏུ་མེད་པར་བྱུང་སྟེ། སྐུའི་བཀོད་པ་བསམ་གྱིས་མི་ཁྱབ་པ་བསྟན་ནས། འགྲོ་བའི་དོན་གང་ལ་གང་འདུལ་མཛད་

(༡༢༣)པ་ཡིན་ནོ། །དེ་ནས་བོད་ལ་བྱོན་ཁར་བླ་མ་རྩ་མི་སངས་རྒྱས་གྲགས་པ་ལ། འགྲོ་ཆོས་སུ་གདམས་ངག་ཟབ་དགུ་མང་དུ་ཞུས་བྱོན་པའི་ཚེ་ཆོས་སྐྱོང་འདི་ཡང་བླ་མ་རྒ་ལོའི་ཕྱི་བཞིན་དུ་འབྲངས་ནས་བོད་དུ་བྱོན་པ་ཡིན། དེ་ཡང་དབུས་ཀྱི་གནམ་རྩེ་ལྡེང་དུ་ཕེབས་པའི་ཚེ། བྱང་ཆུབ་སེམས་དཔའ་ཨ་སེང་དང་། ཅོག་རོ་ཆོས་ཀྱི་རྒྱལ་མཚན་དེ་དང་། ཕག་མོ་གྲུ་པ་རིན་པོ་ཆེས་གསུམ་གྱི་ཚོགས་དང་འབུལ་བ་ཆེན་པོ་ཕུལ་ནས་ཞུས་པས། ཆོས་སྐྱོང་གི་གདམས་པ་གནང་། བླ་མ་ཨ་སེང་གི་བསྒྲུབ་པས་ཞལ་གཟིགས་ཤིང་། གསུང་གླིང་མཛད་པ་ཡིན་ལ། ཁོང་རང་དལ་བར་བཞུགས་པས་བྱ་བ་ཐམས་ཅད་ཆོས་སྐྱོང་གི་མཛད་དེ་བྱིན་རླབས་དང་ནུས་མཐུ་ཤིན་ཏུའོ། །དེས་དཔལ་ཕག་མོ་གྲུ་པ་དང་། རོང་པ་དགེ་རིང་ལ་ཡང་གནང་། དཔལ་ཕག་མོ་གྲུ་པ་ནི་རྒྱལ་བ་གཉིས་པ་ཡིན་པས། དེའི་

(༡༢༤)ཕྲིན་ལས་ཐམས་ཅད་ཡེ་ཤེས་ཀྱི་མགོན་པོ་འཁོར་བཅས་།།།ཀྱིས་དུས་རྟག་ཏུ་ལེགས་པར་བསྒྲུབས་ཤིང་། དངོས་སུ་བཀའ་ཉན་ཞིང་བསྟོད་པ་ཡིན་ནོ། །ཡང་དཔལ་ཆེན་པོ་རྒ་ལོ་ཙཱ་བ་དེ་ལ། བླ་མ་ཞང་རིན་པོ་ཆེ་ཚལ་པས་ཀྱང་། ཆོས་སྐྱོང་འདིའི་སྐོར་རྣམས་ཡོངས་སུ་རྫོགས་པར་ཞུས་ཏེ། གཏོར་མ་ཆེན་པོ་བརྒྱ་བཞི་ལ་སོགས་པ་དུས་གཏོར་དང་། རྒྱུན་གཏོར་ལ་སོགས་པ་བློའི་ཡུལ་ལས་འདས་པ་ཕུལ་ནས་བསྟེན་ཅིང་བསྒྲུབས། བཀའ་ཉན་ཞི་བྲན་བྱས་ཏེ་བསྟན་པ་བསྲུང་བའི་ཕྲིན་ལས་ཐམས་ཅད་མཛད་པ་ཡིན་ལ། དཔལ་ཕག་མོ་གྲུབ་པ་དང་བླ་མ་ཞང་རིན་པོ་ཆེ་གཉིས་ཀས་ཀྱང་དགྱེས་བཞིན་དུ་གྲུབ་ཐོབ་གླིང་རས་པ་ལ་གནང་སྟེ། ཆོས་སྐྱོང་འདི་ཁྱོད་ལ་འགོ་བ་འདུག་པས་ཅིས་ཀྱང་སྒྲུབས་ཤིག །ཇི་ལྟ་བ་བཞིན་བསྒྲུབས་ཤིང་། གདམས་ངག་རྣམས་གཞན་ལ་རྒྱ་ཆེར་སྤེལ་བས། གྲུབ་ཆེན་གླིང་གི་སློབ་མ་རྣམས་གདམས་ངག་ཟབ་པར་འབྱུང་བ་ཡིན་ལ། དེས་

(༡༢༥)ཆོས་རྗེ་ས་སྟོན་ལེགས་པས། དེས་ཆོས་རྗེ་ཀུན་དགའ་ལེགས་པའི་འབྱུང་གནས་ལ། དེས་རྗེ་བཙུན་དམ་པ་ལ་སྟོན་ཤཱི་ལ་རཏྣ་ལ། དེས་རྗེ་བཙུན་བླ་མ་དམ་པ་རྣལ་འབྱོར་གྱི་དབང་ཕྱུག་དགེ་འདུན་བཀྲ་ཤིས་པ་ལ། དེས་བདག་ལ་དགྱེས་བཞིན་དུ་གནང་བ་ལགས་ཤིང་རྩ་བརྒྱུད་ཀྱི་བླ་མ་གོང་རྒྱ་ཆེན་ཆོས་ཀྱི་སྤྱན་དང་ལྡན་པ་འཇིག་རྟེན་གྱི་མིག་ཏུ་གྱུར་པའི་སྐྱེས་ཆེན་དམ་པ་བར་མ་ཆད་པར་རིམ་པར་བྱོན་པ། དེ་རྣམས་ཀྱི་བཀའ་དང་དམ་ལ་བཏགས་པའི་བསྟན་སྲུང་ཆེན་པོ་འདིའི་མཐུ་སྟོབས་དང་ཕྲིན་ལས་ཐམས་ཅད་ཀྱིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་བསྟན་འཛིན་དང་བཅས་པ་བསྲུངས་ཤིང་། སྐྱོང་བའི་ཚུལ་མཐའ་དག་པར་ནི་བརྗོད་ཀྱི་མི་ལང་མོད་དོ། །ཁུངས་བཙུན་པར་བསྟན་པའི་ལོ་རྒྱུས་ཀྱི་དབང་དུ་བྱས་ན་མདོ་ཙམ་ཞིག་ཞུས་པ། དེ་ལྟར་ཡིན་ལགས་སོ་ཞེས་གསུངས། འབྲུག་པ་ཐམས་ཅད་མཁྱེན་པ་པདྨ་དཀར་པོས་མཛད་པའི་མགོན་

(༡༢༦)མང་གི་རྣམ་བཤད་རྡོ་རྗེའི་སྙིང་པོ་ལས་སྤུ་གྲི་ཟླ་གཟེར་ནག་པོ་དངོས་གྲུབ་འབྱུང་བའི་བཀའ་རྒྱུད་དུ། དང་པོ་སངས་རྒྱས་ཀྱི་བསྟན་པ་གང་གིས་བསྲུང་ན། བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་གིས་སངས་རྒྱས་ཀྱིས་བསྟན་པ་རིན་པོ་ཆེ་ནི་བསྣུབས། ལོག་འདྲེན་གྱི་སྤྱོད་པ་དར་དུ་བཅུག་ནས་ཡོད་པ་ལ། འགྲོ་བ་རིགས་དྲུག་མུན་པའི་ནང་ན་གནས་པ་ལས་བྱང་ཆུབ་ཀྱི་མྱུ་གུ་སྐྱེ་མི་སྲིད་པས། བཅོམ་ལྡན་འདས་ཀྱི་དྲེགས་པ་ཅན་རྣམས་ཐུལ་བར་མ་གྱུར་ནས། དཔལ་ཆེན་རྡོ་རྗེ་སྲིན་པོར་སྐུ་སྤྲུལ་ཏེ། ནམ་མཁའ་འབྲུག་གིས་བཀང་། བར་སྣང་གློག་གིས་བཀང་། ས་གཞི་མེ་དཔུང་དང་ཁྲོ་ཆུང་གི་སེར་བས་བཀང་བས་གདུག་ཅན་ཐམས་ཅད་ནི་བརྒྱལ་ཞིང་། མྱོས་པར་གྱུར་ནས། དཔའ་བོ་ཆེན་པོ་དབུགས་དབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་དྲེགས་པ་ཅན་རྣམས་ནི་རྒྱལ་སངས་པ་ལས་དྲེགས་པའི་གཙོ་བོ་དེ་རྣམས་ན་རེ། བཅོམ་ལྡན་འདས་ཀྱིས་

(༡༢༧)བཀའ་སྩོལ་ཅིག །ཇི་ལྟར་གསུངས་པའི་བཀའ་བཞིན་བྱེད་དོ་ཞེས་ཟེར་ནས་བྱང་ཆུབ་ཀྱི་སེམས་ལ་བཀོད་དེ་བར་དུ་དཔའ་བོ་ཆེན་པོ་བསྟན་པ་ལ་དགོངས་པའི་ཏིང་ངེ་འཛིན་ལ་སྙོམ་པར་བཞུགས་པས། དེའི་ངང་ནས་ཆུའི་ཆུ་བུར་གྱི་ཚུལ་དུ་ལེགས་ལྡན་ཆེན་པོའི་སྐུར་གྱུར་ནས་ཞེས་ཕྱག་བཞི་པ་བཤད་ལ། ཐ་མར་དཔའ་བོ་ཆེན་པོ་ཐུགས་ཀྱི་དཀྱིལ་ནས་དྲག་པོ་ཚ་རབ་རྔམས་པའི་འོད་ནག་པོ་གཅིག་འཐོན་པར་གྱུར་ཏོ། །འོད་ཟེར་དེས་འཇིག་རྟེན་གྱི་ཁམས་ལན་གསུམ་དུ་དཀྲུགས་ཏེ། སླར་དཔའ་བོ་ཆེན་པོའི་ཐུགས་ཀར་ཐིམ་མོ། །ཐིམ་པ་དང་ཞལ་འདེགས་པའི་ངང་ནས་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་རྔམ་པར་སྒྲགས་པས་ཐུགས་ཀ་ནས་མིའི་ལུས་ལ་བྱ་རོག་གི་གདོང་པ་ཅན། ཕྱག་གཡས་ན་གྲི་གུག་འཕྱར་བ། གཡོན་ན་ཐོད་ཁྲག་ཞལ་དུ་རྔུབ་པ། སྐུ་ལ་གདུག་པའི་འོད་ཟེར་རབ་ཏུ་

(༡༢༨)འཕྲོ་བ། རྐང་པ་ས་ལ་བརྡབ་པས་ཐམས་ཅད་རྡུལ་དུ་རློག །སྐད་ཅིག་གཅིག་གིས་སྟོང་གསུམ་བརླག་པར་མཛད་པ། ལོག་འདྲེན་རྣམས་བརྒྱལ་ཞིང་ཁྲག་ཏུ་སྐྱུག་པ། དྲག་པོ་བཙན་དུག་སྲོག་གི་སྤུ་གྲི། དམ་ཉམས་ཀྱི་སྲོག་གཅོད། བཀའ་ཡི་བསྟན་སྲུང་། ཡེ་ཤེས་ཀྱི་སྤྱན་ཅན། ནག་པོ་ཆེན་པོའི་སྙིང་ཐིག་འདི་འཐོན་པར་གྱུར་ཏོ། །འཐོན་པ་དང་འཇིག་རྟེན་གྱི་ཁམས་འགུལ་འགུལ་ཤིག་ཤིག་ཏུ་གྱུར་ཏེ། ཞེས་པའི་ལས་མགོན་བཤད་དོ། །གཞན་ཡང་སྟོན་པ་ཉིད་དེར་སྤྲུལ་ཏེ་མགོན་པོ་ཐམས་ཅད་ཀྱི་རྩ་བའི་རྒྱུད་དངོས་གྲུབ་འབྱུང་བ་གསུངས་པས་ཤེས་སོ། །ཞེས་དང་། ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ལས། སྔོན་འདས་པའི་དུས་ན་བསྐལ་པ་དྲག་པོ་རྣམ་པར་འཁྲུག་པ་ཞེས་བྱ་བ་ལ། སངས་རྒྱས་ཞི་བའི་འོད་ཏོག་གི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ནས། དེའི་བསྟན་པ་ལ་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ་བདུད་ཀྱི་

(༡༢༩)རྒྱལ་པོ་དགའ་རབ་དབང་ཕྱུག་གི་བདུད་ཀྱི་སྤྲུལ་པ་དབང་ཕྱུག་ཆེན་པོ་མ་ཧཱ་དེ་ཝ་དང་། ལྷ་མོ་ཨུ་མ་དེ་ཝི་གཉིས་སྤྲུལ། དེ་ཉིད་ཀྱིས་ཀྱང་འཇིགས་བྱེད་དང་དུས་མཚན་གཉིས་སྤྲུལ་ནས། དེ་དག་གིས་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་གསོད་པའི་ལས་ཀྱིས་ཟད་ཅིང་བརླག་པར་བྱས་ནས་སྟོང་པ་ལ་ཐུགས་པའི་ཚེ། སངས་རྒྱས་ཞི་བའི་འོད་ཀྱིས་བདུད་བཞི་པོ་དེ་དག་བཏུལ་བས་མ་ཐུལ་བས། དཔལ་བདེ་བ་ཆེན་པོས་བདུད་འདུལ་བའི་ཆོ་འཕྲུལ་གྱིས་ལྷ་མོ་ཨུ་མ་ལ་དགྱེས་པའི་གད་བརྒྱངས་བཅུ་གཉིས་ཀྱིས་སྦྱོར་བ་བྱས་པ་ལས། དེ་དག་ལ་བུ་རྡོ་རྗེ་སྲིན་པོ་རབ་ཏུ་འཇིགས་པ་དག་སྐྱེས་པར་གྱུར་ཏོ། །དེའི་ཚེ་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོ་བའི་འཁྲུལ་འཁོར་འགུལ་ཞིང་འདེག་པར་གྱུར་པ་ལས། བདུད་དགའ་རབ་དབང་ཕྱུག་ཡིད་འཁྲུགས་པར་གྱུར་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོ་བའི་འཁྲུལ་འཁོར་ལ་ཞུགས་ན།

(༡༣༠)ལྷ་མ་ཡིན་གྱི་དམག་བསྡུས་ནས། ནམ་མཁའ་ལས་མེ་དང་འབྲུག །དྲག་པོའི་ཆོ་འཕྲུལ་ཆེན་པོ་བཅུ་དྲུག་གིས་སྲིད་པ་གསུམ་འགུལ་འགུལ་ཤིག་ཤིག་བྱེད་པ་ལ། དེའི་ཚེ་རྡོ་རྗེ་སྲིན་པོ་རབ་ཏུ་ཁྲོས་པ་ལས། བདུད་ཀྱི་ཞལ་བཞི་ནས་དྲག་པོའི་སྐུ་བྱུང་བས། དེ་འདུལ་བ་ལ་གསང་བའི་ལྷ་མོ་བཞི་སྤྲུལ། ཁོའི་མིག་ལ་དུག་བཞི་ཡོད་པ་ལས། དེ་འདུལ་བ་ལ་ཕྲིན་ལས་ཀྱི་ཕྱག་བཞི་སྤྲུལ་ཞིང་། དུག་གི་ཞི་བའི་རྒྱལ་པོ་བཞི་སྤྲུལ། སྐྱེ་མཆེད་དྲུག །མཁའ་འགྲོ་མ་དྲུག །རྣམ་པར་ཤེས་པའི་ཚོགས་བརྒྱད་ལ་བཀའ་སྡོད་ཀྱི་མགོན་པོ་བརྒྱད། རིག་པའི་ཡན་ལག་བཅུ་ལ་ཕྱོགས་སྐྱོང་བཅུ། དབང་གི་བཞིན་འཛུམ་བཅུ་དྲུག་ལས་མགོ་བརྙན་བཅུ་དྲུག །རྣམ་པར་ཤེས་པའི་ཚོགས་བརྒྱད་ལ་བཀའ་སྡོད་ཀྱི་མགོན་པོ་བརྒྱད། རིག་པའི་ཡན་ལག་བཅུ་ལ་ཕྱོགས་སྐྱོང་བཅུ། དབང་གི་བཞིན་

(༡༣༡)འཛུམ་བཅུ་དྲུག་ལས་མགོ་བརྙན་བཅུ་དྲུག །སྐུའི་བཀོད་པ་བཅོ་བརྒྱད་ལས་གིང་ཆེན་བཅོ་བརྒྱད། ཁྲོས་པའི་ང་རོ་ཉི་ཤུ་རྩ་གཅིག་ལས་ཕོ་བདུད་ཉི་ཤུ་རྩ་གཅིག །ཆགས་པའི་གར་ཉི་ཤུ་རྩ་བརྒྱད་ལས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། སྤྱན་གྱི་འགྱུར་ལྡོག་སུམ་ཅུ་ལས་དྲེགས་པ་སུམ་ཅུ་དང་། ཕྲིན་ལས་ཀྱི་འོད་ཕུང་བདུན་ཅུ་ལས་དཔལ་མགོན་བདུན་ཅུ། ཞལ་གྱི་མདངས་བརྒྱད་ལས་རོ་ལངས་བརྒྱད། སྤྱན་གྱི་འགྱུར་ལྡོག་སུམ་ཅུ་དང་། ཕྲིན་ལས་ཀྱི་འོད་ཕུང་བདུན་ཅུ་ལས་དཔལ་མགོན་བདུན་ཅུ། ཞལ་གྱི་མདངས་བརྒྱད། ལས་རོ་ལངས་བརྒྱད། སྤྱན་གྱི་འགྱུར་ལྡོག་ཐབས་སྟོང་ལས་ནག་པོ་སྟོང་། ཞབས་ཀྱི་སྟང་སྟབས་ཁྲི་ལས་གནོད་སྦྱིན་ཁྲི་དབང་གི་གར་སྤྱོད་འབུམ་ལས་མ་མོ་འབུམ། བ་སྤུའི་འོད་ཟེར་བྱེ་བ་སྤྲུལ་ནས། དྲག་པོ་འཇིགས་བྱེད་དང་དུས་མཚན་དམར་པོའི་

(༡༣༢)ལུས་ལ་དབང་བྱས་ནས་སྟན་དུ་བཏིང་། ལྷ་ཆེན་ཡབ་ཡུམ་འཁོར་དུ་བཀོད། འཁོར་ཚོགས་གཞན་ཐམས་ཅད་དབང་དུ་བསྡུས་ནས་བདུད་ཀྱི་ལུས་ལས་སྤྲུལ་པ་ཐམས་ཅད་བརླག་པར་བྱས་སོ། །དེས་ན་ཡབ་ནི་ཁྲག་འཐུང་ཆེན་པོ་ཧེ་རུ་ཀ་ཡིན་ལ། མ་ནི་ཨུ་མ་དེ་ཝི་ཞེས་བྱ་བ་ཡིན་ཏེ། དེ་གཉིས་ལས་རྡོ་རྗེ་སྲིན་པོར་སྐྱེས་སོ། །དེ་ནས་རྡོ་རྗེ་སྲིན་པོ་དེས་བདུད་ཐམས་ཅད་དབང་དུ་བསྡུས་ཏེ་ཉིད་ཀྱི་སྐུ་ལས་སྤྲུལ་པ་ཐམས་ཅད་རང་ལ་རང་ཐིམ་པར་གྱུར་ཏོ། །དེ་ཉིད་ཀྱང་དཔལ་ཧེ་རུ་ཀའི་ཞལ་ལ་ཐིམ་པར་གྱུར་ཏོ། །ཞེས་གསུངས་པའི་གསང་བའི་ལྷ་མོ་བཞི་ནི་རེ་མ་ཏི་བཞི། དུག་ཞི་བའི་རྒྱལ་པོ་བཞི་སྟེ་སྲས་མཆོག་བཞི། ཧཱུཾ་མཛད། མྱུར་མཛད། གདོང་བཞི། ལས་མགོན། ཕྱི་མ་ལས། མགོན་པོ་ཆེན་པོ་གསུམ་བཀའ་སྡོད་བརྒྱད་ནི་མགོན་པོ་བཀའ་བརྒྱད་དུ་བཤད་དོ། །ཡང་དེར་དང་པོ་སྔོན་བྱུང་འདས་པའི་དུས་ཀྱི་ཚེ། བསྐལ་

(༡༣༣)པ་བཟང་རྒྱན་ཞེས་ནི་བྱ་བ་ལ། སངས་རྒྱས་ཞི་བ་འོད་ཅེས་འཇིག་རྟེན་བྱུང་། དེ་ལ་འཁོར་ནི་བྱེ་བ་དུང་ཕྱུར་འབུམ། དགེ་སློང་དགེ་ཆེན་།།།ཚངས་སྤྱོད་གཙང་། སྦྱངས་པ་བཅུ་གཉིས་སྤྱོད་པ་ལས། །བྱང་ཕྱོགས་ཨོ་ཏྲའི་ཡུལ་དུ་སོང་། །སངས་རྒྱས་འཁོར་དང་བཅས་པ་རྣམས། །སྡིག་སྤྱོད་རྒྱལ་པོ་དགའ་བའི་དཔལ། །ཁམས་གསུམ་ལྷ་ཡི་བདག་པོ་དེས། །འོག་གི་རྒྱ་མཆོད་དུག་རི་ཁ། །དུག་གསུམ་འབར་བའི་ཁང་པར་བཅུག །བདུད་རྒྱལ་དགའ་རབ་དབང་ཕྱུག་དང་། །བཙུན་མོ་པདྨའི་ཕྲེང་ཅན་དུ། །རང་གི་ལྷ་རུ་སྨོན་པ་ལས། །སངས་རྒྱས་རྫུ་འཕྲུལ་མཁའ་ལ་གཤེགས། །དེ་ཚེ་འཁོར་གྱི་སྨོན་ལམ་བཏབ། །བདག་ཅག་དགེ་སློང་ཕོ་མོ་རྣམས། །ཚངས་སྤྱོད་བསོད་ནམས་སྔགས་མཐུ་ཡིས། །སྐྱེ་བ་འདི་ནས་བྲལ་བ་ན། །སྲིད་པ་གསུམ་ན་དབང་ཆེ་བ། །གནོད་སྦྱིན་གདུག་པ་སྲིན་པོའི་རིགས། །ཤ་ཟ་ཁྲག་འཐུང་སྲོག་

(༡༣༤)གི་བདག །ལས་ཀྱི་གཤིན་རྗེར་སྨོན་ལམ་བཏབ། །སྨོན་ལམ་བདེན་པའི་བྱིན་རླབས་ཀྱིས། །རི་རབ་རི་ཡི་རྩེ་མོ་རུ། །ལྷ་ཆེན་དབང་ཕྱུག་ཆེན་པོ་དང་། །བཙུན་མོ་ཨུ་མ་དེ་ཝི་གཉིས། །བུ་ནི་བརྒྱད་སྐྱེས་ལྷ་ཆེན་བརྒྱད། །དེ་ཡི་ཆུང་ཤོས་མགོན་པོ་སྟེ། །སྲིན་པོ་ནག་པོ་སྟོབས་པོ་ཆེ། །ཤ་དང་ཁྲག་ལ་རབ་དགའ་བ། །སྲིད་པ་གསུམ་ན་དབང་ཆེ་བ། །འཇིག་རྟེན་གསུམ་པོ་ཟ་བྱེད་ཅིང་། ཁམས་གསུམ་པོ་ནི་བརླག་པར་བྱས། །རྒྱལ་ཆེན་བཞི་པོ་བསྒྲལ་བྱས་ནས། །གསང་བའི་ཡུམ་ཆེན་བཞི་ལ་སྦྱར། །དེ་ལ་གསང་བའི་བུ་བཞི་སྐྱེས། །སྲིན་པོའི་གཟུགས་ལ་བྱ་རོག་གདོང་། །གསུས་ཁྱིམ་ཆེ་ལ་ཤ་ཁྲག་དགའ། །མིག་རྩ་དམར་ལ་མཆེ་བ་རིང་། །དྲག་པོའི་གཟུགས་ཅན་བཞི་རུ་བྱུང་། །སྟེང་ཕྱོགས་ཚངས་པའི་འཇིག་རྟེན་ནས། །ལྷ་མོ་བརྒྱད་པོ་དབང་དུ་བསྡུས། །རི་རབ་རི་ཡི་ཁོང་སེང་ནས། །ལྷ་སྲིན་

(༡༣༥)སྡེ་བརྒྱད་དབང་དུ་བསྡུས། །རྣམ་པར་རྒྱལ་བའི་ཁང་བཟང་ནས། །ཕྱོགས་སྐྱོང་བཅུ་པོ་དབང་དུ་བསྡུས། །ཞེས་དང་། དེ་ནས་སྲིན་པོ་ནག་པོ་དེས། །སྔོན་གྱི་སྨོན་ལམ་དམོད་བོར་བས། །ལས་ཀྱི་སྐྱེ་དྲན་དུག་རིའི་ཁར། །རྒྱལ་པོ་འཁོར་བཅས་།།།སྟོང་གིས་ནི། །མཁལ་མ་སྙིང་དང་ནང་ཁྲོལ་དང་། །ལུས་ཕྱེད་དག་ནི་བཅད་ཅིང་ཟོས། །སྲིན་པོ་ལངྐ་པུ་རིའི་ཡུལ། །སྲིན་གྱི་གྲོང་ཁྱེར་བདུན་འབུམ་བརླག །གཡ་སཔ་གཅོད་བྱེད་གྲི་གུག་གིས། །སྲིན་པོའི་མགོ་བཅད་དོན་སྙིང་གཏུབས། །ལངྐའི་རྒྱལ་པོའི་སྙིང་ཁྲག་འཐུངས། །ལྷ་མིན་བུ་མོ་གློག་མ་སྤྲིན། །བསད་ནས་མགོ་བཅད་ཕྲེང་བ་བྱས། །ཞེས་པའི་སྐྱེ་རྒྱུད་འདི་ནི་ལས་ཀྱི་མགོན་པོའི་ཡིན་ལ། འདིར་བྱ་རོག་གདོང་བཞི་ནི། བཞི་སྙིང་སྦས་པ་སྲོག་གཟེར་ནག་པོར་བཤད་པའི། སྲོག་བདག་གཤིན་རྗེ། བདུད་པོ། གནོད་སྦྱིན་

(༡༣༦)བྱ་གདོང་བཞིའོ། །གཞན་དུ་བདུད་མོ་བྱ་གདོང་དུ་ཡང་བཤད་དོ། །དཔལ་ཡེ་ཤེས་མགོན་པོ་ཉིད་ལ་འཇིག་རྟེན་དང་མཐུན་པའི་སྐྱེ་རྒྱུད། ནམ་མཁའ་དང་མཉམ་པའི་རྒྱུད་ཀྱི་རྒྱལ་པོ་དགོས་འདོད་འབྱུང་བ་ལས། ཕ་ནི་དགའ་རབ་དབང་ཕྱུག་ཡིན། མ་ནི་དུར་ཁྲོད་སི་།།།ཏཱ་ལི། བུ་ནི་ནག་པོ་ཆེན་པོ་སྟེ། ཕས་བྱིན་གཡས་ན་གྲི་གུག་སྟེ། །མས་བྱིན་གཡོན་ན་ཐོད་ཁྲག་འཛིན། །གཞན་ཡང་འཁོར་གྱིས་བྱིན་པ་ནི། །རལ་དྲི་དང་ནི་ཁ་ཊྭཱཾ་འཛིན། །མར་མེ་མཛད་ལ་སེམས་བསྐྱེད་ནས། །དེ་བཞིན་གཤེགས་པ་ལུང་བསྟན་པ། །མི་མཇེད་འཇིག་རྟེན་ཁམས་སུ་ནི། །སངས་རྒྱས་ཤཱཀྱ་ཐུབ་པ་འབྱུང་། །དེ་ཡི་བསྟན་པ་ཁྱོད་ཀྱིས་སྲུངས། །མུ་སྟེགས་གནོད་པ་ཁྱོད་ཀྱིས་ཐུལ། །ཞེས་པས་བསྐལ་པ་བཟང་པོའི་སངས་རྒྱས་ཀྱི་བསྟན་བསྲུང་མཛད་པའི་རྒྱུ་མཚན་དང་བཅས་ཏེ་བཤད་དོ། །བསྐལ་པ་བཟང་པོ་ཡང་། ཡར་གྱི་

(༡༣༧)ཡ་ཐོག་རིང་མོ། བར་གྱི་ཁུག་པ་བཅོ་བརྒྱད། མར་གྱི་མ་ཐོག་རིང་མོ་ཞེས་པ་འདི་ཙམ་ཉན་ཐོས་དང་ལུང་ཆ་མཐུན་ཕལ་ཆེར་ལ་གྲགས། དྲི་མེད་འོད་དུ་རྣམ་པར་གཟིགས་ལ་སོགས་པའང་བསྐལ་པ་བཟང་པོའི་སངས་རྒྱས་སུ་བཤད་པ་བཞིན་སོ་།།།ཐར་མདོའི་འགྲེལ་པ་མང་པོར་བཤད་དོ། །ཞིང་ཁམས་འདི་ཀ་ཡང་། བསྐལ་བཟང་གི་མདོར། སངས་རྒྱས་འཁོར་བ་འཇིགས་ནས་དྲངས་པའི་བཅུ་པ་དང་བཞི་བཅུ་པ་ལ་སོགས་པར་ཞིང་ཁམས་རྒྱལ་བའི་སྨོན་ལམ་གྱི་འགྱུར་ནས་ཆེས་ཕུན་སུམ་ཚོགས་པར་བཤད་པས་ན། ཇི་སྐད་བཤད་ཀྱང་མི་འགལ་བའི་གནད་ཅིག་མ་རིག་ན། རྒྱལ་བའི་བཀའ་གནང་ཕན་ཚུན་མི་མཐུན་པར་འགྱུར་རོ། །དེ་ལྟ་བུའི་ལས་ཀྱི་མགོན་པོ་དེ་ཡང་། ཐུགས་རྗེ་འབྱུང་བའི་རྒྱུད་དུ། ཁྱོད་ནི་དང་པོ་དུས་ཀྱི་སྔོན་རོལ་ཚེ། །བྲམ་ཟེའི་བུ་ནི་བླ་མར་

(༡༣༨)སྐྱེས་པའི་ཚེ། །གནོད་སྦྱིན་འབྲོག་གནས་བཟང་པོ་ལ། །གདུག་པའི་སེམས་ཀྱིས་ནོར་བུ་བརྐུས། །འགྱོད་པའི་སེམས་ཀྱིས་སླར་གཏད་པ། །མི་འདོད་ཚུར་ལ་སྦྱིན་པར་བཏང་། །མངོན་སུམ་སངས་རྒྱས་ལ་དད་དེ། །འབྲས་བུ་མི་བསླུ་སྔོན་ཡང་བསྐལ་པར་བརྒྱར། །རེ་རེ་ལ་ཡང་བསོད་ནམས་བསགས་ལས་སྐྱེས། །རྣམ་གཟིགས་མར་མེ་རིན་ཆེན་གཙུག །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས། །བྲམ་ཟེའི་སྔགས་འགྲུབ་འདི་ཉིད་དུ། །ལས་ཀྱི་མགོན་པོའི་ལུས་བླངས་ནས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་གཙུག་ལག་བསྲུང་ནས་ཀྱང་། །ནུབ་ཕྱོགས་ཐལ་བ་ཅན་ཞེས་པའོ། །རྣམ་པར་དག་པའི་འཇིག་རྟེན་དེར། །ཁྱོད་ནི་ཐལ་བའི་དབང་པོ་མཆོག །བདེ་བར་གཤེགས་པར་སངས་རྒྱས་ནས། །ལུས་ཅན་ཁྱོད་ཀྱིས་བསད་པ་རྣམས། །ཞིང་དེར་ཐམས་ཅད་སངས་རྒྱས་འགྱུར། །ཞེས་འབྱུང་བ་དང་། ཁ་ཏནྟྲའི་རྒྱུད་ལས།

(༡༣༩)རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཉིད་ལས་མ་ཧཱ་ཀཱ་ལ་བྱ་རོག་གི་རྡོ་རྗེ་ཅན་དུ་སྤྲུལ་ནས་ཞེས་ཀྱང་བཤད་དེ། དོན་ལ་འདུལ་བྱེད་ཀྱི་ངོ་བོར་དེ་དང་དེར་སྣང་བས་དུས་གཅིག་ཏུ་མར་སོང་བ་ཞེས་བྱའོ། །གྲི་གུག་བརྩེགས་པར། ཡེ་ཤེས་མགོན་པོ་ས་བཅུ་ཡིད་།།།དབང་ཕྱུག་ཅེས་དང་། ལས་མགོན་དུར་ཁྲོད་བདག་པོ་ནི། །འཇིག་རྟེན་གནས་པ་ས་དྲུག་པ། །ཞེས་བཤད་དོ། །དེ་བས་ན་སྐྱེ་རྒྱུད་བཤད་པར་ཡང་། ཆོས་སྐྱོང་ཐམས་ཅད་མགོན་པོ་ཕྱག་བཞི་པ་ཉིད་ཀྱི་སྤྲུལ་པར་བསྟན་ནོ། །དཔལ་ཡེ་ཤེས་ཀྱི་མགོན་པོ་ཉིད་ཀྱང་། དོན་གསང་བ་སྔགས་ཀྱི་ངོ་བོ། བརྡ་ཐབས་སུ་དེར་སྣང་བ་ཙམ་སྟེ། ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་དུ། ཞལ་གཅིག་ཆོས་སྐུ་མི་འགྱུར་དག །ཕྱག་བཞི་ཕྲིན་ལས་བཞི་མཛད་པ། །བདུད་བཞི་འདུལ་མཛད་གྲི་གུག་དང་། །ལྷ་མིན་གཡུལ་བཟློག་རལ་གྲི་གཡས། ཁམས་གསུམ་དབང་སྡུད་ཐོད་ཁྲག་དང་། །

(༡༤༠)བགེགས་ཆེན་འདུལ་བྱེད་ཁ་ཊྭཱཾ་གཡོན། །ཐབས་དང་ཤེས་རབ་ལས་བྱུང་བའི། །ཁྲོས་པའི་ཞབས་བརྡབས་ས་གཞི་གཡོ། །འཇིགས་པའི་གད་མོས་རི་རབ་སྒྱེལ། །དམ་ཚིག་ཉམས་པའི་སྙིང་ཁྲག་འཐུངས། །ཞེས་དང་། །ནམ་མཁའ་དང་མཉམ་པ་དགོས་འདོད་འབྱུང་བའི་རྒྱུད་དུ། གྲི་གུག་ཉོན་མོངས་གཅོད་པར་བྱེད། །ཐོད་པ་སྟོང་ཉིད་དོན་དམ་པ། །ཤེས་རབ་རལ་དྲི་མཚོན་པ་སྟེ། ཁ་ཊྭཱཾ་སྐུ་གསུམ་ངོ་བོ་གཅིག །ཁྱེད་ཀྱི་དེ་ལྟར་བསྟན་པ་སྟེ། །སྤྱན་གསུམ་དུས་གསུམ་མཁྱེན་པ་ལ། །སྙིང་རྗེ་ཆེ་བས་སྤྱན་རྩ་དམར། །གདུག་པ་འདུལ་ཕྱིར་ཁྲོ་བས་ཏེ། །ཕྱག་བཞི་ཕྲིན་ལས་བཞི་ལ་སོགས། །མུ་སྟེགས་འདུལ་ཕྱིར་ཧ་ཧ་བརྗོད། །འདུ་བྱེད་ལྔ་བཅུ་རྩ་གཅིག་པོ། །འཇོམ་ཕྱིར་ཐོད་རློན་ཕྲེང་བ་ཅན། །དབུལ་བ་སེལ་ཕྱིར་སྒེག་པ་སྟེ། །ཡེ་ཤེས་ལྔ་པོ་ཐོད་སྐམ་མཚན། །སྟག་ལྤགས་མནས་པས་དཔའ་བོ་སྟེ། །

(༡༤༡)མཆེ་བཞིས་སྐྱེ་གནས་འཇོམས་པ་པོ། །དྲི་མས་མ་གོས་ཆུ་སྐྱེས་གདན། །རྟག་ཆད་སྤངས་པ་དྲེགས་པའི་གདན། །བདུད་དང་མུ་སྟེགས་ལ་སོགས་པ། །ཐམས་ཅད་འཇོམས་ཕྱིར་མེ་དཔུང་ངོ་། །ཞེས་བཤད། ཡུམ་ཆེན་གསུམ་ནི། དག་པའི་ཆོས་ཀྱི་སྤྲུལ་པ་ནི། །ཕག་མོའི་གཟུགས་སུ་བསྟན་པ་ཡིན། །ཞེས་ཀུན་སྤྱོད་ལས་བཤད་པ་ལྟར་དུ་འཁྱུད་བྱེད་བདེ་བ་ཆེན་པོ་ནི་དཔལ་ནག་པོ་ཆེན་པོ་ཡིན་པས། གྲི་གུག་བརྩེགས་པར། འགྲོ་དོན་སྙིང་རྗེས་བྱེད་པ་ན། །སྒྲོལ་བྱེད་ནག་པོ་ཆེན་པོར་བཤད། །ཅེས་བྱུང་བས་སོ། །དེ་ལ་ཁྱུད་པས་སྟོང་ཉིད་ཡུམ་དུ་གྲུབ་པ། དེ་ཡང་རྣམ་པར་ཐར་པའི་སྒོ་གསུམ་གྱི་དབྱེ་བས། དབྱིངས་ཡུམ། སྦྱོར་ཡུམ། སྒྲོལ་ཡུམ་གསུམ་བཤད། རིགས་བཞིའི་དབྱེ་བས་རེ་མ་ཏི་བཞི་སྟེ། གསང་བའི་ཡུམ་ཆེན་མ་བདུན་ཞེས་བྱའོ། །ཧཱུཾ་མཛད་ནག་པོ་ཆེན་པོ་ནི་སངས་རྒྱས་རྣམས་ཀྱི་

(༡༤༢)ཐུགས་རྡོ་རྗེ་ལག་ན་རྡོ་རྗེ། མྱུར་མཛད་ནག་པོ་ཕྱག་དྲུག་པ་ནི་གསུང་རྡོ་རྗེ་འཇིག་རྟེན་དབང་ཕྱུག །གདོང་བཞི་པ་ནི་སྐུ་རྡོ་རྗེ་འཇམ་དཔལ་ཏེ། ཕྱི་མ་དངོས་གྲུབ་འབྱུང་བར་སྔགས་ཙམ་ལས་ལྷ་སྦས་ཏེ་མ་བཤད་པས་གསང་བའི་མགོན་པོ་ཞེས་བྱའོ། །དེ་དག་རིགས་གསུམ་གྱི་ཁྲོ་བོའོ། །མངོན་འབྱུང་གི་རྒྱུད་ལས་སྦས་པ་དེ་བྱུང་ནས་ཕྱག་པ་བདུད་འཇོམས་པ་དང་། ཧཱུཾ་མཛད་དགྲ་འདུལ་བ་དང་། ཞལ་བཞི་པ་བསྟན་པ་སྐྱོང་བར་སྔགས་སོ། །དཔལ་ལས་ཀྱི་མགོན་པོའི་སྐུ་གསུང་ཐུགས་ལས་གདོང་ཅན་གསུམ་སྟེ། དོན་འཇིག་རྟེན་ལས་ལ་གྲུབ་པའི་ཚེ། བདག་འཆི་བདག་སྲོག་བདག་གོ །ཧཱུཾ་མཛད་ནག་པོ་ཆེན་པོ་དགྱེས་པའི་རྡོ་རྗེའི་ཐུགས་ཀ་ནས་སྤྲོས་པར། རྡོ་རྗེ་གུར་གྱི་རྒྱུད་ནས་བཤད་པས་གུར་མགོན་ཞེས་གྲགས་ལ། དེ་ཉིད་ཀྱིས་ཀྱང་རྣམ་འཕྲུལ་གྱི་གཎྜི་འཛིན་པ་འདི་སྤྲུལ་པར་དེ་ཀའི་རྒྱུད་ལས་བཤད། ལེགས་

(༡༤༣)ལྡན་ལྗང་སྔོན་ཞལ་གསུམ་ཕྱག་དྲུག་པ་ཉིད་ཕྲིན་ལས་མཛད་པའི་ཚེ། ཡོན་ཏན་མགོན་པོ་འདིར་བཞེངས་པ་ཡང་། དེ་ཀའི་རྒྱུད་ལས་བཤད་པ་སོགས་དོན་གཅིག་ལ་རྣམ་འཕྲུལ་གཅིག་འདིར་འགོད་པ་ཡང་། ལག་ན་རྡོ་རྗེ་རྣམ་པར་འཇོམས་པ་འདུག་པ་གཅིག་ཏུ་གྲལ་ལ་བསྒྲིགས་པ་ལྟ་བུའོ། །དེ་བས་དངོས་གྲུབ་འབྱུང་བར་དངོས་སུ་དཀྱིལ་འཁོར་ལ་མགོན་པོ་འདི་གསུམ་འགོད་པ་སྦས་ཀྱང་། ལེའུ་བཅུ་པར་དཀྱིལ་འཁོར་བའི་མགོན་པོ་དང་། ཡུམ་དང་བཅས་པའི་གསང་སྔགས་དང་འཕྲིན་ལས་ཀྱི་ལེའུ་ཞེས་གསུངས་ཤིང་། དེར་འདི་དག་གི་སྔགས་བསྟན་པས་ཤེས་པར་བྱ་དགོས་པ་དང་། ལེའུ་བཅུ་བདུན་པར། ཤར་དུ་སྐུ་ཡི་མགོན་པོ་དང་། །ལྷོ་རུ་ཡོན་ཏན་མགོན་པོ་དང་། །ནུབ་ཏུ་གསུང་གི་མགོན་པོ་དང་། །བྱང་དུ་ལས་ཀྱི་མགོན་པོ་སྟེ། །ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ། །གྲི་གུག་ཐོད་པ་བསྣམས་པའོ། །

(༡༤༤)སོ་སོའི་གཡོན་དུ་ཡུམ་རེ་རེ། །གཏུམ་པ་མོ་དང་དྲག་མོ་དང་། །ཟློག་བྱེད་མ་དང་དཔའ་མོ་སྟེ། །ཞལ་གཅིག་ཕྱག་གཉིས་རྒྱན་དང་བཅས། །དེ་ཡི་ཕྱི་ཡི་གྲུ་ཆད་ལ། །བེང་འཛིན་པ་ཁ་ཊྭཱྃ་ཀ །གཎྜི་འཛིན་དང་རྒྱལ་མཚན་འཛིན། །སོ་སོ་ཡུམ་དང་བཅས་པ་དེ། །དེ་ཡི་ཕྱི་ཡི་སྒོ་དང་གྲར། །ལྷ་མོ་བརྒྱད་པོ་གར་གྱིས་རོལ། །ཐམས་ཅད་ཞལ་གཅིག་ཕྱག་གཉིས་མ། །གར་སྟབས་ལྡན་པར་བཞུགས་པས་སོ། །ཞེས་གསུངས་ལ་འཁོར་ཚོགས་འདི་ཐམས་ཅད་ཀྱི་མིང་གསལ་བ་བཤད་པའི་རྒྱུད་ཀྱིས་ཁ་བསྐང་དགོས་པས། ཁྲག་མཚོ་ཁོལ་མར་ཡེ་ཤེས་ཀྱི་མགོན་པོ་ནི་གནམ་ལྕགས་འབར་བའི་རི་མ་ལ་ཡའི་རྩེ་མོའི་གཞལ་ཡས་ཁང་ན་གནས་སོ། །གསོད་བྱེད་སྐུའི་མགོན་པོ་བསིལ་བའི་ཚལ་ན་གནས་པའོ། །རྔམ་བྱེད་གསུང་གི་མགོན་པོ་བརྒྱད་ཀྱི་ཡུལ་ན་གནས་སོ། །སྒྲོལ་བྱེད་ཐུགས་ཀྱི་མགོན་པོ་ཨོ་རྒྱན་ན་

(༡༤༥)གནས་པའོ། །མིའུ་ཐུང་ཁྲོས་པ་སྲིན་པོའི་གླིང་སྟེ། དེའི་འཁོར་ལས་ཀྱི་བཤན་དམར་ནི་ཀརྞ་པའི་ཕུལ་གྱི་རླུང་སྤུ་གྲི་ཅན་གྱི་གནས་སུའོ། །ཕྱག་དྲུག་པ་དཔལ་གྱི་རིའི་འགྲམ་ནའོ། །གྲི་གུག་བརྩེགས་པ་ནི་ཧ་རི་ཀེ་ལར་རོ། །ཆུ་སྲིན་ལ་གཞོན་པའི་མགོན་པོ་དཔལ་སྐྱོང་དྲག་པོ་ནི་རྡོ་རྗེ་གདན་གྱི་བཀའ་སྲུང་ངོ་། །གདོང་བཞི་པའི་མགོན་པོ་ནི་སིངྒ་ལ་གནས་པའོ། །བེང་འཛིན་པ་ནི་གདོང་དམར་གྱི་བྲག་ལ་བརྟེན་པའོ། །བེང་འཛིན་ས་།།།བར་པ་ནི་རྒྱ་ནག་རི་བོ་རྩེ་ལྔ་ལའོ། །ཞེས་སོ། །འདིར་བཤད་པའི་དཔལ་ཡེ་ཤེས་ཀྱི་མགོན་པོ་ནི་ལེགས་ལྡན། གསོད་བྱེད་པོ་གསུམ་བྱ་གདོང་། མིའུ་ཐུང་ཁྲོས་པ་མ་ནིང་། མགོན་པོ་བེང་གདོང་དམར་གྱི་བྲག་སྟེ་སྐྱིད་ཤོད་ཀྱི་མགོན་པོ་གདོང་འདི་བྲག་ལ་མགོན་པོར་ཡང་གྲགས་པ་ཡིན། སྤྱིར་གདོང་དམར་ཞེས་པ་རྒྱ་

(༡༤༦)ནག་ལ་བཞག་ཀྱང་འདིར་བོད་དོ། །དཔལ་སྐྱོང་དྲག་པོ་ནག་པོ་ཆེན་པོ་འབར་བ་སྟེ། རྡོ་རྗེ་གདན་གྱི་ལྷོའི་སྒོ་སྐྱོང་དུ་བཤད་པའོ། །བེང་འཛིན་བར་པ་ནི་ཨ་གྷོར་བོ། སྟག་ཞོན་ནི་དེར། མ་ཧཱ་ཀ་ལ་སྟག་ལ་གནས་པ་དང་། །ཞེས་གསུངས་ལ། གནས་པ་དེའི་གཞུང་དུ། ལྕང་ལོ་ཅན་ནང་གྱད་ཡུལ་ནའོ། །ཏྲགྴད་ནི་རྡོ་རྗེ་བསོ་གདོང་སྟེ་རྒྱ་ནག་གེའུ་ཏེ་ཤ་ན་གནས་ལ། གཞན་དུ་སངས་རྒྱས་ཀྱི་བསྟན་པ་གར་གནས་པ་དེར་རོ། །དེ་ཉིད་དུ། ཆོས་སྐྱོང་ཆེན་པོ་དེ་དག་ནི། བསྟན་པ་འཛིན་པའི་སྒྲུབ་པ་པོ་གར་གནས་པར་འདུ་ཞིང་ལས་ཐམས་ཅད་གྲུབ་པར་བྱེད་དོ། །ཞེས་བཤད་པས། ཆོས་སྐྱོང་དུ་མ་བསྟེན་ན་འཁུ་ལྡོག་འབྱུང་སྙམ་པའི་ལོག་རྟོག་ཀྱང་ཞར་ལ་བཀག་གོ །རེ་མ་ཏི་བཞི་ལ་འདིར་འཕྲོག་མ་ལ་སོགས་པའི་མཚན་བསྟན་པ་བཞིན། མེ་ཁ་ལ་ཞེས་བྱ་བའི་གཟུངས་སྔགས་

(༡༤༧)ལས་ཀྱང་བཤད་པ་ནི་མཐུན་ལ། དེ་བྱ་བའི་རྒྱུད་ཀྱི་ལྔས་རྩེན་གྱི་རིགས་སུ་གསུངས་ལ། འདིར་རྡོ་རྗེ་རིགས་ཀྱི་ཡུམ་དུ་བཤད་པ་ནི་གདུལ་བྱའི་སྐལ་བས་སོ་ཞེས་མང་དུ་སྨྲས་སོ། །ཞིང་སྐྱོང་ལ། ཀུན་ཏུ་གཏུམ་པའི་ཤུགས་འཆང་བ། །ཡུལ་དང་ཡུལ་དུ་རོལ་བྱེད་པས། །ཤིང་རྣམས་ནི་གནས་ནས་ཀྱང་། །དཀྱིལ་འཁོར་ཞིང་རྣམས་སྐྱོང་བར་བྱེད། །དུར་ཁྲོད་གནས་ཀྱི་ཡོངས་སུ་བསྐོར། །མ་མོ་གནས་སོགས་ཁྱབ་པར་བྱེད། །ཀླུ་ཡི་མཚོན་པའི་ཞིང་སྐྱོང་ལ། །མི་ཡི་ཕྱེ་བས་ཡོངས་སུ་བསྐོར། །སྒོར་ནི་མིག་གིས་ཁྱབ་པར་འགྱུར། །ཅེས་རྡོ་རྗེ་ཕོ་ཉ་མོ་བརྒྱད་ལ། དུར་ཁྲོད་ཀྱི་མ་མོ་བཞི་བཞིས་བསྐོར་བས་བཞི་བཅུ། ཕྱོགས་མཚམས་བརྒྱད་ལ་མེས་ཕྱེ་བས་ཉེར་བཞིའི་ཡུལ་གྱི་ཞིང་སྐྱོང་མ་རྣམས་ལ་ཕོ་ཉ་དྲུག་ཅུ་རྩ་བཞི་སྟེ། དུས་ཀྱི་འཁོར་ལོའི་རྣལ་འབྱོར་མ་དྲུག་

(༡༤༨)ཅུ་རྩ་བཞི་ཕན་གནོད་ཀྱི་ལས་བྱེད་པ་གསུང་བ་དག་གོ །དེ་དག་གི་གཙོ་མོ་ཡབ་ཡུམ་དཀྱིལ་འཁོར་ཐམས་ཅད་ཀྱི་དུར་ཁྲོད་དུ་འབྱུང་བའི་ཞིང་སྐྱོང་ཡིན་པ་དང་འཁྱུད་བྱེད་པོ་གཉིས། སྒོར་ནི་མིག་ཅེས་པ་ལྕམ་དྲལ་གྱི་ཞིང་སྐྱོང་བཞིའོ། །སྡེ་བརྒྱད་ལ། ལྷ་ཆེན་པོ་ལྷའི་མགོན་པོའི་མ་མོའི་སྡེ་དཔོན་ཏེ། དུར་ཁྲོད་ཀྱི་མ་མོ་ཐམས་ཅད་ཀྱི་མཆོད་པའི་ཡུལ་ཡིན་པས་དང་ཁམས་གསུམ་བདག་པོ་ཡིན་པའི་ཕྱིར་རོ། །དེ་བས་ན་འདི་ལ་ཕྱིའི་སྡེ་བརྒྱད་འཁོར་དུ་འགྱུར་རོ། །དཔལ་བདུད་ཀྱི་མགོན་པོ་ནི། འཇིག་རྟེན་པའི་སྐྱེ་བརྒྱུད་དང་བསྟུན་ན་བདུད་ནག་པོ་སྐྲག་མེད་ཅེས་བྱ་བ་བདུད་ཡུལ་ཁ་རག་མགོ་དགུའི་གླིང་ན་གནས་པ་སྟེ། དོན་ཤ་ཟ་སེང་གདོང་། འདི་ཡང་ཐུབ་དཀའ་ཞེས་བོད་ཡུལ་གྱི་ཞིང་སྐྱོང་ཆེན་པོ་དེ་ཁ་ཡིན་ལ། བདུད་ཡུལ་ཁ་རག་གཅེས་པའང་བོད་བདུད་ཀྱི་བཟང་བ་དེའི་དུས་ཀྱི་རྒྱལ་ཁམས་ཀྱི་མིང་དེ་ལྟར་གྲགས་པའོ། །

(༡༤༩)འོན་ཀྱང་སྒོ་སྐྱོང་མ་དག་དང་འདི་ལྟ་བུ་ལ་སོགས་པ་བྱ་བའི་དབྱེ་བས་གཉིས་གཉིས་འདིར་དཀྱིལ་འཁོར་དུ་བཞུགས་སོ། །འདི་ལ་སྲིད་པ་གསུམ་སྒྲོལ་བའི་ལས་བྱེད་པས་འདུ། དེའི་།།།རི་ལས་བྱེད་ཀྱི་སྡེ་བརྒྱད་འཁོར། གཤིན་རྗེ་ནི་ཕྱོགས་སྐྱོང་དང་དོན་གཅིག །འོན་ཀྱང་འཆི་མེད་མཛོད་ལ་སོགས་པར་ཆོས་ཀྱི་རྒྱལ་པོ་བདུན་བཤད། གཞན་གཤིན་རྗེའི་ཕོ་ཉ་མོ་སོགས་མོ་བརྒྱད་འཁོར་དང་བཅས་པ། གཤིན་པོའི་རྗེ་ཡིན་པས་གཤིན་རྗེའོ། །དེ་ནི་སྔགས་ཀྱི་བདག་མོར་བཤད་པས་སྔགས་ཀྱི་སྡེ་བརྒྱད་འཁོར་རོ། །གཟའ་ནི་ནང་དུ་མུན་ཅན། ཕྱིའི་སྒྲ་གཅན་ལྷ་མ་ཡིན་གྱི་སྡེ་དཔོན་ཡིན་ལ། ཆོས་མངོན་པའི་གཞུང་ལས། དེ་དག་གི་གཙོ་བོ་མཆོག་རབ་ནི་ཐག་བཟང་རིས་ལས་བཤད་ཀྱང་། འཆི་བདག་བདུད་པོ་དངོས་སུ་རྒྱུ་བ་རཱ་ཧུ་ལ། འདི་ཀི་ཀང་དུ་བཞུགས་པ་དང་

(༡༥༠)ཞིབ་མོར་བརྟགས་ན། འཆར་ཀ་ནག་པོ་ཡང་འདི་གའོ་ཞེས་བླ་མ་གསུང་ངོ་། །འཇིག་རྟེན་ཁམས་ན་དྲག་ཤུལ་ཆེ་ལ། དེ་ཉིད་འཇམ་དཔལ་གཤིན་རྗེ་གཤེད་པོས་འཁོར་ལོ་འཕངས་པས་ལུས་དུམ་བུ་བརྒྱད་དུ་སོང་བས་གཟའ་བརྒྱད། དོན་དེ་ཁ་བསྡོངས་ཟླས་བྱེ་བའོ། །ཕྱི་རོལ་གྱིས་རེས་གཟའ་དག་ཀྱང་དོན་དེ་དག་རྣམས་སོ། །གཟའ་དགུར་བྱེད་པའི་མཇུག་རིངས་འདིས་འཇུག་མར་བསྡུ་ལ། ཤིན་ཏུ་མྱུར་བར་ལས་བྱེད་པས་མྱུར་མགྱོགས་ཀྱི་སྡེ་བརྒྱད་དོ། །ཀླུ་བདུད་ནག་པོ་མགོ་དགུ་པ་ཞེས་མགོན་པོའི་ལུང་མང་པོར་བཤད་པ་ནི། གདུག་པ་ཅན་ཀླུའི་ནང་ན་དེ་ལས་མཐུ་རྩལ་ཆེ་བ་མེད་པས་ཀླུའི་བདུད་དམ། ཀླུའི་སྲིན་པོ་ཡིན་པས་ན་ག་རཀྴ་ཞེས་བཤད་དེ་གཏད་ཁྲམ་རུས་སྦལ་ནག་པོའམ་གཤིན་རྗེ་འཁོར་ནག་པོར་བཤད་པ་དང་། ཡི་དམ་ལྟར་བསྙེན་པའི་ཚུལ་མང་པོ་གསང་སྔགས་རྙིང་མ་ལས་བྱུང་ཞིང་། འདིའི་ཀླུ་བརྒྱད་

(༡༥༡)ཀྱི་སྲོག་བདག་ལྷ་འདྲེ་བརྒྱད་དང་བཅུ་དྲུག་ལ་སོགས་པ་རྣམ་འགྱུར་དུ་བྱེད་པས་རྣམ་འགྱུར་དེ་སྦས་པའི་ཕྱིར་སྦས་པའི་ལྷ་མ་སྲིན་སྡེ་བརྒྱད་འཁོར་རོ། །བེག་ཙེ་ནི་བཙན་གྱི་སྡེ་དཔོན། བཙན་ཞེས་པའང་གསུང་རབ་ཆེན་པོ་དག་ཏུ་ཤ་ཟའི་སྒྲས་བསྙད་དག་གོ །དེ་དག་ཀྱང་ནང་གི་ལྷ་མ་སྲིན་སྡེ་བརྒྱད་དེ། ཤ་ཟར་མཚན་མོ་རྒྱུ་བ་ཐམས་ཅད་འདུས་པའི་ཕྱིར་རོ། །གནོད་སྦྱིན་ནག་པོ་ཁྲག་རལ་ཅན་ཞེས་གསུངས་ཤིང་། སྐབས་འགར་གནོད་སྦྱིན་བྱ་གདོང་དུ་བཤད་པ་ནི་ཞང་བློན་འཕྱིས་རིག་འཛིན་རྣམས་ཀྱི་བན་ཆེན་པོ་རྡོ་རྗེ་བདུད་འདུལ་དུ་མཚན་བཏགས། གསང་བའི་བདག་པོའི་སྲས་ཏེ་གནོད་སྦྱིན་བརྒྱད་ནི། གསང་བའི་སྡེ་བརྒྱད་དོ། །དྲེགས་པ་ཐམས་ཅད་ཀྱང་གནོད་སྦྱིན་དུ་བསྡུས་དུས་ཀྱི་སྡེ་དཔོན་ཡིན་པས་སོ། །རྒྱལ་པོ་བེ་ཧ་ར་ནི་གིང་ཆེན་པོ་

(༡༥༢)དཔལ་ལྡན་།།།འདི་མཆན་བུ་ཡིན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་གུར་གྱིས་མགོན་པོ་དང་རྒྱུད་གཅིག་ཏུ་གསུངས་སོ། །ཞེས་གྲགས་པ་འདིའི་འཁོར་དུ། པུ་ཏྲ། བྷ་དྲ། སྲིང་མོ། གནོད་སྦྱིན་ཡབ་ཡུམ་རྣམས་ས་ལུགས་པའི་གུར་གྱི་འཁོར་དུ་བྱུང་བ་དེ་ག་ཡིན་ཞིང་། རུ་འདྲེན་སྡེ་བཞི་ཡང་དེ་གའོ། །དེ་བས་རྟགས་ཆད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་ཅེས་མཁའ་ལ་རྒྱུ་བའི་ཚོགས་ཐམས་ཅད་དོ། །འདིར་སྡེ་བརྒྱད་བསྡུ་བའི་མཚན་ཉིད་སྲིད་པའི་གཏེར་ཁྱིམ་སོགས་དང་མཐུན་ལ། མཚན་བཞི་ནི་མ་ངེས་ཏེ། ཕྱག་ན་རྡོ་རྗེ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་གང་དུའང་འདྲེན་པ་བཞིན་ནོ། །ཕྱོགས་བཅུ་སྐྱོང་བ་ནི་ངེས་པར་སླ་ལ། རྒྱལ་པོ་ཆེན་པོ་བཞི་བདུད་དགའ་རབ་དབང་ཕྱུག་བློན་པོ་བཞི་ཡོད་པའི་གཤེད་ཆེན་པོར་རྒྱལ་བས་བསྐོས་པའོ། །དེའི་ཕྱིར་ཐུགས་རྗེ་འབྱུང་བར་

(༡༥༣)རྒྱལ་ཆེན་བཞི་བསད། ཅེས་པ་སྔ་མ་བདུད་ཀྱི་བློན་པོ་བཞི་པོ་དེ་ཡིན་པར་ཤན་ཕྱེད་པར་བྱའོ། །དེ་བས་ན་དཀྱིལ་འཁོར་ཆེན་པོ་འདིར་དཔལ་གྱི་མགོན་པོ་ལྕམ་དྲལ་ནས་སྲིད་པ་ཕོ་རྒྱུད་མོ་རྒྱུད་ཅི་ཡང་མ་ཚོགས་མེད་དོ། །འདི་བོས་ན་མི་ཁོམ་པའི་མགྲོན་མེད་དེ། འདིར་ནི་སྣང་སྲིད་ཐམས་ཅད་དཀྱིལ་འཁོར་ཆེན་པོར་བསྒྱུར་བས་སོ། །དེ་ལྟ་བུའི་ཐུགས་དཀྱིལ་དུ་ལྷ་དགོད་ཕྱིར་ཐུགས་རྗེ་འབྱུང་བར་ཡང་། ཡི་གེ་ཧཱུཾ་ལས་བྱུང་བ་སྟེ། །ཉི་མ་ཟླ་བའི་གདན་སྟེང་དུ། །ས་བཅུའི་མགོན་པོ་ཡེ་ཤེས་པ། །བརྐྱང་བསྐུམ་ཚུལ་དུ་བཞུགས་པར་བསྒོམ། །འཇིག་རྟེན་ལས་སྤྲུལ་ཡུམ་ཆེན་གསུམ། །དཀར་དམར་ནག་པོ་ཁྲོས་པའི་སྐུ། །འཇིགས་པའི་མཚོན་ཆ་སྣ་ཚོགས་བཟུང་། །ཡི་གེ་ཀྵཾ་ལས་བསྐྱེད་པར་བྱ། །ཐུགས་ཀྱི་སྲས་མཆོག་ཆེན་པོ་བཞི། །སྤྲུལ་པའི་མགོ་བརྙན་བྱ་གདོང་

(༡༥༤)བཞི། །ཧཱུཾ་ལས་སྐྱེས་པའི་ནག་པོ་ཆེ། ནས་ རིགས་བཞི་འཁོར་དང་བཅས་པར་བསྒོམ། །སྐྱེ་མཆེད་སྤྲུལ་པའི་མཁའ་འགྲོ་དྲུག །ཡེ་ཤེས་ལས་དབང་དབང་མོ་ཆེ། །འབྱུང་བ་དྲུག་ལས་བྱུང་བ་ཡི། །དང་ལས་ཀྱི་བཀའ་སྡོད་ཡབ་ཡུམ་བརྒྱད། །རྡ་དང་རྡོ་ལས་བྱུང་བའི་སྐུ། །འཇིགས་པའི་ཞལ་བགྲད་མཆེ་བ་གཙིགས། །ལག་ན་བེང་མདུང་གློ་སྙིང་ཟ། །ར་ནག་འཇོལ་བེར་ལུས་ལ་གྱོན། །སྤྲུལ་པ་མགོ་བརྙན་སྤྱི་བོར་གཟིགས།།། །མི་མགོའི་འཕྲེང་བ་ལུས་ལ་འཆང་། །བདུད་འདུལ་མི་རོའི་སྟེང་ན་བཞུགས། །ལྷ་མོ་མགྱོགས་མ་མགོ་བརྙན་ཅན། །གྲི་གུག་ཐོད་པ་ལག་ན་ཐོག །མི་ལྤགས་གཡང་གཞིའི་སྟོད་གཡོགས་ཅན། །སྐུ་མདོག་ནག་པོ་མུན་པའི་གཟུགས། །ཕྱོགས་དང་མཚམས་ན་གནས་པར་བསྒོམ། །ཞེས་བཤད་པས། འདིར་ལྷ་གྲངས་ཇི་

(༡༥༥)ལྟར་བཤད་པ་དེར་གཏན་ལ་ཕབ་ན་ཁ་དོག་ཕྱག་མཚན་གྱི་ཁྱད་པར་ཅུང་ཟད་སྣང་ངོ་། །དེ་ལྟ་བུར་གྲི་གུག་བརྩེགས་པའི་རྒྱུད་དུ་ཡང་། ཁྱད་པར་ལྷ་མོ་ལྕམ་མོ་ནི། །བོང་བུ་གྭ་དམར་ཆིབས་པ་དེ། །ལས་བྱེད་སྲིན་མོའི་ཚོགས་བཅད་པའོ། །མིང་པོ་མགོན་པོ་ནག་པོ་ནི། །ཕྱག་བཞི་པ་དང་ཕྱག་གཉིས་པ། །ནག་པོ་དུ་མའི་གཙོ་བོར་གྱུར། །གཏུམ་བྱེད་ནག་མོ་ནག་མོར་བཅས། །ཕྱོགས་མཚམས་གནས་པའི་ལྷ་མོ་དང་། །འཇིགས་བྱེད་དྲག་མོ་རྔམ་དང་རྒོད། །ལས་མཁན་ཁཱ་ཏའི་གདོང་ཅན་དང་། །ཕོ་ཉའི་མགོན་པོ་ཤ་ཟ་བརྒྱད། །སོ་སོའི་སྡེ་དཔུང་བཅས་པ་ནི། །འདི་དག་གིས་ནི་སྔོན་དུས་སུ། །དེ་བཞིན་གཤེགས་པ་དུ་མ་མཆོད། །ད་ལྟའི་ཕྱོགས་བཅུའི་ཞིང་ཁམས་སྐྱོང་། །ཐུབ་པ་ཆེན་པོ་འདི་ཡི་ནི། །བསྟན་པ་བསྲུང་བར་

(༡༥༦)བྱེད་པ་ཡིན། །མ་འོངས་པ་ནའང་དེ་ནི་འགྱུར། །ཞེས་སོ། །འདིར་བྱ་རོག་གདོང་དེ་།།།སྡེ་བརྒྱད་མགོན་པོའི་སྔོན་དུ་བཤད་པ་ནི་ལས་སྒྲུབ་ཀྱི་དཀྱིལ་འཁོར་ལ་དེ་གཙོ་བོར་བསྟན་པ་ཡིན་ནོ། །དེ་ཕྱིར་ཕྱག་གཉིས་པ་གཙོ་བོར་གྱུར་པ་དེའོ། །དེ་ལྟ་བུའི་ཡེ་ཤེས་ཀྱི་མགོན་པོ་ལ་བྱ་རོག་མིང་ཅན་ཞེས་པའི་རྒྱུ་མཚན་ཡང་། བདུད་དཔུང་ཐམས་ཅད་འཇོམས་བྱེད་པའི། །མགོན་པོ་བྱ་རོག་ཅན་ཞེས་པ། །སྔོན་ཚེ་བྱ་རོག་ཅན་ཞེས་པ། །སྔོན་ཚེ་ལྷ་མིན་འདུ་བའི་ཚེ། །བྱ་རོག་དག་ཏུ་སྤྲུལ་ནས་ནི། །དེ་ཡི་ཡང་སྤྲུལ་དུ་མ་ཡིས། །འོད་ཟེར་ནག་པོ་སྐར་མདའ་སྟོང་། །དེ་ཡི་བདུད་ཚོགས་ཕམ་པར་བྱས། །སྲིན་པོའི་ཚོགས་ནི་འདུལ་བའི་ཚེ། །བྱ་རོག་ཆེན་པོས་གཤོག་པ་བརྡབས། །དེའི་ཚེ་རྒྱ་མཚོ་འཁྲུག་པ་དང་། །མེ་དཔུང་ཁ་ནས་སྤྲོས་པ་ཡིས། །ཐམས་ཅད་བསྲེགས་ཤིང་རྡུལ་དུ་བརླག །གཤིན་

(༡༥༧)རྗེའི་ཡུལ་དུ་བྱ་རོག་ཆེས། །ཏོག་ཏོག་རྔམས་པའི་སྒྲ་གྲགས་པས། །བྷེ་བ་སཏྭ་བཏུལ་བར་གྱུར། །མ་མོ་རྣམས་ནི་དབང་དུ་བྱས། །བདུད་ཀྱི་དཔུང་རྣམས་ཀ་ནི་ཀར། །གཡོས་ཚེ་སུམ་ཅུ་རྩ་གསུམ་ནས། །བྱ་རོག་ཆེན་པོ་ཁྲོས་པ་ཡི། །ལྷ་དམག་དུང་ཕྱུར་ཕྲག་བརྒྱ་རྣམས། །གཤོག་པའི་སྟེང་དུ་བཏེགས་ནས་ནི། །འོངས་ཏེ་བདུད་ཚོགས་ཕམ་པར་བྱས། །དུས་གསུམ་མ་ལུས་ཐམས་ཅད་དུ། །ཀུན་ཁྱབ་གློག་གི་འོད་ལྟར་འཁྱུག །ཐམས་ཅད་མཐོང་བ་རྡོ་རྗེ་ཡིས། །མངོན་ཤེས་མངའ་བར་འགྱུར་བའི་གནད། །རྡོ་རྗེ་བྱ་རོག་ཅན་དུ་གྲགས། །སྒྲུབ་པ་པོ་རྣམས་སྐྱོང་བའི་ཚེ། །བྱ་རོག་ཆེན་པོས་སྲུང་བར་བྱེད། །ཉེ་བའི་ཡུལ་ནི་ཉི་ཤུ་བཞི། ཁྱབ་མཛད་ཞིང་སྐྱོང་ཆེན་པོ་སྟེ། །ལྗོན་པའི་ཤིང་ལ་བརྟེན་དེ་གནས། །དེ་ཕྱིར་ཞིང་སྐྱོང་ཆེན་པོར་གྲགས། །ཐབས་དང་ཤེས་རབ་

(༡༥༨)ཤེས་པར་ལྡན། །རྡོ་རྗེའི་སྤྱན་གྱིས་གཟིགས་མཛད་ཅིང་། །གནམ་ལྕགས་འབར་བའི་རྡོ་རྗེའི་མཆུས། །ཁྲོ་ཞལ་ཅན་དང་ཕྱག་ཞབས་ལ། །བྱ་སྡེར་སྲིན་མོ་རྣོན་པོ་ཅན། །ལས་ཀྱི་མགོན་པོ་རབ་ཏུ་གྲགས། །ཀངྐ་བྱ་ཁྱུང་ཁྭ་ཏ་འགྱེད། །ཡེ་ཤེས་སེམས་དཔའ་མ་ཐུལ་བ། །མ་རུངས་གདུལ་དཀའ་དེས་འདུལ་བས། །བྱ་རོག་གདོང་ཅན་དྲག་པོ་ཆེ། །ཞེས་རྒྱུ་མཚན་བདུན་གྱིས་གསུངས་སོ། །ལས་ཀྱི་མགོན་པོ་རྡོ་རྗེའི་གཤོག་པ་ཅན་དང་ཞིང་སྐྱོང་རྣམས་སྤྲུལ་བར་ཡང་འདིས་བསྟན་ནོ། །དེ་བས་ན་དེའི་སྲོག་གི་སྙིང་པོར། ཀཱ་ཝུ་ཝ་ཝ་པ་ཤ་ཡ་ཞེས་པ་ཉིད་རྒྱུད་ཀྱི་དགོངས་པ་ཡིན་གྱི། ཀཱ་ཝུ་ཝ་སུ་ཥ་ཡ་ཞེས་འདོན་པ་ནི་མཁས་འདོད་ཅན་དག་གིས་བཅོས་མའོ། །སྔ་མ་བྱ་རོག་གི་མིང་ཅན། ཕྱི་མ་བྱ་རོག་གི་སྐུ་ཅན་ཞེས་བསྒྱུར་བས་ཁྱད་པར་མེད་དོ་ཞེས་སྨྲ་བའི་

(༡༥༩)འགལ་སྤོང་ཡང་རྒྱུ་མཚན་འདིས་མི་འཐད་དོ། །དེ་བས་ཤིས་གང་དུ་ཡང་མ་གྲུབ། གདངས་ལྷའི་རོལ་མོར་གནས་པའི་གནད་ཤེས་ན། སྐུ་ཕྱག་རྒྱ་ཆེན་པོར་འགྱུར་བས། བརྟག་གཉིས་ལྐས། བསྒོམ་པ་པོ་མེད་བསྒོམ་པ་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་ཡང་དག་ལྡན། །ཞེས་གསུངས་སོ། །དེའི་ཕྱིར་ཕྱག་རྒྱ་ཆེན་པོ་གསུམ་པོའི་ལན་ནི་རྫོགས་རིམ་མཚན་ཉིད་གསུམ་ལྡན་དུ་སྟོན་པ་དེ། རྣམ་པར་མི་རྟོག་པས། ཟབ་པ། རྣམ་པ་ཐམས་ཅད་པས་གསལ་བའམ་རྒྱ་ཆེ་བ། ལྷན་ཅིག་སྐྱེས་པས་ཟུང་འཇུག་སྟེ་གཅིག་དང་དུ་མ་རོ་མཉམ་པའོ། །འདིར་རྫོགས་རིམ་དང་པོར་སྟོན་པའང་། འཆད་འགྱུར་ཐམས་ཅད་ལྟ་བའི་རྩིས་ཟིན་ན། ཐར་པའི་ཐབས་སུ་འགྱུར་གྱིས། མ་ཟིན་ནས་འཁོར་བ་ཁོ་ནའི་

(༡༦༠)རྒྱུ་ཉིད་རེད་པ། དེའི་ཕྱིར་སློབ་དཔོན་ཆེན་པོ་པདྨའི་གཞུང་ལས་ཀྱང་། ལྟ་བ་གྱབས་ཀྱིས་ལྷ་ཞེས་རྣམ་པ་ཀུན་ཏུ་གཅེས་པར་གསུངས་ལ་ཇོ་བོ་རྗེས་ཀྱང་། སངས་རྒྱས་པ་ཡི་སྔགས་རྒྱུ་དང་། །མུ་སྟེགས་པ་ཡི་སྔགས་རྒྱུ་ལ། །སྟོང་པ་ཉིད་ལ་ཁྱད་པར་ཡོད། །ཅེས་གསུངས་ཤིང་། དེ་ནི་འདི་གའི་གླེང་གཞིར། ཤེས་རབ་སྙིང་རྗེ་ཟུང་འཇུག་པའི། །ཏིང་འཛིན་གང་དུ་བསྒོམ་བྱེད་པ། །བླ་མེད་དཀོན་མཆོག་བསྟན་པ་དེས། །རྒོལ་བ་ངན་པ་ཐམས་ཅད་བཟློག །ཐུབ་པ་མཆོག་གི་བསྟན་པ་ལ། །འཛིན་དང་སྐྱོང་དང་བསྲུང་བ་གསུམ། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །བདག་ཏུ་འཛིན་པ་སྤོང་བར་མཛད། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་པར། །ཡེ་ཤེས་གཅིག་ལ་བསྒྲུབ་པར་བྱ། །ཞེས་གསུངས་པས་སོ། །དེ་བས་ན་འདིར་ལྷའི་དག་པ་ཡང་། དམ་ཚིག་གི་གསང་བ་འབྱུང་བ་ལས། །རྒྱལ་བ་རིན་ཆེན་འབར་བའི་གཙོ། །ཕྱོགས་དུས་མེད་པར་རང་བྱུང་བ། །དམ་ཚིག་

(༡༦༡)གསང་བ་འབྱུང་བ་ནི། །མཆོག་ཏུ་མི་འགྱུར་བའི་བདེ་ཆེན། །རྒྱལ་བ་རིན་ཆེན་འབར་བའི་གཙོ་བོ་ནི། །དེ་ལས་ཡིད་བཞིན་གྱི་ནོར་བུའམ་དཔག་བསམ་གྱི་ཤིང་ལྟར་རྣམ་པར་རྟོག་པའི་འབད་རྩོལ་མེད་པར་འདོད་དགུ་སྟེར་བ་ལྟ་བུར་ཕྱོགས་དུས་མེད་པར་རང་བྱུང་བའི་ལྷའི་རོལ་པ་སྤྲོས་པ་དང་བྲལ་བ་ལ་སྣང་བ་དེ། ཆོས་འབྱུང་ཕོ་བྲང་དཀྱིལ་འཁོར་དུ། །ཆོས་ཐམས་ཅད་ཀྱི་འབྱུང་གནས་སོ། །དེ་ཉིད་དཀྱིལ་འཁོར་ཏེ་སྙིང་པོ་ལེན་པས་སོ། །རིགས་ཀྱི་ཡོན་ཏན་ལྡན་པར་ཡང་། །ལག་ལེན་གྱི་སྙིང་པོ་དེ་ཡང་རིགས་ལྔ་དྲུག་པ་རྡོ་རྗེ་འཆང་དང་མི་ཕྱེད་པའོ། །གང་དེ་དག་དང་མི་ཕྱེད་ན་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཚོགས་འདི་པའོ། །ཇི་ལྟར་མི་ཕྱེད་པ་ནི་འདུས་པར། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔ་རུ་རབ་ཏུ་གྲགས། །ཞེས་སོགས་ཀྱི་གསུངས་པ་ལྟར་རོ། །དེའི་ཕྱིར་

(༡༦༢)གཞི་ལམ་འབྲས་གསུམ་རོ་མཉམ་པས། ནམ་མཁའ་རྒྱ་མཚོ་འབྲས་ལྡན་པ། །ཕུན་སུམ་ཚོགས་པ་ལྷུན་གྱིས་གྲུབ། །ཅེས་བཤད་དོ། །ཞེས་དང་ཐུགས་རྗེ་འབྱུང་བར་གཙོ་བོ་ཡེ་ཤེས་མགོན་པོ་ལ། མ་མོ་མཁའ་འགྲོས་བསྐོར་བ་ནི། །སྤྱི་བསྙེན་ཡིད་བཞིན་ནོར་བུ་ཡིན། །ལས་མགོན་ནག་པོ་མཆེད་བཞི་ལ། །གླིང་ཆེན་ལྷ་མོས་བསྐོར་བ་ནི། །སྙིང་ཏིག་ནག་པོའི་སྲོག་སྒྲུབ་ཡིན། །དཔེར་ན་མྱུར་མཛད་ལ་དབང་ཕྱུག་ཛི་ན་མི་ཏྲ་ལ་སོགས་པ་གིང་གིས་བསྐོར་བ། གདོང་བཞི་པ་ལ་སྲིང་མོ་ལྷ་མོ་བཞིས་བསྐོར་བ། ཧཱུཾ་མཛད་ལ་ལྷ་དང་གཤིན་རྗེ་དང་བདུད་དང་གནོད་སྦྱིན་བརྒྱད་དམ་ལས་ཀྱི་མགོན་པོ་གདོང་ཅན་བཞིས་བསྐོར་བར་བཤད་དོ། །བཀའ་སྡོད་ནག་པོ་མཆེད་བརྒྱད་ལ། །ཕོ་བརྒྱུད་དྲེགས་པས་བསྐོར་བ་ནི། །ལྟོ་དཀྲུགས་གསང་བའི་མན་ངག་ཡིན། །མགོན་པོ་སྟག་ཞོན་ལ་སོགས་པའི་སྒེར་

(༡༦༣)སྒྲུབ་དང་། རོ་ལངས་དམར་མོ་སྤུན་བདུན་ལ། །ཤ་ཟ་བྱེ་བས་བསྐོར་བ་ནི། །སྙིང་གཟེར་ནག་པོའི་བསྒྲུབ་པ་ཡིན། །འདིར་རོ་ལངས་དམར་མོ་ནི་ལས་ཀྱི་ཙཎྜི་ཀ །དེའི་མཆེད་མཁའ་འགྲོ་དྲུག །གསང་བའི་ཡུམ་ཆེན་མ་བདུན་ལ། །དབང་ཕྱུག་མ་མོས་བསྐོར་བ་ནི། །ཙིཏྟ་གསང་ཐུན་དྲག་སྔགས་ཡིན། །དབྱིངས་ཡུམ། སྦྱོར་ཡུམ། སྒྲོལ་ཡུམ། རེ་མ་ཏི་རྣམས་གཙོ་བོ་ཉིད་དང་སྦྱོར་བའི་ཕྱིར་མ་བདུན་ནོ། །ལས་ཀྱི་བཤན་པ་མཆེད་བཞི་ལ། མ་མོ་སྟོང་གིས་བསྐོར་བ་ནི། །གཤེད་པོ་ལྟོ་དཀྲུགས་དྲག་སྔགས་ཡིན། །གཟའ་ཀླུ་བཙན་གིང་རྣམས་གསུམ་དང་། །བདུད་མགོན་ནག་པོ་སྤུན་གསུམ་ལ། །མུན་པའི་བདུད་མོས་བསྐོར་བ་ནི། །ལྕམ་དྲལ་སྲོག་ཏིག་དྲག་སྔགས་ཡིན། །བདུད་མགོན་ནི་ཤ་ཟ་སེང་གདོང་ཡིན། །སྤུན་གདུམ་ནི་རྒ་ལོས་དྲུག་གསུམ་

(༡༦༤)མགོན་པོ་སྤུན་གསུམ་གྱི་བཙན་དུ་བཤད་པ་སྟེ། །ཞེ་སྡང་གི་མགོན་པོ་སེང་གདོང་། གཏི་མུག་གིས་མགོན་པོ་ལྕགས་མགོ་ནག་པོའམ། འཇིགས་བྱེད་དུས་མཚན་ནག་པོ། ད་ལྟ་ཞིང་སྐྱོང་གི་འཁོར་དུ་བསྡུ་བའི་བམ་རོ་འདི་ག་ཡིན། འདི་ལ་ལེགས་ལྡན་གྱི་རྒྱུད་དུའང་ལེགས་ལྡན་ཉིད་ཁྲོས་པར་བཤད་ཡོད་དོ། །འདོད་ཆགས་ཀྱི་མགོན་པོ་ལས་གཤིན། རོ་ལངས་དྲག་པོ་སྨྱོན་པ་ལ། །མཁའ་འགྲོ་དྲུག་གིས་བསྐོར་བ་ནི། །སྤུ་གྲི་རེག་གཅོད་དྲག་སྔགས་ཡིན། །འདི་ནི་མུ་སྟེགས་གུ་ལངས་ཡིན། །དེ་ག་ལྷ་ཆེན་པོ་ཤྲི་རལ་པ་ཅན་དབང་ཕྱུག་ཁྲག་རལ་ཅན་ལ་སོགས་པར་གྲགས། སྒོ་མཚམས་ཀྱི་མཁའ་འགྲོ་བརྒྱད་ལ། ལྷ་མོ་བྱ་རྒོད་མགོ་ཅན་མས་རེངས་པའི་ལས་བྱེད་པ་སོགས་དང་། ཞིང་སྐྱོང་རྣམས་ཀྱིས། འདི་དག་གྲུབ་པའི་རྣལ་འབྱོར་མས། །དངོས་གྲུབ་སྩོལ་བར་ཐེ་ཚོམ་མེད། །སོགས་དང་། རྒྱལ་པོ་

(༡༦༥)བཞི་ལ་ཕྱོགས་བཞི་ཡོངས་སུ་སྐྱོང་བ་ཡི་ནས། སངས་རྒྱས་བསྟན་པ་སྲུང་བྱེད་པ། །འདི་ཉིད་གྲུབ་པ་སྟེར་བྱེད་པའོ། །ཞེས་པའི་བར་དང་། འདི་ཉིད་དུ། རྣམ་སྲས་ཀྱི་སངས་རྒྱས་པའི་ལས་གྲུབ་པ་གང་དུ་བཤད་པ། གྲི་གུག་བརྩེགས་པར། གང་པོ་མཛེས་པའི་སྒྲུབ་པ་བཤད་པ་ནི་གནོད་སྦྱིན་མིང་སྲིང་ཡིན་ལ། སྲིང་མོ་ལ་ལྗོང་གི་ལྷ་མོ་ཞེས་བྱ་བའི་རྒྱུད་དུ་མར་བསྔགས་ཏེ། དེ་ཡང་སྔགས་སྟོབས་ཀྱིས་བཀུག་ནས། དེས་མཁའ་སྤྱོད་དུ་ཁྱེར་བར་བཤད་པ་ལྟ་བུ་སོགས། རེ་རེས་ཀྱང་ལས་ཐམས་ཅད་ནུས་ཀྱང་། གཙོ་བོར་དེ་དང་དེ་ལ་བསྔགས་སོ། །རེ་མ་ཏི་བཞི་གཞན་དུ་བཤད་པའི་སྒོ་མ་བཞི་ཡང་ཡིན་ཏེ། ཤར་གྱི་ལྷ་མོ་འཕྲོགས་བྱེད་མས་འགུགས་པའི་ལས་བྱེད་དོ། །ལྷོའི་ལྷ་མོ་གླང་སྣ་མས་འཆིང་བའི་ལས་བྱེད་དོ། །ནུབ་ཀྱི་ལྷ་མོ་འདི་ནས་ཆད་འདུག །བྱང་གི་ལྷ་མོ་སའི་གཙུག་གིས་

(༡༦༦)མྱོས་ཤིང་དབང་དུ་བྱེད་དོ། །ཞེས་པས་སོ། །གཞན་གསུངས་དཀྱིལ་འཁོར་གྱི་སྒོ་བ་ལ་སོགས་པའི་ལྷའི་སྟོབས་ནི་ཁྲག་མཚོ་ཁོལ་མ་ལ་སོགས་ནས་བཤད་དོ། །དོན་དུ་ལྷ་གཅིག་ཉིད་ཁ་དོག་ཕྱག་མཚན་ལ་སོགས་པའི་དབྱེ་བས་སོ་སོར་བསྔགས་ཏེ། དཔལ་ཡེ་ཤེས་ཀྱི་མགོན་པོ་བརྟག་པའི་རྡོ་རྗེ་དུས་མ་ཡིན་པའི་འཆི་བདག་ནད་གདོན་འཇོམས་པས་ཞི་བ་དང་ཚེ་སྒྲུབ། མགོན་པོ་འཇམ་པའི་རྡོ་རྗེས་ཤེས་རབ་དང་རྒྱས་པ། ཆགས་པའི་རྡོ་རྗེས་དབང་སྡུད་དང་དགུག་པ། ཞེ་སྡང་རྡོ་རྗེས་མངོན་སྤྱོད་དང་ཕྲིན་ལས། ཐམས་ཅད་པའི་རྡོ་རྗེས་ཐམས་ཅད་པར་རོ། །ཞེས་གསུངས་ཤིང་། ཁོ་བོས་སྐབས་སྣ་ཚོགས་པར་བཤད་པ་བཞིན་།།།དམ་ཅན་རྒྱ་མཚོ་འདི་དག་ཐམས་ཅད་རང་རྒྱུད་ཀྱི་ནང་གི་རྩ་ཁམས་ཀྱི་འཕྲུལ་ལས་ཤར་བས་མ་དག་པའི་གནས་སྐབས་སུ་བགེགས་དང་ལོག་འདྲེན་གྱི་རྣམ་པར་འཆར་བ་དང་། དག་པའི་གནས་

(༡༦༧)སྐབས་སུ་དེ་དང་མཚམས་པའི་ཡེ་ཤེས་ཀྱི་རོལ་པ། ཤིན་ཏུ་རྣམ་དག་གིས་གནས་སྐབས་སུ་ཀུན་ཀྱང་ཡེ་ཤེས་ཆེན་པོ་མཆོག་ཏུ་མི་འགྱུར་བ་ལྷན་སྐྱེས་རྡོ་རྗེའི་ཐུགས་ཀྱི་རོལ་མོ་འབའ་ཞིག་ཏུ་འཆར་ཞིང་དོན་ལ་གནས་པར་ཡང་གསུངས་ཏེ། དེ་ཉིད་ལས། དེ་ཁོ་ན་ཉིད་དུ་ཆོས་ཉིད་ཀུན་འགྲོ་ཡིན་པས་ཆོས་དུ་མར་གྲུབ་ལ། དེས་ཆོས་ཅན་ཆོས་ཉིད་མི་ཕྱེད་པ་དང་། གསང་བ་རིགས་གཅིག་རིགས་བརྒྱ་ནས་གྲངས་མེད་པའི་བར་དུ་འཆར་བས། རིགས་དང་རིགས་ཅན་མི་ཕྱེད་པ་དང་། ཡ་གི་ཡེ་ཤེས་མགོན་པོ་ནས་མ་གི་ཐེའི་རང་གི་བར་ཐམས་ཅད་ནང་རྩའི་རྟེན་འབྱུང་སྟེ། རྩ་ཁམས་མ་དག་བར་དེ་དག་ཀྱང་བགེགས་དང་ལོག་འདྲེན་ལ་སོགས་པ་བར་དུ་གཅོད་བྱེད་ཀྱི་བདུད། རང་གི་རྩ་དག་པ་ན་དེ་དག་ཆོས་སྐྱོང་དུ་ཞལ་བསྒྱུར། རྩ་ཐམས་ཅད་དབུ་མར་ཐིམ་ན་རང་རྒྱུད་དུ་དངས་ཏེ་

(༡༦༨)ཚངས་རྒྱ་བས། རྗེ་བཙུན་གྱིས། ནང་རྩ་གཟུགས་རྟེན་འབྲེལ་ཤེས་པའི་ཕྱིར། །ཕྱི་འཁྲུལ་སྣང་གི་གདོན་ལ་ང་མི་འཇིགས། །ཞེས་དང་། དགྱེས་རྡོར་ལས། དེ་ལྟར་ཕྱི་རོལ་དེ་བཞིན་ནང་། །ཇི་ལྟར་ནང་བཞིན་ཕྱི་དེ་བཞིན། །ཞེས་དང་། འདི་གའི་ལེའུ་བཞི་པར། དཀྱིལ་འཁོར་ལྷའི་ལུས་འདི་ཉིད་ཡིན། །གཞན་དུ་ལྷ་དང་དཀྱིལ་འཁོར་ནི། །བཙལ་ཡང་རྙེད་པར་མི་འགྱུར་ཞིང་། །འདྲེན་པ་དཔའ་བོས་རྟག་ཏུ་གསུངས། །ཞེས་བཤད་དོ། །གཞན་ཡང་སམྦུ་ཊར། ཧེ་རུ་ཀ་ལ་སོགས་པའི་ལྷ། །རྩ་གཟུགས་ལེགས་པར་ཡང་དག་འབྱུང་། །ཞེས་བཤད་པ་དང་། བརྟག་གཉིས་ལས། ང་ལས་འཇིག་རྟེན་ཐམས་ཅད་བྱུང་། །ང་ལས་གསུམ་པོ་ཡང་བྱུང་དང་། །འཇིག་རྟེན་འཇིག་རྟེན་འདས་པ་དང་། བདེ་མཆོག་ཉུང་ངུ་ལས། །ཡུལ་ཕྱོགས་གང་ན་གནས་གྱུར་པའི། །རིགས་ངན་ཀླ་ཀློ་ཡིན་ན་ཡང་། །

(༡༦༩)ཡུལ་དེ་ཡོངས་སུ་བཏགས་པ་དེ། །སེམས་ཅན་ཡོངས་སུ་གཟུང་བའི་རྒྱུར། །དེ་རུ་ང་ནི་རྟག་ཏུ་གནས། །ཞེས་འབྱུང་བས་ཐམས་ཅད་ཧེ་རུ་ཀའི་རོལ་མོ། །དེའི་ཕྱིར་གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། གཅིག་པུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་ཀུན་སྤྱོད་ལས་བཤད་དོ། །འདི་ལྟ་བུའི་གནད་གོ་ནས་ལྷའི་རྣལ་འབྱོར་བསྒོམ་ན། དེས་ཐ་མལ་གྱི་སྣང་བ་བཟློག་པར་ནུས་ལ། དེར་ལྷའི་སྣང་བ་སྒོམ་རྒྱུ་ཞིག་སྟོན་དགོས་པ་ཡང་། དང་པོ་ནས་མཚན་མ་མེད་པ་ལ་འཇོག་མི་ནུས་པས། སྤྲོས་པ་ལ་ཁྲིད་ནས་སྤྲོས་མེད་ལ་འཇུག་པར་བྱའོ། །དེ་ལྟར་ཡང་བརྟག་གཉིས་ལས། སྤྲོས་པ་རྨི་ལམ་ལྟར་བྱས་ན། །སྤྲོས་པ་ཉིད་ཀྱང་སྤྲོས་མེད་བྱེད། །ཅེས་གསུངས་པའོ། །གཞན་ཕྱི་རོལ་དུ་ལྷ་དང་འདྲེ་ཞིག་བཟུང་། དེ་གསོལ་བ་དང་བརྡུང་བར་ཞེན་པ་དག་ནི་རྡོ་རྗེ་ཐེག་པ་བར་མི་འགྱུར་ཏེ་

(༡༧༠)གང་ཟག་དེས་སེམས་ཙམ་གྱི་ལྟ་བ་ཡང་མ་རྟོགས་པས་སོ། །དེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་རྒྱན་དུ་དེའི་གྲུབ་མཐར། །སེམས་ལས་གཞན་མེད་པ་ནི་བློས་རིག་ནས། །ཞེས་འབྱུང་བས་སོ། །དབུ་མ་པར་འགྱུར་བ་ལ་དེར། དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །ཞེས་འབྱུང་ཞིང་། འདིར་ཕྱི་ནང་སྦྱར་བ་ཡང་ཐམས་ཅད་མཉམ་པ་ཉིད་དུ་སྟོན་པ་སྟེ། ཕྱི་ནང་གསང་བ་དེ་ཁོ་ནའི་སྤྲོས་པ་ཉེ་བར་ཞི་བའི་དབྱིངས་དེ་ལ་མཉམ་པ་ཉིད་བྱ་ཡིས། སྤྲོས་པ་ཟི་རེ་ཞུགས་པའི་མཉམ་པ་ཉིད་མིང་ཙམ་མོ། །ཞེས་པ་སོགས་དམ་ཅན་རྒྱ་མཚོའི་ཁུངས་ཤིན་ཏུ་ཆེ་བ་བརྒྱུད་སྡེ་རིན་པོ་ཆེ་ནས་ཇི་ལྟར་གསུངས་པ་དང་འབྲེལ་ཞིང་། སྒྲུབ་བྱེད་ཀྱི་གཏན་ཚིགས་ཡང་དག་དང་ལྡན་པའི་ལེགས་བཤད་ཁྱད་པར་ཅན་སྣང་བ་ཁོ་བོས་དམ་ཅན་རྒྱ་མཚོའི་ཁུངས་འདི་དག་ཕལ་ཆེར་བྲིས་ཟིན་པའི་ཚེ་འོག་མིན་སྤྲུལ་པའི་སྐུའི་ཕྱག་

(༡༧༡)དཔེའི་ཁྲོད་ནས་རྣམ་བཤད་རྡོ་རྗེའི་སྙིང་པོའི་དུམ་བུ་ཞིག་ལག་ཏུ་བྱུང་བ་ཞིབ་དུ་བལྟས་ཀུན་མཁྱེན་ཆེན་པོ་པདྨ་དཀར་པོའི་གསུང་དུ་ངེས་པ་རྙེད་ཅིང་། སྐབས་དེ་ཉིད་དུ་དྲེའི་ལྷས་སྤྲུལ་པའི་སྐུ་གཡུང་དྲུང་རྡོ་རྗེ་དང་གསུང་གླེང་བྱུང་བ་ན། ཀུན་མཁྱེན་།།།ཆེན་པོ་པདྨ་དཀར་པོའི་མགོན་མང་གི་རྣམ་བཤད་རྡོ་རྗེ་སྙིང་པོ་ཞེས་བྱ་བ་ཡོད་ཚུལ་ཐོས་མ་ཐག །ལུས་ཀྱི་བ་སྤུ་ལྡང་ཞིང་གུས་སྤྲོའི་དགའ་བ་མཆོག་ཏུ་རྒྱས་པ་ཞིག་བྱུང་བས། དེ་དུས་རྗེ་དཔོན་རིག་འཛིན་ཆེན་པོ་གོང་མེད་ན་བཞུགས་སྐབས་ཡིན་པར་འཕྲལ་དུ་ཞུ་ཡིག་ཕུལ་བའི་ཕྱག་དཔེ་གཡར་པོ་ཞུས་པར་རྣམ་བཤད་དེ་ཉིད། དེ་ལ་ལོག་རྟོག་སྤོང་བའི་འཁྲུལ་སེལ་སངས་རྒྱས་རྡོ་རྗེས་མཛད་པ་གཉིས་འཕྲལ་དུ་གནང་བྱུང་བ། མགོན་པོ་འདི་ཉིད་ཀྱི་ཐུགས་རྗེའི་འཕྲིན་ལས་སུ་ངེས་

(༡༧༢)པ་རྙེད་ཅིང་། ཆོས་དང་སྟོན་པ་པོ་བཀའ་སྲུང་དང་བཅས་པར་མི་འཕྲོགས་པའི་གུས་པ་ཐོབ། རྗེ་དེ་ཉིད་ནས་མཛད་པའི་གསུང་གང་ཡིན་བཅོས་མེད་དུ་སྐབས་འདིར་སླད་ཀྱི་བཅུག་པ་ཡིན། ཁོ་བོས་ནི་ཡོངས་འཛིན་དམ་པ་དང་པོའི་སངས་རྒྱས་དྷརྨའི་མཚན་ཅན་དང་། རྡོ་རྗེ་འཆང་ཆེ་མཆོག་འདུས་པ་རྩལ་གྱི་བཀའ་དྲིན་ལས་རང་གི་སྐལ་བར་ཐོབ་ཅིང་སྤྱོད་ཡུལ་དུ་གྱུར་པའི་ལེགས་བཤད་རྣམས་ལ་ཞིབ་མོར་བརྟག་པ་ལས་སྐབས་འདི་དག་ཏུ་བཤད་པའི་དམ་ཅན་རྒྱ་མཚོ་ཕལ་མོ་ཆེ་དགོངས་པ་གཅིག་པ་དང་། དཔལ་ཆེན་པོ་ཧེ་རུ་ཀའི་རྣམ་སྤྲུལ་དུ་ངེས་པ་བརྟན་པོ་རྙེད་ཀྱང་། ཀུན་མཁྱེན་ཀརྨ་པ་མི་བསྐྱོད་རྡ་རྗེའི་དངོས་སློབ་ཀློང་ཆེན་རབ་འབྱམས་པར་གྲགས་པས་མཛད་པའི་གུར་མགོན་དང་དཔེ་ཧར་ཐུགས་བརྒྱུད་གཅིག་ཚུལ་སོགས་ཆོས་སྲུང་དུ་མའི་ཁུངས་དང་། དཔལ་མགོན་མ་ནིང་ནག་པོ་

(༡༧༣)མི་འཐད། མ་ཎི་ནིང་ནག་པོ་ཞེས་པ་ཡིན་ཞེས་པ་དང་། མྱུར་མཛད་ཕྱག་དྲུག་པ་ཆོས་སྐྱོང་རྣམ་དག་མིན་ཚུལ་སོགས་མི་འཐད་པའི་ཤེས་བྱེད་ཀྱང་མང་དུ་སྣང་བ་ཞིག་མཇལ་བ་མ་གཏོགས། ཀུན་མཁྱེན་པད་དཀར་གྱི་གསུང་འདི་ལྟ་བུའི་སྒྲུབ་བྱེད་རྣམ་དག་མཐར་ཆགས་སུ་གསུངས་པ་ཞིག་སྔ་གོང་མ་མཇལ་ལོ། །འོ་ན་ཀུན་མཁྱེན་རྒྱལ་བ་ལྔ་པ་རྡོ་རྗེ་ཐོགས་མེད་རྩལ་གྱིས་ཚེ་བདག་དྲི་ལན་སོགས་སུ། ཀུན་མཁྱེན་།།།པད་དཀར་གྱི་ལུགས་རྣམས་ཆེད་དུ་འགོགས་པར་མཛད་པ་མ་ཡིན་ནམ། ཞེ་ན། དེ་བཞིན་གཤེགས་པ་ནང་ཕན་ཚུན་དགོངས་གཞི་དང་དགོས་པ་ཁྱད་པར་ཅན་གྱིས་དགག་སྒྲུབ་མཛད་པ་ལ་སོ་སྐྱེའི་བློས་དཔྱོད་པར་མི་ནུས་ཤིང་བསམ་གྱིས་མི་ཁྱབ་བོ། ཁོ་བོ་ནི། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །ཞེས་གསུངས་པ་ལྟར་བགྱིད་པར་སྤྲོའོ། །རྣམ་བཤད་རྡོ་རྗེ་

(༡༧༤)སྙིང་པོའི་འཕྲུལ་སྤོང་དངོས་གྲུབ་འབྱུང་བའི་རྒྱུད་ཀྱི་རྣམ་ངེས་སངས་རྒྱས་རྡོ་རྗེས་མཛད་པ་ལས། གཞན་ཡང་ཐུགས་རྗེ་འབྱུང་བ་ལས། སྔོན་འདས་པའི་དུས་ན་བསྐལ་པ་དྲག་པོ་རྣམ་པར་འཁྲུགས་པ་ཞེས་བྱ་བ་ལ་སངས་རྒྱས་ཞི་བའི་འོད་ཏོག་གི་རྒྱལ་པོ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ནས། དེའི་བསྟན་པ་ལ་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ། བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་གིས་བདུད་ཀྱི་སྤྲུལ་པ་དབང་ཕྱུག་ཆེན་པོ་མ་ཧཱ་དེ་ཝ་དང་ལྷ་མོ་ཨུ་མ་དེ་ཝི་གཉིས་སྤྲུལ། དེ་གཉིས་ཀྱང་། འཇིགས་བྱེད་དང་དུས་མཚན་སྤྲུལ་ནས། དེ་དག་གིས་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ལ་གསོད་པའི་ལས་ཀྱིས་ཟད་ཅིང་བརླག་པར་བྱས་ནས་སྟོངས་པ་ལ་ཐུག་པའི་ཚེ། སངས་རྒྱས་ཞི་བའི་འོད་ཀྱིས་བདུད་བཞི་པོ་དེ་དག་བརྟུལ་ཡང་མ་ཐུལ་བས། དཔལ་བདེ་བ་ཆེན་པོ་བདུད་

(༡༧༥)འདུལ་བའི་ཆོ་འཕྲུལ་གྱིས་ལྷ་མོ་ཨུ་མ་ལ་དགྱེས་པའི་གད་བརྒྱངས་བཅུ་གཉིས་ཀྱི་སྦྱོར་བ་བྱས་པ་ལས། བུ་རྡོ་རྗེ་སྲིན་པོ་རབ་ཏུ་འཇིགས་པ་དག་སྐྱེས་པར་གྱུར་ཏོ། །དེའི་ཚེ་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོ་བའི་འཁྲུལ་འཁོར་འགུལ་ཞིང་ལྡེག་པར་གྱུར་པ་ལས། བདུད་དགའ་རབ་དབང་ཕྱུག་ཡིད་འཁྲུག་པར་གྱུར་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོ་བའི་འཁྲུལ་འཁོར་།།།ལ་བཞུགས། ལྷ་མིན་གྱི་དམག་བསྡུས་ནས། ནམ་མཁའ་ལ་མེ་དང་འབྲུག་དང་། དྲག་པོའི་ཆོ་འཕྲུལ་ཆེན་བཅུ་གཅིག་གིས་སྲིད་པ་གསུམ་མགུལ་མགུལ་ཤིག་ཤིག་བྱེད་པ་ལ། དེའི་ཚེ་རྡོ་རྗེ་སྲིན་པོ་རབ་ཏུ་ཁྲོས་པ་ལས། བདུད་ཀྱི་ཞལ་བཞི་ནས་དྲག་པོའི་སྐུ་བཞི་བྱུང་། དེའི་ཆུང་མ་འདུལ་བ་ལ་གསང་བའི་ལྷ་མོ་བཞི་སྤྲུལ། ཁོའི་མིག་ལ་དུག་བཞི་ཡོད་པ་ལས། དེ་འདུལ་བ་ལ་འཕྲིན་ལས་ཀྱི་ཕྱག་

(༡༧༦)བཞི་སྤྲུལ་ཞིང་དུག་ཞི་བའི་རྒྱལ་པོ་བཞི་སྤྲུལ། སྐྱེ་མཆེད་དྲུག་ལས་མཁའ་འགྲོ་མ་དྲུག །རྣམ་པར་ཤེས་པའི་ཆགས་།།།བརྒྱད་ལས་བཀའ་སྡོད་ཀྱི་མགོན་པོ་བརྒྱད། རིག་པའི་ཡན་ལག་བཅུ་ལས་ཕྱོགས་སྐྱོང་བཅུ། དབང་གི་བཞིན་འཛུམ་བཅུ་དྲུག་ལས་མགོ་བརྙན་བཅུ་དྲུག །སྐུའི་བཀོད་པ་བཅོ་བརྒྱད་ལས་གིང་ཆེན་བཅོ་བརྒྱད། ཁྲོས་པའི་ང་རོ་ཉི་ཤུ་རྩ་གཅིག་ལས་ཕོ་བདུད་ཉི་ཤུ་རྩ་གཅིག །ཆགས་པའི་གར་ཉི་ཤུ་རྩ་བརྒྱད་ལས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། སྤྱན་གྱི་འགྱུར་ལྡོག་སུམ་ཅུ་ལས་སྡེ་དཔོན་སུམ་ཅུ་དང་། འཕྲིན་ལས་ཀྱི་འོད་བདུན་ཅུ་ལས་དཔལ་མགོན་བདུན་ཅུ། ཞལ་གྱི་མདངས་བྱད་བརྒྱ་ལས་རོ་ལངས་མ་བརྒྱད། སྤྱན་གྱི་འགྱུར་ལྡོག་སྟོང་ལས་ནག་པོ་སྟོང་། ཞབས་ཀྱི་སྟོང་ལས་ནག་པོ་སྟོང་། ཞབས་ཀྱི་སྟང་སྟབས་

(༡༧༧)ཁྲི་ལས་གནོད་སྦྱིན་ཁྲི། དབང་གི་གར་སྤྱོད་འབུམ་ལས་མ་མོ་འབུམ། །བ་སྤུའི་འོད་ཟེར་བྱེ་བ་ལས་ཤ་ཟ་བྱེ་བ་སྤྲུལ་ནས། དྲག་པོ་འཇིགས་བྱེད་དང་དུས་མཚན་མ་དམར་མོའི་ལུས་ལ་དབང་བྱས་ནས་བསྟན་དུ་བཏིང་། ལྷ་ཆེན་ཡབ་ཡུམ་འཁོར་དུ་བཀོད། །འཁོར་ཚོགས་གཞན་རྣམས་དབང་དུ་བསྡུས་ནས། བདུད་ཀྱི་དམག་ཚོགས་ཐམས་ཅད་བརླག་པར་བྱས་སོ། །དེས་ན་ཡབ་ནི་ཁྲག་འཐུང་ཆེན་པོ་ཧེ་རུ་ཀ་ཡིན་ལ། མ་ནི་ཨུ་མ་དེ་ཝི་ཞེས་བྱ་བ་ཡིན་ཏེ། དེ་དག་གཉིས་ལ་རྡོ་རྗེ་སྲིན་པོ་སྐྱེས་སོ། །དེ་ནས་རྡོ་རྗེ་སྲིན་པོ་དེས་བདུད་ཐམས་ཅད་དབང་དུ་བསྡུས་ཏེ་ཉིད་ཀྱི་སྐུ་ལས་སྤྲུལ་པ་ཐམས་ཅད་རང་ལ་རང་ཐིམ་པར་གྱུར་ཏོ། །དེ་ཉིད་ཀྱང་དཔལ་ཧེ་རུ་ཀའི་ཞལ་ལ་ཐིམ་པར་གྱུར་ཏོ། །ཞེས་པའི་སྐྱེ་རྒྱུད་འདི་དང་མཐུན་པའི་དཀྱིལ་འཁོར་སྤྲུལ་བཤད། གཞན་ཡང་ལས་གསང་སོགས་

(༡༧༨)རྒྱུད་སོ་སོར་དཀྱིལ་འཁོར་གྱི་བཀོད་པ་མི་འདྲ་བ་སྣ་ཚོགས་ཡོད་པ་མཚོན་ཕྱིར་ཟུར་ཙམ་བཀོད་པ་ལགས་པས་ཐུགས་ཁོག་།།།རྒྱ་བསྐྱེད་དུ་གསལ། དེ་ལྟ་བས་ན། རྩ་བའི་རྒྱུད་དང་བཤད་པའི་ལུང་དེ་དག་ལས་བྱུང་བའི་སྤྲུལ་བཤད་སོགས་གང་དང་གང་ལ་གཟུ་བོའི་བློས་ལེགས་པར་བརྟགས་ན་རྡོ་རྗེ་སྲིན་པོ་དེ་ཉིད་ལ་མ་ཧཱ་ཀ་ལ་ཐམས་ཅད་ཀྱི་མགོན་པོ་དང་། གཙོ་བོ་དང་། ཁྱབ་བདག་དང་། འཁོར་ལོས་བསྒྱུར་བའི་རྒྱལ་པོར་ལྷུན་གྱིས་གྲུབ་ལ། དཀྱིལ་འཁོར་གཞན་དུ་གཙོ་བོ་འཕོ་བའི་རྣམ་བཞག་བཤད་ནའང་། འདིར་བསྟན་ཕྱག་བཞི་པ་འཁོར་དང་གཞན་གཙོ་བོར་བཞག་པའི་བཤད་ཚོད་རྣམ་པ་ཐམས་ཅད་དུ་མ་མཆིས་པས་རྟག་བརྟན་འགྱུར་མེད་ཀྱི་རྒྱལ་པོ་མཆོག་ཏུ་ཤེས་པར་བྱའོ། །ཞེས་གསུངས། འོ་ན་འདིར་ཕྱག་བཞི་པ་དབང་ཕྱུག་གི་སྲས་མ་ཡིན་པར་གསུངས་པ་དང་། དབང་ཕྱུག་ཡབ་ཡུམ་བདུད་དགའ་རབ་དབང་ཕྱུག་གི་སྤྲུལ་པར་

(༡༧༩)གསུངས་པ་སོགས་སྔར་བཤད་པའི་ཁུངས་གཞན་རྣམས་དང་མི་འགལ་ལམ་ཞེ་ན། དེ་ཡང་མི་འགལ་ཏེ། དེ་དག་ཐམས་ཅད་གདུལ་བྱའི་སྣང་ཚུལ་ཐ་དད་ལ་བལྟོས་ནས་གསུངས་པ་ཡིན་ནོ། །འོ་ན་ཐམས་ཅད་ནས་ཐམས་ཅད་དུ་ཕྱག་བཞི་པ་ལྷ་གཞན་གྱི་འཁོར་དུ་འབྱུང་བའི་སྐབས་མེད་དམ། སངས་རྒྱས་རྡོ་རྗེས་དེ་ལྟར་གསུངས་པས་སོ་ཞེ་ན། སངས་རྒྱས་རྡོ་རྗེས་དེ་ལྟར་གསུངས་པ་ལ་ཡང་དགོངས། གཞི་དང་དགོས་པ་ཁྱད་པར་ཅན་མཆིས་པས་སྐྱོན་མེད་ལ་རང་ལུགས་ལ་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ལ་སོགས་པའི་རྒྱུད་གསུང་བའི་འཁོར་དུ་ཡང་ཕྱག་བཞི་པ་ངེས་པར་ཡོད་པས། དེའི་ཚེ་ཧེ་རུ་ཀ་གཙོ་བོ་དང་ཕྱག་བཞི་པ་འཁོར་དུ་བགྱིས་པའི་དཀྱིལ་འཁོར་ལུང་རིག་གཉིས་ཀས་གྲུབ། དེར་མ་ཟད་སྐྱབས་འགྲོའི་ཚོགས་ཞིང་དང་བླ་མའི་རྣལ་འབྱོར་ལ་སོགས་པའི་སྐབས་སུ། རྩ་བའི་བླ་མ་གཙོ་

(༡༨༠)བོ་དང་། དེ་ལ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་བསྐོར་དགོས་པར་གསང་སྔགས་གསར་རྙིང་གི་ཞུང་མཐའ་ཡས་པར་འབྱུང་ན། དེའི་།།།བཞི་པ་གཅིག་པུ་འཁོར་དུ་མི་བྱོན་པ་དང་། བསྒོམ་མི་རུང་བ་ཅི་ལ་ཡིན། དེ་འཁོར་དུ་བྱུང་བས་དམན་པར་ཡང་མི་འགྱུར་ཏེ། གཙོ་འཁོར་ཐམས་ཅད་དགོངས་པ་མཐོ་དམན་མེད་པ་སྤོངས་རྟོག་ལ་དབྱེ་བ་མེད་པ་གཙོ་བོ་གཅིག་པུའི་ཡེ་ཤེས་ཀྱི་ཆོ་འཕྲུལ་ཉག་གཅིག་ལས་ཤར་བའི་གནད་འགག་འདི་ཤེས་ན་གང་གི་སྐབས་སུའང་ཉེ་བར་མཁོ་ཞིང་གཅིག་ཤེས་ཀུན་གྲོལ་དུ་འགྱུར་བ་ཡིན་ནོ། །ཨ་ནུ་ཡོ་གའི་སྤྱི་མདོ་དགོངས་པ་འདུས་པའི་མདོ་དང་སྒྱུ་འཕྲུལ་དྲ་བ་བཤད་པའི་རྒྱུད་ཐལ་བ་དང་། བྱེ་བྲག་གི་སྒོས་རྒྱུད་མཚོན་ཆ་མངོན་པར་རོལ་བ་ལ་སོགས་པའི་རྒྱུད་ནས་བསྟན་ཅིང་། རྒྱལ་པོ་ལུང་བསྟན་རྡོ་རྗེ་དང་། ཀུ་ཀུ་ར་ཛ་ལ་སོགས་པའི་རིག་འཛིན་

(༡༨༡)གྲུབ་ཐོབ་རྣམས་ནས་བརྒྱུད་དེ་ཆོས་རྒྱལ་གཏེར་བདག་གླིང་པའི་བར་དུ་རྒྱུད་པ་བར་མི་ཆད་དུ་ཕེབས་ཤིང་སྲུང་མའི་གཙོ་བོར་བཞུགས་པའི་ལེགས་ལྡན་གྱི་ཚོགས་ཀྱི་བདག་པོ་དེ་དཔལ་མགོན་མ་ནིང་ནག་པོ་དང་གཅིག་ལ། དེ་ལ་ལར་མགོན་པོ་འདི་རང་ཡིན་པར་ཡང་སྟོན་ཏེ། སློབ་དཔོན་ཏུ་དགའ་བའི་རྡོ་རྗེས་མཛད་པའི་ཕྱག་བཞི་པའི་བསྟོད་པ་ལས། ལྷ་ཆེན་དཔལ་འབར་ནག་པོ་ཆེན་པོ་ནི། ཞེས་དང་། ལེགས་ལྡན་ནག་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཤིང་། ལྷ་ཆེན་དཔལ་འབར་ནི་མ་ནིང་གི་མཚན་ཡིན་ནོ། །ལ་ལར་མགོན་པོ་འདིའི་ཡབ་ཡིན་པར་ཡང་གསུངས་ཏེ། འདིའི་ཡབ་དབང་ཕྱུག་ཆེན་པོ་ཡིན་པར་བཞེད་ལ་དབང་ཕྱུག་དང་མ་ནིང་གཅིག་པ་སྔར་ཡང་བཤད་ལ་འོག་ཏུ་ཡང་འཆད་པར་འགྱུར་རོ། །མ་ནིང་གིས་སྔོན་འཇིག་རྟེན་གྱི་ཁམས་འདིར་དུག་གསུམ་གྱི་མདངས་ལས་ཤར་བའི་ཨ་ཀརྵ་རུ་ཏྲ་

(༡༨༢)དང་། ཁ་ཊཾ་རུ་དྲ་དང་། མ་ཊཾ་རུ་དྲ་སྟེ། རུ་དྲ་སྡེ་གསུམ་ལས། བདུད་རུ་དྲ། ཀླུ་རུ་དྲ། སྲིན་པོ་རུ་དྲ་ལ་སོགས་པ་རུ་དྲ་བྱེ་བའི་ཚོགས་མང་པོས་བསྐོར་ཏེ་འཁོད་པས་འཇིག་རྟེན་གྱི་ཁམས་ཀུན་ཏུ་བརླག་ཅིང་ཉམ་ཐག་པར་བྱེད་པ་ལས། དཔལ་ཆེན་པོ་སྐུ་གསུང་ཐུགས་ཀྱི་གནས་ལྔ་ལས། སྐུའི་མགོན་པོ་སྟག་གཞོན། གསུང་གི་མགོན་པོ་བེང་། ཐུགས་ཀྱི་མགོན་པོ་གྲི་གུག །ཡོན་ཏན་མགོན་པོ་གྱི་སེང་ཞོན། ཕྲིན་ལས་ཀྱི་མགོན་པོ་ཏྲཀྴད་རྣམས་སྤྲུལ་ཏེ་བདུད་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་དཔལ་ཆེན་པོའི་སྤྲུལ་པ་རྣམས་དང་རུ་དྲ་རྣམས་རྩལ་འགྲན་དུ་འཇུག་པའི་ཚུལ་མཛད་དེ། ཆེ་མཆོག་དཔའ་བོ་གཅིག་པ་དང་ཞལ་གསུམ་ཕྱག་དྲུག་པ་དང་། དབུ་དགུ་ཕྱག་བཅོ་བརྒྱད་པ་དང་། དབུ་ཉེར་གཅིག་ཕྱག་ཞི་གཉིས་པ་ལ་སོགས་པ་སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་སྤྲུལ་པས་རུ་དྲ་ཐམས་ཅད་སྐྲག་ཏེ་ཕྱོགས་ཀུན་ཏུ་བྲོས་ཀྱང་

(༡༨༣)མ་ཐར་བས་སྲིན་པོའི་ཡུལ་ལངྐ་པུ་རིའི་རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེ་མོར་འདུས་སོ། །དེར་འདུས་ནས་ཀྱང་རུ་དྲ་རྣམས་བགྲོས་ཏེ་དཔལ་ཆེན་པོའི་སྤྲུལ་པ་རྣམས་རྩོད་པར་འདོད་དོ། །དེའི་ཚེ་དཔལ་ཆེན་པོས་རུ་དྲར་སྤྲུལ་ཏེ་རུ་དྲའི་ཆུང་མ་ལ་རོལ་བས་སྲས་འཆོལ་བའི་ཁྲོ་བོ་སྐུ་མདོག་ལྗང་ནག་ཞལ་གསུམ་ཕྱག་དྲུག་པ་བེང་ཆེན་ཐོགས་པ་ཞིག་བྱུང་ངོ་། །འདི་ཉིད་ཁྲོ་བོའི་རྒྱལ་པོ་རྨེ་བ་བརྩེགས་པ་དང་། མགོན་པོ་ལེགས་ལྡན་དུ་བཞེད་པ་ཡང་མཆིས། མགོན་པོ་འདིས་ཙན་ཅན་གྱི་བེང་མ་ཏྲཾ་གྱི་མགོ་བོར་བརྒྱབ་སྒེ་བསྒྲལ། སྐུའི་མགོན་པོས་ཨ་ཀརྴ་རུ་དྲ། གསུང་གི་མགོན་པོས་ཁ་ཊྭཾ་རུ་དྲ། ཐུགས་ཀྱི་མགོན་པོས་མ་ཏྲཾ་རུ་དྲའི་སྡེ་མཚན་རྣམས་བཏུལ་ལོ། །ཡོན་ཏན་གྱི་མགོན་པོས་ལོ་རྒྱུས་རྣམས་བཏུལ་ཞིང་

(༡༨༤)གང་གིས་འཆོལ་པའི་ཁྲོ་བོ་ཉིད་རྣམ་འགྱུར་གསུམ་དུ་བསྟན་པས་མ་ནིང་མཆེད་གསུམ་མམ་ལེགས་ལྡན་མཆེད་གསུམ་དུ་ཡང་གྲགས་གཙུག་ཏོར་གདུགས་དཀར་ལས་བྱུང་བའི་ལེགས་ལྡན་གསུམ་པོ་ཡང་འདི་ཉིད་དུ་བཞེད། དེའི་ཚེ་རུ་དྲའི་ཁོག་པ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཆེན་པོར་བྱིན་གྱིས་བརླབས་པར་འཆོལ་བའི་ཁྲོ་བོ་ཉིད་མ་ནིང་ནག་པོ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་བཞེངས་ཏེ་དཔའ་བོ་མཁའ་འགྲོ་རིག་འཛིན་དུ་མའི་འཁོར་དང་འཇིག་རྟེན་གྱི་དྲེགས་པ་ཐམས་ཅད་ཀྱིས་བསྐོར་ཏེ་སྲོག་བདུད་ནག་པོའི་ཚུལ་དུ་བསྐོར་ནས་བཞུགས་པ་ལས་དེའི་ཚེ་ལྷ་དང་ལྷ་མ་ཡིན་རྣམས་ཐབས་ཤིང་རྩོད་པས་ལྷ་ཕམ་ལྷ་མིན་རྒྱལ་བར་བརྒྱ་བྱིན་གྱིས་མངོན་ཤེས་ཀྱིས་བརྟགས་པས་སྲོག་བདུད་མ་ནིང་ནག་པོ་ལྷ་རྣམས་ཀྱིས་དམག་དཔོན་དུ་སྤྱན་དྲངས་ན་ལྷ་རྣམས་གཡུལ་ལས་རྒྱལ་བར་རིག་སྟེ་

(༡༨༥)ཨུ་མ་དེ་ཝི་སྤྱན་འདྲེན་པར་མངགས་ནས་ཤིང་ཡོངས་འདུ་ས་བརྡོལ་གྱི་རྩ་བར་ལྷའི་བུ་མོ་བྱེ་བ་ཕྲག་མང་པོས་མཆོད་དུ་བཅུག །ཨུ་མ་ཉིད་བཙུན་མོར་ཕུལ་བས་སྲས་མགོན་པོ་ལེགས་ལྡན་ནག་པོ་དང་། དཔལ་ལྡན་ལྷ་མོ་མ་ཧཱ་ཀཱ་ལི་རེ་མ་ཏི་གཉིས་འཁྲུངས། དེར་མ་ནིང་སྲོག་བདུད་ནག་པོའི་ཆས་སུ་བཞུགས་ཏེ། ཕྱག་ཞབས་ཀྱི་ལྟ་བུའི་སྤྱན་བཞི་ལས་རྒྱལ་པོ་པྲ་།།།མ་རཱ་ཙ། གཤིན་རྗེ་ཡ་མ་རཱ་ཙ། ཀླུ་བདུད་ནཱ་ག་ར་ཙ། གནོད་སྦྱིན་ཨག་སེ་རྒྱལ་བ་སྟེ་མགོན་པོ་སྡེ་བཞིའམ་དམག་དཔོན་སྡེ་བཞིར་སྤྲུལ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནོར་བུ་བཟང་པོ་ལ་སོགས་པ་བརྒྱད་ལྕགས་ཀྱི་བྱ་ཁྲར་སྤྲུལ་ནས་སྔོན་གྱི་སྣ་འདྲེན། ཡ་བ་ཏི་ལ་སོགས་པའི་གཤིན་རྗེའི་བརྒྱད་གཅན་གཟན་སྣ་ཚོགས་སུ་སྤྲུལ་ནས་སླད་ནས་འབྲེང་། མཐའ་ཡས་དང་

(༡༨༦)འཇོག་པོ་ལ་སོགས་པའི་ཀླུ་ཆེན་བརྒྱད་གཡུ་འབྲུག་ཏུ་སྤྲུལ་ནས་ཕོ་ཉར་འགྱེད། བྷྲིང་གི་རི་ཏི་ལ་སོགས་པའི་ལྷ་ཆེན་བརྒྱད་ཁྱིའུ་ཆུང་མཚོན་ཐོགས་བརྒྱད་དུ་སྤྲུལ་ནས་རལ་པའི་གསེབ་ནས་སྤྲོས། དབང་པོ་ལ་སོགས་པའི་ཕྱོགས་སྐྱོང་བ་བཅུ། ཁྱི་ནག་དང་དོམ་ནག་ཏུ་སྤྲུལ་ཏེ་རོལ་དུ་ཁྲིད། སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་གཤེགས་པས་ལྷ་མ་ཡིན་གྱི་གཡུལ་རྣམས་ཕམ་ལྷ་རྣམས་རྒྱལ་བར་གྱུར་ཏོ། །སྟག་ཞོན་ལ་སོགས་པའི་མགོན་ཆེན་སྡེ་ལྔ་སྐབས་འདིར་མ་ནིང་ནག་པོའི་གནས་ལྔ་ལས་སྤྲུལ་པར་ཡང་བཤད། བསྟོད་པ་ལས། ལས་ལ་ཆས་ཚེ་སྲོག་བདུད་ཆ་ལུགས་འཛིན། སྲིད་གསུམ་གཟིགས་ཕྱིར་སྤྱན་གསུམ་བྲང་ལ་ཤར། དམག་དཔོན་བཞི་འགྱེད་སྤྱན་བཞིས་ལྟ་བུ་ཚིགས་བརྒྱན། ཞེས་གསུངས་པ་དེའོ། །

(༡༨༧)ཡུམ་ཆེན་མོ་ཨུ་ན་།།།དེ་ཝི་ཡང་ལྷ་མོ་དཔལ་འབར་མ་དཀར་མོ་ཤེལ་གྲི་དང་ཐོད་ཁྲག་ཐོགས་པར་སྤྲུལ་ཏེ་དྲག་མོའི་ཚུལ་འཛིན། བསྟོད་པ་ལས། མ་གཅིག་ལྷ་མོ་དཔལ་འབར་མ། །སྤུ་གྲི་འཕྱར་ཞིང་ཀླད་ཁྲག་འདག །མི་ལྤགས་གོས་གྱོན་ཐོད་ཕྲེང་འཕྱང་། །ཨུ་མ་དེ་ཝིའི་སྐུ་ལ་བསྟོད། །ཅེས་གསུངས་དེ་ལྟར་ཡང་། ཆོས་དབང་རིན་པོ་ཆེའི་གཏེར་བྱོན་མ་ནིང་ལས་རྒྱུད་ལས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན༔ བཅོམ་ལྡན་འདས་དཔལ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ༔ ཆོས་དབྱིངས་སྐྱེ་བ་མེད་པའི་ཏིང་ངེ་འཛིན་གྱི་ངང་ལ་སྙོམ་པར་བཞུགས་སོ༔ དེའི་ཚེ་ཡུམ་ཆེན་མོ་ཀུན་ཏུ་བཟང་མོ་གནམ་ཞལ་དབྱིངས་ཕྱུག་མ༔ རོལ་པ་ཡེ་ཤེས་མ་འགགས་པའི་ཏིང་ངེ་འཛིན་གྱི་ངང་ལས་བཞེངས་ཏེ༔ ཡབ་ལ་འདི་སྐད་ཅེས་གསོལ་ཏོ༔ ཀྱཻ། ཡབ་གཅིག་ཀུན་བཟང་ཧེ་རུ་

(༡༨༨)ཀ༔ དཔའ་བོ་དཔལ་ཆེན་ཆེ་བའི་མཆོག༔ ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས༔ འདུལ་བྱེད་ཁྲག་འཐུང་གར་གྱི་བདག༔ རོལ་པ་ཆེན་པོའི་ཏིང་འཛིན་གྱིས༔ སྤྲུལ་པ་བྱེ་བ་དཔག་མེད་འགྱེད༔ འོག་མིན་གསང་བའི་གནས་མཆོག་འདིར༔ ང་ཡི་བྷ་ག་ཡངས་པ་ལ༔ བླ་མེད་མཆོག་གི་བདེ་བ་སྐྱེ༔ དུས་གསུམ་སངས་རྒྱས་ཕྲིན་ལས་མཆོག༔ སྦྱོར་གྲོལ་སྤྲུལ་པའི་དུས་ལ་བབ༔ ས་མ་ཡ་ཧོ ས་མ་ཡ་སྟྭཾ༔ ཨེ་ཧོ་ར་ག་ཡ་མི༔ ཞེས་གླུ་བླངས་ཏེ་བསྐུལ་བས། ཆོས་ཉིད་ཀྱི་ས་མ་ཏི་ལས་བཞེངས་ཏེ༔ སྐུ་གསུང་ཐུགས་ལས་སྤྲུལ་པ་བྱེ་བ་ཕྲག་བརྒྱ་མང་པོ་ཕོ་ཉ་དང་བཅས་པ་བཀྱེ་ནས༔ ཡུམ་དང་གཉིས་སུ་མེད་པར་རོལ་བར་མཛད་དོ། །དེའི་ཚེ་སྤྲུལ་པ་འགྱེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ༔ དེ་ནས་སྐུ་ལྔ་ལས་འོད་ཟེར་མང་པོ་འཕྲོས་ཏེ༔ འཇིག་རྟེན་གྱི་ཁམས་སྟེང་འོག་ཤར་ལྷོ་ནུབ་

(༡༨༩)བྱང་ལ་སོགས་གངྒའི་ཀླུང་གི་བྱེ་མ་སྙེད་ཐམས་ཅད་བཀང་སྟེ༔ འཇིག་རྟེན་གྱི་ཁམས་འགུལ་འགུལ་ལྡེག་ལྡེག༔ ཆེམ་ཆེམ་འུར་འུར་ཤིག་ཤིག་ཡོམ་ཡོམ་ཤར་ནུབ་ལྷོ་བྱང་མཐའ་དབུས་མཐོ་དམན་ཅན་དུ་གཡོས་པར་གྱུར་ཏོ༔ སླར་འོད་ཟེར་ཚུར་འདུས་པར་གྱུར་ཏེ༔ སྤྱི་གཙུག་ཏུ་ཐིམ་ནས་ཡབ་ཡུམ་གྱི་སྦྱོར་མཚམས་ནས། འཆོལ་པའི་ཁྲོ་བོ་ཆེན་པོ་བརྒྱད་སྤྲུལ་ཏོ༔ སྐུ་གསུང་ཐུགས་ལས་ཁྲོ་བོ་འཆོལ་པ་གསུམ་སྤྲུལ་ཏོ༔ གཞན་ཡང་སྤྱི་བོའི་གཙུག་ནས་སྐུའི་མགོན་པོ་སྤྲུལ༔ མགྲིན་པ་ནས་གསུང་གི་མགོན་པོ་སྤྲུལ༔ སྙིང་ཁ་ནས་ཐུགས་ཀྱི་མགོན་པོ་སྤྲུལ༔ ལྟེ་བ་ནས་ཡོན་ཏན་གྱི་མགོན་པོ་སྤྲུལ༔ གསང་བ་ནས་ཕྲིན་ལས་ཀྱི་མགོན་པོ་སྤྲུལ་ཏེ༔ ཀུན་ཀྱང་སྒྱུ་མ་རྣམ་པར་འཕྲུལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་ལོངས་སྤྱོད་དོ༔ དེའི་ཚེ་བསྐལ་པ་དང་པོའི་རུ་དྲ་

(༡༩༠)གདུག་པ་ཅན་རྣམས་སེམས་ཅན་ལ་འཚེ་བར་གྱུར་ཏོ༔ དེ་ཡང་འདི་ལྟ་སྟེ༔ ཨ་ཀར་ཤ་རུ་དྲ་དང་༔ མ་ཏྲཾ་ཀ་རུ་དྲ་དང་༔ ཁ་ཏྲམ་ཁ་རུ་དྲ་དང་གསུམ་མོ༔ གཞན་ཡང་བདུད་རུ་དྲ༔ ཀླུ་རུ་དྲ༔ སྲིན་པོ་རུ་དྲ༔ གནོད་སྦྱིན་རུ་དྲ༔ རྒྱལ་པོ་རུ་དྲ༔ བཙན་རུ་དྲ༔ མ་སངས་རུ་དྲ༔ མུ་སྟེགས་རུ་དྲ༔ ཕོ་རྒྱུད་རུ་དྲ༔ མོ་རྒྱུད་རུ་དྲའོ༔ དེ་རྣམས་ཀུན་ལ་གནོད་ཅིང་འཚེ་བར་གྱུར་ཏོ༔ གཞན་ཡང་བདུད་ཀྱི་སྡེ་ཚོགས་བྱེ་བ་ཕྲག་མང་པོ་འཁོད་པར་གྱུར་ཏོ༔ དེའི་ཚེ་ཡུམ་ཁྲོ་མོ་གནམ་ཞལ་མས་སྟན་ལས་ལངས་སྟེ་འདི་སྐད་ཅེས་གསོལ་ཏོ༔ ཀྱེ་ཀྱེ་ཆེ་མཆོག་ཧེ་རུ་ཀ༔ ཐུགས་རྗེ་ཆེན་པོ་འགྲོ་བའི་མགོན༔ སེམས་ཅན་ཀུན་གྱི་མགོན་གཅིག་པོ༔ གདུལ་དཀའ་མ་ལུས་འདུལ་མཛད་ཅིང་༔ དཔའ་བོ་བདུད་དགྲ་བདུད་འདུལ་བ༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ དཀོན་མཆོག་དབུ་འཕངས་བསྟོད་པ་དང་༔ སེམས་ཅན་བདེ་ལ་འགོད་པའི་ཕྱིར༔

(༡༩༡)རུ་དྲ་བདུད་ཀྱི་དཔུང་ཚོགས་རྣམས༔ དཔའ་བོ་ཆེན་པོས་འདུལ་དུ་གསོལ༔ ཞེས་ཞུས་སོ༔ དཔའ་བོ་ཡབ་ཀྱིས་བཀའ་སྩལ་པ༔ ཉོན་ཅིག་ནམ་ཞལ་ཁྲོ་མོ་ཉོན༔ དེ་དོན་ཁྱོད་ཀྱིས་ཞུས་པ་ལེགས༔ སྔོན་ཚེ་འདས་དུས་དང་པོ་ལ༔ བདག་ཉིད་ཆེན་པོ་རྟག་པ་ཡི༔ དེ་བཞིན་གཤེགས་པའི་གསུང་རབ་ལ༔ ཆོས་ཉིད་ཞི་བས་མི་འདུལ་བའི༔ དེ་ཚེ་བདུད་དང་སྲིན་པོ་རྣམས༔ ཁྲོ་བོ་གར་གྱིས་འདུལ་བར་བྱ༔ ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛད༔ ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང་༔ འཇིག་རྟེན་ཀུན་གྱི་སྲེག་བྱེད་དེ༔ སངས་རྒྱས་ཐུགས་རྗེས་ཁྲོས་པ་ཡིས༔ ཁམས་གསུམ་མ་ལུས་སྨོས་ཅི་དགོས༔ རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས༔ དམ་ཚིག་ལ་སྡང་རྣམ་གྲལ་ཕྱིར༔ དུར་ཁྲོད་གར་གྱི་ཕྱག་རྒྱ་གསལ༔ ཧཱུཾ་ཧཱུཾ་ཧཱུཾ་བཛྲ་མ་ཧཱ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ༔ མ་ཧཱ་ཀྲོ་ཏི་།།།ཤྭ་རི་སྟྭཾ༔ ཞེས་གསུངས་སོ༔ དེའི་ཚེ་དཔལ་ཆེན་པོའི་སྤྲུལ་པ་རྣམས་དང་༔ རུ་

(༡༩༢)ཏྲའི་བདུད་རྣམས་སྟོབས་འགྲན་པར་འགྱུར་ཏོ༔ ཞལ་གཅིག་ཕྱག་གཉིས་པ་དང་༔ ཞལ་གསུམ་ཕྱག་དྲུག་པ་དང་༔ དབུ་དགུ་ཕྱག་བཅོ་བརྒྱད་པ་དང་༔ དབུ་ཉི་ཤུ་རྩ་གཅིག་ཕྱག་བཞི་བཅུ་ཞེ་གཉིས་ལ་སོགས་པར་སྤྲུལ་པ་འགྲན་པར་གྱུར་ཏོ༔ དེའི་ཚེ་དཔལ་ཆེན་པོས་སྙིང་རྗེ་བསྒྲལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ༔ དེའི་ཚེ་བདུད་དང་རུ་དྲ་བྲེད་དེ་བྲེད་དེ་བྲོས་རྒྱུག་མཆོངས༔ ཕྱོགས་བཅུ་ཀུན་ཏུ་བྲོས་ཀྱང་མཐར་བས་ལང་ཀའི་སྤྲུལ་རི་གནམ་ལྕགས་མ་ལ་ཡའི་རྩེ་མོར་འདུས་སོ༔ དེར་སྡེ་དང་དཔུང་བཅས་པ་རྣམས་ད་དུང་རྩོད་པར་འདོད་དོ༔ དེའི་ཚེ་དཔལ་ཆེན་པོས་ཐབས་ཀྱི་རུ་དྲའི་སྡེ་དཔོན་དུ་སྤྲུལ་ནས༔ རུ་ཏྲའི་ཆུང་མ་ཀྲོ་དྷི་ཤྭ་རི་མ་ལ་མ་ཆགས་ཡིད་ཀྱིས་བདེ་བར་རོལ༔ དེ་ནས་རུ་དྲའི་ཆུང་མ་ལ་བུ་ཆགས་ཏེ༔ ཁྲོ་བོ་ལྗང་ནག་ཞལ་གསུམ་པ་གཅིག་བྱུང་ངོ་༔ རུ་དྲའི་བུར་བརྫུས་ནས་ཕྱག་དྲུག་ན་བདེ་ཐོགས་པ་གསང་

(༡༩༣)བདག་དཔལ་ཆེན་དངོས་དེས་རུ་དྲ་ཆེན་པོ་མ་ཏྲམ་གྱི་མགོ་ལ་བདེ་བརྒྱབ་པས༔ མགོ་ཚལ་པ་ལྔར་བཏང་ནས་བསྒྲལ༔ ཁོག་པ་བྷྲཾུ་ལས་གཞལ་ཡས་ཁང་དུ་གྱུར༔ རུ་དྲའི་སེམས་ཉིད་གདན་དུ་བཏིང་ནས་དམ་ལ་བཏགས༔ རུ་དྲ་ཕོ་ཉ་འཁོར་བཅས་རྣམས་རང་གི་འཁོར་དུ་བཀོད༔ དེའི་ཚེ་དཔལ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས༔ བདུད་རིགས་རུ་དྲ་ཐམས་ཅད་ཐུལ༔ སྐུའི་མགོན་པོས་ཨ་ཀ་རུ་དྲ་བཏུལ༔ གསུང་གི་མགོན་པོས་ཁ་ཏྲམ་རུ་དྲ་བཏུལ༔ ཐུགས་ཀྱི་མགོན་པོས་མ་ཏམ་རུ་དྲ་བཏུལ༔ ཡོན་ཏན་མགོན་པོས་ཕོ་རྒྱུད་རུ་དྲ་བཏུལ༔ ཕྲིན་ལས་མགོན་པོས་མོ་རྒྱུད་རུ་དྲ་བཏུལ༔ དེ་ཚེ་དཔལ་ཆེན་པོ་ཧེ་རུ་ཀས༔ ལྷ་སྲིན་སྡེ་བརྒྱད་འདུལ་བའི་ཕྱིར༔ འཆོལ་པའི་ཁྲོ་རྒྱལ་སྟོབས་པོ་ཆེ༔ མ་ཧཱ་ཀ་ལ་དྲག་པོ་ཏེ༔ མ་ནིང་མཆེད་གསུམ་སྐུ་གསུང་ཐུགས༔ དཔལ་ཆེན་

(༡༩༤)བརྒྱད་ཀྱི་སྐུ་སྤྲུལ་བས༔ ལྷ་སྲིན་སྡེ་བརྒྱད་ལ་སོགས་པ༔ བདུད་སྡེ་དཔུང་ཚོགས་འདུལ་བའི་ཕྱིར༔ ཡོངས་རྫོགས་དཔལ་དགུའི་དགོངས་པ་བསྐྱེད༔ བདེ་གཤེགས་ཞི་ཁྲོ་ཡོངས་རྫོགས་པའི༔ སྙིང་པོའི་མཐར་ཐུག་འདི་བརྗོད་དོ༔ ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ མ་ཧཱ་ཀྲོ་ཏི་ཤྭ་རི་སྟྭཾ༔ ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་བྷཉྩ་ཧཱུཾ་ཕཊ ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡཱ་སརྦ་བིགྷྣན་བཾ་ཧཱུཾ་ཕཊ ཨོཾ་གུ་ཡ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ གུ་ཡ་ཀྲོ་ཏི་ཤྭ་རི་སྟྭཾ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུཾ་ཕཊ༔ ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཧཱུཾ་ཕཊ༔ ཨོཾ་བཛྲ་སརྦ་དུཥྚན་ཨེ་ཛ་བྷྱོ་ཧཱུཾ་ཕཊ༔ ཅེས་བཟླས་པས་སྲིད་རྩ་

(༡༩༥)བདག་ཏུ་འཛིན་པའི་རུ་དྲ་སྡེ་གསུམ་དང་༔ སྡེ་བརྒྱད་ལ་སོགས་བདུད་དམག་བྱེ་བ་དུང་ཕྱུར་ཐུལ་ལོ༔ ཚར་བཅད་དོ༔ ཆོད་དོ༔ ལ་ལ་བསྒྲལ་ཏེ་གདན་དུ་བཏིང་༔ ལ་ལ་བསྒྲལ་ཏེ་རྩིག་པར་བརྩིགས༔ ལ་ལ་བསྒྲལ་ཏེ་ཐོག་ཕུབ་བྱས༔ ལ་ལ་བསྒྲལ་ཏེ་ཀ་གཞུར་བཀལ༔ ལ་ལ་བསྒྲལ་ཏེ་ཀ་གདན་དུ་བཏིང་༔ ལ་ལ་བསྒྲལ་ཏེ་དམ་ལ་བཏགས༔ ཨེ་ཞེས་བརྗོད་པས་རུ་དྲའི་སེམས་ལས་ནི་ནམ་མཁའི་ཆོས་འབྱུང་གྲུ་གསུམ་སྲིད༔ ཡམ་ཞེས་བརྗོད་པས་མ་ཏྲམ་དབུགས་ལས་དམ་ཚིག་སྒྲོལ་མ་སྲིད༔ ར་ཞེས་བརྗོད་པས་མ་ཏྲམ་ཁྲག་ལས་མ་མ་ཀི་རུ་སྲིད༔ སུམ་ཞེས་བརྗོད་པས་ཤ་ལས་སངས་རྒྱས་སྤྱན་མ་སྲིད༔ ཀེ༚་ཞེས་བརྗོད་པས་རུས་པ་ལས་རི་རབ་གྲུ་བཞི་སྲིད༔ རམ་ཞེས་བརྗོད་པས་དྲོད་ལས་ཡུམ་ཆེན་གོས་དཀར་མོ་སྲིད༔ བྷྲུཾ་ཞེས་བརྗོད་པས་ཁོག་པ་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང་༔ ནང་གླིང་

(༡༩༦)དགུ་ཡོད་པ་རིན་པོ་ཆེའི་རྩིག་པ་འཇའ་ཚོན་རིས་སུ་ཡོད་པ་ཕྱི་དུར་ཁྲོད་ཐོད་པའི་མཁར་ཆེན་པོ་རྩེ་མོ་ལྟར་མི་མངོན་པ༔ ཐོད་པ་སྐམ་རློན་གྱིས་མཁར་ཐབས་སུ་བརྩིགས་པ༔ དུར་ཁྲོད་ཀྱི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ༔ གནམ་ལྕགས་ཀྱི་གཟེར་བཏབ་པ༔ ཀླུ་རིགས་བཞིས་ཕོ་མོས་ཀ་གདན་བྱས་པ༔ ཕྱོགས་སྐྱོང་བཅུ་གཅིག་པར་བརྩིགས་པ༔ ལྷ་ཆེན་པོ་བརྒྱད་ཀ་བར་བཙུགས་པ༔ གཟའ་ཆེན་པོ་བརྒྱད་ཀྱིས་ཀ་གཞུ་བྱས་པ༔ རྒྱུ་སྐར་རྣམས་ཀྱི་གྲལ་ཕྱམ་བྱས་པ༔ རུ་ཏྲའི་ལྤགས་ཐོག་ཕུབ་པ༔ མི་མགོའི་ཏོག་གིས་བརྒྱན་པ༔ ཐོད་ཚལ་དྲ་བས་སྤྲས་པ༔ ཙིཏྟའི་ཕོ་ལྟོས་བརྒྱན་པ༔ ཤ་ཆེན་ཁྲག་ཆེན་གྱིས་ཞལ་ཞལ་བྱས་པ༔ ཕྱི་མེ་རླུང་འཚུབ་པའི་ཀློང་ན་དུར་ཁྲོད་མཁར་གྱི་དབུས་སུ༔ རུ་དྲ་ཀྲོ་ཏི་ཏི་ར་བམ་ཞེས་སྲིད་རྩ་བདག་འཛིན་གྱི་རུ་དྲ་ཕོ་མོ་བྱི་ཆིངས་སུ་བསྣོལ་བ་དེའི་སྟེང་དུ༔ མ་

(༡༩༧)སུརྱ་མ་དྷ་ལ་ཞེས་ཉི་མའི་གདན༔ ཨ་ཙནྟྲ་མ་དྷ་ལ་ཞེས་པདྨའི་གདན༔ དེའི་སྟེང་དུ་དཔལ་ཆེན་ཡོངས་རྫོགས་ཆེ་མཆོག་ཧེ་རུ་ཀ་ཉིད་སྐུ་ཕྱག་རྒྱ་ཆེན་པོ་ཟིལ་གནོན་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་ངང་ལས༔ རྩལ་ཆེན་ཕྲིན་ལས་མཛད་པའི་ཕྱིར༔ ཡེ་ཤེས་མགོན་པོ་འཆོལ་པའི་ཁྲོ་རྒྱལ་མ་ནིང་ནག་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་འཁོར་བའི་བདུད་དམག་རུ་དྲ་བཟློག་པའི་རུ་མཚོན་མདུང་རིང་བསྣམས་པ༔ གཡོན་པ་ཞགས་པས་རུ་དྲའི་རྐེད་ནས་བཟུང་ནས་རུ་དྲའི་སྙིང་ཕྱུངས་ཏེ་ཞལ་དུ་གསོལ་བ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དང་ལྡན་ཕྱིར་སྤྱན་གསུམ་གྱེན་ཐུར་ཐད་ཀར་གཟིགས་པ༔ རབ་ཏུ་འཇིགས་པའི་ཁྲོ་གཉེར་སྨིན་མཚམས་སུ་བསྡུས་ཤིང་སྤྱན་ལྡོག་པ༔ ཤངས་གཉེར་ཞལ་གདངས་མཆེ་

(༡༩༨)བ་གཙིགས་པ་ཤིན་ཏུ་གཏུམ་ཤིང་སྲོག་ལ་རྔམས་པ༔ ཆོས་སྐུ་མི་འགྱུར་རྡོ་རྗེ་མངོན་པར་བྱང་ཆུབ་པ་ལྔ་མཚོན་པའི་བརྡར་རིན་པོ་ཆེ་སྲོག་ཞུ་ལྔ་ཡོད་པ༔ ཨ་དཀར་རུ་དྲའི་ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ༔ ཀླུ་ཁ་ཏྲམ་རུ་དྲ་བཏུལ་ནས་སྦྲུལ་ནག་པོས་རལ་པ་བརྒྱན་པ༔ མ་ཏྲམ་བསྒྲལ་བའི་ཙན་དན་གྱི་བེང་རྐེད་པ་ལ་བཙུགས་པ༔ བེང་གི་ནང་ནས་ལྷ་དང་ལྷ་མ་སྲིན་ཐམས་ཅད་དང་༔ སྡེ་བརྒྱད་འདུས་པའི་དམག་ཚོགས་བྱེ་བ་འགྱེད་པ༔ བདུད་ཐམས་ཅད་བསྒྲལ་བའི་མགོ་རྙིང་འཕྲེང་བར་བརྒྱུས་ཏེ་སྐུ་ལ་བརྒྱན་པ༔ ཀླུ་ཐམས་ཅད་བསྒྲལ་ཏེ་སྦྲུལ་གྱི་ཆུན་པོར་བྱས་པ༔ དར་ནག་གི་བེར་གསོལ་བ༔ གསེར་ག་རིན་ཆེན་རྙེད་ལ་བཅིངས་པ༔ མི་ལྤགས་གཡང་གཞི་སྟོད་ལ་གཡོགས་པ་གཅིག་ཏུ་སྤྲུལ་ཏེ༔ དེའི་ཞལ་ནས་ཧཱུཾ་ཧཱུཾ་ཧཱུཾ༔ ཨོཾ་བཛྲ་ཀྲོ་ཏ་ཤྲི་ཧེ་རུ་ཀ་ཧཱུཾ་ཕཊ༔

(༡༩༩)ཅེས་བརྗོད་པས་རུ་དྲ་ཐུལ་ཏེ་སྲོག་གི་སྙིང་པོ་ཛྙཱ་ན་མ་ཧཱ་ཀཱ་ལ་དྷྲིཀ་ག་ཎ་གུ་ཡ་རམ་སིདྡྷི་བེང་ནི་རུ་པ་སརྦ་ཧོ༔ ཞེས་གདོངས་གསོལ་དུ་ཕུལ་ནས་དམ་ལ་བཏགས་སོ༔ བསྟན་པ་བསྲུང་བར་ཁས་བླངས༔ ས་མ་ཡ་ཨི་དམ་ཏེ་ན་ར་ཀན༔ ཞེས་བྲོ་བོར་རོ༔ ཡེ་ཤེས་ཀྱི་མགོན་པོ་ལས་མགོན་མཐུ་རྩལ་ཆེ་བས་སྲོག་བདུད་དུ་དབང་བསྐུར༔ དཔལ་ཆེན་ཆེ་མཆོག་ཧེ་རུ་ཀའི་དངོས་སྤྲུལ༔ མ་ནིང་ལས་རྒྱུད་ནག་པོའི་གླིང་གཞིའི་ལེའུ་ལས་རུ་དྲ་སྡེ་གསུམ་བདུད་དམག་དང་བཅས་པ་བཏུལ་བའི་ལེའུ་སྟེ་དང་པོའོ༔ དེའི་ཚེ། རི་གནམ་ལྕགས་མ་ལ་ཡའི་རྩི་མོར་གནས་དུར་ཁྲོད་ཐོད་མཁར་འབར་བའི་དབུས་ན༔ དཔལ་ཆེན་དངོས་སྤྲུལ་མ་ཧཱ་ཀཱ་ལ༔ གསང་བའི་ཁྲོ་རྒྱལ་སྟོབས་པོ་ཆེ༔ རྨེ་བརྩེགས་མ་ནིང་འཆོལ་བའི་བུ༔ ནག་པོ་ཆེན་པོ་

(༢༠༠)ལ་འཁོར་དུ་གསང་བའི་བདག་པོ་ལ་སོགས་པ་བྱང་སེམས་རིག་འཛིན་གྱི་ལྷ་ཚོགས༔ མ་ཧཱ་དེ་ཝ་ལ་སོགས་པ་ལྷའི་འཁོར་དང་༔ དབང་ཕྱུག་ཆེན་པོ་ལ་སོགས་མུ་སྟེགས་རུ་དྲ་བཏུལ་བའི་ལྷག་མ་དང་༔ གཞན་ཡང་བདུད་པོ་ཁྲམ་ཐོགས་ཀྱི་འཁོར་དང་༔ བཤན་པ་གྲི་ཐོགས་ཀྱི་འཁོར་དང་༔ ནག་པོ་གཟེར་ཐོགས་ཀྱི་འཁོར་དང་༔ ནག་པོ་མཚོན་ཐོགས་ཀྱི་འཁོར་དང་༔ ནག་པོ་དར་ཐོགས་ཀྱི་འཁོར་དང་༔ ཡི་དྭགས་འདྲེ་སྲིན་གྱི་འཁོར་ལ་སོགས་པ་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ༔ དེའི་ཚེ་ནག་པོ་ཆེན་པོའི་གཟི་བརྗིད་ཀྱིས༔ ཉི་མ་མཁར་ལ་སོགས་པ་ཏ་ལ་ལ༔ མེ་རླུང་འཚུབ་མ་ཡང་ཐོད་མཁར་རྩེ་ལ་འུ་རུ་རུ༔ དུག་མཚོན་ཁོལ་མ་ཡང་ཐོད་མཁར་རྨང་ལ་ཁྱི་ལི་ལི༔ དུག་མཚོའི་གཏིང་ཞིག་ན་སྦྲུལ་ནག་མང་པོ་ཡང་འཁྱུག་དང་བྲེངས་སེ་བྲེངས༔ དོམ་

(༢༠༡)ནག་ཁྱི་ནག་ཀྱང་ངུར་བའི་ང་རོ་སྒྲོག༔ ལྕེ་སྤྱང་རྒྱུག་ཚུལ་ཞུངས་སེ་ཞུང་༔ བྱ་ནག་མང་པོ་ཐིབས་སེ་ཐིབས༔ གཡག་རོག་མང་པོ་ངུར་བ༔ རྟ་ནག་པོ་འཚེར་བ༔ མོན་པ་ཕོ་མོ་གར་བྱེད་པ༔ ལིངས་པ་མདའ་འཕེན་པ༔ བྱ་རོག་ཤ་ཐོགས་པ༔ འུག་པ་རྐན་བརྡེབས་པ༔ ཐུན་གྱི་སེར་བ་འབེབས་པ༔ རླུང་ནག་འཚུབ་མ་འཁྱིལ་བ༔ མི་ལྤགས་གཡབ་མོ་གཡོགས༔ འགོང་པོ་མང་པོ་ངུ་བ༔ འདྲེ་ངན་སྐད་ངན་འདོན་པ༔ དེ་ལྟ་བུའི་དབུས་ན་སྲོག་བདུད་ད་སྤྲུལ་ནས་བཞུགས་སོ༔ དེའི་ཚེ་བྲང་གི་སྤྱན་གསུམ་གྱིས༔ སྟེང་ལྷའི་སྲིད་པ༔ འོག་ཀླུའི་སྲིད་པ༔ བར་མིའི་སྲིད་པ་རྣམས་གཟིགས་པ་ལས་ལྷ་དང་ལྷ་མ་ཡིན་འཐབ་པ་ལས༔ ཐུགས་རྗེའི་འོད་ཟེར་དབང་པོ་བརྒྱ་བྱིན་ལ་འཕྲོས་པས་བརྒྱ་བྱིན་གྱིས་མངོན་པར་ཤེས་ཏེ༔ དུར་ཁྲོད་ཆེན་པོ་ཐོད་

(༢༠༢)མཁར་གྱི་དབུས་ནས་ཡེ་ཤེས་མགོན་པོའི་སྤྲུལ་པ་སྲོག་བདུད་ཆེན་པོ་དེ་སྤྱན་དྲངས་ལ་དམག་དཔོན་བཅོལ་ན་རུང་སྟེ་འོང་སྙམ་ནས༔ ལྷ་དཀར་ཏི་ཀའི་བུ་མོ་ཨུ་མ་དེ་ཝ་སྤྱན་འདྲེན་དུ་བཏང་བས་ཐབས་ཀྱིས་སྤྱན་དྲངས་སོ༔ དེ་ནས་ལྷ་རྣམས་ཀྱིས་ཆོས་བཟང་ལྷའི་མདུན་སར་ཕྱག་རྣམས་བྱས༔ རྣམ་པར་རྒྱལ་བའི་ཁང་བཟང་དུ་མཆོད་པ་ཆེན་པོ་བྱས་སོ༔ ཤིང་ཡོངས་འདུ་ས་བརྟོལ་།།།གྱི་རྩ་བར་ལྷའི་བུ་མོ་བྱེ་བ་ཕྲག་མང་པོས་མཆོད་པ་བྱས་སོ༔ རྡོ་ཨ་མོ་ལི་ཀའི་སྟེང་དུ་ལྷའི་བུ་མོ་བྱེ་བ་ཕྲག་མང་པོས་མཆོད་པ་བྱས་སོ༔ ལྷའི་དེད་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་ཀྱིས་ཚལ་ཆེན་པོ་བཞིར་མཆོད་པ་བྱས་སོ༔ མགོན་པོ་བདུན་ཅུ་རྩ་གཉིས་ཀྱིས་བྲན་བྱེད་པར་ཁས་བླངས་མཆོད་པ་ཆེན་པོ་ཡང་བྱས་སོ༔ དེར་ལྷ་རྣམས་ཀྱི་དམག་དཔོན་དུ་མངའ་གསོལ༔ ཟས་ཀྱང་ལྷའི་བདུད་རྩི་གསོལ་ལོ༔ དེའི་ཚེ་ལྷའི་བུ་མོ་ཨུ་མ་དེ་ཝི་

(༢༠༣)དང་སྲོག་བདུད་ཆེན་པོ་གཉིས་མ་ཆགས་ཡིད་ཀྱིས་རོལ་བས༔ བུ་ཚ་མིང་སྲིང་གཉིས་སྐྱེས་ཏེ་བུ་ལ་ལེགས་ལྡན་ནག་པོ་དང་༔ བུ་མོ་ལ་དཔལ་ལྡན་ལྷ་མོ་རེ་མ་ཏིར་མིང་བཏགས་སོ༔ དེར་མ་ནིང་སྲོག་བདུད་ནག་པོ་དམག་ཆས་སུ་ཞུགས་ཏེ་ཕྱག་གི་ཉ་ལྷུ་གཉིས་དང་ཞབས་ཀྱི་བྱིན་ལྷུ་གཉིས་སྟེ་བཞི་ལས་དམག་བཞི་སྤྲུལ་ཏེ༔ པྲ་མ་རཱ་ཙ༔ ཡ་མ་རཱ་ཙ༔ ནཱ་ག་རཱ་ཙ༔ ཨག་སེ་རྒྱལ་བའོ༔ རྟ་ནག་པོ་རྟིང་དཀར་ལ་ཞོན་པ་ཉི་ཟླའི་ཟེར་དང་སྐར་ཆེན་གྱི་འོད་འཕྲོས་།།།པ་སྟག་རལ་གཟིགས་ཤུབས་གཡས་དང་གཡོན་ལ་བཏགས་པ༔ བདུད་མདས་དགྲ་སྙིང་ལ་གཟེར་འདེབས་ཤིང་༔ གླིང་བཞི་ཡུད་ལ་བསྐོར་བ༔ སྤྱན་ནས་ཁྲག་འཛག་པ༔ ཞལ་ནས་མེ་འབར་བ༔ ཕྱག་གཡས་གྲི་གུག་དང་གཡོན་ལྕགས་པར་འཛིན་པ༔ ཁ་ཊྭཾ་མཆན་ཁུང་དུ་བཅུག་པ༔ སྣང་སྲིད་ཕོ་རྒྱུད་ཐམས་ཅད་ཕོ་ཉར་འགྱེད་

(༢༠༤)པ༔ ལྟག་པའི་ཁུང་ནས་ཁྲོ་བོའི་སྤྱན་གཟིགས་པ༔ མ་མོ་ཐམས་ཅད་དམག་ལ་འགྱེད་པ༔ ཉི་མ་བྱང་ཤར་མཚམས་ན་གནོད་སྦྱིན་ཆེན་པོ་བརྒྱད་ནི༔ ལྕགས་ཀྱི་བྱ་ཁྲ་བརྒྱད་དུ་སྤྲུལ་ནས་དགྲའི་ཤ་དྲག་ལ་རྔམ་པ༔ སྔོན་ལ་འགྲོ་ཞིང་དམ་ཚིག་ཉམས་པ་རྣམས་ཀྱི་གཡོན་པོ་མཛད་ཅིང་གཡས་ཀྱི་ཕྱོགས་སུ་ལྡིང་བ༔ ལྷོ་ཕྱོགས་ཀྱི་གཤིན་རྗེ་ཆེན་པོ་བརྒྱད་ནི་སྟག་གཟིག་དོམ་སྤྱང་ཁྱིར་སྤྲུལ་ནས་ཕྱིར་འབྲང་ཞིང་ཕྱིའི་དགྲ་བགེགས་འདུལ་བ༔ ལྷ་སྲིན་གྱི་བུ་མོ་ནམ་མཁའི་གློག་མ་སྤྲིན་རྡུལ་དུ་རློག་པ༔ གདུག་པའི་ཀླུ་ཆེན་པོ་བརྒྱད་ནི༔ བཀའ་སྡོད་ཀྱི་ཕོ་འགྱེད་ཅིང་ཁ་རླངས་ནག་པོ་སྤྲིན་དུ་གཏིབས་ནས༔ གཡུ་འབྲུག་སྔོན་མོ་བརྒྱད་དུ་སྤྲུལ་ཞིང་གཡོན་གྱི་ཕྱོགས་སུ་འཁྲུག་པ༔ དྲག་པོའི་ཕྱོགས་སྐྱོང་བཅུ་ནི༔ བཀའ་ཉན་བློན་པོ་བྱས་ཏེ་ཁྱི་ནག་དོམ་ནག་རོལ་དུ་ཁྲིད་ནས། ལྷ་ཆེན་པོ་བརྒྱད་ནི་ཐུགས་ཀྱི་ཕོ་ཉར་མངའ་གསོལ་ཏེ་ཁྱིའུ་

(༢༠༥)ཆུང་གདུག་པའི་མཚོན་ཐོགས་ནས་ཅི་ཉན་གྱི་ཕྲིན་ལས་བྱེད་པ་བདུད་འདུལ་གྱི་དམག་ཚོགས་ཉི་ཁྲི་ཆིག་སྟོང་དང་བཅས་ནས་བར་སྣང་ཁམས་སུ་ལྷ་མ་སྲིན་སྡེ་བརྒྱད་དུ་སྤྲུལ་ནས་འཐབས་ཏེ་ལྷ་མ་ཡིན་གྱི་གཡུལ་ཐམས་ཅད་བཟློག་སྟེ་འཕུང་བར་བྱས་སོ༔ དེ་ནས་ལྷ་མ་ཡིན་ཐམས་ཅད་ཕམ་སྟེ་རྒྱ་མཚོའི་གཏིང་དུ་བྲོས་ནས་སྐྱབས་སུ་གསོལ་ལོ༔ དེར་ལྷ་རྣམས་གཡུལ་ལས་རྒྱལ་བས་དབང་པོ་བརྒྱ་བྱིན་མཉེས་ཏེ་བསྟོད་པ༔ ཆོས་སྐུ་སྐྱེ་མེད་ཀུན་ཏུ་བཟང་༔ ལོངས་སྐུ་ཆེ་མཆོག་ཧེ་རུ་ཀ༔ སྤྲུལ་སྐུ་མ་ནིང་ཁྲོ་བོའི་རྒྱལ༔ གསང་བདག་ཆེན་པོ་སྟོབས་པོ་ཆེ༔ འཆོལ་པའི་ཁྲོ་རྒྱལ་སྲོག་བདུད་ཆེ༔ ལྷ་རྣམས་བསོད་ནམས་རྒྱས་མཛད་པའི༔ ལྷ་ཆེན་དཔལ་འབར་ཁྱེད་ལ་ཕྱག་འཚལ་བསྟོད༔ དམག་དཔོན་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ སྡེ་དཔོན་

(༢༠༦)ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་ཅིང་གཏང་རག་གི་མཆོད་པ་ཆེན་པོ་བྱས་སོ༔ དཔལ་ཆེན་པོ་ཧེ་རུ་ཀ་དངོས་ཀྱི་སྤྲུལ་པ་དཔལ་མགོན་མ་ནིང་ལས་རྒྱུད་ཆེན་པོ་ལས་གླེང་བསླང་ཞིང་ལྷ་ཡུལ་དུ་སྤྲུལ་ནས་ལྷ་མ་ཡིན་བཏུལ་བའི་ལེའུ་སྟེ་གཉིས་པའོ༔ ཞེས་གསུངས་ཤིང་། རིག་འཛིན་ལས་འཕྲོ་གླིང་པའམ་འཇའ་ཚོན་སྙིང་པོས་དབུ་རུ་ཞྭ་ལྷ་ཁང་གི་བྲག་ཕ་བོང་བྱ་རོག་ནག་པོའི་ལྟོ་བ་ནས་སྤྱན་དྲངས་པའི་དཔལ་མགོན་མ་ནིང་ནག་པོའི་ཡང་གསང་དེ་བཞིན་ཉིད་ཀྱི་རྒྱུད་ལེའུ་བཅུ་གཅིག་པ་ལས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཆེ་མཆོག་ཧེ་རུ་ཀ་ཆོས་དབྱིངས་སྐྱེ་བ་མེད་པའི་ཏིང་ངེ་འཛིན་གྱི་ངང་ལ་སྙོམ་པར་བཞུགས་སོ༔ དེའི་ཚེ་ཡུམ་ཆེན་མོ་ཀུན་ཏུ་བཟང་མོ་གནམ་ཞལ་དབྱིངས་ཕྱུག་མས༔ རོལ་པ་ཡེ་ཤེས་མ་འགགས་པའི་ཏིང་ངེ་འཛིན་གྱི་ངང་ལས་བཞེངས་ཏེ༔ ཡབ་

(༢༠༧)ལ་འདི་སྐད་ཅེས་གསོལ་ཏོ༔ ཀྱཻ། ཡབ་ཅིག་ཀུན་བཟང་ཧེ་རུ་ཀ༔ དཔའ་བོ་ཆེན་པོ་ཆེ་བའི་མཆོག༔ ཕྱོགས་བཅུ་དུས་བཞི་བདེ་བར་གཤེགས༔ འདུལ་བྱེད་ཁྲག་འཐུང་གར་གྱི་བདག༔ རོལ་པ་ཆེན་པོའི་ཏིང་འཛིན་གྱི༔ སྤྲུལ་པ་བྱེ་བ་དཔག་མེད་འགྱེད།།།༔ འོག་མིན་གསང་བའི་གནས་མཆོག་བཤད་མ་ཐག་པ་དང་། ཚིག་ཞུས་ཕིར་བར་གསུངས༔ གཏེར་སྟོན་སྟག་ཤམ་པའི་ཆོས་སྐྱོང་དགོངས་འདུས་ཀྱི་གཏེར་ཁ་ལས་ཕྱག་བཞི་པའི་ལོ་རྒྱུས་འཆད་པའི་སྐབས་སུ་འདི་ལྟར་གསུངས་དེ༔ སྔོན་འབྱུང་འདས་པའི་དུས་ཀྱི་ཚེ༔ བསྐལ་པ་བཟང་པོ་རྒྱན་ཞེས་བྱ་བ་བྱུང་བའི་དུས༔ སངས་རྒྱས་ཞི་བའི་བློ་གྲོས་འོད་བྱ་བ་འཇིག་རྟེན་དུ་བྱུང་བའི་ཚེ༔ སངས་རྒྱས་དེའི་འཁོར་གྱི་བྱེ་བ་དུང་ཕྱུར་བདུན་འབུམ་ཡོད་དེ༔ ཐམས་ཅད་ཚངས་སྤྱོད་དགེ་སློང་དང་༔ དགེ་བསྙེན་ཚངས་པར་སྤྱོད་

(༢༠༨)ཅིང་སྦྱངས་པ་བཅུ་གཉིས་མཐར་ཕྱིན་པ་ལ༔ བྱང་ཕྱོགས་སྡིག་སྤྱོད་རྒྱལ་པོ་དགའ་བའི་དཔལ་བྱ་བ་ཁམས་གསུམ་གྱི་བདག་པོ་དེས༔ སངས་རྒྱས་འཁོར་བཅས་བཟུང་ནས་ས་འོག་དུག་སྦྲུལ་གྱི་དོང་དུ་བཅུག་ནས་རང་གི་ལྷས་དམོད་པས༔ སངས་རྒྱས་འཁོར་བཅས་རྫུ་འཕྲུལ་གྱི་ནམ་མཁའ་ལ་གཤེགས་པས༔ དེའི་ཚེ་རྒྱལ་པོ་དགའ་རབ་དབང་ཕྱུག་བཙུན་མོ་པདྨའི་འཕྲེང་བ་སོགས་ཀྱི་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པའི་སྨོན་ལམ་ལོག་པ་བཏབ༔ སངས་རྒྱས་ཀྱི་འཁོར་དེའི་ནང་ནས་དགྲ་བཅོམ་པ་ཞི་བ་འོད་དང་༔ དེ་བཞིན་དུ་སྨོན་ལམ་འགྲུབ་པ་མང་པོས་འདི་ལྟར་བཏབ་བོ༔ བདག་ཅག་དགྲ་སློང་ཕོ་མོ་རྣམས༔ ཚངས་སྤྱོད་བསོད་ནམས་སྔགས་མཐུ་ཡིས༔ སྐྱེ་བ་འདི་ནས་གཉིས་འདས་ནས༔ སྲིད་པ་གསུམ་ན་དབང་ཆེ་བ༔ གནོད་སྦྱིན་གདུག་པ་སྲིན་པོས་རིགས༔ ཤ་ཟ་ཁྲག་འཐུང་སྲོག་གི་བདག༔ ལས་ཀྱི་གཤིན་རྗེ་

(༢༠༩)སྨོན་ལམ་བཏབ༔ སྨོན་ལམ་བདེན་པའི་བྱིན་རླབས་ཀྱིས༔ སངས་རྒྱས་བསྟན་པ་བསྲུང་བར་ཤོག༔ ཅེས་རང་གི་སྟོན་པའི་སྤྱན་སྔར་བཏབ་པས༔ དེའི་བདེན་པས་རི་རབ་རི་ཡི་རྩེ་མོ་ན་ལྷ་ཆེན་དབང་ཕྱུག་ཆེན་པོ་དང་༔ བཙུན་མོ་ཨུ་མ་དེ་ཝི་གཉིས་ལ་བུ་བརྒྱད་སྐྱེས་པས་ལྷ་ཆེན་པོ་བརྒྱད་དུ་བྱུང་༔ དེ་རྗེས་ལ་དཔལ་ཆེན་པོ་ཧེ་རུ་ཀས་བདུད་སྡེ་རྣམས་འདུལ་བའི་ཆེད་དུ་ལྷ་མོ་ཨུ་མ་དེ་ཝི་ལ་དགྱེས་པའི་གད་མོ་བཅུ་གཉིས་ཀྱི་སྦྱོར་བ་བྱས་པས༔ དེ་ལ་རྡོ་རྗེ་སྲིན་པོ་རབ་ཏུ་ཁྲོས་པ་དཔལ་ཡེ་ཤེས་ཀྱི་མགོན་པོ་བྱ་རོག་མཚན་ཅན་ཕྱག་བཞི་པ་འཁྲུངས་སོ༔ དེ་ལྟར་ལྷ་བརྒྱད༔ དཔལ་མགོན་དང་དགུ་ཡི་རྐན་མར་དུ༔ མི་རྟའི་ཤ༔ རྒུན་འབྲུམ༔ ལ་ཕུག༔ སྒོག་པ༔ བུ་རམ༔ ཆང་༔ གཡག་ལུག་ར་གསུམ་གྱི་ཤ་ཁྲག་རྣམས་

(༢༡༠)བྱིན་ནས༔ སྲིད་པ་གསུམ་གྱི་མངའ་བདག་སངས་རྒྱས་བསྟན་པ་སྐྱོང་བའི་བསྲུང་བར་སྨོན་ལམ་བཏབ་བོ༔ དེ་ནས་རྡོ་རྗེ་སྲིན་པོ་དེས༔ ཁམས་གསུམ་དབང་དུ་བསྡུས༔ བདུད་ཀྱི་བློན་པོ་བཞི་བསྒྲལ་ནས་གསང་བའི་ཡུམ་བཞི་ལ་སྦྱོར་བས༔ གསང་བའི་བུ་བཞི་སྐྱེས་ཏེ༔ བྱ་རོག་གདོང་༔ འབར་མ་བྱ་རོག༔ སེང་གདོང་༔ རཱ་ཧུ་ལ་དང་བཞི་སྐྱེས་སོ༔ དེའི་ཚེ་དེའི་དུས་སུ༔ བདུད་དགའ་རབ་དབང་ཕྱུག་ཡིད་མ་དགའ་ནས་འཁྲུགས་ཏེ༔ འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོ་བའི་འཁྲུལ་འཁོར་།།།ལ་བཞུགས་ཏེ༔ ལྷ་མ་ཡིན་གྱི་དམག་བྱེ་བ་དུང་ཕྱུར་མང་པོ་བསྡུས་ནས་ནམ་མཁའ་ལ་ཐོག་དང་༔ མེ་དང་༔ འབྲུག་དང་༔ དྲག་པོའི་ཆོ་འཕྲུལ་ཆེན་པོ་བཅུ་དྲུག་གི་གཡོས་ཏེ༔ སྲིན་ཡུལ་དུ་གནས་བཅས་ནས་འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་ལ་གནོད་པའི་ལས་ཀྱིས་བསད་ཅིང་བཟོས་ནས་སྟོངས་ལ་ཐུག །སངས་རྒྱས་བསྟན་པ་གར་ཡོད་དུ་

(༢༡༡)དགྲར་བལྟས་ནས་བརླག༔ སུམ་ཅུ་རྩ་གསུམ་ལྷ་རྣམས་ཀྱང་བརླག་ནས་གནོད་པའི་ཚེ༔ ལྷའི་དབང་པོ་བརྒྱ་བྱིན་གྱིས་འཇིག་རྟེན་འདིར་བདུད་ཀྱི་དམག་འདུལ་ནུས་པ་སུ་ཡོད་སྙམ་ན༔ ལྷ་ཡིས་མིག་གིས་བལྟས་པས༔ ལྷ་ཆེན་གྱི་བུ་བྱ་རོག་གི་མིང་ཅན་དེ་གདུག་ཅིང་དྲག་རྩལ་ལྡན་པས་དེས་ཐུལ་བར་མཐོང་ནས༔ ལྷ་མིན་གཡུལ་ངོ་བཟློག་ཕྱིར༔ ཚངས་པའི་བུ་མོ་ཡིད་འོངས་མ་དཔལ་འབར་ཙཎྜི་ཀ་དང་༔ བཞིན་མཛེས་བརྒྱན་བཟང་༔ ལྷ་མོ་བརྒྱ་དང་བཅས་པས་ལུས་ཕུལ་ནས་སྤྱན་འདྲེན་བཏང་བས༔ རྡོ་རྗེ་སྲིན་པོ་དེས་ཀྱང་སྔོན་གྱི་སྐྱེ་གནས་དྲན་ནས་དུས་ལ་བབས་པར་དགོངས་ཏེ་སུམ་ཅུ་རྩ་གསུམ་དུ་བྱོན༔ དེའི་ཚེ་རྡོ་རྗེ་སྲིན་པོ་རབ་ཏུ་ཁྲོས་པ་ལས༔ བདུད་འདུལ་བའི་ཐབས་བསྟན་པ༔ བདུད་དགའ་རབ་དབང་ཕྱུག་ལ་ཞལ་བཞི་ཡོད་པས༔ དེ་

(༢༡༢)ལ་བདུད་ཀྱི་སྐུ་བཞི་བྱུང་བས༔ དེ་འདུལ་བ་ལ་གསང་བའི་ལྷ་མོ་བཞི་སྤྲུལ༔ བདུད་ཀྱི་སྤྱན་ལ་དུག་བཞི་ཡོད་པས༔ དེ་འདུལ་བ་ལ་ཕྱག་བཞི་ནས་ཕྲིན་ལས་ཀྱི་རྒྱལ་པོ་བཞི་སྤྲུལ༔ དེ་བཞིན་དུ་དཔལ་མགོན་གྱི་སྐྱེ་མཆེད་དྲུག་ལས་མཁའ་འགྲོ་མ་དྲུག་སྤྲུལ༔ རྣམ་ཤེས་ཚོགས་བརྒྱད་ལས་བཀའ་སྡོད་བརྒྱད་སྤྲུལ༔ རིག་པའི་ཡན་ལག་བཅུ་ལས་ཕྱོགས་སྐྱོང་བཅུ༔ དབང་གི་བཞིན་འཛུམ་བཅུ་དྲུག་ལས་མགོ་བརྙན་བཅུ་དྲུག་སྤྲུལ༔ སྐུའི་བཀོད་པ་བཅོ་བརྒྱད་ལས་གིང་ཆེན་བཅོ་བརྒྱད༔ ཁྲོས་པའི་ང་རོ་ཉི་ཤུ་རྩ་གཅིག་ལས་ཕོ་བདུད་ཉི་ཤུ་རྩ་གཅིག༔ ཆགས་པའི་གར་སྟབས་ཉི་ཤུ་རྩ་བརྒྱད་ལས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད༔ སྤྱན་གྱི་འགྱུར་ལྡོག་སུམ་ཅུ་ལས་དྲེགས་པའི་སྡེ་དཔོན་སུམ་ཅུ༔ ཕྲིན་ལས་ཀྱི་འོད་དཔུང་བདུན་ཅུ་ལས་དཔལ་མགོན་བདུན་ཅུ༔ ཞལ་གྱི་གདངས་བཞད་བརྒྱ་ལས་རོ་ལངས་བརྒྱ༔

(༢༡༣)སྤྱན་གྱི་ལྡོག་ཐབས་སྟོང་ལས་ནག་པོ་སྟོང་༔ ཞབས་ཀྱི་སྟངས་སྟབས་ཁྲི་ལས་གནོད་སྦྱིན་ཁྲི༔ དབང་གི་བར་སྤྱོད་འབུམ་ལས་མ་མོ་འབུམ༔ བ་སྤུའི་འོད་ཟེར་བྱེ་བ་འབུམ་ལས་ཤ་ཟ་བྱེ་བ་འབུམ་དུ་སྤྲུལ་ལོ༔ དེ་ནས་སྲིན་པོའི་གཟུགས་ཅན་དེས་ཆོས་བཟང་ལྷའི་མདུན་པར་ཆས་ནས་དྲག་པོའི་ངར་སྐད་ཐེང་གསུམ་དུ་བསོ་པས་ཁམས་གསུམ་སྲིད་པ་ཐམས་ཨད་གཡོ་ཞིང་མགུལ༔ སྤྱོད་པའི་གར་སྟབས་ཕྱོགས་བཞི་ལྷ་མ་ཡིན་གྱི་དམག་ལ་སྟབས་པས་ཐམས་ཅད་རེངས༔ ཞལ་གྱི་ཁྲོ་གཉེར་ཕྱོགས་བཅུར་གཟིགས་པས༔ སྤྲུལ་པ་མང་པོ་སྐུ་ལས་བྱུང་༔ སྐུ་གསུང་ཐུགས་ཀྱི་སྤྲུལ་པ་བྱ་སེང་རཱ་ཧུ་འབར་མ་བཞིས་རང་གི་དཔུང་ཚོགས་སྐྱོངས༔ གསང་བའི་ཡུམ་ཆེན་གསུམ་གྱི་གར་བསྒྱུར༔ མོན་མོ་ལས་ཀྱི་མཁའ་འགྲོ་དྲུག་གིས་ཐམས་ཅད་གཡོས༔ བཀའ་སྡོད་བརྒྱད་ནི་ཕྱོགས་

(༢༡༤)མཚམས་བརྒྱད་དུ་བསྒོམས༔ སྤྲུལ་པའི་དམག་ཚོགས་རྣམས་ནི་སྟེང་འོག་ཐམས་ཅད་ཁེངས་ཤོང་སྤྲིན་ལྟར་འཁྲིགས༔ ལྷ་མིན་གནས་རྣམས་ཐམས་ཅད་རྡོ་རྗེ་སྲིན་པོའི་ང་རོ་ཧཱུཾ་ཧཱུཾ་ཕཊ་སྒྲས་གང་༔ གཟུགས་ཁམས་ལྷའི་དམགས་རྣམས་ལྷག་པས་ལྷའི་དགྲ་ལྷ་ལྟར་མངའ་གསོལ་ཏོ༔ དེ་ནས་བདུད་དགའ་རབ་དབང་ཕྱུག་གིས་ལྷ་མིན་གྱིས་དམག་སྦྲན་ཏེ༔ ལྷ་མིན་གྱི་རྒྱལ་པོ་ཐག་ཟང་རིས་ཀྱི་ཤར་དྲི་ཟའི་དམག་བསྡུས༔ ལྷ་མིན་གྱི་བུ་རྐེ་མཆུ་རིང་གི་ལྷོ་གྲུལ་བུམ་གྱི་དམག་བསྡུས༔ སྟོབས་ཆེན་ཁྱབ་འཇུག་གིས་ཉི་ཟླ་གཟའ་སྐར་གྱིས་དམག་བསྡུས༔ གནོད་སྦྱིན་ནག་པོ་བུམ་སྣ་ཅན་གྱི་ནུབ་ཀླུ་དང་ས་བདག་གི་དམག་བསྡུས༔ བགེགས་རྒྱལ་བྱི་ན་ཡ་གས་བྱང་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་དམག་བསྡུས༔ ལྟེ་ཕྱེ་ནག་པོ་མིག་དགུས་འོག་ས་བདག་རྒྱལ་པོའི་དམག་བསྡུས༔ རྩ་རླུང་

(༢༡༥)ནག་པོ་དུར་འགྱེད་།།།ཀྱི་གནོད་སྦྱིན་སེ་རག་བཅས་བསྡུས༔ བདུད་རྒྱལ་བྱེ་བ་དགུ་རིང་གིས་མ་མོ་ཁྲམ་གྱི་བདག་པོའི་དམག་བསྡུས༔ བདུད་དགའ་རབ་དབང་ཕྱུག་གིས་བདུད་དང་སྲིན་པོའི་དམག་རྣམས་བསྡུས་ནས༔ ཐམས་ཅད་རི་རབ་རི་ཡིས་རྩེ་མོ་མུན་པའི་སྤྲིན་དང་གནག་པའི་འོད༔ མཚོན་ཆ་སྣ་ཚོགས་ཀྱི་ཆར་དང་༔ རི་ཕྲན་འཕེན་ཅིང་ཐོག་སེར་གློག་དང་འབྲུག་སྒྲ༔ མེ་ཆུ་རླུང་གིས་བསྐལ་པ་དང་༔ ནང་དུག་གི་སྤྲིན་ནག་འཁྲིགས་ཤིང་བདུད་ཀྱི་བུ་མོ་བསླུ་བྲིད་མཁན་དྲག་པོའི་སོ་།།།ཡི་བཏབ་ནས་རྩོད་པ་ལས་འཆས་སོ༔ དེ་ནས་ལྷ་དབང་བརྒྱ་བྱིན་གྱིས་ལྷ་དམག་བྱེ་བ་དུང་ཕྱུར་previous hit དང་བཅས་པ་བསིལ་བའི་ཚལ next hit་དུ་ཆས༔ རྡོ་རྗེ་སྲིན་པོའི་དམག་སྤྲུལ་པ་དུང་ཕྱུར་previous hit དང་བཅས་ནས་དགའ་བའི་ཚལ next hit་དུ་ཆས༔ ཕོ་བོ་ལྷ་ཆེན་གྱིས་ལྷ་

(༢༡༦)དམག་བྱེ་བ་དུང་ཕྱུར་དང་བཅས་ནས་བྱང་ཤར་གསེར་གྱི་བྲག་རྩར་ཆས་ནས་ཧཱུཾ་ཕཊ་སྒྲ་ཡིས་སྲིད་གསུམ་མགུལ་ལོ༔ དེ་ནས་བདུད་ཚོགས་དམག་དཔུང་བཅས་པ་རྩུབ་འགྱུར་ལྷ་ཡི་མདུན་སར་རྒོལ་བ་ལ་ཕྱིན་པས༔ དེའི་ཚེ་དཔལ་ཡེ་ཤེས་ཀྱིས་མགོན་པོས་གྲི་གུག་དང་༔ རལ་གྲི་ལ་ཚོགས་ཀྱི་བདག་པོ་སོགས་ལྷ་དམག་བྱེ་བ་དུང་ཕྱུར་སྤྲུལ༔ འཇིགས་པའི་གར་སྟབས་སུམ་ཅུ་ལས་སྡེ་དཔོན་སོགས་ལྷ་དམག་བྱེ་བ་དུང་ཕྱུར་སྤྲུལ་ནས་ལྷ་མིན་ཞེ་སྡང་གི་གཡུལ་ངོ་བཟློག༔ བདུད་དགའ་རབ་དབང་ཕྱུག་བསད་ནས་མཁལ་མ་སྙིང་དང་ནང་ཁྲོལ་བཏོན་ནས་ལུས་པོ་ཆ་བརྒྱད་དུ་བགོས་ཏེ༔ དུར་ཁྲོད་བརྒྱད་དུ་བྱིན་གྱིས་བརླབ༔ ཁོ་ཡི་གནས་སྲིན་པོ་ལངྐ་པུ་རིའི་གནས་སུ་སྲིན་པོའི་གྲོང་ཁྱེར་བདུན་འབུམ་བརླག༔ གཡས་གྲི་གུག་གིས་སྲིན་པོའི་མགོ་བཅད༔

(༢༡༧)ནང་ཁྲོལ་ཕྱུངས་ནས་སྙིང་ཁྲག་འཐུངས༔ ལྷ་མིན་བུ་མོ་གློག་མ་སྤྲིན་གྱི་མགོ་བཅད་ནས་འཕྲེང་བ་བྱས༔ རྒྱལ་པོའི་གཡག་ལུག་ར་དང་༔ རྟ་ནག །དྲེའུ། བྱ་ནག །དོམ་ནག ཁྱི་སྤྱང་། ཀླུ་ཡི་སྦྲུལ་དང་རླུང་ནག །མ་མོའི་དར་ནག་རེ་ནག་ཐམས་ཅད་འཕྲོག་ནས་བླངས༔ སྲིད་གསུམ་བྱེ་བ་ཕྲག་བརྒྱ་དབང་དུ་བསྡུས་ནས་ང་རྒྱལ་དྲག་པོའི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཀྱིས་སྒྲ་སྒྲོག་པ༔ ཁ་ནས་མེ་འབར་རྒྱ་མཚོ་སྐམ་ཞིང་རྔམ་པའི་ང་རོས་འུར་འུར་ཆོམ་ཆོམ་ཤིག་ཤིག་ཏུ་སྤྲིན་ནག་འཁྲིགས་ཤིང་ཐོག་དང་སེར་བ་འབྲུག་རྣམས་སྒྲག༔ ལྷ་མིན་བདུད་ཀྱི་དམག་དཔོན་བརྒྱད་ནི་ཕོ་མོ་བཀའ་སྡོད་ལྷ་ཆེན་བརྒྱད་ཀྱིས་བསད་ནས་མགོ་བཅད་ཐོད་པ་ཁྲག་བཀང་གསོལ་ཞིང་༔ སྙིང་ནི་གཙོ་བོ་ལ་སྟོབས༔ བདུད་ཀྱི་དམག་

(༢༡༨)དཔོན་བརྒྱད་ནི་བྱང་ཕྱོགས་གནོད་སྦྱིན་བརྒྱད་ཀྱིས་བཏུལ༔ ཨ་བྷི་ཧ་ལ་སོགས་ལྷ་མིན་གྱིས་བློན་པོ་ཆེན་པོ་བརྒྱད་ནི་ནུབ་ཕྱོགས་ཀླུ་ཆེན་པོ་བརྒྱད་ཀྱིས་བཅིངས༔ འགུགས་བྱེད་མ་སོགས་བདུད་ཀྱི་དམག་ཁྲོམ་ཆེན་པོ་བརྒྱད་ནི་ལྷོ་ཕྱོགས་ཀྱི་གཤིན་རྗེ་གཟའ་བརྒྱད་ཀྱིས་བསྒྲལ༔ ལྷ་མིན་གྱི་བདུད་དམག་ཐམས་ཅད་བརླག་པར་བྱས་ནས་ལྷ་དམག་དཀར་པོའི་དབུགས་དབྱུང་ཞིང་ལྷའི་དབང་པོ་རྒྱལ་བར་བྱས༔ ཁྱད་པར་གིང་ཆེན་བཅོ་བརྒྱད་ཁོལ་པོར་བཞག༔ ཕོ་ཉ་ཉི་ཤུ་རྩ་བརྒྱད་ལས་བྱེད་དུ་བསྐོས༔ དབང་ཕྱུག་ཉེར་བརྒྱད་བྲན་མོར་བཞག༔ སྡེ་དཔོན་སུམ་ཅུ་ཕོ་ཉར་བཀོད༔ ཕྱོགས་སྐྱོང་བཅུ་ནི་སྐྱོང་མར་བྱས༔ དཔལ་མགོན་བདུན་ཅུ་བཀའ་འཁོར་དུ་བཞག༔ རོ་ལངས་བརྒྱ་ནི་སྤྲུལ་པ་རུ་བཞག༔ ནག་པོ་སྟོང་ནི་རྩིག་ལ་ཕབ༔ གནོད་སྦྱིན་ཁྲི་ནོར་གྱི་གཉེར་ཁ་ལ་བསྐོས༔ མ་མོ་འབུམ་ནི་བྲན་དང་བཀའ་ཉན་

(༢༡༩)ལ་བསྐོས༔ ཤ་ཟ་བྱེ་བའི་ཚོགས་ནི་བཀའི་བྱ་ར་མངག་གཞུག་ལ་བསྐོས་ནས་ལྷ་ཐམས་ཅད་བདེ་བར་བཀོད་པས༔ དེ་ནས་ལྷ་དབང་བརྒྱ་བྱིན་གྱིས་ཆོས་བཟང་ལྷའི་མདུན་སར་བསུ་བ་བྱས༔ ཨ་མོ་ལི་ཡི་དྷོ་སྟེང་དུ་ཕྱག་དང་ཞེ་ས་ཕུལ༔ ལྷ་ཐམས་ཅད་ཀྱི་མགོན་པོར་མངའ་གསོལ་ནས་དུར་ཁྲོད་ཆེན་པོ་དགའ་བའི་ཚལ་ཡང་ཕུལ་ལོ༔ དེ་ནས་དཔལ་ཆེན་པོ་ཧེ་རུ་ཀ༔ པདྨ་དབང་གི་དམ་ལ་བཏགས་ཤིང་༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་སྦྱིན༔ དབང་རྫོགས་པར་བསྐུར་ནས་སྲིད་པ་གསུམ་གྱི་མངའ་བདག་བསྟན་པ་བསྲུང་བའི་དཔལ་མགོན་དུ་མངའ་གསོལ་ནས་ལག་ཏུ་རྡོ་རྗེ་གཏད་ནས་བསྟོད་པ༔ ཧཱུཾ། དཔལ་ཆེན་ཁྲག་འཐུང་ཧེ་རུ་ཀ༔ གདུག་པ་འདུལ་ཕྱིར་སྐུ་སྤྲུལ་པ༔ རྡོ་རྗེ་སྲིན་པོ་ཁྲོ་བོའི་རྒྱལ༔ འཇིགས་ཆེན་སྟོབས་ཆེན་ནག་པོ་ཆེ༔ ཧཱུཾ། ཚོགས་བདག་ཆེན་པོ་ས་བཅུའི་བདག༔ རིགས་གསུམ་

(༢༢༠)ཁྲོ་བོའི་དབང་བསྐུར་ནས༔ བསྟན་པ་བསྲུང་བའི་ཐུགས་དམ་ཅན༔ སྲིན་པོའི་གཟུགས་ཀྱི་གདུག་པ་འདུལ༔ ཧཱུཾ། བདུད་རྣམས་མ་ལུས་ཐམས་ཅད་ཀུན༔ ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ༔ གྲོང་ཁྱེར་གསུམ་བརྩིགས་འཇིགས་པར་བྱེད༔ མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ༔ ཧཱུཾ། ཞལ་གཅིག་ཕྱག་བཞི་སྤྱན་གསུམ་དམར༔ གདུག་པའི་མཆེ་གཙིགས་སྐན་སྒྲ་སྒྲོག༔ ཞལ་གཅིག་ཆོས་སྐུ་མི་འགྱུར་གནག༔ ཕྱག་བཞི་འཕྲིས་བཞི་མཛད་མ༔ ཧཱུཾ། བདུད་བཞི་འདུལ་མཛད་གྲི་གུག་དང་༔ ལྷ་མིན་གཡུལ་བཟློག་རལ་དྲི་གཡས༔ ཁམས་གསུམ་དབང་བསྡུད་ཐོད་ཁྲག་དང་༔ བགེགས་ཆེན་འདུལ་བྱེད་ཁ་ཊྭཾ་གཡོན༔ ཧཱུཾ། ཐབས་དང་ཤེས་རབ་ལས་བྱུང་བའི༔ ཁྲོས་པའི་ཞལ་བརྡབས་ས་གཞི་གཡོ༔ འཇིགས་པའི་གད་མོས་རི་རབ་སྒྱེལ༔ དམ་ཚིག་ཉམས་པའི་སྙིང་ཁྲག་འཐུང་༔ ཧཱུཾ ཡི་གེ་ཧཱུཾ་ལས་བྱུང་བའི་

(༢༢༡)སྐུ༔ ཉི་མ་ཟླ་བའི་གདན་སྟེང་དུ༔ ས་བཅུའི་མགོན་པོ་ཡེ་ཤེས་པ༔ བརྐྱང་བསྐུམ་སྲིན་པོའི་ཚུལ་དུ་བཞུགས༔ མ་ཧཱ་ཀཱ་ལ་ཁྱོད་ལ་བསྟོད༔ ཅེས་བསྟོད་ནས་ལྷ་ཐམས་ཅད་ཀྱི་ཕྱག་བྱས་ནས་སྲིད་གསུམ་ཐམས་ཅད་བཏང་རག་ཏུ་ཕུལ་ལོ༔ དེ་ནས་དེའི་རྒྱུད་སྒྲུབ་ཐབས་དཔག་ཏུ་མེད་པར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པ་དང་དཔལ་ཆེན་པོ་ཧེ་རུ་ཀས་གསུངས་པ་མང་པོ་ཆོས་བཟང་ལྷའི་གནས་དང་༔ འདམ་གླིང་འདིའི་གནས་དང་༔ དུར་ཁྲོད་དང་༔ ལྷ་ཁང་དང་༔ རི་རབ་སོགས་སུ་སྦས་པ་གྲངས་མེད་དོ༔ དེ་ལ་འདི་ནི་ཆོས་བཟང་ལྷའི་མདུན་པ་དང་༔ ནུབ་ཕྱོགས་ཨོ་རྒྱན་གནས་ནས་འཕགས་པ་ཀླུ་སྒྲུབས་ཀྱིས་གདན་དྲངས༔ དེ་ལ་བདག་པདྨ་འབྱུང་གནས་ཀྱིས༔ གསེར་གྱི་གུ་ལང་དང་༔ སིང་ག་ལའི་རྒྱལ་པོས་ཕུལ་བའི་དོང་རྩེ་ལྔ་བརྒྱ་ཕུལ་ནས་དཔལ་ཡེ་ཤེས་ཀྱི་མགོན་པོའི་རྒྱུད་བཅུ་གཉིས༔ མ་ཚང་བའི་དུམ་བུ་དང་བཅུ་གསུམ་

(༢༢༢)ཞུས༔ རྒྱ་གར་ཡུལ་གྱི་བསིལ་བའི་ཚལ་དུ་བམ་རི་ཐོད་པ་ལ་བརྟེན་ནས་བསྒྲུབས་པས༔ ཡེ་ཤེས་ཀྱི་མགོན་པོ་དང་གཉིས་མེད་མེ་དང་མི་ལབ་པ་ལྟར་གྱུར་ནས༔ འདི་ཡི་རྒྱུད་རྣམས་ལ་བརྟེན་ནས། སྒྲུབ་ཐབས་རྒྱས་འབྲིང་བསྡུས་པ་བདུན་དུ་བྱས་ནས་གཏེར་ཁའང་བདུན་དུ་སྦས་སོ༔ འདི་ནི་འབྲིང་པོའི་ཚུལ་དུ་མན་ངག་བཅུད་དུ་དྲིལ་ནས་དཔལ་རྟ་མགྲིན་ཉིད་ཀྱི་བཀའི་སྲུང་མར་བཞག་སྟེ༔ དུར་ཁྲོད་ཆེན་པོ་དགའ་བའི་ཚལ༔ ལྷ་དགའ་བྱེད་གཞོན་ནུའི་ལུས་འཐོར་བའི་མགོ་ལ་སྐུའི་རྟ་མགྲིན༔ སྐེད་པ་ལ་ཐུགས་ཀྱི་རྟ་མགྲིན༔ མཚངས་མདོ་གྲུ་གསུམ་ལ་དཔལ་མགོན་ཡབ་ཡུམ་སོགས་སྐུ་ལུས་ཀྱི་ཚལ་བུ་དུ་མ་ལ་སྐུ་དཔག་ཏུ་མེད་པ་བྱོན་པའི་གནས་སུ་རྟ་མགྲིན་ཉིད་ཀྱིས་ཆོས་ཀྱིས་ཚན་པའི་ཟླ་ལ་སྨྱུག་མའི་དོང་ལ་བཅུག་ནས་སྦས་སོ༔ ཞེས་གསུངས། གཞན་ཡང་མ་ནིང་

(༢༢༣)དང་། མགོན་པོ་མྱུར་མཛད་ཕྱག་བཞི་པ་ངོ་བོ་གཅིག་པའི་ཁུངས་ནི༔ ཆོས་དབང་གཏེར་བྱོན་མ་ནིང་གི་བསྐང་གསོ་སྲོག་གི་སྤུ་གྲི་ལས། མ་ནིང་ནག་པོའི་ཐུགས་དམ་བསྐང་༔ མ་ནིང་མཆེད་གསུམ་ཐུགས་དམ་བསྐང་༔ མགོན་པོ་སྡེ་ལྔའི་ཐུགས་དམ་བསྐང་༔ ཡུམ་མཆོག་ཙཎྜིའི་ཐུགས་དམ་བསྐང་༔ བྱ་རོག་གདོང་ཅན་ཐུགས་དམ་བསྐང་༔ སེངྒེ་གདོང་ཅན་ཐུགས་དམ་བསྐང་༔ བཀའ་ཉན་སྡེ་བཞིའི་ཐུགས་དམ་བསྐང་༔ ཞེས་མགོན་པོ་ཉིད་ཀྱི་ཡུམ་ཕྱག་བཞི་པའི་ཡུམ་ཙཎྜི་ཀ་དང་གཅིག་པ་དང་༔ བཀའ་ཉན་ལས་མགོན་བྱ་རོག་གདོང་ཅན་སོགས་ཕྱག་བཞི་པའི་བཀའ་སྡོད་རྣམས་གསལ་པོར་བསྟན་པའི་ཤུགས་ཀྱིས་མ་ནིང་ཉིད་ཕྱག་བཞི་པ་དང་གཅིག་ཏུ་བསྟན་པར་སོང་ཞིང་བསྐང་བ་དེ་ཉིད་ལས། སྲོག་བདུད་ནག་པོ་གཤེགས་སུ་གསོལ༔ བདུད་རྒྱལ་ཐོད་ཕྲེང་གཤེགས་སུ་གསོལ༔ ཞེས་པ་དང་༔ གཏེར་ཁ་འདི་ཉིད་

(༢༢༤)ཀྱི་གཏོར་ཆོག་སྲོག་རྩ་དམར་ལེན་ལས༔ སྲོག་བདུད་ནག་པོ་གཤེགས་སུ་གསོལ༔ ཀླུ་བདུད་ནག་པོ་གཤེགས་སུ་གསོལ༔ གཟའ་བདུད་ནག་པོ་གཤེགས་སུ་གསོལ༔ ཞེས་དང་༔ ཡབ་རྗེ་ནག་པོ་གཤེགས་སུ་གསོལ༔ ཞེས་དང་༔ ཛམ་ལ་ནག་པོ་གཤེགས་སུ་གསོལ༔ ནག་པོ་ཚེ་བདུད་གཤེགས་སུ་གསོལ༔ ནག་པོ་ཐོད་འཕྲེང་གཤེགས་སུ་གསོལ༔ མཁའ་ལྡིང་ནག་པོ་གཤེགས་སུ་གསོལ༔ ཊ་ཀི་ནག་པོ་གཤེགས་སུ་གསོལ༔ མོན་པ་ནག་པོ་གཤེགས་སུ་གསོལ༔ ཤར་གིང་ནག་པོ་གཤེགས་སུ་གསོལ༔ ཅེས་གསུངས་པས། སྙོན་ཁའམ་ན་ག་རཀྴ༔ ཁྱབ་འཇུག་ཆེན་པོ། སྐྲག་མེད་ཉི་ཤར། སྟོང་བདུད་ཚེ་བདག་བདུད་རྒྱལ་ནག་པོ་ཐོད་ཕྲེང་དང་། ཤར་གིང་ནག་པོ་སྟེ་ཧར་རྣམས་ཡིན་པར་གསུངས་ཤིང་། ཡུམ་གྱི་བསྟོད་པའི་སྐབས་སུ་ཡང་། སྨོན་ལམ་སྟོབས་ཀྱི་སངས་རྒྱས་བསྟན་པ་སྲུང་༔ ལས་ཀྱི་འབྲེལ་བས་མིང་པོའི་ལས་བྱེད་མ།

(༢༢༥)ཤནྟིང་རོ་ཟན་བདུད་ཀྱི་ཡུམ་གཅིག་མ༔ ཞེས་བྱུང་བས་མགོན་པོ་འདིའི་ཡུམ་ཤནྟིང་རོ་ཟན་མར། བསྟན་པའི་ཤུགས་ཀྱིས་མགོན་པོ་ཉིད་ཀྱི་རྒྱལ་པོ་བརྒྱ་བྱིན་ཡིན་པར་འགྲུབ་བོ། །ཡང་བསྟོད་པ་དེ་ཉིད་ལས། མ་གཅིག་དཔལ་ལྡན་གཉན་གྱི་རེ་མ་ཏི༔ ལྷ་ཡི་གནས་ན་ཀླུ་མོ་གློག་འགྱུ་མ༔ ལྷ་མོ་དུང་སྐྱོང་མ༔ ཀླུ་ཡི་གནས་ན། སྲིན་པོའི་གནས་ན་སྲིན་མོ་ཧབ་ཤམ་མ༔ བདུད་ཀྱི་གནས་ན་དུག་གི་ཁ་རླངས་ཅན༔ མི་ཡི་གནས་ན་བསྟན་པའི་བྱ་ར་མ༔ ཞེས་ཀྱང་གསུངས༔ ཆོས་དབང་རིན་པོ་ཆེའི་གཏེར་བྱོན་མ་ནིང་བྷ་ག་ནག་པོའི་སྒྲུབ་ཐབས་ལས༔ འདས་པའི་དུས་ན་སྔོན་བྱུང་བའི༔ བདག་ཉིད་ཆེན་པོ་ཧེ་རུ་ཀ༔ འཇིགས་བྱེད་དྲེགས་པའི་དབང་ཕྱུག་གཙོ༔ གསང་བདག་རྡོ་རྗེ་འཆང་ལ་འདུད༔ དྲེགས་པའི་ལྷ་སྲིན་མཐའ་ཡས་པ༔ ཉོན་མོངས་མཐའ་ཡས་ལས་ཀྱིས་གྲུབ༔ ལྷ་སྲིན་

(༢༢༦)བརྒྱད་ཁྲི་བཞི་སྟོང་ཡང་༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཡིན༔ རགས་པའི་ཉོན་མོངས་སོ་གཉིས་འདུས༔ སྡེ་དཔོན་སུམ་ཅུ་ཐམ་པར་སྲིད༔ དེ་ཡང་རྟོགས་ཚོགས་ཁམས་བཅོ་བརྒྱད༔ སྔགས་བདག་སྡེ་དཔོན་བཅོ་བརྒྱད་ཡིན༔ དེ་དུས་འབྱུང་ལྔའི་ངོ་བོ་ལྔ༔ དྲེགས་པ་བཅུ་གཉིས་རྣམ་པར་ཤར༔ དེ་ཡང་རྣམ་པ་བརྒྱད་དུ་འདུས༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཡིན༔ དེ་བསྡུས་འབྱུང་ལྔའི་ངོ་བོ་ལས༔ འབྱུང་བ་ལྔ་ཡི་སྔགས་བདག་ཡིན༔ དུག་གསུམ་ཕོ་མོ་ཀླུ་གསུམ་ཡང་༔ ཆགས་སྡང་ཕོ་མོ་ཟུང་ཅིག་འདུས༔ དེ་ཉིད་གསང་བའི་ཉོན་མོངས་གཅིག༔ མ་ནིང་བྷ་ག་ནག་པོར་ཤར༔ དེ་ཕྱིར་གསང་བའི་ཉོན་མོངས་ལས༔ ཉོན་མོངས་རྣམ་རྟོག་སྤྲོ་བསྡུ་བྱེད༔ དེ་བཞིན་མ་ནིང་ནག་པོ་ཡིས༔ སྣང་སྲིད་དྲེགས་པ་སྤྲོ་དང་བསྡུ༔ རྒྱལ་པོ་གཅིག་གིས་འཁོར་སྟོང་བསྒྱུར༔ ཐོལ་སྐྱེས་

(༢༢༧)རིག་པ་ཡེ་ཤེས་སྐུ༔ རང་བྱུང་དཔལ་ཆེན་ཧེ་རུ་ཀ༔ ངར་འཛིན་བདག་སྟོབས་རུ་དྲ་བཏུལ༔ གར་དབང་བདེ་ཆེན་རུ་དྲ་བཏུལ༔ རིག་ན་ཀུན་བཟང་ཆེ་བའི་མཆོག༔ མ་རིག་སྲོག་བདུད་ཀུན་སྒྲོལ་དངོས༔ དེ་ཕྱིར་བྷ་ག་ནག་པོར་བརྗོད༔ གཉེན་པོས་མི་བཏུལ་སྟོབས་ཀྱི་དྲེགས༔ ཀུན་གྱི་ཐུགས་མཐའ་མ་ནིང་ཡིན༔ དེ་ཕྱིར་རུ་དྲ་སྡེ་གསུམ་བཏུལ༔ ཆོས་སྐྱོང་ཀུན་ལས་འདི་མཆོག་འགྱུར༔ ཕྱི་པ་རྣམས་ལ་ནང་པར་སྟོན༔ ནང་པ་རྣམས་ལ་ཕྱི་པར་སྟོན༔ ཕྱི་ནང་གཉིས་སུ་དབྱེར་མེད་པས༔ མ་ནིང་གསང་བའི་ཕོ་ཉར་གྲགས༔ རྣལ་འབྱོར་མགོན་བྱེད་དགྲ་ལ་གནག༔ དེ་ཕྱིར་མགོན་པོ་ནག་པོའོ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ མགོན་བྲན་ཐམས་ཅད་ཁོ་ཡིས་མཆོད༔ སྣང་སྲིད་དྲེགས་པ་སྡེ་བརྒྱད་སོགས༔ ལྷ་སྲིན་ཐམས་ཅད་བྲན་ཁོལ་གཡོག༔ ཅེས་འཁོར་འདས་ཐམས་ཅད་

(༢༢༨)ཀྱི་སྤྱི་དཔལ་ལམ་ཁྱབ་བདག་ཆེན་པོར་གསུངས། ཧཱུཾ། ཐུགས་ཀྱི་སྤྲུལ་པ་བདུད་འདུལ་ཙན་དན་བེང་༔ བདུད་འདུལ་ཙན་དན་བེང་གི་ཁོང་གསེང་ནས༔ སྤྲུལ་པའི་ལྷ་དམག་མང་པོ་བྱུང་བ་ནི༔ བརྒྱད་ཁྲི་བཞི་སྟོང་སེར་པོ་བསེ་ཁྲབ་ཅན༔ བ་དན་སྔོན་པོ་རླུང་ལྟར་འཕྱོ་བ་ཐོགས༔ ཉི་ཁྲི་ཆིག་སྟོང་དཀར་པོ་དངུལ་ཁྲབ་ཅན༔ བ་དན་ནག་པོ་མུན་ལྟར་གཏིབས་པ་ཐོགས༔ སྟོང་གསུམ་དྲུག་བརྒྱ་དམར་པོ་ཟངས་ཁྲབ་ཅན༔ བ་དན་དཀར་པོ་ཤེལ་ལྟར་འཚེར་བ་ཐོགས༔ སུམ་བརྒྱ་དྲུག་ཅུ་སྨུག་པོ་མཆོང་ཁྲབ་ཅན༔ བ་དན་དམར་པོ་མེ་ལྟར་འབར་བ་ཐོགས༔ ལྕགས་ཀྱི་སྤྱང་མོ་འབུམ་ནི་སྔོན་ལ་རྒྱུག༔ གླང་ཆེན་སྨྱོན་པ་འབུམ་ནི་ཕྱི་ལ་རོལ༔ གསེར་གྱི་སེངྒེ་འབུམ་ནི་ཟུར་ལ་འགྱིང་༔ ལྕགས་ཀྱི་བྱ་ཁྲ་འབུམ་ནི་ཐོད་ལ་ལྡིངས་གདེངས༔ ཁྲོ་ཆུའི་ཁྲོ་བོ་འབུམ་ནི་རལ་དྲི་འཕྱར༔ རྡོ་ཡི་བྱི་བ་འབུམ་ནི་

(༢༢༩)ས་གཞི་རློག༔ ལྕགས་ཀྱི་ཕག་རྒོད་འབུམ་ནི་ངུར་སྒྲ་སྒྲོག །ཧཱུཾ། ཤ་ཟ་མ་མོ་བྱ་རོག་འུག་པ་ཡི༔ གཅན་གཟན་མཆེ་བ་ཅན་གྱི་ཚོགས་ཀྱིས་བསྐོར༔ ལྷ་ཀླུ་ལ་སོགས་སྡེ་བརྒྱད་བྲན་དུ་འཁོལ༔ ཞེས་ཀླུ་སྒྲུབ་ཀྱི་མཛད་པའི་མགོན་པོ་འདིའི་བསྟོད་པ་མཚན་བརྒྱ་རྩ་བརྒྱད་པ་ལས་གསུངས་པ་ལས༔ ཐུགས་ལས་སྤྲུལ་པའི་ཙན་དན་གྱི་བེང་ཆེན་གྱི་ཁོང་གསེང་ནས་ལྷ་དམག་སེར་པོ་བསེ་ཁྲབ་གྱོན་ཞིང་། བ་དན་སྔོན་པོ་ཐོགས་པ་བརྒྱད་ཁྲི་བཞི་སྟོང་། དཀར་པོ་དངུལ་ཁྲབ་གྱོན་ཞིང་། བ་དན་ནག་པོ་ཐོགས་པ་ཉི་ཁྲི་ཆིག་སྟོང་། དམར་པོ་ཟངས་ཁྲབ་གྱོན་པ་བ་དན་དཀར་པོ་ཐོགས་པ་གསུམ་སྟོང་དྲུག་བརྒྱ། སྨུག་པོ་མཆོང་ཁྲབ་ཅན་བ་དན་ཐོགས་པ་སུམ་བརྒྱ་དྲུག་ཅུ་འགྱེད་ཅིང་། ལྕགས་ཀྱི་སྤྱང་མོ་འབུམ་སྔོན་ལ་རྒྱུག༔ གླང་ཆེན་སྨྱོན་པ་འབུམ་ཕྱི་ནས་འབྲེང་། གསེར་

(༢༣༠)གྱི་སེངྒེ་འབུམ་ཟུར་ནས་འགྱིང་། ལྕགས་ཀྱི་བྱ་ཁྲ་འབུམ་ཀླད་ནས་ལྡིང་། བསེའི་བྱ་གླང་འབུམ་ནི་མཆུ་སྡེར་བརྡར། དུང་གི་སྐྱེས་པ་འབུམ་མདའ་གཞུ་འགེངས། བྱི་རུའི་བུ་མོ་འབུམ་གཡབ་མོ་གཡོབ། ལྕགས་ཀྱི་མོན་པ་འབུམ་ཐོ་བ་འཕྱར། ཁྲོ་བཅུའི་ཁྲོ་བོ་འབུམ་གྱིས་རལ་དྲི་བརྡེག །རྡོའི་བྱི་བ་འབུམ་གྱི་ས་གཞི་རློག༔ ལྕགས་ཀྱི་ཕག་རྒོད་འབུམ་གྱིས་ངུར་སྒྲ་སྒྲོག་པ་སོགས། དེང་སང་གི་མངོན་རྟོགས་བྱིངས་སུ་མ་གསལ་བའི་ཁྱད་པར་བ་ཡངས་གསུངས་སོ། །ནག་པོ་ཆེན་པོ་གསོད་བྱེད་སྲོག་གི་སྤྲུ་གྲིའི་རྒྱུད་ལས། ལས་མགོན་བྱ་རོག་གདོང་ཅན་འདུལ་བའི་ཆེད་དུ། བཅོམ་ལྡན་འདས་ཀྱི་དྲེགས་པ་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་མ་ཧཱ་ཀཱ་ལ་ས་མ་ཡ་ཧཱུཾ་ཨ་ར་ལི་ཧུར་ཐུམ་ཛ ཞེས་གསུངས་པས། སྐད་ཅིག་ཉིད་ལ་སྤྲུལ་པའི་མགོན་པོ་མ་ཧཱ་ཀཱ་ལ་ཕྱག་བཞི་པ་བྱོན་ཏེ། ལས་

(༢༣༡)མགོན་འཁོར་དང་བཅས་པ་བཏུལ་ནས་གསོད་བྱེད་སྲོག་གི་སྤུ་གྲིའི་རྒྱུད་གསུངས་པར་བཤད་རྣམ་ཐོས་སྲས་ཀྱི་བསྐུལ་མ་མཛད་དོ། །མགོན་པོ་འདི་ཉིད་མ་འོངས་པ་ན་བྱང་ཤར་ཐལ་བའི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་ཐལ་བའི་དབང་པོ་ཞེས་བྱ་བར་སངས་རྒྱ་བར་གསུངས་ཏེ། རྒྱུད་སྡེའི་ལེའུ་གཉིས་པ་ལས། །ངོ་བོ་བདེ་མཆོག་དཔའ་བོ་ཡི། །ཡེ་ཤེས་སྐུ་དེ་རྡོ་རྗེ་འཛིན། །དེ་ལས་སྤྲུལ་པ་དཔལ་འབར་བ། ཁྲག་འཐུང་ལེགས་ལྡན་ནག་པོ་ཆེ། །སྐུ་བཞི་མཐར་ཕྱིན་རྡོ་རྗེ་འཆང་། །ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ། །བདེ་བ་ཆེན་པོའི་སྐུ་དང་བཞི། །དམ་པ་ཆོས་སྐྱོང་སྲུང་མ་སྟེ། །མ་འོངས་དུས་མཐའི་བསྐལ་པ་ལ། །བྱང་ཤར་ཐལ་བའི་འཇིག་རྟེན་དུ། །ཐལ་བའི་དབང་པོར་སངས་རྒྱས་ནས། །བསྟན་པ་མི་ནུབ་རྒྱས་པར་བྱེད། །ཅེས་གསུངས་པས་མགོན་པོ་

(༢༣༢)འདི་ཉིད་ལྷ་ཆེན་དཔལ་འབར་རམ་མ་ནིང་ནག་པོ་ཡིན་པར་བསྟན་ཅིང་། དེ་ཉིད་དབང་ཕྱུག་ཆེན་པོ་ཡིན་པར་གྲུབ་སྟེ། དེ་བཞིན་གཤེགས་པ་ཐལ་བའི་དབང་པོ་ནི་དབང་ཕྱུག་སངས་རྒྱས་པའི་སངས་རྒྱས་ཡིན་པར་གསུངས་པས་སོ། །རྒྱུད་སྡེ་རྣམས་སུ་དབང་ཕྱུག་ས་འོག་ཏུ་དེ་བཞིན་གཤེགས་པ་ཐལ་བའི་དབང་པོར་སངས་རྒྱས་ཟིན་པར་བཤད་པ་དང་། འདིར་མ་འོངས་པ་ན་སངས་རྒྱ་འགྱུར་དུ་གསུངས་པ་དང་། མ་ནིང་དང་མགོན་པོ་འདི་ལ་ལར་ཡབ་སྲས། ལ་ལར་སྐུ་དངོས་རང་ཡིན་པར་གསུངས་པ་དང་། ཡུམ་དམར་མོ་རྩ་འཇིབ་མའམ་ཙཎྜི་ཀ་བདུད་ཀྱི་ལག་ནས་ཕྲོག་ཏེ་ཡུམ་དུ་བཞེད་པར་གསུངས་པ་དང་། སྲིང་མོ་ཙ་མུཎྜི་ཀར་བཤད་པ་དང་། མགོན་པོ་འདིའི་ཡུམ་གྱི་བསྟོད་པ་ལས། ནམ་མཁའི་གོས་ཅན་ཁྱོད་ལ་བསྟོད། །ཅེས་པ་དང་། ལྷ་མོ་དུས་མཚན་རེ་མ་ཏི། ཨེ་ཀ་ཛ་ཏི་རལ་

(༢༣༣)གཅིག་མ། ཕྱག་བཞི་མ་ལ་མཛེས་མ་སྟེ། ཞེས་ནམ་མཁའི་གོས་ཅན་མ་དང་། དུས་མཚན་ལྷ་མོ་འོད་ཆེན་འབར་མ་དང་། ཨེ་ཀ་ཛ་ཏི་ལ་སོགས་ཡིན་པར་གསུངས་པ་ནི་གདུལ་བྱ་སོ་སོའི་སྣང་ཚུལ་ལ་ལྟོས་ནས་བཀོད་པ་ཐ་དད་པ་དུ་མ་དུས་གཅིག་ཏུ་བྱུང་བ་ཡིན་པས་འགལ་བར་མི་སེམས་སོ། །དམག་ཟོར་མའི་ལོ་རྒྱུས་སུ། མེ་ལྕེ་འབར་མའི་རྒྱུད་སོགས་ལས་སངས་རྒྱས་འོད་སྲུངས་ཀྱི་བསྟན་པའི་མཇུག་ཏུ། དཔལ་ལྡན་ལྷ་མོ་དང་བདག་ཅག་གི་སྟོན་པ་གཉིས་སྨོན་ལམ་ལྷན་ཅིག་ཏུ་མཛད་ནས་དེའི་སྐྱེ་བ་ཕྱི་མ་ལ་ཨུ་མའི་སྲས་སུ་འཁྲུངས་པ་དང་། དབང་ཕྱུག་དང་ཨུ་མ་ཡབ་ཡུམ་དུ་གྱུར་པ་ལ་བརྟེན་ནས་ནམ་མཁའ་ལ་གཟའ་སྐར་སོགས་གསར་དུ་བྱུང་བར་གསུངས་ནས། དེ་ཡན་ཆད་དུ་གཟའ་སྐར་སོགས་མེད་པ་ལྟ་བུ་

(༢༣༤)དང་། ཨུ་མར་འཁྲུངས་པའི་དཔལ་ལྡན་ལྷ་མོའི་སྐུ་ཕྱི་མས་བྲམ་ཟེ་མཆོག་སྲེད་དང་མཉམ་དུ་ཨེ་ཀ་ཛ་ཊི་བསྒྲུབ་པར་གསུངས་པས་དུས་སྔ་ཕྱིའི་འཛོལ་ཆེ་བ་དང་། རྣམ་སྲས་ཀྱི་ལོ་རྒྱུས་ཁུངས་མ་ཡོངས་གྲགས་སུ་འདུལ་བ་ལུང་གི་ཁུངས་སུ་དྲངས་ཏེ་སངས་རྒྱས་འོད་སྲུངས་ཀྱི་བསྟན་པའི་སྐབས། ད་ལྟའི་རྒྱལ་པོ་ཆེན་པོ་སྡེ་བཞི་གཉིས་ནམ་མཁའི་ལྡིང་དང་། གཉིས་ཀླུར་འཁྲུངས་པ་དང་། དེའི་སྐྱེ་བ་ཕྱི་མ་ལ་རྒྱལ་པོ་ཆེན་པོ་བཞིར་གྱུར་ནས་ཤཱཀྱ་ཐུབ་པའི་བསྟན་སྲུང་མཛད་ཅེས་འོད་སྲུང་།།།གོང་མ་ལ། ད་ལྟའི་རྒྱལ་པོ་ཆེན་པོ་བཞི་མེད་པ་ལྟ་བུ་དང་། ཡང་བསྐལ་པ་ཐོག་མའི་དུས་ནས་རྒྱལ་པོ་ཆེན་པོ་སྡེ་བཞིས་འཇིག་རྟེན་སྐྱོང་བ་དང་། རྫོགས་ལྡན་གྱི་དུས་སུ་སྟོན་པ་རྡོ་རྗེ་འཆང་གསུངས་པའི་དཀྱིལ་འཁོར་གྱི་དུར་ཁྲོད་ལ་ཕྱོགས་སྐྱོང་བརྒྱད་དང་། སྒོ་བཞིར་རྒྱལ་ཆེན་བཞི་ཡོད་པ་དུ་མས་གསུངས་པས་འགལ་བ་

(༢༣༥)ལྟར་སྣང་བ་མཆིས་ནའང་དེ་ཐམས་ཅད་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་བཀོད་པ་ཡིན་པས་འགལ་བར་མི་སེམས་ཤིང་། སྐད་ཅིག་མ་བསྐལ་པ་དང་བསྐལ་པ་སྐད་ཅིག་མར་བསྒྱུར་བའི་བཀོད་པ་སྟོན་པས་མཐའ་གཅིག་ཏུ་ངོས་ཟུང་གི་ཚད་གཞལ་བར་དཀའ་བ་ཡིན་ནོ། །བསྟན་པ་འདིའི་མགོན་པོ་མ་ཧཱ་ཀཱ་ལ་ཐམས་ཅད་ཀྱིས་ཁུངས་དབང་ཕྱུག་དང་ཨུ་མའི་སྲས་མ་ཧཱ་ཀཱ་ལ་དང་། དཔལ་ལྡན་ལྷ་མོ་ཐམས་ཅད་བུ་མོ་ཙ་མུཎྜི་ལ་ཁུངས་མ་བརྟེན་པ་མེད་དེ། མགོན་པོ་འདི་ཉིད་ལ་ལྷའི་དགེ་སློང་ལེགས་ལྡན་ནག་པོར་ཡང་གྲགས་ཤིང་ཕྱག་ཞབས་ཀྱི་ལྷུ་ཚིགས་བཞི་ནས་དམག་དཔོན་བཞི་པོ་སྤྲུལ་པར་གསུངས་པ། སྲོག་བདག་འོད་ཀྱི་རྒྱལ་པོ། བདུད་རི་ནག་སྤུངས་པ། ཀླུ་ནག་པོ་སྲོག་ལེན། བཙན་ཡམ་ཤུད་དམར་པོ་རྣམས་དང་གཅིག་སྟེ། རྒྱལ་པོ་འདི་།།།ཆེན་པོ་རྣམ་ཐོས་སྲས་དང་

(༢༣༦)གཡུལ་བཟློག་ཆེན་མོའི་མདོས་གཞུང་གི་ནང་མཚན་མགོན་པོའི་མདོས་ལས། དུར་ཁྲོད་ཆེན་པོ་རབ་འཇིགས་པ། །མ་ལ་ཡ་ཞེས་གྲགས་པ་ཡི། །ལྕགས་མཁར་ནག་པོའི་ནང་ཤེད་ན། །བདུད་དང་མུ་སྟེགས་བསྣོལ་བའི་གདན་སྟེང་ན། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །བདུད་འདུལ་ལྷ་ཆེན་མ་ཧཱ་ཀཱ་ལ་ནི། །མཐིང་ནག་མི་བསྲུན་འཇིགས་བྱེད་འབར་བའི་སྐུ། །སྤྱན་གསུམ་སྡང་མིག་བསྐལ་པའི་མེ་ལྟར་འབར། །འཇིགས་བྱེད་གཞལ་གདངས་མཆེ་བ་རྣོ་གཙིགས་ཤིང་། །ཞལ་གདངས་བརྔམས་པའི་ང་རོ་འབྲུག་ལྟར་སྒྲོགས། །སྨིན་མ་ནག་པོ་ཁྲོ་གཉེར་བརྗིད་པའི་ཞལ། །ཨག་ཚོམ་སེར་པོ་བསྐལ་པའི་མེ་ལྟར་འབར། །ཤངས་ནས་དལ་རིམས་དྲུག་གི་རླུང་ནག་འཚུབ། །རལ་པ་ཁམ་ནག་སྲིད་པའི་རྩེ་མོར་འབར། །ཞལ་གདངས་ལྗགས་འདྲིལ་མཆེ་བ་རྣོ་གཙིགས་ཤིང་།

(༢༣༧)།ཐོད་སྐམ་དབུ་བརྒྱན་དར་ལྕེ་མེ་ཏོག་མཛེས། །སྙན་ཆ་མགུར་ཆུ་ཡན་ལག་ལྷུ་ཚིགས་ལ། །སྦྲུལ་རིགས་བཞི་ཡི་བརྒྱན་གྱི་རྣམ་པར་མཛེས། །ཐོད་རློན་འཕྲེང་བ་ཉི་ཟླའི་དབུ་བརྒྱན་ཅན། །ཕྱག་གཉིས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ། །གཡས་ཀྱི་ཕྱག་ན་ཙན་དན་བེང་ཆེན་བསྣམས། །ཙན་དན་བེང་གི་ནང་ཤེད་ནས། ཉི་ཁྲི་ཆིག་སྟོང་དམག་དཔུང་འགྱེད། །དམ་ཉམས་དགྲ་བགེགས་ཚོགས་རྣམས་འཇོམས་པར་བྱེད། །དར་ནག་འཇོལ་བེར་སྔོ་ཁྲ་སྐུ་ལ་གསོལ། །སྟག་ལྤགས་གོང་རས་ཞིང་གི་གཡང་གཞི་གསོལ། །གསེར་རྐེད་རིན་ཆེན་འབར་བ་རྐེད་ལ་བཅིངས། །ཟ་འོག་ཆགས་ལྷམ་སྔོན་པོ་ཞབས་ལ་གསོལ། །སྟོང་གསུམ་དབང་སྡུད་རྟ་ནག་རྟིང་དཀར་ཆིབས། །འཇིགས་བྱེད་ལྷ་དམག་ཡོངས་ཀྱི་གཙོ། །སྲིད་པ་ཡོངས་ཀྱི་དམག་དཔོན་མཛད། དེ་ཚེ་ལྷ་དབང་བརྒྱ་བྱིན་གྱིས། །མགོན་

(༢༣༨)པོ་ལེགས་ལྡན་ཁྱོད་བསྐུལ་བས། །ལྷ་དང་ལྷ་མིན་གཡུལ་འགྱེད་འཐབས་པའི་ཚེ། །ལྷ་མིན་གྲོང་ཁྱེར་སུམ་བརྩེགས་གཏན་ནས་བཅོམ། །ལྷ་ཡི་ཚོགས་ཀྱི་དགྲ་ལྷར་མཆོད་ཁྱོད་ཀྱིས། །ལྷ་དམག་དཀར་པོའི་དབུགས་ཕྱུང་ནས། །ལེགས་པའི་རྩལ་གྱི་ལྷ་མིན་དཔུང་རྣམས་བཅོམ། །ལེགས་ལྡན་ནག་པོའི་ཐུགས་དམ་དུས་ལ་བབས། །ལྷ་དང་ལྷ་མིན་དམགས་ཚོགས་གཡུལ་བཀྱེ་བས། །ལྷ་ཡི་གཡུལ་རྒྱལ་ལྷ་མིན་དཔུང་ཚོགས་དམད། །ལྷ་རྣམས་ཀུན་གྱི་ཚོགས་བདག་ཆེན་པོ་མཛད། ཚོགས་བདག་ཆེན་པོའི་དུས་ལ་བབས། །སྲིད་གསུམ་འཇོམས་མཛད་མགོན་པོ་ནག་པོའི་སྐུ། །ནག་པོ་མཚན་གྱི་མི་འགྱུར་སྐུ་མདོག་ནག །བགེགས་དང་ལོག་འདྲེན་ཀུན་གྱི་གཉེན་པོ་མཛད། །ཡོན་ཏན་སྐུ་ལ་རབ་རྫོགས་པས། །ཉོན་མོངས་སེམས་ཅན་ཀུན་ལ་མགོན་སྐྱབས་མཛད། །མགོན་པོ་ནག་པོའི་སྐུ་ལ་ཕྱག་

(༢༣༩)འཚལ་བསྟོད། །དཀའ་ཐུབ་དྲག་པོས་སྡོམ་པ་མ་ལུས་བསྲུང་། །དགེ་སློང་ནག་པོ་འཆོལ་བའི་ཐུགས་དམ་བསྐང་། །ཤཱཀྱ་ཐུབ་པའི་བསྟན་པ་ལ། །ཇི་ལྟར་ཁས་བླངས་དམ་བཅས་པ། །དམ་ལས་མ་འདའ་ཕྲིན་ལས་མཛོད། །ལྷ་ཆེན་མ་ཧཱ་ཀཱ་ལ་ནི། །རྣལ་འབྱོར་ཀུན་གྱི་དགྲ་ལྷ་ལགས། །རིག་འཛིན་ཀུན་གྱི་སྲོག་ཤིང་ལགས། །བདུད་འདུལ་ཀུན་གྱི་དབང་ཕྱུག་ཁྱོད། །དཀར་པོའི་ཕྱོགས་ཀྱི་བསྟན་པ་སྐྱོང་། ཁྱོད་ཀྱི་སྤྲུལ་པ་ཆེན་པོ་ནི། བྱང་ཕྱོགས་གནོད་སྦྱིན་ཆེན་པོ་བརྒྱད། །ལྕགས་ཀྱི་བྱ་ཁྲ་བརྒྱད་དུ་སྤྲུལ་ནས་ནི། །སྔོན་ནས་འགྲོ་ཞིང་དམ་ཉམས་དགྲ་བགེགས་འདུལ། །ལྷོ་ཕྱོགས་གཤིན་རྗེ་ཆེན་པོ་བརྒྱད། །སྟག་གཟིག་དོམ་སྤྱང་ཤྭ་ན་བྱིར་སྤྲུལ་ནས། །ཕྱི་ནས་འབྲེང་ཞིང་དགྲ་བགེགས་འདུལ་བ་པོ། །ནག་པོ་དགྲ་ལ་ཆས་པའི་ཚེ། །རི་རབ་རྩེ་ནས་ཁུས་བཏབ་པས། །རི་རབ་ཟོམ་ནས་ཐུར་ལ་རྒྱུག །ལྷ་

(༢༤༠)མིན་དམག་ཚོགས་གཡུལ་ངོ་བཟློག །རྒྱ་མཚོ་ཆེན་པོར་སིབ་ཀྱིས་བདས། །ལྷ་དམག་དཀར་པོ་རྒྱལ་ལོ་ཞེས། །སྟོང་གསུམ་ཀུན་ཏུ་གྲགས་པར་འགྱུར། །ཕྱི་ཡི་མཚན་དུ་བཏགས་པ་ནི། །ལྷ་ཆེན་དཔའ་བོ་ཆེན་པོ་བྱ། །ནང་གི་མཚན་དུ་བཏགས་པ་ནི། །མགོན་།།།པོ་ཞེས་ཀྱང་བྱ། །གསང་བའི་མཚན་དུ་བཏགས་པ་ནི། །སྒྲོལ་གིང་ཆེན་པོ་ཞེས་བྱའོ། །སྔོན་ཚེ་ལྷ་མིན་བཏུལ་བ་བཞིན། །ད་ཡང་དགྲ་བགེགས་འདུལ་འཚལ་གྱི། །ལྷ་དམག་བྱེ་བའི་ཚོགས་དང་བཅས། །དམག་དཔུང་བསྐྱེད་ལ་རུ་དར་འཕྱོར། །ཤར་ཕྱོགས་རྒྱ་ཡུལ་དགུ་ཚིགས་ནས། །སྲོག་བདག་འོད་ཀྱི་རྒྱལ་པོ་ཁྱོད། །ཤེལ་མཁར་ནང་ནས་སྐུ་སྐྱོད་ལ། །དམ་ཉམས་དགྲ་ལ་སྨྱོ་འབོག་ཐོང་། །ལྷོ་ཕྱོགས་བདུད་ཡུལ་མགོ་དགུ་ནས། །བདུད་རྒྱལ་རི་ནག་འབར་བ་ཁྱོད། །ལྕགས་མཁར་ནང་ནས་སྐུ་བསྐྱོད་ལ། །དམ་ཉམས་དགྲ་ལ་བྱིངས་

(༢༤༡)འཐིབས་ཐོངས། །ནུབ་ཕྱོགས་ར་སིང་ནང་ཤེད་ནས། །ཀླུ་གཉན་ནག་པོ་སྲོག་ལོན་ཁྱོད། །རིན་ཆེན་མཁར་ནས་སྐུ་བསྐྱོད་ལ། །དམ་ཉམས་དགྲ་ལ་མཛེ་ཤུ་ཐོངས། །བྱང་ཕྱོགས་བྲག་དམར་མཐོན་པོ་ནས། །བཙན་རྒོད་ཡམ་ཤུད་དམར་པོ་ཁྱོད། །བྲག་དམར་གནས་ནས་སྐུ་བསྐྱོད་ལ། །དམ་ཉམས་དགྲ་ལ་གྲི་ཐབས་ཐོངས། །ཞེས་གསུངས། སྐུ་སྤྲུལ་སྟག་ཞོན་ནག་པོ་ཤིན་ཏུ་ཟབ་པ་བཀའ་རྒྱ་ཅན་ནམ་གནུབས་ཀྱིས་སྐོར་ཚོ་གསུམ་དུ་ཕྱེ་ནས་གཏེར་དུ་སྦས་པ་ནོར་སྲུངས་ལྟར་སྒྲུབས་པ་བེང་མའི་སྐོར། བཀའ་སྡོད་དུ་བསྒྲུབ་པ་ཏྲི་ཡམ་པའི་སྐོར། དྲག་སྔགས་སུ་བསྒྲུབ་པ་དུག་གི་སྤུ་གྲིའི་སྐོར་སོགས་གཏེར་བྱོན་དུ་མ་དང་བཀའ་མ་སོགས་བརྒྱུད་པའི་བཀའ་སྲོལ་ཇི་སྙེད་བཞུགས་པ་ལས་བེང་མའི་རྗེས་གནང་གི་ཡི་གེ་ཆོས་རྒྱལ་གཏེར་བདག་གླིང་

(༢༤༢)པས་མཛད་པ་ལས་ལེགས་ལྡན་ནག་པོ་སྲེད་མེད་ཀྱི་བུ་ཞེས་གསུངས་པས་སྲེད་མེད་ཀྱི་བུ་ཡང་དེ་ཡིན་ནོ། མ་ནིང་ལས་རྒྱུད་ཀྱི་ལེའུ་དྲུག་པ་ལས་ལྷ་མགོན་མ་ཧཱ་ཀཱ་ལ་འདི། ང་ཡི་སྐུ་གསུང་ཐུགས་སྤྲུལ་ཡིན། །ཅི་ཕྱིར་རུ་དྲ་འདུལ་བའི་ཕྱིར། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །བདག་ཏུ་འཛིན་པའི་རུ་དྲ་དར། །དེ་ཚེ་གཞན་གྱི་མི་ཐུལ་བས། །བདག་འཛིན་དངོས་བཅོམ་མ་ནིང་འདིས། །དེ་ཚེ་བདག་འཛིན་རུ་དྲ་འདུལ། །ཞེས་མ་ནིང་ཉིད་དཔལ་ཆེན་པོ་ཧེ་རུ་ཀའི་རྣམ་འཕྲུལ་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་ཀྱི་ཡང་རྗེར་གསུངས་ཤིང་། ལྷ་ཆེན་དཔལ་འབར་དང་ཚོགས་བདག་ཆེན་པོ་སོགས་མཚན་གྱི་རྣམ་གྲངས་མཐའ་ཡས་པར་གྲགས། དེ་ཉིད་དང་ངོ་བོ་གཅིག་ཀྱང་གདུལ་བྱའི་དོན་དུ་སྲས་ཀྱི་ཚུལ་བཟུང་བའི་དཔལ་ཡེ་ཤེས་ཀྱི་མགོན་པོ་བྱ་རོག་མཚན་ཅན་ཉིད།

(༢༤༣)བྱང་ཤར་ཧ་ཧ་རྒོད་པའི་དུར་ཁྲོད་དུ། དབང་ཕྱུག་ཆེན་པོའི་སྲས་དྲག་པོ་གཟི་ལྡན་དབང་ཕྱུག་ཏུ་གྲགས་པ་ཞལ་གྱི་བསྟོད་པ་ལས། ཁྱོད་ནི་ཧ་ཧ་རྒོད་པའི་དུར་ཁྲོད་ཀྱི། ཞིང་སྐྱོང་དབང་ཕྱུག་ཆེན་པོའི་ཐུགས་ཀྱི་སྲས་ཞེས་གསུངས། དེའི་ཕྱིར་ན། དཔལ་མགོན་གཞལ་ཡང་མགོན་པོ་འདི་ཉིད་ལས་ལོགས་སུ་མེད་མོད། འོན་ཀྱང་ཞལ་གྱི་སྐོར་རྣམས་ལོགས་སུ་བྲི་བར་བྱའོ། །ཞང་བློན་ཆེན་པོ་རྡོ་རྗེ་བདུད་འདུལ་ཡང་མགོན་པོ་འདི་ཉིད་ཡིན་ཏེ། གྲ་པའི་གཏེར་བྱོན་གསོལ་ཁ་ཆེན་མོ་ལས། །ལྷ་ཆེན་དཔལ་འབར་ཐུགས་དམ་བསྐང་། །ས་བཅུ་མགོན་པོའི་ཐུགས་དམ་བསྐང་། །རྡོ་རྗེ་བདུད་འདུལ་ཐུགས་དམ་བསྐང་། །ཞེས་འབྱུང་། ལས་མགོན་བྱ་རོག་གདོང་ཅན་ལ་སྲོག་བདུད་ནག་པོའམ། ལེགས་ལྡན་ནག་པོའི་མཚན་དུ་ཡང་གྲགས་ཏེ། ཀླུ་སྒྲུབ་ཀྱིས་མཛད་པའི་ལས་མགོན་གྱི་

(༢༤༤)བསྟོད་པ་ལས། ལེགས་ལྡན་ནག་པོ་ཁྲོ་བོའི་གཟུགས། །བྱ་རོག་བགེགས་འཇོམས་ཕྱག་འཚལ་བསྟོད། །ཅེས་དང་། ལྷ་དམག་ཀུན་གྱི་དབུགས་འབྱིན་པའི། །ནམ་མཁའི་བུ་མོ་གློག་མ་སྤྲིན། །འདུལ་བར་ཞལ་གྱིས་བཞེས་མཛད་པའི། །རྡོ་རྗེ་དུར་ཁྲོད་རོ་ལངས་འདུལ། །བདུད་འདུལ་འཇིགས་བྱེད་ཕྱག་འཚལ་བསྟོད། །ཅེས་གསུངས། ཡེ་ཤེས་ཀྱི་མགོན་པོ་འདི་ལ་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མའི་སྐོར་ཇི་སྙེད་མཆིས་པའི་བཀའ་སྲོལ་གཉིས་ཀ་དང་པོའི་སངས་རྒྱས་གར་དབང་དམ་ཆོས་བཟང་པོའི་ཞལ་སྔ་ནས་དང་། རྡོ་རྗེ་འཛིན་པ་ཆེ་མཆོག་འདུས་པ་རྩལ་གྱིས་སྤྱན་སྔར་བདག་གིས་ལེགས་པར་ཐོབ་པ་ཡིན་ནོ། །ནག་པོ་ཆེན་པོ་གུར་གྱི་མགོན་པོ་ནི་རྩ་བ་དབང་ཕྱུག་ཆེན་པོ་དང་། ཨུ་མའི་སྲས་སུ་འཁྲུངས་པའི་གཤིན་རྗེ་མ་ཧཱ་ཀཱ་ལ་ཉིད་ཡིན་ཞིང་འདི་ལ་ཡི་དམ་དུ་བསྒྲུབས་པ་དང་། ཆོས་སྐྱོང་དུ་བསྒྲུབ་

(༢༤༥)པ་གཉིས། གཉིས་པ་ལ་ཡང་། བཀའ་སྡོད་ཀྱི་ཚུལ་དུ་བསྒྲུབ་པ། ཚོགས་བདག་གི་ཚུལ་དུ་བསྒྲུབ་པ། གནོད་སྦྱིན་ལྟར་བསྒྲུབ་པ། གཤིན་རྗེ་ལྟར་བསྒྲུབ་པ་བཞི་དང་། བཀའ་སྡོད་ལྟར་སྒྲུབ་པ་ལ་ཡང་ཕོ་རྐྱང་། མོ་རྐྱང་། སྦྲགས་སྒྲུབ་གསུམ་དང་། སྦྲགས་སྒྲུབས་ལ་ཡང་ལྷ་གཉིས་མ། ལྷ་གསུམ་མ། ལྷ་བརྒྱ་མ། ལྷ་བཅུ་གཉིས་མ་སོགས་བཀའ་སྲོལ་ཇི་སྙེད་ཅིག་མཆིས་པ་ལས། རྩ་བའི་རྒྱུད་ཀྱི་ཟིན་པོ་ནི་རྡོ་རྗེ་གུར་གྱི་རྒྱུད་ཀྱི་ལེའུ་བཅོ་ལྔ་པ་དང་། རྡོ་རྗེ་གདན་བཞི་ལས་གསུངས་པར་གྲགས། འདི་ཉིད་སྲོག་བདག་ཆེན་པོ་བཻ་ཧ་ར་དང་གཅིག་ཏུ་བཞེངས་ཅིང་བཀའ་ཉན་གྱི་བྷ་ཏྲ་པུ་ཏྲ་རུ་འདྲེན་སྡེ་བཞི་ལ་སོགས་པ་ཡང་རྒྱལ་པོའི་འཁོར་གྱི་གནོད་སྦྱིན་རུ་འདྲེན་དང་བཅས་པ་དང་གཅིག་ཅེས་མང་དུ་གཟིགས་པ་དག་གསུངས་ཏེ། འཐད་པའི་ཁུངས་ནི་པེ་།།།ཧར་

(༢༤༦)གྱི་ལོ་རྒྱུད་ཀྱི་སྐབས་སུ་འཆད་པར་བྱའོ། །བསྟན་བསྲུང་ཐམས་ཅད་ཀྱི་རྒྱལ་པོ་གསང་འདུས་རྩ་རྒྱུད་དང་གདན་བཞི་དང་བདེ་མཆོག་གི་བཤད་རྒྱུད་ལས་དངོས་སུ་བསྟན་པ་སྟོབས་ཕྲོག་ནག་པོ་ཆེན་པོ་ཞལ་བཞི་པའམ་སྦས་མགོན་པོ་དང་དམ་ཚིག་གི་མགོན་པོར་གྲགས་པ་འདི་ནི་བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་ཐུགས་ཀ་ནས་སྤྲོས་ཏེ་སྤྲུལ་པ་དང་། ཞིང་སྐྱོང་དབང་ཕྱུག་ཆེན་པོའི་སྲས་ཀྱི་ཚུལ་བཟུང་བའི་བཀོད་པ་སོགས་ཇི་སྙེད་ཅིག་མཆིས་ཤིང་། བླ་མ་གཉན་ལོ་ཙཱ་བ་དར་མ་གྲགས་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་ཤིང་རྡོ་རྗེ་ཐེག་པ་དང་བསྟན་སྲུང་བརྒྱ་རྩ་བརྒྱད་ཀྱི་བདག་པོར་གྲགས་པ་བསྟན་སྲུང་བྲན་དུ་བཀོལ་བར་ནུས་པ་དེས་རྒྱ་གར་དུ་བྱོན་ཏེ་པཎྜི་ཏ་འབུམ་ཕྲག་གསུམ་པ་དང་། ཏ་ཐཱ་ག་ཏ་རཀྵི་ཏ་ལ་སོགས་པ་བླ་མ་མང་པོ་བརྟེན། བླ་མ་རྡོ་རྗེ་གདན་སར་ཆོས་མང་དུ་གསན་ནས་བོད་དུ་བྱོན་

(༢༤༧)ཁར་བདག་ལ་གསང་འདུས་ཡེ་ཤེས་ཞབས་ལུགས་ཀྱི་དབང་རྫོགས་པ་ཞིག་ཞུ་ཞེས་ཞུས་པས་བླ་མའི་ཞལ་ནས་སྔོན་དགེ་བསྙེན་ཞི་བའི་གོ་ཆ་ལྕགས་ཀྱི་བྱིན་པ་ཅན་ཞེས་བྱ་བས་རི་བོ་པོ་ཏ་ལར་སྤྱན་རས་གཟིགས་ཁ་སར་པ་ཎི་དངོས་སུ་སྤྱན་དྲངས། དེ་བི་ཀོ་ཊིའི་ས་ཕྱོགས་སུ་བཞུགས་པས་ཁ་སར་པ་ཎིའི་རི་སུལ་དུ་གྲགས་ཡུལ་དེར་ང་ལས་བྱིན་རླབས་ཆེ་བའི་བླ་མ་འཇམ་དཔལ་རྡོ་རྗེའི་རྣལ་འབྱོར་མ་ཆེན་མོ་སྐྲ་སེན་རབ་ཏུ་རིང་ཞིང་གོས་དང་སྟན་ཡང་སྐྲའི་ལྭ་བ་ལ་བྱེད་པ་ཞིག་བཞུགས་ཡོད་པས་དེར་སོང་ལ་གསོལ་བ་ཐོབ་ཅིག ཁྱོད་རང་དང་འབྲེལ་པ་ཡོད་པས་དབང་དང་གདམས་ངག་རྣམས་གནང་བར་འདུག་ཅེས་ལུང་བསྟན་ཚར་ཆེན་གྱིས་བྲན་རྣལ་འབྱོར་མ་གསུམ་ཡོད་ཅིང་། དཔོན་གཡོག་བཞི་པོ་འདི་ཡུམ་བཞིའི་རྣམ་སྤྲུལ་ཡིན་ཞེས་བླ་མ་འགའ་

(༢༤༨)ཞིག་གསུངས་ཞེས་བཤད། འཕགས་པ་རིན་པོ་ཆེས་ཆོག་ཁྲིགས་མཛད་པའི་དངུལ་བྲེ་མ་ལས། ཤིང་སྡོང་གཅིག་གི་ཁོག་པ་ན་དཔོན་གཡོག་ལྔ་གདའ་སྐད་གསུངས། གཡོག་མོ་གསུམ་གྱིས་རེ་མོས་བགྱིས་ཏེ་གྲོང་ན་འཚོ་བ་འཚོལ་ཞིང་བསྒྲུབ་པ་མཛད་ཅིང་འདུག །མཎྜལ་ཕུལ་ནས་དབང་བསྐུར་ཞུ་བྱས་པས་ཁྱོད་ལ་སུས་བསྟན་གསུངས། ང་ལ་བླ་མ་རྡོ་རྗེ་གདན་པས་བསྟན་གསུངས་པས། འོ་ན་འཇམ་པའི་རྡོ་རྗེ་ལ་ལུང་མ་ཐོབ་པས་ཁྱོད་ལོ་གཅིག་སྡོད་བྱའོ་གསུངས་ནས། དེ་བཞིན་བགྱིའོ་ཞུས་པས་འོ་ན་མཐའ་ཁོབ་ཀྱི་མི་ཡིན་པས་མི་མ་ཡིན་དང་། གཅན་གཟན་དང་། སྦྲུལ་ལ་སོགས་པའི་འཚེ་བ་མང་བས། གྲོང་འདབ་མ་གི་ན་བྲམ་ཟེ་མདོག་ནག་པོ་མི་རྐང་གི་གླིང་བུ་ཐོག་པ་གཅིག་ཡོད། ཁྱོད་དེ་དང་འགྲོགས། ཅི་ཅི་འཐུང་གི་ཁ་ནས་བྱིན་དང་

(༢༤༩)དེ་ནས་གསང་བ་འདུས་པའི་དབང་ཐོབ་པར་བྱ་ཡིས་གསུངས་ནས་དེ་བཞིན་དུ་བྱས་ནས་ལོ་གཅིག་ལོན་ཙ་ན། ད་ངས་ལྷ་ལས་གནང་བ་ཐོབ་པས་དབང་བསྐུར་བྱ་ཡིས་ཚོགས་དང་ཡོ་བྱད་ཚོལ་ཅིག་གསུངས་ནས་གསེར་ཞོ་གསུམ་ལ་ཞོ་གང་ལ་འབྲས་ཁལ་སུམ་ཅུ་བླང་ནས་ཆང་བྱས། ཞོ་གང་ལ་ཤ་བྱས། ཞོ་གང་ལ་ཟན་དང་སྤོས་ལ་སོགས་པ་བྱས་ནས་གདན་མང་པོ་བཤམ་པ་དང་། མའི་ཞལ་ནས་མགྲོན་སྤྱན་དྲོངས་གསུངས་པ་ལས། ངས་མགྲོན་མི་རྙེད་བྱས་པས། འོ་ན་སྔར་གྱི་གྲོགས་པོ་དེ་བོས་དང་གསུངས་ནས། བོས་པས་མི་རྐང་ཕྱུངས་ནས་བོས་པས་དཔའ་བོ་དང་རྣལ་འབྱོར་མ། ཌཱ་ཀི་དང་ཞིང་སྐྱོང་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་བྱུང་ནས་ཚོགས་ལ་ལོངས་སྤྱད་དེ་མཉེས་ནས་དབང་རྫོགས་སུ་རྫོགས་པར་གནང་ངོ་། ཁྱད་པར་གྱི་མན་ངག་

(༢༥༠)བཞི་གནང་སྟེ་ཐུགས་དམ་གསང་བ་འདུས་པའི་མན་ངག །ཨུཥྞི་ཥ། སྒྲོལ་མ། ཆོས་སྐྱོང་འདི་དངོས་སུ་གནང་སྟེ་དབང་དུས་སུ་བྲམ་ཟེ་དེ་ལ་ཁྱོད་ཀྱིས་འདིའི་གཡོག་གྱིས་ཤོག །ཅེས་བསྒོས་ཏེ་བྲན་དུ་རྩལ་བས་ཡུལ་གྱི་བར་བྲན་ལྟ་བུར་དངོས་སུ་ཡོད་ཀྱང་དེ་ནས་བོད་དུ་དངོས་སུ་མ་བྱུང་གསུང་། རྒྱ་གར་ཁ་ཆེ་ཁྲི་བསྟན་ནས་སུ་།།།རང་སུ་བྱོན་དུས་མངའ་བདག་བརྩེ་ལྡེའི་བསམ་པར། མངའ་རིས་སྟོད་འདི་ན་ང་ལས་དབང་ཆེ་བ་མེད་པས་ལོ་ཙཱ་བ་ང་འཇལ་དུ་འོང་བསམ། ལོ་ཙཱ་བའི་ཐུགས་ལ་ང་རྒྱ་གར་ཡུལ་གྱི་གྲུབ་ཐོབ་རྣམས་ཀྱི་སློབ་མ་ལོ་ཙཱ་བ་ཡིན། རྒྱ་གར་རྡོ་རྗེ་གདན་པ་དང་། བླ་མ་སེན་ཏ་པ་དང་། མར་མེ་མཛད་བཟང་པོ་ལ་སོགས་པའི་བརྒྱུད་པ་ཡིན། ང་ལ་མངའ་བདག་བཙས་པོས་ཕྱག་དང་སྣེ་ལེན་ལ་སོགས་པ་བྱེད་འོང་སྙམ་སྟེ་མངའ་བདག་མཇལ་བར་མ་བྱོན། ཚོང་པ་ལྔ་དང་

(༢༥༡)འགྲོགས་ནས་ཕེབས། དེར་མངའ་བདག་གི་བསམ་པར་གཉན་ལོ་ཙཱ་བ་དེ་མཇལ་དུ་ཡང་མ་བྱུང་ཁོས་རྒྱ་གར་གྱི་ངན་སྔགས་མ་པོ་བསླབ་ཡོད་ཐང་བས་ང་ཅག་ལ་གཤའ་།།།མ་གཅིག་མི་བྱེད་སྙམ་སྟེ་བློན་པོ་རྟ་པ་སུམ་ཅུ་ཙམ་བཏང་བར། དེར་བླ་མའི་མནལ་ལམ་ལ་བློན་པོ་གདུག་པ་ཅན་རྣམས་ཡོངས་པ་གསལ་པོར་གཟིགས་པས་གྲོགས་ཚོང་པ་རྣམས་ལ་མྱུར་དུ་ཕྱེ་ཕུད་བསྡུས་ཤིག་ངེད་རང་རྣམས་ལ་བར་ཆད་འདུག་པས་གཏོར་མ་ཆེན་པོ་ཞིག་གཏོང་ངོ་གསུངས་ནས་ཞལ་གྱི་གཏོར་ཆེན་མཛད་པས། ཚོང་པ་ལ་ལས་མཐོང་བ་ལ། བོན་པོ་གོས་སྔོན་གྱོན་ཞིང་རྔ་བྲོ་བྱེད་པ་གྲི་སྐོར་བྱེད་པ་གཉིས་ཇོ་ཞྭ་ཐེབ་ཅན་དང་འཁོར་བཀའ་སྐྱོང་མང་པོ་བྱུང་། རླུང་ནག་འཚུབ་མས་མཐའ་བསྐོར་ནས་བླ་མ་དང་ཚོང་པ་དབུས་སུ་

(༢༥༢)བཅུག་པ་མཐོང་། དེར་རྒྱལ་པོས་བཏང་བའི་བློན་པོ་རྟ་པ་རྣམས་དང་ཕྲད་དུས་ཁོངས་རྣམས་ཀྱིས་ལོ་ཙཱ་བ་དང་ཚོང་པ་ཅི་ཡང་མ་མཐོང་བར་རླུང་ནག་འཚུབ་མའི་ནང་ནས་ཨ་ཙ་ར་གྲི་སྐོར་བྱེད་པ་གཉིས་མཐོང་། ལོག་ནས་འོངས་པས་ཕྱིས་མངའ་བདག་གིས་ལོ་རྒྱུས་རྣམས་གསན། འགྱོད་པ་སྐྱེས་ཏེ་ལོ་ཙཱ་བར་བཤགས་པ་ཕུལ། བབས་བྱས་ཀྱང་མ་ཕན་པར་མངའ་བདག་གྲོངས། བློན་པོ་ལ་ལ་ཡང་ཤི་མཐུའི་གྲགས་པས་ཁྱབ། གཉན་ལོ་ཙཱ་བས་ཁོ་རང་གི་ཉེ་གནས་གནམ་ཁའུ་པ་སྐུ་མཆེད་གཉིས་ཀྱི་ཆེ་བ་དར་མ་རྒྱལ་མཚན་ཞེས་གྲགས་པ་དེ་ལ་མགོན་པོ་འདིའི་མན་ངག་རྣམས་རྫོགས་པར་གནང་། ཁོང་གི་གྲོམ་སྟོད་ཁའུའི་བྲག་རྫོང་ལ་བཞུགས་པའི་ཚེ་མགོན་པོའི་ཞལ་མངོན་སུམ་དུ་གཟིགས། མདོས་ཆོག་ལ་སོགས་པའི་མན་ངག་རྣམས་དངོས་སུ་གནང་། བོན་གྱི་སྡེ་ཞིག་དང་

(༢༥༣)འགྲས་པས་ལོ་གཅིག་ན་ཕ་མོ་འདྲེས་མ་ལྔ་ཅུ་ཙམ་བསྒྲལ། ད་ལྟའི་བར་དུ་ཁའུའི་བྲག་རྫོང་གི་གནས་སུ་ཙ་ཏུརྨུ་ཁ་དངོས་སུ་བཞུགས་ཞེས་གྲགས། དེས་ས་ཆེན་ཀུན་དགའ་སྙིང་པོ་ལ་གནང་། དེ་ནས་བཟུང་སྟེ་དཔལ་ལྡན་ས་སྐྱ་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་སྲུང་མའི་གཙོ་བོར་བཞུགས་ཤིང་གུར་མགོན་ལ་མགོན་པོ་ཆེ་བ་དང་། འདི་ལ་ཆུང་བ་ཞེས་འབོད་ཅིང་། སྙན་པའི་གྲགས་པས་ཁྱབ། དུས་ཕྱིས་ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་ནས་བཟུང་སྟེ་ཀུན་མཁྱེན་།།།རྒྱལ་བའི་དབང་པོ་རིམ་བྱོན་གྱི་ཆོས་སྲུང་གི་གཙོ་བོར་མཛད། དེ་དག་ལས་རིམ་པར་བརྒྱུད་དེ་ཆོས་རྒྱལ་གཏེར་བདག་གླིང་པས་བདག་ཅག་གི་རྣམ་འདྲེན་བླ་མ་དམ་པ་གར་དབང་དྷརྨའི་མཚན་ཅན་ལ་ཞལ་བསྙེན་དུས་དང་སྒྲུབ་དུས་ཀྱི་རྗེས་གནང་གཉིས་དང་བེ་བུམ་ཡོངས་སུ་རྫོགས་

(༢༥༤)པ་འདི་ལུང་སྩལ་ཞིང་། རྗེ་བླ་མ་མཆོག་གིས་དེ་དག་དང་བྲམ་ནག་བཤན་པ་དྲུག་སྐོར་ལ་སོགས་པའི་རྣམས་ཁོ་བོར་དགྱེས་བཞིན་དུ་སྩལ་ལོ། །མགོན་པོ་འདི་ལ་སྤྱིར་རྣམ་འགྱུར་མཐའ་ཡས་པ་མཆིས་ཀྱང་། གངས་ཅན་ལྗོངས་འདིར་གཙོ་བོར་མཛད་པའི་རྣམ་འགྱུར་གྱི་དབང་དུ་བྱས་ན་བསྙེན་དུས་ཀྱི་མགོན་པོ། རྩ་ཞལ་མཐིང་ནག་ཉིས་བརྩེགས། གཡས་གཡོན་ལྗང་ནག །ཕྱག་དང་པོ་གཉིས་གྲི་ཐོད། འོག་མ་གཉིས་རལ་དྲི་དང་ཐོད་འཕྲེང་། ཞབས་གཡས་བསྐུམ་གཡོན་བརྐྱང་། ཡུམ་བཞི་སྤྱི་འགྲེས་བསྐོར་བ་དང་། སྒྲུབ་དུས་ཀྱི་མགོན་པོ་རྩ་ཞལ་གོང་ལྟར་གཡས་གཡོན་གཉིས་མཐིང་ནག །ཕྱག་གཡས་སུ་རུས་འཕྲེང་། ཕྱག་གཡོན་གྱི་འོག་མར་རྩེ་གསུམ་འཛིན་པ་དང་། ཡང་འོག་མ་གཉིས་རྩེ་གསུམ་དང་མདུང་འཛིན་པ་དང་། གཡས་གྲི་གུག་དང་རྩེ་གསུམ། གཡོན་གཉིས་

(༢༥༥)ཐོད་པ་དང་། བུམ་པ་འཛིན་པ་དང་། བསད་དུས་ཀྱི་མགོན་པོ་རྩ་ཞལ་མཐིང་ནག །གཡས་ཞལ་དཀར་པོ། གཡོན་ཞལ་དམར་པོ། སྟེང་ཞལ་དུད་ཀ་ཅན་དང་། གནད་དབབས་ཀྱི་མགོན་པོ་གཡས་གཉིས་སྔོན་པོ། གཡོན་གཉིས་ལྗང་གུ་ཉིས་བརྩེགས་ཀྱི་ཞལ་ཅན། ཕྱག་དང་པོས་གྲི་ཐོད་དང་། ལྷག་མ་གཉིས་ཀྱིས་བུམ་པ་དང་རུས་འཕྲེང་འཛིན་པ་དང་། སྤོག་མཆོག་གི་མགོན་པོ་ཁྲག་མཚོའི་དབུས་ན་མ་ཧེའི་གདོང་ཅན། གཡོན་ཀླུ་ཞལ་དམར་པོ་ཆུ་སྲིན་གྱི་གདོང་ཅན། རྒྱབ་གཟའ་ཞལ་ནག་པོ་ཁྱུང་གི་དོང་ཅན། ཕྱག་དང་པོ་གཉིས་གྲི་ཐོད། འོག་མ་གཉིས་རལ་གྲི་དང་མདུང་། ཡུམ་བཞི་ཀ་ནག་མོས་བསྐོར་བ་དང་། ཤི་ས་སྟོན་པའི་མགོན་པོ་བསད་མགོན་ཇི་ལྟ་བ་བཞིན་ལ། དང་པོ་གཉིས་གྲི་ཐོད། འོག་མ་གཉིས་རལ་དྲི་དང་ཐོད་འཕྲེང་

(༢༥༦)འཛིན་པ། མཆན་ཁུང་ན་ཆང་བུམ་བསྣམས་པ། འཕགས་ལུགས་ཀྱི་མགོན་པོ་རྩ་ཞལ་མཐིང་ནག་ཁྲོས་པ། གཡས་ཞལ་དཀར་པོ་གླང་གདོང་གཡོན་ཞལ་དཀར་པོ་མ་ཧེའི་གདོང་། རྒྱབ་ཞལ་ནག་པོ་སེང་གདོང་། ཕྱག་དྲུག་གི་གཡས་གསུམ་གྲི་གུག་དབང་ཕྱུག་ཏོ་དགྲ་སྟ། གཡོན་གསུམ་ཐོད་པ་གླང་ལྤགས་ཞགས་པ་འཛིན་ཅིང་ཞབས་གཉིས་བགྲད་དེ་བཞུགས་པ། གསང་ཡུམ་དང་འཁྲིལ་དང་། མ་འཁྲིལ་བ་ལུགས་གཉིས་དང་། གཡས་སུ་གཏུམ་མོ་དམར་མོ་གྲི་གུག་དང་ཞགས་པ། གཡོན་དུ་གཡུང་མོ་ནག་མོ་ལུ་གུ་རྒྱུད་དང་ལྕགས་སྒྲོག །མདུན་རྒྱབ་ཏུ་སྲིན་མོ་ཆེན་མོ་དང་། སིངྒ་ལིང་མ་ནག་མོ་གཉིས་ཀ་གྲི་ཐོད་འཛིན་པ་དང་། སྟེང་ཞལ་སེང་གདོང་ཞལ་གཞན་འདྲ་བར་ཕྱག་བཞིའི་དང་པོ་གཉིས་གྲི་ཐོད། འོག་མ་གཉིས་རལ་དྲི་དང་མདུང་འཛིན་པ། ཨེ་ཀ་ཛ་ཊི་སྔོན་མོ་

(༢༥༧)གྲི་ཐོད་འཛིན་པས་འཁྱུད་པ། གཡས་སུ་གཡུང་མོ་སྔོན་མོ། གཡོན་དུ་གཏུམ་མོ་ལྗང་གུ། མདུན་དུ་སྲིན་མོ་དམར་མོ་གསུམ་གྲི་ཐོད་འཛིན་པ་དང་། རྒྱབ་ཏུ་སིངྒ་ལིང་མ་སེར་མོ་གཡས་གསལ་ཤིང་དང་། གཡོན་ཐོད་པ་འཛིན་པ་དང་། གཙོ་བོ་ཡབ་ཡུམ་གཞན་འདྲ་ཞིང་། གཙོ་བོར་ཡབ་བཞི་དང་། གཡས་སུ་གཏུམ་མོ་སྔོན་མོ་ཐོད་པ་དང་དར་ནག །གཡོན་དུ་གཡུང་མོ་ནག་མོ་ཞགས་པ། མདུན་དུ་སྲིན་མོ་ནག་མོ་ལྕགས་སྒྲོག །རྒྱབ་ཏུ་སིངྒ་ལིང་མ་ནག་མོ་དྲིལ་བུ་འཛིན་པས་བསྐོར་བ་དང་། ཆོས་འབྱུང་པད་ཉིའི་དབུས་སུ་རྩ་ཞལ་མཐིང་ནག་ཁྲོ་ཞིང་རྔམ་པ། གཡས་ཞལ་གླང་པོ་ཆེའི་གདོང་པ་དཀར་པོ། གཡོན་ཞལ་མ་ཧེའི་གདོང་པ་དམར་པོ། སྟེང་ཞལ་སེངྒེའི་གདོང་པ་སྔོན་པོ།

(༢༥༨)ཕྱག་བཞིའི་དང་པོས་གྲི་ཐོད་འཕྱར་ཞིང་། གཡས་འོག་མས་མདུང་རྣོན་འདེབས་པ། གཡོན་འོག་མས་བུམ་པ་དང་། ཐོད་པ་ཐུགས་ཀར་འཛིན་པ། མདུན་དུ་གཡུང་མོ་སྔོན་མོ། རྒྱབ་ཏུ་གཏུམ་མོ་ལྗང་གུ། སིངྒ་ལི་མ་སེར་མོ། སྲིན་མོ་དམར་མོ་བཞི་ཀའང་མིའུ་ཐུང་གཅེར་མོའི་རྣམ་པ། གཡས་པས་ཐོད་དབང་ཕྱུག་འཕྱར་ཞིང་། གཡོན་པ་སྙིང་གར་སྡིག་མཛུབ་དང་བཅས་པ་ཞགས་པ་འཛིན་པ། ཞབས་གཉིས་ཟླུམ་པོར་བཞུགས་པ་དང་། ཡོངས་གྲགས་ཚེ་སྒྲུབ་ཀྱི་མགོན་པོ་ལ་སོགས་པ་མགོན་པོའི་རྣམ་འགྱུར་དཀར་སེར་དམར་ལྗང་བཞི་དང་། ནག་པོ་དྲུག་གི་སྤྲུ་གྲིར་གྲགས་པ་པད་ཉི་མི་རོའི་སྟེང་ན་ཞལ་གཅིག་ཕྱག་བཞི། རྩ་ཞལ་ཁྱུང་གདོང་ནག་པོ་ཉིས་བརྩེགས། གཡས་གཡོན་སེང་ཞལ་དཀར་དམར་འཛུམ་དང་བཞད་

(༢༥༩)པ། གཡས་གཉིས་གྲི་གུག་དང་མི་མགོའི་ཅོད་པན། གཡོན་གཉིས་ཐོད་ཁྲག་དང་རྩེ་གསུམ། ཞབས་བརྐྱང་བསྐུམ། ཡུམ་ཐམས་ཅད་སེར་མོ་གྲི་ཐོད་འཛིན་པ། མཚམས་བཞིར་ལས་མཁན་ཁྲོ་མོ་དམར་མོ་བཞི་ཞལ་གཅིག་ཕྱག་གཉིས་པ་གཡས་རལ་དྲི་དང་གཡོན་ཉི་མའི་ཞགས་པ་འཛིན་པ་དང་། ཞལ་འོག་མ་གསུམ་མཐིང་ནག་ཁྲོ་ཞལ། རྩ་ཞལ་གྱི་སྤྱི་གཙུག་ནས་འཐོན་པའི་ཁྱུང་ཞལ་འཇིགས་སུ་རུང་བ། ཕྱག་བཞིའི་དང་པོས་གྲི་གུག །འོག་མ་གཉིས་རལ་དྲི་དང་འཕྲེང་བ། གཡས་སུ་གཡུང་མོ་ནག་མོ། གཡོན་དུ་ལྕམ་མོ་གནོད་སྦྱིན་ནག་མོ། གཉིས་ཀའང་གྲི་ཐོད་འཛིན་པ་དང་། གཞན་འདྲ་བ་ལ་ཡུམ་གཉིས་གཡས་གཡོན་ལྡོག་པ་དང་། རྩ་ཞལ་མཐིང་ནག །སྟེང་ཞལ་

(༢༦༠)སྔོན་པོ། གཡས་ཞལ་བྲམ་ཟེ། གཡོན་ཞལ་ལྗང་ནག །ཕྱག་བཞིའི་དང་པོ་གཉིས་གྲི་ཐོད། འོག་མ་གཉིས་རལ་དྲི་དང་། དར་ནག་འཛིན་པ་དང་། རྩ་ཞལ་ནག་པོ། སྟེང་ཞལ་ལྗང་གུ། གཡས་ཞལ་བྲམ་ཟེ། གཡོན་ཞལ་དམར་པོ། ཕྱག་དང་པོ་གཉིས་གྲི་ཐོད། འོག་མ་གཉིས་རལ་གྲི་དང་དར་ཁྲ་འཕྱར་བ་དང་། རྩ་ཞལ་ནག་པོ། གཡས་ཞལ་ལྗང་གུ་གཡོན་ཞལ་དམར་པོ། སྟེང་ཞལ་བྲམ་ཟེ། དང་པོ་གཉིས་གྲི་ཐོད། འོག་མ་གཉིས་རལ་དྲི་དང་དར་མདུང་འཕྱར་བ་དང་། བྲམ་ཟེ་ཤུགས་ལྡན་དཀར་པོ་ཐོར་ཅོག་དང་སྨ་ར་དང་སྨིན་མ་དཀར་པོ། རས་དཀར་གྱི་ཨང་རག་གསོལ་ཞིང་ཁྲི་སྙན་ས་ལེའི་གདན་ལ་བཞུགས་པ། ཁྲི་སྙན་གྱི་ར་དུང་དང་ཐོད་ཁྲག་གཡོན་ན་ཐོགས་ཤིང་ཀུ་ཤ་འཛིན་པ་དང་། མདོག་ནག་བྲམ་ཟེའི་གཟུགས་ཅན་མཆེ་

(༢༦༡)བ་གཙིགས་པ་ཁྲོ་ཞིང་གཏུམ་པ་མི་རྐང་དང་ཐོད་ཁྲག་བཟུང་ཞིང་རོའི་སྟེང་ན། གཡས་བརྐྱང་གཡོན་བསྐུམས་ཀྱི་བཞུགས་པ་སོགས་མཆིས་ཤིང་། རྗེ་དྲུང་རིན་པོ་ཆེ་གོང་མ་ན་རིམ་གྱིས་སྲུང་མའི་གཙོ་བོར་མཛད་དོ། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་དུ་གཏེར་བྱོན་དུ་མ་ནས་ལུང་གིས་ཟིན་ཅིང་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཀུན་བཟང་མོས། ཚོགས་པའི་མཐར་ཐུག་ཁྲི་ཕྲག་བརྒྱད། །སློབ་མའི་མཐར་ཐུག་ལྔ་དང་གཅིག །ཚེ་ཡི་མཐར་ཐུག་བརྒྱ་ལྔ་བཅུ། །ཞིང་ཁམས་མཐར་ཐུག་བདེ་བ་ཅན། །ཞེས་ལུང་བསྟན་པ་བཞིན་སློབ་མའི་ཚོགས་པ་ཁྲི་བརྒྱད། གཙོ་བོར་གྱུར་པའི་གསུང་སྲས་མཐར་ཐུག་ལྔ་ལ་ལྔ་དང་ཕྱི་མ་གཅིག་སྟེ་དྲུག་དགུང་ལོ་བརྒྱ་དང་ལྔ་བཅུའི་བར་དུ་བཞུགས་ཏེ་རྫུ་འཕྲུལ་གྱི་བཀོད་པ་བློའི་ར་བ་ལས་བརྒལ་བར་སྟོན་

(༢༦༢)པར་མཛད་པའི་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཅེས་དཔལ་ལྡན་ཤངས་པ་བཀའ་རྒྱུད་པའི་བསྟན་པ་རིན་པོ་ཆེའི་སྲོལ་འབྱེད་དམ་པ་དེ་ཉིད་ལ་བཀའ་བབས་ཤིང་། དེང་སང་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ལས་བརྒྱུད་དེ་ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་འཛིན་པ་རྣམས་ཀྱི་སྲུང་མའི་གཙོ་བོར་བཞུགས་པའི་དཔལ་མགོན་ཕྱག་དྲུག་པའམ། མགོན་པོ་ཤིང་ཕུང་ཅན་ནམ། མྱུར་མཛད་མ་ཧཱ་ཀཱ་ལ་ཞེ་ཡོངས་སུ་གྲགས་པའི་ལོ་རྒྱུས་ཁྱུང་པོས་མཛད་པ་ལས། ཁྱུང་པོ་རང་གི་མི་ཏྲི་ས་ཀོ་པ་ལ་བྷ་ཤའི་དུར་ཁྲོད་ན་བཞུགས་པ་ལ། གསེར་སྲང་བདུན་ཕུལ་ནས་བོད་ལོངས་སྤྱོད་ཆུང་བ་ལ། ནོར་སྒྲུབ་མྱུར་ལ་རྟགས་ཚན་ཆེ་བ་ཞིག་ཞུ་བྱས་པས། མེ་ཏྲི་པའི་ཞལ་ནས། ཡིད་བཞིན་གྱི་མགོན་པོ་ཞེས་ཀྱང་བྱ། ཐུགས་རྗེ་ཆེན་པོ་ནག་པོ་ཞེས་ཀྱང་བྱ།

(༢༦༣)ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ཞེས་ཀྱང་བྱ། དང་པོ་བར་དོའི་འཇིགས་པ་ལས་སྐྱོབས། ལྷ་འདྲེ་མི་གསུམ་དབང་དུ་བསྡུས། མི་ནོར་ཟས་གསུམ་ཤུགས་ལས་འབྱུང་། བཟློག་པས་མི་ཚུགས་པ། མཆོག་ཐུན་མོང་ཐམས་ཅད་ལོ་ཟླས་འགྲུབ་པ། ཐུན་མོང་གྲུབ་པས་མཆོག་ཞོར་ལ་འགྲུབ་པ་ཞིག་ཡོད་པ་དེ་སྦྱིན་ནོ་གསུང་། དེ་གསུང་བ་ཞུ་བྱས་པས། སྔོན་གྱི་དུས་ན་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྱན་སྔར། ཐུགས་རྗེ་ཆེན་པོས་སེམས་བསྐྱེད། འཁོར་བའི་རྒྱ་མཚོ་ཆེན་པོ་འདི་སྟོང་པར་མ་གྱུར་གྱི་བར་དུ་བདག་སངས་རྒྱ་བར་མ་གྱུར་ཅིག །གལ་ཏེ་སེམས་བསྐྱེད་ཉམས་པར་གྱུར་ན། མགོ་བོ་ཚལ་པ་སྟོང་དུ་འགས་པར་གྱུར་ཅིག །ཅེས་དམ་བཅས་ཏེ་རི་བོ་པོ་ཏ་ལར་ཉིན་མཚན་དུས་དྲུག་ཏུ་སེམས་ཅན་རྣམས་ལ་ཡེ་ཤེས་ཀྱི་གཟིགས་པ་འཇུག་ཅིང་། གང་ལ་གང་འདུལ་གྱི་དོན་བྱེད་པར་གྱུར་ཏེ།

(༢༦༤)དེ་ནས་ལོ་དཔག་ཏུ་མེད་པའི་བར་དུ་སེམས་ཅན་གྱི་དོན་བྱས་པས། ད་རང་སེམས་ཅན་མང་པོ་འཁོར་བ་ལས་ཐར། འཁོར་བ་ཡང་སྟོང་ལས་ཆེ་སྙམ་ནས་པོ་ཏ་ལ་ནས་གཟིགས་པས། སེམས་ཅན་གྱི་ཁམས་འཕེལ་འགྲིབ་མེད་པའི་སྟེང་དུ་ཡང་། སྙིགས་མར་སོང་བས་ཉོན་མོངས་པ་ཆེས་རགས་པ་ལ་གདུག་པ་ཇེ་ཆེར་སོང་འདུག་པས། ད་ནི་བདག་གི་སེམས་ཅན་འགའ་ཙམ་ཡང་སྒྲོལ་བར་མི་ནུས་པར་འདུག་སྙམ་ནས། སེམས་བསྐྱེད་བཏང་བ་ལ། དབུ་ཚལ་པ་སྟོང་དུ་གས་པར་གྱུར་ཏེ་དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་བྱོན་ནས། རིགས་ཀྱི་བུ་དེ་ལྟ་བུའི་སེམས་བསྐྱེད་ལས་གཞོལ་བ་ནི་ཤིན་ཏུ་མ་ལེགས་ཏེ། དེའི་བཤགས་པ་ལ། སྔར་བས་སེམས་བསྐྱེད་རྒྱ་ཆེ་བ་ཅིག་སྐྱོར་ཅིག་གསུངས་ནས། དབུ་ཚལ་པ་སྟོང་དུ་གས་པ་དེ་དབུ་བཅུ་གཅིག་ཏུ་བྱིན་གྱིས་བརླབས་པས་བཅུ་གཅིག་ཞལ་དུ་གྱུར། དེ་ནས་སྔར་གྱི་སེམས་བསྐྱེད་དེ་ལས་རྒྱ་ཆེ་བ་མེད་ཅིང་

(༢༦༥)དེ་ཡི་ཆ་ཙམ་མ་ནུས་ན། དེ་ལས་རྒྱ་ཆེ་བའི་ཐབས་ནི་གང་ཡང་མེད་དོ་སྙམ་ནས། ཞག་བདུན་གྱི་བར་དུ་བརྒྱལ་བར་གྱུར་ཏོ། །དེ་ནས་བརྒྱལ་བ་དེ་སངས་པ་དང་། ད་ནི་སྙིགས་མའི་སེམས་ཅན་ཚེ་འཐུང་ཞིང་བར་ཆད་མང་བས་རྐྱེན་དབང་འབའ་ཞིག་ཏུ་འགྲོ། ལོངས་སྤྱོད་ཆུང་ཞིང་ན་ཚ་མང་བས། སྒྲུབ་ལོང་མེད་པར་བར་ཆད་ཀྱི་དབང་དུ་འགྲོ་བས། དམ་ཚིག་མི་བསྲུང་བས་ཟློག་པ་དང་ནང་དམེ་བྱེད་པ། ཆོས་བྱེད་པ་ཕལ་ཆེ་ཡང་། བར་དོའི་འཇིགས་པ་ལས་མི་ཐར་བར་གཟིགས་པས། ཡུན་རིང་བསྒྲུབ་མི་དགོས་པར་ཞལ་མཐོང་བ། གསོལ་བ་བཏབ་པ་ཙམ་གྱིས་འདི་ཕྱིའི་འཇིགས་པ་ཐམས་ཅད་ལས་སྐྱོབས་པ། མི་ནོར་ཟས་གསུམ་ཤུགས་ལས་འབྱུང་བ། བར་དུ་གཅོད་པའི་དགྲ་བགེགས་སྐད་ཅིག་གིས་བརླག་པར་བྱེད་པ། མཆོག་དང་མཐུན་མོང་

(༢༦༦)ཐམས་ཅད་ལོ་དང་ཟླ་བ་ཙམ་གྱི་འབྱུང་བ། རིན་པོ་ཆེ་དབང་གི་རྒྱལ་པོ་ལྟ་བུའི་ཁྲོ་བོར་གྱུར་ནས་སེམས་ཅན་གྱི་དོན་བྱའོ་སྙམ་སྟེ། ཐུགས་ཀ་ནས་ཧཱུཾ་མཐིང་ནག་སྟོན་པ་ལས། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། སྐྱེ་འགྲོའི་རེ་བ་ཚུལ་བཞིན་དུ་སྐོང་བའི་ཡིད་བཞིན་གྱིས་ནོར་བུ་ལྟ་བུར་གྱུར་པ་དང་། ས་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ནས་སངས་རྒྱས་སྣང་བ་མཐའ་ཡས་ལ་སོགས་པའི་སངས་རྒྱས་དཔག་ཏུ་མེད་པ་མགྲིན་གཅིག་ཏུ་བསྡེབས་ཏེ། རིགས་ཀྱི་བུ་སེམས་ཅན་གྱི་རེ་བ་ཚུལ་བཞིན་སྐོང་བའི་སྤྱོད་པ་འདི་ལྟ་བུ་ནི་ཤིན་ཏུ་ལེགས་སོ། །སངས་རྒྱས་ཐམས་ཅད་གསང་བ་ལས་བྱུང་བ། བཅོམ་ལྡན་གཤིན་རྗེ་གཤེད་པོ་འདི། འདི་ཉིད་ཀྱི་ཕྲིན་ལས་ཀྱི་ནུས་མཐུ་དང་ལྡན་པར་བྱའོ། །གསང་བའི་མཁའ་འགྲོ་མ་དབང་གི་རང་བཞིན་གྱི་དབང་དང་ལྡན་པར་བྱའོ། །དེ་ཉིད་ཀྱི་ཞི་བ་དང་རྒྱས་པར་ཡང་འགྱུར་རོ། །

(༢༦༧)ཐམས་ཅད་ཀྱི་ཕྲིན་ལས་སུ་བསྐུར་བའི་སྤྲུལ་པ་ལས་བྱུང་བའི་གནོད་སྦྱིན་དང་། སྲིན་པོ་དང་། བདུད་དང་། མ་མོ་རྣམས་ཀྱིས་ཀྱང་ལས་སྣ་ཚོགས་སྒྲུབ་པར་འགྱུར་རོ། །དེ་ཉིད་ཚུལ་བཞིན་དུ་བསྒྲུབ་པ་དང་། མཆོད་པ་དང་། དྲན་པས་ཀྱང་དངོས་གྲུབ་མ་ལུས་པ་ཐམས་ཅད་སྟེར་བར་འགྱུར་ལ་བསྒྲུབ་པ་ཉིད་ནས་བྱིན་གྱིས་རློབས་པ་དང་། དེ་ཉིད་ཀྱི་དངོས་སུ་ཞལ་སྟོན་པར་འགྱུར་རོ། །གསུངས་སོ། །དེ་ནས་དཔལ་ཤ་བ་རེ་པ་ཞེས་བྱ་བ་བྲམ་ཟེའི་རིགས་སུ་གྱུར་པ། དཔལ་འབྲས་སྤུངས་ལ་ཉེ་བ་ན། གྲོང་ཁྱེར་ཆེན་པོ་སུམ་ཅུ་རྩ་གཉིས་ཡོད་པའི་དབུས་ན། ཏྲི་པ་ལ་ཞེས་བྱ་བ། རོལ་མོ་མཁས་པའི་མཆོག་ཏུ་གྱུར་ནས། སྔོན་སངས་རྒྱས་ལ་གླུ་དང་རོལ་མོས་མཉེས་པར་བྱས་པ་དེས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་གྱི་འཇག་མའི་སྤྱིལ་

(༢༦༨)པོ་གཅིག་ན་བསྒྲུབ་པ་མཛད་ཀྱིན་འདུག་ཙ་ན། ནམ་མཁའ་ལ་ཌ་མ་རུ་དང་དྲིལ་བུའི་སྒྲ་བསྒྲགས་ནས་གཟིགས་ཙ་ན། ཡེ་ཤེས་ཀྱི་མགོན་པོ་ཉིད་བྱོན་ནས་རིགས་ཀྱི་བུ་ངའི་སྒྲུབ་ཐབས་འདི་གཟུངས་ཞིག་གསུངས་ནས། ཤ་བ་རི་པས་སྒྲུབ་ཐབས་ཡི་གེར་བཀོད་ཡང་རྗེ་བཙུན་མ་དང་། ཐུགས་རྗེ་ཆེན་པོ་དང་སྒྲོལ་མ་གསུམ་ཡང་བྱོན་ནས། སྒྲུབ་ཐབས་གསུངས་ཏེ་ཡི་གེར་བཀོད་དེ། ངས་ནི་ལྷོ་ཕྱོགས་དཔལ་གྱི་རི་བོ་ལ་ཕྱག་རྒྱ་ཆེན་པོའི་རྒྱུད་གདམས་ངག་རྣམས་ཞུས་དུས་སུ་ཕྱག་དྲུག་པ་འདི་གནང་ནས། ཞག་ཉི་ཤུ་རྩ་གཅིག་ནས་ཞལ་མཐོང་ངོ་། ཁྱོད་ཀྱང་ཕྱག་དྲུག་པ་འདི་ལ་ནས་རྗེན་བཏགས་ཀྱི་གཏོར་མ་དང་། སྤོས་སྦྱོར་མ་ཆད་པར་གྱིས། ཁྱི་ནག་པོ་ལ་རྡོ་མ་རྡེག །ཡིད་ཆེས་པར་བགྱིས་ལ་བླ་མ་དང་དབྱེར་མེད་དུ་བསྒོམས། དེ་ལྟར་བྱས་པས་

(༢༦༩)རི་ལ་སོགས་པ་སྒྲུབ་གནས་ཐམས་ཅད་དུ་འཚོ་བ་སྦྱོར་བར་འགྱུར། ཞག་བཅུ་གསུམ་གྱི་སློབ་མ་དང་བཅས་པ་ལ་ཞལ་མངོན་སུམ་དུ་སྟོན་པར་བྱེད་དོ། །དངོས་གྲུབ་ཐམས་ཅད་ཚུལ་བཞིན་སྟེར་བར་འགྱུར་རོ། །ཞེས་ལུང་བསྟན་ནས་བཀའ་བསྒོ་ལན་གསུམ་མཛད་དོ། །ཞེས་གསུངས། ཕྱག་བཞི་པའི་ལོ་རྒྱུས་ཀྱི་སྐབས་སུ་བཤད་པ་བཞིན་དབང་ཕྱུག་ཆེན་པོ་དང་ཨུ་མའི་སྲས་སུ་སྐུ་བལྟམས་པའི་མ་ཧཱ་ཀཱ་ལ་དེ་ཉིད་ཀྱང་མགོན་པོ་འདི་ཉིད་ཡིན་ཏེ། ར་ཧུ་ལར་རྡོ་རྗེ་འཆང་གིས་དངོས་སུ་གསུངས་པའི་གཏོར་ཆོག་ལས། སྲོག་གཅོད་ཀྱི་གཤན་པ། བདུད་འདུལ་གྱི་དཔའ་བོ། སྲིན་ཡུལ་ལངྐ་པུ་རིར་སྲིན་པོའི་གྲོང་ཁྱེར་སུམ་བརྩེགས་འཇིགས་པར་བྱེད་པ་ལྷ་མ་ཡིན་གྱི་བུ་མོ་གློག་མ་སྤྲིན་ཐལ་བའི་རྡུལ་དུ་བརླག་པ། ཞེས་པ་སོགས་མ་ནིང་དང་། ལེགས་ལྡན་དང་། ཕྱག་

(༢༧༠)བཞི་པ་ལ་སོགས་པའི་ཁུངས་སུ་ཇི་ལྟར་གྱི་ལྷ་དམག་གི་དབུགས་འབྱིན་པ་དང་། ལྷ་མིན་གྱི་གཡུལ་ངོ་བཟློག་པར་མཛད་པར་བཤད་ཅིང་ཁུངས་ལྡན་དུ་མའི་གསུང་འཕྲོས་ལས་ཀྱང་འབྱུང་ལ། དེ་བཞིན་དུ་གུར་མགོན་དང་ཞལ་བཞི་པ་ལ་སོགས་པ་ཡང་མགོན་པོ་འདི་ཉིད་དུ་ངེས་ཏེ། གྲུབ་ཆེན་གྱིས་མཛད་པའི་བསྟོད་པ་ལས། སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིགས་བྱེད་པའི། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །ཞེས་གསུངས་ཞལ་གཉིས་ཀའི་བསྟོད་པར་བྱུང་བ་བཞིན་ནོ། །སྡེ་དཔོན་སུམ་ཅུའི་ནང་ཚན་གྱི། །སྣང་སྲིད་མགོན་པོ་ཡོངས་ཀྱི་གཙོ། །མགོན་པོ་མ་ཧཱ་ཀཱ་ལ་སྟེ། །ཞེས་གསུངས་པ་ཡང་མགོན་པོ་འདི་དག་དང་གཅིག་པར་ཤེས་དགོས་སོ། །དེ་ལྟ་བུའི་མགོན་པོ་འདི་ཉིད་དཔལ་ལྡན་ལྷ་མོ་འདོད་ཁམས་དབང་

(༢༧༡)ཕྱུག་རེ་མ་ཏི་དང་། གནོད་སྦྱིན་ཡལ་གམ་པོའི་སྲས་ཀྵེ་ཏྲ་པཱ་ལ། དབང་ཕྱུག་མ་ཧཱ་དེ་ཝའི་སྲས་ཛི་ན་མི་ཏྲ། གཤིན་རྗེ་འདོད་པའི་རྒྱལ་པོའི་སྲས་ཌཱཀྐི་རཱ་ཛ། བདུད་ཡབ་ཤེར་ནག་པོའི་སྲས་ཏྲཀྴད་ནག་པོ། ཚངས་པ་བརྒྱ་བྱིན། འཆི་བདག་གཤིན་རྗེ། ཆུ་ལྷ། རྣམ་སྲས། མེ་ལྷ། སྲིན་པོ། རླུང་ལྷ། དབང་ལྡན། ས་བདག་སོགས། ཕྱོགས་སྐྱོང་བཅུ། ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། གཟའ་ཆེན་བརྒྱད། རྒྱུ་སྐར་ཉེར་བརྒྱད། སྡེ་དཔོན་དགུ། རྒྱལ་ཆེན་བཞི་སོགས་ཀྱི་འཁོར་གྱིས་བསྐོར་ཏེ་གནས་ཡུལ་དུར་ཁྲོད་ཀུན་ཁྱབ་ཏུ་བཞུགས་ནའང་གཙོ་བོར་གྱུར་པ། ཤར་ལྷོ་བསིལ་བ་ཚལ་གྱི་དུར་ཁྲོད་ཤིང་ཙན་དན་གྱི་སྡོང་པོ་རྐང་གཅིག་པའི་དྲུང་ན་བཞུགས་ཤིང་། འདི་ཉིད་ཀྱི་རྒྱུད་སྐོར་ཇི་སྙེད་ཅིག་མཆིས་པ་ལས་

(༢༧༢)དེང་སང་བླ་མ་རྣམས་ཀྱིས་ཐུབ་ཏུ་བཞེད་པ་རྒྱུད་ལེའུ་བརྒྱད་པ། ལེའུ་བཅུ་བདུན་པ། ལེའུ་བཅུ་གསུམ་པ་རྣམས་དང་། རྗེས་གནང་གི་བཀའ་མི་འདྲ་བ་བཅུ་གསུམ་དང་། མན་ངག་གི་རིམ་པ་མཁས་གྲུབ་དགེ་ལེགས་བཟང་པོས་དག་ཐེར་མཛད་པར་གྲགས་པའི་བེ་བུམ་སོགས་རྩ་བའི་བླ་མ་གར་དབང་དང་པོའི་སངས་རྒྱས་དགེ་ལེགས་དང་ཡོན་ཏན་དང་དྷརྨའི་མཚན་ཅན་གྱི་བར་དུ་བར་མི་ཆད་དུ་བཞུགས་པ་ལས་ལེགས་པར་ཐོབ་པ་ཡིན་ནོ། །དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གཅིག་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་། རྡོ་རྗེ་ཕག་མོ་དང་གསང་བ་ཡེ་ཤེས་དང་། རྗེ་བཙུན་མ་སྒྲོལ་མ་དང་། དབྱངས་ཅན་མ་ལ་སོགས་ཏེ་དཀྱིལ་འཁོར་རྒྱ་མཚོ་སྤྲོ་དང་མཚུངས་སྡུད་པའི་བྱེད་པོ་དམ་པར་གྱུར་པ། དཔལ་ལྡན་ལྷ་མོ་སྔགས་ཀྱི་སྲུང་མ་ཨེ་ཀ་ཛ་ཊི་དབྱིངས་ཀྱི་ཡུམ་ཆེན་ཡེ་ཤེས་ཀྱི་མ་མོའི་ཆ་དང་། འདོད་ཁམས་དབང་ཕྱུག་

(༢༧༣)དུད་གསོལ་མ་དང་། དཔལ་ལྡན་ལྷ་མོ་ནག་མོ་རེ་མ་ཏི་དང་། སྨུག་ནག་ཁྲོས་མ་རག་གདོང་མ། མ་མོ་སྲིད་པའི་རྒྱལ་མོ། ཉི་ཟླ་སྟོང་འཕྲེང་ཅན། དུང་སྐྱོང་རྒྱལ་མོ། འབར་མ་ཙཎྜི་ཀའམ། ཙ་ཊིའི་དབང་ཕྱུག ་།མ་མོ་ཙ་མུན་ཏྲི། དུས་མཚན་འོད་ཆེན་འབར་མ། པརྣ་ཤ་བ་རི་སོགས་རྗེ་མོའི་རྣམ་པ་དང་། མ་ཅིག་དམག་གི་རྒྱལ་མོ་རེ་མ་ཏི་དང་། གནོད་སྦྱིན་ཡཀྵ་ནག་མོ་རེ་མ་ཏི་དང་། སྦལ་པ་ཐལ་མདོག །མི་ཕམ་ཁྲོ་གཉེར། གཤིན་རྗེ་དམར་འདབ་ཕུར་པའི་ལྷ་མོ། ཁོལ་མོ་རེ་མ་ཏི། ཡ་མཚན་འཕྲུལ་གྱི་གཤོག་པ། སྲིད་གསུམ་བློ་འཕྲོག་ལ་སོགས་པ་ཁོལ་མོའི་རྣམ་པ་སྟེ། ལས་ཀྱི་མ་མོའི་ཚུལ་བཟུང་སྟེ། མིང་བརྒྱ་མཚན་སྟོང་དུ་གྲགས་པ་སྲིད་གསུམ་གྱི་བདག་མོར་གྱུར་པ་

(༢༧༤)འདི་ནི་མདོ་རྒྱུད་ཐམས་ཅད་ལས་གསུངས་པའི་ཁུངས་ཤིན་ཏུ་མང་བ་མཐའ་དག་བྲིར་མ་ལང་མོད། འདིར་གོ་སླ་ཞིང་ཁུངས་བཙུན་པའི་དབང་དུ་བགྱིས་ཏེ། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་མེ་ལྕེ་འབར་མའི་རྒྱུད་ལ་སོགས་པ་ཡིད་ཆེས་ཀྱི་ཁུངས་རྣམས་ནས་བཏུས་ཏེ་མཛད་པའི་དཔལ་ལྡན་ལྷ་མོའི་ལོ་རྒྱུས་ལས་གསུངས་པ་བཅོས་མེད་དུ་བཀོད་པ་འདི་ལྟར། དཔལ་ལྡན་ལྷ་མོ་འདིའི་ལོ་རྒྱུས་ནི། སྔོན་སངས་རྒྱས་འཁོར་བ་འཇིགས་ཀྱི་བསྟན་པ་ལ་ལྷ་མོ་འོད་ཟེར་ཅན་དུ་གྱུར་ཏེ་སེམས་བསྐྱེད་ནས་དགེ་བ་བཅུ་ཤ་སྟག་སྤྱད། དེ་ནས་སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ་ལྷ་མོ་དཔལ་ལྡན་མ་ཞེས་བྱ་བར་གྱུར་ཞེ་སྡང་རང་དགའ་མར་སྤྱད། དེ་ནས་འོད་སྲུངས་ཀྱི་བསྟན་པ་ལ་ལྷ་མོ་མཉྫུ་ཞེས་བྱ་བར་གྱུར་ཏེ། དུས་དེ་ཙ་ན་སྟོན་པ་ཤཱཀྱ་ཐུབ་པ་ནི་དགེ་སློང་དབང་ཕྱུག་དཔའོ་ཞེས་བྱ་བར་

(༢༧༥)གྲགས་པའི་ཚེ། དགེ་སློང་དེ་ལ་ལྷ་མོ་མཀྫུས་མཆོད་པ་བྱས་ཤིང་སྨོན་ལམ་གཅིག་ཏུ་བཏབ་པ་ལས། ད་ལྟ་རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་ལ་ནི་ལྷ་མོ་འདི་ལ་སྔོན་སངས་རྒྱས་གསུམ་གྱི་བསྟན་པར་རང་གི་ཅི་སྤྱད་པའི་ལས་ཀྱི་འབྲས་བུ་དུས་གཅིག་ཏུ་རྣམ་པར་སྨིན་པ་ཡིན་ཏེ། དང་པོར་དགེ་བ་བཅུ་ཤ་སྟག་སྤྱད་པའི་མཐུས་ལྷའི་གཙོ་བོ་མ་ཧཱ་དེ་ཝའི་སྲས་མོར་འཁྲུངས་ལ། བར་དུ་ཞེ་སྡང་རང་དགའ་མར་སྤྱད་པས་སྲིན་པོའི་ཆུང་མར་གྱུར་ནས་རང་ལྕེབས་ཤིང་མཐར་དགེ་སློང་དབང་ཕྱུག་དཔའ་བོ་ལ་མཆོད་པ་བྱས་ནས་སྡིག་པ་བཤགས་ཤིང་སྨོན་ལམ་ལྷན་ཅིག་ཏུ་བཏབ་པས་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་ནས་ཤཱཀྱ་ཐུབ་པའི་བསྟན་པ་བསྲུང་བ་ལ་འགྲན་ཟླ་མེད་པར་འགྱུར་པ་ཡིན་ནོ། །དེའི་ཚུལ་ཡང་། སྔོན་འདོད་པའི་ཁམས་འདིར་རི་རབ་

(༢༧༦)ལྷུན་པོའི་སྟེང་གི་བྱང་ཤར་གྱིས་མཚམས་ན། དཔག་བསམ་ཤིང་ཡོངས་འདུ་ས་བརྡོལ་ཞེས་བྱ་བ། ལོ་མ་ལས་འདོད་པའི་ཡོན་ཏན་ལྔ་རང་བྱུང་བ། འབྲས་བུ་ལ་རིན་པོ་ཆེ་སྣ་བདུན་ལོ་ཏོག་ལྟ་སྨིན་པ། ཡལ་གའི་རྩེ་གཡུའི་ཟེ་བའི་བར་བར་ན། ལྷ་དང་། ལྷ་མོ་དང་། གཟའ་དང་། སྐར་མ་དང་། ཉི་མ་དང་ཟླ་བའི་ཚོགས་ཀྱིས་བརྒྱན་པ། རྩེ་མོ་ན་བྱ་ཁྱུང་ཀ་རུ་ཎ་གནས་པ། རྩ་བ་ན་འཁྲུས་ཀྱི་རྫིང་བུ་བདུན་ཡོད་པ། རྫིང་བུ་རེ་ལ་ཤིང་རྟ་བདུན། ཤིང་རྟ་རེ་ལ་ལྷའི་བུ་མོ་བདུན་བདུན། བུ་མོ་རེ་ལ་གཡོག་མོ་བདུན་བདུན། གཡོག་མོ་རེ་ལ་རྨ་བྱ་བདུན་བདུན་ཡོད། གཞན་ཡང་སྨན་རྣམས་པ་སྣ་ཚོགས་དང་། ལོ་ཏོག་གི་རིགས་ཁྲག་ཁྲིག་མང་པོ་མ་བཏབ་པར་རང་སར་སྐྱེ་བ། ཙན་དན་དང་། ག་པུར་དང་། གོར་ཤི་ཤ་དང་།

(༢༧༧)སྦྲུལ་གྱི་སྙིང་པོའི་རྫིང་བུ་ལྔ་བརྒྱས་བསྐོར་བ་ཡོད་དེ། དེ་ལྟ་བུའི་ཤིང་དེ་ཐུན་མོང་གི་བསོད་ནམས་ལས་སྐྱེས་པ་ཡིན་ཀྱང་ལྷ་རྣམས་ཀྱི་དབང་དུ་བྱེད་པ་ལ། རི་རབ་ཀྱི་རྩ་བ་འོད་མི་སྣང་བའི་གནས་ན་ལྷ་མ་ཡིན་གྱི་རྒྱལ་པོ་སུམ་བརྩེགས་དང་། ཐགས་བཟང་རིགས་དང་། ཧེ་རན་ལྷ་མོ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་རྒྱུད་ལས་ཧེ་རན་ཀོའུ་ཤུ་ཞེས་བཤད། མཆན། ཤུན་དང་། རྣམ་པར་སྣང་བྱེད་དང་། རབ་སིམ་དང་། སྒྲ་གཅན་འཛིན་ལ་སོགས་པའི་བྱེ་བ་དུང་ཕྱུར་ཡོད་པ་རྣམས་ཁྲོས་ཏེ་ཤིན་ཏུ་མི་གདུག་པའི་ཆ་བྱད་དུ་བྱས་ནས་གོ་ཆ་དང་མཚོན་ཆ་སྣ་ཚོགས་ཐོགས་ཏེ་རབ་ཏུ་རྔམས་པའི་ང་རོ་འཇིགས་སུ་རུང་བ་སྒྲོག་ཅིང་རི་རབ་ཀྱི་སྟེང་གི་ཆོས་བཟང་ཞེས་བྱ་བ་ལྷའི་མདུན་སར་ལྷགས་སོ། །དེ་ནས་རི་རབ་ཀྱི་སྟེང་ན་ལྷ་བ་སུ་དེ་ཝ་དང་། མ་ཧཱ་དེ་ཝ་དང་། ལྷའི་དབང་པོ་བརྒྱ་བྱིན་ཉིད་ལ་སོགས་པ་ལྷ་བྱེ་བ་དུང་ཕྱུར་གནས་པ་ལ་ལྷ་མ་ཡིན་རྣམས་ཀྱིས་འདི་སྐད་ཅེས། རི་རབ་རྩེར་གནས་

(༢༧༨)སུམ་ཅུ་རྩ་གསུམ་ལྷ། ཤིང་དེ་ལྷ་དང་ལྷ་མིན་ཐུན་མོང་ལ། ད་ལྟ་ཁྱོད་ཅག་འདོད་པའི་ལྷ་དབང་ན། ད་ནི་ངེས་ཅག་ལྷ་མིན་བདུད་ལ་བསླང་ཟེར་བ་ལ། ལྷ་རྣམས་ཀྱིས་ལན་དུ། དཔག་བསམ་ཤིང་ལ་འདོད་ཡོན་བསམ་ཡས་ཀྱང་། བསོད་ནམས་དབང་གི་ལྷ་ལ་ཡོངས་སུ་གྲུབ་གཞན་ལ་ཡོད་ན་བསྐམ་ཤིང་མེད་པར་གྱུར། དེ་བས་ཁྱོད་ལ་ལྗོན་ཤིང་ངེད་མི་སྟེར། ཞེས་སྨྲས་པ་དང་། ལྷ་མིན་རྣམས་ནས། ཐུན་མོང་ལས་གྲུབ་བདེ་ལྡན་ལྗོན་པའི་ཤིང་། ལྷ་ཡིས་དབང་བྱས་ངེད་ལ་མི་སྟེར་ན། །འཇིག་རྟེན་བསྲེག་པའི་མཚོན་ཆའི་ཆར་ཕབ་ལ། །ལྷ་དང་ལྷ་མིན་གཡུལ་ཆེན་འགྱེད་པར་བྱ། །ཞེས་ཟེར་ནས་ལྷ་མ་ཡིན་གྱིས་དམག་དྲངས་ཏེ་དེ་ཡང་གླང་པོ་ཆེ་མགོ་སུམ་ཅུ་རྩ་གསུམ་པའི་མགོ་དབུས་མ་ལ་ལྷ་མ་ཡིན་གྱིས་དབང་པོ་ཐག་བཟང་རིས་ཞོན། མགོ་ལྷག་མ་སུམ་ཅུ་

(༢༧༩)རྩ་གཉིས་ལ་གནོད་སྦྱིན་སུམ་ཅུ་རྩ་གཉིས་ཞོན། གཞན་ཡང་ལྷ་མ་ཡིན་གྱི་དམག་དཔོན་བྱེ་བ་དུང་ཕྱུར་གྱིས་བསྐོར་ཏེ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་མཚོན་ཆའི་ཚོགས་མེ་ལྕེ་འབར་བ་ལྟ་བུའི་ཆར་ཆེན་པོ་འབེབས་ཤིང་ལྷགས་སོ། །དེ་ནས་ལྷ་རྣམས་ཆོས་བཟང་གི་མདུན་སར་ཚོགས་ཏེ་འཐབས་པར་བརྩམས་པ་ལས། ལྷ་རྣམས་ཀྱི་ཁྲོ་མ་ཤེས་ནས་རྩུབ་འགྱུར་གྱི་ཚུལ་དུ་ཕྱིན་པ་དང་། དེ་ནས་ཁྲོ་བོ་ལམ་ཀ་ནག་པོ་ཁྲོས་པའི་ཁ་ཆུ་ཁྲོ་ཆུའི་རྗིང་།།།བུ་བདུན་འཁྱིལ་བ་རྣམས་འཐུངས་པས། ལྷ་རྣམས་ཞེ་སྡང་སྐྱེས་ཏེ་ཤིན་ཏུ་ཁྲོས་པར་གྱུར་པ་དང་། ལྷའི་བཟོ་བོ་བི་ཤོ་ཀརྨས་ནུབ་གཅིག་ལ་གསེར་གྱི་གོ་ཁྲབ་བྱེ་བ་ཁྲག་དགུ་ཁྲི་དགུ་འབུམ་བརྡུངས། ལྷ་མ་ཧཱ་ཀྲོ་རྡས་ནུབ་གཅིག་ལ་རལ་དྲི་དང་། འཁོར་ལོ་དང་། ཐོད་པ་དང་། ལྕགས་ཀྱུ་དང་། དགྲ་སྟ་དང་། མདུང་

(༢༨༠)རྩེ་གསུམ་པ་ལ་སོགས་པའི་མཚོན་ཆ་བྱེ་བ་ཁྲག་ཁྲིག་དགུ་འབུམ་བརྡུངས། དེ་ནས་ལྷ་རྣམས་གོ་མཚོན་ཐོགས་ཏེ། གླང་པོ་ཆེ་མགོ་སུམ་ཅུ་རྩ་གསུམ་པའི་མགོ་དབུས་མ་ལ་ལྷའི་དབང་པོ་བརྒྱ་བྱིན་ཆིབས། མགོ་གཞན་མ་རྣམས་ལ་ཉེ་དབང་པོ་གཉིས་ཞོན། ལྷ་དམག་བྱེ་བ་དུང་ཕྱུར་གྱི་མཐའ་བསྐོར་ཞིང་། གླང་པོ་ཆེའི་སྣ་ལ་རལ་གྲིའི་འཁོར་ལོ་བཏགས་ནས་ལྷ་དང་ལྷ་མ་ཡིན་རྣམས་ཀྱིས་གཡུལ་བཀྱེ་བས་ལྷ་མ་ཡིན་རྨས་པའི་ཁྲག་འཐོར་བ་ལས་སྐད་ཅིག་གིས་ལྷ་མ་ཡིན་གཏུམ་མོ་གོ་ཆ་དང་མཚོན་ཆ་ཐོགས་པའི་དམག་ཁྲི་ཚོ་རེ་ཙམ་འཕེལ་ཞིང་། ལྷ་རྨས་པའི་ཁྲག་ལས་དམག་མ་འཕེལ་བར་ཤི་བས་ལྷ་རྣམས་ཤིན་ཏུ་ཕམ། ལྷ་མ་ཡིན་རྣམས་ནི་རབ་ཏུ་རྒྱལ་བར་གྱུར་པ་དང་། དཔལ་ཕྱག་ན་རྡོ་རྗེས་ལྷ་རྣམས་རྒྱལ་བར་བྱ་བའི་ཕྱིར་ཐུགས་དཔལ་གྱི་བེའུའི་དབུས་ནས་ཧཱུཾ་མཐིང་

(༢༨༡)ནག་འབར་བ་ཞིག་སྤྲོས་ཏེ། བྱི་ནུ་ར་ཙའམ་ལྷ་ཁྱབ་འཇུག་ཆེན་པོའི་དཔྲལ་བའི་དབྱིངས་སུ་ཐིམ་པ་ལས་ལྕགས་ཀྱི་འཛེར་པ་ཅིག་བྱུང་བ་དེ་བརྡོལ་བའི་ནང་ནས་བུད་མེད་སྔོན་པོ་དབུ་སྐྲ་བཻ་ཌཱུརྱའི་ཆུན་འཕྱང་ཅན། མིག་ཨུཏྤ་ལའི་འདབ་མ་འདྲ་བ། མཚན་དང་དཔེ་བྱད་དུམ་ལྡན་པ་ཞིག་བྱུང་བ་དེ་ལ་ལྷ་རྣམས་ཀྱི་མིང་ཡང་། ལྷ་མོ་ཨུ་མ་དེ་ཝི་བྱ་བར་བཏགས། དེའི་ཚེ་ལྷ་མོ་ཆེན་པོ་ཀུན་ཀྱང་ལྷ་མོ་ཆེན་མོ་ཆུང་མར་འདོད་པ་ལ། ནམ་མཁའ་ལས་ཕྱག་ན་རྡོ་རྗེ་སྤྲུལ་པའི་སྒྲ་ལས་འདི་སྐད་ཅེས་ལྷ་རྒྱལ་མཐོ་ཞིང་བརྟན་པར་འདོད་པ་དང་། རིགས་དྲུག་སེམས་ཅན་བདེ་ལ་འགོད་པ་དང་། །ལྷ་མིན་བདུད་ཀྱི་གཡུལ་ཆེན་བཟློག་པའི་ཕྱིར། །དབང་ཕྱུག་ལྷག་ལ་ཨུ་མ་ཆུང་མར་བྱིན། །ཞེས་གྲགས། དེའི་ཚེ་ན་ལྷ་དབང་ཕྱུག་ཆེན་པོ་ནི་དགེ་སློང་གི་ཆ་ལུགས་ཀྱི་ཡཀྵ་ཀ་ལ་

(༢༨༢)འབར་བའི་དུར་ཁྲོད་ན་འགོག་པའི་བརྟུལ་ཞུགས་དྲག་པོ་ལ་བཞུགས་པའི་དྲུང་དུ་ལྷ་རྣམས་ཀྱི་ལྷ་མོ་ཨུ་མ་དེ་ཝི་ཁྲི་ནས་ཕུལ། དེས་ཞག་བདུན་ཕྲག་བདུན་དྲོད་ལ་བཙས་པས་འདོད་པ་སྐྱེས་ཏེ། དེ་གཉིས་ཡབ་ཡུམ་དུ་འདུས་པ་ལས་བར་སྣང་ལ་གཟའ་དང་སྐར་མ་བྱུང་ཞིང་། ལྷ་མོ་ཨུ་མ་ལ་བུ་ཚ་མིང་སྲིང་གཉིས་སྐྱེས་ཏེ། མིང་པོ་ནི་གཤིན་རྗེ་མ་ཧཱ་ཀཱ་ལ་ཞེས་གྲགས་ལ། སྲིང་མོ་ནི་ལྷ་མོ་དམར་མོ་ཙ་མུན་ཏྲི་ཞེས་གྲགས། དེ་ནས་དཔལ་ཕྱག་ན་རྡོ་རྗེས། གཤིན་རྗེ་མིང་སྲིང་ལ་མ་ཧཱ་ཡཀྵ་བདུད་ལས་རྣམ་པར་རྒྱལ་བའི་དབང་བསྐུར་ནས། སྔར་བཞིན་ལྷ་དང་ལྷ་མིན་གཡུལ་བཀྱེ་བའི་ཚེ། གཤིན་རྗེ་མ་ཧཱ་ཀཱ་ལས་ལྕགས་ཀྱི་གསལ་ཤིང་རི་རབ་ཙམ་ཞིག །ལྷ་མ་ཡིན་མང་པོ་བཅོམས་པའི་ཁྲག་ལས་སྤྲུལ་པའི་དམག་འཕེལ་བའི་ཚུལ་སྔར་བཞིན་བྱུང་བ་དང་། ལྷ་མོ་ཙ་མུནྟྲིས་

(༢༨༣)རལ་དྲི་མེ་ལྕེའི་ཕྲེང་བ་ཞེས་བྱ་བ། ལྷ་མ་ཡིན་ཧེ་ར་ན་ཀེ་ཤུའི་མགོ་བཅད་པའི་ཐོད་པས་ཁྲག་བཅུས་ཏེ་ཞལ་དུ་རོལ་བས་འཕེལ་ཁ་ཆད། དེ་ནས་ལྷ་མོ་རྩ་མུནྟྲིའི་ལྟེ་བ་ལ་ལྷ་དམག་བྱེ་བ་དུང་ཕྱུར་གྱི་མཁར་རྫོང་བཅས་ནས་འཐབ་པས། ལྷ་མིན་ནག་པོའི་ཕྱོགས་རྣམས་ཕམ་པར་བྱས་ཤིང་། ལྷ་དམག་དཀར་པོའི་ཚོགས་རྣམས་གཡུལ་ལས་རྣམ་པར་རྒྱལ་ཏེ་དཔག་བསམ་ཤིང་གི་མངའ་བདག་ཏུ་གྱུར་པའི་ཚེ། རྣམ་པར་རྒྱལ་བའི་ཁང་བཟང་ཡང་རང་བྱུང་དུ་ལྷུན་གྱིས་གྲུབ་པར་གྱུར། དེའི་ཕྱིར་ལྷ་མོ་མུནྟྲིའི་མིང་ཡང་དུང་མཁར་རྗོང་མར་གྲགས། དེ་ནས་ལྷའི་བུ་མོ་ཙ་མུནྟྲི་དེས་རི་ཁྲོད་ཆེན་པོ་མདངས་དགའ་ཞེས་བྱ་བར་ཤིང་རི་ཁྲོད་ཅེས་བྱ་བའི་ལོ་མ་གྱོན་ནས། ལོ་བདུན་དུ་འཕགས་པ་མི་ཕམ་པའི་

(༢༨༤)གཟུངས་བཟླས་པས་ལྷ་མོ་པརྣ་ཤ་བ་རི་རི་ཁྲོད་ལོ་མ་ཅན་ཞེས་བྱ་བར་ཡང་གྲགས། དེ་ནས་རེ་ཞིག་ན་ཀླུ་དུང་གི་འཛེར་པ་ཅན་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་ཞིག་བྱ་ཁྱུང་ཀ་རུ་ཎས་གཙེས་པ་ན། ལྷ་མོ་རི་ཁྲོད་ལོ་མ་གྱོན་མ་དེས་བྱ་ཁྱུང་བཏུལ་ནས་ཀླུ་བསྐྱངས་པས། ལྷ་མོ་དཀར་མོ་དུང་སྐྱོང་མ་ཞེས་ཀྱང་བྱ་སྟེ། ལྷ་མོ་དུང་སྐྱོང་མ་དེ་ནི་རི་རབ་ཀྱི་སྟེང་རྣམ་པར་རྒྱལ་བའི་ཁང་བཟང་གི་རྩེ་ལས་བྱང་ཤར་མཚམས་སུ་བྱང་ཆུབ་ཀྱི་ཤིང་དྲུང་ན་རིན་པོ་ཆེའི་ཁང་པ་བདུན་བརྩེགས་ཀྱི་གཞལ་ཡས་ཁང་དུ་རིན་པོ་ཆེའི་ཁྲི་སྟེང་ན། གསེར་དངུལ་བཻ་ཌཱུརྱའི་དབུ་བརྒྱན་དང་མགུར་ཆུས་བརྒྱན་ཏེ་ལུས་འགྱིང་བག་ཏུ་བཞུགས་པ་ལ། ལྷའི་བུ་དང་བུ་མོ་མང་པོས་ཀླུ་དབྱངས་དང་རོལ་མོའི་བྱེ་བྲག་སོགས་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པས་མཆོད་དོ། །ཡང་དེའི་ཚེ། ཡུལ་ལངྐ་པུ་རིའི་ན་སྲིན་པོའི་གྲོང་ཁྱེར་བདུན་འབུམ་

(༢༨༥)ཡོད་པ་ལ་ལྷ་རྣམས་ཀྱི་སྐྱོན་ཕབ། དེ་ནས་སྲིན་པོ་དྷ་ཤ་ཤྲཱི་ཝ་་དང་། དེའི་སྲིང་མོ་ན་ལ་རྩེ་གཉིས་འདུས་པ་ལས། སྲིན་པོ་དེས་ལྷ་དང་མི་རྣམས་འདུལ་བའི་ཆེད་དུ། སྲིང་མོ་ན་ལ་རྩེ། མ་ཧཱ་དེ་ཝ་ལ་བཙུན་མོར་ཕུལ་ནས། ལྷ་དབང་ཕྱུག་ཆེན་པོ་དང་། སྲིན་མོ་ན་རྩ་གཉིས་འདུས་པའི་ཚེ། ཕས་ཁྱིའུ་སྐྱེ་བར་སྨོན་ལམ་བཏབ་ཅིང་། མས་བུ་མོ་སྐྱེ་བར་སྨོན་ལམ་བཏབ་པས་མ་མཐུ་བཙན་པར་གྱུར་ཏེ་བུ་མོ་མཚན་ལྡན་ཞིག་བྱུང་བ་དང་། ཕ་ཁྲོས་ནས་ཐལ་ཁུང་དུ་བོར་ཏེ་མིང་སྦས་ཐལ་མདོག་དམར་བཏགས། མས་བླངས་ཏེ་ལུས་ཀྱི་དྲོས་བཙས་ནས། ཨ་ཡུ་བྷྲུཾ། ཞེས་བཟླས་ཤིང་གསོས་ཏེ། མིང་ཡང་ཁྲོ་གཉེར་རོ་ལང་མར་མིང་བཏགས། དཔལ་ཕྱག་ན་རྡོ་རྗེས་དུས་ཐམས་ཅད་དུ་སངས་རྒྱས་ཀྱི་བསྟན་པ་སྲུང་བའི་ནུས་མཐུ་དང་ལྡན་པ་གནོད་སྦྱིན་ཤན་

(༢༨༦)པ་ནག་མོ་རེ་མ་ཏི་ཞེས་བྱ་བར་གྱུར་ཅིག་ཅེས་དམོད་ལ་བཙུགས་ནས་མིང་བཏགས་ནས། བར་སྣང་ལ་ལྷ་སྲིན་སྡེ་བརྒྱད་ཡོངས་ཀྱིས་ཀྱང་དེ་ལྟར་གྱུར་ཅིག །ཅེས་བརྗོད་པ་བཞིན་དུས་དེ་ནས་བཟུང་སྟེ་སྐྱེ་བ་ཐམས་ཅད་དུ་ནག་མོ་རེ་མ་ཏི་ཞེས་གྲགས་སོ། །ལྷ་མོ་དུང་སྐྱོང་མས་བཏགས་པའི་མིང་ནི་སྲིན་མོ་དམར་འདབ་ཕུར་པའི་ལྷ་གསེར་ཅན་ཞེས་བྱའོ། །དུས་དེར་སྲིན་པོ་དྷ་ཤ་གྲྀ་བས་ང་ནི་ལྕེབ་བོ་ཞེས་གྲགས་པ་དང་། སྲིང་མོ་ན་ལ་རྩེས་འདི་སྐད་ཅེས། མིང་པོ་མ་ལྕེབ་པར་ཅི་འདོད་པ་ང་ལ་སྨྲོས་ཤིག་བྱས་པས། མིང་པོ་ན་རེ། ང་ནི་ལྷ་མོ་དུང་སྐྱོང་མ་འདོད་དོ། །ཞེས་ཟེར་ན་ཡང་། སྲིང་མོ་ན་རེ། ངའི་བུ་མོ་ཕུར་བུའི་ལྷ་མོ་འདི། ལྷ་མོ་དུང་སྐྱོང་གི་ཁོལ་མོ་བྱེད་དུ་བཏང་སྟེ་དེ་ནས་གདོད་བསླུའོ་ཞེས་སྨྲས་ནས། ན་ལ་རྩེས་བུ་མོ་ཁྲིད་དེ་དཀར་མོ་དུང་སྐྱོང་གི་གཡོག་ཏུ་ཕུལ་བའི་

(༢༨༧)དུས་སུ། བུ་མོ་རེ་མ་ཏི། དཀར་མོ་དུང་སྐྱོང་མར་འདི་སྐད་ཅེས་བསྟོད། ཀྱཻ། ཆེ་ཞེ་ཆེན་མོ་རིགས་ཀྱི་ཡུམ། །བདག་ཉིད་ཆེན་མོ་ག་གར་མ། །དབུ་བཟང་རིན་ཆེན་ཐོར་ཚུགས་མ། །བཻ་ཌཱུར་སྔོན་པོའི་འོད་ལམ་ལམ། །ཞལ་བཟང་པདྨའི་དཀྱིལ་འཁོར་དུ། །ཉི་ཟླ་ཕྲུག་གཅིག་བརྒྱན་བཀོད་དེ། །ཚེམས་བཟང་དུང་ལ་ལྗགས་བཟང་མོ། ཁྱེད་འདྲ་འཇིག་རྟེན་གསུམ་ན་མེད། །བདག་ནི་ཁྱེད་ཀྱི་གཏན་འབངས་བགྱི། ཁྱེད་ཀྱི་བདག་ལ་ཐུགས་བརྩེར་དགོངས། །བདག་ཀྱང་བློ་བ་ཉེ་བར་བགྱི། །ཞེས་གསོལ་ཏེ། དེ་ནས་རྟག་ཏུ་ལྷ་མོའི་ཡིད་ལ་ཅི་འདོད་པའི་དགོས་པ་ཐམས་ཅད་བྱས། ལྷ་མོ་ཡང་ཁོལ་མོ་དེ་ལ་བགྱིས་ཏེ་གཅེས་པར་འཛིན། དེའི་དུས་སུ་ཡུལ་ལངྐ་པུ་རིར། སྤྲེའུའི་རྒྱལ་པོ་བྷ་ལེན་དང་མགྲིན་བཟང་གཉིས་རྒྱལ་པོ་སུས་བྱེད་ལ་མ་ཚམ་པར་

(༢༨༨)འཐབ་པ་ལ། ལྷ་ཐམས་ཅད་ལྟས་མོར་ལ་འགྲོ་ཁར་ལྷ་མོ་ཨུ་མས་བུ་མོ་དུང་སྐྱོང་མ་ལ་འདི་སྐད་ཅེས། དེ་རིང་ཁྱོད་ཀྱི་གན་དུ་བསླུ་བྱེད་འོང་བས་སུ་བྱུང་ཡང་དེ་ལ་མ་ལྟ་ཞིག་ཅེས་བསྟན། སྐབས་དེར་ཁོལ་མོ་རེ་མ་ཏིས་སྲིན་པོ་དྷ་ཤ་གྷྲི་ཝ་ལ་སྦྲན་པས་སྲིན་པོ་དེ་ཁོ་རང་མིའི་ཆ་བྱད་དུ་གཟུགས་བཟང་ལ་མཛེས་པ་ཞིག་ཏུ་སྤྲུལ། ཞོན་པའི་བུང་བུ་གྭ་དམར་དེ་རི་དྭགས་གོ་དོར་སྨུག་པོར་སྤྲུལ་ནས། ལྷ་མོ་དུང་སྐྱོང་མའི་ཕོ་བྲང་གི་སྒོར་ཕྱིན་ཏེ་སིལ་སྙན་རོལ་མོའི་བྱེ་བྲག་དང་གླུ་དབྱངས་སྣ་ཚོགས་བྱས་ནས་བསླུས། ལྷ་མོ་ཡང་རོལ་མོ་ལ་དགའ་བས་འཛུམ་ཅིག་ཤོར་བ་དང་། སྲིན་པོས་གླགས་རྙེད་དེ། ལྕགས་ཀྱི་ལྕགས་སྒྲོག་གཅིག་དཀྲོལ་ཏེ་ཕུལ་ནས་གླུ་འདི་སྐད་དུ་བླངས་སོ། །ཀྱཻ། ཡོངས་འདུ་ཤིང་གི་རྩ་བ་ན། །རིན་ཆེན་མཛེས་པའི་ཕྲེང་ཆེ། བདེ་ལྡན་འཕྲུལ་གྱི་

(༢༨༩)ལྡིང་ཁང་ན། །འགྱིང་བག་ཚུལ་གྱི་གར་མཛད་མ། །དབང་ཕྱུག་སྲས་མོ་མ་ལགས་སམ། །དགའ་བྱེད་དུང་སྐྱོང་མ་ལག་སམ། །ལྷ་མོ་མང་པོའི་ཚོགས་དང་རོལ། །དབུ་ཡི་སྙན་ཆ་གདུབ་ཀོར་ནི། །རིན་ཆེན་མཛེས་པས་ཀུན་ནས་སྤྲས། །སྤྱན་ནི་ཨུཏྤལ་འདབ་མ་འདྲ། །ཤངས་ནི་བིལ་བའི་འབྲས་བུ་འདྲ། །ཞལ་ནས་ཨུཏྤལ་ངད་ཀྱང་བྲོ། །སྐུ་ནི་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསུང་ནི་ཚངས་པའི་དབྱངས་སྙན་མཆོག །ནུ་འབུར་སྟོད་སྨད་ཕྱེད་པས་འགྱིང་། ཁྱོད་འདྲའི་སྐུ་ནི་གཞན་དུ་དཀོན། །ལྷ་ཡི་ལོངས་སྤྱོད་མོས་པས་མི་འབྲེལ་ཡང་། །ཞབས་ཀྱི་ཆས་སུ་ལྕགས་སྒྲོགས་འདི་འབུལ་བཞེས། །ཅི་མཛད་སྙིང་སྡུག་ཅི་གསུང་བ་ཡང་སྙན། ཁམས་གསུམ་ཀུན་ན་ཁྱོད་འདྲ་ཤིན་ཏུ་དཀོན། །སེམས་ཅན་ཀུན་གྱི་ལྟ་བས་མི་ངོམས་ཁྱོད། །

(༢༩༠)བདག་གི་འབུལ་འདི་བཞེས་པར་གནང་བར་མཛོད། །ཅེས་ལྕགས་སྒྲོག་འདི་འབུལ་བ་བཞེས། །ཅི་མཛད་སྙིང་སྡུག་ཅི་གསུང་བ་ཡང་སྙན། ཁམས་གསུམ་ཀུན་ན་ཁྱོད་འདྲ་ཤིན་ཏུ་དཀོན། །སེམས་ཅན་ཀུན་གྱིས་ལྟ་བས་མི་ངོམས་ཁྱོད། །བདག་གི་འབུལ་འདི་བཞེས་པར་གནང་བ་མཛོད། །ཅེས་ལྕགས་སྒྲོག་དེ་ཕུལ་བ་ལྷ་མོས་བླངས་ནས་རང་གི་རྐང་པ་གཡས་པ་ལ་དཀྲིས་ཏེ་རྒྱན་བྱས། དེའི་ཚེ་ཁོལ་མོ་རེ་མ་ཏིས་ཇོ་མོ་དུང་སྐྱོང་མ་རེ་མ་ཏིས། ཇོ་མོ་དུང་སྐྱོང་མ་ལ་འདི་སྐད་དུ། ཀྱཻ། ཇོ་མོ་བདེ་མཆོག་དུང་སྐྱོང་མ། །བདག་ལ་ཞུ་བ་ཞིག་མཆིས་ན། །དེ་གནང་ངམ་ཞུས་པས། ཇོ་མོ་ན་རེ། ཁྱོད་བློ་བ་ཉེ་བས་ཅི་ཞུས་པ་གནང་ངོ་ཟེར། དེ་ནས་ཁོལ་མོས་གསོལ་བ། ཀྱཻ། བདག་གིས་ཡུལ་ཆེན་གྱི་རྗེར་གྱུར་དུང་སྐྱོང་མ། ཁྱོད་འདྲ་འཇིག་རྟེན་འདི་ལས་གཞན་ན་མེད། །འགྲོགས་པའི་ཟླ་མེད་

(༢༩༡)སྐར་མ་ཅིག་ཤར་འདྲ། །དེང་འདིར་མཆིས་པའི་ལྕགས་སྒྲོག་འབུལ་མཁན་དེ། །གཏན་གྱི་གྲོགས་ཟླ་མཛད་པར་ཞུ་བ་འབུལ། །བདག་ཀྱང་རྟག་ཏུ་ཁྱོད་ཀྱི་བྲན་མོ་བྱེད། །ཅེས་ཞུས་པ་ན། སྤྱིར་ལྷ་རྣམས་ལ་ངག་བདེན་པའི་སྡོམ་པ་ཡོད་པས་ཇི་ལྟར་སྨྲས་པ་དེ་བཞིན་བྱེད་པ་ཡིན་ལ། ཁྱད་པར་དུ་ཡང་ལྷ་མོ་དེས་སྔར་ཁོལ་མོ་ལ་ཁས་བླངས་ཟིན་པས་མི་བྱ་བའི་དབང་མེད་པར་གྱུར་པ་དང་། ཇོ་མོ་ན་རེ། ཁྱོད་ཟེར་བ་བཞིན་བྱ་ཡི། མི་དེ་གང་ན་འདུག །སུ་འདྲ་ཞིག་ཡིན་གསུངས་པ་ལ། ཁོས་མོས་གསོལ་པ། དེ་ནི་བདག་གི་ཞང་པོ་ཡིན་ཏེ། ཡུལ་ནི་ལངྐ་པུ་ཏི་ན་འདུག །མིང་ནི་སྲིན་པོ་དྷ་ཤ་བྷྲི་བ་ཞེས་བྱ་བ་ལགས། ཞེས་ཞུས་པ་དང་། ལྷ་མོ་དུང་སྐྱོང་མ་རང་དབང་མེད་པར་སྲིན་པོའི་ཆུང་མར་སོང་བ་ལ། ཡུམ་ལྷ་མོ་ཨུ་མ་ཐུགས་ཁྲོས་ཏེ་

(༢༩༢)སྲས་མོ་དུང་སྐྱོང་མ་ལ་དམོད་པ་འདི་བོར་རོ། ྲང་ཡི་བུ་མོ་གཅེས་པར་བྱས་པ་དེ། །ལྷ་ཡི་ལོངས་སྤྱོད་མཛེས་པས་མི་བྲེལ་ཡང་། །ང་ལ་མ་བསམ་སྲིན་པོའི་ཆུང་མར་སོང་། །ཕྱིན་ཆད་བུ་མོ་ཁྱོད་ཀྱི་སྲིན་གྲོགས་བཞིན། །མི་ཧ་ཟ་ཞིང་མི་ལྤགས་གྱོན་པར་གྱུར། །སྲོག་གཅོད་བྱེད་ཅིང་མི་ཡི་ཐོད་ཁྲག་ཐོགས། །བོང་བུ་ཞོན་ནས་ལྷ་ཡི་ཁ་དོག་ཉམས། །སྲིན་མོའི་ཁ་དོག་ནག་ལ་འཇིག་པར་ཤོག །དེ་ཡིས་ཁོལ་མོ་རེ་མ་ཏི་ཁྱོད་ཀྱིས། །ང་ཡི་བུ་མོ་བསླུས་ནས་སྲིན་ལ་བྱིན། ཁྱོད་ཀྱང་མི་སྡུག་འཇིགས་པའི་གདོང་དུ་གྱུར། །ཚེ་རབས་ཀུན་ཏུ་ཁྱོད་དང་མ་བྲལ་ཅིག །ཅེས་དམོད་མོ་བཅུ་གཉིས་པ་བོར། བུ་མོ་ལ་མའི་དམོད་མོ་ཟུག་སྟེ། ལྷ་ཡི་ཁ་དོག་དཀར་མོ་ཉམས་ནས་མཐིང་ནག་ཏུ་གྱུར་ཏེ། མི་ཤ་ཟ་ཞིང་མི་ཁྲག་འཐུང་། གཅེར་བུ་མི་ལྤགས་གྱོན་པ་བོང་བུ་ཞོན་པར་

(༢༩༣)གྱུར། དེ་ནས་སྲིན་པོའི་ཕྲུ་གུ་སེངྒེ་ཟླ་བ་དང་། མེ་ཏོག་ཅོད་པན་དང་། གངས་ཅན་དང་། མཆེ་བ་བདུན་པ་ལ་སོགས་པའི། བུ་ལྔ་བརྒྱ་སྐྱེས་ཙམ་ན། ཁྱོ་སྲིན་པོ་དྷ་ཤ་གྷྲི་ཝ་ཚེ་འཕོས་པས། དུང་སྐྱོང་མ་ཡང་ཡུག་སའི་ཆས་སུ་ཞུགས་ཏེ། སྐྲ་ཐམས་ཅད་ལན་བུ་གཅིག་ཏུ་བསླས། བྲན་མོ་ཕུར་པའི་ལྷ་ཡང་དམོད་མོ་ཟུག་པས། སྲིན་གྱི་ཕག་རྫི་བྱེད་ཙ་ན། སྲིན་པོའི་ཕག་རྫི་དུམ་བུ་སྲིན་བྱས་པས་དབང་མེད་དུ་ཆགས་པ་སྤྱད། དེ་ནས་ཕུར་པའི་ལྷ་ཡང་སྦྲུམ་མར་གྱུར་པ་དང་། ལྷ་མོ་དཔོན་གཡོག་གཉིས་ཀྱི་སྲིན་པོའི་བུང་བུ་ལ་ཞོན། སྲིན་པོ་དྷ་ཤ་གྷྲི་ཝའི་རལ་གྲི་སྡིག་པ་ཅན་ལག་པ་གཡས་སུ་ཐོགས། སྲིན་པོའི་ནོར་བུ་རིན་པོ་ཆེ་ནེའུ་ལེའུ་རྐྱལ་པར་བཅུག་སྟེ་ལག་པ་གཡོན་དུ་བསྐུངས་ནས་བྲོས་པའི་ཕྱི་

(༢༩༤)ནས་སྲིན་པོའི་དམག་གིས་དེད་པ་ལ་བོང་བུ་ཁ་ཕྱིར་བལྟ་བས་བྱ་ར་བྱེད་ཅིང་ཕྱིན་པས་དུར་ཁྲོད་གཅིག་ཏུ་སླེབས་པ་དང་། སྐྱེས་པ་གཡུལ་དུ་ཤི་བའི་རོ་སྐྱེལ་བ་ཞིག་བྱུང་བས་ཤ་དེ་བསྲེགས་ནས་ཟ་འདོད་ཀྱང་མེ་མེད་པ་ལ། རྒྱ་མཚོའི་འགྲམ་ན་དྷོ་སོལ་གྱི་རི་ལ་མེ་འབར་བ་མཐོང་སྟེ། དྷོ་སོལ་གྱི་མེ་ལ་ཤ་བསྲེགས་ནས་ཟོས། ཕྱི་ནས་ཁྱི་དཀར་པོ་གཅིག་འབྲེངས་པ་ཡང་བསད་ནས་ཟོས་ཏེ། པགས་པ་ལ་རྒྱལ་མཚན་བྱས། དེ་ནས་ཁོལ་མོ་རི་མ་ཏི་ལ་ནལ་བུ་སྐྱེས་པ་ཡང་། ཁོང་གཉིས་ཀྱིས་ཟོས་ནས་ཇོ་མོ་བོང་བུ་ལ་ཞོན། ཁོལ་མོས་སྣ་ཁྲིད་བྱས་ཏེ། རྒྱ་མཚོའི་འགྲམ་དུ་ཕྱིན་ནས་གཤིན་རྗེ་རླུང་གི་འཁོར་ལོ་ཅན་ཞག་བདུན་བསྒོམས་པས། ཁོང་གཉིས་ཀྱི་དྲུང་དུ་རླུང་ནག་འཚུབ་མ་རེ་འགྲུབ། དེ་ནས་ལྷ་མོ་དཔོན་གཡོག་གཉིས་ཀྱིས། སྣང་སྲིད་ཀྱི་ལྷ་འདྲེ་མཐུ་

(༢༩༥)བོ་ཆེ་ཐམས་ཅད་བོས་ནས་སྨོན་ལམ་བཏབ་པ་ནི། ང་ཡང་ཚེ་འཕོས་མ་ཐག་ཏུ། གསང་སྔགས་ཀྱི་གྲུབ་པ་ཐོབ་ནས། རྒྱལ་བའི་ཞལ་མཐོང་སྟེ། འདོད་ཆགས་ཀྱི་དབང་ཕྱུག་མར་ཤོག་ཅིག །ངའི་བྲན་མོ་ཕུར་པའི་ལྷ་འདི་ཡང་དུས་ཐམས་ཅད་དུ་ངའི་འབངས་བྱེད་པར་ཤོག་ཅིག །ནོར་དུ་མིའི་མགོ་ལ་ལོངས་སྤྱོད་པར་ཤོག་ཅིག །གཞོན་པ་བོང་བུ་ལ་བྱེད་ལ་ལག་ཆ་རལ་གྲི་ལ་བྱེད་པར་ཤོག་ཅིག །ཅེས་བརྗོད་ནས་རྒྱ་མཚོ་བསྐོར་ཞིང་བཱ་ཡ་ཡཻ། བཱ་ཡ་ཡཻ་ཞེས་བོས་པ་དང་། རླུང་ནག་འཚུབ་མ་གཉིས་བྱུང་ནས་དཔོན་གཡོག་གཉིས་ཀ་རྒྱ་མཚོའི་ནང་དུ་སྐྱུར། དེ་ནས་ལྷ་མོ་དུང་སྐྱོང་མ་ནི་མི་ཤ་ཟོས་པའི་མཐུ་དང་། རང་གི་སྨོན་ལམ་གྱི་དབང་གིས་རྒྱ་མཚོའི་འགྲམ་དུ་དུར་ཁྲོད་ཆེན་པོ་རོའི་ཚལ་ཞེས་བྱ་བར་གཤིན་རྗེའི་ལྷ་

(༢༩༦)མཐུ་སྩལ་ཅན་གྱི་བུ་མོར་སྐྱེས་ཏེ། དེ་ཡང་ཁ་དོག་མཐིང་ནག་རབ་ཏུ་འཇིགས་ཤིང་མིག་རྩ་དམར་བ། མཆེ་བ་ཟངས་ཏུ་གཙིགས་ཤིང་རལ་པ་རྟིང་པར་སླེབ་པ་གཅིག་ཏུ་གྱུར་པ་ལ། གཤིན་རྗེ་མ་རུ་རྩེས་སྦྱོར་བ་བྱས་པས། བུ་བདུད་ཁྲམ་ནག་པོ་བྱ་བ་བྱུང་། བོང་བུ་ཡང་གྭ་དམར་ལ་གཡུའི་གབ་དང་རླུང་གི་གཤོག་པ་ཅན། མིག་འཇུག་མ་ན་ཡོད་པ་ཞིག་བྱུང་བ་དེ་ལ་ནོར་སྐལ་བྱེད་དོ། ཁོལ་མོ་རེ་མ་ཏི་རོ་ལངས་མ་ནི་རྒྱ་མཚོའི་ནང་དུ་བུད་མེད་ལུས་པོ་ཕྱེད་སྐམ་པ་ཆུ་སྲིན་གྱི་མགོ་ཅན་ཞིག་ཏུ་སྐྱེ་མིང་ཡང་ཀླུ་མོ་གཞོགས་སྐམས་ཆུ་སྲིན་མགོ་མ། ཀླུ་མོ་རེ་མ་ཏི་ཞེས་གྲགས་ཏེ་ཞག་དགུ་བཅུ་ལོན་པ་དང་ཚེ་འཕོས་ནས་ཡུལ་དྲི་ཟའི་གྲོང་ཁྱེར་གསེར་གྱི་སྐྱེད་མོས་ཚལ་ཞེས་བྱ་བར་དུག་ཤིང་ནག་པོ་འགྱུར་མེད་ཀྱི་དྲུང་དུ། བདུད་རེ་ལྡེའི་འགོང་

(༢༩༧)གཡག་དང་། བདུད་མོ་དྲན་པ་དབང་བྱེད་གཉིས་འདུས་པ་ལས། ཞག་དྲུག་ཅུ་རྩ་གཉིས་ན་བུ་མོ་གཅིག་སྐྱེས་པ་དེ་ལ། ཕས་ནི། རི་རི་མགོང་ཉག་ཅེས་པའང་འདུག་པས་སླར་བརྟགས། སྲིད་པ་གསུམ་གྱི་བློ་འཕྲོག །རྩ་གཅིག་ན་ཞེས་པ་ཡང་འདུག །མ་ཞེས་མིང་དུ་བཏགས། མས་ནི་ཡ་མཚན་འཕྲུལ་གྱིས་གཤོག་པ་ཅན་དུ་བཏགས། བདུད་ཕ་མ་གཉིས་ཀྱིས་རང་གི་བུ་མོ་དེའི་སྐྲ་ཉག་མ་རེ་ལ་རིན་པོ་ཆེ་གསེར་དང་། བཻ་ཌཱུརྱའི་ཆུན་འཕྱང་བ། རིན་པོ་ཆེའི་དབུ་བརྒྱན་དང་། ཉི་ཟླའི་ཐོད་གདེངས་དང་། ཐོད་པའི་མགུར་ཆུ་དང་། སྦྲུལ་གྱི་གདུ་བུས་བརྒྱན་ཅིང་། བདུད་ཀྱི་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་ཁང་བཟང་གི་དབུས་སུ། ཐོད་པའི་གཞལ་ཡས་ཁང་བྱས་དེའི་ནང་དུ་ཡང་ཐོད་པ་འཕྲུལ་གྱི་ལྡིང་ཁང་དབུས་སུ་ཁང་པ་བཟང་པོ་བདུན་བརྩེགས་ཀྱི་ནང་དུ། མི་རོ་འབུམ་གྱི་ཁྲི་ལ་བུ་མོ་བཞག་སྟེ།

(༢༩༨)བྱེ་བྱས་པའི་ཕྲུག་གུ་ཡིན་པས་སུས་ཀྱང་མ་མཐོང་ཞིང་མཚོར་བར་སྦས། སྨྲ་བོ་ལག་རིངས་དང་ནམ་གྲུ་ཁྲམ་ཐོགས་གཉིས་ཀྱིས་སྒོ་བཅད། བདུད་ཀྱི་རྒྱལ་མོ་དང་། གླིང་བཞིའི་རྒྱལ་མོ་དང་། ས་བདག་གི་རྒྱལ་མོ་རྣམས་ཀྱིས་སྐུ་མཁར་དེ་བསྲུང་ཞིང་འཁོད་དོ། །དེའི་ཚེ་ལྷ་མོ་དུང་སྐྱོང་མ་ནི་སྔོན་གྱི་ཁོལ་མོ་རེ་མ་ཏི་བདུད་ཀྱི་བུ་མོར་སྐྱེས་པ་དེ་བཀུག་ནས་བྲན་དུ་འཁོལ་འདོད་པས། ཕྱག་ན་རྡོ་རྗེའི་གསང་སྔགས་བྱེ་བ་ཕྲག་བཅོ་བརྒྱད་བཟླས་པས། གསང་སྔགས་དེའི་བྱིན་རླབས་ལས་གྲུབ་པའི་མཁའ་འགྲོ་མ་ཏིང་འཛིན་གྲུབ་པ་མོ་ལག་ན་པདྨ་ཧེ་རུ་ཀ་ཐོག་པ་གཅིག་རང་བྱུང་བ་དེས་བདུད་ཀྱི་ཡུལ་འཁོར་དང་ཕོ་བྲང་ཀུན་བྱིན་གྱིས་བརླབས་པས་བདུད་ཀྱི་རྒྱལ་པོ་ཡབ་ཡུམ་བློན་པོ་འཁོར་དང་བཅས་པ་རྣམས་དྲན་པ་ཉམས་པར་གྱུར་པ་དང་། བདུད་ཀྱི་བུ་མོ་རེ་མ་ཏི་དེས་ཀྱང་། སྔོན་གྱི་ཇོ་མོ་དུང་སྐྱོང་མ་དྲན་ནས། དེའི་དྲུང་དུ་འགྲོ་འདོད་པའི་

(༢༩༩)བསམ་པ་དྲག་པོ་སྐྱེས་ཏེ། ཕ་བདུད་རེ་ལྡེ་འགོང་གཡག་གི་ལག་ཆ་བདུད་ཀྱི་ཁྲམ་བམ་དེ་ནག་པོ་དེ་ལག་པ་གཡས་སུ་ཐོགས། མ་བདུད་མོ་དྲན་པ་དབང་བྱེད་ཀྱི་མཚོན་གྱི་དྲུ་གུ་སྔོ། རི་རི་འགོང་ཉན་ཅེས་པའང་འདུག་པས་དཔྱད། དམར་དེ་ལག་པ་གཡོན་དུ་ཐོགས་ནས་ནམ་ཕར་ཕྱེད་ཚུར་ཕྱེད་ཙམ་ན་བྲོས་ཕྱིན་པས། ཁྱིམ་བདག་རབ་སྦྱིན་གསལ་གྱི་བ་རྫི་མོད་མངས་རིགས་བྱ་།།།ཧཱ་མུ་ཞེས་བྱ་བ་རེ་ལྡེ་ནག་པོ་གྱོན་པ་འཕྲད། གཅེར་མོ་རེ་མ་ཏིས་དམངས་རིགས་མོའི་ཤ་ཟོས། ལྤགས་པ་རྐེད་ལ་དཀྲིས། མོའི་གོས་རེ་ལྡེ་ནག་པོ་དེ་གྱོན་ནས་ཕྱིན་ཙ་ན། ལམ་ཁར་སྲིན་པོ་འབུམ་སྣ་ཤི་བའི་ཁྲག་ནད་ཀྱི་རྫིང་བུ་གཅིག་ཡོད་པའི་ཁར་ཕྱིན་པའི་ཚེ་རེ་མ་ཏི་སྐོམས་ནས་ཐིགས་པ་གཅིག་འཐུངས་པ་ཙམ་གྱི་ཁ་རླངས་ནད་དུ་སོང་བས། དེའི་ཁ་རླངས་གར་ཕོག་ཏུ་རིམས་ནད་བྱུང་། དེར་

(༣༠༠)ངོ་མཚར་སྐྱེས་ནས་སྔར་གྱི་བྱ་བ་རྫི་མོའི་རླིང་།།།བུ་རྐེད་པ་ནས་བཀྲོལ་ཏེ། ནད་ཀྱི་རྫིང་བུས་བཀང་ནས་སྦྲུལ་གྱི་ཁ་བཅིངས་ཏེ་མཆན་ཁུངས་དུ་སྦས་ནས་སེམས་ཅན་ལ་གནོད་པར་བྱ་བར་བརྩམས། དེ་ནས་བཙན་སྐྱ་རྡོ་རྗེ་ཟླ་བ་དང་འཕྲད་དེ། དེས་ཤོ་རྡོ་དཀར་ནག་གང་ལ་བོར་བ་འཕུང་བར་བྱེད་པ་བདུན་ཡོད་པ་དེ་བརྔན་པར་བྱིན་ནས་དེ་དང་འདུས་པའི་ཁུ་བ་ཐིག་པ་གཅིག་འཛམ་བུའི་གླིང་དུ་བོ་བ་ཅོང་ཞི་དཀར་པོར་སོང་། དེ་ནས་ཤོ་དྷེ་དཀར་ནག་དེ་ལག་པ་གཡོན་དུ་བཟུང་སྟེ། གྲོང་ཁྱེར་སྦྲང་ལྡན་དུ་ཕྱིན་ནས། རྒྱལ་པོ་སེང་གེ་རྩལ་ལ་བསོད་སྙོམས་བྱས་པས། སྦྲང་རྩི་ལྷུང་བཟེད་གང་ཕུལ་བ་ལག་ཏུ་ལེན་ཁར། ཕྱག་ཚངས་པས་ཧུབ་བྱས་ནས་ཕུལ་བ་དེ་རེ་མ་ཏིས་བླངས་ཙ་ན། བར་སྣང་གི་ལྷ་རྣམས་ཀྱིས་འདི་སྐད་ཅེས། བདུད་མོ་ཆེན་མོ། རྒྱལ་པོའི་བྲན་ཁོལ་གྱི་ལྷག་མ་ཁ་

(༣༠༡)འཕྲོ་ཐུང་ངམ། ཆེ་བ་ཉམས་པོ་ཟེར་ཙ་ན། བདུད་མོ་རེ་མ་ཏི་ཁྲོས་པས་ཡིད་འཁྲུགས་ཏེ། རྒྱལ་པོ་དེའི་ཡུལ་དུ་རིམས་ནད་བཏང་བས། རྒྱལ་པོས་དཀོར་ནོར་ཟངས་ཀྱི་དྲ་བ་དགུ་ཕུལ་ནས་རིམས་ནད་བཅད། དེ་ནས་ནག་མོ་རེ་མ་ཏིས་རྒྱ་མཚོའི་འགྲམ་དུ་དུར་ཁྲོད་ཆེན་པོ་རོའི་ཚལ་དུ་སྔོན་གྱི་ཇོ་མོ་དུང་སྐྱོང་མའི་སྤྱན་སྔར་ཕྱིན་ཏེ། དཔོན་གཉིས་འགྲོགས་ནས་སྲིད་པ་གསུམ་གྱི་སེམས་ཅན་ཟད་ཅིང་སྟོངས་པར་བྱེད་པའི་དུས་ཙ་ན། ཇོ་མོ་དུང་སྐྱོང་མའི་བཞོན་པ་སྲིན་གྱི་བོང་བུ་གྭ་དམར་དང་། སྲིན་མོ་ན་ལ་དུན་རྩིའི་རྒོད་མ་ཟངས་ཀྱི་སོ་ཅན་གཉིས་ཕྲད་པ་ལ། དྲེའུ་སྔོན་མོ་རླུང་གི་གཤོག་པ་ཅན་གཅིག་བྱུང་བ་ལ་རྒྱུ་མའི་མཐུར་དང་ཟངས་ཀྱི་སྒ་གཏད་ནས་དེ་ཇོ་མོས་ཁོལ་མོ་ལ་བཞོན་པར་བྱིན། དེ་ནས་ཇོ་མོ་ནི་བོང་བུ་གྭ་དམར་ལ་ཞོན། མི་ལྤགས་གྱོན་ཞིང་ཐོད་

(༣༠༢)པ་དང་རལ་དྲི་ཐོགས། ཁོལ་མོ་ནི་དྲེའུ་སྔོན་མོ་ལ་ཞོན། རེ་ལྡེ་ནག་པོ་གྱོན་ཞིང་། ལག་ན་ཁྲམ་བམ་དང་ཤོ་དྷེ་ཐོགས། གཉིས་ཀ་མཐུ་རྩལ་ཆེ་སྟེ་སྐྱེ་གནས་རྣམ་བཞིའི་སེམས་ཅན་ཟད་ཅིང་སྟོངས་པ་ཙམ་དུ་ཟོས། འཇིག་རྟེན་གྱི་མཁའ་འགྲོ་མ་དཀར་མོ། སྔོན་མོ། དམར་མོ། སེར་མོའི་ཚོགས་དང་། ལྷ་མོ་དང་། བདུད་མོ་དང་། སྲིན་མོ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་མང་པོ་ཡང་། ལྷ་མོ་རྗེ་ཁོལ་གྱི་འབངས་སུ་མཆིའོ་ཟེར་ནས་བྲན་དུ་འོངས། དུས་དེ་ཙ་ན་ལྷ་མོ་དཔོན་གཡོག་གཉིས་ལ་ཁྱོ་དགུ་ཡོད་དེ། དེ་ལ་ཇོ་མོའི་ཁྱོ་ནི་གཟའ་རཱ་ཧུ་ལ། སྲིན་པོ་སྒྲ་ལྡན། གཤིན་རྗེ་མ་རུ་རྩེ། བདུད་ཆར་ཀ་ནག་པོ། ཀླུ་ཀུན་དྷ་ལ་དང་ལྔ། ཁོལ་མོའི་ཁྱོ་བཞི་ནི་འབྱུང་པོ་དགེ་བ། བགེགས་བི་ན་ཡ་ཀ །གནོད་སྦྱིན་ཡཀྵ་ཀ་ལ། རླུང་བཱ་ཡུ་བཻ་དང་བཞིའོ། །དཔོན་གཡོག་གཉིས་ཀྱི་ཁྱོ་དགུ་པོ་དེ་

(༣༠༣)དག་ཉིན་པར་ནི། མཆན་ཁུངས་གཡོན་དུ་བསྐུངས་ཤིང་སྦེད་ལ། མཚན་མོ་ནི་དུར་ཁྲོད་དུ་སྦྱོར་བས་བྱེད་པའོ། །དེ་ནས་ལྷ་མོ་དུང་སྐྱོང་མ་དེས་སྔོན་དགེ་བ་སྤྱད་པའི་ལས་འཕྲོ་དང་སྨོན་ལམ་གཅིག་པའི་དབང་གིས། བྱང་ཆུབ་ཀྱི་ཤིང་དྲུང་ན། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བཞུགས་པའི་སྤྱན་སྔར་ཕྱིན་ཏེ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་རང་གི་སྲོག་གི་སྙིང་པོ་ཕུལ་ཞིང་། ཁོལ་མོ་རེ་མ་ཏིས་ཀྱང་སྲོག་གི་སྙིང་པོ་ཕུལ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། གཉིས་ཀ་ལ་།།།པུ་རའི་བྲག་ཕུག་ཏུ་ཕྱིན་པས་དེར་བྲམ་ཟེ་མཆོག་སྲེད་སྒྲུབ་པ་བྱེད་པ་དང་འཕྲད། དེ་ལ་ལྷ་མོས་ཁྱོད་འདི་ན་ཅི་བྱེད་བྱས་པས། བྲམ་ཟེ་ན་རེ། སྔོན་འདོད་ཁམས་འདི་ན་དགེ་སློང་བསྟན་པའི་སྡེ་དང་། དགེ་སློང་མ་ད་རི་སྡེ་བྱ་བ་གཉིས་སྡོམ་

(༣༠༤)ཁྲིམས་ཉམས་ནས་རྒྱལ་པོའི་ཆད་པས་བསད། དེ་གཉིས་སྐྱེ་བ་འཕོས་ནས་བདུད་ལམ་ང་དགེའུ་རི་དང་། བདུད་མོ་རོ་ཤ་ཁ་བདར་བྱ་བ་གཉིས་སུ་གྱུར་ཏེ། ཡུལ་མི་རྣམས་ཟད་པར་ཟོས། དེ་ནས་ང་ལ་ཟ་རེས་བབས་པས་ང་ནི་བདུད་འདུལ་བའི་ཕྱིར། འདར་ཅེས་པའང་སྣང་། ཡུམ་ཨེ་ཀ་ཛ་ཏི་རལ་གཅིག་མ་བསྒྲུབ་པ་ཡིན་ཟེར་ལྷ་མོ་དུང་སྐྱོང་མ་ན་རེ། འོ་ན་ངེད་དཔོན་གཡོག་གཉིས་ཀྱང་བསྒྲུབ་པར་བྱ་ན། ཡོན་ཏན་དེ་ལྟ་བུ་ཡོད་དམ་བྱས་པས། བྲམ་ཟེ་ན་རེ། ཁྱོད་གཉིས་དངོས་གྲུབ་ཅི་འདོད་པ་ཡིན་ཟེར་བ་ལ། ངེད་གཉིས་འདོད་པའི་ཁམས་ཀྱི་དབང་མོ་ཆེར་གྱུར་ནས། སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་མཐུ་སྒྲུབ་པ་གཅིག་འདོད་བྱས་པས། འོ་ན་བསྒྲུབ་པར་བྱའོ་ཟེར་ནས། བྲམ་ཟེ་ཆེན་པོ་དེ་དང་ལྷ་མོ་དཔོན་གཡོག་གིས་བསྒྲུབས་པས། ཡུམ་ཨེ་ཀ་ཛ་ཏིའི་ཞལ་མཐོང་སྟེ། དེའི་དུས་དུང་སྐྱོང་

(༣༠༥)མའི་མཚན་ནི་དཔལ་ལྡན་ལྷ་མོ་ནག་མོ་མ་ཧཱ་ཀ་ལི་ཞེས་བྱ་བར་བཏགས། ཁོལ་མོའི་མིང་ནི་ཡཀྵ་རེ་མ་ཏི་བྱ་བར་བཏགས་ཏེ་གཉིས་ཀའང་། འདོད་ཁམས་འདུལ་བའི་དབང་མོ་ཆེར་དབང་བསྐུར། དཔལ་ལྷ་མོ་མ་ཧཱ་ཀཱ་ལིས་ཀྱང་རང་གི་སྙིང་པོ་ཕུལ་ནས་ཆོས་སྐྱོང་ཞིང་བསྟན་པ་བསྲུང་བར་ཁས་བླངས། བདུད་ལམ་ང་དགེའུ་རི་དང་། རོ་ཤ་ཁ་བདར་མ་གཉིས་བསྒྲལ། དེའི་ཚེ་སའི་ལྷ་མོ་བརྟེན་མས་ནམ་གྲུ་མཆེད་བརྒྱད་འབངས་སུ་ཕུལ། དེ་ནས་སྲིན་ཡུལ་དུ་དམག་དྲངས་ཏེ་སྲིན་པོ་ཡཀྵ་གོ་ར་བསྒྲལ། རེ་ཞིག་ན་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པའི་ཁྲོ་བོ་དཔལ་རྟ་མགྲིན་བསྒྲུབ་པས་འགྲུབ་སྟེ། ཞལ་མཐོང་ཞིང་གསང་བའི་གཟུགས་བྱས། རྗེ་མོའི་མིང་ནི་དཔལ་ལྡན་ལྷ་མོ་ནག་མོར་བཏགས། ཁོལ་མོའི་མིང་ནི་རྡོ་རྗེ་གློག་མ་སྤྲིན་དུ་བཏགས་ཏེ་ཕྱག་རྒྱ་

(༣༠༦)ཆེན་པོའི་དབང་བསྐུར་ནས་ལས་ཀྱི་ལྷར་བྱིན་གྱིས་བརླབས། དཔལ་ལྷ་མོ་ནག་མོས་ཀྱང་། དཔལ་རྟ་མགྲིན་ལ་རང་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ནས་བསྟན་པ་བསྲུང་བར་ཁས་བླངས། དེའི་ཚེ་སྔོན་གྱི་ཡུམ་ཨུ་མ་དེ་ཝི་དང་ནཱ་ལ་རྩེ་གཉིས་ཀྱང་རང་རང་གི་སྔོན་གྱི་བུ་མོ་གཉིས་དྲན་ནས། སྲིན་ལག་གི་རྩེ་ལ་ནུ་ཞོ་ཤུགས་ན་དྲེད་མོའི་རལ་པས་གཡབ་མོས་གཡོབ་ཅིང་བོས་སོ། །བུ་མོ་རྗེ་ཁོལ་གཉིས་ཀྱིས་ཀྱང་མ་གཉིས་ཀྱི་དྲུང་དུ་ཕྱིན་པས་དབང་བསྐུར་ཞིང་དམ་བསྒྲགས། བསྟན་པ་བསྲུང་བར་དབང་བྱིན་ནོ། །འཁོར་ལོས་བསྒྱུར་བའི་རྒྱལ་པོས་ཀྱང་ཁྲག་གི་རྩ་དང་ཁྲག་དང་ཁུ་བའི་མཆོད་པ་བྱས་ནས་ལྷ་དང་མིའི་རྒྱལ་སྲིད་ཕུལ་ཞིང་། ཁྱད་པར་རྨ་བྱ་རིན་པོ་ཆེའི་གཤོག་པ་ཅན་སྤྱི་བོ་ན་ནོར་བུ་རིན་པོ་ཆེ་ཡོད་པ་གཅིག་ཇོ་མོའི་ནོར་བསྐལ་དུ་བྱིན་

(༣༠༧)བྱ་དེ་མོ་ནག་མོ་སྤྱི་བོ་ན་ནོར་བུ་རིན་པོ་ཆེ་ཡོད་པ་གཅིག་ཁོལ་མོ་ལ་ནོར་སྐལ་དུ་བྱིན་ནས། རྗེ་ཁོལ་གཉིས་ཀྱང་དེ་གཉིས་ལ་གཏན་གྱི་ནོར་སྐལ་དུ་བྱེད་ཅིང་ཆགས། དེ་ནས་ལྷ་མོ་གཉིས་ཀྱིས་གསང་བའི་གནས་དུར་ཁྲོད་རོ་ཁང་ནག་པོའི་དབུས། མ་རུ་རྩེའི་སྒོ་འགྲམ་དུ། དཔལ་ཕྱག་ན་རྡོ་རྗེའི་དངོས་གྲུབ་བསྒྲུབ་པས་འགྲུབ་སྟེ། དཔལ་ཕྱག་ན་རྡོ་རྗེ་དངོས་སུ་ཞལ་བསྟན་ནས། ལྷ་མོ་དཔོན་གཡོག་གཉིས་ཀྱི་སྤྱི་གཙུག་ཏུ་དཔལ་རྟ་མགྲིན་གསང་བ་འདུས་པའི་དབང་བསྐུར། ལུས་ངག་ཡིད་གསུམ་ལ་ཁྲག་འཐུང་ཧེ་རུ་ཀའི་དབང་བསྐུར། ཐུགས་དཔལ་གྱི་བེའུར་རིགས་ལྔའི་སངས་རྒྱས་ཀྱི་དབང་བསྐུར། རྡོ་རྗེ་ཕོ་ཉ་མོ་དྲུག་ཅུ་རྩ་བཞི་འཁོར་དུ་དབང་བསྐུར་པདྨ་གར་གྱི་དབང་ཕྱུག་གི་སྤྲུལ་པ་དང་ཡང་སྤྲུལ་དུ་དབང་བསྐུར། དེའི་ཚེ་འཇིག་རྟེན་གྱི་ཁམས་འདི་རྣམས་པ་དྲུག་ཏུ་གཡོས། དེ་ནས་དཔལ་

(༣༠༨)ཕྱག་ན་རྡོ་རྗེས་ཇོ་མོའི་མིང་ནི་མ་ཧཱ་ཀཱ་ལི་ཞེས་བྱ་བར་བཏགས། ཁོལ་མོའི་མིང་ནི་གནོད་སྦྱིན་བཤན་པ་ནག་མོ་རེ་མ་ཏི་ཞེས་བཏགས་ཏེ། གཉིས་ཀ་ལ་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་གཉེར་གཏད། ལྷ་མོས་ཀྱང་དཔལ་ཕྱག་ན་རྡོ་རྗེ་ལ་རང་གི་སྙིང་པོ་ཕུལ་ཏེ། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཁས་བླངས། དེ་ནས་དཔལ་ལྷ་མོ་དེ་མཐུ་སྟོབས་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང་ལྡན་ཞིང་། འདོད་པ་ཁམས་ཀྱི་དབང་ཕྱུག་མར་གྱུར་པའི་ཚེ། ལྷ་ཚངས་པས་ཉི་མའི་རྒྱལ་མཚན་ཕུལ། ཁྱབ་འཇུག་གིས་ཟླ་བའི་རྒྱལ་མཚན་ཕུལ། རྣམ་ཐོས་སྲས་ཀྱི་སེང་གེའི་རྣ་ཆ་ཕུལ། ནམ་མཁའི་ལྷ་བྲན་རྣམས་ཀྱི་དྲིལ་བུའི་རྒྱན་ཕུལ། སྲིན་པོ་དང་ཤ་ཟ་རྣམས་ཀྱིས་ཐོད་ཕྲེང་དང་ཁྲག་ཞག་གི་ཐིག་ལེ་ཕུལ། ཀླུ་དགའ་བོས་སྦྲུལ་གྱི་གདེངས་ཀ་ཕུལ་ཏེ་སྲིད་པ་གསུམ་གྱིས་མཆོད་

(༣༠༩)ཅིང་བསྐུར་བའི་གནས་སུ་གྱུར་པ་དེ་ལ་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པའི་འཁོར་འདུས་པ་ལྷ་མ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགས་པས་ལྷ་མོ་ཆེན་པོ་དེ་ལ་སྲིད་པ་གསུམ་ན་འགྲན་པའི་ཟླ་མེད་པར་གྱུར་པ་ཡིན་ལ། ཁོལ་མོ་རེ་མ་ཏི་ནི་ཇོ་མོའི་སྔགས་ཀྱི་བསོད་ནམས་ལས་གྲུབ་པ་ཡིན་ཏེ། དེ་ལ་ཡང་དེའི་ཚེ་འཁོར་འདུས་པའི་ནང་ནས་བདུད་རེ་ལྡེ་འགོང་ཡག་གིས་སྐྱེ་བ་རྣམ་བཞིའི་འདུལ་ཐབས་ཀྱི་སྒོ་ནས་བསྟོད་ཅིང་བསྔགས་སོ། །དེ་ནས་དཔལ་ཕྱག་ན་རྡོ་རྗེས་ལྷ་མོ་དཔོན་གཡོག་ལུང་བསྟན་པ་ནི། མཁའ་འགྲོ་ལྷ་མོ་ནག་མོ་ནི། །བསྐལ་པ་མང་པོའི་སྔོན་རོལ་ནས། །དུས་གསུམ་རྒྱལ་བའི་ཞལ་མཐོང་ཞིང་། །དམན་པའི་ཞིང་འདིར་སྤྲུལ་སྐུ་ཡིས། །མ་མོའི་ཚུལ་དུ་སྐུ་བསྟན་ནས། །འགྲོ་བའི་དོན་ལ་

(༣༡༠)རབ་ཏུ་བརྩོན། །ཉོན་མོངས་སྒྲིབ་པ་རབ་ཏུ་སྤངས། །ད་ལྟ་ཤེས་བྱའི་སྒྲིབ་པ་སྦྱོངས། །དེ་ཡི་ཁོལ་མོ་རེ་མ་ཏི། །སྨོན་ལམ་དབང་གི་འགྲོ་དོན་བྱེད། །བསྒོམ་པའི་ལམ་ལ་རབ་གནས་ནས། །ད་ལྟ་ཉོན་མོངས་སྒྲིབ་པ་སྦྱོངས། །འདི་ནས་དུས་ནི་ཕྱི་མའི་ཚེ། །མཁའ་འགྲོ་ལྷ་མོ་ནག་མོ་འདི། །བྱང་ཤར་མཚམས་ཀྱི་འཇིག་རྟེན་ཁམས། །པདྨོ་རྣམ་པར་རོལ་པ་དེར། །པདྨའི་མཚན་ཞེས་བྱ་བར་ནི། །ཡང་དག་རྫོགས་པའི་སངས་རྒྱས་སུ། །ངས་ནི་ལྷ་མོ་ལུང་བསྟན་ཏེ། །དེ་ཡི་གཡོག་མོ་རེ་མ་ཏི། །པདྨོ་ཅན་གྱི་ཞིང་ཁམས་དེར། །བདེ་བའི་བྱང་ཆུབ་སེམས་དཔའ་ནི། །བློ་གྲོས་བཤེས་གཉེན་བྱ་བར་ནི། །དེང་འདིར་ངས་ནི་ལུང་བསྟན་ཏོ། །ཞེས་གསུངས་ཏེ། དེ་ལྟར་སྐྱེས་རབ་ཏུ་བསྟན་པ་དེ་དག་ཀྱང་གདུལ་བྱའི་དབང་གིས་འགྲོ་བའི་འདུལ་ཐབས་སུ་

(༣༡༡)གྲུབ་པའི་སྐུས་ཚུལ་དེ་ལྟར་བསྟན་པ་ཡིན་གྱི། ཡང་དག་པར་ནི་དཔལ་ལྡན་ལྷ་མོ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཉིད་རང་གི་བསྟན་པ་བསྲུང་བའི་ཆེད་དུ་ཁྲོ་མོའི་སྐུར་སྤྲུལ་པ་ཡིན་ཏེ། མཁའ་འགྲོ་མེ་ལྕེ་འབར་མའི་རྒྱུད་ཀྱི་ལྟ་བ་བསྟན་པའི་ལེའུ་ལས། སྙིང་རྗེའི་དབང་གི་འགྲོ་དོན་བྱེད་པ་ནི། །མདོར་ན་སངས་རྒྱས་སྤྲུལ་པ་ཡིན་པ་སྟེ། ཁོལ་མོ་བྱང་ཆུབ་སེམས་དཔའི་སྤྲུལ་པའོ། །མཚན་མའི་སྲིན་མོ་བདུད་མོར་བལྟ་མི་བྱ། །ཞེས་གསུངས་པ་ལྟར་རོ། །གསེར་འོད་དམ་པའི་དབྱངས་ཅན་ལེའུ་ལས་ཀྱང་། ཕྱག་འཚལ་བཅོམ་ལྡན་དབྱངས་ཅན་མཆོག །ཅེས་དོན་ལ་སྟོན་པའི་དབང་དུ་བྱས་ནས་གསུངས་ལ། ཡང་གོང་དུ་བཤད་པའི་གཏམ་རྒྱུད་དེ་དག་དང་མཐུན་པའི་དབང་དུ་བྱས་ནས་མདོ་དེ་ཉིད་ལས། གཡུལ་

(༣༡༢)གྱི་གནས་ལ་རྟག་ཏུ་རྒྱལ། །སྙིང་རྗེ་བཟོད་དང་དུལ་བས་སྐྱེས། །གཤིན་རྗེའི་སྲིང་མོར་ལུང་སྟོན་ཅིག །རྟག་ཏུ་དར་གོས་སྔོན་པོ་བརྟགས། །མཛེས་དང་མི་མཛེས་ཀུན་སྟོན་ཅིང་། །སྤྱན་མིག་སུས་མཐོང་དང་བ་བསྐྱེད། །སྤྱོད་པ་ཚད་མེད་འཇིག་རྟེན་འདས། །སྐྱབས་སུ་སུ་འོངས་ཐུགས་རྗེས་འཛིན། །ཞེས་སོགས་རྒྱ་ཆེར་གསུངས་སོ། །དེས་ན་དཔལ་ལྡན་ལྷ་མོ་འདི་ནི་ཡུན་རིང་པོ་ནས་ཀུན་ཏུ་བཟང་པོའི་སྤྱོད་པའི་དཀྱིལ་འཁོར་གྱི་ཐམས་ཅད་མཁྱེན་པ་ཉིད་བརྙེས་སུ་ཟིན་ཀྱང་། ཇི་སྲིད་སེམས་ཅན་གྱི་ཁམས་ཐམས་ཅད་མ་དུལ་གྱི་བར་དུ་བྱང་ཆུབ་སེམས་དཔའི་ས་ལས་ཀྱང་མི་གཡོ་བར་བསྟན་པ་བསྲུང་ཞིང་བསྟན་འཛིན་སྐྱོང་བ་ལ་ཟླ་མེད་པའི་ཕྲིན་ལས་དབང་ཕྱུག །ཐར་པ་འདོད་པ་རྣམས་ཀྱིས་མགོན་སྐྱབས་དང་དཔུང་གཉེན་དམ་པར་བཞུགས་པ་ཡིན་ནོ། །དེ་ཡང་དཔལ་ལྡན་ལྷ་མོ་དཔོན་གཡོག་འདི་གཉིས་ནི་མ་མོ་

(༣༡༣)རྦོད་གཏོང་གི་ལྷ་ཚོགས་ཐམས་ཅད་འདུས་པའི་བདག་ཉིད་ཆེན་མོ། ལས་དང་ཡེ་ཤེས་ལས་གྲུབ་པའི་མཁའ་འགྲོ་མ་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། སྲིད་པའི་བེམས་ལས། ཇི་སྐད་དུ། མ་མོ་འབུམ་ཕྲག་བསམ་ཡས་ཀྱང་། །ལས་དང་ཡེ་ཤེས་གཉིས་སུ་འདུས། །ཞེས་འབྱུང་བ་བཞིན་ནོ། །ཞེས་དང་། འདི་ལྟ་བུའི་ཆོས་སྐྱོང་བཟང་པོ་ལ་བརྟེན་ནས་ཡོད་པ་ནི་ཆོས་བྱེད་རྣམས་སྐལ་བ་ཤིན་ཏུ་བཟང་བ་ཡིན། དེ་ཡང་རྣལ་འབྱོརར་པ་རང་གི་ལུས་ངག་ཡིད་གསུམ་མ་མོའི་དཀྱིལ་འཁོར་དུ་ཤེས་པར་བྱས་པ་ན། སྣང་གྲགས་ཀྱི་ཆོས་ཐམས་ཅད་ཡ་མ་མོར་མ་གྱུར་པ་གང་ཡང་མེད་དེ། མ་མོ་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་ལོངས་སྤྱོད་པའི་རྨད་དུ་བྱུང་བའི་ལྟ་བ་དོན་དང་སྦྱར་བའི་གྲོལ་ལམ་བླ་ན་མེད་པ་ཡིན་ཏེ། མ་མོ་རྦོད་གཏོང་གི་ལྟ་བ་བསྟན་པ་ལས། ཇི་སྐད་དུ། མ་ནི་ཀུན་

(༣༡༤)གཞི་བདེ་ཆེན་དབྱིངས། །མོ་ནི་རྣམ་ཤེས་ཧཱུཾ་ཆེན་འབར། །མཁའ་ཀློང་གཉིས་སུ་བདག་བསྒོམས་ན། །སྣོད་ཀྱི་འཇིག་རྟེན་ཀུན་བཟང་ཀློང་། །བཅུད་ཀྱི་འཇིག་རྟེན་སངས་རྒྱས་རྒྱུ། །ཕྱི་ནང་སྣོད་བཅུད་རྣམ་པར་དག །མ་དང་མོ་ཡི་ངང་ཉིད་དུ། །ཐམས་ཅད་མ་ལུས་སངས་རྒྱས་སོ། །ཞེས་འབྱུང་བ་ལྟར་ཡིན་ནོ། །ཞེས་གསུངས། ཨུ་མར་འཁྲུངས་པའི་ལྷ་མོ་ཙ་མུན་ཏྲི་ནམ་ཙཎྜི་ཀ་ཡིན་པར་ཙཎྜི་ཀ་རང་གི་བེ་བུམ་ནས་འབྱུང་ཞིང་དཔལ་ལྡན་ལྷ་མོ་དུད་གསོལ་མ་ཡང་འདི་ཡིན། མདོ་དབང་གི་སྐབས་སུ། སྲིན་པོའི་ཆུང་མ་གནས་འགྱུར་ལ། །དབང་ཕྱུག་ཆེན་མོ་མིའི་སྲིན་མོ། །སྐུ་མདོག་དམར་ནག་ཐོད་རློན་འཆང་། །དེ་ཉིད་ལས་ནི་གནས་འགྱུར་བ། །དམར་སེར་ཏྲི་ཤུལ་ཞིང་ཆེན་གཡག །ཅེས་པའི་དོན་འཆད་པའི་ཚེ། མཁན་ཆེན་ལོ་ཙཱ་བ་དྷརྨ་ཤྲིས། མིའི་སྲིན་མོ་འདི་སྲིན་པོ་དྷ་ཤ་གྲི་

(༣༡༥)ཝའི་ཆུང་མ་བྱེད་པའི་དུས་སུ་སྲིན་མོ་དམར་ནག་ཐོད་རློན་འཛིན་པ་ཞིག་ཡོད་པས་དེ་ཕྱིས་མ་ཏྲམ་རུ་ཏྲས་སྲིན་པོའི་གམ་ནས་ཕྲོགས་ཏེ་ཁོའི་ཆུང་མ་བྱས། དེར་ཁོ་མགོ་རྙན་ལ་དགའ་བས་སྲིན་མོའི་སྲིན་ཞལ་གཡག་གདོང་དུ་འགྱུར་པ་ཡིན་ཏེ་ངོ་བོ་གཅིག་ལ་ལུས་འགྱུར་བ་ནི་དཔེར་ན་ལྕོང་མོ་སྦལ་པར་འགྱུར་བ་བཞིན་ནོ། །ཞེས་གསུངས་པར་དབང་ཕྱུག་མ་ཉེར་བརྒྱད་ཀྱི་གཙོ་མོ་མི་སྲུན་གཡག་མགོ་ཐོད་རློན་འཆང་ཞེས་པ་དེ་ཡང་ལྷ་མོ་དེ་ཉིད་དོ། །ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་དམག་ཟོར་མའི་བསྟོད་པར། དབང་ཕྱུག་རྩ་བརྒྱད་ཀྱི་གཙོ་མོ་མཛད་པ་དེ་ཡི་ཚེ། མི་སྲུན་གཡག་མགོ་ཐོད་རློན་འཆང་། དེ་ཡང་བྱང་ཤར་རེ་མ་ཏི། ཞེས་གསུངས་འབར་མ་བརྒྱད་ཀྱི་ནང་ཚན། མེ་ཁྱེར་གློག་འཕྲེང་འཛིན་ཡང་དེ་ཉིད་དེ། ཐམས་ཅད་མཁྱེན་པས་མཛད་

(༣༡༦)པའི་བསྟོད་པ་ལས། རི་རབ་ཟོམ་ན་ཞུགས་པའི་ཚེ། འབར་མ་མེ་ཁྱེར་གློག་འཕྲེང་འཛིན། །ལྷ་སྲིན་དགུ་བརྒྱའི་ལིངས་པ་མོ་ཞེས་གསུངས། དབང་གི་མ་བདུན་གྱི་རྡོ་རྗེ་ཀུན་གྲགས་མ་དང་རྡོ་རྗེ་གཡུ་སྒྲོན་མ་ཡང་འདི་ཉིད་སྟེ། བརྟན་མའི་གཙོ་བོ་མཛད་པའི་ཚེ། །བདག་ཉིད་རྡོ་རྗེ་ཀུན་གྲགས་མ། །ཞེས་གསུངས་ཤིང་། རྒྱས་པར་བརྟན་མ་བཅུ་གཉིས་ཀྱི་སྐབས་སུ་འཆད་པར་བྱའོ། ཁོལ་མོ་རེ་མ་ཏི་ནི་དཔལ་ལྡན་དམག་ཟོར་མ་རྒྱལ་མོ་ཡིན་ལ། དེ་ཡང་ཞིབ་ཏུ་ཕྱེ་ན། རྗེ་མོ་ཨུ་མའི་སྲས་མོ་དུང་སྐྱོང་མའི་སྐུ་ཐོགས་ལ་ཙཎྜི་ཀའི་མཚན་ཐོགས་ཤིང་། དེའི་སྐུ་སྐྱེ་བ་རྗེས་མར་མ་ཧཱ་ཀ་ལི་དཔལ་ལྡན་ལྷ་མོ་ནག་མོ་ཞེས་གྲགས་ཤིང་། རྡོ་རྗེ་ནམ་གྲུ་མ་དང་། གསེར་གྱི་སྤུ་གྲི་མ་དང་། རྡོ་རྗེ་གཤོག་རྒོད་མ་སོགས་ཀྱི་མཚན་ཐོགས་ན་ལ་རྩེར་འཁྲུངས་པའི་སྦལ་པ་ཐལ་མདོག་མའམ། མི་ཕམ་ཁྲོ་

(༣༡༧)གཉེར་མའམ། དམར་འདབ་ཕུར་པའི་ལྷ་ཞེས་གྲགས་པ་དེའི་སྐུ་སྐྱེ་བ་ཕྱི་མར། གནོད་སྦྱིན་བཤན་པ་ནག་མོ་རེ་མ་ཏིའམ། རྡོ་རྗེ་གློག་མ་སྤྲིན་དང་དཔལ་ལྡན་དམག་ཟོར་རྒྱལ་མོ་ཞེས་གྲགས་ཤིང་། འགྲོ་བའི་སྣང་ངོར་སྐུ་སྔ་ཕྱི་འཕོས་པའི་ཚུལ་བཟུང་སྟེ་འགྲོ་བའི་དོན་མཛད་པའི་ཚུལ་ལ་སོགས་སོ་སོར་སྟོན་པ་ནི་གདུལ་བྱའི་ཁམས་དང་མཚམས་པར་བསྟན་པ་ཡིན་པས་མི་འགལ་ལོ། །གོང་དུ་ཨེ་ཀ་ཛ་ཊིས། ལྷ་མོ་རྗེ་ཁོལ་གཉིས་བཏུལ་བར་བཤད་ན། ཨེ་ཀ་ཛ་ཊི་དང་མི་གཅིག་གམ་སྙམ་ན། ངོ་བོ་གཅིག་ཀྱང་ཨུ་མར་འཁྲུངས་པའི་ལྷ་མོ་དུང་སྐྱོང་མ་ཉིད་འགའ་ཞིག་གི་སྣང་ངོར་སྐུ་དེ་ཉིད་ལ་རྡོ་རྗེ་གཞོན་ནུའི་སྦྱོར་ཡུམ་མཛད་དེ་ཡུམ་འཁོར་ལོ་རྒྱས་འདེབས་པར་གྲགས་པ་དང་། ཕྱག་ན་རྡོ་རྗེའི་སྦྱོར་ཡུམ་མཛད་པས་མ་མོ་སྔགས་བསྲུང་མ་ཨེ་ཀ་ཛ་ཊིར་

(༣༡༨)གྲགས་པ་དང་། རང་བྱུང་རྒྱལ་མོ་ཞེས་གྲགས་ཤིང་། འགའ་ཞིག་གི་སྣང་ངོར། དེའི་ཚེ་ཨེ་ཀ་ཛ་ཊིར་གྲགས་པ་དེ་ལྷ་མོ་མ་ཧཱ་ཀཱ་ལི་དང་མི་གཅིག་པ་ལྟ་བུར་བསྟན་ཏེ། གདུལ་བྱ་དང་། འདུལ་བྱེད་ཀྱི་རྣམ་པ་གཉིས་སུ་བསྟན་པ་ཡིན་ཏེ། ཁྲོས་མ་གསང་རྒྱུད་ལས། རང་བྱུང་རྒྱལ་མོས་བཀའ་སྩལ་པ། །ཉོན་ཞིག་ལྷ་མོ་བདེ་བྱེད་མ། །སུམ་ཅུ་རྩ་གསུམ་ལྷ་གནས་ན། །མ་ཧཱ་དེ་ཝ་ཨུ་མ་གཉིས། །མ་འཇལ་ཡིད་ཀྱི་སྦྱོར་མཛད་པ། །ཡབ་ཡུམ་གཉིས་སུ་མེད་པའི་དྭངས་མ་ལས། ལྷ་མོ་ཨུ་མ་དེ་ཝིའི་དཔྲལ་བར་ལྕགས་ཀྱི་འཛེར་པ་གཅིག་སྐྱེས་ཏེ། ཡབ་ཀྱི་ཁྱིལའུར་སྨོན་ལམ་བཏབ། །ཡུམ་གྱི་བུ་མོར་སྨོན་ལམ་བཏབ། །ཡུམ་གྱི་སྨོན་ལམ་མཐུ་བཙན་ནས། །བུ་མོ་གཟུགས་བཟང་སྡུག་ལ་འདོད་ཆགས་པ་གཅིག་སྐྱེས་སོ། །མིང་ཡང་ལྷ་མོ་མདངས་ལྡན་མར་གསོལ་ཏོ། །བུ་མོ་དེ་ཟས་སུ་

(༣༡༩)ལྷའི་ཞལ་ཟས་རོ་མཆོག་བརྒྱ་དང་ལྡན་པ་གཅིག་ཟ། གོས་ནི་ལྷའི་པཉྩ་ལི་ཀ་གྱོན་པ་ལས། བདུད་ཐོད་པའི་ཕྲེང་བ་ཅན་དང་། བདུད་མོ་བརྒྱ་བྱིན་ཀུན་དགའ་བོའི་བུ། བདུད་བྲང་ཀུན་ནག་པོ་བྱ་བའི་ཆུང་མར་ཕྱིན་ཏེ། ཕ་མ་གཉིས་ཀྱི་དམོད་པ་བོར་རོ། ཁྱིའུ་ལྷའི་བུ་གསོས་པས་བདུད་དུ་སོང་བས་ཁྱོད་ལུས་མཐིང་ག་ནག་པོར་སོང་ཞིང་། ཟས་སུ་མི་རྟ་ཤ་ཟ་བར་སོང་ཞིག ཁྱོད་གོས་སུ་མི་ལྤགས་གྱོན་པ་ཞིག་ཏུ་སོང་ཞིག །ཅེས་དམོད་པ་བོར་རོ། །ཡུམ་གྱི་དམོད་པ་བཙན་པར་གྱུར་ཏེ། མདོ་ཉིད་ལ་བཞིན་འགྱུར་ཏེ། རྨེ་ཤ་གསུམ་ལ་རྐན་ཕབས་ཏེ། ལྷའི་ཞལ་ཟས་བས་རོ་རྒྱས། གོས་སུ་ཞིང་ལྤགས་གྱོན་པ་བརྗིད་རེ་ཆེ། རལ་པ་ནག་པོ་ས་གཞི་ཁེབས་པ་གཅིག་ཏུ་གྱུར་ཏེ། ཡུམ་ལྷ་ཡིན་པའི་

(༣༢༠)རྟགས་སུ། སྤྱི་བོའི་གཙུག་ཏུ་མཐིང་གིས་རལ་པ་འོད་དུ་འཕྲོ་བ་གཅིག་མར་གྱུར་པ་ལས། མཚན་ཡང་རལ་གཅིག་མར་གསོལ་ལོ། །དེ་ནས་རྒྱ་མཚོའི་གཏིང་དུ་ཡུམ་མཚོ་སྨན་རྒྱལ་མོའི་དངོས་གྲུབ་བརྙེས་ཏེ། བྲག་ཆོས་བཟང་འདྲ་བ་ལ་ཉིད་ཀྱི་གནས་བཅས། མཚན་ཡང་མེ་གཟའ་བྲག་དགོན་མར་གསོལ་ཏོ། །དེ་ནས་གྲུ་གསུམ་ཀློང་དགུ་མ། །གྲུ་གསུམ་ཤེལ་གྱི་ཕོ་བྲང་དུ། །རྡོ་རྗེ་གཞོན་ནུའི་ཡུམ་མཛད་པས། །མཚན་ཡང་འཁོར་ལོ་རྒྱས་འདེབས་མ། །རི་བོ་མ་ལ་ཡ་ཡི་རྩེར། །ཕྱག་ན་རྡོ་རྗེའི་ཞབས་དྲུང་དུ། །གསང་སྔགས་བསྲུང་མར་དབང་ཡང་བསྐུར། །མཚན་ཡང་སྲུང་མ་ནག་མོ་བྱ། །ཐམས་ཅད་གསོལ་བའི་ལས་བྱེད་མ། །སྲིན་མོ་རལ་གཅིག་ཤ་ཟ་མ། །རྣལ་འབྱོར་ཡོངས་ཀྱི་གྲོགས་བྱེད་པས། །མཚན་ཡང་དགྲ་འདུལ་ནད་

(༣༢༡)འཚོང་མ། །དེ་ནས་ཚ་བའི་ནད་གཏོང་བ། །མཚན་ཡང་བལ་མོ་ཀུན་གདུག་མ། ཁྲག་རིམས་ཡམས་ནད་གཏོང་བྱེད་པས། །མཚན་ཡང་ནག་མོ་ཁྲག་འཛག་མ། །ལྟས་ངན་ཆོ་འཕྲུལ་གཏོང་བྱེད་པས། །མཚན་ཡང་མོན་མོ་ནག་མོ་བྱ། །དེ་སོགས་མཚན་གྱི་རྣམ་གྲངས་ཀྱང་། །བརྗོད་ཀྱི་མི་ལངས་བསམ་ཡས་ཏེ། །ཕྱག་ན་རྡོ་རྗེ་སྤྲུལ་པའི་སྐུས། །ཉིད་ཀྱི་སྤྲུལ་པ་བསྟན་པར་བསམ་ཡས་ཏེ། །ཕྱག་ན་རྡོ་རྗེ་སྤྲུལ་པའི་སྐུས། །ཉིད་ཀྱི་སྤྲུལ་པ་བསྟན་པར་བསམ། །ཞེས་གསུངས། དེ་ལྟ་བུའི་དཔལ་ལྡན་ལྷ་མོ་སྔགས་ཀྱི་སྲུང་མ་དེས། རང་བཞིན་ལྷུན་གྲུབ་ཀྱི་གཞལ་ཡས་ཁང་ཆེན་པོར་བཞུགས་པའི་སྐབས་སུ་རང་གི་སྤྲུལ་པ་མཁའ་འགྲོ་རྡོ་རྗེ་བདེ་བྱེད་མས་བསྐུལ་ཏེ་ཁྲོས་མ་བསང་རྒྱུད་

(༣༢༢)ལ་སོགས་པ་གསུངས་པ་ཡིན་ཏེ། ཁྲོས་མ་ནག་མོའི་གསང་རྒྱུད་ལས། །དཔལ་རང་བྱུང་གི་རྒྱལ་མོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དཔལ་ལྡན་རང་བྱུང་རྒྱལ་མོའི་གནས༔ རང་བཞིན་ལྷུན་གྱིས་རྫོགས་པ་ཡི༔ བྷནྡྷ་འབར་བའི་གཞལ་ཡས་ཁང་༔ དཀར་དང་སེར་དང་དམར་ནག་པའི༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ༔ ཞི་བས་རྒྱས་བཀོད་རྒྱས་པས་ཟིལ་གནོན་པ༔ དབང་གི་དབང་བསྡུད་དྲག་པོས་སྒྲོལ་བར་བྱེད༔ ཁམས་གསུམ་དབང་སྡུད་དྲག་པོའི་གཞལ་ཡས་ནི༔ དྲི་ཟ་ལ་སོགས་ཕྱོགས་སྐྱོང་བཅུ་ཡི་མགོས༔ ཤར་ལ་སོགས་པ་དེ་བཞིན་རབ་ཏུ་མཛེས༔ བྷནྡྷའི་གཞལ་ཡས་ལྷུན་གྱིས་གྲུབ་པ་ལས༔ གནམ་ལྕགས་འབར་བའི་གཟེར་ཆེན་རབ་ཏུ་བཏབ༔ ཡེ་ཤེས་ལྔ་ལྡན་ཁ་དོག་རབ་ཏུ་འཕྲོ༔ ལྷ་བརྒྱད་ཀ་བ་ཀླུ་བརྒྱད་གདུང་དུ་བྲེས༔ གཟའ་བརྒྱད་

(༣༢༣)ཁྱམས་བྲེས་རྒྱུ་སྐར་གྲལ་ལྕམ་གྱིས༔ རུ་དྲ་དཀར་པོ་སེར་པོ་དམར་པོ་དང་༔ ལྗང་གུ་ལ་སོགས་པ་ཡིས་ཐོག་ཀྱང་ཕུབ༔ ཡེ་ཤེས་བཞི་ལྡན་སྒོ་བཞིར་གནས་པ་ནི༔ སྒོ་སྐྱེས་གཡས་གཡོན་ཆུ་སྲིན་འགྲམ་པ་ལ༔ གཟས་པ་ཕོ་མོའི་ཡ་ཐེམ་མ་ཐེམ་བྱས༔ ཆུ་སྲིན་ཐོད་པའི་རྟ་བབས་རབ་ཏུ་མཛེས༔ བྷན་དྷ་སུམ་ཅུ་རྩ་གཉིས་རབ་ཏུ་གཏིབས༔ ཆོས་ཀྱི་འཁོར་ལོ་རབ་ཏུ་ཉམས་ནི་དགའ༔ འོད་ཟེར་དམར་ནག་འཕྲོ་འདུ་རྒྱུན་མི་ཆད༔ ཆོས་ཀྱི་འཁོར་ལོ་སྨུག་ནག་གདུག་ཕུབ་ནས༔ གཡས་གཡོན་ཆུ་སྲིན་ཕྲུ་གུ་བལྟ་ཞིང་འཕྱོང་༔ སེངྒེ་སྟག་དང་ཆུ་སྲིན་དོམ་གྱི་མགོས༔ བྷན་དྷ་འབར་བའི་གཞལ་ཡས་བར་བགྱིས་ཏེ༔ ཐོད་པའི་དྲ་བ་ཚལ་བུའི་དྲ་ཕྱེད་པ༔ ཞེ་སྡང་སྦྲུལ་ནག་ཆུན་པོའི་ཐག་པས་རྒྱུས༔ གསེར་གྱི་དྲིལ་འཁྲོལ་རིན་ཆེན་འོད་ཟེར་

(༣༢༤)འབར༔ སྦྲུལ་ནག་གདུག་པའི་ཆུན་པོ་ཉིལ་ལི་ལི༔ ཐབས་དང་ཤེས་རབ་ཉི་ཟླ་གསལ་བྱས་ཏེ༔ གཞལ་ཡས་ཕྱི་ནང་མེད་པར་འོད་གསལ་འབར༔ ཐོད་པ་ཁྲག་འཛག་དར་བུ་ཁང་དུ་ལྡན༔ སྤྲུལ་པའི་ལྷ་མོ་འདོད་ཡོན་མཆོད་པ་སྟོབས༔ རྒྱལ་མཚན་ཆེན་པོ་བཞི་ཡང་གནས་པ་ཡི༔ བྱང་ཤར་སྤྲུལ་པའི་རྡོ་རྗེ་རྒྱལ་མཚན་དང་༔ ཤར་ལྷོ་འདུལ་བྱེད་ལྕགས་ཀྱི་རྒྱལ་མཚན་དང་༔ རྒྱལ་མཚན་ཆེན་པོ་བཞི་ཡང་དེ་བཞིན་གནས༔ དེ་ལྟར་གནས་པའི་གཞལ་ཡས་ཆེན་པོ་དེ༔ དཔལ་ལྡན་རང་བྱུང་རྒྱལ་མོ་བཞུགས་པའི་གནས༔ གཞལ་ཡས་ནད་རིམ་ཁྲག་གི་རྒྱ་མཚོར་གནས༔ སྤྲུལ་པའི་མ་མོ་མཁའ་འགྲོ་བཞུགས་པའི་གནས༔ ཕྱི་རིམ་ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ནི༔ བདུད་དང་སྲིན་པོ་གཤིན་རྗེ་བཞུགས་པའི་གནས༔ ཐ་མ་ལྕགས་རི་ནག་པོ་བསྐོར་བའི་ནང་༔ དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའོ༔ དུར་ཁྲོད་ནག་པོ་ཕྱོགས་ཕྱོགས་མགོ་བོ་དང་༔

(༣༢༥)རོ་ནི་སྣ་ཚོགས་རྣམ་པར་བམ་པོ་དང་༔ རུལ་དང་མྱགས་དང་བམ་པ་དང་༔ སྟག་དང་གཟིགས་དང་གཅན་གཟན་སྣ་ཚོགས་དང་༔ དུར་བྱ་རྐང་ཀ་འདབས་ཆགས་དང་༔ ཤིང་ལ་སོགས་པའང་ནི་དེ་བཞིན་གནས༔ ཤ་ཟ་ཁྲག་འཐུང་ལས་ཀྱི་མཁའ་འགྲོ་དང་༔ གིང་དང་ལྐང་གནོད་སྦྱིན་ཕོ་མོའི་གནས༔ གཞན་ཡང་དུར་ཁྲོད་མ་མོ་མཁའ་འགྲོའི་ཚོགས༔ དཔལ་ཆེན་བཀའ་ལ་གཏོགས་པ་བསམ་མི་ཁྱབ༔ དེ་དག་འཁོར་དང་ཐབས་ཅིག་བཞུགས༔ དུར་ཁྲོད་གཞལ་ཡས་དེ་ཡི་ཕྱི་རིམ་ན༔ དུར་ཁྲོད་མེ་དཔུང་འབར་བས་བསྐོར་ཏེ་གནས༔ ཆོས་ཉིད་ཀློང་དུ་མི་འགྱུར་མི་ཤིགས་རྟགས༔ རྡོ་རྗེ་ར་བ་ཡོངས་སུ་རྒྱ་མ་ཆད༔ དེ་ལྟ་བུ་ཡི་གཞལ་ཡས་འབར་བ་དེ༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་པའི་གནས༔ ཕོ་བྲང་གྲུ་གསུམ་མཁའ་དབྱིངས་བདེ་ཆེན་ནས༔ དུར་ཁྲོད་རོ་ཡི་གདན་ལ་འགྱིང་བའི་ཚུལ༔ བུད་མེད་ནག་མོ་མཛེས་

(༣༢༦)པའི་ཆ་བྱད་ཅན༔ དཀར་མོ་ནག་མོ་སེར་མོ་དམར་མོའི་ཚོགས༔ ཉིད་ལས་མི་ཞན་འཁོར་གྱིས་བསྐོར་ཏེ་གནས༔ ཉིད་ཀྱི་ཐེ་ཚོམ་རྒྱས་པར་བཅད་པའི་ཕྱིར༔ ཕྱག་རྡོར་སྤྲུལ་པ་ལྷ་མོ་བདེ་བྱེད་མ༔ ཉིད་ལས་མི་ཞན་དམོད་པའི་མཚོན་ཆ་ཅན༔ རང་ལས་སྤྲུལ་པའི་ནག་མོ་འབུམ་དང་བཅས༔ རང་བྱུང་རྒྱལ་མོ་ཉིད་ལ་འདི་སྐད་གསོལ༔ ཨེ་མ་ཧོ༔ རང་བྱུང་རྒྱལ་མོ་ཉིད༔ བདག་ནི་རྟག་ཏུ་ཁྱོད་ལ་འདུད༔ ཁྱོད་ཀྱི་བྱིན་རླབས་ཐུགས་རྗེ་གང་༔ རྒྱ་ཆེར་བདག་ལ་བཤད་དུ་གསོལ༔ ཞེས་གསོལ་པས༔ དེའི་དུས་དེའི་ཚེ༔ དཔལ་རང་བྱུང་གི་རྒྱལ་མོ་ཞེས་བྱ་བ་ཡང་སྐུ་མཐིང་ནག་འབར་བ་ལ་མཆེ་བ་གཙིགས་པ༔ རལ་པས་ས་གཞི་ཁེབས་པ་ལ༔ སྤྱི་བོའི་གཙུག་ན་གཡུ་ཡི་རལ་པ་མཐིང་ནག་འབར་བ་གཅིག་གནས་པ༔ ཞབས་གྱད་ཀྱི་

(༣༢༧)དོར་སྟབས་སུ་བཞུགས་པ༔ གཡས་ན་བམ་ཆེན་པོའི་ཙིཏྟ་སྲོག་རྩ་དང་བཅས་ནས་བཟུང་བ༔ གཡོན་ན་གཡུའི་སྤྱང་མོ་བཀྱེ་ནས་ཁྲ་ཐབས་སུ་བསྣམས་པ་སྟེ༔ ཏི་ར་དང་རོ་ཡི་གདན་ལ། ཏྲག་རཀྴ་ཞེས་བྱ་བའི་སྔགས་བརྗོད་ནས༔ ཉིད་ཀྱི་སྐུ་ལས་སྤྲུལ་པའི་མ་མོ་བཀྱེ་སྟེ༔ སྐུའི་སྤྲུལ་པ་ལ་བལ་མོ་ནག་མོ་དང་༔ གསུང་གི་སྤྲུལ་པ་ལས་མ་མོ་སྲིན་མོའི་ཚོགས་དང་༔ གཞན་ཡང་སྦྱོར་གིང་དང་༔ སྒྲོལ་གིང་ལ་སོགས་པ་ཁྲམ་ཐོགས་ཀྱི་བདུད་དང་༔ སྲོག་གཅོད་ཀྱི་གིང་པོ་དང་བཅས་ཏེ་སྤྲུལ་པ་མང་པོ་ཉིད་ལས་བཀྱེ་བས༔ སྣང་སྲིད་ཐམས་ཅད་དུས་གཅིག་ལ་གཡོས་པར་གྱུར་ཏོ༔ ནད་ཀྱི་རླངས་བདུད་ཕོ་མོ་དེ་དག་རང་ལ་རྫོགས་པར་གྱུར་ཏོ༔ སྣང་སྲིད་ཐམས་ཅད་དུས་གཅིག་བདེ་བ་ལ་བཀོད་དོ༔ དུག་སྦལ་དང་ཡེ་ཤེས་ནད་ལ་སོགས་པ་ཀུན་ཡང་བདུད་རྩི་ཆེན་པོར་གྱུར་ཏེ༔

(༣༢༨)ཐམས་ཅད་ཐུགས་རྗེ་ཆེན་པོའི་བདེ་བ་ལ་བཀོད་དོ༔ ཁྲོས་ནག་གསང་བའི་རྒྱུད་ལས༔ གླེང་བཞིའི་སྐབས་ཏེ་དང་པོའོ༔ ཞེས་གསུངས། མདོར་བསྡུ་ན། དམག་གི་རྒྱལ་མོ་ལྔ། ཡེ་ཤེས་ཀྱི་རྗེ་མོ་བཅུ་བཞི། སྨན་མོ་ལྔ་བཅུ་རྩ་བརྒྱད་ལ་སོགས་པ་སྲིད་པ་མ་མོའི་དཀྱིལ་འཁོར་ཐམས་ཅད་རང་བྱུང་རྒྱལ་མོའི་སྔགས་ཀྱི་སྲུང་མ་ཨེ་ཀ་ཛ་ཊིའམ་ཨེ་ཀ་ཙ་རི་རང་གི་རྣམ་སྤྲུལ་འབའ་ཞིག་སྟེ༔ ཁྲོས་མ་གསང་རྒྱུད་ལས། རང་བྱུང་རྒྱལ་མོས་འདི་སྐད་ཅེས་གསུངས་སོ༔ ང་ནི་དུས་གསུམ་ཐམས་ཅད་དུ༔ ང་ཡི་ཐུགས་རྗེ་རྒྱུན་མི་ཆད། །ང་ནི་བདེ་གཤེགས་སྦྱོར་སྡེ་མོ། །ང་ནི་རྣལ་འབྱོར་སྦྱོར་སྡེ་མོ། །དམ་ཚིག་ཉམས་པའི་སྲོག་གཅོད་མ། །ང་ནི་རང་བྱུང་རྒྱལ་མོ་སྟེ། །ང་ནི་ང་ལས་བྱུང་བ་ཡིན། །ཐམས་ཅད་ང་ཡི་སྤྲུལ་པ་ཡིན། །དཀར་མོ་སྐུ་ཡི་སྤྲུལ་པ་ཡིན། །སྨུག་མོ་གསུང་གི་སྤྲུལ་པ་ཡིན། །སེར་མོ་ཡོན་ཏན་སྤྲུལ་པ་ཡིན། །དམར་

(༣༢༩)མོ་ཕྲིན་ལས་སྤྲུལ་པ་ཡིན། །དེ་དག་ཐམས་ཅད་ང་ཡིན་པས། །ང་ཡི་སྤྲུལ་པ་བསམ་མི་ཁྱབ། །ང་ཡི་མིང་ནི་ཅིར་ཡང་གྲགས། །ང་ནི་ཕྲིན་ལས་ཐམས་ཅད་བྱེད། །ཀུན་གྱི་ཕྲིན་ལས་འཆོལ་འདོད་ན། །ཐམས་ཅད་ང་ཡིན་ང་ལ་ལྟོས། །ང་ཉིད་ཡོངས་སུ་བཟུང་བར་བགྱིས། །ཞེས་གསུངས། ཁྲོས་མ་ནག་མོ་གསང་བ་སྙིང་གི་རྒྱུད་ལས། ཁྲོས་མ་ནག་མོས་འཇིག་རྟེན་གྱིས་མེས་པོ་ཤྲཱི་རལ་པ་ཅན་ཚངས་པ་གདོང་བཞི་པར་སྤྲུལ་ཏེ་རྩ་ཞལ་ལས་བྲམ་ཟེའི་སྟོན་པ་ཚངས་པ་བྱུང་སྟེ་བདག་རྟག་པའི་ཆོས་བསྟན། གཡོན་ཞལ་ནས་ཨེ་རའི་སྟོན་པ་ཁྱབ་འཇུག་བྱུང་ནས་བདག་ཁྱབ་པའི་ཆོས་བསྟན། རྒྱབ་ཞལ་ནས་ལེགས་ལྡན་གྱི་བུ་དབང་ཕྱུག་ཆེན་པོ་བྱུང་ནས་བདག་པའི་ཆོས་བསྟན། གཡས་ཞལ་ལས་གྲང་ཅན་གྱི་སྟོན་པ་འཇིགས་བྱེད་བྱུང་ནས་བདག་གཙང་བའི་ཆོས་བསྟན། སྐུ་གསུང་ཐུགས་

(༣༣༠)ལས་སྤྲུལ་པའི་ཁྲོ་བོ་ཉིས་ཁྲི་ཆིག་སྟོང་སྤྲུལ་ནས་ངན་སྔགས་ཀྱི་རྒྱུད་རྣམས་གསུངས་པར་བཤད། ལྷ་མོ་རྡོ་རྗེ་ནག་མོ་དབང་ཕྱུག་མའི་རྒྱུད་ལས། གོང་དུ་བཤད་པ་ལྟར་གྱི། ལྷ་དང་ལྷ་མ་ཡིན་གཡུལ་བཀྱེ་བའི་གླེང་གཞི་ལ་བརྟེན་ནས། ལྷ་མ་ཡིན་རྣམས་བཏུལ་བ་དང་། རྒྱལ་ཆེན་བཞི་ལྷ་མ་ཡིན་གྱི་རྒྱལ་པོ་ཧེ་ར་ནི་ཀེའུ་ཤུ། དེའི་ཆུང་མ་ཕག་སྣ་མ། ཀླུ་རིགས་བཞི་ལ་སོགས་པ་བཏུལ་བའི་ཚུལ་རྒྱས་པར་གསུངས། དཔལ་ལྡན་ལྷ་མོ་ནག་མོ་ཆེན་པོ་གསང་བའི་རྒྱུད་ལས། བཅོམ་ལྡན་འདས་ཀྱིས་དཔལ་ལྡན་ལྷ་མོ་སྒྲོལ་གིང་དུ་དབང་བསྐུར། དྲག་པོ་འདུལ་བའི་ནུས་པ་དང་ལྡན་པར་བྱ་ཕྱིར་ཞིང་ཆེན་གཡང་བཞིའི་དབང་བསྐུར། བདུད་དང་སྲིན་པོ་ལས་རྒྱལ་བར་བྱ་ཕྱིར་གཡུལ་དུ་བསད་པའི་མགོ་འཕྲེང་དང་། ཐམས་ཅད་བསད་ཅིང་བསྒྲལ་ཀྱང་བག་ཆགས་ཀྱི་མི་གོས་པར་བྱ་བའི་ཕྱིར། རེ་

(༣༣༡)ལྡེ་ནག་པོའི་གོས་དང་། སྨན་མོ་རྣམས་ཟིལ་གྱིས་གནོན་པའི་ཕྱིར་སྙན་གཡས་ལ་སེངྒེ་དང་། ཀླུ་གནད་ལ་དབབ་པའི་ཕྱིར་སྙན་གཡོན་ལ་སྦྲུལ་གྱི་གདེངས་ཀ ཁམས་གསུམ་གྱི་ཚེ་སྲོག་ལ་དབང་བསྒྱུར་བའི་ཕྱིར་དུ་རྩེ་གསུམ་དང་ནད་རྐྱལ། འཇིག་རྟེན་ལ་དབང་བའི་ཕྱིར་དུ་ཐོད་ཁྲག །དམ་ཚིག་ལ་བྱ་ར་མཛད་པའི་ཕྱིར་དུ་ཐོད་ཁྲག །དམ་ཚིག་ལ་བྱ་ར་མཛད་པའི་ཕྱིར་དུ་འཕྲུལ་གྱི་མེ་ལོང་། མཁའ་འགྲོ་རྣམས་དམ་ལ་བསྡུ་བའི་ཕྱིར་དུ་གསེར་གྱི་རྔེའུ་ཆུང་རྣམས་ཀྱི་དབང་བསྐུར་ཨཱརྱ་རེ་མ་ཏི་ཞེས་བྱ་བར་མཚན་གསོལ། དེའི་ཚེ་བརྒྱ་བྱིན་ལ་སོགས་པའི་འཁོར་ཐམས་ཅད་རབ་ཏུ་སྐྲག་ཏེ། བརྒྱ་བྱིན་གྱིས་རྡོ་རྗེ་ཚངས་པས་རྨ་བྱའི་རྒྱལ་མཚན། ཁྱབ་འཇུག་གིས་ཉི་ཟླའི་རྒྱལ་མཚན། རྣམ་སྲས་ཀྱི་སེང་གེའི་རྒྱལ་མཚན། ནམ་མཁའི་

(༣༣༢)ལྷ་བྲན་གྱིས་དྲིལ་བུ། ཀླུའི་རྒྱལ་པོ་རྣམས་ཀྱིས་སྦྲུལ་གྱི་གདེངས་ཀ །ས་བདག་པ་ཏ་ལས་སྟག་གི་རྒྱལ་མཚན། སྲིན་པོ་དང་ཤ་ཟ་རྣམས་ཀྱིས་ཐོད་པའི་ཕྲེང་བ་དང་ཞག་གི་སོར་རིས། དཔལ་ནག་པོ་ཆེན་པོས་མདུང་ཐུང་། འཁོར་གཞན་རྣམས་ཀྱིས་རང་རང་གི་ཡོ་བྱད་དང་། ལག་ཆ་ཕུལ་ཏེ་མངོན་པར་བསྟོད་པས་སྲིད་པ་གསུམ་ན་འགྲན་ཟླ་དང་བྲལ་བའི་མཐུ་རྩལ་ཅན་དུ་གྱུར་པར་གསུངས། མ་མོ་འབུམ་རྒྱུད་ལས། དཔལ་ཆེན་པོ་མངོན་རྫོགས་རྒྱལ་པོའི་ཐུགས་ཀྱི་རྩ་བཞི་ལས་ཤར་དར་དཀར་གྱི་སྐུད་པ་ནས་སྲིད་པའི་མ་མོ་སྐུ་མདོག་དཀར་མོ་གཡས་ན་སྙིང་ཁྲག་དང་། གཡོན་ན་མདའ་གཞུ་ཐོགས་པ། ཉི་མ་འབུམ་དང་ཟླ་བ་སྟོང་གིས་བརྒྱན་པ་སྤྲུལ་ཏེ་སྲིན་མོ་དཀར་མོ་དུང་ལོ་ཅན་ཞེས་བྱ་བར་གྲགས། ཉི་ཟླ་ཐོད་ཕྲེང་ཅན་ནམ། ཉི་ཟླ་སྟོང་འཕྲེང་ཅན་ཡང་འདི་ཉིད་དོ། །ལྷོ་བཻ་ཌཱུརྱ་འདྲ་བའི་རྩའི་སྒོ་ནས་

(༣༣༣)སྲིད་པའི་མ་མོ་སྐུ་མདོག་སྔོན་པོ་གཡས་ལྕགས་ཀྱི་བསྲེ་གབ་ཆེན་པོ་དང་། གཡོན་འཕྲུལ་གྱི་མེ་ལོང་བསྒམ་།།།པ། རྨ་བྱའི་ཐུལ་པ་གསོལ་བ་དང་། ནུབ་ལེ་རྒན་དང་འདྲ་བའི་རྩ་ནས་སྲིད་པའི་མ་མོ་དམར་མོ་ཟངས་ཀྱི་དྲིལ་རྟ་སྨུག་པོ་ཞོན་པ། ཕྱག་མཚན་དུང་གི་གའུ་བསྣམས་པ་དང་། བྱང་ཕྱོགས་རྩ་ནས་མ་མོ་སྐུ་མདོག་ལྗང་སེར་ལྕགས་ཀྱི་དྲེའུ་རྟ་ཞོན་པ། གཡས་སུ་སྤྲུ་གྲི་དང་། གཡོན་ཐོད་ཁྲག་ཐོགས་པ་ཞིག་སྤྲུལ། དེའི་ཚེ་རྡོ་རྗེ་དབྱིངས་ཀྱི་ཡུམ་མཆོག་དང་། རྡོ་རྗེ་བདེ་མཆོག་མ་དང་། རྡོ་རྗེ་འོད་གསལ་མ་དང་། རྡོ་རྗེ་བདེ་སྦྱོར་མ་དང་། རྡོ་རྗེ་བདུད་རྩི་རྒྱལ་མོ་དང་། རྡོ་རྗེ་སྡེ་འགེབ་མ་དང་། རྡོ་རྗེ་བདེ་སྒྲུབ་མ་དང་། རྡོ་རྗེ་གསང་བའི་གཟུགས་འཛིན་མ་དང་། རྡོ་རྗེ་བདེ་སྐྱོང་མ་དང་། རྡོ་རྗེ་བདེ་བརྩེགས་མ་དང་། རྡོ་རྗེ་གཟུགས་འཛིན་མ་དང་། རྡོ་རྗེ་དཔལ་གྱི་ཡུམ་གཅིག་མ་དང་། རྡོ་རྗེ་འཁོར་སྐྱོང་མ་དང་། རྡོ་རྗེ་དབྱིངས་ཀྱི་གཏེར་ལྡན་མ་དང་། རྡོ་རྗེ་བདེ་འབྱམས་དཔལ་

(༣༣༤)མཆོག་མ་དང་། རྡོ་རྗེ་བདེ་བ་རྒྱལ་འདེབས་མ་དང་། རྡོ་རྗེ་བདེ་བ་ཟ་བྱེད་མ་དང་། རྡོ་རྗེ་བདེ་བ་རྨོངས་བྱེད་མ་དང་། རྡོ་རྗེ་བདེ་བ་ཚེ་འཕེལ་མ་དང་། རྡོ་རྗེ་གསང་བའི་གཟུང་གཅིག་མ་དང་། རྡོ་རྗེ་བདེ་སྐྱེད་མ་དང་། རྡོ་རྗེ་ཡུམ་གཅིག་མ་དང་། རྡོ་རྗེ་འཛུམ་གཅིག་མ་དང་། རྡོ་རྗེ་གྲགས་མ་དང་། རྡོ་རྗེ་རྒྱན་གཅིག་མ་དང་། རྡོ་རྗེ་མེ་ཏོག་གཟུང་ཅིག་མ་དང་། རྡོ་རྗེ་གསང་བའི་དབྱིངས་ཕྱུག་མ་དང་། རྡོ་རྗེ་ཐོགས་མེད་མ་དང་། རྡོ་རྗེ་གར་གྱི་དབང་ཕྱུག་མ་དང་། རྡོ་རྗེ་མཁའ་དབྱིངས་ཕྱུག་མ་དང་། རྡོ་རྗེ་ཀུན་ཏུ་བཟང་མོ་དང་། རྡོ་རྗེ་ཀུན་གསལ་མ་དང་། རྡོ་རྗེ་གསལ་འཕྲོ་མ་དང་། རྡོ་རྗེ་གསལ་མ་དང་། རྡོ་རྗེ་གྲུབ་མ་དང་། རྡོ་རྗེ་འཛིན་མ་དང་། རྡོ་རྗེ་བདེ་ཀློང་མ་དང་། རྡོ་རྗེ་གྲགས་འཛིན་མ་དང་། རྡོ་རྗེ་ཆགས་བྱེད་མ་དང་། རྡོ་རྗེ་བདེ་བདེ་མ་དང་། རྡོ་རྗེ་རླུང་སྡུད་བདེ་མ་དང་། རྡོ་རྗེ་གསལ་བདེ་མ་དང་། རྡོ་རྗེ་ཆགས་མ་དང་། རྡོ་རྗེ་སྡེར་མོ་དང་། རྡོ་རྗེ་ཐོ་བ་དང་། རྡོ་རྗེ་འཇིག་རྟེན་དབང་སྡུད་མ་དང་། གསང་བ་རྡོ་རྗེའི་ཡུམ་དང་། རྡོ་རྗེ་གཟུགས་འཛིན་

(༣༣༥)མ་དང་། རྡོ་རྗེ་གྲགས་མ་དང་། རྡོ་རྗེ་སྤུན་གཡོག་།།།མ་དང་། རྡོ་རྗེ་དཔལ་གྲུབ་མ་དང་། རྡོ་རྗེ་ལས་བྱེད་མ་དང་། རྡོ་རྗེ་གློག་འགྱུ་མ་དང་། རྡོ་རྗེ་དཔལ་འབར་མ་དང་། རྡོ་རྗེ་རརྣ་མ་དང་། རྡོ་རྗེ་ཡེ་ཤེས་འོད་འཕྲོ་མ་དང་། རྡོ་རྗེ་ཀུན་འགྲུབ་མ་དང་། རྡོ་རྗེ་བསམ་འཕེལ་ཞེས་བྱ་བ་ལ་སོགས་པའི་གསང་བའི་མཚན་གསོལ་བར་གསུངས། ཨོ་དཀར་བྲག་གི་གཏེར་གསར་སྔགས་བསྲུང་མའི་བསྐང་བ་ལས། སྔོན་ཚེ་བསྐལ་པའི་ཐོག་མ་ལ༔ ཆོས་དབྱིངས་ཀུན་ཏུ་བཟང་མོ་ཡིས༔ གཉིས་འཛིན་རུ་དྲ་བསྒྲལ་བའི་ཕྱིར༔ མ་མོ་གྱོད་དུ་སྤྲུལ་པར་མཛད༔ ཡང་དག་ཉིད་དུ་རྒྱལ་ཀུན་ཡུམ༔ རྣམ་པ་རག་གདོང་ཁྲོ་མོའི་གཟུགས༔ ཞེས་རྒྱལ་བ་ཐམས་ཅད་ཀྱི་ཡུམ་ཀུན་ཏུ་བཟང་མོ་ཉིད་ཡིན་པར་གསུངས་སོ། །མདོར་ན་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱང་རང་རིག་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་རྫོགས་པ་སྟེ༔ གང་སྣང་གི་སྣང་བ་

(༣༣༦)ཐམས་ཅད་རང་སེམས་ལས་ལོགས་སུ་མེད་ཅིང་། རང་སེམས་ཀྱི་ངོ་བོ་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་ཡེ་ནས་ལྷུན་རྫོགས་སུ་མཆིས་པས་དེའི་ཕྱིར་ན་དེ་ལྟར་ཡིན་པར་ངོ་ཤེས་པའི་སྒོ་ནས་རིག་སྟོང་ཁྱབ་གདལ་ཆེན་པོས་མཉམ་པར་འཇོག་པ་ནི་མ་མོའི་ལྟ་བ༔ རང་རིག་པའི་ཡེ་ཤེས་ཀྱི་རྩལ་སྣང་སྤྱད་བྱ་སྤྱོད་བྱེད་དང་བྲལ་བའི་ངང་དུ། སྣང་བ་སྐུ། གྲགས་པ་གསུང་། དྲན་རིགས་ཐུགས་སུ་རྒྱས་འདེབས་ཤིང་། རིག་པའི་སྒོ་ནས་ཕྲིན་ལས་རྣམ་པ་བཞི་སྐབས་དང་མཚམས་པར་སྤྱོད་པ་ནི་མ་མོའི་སྤྱོད་པ། གང་སྣང་གི་སྣང་བའི་ངོ་བོ་སྤྲོས་པ་དང་བྲལ་བ་མ་མོའི་ཆོས་ཉིད་དུ་ལྷུན་གྱི་གྲུབ་པས་གདོད་ནས་ཡེ་སངས་རྒྱས་པ་དང་། ཐམས་ཅད་ཀྱང་ཐབས་ཤེས་གཉིས་སུ་མེད་པའི་བདག་ཉིད་དེ་སྣང་སྟོང་ཟུང་འཇུག་གི་རང་བཞིན་དུ་རྫོགས་པ་གསལ་འགྲིབ་མེད་པར་འཇོག་པ་མ་མོའི་བསྒོམ་པ། དེ་ལྟར་རིག་པའི་སྒོ་ནས་སྣང་སྲིད་

(༣༣༧)མ་མོའི་དཀྱིལ་འཁོར་དུ་བསྒྲུབ་པ་ནི་མ་མོའི་སྒྲུབ་པ། རང་རིག་དང་ཡེ་ཤེས་སེམས་དང་སེམས་ཉིད། ཐབས་དང་ཤེས་རབ་སངས་རྒྱས་དང་སེམས་ཅན། འཁོར་བ་དང་མྱང་འདས། ཕྱི་ནང་དང་སྣོད་བཅུད་ཡུལ་དང་དབང་པོ་ཐམས་ཅད་གཉིས་མེད་དུ་སྦྱོར་བ་ནི་མ་མོའི་སྦྱོར་བ། ཁམས་གསུམ་རང་སེམས་སུ་ཤེས་པས་སྲིད་གསུམ་རྡོ་རྗེ་གསུམ་དང་། འཁོར་བ་མྱང་འདས་སྣང་སྲིད་ཐམས་ཅད་མ་མོའི་རང་བཞིན་དུ་སྒྲོལ་བ་ནི་མ་མོའི་སྒྲོལ་བ། སེམས་ཅན་ཐམས་ཅད་ཆོས་དབྱིངས་སུ་གསོ། ཕྱི་ནང་སྣོད་བཅུད་བྱང་ཆུབ་ཀྱི་སེམས་སུ་གསོ། ཉོན་མོངས་འདུ་བའི་ནད་ཀྱིས་ཟིན་པ་རྣམས་བདུད་རྩིའི་སྨན་གྱིས་གསོ་བ་ནི་མ་མོའི་གསོ་བ། དུག་ལྔ་ཡེ་ཤེས་ལྔ་དང་། དུག་གསུམ་སྐུ་གསུང་ཐུགས་སོགས་སུ་བསད་དེ་སྣང་སྲིད་ཐམས་ཅད་བསད་བྱ་བསོད་བྱེད་དང་བྲལ་བའི་ངང་དུ་བསད་པ་ནི་མ་མོའི་བསད་པ་སྟེ། གསང་རྒྱུད་ལས། སྣང་སྲིད་འདི་ལྟར་སྣང་

(༣༣༨)བའི་ཆོས། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན༔ མ་མོ་ཉིད་ལས་གཞན་མ་ཡིན༔ མ་ནི་ཀུན་གཞི་དབྱིངས་ཀྱི་ཀློང་༔ མོ་ནི་བྱང་སེམས་ཡེ་ཤེས་དང་༔ དབྱིངས་དང་ཡེ་ཤེས་རྟོགས་དོན་པ༔ མ་དང་མོ་ཡི་དོན་རྟོག་ཡིན༔ མ་མོ་དེ་ལྟར་རྟོག་པ་ནི༔ རྟོག་པ་མངོན་གྱུར་ལྟ་བ་ཡི༔ དེ་ལྟར་གཉིས་མེད་དོན་རྟོགས་ན༔ བགྲོད་པ་མེད་པའི་ས་ཆེན་ནོན༔ ཡང་ན་མ་མོའི་ལྟ་བ་ནི༔ མ་མོ་སྙིང་པོ་བྱང་ཆུབ་སེམས༔ སྙིང་པོ་ཉིད་ལས་གཞན་མ་ཡིན༔ སྙིང་པོ་བྱང་ཆུབ་ཡེ་སངས་རྒྱས༔ ཐམས་ཅད་དག་པས་སངས་རྒྱས་ཡིན༔ ལྷུན་གྱི་གྲུབ་པ་མ་མོ་ཡིན༔ གཉིས་སུ་མེད་པས་མ་མོ་ཡིན༔ རང་ལས་བྱུང་བའི་མ་མོ་ཡིན༔ ཡོངས་ལ་ཁྱབ་པའི་མ་མོ་ཡིན༔ ཅིར་ཡང་སྣང་བས་མ་མོ་ཡིན༔ གང་ཡང་འཆར་བས་མ་མོ་ཡིན༔ ཁྱབ་པར་གསལ་བས་མ་མོ་ཡིན༔ མི་འགྱུར་

(༣༣༩)མི་ཤིག་མ་མོ་ཡིན༔ གཅིག་ལས་མེད་པས་མ་མོ་ཡིན༔ ཐ་དད་སྣང་བས་མ་མོ་ཡིན༔ མ་མོ་བསྒྲུབ་ཅིང་སྒྲུབ་ཏུ་མེད༔ མ་མོ་བསྒོམ་ཞིང་བསྒྲུབ་ན་འགྲུབ༔ བགྲོད་དུ་མེད་པས་གར་ཡང་ཕྱིན༔ བཙལ་དུ་མེད་པས་གར་ཡང་གྲུབ༔ འདོགས་སུ་མེད་པས་ཐམས་ཅད་ཡིན༔ ཐ་དད་སྣང་བ་གཉིས་སུ་མེད༔ གཉིས་མེད་དོན་རྟོགས་མ་མོ་ཡིན༔ མ་ནི་སྙིང་པོ་བྱང་ཆུབ་སེམས༔ མོ་ནི་རང་བྱུང་ཡེ་ཤེས་ཡིན༔ སྙིང་པོ་བྱང་ཆུབ་སེམས་ལས་ནི༔ མ་མོ་གཞན་ནས་བཙལ་མི་རྙེད༔ རང་བྱུང་ཡེ་ཤེས་དེ་ཉིད་ཡིན༔ ཡེ་ནས་རྣམ་དག་སྙིང་པོ་ཉིད༔ ཡེ་ནས་ལྷུན་གྱིས་རྫོགས་པར་གནས༔ ཁྱུང་ཆེན་ནམ་མཁའ་ལྡིང་བའང་༔ སྣང་སྲིད་ཕྱི་རྒྱ་རླབས་ཀྱིས་ཆོད༔ སྙིང་པོ་བྱང་ཆུབ་ཉིད་ལས་ནི༔ མ་མོ་ཞེས་ནི་

(༣༤༠)བདག་སུ་མེད༔ སྙིང་པོ་བྱང་ཆུབ་སེམས་ལས་ནི༔ མ་མོ་གཞན་ནས་བཙལ་མི་རྙེད༔ སེམས་ལས་ཀུན་བྱུང་ཐམས་ཅད་སེམས༔ མ་མོ་བྱང་ཆུབ་སེམས་ཀྱིས་བརྒྱན༔ དེ་ལྟར་གཉིས་མེད་རྟོགས་པ་ན༔ མ་མོ་བསྒོམ་ཞིང་སྒྲུབ་མི་དགོས༔ མ་མོ་ལུས་ནི་གྲིབ་མ་འདྲ༔ ཞེས་གསུངས་སོ༔ ཁྲོས་མའི་གསང་རྒྱུད་ལས༔ ལྟ་བ་བསྟན་པའི་སྐབས་ཏེ་གཉིས་པའོ༔ དེ་ནས་སྤྱོད་པ་བཀའ་སྩལ་པ༔ གཟུགས་སུ་སྣང་བ་ཐམས་ཅད་ཀུན༔ མ་མོའི་སྐུའི་བདག་ཉིད་ཡིན༔ སྒྲ་རུ་གྲགས་པ་ཐམས་ཅད་ཀུན༔ མ་མོའི་གསུང་གི་བདག་ཉིད་ཡིན༔ སེམས་ཀྱི་དྲན་རྟོག་ཐམས་ཅད་ཀུན༔ མ་མོའི་ཐུགས་ཀྱི་བདག་ཉིད་ཡིན༔ རང་བྱུང་ཡེ་ཤེས་ཐམས་ཅད་ཀུན༔ མ་མོའི་ཡོན་ཏན་འདི་ཉིད་ཡིན༔ ཐམས་ཅད་རང་ལས་བྱུང་བས་ན༔ ཕྲིན་ལས་རྣམ་བཞི་ཅི་སྤྱད་ཀྱང་༔ མ་མོ་ཕྲིན་ལས་བདག་ཉིད་ཡིན༔ དེ་ལྟར་སྤྱད་ལུགས་ཅི་སྤྱད་ཀྱང་༔

(༣༤༡)ཐམས་ཅད་གཉིས་སུ་མེད་པར་སྤྱད༔ ཐམས་ཅད་མ་ལུས་མ་མོར་སྤྱད༔ མ་མོའི་སྙིང་པོ་སེམས་སུ་སྤྱད༔ ཅེས་གསུངས་སོ༔ ཁྲོས་མ་ནག་མོ་གསང་བའི་རྒྱུད་ལས། སྤྱོད་པ་བསྟན་པའི་སྐབས་ཏེ་གསུམ་པའོ༔ ཞེས་པ་དང་། རང་བྱུང་རྒྱལ་མོས་བཀའ་སྩལ་པ༔ སྣང་སྲིད་ཐམས་ཅད་མ་མོར་བསྒོམ༔ མ་མོ་བྱང་ཆུབ་སེམས་སུ་བསྒོམ༔ སེམས་ཉིད་ཡེ་སངས་རྒྱས་པར་བསྒོམ༔ ཐམས་ཅད་འབྱུང་བ་སེམས་སུ་བསྒོམ༔ འབྱུང་བ་ལྔ་ཉིད་ནམ་མཁར་བསྒོམ༔ ཕྱི་ནང་སྣོད་བཅུད་ཆོས་རྣམས་ཀུན༔ ཆོས་ཉིད་བྱང་ཆུབ་སེམས་སུ་བསྒོམ༔ དབྱིངས་དང་ཡེ་ཤེས་གཉིས་མེད་ན༔ དེ་ཡང་མ་མོ་བསྒོམ་པ་ཡིན༔ ཐབས་དང་ཤེས་རབ་གཉིས་མེད་ན༔ དེ་ཡང་མ་མོ་བསྒོམ་པ་ཡིན༔ འཁོར་བ་མྱང་འདས་གཉིས་མེད་ན༔ དེ་ཡང་མ་མོ་བསྒོམ་པ་ཡིན༔ སེམས་ཅན་སངས་རྒྱས་གཉིས་མེད་ན༔ དེ་ཡང་མ་མོ་བསྒོམ་པ་ཡིན༔

(༣༤༢)བདེ་དང་སྡུག་བསྔལ་གཉིས་མེད་ན༔ དེ་ཡང་མ་མོ་བསྒོམ་པ་ཡིན༔ ཤེས་རབ་ཏིང་འཛིན་གཉིས་མེད་ན༔ དེ་ཡང་མ་མོ་བསྒོམ་པ་ཡིན༔ ལྟ་བ་སྤྱོད་པ་གཉིས་མེད་ན༔ དེ་ཡང་མ་མོ་བསྒོམ་པ་ཡིན༔ ཕྱི་ནང་སྣོད་བཅུད་གཉིས་མེད་ན༔ དེ་ཡང་མ་མོ་བསྒོམ་པ་ཡིན༔ ཡུལ་དང་དབང་པོ་གཉིས་མེད་ན༔ དེ་ཡང་མ་མོ་བསྒོམ་པ་ཡི༔ མ་མོ་སེམས་སུ་གཉིས་མེད་ན༔ བསྒོམ་པ་མེད་པའི་བསྒོམ་པ་ཡིན༔ ཞེས་གསུངས་སོ༔ ཁྲོས་མ་ནག་མོའི་གསང་རྒྱུད་ལས༔ བསྒོམ་པ་བསྟན་པའི་སྐབས་ཏེ་བཞི་པའོ༔ དེ་ནས་མ་མོ་བསྒྲུབ་པ་ནི༔ སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན༔ ཐམས་ཅད་མ་མོར་བསྒྲུབ་པར་བྱ༔ མ་མོ་རང་བྱུང་སེམས་སུ་བསྒྲུབ༔ སེམས་ཉིད་ཡེ་སྒྲུབ་ཆེན་པོ་ཡིན༔ སྣང་མེད་ཀུན་ཏུ་སྣང་བའི་གདོས་པ་ཅན༔ བྱ་བ་བྱེད་ཅིང་མཚན་ཉིད་ཅི་དགར་འགྱུར༔ ནོར་བུ་རིན་ཆེན་ལྟ་བུའི་སེམས་ཉིད་དེ༔ མ་མོ་

(༣༤༣)འགྲོ་བ་སེམས་ཅན་ཡོངས་ལ་འཕྲོ༔ དེ་ཉིད་མ་སྤངས་མ་མོའི་བསྒྲུབ་པ་ཡིན༔ ཞེས་གསུངས་སོ༔ ཁྲོས་མ་ནག་མོའི་རྒྱུད་ལས། བསྒྲུབ་པ་བསྟན་པའི་སྐབས་ཏེ་ལྔ་པའོ། ལྷ་མོ་བདེ་བྱེད་ཡང་གསོལ་པ༔ དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ༔ སྒོམ་སྒྲུབ་གཉིས་ནི་བདག་གོ་ན༔ ཉིད་ཀྱི་སྦྱོར་སྒྲོལ་ཇི་ལྟར་ལགས༔ རང་བྱུང་རྒྱལ་མོས་བཤད་དུ་གསོལ༔ དེ་སྐད་གསོལ་པ་གསན་ནས་ཀྱང་༔ རང་བྱུང་རྒྱལ་མོས་བཀའ་སྩལ་པ༔ བདེ་གཤེགས་ཐུགས་ཀྱི་ཡེ་ཤེས་ལས༔ རང་རིག་ཡེ་ཤེས་བློ་ཡིས་སྦྱར༔ ཐམས་ཅད་ཆོས་ཀྱི་ཆོས་ཉིད་ལ༔ སེམས་ཀྱི་སེམས་ཉིད་གཉིས་མེད་སྦྱོར༔ ཐབས་དང་ཤེ་རབ་གཉིས་མེད་སྦྱོར༔ སངས་རྒྱས་སེམས་ཅན་གཉིས་མེད་སྦྱོར༔ འཁོར་བ་མྱང་འདས་གཉིས་མེད་སྦྱིར༔ ཡུལ་དང་དབང་པོ་གཉིས་མེད་སྦྱོར༔ སྣང་སྲིད་

(༣༤༤)ཐམས་ཅད་མ་མོར་སྦྱོར༔ སེམས་ཉིད་ཡེ་སྦྱོར་ཆེན་པོ་ཡིན༔ དེ་ལྟར་གཉིས་མེད་སྦྱོར་བ་ན༔ དེ་ནི་མ་མོའི་སྦྱོར་བ་ཡིན༔ ཞེས་གསུངས་སོ༔ ཁྲོས་མ་ནག་མོའི་གསང་རྒྱུད་ལས༔ སྦྱོར་བ་བསྟན་པའི་སྐབས་ཏེ་དྲུག་པའོ༔ དེ་ནས་སྒྲོལ་བ་བསྟན་པ་ནི༔ ཁམས་གསུམ་ཐམས་ཅད་རང་གི་སེམས་ཡིན་པས༔ ཡེ་སངས་རྒྱས་པའི་ཁམས་གསུམ་ཡོངས་སྒྲོལ་ལོ༔ སྣང་སྲིད་ཐམས་ཅད་རང་གིས་སེམས་ཡིན་པས༔ ཡེ་སངས་རྒྱས་པས་བྱ་བྱེད་འབད་རྩོད་བྲལ༔ སྲིད་གསུམ་དག་པའི་ཞིང་དུ་ཡེ་གྲོལ་ཡིན༔ སེམས་ཅན་རྒྱུད་དྲུག་ཕུང་པོར་སྣང་བ་ཡང་༔ རང་གི་སེམས་ཉིད་ཡིན་ཏེ་ཡེ་སངས་རྒྱས༔ རྒྱུད་དྲུག་འཁོར་བར་དག་པའི་ཞིང་དུ་སྒྲོལ༔ རྒྱུ་ལྔ་ལས་ཀྱི་སྒོ་ཡང་རང་གི་སེམས༔ སེམས་ཉིད་སངས་རྒྱས་ངན་སོང་ལམ་ཡང་མེད༔ ཡེ་ནས་དག་པས་དག་པའི་ཞིང་དུ་སྒྲོལ༔ སྣང་སྲིད་ཐམས་ཅད་

(༣༤༥)མ་མོའི་ངང་དུ་བསྒྲལ༔ མ་མོ་མཁའ་འགྲོའི་བྱང་ཆུབ་སེམས་སུ་བསྒྲལ༔ སེམས་ཉིད་སངས་རྒྱས་ཡེ་གྲོལ་ཆེན་མོ་ཡིན༔ ཞེས་གསུངས་སོ༔ ཁྲོས་མ་ནག་མོའི་རྒྱུད་ལས༔ སྒྲོལ་བ་བསྟན་པའི་སྐབས་ཏེ་བདུན་པའོ༔ ལྷ་མོ་བདེ་བྱེད་ཡང་གསོལ་པ༔ སྦྱོར་སྒྲོལ་གཉིས་ནི་བདག་གོ་ན༔ ཉིད་ཀྱི་གསོ་བ་ཇི་ལྟར་ལགས༔ སྦྱོར་སྒྲོལ་བདག་མོས་བཤད་དུ་གསོལ༔ དེ་སྐད་གསོལ་བ་གསན་ནས་ཀྱང་༔ རང་བྱུང་རྒྱལ་མོས་བཀའ་སྩལ་པ༔ འཁོར་བའི་སེམས་ཅན་ཐམས་ཅད་ཀུན༔ བདེ་ཆེན་ཆོས་ཀྱི་དབྱིངས་སུ་གསོལ༔ ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན༔ སྙིང་པོ་བྱང་ཆུབ་སེམས་སུ་གསོ༔ ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས༔ ཁམས་གསུམ་སེམས་ཅན་ཉོན་མོངས་གསོ༔ འདུ་བའི་ནད་ཀྱི་ཟིན་པ་རྣམས༔ བདུད་རྩི་ཆེན་པོའི་སྨན་གྱིས་གསོ༔ ཐུགས་རྗེའི་རྒྱུན་ཐག་ཆད་པ་རྣམས༔

(༣༤༦)རང་བྱུང་ཡེ་ཤེས་ཐུགས་རྗེས་གསོ༔ དམ་ཚིག་རྒྱུན་ཐག་ཆད་པ་རྣམས༔ མི་བརྗེད་གཟུངས་ཀྱི་ཐུགས་རྗེས་གསོ༔ སེམས་ཀྱི་དེ་ཉིད་མ་རྟོགས་ན༔ ཤེས་རབ་ཏིང་འཛིན་བརྟན་པོས་གསོ༔ མ་མོ་མཁའ་འགྲོའི་གདུག་གཏུམ་པ༔ སྙིང་པོ་བྱང་ཆུབ་སེམས་སུ་གསོ༔ ཞེས་གསུངས་སོ༔ ཁྲོས་མ་ནག་མོའི་རྒྱུད་ལས༔ གསོ་བ་བསྟན་པའི་སྐབས་ཏེ་བརྒྱད་པའོ༔ བསད་པའི་སྦྱོར་བ་བསྟན་པ་ནི༔ དུག་ལྔ་ཡེ་ཤེས་ལྔ་རུ་བསད༔ དུག་གསུམ་སྐུ་གསུང་ཐུགས་སུ་བསད༔ སྡུག་བསྔལ་བདེ་བ་ཆེན་པོར་བསད༔ འཁོར་བ་མྱ་ངན་འདས་པར་བསད༔ ཤེས་རབ་མེ་ལྕེ་འབར་བ་ཡིས༔ གཟུང་འཛིན་རླུང་དམར་འཁྲུག་མར་བསད༔ ཤེས་རབ་མེ་སྟག་ཚན་པོ་ཆེ༔ རྣམ་རྟོག་གྲུ་ཆར་འབབ་པར་བསད༔ རྣམ་པར་རྟོག་པའི་ཁྱད་པར་གྱིས༔ མ་རྟོགས་རྨོངས་པའི་གཏི་མུག་བསད༔ ཡེ་ཤེས་ཉི་མ་འོད་གསལ་བས༔

(༣༤༧)གཏི་མུག་མུན་པ་འཐིབ་པར་བསད༔ སྣང་སྲིད་ཆོས་རྣམས་སེམས་སུ་བསད༔ མ་མོ་མཁའ་འགྲོའི་དབྱིངས་སུ་བསད༔ ཤི་བ་མེད་པར་ཡེ་བསད་ཡིན༔ སེམས་ཅན་ཐམས་ཅད་སེམས་སུ་བསད༔ རྟོགས་པ་མངོན་དུ་གྱུར་པ་དང་༔ ཏིང་འཛིན་ལས་སུ་རུང་བ་ན༔ སྣང་སྲིད་ཐམས་ཅད་བསད་པར་བྱ༔ བསད་དུ་མེད་དེ་ཡེ་བསད་ཡིན༔ ཞེས་གསུངས་སོ༔ དེ་ལྟ་བུའི་བཤད་ཚུལ་ནི༔ ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ལས༔ སྣང་སྲིད་ཆོས་ཀུན་གདོད་མ་ནས༔ རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གྲུབ༔ ཅེས་གསུངས་པ་དང་། ཡང་ཤིན་ཏུ་འབྱོར་ཞིང་སྤྲོ་བར་བྱ་བ་མང་བ་སྟེ་རེ་ཞིག་དེ་ཙམ་མོ། ༈ །ཇོ་མོ་བཀྲ་ཤིས་ཚེ་རིང་མ་སོགས་མཆེད་ལྔ་ནི་བརྟན་མ་བཅུ་གཉིས་ཀྱི་ཁོངས་སུ་མ་འདུས་པ་མེད་ཀྱང་། ཡབ་ལྷོ་ལྷ་ཐེངས་པོ་དང་། ཡུམ་འབྲང་ཡུམ་སྨན་གཅིག་མར་མིང་པོ་བདུན་དང་

(༣༤༨)སྲིང་མོ་ལྔ་འཁྲུངས་པའི། སྲིང་མོའི་དང་པོ་བཀྲ་ཤིས་ཚེ་རིང་། གཉིས་པ་མཐིང་གི་ཞལ་བཟང་། གསུམ་པ་མི་གཡོ་གླང་བཟང་མི་གཡོ་བློ་བཟང་དུ་ཡང་གྲགས། བཞི་པ་ཅོད་པཎ་མགྲིན་བཟང་། ལྔ་པ་གཏད་དཀར་འགྲོ་བཟང་སྟེ། དང་པོས་ཚེ་སྩོལ་གཉིས་པས་པྲ་སྟོན། གསུམ་པས་ཟས། བཞི་པས་ནོར། ལྔ་པས་རྐང་བཞིའི་དངོས་གྲུབ་སྩོལ་བར་མཛད་དོ༔ རྡོ་རྗེ་གདན་གྱི་བྱང་ཕྱོགས། བལ་བོད་ཀྱི་མཚམས། གངས་མཐོན་མཐིང་རྒྱལ་མོའི་གནས་སུ་བཞུགས་ཏེ་མི་ལ་བཞད་པའི་རྡོ་རྗེས་མཛད་པའི་གཏོར་ཆོག་ལས། རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །བལ་བོད་གཉིས་ཀྱི་སོ་མཚམས་ན། །གངས་དཀར་ཤེལ་གྱི་ཅོད་པན་ཅན། །ཞེས་པ་དང་། ཁྱོད་ཀྱི་ཆོ་དང་འབྲང་སྨོས་ན། ཡབ་ནི། ཡབ་ནི་ལྷོ་ལྷ་འཐེངས་པོ་ཡིན། །ཡུམ་ནི་འབྲང་ཡུམ་སྨན་

(༣༤༩)གཅིག་མ། །མིང་པོ་བདུན་ལ་སྲིང་མོ་ལྔ། །ལྔ་ཚིགས་དབུས་ཀྱི་གཙོ་མོ་སྟེ། །ཞེས་གསུངས། རྡོ་རྗེ་གཡུ་སྒྲོན་མ་ནི། མཆེད་ལྔའི་ནང་ཚན་མཐིང་གི་ཞལ་བཟང་མར་བཤད། འདི་ལ་ཕྱི་སྨན་བཙུན་མཆེད་ལྔ། །ནང་ཚངས་པའི་སྲས་མོ་མཆེད་ལྔ། །གསང་བ་མཁའ་འགྲོ་སྡེ་ལྔ་དང་། །ཕྱི་རྡོ་རྗེ་གཡུ་སྒྲོན་ནང་གནོད་སྦྱིན་ཕག་གདོང་མ། གསང་བ་འབར་མ་ཆེན་མོ་ཙཎྜི་ཀ །ཡང་གསང་སྤྱང་ཞོན་ནག་མོ་ཞེས་བཤད་དོ། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་རབ་འབྱམས་པའི་གཡུ་སྒྲོན་མའི་སྒྲུབ་ཐབས་ཟླ་བ་འདོད་འཇོ་ལས། ཕྱི་ལྟར་སྨན་བཙུན་ཆེད་ལྔ་ལ། །ནང་ལྟར་ཡིད་འོང་ལྷ་མོ་ལྔ། །གསང་བར་མཁའ་འགྲོ་ལྔ་ཡིན་པས། །སྐུ་གསུང་ཐུགས་ཀྱི་དེ་ལྟར་སྒྲུབ། །ཅེས་པ་དང་། དེའི་ནང་སྒྲུབ་འཆད་པའི་སྐབས་སུ། །ཚངས་པ་ལྷ་ཡི་འཇིག་རྟེན་ན། །ལྷ་མོ་མེ་

(༣༥༠)ཏོག་མན་ད་ར། །ཞེས་གསུངས། གཏེར་སྟོན་སྟག་ཤམ་པ་ནུས་ལྡན་རྡོ་རྗེའི་གཏེར་བྱོན་གྱི་གཡུ་སྒྲོན་མའི་སྒྲུབ་བསྐོར་ལས། ཕྱི་གཡུ་སྒྲོན་མར་བསྒྲུབ་པ་གསུངས་པའི་རྗེས་སུ། གཏེར་བདག་རྡོ་རྗེ་གཡུ་སྒྲོན་མ༔ །གནོད་སྦྱིན་མ་ཡི་སྒྲུབ་ཐབས་བསྟན། །ཞེས་བཤད་ནས། གནོད་སྦྱིན་ཆེན་མོ་ཕག་མོའི་དབུ༔ གསེར་གྱི་མདོག་འདྲ་གཡས་གྲི་གུག༔ གཡོན་པ་ཐོད་པ་ཐོད་ཁྲག་ཐུགས་ཀར་བསྣམས༔ ཞེས་པ་དང་། གསང་སྒྲུབ་ཀྱི་སྐབས་སུ། ལྷ་མོ་འབར་བའི་གདོང་པ་ཅན༔ བཙན་མོ་ནག་མོ་ཙཎྜི་ཀ༔ ཀླུ་མོ་ཙིཏྟ་དུག་ཐུར་མ༔ བརྟན་མ་རྡོ་རྗེ་གཡུ་སྒྲོན་མ༔ ཞེས་པ་དང་། མ་མོ་ཁྱོད་ཀྱི་ཆ་ལུགས་ནི༔ སྐུ་མདོག་དམར་མོ་ར་གའི་མདོག༔ ཅེས་པ་དང་། ཆིབས་སུ་དྲེལ་རྟ་དམར་པོ་བཅིབས༔ ཕྱག་གཉིས་རལ་དྲི་ཐོད་ཁྲག་བསྣམས༔ ཞེས་གསུངས། ཡང་གསང་སྤྱང་

(༣༥༡)ཞོན་མའི་སྐབས་སུ། མ་མོ་རྡོ་རྗེ་སྤུན་གཡོག་མ༔ ཐུགས་ཁྲོས་གསང་བའི་མཁའ་འགྲོ་མ༔ སྤྱང་ཞོན་ནག་མོའི་སྒྲུབ་ཐབས་བསྟན༔ ཞེས་མ་མོ་ནག་མོ་གྲི་ཐོད་འཛིན་པ་ལྕགས་སྤྱང་མགོ་དགུར་ཆིབས་པ་འཁོར་ཚེ་འཕྲོག་མ་དམར་མོ་སྟག་མོ་མགོ་དགུ་དང་། དབུགས་འཕྲོག་མ་སྔོན་མོ་ཟངས་འཕར་མགོ་དགུར་ཞོན་པ་གསུངས། གཏེར་ཁ་འདིའི་སྤུན་གཡོག་མའི་ལས་བྱང་ལས། མ་མོ་ཆེན་མོ་དྲག་མོར་ཁྲོས་པའི་ཚེ༔ མ་མོ་འབར་གདོང་དམར་མོ་ཙཎྜི་ཀ༔ ཞེས་པ་དང་། གསུང་ལས་སྤྲུལ་པའི་མ་མོ་དུར་ཕག་གདོང་༔ ཞེས་པ་དང་། མ་མོའི་ཐུགས་སྤྲུལ་ཁྲོས་ནག་སྤྱང་ཞོན་མ༔ ཞེས་པ་དང་། སྤྲུལ་པའི་ཕྱག་བརྙན་སྨན་མོ་མཆེད་ལྔ་ནི༔ གནམ་སྨན་ཆེན་མོ་གཡུ་འབྲུག་སྔོན་མོ་ཆིབས༔ གངས་སྨན་རྩེ་རེ་སེང་གེ་དཀར་

(༣༥༢)མོ་ཆིབས༔ གཡའ་སྨན་སི་ལི་ཤ་བ་ཡུ་མོ་ཆིབས༔ མཚོ་སྨན་མེ་རེ་ཆུ་གླང་སྔོན་མོ་ཆིབས༔ སྤང་སྨན་ལྡེམ་མེ་རི་རྐྱང་གྭ་པ་ཆིབས༔ ཞེས་པ་དང་། རྒྱལ་བའི་ཡུམ་གྱུར་རྡོ་རྗེ་གཡུ་སྒྲོན་མ༔ ཆོས་སྐུའི་དབྱིངས་ལས་སྤྲོས་པ་མི་མངའ་ཡང་༔ ལོངས་སྐུ་རིགས་ལྔ་མ་མོ་མཁའ་འགྲོའི་ཚུལ༔ སྤྲུལ་སྐུ་ཆེན་པོ་བརྟན་མ་ཁྱོད་ལ་བསྟོད༔ ཅེས་གསུངས། གཏེར་ཁ་འདིའི་གཡུ་སྒྲོན་མའི་བསྐང་མདོས་ལས༔ ཡབ་ནི་ལྷ་རྒྱལ་སྟག་གཞུ་ཅན༔ ཡུམ་ནི་གངས་སྨན་རྒྱལ་མོ་སྟེ༔ སྲས་མོ་རྡོ་རྗེ་གཡུ་སྒྲོན་མ༔ ཞེས་ཡབ་ལྷ་རྒྱལ་སྟག་ཞུ་དང་། ཡུམ་གངས་སྨན་རྒྱལ་མོ་ལས་འཁྲུངས་པར་བཤད༔ ཀོང་བཙུན་དེ་མོ་ནི༔ རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་བྱོན་ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་ལས། བདག་འདྲ་པདྨ་འབྱུང་གནས་ཀྱི༔ མ་མོ་

(༣༥༣)མཁའ་འགྲོ་བརྟན་མ་ལ་སོགས་དམ་ལ་བཏགས་པའི་དུས་སུ༔ ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་བ་དེ་ཡིས༔ མོ་རང་གི་སྒྲུབ་ཐབས་སྲོག་སྙིང་ཕུལ་ནས་ལོ་རྒྱུས་བརྗོད་པ་ནི༔ སྔོན་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་རྒྱལ་པོ་ཨིནྡྲ་བོ་དྷི་ལ༔ སྲིང་མོ་ལྔ་ཡོད་པ་ལ༔ ཆེ་བ་ལྷ་ལྕམ་ལེགས་སྨིན་ཀ་ར་ཞེས་བྱ་བས༔ མིང་པོའི་ལས་མཛད་པ་ལས༔ ཡབ་རྒྱལ་པོའི་བཀའ་ཆད་དྲག་པོ་བྱུང་༔ དེ་ལ་མོ་ན་རེ་ཡབ་ཀྱི་ཆད་པ་གཅོད་མི་དགོས༔ ང་རང་གིས་ཁྲིམས་ང་རང་གིས་བཅད་ཆོག་ཟེར་ནས། གསེར་གྱི་སྤུ་གྲིས་མོ་རང་གི་སྐེ་བཅད་པ་ལ་ཁྲག་དཀར་པོ་བབས༔ སླར་ཡང་གྲོང་ཁྱེར་ལ་ལན་བདུན་སྐོར་བ་བྱས་པས་ཀུན་གྱི་ཡ་མཚན་དུ་མཐོང་༔ མིང་ཡང་ཕག་མོ་དབུ་བཅད་མ་ཆེན་མོར་གྲགས་སོ༔ བུ་མོ་དེའི་འོག་མ་ལྷ་ལྕམ་དཀར་རྒྱན་ཞེས་

(༣༥༤)བྱ་བ་དང་༔ དེའི་འོག་མ་ལྷ་ལྕམ་ལེགས་གྲུབ་དང་༔ ཆུང་ཤོས་ལྷ་ལྕམ་ལྡན་ཁྲི་ཟེར་བ་ལས་དེ་ཚེ་འཕོས་ཏེ༔ རྒྱ་གར་གྱི་རྒྱལ་པོ་ཁྲི་ལྡེ་གཙུག་གི་བུ་མོར་སྐྱེས༔ མིང་ཡང་ཏིང་ཏིང་ཞང་གི་སྨན་གཅིག་ཏུ་གྲགས༔ དེ་ནས་ཚེ་འཕོས་ཏེ་བོད་དུ་སྐྱེས༔ ཡབ་ལྷ་རྗེ་འབྲོམ་དང་ཡུམ་ལྷ་སྨན་རྒྱལ་མོ་གཉིས་ལ༔ སྲས་ཕོ་གསུམ་སྲས་མོ་གསུམ་དྲུག་བྱུང་༔ བུ་ཆེ་བ་ཀོང་ལྷ་དཀར་པོ༔ འབྲིང་པོ་གངས་ལྡེམ་རྒྱལ་པོ༔ ཆུང་མ་དེ་ལྡེམ་རྒྱལ་མོ༔ སྲིང་མོ་ཆེ་བ་ཀོང་བཙུན་དེ་མོ༔ འབྲིང་མ་བཅུད་ལོན་རྒྱལ་མོ༔ ཆུང་མ་བུ་མོ་གཡུ་མོ་དང་གསུམ་མོ༔ དེ་ལ་ཀོང་བཙུན་དེ་མོ་ནི་རྒྱན་དང་ཆ་ལུགས་ཕུན་སུམ་ཚོགས་པ་མཛེས་ཤིང་འོད་དུ་ཆགས་པ༔ གཟི་བརྗིད་ཀྱི་རྒྱལ་ཁམས་ཐམས་ཅད་དབང་དུ་སྡུད་པ་ཞིག་བྱུང་༔ ཁྱད་པར་ཀོང་རལ་གསུམ་གྱི་ལྷ་འདྲེ་མི་གསུམ་དབང་དུ་སྡུད་ཅིང་འཁོར་དང་

(༣༥༥)ལོངས་སྤྱོད་རྒྱས་ཏེ༔ རྒྱ་བོད་མཚམས་སུ་ཕྱིན་པས༔ སློབ་དཔོན་ཆེན་པོ་པདྨ་བཛྲ་དང་མཇལ་དམ་ཚིག་གི་རྡོ་རྗེས་གཟིར་བས༔ རང་གཟུགས་ཁྱིམ་བྱ་དེ་མོའི་གཟུགས་སུ་བྱུང་༔ སྔོན་གྱི་སྨོན་ལམ་གྱི་མཐུས་ལྷ་སྲིན་གདུག་པ་ཅན་འདུལ་དོན་དུ་ལས་ཀྱི་ཕྱག་རྒྱ་མཛད༔ སྲོག་སྙིང་ཕུལ། མ་འོང་པའི་དུས་སུ་ཆོས་མཛད་སྐྱེས་བུ་དམ་པ་རྣམས་སྐྱོང་བར་ཞལ་གྱིས་བཞེས་ན༔ དམ་བཅའ་དང་ཁས་བླངས་པ་ཡིན་ནོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས། དེ་མོ་འདི་ལ་ཕྱི་བདུད་མོ་ལྟར་བསྒྲུབ་པ༔ ནང་གནོད་སྦྱིན་མར་བསྒྲུབ་པ་འདི་ནས་ཆད་འདུགས་གསུམ་གསུངས་ནས༔ ཀོང་པོར་ཀོང་བཙུན་དེ་མོ། རྒྱ་གར་དུ་ཏིང་ཏིང་ཤག །བོད་ཡུལ་དུ་འཕྲུལ་ཏིང་ཞང་༔ གུ་རུའི་དྲུང་དུ་རྡོ་རྗེ་བོད་ཁམས་སྐྱོང་༔ ཉི་མའི་འོད་བྱེད་དཔལ་འབར༔ ལྷ་མོ་དཔལ། འོད་འབར་མ། གཡུ་སྒྲོན་མ་

(༣༥༦)རྡོ་རྗེ་དཔལ་འཕྲེང་། ནག་མོ་ཚེ་འཕྲོག །སྲོག་གི་བཤན་མོ། ཞེས་རྣམས་མཚན་གྱི་རྣམ་གྲངས་སུ་གསུངས་ཏེ། གསོལ་ཁ་ལས་སྲིང་གཅིག་ཀོང་བཙུན་དེ་མོ་ནི། རྒྱ་གར་ཡུལ་དུ་ཏིང་ཏིང་ཤག །གཡུང་དྲུང་བོན་གྱི་འཕྲུལ་ཏིང་ཞང་། །ཀོང་ཡུལ་མཐིལ་དུ་དེ་མོ་བཞེས། །གུ་རུའི་དྲུང་དུ་བོད་སྐྱོང་མ། །ཉི་མའི་འོད་བྱེད་དཔལ་འབར་དང་། །ལྷ་མོ་དཔལ་དང་འོད་འབར་མ། །གཡུ་སྒྲོན་རྡོ་རྗེ་དཔལ་འཕྲེང་དང་། །ནག་མོ་ཚེ་འཕྲོག་སྲོག་བཤན་མོ། །གནམ་ས་ཕྱེད་ཀྱི་བདག་མོ་མཛད། །ཅེས་གསུངས། རིག་འཛིན་རྒོད་ལྡེམ་གྱི་ཤར་དུང་མཛོད་དཀར་མོ་ནས་སྤྱན་དྲངས་པའི་བརྟན་མའི་ལོ་རྒྱུས་ལས། འོག་མིན་ཆོས་ཀྱི་དབྱིངས་ནས་འཇིག་རྟེན་གྱི་ཁམས་སུ་སྤྲུལ་པ་འགྱེད་པའི་དུས་ལ་བབས་པའི་ཚེ། གསང་བའི་བདག་པོས་ཞུས་པ། ཀྱཻ། ཡེ་ཤེས་ཆེན་པོ་ཐུགས་

(༣༥༧)རྗེའི་བདག༔ མི་མཇེད་འཇིག་རྟེན་འདུལ་བ་ཡི༔ ཐུབ་པ་སྤྲུལ་སྐུ་མྱ་ངན་འདས༔ སངས་རྒྱས་བསྟན་པ་མི་གནས་པས༔ རྒྱལ་ཚབ་སྤྲུལ་སྐུ་གཤེགས་སུ་གསོལ༔ ཞེས་ཞུས་པས། བདེ་བར་གཤེགས་པ་རྣམ་པར་སྣང་མཛད་སྐུའི་རིགས་ཐམས་ཅད་ཀྱི་ཐིག་ལེ་དཀར་པོ་ཨོཾ་གྱི་ས་བོན་དང་བཅས་པ་ཐམས་ཅད་སྤྲོས༔ གསུང་གི་རིགས་འོད་དཔག་ཏུ་མེད་པའི་ལྷ་ཚོགས་ཀྱིས༔ ཐིག་ལེ་དམར་པ་ཧྲཱི ཡིག་གི་ས་བོན་དང་བཅས་པ་སྤྲོས༔ ཐུགས་ཁྲག་འཐུང་ཧེ་རུ་ཀའི་ལྷ་ཚོགས་ཀྱིས༔ ཐིག་ལེ་མཐིང་ག་ཧཱུཾ་ཡིག་གི་ས་བོན་དང་བཅས་པ་སྤྲོས་པས༔ ཡི་གེ་འབྲུ་གསུམ་འོད་ལྔའི་།།།དང་བཅས་པ་འཇིག་རྟེན་ཁམས་སུ་བབས་པ་ལས༔ ཞག་སུམ་ཅུ་རྩ་གསུམ་ན་སྤྲུལ་པའི་སྐུ་བྱོན་ཏེ༔ འཁོར་ལོས་བསྒྱུར་བའི་རྒྱལ་རིགས་སུ་ཨིནྡྲ་བོ་དྷི་དང་མཇལ་ནས་

(༣༥༨)སྤྱན་དྲངས༔ དེ་ལ་མཚན་གསུམ་བཏགས་ཏེ༔ སྐུའི་སྤྲུལ་པ་ཡིན་ཏེ་རྒྱལ་པོ་ཐོར་ཅོག་ཅན་ཞེས་བྱའོ༔ གསུང་གི་སྤྲུལ་པ་པདྨ་འབྱུང་གནས་ཞེས་བྱ༔ ཐུགས་ཀྱི་སྤྲུལ་པ་མཚོ་སྐྱེས་རྡོ་རྗེ་ཞེས་བྱ༔ དེ་ལྟར་སྤྲུལ་སྐུ་ཆེན་པོ་དེས༔ འཇིག་རྟེན་གྱི་ཁམས་ཐམས་ཅད་རྗེས་བཏུལ་ཏེ། སྟེང་གི་གཟའ་ཐམས་ཅད་དམ་ལ་བཏགས༔ བར་སྣང་གི་གློག་སྲིན་ཐམས་ཅད་དམ་ལ་བཏགས༔ ས་སྟེང་གི་སྐྱེད་ཐམས་ཅད་དམ་ལ༴ ས་འོག་གི་ཀླུ་གཉན་ཐམས་ཅད༴ དེ་ནས་སློབ་དཔོན་ཆེན་པོས་རྒྱ་གར་དང་བལ་པོའི་མཚམས་སུ་བྱོན་ཏེ༔ ཨ་སུ་རའི་བྲག་ཕུག་ཏུ་ལྷ་མ་སྲིན་དབང་དུ་བསྡུ་བའི་སྒྲུབ་པ་མཛད་པས༔ དེའི་ཚེ་བོད་ཁ་བ་ཅན་གྱི་བརྟན་མ་བཅུ་གཉིས་ཀྱི་སྲོག་གི་སྙིང་པོ་འབུལ་དུ་འོངས་སོ༔ དེའི་ཚེ་སློབ་དཔོན་ཉིད་ཀྱི་མཁྱེན་བཞིན་དུ་གསུངས་པ༔ ཁྱེད་ལྷ་སྲིན་མོ་འདི་རྣམས་ཀྱིས་ལས་ཅི་ནུས༔ སྲོག་སྙིང་གང་ཡིན་གསུངས་པས༔

(༣༥༩)བརྟན་མ་རྣམས་ཀྱིས་ཞུས་པ༔ ཀྱཻ། དཔལ་ཆེན་སྤྲུལ་པའི་སྐུ༔ བདག་ཅག་རྣམས་ཀྱིས་བོད་ཁ་བ་ཅན་གྱིས་ས་མཚམས་བསྲུང་ནུས༔ སྲོག་གི་སྙིང་པོ་སོ་སོར་མཆིས་ཏེ་སློབ་དཔོན་ཉིད་ལ་འབུལ་ཟེར་རོ༔ བཛྲ་ཏིང་ཏིང་ཧ༔ བཛྲ་ལི་ལི་ཧཱུཾ༔ བཛྲ་མ་མ་བྷྱ༔ བཛྲ་ཏིང་ཏིང་ཧཱུཾ། ཞེས་བདུད་མོ་བཞིས་འབུལ་ལོ༔ བཛྲ་མ་ལི་ཧཱུཾ༔ བཛྲ་ཡི་ཧ་ཧཱུཾ༔ བཛྲ་ཡུ་ཏི་ཧཱུཾ༔ བཛྲ་ཏིང་ཏིང་ཧེ༔ ཞེས་གནོད་སྦྱིན་མ་བཞིས་ཕུལ་ལོ། །བཛྲ་ཀི་ལི་ཧཱུཾ༔ བཛྲ་པྲ་ཏི་ཧཱུཾ་ཧཱུཾ༔ བཛྲ་ཀི་ལི་ཧཱུཾ༔ བཛྲ་སིངྐ་ལི་ཧཱུཾ་ཞེས་སྨན་མོ་བཞིས་ཕུལ་ལོ༔ དེར་སྲོག་སྙིང་རྣམས་བྱིན་གྱིས་བརླབས་ཏེ། འདི་སྐད་གསུངས་སོ། ཧཱུཾ། བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ༔ མཐོ་གཙང་གངས་རིའི་ཁྲོད་འདི་རུ༔ གནས་ཤིང་བརྟན་པ་བསྲུང་མཛད་པའི༔ དམ་ལྡན་བརྟན་མ་བཅུ་གཉིས་པོ༔ བསྟན་པ་བསྲུང་ཕྱིར་

(༣༦༠)གཤེགས་སུ་གསོལ༔ ཨེ་ཨ་ར་ལི་ཧྲིང་ཧྲིང་༔ བདུད་མོ་ཆེན་མོ་བཞིན་མི་སྡུག་གི་སྲས༔ བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ དམ་ཅན་ལྷ་རིགས་རྡོ་རྗེ་གཡའ་མ་སྐྱོང་༔ གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་༔ འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ༔ བདུད་མོ་ཆེན་མོ་ཁྱེད་བཞི་ཡང་༔ སྔོན་གྱི་རང་དམ་དྲན་པར་གྱིས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གནོད་སྦྱིན་དམར་མོ་ཁྲོ་གཉེར་ཅན་གྱིས་སྲས༔ གངས་དཀར་ཤ་མེད་རྡོ་རྗེ་གཡུ་བུན་མ༔ གསེར་ཆེན་མཁའ་ལྡིང་རྡོ་རྗེ་བླ་མོ་ཆེ༔ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ གནོད་སྦྱིན་ཆེན་མོ་མཆེད་བཞི་ཡང་༔ སྔོན་གྱི་རང་དམ༴ མཆོད་སྦྱིན་གཏོར་མ༴ བཅོལ་བའི༴ སྨན་བཙུན་དཀར་མོ་བཞིན་བཟང་མ་ཡི་སྲས༔ ཀོང་

(༣༦༡)བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་༔ བཙན་ལ་ལ་རོག་རྡོ་རྗེ་སྨན་གཅིག་མ༔ ལེགས་སྦྱོར་གསེར་ཐང་རྡོ་རྗེ་ཡུ་གེ་སྨན༔ སྨན་མོ་ཆེན་མོ་མཆེད་བཞི་ཡང་། སྔོན་གྱི་རང་དམ༴ མཆོད༴ བཅོལ༴ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བཀའ་རྒྱུད་སྤེལ་དང་གཏེར་དུ་སྦས༔ ཆོས་རྣམས་ཀུན་གྱིས་བསྲུང་མ་གྱིས༔ བོད་ཀྱི་ཆོས་བྱེད་ཐམས་ཅད་དང་༔ གུང་ཐང་རྒྱལ་པོ་ལྷ་ཡི་རྒྱུད༔ གསང་སྔགས་སྤྱོད་པའི་རྣལ་འབྱོར་པའི༴ བསམ་པ་ཡིད་བཞིན་འགྲུབ་པ་དང་༔ ནད་རིམས་དམག་འཁྲུག་ཐམས་ཅད་བསྲུང་༔ འབྲུ་བཅུད་ལོ་ཏོག་ཐམས་ཅད་འཕེལ་བར་གྱིས༔ ཞེས་གསུངས་སོ༔ དེའི་ཚེ་ཇོ་མོ་རྐྱེན་ཐང་མ་ལ་འདི་སྐད་ཅེས་གསུངས་སོ༔ རྡོ་རྗེ་གཡུ་སྒྲོན་མ་ཉོན་ཞིག༔ བྱང་ཟང་ཟང་གི་བྲག་ལ་མ་འོངས་པའི་དོན་དུ༔ གུང་ཐང་སྟོད་དུ་ཆོས་ཀྱི་རྒྱལ་པོའི་གདུང་རྒྱུད་འབྱུང་༔ དེའི་བསྟན་པ་བསྲུང་བའི་ཕྱིར༔

(༣༦༢)ཟབ་མོའི་གཏེར་མཛོད་བཞི་སྦས་པས༔ དེའི་བསྲུང་མ་བརྟན་མ་རྣམས་ཀྱིས་གྱིས་ཤིག༔ ལྷ་རི་གངས་སྨན་ཁྱོད་ཐ་ཚིག་ཆེ་བར་འདུག་པས་ཁྱོད་རང་གི་སྲོག་སྙིང་དང་སྒྲུབ་ཐབས་གཏེར་དེ་ཉིད་དུ་སྦ་ཡིས༔ ཕྱི་མའི་དུས་ན་གཏེར་དེ་ཉིད་འདོན་པའི་ལས་ཅན་གྱི་མི་དང་༔ གུང་ཐང་རྒྱལ་པོས་ཆོས་སྒྲུབ་ཅིང་མཆོད་པའི་ཚེ་བརྟན་མ་ཐམས་ཅད་གྲོགས་སུ་བོས་ལ་ཅི་བཅོལ་བའི་ལས་ཀྱིས་ཤིག༔ བཛྲ་ལི་ལི་ས་མ་ཡ་ན་ར་ཀན༔ ཞེས་གསུངས༔ མ་མོའི་རྒྱུད་སྐོར་གཞན་དག་ལས༔ བརྟན་མ་བཅུ་གཉིས་པོ་ཐམས་ཅད་དཔལ་ཆེན་པོའི་ཐུགས་ཀ་ནས་ཕྱུངས་ནས་སྤྲོས་པར་གསུངས་པའང་ཡོད་ཉང་གཏེར་བརྟན་མའི་སྒྲུབ་ཐབས༔ ཧོ ནག་མོ་བཞིན་གྱི་མི་སྡུག་གི་བུ་མོ་བདུད་མོ་ཆེན་མོ་བཞི་དང་༔ དམར་མོ་ཁྲོ་གཉེར་ཅན་གྱི་བུ་མོ་གནོད་སྦྱིན་ཆེན་མོ་བཞི་དང་༔ ཞེས་སོགས་ཀྱིས་ཡུམ་བདུད་མོ་བཞིན་

(༣༦༣)མི་སྡུག་ལ་རྡོ་རྗེ་ཀུན་གྲགས་མ་ལ་སོགས་པའི་བདུད་མོ་བཞི་འཁྲུངས༔ ཡུམ་གནོད་སྦྱིན་མོ་ཁྲོ་གཉེར་ཅན་ལ་རྡོ་རྗེ་སྤྱན་གཅིག་མ་ལ་སོགས་པའི་གནོད་སྦྱིན་མོ་བཞི་འཁྲུངས༔ ཡུམ་སྨན་མོ་བཞིན་བཟང་མ་ལ་ཀོང་བཙུན་དེ་མོ་ལ་སོགས་པའི་སྨན་མོ་བཞི་འཁྲུངས་པར་བཤད༔ གུ་རུ་པདྨའི་གསུང་ཆོས་དབང་རིན་པོ་ཆེའི་ཕུར་པ་སྤུ་གྲིའི་སྨད་ལས་ཀྱི་བསྐུལ་གྱི་སྐབས། ལྕགས་ཀྱི་སྤྱང་མོ་མགོ་དགུ་ལ༔ ལྕགས་ཀྱི་མེ་མོ་ཟང་མོ་ཞོན༔ ཟངས་ཀྱི་འཕར་བ་ལྕེ་བརྒྱད་ལ༔ ཟངས་ཀྱི་མི་མོ་བཟང་མོ་ཞོན༔ གཡུ་ཡི་ཝ་མོ་རྐང་གསུམ་ལ༔ གཡུ་ཡི་མི་མོ་བཟང་མོ་ཞོན༔ དུང་གི་ཁྱི་མོ་རྐང་གསུམ་ལ༔ དུང་གི་མི་མོ་བཟང་མོ་ཞོན༔ གཡོན་པ་རིན་ཆེན་ཕུར་བུ་བསྣམས༔ མུ་ཁ་མཆེད་བཞིའི་དུས་ལ་བབས༔ ཞེས་ཤྭ་ན་མ་མཆེད་བཞི་གསུངས་པ་དང་༔ རེ་མ་ཛ༔ རེ་མ་ཛུ་

(༣༦༤)རེ་མ་ཏི་སྟེ། འདོད་ཁམས་མ་སྤུན་བཞི། བདག་ཉིད་མ་མཆེད་བཞིའོ། །ཡ་བྱིན། དེ་བྱིན། བསེ་བྱིན། ཕག་བྱིན་བཞི་ནི། བདུད་གཤིན་རྗེ་བཙན་ཀླུ་རྣམས་ཀྱི་བུ་མོ་སྟེ་མར་ཁུ། ཞག ཁྲག །འོ་མའི་མཚོ་བཞི་ལ་གནས་ཤིང་། རྟ་ནག །གླང་། རྟ་དམར་རྟ་སྔོན་ཞོན་པ་སྟེ་ས་བདག་ཆེན་མོ་བཞི་ཞེས་བྱའོ། །བཅུ་གཉིས་པོ་འདིར། ཕུར་སྲུང་བཅུ་གཉིས་ཟེར། འདི་ཡང་དོན་དུ་བརྟན་མ་བཅུ་གཉིས་ཡིན་ནོ། །བཀའ་མ་ལ་ལར། གིང་གསུམ་པོ། བདུད་བཙན། གཤིན་རྗེའི་བུ་མོ་གསུམ་གྱི་མིང་པོར་བཤད། དེ་ལ་འཛིན་གིང་ཨ་ཏྲི་སེམས་དཔའམ། པེ་ཧར་ཁྲག་ཅན་རྟ་དཀར་ལ་ཞོན་པ། སྦྱོར་གིང་། རྡོ་རྗེ་ལེགས་པ་བསེ་ཁྲབ་ཅན་རྟ་དམར་ལ་ཞོན་པ། སྒྲོལ་གིང་བདུད་ཡབ་ཤེར་ནག་པོའམ། སྐྲག་མེད་ཉི་ཤར་རྟ་ནག་ལྕགས་ཁྲབ་ཅན་གསུམ་ཀའང་ཕུར་བུ་ཐོགས་པའོ༔ ཕུར་པ་ལང་ལབ་མའི་

(༣༦༥)བསྐུལ་དུ། ཉི་མ་ཤར་ཕྱོགས་ཕ་གི་ན༔ གྲུ་གསུམ་ཤེལ་གྱི་དཀྱིལ་འཁོར་ན༔ འཛིན་གིང་དཀར་པོ་དེ་ན་བཞུགས༔ ཨ་ཏྲི་སེམས་དཔའ་ད་ཚུར་བྱོན༔ ཞེས་པ་དང་། ཉི་མ་བྱང་ཤར་ཕ་གི་ན༔ ལྕགས་མཁར་ནག་པོ་སྒོ་མེད་ན༔ སྒྲོལ་གིང་ནག་པོ་དེ་ན་བཞུགས༔ ཡབ་རྗེ་ནག་པོ་ད་ཚུར་བྱོན༔ ཞེས་བཤད། ཚད་མར་གྲུབ་པའི་དམ་པ་འགའ་ཞིག་གི་གསུང་ལ། གིང་གསུམ་པོ་ཕུར་སྲུང་བཅུ་གཉིས་པོ་ཐམས་ཅད་མིང་པོར་བཤད་པའང་ཡོད། སློབ་དཔོན་ཆེན་པོ་བལ་ཡུལ་ཡང་ལེ་ཤོད་དུ་བཞུགས་དུས། ཕུར་སྲུང་བཅུ་གཉིས་པོ་དམ་ལ་བཏགས་ནས་གསང་མཚན་གསོལ་རྡོ་རྗེ་ཕུར་པའི་སྲུང་མར་དབང་བསྐུར་ཏེ། ལྷ་འདྲེ་བཀའ་ཐང་ལས་སྲོད་དུས་སྐུ་ཉམས་སྦུར་བ་གཅིག་བྱུང་ནས། ཕྱག་གིས་བཟུང་ནས་དབུ་ཞྭའི་ནང་དུ་གཏུམ༔ ཕྱག་རྒྱས་དེ་བསྡམས་ནང་པར་གཟིགས་ན༔ སྦུངས་པ་མི་ཡི་བུ་མོ་

(༣༦༦)མི་འདྲ་བ༔ ལྷ་ཡི་སྲས་མོ་འདྲ་བ་བཞི་བྱུང་ནས༔ སློབ་དཔོན་ཁྱེད་རྣམས་སུ་ཡིན་བཀའ་སྩལ་པ༔ བདག་ཅག་མི་ཡི་བུ་མོ་མ་ཡིན་ཞིང་༔ ས་བདག་མཚོ་ཆེན་བཞི་ཞེས་བྱ་བ་ཡིན༔ སྔར་ཡང་མི་ཕྱུག་མང་པོའི་སྲོག་ལ་དབང་༔ ད་ཡང་དེ་ལྟར་དབང་བྱེད་དབང་བསྐུར་གསོལ༔ སློབ་དཔོན་ཞུས་པ་བཞིན་དུ་མ་གནང་སྟེ༔ བསེ་ཡི་ལྷ་མོ་མཆེད་བཞི་དང་༔ དཀར་ཤམ་མ་བཞི་མ་མོ་འདྲེ་ཉེ་བཞི༔ མཚན་གསོལ་མིང་བཏགས་ལག་ཏུ་རྡོ་རྗེ་བྱིན༔ རྡོ་རྗེ་ཕུར་པའི་བསྲུང་མར་དབང་བསྐུར་རོ༔ མ་མོ་རྣམས་ཀྱིས་མགྲིན་གཅིག་བསྟོད་པ་ནི༔ ཨེ་མ་ཧོ༔ སེམས་ཅན་ཐམས་ཅད་རྗེས་སུ་བཟུང་བའི་དོན་དུ༔ དུས་གསུམ་འགྱུར་མེད་ནམ་མཁའ་ལྟ་བུའི་སྐུ༔ འགྲོ་འདུལ་གསུངས་དབྱངས་མཁའ་ལ་འབྲུག་སྒྲ་སྒྲོག །བྱིན་རླབས་ཆར་གི་སེམས་ཅན་སྨིན་མཛད་པའི༔ རྒྱལ་སྲས་པད་འབྱུང་སྐུ་ལ་

(༣༦༧)ཕྱག་འཚལ་བསྟོད༔ ཅེས་བསྟོད་ཁས་བླངས་དམ་བཅས་སོ༔ ཞེས་གསུངས། རིག་འཛིན་ཆེན་པོ་འཕྲེང་མགོ་གཏེར་སྟོན་ཤེས་རབ་འོད་ཟེར་གྱི་གཏེར་བྱོན་རྡོ་རྗེ་གཤོག་རྒོད་པའི་བསྟོད་པ་ལས༔ རྡོ་རྗེ་སྤུན་གཡོག་མ་དང་། རྡོ་རྗེ་གཤོག་རྒོད་མ། རྡོ་རྗེ་རྣ་གཡོན་མའམ་གནས་གཡོན་མ༔ གར་དབང་མ། འབྲོག་གཟའ་ལྷ་རྒྱལ་མ། རྡོ་རྗེ་ཆེ་མཆོག་མ། དཔལ་ལྡན་ལྷ་མོ་ནག་མོ་རྣམས་གཅིག་པར་གསུངས་ཏེ། དངོས་གྲུབ་སྟེར་བའི་བྱིན་ཆགས་མ༔ དངོས་གྲུབ་སྟེར་བའི་བྱིན་ཆགས་མ༔ འདོད་འཕྲོ་རྨོངས་སྤངས་འོད་ཟེར་འཕྲོ༔ དགེ་འདུན་སྐྱོང་བའི་དཔལ་ལྷ་མོ༔ གཙུག་ལག་བསྲུང་མ་ཁྱོད་ལ་བསྟོད༔ ཅེས་པ་དང་། རྡོ་རྗེ་གཡུ་སྒྲོན་མ་ལ་བསྟོད༔ གར་གྱི་དབང་ཕྱུག་མ་ལ་བསྟོད༔ འབྲོག་གཟའ་ལྷ་རྒྱལ་མ་ལ་བསྟོད༔ ཅེས་པ་དང་། སྔོན་གྱི་བསྐལ་པའི་དང་པོ་

(༣༦༨)ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ རྡོ་རྗེ་གནས་གཡོན་མཐུ་མོ་ཆེ༔ ཞེས་པ་དང་། བར་གྱི་བསྐལ་པ་དབུས་མ་ལ༔ ཐོག་མར་ཡུལ་ནས་གཤེགས་པའི་ཚེ༔ རྡོ་རྗེ་ཆེ་མཆོག་འཕྲུལ་མོ་ཆེ༔ ཞེས་པ་དང་། ཕྱི་ཡི་བསྐལ་པ་ཐ་མ་ལ༔ མཐོན་མཐིང་གཙུག་ལག་ཁང་ན་བཞུགས་པའི་ཚེ༔ ཆིབས་སུ་བོང་བུ་ནག་པོ་ཆིབས༔ སྐུ་ལ་དར་ནག་གོ་ཟུ་གསོལ༔ ཞེས་པ་དང་། ད་ལྟ་དུས་ངན་ཐ་མའི་ཚེ༔ བོད་ཡུལ་དབུས་ན་བཞུགས་པའི་ཚེ༔ ཆིབས་སུ་དྲིལ་ནག་ཁ་དཀར་ཆིབས༔ ཞེས་པ་དང་། ཨོ་རྒྱན་ཡུལ་དུ་ཆོས་དབྱིངས་མཁའ་འགྲོའི་གཙོ༔ རྡོ་རྗེ་གདན་སོགས་གཙུག་ལག་ཁང་སྐྱོང་མ༔ བོད་ཁམས་སྐྱོང་མཛད་བརྟན་མ་ཡོངས་ཀྱི་གཙོ༔ དཔལ་ལྡན་རྡོ་རྗེ་སྤུན་གཡོག་མ་ལ་བསྟོད༔ ཅེས་གསུངས། ཀླུ་རྗེ་ཐོད་དཀར་རམ། ཀླུ་རྗེ་འབར་བ་མིང་པོ་དང་། གཡོག་རྒོད་མ་སྲིང་

(༣༦༩)མོར་གསུངས་ཏེ། ཀྱཻ། རྒྱ་མཚོ་ཆེན་པོའི་ནང་ཞིག་ན༔ མིང་པོའི་ཚུལ་གྱི་སྲིང་མོའི་ལས་བྱེད་ཅིང་། འཇིགས་བྱེད་ཀླུ་རྒྱལ་ནག་པོ་རྔམ་པའི་སྐུ༔ ཞེས་གསུངས། ཀླུ་འདི་དང་སྙེ་མདོའི་རྗེ་ཀླུ། མལ་དྲོའི་གཟི་ཅན་རྣམས་གཅིག་གོ །སྤུན་གཡོག་མ་དང་སྐྱི་མཐིང་གཡའ་མ་སྐྱོང་ཡང་གཅིག་སྟེ༔ སྐྱི་མཐིང་གངས་སྨན་དཀར་མོའི་སྒྲུབས་ཐབས་ལས༔ ལྷོ་བཙུན་སྐྱི་མཐིང་གཡའ་མ་སྐྱོང་༔ སྔོན་ཚེ་གླང་འབྲུག་སི་ལི་མ༔ དེ་ནས་རྒྱ་གཟའི་གཡོ་ཕྱུག་མ༔ དེ་ནས་བྲག་དཀར་སྨན་གཅིག་མ༔ དེ་ནས་ལྷ་སྨན་བཟང་མོ་བཙུན༔ དེ་ནས་ལྷོ་ཁའི་བི་རྫི་མོ༔ གསང་མཚན་རྡོ་རྗེ་སྤུན་གཡོག་མ༔ ཕ་མཚན་རྡོ་རྗེ་འོད་འབར་མ༔ ཆིབས་སུ་སྨན་ཤ་ཡུ་ཆུང་ཆིབས༔ ཞེས་གསུངས། བདུད་མོ་མཆེད་བཞིའི་དང་པོ། བདག་ཉིད་ཆེན་མོ་རྡོ་རྗེ་

(༣༧༠)ཀུན་གྲགས་མ་ནི༔ ཡུལ་བྱང་ཡུལ་གཙང་སྟོད་དང་༔ མ་ཧཱ་དེ་ཝའམ་མནྡྷ་དེ་ཝ༔ ལྷ་ཡུལ་གུང་ཐང་དང་༔ ལྷོ་ཡུལ་ཆེན་མོ་དང་༔ གནམ་མཚོ་ཕྱུག་མོ་རྣམས་སུ༔ བདག་ཉིད་ཆེན་མོ་བཀྲ་ཤིས་ཚེ་རིང་ངམ་རྡོ་རྗེ་ཀུན་གྲགས་མ། ཏིང་ཏིང་གངས་ཀྱི་ལ་རོ་སྨན་སོགས་གསང་མཚན་དུ་མར་གྲགས༔ སྐུ་མདོག་མཐིང་ནག་ཆུ་སྲིན་གྱི་རྒྱལ་མཚན་དང་མེ་ལོང་བསྣམས་པ་འབྲུག་ལ་ཆིབས་པ་རེས་འགའ་སྦྲུལ་ནག་སྟོང་གི་སློག་པ་དང་། གཡག་ལྤགས་རློན་པའི་ཤམ་ཐབས་ཅན། ཕྱག་ན་བྱ་རྒོད་ཀྱི་ཕུར་བུ་འདྲིལ་བ། གཡུ་འབྲུག་སྔོན་མོ་ལ་ཆིབས་པ༔ རེས་འགའ་བེར་ནག་གྱོན་ནས་ཁྲམ་ཤིང་ཐོགས་ཤིང་བདུད་ཤ་ལ་ཆིབས་པ། རེས་འགའ་སྐུ་མདོག་དཀར་མོ་ན་བཟའ་འཇའ་རིས་གསེར་གཡུའི་ཐོད་གདེངས་ཅན་གཡུ་འབྲུག་སྔོན་མོ་ལ་ཆིབས་པ། རེས་འགའ་

(༣༧༡)སྐུ་མདོག་དཀར་དམར་རལ་དྲི་དང་ཐོད་ཁྲག་འཛིན་པ་ཆུ་གླང་སྔོན་མོ་ལ་ཆིབས་པ། རེས་འགའ་སྐུ་མདོག་མཐིང་ནག་རང་མདོག་མཐིང་ནག་རང་མདོག་གི་བེར་དང་ཁྲམ་ཤིང་ལ་ནད་རྐྱལ་འཛིན་པ། ཤ་བ་ནག་པོ་ལ་ཞོན་པ། རེས་འགའ་བྱ་རྒོད་ཀྱི་ཐུལ་པ་གསོལ་ཞིང་ནག་མོ་མིག་གཅིག་དུང་གི་ཐོར་ཚུགས་འཆང་བ། ལྕགས་ཀྱི་མན་ཕྲན་དང་མཆེ་བ་གཙིགས་པ། འཁོར་དུ་ཆུ་སྨན་འབུམ་གྱིས་བསྐོར་བར་སྟོན་ཏེ། ཁྱབ་བདག་མཁྱེན་བརྩེའི་དབང་ཕྱུག་གིས། བརྟན་མའི་སྲོག་གཏད་དུ་གཏེར་གཞུང་གི་ཚིག་དྲངས་པར། ཡུལ་ནི་བྱང་ཡུལ་གཙང་སྟོད་ན༔ ཏིང་ཏིང་གངས་ཀྱི་ལ་རོ་སྨན། སྦྲུལ་ནག་སྟོང་གི་ན་བཟའ་ལ༔ གཡག་ལྤགས་རློན་པའི་ཤམ་ཐབས་ཅན༔ ཕྱག་ན་བྱ་རྒོད་ཕུར་བུ་འདྲིལ༔ ཆིབས་སུ་གཡུ་འབྲུག་སྔོན་མོ་ཅིབས༔ བཀའ་གཉན་

(༣༧༢)མ་བདུན་འཁོར་དང་བཅས༔ ཞེས་པ་དང་། ཉང་གཡུལ་བཟློག་གི་གཞུང་ལས༔ གནམ་མཚོ་ཕྱུར་མོར་གསང་བའི་མཚན་གསོལ་བ༔ བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ སྐུ་མདོག་མཐིང་ནག་རིན་ཆེན་རྒྱན་གྱིས་སྤྲས༔ ཆུ་སྲིན་རྒྱལ་མཚན་དང་ནི་མེ་ལོང་བསྣམས༔ འབྲུག་ལ་ཆིབས་ནས་བསྟན་པའི་བྱ་ར་མཛད༔ ཅེས་དང་། བརྟན་མ་ལས་རྒྱ་མཚོའི་རྒྱུད་ལས༔ བདག་ཉིད་ཆེན་མོ་བཀྲ་ཤིས་ཚེ་རིང་མ༔ བེར་ནག་གྱོན་ནས་ཕྱག་ན་ཁྲམ་བམ་ཐོགས༔ བདུད་ཤ་ཞོན་ནས་བདུད་དཔུང་བཟློག་པའི་ཕྱིར༔ དོན་མཐིང་ཉ་ལམ་སྒང་ནས་གཤེགས་སུ་གསོལ༔ ཞེས་པ་དང་། གཏེར་སྟོན་སྟག་ཤམ་པའི་གཏེར་བྱོན༔ བརྟན་མདོས་འཛམ་གླིང་བདེ་བྱེད་ལས༔ བརྟན་མདོས་ཆེན་མོ་འཛམ་གླིང་བདེ་བྱེད་ལས༔ བདག་ཉིད་ཆེན་མོ་བཀྲ་ཤིས་ཚེ་རིང་མ༔ བེར་ནག་གྱོན་ནས་ཕྱག་ན་ཁྲམ་བམ་ཐོགས༔ བདུད་ཤ་ཞོན་

(༣༧༣)ནས་བདུད་དཔུང་བཟློག་པའི་ཕྱིར༔ དོན་མཐིང་ཉ་ལམ་སྒང་ནས་གཤེགས་སུ་གསོལ༔ ཞེས་པ་དང་། གཏེར་སྟོན་སྟག་ཤམ་པའི་གཏེར་བྱོན༔ ལྷོ་ཡུལ་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ སྐུ་མདོག་དཀར་དམར་ཆུ་གླང་སྔོན་པོ་ཆིབས༔ རལ་དྲི་དང་ནི་ཐོད་པ་ཁྲག་བཀང་བསྣམས། ཞེས་དང་། བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ༔ སྐུ་མདོག་མཐིང་ནག་ཤ་བ་ནག་པོ་ཞོན༔ བེར་ནག་གྱོན་ནས་ཁྲམ་བམ་ནད་རྐྱལ་ཐོགས༔ ཞེས་དང་། གཏེར་བྱོན་གཞན་དག་ལས༔ ཡུལ་གཅིག་མ་ཧཱ་དེ་ཝ་ན༔ གནམ་སྨན་རྡོ་རྗེ་ཀུན་གྲགས་མ༔ དཀར་གསལ་གངས་རིར་ཉི་ཤར་འདྲ༔ ན་བཟའ་འཇའ་ཚོན་སྤེལ་ལེགས་འདྲ༔ གཡེ་དང་གཡུ་ཡི་ཐོད་གདེངས་ཅན༔ ཆིབས་སུ་གཡུ་འབྲུག་སྔོན་མོ་བཅིབས༔ ཞེས་པ་དང་། གཏེར་བྱོན་བརྟན་མདོས་ལས༔ ཏིང་ཏིང་གངས་ཀྱི་དཀར་མོ་ཤག༔ གསང་མཚན་

(༣༧༤)རྡོ་རྗེ་ཀུན་གྲགས་མ༔ ན་བཟའ་བྱ་རྒོད་ཐུལ་པ་གསོལ༔ ནག་མོ་མིག་གཅིག་དུང་གི་ཐོར་ཚུགས་ཅན༔ ལྕགས་ཀྱི་ལན་ཕྲན་མཆེ་བ་ཅན༔ འཁོར་དུ་ཆུ་སྨན་འབུམ་གྱིས་བསྐོར༔ ཞེས་པ་དང་། ཀུན་མཁྱེན་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་བརྟན་མདོར་དཔྱིད་ཀྱི་རྒྱལ་མོའི་གླུད་དབྱངས་ལས༔ བྱང་གི་གནམ་མཚོ་ཕྱུག་མོ་ལས༔ ཏིང་ཏིང་གངས་ཀྱི་དཀར་མོ་ཤག༔ བདག་ཉིད་ཆེན་མོ་ཁྱོད་མཚན་དུ༔ རྡོ་རྗེ་ཀུན་གྲགས་མ་རུ་གྲགས༔ ཞེས་གསུངས། ཤོ་རྒྱལ་སྲས་ལེགས་པས་ཟུར་མཁར་རྡོའི་མཆོད་རྟེན་ནས་སྤྱན་དྲངས་པའི་བརྒྱགས་བརྔན་ལས། ཡུམ་གཅིག་མནྡྷ་དེ་བ་ན༔ སྲིང་གཅིག་རྡོ་རྗེ་ཀུན་གྲགས་མ༔ ཞེས་བཤད། གཏེར་ཁ་འོག་མའི་བླ་མ་སྤྲུལ་སྐུར་བསྒྲུབ་པའི་ལས་ཚོགས་མཁའ་འགྲོ་བསུ་བཟློག་ལས༔ སྐྱེ་མཐིང་གངས་ཀྱི་ར་མོ་སྨན༔ ཤ་ཟ་རོ་ཡི་བསུན་

(༣༧༥)མ་བཟློག༔ ཅེས་ཀུན་གྲགས་མའི་མཚན་ལ༔ སྐྱེ་མཐིང་གངས་ར་མོ་ཞེས་པར་གསུངས། བདུད་མོ་གཉིས་པ་དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་ནི༔ ཡུལ་ལྷོ་ཡུལ་དེ་ཉིན་དང་། མོན་ཡུལ་ཇོ་མོ་ལྷ་རི། ཕག་རི་གནས་ཀྱི་གངས། གླན་ཡུལ་མོན་ཁ། མོན་ཡུལ་སྤ་གྲོ་རྣམས་སུ་གླན་ཐང་དམུ་བཙན་གྱི་ལྕམ་མོར་འཁྲུངས། གདུང་རུས་གླན་བཟའ་མོ། གསང་མཚན་རྡོ་རྗེ་གཡུ་བུམ་མའམ་གངས་སྨན་དཀར་མོ་དང་། རྡོ་རྗེ་ཀུན་གྲགས་མར་གྲགས། སྐུ་མདོག་སྔོ་ནག་ཤང་ལང་དང་རྡོ་རྗེའི་ཞགས་པ་ཐོགས་ཏེ་རྐྱང་ལ་ཆིབས་པ། རེས་འགའ་གཡག་ལྤགས་རློན་པའི་སློགས་པ་དང་། ཁྱུང་གཤོག་སྟོང་གི་གཤོག་པ་ཅན་དྲེལ་རྟ་རྐང་གསུམ་ཆིབས་པ། ཕྱག་ན་ཟངས་ཀྱི་ཕུར་བུ་འདྲིལ་བ། ཉི་འོད་མ་བདུན་གྱི་འཁོར་གྱིས་བསྐོར་བ། རེས་འགའ་

(༣༧༦)སྐུ་མདོག་དཀར་སེར་བུམ་པ་དང་མཐིང་གི་ཞགས་པ་ཅན་ཤ་བ་ཡུ་མོར་ཆིབས་པ། རེས་འགའ་སྐུ་མདོག་སེར་པོ་དང་མདོག་གི་བེར་གྱོན་ཏེ་ཞགས་པ་དགྲ་ལ་འབེབས༔ རྟ་མཆོག་ངང་པ་ལ་ཆིབས་པ། རེས་འགའ་སྐུ་མདོག་སེར་ནག་སྤྲིན་དཀར་སྤུངས་པའི་ཐུལ་པ་གསོལ་བ། ཤེལ་དང་གཡུའི་ཐོད་གདེངས་ཅན་ཆིབས་སུ་ཤ་བ་དཀར་མོར་བཅིབས་པ། རེས་འགའ་བསེ་ཤ་ཡུ་མོར་ཆིབས་པ་སྟོན་ཏེ། མཁྱེན་བརྩེའི་སྲོག་གཏད་ལས། ཡུལ་ནི་གླན་ཡུལ་མོན་ཁ་ན༔ གླན་ཐང་དམུ་བཙན་ལྕམ་མོ་ནི༔ གདུང་རུས་གཉན་དེ་གླན་བཟའ་མོ༔ ལྷོ་ཡི་སྐྱི་མཐིང་གཡའ་མ་སྐྱོང་༔ གཡག་ལྤགས་རློན་པའི་ན་བཟའ་ལ༔ ཁྱུང་གཤོག་སྟོང་གི་ཤམ་ཐབས་ཅན༔ ཆིབས་སུ་དྲེའུ་རྟ་རྐང་གསུམ་བཅིབས༔ ཕྱག་ན་ཟངས་ཀྱི་ཕུར་བུ་འདྲིལ༔ ཉི་འོད་མ་བདུན་འཁོར་དང་བཅས༔ ཞེས་དང་། ཉང་གཏེར་གཡུལ་

(༣༧༧)བཟློག་ལས༔ མོན་ཡུལ་ཇོ་མོ་ལྷ་རི་གསང་བའི་མཚན༔ དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་༔ སྐུ་མདོག་སྔོ་ནག་རིན་ཆེན་རུས་པས་བརྒྱན༔ རྣོ་བའི་ཤང་ལང་རྡོ་རྗེའི་ཞགས་པ་བསྣམས༔ རྐྱང་ལ་ཆིབས་ནས་བསྟན་པའི་བྱ་ར་མཛད་པ༔ ཅེས་པ་དང་། ལས་རྒྱ་མཚོའི་རྒྱུད་ལས༔ དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་༔ བེར་ནག་གྱོན་ནས་ཕྱག་ན་ཞགས་པ་འཛིན༔ གསེར་གྱི་མདོག་ཅན་རྟ་མཆོག་སེར་པོ་ཆིབས༔ གཟའ་བདུད་ནག་པོའི་གནོད་པ་བཟློག་པའི་ཕྱིར༔ ཕག་རི་གནས་ཀྱི་གངས་ནས་གཤེགས་སུ་གསོལ༔ ཞེས་པ་དང་། སྟག་ཤམ་གཏེར་བྱོན་ལས༔ ལྷོ་ཡུལ་དེ་སྙིང་སྲིང་ཅིག་གཡའ་མ་སྐྱོང་༔ སྐུ་མདོག་དཀར་སེར་ཤ་བ་ཡུ་མོ་ཆིབས༔ བུམ་པ་དང་ནི་མཐིང་གི་ཞགས་པ་བསྣམས༔ ཞེས་པ་དང་། དཔལ་ལྡན་ལྷ་རི་རྡོ་རྗེ་གཡའ་མ་སྐྱོང་༔ སྐུ་མདོག་སེར་པོ་

(༣༧༨)རྟ་མཆོག་ངང་ལ་ཆིབས༔ དར་སེར་གྱོན་ནས་ཞགས་པ་དགྲ་ལ་འདེབས༔ ཞེས་པ་དང་། གཏེར་བྱོན་གཞན་ལས། ཡུལ་ཅིག་མོན་ཡུལ་སྤུ་གྲི་ན༔ སྐྱི་མཐིང་རྡོ་རྗེ་གཡའ་མ་སྐྱོང་༔ སེར་ནག་མཛེས་པའི་འོད་འཕྲོ་མ༔ སྤྲིན་དཀར་སྤུངས་པའི་ཐུལ་པ་གསོལ༔ ཤེལ་དང་གཡུ་ཡི་ཐོད་གདེངས་ཅན༔ ཆིབས་སུ་ཤ་བ་དཀར་མོ་བཅིབས༔ ཞེས་དང་། གཏེར་བྱོན་བརྟན་མདོས་ལས། ལྷོ་ཡི་སྐྱི་མཐིང་གཡའ་མ་སྐྱོང་༔ གསང་མཚན་རྡོ་རྗེ་ཀུན་གྲགས་མ༔ ན་བཟའ་སྤྲིན་དཀར་མཛེས་པ་གསོལ༔ ཤེལ་གྱིས་ཐོད་ལྡེམ་ཐོར་ཚུགས་ཅན༔ ཆིབས་སུ་རྐྱང་བུ་ཁ་དཀར་བཅིབས༔ འཁོར་དུ་གླན་གཟའ་མང་པོས་བསྐོར༔ ཞེས་གསུངས་བརྒྱགས་བརྔན་ལས། ཡུམ་ཅིག་ལྷོ་ཡུལ་དེ་ཉིན་ན༔ སྲིང་གཅིག་རྡོ་རྗེ་གཡའ་མ་སྐྱོང་༔ ཆིབས་སུ་བསི་ཤ་ཡུ་མོ་

(༣༧༩)བཅིབས༔ ཞེས་བཤད། ཀུན་མཁྱེན་ལྔ་པས། མོན་ཡུལ་ཇོ་མོ་ལྷ་རི་རུ༔ རྡོ་རྗེ་གཡུ་བུན་གངས་སྨན་དཀར༔ སྐྱི་མཐིང་ཁྱོད་ཀྱི་གསང་མཚན་མ། །རྡོ་རྗེ་གཡའ་མ་སྐྱོང་ཞེས་བཏགས༔ ཞེས་གསུངས། ༈ བདུད་མོ་གསུམ་པ་གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་བཟང་མར་གྲགས་པ་ནི། ཡུལ་བྲིན་གྱི་ལ་ཕྱི་ཆུ་དབར་ན་ལེན་ཤེལ་གོང་། གཡང་འཕྱོ་ཁ་གཡས་རྣམས་སུ། གདུང་རུས་ཤ་བཟའ་དགྲ་ལྷའི་རྒྱལ་པོས་སྨན་གཅིག་མར་འཁྲུངས། གསང་མཚན་གསེར་མཐིང་གཡུ་བུན་མ་དང་། གསེར་ཐང་ཀུན་བཟང་མ་དང་། བཀྲ་ཤིས་ཚེ་རིང་དང་། རྡོ་རྗེ་གཡུ་བུན་མ་དང་། རྡོ་རྗེ་བོད་ཁམས་སྐྱོང་སོགས་སུ་གྲགས་ཤིང་། སྐུ་མདོག་མཐིང་ནག་རྡོ་རྗེ་དང་ཚེ་བུམ་འཛིན་པ་སེང་གེར་ཆིབས་པ། རེས་འགའ་སེང་གེ་དཀར་མོའི་གཡང་གཞི་གསོལ་ཞིང་རྡོ་རྗེ་རྩེ་ལྔ་བསྣམས་ཏེ་སེངྒེ་དཀར་མོར་

(༣༨༠)ཆིབས་པ། རེས་འགའ་སྐུ་མདོག་དམར་སྨུག་བོང་བུ་གྭ་དམར་ལ་ཆིབས་པ༔ བེར་དམར་གྱོན་ཞིང་ཐོད་ཁྲག་དང་ཞགས་པ་བསྣམས་པ། རེས་འགའ་ན་བཟའ་གསེར་མདོག་རིན་ཆེན་བརྩེགས་པའི་ཐོད་ཅན་ལྷ་འབྲི་དཀར་མོ་ལ་ཆིབས་པ། རེས་འགའ་སྐུ་མདོག་དམར་མོ་གངས་དཀར་སྤུངས་པའི་ན་བཟའ་གསེར་དང་གཡུའི་ཐོད་ཅན་སྟག་མོ་རི་བཀྲ་ལ་ཆིབས་པར་སྟོན་ཏེ། མཁྱེན་བརྩེའི་སྲོག་གཏད་ལས། ཡུལ་ནི་གཡང་འཕྱོ་ལ་གཡས་ན། གངས་ཀྱི་ཡུམ་ཆེན་གཡུ་བུན་མ༔ གདུང་རུས་གཉན་དེ་ཤ་ཟ་མོ༔ དགྲ་ལྷའི་རྒྱལ་པོའི་སྨན་གཅིག་མ༔ སེང་གེ་དཀར་མོའི་གཡང་གཞི་གསོལ༔ ཆིབས་སུ་སེངྒེ་དཀར་མོ་བཅིབས༔ ཕྱག་ན་རྡོ་རྗེ་རྩེ་ལྔ་བསྣམས༔ དཀར་མོ་མ་བདུན་འཁོར་དང་བཅས༔ ཞེས་པ་དང་། ཉང་གཏེར་གཡུལ་བཟློག་ལས༔ བྲིན་གྱི་བཀྲ་ཤིས་ཚེ་རིང་གསང་བའི་མཚན༔

(༣༨༡)གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་༔ སྐུ་མདོག་མཐིང་ནག་རིན་ཆེན་རྒྱན་གྱིས་མཛེས༔ གསེར་གྱི་རྡོ་རྗེ་ཚེ་ཡི་བུམ་པ་བསྣམས༔ སེངྒེ་ཆིབས་ནས་བསྟན་པའི་བྱ་ར་མཛད༔ ཅེས་དང་། སྟག་ཤམ་གཏེར་བྱོན་ལས། གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་༔ སྐུ་མདོག་དམར་སྨུག་བོང་བུ་གྭ་དམར་ཆིབས༔ བེར་དམར་གྱོན་ནས་ཐོད་ཁྲག་ཞགས་པ་བསྣམས༔ ཞེས་པ་དང་། གཏེར་བྱོན་གྱིས་བརྟན་མདོས་གཞན་ལས། ལེགས་སྦྱོར་ཡི་གེའི་གསེར་ཐང་མོ༔ གསང་མཚན་རྡོ་རྗེ་ཀུན་ཏུ་བཟང་༔ ན་བཟའ་གསེར་གྱི་མདོ་ལོ་རིས༔ རིན་ཆེན་བརྩེགས་པའི་ཐོད་ལྡེམ་ཅན༔ ཆིབས་སུ་ལྷ་འབྲི་དཀར་མོ་བཅིབས༔ ཞེས་པ་དང་། ལས་རྒྱ་མཚོའི་རྒྱུད་ལས། གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་། །བེར་དམར་གྱོན་ནས་ཕྱག་ན་ཐོད་ཁྲག་འཛིན༔ བོང་བུ་གྭ་པ་ཆིབས་ནས་སྟོང་ཁམས་མྱུལ༔ བཙན་ཐོགས་འདུལ་ཕྱིར་ལ་ཕྱིའི་གངས་ན་

(༣༨༢)གཤེགས༔ ཞེས་དང་། ཀུན་ཆེན་ལྔ་པས། བྲིན་གྱི་ལ་ཕྱི་ཆུ་དབར་དུ༔ དཔལ་ལྡན་བཀྲ་ཤིས་ཚེ་རིང་མ༔ གསེར་ཐང་མ་ཁྱོད་གསང་མཚན་དུ༔ རྡོ་རྗེ་ཀུན་ཏུ་བཟང་མོར་བཏགས༔ ཞེས་གསུངས། གཏེར་གཞུང་གཞན་དག་ཏུ༔ གངས་ཀྱི་ཡུམ་ཆེན་གཡུ་བུན་མ༔ གངས་མཚན་རྡོ་རྗེ་འོད་འབར་མ༔ ན་བཟའ་སྤྲིན་དཀར་ལུས་ལ་གྱོན༔ མཆོང་གི་གོ་ལྕོག་དབུ་ལ་གྱོན༔ འཁོར་ནི་ནག་རྒྱལ་བཙུན་མོས་བསྐོར༔ ཆིབས་སུ་རླུང་ནག་འཚུབས་མ་བཅིབས༔ ཞེས་དང་། ཡུལ་གཅིག་ན་ལེན་ཤེལ་གོང་ན༔ ཡུམ་ཆེན་རྡོ་རྗེ་གཡུ་བུན་མ༔ དམར་གསལ་པདྨ་རཱ་གའི་མདོག༔ ན་བཟའ་གངས་དཀར་སྤུངས་པ་གསོལ༔ གསེར་དང་གཡུ་ཡི་ཐོད་གདེངས་ཅན༔ ཆིབས་སུ་སྟག་མོ་རི་བཀྲ་ཆིབས༔ ཞེས་དང་། བསྲུང་བཟློག་ལས། བྱང་གི་གསེར་མཐིང་གཡུ་བུན་མ༔ གཤིན་རྗེའི་རྒྱལ་པོའི་བསུན་མ་བཟློག༔ ཅེས་

(༣༨༣)བདག་ཉིད་ཆེན་མོ་ལ་གཡུ་བུན་མར་བཤད། སྟག་ཤམ་གཏེར་བྱོན་ལས། ཀོང་པོའི་ཀོང་བཙུན་དེ་མོ་གཡུ་བུན་མ༔ སྐུ་མདོག་དཀར་མོ་སྟག་མོ་རི་བཀྲ་ཆིབས༔ ཞེས་པ་དང་། རྒྱགས་བརྔན་ལས། ཡུལ་ཅིག་ཀོང་ཡུལ་ཀོང་ཕུག་ན༔ སྲིངས་གཅིག་གངས་ཀྱི་གཡུ་བུན་མ༔ ཆིབས་སུ་སྟག་མོ་རི་བཀྲ་ཆིབས༔ ཞེས་དེ་མོར་ཡང་གཡུ་བུན་མར་བཤད་ན་འགལ་ལམ་མི་འགལ་ཞེ་ན་མི་འགལ་ཏེ། དོན་དུ་བརྟན་མ་བཅུ་གཉིས་ངོ་བོ་གཅིག་པའི་དབང་གིས་གང་དུ་ཁས་བླངས་ཀྱང་ཆོག་ལ་འོན་ཏེ། ད་སྐབས་སོ་སོའི་རྣམ་དབྱེ་ཤེས་དགོས་པ་ནི། དཔེར་ན་སྐབས་འགར་བརྟན་མ་བཅུ་གཉིས་བདུད་མོ་ཤ་སྟག་ཏུ་བཤད་པའང་ཡོད་དེ། གཏེར་བྱོན་རྡོར་ལེགས་པའི་གསོལ་ཁར། མ་བདུད་བརྟན་མ་བཅུ་གཉིས་པོ༔ ཞེས་འབྱུང་། འགའ་ཞིག་ཏུ་

(༣༨༤)ཐམས་ཅད་སྨན་མོར་བཤད། འགའ་ཞིག་ཏུ་བདུད། གནོད་སྦྱིན། སྨན་མོ་གསུམ་དུ་ཕྱེ་ནས་གསུངས། དེའི་ཚེ་ཡང་བཞི་ཚན་དུ་འབྱེ་ལུགས་མི་འདྲ་བ་མང་ཞིང་། ཡོངས་གྲགས་གཙོ་ཆེ་བ་ལྟར་ན། རྡོ་རྗེ་ཀུན་བཟང་། དེ་མོ་ངོ་བོ་གཅིག་ཀྱང་། རྡོ་རྗེ་ཀུན་བཟང་མ་བདུད་མོ་དང་། དེ་མོ་སྨན་མོའི་གྲས་སུ་འཇོག་གོ །བརྟན་གསོལ་རྡོ་རྗེ་བྲག་དམར་བའི། །ཡུལ་གཅིག་བལ་ཡུལ་གསེར་ཕུག་ན༔ ཨེ་ཀ་ཛ་ཏི་རལ་གཅིག་མ༔ ཆིབས་སུ་གཡུ་འབྲུག་སྔོན་མོ་བཅིབས༔ ཞེས་པ་དང་། སྟག་ཤམ་གཏེར་བྱོན་ལས། བལ་ཡུལ་གསེར་ཕུག་ཨེ་ཀ་ཙ་ཏི་མ༔ སྐུ་མདོག་སྨུག་ནག་གཡུ་འབྲུག་སྔོན་མོ་ཆིབས༔ བུམ་པ་དང་ནི་ཆུ་གྲི་བཤང་ལང་བསྣམས༔ ཞེས་གསུངས་པ་ནི་ཡོངས་གྲགས་བཞི་ཚན་གསུམ་དུ་ཕྱེ་བའི་ནང་ཚན་གྱི་རྡོ་རྗེ་ཀུན་བཟང་མར་འཇོག་དགོས་

(༣༨༥)སོ། ༈ །བདུད་མོ་བཞི་པ་འབྲོག་ཆེན་འཁོར་འདུལ་ནི། ཡུལ་ཡར་འབྲོག་གཡུ་མཚོ། བྱང་འབྲོག་སྣ་བརྒྱད། ཡར་འབྲོག་དར་གོང་། འབྲོག་སྨན་ལུང་གི་མཚོ་རྣམས་སུ། འབྲོག་རྗེ་ལྷའི་ལྕམ་མོར་ འཁྲུངས། གདུང་རུས་འབྲོག་གཟའ། སྐུ་མདོག་ནག་མོ་མུན་པའི་གོས་ཅན། རུ་མཚོན་རྩེ་ལྔ་དང་ཞགས་པ་བསྣམས་པ་དྲེའི་ཆིབས་པ། རེས་འགའ་གླང་ནག་སྟོང་གི་སློག་པ་དང་། ཁྱུང་གསོག་སྟོང་གི་ཤམ་ཐབས་གསོལ་བ། ཕྱ་ན་ལྕགས་ཕུར་བསྣམས་ཞིང་བསེ་ཤ་ཡུ་མོ་ལ་ཆིབས་པ། ས་བདག་མ་བདུན་གྱིས་འཁོར་གྱིས་བསྐོར་བ། རེས་འགའ་བེར་ལྗང་གྱོན་ནས་བེ་ཅོན་དང་ཞགས་པ་འཛིན་པ། ཁམས་ཀྱི་རྔ་མོང་ལ་ཞོན་པ། རེས་འགའ་སྐུ་མདོག་དམར་སྨུག་ན་བཟའ་དཀར་མཛེས་

(༣༨༦)གཡུའི་མཐའ་ཅན་གསོལ་ཞིང་གསེར་གཡུའི་ཐོད་ཅན་འབྲོང་འགྱིང་ཆིབས་པ། སྨན་མོ་འབུམ་གྱིས་བསྐོར་བ། རེས་འགའ་གཡག་ལྤགས་རློན་པའི་ན་བཟའ་གསོལ་ཞིང་། ལྕགས་ཀྱི་ཐོར་ཚུགས་ཅན་འབྲོང་བུ་ཁ་དཀར་ལ་ཆིབས་པ། འཁོར་འབྲོག་ཆེན་མང་པོས་བསྐོར་བ་སྟོན་ཏེ། མཁྱེན་བརྩེའི་སྲོག་གཏད་ལས། །ཡུལ་ནི་བྱང་འབྲོག་སྣ་བརྒྱད་ན༔ འབྲོག་རྗེ་ལྷ་ཡི་ལྕམ་མོ་ནི༔ གདུང་རུས་གཉན་དེ་འབྲོག་བཟའ་མོ༔ བྱང་གི་འབྲོག་སྲིན་འཁོར་འདུལ་མ༔ གླང་ནག་སྟོང་གི་སློག་པ་ལ༔ ཁྱུང་གཤོག་སྟོང་གི་ཤམ་ཐབས་ཅན༔ ཆིབས་སུ་བསེ་ཤ་ཡུ་མོ་ཆིབས༔ ཕྱག་ན་ལྕགས་ཀྱི་ཕུར་པ་བསྣམས༔ ས་བདག་མ་བདུན་འཁོར་དང་བཅས༔ ཞེས་དང་། གཏེར་བྱོན་གཞན་ལས། ཡུལ་གཅིག་ཡར་འབྲོག་དར་

(༣༨༧)གོང་ན༔ འབྲོག་ཆེན་རྡོ་རྗེ་བགེགས་ཀྱི་གཙོ༔ དམར་སྨུག་མཛེས་པའི་འོད་འཕྲོ་མ༔ དཀར་མཛེས་གཡུ་ཡི་མཐའ་ཅན་གསོལ༔ གསེར་དང་གཡུ་ཡི་ཐོད་གདེང་ཅན༔ ཆིབས་སུ་འབྲོང་ཆེན་འགྱིང་བ་ཆིབས༔ འཁོར་དུ་སྨན་མོ་འབུམ་གྱིས་བསྐོར༔ ཞེས་དང་༔ ལས་རྒྱ་མཚོའི་རྒྱུད་ལས། འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ༔ བེར་ལྗང་གྱོན་ནས་བེ་ཅོན་ཞགས་པ་འཛིན༔ ཁམས་ཀྱི་རྔ་མོང་ཞོན་ནས་འཇིག་རྟེན་གཡོ༔ གནོད་བྱེད་བགེགས་ཀྱི་བར་ཆད་བཟློག་པའི་ཕྱིར༔ འབྲོག་སྨན་ལུང་གི་མཚོ་ནས་གཤེགས་སུ་གསོལ༔ ཞེས་པ་དང་། སྟག་ཤམ་གཏེར་བྱོན་ལས། འབྲོག་ཆེན་བགེགས་འདུལ་རྡོ་རྗེ་འབྲོག་གནས་མ༔ སྐུ་མདོག་ལྗང་སེར་རྔ་མོང་གྭ་པ་ཆིབས༔ ལྗང་དར་བེར་གྱོན་བི་ཅོན་ཐོག་སེར་འགྱེད༔ ཅེས་དང་། གཏེར་བྱོན་

(༣༨༨)གྱི་བརྟན་མདོས་ལས། བྱང་གི་འབྲོག་ཆེན་གཡའ་མོ་སྐྱོང་༔ གསང་མཚན་རྡོ་རྗེའི་དྲིལ་བུ་མ༔ ན་བཟའ་གཡག་ལྤགས་རློན་པ་གསོལ༔ ལྕགས་ཀྱི་ཐོད་ལྡེམ་ཐོར་ཚུགས་ཅན༔ ཆིབས་སུ་འབྲོང་བུ་ཁ་དཀར་བཅིབས༔ འཁོར་དུ་བྱང་གི་འབྲོག་ཚན་མང་པོས་བསྐོར༔ ཞེས་གསུངས། གཏེར་བྱོན་བསུན་བཟློག་ལས༔ བྱང་གི་བྱང་ཐང་ཏིང་མོ་སྨན༔ འབྲོག་སྲིན་རྒྱལ་མོའི་བསུན་མ་བཟློག༔ ཅེས་འབྲོག་ཆེན་འཁོར་འདུལ་མར་བྱང་ཐང་ཏིང་མོ་སྨན། ཞེས་གསུངས་པ་ཡང་སྔར་བཤད་པ་དང་གནད་གཅིག་སྟེ། འབྲོང་ཆེན་འཁོར་འདུལ་དང་། མ་མ་ཏིང་ཏིང་མོ་ངོ་བོ་གཅིག་བྱང་ཐང་ཏིང་མོ་སྨན༔ མ་ཏིང་ཏིང་མོ་དང་། ཏིང་ཏིང་ཏིང་མོ་བཙུན་རྣམས་གཅིག་པས་བརྟན་མར་བཞི་ཚན་གསུམ་དུ་འབྱེད་དུས་གནོད་སྦྱིན་མོ་བཞི་པ་རྡོ་རྗེ་དྲག་རྒྱལ་མར་འདྲེན་དགོས་སོ། བརྒྱགས་བརྔན་ལས། ཡུལ་

(༣༨༩)ནི་མང་ཡུལ་མང་ཏིང་ན༔ ཆེ་ཞེས་གཙུག་གི་འོད་འཆང་མ༔ ཆིབས་སུ་འབྲོང་བུ་དར་མ་ཆིབས༔ ཞེས་པ་དང་། སྟག་ཤམ་པའི་བརྟན་མདོས་ལས། མང་ཡུལ་ཆེ་ཞེས་གཙུག་གི་འོད་འཆང་མ༔ སྐུ་མདོག་མཐིང་ནག་འབྲོང་བུ་དར་མ་ཆིབས༔ མེ་ལོང་དང་ནི་ནོར་བུ་འོད་འབར་བསྣམས༔ ཞེས་གསུངས་པ། བཞི་ཚན་གསུམ་དུ་འབྱེད་དུས་བདུད་མོ་བཞི་པ་རྡོ་རྗེ་བགེགས་ཀྱི་གཙོ་མོར་འཇོག་དགོས་སོ། །ཀུན་ཆེན་ལྔ་པས། ཡར་འབྲོག་གཡུ་མཚོ་ཕྱུག་མོ་རུ༔ འབྲོག་ཆེན་ལྷ་ལྕམ་རྡོར་དྲིལ་མ༔ གཡའ་མོ་སྐྱོང་ཁྱོད་གསང་མཚན་ལ༔ འཁོར་འདས་རྡོ་རྗེ་བགེགས་གཙོར་བཏགས༔ ཞེས་གསུངས། ༈ གནོད་སྦྱིན་མོ་བཞིའི་དང་

(༣༩༠)པོ། གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མ་ནི༔ ཡུལ་ལྷ་ཕུ་གངས་དཀར༔ རྡོ་རྗེ་བྲག་དམར་ཤེའུ་ཤེ་སྟོད་སྨད་གངས་དཀར་ལྗོང་གི་ཤེ་སྟོད། གྱ་བ་ཕུ་ཡིངས་གངས་ཟུར། གཙང་འགྲམ་རྫ་རི་གངས་དཀར་རྣམས་སུ་དུང་རུས་དཀར་མོའི་ལྕམ་མོར་འཁྲུངས། གདུང་རུས་ཤ་བཟའ། སྐུ་མདོག་དཀར་མོ་དར་གྱི་ན་བཟའ་ཅན་ཟོར་བ་དང་གཏེར་བུམ་འཛིན་པ། ཤ་བ་ཡུ་མོར་ཆིབས་པ། རེས་འགའ་དུང་གི་ན་བཟའ། གཡུའི་སྐ་རགས་ཅན་ཁྲག་གི་རྐྱལ་པ་རྣམས་ཏེ་དུང་ཤ་དཀར་མོ་ལ་ཆིབས་པ། གངས་སྨན་མ་བདུན་གྱིས་བསྐོར་བ། རེས་འགའ་བེར་དཀར་གྱོན་ཞིང་ཐོག་དང་རལ་དྲི་གཟུང་སྟེ་སེངྒེ་ལ་ཆིབས་པ། རེས་འགའ་སྐུ་མདོག་དཀར་སྔོན། རལ་གྲི་སྐར་མདའ། གློག་ཞགས་བཟུང་སྟེ་རྒྱ་སྟག་ཁྲ་བོ་ལ་ཆིབས་པར་སྟོན་ཏེ། མཁྱེན་བརྩེའི་སྲོག་གཏད་ལས། ཡུལ་ནི་ཤེའུ་

(༣༩༡)ཤེ་སྟོད་ན༔ གངས་དཀར་ལྗོངས་ཀྱི་ཤེ་སྟོད་ན། གདུང་རུས་གཉན་ཏེ་ཤ་ཟ་མོ༔ ཤ་མེད་གངས་དཀར་རྡོ་རྗེ་སྨན༔ དུང་གི་ཁུ་འཕང་སྐུ་ལ་གསོལ༔ གཡུ་ཡི་སྐ་རགས་ཐམ་སེ་ཐམ༔ ཆིབས་སུ་དུང་ཤ་དཀར་མོ་ཆིབས༔ ཕྱག་ན་ཁྲག་གི་རྐྱལ་པ་བསྣམས༔ གངས་སྨན་མ་བདུན་འཁོར་དང་བཅས༔ ཞེས་དང་། ལས་རྒྱ་མཚོའི་རྒྱུད་ལས་གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མ༔ བེར་དཀར་གྱོན་ལ་ཐོག་དང་རལ་དྲི་འཛིན༔ སེང་གེ་ཞོན་ནས་དགྲ་བགེགས་འགུགས་པར་བྱེད༔ གྱ་བ་ཕུ་ཡིས་གངས་ཟུར་གནས་ནས་གཤེགས༔ ཞེས་པ་དང་། སྟག་ཤམ་པའི་བརྟན་མདོས་ལས། རྡོ་རྗེ་བྲག་དམར་གངས་དཀར་ཤ་མེད་མ༔ སྐུ་མདོག་དཀར་མོ་དྲེལ་རྟ་རྐང་གསུམ་ཆིབས༔ རལ་གྲི་དང་ནི་ནད་ཀྱི་རྐྱལ་པ་ཐོགས༔ ཞེས་དང་། གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མ༔ སྐུ་མདོག་དཀར་སྔོན་རྒྱ་སྟག་

(༣༩༢)ཁྲོ་བོ་ཆིབས༔ རལ་དྲི་འབར་བ་སྐར་མདའ་གློག་ཞགས་བསྣམས༔ ཞེས་དང་། རྒྱགས་བརྔན་ལས། ཡུལ་གཅིག་རྡོ་རྗེ་བྲག་དམར་ན༔ སྲིང་གཅིག་གངས་དཀར་ཤ་མེད་མ༔ ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས༔ ཞེས་གསུངས། གཙང་འགྲམ་རྫ་རི་གངས་དཀར་ན༔ ཤ་མེད་རྡོ་རྗེ་ཀུན་ཏུ་བཟང་༔ དཀར་སེར་ཤེལ་གྱི་ཁ་དོག་འདྲ༔ དར་དཀར་གཡུ་ཡི་མཐའ་ཅན་གསོལ༔ གསེར་གཡུ་མུ་ཏིག་ཐོད་གདེངས་ཅན༔ ཆིབས་སུ་སྨན་ཤ་དཀར་པོ་ཆིབས༔ འཁོར་དུ་སྨན་མོ་སྟོང་གིས་བསྐོར༔ ཞེས་རྡོ་རྗེ་ཀུན་བཟང་མ་ཡིན་པར་གསུངས་པ་དང་། བྱང་གཏེར་བརྟན་མའི་ལོ་རྒྱུས་ལས། གངས་དཀར་ཤ་མེད་རྡོ་རྗེ་གཡུ་བུན་མ༔ ཞེས་པ་དང་། ཀུན་ཆེན་ལྔ་པས། ལྷ་ཕུ་གངས་རི་དཀར་པོ་རུ། །གངས་ཀྱི་ཡུམ་ཆེན་འོད་འབར་མ། །ཤ་མེད་ཁྱོད་ཀྱི་གསང་བའི་མཚན། །རྡོ་རྗེ་གཡུ་བུན་མ་རུ་བཏགས། །ཞེས་རྡོ་རྗེ་གཡུ་

(༣༩༣)བུན་མར་གསུངས་པ་ཡང་སྔར་བཤད་པ་དང་། གནད་འདྲའོ། ༈ །གནོད་སྦྱིན་མོ་གཉིས་པ་ཁ་རག་ཁྱུང་བཙུན་ནི། ཡུལ་རུ་མཚམས་ཇོ་མོ་ཁ་རག་དང་རྨ་ཆེན་སྤོམ་རའི་མགུལ་དུ། འདར་བུ་སྟོང་ཐང་རྗེའི་ལྕམ་མོར་འཁྲུངས་གདུང་རུས་ཁྱུང་བཟའ། སྐུ་མདོག་དཀར་མོ་རྨ་བྱའི་ཐུལ་པ་གསོལ་ཞིང་ཌཱ་མ་རུ་དང་མེ་ལོང་བསྣམས་པ་མེ་ཁྱུང་ཆིབས་པ་དང་། རེས་འགའ་ན་བཟའ་མི་ལྤགས་ཀྱི་སློག་པ་དང་མི་སྙིང་གི་ཤམ་ཐབས་གསོལ་བ། དུག་མདའ་ལྟོང་ནག་བསྣམས་པ། སེར་མོ་མ་བདུན་གྱི་འཁོར་དང་བཅས་ཏེ་བཞུགས་པར་གསུངས། དེ་ལྟར་ཡང་གཡུལ་བཟློག་ལས། རུ་མཚམས་ཇོ་མོ་ཁ་རག་གསང་བའི་མཚན༔ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ སྐུ་མདོག་དཀར་མོ་རྨ་བྱའི་ཐུལ་པ་གསོལ༔ ཌཱ་མ་རུ་དང་

(༣༩༤)གསལ་བའི་མེ་ལོང་བསྣམས༔ མེ་ཁྱུང་ཆིབས་ནས་བསྟན་པའི་བྱ་ར་མཛད༔ ཅེས་པ་དང་། མཁྱེན་བརྩེའི་བརྟན་མའི་སྲོག་གཏད་ལས། ཡུལ་ནི་ཁ་རག་སུལ་ཡུལ་ན༔ འདར་བུ་སྟོང་ཐང་རྗེ་ཡི་ལྕམ༔ གདུང་རུས་གཉན་དེ་ཁྱུང་བཟའ་མོ༔ ཁ་རག་ཁྱུང་བཙུན་དཔལ་གྱི་ཡུམ༔ ན་བཟའ་མི་ལྤགས་སློག་པ་གསོལ༔ མི་སྙིང་ཕུག་པའི་ཤམ་ཐབས་ཅན༔ ཆིབས་སུ་བྱ་རྒྱལ་ཁྱུ་ལ་ཆིབས༔ ཕྱག་ན་དུག་མདའ་སྟོང་ནག་བསྣམས༔ སེར་མོ་མ་བདུན་འཁོར་དང་བཅས༔ ཞེས་པ་དང་། ཀུན་ཆེན་ལྔ་པས། རུ་མཚམས་ཇོ་མོ་ཁ་རག་རུ། །སྟོང་ཐང་རྗེ་ལྕམ་ཁྱུང་བཟའ་མོ། ཁྱུང་བཙུན་ཁྱོད་ཀྱི་གསང་བའི་མཚན། །རྡོ་རྗེ་དཔལ་གྱི་ཡུམ་དུ་བཏགས། །ཞེས་གསུངས། རེས་འགའ་བེར་སེར་གྱོན་ནས་དགྲ་སྟ་འཛིན་པ། རེས་འགའ་སྐུ་མདོག་དམར་མོ་

(༣༩༥)རལ་གྲི་དང་ཚོན་གྱི་དྲུ་གུ་ཐོགས་ཏེ་གྱི་ལིང་ཁ་དཀར་ལ་ཆིབས་པ། རེས་འགའ་སྐུ་མདོག་སེར་དམར་དང་དགྲ་སྟ་དང་། ཞགས་པ་ཐོགས་ཏེ་སྟག་བེར་གྱོན་ནས་ཁྱུང་ལ་ཆིབས་པ་དང་། རེས་འགའ་སྐུ་མདོག་མཐིང་ནག་རྔམས་པའི་ཚུལ་ཅན་མུ་མེན་གྱི་ན་བཟའ་དང་བྲག་ནག་སྤུངས་པའི་ཐོད་གདེངས་ཅན་དྲེལ་ནག་རྟིང་དཀར་ལ་ཆིབས་པར་སྟོན་ཏེ། བརྟན་མ་ལས་རྒྱ་མཚོའི་རྒྱུད་ལས། ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ བེར་སེར་གྱོན་ནས་ཕྱག་ན་དགྲ་སྟ་འཛིན༔ ཁྱུང་ལ་ཞོན་ནས་མི་མངོན་དབྱིངས་ན་བཞུགས༔ གཤིན་རྗེའི་གདོན་དང་དམག་དཔུང་འཇོམས་པའི་ཕྱིར༔ ཁ་རག་ཤར་གྱི་གནས་ནས་གཤེགས་སུ་གསོལ༔ ཞེས་པ་དང་། སྟག་ཤམ་གཏེར་བྱོན་ལས། སྤོམ་རའི་དྲུང་ན་ཁ་རག་ཁྱུང་བཙུན་མ༔ སྐུ་མདོག་དམར་མོ་གྱི་ལིང་ཁ་

(༣༩༦)དཀར་ཆིབས༔ རལ་གྲི་དང་ནི་མཚོན་གྱི་དྲུ་གུ་བསྣམས༔ ཞེས་པ་དང་། ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ སྐུ་མདོག་སེར་དམར་མཁའ་ལྡིང་ཁྱུང་ལ་ཆིབས༔ སྟག་བེར་གྱོན་ནས་དགྲ་སྟ་ཞགས་ཁྲ་བསྣམས༔ ཞེས་པ་དང་། རྒྱགས་བརྔན་ལས། ཡུལ་ནི་རྨ་ཆེན་སྤོམ་ར་ན༔ སྲིང་གཅིག་ཁ་རག་ཁྱུང་བཙུན་མ༔ ཆིབས་སུ་གྱི་ལིང་ཁ་དཀར་ཆིབས༔ ཞེས་དང་། གཏེར་བྱོན་བརྟན་མདོས་གཞན་ལས། ཡུལ་ཅིག་སྙེ་མོ་དག་ཡུལ་ན༔ ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ མཐིང་ནག་གདུག་པའི་རྔམ་ཚུལ་ཅན༔ ན་བཟའ་མུ་མིན་མཛེས་པ་གསོལ༔ བྲག་ནག་སྤུངས་པའི་ཐོད་གདེངས་ཅན༔ ཆིབས་སུ་དྲེལ་ནག་རྟིང་དཀར་ཆིབས༔ འཁོར་དུ་སྨན་མོ་སྟོང་གི་བསྐོར༔ ཞེས་པ་དང་། ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ གསང་མཚན་རྡོ་རྗེ་ཁྱུང་གདོན་དཔལ་གྱི་ཡུམ༔

(༣༩༧)ན་བཟའ་འཇའ་ཚོན་སྣ་ལྔ་ལུས་ལ་གྱོན༔ བྲག་ནག་སྤུངས་པའི་ཐོད་གདེངས་ཅན༔ ཆིབས་སུ་ངང་དཀར་ཞུར་པོ་ཆིབས༔ འཁོར་ནི་སྲིན་མོ་སྟོང་གིས་བསྐོར༔ ཞེས་གསུངས། ༈ གནོད་སྦྱིན་མོ་གསུམ་པ། གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་ནི། ཡུལ་དྷ་ཡུལ་ཐང་བཀྲ་དང་བྱང་སྟོད་དམར་གྱི་མཚོ་འགྲམ། སྲད་ཡུལ་པ་ཏྲ། བསྣུབས་ཡུལ་རྒྱ་མཚམས་སམ། སྣུབ་ཡུལ་ཀ་previous hit ཚལདང next hit་། ནུབ་ཡུལ་དགའ་ཚལ་ཞེས་ཀྱང་གྲགས་པར། དྷ་ལ་གར་སིའི་ལྕམ་མོར་འཁྲུངས། གདུང་རུས་དྷ་བཟའ་སྐུ་མདོག་དཀར་དམར་སྦྲུལ་ཞགས་དང་རིན་པོ་ཆེའི་པར་བུ་བསྣམས་པ། རྟ་མཆོག་ལ་ཆིབས་པ། རེས་འགའ་དཀར་མོ་མི་གཅིག་མཆེ་བ་གཙིགས་པ། མི་མགོ་བརྩེགས་པའི་ཐུལ་པ་གསོལ་ཞིང་ཞིང་དབྱུག་བསྣམས་ཏེ་ཕག་ནག་ལ་ཆིབས་

(༣༩༨)པ། རེས་འགའ་མཐིང་ནག་རྔམས་པའི་ཞལ་ཅན་རྨ་བྱའི་ཐུལ་པ་གསོལ་བ། གསེར་གཡུའི་ཐོད་ཅན་འོལ་མོ་ཁ་ཁྲ་ལ་ཆིབས་པ། རེས་འགའ་སྐུ་མདོག་སྔོ་སྐྱ་དོང་བུ་གདོང་དཀར་རམ་སྙིང་དཀར་ལ་ཆིབས་པ། མེ་ལོང་དང་དྲིལ་བུ་གཡེར་ཁ་བསྣམས་པ། རེས་འགའ་སྐུ་མདོག་སྔོ་ནག་དོམ་ནག་དང་རི་ཁྱི་ཆིབས་པ་བེར་དམར་གྱོན་ནས་ལྕགས་ཀྱུ་དང་ནེའུ་ལེ་ཐོག་པར་སྟོན་ཏེ། མཁྱེན་བརྩེའི་བརྟན་མའི་སྲོག་གཏད་ལས། ཡུལ་གཅིག་དྷ་ཡུལ་ཐང་བཀྲ་ན༔ དྷ་ལ་གར་སིའི་ལྕམ་མོ་ནི༔ གདུང་རུས་གཉན་དེ་དྷ་བཟའ་མོ༔ དཀར་མོ་མི་གཅིག་མཆེ་བ་ཅན༔ དྷ་ལ་བཙན་མོ་སྨན་གཅིག་མ༔ མི་མགོ་བརྩེགས་པའི་ཐུལ་པ་ཅན༔ ཆིབས་སུ་ཕག་རྒོད་ནག་པོ་ཆིབས༔ ཕྱག་ན་ཞིང་གི་དབང་ཕྱུག་པ་བསྣམས༔ དཀར་མོ་མ་བདུན་འཁོར་དང་བཅས༔ ཞེས་པ་དང་།

(༣༩༩)གཏེར་བྱོན་གཞན་ལས། ཡུལ་གཅིག་པྲ་ཡུལ་པ་ཏྲ་ན༔ བཙན་མོ་རྡོ་རྗེ་ཡེ་ཤེས་མཆོག༔ མཐིང་ནག་དྲག་ཤུལ་རྔམས་པའི་ཞལ༔ རྨ་བྱ་མཛེས་པའི་ཐུལ་པ་གསོལ༔ གསེར་དང་གཡུ་ཡི་ཐོད་གདེངས་ཅན༔ ཆིབས་སུ་འོལ་མོ་ཁ་ཁྲ་ཆིབས༔ ཞེས་པ་དང་། ཉངས་གཏེར་གཡུལ་བཟློག་ལས། བྱང་སྟོད་རོ་དམར་མཚོ་བདག་གསང་བའི་མཚན༔ གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་ནི༔ དཀུ་མདོག་དཀར་དམར་དར་དང་རིན་ཆེན་རྒྱན༔ སྦྲུལ་ཞགས་དང་ནི་རིན་ཆེན་པར་སུ་བསྣམས༔ རྟ་མཆོག་ཆིབས་ནས་བསྟན་པའི་བྱ་ར་མཛད༔ ཅེས་དང་། སྟག་ཤམ་གཏེར་བྱོན་ལས། བསྣུབས་ཡུལ་རྒྱ་མཚམས་གདུག་པའི་བཙན་པོ་འདུལ༔ སྐུ་མདོག་སྔོ་སྐྱ་དོམ་བུ་གདོང་དཀར་ཆིབས༔ མེ་ལོང་དང་ནི་དྲིལ་བུ་གཡེར་ཁ་བསྣམས༔ ཞེས་པ་དང་། གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་

(༤༠༠)རྒྱལ༔ སྐུ་མདོག་སྔོ་ནག་དོམ་ནག་རི་ཁྱི་ཆིབས༔ བེར་དམར་གྱོན་ནས་ལྕགས་ཀྱུ་ནེའུ་ལེ་བསྣམས༔ ཞེས་པ་དང་། བརྟན་མ་ལས་རྒྱ་མཚོའི་རྒྱུད་ལས། གསེར་ཆེན་མཁའ་ལྡིང་རྡོ་རྗེ་ཀླུ་མོ་ནི༔ བེར་དམར་གྱོན་ནས་ན་ལྕགས་ཀྱུ་འཛིན༔ དོམ་ནག་ཞོན་ནས་ལྷོ་མོན་དབྱིངས་ནས་གཤེགས༔ རྨི་ལྟས་མཚན་མ་ངན་པ་བཟློག་པའི་ཕྱིར༔ ཇོ་མོ་ནགས་རྒྱལ་གནས་ནས་གཤེགས་སུ་གསོལ༔ ཞེས་གསུངས། འདི་ནི་ཇོ་མོ་ནགས་རྒྱལ། ཨུག་ཆོས་གཡར་མོ་རྒྱལ། རྡོ་རྗེ་གཡར་མོ་བསིལ། རྡོ་རྗེ་གྲགས་རྒྱལ་མ་སོགས་པར་སྟོན་ཏེ། གཏེར་བྱོན་གྱི་བརྟན་མདོས་ལས། མོ་བཙུན་ཨུག་ཆོས་གཡར་མོ་བསིལ༔ གསང་མཚན་རྡོ་རྗེ་དྲག་མོ་རྒྱལ༔ ཞེས་པ་དང་། ཀུན་ཆེན་ལྔ་པས། གཙང་གི་ཇོ་མོ་ནགས་རྒྱལ་དུ། སྨན་བཙུན་ཨུག་ཆོས་གཡར་མོ་རྒྱལ། །གཡའ་བཟའ་མོ་ཁྱོད་གསང་བའི་མཚན། རྡོ་རྗེ་གཡར་མོ་

(༤༠༡)བསིལ་དུ་བཏགས། ཞེས་གསུངས། ནམ་མཁའི་རྒྱལ་མོ་ཧོང་ཏིང་ཤག་གམ། རྡོ་རྗེ་དཔལ་འབར་ཤག་དང་རྡོ་རྗེ་ཡེ་ཤེས་སམ་རྡོ་རྗེ་ཁོང་ཏིང་ཞེས་པའང་འདི་ཉིད་ཡིན་ཏེ། གཏེར་བྱོན་བརྟན་མདོས་ལས༔ ནམ་མཁའི་རྒྱལ་མོ་ཧོང་ཏིང་ཤག༔ གསང་མཚན་རྡོ་རྗེ་དཔལ་འབར་ཤག༔ ན་བཟའ་བྱ་རྒོད་ཐུལ་པ་གསོལ༔ རིན་ཆེན་མཛེས་པའི་ཐོད་ལྡེམ་ཅན༔ ཆིབས་སུ་སྨན་ཤ་ཡུ་མོ་ཆིབས༔ འཁོར་དུ་གནམ་སྨན་སྟོང་གིས་བསྐོར༔ ཞེས་པ་དང་། ཀུན་ཆེན་ལྔ་པས། བྱང་སྟོད་དམར་གྱི་མཚོ་འགྲམ་དུ། །བཙན་མོ་རྡོ་རྗེ་ཡེ་ཤེས་མཆོག ཁོང་ཏིང་ཁྱོད་ཀྱི་གསང་བའི་མཚན། །མཁའ་ལྡིང་རྡོ་རྗེ་ཀླུ་མོར་བཏགས། །ཞེས་གསུངས། རྒྱགས་བརྔན་གྱི། ཡུལ་ནི་བསྣུབས་ཡུལ་དགའ་ཚལ་ན༔ བརྡའ་ལ་བཙན་མོ་གདུག་པ་འདུལ༔ ཆིབས་སུ་དོམ་བུ་སྙིང་དཀར་ཆིབས༔ ཞེས་པ་ཡང་འདི་ཉིད་དོ། ༈ །གནོད་

(༤༠༢)སྦྱིན་མོ་བཞི་པ་རྡོ་རྗེ་དྲག་རྒྱལ་མ་ནི། ཡུལ་རྨ་ཡུལ་ཐང་རྒྱས་དང་དབུ་རུ་སྙིང་པོ་དང་། སྤོམ་རའི་མགུལ་དུ་སྤོམ་རའི་སྲིང་མོར་འཁྲུངས་གདུང་རུས་རྨ་བཟའ། སྐུ་མདོག་དཀར་མོ་བེ་ཅོན་དང་རིན་པོ་ཆེའི་གཞོང་པ་འཛིན་པ། འཕར་བ་ཆིབས་པ་དང་། རེས་འགའ་གཡག་ལྤགས་སྟོང་གི་སློག་པ་དང་། ཁྱུང་གཤོག་སྟོང་གི་ཤམ་ཐབས་གསོལ་ཞིང་མཆོང་གི་ཕུར་པ་བསྣམས་ཏེ་འབྲོང་བུ་ར་གུག་ལ་ཆིབས་པ། ཕྱག་ན་མཆོང་གི་ཕུར་པ་བསྣམས་པ་ཉི་འོད་མ་བདུན་གྱི་འཁོར་དང་བཅས་པ། རེས་འགའ་དབུ་རུ་དང་སྙེ་མོའི་མཚམས་སུ་སྐུ་མདོག་དཀར་མོ་གསེར་གཡུའི་ཐོད་གདེངས་ཅན་ན་བཟའ་སྨུག་ནག་གསོལ་བ། རེས་འགའ་མུ་ཏིག་གི་ཐོར་ཚུགས་སྤྲས་ཏེ་སྨན་ཤ་ཡུ་མོ་ལ་ཆིབས་པ། ཤ་ཟ་འབུམ་གྱིས་བསྐོར་བ། རེས་འགའ་སྐུ་མདོག་ལྗང་གུ་མེ་ལོང་དང་ཏིང་ཤག་བསྣམས་ཏེ་འབྲོང་

(༤༠༣)གཡག་ལ་ཆིབས་པ། རེས་འགའ་སྐུ་མདོག་ལྗང་སེར་རང་མདོག་གི་བེར་ཅན་མི་སྙིང་དང་གཡང་གི་གཞོང་པ་ཐོགས་ཏེ་མི་དྲེད་ནག་པོ་ལ་ཆིབས་པར་སྟོན་ཏེ། མཁྱེན་བརྩེའི་བརྟན་མའི་སྲོག་གཏད་ལས། ཡུལ་ནི་རྨ་ཡུལ་ཐང་བརྒྱད་ན༔ རྨ་ཆེན་སྤོམ་རའི་སྲིང་གཅིག་མོ༔ གདུང་རུས་་གཉན་དེ་རྨ་བཟའ་མོ༔ བྱང་གི་ཏིང་ཏིང་ཏིང་མོ་བཙུན༔ གཡག་ལྤགས་སྟོང་གི་སློག་པ་ལ༔ ཁྱུང་གཤོག་སྟོང་གི་ཤམ་ཐབས་ཅན༔ ཆིབས་སུ་འབྲོང་བུ་ར་གུག་ཆིབས༔ ཕྱག་ན་མཆོང་གི་ཕུར་པ་བསྣམས༔ ཉི་འོད་མ་བདུན་འཁོར་དང་བཅས༔ ཞེས་པ་དང་། ཉང་གཏེར་གཡུལ་བཟློག་ལས། རྨ་ཆེན་སྤོམ་རའི་སྲིང་གཅིག་གསང་བའི་མཚན༔ རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ སྐུ་མདོག་དཀར་གསལ་རིན་ཆེན་དར་ཟབ་མཛེས༔

(༤༠༤)བེ་ཅོན་དང་ནི་རིན་ཆེན་གཞོང་པ་འཛིན༔ འཕར་བ་ཆིབས་ནས་བསྟན་པའི་བྱ་ར་མཛད༔ ཅེས་པ་དང་། ལས་རྒྱ་མཚོའི་རྒྱུད་ལས་རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ བེར་ལྗང་གྱོན་ནས་ཕྱག་ན་ཙིཏྟ་བསྣམས༔ མི་དྲེད་ནག་མོ་ཞོན་ནས་དམ་ཉམས་འགུགས༔ གློ་བུར་སེམས་ཀྱི་ཡེ་འབྲོག་ཞི་བའི་ཕྱིར༔ རྨ་ཆེན་སྤོམ་རའི་གནས་ནས་གཤེགས་སུ་གསོལ༔ ཞེས་པ་དང་། སྟག་ཤམ་གཏེར་བྱོན་ལས། དབུས་ཀྱི་སྙིང་པོར་མ་ཏིང་ཏིང་མོ་བཙུན༔ སྐུ་མདོག་ལྗང་སྔོན་འབྲོང་ཆེན་གཡག་ལ་ཆིབས༔ མེ་ལོང་དང་ནི་ཏིང་ཤག་རོལ་མོ་བསྣམས༔ ཞེས་དང་། རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ སྐུ་མདོག་ལྗང་སེར་མི་དྲེད་ནག་པོ་ཆིབས༔ ལྗང་སེར་བེར་གྱོན་མི་སྙིང་གཡང་གཞོང་ཐོགས༔ ཞེས་པ་དང་། གཏེར་བྱོན་གཞན་ལས། ཡུལ་གཅིག་དབུ་རུ་སྙེ་མཚམས་ན༔ རབ་འབྱམས་རྡོ་རྗེ་

(༤༠༥)དྲག་མོ་རྒྱལ༔ དཀར་མོ་གསེར་གཡུའི་ཐོད་གདེངས་ཅན༔ ན་བཟའ་སྨུག་ནག་འབར་བ་གསོལ༔ ཞེས་པ་དང་། གཏེར་བྱོན་མདོས་ཆོག་ལས། གསང་མཚན་རྡོ་རྗེ་དྲག་མོ་རྒྱལ༔ ན་བཟའ་ཅིར་ཡང་མ་ངེས་ཏེ༔ མུ་ཏིག་དཀར་མོའི་ཐོད་ལྡེམ་ཅན༔ འཁོར་ནི་ཤ་ཟ་འབུམ་གྱིས་བསྐོར༔ ཆིབས་སུ་སྨན་ཤ་ཡུ་མོ་ཆིབས༔ ཞེས་དང་། ཀུན་ཆེན་ལྔ་ལས། ཁམས་ཀྱི་རྨ་ཆེན་སྤོམ་རའི་མགུལ། བྱང་གི་ཏིང་ཏིང་ཏིང་མོ་བཙུན། །སེར་མོ་ལས་མཁན་གསང་མཚན་དུ། །རྡོ་རྗེ་དྲག་མོ་རྒྱལ་ཞེས་བཏགས། །ཞེས་གསུངས། རྒྱགས་བརྔན་ལས། ཡུལ་གཅིག་དབུ་རུ་སྙིང་པོ་ཡི༔ བྱང་གི་མ་ཏིང་ཏིང་མོ་བཙུན༔ ཆིབས་སུ་འབྲོང་གིང་གྭ་པ་ཆིབས༔ ཞེས་པའང་འདི་ཉིད་དོ། ༈ །སྨན་མོ་བཞིའི་དང་པོ་ཀོང་བཙུན་དེ་མོ་ནི། ཡུལ་ཀོང་ཡུལ་བྲེ་

(༤༠༦)སྣ་དང་། ཀོང་ཡུལ་ཀོང་ཕུག་ཏུ་ཀོང་རྗེ་དཀར་མོའི་ལྕམ་མོར་འཁྲུངས། གདུང་རུས་ཤ་ཟ། སྐུ་མདོག་སྨུག་ནག་དར་དང་ཞིང་ལྤགས་གསོལ་བ། མདའ་དར་དང་རིན་པོ་ཆེའི་ཟ་མ་ཏོག་བསྣམས་ཏེ་སྤྲིན་པའི་གསེབ་ཏུ་རླུང་ལ་ཆིབས་པ། རེས་འགའ་སེང་ལྤགས་སྟོང་གི་སློག་པ་དང་སྦྲུལ་ནག་སྟོང་གི་ཤམ་ཐབས་ཅན། ཆིབས་སུ་ཀོང་རྟ་དཀར་པོ་ཆིབས་ཏེ་ཁྲག་གི་བུམ་པ་བསྣམས་པ། རེས་འགའ་སྐུ་མདོག་འཇའ་ཚོན་འདྲ་བ་ན། བཟའ་སྨུག་ནག་གསེར་གཡུ་སྤེལ་བའི་ཐོད་གདེངས་ཅན་རྟ་ནག་རྟིང་དཀར་ལ་ཆིབས་པ། རེས་འགའ་བེར་དཀར་གསོལ་ཞིང་ཤ་བ་རྭ་བཅུ་ལ་ཆིབས་པ། རེས་འགའ་སྐུ་མདོག་དཀར་མོ་མེ་ལོང་དང་རྡོ་རྗེ་རྩེ་དགུ་ཐོགས་ཏེ་སྟག་མོ་རི་བཀྲ་ལ་ཆིབས་པ། རེས་འགའ་སྐུ་མདོག་དཀར་མོ་རང་མདོག་གི་བེར་གྱོན་ཞིང་ཞགས་པ་དང་ནོར་བུ་བསྣམས་ནས་ཀོང་རྟ་སྔོན་མོ་ལ་ཆིབས་པ། རེས་འགའ་གསེར་གྱི་

(༤༠༧)ཐོར་ཚུགས་བཅིངས་པ་སྤྲིན་དཀར་ངང་པ་ལ་ཆིབས་པ། འཁོར་མ་བདུད་ཀྱིས་བསྐོར་བ། གསང་མཚན་རྡོ་རྗེ་གཉིས་མེད་འོད་འབར་མ་ཞེས་པར་གྲགས་ཏེ། མཁྱེན་བརྩེའི་བརྟན་མའི་སྲོག་གཏད་ལས། ཡུལ་གཅིག་ཀོང་ཡུལ་བྲེ་སྣ་ན༔ ཀོང་རྗེ་དཀར་མོའི་ལྕམ་མོ་ནི༔ གདུང་རུས་གཉན་དེ་ཤ་བཟའ་མོ༔ ཀོང་བཙུན་དེ་མོ་བོད་ཁམས་སྐྱོང་༔ སེང་ལྤགས་སྟོང་གི་སློག་པ་གསོལ༔ སྦྲུལ་ནག་སྟོང་གི་ཤམ་ཐབས་ཅན༔ ཆིབས་སུ་ཀོང་རྟ་དཀར་པོ་ཆིབས༔ ཕྱག་ན་ཁྲག་གི་བུམ་པ་བསྣམས༔ ནག་མོ་མ་བདུན་འཁོར་དང་བཅས༔ ཞེས་པ་དང་། ཉང་གཏེར་གཡུལ་བཟློག་ལས། ཀོང་པོའི་ཀོང་བཙུན་དེ་མོ་གསང་བའི་མཚན༔ ཀློང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་༔ སྨུག་ནག་དར་དང་ཞིང་ལྤགས་རློན་པ་གྱོན༔ མདའ་དར་དང་ནི་རིན་ཆེན་ཟ་མ་ཏོག༔ སྤྲིན་གསེབ་རླུང་བསྐྱོད་

(༤༠༨)བསྟན་པའི་བྱ་ར་མཛད༔ ཅེས་པ་དང་། བརྟན་མ་ལས་རྒྱ་མཚོའི་རྒྱུད་ལས། ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་༔ བེར་དཀར་གྱོན་ནས་འཆིང་བྱེད་ཞུགས་པ་འཛིན༔ རྭ་བཅུ་ཤ་བ་ཞོན་ནས་བདུད་དཔུང་འཇོམས༔ ས་བདག་ཀླུ་ཡི་ནད་གདོན་ཞི་བའི་ཕྱིར༔ ཀོང་པོ་ཤར་གྱི་ཕྱོགས་ནས་གཤེགས་སུ་གསོལ༔ ཞེས་པ་དང་། སྟག་ཤམ་གཏེར་བྱོན་ལས། ཀོང་ཡུལ་ཀོང་བཙུན་དེ་མོ་གཡུ་བུན་མ༔ སྐུ་མདོག་དཀར་མོ་སྟག་མོ་རི་བཀྲ་ཆིབས༔ མེ་ལོང་དང་ནི་རྡོ་རྗེ་རྩེ་དགུ་བསྣམས༔ ཞེས་པ་དང་། ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་༔ སྐུ་མདོག་དཀར་མོ་ཀོང་རྟ་སྔོན་མོ་ཆིབས༔ བེར་དཀར་གྱོན་ནས་ཞགས་པ་ནོར་བུ་བསྣམས༔ ཞེས་པ་དང་། གཏེར་བྱོན་བརྟན་མདོས་ལས། ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་༔ གསང་མཚན་རྡོ་རྗེ་གཉིས་མེད་འོད་འབར་མ༔ ན་བཟའ་མུན་ནག་གཏིབས་པ་ལ༔ འཇིགས་སུ་རུང་བའི་

(༤༠༩)མེ་སྟག་འཕྲོ༔ གསེར་གྱི་ཐོད་ལྡེམ་ཐོར་ཚུགས་ཅན༔ ཆིབས་སུ་སྤྲིན་དཀར་ངང་པ་ཆིབས༔ འཁོར་ནི་མ་བདུད་མང་པོས་བསྐོར༔ ཞེས་དང་། གཏེར་བྱོན་གཞན་ལས། ཡུལ་གཅིག་ཀོང་ཡུལ་བྲེ་སྣ་ན༔ ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་༔ སྐུ་མདོག་འཇའ་ཚོན་སྤེལ་ལེགས་འདྲ༔ སྨུག་ནག་མེ་སྟག་འདྲ་བ་གསོལ༔ གསེར་གཡུ་སྤེལ་བའི་ཐོད་གདེངས་ཅན༔ ཆིབས་སུ་རྟ་ནག་རྟིང་དཀར་ཆིབས༔ ཞེས་པ་དང་། ཀུན་ཆེན་ལྔ་པས། ཤར་ཕྱོགས་ཀོང་ཡུལ་བྲེ་སྣ་རུ༔ ཀོང་བཙུན་དེ་མོ་འོད་འབར་མ༔ ཀོང་བཟའ་ཁྱོད་ཀྱི་གསང་བའི་མཚན༔ རྡོ་རྗེ་བོད་ཁམས་སྐྱོང་དུ་བཏགས༔ ཞེས་གསུངས། ༈ སྨན་མོ་གཉིས་པ་བཙན་ལ་ལོ་རོའམ་རྡོ་རྗེ་སྨན་གཅིག་མ་ནི། ཡུལ་མང་ཡུལ་ལ་སྟོད་དང་། ན་ལེན་བྲེ་ལན་ནམ། ན་ལན་ཤིང་ལན། བསམ་སྡིངས་རྒྱབ་རི། ཨེ་ཉག་ལ་རོ་རྣམས་སུ་གནོད་

(༤༡༠)སྦྱིན་སྙིང་འབྲོག་གི་ལྕམ་མོར་འཁྲུངས། གདུང་རུས་ཤ་ཟ། སྐུ་མདོག་དམར་ལྗང་རིན་པོ་ཆེས་བརྒྱན་པ། དར་དང་དངོས་གྲུབ་ཀྱི་འབྲང་རྒྱས་བསྣམས་པ། རེས་འགའ་གྱི་ལིང་དཀར་པོའི་སྟོད་གཡོག་དང་སྟག་ལྤགས་སྟོང་གི་ཤམ་ཐབས་གསོལ་བ། དྲེལ་ནག་ཁ་སེར་ལ་ཆིབས་ཏེ་བསེའི་ཕུར་བུ་འདྲིལ་བ། དམར་མོ་མ་བདུན་གྱིས་བསྐོར་བ། རེས་འགའ་སྐུ་མདོག་སྔོ་ནག་སྤྲིན་ནག་སྤུངས་པའི་ཐུལ་པ་གསོལ་བ། རལ་པའི་ཟར་བུ་གཡས་ནས་གཡོན་དུ་འཁྱིལ་ཞིང་རྐྱང་བུ་ཁ་དཀར་ལ་ཆིབས་པ། རེས་འགའ་བེར་སེར་གྱོན་ཞིང་། དྲིལ་བུ་བསྣམས་ཏེ་བཙོད་ལ་ཞོན་པ། རེས་འགའ་སྐུ་མདོག་དམར་སྐྱ་བུམ་པ་དང་སྤུ་གྲི་ནད་རྐྱལ་རྣམས་ཐོགས་ཏེ་དྲེལ་རྟ་རྐང་གསུམ་ལ་ཆིབས་པ་རེས་འགའ་སྐུ་མདོག་མཐིང་ནག་རང་མདོག་གི་བེར་གྱོན་ཏེ་དྲིལ་བུ་དང་བཙན་ཞགས་ཐོགས་ནས་བཙོད་ལ་ཆིབས་པར་སྟོན་ཏེ། མཁྱེན་

(༤༡༡)བརྩེའི་བརྟན་མའི་སྲོག་གཏད་ལས། ཡུལ་ནི་མང་ཡུལ་ལ་སྟོད་ན༔ གནོད་སྦྱིན་སྙིང་འབྲོག་ལྕམ་མོ་ནི༔ གདུང་རུས་གཉན་དེ་ཤ་ཟ་མོ༔ བཙན་ལ་ལ་རོ་སྨན་གཅིག་མ༔ གྱི་ལིང་དཀར་པོའི་སྟོད་གཡོགས་ལ༔ སྟག་ལྤགས་སྟོང་གི་ཤམ་ཐབས་ཅན༔ ཆིབས་སུ་དྲེལ་ནག་ཁ་སེར་ཆིབས༔ ཕྱག་ན་བསེ་།།།ཕུར་པ་འདྲིལ༔ དཀར་མོ་མ་བདུན་འཁོར་དང་བཅས༔ ཞེས་པ་དང་། ཉང་གཏེར་གཡུལ་བཟློག་ལས། ཨེ་ཉག་ལོ་རོ་སྤོ་བདག་གསང་བའི་མཚན༔ བཙན་ལ་ལ་རོ་རྡོ་རྗེ་སྨན་གཅིག་མ༔ སྐུ་མདོག་དམར་ལྗང་རིན་ཆེན་སྣ་ལྔས་བརྒྱན༔ ལྷབ་ལྷུབ་དར་དང་དངོས་གྲུབ་འབྲང་རྒྱས་བསྣམས༔ མཛོ་མོ་ཆིབས་ནས་བསྟན་པའི་བྱ་ར་མཛད༔ ཅེས་པ་དང་། བརྟན་མ་ལས་རྒྱ་མཚོའི་རྒྱུད་ལས། བཙན་ལ་ལ་རོག་རྡོ་རྗེ་སྨན་གཅིག་མ༔ བེར་སེར་གྱོན་ནས་ཕྱག་ན་

(༤༡༢)དྲིལ་བུ་འཛིན༔ གདངས་ཆེན་བཙོད་ལ་ཞོན་ནས་གཏད་བཟློག་མ༔ གནོད་སྦྱིན་གདུག་པའི་ནད་གདོན་ཞི་བའི་ཕྱིར༔ བསམ་སྡིངས་རྒྱབ་རིའི་གནས་ནས་གཤེགས་སུ་གསོལ། ཞེས་པ་དང་། གཏེར་བྱོན་གཞན་ལས། ཡུལ་གཅིག་ན་ལེན་ཤི་ལེན་ན༔ ན་རོ་རྡོ་རྗེ་སྨན་གཅིག་མ༔ སྐུ་མདོག་སྔོ་ནག་ནམ་མཁའ་ལྟར༔ སྤྲིན་ནག་སྤུངས་པའི་ཐུལ་པ་གསོལ༔ རལ་པའི་ཟར་བུ་གཡས་ནས་གཡོན་དུ་འཁྱིལ༔ ཆིབས་སུ་རྐྱང་བུ་ཁ་དཀར་ཆིབས༔ ཞེས་པ་དང་། སྟག་ཤམ་གཏེར་བྱོན་ལས། ན་ལན་ཤིང་ལན་བཙན་རོལ་སྨན་གཅིག་མ༔ སྐུ་མདོག་དམར་སྐྱ་དྲེལ་རྟ་རྐང་གསུམ་ཆིབས༔ བུམ་པ་དང་ནི་སྤུ་གྲི་ནད་རྐྱལ་བསྣམས༔ ཞེས་དང་། བཙན་ལ་རོལ་སྨན་རྡོ་རྗེ་བཙན་དྲག་མ༔ སྐུ་མདོག་མཐིང་ནག་མདངས་ཅན་བཙོད་ལ་ཆིབས༔ མཐིང་བེར་གྱོན་ནས་དྲིལ་བུ་བཙན་ཞགས་ཐོགས༔ ཞེས་གསུངས། རྒྱགས་བརྔན་

(༤༡༡)ལས༔ ཡུལ་གཅིག་ན་ལེནྡྷ་ར་ན༔ བཙན་ལ་རོལ་པའི་སྨན་གཅིག་མ༔ ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས༔ ཞེས་བཤད། གསང་མཚན་གངས་ཀྱི་རམ་ཤག་དང་། རྡོ་རྗེ་རྩལ་མོ་ཀུན་གྲགས་མ་ཡང་ཟེར་ཏེ། གཏེར་བྱོན་བརྟན་མདོས་ལས། གངས་ཀྱི་རམ་ཤག་ལ་རོ་སྨན་གཅིག་མ༔ གསང་མཚན་རྡོ་རྗེ་རྩལ་མོ་ཀུན་གྲགས་མ༔ ན་བཟའ་བྱ་རྒོད་ཐུལ་པ་གསོལ༔ ཐ་མ་ཆུ་བདུད་མང་པོའི་འཁོར་གྱིས་བསྐོར༔ ཞེས་པ་དང་། ཀུན་ཆེན་ལྔ་པས། ཨེ་ཉག་ལོ་རོའི་གནས་མཆོག་ཏུ༔ གངས་ཀྱི་རམ་ཤག་ལ་རོ་སྨན༔ བཙན་མོ་གྲག་ཁྱོད་གསང་མཚན་དུ༔ རྡོ་རྗེ་སྨན་གཅིག་མ་རུ་བཏགས༔ ཞེས་གསུངས། ༈ སྨན་མོ་གསུམ་པ་རྡོ་རྗེ་གཡར་མོ་བསིལ་ནི། ཡུལ་གསར་ཐང་གཡར་སྟོད་དང་། དར་ཚོ་གསེར་སྡིངས། རྟ་ནག་ཚ་ཚ་མོ། ཁམས་ཀྱི་གཡར་མོ་ཐང་། སྔ་ཕྱི་

(༤༡༢)དེ་གྲོང་རྣམས་སུ་གཡར་ཐང་གཙུག་གི་ལྕམ་མོར་འཁྲུངས། གདུང་རུས་གཡར་མོ། སྐུ་མདོག་དམར་མོ་རིན་པོ་ཆེ་དང་ཏིང་ཤག་འཛིན་པ་ཤ་བ་ཡུ་མོར་ཆིབས་པ། རེས་འགའ་སྦྲུལ་ནག་གཏམས་པའི་གཡང་གཞི་གསོལ་ཞིང་། རྣར་བུ་ཤར་ལ་ཆིབས་པ། སེང་ལྡེང་གི་ཕུར་པ་བསྣམས་པ། དམར་ནག་མ་བདུན་གྱི་འཁོར་དང་བཅས་པ། རེས་འགའ་བེར་དམར་གྱོན་ནས་མཚོན་གྱི་དུར་གུ་བསྣམས་པ། འབྲི་ལ་ཆིབས་པ། རེས་འགའ་སྐུ་མདོག་སེར་མོ་རུས་སྦལ་མགོ་དགུར་ཆིབས་པ། བུམ་པ་དང་ནོར་བུ་བསྣམས་པ། རེས་འགའ་སྐུ་མདོག་དམར་མོ་རང་མདོག་གི་བེར་ཅན་ཚོན་གྲུ་དང་ནད་རྐྱལ་བསྣམས་ཏེ་འབྲི་ལ་ཞོན་པ། རེས་འགའ་ན་བཟའ་གཡུ་ཡི་སྟོང་ཞོལ་གསེར་གཡུ་སྤུངས་པའི་ཐོད་གདེངས་དང་བཅས་ཏེ་ཆུ་རྟ་སྔོན་པོར་ཆིབས་པར་སྟོན་ཏེ། མཁྱེན་བརྩེའི་བརྟན་མའི་སྲོག་གཏད་ལས། ཡུལ་ནི་གཡར་ཐང་དང་ནི་

(༤༡༣)གཡར་སྟོད་ན༔ གཡར་ཐང་གཙུག་གི་ལྕམ་མོ་ནི༔ གདུང་རུས་གཉན་དེ་གཡར་བཟའ་མོ༔ མོ་བཙུན་ཨུག་ཆོས་གཡར་མོ་བསིལ༔ སྦྲུལ་ནག་གཏམས་པའི་གཡང་གཞི་གསོལ༔ ཆིབས་སུ་རྣར་བུ་ཤད་ལ་ཆིབས༔ ཕྱག་ན་སེང་ལྡེང་ཕུར་པ་བསྣམས་པ༔ དམར་ནག་མ་བདུན་འཁོར་དང་བཅས༔ ཞེས་པ་དང་། ཉང་གཏེར་གཡུལ་བཟློག་ལས༔ གཙང་གི་ཇོ་མོ་ནགས་རྒྱལ་གསང་བའི་མཚན༔ སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་གསིལ༔ སྐུ་མདོག་དམར་མོ་རིན་ཆེན་རྒྱན་གྱིས་སྤྲས༔ རིན་ཆེན་འབར་བ་སྒྲ་བསྙན་ཏིང་ཏིང་ཤག༔ ཤ་ཡུ་ཆིབས་ནས་བསྟན་གྱི་བྱ་ར་མཛད༔ ཅེས་པ་དང་། ལས་རྒྱ་མཚོའི་རྒྱུད་ལས། སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ༔ བེར་དམར་གྱོན་ནས་དམ་ཉམས་སྲོག་རྩ་གཅོད༔ ཕྱག་ན་ཚོན་

(༤༡༤)སྣ་ལྔ་ཡི་གྲུ་གུ་འཛིན༔ འབྲི་ལ་ཞོན་ནས་དམ་ཉམས་ནད་ལ་འདེབས༔ རྟ་ནག་ཚ་ཚ་མོ་ནས་གཤེགས་སུ་གསོལ༔ ཞེས་པ་དང་། སྟག་ཤམ་གཏེར་བྱོན་ལས། སྔ་ཕྱི་དེ་གྲོང་ཨུག་ཆོས་གཡར་མོ་བསིལ༔ སྐུ་མདོག་སེར་མོ་རུས་སྦལ་མགོ་དགུ་ཆིབས༔ བུམ་པ་དང་ནི་ནོར་བུ་འབར་བ་བསྣམས༔ ཞེས་དང་། སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ༔ སྐུ་མདོག་དམར་མོ་འབྲོང་མོ་འབྲི་ལ་ཞོན༔ བེར་དམར་གྱོན་ནས་ཚོན་གྲུ་ནད་རྐྱལ་བསྣམས༔ ཞེས་པ་དང་། གཏེར་བྱོན་གཞན་ལས། ཡུལ་གཅིག་དར་མཚོ་གསེར་སྡིངས་ན༔ ཁུག་ཆོས་རྡོ་རྗེ་གཡར་མོ་གསིལ༔ སྐུ་མདོག་གཟི་འོད་འབར་བ་ལ༔ ན་བཟའ་གཡུ་ཡི་སྟོང་ཞོལ་གསོལ༔ གསེར་གཡུ་སྤུངས་པའི་ཐོད་གདེངས་ཅན༔ ཆིབས་སུ་ཆུ་རྟ་སྔོན་པོ་ཆིབས༔ ཞེས་གསུངས། རྒྱགས་བརྔན་ལས། ཡུལ་གཅིག་

(༤༡༥)དཔེ་མེད་ལྟེ་བ་ན༔ སྲིང་གཅིག་ཨུག་ཆོས་གཡར་མོ་གསིལ༔ ཆིབས་སུ་རུས་སྦལ་མགོ་དགུ་ཆིབས༔ ཞེས་གསུངས། ༈ སྨན་མོ་བཞི་པ་གཡུའི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ་ནི། ཡུལ་ཡར་ཀླུངས་སྤངས་ཕུ་དང་བྱང་གི་གནམ་མཚོ་ཕྱུག་མོ། བུད་ཀྱི་ཇོ་མོ་གཡུ་རི། བོད་ཀྱི་དབུས་རིའི་གནས། དབུ་རུ་ཀ་ཚལ་ལམ། དབུ་རུ་སྙིང་ཚལ་རྣམས་སུ་བཞུགས་ཡར་ལྷ་ཤམ་བྷོའི་ལྕམ་མོར་འཁྲུངས། གདུང་རུས་ཤེ་གཟའ། སྐུ་མདོག་དམར་སེར་དྲིལ་བུ་དང་རིན་པོ་ཆེའི་པདྨ་བསྣམས་པ། སྟག་ལ་ཆིབས་པ། རེས་འགའ་སྐུ་ལ་སྤྱང་ཀིའི་སློག་པ་དང་། མིའི་རྩིབ་རུས་ཀྱི་ཤམ་ཐབས་གསོལ་བ། ཆིབས་སུ་གཡུའི་སེངྒེའི་ཆིབས་ཤིང་། ཕྱག་ན་གཡུའི་དྲིལ་བུ་བསྣམས་པ། རེས་འགའ་བེར་ནག་གྱོན་ནས་ལྕགས་ཀྱུ་འཛིན་ཞིང་རྐྱང་ལ་ཞོན་པ།

(༤༡༦)རེས་འགའ་སྐུ་མདོག་སྔོན་མོ་རལ་དྲི་དང་མེ་ལོང་བསྣམས་ཏེ་ཆུ་རྟ་སྔོན་པོར་ཆིབས་པ། རེས་འགའ་སྐུ་མདོག་ནག་མོ་བེར་སྨུག་གསོལ་ཞིང་ལྕགས་ཀྱུ་དང་ཞགས་ནག་ཐོགས་ནས་རྐྱང་བུ་ཁ་དཀར་ལ་ཆིབས་པ། རེས་འགའ་སྐུ་མདོག་དཀར་གསལ་ན་བཟའ་སེར་ཁྲ་དང་གསེར་གཡུ་སྤེལ་མའི་ཐོད་གདེངས་ཅན། ཆུ་གླང་ཟལ་པོ་ལ་ཆིབས་པ། རེས་འགའ་བཙོད་ཀྱི་ཐུལ་པ་གསོལ་ཞིང་བཙོ་ཕོ་ཁ་དཀར་ལ་ཆིབས་པ། གངས་སྨན་འབུམ་གྱིས་བསྐོར་བར་སྟོན་ཏེ། མཁྱེན་བརྩེའི་བརྟན་མའི་སྲོག་གཏད་ལས། ཡུལ་ནི་ཡར་ཀླུངས་སྤངས་ཕུ་ན། ཡར་ལྷ་ཤམ་བྷོའི་ལྕམ་མོ་ནི༔ གདུང་རུས་གཉན་དེ་ཤེ་ཟ་མོ༔ གཡུ་ཡི་དྲིལ་བུ་སི་ལི་མ༔ སྐུ་ལ་སྤྱང་ཀིའི་སློག་པ་གསོལ༔ མི་རྩིབས་རུས་པའི་ཤམ་ཐབས་ཅན༔ ཆིབས་སུ་གཡུ་ཡི་སེངྒེ་ཆིབས༔ ཕྱག་

(༤༡༧)ན་གཡུ་ཡི་དྲིལ་བུ་བསྣམས༔ སྔོན་མོ་མ་བདུན་འཁོར་དང་བཅས༔ ཞེས་པ་དང་། ཉང་གཏེར་གཡུལ་བཟློག་ལས། བུད་ཀྱི་ཇོ་མོ་གཡུ་རི་གསང་བའི་མཚན༔ གཡུ་ཡི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ༔ སྐུ་མདོག་དམར་སེར་རིན་ཆེན་རྒྱན་གྱིས་སྤྲས༔ སྙན་པའི་དྲིལ་བུ་རིན་ཆེན་པདྨ་བསྣམས༔ སྟག་ལ་ཆིབས་ནས་བསྟན་པའི་བྱ་ར་མཛད༔ ཅེས་དང་། ལས་རྒྱ་མཚོའི་རྒྱུད་ལས། གཡུ་ཡི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ༔ བེར་ནག་གྱོན་ནས་འགུགས་བྱེད་ལྕགས་ཀྱུ་འཛིན༔ རྐྱང་ལ་ཞོན་ནས་སྟོང་གསུམ་མྱུལ་བར་བྱེད། འཕུང་བྱེད་ནག་མོའི་གདོན་རྣམས་བཟློག་པའི་ཕྱིར༔ བོད་ཀྱི་དབུས་རིའི་གནས་ནས་གཤེགས་སུ་གསོལ༔ ཞེས་པ་དང་། སྟག་ཤམ་གཏེར་བྱོན་ལས། གཡུ་ཡི་དྲིལ་བུ་རྡོ་རྗེ་ཟུ་ལེ་སྨན༔ སྐུ་མདོག་ནག་མོ་རྐྱང་བུ་ཁ་དཀར་ཆིབས༔ བེར་སྨུག་གྱོན་ནས་ལྕགས་ཀྱུ་ཞགས་ནགས་ཐོགས༔ ཞེས་པ་previous hit དང་། དབུ་རུ་སྙིང་

(༤༡༨)ཚལ next hit། རྡོ་རྗེ་གཡུ་སྒྲོན་མ༔ སྐུ་མདོག་སྔོན་མོ་ཆུ་རྟ་སྔོན་མོ་ཆིབས༔ རལ་གྲི་དང་ནི་མེ་ལོང་གསལ་བྱེད་བསྣམས༔ ཞེས་དང་། རྒྱགས་བརྔན་ལས། ཡུལ་གཅིག་དབུ་རུའི་ཀ་ཚལ་ན༔ སྲིང་གཅིག་རྡོ་རྗེ་གཡུ་སྒྲོན་མ༔ ཆིབས་སུ་ཆུ་རྟ་སྔོན་པོ་ཆིབས༔ ཞེས་གསུངས། སྤྱིར་བརྟན་མ་ཐམས་ཅད་ཐུགས་རྒྱུད་གཅིག་པར་རྒྱས་པར་བཤད་གྲུབ་མོད། ནང་གསེས་བརྒྱགས་བརྔན་གྱི་ཡུལ་ནི་རྡོ་རྗེ་བྲག་དམར་བའི་སྐབས་ཀྱི་རྡོ་རྗེ་གཡུ་སྒྲོན་མ་དང་། སྟག་ཤམ་པའི་བརྟན་མདོས་འཛམ་གླིང་བདེ་བྱེད་དུ་གསུངས་པའི་བརྟན་མ་བཅུ་གཉིས་ཀྱི་གཡུ་སྒྲོན་མ་གཡུའི་དྲིལ་བུར་ཤིན་ཏུ་འཐད་དེ། ཡུལ་གཅིག་གནམ་མཚོ་ཕྱུག་མོ་ན༔ གཡུ་ཡི་དྲིལ་བུ་གསུང་སྙན་མ༔ དཀར་མོ་མདངས་ལྡན་འོད་འཕྲོ་མ༔ ན་གཟའ་སེར་ཁྲ་འབར་བ་གསོལ༔ གསེར་གཡུ་སྤེལ་བའི་ཐོད་གདེངས་ཅན༔ ཆིབས་སུ་ཆུ་གླང་ཟལ་མོ་ཆིབས༔ ཞེས་གཏེར་བྱོན་ཁུངས་ནས་གསུངས་

(༤༡༩)ཤིང་། གནམ་མཚོ་ཕྱུག་མོའི་མཚོ་སྨན་ནི་ཐང་ལྷའི་གསང་ཡུམ་རྡོ་རྗེ་གཡུ་སྒྲོན་ཡིན་པར་ཁུངས་མང་པོ་ནས་བཤད་པས་ཤིན་ཏུ་འབྲེལ་བ་ཡིན་ནོ། །གཏེར་བྱོན་མདོས་མཆོག་ལས། གཡུ་ཡི་དྲེལ་རྟ་ཟུ་ལེ་མོ༔ གསང་མཚན་རྡོ་རྗེ་ཡེ་ཤེས་མཆོག༔ ན་བཟའ་བཅོད་ཀྱི་ཐུལ་པ་གསོལ༔ གཡུ་ཡི་དྲིལ་བུ་སིལ་ལི་མ༔ ཆིབས་སུ་བཙོད་ཕོ་ཁ་དཀར་ཆིབས༔ འཁོར་དུ་བྱང་སྨན་འབུམ་གྱིས་བསྐོར༔ ཞེས་པ་དང་། བསུན་བཟློག་ལས། བ་སྤུའི་བུ་མོ་སིལ་ལི་མ༔ གངས་ཀྱི་རྒྱལ་མོའི་བསུན་མ་བཟློག༔ ཅེས་ཀྱང་བཤད། ཀུན་ཆེན་ལྔ་པས། བུད་ཀྱི་ཇོ་མོ་གཡུ་རི་མ༔ རྡོ་རྗེ་ཡེ་ཤེས་གཡུ་དྲིལ་མ༔ ཤེ་བཟའ་མོ་ཁྱོད་གསང་མཚན་དུ༔ རྡོ་རྗེ་གཟུགས་ལེགས་མ་ཞེས་བཏགས༔ ཞེས་གསུངས། འདིར་བརྟན་མ་བཞི་ཚན་གསུམ་དུ་འབྱེད་ཚུལ་ནི༔ བདག་ཉིད་ཆེན་མོ་ཀུན་

(༤༢༠)གྲགས་མ༔ དཔལ་ལྡན་རྡོ་རྗེ་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་༔ གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་༔ འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ༔ བདུད་མོ་ཆེན་མོ་མཆེད་བཞི་ཡང་༔ ཞེས་པ་དང་། གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མ༔ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱིས་ཡུམ༔ གསེར་ཆེན་མཁའ་ལྡིང་རྡོ་རྗེ་གླུ་མོ་དང་༔ རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ༔ གནོད་སྦྱིན་ཆེན་མོ་མཆེད་བཞི་ཡང་། །ཞེས་པ་དང་། ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་༔ བཙན་ལ་ལ་རོ་རྡོ་རྗེ་སྨན་གཅིག་མ༔ སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་གསིལ༔ གཡུ་ཡི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ༔ སྨན་མོ་ཆེན་མོ་མཆེད་བཞི་ཡང་། །ཞེས་པ་དང་། མཐུན་པར་བཤད་པ་ཡིན་ནོ། །སྟག་ཤམ་གཏེར་བྱོན་ལས། ཤ་མེད། ཁྱུང་བཙུན། གཡུ་སྒྲོན་མ། ཀུན་གྲགས་མ་སྟེ་བདུད་མོ་ཆེན་མོ་བཞི། གཡའ་མ་སྐྱོང་། གཡར་མོ་

(༤༢༡)གསིལ། ཨེ་ཀ་ཙ་ཏི། རྡོ་རྗེ་སྨན་གཅིག་མ་སྟེ་གནོད་སྦྱིན་བཞི། དེ་མོ། གཙུག་གི་འོད་འཆང་མ། མ་ཏིང་ཏིང་མོ། དྷ་ལ་ལྷ་བཙན་མོ་སྟེ་སྨན་མོ་བཞིར་གསུངས། ཇི་ལྟར་ཡང་ཡབ་གནམ་གྱི་རྫི་རྐན་དང་། ཡུམ་བདུད་མོ་བཞིན་མི་སྡུག་ལ་བདུད་མོ་བཞི་འཁྲུངས། ཡབ་གནམ་གྱི་གློག་ཆེན་དང་། ཡུམ་གནོད་སྦྱིན་མོ་ཁྲོ་གཉེར་ཅན་ལ་གནོད་སྦྱིན་མོ་བཞི་འཁྲུངས། ཡབ་གནམ་གྱི་སྐྱ་འོད་དང་། ཡུམ་སྨན་མོ་བཞིན་བཟང་མར་སྨན་མོ་བཞིར་འཁྲུངས། དེ་དག་ཐམས་ཅད་མ་དག་པའི་གནས་སྐབས་སུ་དུས་སྦྱོར་གྱི་རླུང་བཅུ་གཉིས་དང་། དམར་ཆ་འབབ་པའི་ཆ་བཅུ་གཉིས་ལ་ཤར་བའི་ལས་སྣང་ལས་རྟེན་འབྲེལ་བཅུ་གཉིས། ཁྱིམ་བཅུ་གཉིས། ལོ་སྐོར་བཅུ་གཉིས། དུས་ཚོད་བཅུ་གཉིས་སྲིད་པའི་མ་མོ་བཅུ་གཉིས་སོགས་འཁྲུལ་ངོའི་སྡེ་མཚན་བཅུ་གཉིས་སུ་ཤར་ནས་རྟག་ཏུ་འཁྲུལ་ཞིང་མནར་བར་བྱེད། དག་པའི་གནས་སྐབས་སུ་སེམས་

(༤༢༢)མ་བཅུ་གཉིས་ཀྱི་རྣམ་པ་དང་། ཤིན་ཏུ་རྣམ་དག་གི་གནས་སྐབས་སུ་བདེན་དོན་རྣམས་ས་བཅུ་གཉིས་སུ་དག་པའི་རང་གཟུགས་ལས་མཁའ་འགྲོ་ལཱ་མ། དུམ་སྐྱེས་མ། གཟུགས་ཅན་མ་བཞི་དང་། ཁ་གདོང་མ། འུག་གདོང་མ། ཕག་གདོང་མ། ཁྱི་གདོང་མ་བཞི་དང་། གཤིན་རྗེ་བརྟན་མ། ཕོ་ཉ་མ། མཆེ་བ་མ། འཇོམས་མ་སྟེ་ཡེ་ཤེས་ཀྱི་ཡུམ་བཅུ་གཉིས་སུ་ཤར་ནས་འགྲོ་བའི་དོན་མཛད་པར་འགྱུར། དེ་ལྟར་ཡང་ཐུགས་རྗེ་ཆེན་པོ་ཡེ་ཤེས་འོད་མཆོག་གི་གཏེར་གཞུང་ལས་ཕ་ནི་གནམ་གྱི་རྫི་རྐན་ལ༔ མ་ནི་ནག་མོ་བཞིན་མི་སྡུག༔ བུ་མོ་བདུད་མོ་ཆེན་མོ་བཞི༔ ཡེ་ཤེས་བཞི་ལས་སྤྲུལ་པ་མོ༔ མཁའ་འགྲོ་མ་ལ་དུམ་སྐྱེས་མ༔ གཟུགས་ཅན་ལ་སོགས་མ་རིགས་མ་རིགས་པ༔ འདུ་བྱེད་མིང་གཟུགས་དག་པ་མོ༔ འདི་ཡང་ཡེ་ཤེས་ཆེན་མོའི་རྩལ༔ མཆོད་སྦྱིན་འདི་བཞེས་ཕྲིན་ལས་མཛོད༔ ཧཱུཾ། ཕ་ནི་གནམ་གྱི་གློག་ཆེན་མ༔ མ་ནི་དམར་མོ་གནོད་སྦྱིན་ཆེ༔ བུ་མོ་གནོད་སྦྱིན་ཆེན་མོ་བཞི༔ དགའ་

(༤༢༣)བ་བཞི་ལས་སྤྲུལ་པ་མོ༔ ཁཱ་ཏ་འུག་པ་ཁྱི་ཕག་གདོང་༔ སྐྱེ་མཆེད་དྲུག་དང་རིག་པ་དང་༔ ཚོར་བ་སྲེད་པ་དག་པ་མོ༔ འདི་ཡང་ཡེ་ཤེས་ཆེན་མོའི་རྩལ༔ མཆོད་སྦྱིན་འདི་བཞེས་ཕྲིན་ལས་མཛོད༔ ཧཱུཾ། ཕ་ནི་གནམ་གྱི་སྐྱ་འོད་ལ༔ མ་ནི་དཀར་མོ་བཞིན་བཟང་མ༔ བུ་མོ་སྨན་བཙུན་ཆེན་མོ་བཞི༔ ཚད་མེད་བཞི་ལས་སྤྲུལ་པ་མོ༔ གཤིན་རྗེ་བརྟན་མ་ཕོ་ཉ་མོ༔ མཆེ་བ་མོ་དང་འཇོགས་པ་མོ༔ ལེན་དང་སྲེད་པ་རྒ་ཤི་དག༔ འདི་ཡང་ཡེ་ཤེས་ཆེན་མོའི་རྩལ༔ མཆོད་སྦྱིན་འདི་བཞེས་ཕྲིན་ལས་མཛོད༔ ཅེས་གསུངས། དེ་ལྟར་བརྟན་མ་བཅུ་གཉིས་པོ་ཐམས་ཅད་ནང་གི་རྡོ་རྗེ་ཕག་མོ་ཙཎྜ་ལིའི་ངོ་བོར་འདུས་ཤིང་། རང་རིག་གཅིག་པུའི་ཆོ་འཕྲུལ་དུ་རྫོགས་པ་དང་འདོད་ཁམས་དག་པ་སྐུ་རྡོ་རྗེའི་ངོ་བོ་སྨན་མོ་བཞི་སྤྲུལ་སྐུའི་ཕོ་ཉར་ངེས་པའི་སྒོ་ནས་གནས་པ་རྩ་སྦྱོང་ཞིང་

(༤༢༤)དབང་དུ་སྡུད་པ་དང་། ལུས་ཀྱི་སྨད་ཀྱི་ཆའི་རྩ་རླུང་ཐིག་ལེ་རྣམས་ཁྱད་པར་དུ་སྦྱོང་བའི་རྣལ་འབྱོར་དང་། གཟུགས་ཁམས་དག་པ་གསུང་རྡོ་རྗེའི་ངོ་བོ་གནོད་སྦྱིན་མོ་ཆེན་མོ་བཞི་ལོངས་སྐུའི་ཕོ་ཉ་མོར་ངེས་པའི་སྒོ་ནས་གཡོ་བ་རླུང་རྣམས་སྦྱོང་ཞིང་དབང་དུ་སྡུད་པ་དང་། ལུས་ཀྱི་རྐེད་པའི་རྩ་རླུང་ཐིག་ལེ་རྣམས་ཁྱད་པར་དུ་སྦྱོང་བའི་སྦྱོར་དང་། གཟུགས་མེད་དག་པས་ཐུགས་རྗེའི་ངོ་བོ་བདུད་མོ་ཆེན་མོ་བཞི་ཆོས་སྐུའི་ཕོ་ཉ་མོར་ངེས་པའི་སྒོ་ནས་བཀོད་པ་བྱང་ཆུབ་ཀྱི་སེམས་རྣམས་སྦྱོང་ཞིང་དབང་དུ་སྡུད་པ་དང་། ལུས་ཀྱི་སྟོད་ཀྱི་ཆའི་རྩ་རླུང་ཐིག་ལེ་རྣམས་ཁྱད་པར་དུ་སྦྱོང་བའི་རྣལ་འབྱོར་ལ་སློབ་པ་དང་། བཞི་ཚན་གསུམ་པོས་རིམ་པ་བཞིན་དུ། སྣང་བ་སྐུ་གྲགས་པ་གསུང་། དྲན་རྟོག་ཐུགས་ཀྱི་འཁོར་ལོ་རྒྱས་འདེབས་པའི་བསྐྱེད་རྫོགས་ཀྱི་ལམ་ལ་བརྩོན་པར་བགྱིས་པས་རྟེན་འབྲེལ་ཡན་ལག་བཅུ་གཉིས་དག་བདེན་དོན་བཅུ་གཉིས་རྟོགས་

(༤༢༥)ཡེ་ཤེས་ཀྱི་མ་མོ་བཅུ་གཉིས་བདེ་ཆེན་གྱི་དབྱིངས་སུ་རྫོགས་པའི་གོ་འཕང་ཁྱད་པར་ཅན་ཐོབ་པར་གསུངས་ཏེ། བདག་དང་རྒྱལ་པོ་ཡོན་ཏན་སྤྲུལ་པ་ནི༔ པདྨ་རྒྱལ་པོ་ཡེ་ཤེས་རོལ་པ་རྩལ༔ ཞེས་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱིས་ཐུགས་སམ་ཡོན་ཏན་གྱི་སྤྲུལ་པར་གསུངས་པའི་མངའ་རིས་པཎ་ཆེན་གྱིས། བོད་མཁས་པ་སངས་རྒྱས་སྙིང་པོར་གནང་བའི་བརྟན་མ་བཅུ་གཉིས་ཀྱི་གནད་ཡིག་ཤིན་ཏུ་གསང་བའི་མན་ངག་ལས། ཡང་གསང་བླ་རྡོ་ཁམས་ཀྱི་རྩ་བ་བསྡམས། །མི་རྟག་རྒྱུད་བསྐུལ་སྐྱབས་འགྲོ་སེམས་བསྐྱེད་བྱ། །ལྷ་སྒོམ་སྔགས་བཞི་རླུང་བཟུང་རིག་བརྟན་རྟེན། །ལྟ་བ་བརྐྱང་ཞིང་འཁོར་འདས་གཅིག་ཏུ་བསྲེ། །གཉིས་མེད་དོན་རྟོགས་གསུམ་དང་དབང་དུ་འདུས། །དེ་ལྟར་འདོད་ཁམས་དག་པ་སྨན་མོ་བཞི། །སྤྲུལ་སྐུའི་ཕོ་ཉ་ལུས་ཀྱི་སྨད་ཀྱི་ཆ། །རྩ་རྣམས་དབང་དུ་སྡུད་ལ་

(༤༢༦)ནན་ཏན་གཅེས། །གཟུགས་ཁམས་དག་པ་གནོད་སྦྱིན་ཆེན་མོ་བཞི། །ལུས་ཀྱི་རྐེད་པ་ལོངས་སྐུའི་ཕོ་ཉ་མོ། །རླུང་རྣམས་དབང་དུ་སྡུད་ལ་ནན་ཏན་གཅེས། །གཟུགས་མེད་དག་པ་བདུད་མོ་ཆེན་མོ་བཞི། །སྟོད་ཀྱི་ཆ་རྫོགས་ལོངས་སྐུའི་ཕོ་ཉ་མོ། །ཐིག་ལེ་དབང་དུ་སྡུད་ལ་ནན་ཏན་གཅེས། །རྩ་རླུང་ཐིག་ལེའི་བླ་རྡོ་གསུམ་བཅངས་པས། །སྐུ་གསུམ་ལྷུན་གྲུབ་འདུ་འབྲལ་མེད་པའི་དཔལ། །འོད་གསལ་མི་རྟོག་ཡེ་ཤེས་དབང་དུ་འདི། །ཟད་པར་གནོན་པ་རྟེན་འབྲེལ་བཅུ་གཉིས་རྫོགས། །མ་རིག་བདག་འཛིན་རིག་པ་ཡེ་ཤེས་ཏེ། །གཞན་གྱིས་མ་ཡིན་རང་གྲོལ་རང་ལས་རྙེད། །འདི་དང་མི་ལྡན་རང་རྒྱུད་སུས་བཟུང་ཡང་། །གནས་སྐབས་ཙམ་ལས་མཐར་ཐུག་འགྲུབ་པ་དཀའ། །དེ་ཕྱིར་དཔལ་གྱི་རྡོ་རྗེའི་ཧཱུཾ་ཡིག་གི། །ཧ་ཧ་ཧི་ཧི་ཧུ་ཧུ་ཧེ་ཧེ་དང་། ཧོ་ཧོ་ཧཾ་ཧཾ་རླུང་རྣམས་དགུག་པར་བྱ༔ ཡན་ལག་

(༤༢༧)བཅུ་གཉིས་སྲིད་རྩ་དག་པར་གྱུར། རྟེན་འབྲེལ་བཅུ་གཉིས་བདེན་དོན་རྟོགས་པ་དང་། །བདེ་གཤེགས་བཅུ་གཉིས་གོ་འཕང་ཐོབ་པ་དང་། །མ་མོ་བཅུ་གཉིས་བདེ་ཆེན་དབྱིངས་སུ་རྫོགས། །སྐྱེ་དང་མཆེད་པ་བཅུ་གཉིས་ཡོན་ཏན་འཆར། །གནོད་སྦྱིན་སྡེ་དཔོན་བཅུ་གཉིས་ཕྲིན་ལས་སྒྲུབ། །སློབ་དང་མི་སློབ་རྣམ་པ་བཅུ་གཉིས་པ། །བཅུ་གསུམ་རྡོ་རྗེ་འཆང་གི་ས་མཐར་འཁྱོལ། །འདི་ཉིད་ཡིན་ནོ་བདེན་བཞིའི་རྣམ་པ་ཅན། །འབྱུང་བཞི་རིགས་བཞི་དབང་བཞི་ལམ་བཞི་དང་། །དུས་བཞི་སྐུ་བཞི་སྐྱེ་བ་རྣམ་བཞི་གྲོལ། །བཞི་གསུམ་བཅུ་གཉིས་བཅུ་དྲུག་ངོ་བོར་རྫོགས། །འདི་ཉིད་གྲུབ་པའི་དབང་ཕྱུག་གསུང་གི་རྒྱུན་རྟག་ཏུ་མ་ཉམས་སྐྱོང་བའི་པཎྜི་ཏ་མངའ་རིས་པདྨ་དབང་རྒྱལ་རྡོ་རྗེ་ལ། བོད་ཁམས་མཁས་པ་སངས་རྒྱས་སྙིང་པོ་ཡིས། །ཡང་ཡང་བསྐུལ་ནས་སྦུས་རི་ནག་པོར་སྦྱར། །ཞེས་གསུངས། ཐང་ཡིག་

(༤༢༨)ལས། དེ་ནས་མང་ཡུལ་སྟོན་ལ་མཁར་དུ་བྱོན། །ཞང་ཞུང་དགྲ་ལྷ་ཛ་མུན་ཞེས་བྱ་བས༔ སློབ་དཔོན་རེ་བྲག་གཉིས་ཀྱི་བར་དུ་བཅར༔ བར་སྣང་བྱོན་པས་མོ་སྐྱོང་སྲོག་སྙིང་ཕུལ༔ གསང་མཚན་རྡོ་རྗེ་གཡུ་བུན་མ་རུ་བཏགས༔ གཏེར་ཁ་ཆེན་པོ་ཞིག་གི་གཉེར་ཁ་གཏད༔ དེ་ནས་གནམ་ཐང་མཁར་ནག་ལ་མཁར་བྱོན༔ གངས་དཀར་གནམ་སྨན་དཀར་མོས་ཐོག་ཕབ་སྟེ༔ སློབ་དཔོན་ཕྱག་མཛུབ་ལ་དཀྲིས་མཚོར་དོར་བས། མོ་བྲེད་པདྨོ་དཔལ་ཐང་མཚོ་ནང་བྲོས༔ མཚོ་ཁོལ་ཤ་རུས་བྱེ་སྟེ་བྲལ་བ་ལས༔ སློབ་དཔོན་རྡོ་རྗེ་བརྒྱབ་པས་མིག་གཡས་བཅར༔ མཚོ་ཁར་ཡེར་བྱུང་ཞུ་བ་གསོལ་བ་ནི༔ སྟོན་པའི་ཞལ་སྐྱིན་རྡོ་རྗེ་ཐོད་ཕྲེང་སྩལ༔།།། བར་ཆད་མི་བགྱིད་ཐུགས་དམ་དགོངས་པ་གློད༔ ཅི་བགྱིའི་བཀའ་ཉན་སློབ་དཔོན་འབངས་སུ་མཆི༔ ཞེས་ཟེར་སྲོག་སྙིང་ཕུལ་ནས་དམ་ལ་བཏགས༔

(༤༢༩)གསང་མཚན་ཤ་མེད་རྡོ་རྗེ་གཡོ་སྒྲོན་མ༔ གཏེར་ཁ་ཆེན་པོ་ཞིག་གི་གཉེར་བྱང་གཏད༔ དེ་ནས་འོ་ཡུག་བྲེ་མོ་ལ་ཁར་བྱོན༔ བརྟན་མ་བཅུ་གཉིས་ཐོག་སྨད་བཅུ་གཉིས་ཕབ༔ རི་ཡིས་བར་དུ་ཅིར་བར་བྱས་པ་ལ༔ སོལ་དུམ་རེར་གྱུར་སྟོབས་ཟད་བྱིན་གྱིས་རླབས༔ བརྟན་མ་བཅུ་གཉིས་སྐྱོང་མ་བཅུ་གཉིས་དང་༔ ཡང་མ་བཅུ་གཉིས་སྲོག་གི་སྙིང་པོ་ཕུལ༔ དམ་ལ་བཏགས་ནས་གཏེར་རེའི་གཉེར་ཁ་གཏད༔ ཅེས་དང་། བྱང་གི་ཏིང་ཏིང་ཏིང་མོ་སྨན་བཙུན་གིས༔ བྱང་ཕུགས་རྣམས་ཀྱི་ལྷག་པ་དུས་གཅིག་བསྡུས༔ སློབ་དཔོན་འཁོར་དང་བཅས་ལ་བརྒྱབ་པ་ཡི༔ འཁོར་རྣམས་སྦྲེབས་ཤིང་སློབ་དཔོན་བསིལ་ལ་ཁད༔ མེ་རླུང་མནན་པས་མར་ལ་ཉི་སོང་བཞིན༔ ཏིང་ལོ་སྨན་གཅིག་ཞུ་ནས་དམ་ལ་བཏགས༔ སྲོག་སྙིང་ཕུལ་ནས་གཏེར་གྱི་གཉེར་བྱང་གཏད༔ ཅེས་པ་དང་། ལྷ་འདྲེ་བཀའ་

(༤༣༠)ཐང་ལས༔ དེ་ནས་ཁ་ལ་ལ་ཙར་བྱོན་ཙ་ན༔ ཞང་ཞུང་དགྲ་མུ་ཙ་མེད་སྐུངས་སུ་ཚུད༔ སློབ་དཔོན་གདན་འདྲེན་བང་ཆེན་མོ་གསུམ་དང་༔ སློབ་དཔོན་དཔོན་གཡོག་གཉིས་རི་གཉིས་བར་དུ་བཅར༔ སློབ་དཔོན་གསོད་པར་བརྩམས་པ་ལས༔ སློབ་དཔོན་རི་ཡི་ཁ་ལ་བྱོན༔ གཡས་གཡོན་ཕྱག་མཁར་བཙུགས་ནས་ལམ་བཏོད་དེ༔ སྦས་རྨང་པ་རྗེ་གསལ་སྣང་དང་༔ སེང་མགོ་ལྷ་ལུང་དང་༔ ཀླུ་གཟི་གསུམ་གྱིས་ལམ་བཏོད་ཤུལ་ལ་འོངས༔ ལམ་ཕྱེད་པས་ནི་དངངས་སྐྲག་སྐྱེས༔ མོ་ནི་རབ་ཏུ་བྲེད་པར་གྱུར༔ ཐུགས་རྗེ་མི་ཆུང་པདྨ་འབྱུང་གནས་ལ༔ སྲོག་གི་སྙིང་པོ་འདི་འབུལ་ལོ༔ ལ་ལཱ་པཉྩ༔ སྲུང་མར་ཁས་བླང་དམ་བཅས་གཏེར་གཅིག་གཏད༔ གསང་མཚན་རྡོ་རྗེ་གཡུ་བུན་མ་རུ་བཏགས༔ དེ་ནས་འོ་ཡུག་བྲེ་མོ་སྣ་རུ་བྱོན༔ བོད་ཁམས་བརྟན་མ་བཅུ་གཉིས་བར་གཅོད་བྱས༔ རི་གཉིས་བར་དུ་བཅར་བར་བྱས་པ་ལ༔ སློབ་དཔོན་བར་སྣང་མཁའ་

(༤༣༡)ལ་བྱོན༔ པདྨའི་སྡོང་པོ་སྐྱེས་པ་ངོ་མཚར་ནས༔ ངེད་ཅག་བར་གཅོད་མི་ཚུགས་བཀྲ་ཤིས་ཞུ༔ སྐུ་ལ་མི་བསྡོ་ཞབས་ལ་བཀྲ་ཤིས་མཆི༔ སྲོག་སྙིང་ཕུལ་ནས་དམ་ལ་བཏགས༔ གཏེར་ཁ་གཅིག་གཏད་གཉེར་བྱང་བཅོལ༔ དེ་ནས་མཁའ་ལ་ལ་ཁར་བྱོན་ཙ་ན༔ གངས་དཀར་མོ་ཡི་སྐུངས་ཐོག་འཐུམས༔ ཐོག་མདའ་དགུ་ནི་དུས་གཅིག་ཕབ༔ སློབ་དཔོན་ཕྱག་འཛུབ་བཀྲ་ཤིས་ནས་ཆུ་ནང་བསྐྱུར༔ མོ་བྲེ་དཔལ་མོ་དཔལ་མཚོའི་ནང་དུ་བྲོས༔ མཚོ་ཁར་རྡོ་རྗེ་བཞག་པས་མཚོ་ཁོལ་ལོ༔ མོ་ཡི་ཤ་རུས་བྱེ་བས་ཀེང་རུས་དཀར་པོར་སོང་༔ མཚོ་ནག་གྱེད་མཚོ་འདི་ཡི་སྒོ་ཆོད་དེ༔ དེ་སྐད་ཟེར་ཅིང་མཚོ་མཁར་བྲོས་ནས་བྱུང་༔ སློབ་དཔོན་རྡོ་རྗེ་འཕངས་པས་མིག་ཞར་རོ༔ བར་གཅོད་བྱེད་ན་དེ་ཁྱེར་དེ་ལ་འགོམ༔ ཞེས་གསུངས་པས། སློབ་དཔོན་སྤྱན་སྔར་འདི་སྐད་འདི་སྐད་ཞུས༔ ཀྱཻ་སྟོན་པའི་ཞལ་སྐྱིན་རྡོ་རྗེ་ཐོད་ཕྲེང་རྩལ༔

(༤༣༢)བར་གཅོད་མི་བགྱི་ཐུགས་དམ་དགོངས་པ་གློད༔ སྒྱུ་མའི་ཕུང་པོ་ཉོན་མོངས་སྙིང་རེ་རྗེ༔ འབྲས་བུ་སེམས་འདིའི་ཞལ་མ་འཚོ་བས་ཉམས༔ ཅི་བགྱིའི་བཀའ་ཉན་སློབ་དཔོན་འབངས་སུ་མཆི༔ སྲོག་སྙིང་ཕུལ་ནས་དམ་ལ་བཏགས༔ གསང་མཚན་རྡོ་རྗེ་གཡུ་སྒྲོན་མ༔ གཏེར་ཁ་གཅིག་གི་གཉེར་གཏད་བཅོལ༔ དེ་ནས་འོ་ཡུག་བྱང་གོང་བྱོན་ཙ་ན༔ ཡང་མ་བཅུ་གཉིས་ཐོག་མདའ་བཅུ་གཉིས་ཕབ༔ པདྨ་འབྱུང་གནས་ལོག་པ་ཅན༔ འཁོར་བའི་ས་རུ་ཅི་ལ་འོངས༔ ཀླུ་དང་འཐབ་ཟླ་ཅི་ལ་བྱེད༔ ལྷ་ལྕམ་ཁྱོད་ཀྱིས་ལོག་པར་ཁྲིད༔ མཐོ་རིས་དྲངས་ཟེར་རྫུན་པོ་ཆེ༔ ངོ་ཚ་མེད་པའི་ཁྲེལ་མེད་པོ༔ བུད་མེད་ཁྲོམ་ཚོགས་མང་པོས་ཆོ་ངེས་བཏབ༔ སློབ་དཔོན་ཐོག་ལ་ཕྱག་མཛུབ་གཏད༔ ཐོག་མདའ་སྲན་མ་ཙམ་དུ་ཞུ་ནས་སོང་༔ ཡང་མ་བཅུ་གཉིས་སོལ་དུམ་བཅུ་གཉིས་སོང་༔ སྲོག་སྙིང་ཕུལ་ནས་འདི་སྐད་དོ༔ ཨེ་ཨེ་མིང་པོ་རྡོ་རྗེ་གྲོ་བོ་ལོད༔ དབང་

(༤༣༣)ཆེན་རྔམ་པས་ལྷ་འདྲེ་དབང་དུ་སྡུད༔ ཡེ་ཤེས་རྔམས་པ་ལོག་ལྟ་གནས་སུ་སྒྲོལ༔ ཕྲིན་ལས་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ༔ སྲོག་སྙིང་ཕུལ་ནས་དེ་ལ་བཏགས༔ གཏེར་ཁ་གཅིག་གིས་གཉེར་གཏད་བཅོལ༔ ཞེས་གསུངས་པ་ལྟར། ཞང་ཞུང་གི་བརྟན་མ་མུན་ཛ་མེད་ཀྱི་རི་གཉིས་སུ་བརྫུས་ནས་དེའི་བར་དུ་དཔོན་སློབ་གཉིས་བཙིར་བ་ན༔ ཁ་ཊྭཱཾ་གའི་ཡུ་བས་གཅིག་ཕར་བསྒྱེལ། ཚུར་གཅིག་བསྒྱེལ་ནས་སྡིགས་མཛུབ་ཅིག་མཛད་པས། དངངས་ཤིང་བྲེད་ནས་སྲོག་སྔགས་ཕུལ་ཏེ་སྲུང་མར་ཞལ་གྱིས་བཞེས་པས་གསང་མཚན་གངས་ཀྱི་ཡུམ་ཆེན་རྡོ་རྗེ་གཡུ་བུན་མར་བཏགས་སོ༔ དེ་ནས་བྱང་གནམ་ཐང་ལ་བྱོན་པས། གནམ་སྨན་དམན་དཀར་མོས་ཐོག་ཕབ་པ་ལས། སློབ་དཔོན་གྱིས་ཕྱག་གིས་མཐིལ་དུ་ཆུ་མེ་ལོང་གང་མའི་རྣམ་པར་བབས་པ། ཁྲག་སྲན་

(༤༣༤)མའི་གའུ་ཙམ་བདུན་དུ་སོང་བས་ངོ་མཚར་སྐྱེས་ཏེ་ཕྱག་བཙལ་ནས་དཔལ་མོ་དཔལ་མཚོར་བྲོས་པ་ལ། སློབ་དཔོན་གྱི་རྡོ་རྗེ་རྩེ་གཅིག་བརྒྱབ་པས་མཚོ་ཁོལ་ཞིང་མིག་ཡ་གཅིག་ཞར་ནས་ཤ་རུས་བྱེ་སྟེ་ཀེང་རུས་ཀྱི་རྣམ་པར་བྱས་ནས། བཟོད་པར་གསོལ་ཏེ་སྲོག་སྙིང་ཕུལ་བས། ཡ་མཚན་ཡང་ཤ་མེད་གངས་དཀར་རྡོ་རྗེ་སྤྱན་གཅིག་མར་བཏགས་སོ། །དེ་ནས་འུ་ཡུག་ན་མར་བྱོན་དུས་བོད་ཀྱི་བརྟན་མ་བཅུ་གཉིས་ཀྱི་རིའི་བར་དུ་བཅར་བའི་རྫུ་འཕྲུལ་བསྟན་པས། ཕྱག་མཁར་གྱི་སོ་སོར་བོར་ཏེ། གཡའ་རི། གངས་རི། སྨན་རི་ལ་སོགས་པ་བརྟན་མའི་གནས་ཕལ་ཆེར་བཤིག ཁ་རག་ཚལ་པ་གཉིས་སུ་མཛད་པས། ཤིན་ཏུ་བྲེད་དེ་སྲོག་སྙིང་ཕུལ་ནས་བཀའི་སྲུང་མ་དང་བོད་དུ་མུ་སྟེགས་མི་འཇུག་པའི་དམ་ཚིག་ཞལ་གྱིས་བཞེས་སོ། །སློབ་དཔོན་ཆེན་པོའི་གསང་བའི་

(༤༣༥)གཟུང་མ་ཐམས་ཅད་ཀྱི་གཙོ་མོ་མཛད། བཀའ་གཏེར་རབ་འབྱམས་དུ་མའི་བསྟན་སྲུང་ཐམས་ཅད་ནང་ནས་ཆེས་ཆེར་བསྔགས་ཞིང་སྒྲུབ་པ་པོ་ལ་ལྷག་པར་བརྩེ་བས་བཞུགས་པ་ཡིན་ནོ། །དེ་ལྟར་དཔལ་སྔགས་སྲུང་མ་མོའི་སྒྲུབ་ཐབས་ཀྱི་བཀའ་སྲོལ་ཇི་སྙེད་གཅིག་མཆིས་པ་ལས་མཁའ་འགྲོ་སྙིང་ཐིག་ཆེན་མོའི་གདམས་པ་དང་འབྲེལ་ཆགས་སུ་བྱོན་པ་ཀུན་ཆེན་ཆེན་པོ་ཀློང་ཆེན་རབ་འབྱམས་པའི་ཕྱག་བཞེས་མ་ཉམས་པའི་སྲོག་གཏད་དང་། དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོར་སློབ་དཔོན་པདྨས་མཛད་པའི་སྲོག་སྒྲུབ་རྩ་བ་དང་། ལས་མེད་གཟེར་གྱི་སྒྲུབ་པ། ཡང་སྙིང་གནུབས་ཀྱི་མན་ངག་སོགས་གཏེར་མ་དང་། ཕུར་སྲུངས་བདག་ཉིད་རེ་མ་ཏིའི་སྒྲུབ་ཐབས་ལང་ལབ་སོགས་བཀའ་མ་ཏེ་མ་མོ་ལྟར་བསྟེན་པ། མཛའ་མོ་ལྟར་བསྟེན་པ། བྲན་མོ་ལྟར་བསྟེན་པའི་ཚུལ་གྱི་བསྙེན་སྒྲུབ་ལས་སྦྱོར་སོགས་

(༤༣༦)མན་ངག་ཟབ་ཅིང་རྣོ་བ་ཇི་སྙེད་ཅིག་བཞུགས་པའི་ཚན་ལས་བཀའ་གཏེར་གྱི་ཆུ་བོ་ཀུན་འདུས་པའི་སྲོག་གཏད་ཀྱི་རིམ་པ་དང་། ཉང་།།།གཏེར་རྡོ་རྗེ་རབ་བརྟན་མའི་རྡོ་རྗེ་གཤོག་རྒོད་མའི་སྲོག་གཏད། མཁའ་འགྲོ་སྙིང་ཐིག་གི་བཀའ་སྲུང་བཤན་པ་སྲོག་སྒྲུབ་ནག་མོའི་སྲོག་གཏད་པདྨ་ལས་འབྲེལ་རྩལ་གྱི་གཏེར་བྱོན། དཔལ་ལྡན་ལྷ་མོ་དམག་ཟོར་རྒྱལ་མོའི་རྗེས་གནང་ཐུན་མོང་དང་ཐུན་མོང་མ་ཡིན་པ་པཎྜི་ཏ་གསང་བ་ཤེས་རབ་ནས་བརྒྱུད་པ་དང་། ཀུན་ཆེན་ཆེན་པོ་ཟ་ཧོར་བཞད་པ་རྩལ་ལ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་མངོན་སུམ་དུ་རྩལ་བའི་མང་གསང་རྒྱ་ཅན་གྱི་ནང་ཚན་དཔལ་ལྡན་དམག་ཟོར་རྒྱལ་མོ་ལས་བཞི་སྤྱི་དྲིལ་དུ་བསྒྲུབ་པ། ལས་བཞི་བྱེ་བྲག་ཏུ་བསྒྲུབ་པ། ཡང་གསང་དྲག་མོར་བསྒྲུབ་པ། དུང་སྐྱོང་འཆི་མེད་ལྷ་མོར་བསྒྲུབ་པ་རྣམས་ཀྱི་སྲོག་གཏད་ལུང་མན་ངག་དང་བཅས་པ། ཉང་།།།གཏེར་བརྟན་སྐྱོང་ཆེན་མོ་

(༤༣༧)བཅུ་གཉིས་ཀྱི་སྲོག་གཏད་སྒྲུབ་ཐབས་ཀྱི་མན་ངག་ལུང་དང་བཅས་པ། འཇའ་ཚོན་ལས་འཕྲོ་གླིང་པའི་གཏེར་བྱོན་ཀོང་བཙུན་དེ་མོའི་སྲོག་གཏད་དང་སྒྲུབ་ཐབས་མན་ངག་གི་ལུང་ལག་ལེན། བརྟན་མ་ལས་རྒྱུད་ལ་སོགས་པ་བརྟན་མའི་སྐོར་གྱི་བེ་བུམ་གྱི་ལུང་སོགས་ཕལ་ཆེར་ཆོས་རྒྱལ་གཏེར་བདག་གླིང་པ་ནས་བརྒྱུད་དེ་རྡོ་རྗེ་འཛིན་པ་ཆེ་མཆོག་འདུས་པ་རྩལ་དང་། གར་དབང་དང་པོའི་སངས་རྒྱས་དྷརྨའི་མཚན་ཅན་གྱིས་སྤྱན་སྔར་ཐོབ་ཅིང་པཎ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་ཀྱི་སྤྱན་སྔར་དམག་ཟོར་མའི་རྗེས་གནང་ཐུན་མོང་བ་ཙམ་བཀྲའ་དྲིན་དུ་ཐོབ། རྗེ་བཙུན་བཞད་པ་རྡོ་རྗེ་ནས་བརྒྱུད་པའི་ཚེ་རིང་མཆེད་ལྔའི་ཚེ་དབང་ཐུན་མོང་མ་ཡིན་པ་རྗེ་བཙུན་ཀུན་དགའ་སྙིང་པོའི་ཡི་གེའི་སྟེང་ནས་རྡོ་རྗེ་འཛིན་པ་ཆེ་མཆོག་འདུས་པ་རྩལ་གྱི་སྤྱན་སྔར་ཐོབ་པ་ཡིན་ནོ། །

(༤༣༨)དཔལ་ལྡན་ལྷ་མོ་དུས་མཚན་འོད་ཆེན་འབར་མ་ནི། ལྷོ་ཕྱོགས་གཤིན་རྗེའི་གྲོང་ཁྱེར་ན་ཡབ་གཤིན་རྗེའི་སྡེ་དཔོན་ལོང་བའི་རྒྱལ་པོ་ཞེས་བྱ་བ་དང་ཡུམ་བདུད་མོ་ཁ་ལ་མེ་འབར་མ་གཉིས་ལ་སྲས་མོ་གསུམ་དང་སྲས་གཅིག་འཁྲུངས་པའི་ཐ་ཆུང་དུ་གྱུར། ཆེ་ཞེ་དང་པོ་ལྷ་དང་། གཉིས་པ་ཀླུས་ཕྲོགས། གསུམ་པར་སྲས་གཤིན་རྗེ་འཇིགས་སུ་རུང་བ་ཞིག་འཁྲུངས་པར། ཀ་ལ་རཱུ་པའམ་འཆི་བདག་ཆོས་ཀྱི་རྒྱལ་པོར་ཐོགས། བཞི་པར་དུས་མཚན་རྒྱལ་མོར་འོད་ཆེན་འབར་མ་ཞེས་པར་མཚན་གསོལ། འཁྲུངས་མ་ཐག་ཏུ་ཆེ་ཞེ་གཉིས་ལྷ་ཀླུའི་ལག་ནས་འཕྲོགས་པར་བཞེད་པ་ཡབ་ཀྱིས་ཐོད་དབང་ཕྱུག་དང་ཞགས་པ་ཐོགས་པ། ཡུམ་གྱི་ནད་རྐྱལ་དང་ཁྲམ་ཤིང་ཕུལ་བ་བསྣམས༔ མིང་པོ་གཤིན་རྗེ་དང་བསྡོངས་ནས་ལྷ་ཀླུ་གཉིས་ཚར་བཅད། ཆེ་ཞེ་གཉིས་ཕྲོགས། སྲིད་པ་གསུམ་ལ་དབང་བསྒྱུར་བ་ལ་དཔལ་ཧེ་རུ་ཀས་མིང་སྲིང་གཉིས་དམ་ལ་བཏགས་སྲོག་

(༤༣༩)སྙིང་བཞེས། ཡབ་ཡུམ་དུ་དབང་བསྐུར་གསང་མཚན་བཏགས། ཡབ་ནི་འཆི་བདག་ལས་ཀྱི་གཤིན་རྗེ་སྐྱེ་འགྲོ་ཐམས་ཅད་ཀྱི་སྲོག་བདག་དགེ་སྡིག་གི་ཤན་འབྱེད། ལེགས་ཉེས་ཀྱི་སྟངས་འཛིན་དུ་མངའ་གསོལ། ཡུམ་ནི་སྲིད་གསུམ་གྱི་དབང་ཕྱུག་ཆེན་མོར་བྱིན་གྱིས་རླབས། ཡ་བ་ཏེ། ཆོས་རྒྱལ། ཏེལ་པ། གླང་མགོ་ཅན། རལ་པ་ཚར་དགུ། རྨིགས་པ། ཕྱ་སངས། དམིགས་དམར་ཏེ་གཤིན་རྗེ་ཕོ་བརྒྱད། ཕོ་ཉ་མོ། མཆེ་བ་མོ། བེ་ཅོན་མོ། དུས་མཚན་མོ། ལྕགས་ཀྱུ་མོ། ཞགས་པ་མོ། ལུ་གུ་རྒྱུད། འབེབས་མ་སྟེ་མོ་བརྒྱད། སྐུ་གསུང་ཐུགས་ལས་སྤྲུལ་པའི་དུས་མཚན་གནོད་སྦྱིན། དུས་མཚན་སྲིན་མོ། དུས་མཚན་མ་མོ་སྟེ་ཡུམ་གསུམ་དང་། དེ་དག་གི་སྦྱོར་ཡབ་ཞང་བློན་རྡོ་རྗེ་བདུད་འདུལ། དཔལ་མགོན་ལེགས་ལྡན་ནག་པོ། གནོད་སྦྱིན་རྡོ་རྗེ་གོས་སྔོན། གཞན་ཡང་འཕྲིན་ལས་བཞིའི་ལྷ་མོ། དུས་བཞིའི་ལྷ་མོ། ཚེ་རིང་མཆེད་ལྔ། བརྟན་མ་བཅུ་གཉིས་སོགས་

(༤༤༠)འཁོར་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ། ལྕགས་མཁར་སྒོ་མེད་ཀྱི་ནང་ན་བཞུགས་པར་གསུངས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོས་མཛད་པའི་འོད་ཆེན་འབར་མའི་གཏོར་ཆོག་བདུད་ལས་རྣམ་རྒྱལ་ལས། དེ་ཡང་འདིའི་ལོ་རྒྱུས་དང་། བྱོན་ཚུལ་ཅུང་ཟད་བརྗོད་ན། སྔོན་བསྐལ་པ་དང་པོའི་ཚེ་ས་འོག་རིམ་པ་བདུན་གྱི་འོག་ན། གཤིན་རྗེའི་སྡེ་དཔོན་ལོང་བའི་རྒྱལ་པོ་དང་། བདུད་ཀྱི་རྒྱལ་མོ་མེ་འབར་མ་ཞེས་བྱ་བ་གཉིས་སྔོན་དུ་བྱུང་བའི་སྲས་མོ་ཆེ་བ་གཅིག་ལྷའི་དབང་པོས་ཁྱེར། དེའི་འོག་མ་ཀླུའི་རྒྱལ་པོས་ཁྱེར། དེ་ནས་སྲས་མིང་སྲིང་གཉིས་བྱུང་བ་ན། བུ་མོ་ན་རེ། ང་ལ་མཆེད་ཡོད་པ་གར་སོང་ཟེར་བ་ན། ཡབ་ཀྱི་ཞལ་ནས། ཁྱོད་ཀྱི་མཆེད་སྔོན་མ་གཉིས་ལྷ་ཀླུས་ཁྱེར་ཟེར། དེ་གཉིས་མི་འགུགས་སམ་བྱས་པས། བུ་ན་རེ། ལྷ་ཀླུ་དེ་གཉིས་འཇིག་རྟེན་ན་དབང་ཆེ་བས་ཐུབ་པར་དཀའ་

(༤༤༡)ཟེར། དེའི་ཚེ་བུ་མོ་ན་རེ། ངས་འཇིག་རྟེན་གྱི་ཁམས་སུ་སྐྱེ་བ་བརྒྱ་བླངས་པ་ལ། ད་ལྟའི་སྐྱེ་བ་འདི་བས་མཐུ་ཆེ་བ་མེད། ང་ལ་འགྲན་ནུས་པ་འཇིག་རྟེན་ན་སུ་ཡང་མེད་པས། ངས་ལྷ་ཀླུ་གཉིས་ཚར་བཅད་ནས་མཆེད་གཉིས་འཕྲོག་པ་ཡིན་པས། ང་ལ་ཕྱག་མཚན་བསྐུར་ཟེར་བ་ན། ཡབ་ཀྱི་དབང་ཕྱུག་པ་དང་ཞགས་པ་བྱིན། ཡུམ་གྱིས་ཁྲམ་ཤིང་དང་ནད་རྐྱལ་བྱིན་པ་དེ་ཁྱེར་ནས། མིང་པོ་གཤིན་རྗེའི་རྒྱལ་པོ་དང་གཉིས་ཀྱི་སྟོང་སུ་སོང་ནས། ལྷ་དབང་ཚར་བཅད། དེའི་ལག་ནས་རང་གི་ཨ་ལྕེ་ཁྲིད། ཡང་ཀླུ་ཡུལ་དུ་ཕྱིན་ཀླུ་རྒྱལ་ཚར་བཅད། དེའི་ལག་ནས་ཨ་ལྕེ་ཁྲིད་དེ་མིང་སྲིང་བཞི་པོ་ཡབ་ཡུམ་གྱིས་སར་སླེབས་པས། ཡབ་ཡུམ་དགའ་སྟེ། ད་ནི་འཇིག་རྟེན་ན་ངེས་རང་བཟའ་མི་ལས་དབང་དང་མཐུ་ཆེ་བ་མེད་པ་ཡིན། ཨ་ལྕེ་གཉིས་ཀྱི་ལྷ་དང་ཀླུ་ཡུལ་ལ་དབང་བསྒྱུར། སྲིང་

(༤༤༢)མོ་ནི་མཐུ་ཆེ་བས་ཁམས་གསུམ་ཀ་ལ་དབང་བསྒྱུར། མིང་པོ་གཤིན་རྗེ་ནི་སྐྱེ་འགྲོའི་དབུགས་ཀྱི་བདག་པོ་བགྱིས་ལ། ལེགས་ཉེས་ཀྱི་ཆད་པ་གཅོད། སྲིང་མོ་ཁྱོད་ཀྱི་མིང་ནི་གཤིན་རྗེའི་ལྕམ་མོ་དང་། བདུད་ཀྱི་ཡུམ་དང་དུས་མཚན་ནག་མོ་ཞེས་བྱ་བ་ཡིན་ནོ་ཞེས་མཚན་གསོལ་ཞག་རེ་རེ་ལ་སྲོག་ཆགས་ལྔ་བརྒྱ་ལྔ་བརྒྱའི་སྲོག་དབུགས་དང་། ཤ་ཁྲག་ལོངས་སྤྱོད་ཅིང་འཇིག་རྟེན་གྱི་མ་མོ་དང་། ལྷ་སྲིན་སྡེ་བརྒྱད་ཀྱི་དམག་དཔོན་དུ་མངའ་གསོལ་ནས་ཡོད་པ་ལ། དཔལ་ཁྲག་འཐུང་རྒྱལ་པོས་དམ་ལ་བཏགས་ཏེ། སྲོག་སྙིང་ཕུལ་ནས་ཞག་བདུན་བདུན་ལ་བསྟན་པའི་དགྲ་བོ་རེ་རེ་ཟས་སྐལ་དུ་བྱིན་ནས། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་བཀའ་བསྒོས། ཁྱད་པར་མིང་པོ་གཤིན་རྗེ་དང་ལྕམ་སྲིང་གཉིས་རིགས་དྲུག་གི་དཀར་ནག་གི་ལས་ཀྱིས་ཆད་པ་གཅོད་པར་བྱིན་གྱིས་རླབས་ནས། མིང་གཤིན་རྗེ་དབང་ཕྱུག་པ་ཆེན་མོ་དང་། མ་མོ་

(༤༤༣)ཆེན་མོ་ཙ་མུནྟྲི་དང་། ཨེ་ཀ་ཙ་ཏི་དང་། དམག་དཔོན་རྒྱལ་མོ་ཞེས་བྱ་བར་ཡང་མཚན་བཏགས་ནས། ལྷོ་ཕྱོགས་ལྕགས་མཁར་བཅུ་དྲུག་གི་བདག་པོར་བཞག་གོ །ཡང་དེ་ལྟ་བུའི་བཀའ་སྲུང་དེ་ནི་སྔོན་བྱང་ཆུབ་ཏུ་སེམས་བསྐྱེད། བར་དུ་ཚོགས་གཉིས་ལ་བསླབ་པའི་བྱང་ཆུབ་སེམས་དཔའ་ས་བརྒྱད་ལ་གནས་པས་དེ་ཉིད་བསྟན་པ་བསྲུང་བའི་ཕྱིར། ཤིན་ཏུ་འཇིགས་པའི་ལྷ་མོའི་རྣམ་པར་བསྟན་པ་ཡིན། མ་མོ་ཁྲོས་པའི་རྒྱུད་དང་། གཤིན་རྗེའི་རྟོག་པ་དང་། མེ་ལྕེ་འབར་མའི་རྒྱུད་དང་། བཤན་པ་ནག་མོའི་རྒྱུད་དང་། ལོ་རྒྱུས་རྣམ་ལས་གསལ་བར་འབྱུང་སྟེ། རེ་མ་ཏི་མཆེད་བཞི་དང་། བལ་མོ་མཆེད་བཞི་དང་། དུས་མཚན་མ་མཆེད་བཞི་བྱ་བ་རྣམས་འདི་ཡི་ཞི་རྒྱས་དབང་དྲག་གི་ཕྲིན་ལས་སྒྲུབ་པའི་སྐུའི་སྟོན་ཚུལ་དུ་གསུང་པས། མདོར་ན་མ་མོ་ཐམས་ཅད་ཀྱི་རྩ་བ་

(༤༤༤)ཨེ་ཀ་ཙ་ཏི་ལ་བརྟེན་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚུལ་གདུལ་བྱའི་རིགས་སྣ་ཚོགས་སུ་སྤྲུལ་པ་ཡིན་ནོ། །དེ་ཉིད་རྒྱ་གར་ནས་བྱོན་ཚུ་ནི། རྒྱལ་བ་རྡོ་རྗེ་འཆང་གིས་བྲམ་ཟེ་ཆེན་པོ་ས་ར་ཧ་ལ་གནང་། དེའི་སྒྲུབ་སྐོར་ལས་ཚོགས་མཛད་དོ། །དེ་ནས་རིམ་པར་བརྒྱུད་དེ་བོད་དུ་ཕ་དམ་པ་སངས་རྒྱས་ཀྱི་སྤྱན་དྲངས་ནས། དེའི་ཆོས་སྐོར་དར་བར་བྱུང་། ཁྱད་པར་ཁ་ཆེ་བྷཉྫའི་དུར་ཁྲོད་དུ་ཞུགས་པའི་ཚེ། སློབ་དཔོན་བྷནྡྷ་ནག་པོས་བཀའ་བསྲུང་མཛད་པས། དེས་མཛད་པའི་སྒྲུབ་སྐོར་སོགས་ཀྱང་ཡོད། དེ་ནས་རིམ་པར་བརྒྱུད་པ་ལས། ཁྲོ་ཕུ་ལོ་ཙའི་ཡབ་བླ་མ་ནག་པོ་རོ་སོལ་གྱིས་ཞལ་གཟིགས་ནས་མངོན་སྤྱོད་ཀྱི་ལས་དྲག་པོའི་སྦྱོར་བ་མང་པོ་མཛད། བླ་མ་དེས། བླ་མ་བྲན་མཐའ་བྲལ་ལ་ཆོས་སྐྱོང་དུ་དངོས་སུ་བཀའ་བསྒོས་ནས་གནང་། དེ་ནས་རིམ་པར་བརྒྱུད་པ་ལས། བདག་རྣམས་ཀྱི་རིགས་བརྒྱུད་ལ་སྲུང་ཞིང་སྐྱོབ་

(༤༤༥)པའི་བཀའ་སྲུང་སྒྲུབ་ཐག་ཉེ་ལ་མཐུ་རྩལ་ཆེ་ཞིང་ཐུགས་རྗེ་དང་བྱིན་རླབས་མྱུར་བའི་ལྷ་མོ་འདི་ཉིད་ནི་གཤིན་རྗེ་ཆོས་རྒྱལ་གྱི་ཡུམ་ཙ་མུནྟྲིའི་སྒོ་ནས་སྒྲུབ་ཏུ་བྱ་བ་ཡིན་ནོ། །ཞེས་གསུངས་ཤིང་། སྤྱན་འདྲེན། མཆོད་འབུལ། བསྟོད་པ་རྣམས་རྒྱལ་བ་དགེ་འདུན་རྒྱ་མཚོས་མཛད་པའི་དམག་ཟོར་མའི་སྐང་བའི་སྐབས་ལྟར་གསུངས་པས། འདིར་བསྟན་གྱི་བཀོད་པ་གདུལ་བྱ་འགའ་ཞིག་གི་སྣང་ཚུལ་གཅིག་ཡིན་ལ། རྒྱས་པའི་ཁུངས་ནི་ལོ་རྒྱུས་སྤྱིའི་ཁུངས་མེ་ལྕེ་འབར་མ་ལ་སོགས་པ་ནས་གསུངས་པ་ལྟར་གྱི་ཨུ་མའི་སྲས་མོ་ཙ་མུན་ཏྲིར་འཁྲུངས་པར་བསྟན་པ་དཔལ་ལྡན་ལྷ་མོའི་རྟོག་པ་དང་བྱུང་བ་བརྗོད་པའི་སྐབས་སུ་སངས་རྒྱས་གསུངས་པ་བཞིན་ཏུ་ཤེས་པར་བྱའོ། །དཔལ་ལྡན་ལྷ་མོ་འདིའི་གདམས་པའི་བཀའ་སྲོལ་རྣམས་འཕགས་སྡེ་ལོ་ཙཱ་བ་དགེ་འདུན་བཀྲ་ཤིས་པ་ནས་བརྒྱུད་དེ། རྗེ་

(༤༤༦)དྲུང་བསྟན་པ་རྒྱ་མཚོ། དགེ་འདུན་ཆོས་རྒྱལ་དབང་ཕྱུག་ལ་སོགས་པ་རྗེ་དྲུང་རིམ་བྱོན་གྱི་བར་དུ་རྒྱུད་པ་བར་མི་ཆད་དུ་བཞུགས་ཤིང་ཐུན་མོང་མ་ཡིན་པའི་སྲུང་མའི་གཙོ་བོར་མཛད། དེ་ནས་ཤངས་པ་རབ་འབྱམས་པ་བློ་བཟང་དོན་གྲུབ་ལ་བུམ་པ་གང་བྱོའི་ཚུལ་དུ་གནང་བ་བདག་ན་ཕྲ་མོའི་དུས་སུ་བཞུགས་ཡོད་པར་སྣང་ཡང་དངོས་སུ་མ་མཇལ་ཞིང་ཆོས་རྒྱུན་རྣམས་ཞུ་མ་ཐུབ་པའི་གོང་ལ་གཞན་དོན་དུ་ཕེབ་པས་རྒྱུན་ཆད་པར་སྣང་། ཕྱིས་གཞན་དུ་འབད་པས་ཁུངས་བཙལ་ཡང་མ་རྙེད་དེ། དེང་སང་ནི་གངས་རིའི་ཁྲོད་དུ་ལྷ་མོ་འདིའི་སྔོན་གྱི་དམ་པའི་བཀའ་སྲོལ་རྒྱུན་མ་ཉམས་པ་ཞིག་མེད་པར་སྣང་ངོ་། ༈ །ལྷ་མོ་འདི་ཉིད་ནོར་བདག་གི་རྣམ་པར་བཞེངས་པ་འདྲེ་མོ་ངན་ནེ་མའམ་ཞིང་སྐྱོང་དུར་ཁྲོད་བདག་མོ་ཞེས་གྲགས་ཤིང་ཡུལ་ཉི་ཤུ་རྩ་བཞིའི་ནང་མཚན་ལྷོ་ཕྱོགས་དེ་བི་ཀོ་ཊིར་ཞིང་སྐྱོང་མ་ལངྐའི་དབང་ཕྱུག་ཅེས་གྲགས་

(༤༤༧)པ་དེ་ཉིད་ནི་ཡབ་འོད་དེ་འོད་པོ་ཆེ་དང་། ཡུམ་ལྷ་བཟང་ཨ་མོ་ལྕམ་གཉིས་ཡུལ་གངས་དཀར་གྱི་སྟོངས་སུ་བཤོས་པ་ལས་སྲས་ལྕམ་སྲིངས་བརྒྱད་འཁྲུངས་པའི་དང་པོ་བསི་ཡི་མདུང་མར་ཅན་དེ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སོ། །གཉིས་པ་ནི། བཤན་པ་ར་མགོ་ཅན་ཏེ་དམག་དཔོན་མིག་དམར་ཆེན་པོ་ཞེས་གྲགས་ཤིང་ད་ལྟ་སྤྱན་གཡས་ཀྱི་གནས་སྲུང་གི་གཙོ་བོར་བཞུགས་པའི་དགེ་བསྙེན་ཆེན་པོ་འདི་ཡིན་ནོ། །དབང་ཕྱུག་གི་ལོ་རྒྱུས་ཀྱི་སྐབས་སུ་དྲངས་ནས་བཤད་པའི་ནང་གི་དྲེགས་མན་གྱི་གཙོ་བོར་གདོང་ཅན་ཞེས་བྱ་བ་དཔལ་ཆེན་པོས་བཏུལ་བ་དེ་ཡང་འདི་ཡིན་ནོ། །དེ་འོག་མི་ཧྲེང་སྐྱེས་བུ་གཅིག་གྲགས་ཏེ་པེ་ཧར་གྱི་རྣམ་འགྱུར་གཅིག་གོ །དེ་འོག་བདུད་ཟུ་ར་ར་སྐྱེས་ཏེ་བདུད་ཕོ་མཆོད་གསུམ་གྱི་ནང་ཚན་དེ་ཉིད་ཡིན་ནོ། །དེ་འོག་སྲིང་མོ་བཞིའི་

(༤༤༨)དང་པོ་ལྷ་མོ་ངན་ནེ་མ། གཉིས་པ་ཀླུ་མོ་ངན་ནེ་མ། གསུམ་པ་གནོད་སྦྱིན་ངན་ནེ་མ། བཞི་པ་འདྲེ་མོ་ངན་ནེ་མར་འདི་ཉིད་འཁྲུངས། གསང་བའི་བདག་པོས། ནོར་ལ་ངན་པའི་ངན་ནེ་མ༔ ཀུན་ལ་གནོད་པའི་འདྲེ་མོ་འདྲ༔ ནོར་རྫས་བཟང་བའི་བསེ་སྒྲོམ་འཛིན༔ བསེ་སྒྲོམ་མ་ཁྱོད་ཅི་བྱེད་གསུངས༔ དེའི་ཕྱིར་དུར་ཁྲོད་བསེ་སྒྲོམ་ཞེས་གྲགས་སོ། །དུར་ཁྲོད་ཆེན་མོ་བརྒྱད་དུ་ནོར་བསྲུང་གི་མ་མོ་ཆེན་མོ་བརྒྱད་བཞུགས་པ་ལས༔ མ་མོ་འདིས་བསིལ་བའི་ཚལ་གྱི་ནོར་བསྲུང་མཛད༔ ཕལ་ཆེར་སྐུ་མདོག་སྨུག་ནག་གཡས་དམ་ཉམས་ཀྱི་ཙིཏྟ་ཟ་ཞིང་གཡོན་ནལ་བུའི་རྐང་པ་གཉིས་ནས་བཟུང་སྟེ་སྤྲུགས་པ་གཅན་གཟན་བཞི་ཕོ་ཉར་འགྱེད་པ། གནམ་ལྕགས་དང་ཐོག་སེར་རླུང་དམར་དུ་འཚུབ་པ། སྟེང་གཟའ་དང་རྒྱུ་སྐར། འོག་ཀླུ་དང་ས་བདག །བར་སྣང་སྲིད་ཀྱི་

(༤༤༩)ལྷ་འདྲེ་ཐམས་ཅད་དབང་མེད་དུ་བཀོལ་བ། དྲེད་མོ་ནག་མོ་ལ་ཞོན་ནས་རྒྱུགས་པ། ཕྱི་ལྟར་དུ་ལྷ་མོ་སྐུ་འོད་ཅན་ནང་ལྟར་དུ་དཀོར་བསྲུང་ནག་མོ། གསང་བ་ལྟར་དུ་དུར་ཁྲོད་ཀྱི་འདྲེ་མོ་ངན་ནེ་མ། ནོར་སྣ་གཅིག་གིས་རྗེས་གཅོད། རྩྭ་ཆག་གང་གི་ཤོས་སྙེག །བཀོར་བདག་ཐམས་ཅད་ཀྱི་ནང་ན་འགྲན་ཟླ་མེད་པའི་མཐུ་མོ་ཆེ་ཞིག་ཏུ་གྱུར་ཏོ། །དེའི་ཚེ་མེ་རི་འབར་བའི་དུར་ཁྲོད་དུ་གསང་བའི་བདག་པོས་དབང་བསྐུར། བསིལ་བ་ཚལ་གྱི་དུར་ཁྲོད་དུ་རྡོ་རྗེ་རྣལ་འབྱོར་མས་དམ་ལ་བཏགས། དུར་ཁྲོད་ཆེན་པོའི་གསང་ལུང་དུ་སློབ་དཔོན་ཆེན་པོ་པདྨས་དམ་ལ་བཏགས། སོ་ས་གླིང་གི་དུར་ཁྲོད་ན་མ་མོ་འདིའི་སྒོ་ནས་རྒྱུད་རྣམས་གསུངས། ནང་དུ་སྙིང་ཉེ་ལ་བཀྲ་ཤིས། ཕྱི་རུ་རྣོ་མྱུར་ཚན་ཆེ། ཁྱད་པར་དུ་ཡང་ཆོས་རྒྱལ་གཏེར་བདག་གླིང་པ་ཡབ་སྲས་ཀྱིས་སྲུང་མའི་གཙོ་བོ་ཐུན་མོང་མ་ཡིན་པ་འགྲན་ཟླ་དང་བྲལ་བའོ། །

(༤༥༠)འདི་ལ་གཏེར་སྟོན་སོ་སོས་སྤྱན་དྲངས་པའི་སྒྲུབ་ཐབས་དུ་མ་ཞིག་ཡོད་པར་སྣང་བ་ལས། མངའ་བདག་མྱང་རལ་པ་ཅན་གྱིས་བསམ་ཡས་མཆོད་རྟེན་ནག་པོ་ནས་སྤྱན་དྲངས་པའི་སྒྲུབ་བསྐོར་དང་འབྲེལ་བའི་སྲོག་དབང་དང་། གསང་བ་གཅིག་རྒྱུད། སྒྲུབ་རྒྱུད་ལས་ཕྲན་ལ་སོགས་པ་རྣམས་ཆོས་རྒྱལ་གཏེར་བདག་གླིང་པ་ལས་བརྒྱུད་དེ་རྡོ་རྗེ་འཛིན་པ་ཆེ་མཆོག་འདུས་པ་རྩལ་གྱི་སྤྱན་སྔར་ལེགས་པར་ཐོབ་བོ། ༈ །ཆོས་སྐྱོང་བའི་རྒྱལ་པོ་རྣམ་ཐོས་སྲས་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཉིད་ཀྱི་ཡེ་ཤེས་ཀྱི་རང་སྣང་བཛྲ་ཧེ་རུ་ཀ །རཏྣ་ཧེ་རུ་ཀ །པདྨ་ཧེ་རུ་ཀ །ཀརྨ་ཧེ་རུ་ཀར་བཞིར་ཤར་བའི་ནང་མཚན། ཀརྨ་ཧེ་རུ་ཀའི་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ཉིད་འཇིག་རྟེན་སྐྱོང་བའི་སྐུར་བཞེངས་པར་གསུངས་པས་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་སྟོབས་བཅུ་མངའ་བའི་གོ་འཕང་

(༤༥༡)བརྙེས་གྲུབ་པ་ཡིན་ཏེ། པདྨ་དཀར་པོ་ལས། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །དེ་ཡི་ཚད་ནི་ནམ་ཡང་མེད་པ་ན། །བྱང་ཆུབ་མཆོག་རབ་དེ་ནི་ངས་རྙེད་དེ། །ངས་ནི་རྟག་ཏུ་ཆོས་བསྟན་ཏོ། །ཞེས་གསུངས། མདོ་ལས། རྒྱལ་པོ་ཆེན་པོ་ཡུལ་འཁོར་བསྲུང་བྱེ་བ་ཁྲག་ཁྲིག་དང་། འཕགས་སྐྱེས་པོ་བྱེ་བ་ཁྲག་ཁྲིག་དང་། སྤྱན་མི་བཟང་བྱེ་བ་ཁྲག་ཁྲིག་དང་། རྣམ་ཐོས་ཀྱི་བུ་བྱེ་བ་ཁྲག་ཁྲིག་ལ་སོགས་པ་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པའི་རྒྱལ་པོ་ཆེན་པོ་སྡེ་བཞི་ལྷགས་ནས་བྱ་བ་བྱེད་ཚུལ་གསུངས་པས་སྤྱིར་གྱི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཞེས་པ་དྲང་སྲོང་རྣམ་མང་ཐོས་ཀྱི་སྲས་ཡིན་པ་གཅིག་བུ་ལ་བརྟེན་ནས་བཏགས་པའི་ངེས་པ་མ་མཆིས་ཀྱང་། ད་ལྟ་ཞིང་འདིའི་བྱང་ཕྱོགས་སྐྱོང་བའི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་རྒྱུད་ལས་

(༤༥༢)སྣ་ཚོགས་རབ་ཏུ་གྲུབ་པ་ཞེས་བྱ་བ་ལས། རྒྱལ་པོ་འདིའི་ལོ་རྒྱུས་འཆད་པའི་སྐབས་སུ། བཅོམ་ལྡན་འདས་གསང་བའི་བདག་པོས་སྙིང་རྗེ་ཆེན་པོའི་སྤྱན་གྱི་སེམས་ཅན་ལ་རྣམ་པར་གཟིགས་ནས། འདི་སྐད་ཅེས་བཀའ་སྩལ་ཏེ། ལེགས་པར་ཉོན་ཅིག་གསང་བ་པས། །བྱང་ཆུབ་སེམས་དཔའ་རིན་ཆེན་མང་། །འགྲོ་བ་ཀུན་གྱི་དོན་གཟིགས་ནས། །རྒྱལ་པོ་རྣམ་མང་ཐོས་པ་དང་། །ལྷ་མོ་དཔལ་བཙུན་བཟང་མོ་ཡིས། །སྲས་སུ་སྨོན་ལམ་བཏབ་པ་ཡིས། །འགྲོ་བའི་བསམ་པ་ཡོངས་རྫོགས་མཛད། །ལྷ་རྣམས་འབྱོར་པ་འདོད་པ་ཡིས། །བཅོམ་ལྡན་ལྷ་ཡི་ལྷ་ཞེས་བསྟོད། །དབུལ་བའི་གནོད་པ་སེལ་བྱེད་པ། །གང་གཱའི་བྱེ་མའི་གྲངས་སྙེད་ཀྱི། །རྒྱལ་མཆོག་རྣམས་ཀྱི་རབ་གསུངས་པའི། །འོད་ཟེར་རྒྱས་པ་ཞེས་བྱ་བའི། །ཞིང་ན་སངས་རྒྱས་ཉི་མའི་ཞལ། །ཆོས་བསྟན་པ་ན་བདག་གིས་ཀྱང་། །

(༤༥༣)དེར་ནི་རང་གིས་རྣམ་ཐོས་ཏེ། །དབུལ་བ་སིལ་ཞིང་བཀྲ་ཤིས་པ། །དེ་དག་བདག་གི་རབ་བཤད་ཀྱིས། །སེམས་ཅན་ཀུན་དོན་གཅེས་པའོ། ཁྱོད་ནི་རབ་ཏུ་མཉམ་བཞག་ཉོན། །སྔོན་བསྐལ་པ་འོད་ཆེན་རྣམ་པར་བཀྲ་བ་ཞེས་བྱ་བའི་དུས་ན། འོད་ཟེར་རྣམ་པར་རྒྱལ་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་སྙིང་པོ་བཀོད་པའི་ཞལ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །དེའི་འཁོར་ཡང་ཚད་མེད་ཅིང་གྲངས་མེད་དོ། །དགེ་སློང་གི་དགེ་འདུན་ཡང་གྲངས་མེད་ཅིང་གཞལ་བ་ལས་འདས་སོ། །དེའི་ཆོས་ཀྱང་བསྐལ་པ་འབུམ་དྲུག་ཁྲིའི་བར་དུ་གནས་སོ། །དེའི་ཚེའི་ཚད་ཀྱང་བསྐལ་པ་དྲུག་གི་བར་དུ་གནས་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན། ང་ཡང་དག་པར་རྫོགས་པའི་སངས་རྒྱས་ཉི་མའི་ཞབས་འབྲིང་བྱེད་པའི་དུས་ན། བྱང་ཆུབ་སེམས་དཔའ་རིན་ཆེན་མང་བྱ་བ་

(༤༥༤)སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ་ཞིག་ཡོད་དེ། དེས་སེམས་ཅན་ལ་ཐུགས་བརྩེ་བའི་ཕྱིར། ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་འདི་སྐད་ཅེས་ཞུས་སོ། །ཀྱཻ། བཅོམ་ལྡན་འདས། བདག་འཛམ་བུའི་གླིང་དུ་སེམས་ཅན་གྱི་དོན་བྱེད་པར་འདོད་པ་ལ་སངས་རྒྱས་པ་དང་སངས་མ་རྒྱས་པ་སེམས་ཅན་གྱི་དོན་བྱེད་ན། ཇི་ལྟར་ཕན་པ་ཆེ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱི་འདི་སྐད་ཅེས་བཀའ་བསྩལ་ཏོ། །རིགས་ཀྱི་བུ་ཁྱོད་སེམས་ཅན་གྱི་དོན་བྱེད་ན་རི་རབ་ཀྱི་བྱང་ཕྱོགས་ཀྱི་ངོས་ན། ཡབ་རྒྱལ་པོ་རྣམ་མང་ཐོས་ཞེས་བྱ་བ་དང་ཡུམ་ལྷ་མོ་དཔལ་བཙུན་བཟང་མོ་ཞེས་བྱ་བ་གཉིས་ལ། ལྷའི་འབྱོར་པ་སྣ་ཚོགས་ཡོད་དེ། ལྷའི་གཞལ་མེད་ཁང་ཆེན་པོ་བཞི་དང་། དཔག་བསམ་གྱི་ཤིང་བཞི་དང་། དཀོར་ནོར་གྱི་མཛོད་བརྒྱད་དང་བུམ་པ་བཟང་པོ་དང་། རྫིང་བུ་དྲུག་previous hit དང་། ཚལ་ཆེན་པོ་དང next hit་། ཡིད་བཞིན་གྱི་ནོར་བུ་དང་། མཛེས་པ་དང་། ཉེ་བར་མཛེས་པ་ཞེས་བྱ་

(༤༥༥)བ་ལ་སོགས་པས་རབ་ཏུ་བརྒྱན་པ་ཡོད་དོ། །དེ་ན་ལྷའི་བུ་མོ་མང་པོ་གླུ་ལེན་པ་དང་། གར་བྱེད་པ་ལ་སོགས་པ་ལོངས་སྤྱོད་རྒྱ་ཆེན་པོ་གནས་སོ། །དེའི་ལྟ་བུའི་གནས་དེ་ན་བདེ་སྐྱིད་ཕུན་སུམ་ཚོགས་པའི་ལོངས་སྤྱོད་ཡོད་དོ། །དེ་ལ་སྲས་མེད་པར་གྱུར་ཏེ། རབ་ཏུ་ཐུགས་མྱ་ངན་གྱི་རྣམ་པར་ནོན་པས། རོལ་མོ་དང་ལོངས་སྤྱོད་ལ་རྟག་ཏུ་རྩེ་ཞིང་། བདེ་བར་ལོངས་མི་སྤྱོད་དོ། །དེའི་སྲས་སུ་སྨོན་ལམ་ཐོབ་ལ་སེམས་ཅན་གྱི་དོན་གྱིས་ཤིག་པར་བཀའ་སྩལ་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་རིན་ཆེན་མང་ཞེས་བྱ་བ་དེས་འདི་སྐད་ཅེས་སྨོན་ལམ་བཏབ་ཏེ་སྲས་སུ་གཤེགས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐུགས་རྗེ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་དང་། སྔོན་གྱི་སྨོན་ལམ་གྱི་སྟོབས་དང་བདག་གི་ལྷག་པའི་བསམ་པ་རྣམ་པར་དག་པས་རྣམ་མང་ཐོས་པའི་སྲས་སུ་གྱུར་ཏེ། ལྷ་རྒུད་པ་དང་། མི་རྒུད་པ་ལ་

(༤༥༦)སོགས་པ་ལ་ལོངས་སྤྱོད་སྣ་ཚོགས་ཀྱི་ཆར་འབེབས་པར་ཤོག་ཤིག །དེ་ལྟར་སེམས་ཅན་གྱི་དོན་དུ་གྱུར་ནས། སྲིད་པ་ཐམས་ཅད་ཀྱི་ཐ་མ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག །དེ་སྐད་ཅེས་སྨོན་ལམ་བཏབ་ནས། ཡུམ་ལྷ་མོ་དཔལ་ཀུན་ཏུ་བཟང་མོའི་སྲས་སུ་གཤེགས་སོ། །དེའི་ནུབ་མོ་ཡུམ་གྱི་མནལ་ལམ་དུ། ལྷའི་བུ་མོ་འོད་ཟེར་སྣ་ཚོགས་ཀྱིས་སྤྲས། རྒྱན་དུ་མ་སྣ་ཚོགས་ཀྱིས་མཛེས་པར་བྱས་པ་གཅིག་བདག་གིས་རུམ་དུ་ཞུགས་པ་རྨིས་སོ། །ནང་པར་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །བདག་གི་རུམ་དུ་ལྷའི་བུ་མཛེས་པ་ལྟ་ན་སྡུག་པ་ཞིག་ཞུགས་པ་རྨི་ན་དགེའམ་སྡིག་པ་ནི་བདག་གི་མི་འཚལ་ཏེ་ཞེས་གསོལ་ཏོ། །དེ་ནས་བྲམ་ཟེ་རིགས་བྱེད་ཐམས་ཅད་ལ་བསླབ་པ་མངོན་པར་ཤེས་པ་མངའ་བ་གཅིག་ལ་དྲིས་པ་ན། འདི་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལ་དགོངས་པ་གཅིག་རྒྱལ་པོའི་སྲས་སུ་འཁྲུངས་པ་ཡིན་ཏེ། ཤིན་ཏུ་ངོ་

(༤༥༧)མཚར་རོ་ཞེས་ཞུས་སོ། །དེ་ནས་རྒྱལ་པོ་ཐུགས་རབ་ཏུ་དགྱེས་ནས། ཡུམ་གྱི་ལུས་ཐམས་ཅད་སྤོས་ཆུས་བཀྲུས་རྒྱན་སྣ་ཚོགས་ཀྱིས་ལུས་ཡོངས་སུ་བརྒྱན་ནས་གནས་ཏེ། ཡུམ་ཡང་ལུས་བདེ་བ་སེམས་བདེ་བར་གྱུར་ཏེ། སྲས་དེ་ཡུམ་གྱི་ལྷུམ་ནས་བདེ་བར་གཙས་སོ། །དེར་འཁོར་ཐམས་ཅད་ཚོགས་ཤིང་དུ་འདུས་ཏེ། ལོངས་སྤྱོད་previous hit དང་དགའ་བའི་ཚལ next hit་བཏགས་ཏེ་སྟོན་མོ་བྱས་སོ། །དེའི་མཚན་ཡང་གནོད་སྦྱིན་གཏེར་འཆང་བའི་རྣམ་ཐོས་སྲས་ཞེས་བཏགས་སོ། །དེ་ནས་རྣམ་ཐོས་སྲས་ཀྱི་ལྡུམ་རའི་ནང་དུ་སྐུ་འཆག་ཏུ་བྱོན་པ་ན། དེ་ན་བུ་མོ་ཤིན་ཏུ་ལེགས་པ་གཅིག་འདུག་པ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱཻ། དེ་ན་འདུག་པའི་བུ་མོ་ཁྱོད་སུ་ཡིན། །བདག་གི་ཁྱིམ་ཐབས་སུ་སྣང་ན། །བདག་གིས་ཁྱེད་ལ་མཛེས་པའི་རྒྱན་གཅིག་དབུལ་ལོ། །དེ་ལྟར་རབ་ཏུ་མཛེས་པའི་བུ་མོ་ཁྱོད། །ལྷ་ཡི་བུ་མོ་

(༤༥༨)རིན་ཆེན་མཛེས་པས་བརྒྱན། །ལྷ་ཡི་རྒྱན་མཆོག་སྣ་ཚོགས་མཛེས་པ་ལ། །བདག་གིས་མཆིང་བུས་དགོས་པ་མ་མཆིས་ཀྱང་། །འདི་དག་བཞེས་ལ་བདག་ལ་དགོངས་པར་མཛོད། །ཅེས་གསུངས་ཏེ། དཔུང་རྒྱན་གསེར་ལ་བཻ་ཌཱུརྱས་སྤྲས་པ་ཕུལ་ལོ། །དེ་ནས་བུ་མོ་དེས་སྨྲས་པ། ཁྱོད་ནི་འབྱོར་པ་མཆོག་ལྡན་རྒྱལ་བུ་བསོད་ནམས་དཔལ། །དེས་ན་ཞི་ཞིང་འོད་འཛག་ལྷ་ཡི་མཆོག་ལྟ་བུ། །བདག་ཀྱང་རྟག་ཏུ་ཁྱོད་ཀྱི་འབངས་སུ་མཆི། །ཐུགས་ཀྱིས་དགོངས་ལ་བདག་ཀྱང་བསྐྱབ་ཏུ་གསོལ། །ཞེས་སྨྲས་སོ། །དེ་ནས་བུ་མོ་དེ་ལ་བརྩེ་ཞིང་རོལ་བས་དགའ་མགུར་སྤྱད་པ་ལས། ནམ་ལངས་པ་དང་སྦྲུལ་དཀར་པོ་གཅིག་ཏུ་བྱས་ནས་རྒྱ་མཚོའི་ནང་དུ་སོང་ངོ་། །དེ་ནས་ཞག་བདུན་ལོན་པ་དང་། བུ་མོ་རབ་ཏུ་མཛེས་པ་གཅིག་ཏུ་བྱས་ཏེ་བྱུང་ངོ་། །དེ་ནི་

(༤༥༩)ཀླུའི་རྒྱལ་པོ་དགའ་བོའི་བུ་མོ་ཡིན་ནོ། །དེ་ལ་ཀླུའི་བུ་གསུམ། བུ་མོ་གཅིག་དང་བཞི་ཡོད་དོ། །བུ་མོ་ནི་གནོད་སྦྱིན་ལག་ན་རྡོ་རྗེ་ལ་ཆུང་མར་བྱིན་ནོ། །ཀླུའི་བུ་མོ་དེས་རིན་ཆེན་རིགས་དུང་དང་དུང་ཆེན་པོ་གཉིས། པདྨ་དང་པདྨ་ཆེན་པོ་གཉིས་ཨན་དྷ་ཉིལ་དང་ཨན་དྷ་རྙིལ་ཆེན་པོ་གཉིས། ཀེ་པ་དང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་གཉིས་དང་བརྒྱད་རྫོངས་སུ་ཁྱེར་ནས་འོངས། རི་རབ་ཀྱི་ཕྱོགས་མཚམས་རྣམས་སུ་གཏེར་དུ་སྦས་ནས་བཞག་གོ །ཞེས་པ་སོགས་རྒྱས་པར་གསུངས། སློབ་དཔོན་འགྲོ་བཟང་སྙིང་པོར་གསང་བའི་བདག་པོས་ཞལ་མངོན་སུམ་དུ་གཟིགས་ཏེ་གསུངས་པའི་སྣ་ཚོགས་དག་པའི་རྒྱུད་ཅེས་བྱ་བ་ལས། སློབ་དཔོན་འགྲོ་བཟང་སྙིང་པོས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཞུས་པས། རྣམ་ཐོས་སྲས་ཀྱི་སྐྱེ་རྒྱུད་ཇི་ལྟར་ལགས་ཞུས་པས། ང་ཡི་བཤད་ཀྱིས་ལེགས་པར་ཡིད་ལ་བཟུང་ཞིག །སྔོན་བྱང་ཆུབ་སེམས་དཔའ་རིན་ཆེན་མང་ཞེས་བྱ་བ་དེས། ང་ཕྱི་མ་སངས་རྒྱས་ན་ཆེའམ་སེམས་ཅན་

(༤༦༠)གྱི་དོན་བྱས་ན་ཆེ་ཐུགས་ལ་དགོངས་པས། དབུལ་པོ་རྣམས་སྡིག་ཚབ་ཆེ་བར་གཟིགས་ནས། ང་སེམས་ཅན་གྱི་དོན་བྱས་ན་ཆེ་བར་འདུག་དགོངས་ཏེ། ཚེ་ཕྱི་མ་སངས་མི་རྒྱ་བར་སེམས་ཅན་གྱི་དོན་བྱེད་པར་ཤོག་ཅེས་སྨོན་ལམ་བཏབ་པས། ཕ་མའི་སྐལ་བ་དང་ལྡན་པ་དུས་སུ་མ་རྙེད། ནམ་ཞིག་ན་ལྕང་ལོ་ཅན་གྱི་ཕོ་བྲང་ན། གནོད་སྦྱིན་ཐམས་ཅད་ཀྱི་རྗེ་དྲང་སྲོང་རྣམ་ཐོས་བྱ་བ་དང་། ཡུམ་ལྷ་མོ་པཉྩ་ཀ་བྱ་བ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཏེ་སྐྱེ་བ་བཞེས་སོ། །ཡབ་རྒྱལ་པོ་ལ་སྲས་གཅིག་ཡོད་པས་རྣམ་ཐོས་སྲས་ཞེས་བྱ་བར་མཚན་བཏགས་སོ། །དེ་ལ་སྲས་གསུམ་སྐྱེས་ཏེ། གཅིག་སྐུ་ལུས་གཞན་ལས་འཕགས་པ་གཅིག་སྐྱེས་ཏེ། འཕགས་སྐྱེས་པོར་བྱ་བ་གཅིག་བཏགས་སོ། །གཅིག་ནུབ་ཕྱོགས་པདྨ་ཅན་གྱིས་ཞིང་ཁམས་ཐམས་ཅད་གཟིགས་པ་གཅིག་བྱུང་སྟེ། སྤྱན་མིག་བཟང་ཞེས་བྱ་བར་མཚན་བཏགས་སོ། །གཅིག་ལྷའི་ཡུལ་དུ་བདུད་ཀྱི་

(༤༦༡)དམག་བྱུང་བས། ཡུལ་དེ་ཁོ་རང་གཅིག་པུས་ཐུབ་པས་ཡུལ་འཁོར་བསྲུང་ཞེས་བྱ་བར་མཚན་བཏགས་སོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དབང་བསྐུར་ཞིང་བྱིན་གྱིས་བརླབས་ནས་ཕྱོགས་སྐྱོང་བའི་རྒྱལ་པོ་བཞི་རུ་བཀའ་བསྒོས་ནས་ས་ལ་གནས་པར་མཛད། ཅེས་དང་རྣམ་ཐོས་སྲས་ཀྱི་ཐབ་ཇི་ལྟར་མཛད་ན་ཞུས་པས། ང་ཡི་ལེགས་པར་བཤད་ཀྱིས་ཡིད་ལ་བཟུང་ཞིགཧ །ལྕང་ལོ་ཅན་གྱི་ཕོ་བྲང་ཞེས་བྱ་བ་ནི། རིན་པོ་ཆེའི་གཞལ་ཡས་ཁང་ཕྱི་ནང་མེད་པ་ཡང་དོག་མེད་པ། མ་བྱས་ལྷུན་གྱི་གྲུབ། གསེར་གྱི་ཀ་བ་སྟོང་ཕྲག་བརྒྱད་ཅུས་བརྒྱན་པ། གསེར་གྱི་ར་བས་བསྐོར་བ། གསེར་གྱི་གཉྫི་ར་སྟོང་ཕྲག་ལྔ་བརྒྱ་ཡོད་པ། རྣམ་པར་ཐར་པའི་སྒོ་བཞི་དང་ལྡན་པ། ཕྱོགས་མཚམས་བཞི་ནས་འཕགས་པའི་ནོར་བརྒྱད་ཀྱིས་བརྒྱན་ཏེ། ཤར་ན་དཔག་བསམ་གྱི་ཤིང་དང་རིན་པོ་ཆེའི་ཤིང་

(༤༦༢)ནུབ་ན་བུམ་པ་བཟང་པོ་དང་ཁྲུས་ཀྱི་རྫིང་། བྱང་ན་ཅང་ཤེས་ཀྱི་རྟ་དང་འདོད་འཇོའི་བ། ལྷོ་ན་ཡིད་བཞིན་གྱི་ནོར་བུ་དང་རིན་པོ་ཆེ། དེ་རྣམས་ཐམས་ཅད་ཀྱི་དབུས་ན་རྒྱལ་པོ་རྣམ་ཐོས་སྲས་མི་འཇིགས་སེངྒེའི་ཁྲི་ལ་བཞུགས་ཏེ་འཁོར་སྟོབས་ཆེན་སུམ་ཅུ་རྩ་གསུམ་གྱིས་བསྐོར་བ། དེའི་ཕྱི་རིམ་སྡེ་པ་ཉི་ཤུ་རྩ་བརྒྱད་ཀྱི་བསྐོར་བ། དེའི་ཕྱི་རིམ་ལྷ་དང་། ཀླུ་དང་། སྲིན་པོ་དང་། མཁའ་འགྲོ་མ་དང་། གནོད་སྦྱིན་བྱེ་བས་བསྐོར་ཏེ་ཅང་ལོ་ཅན་གྱི་ཕོ་བྲང་ཞེས་བྱའོ། །དེ་ནས་རྒྱལ་པོ་རྣམ་ཐོས་སྲས་ཀྱི་ཐབས་ཇི་ལྟར་ཞེ་ན། དགའ་བོ་དང་། འཇོག་པོའི་སྲིང་མོ་ཀླུ་མོ་མེ་ཏོག་ཅན་ཁབ་ཏུ་བཞེས་ཏེ་ཀླུ་དགའ་བོ་འཇོག་པོས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་བསམ་འཕེལ་གྱི་ནོར་བུ་རིན་པོ་ཆེས་བྱིན་པས་འགྲོ་བ་རིགས་དྲུག་གིས་བུད་མེད་ཀྱི་ནང་ན་ནོར་ཆེ་བ་གཅིག་བྱུང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་། བསམ་འཕེལ་རིན་པོ་ཆེ་དུང་དང་། དུང་ཆེན་པོ་དང་།

(༤༦༣)པདྨ་དང་པདྨ་ཆེན་པོ་དང་། གཏེར་ཆེན་པོ་བཞི་རི་རབ་ཀྱི་ཟུར་བཞི་ལ་སྦས་ཏེ། མི་ཟད་པའི་གཏེར་ལ་ལོངས་སྤྱོད་པའི་ནོར་སྒྲུབ་ཀྱི་རྟགས་དེ་ནས་བྱུང་། དེ་ནས་རྒྱལ་པོ་རྣམ་ཐོས་སྲས་དང་། ཀླུ་མོ་མེ་ཏོག་ཅན་གཉིས་ལ་སྲས་གནོད་སྦྱིན་བརྒྱད་སྐྱེས་སོ། །དེ་ནས་ལྷ་མོ་བརྒྱད་སྐྱེས་སོ། །དེ་ནས་བུ་ཚ་མིང་སྲིང་བཅུ་དྲུག་སྐྱེས་སོ། །དེ་ནས་སྲས་གནོད་སྦྱིན་བརྒྱད་ཀྱིས་ཡབ་རྒྱལ་པོ་ལ་ནོར་བསླངས་པས། ནེའུ་ལེའི་རྐྱལ་པ་རེར། ནོར་བུ་རིན་པོ་ཆེའི་རེ་བཅུག་ནས། ནེའུ་ལེའི་རྐྱལ་པ་རེ་སྦྱིན་པས། འཇིག་རྟེན་གྱི་གནོད་སྦྱིན་ལ་ནོར་ཆེ་བ་བརྒྱད་བྱུང་ངོ་། །གནོད་སྦྱིན་བརྒྱད་ཀྱི་ཕྱག་ན་ནེའུ་ལེའི་རྐྱལ་པ་བསྣམས་པའི་གཏན་ཚིག་དེ་ནས་བྱུང་ངོ་། །རྒྱ་སྐད་དུ། ནེའུ་ལེའི་རྐྱལ་པ། བོད་སྐད་དུ། སྲེ་མོང་རྐྱལ་པའོ། །དེ་ནས་ལྷ་མོ་བརྒྱད་ཀྱིས་ཡབ་རྒྱལ་པོ་ལ་ནོར་

(༤༦༤)བསླངས་པས་རིན་པོ་ཆེའི་སྙེ་མ་རེ། སྤར་བུ་རེར་བཅུག་ནས་སྦྱིན་པས་ལོངས་སྤྱོད་སྣ་ཚོགས་ལ་སྤྱོད་པའི་ལྷ་མོ་བརྒྱད་བྱུང་ངོ་། །ལྷ་མོ་བརྒྱད་ཀྱི་ཕྱག་ན་རིན་པོ་ཆེའི་སྤར་བུ་བསྣམས་པའི་གཏན་ཚིག་དེ་ནས་བྱུང་ངོ་། །དེ་ནས་ཕྱག་ན་རྡོ་རྗེས་མཎྜལ་ལ་བརྟེན་ནས་ལྷ་མོ་བརྒྱད་མཁའ་འགྲོ་མ་བརྒྱད་དུ་དབུ་དམར་ནས་ནོར་གྱི་ཆར་འབེབས་ཏེ། མཎྜལ་ལ་བརྟེན་ནས་བསྒྲུབ་པའི་གཏན་ཚིགས་དེ་ནས་བྱུང་ངོ་། །དེ་ནས་རྒྱལ་པོ་རྣམ་ཐོས་སྲས་ཀྱིས་བདུད་མོ་ལག་རིངས་མ་ཆུང་མར་བླངས་པས། བདུད་མོ་ལག་རིང་མ་ལ་སྲས་སྲིན་མོ་བརྒྱད་སྐྱེས་ཏེ། གསོད་གཅོད་ཀྱི་ལས་ལ་ཐོགས་པ་མེད་པ། རྣམ་ཐོས་སྲས་མཐུ་ཆེ་བའི་གཏན་ཚིགས་དེ་ནས་བྱུང་ངོ་། །མི་གཅིག་པོ་ལ་འཁོར་མང་པོ། །སྟོབས་པོ་ཆེ་ལ་ཕྱག་འཚལ་བསྟོད། །འཁོར་ནི་གནོད་སྦྱིན་བྱེ་བ་འབུམ་གྱིས་བསྐོར། །སྡེ་བོ་ཆེ་ལ་ཕྱག་འཚལ་བསྟོད། །ཕུག་དང་གྲི་མཚོན་

(༤༦༥)སྣ་ཚོགས་ཀྱིས། །གཞན་གྱིས་དཔུང་རྣམས་འཇོམས་པར་བྱེད། །དམག་དཔོན་ཁྱོད་ལ་ཕྱག་འཚལ་བསྟོད། །མི་འཇིགས་སེངྒེའི་གདན་ལ་བཞུགས། །དབུ་ལ་རིན་ཆེན་ང་ཡིས་བརྒྱན། །རྫོགས་སངས་རྒྱས་ལ་ཕྱག་འཚལ་བསྟོད། །གཡས་ན་རིན་ཆེན་དབྱུག་ཏོ་བསྣམས། །བསྣམས་པས་ནོར་གྱི་ཆར་པ་འབེབས། །གཏེར་བདག་ཁྱོད་ལ་ཕྱག་འཚལ་བསྟོད། །གཡོན་ན་ནེའུ་ལིའི་རྐྱལ་པ་བསྣམས། །འདོད་དགུ་བསྐོང་ལ་ཕྱག་འཚལ་བསྟོད། །སྐུ་ལ་བཀྲ་ཤིས་རྫས་བརྒྱད་ལྡན། །བཀྲ་ཤིས་ཕུན་སུམ་ཚོགས་ལ་ཕྱག་འཚལ་བསྟོད། །ལྷ་ཀླུ་རྗེས་སུ་ཡིད་རངས་ཏེ། །རྣམ་ཐོས་སྲས་ལ་བསྟོད་པ་ཕུལ་བའོ། །ཞེས་གསུངས། རིན་པོ་ཆེས་འབྱུང་བའི་རྒྱུད་ལས། ཀྱཻ། བཅོམ་ལྡན་འདས་མི་དབུལ་པོ་དང་། ལྷ་དབུལ་པོ་བསོད་ནམས་ཀྱི་གཏེར་དུ་མ་འགྱུར་པ་རྣམས་ལ། བདག་གི་ཕན་གདགས་པར་འདོད་ན། བཅོམ་ལྡན་འདས་ཀྱིས་བདག་ལ་གནང་བར་མཛད་དུ་གསོལ། ཞེས་གསོལ་པ་

(༤༦༦)དང་། བཅོམ་ལྡན་འདས་ཀྱི་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་ཀྱེ་གནོད་སྦྱིན་རྣམ་ཐོས་བུ། འཇིག་རྟེན་གཞན་ལ་ཕན་པའི་ཕྱིར། བྱང་ཕྱོགས་ལ་སོགས་ལྕོག་བཞི་ཡིས། །གཏེར་རྣམས་ཐམས་ཅད་བདག་མཛོད་ཅིག །མི་དབུལ་པོ་དང་། ལྷ་དབུལ་པོའི་དབུལ་བ་སོལ་ཅིག །ཅེས་གསུངས་པ། དང་། བཅོམ་ལྡན་འདས་ཀྱི་ནོར་བུ་མཛོད་ཀྱི་ཏིང་ངེ་འཛིན། སྔགས་དང་ཕྱག་རྒྱས་དབུ་མར་རོ། །གསང་བའི་མཚན་ཡང་བྱང་ཆུབ་སེམས་དཔའ་རིན་ཆེན་མང་ཞེས་བྱ་བར་མཚན་བཏགས་སོ། །དེའི་ཚེ་ན་ས་འོག་ས་སྟེང་ན་གནས་པའི་འཁོར་གནོད་སྦྱིན་བྱེ་བ་དྲུག་འབུམ་ཡང་དུས་དེ་ཉིད་དུ་ལྷགས་ནས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྤྱན་སྔར་རྣམ་ཐོས་ཀྱི་བུའི་འཁོར་དུ་ཁས་བླངས་སོ། །རོལ་མཚོ་ཆེན་པོ་བདུན་གྱི་ཀླུ་ཆེན་པོ་བརྒྱད་དང་། གནོད་སྦྱིན་ཆེན་པོ་བརྒྱད་ཀྱིས་ཀྱང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རྣམ་ཐོས་སྲས་ཀྱིས་བུའི་འཁོར་དུ་ཁས་བླངས་ཤིང་དམ་བཅས་སོ། །བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་ཆེན་

(༤༦༧)པོ་གཏེར་གྱི་དབང་པོར་དབུ་མར་རོ། །ཞེས་པ་དང་། གནོད་སྦྱིན་དབང་ཕྱུག་པ་ཅན་གྱིས་རྒྱུད་ལས། འཇམ་དཔལ་དབྱངས་ཀྱིས་བཀའ་སྩལ་པ། །ཉོན་ཅིག་གསང་བ་རྡོ་རྗེ་ཅན། །ལྷ་ཡི་དམག་དཔོན་དབྱུག་པ་ཅན། །རྒྱལ་པོ་རྣམ་མང་ཐོས་པ་དང་། །ལྷ་མོ་དཔལ་བཙུན་བཟང་མོའི་སྲས། །རྒྱལ་པོ་ཆེན་པོ་རིན་ཆེན་མང་། །མི་མཐུན་ཕྱོགས་འཇོམས་ལུས་ངན་སོ། །མཐུན་པའི་དབུགས་དབྱུང་ངལ་བསོས་སོ། །གཏེར་ཆེན་མངའ་མཛད་ཛམྦྷ་ལ། །གཤིན་རྗེའི་རྒྱལ་པོ་མ་རུ་རྩེ། །ཕྱི་ནང་གསང་བ་རྡོ་རྗེ་འཆང་། །ལས་རིམ་རྫོགས་པར་ངས་བཤད་ཀྱི། །རིགས་ཅན་རྡོ་རྗེ་སྙིང་པོའི་བཟུང་། །ཞེས་རྣམ་ཐོས་སྲས་དང་། འཛམ་བྷ་ལ། གཤིན་རྗེ་མ་རུ་རྩེའམ་ཆོས་ཀྱི་རྒྱལ་པོ་ངོ་བོ་གཅིག་ཏུ་གསུངས། རྒྱལ་པོ་རྣམ་ཐོས་སྲས་ཀྱི་རྒྱུད་ཡོན་ཏན་རིན་པོ་ཆེ་འབྱུང་བའི་རྒྱུད་ལས། ཨེ་མ་མགོན་པོ་བཅོམ་ལྡན་འདས།

(༤༦༨)ཆོས་སྐྱོང་ཀུན་ལས་ཁྱད་འཕགས་པའི། །རྣམ་ཐོས་།།།ཞེས་མཚན་གྲགས་པ། །དམ་ཆོས་སྐྱོང་བའི་སྲུང་མ་དེའི། །ལོ་རྒྱུས་གཏན་ཚིགས་རྒྱས་པ་དང་། །སྒྲུབ་པའི་རིམ་པ་ཇི་ལྟར་ལགས། །ཞེས་ཞུས་པས། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། །ཆོས་སྐྱོང་རང་རྒྱུད་འདི་ལྟར་ཏེ། །འདས་པའི་སྔོན་རོལ་བསྐལ་པ་ལ། །ལྷོ་ཡི་འཛམ་གླིང་གཡུ་འོད་འདིར། །རྒྱལ་པོ་ཡོན་ཏན་རབ་གསལ་ལ། །སྲས་མོ་གཉིས་ཏེ་གཅེན་པོ་ནི། །ཟླ་བའི་རྡོ་རྗེ་ཞེས་ཀྱང་བྱ། །རྒྱལ་ཁྲིམས་གསེར་གྱིས་ཆོས་ལ་སྤྱོད། །ཆུང་བ་གཙུག་ན་ནོར་བུ་དེ། །དམ་ཆོས་དགེ་བའི་དོན་ལ་མོས། །སངས་རྒྱས་འོད་ཟེར་བརྒྱན་པ་ལ། །སྡོམ་པ་ནོད་ཅིང་དབང་ཡང་ནོད། །བཟང་པོའི་དུས་གསུམ་སྦྱིན་པ་བཀྱེ། །རྒྱལ་ཁྲིམས་བདེ་ལ་ཆགས་པར་འགོད། །བསྐལ་པ་དེ་ཡི་ཕྱི་མ་ལ། །ཀླུ་ཡུལ་བསམ་གཏན་གླིང་ཕུག་ཏུ། །ཀླུ་རྒྱལ་ཁྲི་གཙུག་བརྟན་པ་ལ། །མཚན་དོན་ལྡན་པའི་སྐྱེས་བུ་

(༤༦༩)སྐྱེས། །དཀར་གསུམ་ཟས་བཟའ་དམ་ཆོས་སྤྱོད། །མཚན་ནི་ན་པ་ཤྲཱི་ཏ། །འཕྱིས་ནི་བསྐལ་པ་འདི་ཉིད་ལ། །ལྷ་ཡུལ་སུམ་ཅུ་རྩ་གསུམ་གྱིས། །རི་རབ་རི་ཡི་རྩེ་མོ་ལ། །རྒྱལ་པོའི་ཕོ་བྲང་ལྟ་ན་སྡུག །རྣམ་པར་རྒྱལ་བའི་ཁང་པ་བཟང་། །ཕྱོགས་བཞི་དག་ན་ས་གཞི་བཟང་། །ཡོངས་སུ་ཆོས་བཟང་ལ་སོགས་པ། །ལྟ་ན་སྡུག་གི་བྱང་ཕྱོགས་སུ། །ལྕང་ལོ་ཅན་ཞེས་བྱ་བ་ན། །ཡབ་ནི་རྒྱལ་པོ་རྣམ་ཐོས་ཏེ། །ཡུལ་ནི་ལག་བཟང་སེར་རྟ་མ། །རྒྱལ་སྲིད་ཐབས་ཀྱི་ཚོགས་པ་ལ། །རྒྱལ་པོ་དེ་ལ་སྲས་བལྟམས་པ། །དེ་དུས་འཇིག་རྟེན་སྟེང་འོག་ཏུ། །འོད་དང་ས་གཡོས་སྒྲ་བྱུང་བས། །གནམ་མེ་འོད་ཀྱི་རྒྱལ་པོ་བྱ། །ལྟ་ན་སྡུག་ཅིང་མཛེས་པའི་གཟུགས། །རིན་ཆེན་སྣ་ལྔའི་རྒྱན་གྱིས་བརྒྱན། །ཡིད་བཞིན་ཤིང་རྟ་ལྔ་བརྒྱ་དང་། །རིན་ཆེན་མཛོད་མང་སྟོང་ལ་སྤྱོད། །བསམ་གཏན་རྡོ་རྗེའི་ཁང་བུ་རུ། །འཇམ་དཔལ་

(༤༧༠)སྤྲུལ་པ་རྡོ་རྗེ་ལ། །སྡོམ་པ་ནོད་ཅིང་དབང་ཡང་རྫོགས། །འགྲོ་དྲུག་སྙིང་པོ་མཐུ་རུ་རྫོགས། །ཡེ་ཤེས་སེམས་དཔའི་ཞལ་ཡང་མཐོང་། །སྤྲུལ་སྐུ་གཏེར་ལྡན་རྒྱལ་པོར་གྲགས། །ཡོངས་འདུ་ས་རྡོལ་།།།ཤིང་བུ་ལ། །འདོད་ཡོན་བསོད་ནམས་སྣ་ཚོགས་ཤར། །ཕྲག་དོག་ལྡན་པའི་ལྷ་མིན་གྱིས། །འདོད་ཡོན་ཤིང་ལ་ལྷ་དང་བརྩོད། །ཀླུ་དང་འཕྲེང་གཞོང་རྟག་མྱོས་དང་། །རིགས་བཞིའི་ལྷ་ལ་དམག་ཀྱང་དྲངས། །རྣམ་པར་སྣང་བྱེད་རབ་གསལ་དང་། །ཐག་བཟང་རིགས་སོགས་རྫུ་འཕྲུལ་གྱིས། །ལྷ་ཡི་སྲིད་པ་འཕམ་པར་བྱས། །འདོད་པ་ལྷ་ཡི་འཇིག་རྟེན་རྣམས། །ཡིད་ཆད་སྙེམས་པར་གྱུར་པ་ལ། །དབང་པོ་བརྒྱ་བྱིན་སྤྲུལ་པ་ཡིས། །རྣམ་ཐོས་སྲས་ལ་བསྐུལ་བ་ཡིས། །ཕྱག་ན་རྡོ་རྗེའི་སྤྲུལ་པ་དེས། །སྐུ་ཡི་རྫུ་འཕྲུལ་སྣ་ཚོགས་མཛད། །འོད་ཀྱི་ལུས་ལ་བསྐྱོད་པའི་ཤུགས། །མཚོན་ཆ་མེ་དབལ་འབར་ཞིང་འཁྲུགས། །བསམ་ཡས་སྤྲུལ་ནས་འཐབ་པ་ལས། །ལྷ་

(༤༧༡)མིན་དམག་རྣམས་འཕམ་པར་བྱས། །ལྷ་རྣམས་མདངས་རྙེད་ངལ་བསོས་པས། །ངལ་བསོས་པོ་ཞེས་མཚན་ཡང་གྲགས། །སྔོན་གྱི་ལས་ཀྱི་མཐུ་བརྟས་ཏེ། །ལུས་ལས་མེ་ཆུའི་འབྱུང་བ་འཕྲོས། །རྫུ་འཕྲུལ་མཐོང་བའི་དུག་ཏུ་སྤྲུལ། །བལྟས་པས་ལྷ་མིན་དམག་ཚོགས་བཅོམ། །ལུས་ངན་པོ་རུ་མཚན་ཡང་བཏགས། །སྤྲུལ་སྐུ་ཤཱཀྱ་ཐུབ་པ་ལ། །རིག་པ་ཕུལ་ཞིང་དམ་ཡང་བཅས། །པད་ཡ་ཐེ་ན་གཏུམ་པོའི་ཚིག ཨ་ཤུ་ཀ་མེ་སྲིན་པོའི་ཚིག །གསང་སྔགས་བཀའ་ཡི་བསྲུང་མ་དང་། །ཞིང་བཅུ་བསྒྲལ་བར་ཞལ་གྱིས་བཞེས། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ། །ཕྱི་ཡི་ཆོས་འཁོར་སྐྱོང་བ་དང་། །དཀར་པོའི་བསྲུང་མར་ཞལ་གྱིས་བཞེས། །རྡོ་རྗེ་གཏུམ་པོ་ཁྲོ་བོ་ལ། །བཻ་ཤྲ་མ་ན་གསང་བའི་སྔགས། །ཡོ་བྱད་སྤེལ་མར་ཞལ་གྱིས་བཞེས། །

(༤༧༢)སྔ་མའི་ལས་དབང་རྒྱུ་འབྲས་ཀྱིས། །སྡོམ་པ་བསྲུངས་པས་གཟུགས་བྱད་བཟང་། །སྦྱིན་པ་བཏང་བས་ལོངས་སྤྱོད་ལྡན། །སྙིང་པོ་གྲུབ་པས་རྫུ་འཕྲུལ་ལྡན། །ལྷ་མཐོང་བས་སྒྲིབ་པ་བྱང་། །བསྐལ་པ་འདི་ཡི་ཕྱི་མ་ལ། །ཡང་དག་མ་ནོར་ལམ་བགྲོད་དེ། །ལེགས་མཆོག་བདུད་རྩི་དཔལ་བེའུ། །ལུང་བསྟན་ཐོབ་སྟེ་སངས་རྒྱའོ། །དེ་ལ་སྒྲུབ་ཐབས་རྣམ་པ་གསུམ། །ཕྱི་སྒྲུབ་ལྷ་སྟེ་ནང་བསྒྲུབ་བདུད། །གསང་བ་གནོད་སྦྱིན་ཡོ་བྱད་སྤེལ། །ཕྱི་རབས་དོན་དུ་ངས་བཤད་ཀྱིས། །ལྷ་དབང་རྒྱལ་པོ་ཡིད་ལ་གཟུང་། །ཞེས་གསུངས་སོ། །ས་སྐྱ་མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས། སྔོན་དྲང་སྲོང་དབང་པོ་ཞེས་བྱ་བ་ལ་སྲས་མང་དུ་ཐོས་པའི་ཡོན་ཏན་དང་ལྡན་པ་རྣམས་མང་ཐོས་ཞེས་གྲགས་པ་ཡོད། དེའི་སྲས་སུ་བཻ་ཤྲ་མ་ཎ་འདི་འཁྲུངས། གནོད་སྦྱིན་གྱིས་རྒྱལ་པོར་དབང་བསྐུར་ཏེ་ལྕང་ལོ་ཅན་གྱི་ཕོ་བྲང་དུ་བཞུགས། སྐབས་

(༤༧༣)ཤིག་ལྷ་དང་ལྷ་མ་ཡིན་འཁྲུགས་པ་ན་སྐུ་ཤིན་ཏུ་ཆེ་བ་གསེར་གྱི་ཡ་ལད་གྱོན་པའི་གཟི་བརྗིད་ཅན་རི་རབ་ཀྱི་བང་རིམ་ལ་སྟེགས་མཛད་དེ། བཞུགས་པས་རྣམ་སྲས་ཀྱི་གཟི་བརྗིད་མ་བཟོད་པར་ལྷ་མ་ཡིན་རྣམས་ལོག་ཅིང་། ལྷ་རྣམས་ངལ་བསོས་པར་གྱུར་པས་རྒྱལ་པོ་ངལ་བསོས་པོར་གྲགས། ཡང་ལྷ་མ་ཡིན་གྱི་དམག་བྱུང་དུས། སྐུ་དེ་འདྲ་བ་སེང་གེ་ཁྲོ་ཞིང་འཇིགས་པ་ལ་ཞོན་ཏེ་ལྷའི་གནས་བསྲུངས་པས་གནས་སྲུང་པོར་གྲགས། ཡང་ལྷ་མ་ཡིན་གྱི་དབང་པོ་རབ་རྒོད་ཀྱི་དམག་ཡོངས་པའི་མདུན་དུ་སྦྲུལ་ཆེན་པོ་ནམ་མཁའ་དང་ཁ་དོག་འདྲེས་པ་མཐོང་བའི་དུག་ཅན་འཇིགས་སུ་རུང་བ་ཞིག་ཏུ་སྤྲུལ་པས་ལྷ་མ་ཡིན་རྣམས་མྱོས་ཤིང་། བརྒྱལ་ཏེ་ལུས་ངན་འདི་འདྲ་བས་བདག་ཅག་རྣམས་འཕམ་པར་བྱས་སོ་ཞེས་གྲགས་པས་ལུས་ངན་པོར་གྲགས་སོ། །གར་མཁན་མཆོག་གི་རྒྱུད་

(༤༧༤)ལས་རྣམ་སྲས་རང་གི་སྐུ་བཻ་ཌཱུའི་མདོག་འདྲ་བས་ལྷ་མ་ཡིན་བཏུལ་བས་ལུས་ངན་པོར་གྲགས་པར་བཤད་ཀྱིས། སྦྲུལ་དུ་སྤྲུལ་པར་མ་བཤད་འདུལ་བ་ལུང་ལས་སྔོན་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ལ་རྒྱལ་ཆེན་སྡེ་བཞི་འདི་ནམ་མཁའ་ལྡིང་སྒྲ་སྙན་དང་སྒྲ་ཆུང་དང་། ཀླུ་དབུགས་ཆེན་དུང་ར་པ་ལ། བཞི་ཀས་སངས་རྒྱས་ཀྱི་ཡོན་ཏན་ཤེས་ནས་བསླབ་པའི་གཞི་བཟུང་ཞིང་། ཤཱཀྱ་ཐུབ་པའི་བསྟན་པ་ལ་འཇིག་རྟེན་སྐྱོང་བར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པས། མཁའ་ལྡིང་གཉིས་མིག་མི་བཟང་དང་། རྣམ་ཐོས་སྲས་ཀླུ་གཉིས་ཡུལ་འཁོར་སྲུང་དང་འཕགས་སྐྱེས་པར་གྱུར་རོ་སྟོན་པ་མངལ་དུ་ཞུགས་ནས་སངས་རྒྱས་པའི་བར་དུ་བསྲུང་ཞིང་། སྟོན་པ་རབ་ཏུ་བྱུང་བ་ན་རྡོའི་ལྷུང་བཟེད་ཕུལ། དམ་པའི་ཆོས་དང་འཁོར་རྣམ་བཞི་བསྲུང་བར་དམ་བཅས་འདུས་པ་རིན་པོ་ཆེའི་ཏོག་ལས། ཐ་ན་སངས་རྒྱས་ཀྱི་ཆོས་ཚིགས་སུ་བཅད་པ་གཅིག་འཛིན་པ་དང་།

(༤༧༥)འཆད་པ་ལ་ཡང་རྒྱལ་པོ་ཆེན་པོ་བཞི་དཔུང་དང་བཅས་གཡོག་དང་བཅས་པས་བསྲུང་བར་ཁས་བླངས་ཚུལ་རྒྱས་པར་གསུངས། གསེར་འོད་དམ་པ་ལ་སོགས་པའི་མདོ་དུ་མར་ཆོས་བཞིན་སྤྱོད་པའི་རྒྱལ་པོ་དང་རབ་ཏུ་བྱུང་བ་རྣམས་བསྲུང་བར་བཀའ་བསྒོས། རྒྱལ་པོ་ཆེན་པོ་བཞིས་དམ་བཅས་ཤིང་ཞལ་གྱིས་བཞེས་ཚུལ་དུ་མ་གསུངས་སོ། །ཡང་སྟོན་པས་འཇམ་དཔལ་རྩ་རྒྱུད་གསུངས་པ་ན་རྒྱལ་ཆེན་བཞི་འཇམ་དཔལ་རྩ་བའི་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར། དེ་བཞིན་དུ་དོན་ཡོད་ཞགས་པ་རྣམ་པར་རོལ་པ་དང་། ཕྱག་རྡོར་རིག་པ་མཆོག་གི་དཀྱིལ་འཁོར་དང་། དཔལ་ཡོན་ཏན་མཆོག་གི་ཕོ་བྲང་དུ་ཕྱག་རྡོར་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་སོགས་རྒྱུད་སྡེ་མཐའ་དག་གི་དབང་བསྐུར་ཞིང་གསང་སྔགས་ཀྱི་བསྟན་པ་བསྲུང་བར་ཁས་བླངས། ཁྱད་པར་རྣམ་སྲས་ནི་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་རིན་ཆེན་མང་

(༤༧༦)ཞེས་བྱ་བ། སེམས་ཅན་དབུལ་ཞིང་ཕོངས་པ་རྣམས་སྐྱོབ་པའི་དོན་དུ་བྱང་ཕྱོགས་སྐྱོང་བའི་གནོད་སྦྱིན་གྱི་རྒྱལ་པོར་སྐྱེ་བ་བཟུང་ནས་གཞན་དོན་བྱས་ན་ཕན་པར་དགོངས་ནས། ཡབ་དྲང་སྲོང་རྣམ་མང་ཐོས་དང་། ཡུམ་ཀླུ་མོ་དཔལ་བཙུན་མའི་སྲས་སུ་སྐྱེ་བ་བཞེས་ཏེའི་ཀླུའི་རྒྱལ་པོ་འཇོག་པོའི་བུ་མོ་མེ་ཏོག་གཙུག་ཕུད་ཁབ་ཏུ་བླངས། དེའི་རྫོངས་སུ་ནོར་བུ་བསམ་འཕེལ་བྱུང་། ནོར་བུ་དྲ་བ་ཅན་གྱི་སོར་གདུབ་ལ་ཀླུའི་ཡི་གེ་ཡོད་པ་རྒྱལ་པོ་ལ་གཟིགས་ཕུལ་བས་ཇི་ལྟ་བར་མཁྱེན་པས། བཙུན་མོ་ཤིན་ཏུ་དགྱེས་ནས་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་ཕྱག་ཏུ་ཕུལ། འབྱོར་པ་ཟད་མི་ཤེས་པ་ལ་ནམ་མཁའི་མཛོད་ལ་མངའ་བརྙེས་ཤིང་སེམས་ཅན་དབུལ་ཞིང་ཕོངས་པ་ཀུན་ཚིམ་པར་མཛད་དོ། །ཞེས་རྣམ་ཐོས་སྲས་ཀྱི་རྗེས་གནང་ལྔ་ཕྲག་ལྔ་པའི་ཡི་གེར་གསུངས། རྗེ་དྲུག་པ་རིན་པོ་ཆེ་མཁས་ཤིང་གྲུབ་

(༤༧༧)པའི་དབང་ཕྱུག་དགེ་འདུན་བཀྲ་ཤིས་ཀྱིས་མཛད་པའི་རྣམ་སྲས་ཀྱི་ལོ་རྒྱུས་ལས་གསུངས་པ་བཅོས་མེད་དུ་བཀོད་པ་ནི་འདི་ལྟར། ལོ་རྒྱུས་དེ་ཉིད་ལས། ཆོས་སྐྱོང་ཆེན་པོ་འདི་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་ཐུགས་ཀྱི་སྤྲུལ་པ། དོན་ལ་མངོན་པར་སངས་རྒྱས་ཀྱང་། སེམས་ཅན་གྱི་དོན་དུ་ས་བཅུ་ས་བརྒྱད། རྒྱུན་ཞུགས་སོགས་སུ་ཚུལ་བཟུང་ནས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་པའི་བྱང་ཆུབ་སེམས་དཔའ་རིན་ཆེན་མང་ཞེས་བྱ་བ་དེས། ལྷ་མིའི་འགྲོ་བ་དབུལ་ཕོངས་ཀྱི་གདུང་བ་ལས་སྐྱོབ་པའི་ཕྱིར། ལྷའི་རྒྱལ་པོའི་ཚུལ་དུ་བྱོན་པ་ནི། ཡབ་དྲང་སྲོང་རྣམ་མང་ཐོས་པ་དང་། ཡུམ་ལྷ་མོ་ཨུ་མ་དེ་ཝི་སྟེ། དཔལ་བཙུན་བཟང་མོ་གཉིས་ཀྱི་སྲས་སུ་སྨོན་ལམ་གྱི་སྟོབས་ཀྱིས་འཁྲུངས་སོ། །དེའི་ཚེ་མཚན་སྲིད་སྒྲུབ་ཏུ་བཏགས། དེ་ནས་རྒྱལ་ཆེན་རིགས་བཞི་ལ་སོགས་པའི་ལྷ་

(༤༧༨)རྣམས་ཀྱི་སྲིད་པ་གསུམ་གྱི་རྒྱལ་པོར་མངའ་གསོལ། བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ཀྱང་ཕུལ་ནས། རྣམ་ཐོས་སྲས་སུ་མཚན་བཏགས་སོ། །ཡང་ལྷ་མིན་སྒྲ་གཅན་གྱིས་ལྷ་ལ་འཐབ་ཏུ་ཕྱིན་པའི་ཚེ། རྒྱལ་ཆེན་གྱི་རི་རབ་ཀྱི་སྐེད་པ་ལ་ངལ་བསོས་པའི་གཟི་བརྗིད་མ་བཟོད་པར། ལྷ་མིན་གྱི་གཡུལ་འཕམ་སྟེ། ངལ་བསོས་པོ་ལ་ཕྱག་འཚལ་བསྟོད། །ཞེས་ཕྱག་བཙལ་བས། རྒྱལ་པོ་ངལ་གསོས་པོར་གྲགས། ཡང་འགུལ་འཕྲེང་གི་དམག་གིས་ལྷ་ལ་འཐབས་པའི་ཚེ། གསེར་གྱི་གོ་ཁྲབ་གྱོན་ནས་སེངྒེ་ཅིབས་ཏེ། ལྷ་གནས་བསྲུངས་པས་མགུལ་འཕྲེང་དམག་འཕམ་སྟེ། གནས་བསྲུང་ལ་ཕྱག་འཚལ་ལོ་ཞེས་ཕྱག་བཙལ་བས་རྒྱལ་པོ་གནས་བསྲུང་ཞེས་གྲགས་སོ། །མདོར་ན་ནག་ཕྱོགས་ལྷ་མ་ཡིན་རྣམས་འཕམ་པར་མཛད་ཅིང་། དཀར་ཕྱོགས་ལྷ་གནས་བསྲུང་ཞིང་

(༤༧༩)སྐྱོང་བར་མཛད་པའི་ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་དེས། ཀླུ་དགའ་བོ་དང་ཉེ་དགའི་སྲིང་མོར་ཆུང་མར་བླངས་པས། དེས་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་ཁྱེར་ནས་བྱུང་། དེའི་ཚེ་རི་རབ་ཀྱི་བང་རིམ་གྱི་བཟུང་ལ་གཏེར་ཆེན་པོ་བཞི་བརྩེགས་ཏེ། དུང་དང་། དུང་ཆེན། པདྨ་དང་པདྨ་ཆེན་པོའོ། །རི་རབ་ཀྱི་བང་རིམ་ལ་ཨཱ་ལངྐ་ནཱ་ག་ར་ཞེས་བྱ་བའི་གྲོང་ཁྱེར་ཆེན་པོ་གཙིགས་གསེར་གྱི་རི་བདུན་དང་རོལ་པའི་མཚོ་བདུན་ལ་གསེར་གྱི་ཟམ་པ་བཙུགས་ནས་གྲོང་ཁྱེར་བཙིགས། བྱང་སྒྲ་མི་སྙན་དང་། ཤར་ལུས་འཕགས་པོ་དང་། ལྷོ་འཛམ་བུ་གླིང་གི་རི་མཐོ་ས་གཙང་ཐམས་ཅད་ལ་དབང་བས་གླིང་ཕྱེད་དང་གསུམ་ལ་དབང་ངོ་ཞེས་གྲགས་སོ། །བཙུན་མོར་བུ་བཞི་དང་། བུ་མོ་གཅིག་སྟེ་ལྔ་ཡོད་པའི། །བུ་ཆེ་བ་ཛི་ན་ན་ལནྡྷ་ཞེས་བྱ་བ། ཀུན་ཏུ་རྒྱལ་བ་མི་ལ་ཞོན་དང་། བུ་གཉིས་པ་ཛ་ན་ཀ་ཞེས་

(༤༨༠)བྱ་བ། སྐྱེས་པ་པོ་ཞེས་གྲགས་པ་དང་། གསུམ་པ་ཀུ་བེ་ར་ཞེས་རྟ་བདག་དུ་གྲགས་པ་དང་། བཞི་པ་འབུམ་པའི་ལྟོས་ཞེས་པ་ཨཱརྱ་ཛཾ་བྷ་ལ་དང་། བུ་མོ་པདྨ་གཙུག་ཕུད་མ་སྟེ་ལྔའོ། །པདྨ་གཙུག་ཕུད་མ་ནི། གནོད་སྦྱིན་ལག་ན་རྡོ་རྗེའི་བག་མར་བཏང་སྟེ། དེ་ལ་བུ་གསུམ་བྱུང་བའི་དང་པོ་ནི་བྱང་ཆུབ་སེམས་དཔའ་གཙུག་འཕྱང་། གཉིས་པ་ནི་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྡེ། གསུམ་པ་ནི་བྱང་ཆུབ་སེམས་དཔའ་གཞོན་ནུ་ལག་བཟང་ངོ་། །ཀུ་བཻ་ར་དང་གནོད་སྦྱིན་ཡཀྵ་འབར་མ་གཉིས་འདྲེས་པ་ལས། བུ་ལག་པ་བརྒྱ་པ་གཅིག་སྐྱེས་པ། བཅོམ་ལྡན་གྱིས་ཕྱིར་མི་ལྡོག་པའི་ས་ལ་བཀོད་ནས། སེམས་ཅན་གྱི་དོན་དུ་གར་མཁན་མཆོག་གི་རྒྱུད་གསུངས། དེ་ལྟར་རྣམ་སྲས་ཀྱི་ནོར་བུ་བསམ་འཕེལ་ལ་བརྟེན་ནས་ལྷ་མི་ཀུན་གྱི་དོན་བྱེད་པ་ཡིན་ནོ། །ཞེས་ཟེར་རོ། །བྲམ་ཟེ་ཙ་ན་ཀའི་ཞལ་ནས་རྣམ་སྲས་ཀྱི་སྐྱོ་བསངས་ལ་མེ་ཏོག་ལྡུམ་རར་ཕྱིན་པས། བུ་མོ་གཅིག་དང་ཕྲད་

(༤༨༡)པ་ལས་བུ་གཅིག་བྱུང་། བུ་མོ་སྦྲུལ་དུ་སོང་བས། གཉིས་ཀ་དྲེད་ནས་བྲོས་སོ། །བུ་མོ་དེ་ཀླུ་དགའ་བོའི་བུ་མོ་ཡིན། དེ་ནས་རྣམ་སྲས་བཟའ་མི་ལ་བུ་གསུམ་དང་། བུ་མོ་གཅིག་ཏེ་བཞི་ཡོད་པའི། ཆེ་བ་ཀུན་ཏུ་རྒྱལ་བ་མི་ལ་ཞོན། གཉིས་པ་རྟ་བདག་ཀུ་བཻ་ར། གསུམ་པ་ཛམྦྷ་ལའོ། །བུ་མོ་པདྨ་གཙུག་ཕུད་མའོ། །ཞེས་གསུངས། ཡང་བླ་མ་མུཉྩ་བའི་ཞལ་ནས། རྣམ་སྲས་ལ་བུ་གཉིས་ཡོད་དེ། ཛཾ་བྷ་ལ་དང་སོག་མ་མེད་གཉིས་ཡིན་གསུངས། སོག་མ་མེད་ལ་སྦྲུལ་འཇུག་ཡོད་པ་མ་ཀླུ་ཡིན་པས་སོ་ཟེར་རོ། །ལ་ལ་ནི་སོག་མ་མེད་ཀྱི་སྦྲུལ་མཇུག་ལུས་ལ་ཐིམ་པས་ཛམྦྷ་ལ་ཡིན་ཏེ། དེ་གསུས་པ་ཆེ་བའི་རྒྱུ་མཚན་ཡང་དེའོ་ཟེར། གཟུངས་ཆེན་གྲ་ལྔ་སོགས་ཀྱི་ནང་ནས། འདི་ལ་སྲས་དབང་པོ་ལ་སོགས་པ་ཐུན་མོང་གིས་དགུ་བཅུ་གོ་

(༤༨༢)གཅིག །ཀུན་ཏུ་རྒྱལ་བ་སོགས་ཁྱད་པར་གྱི་སྲས་བཞི། རྒྱལ་བ་ཁྱུ་མཆོག་དང་། རྨུག་འཛིན་དང་། གནོད་གནས་དབང་པོ་སྟེ་ཕུལ་བྱུང་གི་སྲས་གསུམ། མཆོག་གྱུར་བླ་ན་མེད་པའི་སྲས་གར་མཁན་མཆོག་སྟེ། སྲས་ཚོགས་དེ་ལྟར་དུ་ཡོད་པར་གསུངས་སོ། །ཡང་རྒྱུད་ལེའུ་བཅུ་དགུ་པའི་གླིང་གཞིའི་སྐབས་ལས་འབྱུང་བ་ནི། བཅོམ་ལྡན་འདས་རི་རབ་ཀྱི་བྱང་ངོས། རིན་ཆེན་སྣ་བདུན་ལས་གྲུབ་པའི་གཞལ་ཡས་ཁང་གི་ནང་ན། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ཀྱཻ། བཅོམ་ལྡན་འདས་མི་དབུལ་པོ་དང་། ལྷ་དབུལ་པོ་བསོད་ནམས་ཀྱི་རྟེན་དུ་མ་གྱུར་པ་དེ་དག་ལ་བདག་གིས་ཕན་གདགས་པར་འདོད་ན། བཅོམ་ལྡན་འདས་ཀྱིས་གནང་བར་མཛད་དུ་གསོལ། ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མ་བཅོམ་ལྡན་རྣམ་ཐོས་བུ། འཇིག་རྟེན་གཞན་ལ་ཕན་གདགས་ཕྱིར། །བྱང་ཕྱོགས་རི་རབ་ལྕོག་བཞི་ཡིས། །གཏེར་རྣམས་

(༤༨༣)ཀུན་གྱི་བདག་མཛོད་ཅིག །ལྷ་མི་ཀུན་གྱི་དབུ་བ་གསོལ། །ཞེས་བཀའ་སྩལ་ནས། ནོར་བུ་མཛོད་ཀྱི་ཕྱག་རྒྱ་དང་བཅས་ཀྱི་དབང་བསྐུར། གསང་མཚན་བྱང་ཆུབ་སེམས་དཔའ་རིན་ཆེན་མང་ཞེས་བྱ་བར་བཏགས་སོ། །དེའི་ཚེ་ས་འོག་དང་ས་སྟེང་ན་གནས་པའི་གནོད་སྦྱིན་བྱེ་བ་དྲུག་འབུམ་ཡང་དེ་ཉིད་དུ་འཁོད་པ་རྣམས་ཀྱི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྤྱན་སྔར་རྣམ་སྲས་ཀྱི་འ།།།དུ་ཁས་བླངས། རོལ་མཚོ་བདུན་གྱི་ཀླུ་ཆེན་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། གནོད་སྦྱིན་ཆེན་པོ་བརྒྱད་ཀྱིས་ཀྱང་རྣམ་ཐོས་བུའི་འཁོར་དུ་བཅོམ་ལྡན་འདས་ཀྱི་དྲུང་དུ་ཁས་བླངས་དམ་བཅས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་གནོད་སྦྱིན་ཆེན་པོ་གཏེར་གྱི་བདག་པོར་དབང་བསྐུར་རོ། །ཞེས་འབྱུང་ངོ་། །གཟུངས་ཆེན་གྲ་ལྔ་ལས་ནི། རྣམ་སྲས་ཀྱི་ཕོ་བྲང་ལྕང་ལོ་ཅན་གྱི་བཀོད་པ་དང་། འཁོར་ཚོགས་སྡེ་དཔོན་ཉེར་བརྒྱད། སྟོབས་ཆེན་

(༤༨༤)སུམ་ཅུ་རྩ་གཉིས་དང་། ལྗོངས་ཆེན་གནས་པ་བཅུ་དྲུག་དང་། ཡུལ་འཁོར་སྐྱོང་བ་ལྔ་བརྒྱ་དང་འཕྲོག་མ་བུ་བཅས། སྲིན་མོ་བདུན་མ་མོ་བརྒྱད། བྲན་གཡོག་དང་བཅས་པ་བཀའ་འཁོར་དུ་ཁས་བླངས་དམ་བཅས། བསྟན་པ་དང་བསྟན་འཛིན་སྐྱོང་བར་སྟོན་པས་བཀའ་བསྒོས་བྱིན་གྱིས་རླབས་ནས། སྒྲུབ་པ་པོ་ལ་མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་བར་མཛད་པར་གསུངས་པ་ཡིན་ནོ། །ཡང་རྒྱལ་ཆེན་སྡེ་བཞིའི་ལོ་རྒྱུས་ཐུན་མོང་བ་ནི། སྔོན་བསྐལ་པ་དང་པོ་ལ་འཛམ་བུ་གླིང་ན། ཀླུ་རྒྱལ་དབུགས་དང་དབུགས་ཆེན་བྱ་བ་གཉིས། མཁའ་ལྡིང་སྒྲ་སྙན་དང་སྒྲ་ཆུང་བྱ་བ་སྤུན་གཉིས་ཡོད་པ་ལ། དེའི་ཚེ་ཀླུ་རྣམས་ལ་ནམ་མཁའ་ལྡིང་གི་གནོད་པ་འབྱུང་བས་ཀླུ་བྲན་རྣམ་གསོད། ཀླུ་རྒྱལ་རྣམས་གསེར་གྱི་ས་གཞིའི་སྟེང་དུ་འབྲོས་དགོས་པ་ཞིག་ཡོད་པའི་ཚེ། སངས་རྒྱས་འོད་སྲུངས་

(༤༨༥)འཇིག་རྟེན་དུ་བྱོན་ནས་སེམས་ཅན་རྣམས་བདེ་ལ་བཀོད་པའི་ཚེ། ཀླུའི་རྒྱལ་པོ་གཉིས་སངས་རྒྱས་ཀྱི་དྲུང་དུ་སྐྱབས་འགྲོའི་བསླབ་གཞི་ནོས། འཁོར་རྣམས་ཀྱང་སྐྱབས་འགྲོ་ལ་བཀོད་པས། ནམ་མཁའ་ལྡིང་གིས་གནོད་པ་ཅུང་ཟད་ཀྱང་བྱེད་མ་ནུས་པར་ཀླུ་རྣམས་བག་ཡངས་སུ་འཁོད་འདུག་པ་དང་། མཁའ་ལྡིང་གཉིས་ཀྱིས་ཁྱེད་རྣམས་ངེད་གཉིས་མཐོང་མ་ཐག་རྒྱ་མཚོའི་ནང་དུ་བྲོས་འགྲོ་བ་ཡིན་པ་ལ་མི་འཇིགས་པར་འདུག་པའི་རྒྱུ་མཚན་ཅི་ཡིན་ཞེས་དྲིས་པས་ངེད་རྣམས་སངས་རྒྱས་འོད་སྲུངས་ལ་སྐྱབས་སུ་སོང་བ་ཡིན་པས། ཁྱོད་རྣམས་ཀྱིས་གནོད་པར་མི་ནུས་པ་ཡིན་ཟེར། ཁོང་གཉིས་ཀྱང་སངས་རྒྱས་དེ། དེ་ལྟར་མཐུ་ཆེ་སྙམ་དུ་དད་པ་སྐྱེས་ནས། ཀླུ་རྒྱལ་གཉིས་དང་ལྷན་གཅིག་སངས་རྒྱས་ཀྱི་དྲུང་དུ་སོང་ནས་སྐྱབས་སུ་འགྲོ་བ་དང་། བསླབ་པའི་གཞི་ལྔ་བླངས་ནས། ཁོངས་རྣམས་མཐུན་པར་འཇིག་རྟེན་གྱི་གཙོ་བོར་འགྱུར་བར་སྨོན་ལམ་

(༤༨༦)བཏབ་པས། ཐུབ་པའི་བསྟན་པ་ལ་རྒྱལ་པོ་ཆེན་པོ་བཞིར་གྱུར་པ་ཡིན་ཏེ། ཀླུ་རྒྱལ་དབུགས་ནི་རྒྱལ་པོ་ཡུལ་འཁོར་བསྲུང་། དབུགས་ཆེན་ནི་འཕགས་སྐྱེས་པོར་གྱུར། མཁའ་ལྡིང་སྒྲ་སྙན་ནི་རྒྱལ་པོ་མིག་མི་བཟང་། སྒྲ་ཆུང་ནི་རྒྱལ་པོ་རྣམ་ཐོས་སྲས་སུ་གྱུར་ཏོ། །དེ་ཡང་གཞོན་ནུ་དོན་གྲུབ་ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚེ་དང་། སྐུ་བལྟམས་པ་དང་། རོལ་རྩེད་མཛད་པའི་དུས་རྣམས་སུ་ཡ་བསྲུང་ཞིང་སྐྱོང་བར་མཛད་དོ། །མངོན་པར་འབྱུང་བའི་ཚེ་ཆིབས་ཀྱི་བསུག་པ་ནས་བཏེག་ཏེ་ནམ་མཁའ་ལ་གདན་དྲངས། ཆུ་བོ་ནེ་ར་ཛ་ནར་དཀའ་བ་སྤྱད་པའི་ཚེ་ཉིན་མཚན་དུ་མེལ་ཚེ་བྱས། མངོན་པར་རྫོགས་པར་སངས་རྒྱས་པའི་བསོད་སྙོམས་བཞེས་པའི་ལྷུང་བཟེད་ཀྱང་། རྣམ་སྲས་ལ་སྔོན་གྱི་ལྷ་རྒན་པོའི་ལག་ནས་བྱུང་བའི་རྡོའི་ལྷུང་བཟེད་བཞི་ཡོད་པ་གྲོགས་རྣམས་ལ་བྱིན་གྱིས་རླབས་ནས་སྟོན་པ་ལ་ཕུལ་བས། སྟོན་པས་ལྷུང་བཟེད་དེ་དག་

(༤༨༧)གཅིག་ཏུ་བྱིན་གྱིས་རླབས་ནས། ང་ལ་ལྷུང་བཟེད་ཕུལ་བས། ཁྱེད་རྣམས་ཆོས་ཀྱི་སྣོད་དུ་འགྱུར་རོ། །ཞེས་ལུང་བསྟན་ཏོ། །དེ་ནས་བཟུང་སྟེ་བསྟན་པ་བསྲུང་ཞིང་སྟོན་པ་མཆོད་པའི་ཕྱིར་དུ། བཅོམ་ལྡན་འདས་ཀྱི་ཞགས་འབྲེང་དུས་རྟག་ཏུ་འབྲང་བར་བྱེད་དོ། །དེ་ཡང་དུས་ནམ་ཞིག་ཆུ་བོ་ཆེན་པོ་དལ་འབབས་ཀྱི་འགྲམ་དུ་སྟོན་པས་འཁོར་རྣམས་བཞི་ལ་ཆོས་འཁོར་བསྐོར་བའི་ཚེ། རྒྱལ་ཆེན་སྡེ་བཞི་རང་རང་གི་འཁོར་སྟོང་ཕྲག་དུ་མ་དང་བཅས་པས་བཅོམ་ལྡན་འདས་ལ་མཆོད་ཅིང་ཆོས་ཉན་པས་བཞི་ཀས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་ཐོབ་ཅིང་། བདག་ཅག་གི་རྒྱུན་དུ་ཞུགས་པ་ཐོབ་བོ་ཞེས་ཆེད་དུ་བརྗོད་ཅིང་། སྐྱབས་འགྲོ་བསླབ་པའི་གཞི་ལྔ་ནོས་ནས། དེ་ལྟར་ཐོགས་ཀྱང་སྲིད་པ་ལན་བདུན་པའོ། །ཞེས་ཆེད་དུ་བརྗོད་དོ། །དེ་ནས་བསྟན་པ་དང་འཁོར་རྣམ་བཞི་བསྲུང་ཞིང་

(༤༨༨)སྐྱོང་བར་སྟོན་པའི་དྲུང་དུ་ཁས་བླངས་སོ། །མཐར་སྟོན་པ་མྱ་ངན་ལས་འདས་པའི་ཚེ། ལྔ་བརྒྱ་པ་ཐ་མའི་དུས་ཀྱི་ཚེ་བསྟན་པ་འཇིག་པའི་རྐྱེན་མང་པོ་འབྱུང་བས། དེའི་ཚེ་ཁྱེད་རྒྱལ་ཆེན་སྡེ་བཞི་པོ་གཅིག་ཏུ་སྡོམ་ལས་ངའི་བསྟན་པ་གཅེས་པར་སྲུངས་ཤིག་ཅེས་བཀའ་ཆེམས་བཞག་པས་སྟོན་པའི་བཀའ་བཞིན་དུ། ལྔ་བརྒྱའི་དུས་སུ་བསྟན་པ་བསྲུང་བར་ཁས་བླངས་དམ་བཅས་སོ། །ཡང་རྒྱལ་ཆེན་རྣམ་ཐོས་སྲས་འདིས་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་ཚུལ་ཇི་ལྟ་བུ་ཞེ་ན། སྤྱིར་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་དུ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། ཁྱད་པར་དུ་བསྐལ་པ་བཟང་པོ་འདི་ཉིད་ལ་རྣམ་སྲས་བདེན་པའི་ཟླ་བ་ཞེས་བྱ་བར་གྱུར་པ་དེས་ཐུབ་པའི་དབང་པོ་ལ་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་གདུགས་ཕུལ་ནས། བྱང་ཆུབ་ཏུ་ཐུགས་བསྐྱེད་པས། སྟོན་པ་ཐུབ་པའི་དབང་པོས་

(༤༨༩)ཁྱོད་ཀྱིས་ང་ལ་རིན་པོ་ཆེན་པོའི་གདུགས་ཕུལ་བ་དང་། ལྷག་བསམ་རྣམ་པར་དག་པའི་སྨོན་ལམ་གྱིས་མཐུས་ཁྱོད་འདི་ནས་དགའ་ལྡན་དུ་སྐྱེས་ནས། བྱམས་པ་ལ་སོགས་པའི་བསྐལ་པ་བཟང་པོའི་སངས་རྒྱས་ཐམས་ཅད་མཐོང་ཞིང་དེ་དག་ལ་མཆོད་པ་བསྐལ་པ་སྟོང་ཕྲག་ཉི་ཤུའི་བར་དུ་བྱས་ནས་རབ་ཏུ་བྱུང་སྟེ་ཚངས་པར་སྤྱོད་པ་ལེགས་པར་སྤྱད་དེ། བསྐལ་པ་བྱེ་བ་དྲུག་ཅུ་ན། སངས་རྒྱས་ཀྱི་ཞིང་ལེགས་པར་བརྒྱན་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་རིན་པོ་ཆེའི་གདུགས་ཞེས་བྱ་བར་སངས་རྒྱས་ནས། འཁོར་བྱང་ཆུབ་སེམས་དཔའ་ཤ་སྟག་ལ་ཐེག་པ་ཆེན་པོའི་ཆོས་སྟོན་པར་འགྱུར་རོ། །སངས་རྒྱས་དེའི་སྐུ་ཚེའི་ཚད་ནི་བསྐལ་པ་གཅིག་གོ །དེའི་འོག་ཏུ་དམ་པའི་ཆོས་ནི་བསྐལ་པ་ཕྱེད་དུ་གནས་སོ། །ཞེས་མངོན་སུམ་དུ་ལུང་བསྟན་པ་ཐོབ་པས། ས་བརྒྱད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཆེན་

(༤༩༠)པོ་དེ། བཅོམ་ལྡན་འདས་ཀྱིས་ཆོས་ཟབ་མོ་གང་དང་གང་གསུངས་པ་དེ་དང་དེའི་ཚེ་དེ་དག་ཉན་ཅིང་། དེ་དང་དེ་འཛིན་པའི་གང་ཟག་བསྲུང་ཞིང་སྐྱོང་བ་དང་། ཁྱད་པར་མདོ་སྡེ་རིན་པོ་ཆེ་གང་དུ་གསུངས་པའི་གནས་དང་། དེ་དགང་དུ་བཞུགས་པའི་ས་ཕྱོགས་དང་། དེ་འཛིན་པའི་གང་ཟག་རྣམས་བསྲུང་ཞིང་སྐྱོབ་པ་དང་སྦ་བ་དང་། མཆོད་པ་དང་། རྟག་ཏུ་དེའི་རྗེས་སུ་འབྲང་བར་བཅོམ་ལྡན་ཀྱི་དྲུང་དུ་ཞལ་གྱིས་བཞེས་ཤིང་། སྟོན་པས་ཀྱང་བཀའ་བསྒོས་དམ་ལ་བཞག་པར་མཛད་པ་ཡིན་ནོ། །དེ་རྣམས་ནི་ཐེག་དམན་གྱི་ལུགས་ལ་རྒྱུན་བཞུགས་སུ་གནས་པ་དང་། ཐེག་ཆེན་ཐུན་མོང་གི་ལུགས་ལ་ས་བརྒྱད་པའི་བྱང་ཆུབ་སེམས་དཔའི་ཚུལ་དུ་བྱོན་པའི་ལོ་རྒྱུས་ཡིན་ནོ། །ཡང་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ནི། རྒྱལ་བ་རྡོ་རྗེ་འཆང་ཆེན་པོས། རྒྱུད་སྡེ་ཆེན་པོ་བཞིའི་དཀྱིལ་འཁོར་སྤྲུལ་

(༤༩༡)བཤད་མཛད་པའི་ཚེ། དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར། གསང་བའི་མཚན་བཏགས། རྒྱུད་གཏད། བསྟན་པ་བསྲུང་བར་བཀའ་བསྒོས་གཉེར་དུ་གཏད། སྐབས་ལ་ལར་ཆོས་སྐྱོང་བསྟན་བསྲུང་དུ་མཛད། ལ་ལར་ཕོ་བྲང་གི་ནང་གི་ལྷའི་གྲངས་སུ་བཞུགས། ལ་ལར་དཀྱིལ་འཁོར་གྱི་གཙོ་བོར་བཞུགས་ནས་དབང་བསྐུར་བ་དང་། རྒྱུད་སྟོན་པ་སོགས་མཛད། ལ་ལར་རྒྱུད་སྡུད་པ་པོ་མཛད་པ་སོགས་མདོར་ན་སྟོན་པ་རྡོ་རྗེ་འཆང་གི་གང་ལ་གང་འདུལ་གྱི་སྤྲུལ་པའི་ཟློས་གར་ཡིན་ཏེ། ཀྱེ་རྡོ་རྗེ་ལས། འཆད་པ་པོ་ང་ཆོས་ཀྱང་ང་། ཞེས་གསུངས་པ་ལྟར་གོ་དགོས་སོ། །དེའི་རྒྱུ་མཚན་ཞིབ་པ་ནི། གསང་བའི་གནས་ཀྱི་འོག་མིན་དུ། འཇམ་དཔལ་རྣམ་པར་འཕྲུལ་པའི་རྩ་བའི་དཀྱིལ་འཁོར་ལ་སོགས་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་རྣམས་སུ་དབང་བསྐུར། རྒྱུད་གཏད་ནས། བསྟན་པ་སྲུང་བར་བཀའ་བསྐོས་ཞལ་གྱིས་བཞེས་སོ། །དེ་བཞིན་དུ་དོན་ཞགས་རྣམ་

(༤༩༢)རོལ་གྱི་དཀྱིལ་འཁོར་སོགས་པདྨའི་རིགས་རྣམས་དང་། ཕྱག་རྡོར་རིག་པ་མཆོག་གི་དཀྱིལ་འཁོར་སོགས་རྡོ་རྗེའི་རིགས་རྣམས་དང་། ནོར་བུ་བཟང་པོའི་དཀྱིལ་འཁོར་སོགས་ནོར་བུའི་བུ་རིགས་ཀྱི་རྒྱུད་དང་། དཀྱིལ་འཁོར་སྟོང་ཕྲག་སུམ་ཅུར་ནོར་གྱི་བདག་པོར་བཤད་པ་དང་། ཡབ་ཀྱིས་གསུངས་པའི་འབུམ་ཕྲག་གཅིག་དང་བཅས་པའི་བདག་པོར་དབང་བསྐུར་ནས། འགྲོ་བ་ཀུན་གྱི་དབུལ་བ་སེལ་བར་ཁས་བླངས་སོ། །དེ་བཞིན་དུ་རིགས་མཆོག་ལྔ་བརྩེན་གྱི་དཀྱིལ་འཁོར་ལ་སོགས། རྒྱལ་བའི་རིགས་དང་། དེ་བཞིན་གཤེགས་པའི་རིག་ལ་བརྟེན་པའི་འཁྱམ་པོའི་རིགས་ཏེ། བྱ་བའི་རྒྱུད་ཀྱི་དཀྱིལ་འཁོར་རྣམས་སུ་དབང་བསྐུར། རྒྱུད་གཏད་ནས་བསྟན་པ་བསྲུང་བར་བཀའ་བསྒོས་སོ། །དེ་བཞིན་དུ་ཕྱག་རྡོར་དབང་བསྐུར་བའི་དཀྱིལ་འཁོར་དང་མི་གཡོ་ཁྲོ་བོའི་དཀྱིལ་འཁོར་སོགས་སྤྱོད་རྒྱུད་རྡོ་རྗེ་དང་དེ་བཞིན་གཤེགས་པའི་རིགས་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ནས། དབང་ཕྱུག་ཐོ་རྡོ་རྗེ་དང་བཅས་པ་ལག་ཏུ་གཏད་ནས། ཁྲི་ཁྲག་གི་འཁོར་དང་

(༤༩༣)བཅས་ཏེ་བསྟན་པ་བསྲུང་བར་གཉེར་དུ་གཏད་དོ། །དེ་བཞིན་དུ་རི་རབ་ཀྱི་རྩེ་མོར་རྣལ་འབྱོར་རྒྱུད་ཀྱི་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་ཆེན་པོར་དབང་བསྐུར། རལ་དྲི་གཏད་ནས། རྡོ་རྗེ་འཇིགས་བྱེད་དུ་མཚན་བཏགས། ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་བཞི་པར་བཅུག་སྟེ་དབང་བསྐུར་དེ་བཞིན་གཤེགས་དུ་རྡོ་རྗེའི་རིག་ཁམས་གསུམ་རྣམ་རྒྱལ་གྱི་དཀྱིལ་འཁོར་དུ་དབང་བསྐུར། རིན་ཆེན་དང་ཅོད་པན་དང་དར་དཔྱངས་བྱིན་ཏེ། ལག་ཏུ་རྡོ་རྗེ་དང་དབང་ཕྱུག་པ་གཏད་ནས་རྡོ་རྗེ་འཇིགས་བྱེད་དུ་མཚན་གསོལ། སྐུ་མདོག་སྔོན་པོ་རོ་ལངས་མ་ཞོན་པས། ལུས་ངན་པོར་ཡང་གྲགས། རྡོ་རྗེ་འཁོར་མར་ཡང་མཚན་གསོལ་ཏེ། རྡོ་རྗེའི་རིགས་ཀྱི་རྒྱུད་སྡེའི་བདག་པོར་བཞག་གོ །ཡང་གཞན་འཕྲུལ་དབང་བྱེད་དུ། དཔལ་མཆོག་དང་པོའི་ཆོས་དང་ལས་རིགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། སྔར་

(༤༩༤)བཞིན་དུ་མཚན་གསོལ། དཔལ་མཆོག་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་དབང་བསྐུར་མཚན་བཏགས་ནས་རྡོ་རྗེ་འཆང་གི་རིགས་རྣམས་དང་། ནོར་སྟེ་གནོད་སྦྱིན་མོའི་དཀྱིལ་འཁོར་དུ་དབང་བསྐུར་ནས་ནོར་གྱི་དངོས་གྲུབ་སྟེར་བར་བཀའ་བསྒོས་ཞལ་གྱིས་བཞེས་སོ། །དེ་བཞིན་དུ་དཔལ་གསང་བ་འདུས་པ་དང་། གཤིན་རྗེ་གཤེད་སོགས་རྣལ་འབྱོར་བླ་ན་མེད་པ་ཕ་རྒྱུད་ཀྱི་དཀྱིལ་འཁོར་རྣམས་སུ་དབང་བསྐུར། རྡོ་རྗེ་འཇིགས་བྱེད་དང་། རྡོ་རྗེ་ལུས་ངན་སོགས་སུ་མཚན་གསོལ། དེ་བཞིན་དུ་རྣལ་འབྱོར་མ་རྒྱུད་དཔལ་ནམ་མཁའི་དཀྱིལ་འཁོར་དུ་དབང་བསྐུར། དྲག་པོ་ཆེན་པོར་མཚན་བཏགས། མཁའ་འགྲོ་རྒྱ་མཚོ་སོགས་མ་རྒྱུད་ཕལ་ཆེར་གྱི་དཀྱིལ་འཁོར་དུ་དབང་བསྐུར་ནས། ཚང་ཚིང་འཁྲིགས་པའི་དུར་ཁྲོད་སྐྱོང་བར་བསྐོས། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་བོར། དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་དབང་བསྐུར་ནས་

(༤༩༥)ཕྱོགས་སྐྱོང་བསྟན་པ་བསྲུང་བར་བཀའ་བསྒོས་ཞལ་གྱིས་བཞེས་པས། རྒྱུད་སྡེ་ཐམས་ཅད་ཀྱི་གསང་བའི་མཛོད་འཛིན་པ་སྟེ། གསང་བ་ཀུན་གྱི་བདག་པོ་ཡིན་ནོ། །དེ་རྣམས་ནི་ས་བཅུའི་བྱང་སེམས་ཀྱི་ཚུལ་འཛིན་པའི་ལུགས་དང་། ཡང་མངོན་པར་རྫོགས་པར་སངས་རྒྱས་ནས་དཀྱིལ་འཁོར་སྤྲུལ་བཤད་མཇལ་བའི་ཚུལ་གྱི་ལོ་རྒྱུས་ཡིན་ཏེ། དཔལ་ཕྱག་ན་རྡོ་རྗེས་གནོད་སྦྱིན་གྱི་སྡེ་དཔོན་ཡང་དག་ཤེས་ལ་སྨྲས་པ། གྲོགས་པོ་དག །མགོན་པོ་དེ་ནི་ཐུབ་པ་ཆེན་པོ་རྣམ་པར་སྣང་མཛད་ཀྱི་ཐུགས་ལས་སྤྲུལ་པ་སྟེ། སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་མཛད་པ་རྣམ་པ་སྣ་ཚོགས་སུ་སྤྲུལ་ནས་འགྲོ་བའི་དོན་མཛད་པ་ཡིན་པར་ཤེས་པར་གྱིས་ཤིག །ཅེས་གསུངས་པའི་ཕྱིར། དེ་ལྟ་བུར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་

(༤༩༦)ལོ་རྒྱུས་དེ་རྣམས་ནི། བཅོམ་ལྡན་འདས་ཀྱི་མདོ་དང་རྒྱུད་སྡེ་ཕལ་མོ་ཆེ་ནས་ལན་གཅིག་མིན་པ་ཡང་ཡང་བསྔགས་པ་རྣམས་ཀྱི་དོན། མ་བྱོན་སངས་རྒྱས་ལྔ་པ། ཀུན་མཁྱེན་བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་རབ་ལས་བྱུང་བ་རྣམས་དང་། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས་སོགས་མཁས་གྲུབ་གོང་མ་གཞན་རྣམས་ཀྱིས་ཀྱང་གསུང་ཡིག་དང་། རང་གི་བླ་མའི་གསུང་ལས་བྱུང་བ་ཁུངས་བཙུན་ཞིང་ཡིད་ཆེས་པ་དག་མདོར་བསྡུས་ནས་བརྗོད་བྱང་ཙམ་དུ་བཏབ་པ་ཡིན་པས། འདི་ཙམ་ལ་བརྟེན་ནས་མདོ་རྒྱུད་ན་ཇི་ལྟར་བཞུགས་པ་རྣམས་ལ་བློ་གྲོས་ཀྱི་ནང་པ་རྒྱས་པར་བྱས་ཏེ། ཆོས་སྐྱོང་ཁྱད་པར་ཅན་འདི་དག་ལ་མི་ཕྱེད་པའི་དད་པ་ཐོབ་པའི་སྒོ་ནས་གསོལ་བ་བཏབ་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་ཅིང་རང་གཞན་གྱི་དོན་ལྷུན་གྱིས་འགྲུབ་པར་འགྱུར་རོ། །དེ་བཞིན་

(༤༩༧)དུ་ཡི་དམ་དང་ཆོས་སྐྱོང་གང་ལ་བྱེད་ཀྱང་ལེགས་པར་བརྟགས་ནས་རྣམ་པར་དག་པའི་ངེས་པ་རྙེད་པར་བྱེད་དགོས་པ་ཡིན་གྱི། དེ་བཞིན་མིན་པའི་རྣམ་བཞག་།།།ཡིན་པ་ལའང་ཡིད་མ་ཆེས་ན། ནོར་བུ་བསམ་འཕེལ་སྒྱོད་རྡོ་བྱས་པ་དང་འདྲ་བས་དངོས་གྲུབ་མཆོག་ནི་མི་འགྲུབ། ཡིད་ཆེས་ཀྱི་གནས་མིན་པ་ལ་གཞན་གྱི་ཁ་རྒྱུག་ཙམ་གྱི་རྗེས་སུ་འབྲངས་ནས་བརྟེན་པ་ནི། བྱེ་མ་བཙིར་བ་ལས་མར་ལས་འདོད་པ་དང་འདྲ་སྟེ། དངོས་གྲུབ་གང་ཡང་སྟེར་རྒྱུ་མེད་པས་ངལ་བ་དོན་མེད་དང་། དོན་ལོག་པར་འགྲོ། ཞེས་དང་། འདིར་ནི་རྣམ་སྲས་ཀྱི་རྒྱུད་ནོར་གྱི་བདག་པོས་གསུངས་པ་སྟོང་ཕྲག་སུམ་ཅུ། ཡབ་དྲང་སྲོང་རྣམ་མང་ཐོས་པས་གསུངས་པ་འབུམ་ཕྲག་གཅིག་ལ་སོགས་པ་ཡོད་པར་གྲགས་ཤིང་།

(༤༩༨)དེ་ལས་བོད་དུ་གྱུར་བ་བརྒྱ་དང་དགུ་ཡོད་པར་བཤད་ཅིང་། དེའི་ནང་ནས་ཀྱང་རྩ་རྒྱུད་རྡོ་རྗེ་ས་འོག །བཤད་རྒྱུད་འབྱུང་པོ་འདུལ་བྱེད་གནོད་སྦྱིན་གར་མཁན་མཆོག་གི་རྒྱུད། སྣ་ཚོགས་གྲུབ་པ། དབྱུག་ཏོ་ཅན། ཡོན་ཏན་འབྱུང་བ། དམག་དཔོན་ཆེན་པོ་ཡིད་བཞིན་ནོར་བུའི་རྒྱུད། ཁྲམ་ཐོགས་ནག་པོའི་རྒྱུད། གནོད་སྦྱིན་གྱི་རྒྱུད་ལེའུ་བཅུ་དགུ་པ་ལ་སོགས་པ་ཡོད་ལ། དེ་དག་གི་དགོངས་འབྲེལ་རྒྱ་བོད་ཀྱིས་མཁས་གྲུབ་རྣམས་ཀྱིས་མཛད་པ་མང་དུ་ཡོད་པ་ལས་འདིར་ནི་སློབ་དཔོན་ཆེན་པོ་འགྲོ་བཟང་གི་རྒྱུད་སྡེ་པ་འོག །གར་མཁན་མཆོག་སྣ་ཚོགས་གྲུབ་པ་ལ་སོགས་ལ་བརྟེན་ནས། དཔལ་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་དང་དཀྱིལ་ཆོག་ལ་སོགས་པ་དང་། རྒྱལ་པོ་ངལ་བསོས་པོའི་ཞི་བ་ནོར་སྒྲུབ་དང་། དྲག་པོ་མཐུ་སྒྲུབ་ཀྱི་ཆོ་ག་སོགས་སྒྲུབ་བསྐོར་མན་ངག་མཐའ་

(༤༩༩)དག་ཡོད་པ་དང་། གཞན་ཡང་ཟངས་དཀར་ལོ་ཙཱ་དང་། ཀུན་མཁྱེན་བུ་སྟོན་ཡབ་སྲས་སོགས་ཀྱིས་བཀྲལ་བའི་རྒྱལ་པོ་ཆེན་པོའི་སྒྲུབ་ཐབས་ལས། ཞི་རྒྱས་གཉིས། དེ་དག་རེ་རེར་ཡང་ཕྱི་ནང་གསང་བ་དང་། གསང་བ་ལ་ཡང་ཞི་དྲག་གཉིས་དང་། ཡང་གསང་སོགས་ཀྱི་སྒྲུབ་སྐོར་མན་ངག་བསམ་གྱིས་མི་ཁྱབ་པ་ཡོད་དོ། །གཉིས་པ་རྒྱུད་པ་ཇི་ལྟར་བྱོན་ཚུལ་དང་། སྟོན་པ་རྡོ་རྗེ་འཆང་གི་དཔལ་ཕྱག་ན་རྡོ་རྗེ་ལ་གནང་བ་དེ་ཉིད། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ་ལ་དངོས་སུ་ཕྱི་རབ་ཀྱི་གདུལ་བྱའི་དོན་དུ་གནང་། སློབ་དཔོན་དེའི་ལོ་རྒྱུས་ནི། ཡུལ་རྒྱ་གར་ཤར་ཕྱོགས་ཀ་མ་རུ་པ་ན། རིགས་རྒྱལ་རིགས། སློབ་དཔོན་ཤནྟི་པ་ལ་རབ་ཏུ་བྱུང་ནས་མཚན་ཆོས་ཀྱི་བློ་གྲོས་སུ་གསོལ་ཏེ། ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ལ་མཁས་པ་ཞིག་ཡོད་པ་

(༥༠༠)དེས། དུས་ནམ་ཞིག་ན་གཙུག་ལག་ཁང་གཅིག་ན་བྲམ་ཟེའི་དགེ་བསྙེན་མ་གཅིག་འདུག་པ་དེ། དུས་བཟང་པོ་ལ་མཆོད་བསྟོད་བྱེད་པ་ཡང་ཡང་མཐོང་ངོ་། །དུས་ལན་གཅིག་གི་ཚེ་ལྷ་ཁང་དེ་ན་བུད་མེད་མང་པོའི་སྒྲ་སྒྲགས་ནས། དགེ་སློང་གི་སྒོ་ཕྱེ་དེ་བལྟས་པས་བུད་མེད་ཉི་ཤུ་རྩ་བཞིའི་དབུས་ན་མི་རོ་ཆེན་པོ་གཅིག་བཅུག་ནས་དེ་ལ་ཚོགས་འཁོར་བྱེད་ཀྱིན་འདུག །དེའི་གཡོག་མོ་གཅིག་ན་རེ། ཤནྟི་ཨུ་དྷི་དྷ་ཐིམ་ཟེར་བས་དགེ་སློང་གིས་ང་ནི་རྣལ་འབྱོར་པའི་རིགས་བྱ་སྟེ་ཟེར་ནས་ཆ་ལུགས་བསྒྱུར། ཕྱག་བྱས། མཎྜལ་ཕུལ་བས། གྲལ་དུ་བཅུག །སྐྱེ་བ་བདུན་པའི་ཤ་བག་རེ་ཡང་བྱིན། མིང་ཆོས་ཀྱི་རྡོ་རྗེ་ཞེས་བཏགས་སོ། །དེར་དགེ་སློང་གིས་བདེ་མཆོག་གི་སྒོ་ནས་དངོས་སུ་བསྒྲུབ་པར་འདོད་སྟེ། དགེ་འདུན་གྱི་དབང་མེད་བྱས་པས། མཁའ་འགྲོའི་ཚོགས་དཔོན་དེ་ན་རེ། ང་ལ་ཐབས་ཡོད་ཀྱིས།

(༥༠༡)ནང་པར་དགེ་འདུན་རྣམས་གདུགས་ཚོད་མ་འཚོག་པའི་དུས་སུ་ཁྱོད་རང་ཉ་ཤོར་ཞིག་དེར་དགེ་འདུན་གྱི་སྤྱོད་པ་ན། ངས་སྦྲུལ་གཅིག་ཏུ་རྫུས་ནས་འོང་བས་དེ་ལ་ཞོན་ཞིག་ཟེར་རོ། །དེ་བཞིན་དུ་ནང་པར་དགེ་འདུན་འཚོག་པའི་ཚེ་ཆོས་ཀྱི་བློ་གྲོས་མ་ཚང་ནས། བཙལ་བས་ཉ་ཤོར་ཅིང་འདུག་པ་དང་། དེ་དགེ་འདུན་གྱི་ནང་དུ་བཀུག་སྟེ་ལ་བ་དཀར་པོ་དཀོན། གནྡྷེ་མང་པོས་ཏོག་སྟེ་རྒྱབ་པ་དང་། སྦྲུལ་གཅིག་ནམ་མཁའ་ལ་བྱུང་བས་དེ་ལ་ཞོན་ནས་སོང་ངོ་། །དེར་དགེ་འདུན་གྱིས་གྲུབ་ཐོབ་ཡིན་པར་ཤེས་ནས་བཟོད་གསོལ་དང་བཤགས་པ་མང་དུ་བྱས་སོ། །དེའི་ཚེ་མཁའ་འགྲོ་མས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་ཁྱེར་ཏེ་གདམས་ངག་གནང་ནས་ལོ་བཅུ་གཉིས་སུ་བསྒྲུབས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་བོ། །དཔལ་ཕྱག་ན་རྡོ་རྗེས་སློབ་དཔོན་དངོས་སུ་བྱིན་གྱི་རླབས་པས། རྣལ་འབྱོར་གྱི་དབང་ཕྱུག་ཆོས་ཀྱི་རྡོ་རྗེ་ཞེས་གྲགས་སོ། །དེ་ནས་

(༥༠༢)སློབ་དཔོན་གྱི་ཐུགས་དགོངས་ལ་ཕྱི་རབས་ཀྱི་གདུལ་བྱའི་དོན་དུ་རྫུ་འཕྲུལ་ཞིག་སྟོན་བར་ནས། རྡོ་རྗེ་གདན་གྱི་དུས་མཆོད་ཀྱི་དུས་སུ། རྣལ་འབྱོར་པ་སྦྲུལ་གྱིས་ཐོད་བཅིངས་པ་སེངྒེ་ལ་ཞོན་པ་གཅིག་ཏུ་མཛད་ནས། ནམ་མཁའ་ལ་བསྐོར་བ་མཛད་པས། མི་རྣམས་ན་རེ། སྤྱོད་མཛད་ཆོས་ཀྱི་རྡོ་རྗེ་ཞེས་གྲགས་པ་དེ་འདི་ལྟར་རྫུ་འཕྲུལ་དང་ལྡན་པ་ཨེ་མ་ཧོ༔ ཞེས་བརྗོད་དོ། །དེ་ལྟར་སྐུ་ཆེ་བའི་ཡོན་ཏན་ཕུལ་དུ་ཕྱིན་པ་དེས་སློབ་དཔོན་ཀུན་ཏུ་བཟང་པོ་རྗེས་སུ་བཟུང་བ་ཡིན་ཏེ། དེའི་ལོ་རྒྱུས་ནི། དེ་ཡང་ཡུལ་རྒྱ་གར་ཤར་ཕྱོགས་པ། རྒྱལ་རིགས་སུ་འཁྲུངས་པ། རབ་ཏུ་བྱུང་བའི་མཚན་ཀུན་ཏུ་བཟང་པོ་ཞེས་པ། རིག་པའི་གནས་ལྔ་ལ་མཁས་པ། སྐྱེ་བ་དུ་མ་རྗེས་སུ་དྲན་པ། པཎྜི་ཏ་ལྔ་བརྒྱའི་སློབ་དཔོན་དུ་གྱུར་པ་ཞིག་ཡོད་པ་དེས། ཨོ་རྒྱན་ཆོས་ཀྱི་རྡོ་རྗེ་ཞེས་བྱ་བའི་གྲུབ་པ་ཐོབ་པ་གཅིག་ཡོད་པ་ཐོས་པ་ནས། དེའི་དྲུང་དུ་བྱོན་

(༥༠༣)པར་བཞེད་ནས། ཁ་སརྤ་ནིར་རྨི་ལམ་བརྟགས་པ་ན་ཐོ་རངས་མི་དཀར་པོ་གཅིག་ན་རེ། དཔལ་ཆོས་ཀྱི་རྡོ་རྗེ་ནི། རྡོ་རྗེ་གདན་གྱི་མཆོད་པ་ལ་བྱོན་ཡོད་ཀྱི། དེར་གདམས་ངག་ཞུས་ཤིག །ཅེས་ལུང་བསྟན་བྱུང་བ་དང་། པཎྜི་ཏ་དུས་མཆོད་ལ་བྱོན་པས། དཔལ་ཆོས་ཀྱི་རྡོ་རྗེ་སེངྒེ་ལ་ཞོན་པ་དེ་ཡིན་པར་མཁྱེན་ནས་ཕྱག་འཚལ་བདག་རྗེས་སུ་བཟུང་དུ་གསོལ། ཞེས་གསོལ་བ་བཏབ་པས། དེར་ཆོས་ཀྱི་རྡོ་རྗེ་མི་སྣང་བར་གྱུར་ཏེ། དེ་ནས་ཐ་མལ་པའི་ཚུལ་གྱིས་པཎྜི་ཏའི་གནས་སུ་བྱོན་ནས། ཁྱོད་ཅི་འདོད་གསུངས། དེར་ཕྱག་དང་མཎྜལ་ཕུལ་ནས་གདམས་ངག་ཞུས་པས་གནང་ནས། བྱང་ཕྱོགས་ཛ་ལེན་དྷ་རར་སྒྲུབ་པ་བགྱིས་ཤིག །ཅེས་གསུངས་ནས། སློབ་དཔོན་རྒྱ་གར་ཤར་ཕྱོགས་སུ་གཤེགས་སོ། །དེ་ནས་དཔལ་

(༥༠༤)ཀུན་ཏུ་བཟང་པོས་ཛ་ལན་དྷ་རར་བསྒྲུབ་པས་ཡུན་ཐུང་ངུ་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་སོ། །དེ་ལྟ་བུའི་སློབ་དཔོན་དེས། སློབ་དཔོན་འགྲོ་བཟང་སྙིང་པོ་རྗེས་སུ་བཟུང་བ་ཡིན་ཏེ། ཁ་ཆེན་ཡུལ་ན་བྲམ་ཟེའི་རིགས་འབྱོར་པ་ཆེ་བ་ཕྱི་པ་མུ་སྟེགས་པ་ལ་དད་པ་ཞིག་ཡོད་པ་ལ། བུ་གསུམ་ཡོད་པའི་ཆེ་བ་གཉིས་མུ་སྟེགས་པ་ལ་དད་པས་རིག་བྱེད་བསླབ། ཆུང་བ་དེ་སངས་རྒྱས་པ་ལ་དད་པས་ཆོས་བསླབ་དུས་ནམ་ཞིག་གི་ཚེ། ཕ་ན་རེ། བུ་ཆུང་བ་ལ། འུ་ཅག་བྲམ་ཟེའི་རིགས་མུ་སྟེགས་པ་ཡིན་པས། ཁྱོད་ནུབ་ཕྱོགས་སུ་སོང་ལ། དེ་ན་སོ་མཱ་ནཱ་ཐཱ་བྱ་བ། དབང་ཕྱུག་ཆེན་པོའི་རྟེན་ཡོད་ཀྱིས། དེ་ལ་རང་དང་མ་ཧེ་ལ་སོགས་པ་ཁྱེར་ལ་མཆོད་སྦྱིན་གྱིས་ཤིག །དེས་དབང་ཕྱུག་ཆེན་པོའི་ཞལ་མཐོང་ཞིང་དངོས་གྲུབ་འོང་

(༥༠༥)ཞེས་བསྒོ་བས། བུ་ན་རེ། མི་དགེ་བ་བཅུའི་ལས་སྤྱད་ཅིང་། ཕྱུགས་རྣམས་བསད་པར་བྱས་ནས་ཀྱང་ཁྲག་འདམ་རྫབ་ཏུ་སྦྱར་བྱས་པས། དེ་ཡིས་མཐོ་རིས་ཐོབ་འགྱུར་ན། །དམྱལ་བར་གང་གིས་འགྲོ་འགྱུར་ཏེ། །དགེ་བཅུའི་འབྲས་བུ་གང་ཐོབ་འགྱུར། །ཞེས་སྨྲས་པས། ཕ་དེ་རྟོག་པ་སྐྱེས་ནས། ཡུལ་དེ་ན་མུ་སྟེགས་ཀྱི་སྟོན་པ་གྲགས་འཛིན་ཞེས་བྱ་བ་ལས་ཅན་ལྔ་བརྒྱའི་དཔོན་བྱེད་པ་ལ་གཅིག་ཡོད་པ་ལ་སྨྲས་པས། གྲགས་འཛིན་ན་རེ། སི་སི་ལི་ནི་ཆུང་བས་ཀྱང་། །ལྕེ་ཡི་དཀྱིལ་འཁོར་བསྲེག་པ་བཞིན། །རང་གི་རིགས་མིན་ཕ་རོལ་པོ། །སངས་རྒྱས་བསྟན་ལ་སྐྱེས་པས་ཀྱང་། །མུ་སྟེགས་བསྟན་ལ་ངེས་པར་གནོད། །དེས་ན་འདི་ཉིད་བསྒྲལ་བར་བྱ། །ཟེར་ནས། མུ་སྟེགས་ཀྱི་ངན་སྔགས་ཀྱི་སྦྱོར་བས་ཀླུ་ལ་གཏད་པས། ཁྱེའུ་དེ་ལ་ཙི་ཙི་ཛྭ་ལའི་ནད་ཀྱིས་

(༥༠༦)བཏབ་བོ། །ཡུལ་དེའི་རྒྱལ་པོས་ཀྱང་སྐྱུགས་སོ། །དེའི་ཚེ་སློབ་དཔོན་གྱིས་གཤིན་རྗེ་གཤེད་ནག་པོར་ཞུས་ཏེ་བསྒོམ་པས་ལྷའི་ཞལ་མཐོང་བ་ཡང་ནད་མ་གསོས། དེའི་རྒྱུ་མཚན་ཞུས་པས། ཤེས་པའི་ལྷ་རུ་མ་སོང་བས་ལན་པ་ཡིན་གསུང་། སྤྱིར་ཀླུ་ལ་ཤེས་པའི་ལྷ་ལྔ་ཡོད་དེ། ཕྱག་ན་རྡོ་རྗེ། བྱ་ཁྱུང་། སེངྒེ་སྒྲ། སྟོབས་པོ་ཆེ། རྟ་མགྲིན་ནོ། །དེ་ཤེས་པ་སུ་ཡོད་བསམ། ཨོ་ཏནྟྲ་སུ་རིར་སྐོར་བ་བྱེད་ཅིང་ཟླ་བ་ཕྱེད་ཙམ་བཞུགས་པས། དགེ་བསྙེན་རིག་བྱེད་འདོན་པ་གཅིག་ལས་དཔལ་ཆོས་ཀྱི་རྡོ་རྗེའི་སྐུ་ཆེ་བའི་ལོ་རྒྱུས་མང་པོ་བརྗོད་པ་ཐོབ་ནས། ད་ལྟ་དེ་གང་ན་བཞུགས་དྲེས་པས། དེའི་རྒྱུས་ནི་མེད། དེའི་བརྒྱུད་པ་འཛིན་པའི་པཎྜི་ཏ་ཀླུན་ཏུ་བཟང་པོ་བྱ་བ་ཛ་ལནྡྷ་ར་ན་བཞུགས་ཟེར་བ་ཐོས་ནས། དེར་ཕྱིན་པས་གཙུག་ལག་ཁང་གཅིག་ན་སངས་རྒྱས་པའི་རྣལ་འབྱོར་པ་

(༥༠༧)གཅིག་འདུག་པ་དང་ཕྲད། གཏམ་བྱས་པས། བླ་མ་ཡིན་པར་ཤེས་ཏེ་ཕྱག་དང་མཎྜལ་ཕུལ་གདམས་པ་ཞུས་པས་གནང་སྟེ། སློབ་དཔོན་ན་རོ་ངའི་སྐྱེ་བ་བདུན་གྱི་བླ་མར་གྱུར་པ་དཔལ་ཆོས་ཀྱི་རྡོ་རྗེ་ལྷོ་ཕྱོགས་ན་བཞུགས་པས། དེར་སོང་ཀ་གདམས་པ་ཞུས་ཤིག་གསུངས། ལམ་ན་མུ་སྟེགས་པའི་གནས་གཞི་མང་པོ་ཡོད་པས། མུ་སྟེགས་ལ་རྫུས་ནས་སོང་དང་གསུངས་ནས་སྐྲའི་ལྭ་བ་ཆེན་པོ་བྱས་པའི་ནང་དུ། འཇམ་དཔལ་གྱི་སྐུ་མཚོན་གང་པ་གཅིག་གཅུག་ནས་བཏང་ངོ་། །དེར་ལམ་དུ་མུ་སྟེགས་མང་པོ་དང་ཕྲད་པས། རྣལ་འབྱོར་པ་གང་དུ་འགྲོ་ཟེར་བ་ལ། སངས་རྒྱས་པ་ལ་རྩོད་པ་བྱེད་དུ་འགྲོ་བ་ཡིན་བྱས་པས་མུ་སྟེགས་པ་རྣམས་དགའ་ནས་བསྙེན་བཀུར་བྱས། གཅན་གཟན་གྱི་འཇིགས་པ་ལས་བསྒྲལ་ལོ། །དེ་ནས་ཆུ་བོ་གང་གཱའི་གྲུ་པ་སངས་རྒྱས་པའི་དགེ་བསྙེན་གཅིག་འདུག་པས། ཁྱོད་མུ་

(༥༠༨)སྟེགས་པ་མི་སྒྲོལ་ཟེར། དེར་ང་སངས་རྒྱས་པ་ཡིན་བྱས་ནས་འཇམ་དཔལ་གྱི་སྐུ་བསྟན་པས། ཡིད་ཆེས་ནས་གྲུ་ལ་བསྒྲལ་ཏེ་མཐར་གྱི་སོང་བས་གྲོང་ཁྱེར་གཅིག་ཏུ་སློབ་དཔོན་དང་མཇལ། ཕྱག་དང་མཎྜལ་ཕུལ་ཏེ་ཞུས་པས། ཁྱོད་འགྲོ་བ་བཟང་པོ་ཡིན་པས་སྙིང་པོའི་དོན་དང་མི་འབྲལ་བར་ཕྲད་དོ་གསུངས་ནས་དབུ་མར་བྱིན་གྱིས་རླབས་ནས། དཔལ་ཨོ་རྒྱན་དུ་བསྒྲུབས་ཤིག་གསུངས། མཐར་གྱི་ནུབ་ཕྱོགས་སུ་སོང་ནས་ཟླ་བ་ཕྱེད་ཀྱི་ལམ་རི་བསྣོལ་མ་གཅིག་གི་མཚམས་སུ། བུད་མེད་གཅིག་དང་འཕྲད་པས། ཛྭ་ཀི་གར་འགྲོ་ཟེར། ལོ་རྒྱུས་བཤད་པས། མཆོག་ཐུན་མོང་གི་དངོས་གྲུབ་ངས་བྱིན་ནོ། །ཟེར་བ་ལ་ངའི་དམ་བཅའ་ཡིན་པས་ཨོ་རྒྱན་དུ་འགྲོ་བྱས་པས། བུད་མེད་དེས་གྲོགས་བྱས་ཏེ་ཨོ་རྒྱན་དུ་ཕྱིན་ནས། ནགས་སྟུག་པོ་གཅིག་ཏུ། བུད་མེད་དང་གཅན་གཟན་གདུག་པ་

(༥༠༩)ཅན་མང་པོ་ཡོད་པ་གཅིག་གི་གནས་སུ་ཉིན་མཚན་དུ་གཉིད་ལོག་མ་ལོག་པར་བསྒྲུབ་པས་ཞག་བདུན་གྱི་ནང་པར་ཕྱི་རོལ་ན་ཐང་གཅིག་ཡོད་པ་ལས་ཆག་ཏུ་བག་ཙམ་སོང་བས་གཉིད་ཅུང་ཟད་གཅིག་བྱུང་བའི་རྨི་ལམ་ན། བདག་གི་སྣ་བུག་གཡོན་ནས་སྦྲུལ་ནག་པོ་གཅིག་ཐོན་ནས་ལྷོ་ཕྱོགས་ཀྱི་ནགས་ལ་སོང་བ་རྨིས། གཉིས་སད་པ་ན་ལུས་ཀྱི་ནད་ལྷག་མེད་པར་སོང་ནས་སྐུ་གླུད་བདེ་བ་དང་ལྡན་པར་གྱུར། ཞག་ཉི་ཤུ་རྩ་གཅིག་ནས། བདག་སེངྒེ་ལ་ཞོན་ནས་ཕྱིན་པས། སྔར་མ་ཐོང་བའི་རྒྱལ་པོའི་ཕོ་བྲང་ནས་ལྷ་རྣམས་དང་ཉམས་དགའ་བ་བྱེད་པ་མཐོང་། དེ་ལྟར་ཉིན་མཚན་གཡེལ་བ་མེད་པར་ཟླ་བ་བརྒྱད་དུ་བསྒྲུབས་པས། དཔལ་ཕྱག་ན་རྡོ་རྗེའི་ཞལ་མངོན་སུམ་དུ་ཐོང་། གདམས་པ་མ་ལུས་པ་གནང་ནས། ཁྱོད་ཀྱི་ཕྱི་རབ་ཀྱི་གདུལ་བྱའི་དོན་དུ་བསྟན་བཅོས་མང་པོ་

(༥༡༠)རྩོམས་ཤིག །ཅེས་པའི་གནང་བ་ཡང་ཐོབ། དེའི་ཚེ་ཨོ་རྒྱན་གྱི་མཁའ་འགྲོ་མ་རྣམས་ཀྱི། གཙུག་ལག་ཁང་ནས། རྡོ་རྗེ་ས་འོག །འབྱུང་པོ་འདུལ་བྱེད་གར་མཁན་མཆོག་གི་རྒྱུད་ལ་སོགས་པ་རྒྱུད་མང་དུ་གཏད། འདི་དག་ལ་བརྟེན་ནས་ཡི་གེ་མང་དུ་རྩོམས་ཤིག་གསུངས་པས། སློབ་དཔོན་གྱི་ཕྱག་རྡོར་གྱི་ཆོས་བཅུ་ལ་སོགས་པ་མང་དུ་མཛད་དོ། །དེ་ནས་རང་གི་ཡུལ་དུ་བྱོན་ནས་རྣམ་སྲས་དྲག་པོའི་སྒོ་ནས་སྔར་གྱི་མུ་སྟེགས་པ་རྣམས་བརླག་པར་མཛད། ཡུལ་དེའི་རྒྱལ་པོའི་མཆོད་གནས་མཛད་ཅིང་། བཤད་སྒྲུབ་བརྩོམ་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་དོ། །དེ་ལྟ་བུའི་སློབ་དཔོན་དེ་ལ་རྒྱ་དང་ཨོ་རྒྱན་ཁ་ཆེ་རྣམས་ན་སློབ་མ་བསམ་གྱིས་མི་ཁྱབ་པ་ཡོད་པའི་ནང་ནས། བྲམ་ཟེ་རིན་ཆེན་རྡོ་རྗེ་ཞེས་བྱ་བ་སྡེ་སྣོད་གསུམ་ལ་མཁས་པའི་པཎྜི་ཏ་ཆེན་པོ་དེ་ལོ་བཅུ་གཉིས་སུ་ནད་དྲག་པོས་བཏབ་ནས་ཡོད་པ་ལ། སློབ་དཔོན་ཡུལ་དུ་འབྱོན་པའི་ཁ་ཆེའི་

(༥༡༡)ལམ་དུ་ཕྲད་པས། སློབ་དཔོན་གྱི་དབང་བསྐུར་གདམས་པ་གནང་ནས་བསྒྲུབ་ཏུ་བཅུག་པས། དུས་མྱུར་བ་ཉིད་གདུག་པའི་ནད་ལས་ཐར་ཏེ། ཏིང་ངེ་འཛིན་ཁྱད་པར་ཅན་ལ་མངའ་བརྙེས་པ་དང་། གདུལ་བྱ་ལ་ཕན་ཐོགས་པ་ཞིག་འབྱུང་ངོ་། །ཡང་དུས་ནམ་ཞིག་ན་ཡིག་མཁན་ཤུ་ར་ཝརྨ་ཞེས་བྱ་བ། ཆོས་ལ་གུས་ཤིང་ལོངས་སྤྱོད་ཆུང་བ་ཞིག་ཡོད་པ་དེས་སློབ་དཔོན་ལ་གདམས་པ་ཞུས་ནས་བསྒྲུབས་པས་རྣམ་སྲས་ཞལ་མཐོང་ཞིང་ལོངས་སྤྱོད་ཆེན་པོའི་གྲུབ་པ་ཐོབ་ནས་ཕྱི་རབས་ཀྱི་མི་དབུལ་པོ་རྣམས་ཀྱི་དོན་དུ་རྣམ་སྲས་ཞི་བ་བདེ་བྱེད་ཀྱི་སྒོ་ནས་ནོར་སྒྲུབ་མཛད། དེས་ཀྱང་ཕན་པ་རྒྱ་ཆེན་པོ་མཛད་དོ། །བརྒྱུད་འཛིན་ཕྱི་མ་ནི་ཁ་ཆེ་དགོན་པ་བ་ཆེན་པོ་རིག་གནས་མཐའ་དག་ལ་མཁས་ཤིང་རྫུ་འཕྲུལ་མཐའ་ཡས་པ་མངའ་བ་དེ་ལ། སློབ་དཔོན་འདིས་གདམས་པ་མ་ལུས་པ་གནང་ཞིང་། དེ་ཡང་དཔལ་ཕྱག་རྡོར་གྱི་ཆོས་བཅུ་དང་།

(༥༡༢)རྣམ་སྲས་ཀྱི་ཆོས་བཅུ་གཉིས་ལ་སོགས་པ་གནང་སྟེ། ཁོང་གི་ཐུགས་ཉམས་སུ་བཞེས་པས། དངོས་གྲུབ་རྣམ་པ་གཉིས་ཐོབ། ཡི་དམ་གྱི་ལྷའི་ཞལ་མཐོང་། གསུང་གི་སྣང་བ་ཐོབ་འཕོ་བ་དང་འཇུག་ལྡང་གང་ལའང་ཐོགས་པ་མེད། རྡོ་རྗེ་དྲིལ་བུ་ནམ་མཁའ་ལ་འཇོག་ནུས་པ་སོགས་ཡོན་ཏན་མཐའ་ཡས་པ་མངའ་བ་དེས། ཟངས་དཀར་ལོ་ཙཱ་བ་རྗེས་སུ་བཟུང་བ་ཡིན་ནོ། །སློབ་དཔོན་ཆེན་པོ་འགྲོ་བཟང་སྙིང་པོ་ནི། ཡུལ་གཞན་དུ་སྤྱོད་པ་ལ་གཤེགས་ནས་ད་ལྟ་ཡང་བཞུགས་ཞེས་གྲགས་སོ་བརྒྱུད་འཛིན་ཆེན་པོ་ཟངས་དཀར་ལོ་ཙཱ་བ་ནི། ཡུལ་མངའ་རིས་སུ་འཁྲུངས་ནས། གཞོན་ནུ་ལ་རབ་ཏུ་བྱུང་། རིག་པའི་གནས་ལྔ་ལ་མཁས་པར་བྱས་སྟེ། ཁ་ཆེ་དགོན་པའི་དྲུང་དུ་ལན་གཉིས་བྱོན། ལོ་དགུའི་བར་དུ་བཞུགས་ནས་དཔལ་ཕྱག་རྡོར་དང་། རྣམ་སྲས་ཀྱི་ཆོས་སྐོར་ལྷག་མ་ལུས་པར་ཞུས་ཏེ། ཐུགས་ཉམས་སུ་བཞེས་པས། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་

(༥༡༣)ནས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་མཛད་པ་དེས། རྣམ་སྲས་ཀྱི་མན་ངག་ཁྱད་པར་ཅན་འགའ་རེ་ཡི་གེར་བྲིས་ནས་གཞན་ལ་གསང་བའི་ཕྱིར། ལ་ལ་མགུལ་དུ་བཏགས། ལ་ལ་སྐུ་རགས་ལ་གཏུམ་པ་སོགས་མཛད་མངའ་རིས་དབུས་གཙང་ཁམས་དང་བཅས་པ་ཞབས་ཀྱིས་བཅགས་པས། སློབ་མ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། ལ་ལ་ལ་གང་གནང་ལ་ལ་ལ་ཅི་གནང་བའི་སྟབས་ཀྱིས། ཡི་དམ་ཆོས་སྐྱོང་འདི་འདྲ་བ་གཉིས་ཀྱིས་ཆོས་སྐོར་ཚང་བ་སློབ་མ་གཅིག་ལ་མ་གནང་བར་སྟོད་སྨད་ཀྱི་སློབ་མ་རྣམས་ལ་གཏོར་མ་བའི་ཚུལ་མཛད་ཅེས་ཟེར་མོད་ཀྱང་། གཙོ་ཆེ་བ་ཕལ་ཆེར་གཡོར་པོ་ཇོ་སྟོན་ལ་མངའ་བར་གྲགས་སོ། །བླ་མ་བརྒྱུད་པའི་ལོ་རྒྱུས་དེ་ཕན། མང་ཡུལ་གྱི་ཨོང་པ་ཞ་ནག་བྱ་བ། ཟངས་དཀར་གྱི་སློབ་མ་སྔ་མ་ཡུན་རིང་

(༥༡༤)བ་མཐུ་ཆེ་བར་གྲགས་པ་དེས་གསུངས་པ་ལྟར་བཀོད་པའོ། །གཡོར་པོ་ཇོ་སྟོན་ནི་མཁས་ཤིང་གྲུབ་པ་བརྙེས་པ། ཁྱད་པར་ཟངས་དཀར་ལོ་ཙཱ་བ་ཆེན་པོ་དེ་ཉིད། ཟང་ཟིང་གི་མཆོད་པ་རྒྱ་ཆེན་པོས་མཉེས་པར་བྱས་པ་དེ་ལ། དཔལ་ཕྱག་ན་རྡོ་རྗེ་རྣམ་སྲས་ཞི་དྲག་སོགས་ཀྱི་དབང་རྗེས་གནང་། ལུང་མན་ངག་ཞལ་ཤེས་དང་བཅས་པ་ལེགས་པར་གནང་ནས། ཐུགས་དམ་དུ་མཛད་པས། ཡི་དམ་ཆོས་སྐྱོང་གི་ཞལ་གཟིགས་ཤིང་དངོས་གྲུབ་ཅི་འདོད་འབྱུང་བ་དེས། བླ་མ་བསོད་ནམས་རིན་ཆེན་ལ་གནང་ངོ་བཅུར་སྟོན་བསོད་ནམས་རིན་ཆེན་པ་དེ་ཡང་། སྐུ་ཆེ་བའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་ཞིང་། གཡོར་པོ་ལ་གསེར་གྱི་མཎྜལ་ཕུལ་ནས། ཡི་དམ་ཆོས་སྐྱོང་འདི་ཉིད་ཀྱི་ཆོས་སྐོར་རྣམས་མ་ལུས་པར་གསན་ཅིང་ཉམས་སུ་བླངས་པས་ཆོས་སྐྱོང་གི་ཞལ་གཟིགས། གསུང་གི་གནང་བ་ཐོབ་པར་གྲགས་སོ། །དེའི་མཆིམས་ཕུབས་པ་ལ་གནང་ངོ་། །

(༥༡༥)མཆིམས་ཕུ་པ་པདྨ་བཀྲ་ཤིས་ནི། བསམ་ཡས་མཆིམས་ཕུར་བཞུགས་པ་རྙིང་མའི་ཕྱོགས་ལ་མཁས་ཤིང་ཁྱད་པར་ཕུར་པ་ལ་མངའ་བརྙེས་ཤིང་། ཡི་དམ་ལྷའི་ཞལ་གཟིགས་པ་ཆོས་སྐྱོང་བྲན་ཞིན་དུ་བཀོལ་ནུས་པ། བླ་མ་གཅུར་སྟོན་ལ་ཡི་དམ་ཆོས་སྐྱོང་འདི་ཉིད་ཀྱི་གདམས་པ་མ་ལུས་པ་ཞུས་པ་དེས། རྟག་པ་ཇོ་བཟང་ལ་གནང་ངོ་། །ཐང་ཕུག་མང་གི་དགོན་པ་རྟག་པ་ན། ལྷ་རྗེ་ཇོ་བཟང་དེ་ནི། མཁས་བཙུན་བཟང་པོའི་ཡོན་ཏན་དང་ལྡན་པ། ཁྱད་པར་སེམས་ཅན་ལ་སྙིང་རྗེ་ཆེན་པོ་མངའ་བ། ཟང་ཟིང་གི་དངོས་པོ་ལ་མི་ཆགས་པ་ཞིག་ཡོད་པ་དེས། པདྨ་བཀྲ་ཤིས་ལ་ཡི་དམ་ཆོས་སྐྱོང་འདི་ཡི་ཆོས་སྐོར་རྣམས་ཚང་བར་ཞུས་ནས། ཆོས་སྐྱོང་གི་ཞལ་མཐོང་བ་དེས། ལོ་ཙཱ་བ་བྱམས་པ་དཔལ་ལ་གནང་ངོ་། །དེ་ལ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་དེ་ནི་རྗེ་བཙུན་བྱམས་པའི་སྤྲུལ་པར་གྲགས་

(༥༡༦)ཤིང་བྱམས་པ་འཇིག་རྟེན་དུ་བྱོན་པའི་ཚེ། དེའི་སྦྱིན་བདག་ཏུ་གྱུར་པའི་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་བ་དང་། རྒྱ་གར་ནས་གྲུབ་ཆེན་མི་ཏྲ་ཛྭ་ཀི་སོགས་མཁས་གྲུབ་གསུམ་གདན་དྲངས་ནས། བོད་ཁམས་ཐམས་ཅད་དུ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པ་དང་ཁྲོ་ཕུར་དགེ་འདུན་གྱི་སྡེ་དང་། རྗེ་བཙུན་གྱི་སྐུ་གཟུགས་ལྷ་མི་ཀུན་གྱི་བློའི་ཡུལ་ལས་འདས་པ་བཞེངས་པ་དང་། ལྷ་སར་ཇོ་བོ་རིན་པོ་ཆེའི་ཞབས་ཏོག་གི་ལྷ་ཁང་ཞིག་གསོས་སོགས་མཛད་པ་རྒྱ་ཆེན་པོ་བརྗོད་ཀྱི་མི་ལང་བ་མཛད་ཅིང་། སྐུ་གསུང་ཐུགས་ཀྱི་ཡོན་ཏན་བརྗོད་པའི་ཡུལ་ལས་འདས་པ་དེས་རྟག་པ་ཇོ་བཟང་ལ་འདིའི་ཆོས་སྐོར་རྣམས་རྫོགས་པར་གསན་ནས། རང་གི་དཔོན་པོ་བླ་ཆེན་བསོད་དབང་ལ་གནང་ངོ་། །བླ་ཆེན་བསོད་ནམས་དབང་ཕྱུག་པ་དེ་ནི་ལུང་རྟོག་གྱི་ཡོན་ཏན་ཕུལ་དུ་ཕྱིན་པ། བྱམས་སྙིང་རྗེ་ཚད་མེད་པ་དང་ལྡན་པ་དེས། རང་གི་བླ་མ་ལོ་ཙཱ་བ་ཆེན་

(༥༡༧)པོའི་དྲུང་དུ་ཁྲོ་ཕུ་བ་རང་གི་ཆོས་སྐོར་མཐའ་ཡས་པ་དང་ཡི་དམ་ཆོས་སྐྱོང་དང་བཅས་པ་རྫོགས་པར་ཞུས་པ་དེས། དཔོན་པོ་བླ་ཆེན་བསོད་ནམས་སེངྒེ་ལ་གནང་ངོ་། །མཁན་ཆེན་བསོད་ནམས་སེངྒེ་བ་དེས་ནི་ཁྲོ་ཕུར་འཆད་རྩོད་རྩོམ་གསུམ་གྱིས་སངས་རྒྱས་ཀྱི་བསྟན་པ་གསལ་བར་མཛད་ཅིང་རང་གཞན་གཉིས་ཀ་སྨིན་ཅིང་གྲོལ་བར་མཛད་ཅིང་། བླ་ཆེན་དྲུང་དུ་མདོ་རྒྱུད་ཐམས་ཅད་རྫོགས་པར་མནོས་ཏེ་ཡི་དམ་ཆོས་སྐྱོང་བྲན་བཞིན་དུ་ལས་ལ་བཀོལ་བར་མཛད་པ་དེས། བླ་མ་རིན་ཆེན་སེངྒེ་ལ་གནང་། བླ་མ་རིན་ཆེན་སེངྒེ་བས་ཀྱང་བཤད་སྒྲུབ་ཀྱི་སྒོ་ནས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་མཛད་ཅིང་། མཁན་ཆེན་པ་ལ་ཁྲོ་ཕུ་བའི་ཆོས་བཀའ་ཡོངས་སུ་རྫོགས་པར་གསན་ནས་གདམས་ངག་བུམ་པ་གང་བྱོའི་ཚུལ་དུ་ཀུན་མཁྱེན་བུ་སྟོན་རིན་པོ་ཆེ་ལ་གནང་ངོ་། །བུ་སྟོན་ཐམས་ཅད་མཁྱེན་པ་ནི།

(༥༡༨)ཁྲོ་ཕུ་བའི་དགེ་བཤེས་བརྒྱུད་འཛིན་ཆེན་པོ་རྒྱལ་བའི་གསུང་རབ་མཐའ་དག་ལ་མི་འཇིགས་པའི་སྤོབས་པ་ལ་མངའ་བ། རྒྱལ་བའི་བསྟན་པ་ཁོ་ན་གཅེས་པར་མཛད་པ་བསྐལ་པ་བཟང་པོའི་སངས་རྒྱས་མ་བྱོན་པ། དྲུག་པ་སངས་རྒྱས་སེངྒེ་བྱ་བ་དེ་ཉིད་ཐ་མལ་པའི་ཚུལ་དུ་བྱོན་ནས་མདོ་དང་རྒྱུད་སྡེ། རིག་པའི་གནས་ལྔ་ཆེ་ཆུང་དབང་དང་མན་ངག །ལུང་དང་རྗེས་གནང་། ལྟ་སྒོམ་སྤྱོད་གསུམ་གྱི་ཕྱོགས་ལ་སོགས་པ་མདོར་ན་བཀའ་དང་བསྟན་བཅོས་འགྱུར་ཚད། བོད་དུ་ཅི་བྱུང་བླ་མ་འདིས་མ་གསན་པ་དང་། མ་གཟིགས་པ། ཐུགས་ཉམས་སུ་མ་ཆུད་པ་གང་ཡང་མེད་དེ། མདོར་ན་སངས་རྒྱས་ཀྱི་མཁྱེན་པས་མ་གཟིགས་པ་དང་། མ་དགོངས་པ་མེད་པ་བཞིན་ནོ། །རྒྱུ་མཚན་དེའི་ཕྱིར་བླ་མ་དམ་པ་མཐའ་ཡས་པ་ལ་མདོ་རྒྱུད་ལུང་མན་ངག་རྣམས་ལན་གཅིག་མིན་པར་ཡང་ཡང་གསན་ཅིང་བརྒྱུད་པ་སྣ་ཚོགས་པ་ལ་གསན་པ་གནང་ནས་

(༥༡༩)དབང་གི་ཆུ་བོ་ཐམས་ཅད་གཅིག་ཏུ་འདི་ནས་འདུས་ཡོང་བ་ཡོད་པས། བླ་མ་འདི་ཉིད་ནས་བརྒྱུད་པ་བྱུང་ན་ཕུན་སུམ་ཚོགས་པ་ཡིན་ནོ། །ད་ལྟའི་བྱིས་པའི་བློ་ཅན་ཁ་ཡར་རྣམ་སྲས་ཀྱི་མན་ངག་ཀུན་མཁྱེན་བུ་ལ་མེད་པ་མང་པོ་ཟབ་ལ་རྒྱས་པ་ཡོད་ཟེར་བ་རྣམས་ཀྱིས་གདམས་པ་ཁྱད་པར་ཅན་ཡིན་མིན་དང་། བརྒྱུད་པ་ཁུངས་བཙུན་མི་བཙུན་རྩད་མ་ཆོད་པར་ལོང་བས་མི་གཙང་བའི་ཕུང་པོ་ལག་ཏུ་ཁྱེར་ནས་མིག་ལྡན་ལ་འདི་ལྷའི་བདུད་རྩི་ཡིན་ཟེར་བ་དང་འདྲ་བས་རྒྱ་བོད་ཀྱི་མཁས་གྲུབ་སུ་ལའང་མ་གྲགས་པའི་གདམས་ངག་ཟབ་མོ་རེ་རེ་ཞིག་ས་འོག་ཏུ་གཏེར་དུ་སྦོས་ཤིག་མ་འོངས་པ་ན་ཁྱོད་རང་དང་འདྲ་བའི་རྫུན་ཅན་བླུན་པོ་གཅིག་གིས་ལོངས་སྤྱོད་པར་འགྱུར་རོ་ཧ་ཧ། དེ་ལྟ་བུའི་བསྟན་པ་ཡོངས་ཀྱི་བདག་པོ་དེས་མཁན་ཆེན་རིན་ཆེན་སེངྒེ་ལ་གསན་པ་རྣམས་དང་།

(༥༢༠)བརྒྱུད་པ་གཞན་ནས་འབྱུང་བ་སོགས། ཆོས་སྐྱོང་འདིའི་དབང་རྗེས་གནང་། ལུང་མན་ངག་ཐམས་ཅད་རང་གི་ཐུགས་སྲས་རིན་ཆེན་རྣམ་རྒྱལ་ལ་གདམས་སོ། །ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་ནི། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་དུ། བསམས་བཞིན་ཡབ་མེད་པར་བདུད་རྩི་རིལ་བུ་ཙམ་ཡུམ་གྱིས་ཟོས་པ་ལ་བརྟེན་ནས་འཁྲུངས་པ། རིག་པའི་གནས་ལྔའི་མཐར་སོན་ཅིང་བུ་སྟོན་རིན་པོ་ཆེའི་ཐུགས་སྲས་རྒྱལ་ཚབ་ཏུ་བཞུགས་པ་དེས། ཐུགས་བརྩེ་བ་ཆེན་པོས་དབང་ལུང་མན་ངག་རྗེས་གནང་དང་བཅས་པ། ཞལ་ལུ་རང་གི་གདན་ས་པ། མཁན་ཆེན་གྲགས་པ་རྒྱལ་མཚན་པའི་ཞལ་སྔ་ནས་གནང་། མཁན་ཆེན་དེ་ནི་མདོ་སྔགས་ཀྱི་གསུང་རབ་གང་ལ་ཐོགས་པ་མི་མངའ་ཞིང་། འཕགས་ཡོག་དུས་གསུམ་ལ་མཁས་པས་བཤད་སྒྲུབ་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པ་དེས། དེ་རང་གི་གདན་ས་པ་མཁན་ཆེན་ཡེ་ཤེས་རྒྱ་མཚོ་ལ་གནང་ངོ་།

(༥༢༡)མཁན་ཆེན་དེ་ནི་གཞོན་ནུ་ནས་རབ་ཏུ་བྱུང་། སྔགས་དང་ཕ་རོལ་ཏུ་ཕྱིན་པའི་གཞུང་ལ་མཁས་པར་སྦྱངས་ནས་ཕྱིས་སུ་མཁན་ཆེན་གྲགས་པ་རྒྱལ་མཚན་པའི་གཟིམས་གཡོག་གི་ཚུལ་དུ་ཡུན་རིང་དུ་བཞུགས་ནས་དབང་ལུང་མན་ངག་མཐའ་དག་གསན་པ་དེས། ཞ་ལུའི་ཁྲི་ཐོག་ན་བཞུགས་ཡོད་པ་ལ། རྗེ་བཙུན་གྲགས་པ་བསམ་འགྲུབ་པས། ཞ་ལུ་པའི་དབང་ལུང་མན་ངག་ཁུངས་བཙུན་ཞིང་ཡིད་ཆེས་པར་དགོངས་ནས་མཁན་ཆེན་ས་མ་རུ་སྡེ་བཞིའི་དབང་ལུང་མང་པོ་གསན་ཅིང་། ཁྱད་པར་ཡི་དམ་ཆོས་སྐྱོང་འདིའི་ཆོས་སྐོར་རྫོགས་པར་ཞུས་ནས། ཐུགས་ཉམས་སུ་བཞེས་ནས་ཡི་དམ་ཆོས་སྐྱོང་དངོས་སུ་འཁོར་བ་ཞིག་བྱུང་ཞིང་། སྤྱིར་གྱི་བསྟན་པ་དང་། ཁྱད་པར་དུ་ཡང་ཤངས་རི་བོ་དགེ་འཕེལ་གྱི་ཁྲི་ཐོག་ཏུ་བཞུགས་པ་ནས་

(༥༢༢)བཤད་སྒྲུབ་ཀྱིས་སངས་རྒྱས་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་དེ། བླ་མ་དེས་ནི་ཆོས་ཀྱི་རྗེ་བཙུན་ཚུལ་ཁྲིམས་རིན་ཆེན་པ་ལ་ཐུགས་བརྩེ་བ་ཆེན་པོས་ལེགས་པར་འདོམས་པ་ལ། རྗེ་དེ་ནི་བདག་ཅག་རྣམས་ཀྱི་འདྲེན་མཆོག་དམ་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དགེ་བའི་བཤེས་གཉེན་གྱི་ཚུལ་དུ། འཕགས་སྡེའི་བརྒྱུད་འཛིན་དུ་བསམ་བཞིན་དུ་སྐྱེ་བ་བཞེས་པ་ཏེ། གཞོན་ནུ་ལ་རབ་ཏུ་བྱུང་ནས། དགུང་ལོ་སུམ་ཅུའི་བར་དུ་མདོ་སྔགས་ཀྱི་གསུང་རབ་མཐའ་དག་ལ་ཐོས་བསམ་གྱི་བརྩོན་འགྲུས་དྲག་པོ་རྒྱུན་མ་ཆད་པར་མཛད་པའི་གྲགས་པས་ཁྱབ་པར་བྱས། དེ་ནས་སྐྱེས་བུ་གསུམ་དང་རྒྱུད་སྡེ་བཞིའི་ལམ་རིམ་ལ་བཤད་སྒྲུབ་གཙོ་བོར་མཛད་ཅིང་གདུལ་བྱ་དབང་པོ་རྣོ་བཏུལ་ཐམས་ཅད། གང་ལ་གང་འདུལ་གྱི་སྐལ་པ་དང་མཚམས་པའི་ཆོས་བསྟན་པས་གདུལ་བྱ་སྨིན་གྲོལ་ལ་

(༥༢༣)བཀོད་ཅིང་། རང་ཉིད་རིམ་གཉིས་ཟབ་མོའི་རྣལ་འབྱོར་ལ་མི་གཡོ་བར་བཞུགས་པ་དེས། བདག་ཅག་བརྒྱུད་འཛིན་དུ་གྱུར་པ་ལོ་ཙའི་མིང་ཅན་དགེ་འདུན་བཀྲ་ཤིས་ལ། ཐུགས་བརྩེ་བ་ཆེན་པོས་དགྱེས་བཞིན་དུ་ཡང་ཡང་བྱིན་གྱིས་རླབས་ཤིང་རྗེས་སུ་གནང་བ་ཡིན་ནོ། །དེ་ཡང་ཀུན་མཁྱེན་བུ། ཁྱུང་པོ་ལྷས་པ། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ། པཎ་ཆེན་ཆོས་རྒྱལ། མཁས་བཙུན་ཡོན་ཏན་རྒྱ་མཚོ། གསེར་སྡིངས་འོད་ཟེར་བཟང་པོ། ལོ་ཙ་བ་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ། དེས་བདག་ལ་རྣམ་སྲས་ཞི་དྲག་སོགས་རྒྱལ་ཆེན་གྱི་རྗེས་གནང་བརྒྱད་ཀ་ཚང་བར་གནང་། དེ་ལ་དབུས་ཀྱི་སྐྱེར་མོ་ལུང་པའི་བརྒྱུད་པ་ཡང་ཡོད་གསུང་། ཡང་མར་སྟོན་ཚུལ་ཁྲིམས་རིན་ཆེན་གྱིས་ཀྱང་ཞི་བདེ་བྱེད་ཡིད་བཞིན་ནོར་བུ་སོགས་ཀྱང་གནང་། དེ་ལ་གོང་གི་

(༥༢༤)བརྒྱུད་པ་གཉིས་དང་། འཇམ་དབྱངས་རིན་ཆེན་རྒྱལ་མཚན་པ་ནས་བརྒྱུད་པ་ཡང་ཡོད་དོ། །མདོར་ན་བདག་གིས་བརྩོན་འགྲུས་ཀྱི་གོ་ཆ་གྱོན་ནས་བླ་མ་དམ་པ་དེ་རྣམས་དང་། གཞན་དག་ལ་ཕྱག་རྟེན་རེ་དང་བཅས་པའི་སྒོ་ནས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཐུགས་དགྱེས་བཞིན་དུ་དབང་དང་རྗེས་གནང་མན་ངག་ཟབ་མོ་མཐའ་དག་བཀའ་དྲིན་གྱིས་ཉེ་བར་སྩལ་ལོ། །ཞེས་གསུངས། བསོད་སྙོམས་པ་རིན་ཆེན་རྒྱལ་མཚན་གྱིས་མཛད་པའི་རྣམ་སྲས་ཀྱི་ལོ་རྒྱུས་ལས། སྔོན་དྲང་སྲོང་དབང་པོ་ཞེས་བྱ་བ་དཀའ་ཐུབ་སྤྱོད་པ་ཞིག་ལ་སྲས་མང་དུ་ཐོས་པའི་ཡོན་ཏན་དང་ལྡན་པ་རྣམ་མང་ཐོས་ཞེས་གྲགས་པ་ཡོད་པ་དེས། རེ་ཞིག་གནོད་སྦྱིན་མ་མཛེས་མ་ཞིག་དང་ལྷན་ཅིག་གནས་པ་ལས། བཻ་ཤྲ་མ་ཎ་འཁྲུངས། སྲིན་མོ་བཞི་དང་འགྲོགས་པ་ལས། བྷི་བྷི་ཥ་ཞེས་བྱ་བ་དང་། ར་མ་ཎ་ཞེས་བྱ་བ་འབྱུང་། དེ་ལ་བུ་

(༥༢༥)ལངྐ་མགྲིན་བཅུ་ཞེས་བྱ་བ་འབྱུང་བར་གྲགས་སོ། །བཻ་ཤྲ་མ་ཎ་གནོད་སྦྱིན་རྣམས་ཀྱི་རྒྱལ་པོར་དབང་བསྐུར་ཏེ་ཅང་ལོ་ཅན་གྱི་ཕོ་བྲང་དུ་བཞུགས་པའི་ཚེ། ལྷ་དང་ལྷ་མིན་སྒྲ་གཅན་དཔུང་བཅས་འཁྲུགས་པས་སྐུ་ཤིན་ཏུ་ཆེ་བ་གསེར་གྱི་ཡ་ལད་གྱོན་པ་བརྗིད་ཅན་རི་རབ་ཀྱི་བང་རིམས་ལ་བསྟེགས་བཅས་ཏེ་བཞུགས་པར་བསྟན་པས། ལྷ་མ་ཡིན་རྣམས་ཀྱི་གཟི་བརྗིད་མ་བཟོད་པར་ལོག་ཅིང་། ལྷ་རྣམས་ངལ་བསོས་པར་གྱུར་ཏེ། བསྟོད་ཅིང་བསྔགས་པས་ངལ་བསོས་པོར་གྲགས་སོ། །ཡང་ལྷ་མིན་གྱི་དབང་པོ་མགུལ་འཕྲེང་དང་འཁྲུགས་པའི་ཚེ། སྐུ་ཤིན་ཏུ་ཆེ་བ་གསེར་གྱི་ཡ་ལད་གྱོན་པ། སེངྒེ་ཁྲོ་ཞིང་འཇིགས་པ་ལ་ཞོན་པ་ཞིག་ཏུ་སྤྲུལ་ཏེ་ལྷའི་གནས་བསྲུངས་པས། གནས་སྲུངས་པོར་གྲགས་སོ། །ཡང་ལྷ་མིན་གྱི་དབང་པོ་རབ་རྒོད་དང་འཁྲུགས་

(༥༢༦)པའི་ཚེ། སྐུ་དཔུང་གི་གདོང་དུ་དུག་སྦྲུལ་ཆེན་པོ་ནམ་མཁའ་དང་ཁ་དོག་འདྲེས་པ། མཐོང་བའི་དུག་ཅན་འཇིགས་སུ་རུང་བ་ཞིག་ཏུ་སྤྲུལ་པས་ལྷ་མ་ཡིན་རྣམས་མྱོས་ཤིང་རྒྱལ་ཏེ་ལུས་ངན་འདི་འདྲ་བས་བདག་ཅག་རྣམས་འཕམ་པར་བྱས་སོ། །ཞེས་བརྗོད་པས་ལུས་ངན་པོར་གྲགས་སོ། །དེའི་ཚེ་ཁྱབ་འཇུག་གིས་མིས་འདྲེན་པའི་ཤིང་རྟ་བཟང་པོ་ཞིག་བྱིན་ཏེ། དེ་ལ་ཞོན་པས་བཻ་ར་ཞེས་གྲགས་སོ། །ལུང་ལས། སྔོན་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ལ། མཁའ་ལྡིང་སྒྲ་སྙན་དང་སྒྲ་ཆུང་གིས། ཀླུ་དབུགས་དང་དབུགས་ཆེན་བཙེས་པས་སངས་རྒྱས་ལ་སྐྱབས་སུ་སོང་ཏེ་འཇིགས་པ་དང་བྲལ་ལོ། །དེ་ནས་མཁའ་ལྡིང་གཉིས་ཀྱི་རྒྱུ་མཚན་དྲིས་པས། ཤེས་ཏེ་དད་ནས་བསླབ་པའི་གཞི་བཟུང་ཞིང་། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ། འཇིག་རྟེན་སྐྱོང་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་

(༥༢༧)ཀླུ་གཉིས་ཡུལ་འཁོར་བསྲུང་དང་འཕགས་སྐྱེས་སོ། ཁྱུང་གཉིས་མིག་མི་བཟང་དང་རྣམ་སྲས་འཁྲུངས། སྟོན་པ་མངལ་དུ་ཞུགས་པ་ནས་སངས་རྒྱས་པའི་བར་དུ་བསྲུངས་ཤིང་། རྡོའི་ལྷུང་བཟེད་ཕུལ། དམ་པའི་ཆོས་དང་འཁོར་རྣམ་བཞི་བསྲུང་བར་བཀའ་བསྒོས་ཞིང་དམ་བཅས། ཆུ་བོ་དལ་འབབ་ཀྱི་འགྲམ་དུ་ཆོས་ཉན་ཅིང་། བདེན་པ་མཐོང་ནས། རྒྱུན་ཞུགས་སྲིད་ལན་བདུན་པར་གྱུར་ཅེས་འབྱུང་ངོ་། །ཐེག་ཆེན་གྱི་མདོར། རྣམ་སྲས་འདི་བདེན་པའི་ཟླ་བ་ཅེས་བྱ་བར་གྱུར་པའི་ཚེ། སངས་རྒྱས་འོད་དཔག་མེད་སྐྱོབ་པའི་རིན་ཆེན་སྣ་བདུན་ལས་བྱས་པའི་གདུགས་ཕུལ་ལ། དམ་པའི་ཆོས་རྣམས་བཟུང་ཞིང་། གཞན་ལའང་བསྟན་པར་བགྱིའོ། །བདག་ཀྱང་ཁྱེད་ལྟར་སྤྱི་གཙུག་ལྟར་མི་མཐོང་བར་གྱུར། ཅེས་སྨོན་ལམ་བཏབ་བོ། །བཅོམ་ལྡན་འདས་ཀྱིས། ཁྱེད་འདི་ནས་ཤི་འཕོས་ནས་དགའ་ལྡན་དུ་སྐྱེ་ཞིང་

(༥༢༨)རིམ་གྱི་བྱམས་པ་ལ་སོགས་པའི་བསྐལ་བཟང་གི་སངས་རྒྱས་རྣམས་མཉེས་པར་བྱས་ཏེ། བསྐལ་པ་བྱེ་བ་དྲུག་ཅུ་འདས་པའི་འོག་ཏུ། སངས་རྒྱས་ཀྱི་ཞིང་ལེགས་པར་བརྒྱན་པ་ཞེས་བྱ་བར། དེ་བཞིན་གཤེགས་པ་རིན་པོ་ཆེའི་གདུགས་ཞེས་བྱ་བར་འགྱུར་ཞིང་། སྐུ་ཚེའི་བསྐལ་པ་གཅིག་དང་། བསྟན་པ་བསྐལ་པ་ཕྱེད་གནས་སོ། །ཞེས་གསུངས་སོ། །གསེར་འོད་དམ་པ་སོགས་མདོ་དུ་མར། རབ་ཏུ་འབྱུང་བ་རྣམས་བསྲུང་ཞིང་སྐྱོང་བར་བཀའ་བསྒོས་ཞིང་། དམ་བཅས་པ་དང་ཞལ་གྱིས་བཞེས་པའི་བཀའ་ལུང་རྣམ་པར་དག་པ་མང་དུ་ཡོད་དོ། །འོག་མིན་གྱི་གནས་སུ་འཇམ་དཔལ་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་དང་། དོན་ཡོད་ཞགས་པ་རྣམ་པར་རོལ་པའི་དཀྱིལ་འཁོར་དང་། ཕྱག་རྡོར་རིགས་མཆོག་གི་དཀྱིལ་འཁོར་དང་། དཔལ་ཡོན་ཏན་ཅན་གྱི་ཕོ་བྲང་དུ། ཕྱག་རྡོར་གྱི་དཀྱིལ་འཁོར་དུ་དབང་བསྐུར་ཕྱག་ཏུ་དབང་ཕྱུག་ཐོ་གཏད་དེ་བཀའ་སྒོས་པ་དང་། རི་རབ་ཀྱི་རྩེར་དབང་བསྐུར་སྟེ་ཕྱག་

(༥༢༩)ཏུ་རལ་གྲི་གཏད་དེ། རྡོ་རྗེ་འཇིགས་བྱེད་དུ་མཚན་གསོལ་བ་དང་། ཁམས་གསུམ་རྣམ་རྒྱལ་གྱི་དཀྱིལ་འཁོར་དུ་དབང་བསྐུར་ནས་རལ་དྲི་དང་དབང་ཕྱུག་པ་གཏད་དེ། རྡོ་རྗེ་འཇིགས་བྱེད་དུ་གྲགས་པ་དང་། རྣལ་འབྱོར་ནམ་མཁའི་དཀྱིལ་འཁོར་དུ་དབང་བསྐུར་སྟེ། དྲག་པོ་ཆེན་པོར་གྲགས་པ་དང་། མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་དུ་དབང་བསྐུར་ནས་བྱང་ཕྱོགས་ཚང་ཚིང་འཁྲིགས་པའི་དུར་ཁྲོད་དུ། ཞིང་སྐྱོང་དུ་མངའ་གསོལ་བ་ལ་སོགས་ཀྱི་རྒྱུད་སྡེ་བཞི་པོ་ཐམས་ཅད་ཀྱི་བཀའ་སྲུང་ཆེན་པོར་བཅོམ་ལྡན་འདས་ཀྱིས་མངའ་གསོལ་ཞིང་དམ་བཅས་པ་ཡིན་ནོ། །ཡང་མགོན་པོ་སྤྱིའི་རྒྱུད་ལས། ས་བཅུ་པ་བརྙེས་པའི་བྱང་ཆུབ་སེམས་དཔའ་ཡིན་པར་བཤད་ཅིང་། སྔོན་འབྱུང་གི་རྒྱུད་ལས། ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་རིན་ཆེན་མང་ཞེས་བྱ་བས་རེ་ཞིག་སངས་རྒྱས་པ་བས་ཀྱང་། སེམས་ཅན་དབུལ་ཞིང་ཕོངས་པ་རྣམས་ཀྱི་དོན་དུ། བྱང་ཕྱོགས་སྐྱོང་བའི་གནོད་སྦྱིན་གྱི་རྒྱལ་པོར་སྐྱེ་བ་

(༥༣༠)བཟུང་ནས་གཞན་དོན་བྱས་ན་འགྲོ་ལ་ཕན་པར་དགོངས་ནས། ཡབ་མང་དུ་ཐོས་པ་དང་། ཡུམ་དཔལ་བཙུན་བཟང་མོའི་སྲས་སུ་སྐྱེ་བ་བཞེས་ཏེ། ཀླུའི་རྒྱལ་པོ་འཇོག་པོའི་བུ་མོ། མེ་ཏོག་གཙུག་ཕུད་ཁབ་ཏུ་བླངས། རྫོངས་སུ་ནོར་བུ་བསམ་འཕེལ་བྱུང་། ནོར་བུའི་དྲ་བ་ཅན་གྱི་སོར་གདུབ་ལ་ཀླུའི་ཡི་གེ་ཡོད་པ་འདྲ་བ་རྒྱལ་པོ་ལ་བསྟན་པས། ཇི་ལྟ་བར་མཁྱེན་ནས། བཙུན་མོ་ཤིན་ཏུ་དགྱེས་པར་གྱུར་ཏེ། ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་ཕྱག་ཏུ་ཕུལ། འབྱོར་བ་ཟད་མི་ཤེས་པ་ནམ་མཁའི་མཛོད་ལ་མངའ་བརྙེས་ཤིང་། སེམས་ཅན་དབུལ་ཕོངས་རྣམས་ཚིམ་པར་མཛད་དོ། །ཡང་སྔགས་འཆང་པདྨ་འབྱུང་གནས་ལས། བརྒྱུད་པའི་གཏེར་མར་གྲགས་པ་ལས། ཀླུ་ཡུལ་བསམ་གཏན་གླིང་ཕུལ་ཏུ། ཀླུའི་རྒྱལ་པོ་ཁྲི་གཙུག་བསྟན་པའི་སྲས། ན་ག་བི་ལི་ཏ་ཞེས་བྱ་བར་འཁྲུངས་ནས། ཀླུ་རྣམས་ལེགས་པར་

(༥༣༡)བཀང་ཞེས་བདེ་ལ་བཀོད། དེ་ནས་འཛམ་བུ་གླིང་དུ་ཡུལ་དབུས་ཀྱི་རྒྱལ་པོར་ཡོན་ཏན་རབ་གསལ་གྱིས་སྲས་ཙནྡྲ་བཛྲ་ཞེས་བྱ་བར་འཁྲུངས་ནས། རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་རྣམ་པར་དག་པར་བླངས་ཏེ་སྨོན་ལམ་བཏབ། དེ་ནས་ཡབ་གང་པོའི་བུ་དང་། ཡུམ་ལག་བཟང་གསེར་ལྷའི་སྲས་སུ་འཁྲུངས་ནས། བསམ་གཏན་རྡོ་རྗེ་ཁང་པར་འཇམ་དཔལ་ཡེ་ཤེས་སེམས་དཔའ་བསྒྲུབ་པས་ཞལ་གཟིགས་མཐུ་སྟོབས་དང་རྫུ་འཕྲུལ་ཐོབ་ནས་ཐུབ་པའི་ཆེན་པོའི་སྤྱན་སྔར་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་སོ། །གཤིན་རྗེའི་རྒྱལ་པོ་ཡ་མནྟ་ཀས་སྲིན་པོ་གདོང་དམར་འདུལ་བར་བསྐོས་ནས། མ་རུ་ཙིར་གྲགས་སོ། །གྲུ་གུའི་རྒྱལ་པོ་རྟ་དམག་ཅན་གྱིས་ལྷ་རུ་བཟུང་ཞིང་མཆོད་དེ། ཀུ་བཻ་ར་ཞེས་གྲགས་སོ། རྒྱ་ནག་རྒྱལ་པོ་རྗེ་བཙན་པོས། རྒྱ་ཡུལ་ཧེ་ཏའི་སྲུང་མར་མངའ་གསོལ་ཞིང་།

(༥༣༢)མདུང་དམར་ཅན་དུ་གྲགས་སོ། །སློབ་དཔོན་པདྨ་ཉིད་ཀྱིས། བོད་ཀྱི་ཆོས་སྐྱོང་ཁྲི་སྲོང་ལྡེའུ་བཙན་གྱི་སྲས། མུ་ནེ་བཙན་པོས། རྒྱ་ཆམ་ལ་འབེབས་པའི་དམག་གིས། དགྲ་ལྷར་མངའ་གསོལ་ཞིང་བོད་ཁམས་སྐྱོང་བའི་བསྲུང་མར་བཀའ་སྒོས། ཞེས་བྱ་བ་འདུག་གོ །ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ལས་སྤྲུལ་ཏེ། སངས་རྒྱས་ཀྱི་ཕྲིན་ལས་མཛད་པ་ཡིན་ནོ། །ཞེས་ཕྱག་ན་རྡོ་རྗེས་ཡང་དག་ཤེས་ལ་གསུངས་སོ། །མདོར་ན་ཐེག་པ་ཆེ་ཆུང་། བཀའ་མདོ་རྒྱུད་སྔགས་གསར་རྙིང་ཐམས་ཅད་ནས་གསུངས་ཤིང་། རྒྱུད་སྡེ་བཞི་ཀ་ནས་རྡོ་རྗེ་འཆང་གིས་བཀའ་སྲུང་མངའ་གསོལ་ཏེ། དམ་བཅས་ཞལ་བཞེས་མཛད་པའི་ཆོས་སྐྱོང་རྒྱལ་པོ་རྣམ་ཐོས་སྲས་འདི་ནི་བཀའ་བསྲུངས་གཞན་ཕལ་ཆེར་ལས་ཁྱད་པར་འཕགས་ཤིང་ཁུངས་བཙུན་པར་ཤེས་པར་བྱའོ། །ཞེས་གསུངས། ཀུན་ཆེན་བུ་ཡང་དེ་ལྟར་དུ་བཞེད་དེ། དེས་མཛད་པའི་རྣམ་སྲས་ཀྱིས་

(༥༣༣)བསྟོད་པ་རྒྱལ་པོའི་ཐུགས་རབ་ཏུ་མཉེས་པར་བྱེད་པ་ཞེས་བྱ་ལས། ཁྱོད་ནི་འཇིགས་མེད་གདོང་ལྔའི་ཁྲི་སྟེང་ན། །སེམས་དཔའི་སྐྱིལ་ཀྲུང་རབ་ཏུ་བརྗིད་པས་འགྱིང་། །སྲིད་གསུམ་མངའ་མཛད་གཟི་བརྗིད་མཐའ་ཡས་སྐུ། །ཡོན་ཏན་རབ་རྫོགས་ཁྱོད་ལ་ཕྱག་འཚལ་ལོ། ཁྱོད་གསུང་ཡན་ལག་དྲུག་ཅུ་རྩ་བཞིའི་དབྱངས། །བརྒྱད་ཁྲི་བཞི་སྟོང་ཆོས་ལ་དབང་བསྒྱུར་ཅིང་། ཁྱོད་ཀྱི་སྔགས་ཀྱིས་ལས་ཉོན་སྒྲིབ་པ་འཇོམས། །འདོད་དགུའི་མཆོག་སྦྱིན་ཁྱོད་ལ་ཕྱག་འཚལ་ལོ། ཁྱོད་ཐུགས་གཉིས་མེད་ཡེ་ཤེས་མེ་དཔུང་གིས། །ལྟ་བ་ངན་པའི་ཚང་ཚིང་ཀུན་བསྲེག་ཅིང་། །འཁོར་བའི་རྒྱ་མཚོ་གཏན་ནས་སྐམ་མཛད་པའི། །ཡེ་ཤེས་རྒྱས་པའི་ཐུགས་ལ་ཕྱག་འཚལ་ལོ། །ལྷ་ཆེན་མང་དུ་ཐོས་པའི་དྲང་སྲོང་གི། །སྤྱོད་པའི་དཀའ་ཐུབ་མཛད་ཅིང་གནས་པའི་ཚེ། །དེ་དང་ལྷ་མོ་དཔལ་ལས་ཁྱོད་འཁྲུངས་ཏེ། །མཚན་

(༥༣༤)ཡང་སྲིད་སྒྲུབ་བཏགས་ལ་ཕྱག་འཚལ་ལོ། །དེ་ནས་རྒྱལ་ཆེན་བཞི་སོགས་ལྷ་རྣམས་ཀྱིས། །སྲིད་གསུམ་རྒྱལ་པོར་དབུ་མར་ལྕང་ལོ་ཅན། །ཕུལ་ནས་རྣམ་མང་ཐོས་པའི་སྲས་ཞེས་བསྟོད། །རྣམ་ཐོས་སྲས་སུ་གྲགས་ལ་ཕྱག་འཚལ་ལོ། །ལྷ་མིན་སྒྲ་གཅན་ལྷ་ལ་ཐབས་པའི་ཚེ། ཁྱོད་སྐུ་རི་རབ་རྐེད་པར་ངལ་བསོ་བའི། །གཟི་བརྗིད་མ་བཟོད་ངལ་གསོས་ཕྱག་འཚལ་ཞེས། །བསྟོད་པས་གནས་སྲུངས་གྲགས་ལ་ཕྱག་འཚལ་ལོ། །རབ་རྒོད་དམག་གིས་ལྷ་གནས་ཕྲོགས་པའི་ཚེ། ཁྱོད་སྐུ་སྔོན་པོའི་གཟི་བརྗིད་མ་བཟོད་པར། །ལུས་ངན་འདི་འདྲས་བདག་ཅག་བཏུལ་ལོ་ཞེས། །བསྟོད་པས་ལུས་ངན་གྲགས་ལ་ཕྱག་འཚལ་ལོ། ཁྱོད་ནི་ཐུགས་རྗེ་ཆགས་པས་སྐུ་མདོག་དམར། །ཕྱག་གཡས་རིན་ཆེན་བེ་ཅོན་རབ་ཏུ་འཕྱར། །གཡོན་པ་རིན་ཆེན་སྐྱུག་པའི་ནེའུ་ལེ་འཛིན། ཁམས་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །མི་འཇིགས་སེངྒེ་པདྨ་ཟླ་

(༥༣༥)གདན་ལ། །བརྗིད་མཛེས་འགྱིངས་པས་བཞེངས་པའི་ཚུལ་དུ་མཛད། །རིན་ཆེན་དབུ་བརྒྱན་ལ་སོགས་རྒྱན་རྣམས་ཀྱིས། །མཛེས་པར་རྒྱན་པ་ཁྱེད་ལ་ཕྱག་འཚལ་ལོ། ཁྱེད་ཀྱི་གཡོན་དུ་ལས་མཁན་དུང་དམར་ཅན། །མདོག་དམར་བསེ་རྨོག་བསེ་ཁྲབ་ལུས་ལ་གསོལ། །ཕྱག་གཡས་མདུང་དམར་ཤེལ་གྱི་མཆོད་རྟེན་གཡོན། །སྲིད་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་ལོ། ཁྱོད་ནི་དབུལ་ཕོངས་སྡུག་བསྔལ་ཞི་བའི་ཕྱིར། །སྐུ་མདོག་ལྗང་སེར་ཞི་བའི་ཉམས་དང་ལྡན། །ཟ་འོག་བེར་གསོལ་དར་ཚོན་འགྱིང་ཐོད་ཅན། །རིན་ཆེན་རྒྱན་སྤྲས་རལ་དྲི་རྒྱལ་མཚན་གཡས། །གཡོན་པས་པར་བུ་རིན་ཆེན་ནེའུ་ལེ་འཛིན། །རྒྱན་ཆས་སྤྲས་པའི་ངང་པ་སེར་ལྡན་ཆིབས། །འགྲོ་བའི་དབུ་ཕོངས་སྡུག་བསྔལ་མ་ལུས་པ། །ཞི་བར་མཛད་པ་ཁྱོད་

(༥༣༦)ལ་ཕྱག་འཚལ་ལོ། ཁྱོད་ནི་གདུག་པ་ཚར་གཅོད་ཕྱིར། །ཐུགས་རྗེ་ཆེན་པོས་རབ་ཁྲོས་པས། །མཐིང་ནག་ཟི་འོད་འབར་བའི་སྐུ། །རབ་ཏུ་གཏུམ་ཁྱོད་ཕྱག་འཚལ་ལོ། །ཕྱག་གཡས་རྡོ་རྗེས་རབ་མཚན་པའི། །དབྱུག་པ་བ་དན་བཅས་པ་འཕྱར། །སྲིད་གསུམ་གདུག་པ་མ་ལུས་རྣམས། །འདུལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །གཡོན་པས་ཡོན་ཏན་རབ་རྫོགས་པའི། །ཆོས་སྐུའི་མཆོད་རྟེན་ཐུགས་ཀར་འཛིན། །བདེ་གཤེགས་བསྟན་པ་གཅེས་པར་བསྲུང་། །བསྲུང་མཛད་ཁྱོད་ལ་ཕྱག་འཚལ་ལོ། ཁྲོས་པས་ཞབས་བརྡབས་ས་གཞི་གཡོ། །རྒྱ་མཚོ་འཁྲུག་ཅིང་ལྷ་མིན་སྐྲག །ཧ་ཧ་ཧཱུཾ་ཧཱུཾ་སྒྲ་བརྗོད་པས། །གནམ་ལྕགས་འབེབས་ལ་ཕྱག་འཚལ་ལོ། །མཆེ་བ་གཙིགས་པས་གདུག་པ་འདུལ། །སྤྱན་འགྱུར་སྐར་མདའ་སྟོང་ཕྲག་ལྷུང་། །སྨིན་མ་སྐྱོད་པས་གློག་འཕྲེང་འཁྱུག ཁྲོ་གཉེར་བསྡུས་ལ་ཕྱག་འཚལ་ལོ། །ཕྲག་གོང་གཡས་གཡོན་

(༥༣༧)ཉི་ཟླའི་གཟིས། །སྲིད་གསུམ་འོད་ཀྱིས་སྣང་བྱེད་ཅིང་། །ནག་ཕྱོགས་བདུད་ཀྱི་མདུན་པ་ཀུན། །འཇོམ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །གདུག་པའི་ཀླུ་བརྒྱད་ལུས་ལ་བརྒྱན། །གདུག་པའི་ཁ་རླངས་རབ་འཕྲོས་པས། །གདུག་པ་ཅན་གྱི་སྲོག་འཕྲོག་བྱེད། །གདུག་པ་འདུལ་ལ་ཕྱག་འཚལ་ལོ། །སྐུ་སྟོད་བ་སྤུའི་བུ་ག་ནས། །མཁའ་ལྡིང་བྱ་གཅན་ཕོ་ཉ་འགྱེད། །ས་བླའི་གདུག་པ་མ་ལུས་པ། །འཇོམས་མཛད་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་སྐེད་བ་སྤུའི་བུ་ག་ནས། །གནོད་སྦྱིན་སྲིན་པོ་ཕོ་ཉར་འགྱེད། །ས་སྟེང་གདུག་པ་མ་ལུས་པ། །འཇོམས་མཛད་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་སྨད་བ་སྤུའི་བུ་ག་ནས། །སྟག་སོགས་གཅན་གཟན་ཕོ་ཉར་འགྱེད། །ས་འོག་གདུག་པ་མ་ལུས་པ། །འཇོམས་མཛད་ཁྱོད་ལ་ཕྱག་འཚལ་ལོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་བསྟོད་པ། རྒྱལ་པོའི་ཐུགས་རབ་ཏུ་མཉེས་པར་

(༥༣༨)བྱེད་པ་ལས། གཙོ་བོ་རྒྱལ་པོ་ལ་བསྟོད་པའི་ལེའུ་སྟེ་གཉིས་པའོ། །གནོད་སྦྱིན་དབང་པོ་ཁྱོད་ཀྱི་སྲས། །ཐུན་མོང་སྟོབས་ལྡན་དགུ་བཅུ་གཅིག ཁྱད་པར་བདེ་ཆེན་ལྡན་པ་བཞི། །ཕུལ་བྱུང་ཕྲིན་ལས་སྒྲུབ་པ་གསུམ། །བླ་མེད་མཆོག་ཏུ་གྱུར་པ་གཅིག །མཐུ་ཆེ་དཔུང་ཆེ་རྫུ་འཕྲུལ་ཆེ། །ཡོན་ཏན་དཔག་མེད་ལྡན་པ་ཡི། །སྲས་ཀྱི་ཚོགས་ལ་ཕྱག་འཚལ་ལོ། །ཐུན་མོང་སྟོབས་ལྡན་དགུ་བཅུ་གཅིག །དེ་དག་མིང་མཐུན་གྲགས་པ་ནི། །དབང་པོ་ཞེས་བྱ་སྟོབས་པོ་ཆེ། །ལྷ་དང་ལྷ་མིན་གཡུལ་འགྱེད་པ། །ཀུན་ཏུ་གཞན་གྱིས་མི་ཐུབ་པས། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། ཁ་དོག་ལྡན་ཞིང་གྲགས་ལྡན་པ། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། ཁྱད་པར་སྲས་བཞིའི་གཙོ་བོ་ནི། །ཀུན་ཏུ་རྒྱལ་བ་མི་ལ་ཞོན། །གནོད་སྦྱིན་བྱེ་བ་དྲུག་ཅུ་ཡི། །སྡེ་དང་བཅས་ལ་ཕྱག་འཚལ་ལོ། ཁྱེད་ཀྱི་ཁྱད་པར་སྲས་

(༥༣༩)གཉིས་པ། །བསྐྱེད་པ་པོ་ཞེས་རྣམས་གྲགས་པ། །གནོད་སྦྱིན་བྱེ་བ་དྲུག་ཅུ་ཡིས། །སྡེ་དང་བཅས་ལ་ཕྱག་འཚལ་ལོ། ཁྱེད་ཀྱི་ཁྱད་པར་སྲས་གསུམ་པ། །དེ་ཡི་མཚན་ནི་གདོན་པོ་ཆེ། །གནོད་སྦྱིན་བྱེ་བ་དྲུག་ཅུ་ཡི། །སྡེ་དང་བཅས་ལ་ཕྱག་འཚལ་ལོ། ཁྱེད་ཀྱི་ཁྱད་པར་སྲས་བཞི་པ། །དེ་ཡི་མཚན་ནི་བུམ་པའི་ལྟོ། །གནོད་སྦྱིན་བྱེ་བ་དྲུག་ཅུ་ཡི། །སྡེ་དང་བཅས་ལ་ཕྱག་འཚལ་ལ། །ཕུལ་བྱུང་སྲས་པོ་དཔལ་ལྡན་པ། །རྒྱལ་བ་ཁྱུ་མཆོག་གཞོན་ནུའི་གཟུགས། །གནོད་སྦྱིན་བྱེ་བ་ཡོངས་བསྐོར་ཞིང་། །དངོས་གྲུབ་བྱིན་ལ་ཕྱག་འཚལ་ལོ། །གཉིས་པ་རྨུགས་འཛིན་འཆོལ་པ་ནག །གཡས་གཡོན་ཐོད་ཁྲག་ནེའུ་ལེ་འཛིན། །ཞབས་གཉིས་བརྐྱང་བསྐུམས་ནོར་བདག་གནོན། །དབུལ་བ་སེལ་ལ་ཕྱག་འཚལ་ལོ། །གསུམ་པ་གནོད་གནས་དབང་པོ་ནི། །མདོག་སེར་བི་ཛ་པུ་

(༥༤༠)ར་དང་། །ནེའུ་ལེ་གཡས་དང་གཡོན་པ་འཛིན། །གཏེར་བདག་ཁྱོད་ལ་ཕྱག་འཚལ་ལོ། །མཆོག་གྱུར་བླ་ན་མེད་པའི་སྲས། །ནོར་བུའི་རིགས་ཀྱི་སྟོན་པ་པོ། །དངོས་གྲུབ་མ་ལུས་སྦྱིན་མཛད་པའི། །གར་མཁན་མཆོག་ལ་ཕྱག་འཚལ་ལོ། །གུར་གུམ་གཞོན་ནུའི་མདོག་འདྲ་བ། །ཞལ་བཞི་གཡས་པ་སྔོན་པོ་སྟེ། །གཡོན་པ་དུང་མདོག་རྒྱབ་ཞལ་སྔོ། ཁྲོ་ཞིང་འཛུམ་ལ་ཕྱག་འཚལ་ལོ། །རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །པདྨ་རལ་དྲི་ཞགས་པ་མདའ། །དགྲ་སྟ་གཡས་པའི་ཕྱག་བརྒྱད་ཀྱི། །རིམ་པས་བསྣམས་ལ་ཕྱག་འཚལ་ལོ། །དྲིལ་བུ་རྩེ་གསུམ་ནེའུ་ལེ། །མེ་ཏོག་ཕུར་མ་བ་དན་དང་། །ཐོད་པ་གཞུ་དང་རྔ་ཡབ་བསྣམས། །གཡོན་པས་བསྣམས་ལ་ཕྱག་འཚལ་ལོ། །མེ་ཏོག་རིན་ཆེན་རྒྱན་གྱིས་བརྒྱན། །དགའ་བོ་ཉེར་དགའ་སེ་རལ་བྱས། །འཇོག་པོའི་རྐེད་བཅིངས་རབ་འཇིགས་པ། །སྣ་ཚོགས་གཟུགས་འཛིན་ཕྱག་འཚལ་ལོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་བསྟོད་པ་རྒྱལ་པོའི་ཐུགས་རབ་

(༥༤༡)ཏུ་མཉེས་པར་བྱས་པ་ལས། སྲས་ཀ་བསྟོད་པའི་ལེའུ་སྟེ་གསུམ་པའོ། །གསང་བའི་བདག་པོ་ཁྱོད་ཀྱི་འཁོར། ཁྱད་པར་བློན་ཆེན་རྟ་བདག་བརྒྱད། །བྱང་ཕྱོགས་སྡེ་དཔོན་ཉི་ཤུ་བརྒྱད། །ཆོས་སྤུན་སྟོབས་ཆེན་སུམ་ཅུ་གཉིས། །ནོར་སྟེར་བ་ཡི་ཀླུ་ཆེན་བརྒྱད། །ལྗོངས་ཆེན་གནས་པ་བཅུ་དྲུག་དང་། །ཡུལ་འཁོར་སྐྱོང་བ་ལྔ་བརྒྱ་དང་། །འཕྲོག་མ་བུ་དང་བཅས་པ་དང་། །སྲིན་མོ་ཆེ་བདུན་འཁོར་དང་བཅས། །མ་མོ་ཆེན་མོ་བརྒྱད་པོ་དང་། །སྣ་ཚོགས་གཟུགས་ཅན་སྲིན་པོ་དང་། །གནོད་སྦྱིན་ཚོགས་ལ་ཕྱག་འཚལ་ལོ། །གནོད་སྦྱིན་དབང་པོ་རྨུགས་འཛིན་ནི། །གསེར་མདོག་ཕྱག་གཡས་རིན་ཆེན་འཛིན། །དབུལ་བའི་སྡུག་བསྔལ་སེལ་མཛད་པའི། །ཤར་ཕྱོགས་གནས་ལ་ཕྱག་འཚལ་ལོ། །གང་བ་བཟང་པོ་སྐུ་མདོག་སེར། །ཅི་དགོས་ནང་ནས་འབྱུང་བ་ཡི། །བུམ་པ་བཟང་པོ་ཕྱག་ན་བསྣམས། །ལྷོ་ཕྱོགས་གནས་ལ་

(༥༤༢)ཕྱག་འཚལ་ལོ། །ནོར་བུ་བཟང་པོ་ཟླ་རྒྱས་མདོག །ཕྱག་གཡས་ཡིད་བཞིན་ནོར་བུ་ཡིས། །འགྲོ་བའི་རེ་བ་རྫོགས་མཛད་པ། །ནུབ་ཕྱོགས་གནས་ལ་ཕྱག་འཚལ་ལོ། །རྟ་བདག་ཆེན་པོ་ཀུ་བེ་ར། །མཐིང་ནག་ཁྲོས་པས་རལ་གྲི་འཛིན། །དགྲ་བགེགས་རྩད་ནས་གཅོད་མཛད་པ། །བྱང་ཕྱོགས་གནས་ལ་ཕྱག་འཚལ་ལོ། །དེ་ཉིད་ཤེས་པའི་ཡང་དག་ཤེས། །ཤེས་རབ་གསེར་གྱི་རལ་དྲི་འཛིན། །མི་ཤེས་གཅོད་པ་སྐུ་མདོག་སེར། །མེ་མཚམས་གནས་ལ་ཕྱག་འཚལ་ལོ། །འབྲོག་གནས་རབ་ཏུ་ཁྲོས་ཤིང་ནག །ལྷ་མིན་བདུད་ཀྱི་དཔུང་འཇོམས་པའི། །མདུང་རྣོན་མཚོན་ཆ་གཡས་པས་འཛིན། །བདེན་བྲལ་གནས་ལ་ཕྱག་འཚལ་ལོ། །ཉིན་མཚན་མེ་ལོང་ལྔ་བརྩེ་བའི། །ལྔ་བརྩེན་སེར་སྐྱ་རྒྱས་པ་ཡིས། །རིགས་བདག་གཡས་ན་ཁང་བརྩེགས་བསྣམས། །རླུང་མཚམས་གནས་ལ་ཕྱག་འཚལ་ལོ། །འཇམ་པོ་འཁྱིལ་པ་དུང་གི་མདོག །ཤེས་རབ་གོ་ཆས་གཞན་འཇོམས་ཤིང་། །

(༥༤༣)རང་བསྲུང་གྲི་གུག་གཡས་པས་འཛིན། །དབང་ལྡན་གནས་ལ་ཕྱག་འཚལ་ལོ། །ཐམས་ཅད་མི་སྡུག་བརྗིད་ལ་རྔམས། །སྣ་ཚོགས་རྒྱན་ཅན་གོ་ཆ་བགོས། །རྫུ་འཕྲུལ་རྟ་ཆིབས་གཡོན་པ་ན། །ནེའུ་ལེ་བསྣམས་ལ་ཕྱག་འཚལ་ལོ། །སྡེ་དཔོན་ཉི་ཤུ་རྩ་བརྒྱད་ནི། །རིང་པོ་མིག་བཟང་གང་པོ་དང་། །སེར་སྐྱ་རྣམས་ནི་ཤར་ཕྱོགས་བསྲུངས། །སེངྒེ་ཉེ་བའི་སེངྒེ་དང་། །དུང་ཆེན་དགའ་བོ་ལྷོ་ཕྱོགས་བསྲུང་། །སེངྒེ་སེངྒེའི་རལ་པ་ཅན། །བླ་མ་སེར་སྐྱ་ནུབ་ཕྱོགས་བསྲུང་། །འཛིན་པ་འཛིན་དགའ་བརྩོན་སྐྱོང་དང་། །ཁྱབ་འཇུག་རྣམས་ནི་བྱང་ཕྱོགས་བསྲུང་། །སྔ་སྤྱོད་ཚིག་ལྔ་པི་རི་མཉམ། །སེར་ཅན་མཚམས་བསྲུང་ནོར་བུའི་རིགས། །ས་པ་ཤིན་ཏུ་ས་བ་དང་། །ནགས་དང་ཉེ་ནག་གླང་པོ་རིགས། །ཕྱོགས་བཞིར་གནས་ཤིང་ས་སྟེང་སྤུངས། །ཉི་ཟླ་མེ་རླུང་བ་གླང་རིགས། །མཚམས་བཞིར་

(༥༤༤)གནས་ཤིང་བར་སྣང་བསྲུང་། །ཐམས་ཅད་སྐུ་མདོག་དམར་ནག་སྟེ། །ཅུང་ཟད་ཁྲོས་ཤིང་འཛུམ་པའི་ཞལ། །གོ་ཆ་རབས་བགོས་གྲི་ཕུབ་འཛིན། །སྡེ་དཔོན་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་པོའི་ཆོས་ཀྱི་སྤུན་གྱུར་པ། །དབང་པོ་ཟླ་བ་ཆུ་ལྷ་དང་། །བྷ་ར་དྷྭ་ཛ་སྐྱེ་དགུའི་བདག །དབང་ལྡན་ཙནྡ་འདོད་པའི་གཙོ། །མགྲིན་ངག་མགུལ་ངེས་བ་ཌི་དང་། །ནོར་བུ་ནོར་བུ་སྤྱོད་སྒྲ་རབས། །ཉེ་ལྔ་པོ་དང་མཉམ་པ་དང་། །གསེར་ཅན་གང་པོ་སེང་ལྡེང་པ། །གསོན་ཕྱོགས་ལྷ་དང་བ་ལང་སྐྱོང་། །འབྲོག་གནས་མི་ཡི་རྒྱལ་པོ་དང་། །རྒྱལ་བའི་ཁྱུ་མཆོག་ཚིག་ལྔ་སེར། །བཞིན་བཟང་རིང་པོ་སྣ་ཚོགས་སྡེ། །འབྲས་བུ་གསུམ་པ་མགུལ་གསུམ་པ། །ལྕགས་མདུང་རིང་པོ་དག་དང་ནི། །ལྷ་ལས་བྱུང་བའི་མ་ལྡན་ཏེ། །ས་ག་རིགས་ཏེ་རྫུ་འཕྲུལ་ཅན། །ལྗང་ནག་གོ་ཆ་ཡ་ལད་བགོས། ཁ་དོག་ལྡན་ཞིང་གྲགས་ལྡན་

(༥༤༥)པའི། །དམག་དཔོན་མདུང་དང་རལ་དྲི་འཛིན། །ཕྱོགས་བཞིར་གནས་ལ་ཕྱག་འཚལ་ལོ། །གདེང་ཅན་དབང་པོ་མཐའ་ཡས་དང་། །ནོར་རྒྱས་བུ་དང་འཇོག་པོ་དང་། །དུང་སྐྱོང་དང་ནི་རིགས་ལྡན་དང་། །པདྨ་པདྨ་ཆེན་པོ་དང་སྟོབས་ཀྱི་རྒྱུ་རྣམས་གདེངས་ཀས་བརྗིད། སྤྱི་གཙུག་རིན་ཆེན་འབར་བས་སྤྲས། །ནོར་གྱི་ཆར་འབེབས་དྲག་པོ་ཡི། །རྟ་སེར་ལྡན་ལ་ཕྱག་འཚལ་ལོ། །ལྗོངས་ཆེན་སྐྱོང་བའི་གནོད་སྦྱིན་ནི། །ཉི་མ་ཟླ་བ་གཉིས་པོ་ཡང་། །སྐར་མའི་ཚོགས་ཀྱི་ཡོངས་བསྐོར་ཞིང་། །གསེར་གྱི་ཡན་ལག་མེ་ཏོག་ནང་། །མ་གྷ་དྷ་ན་འཇིགས་བྱེད་པ། །བསོ་བའི་མཐའ་ན་མི་ཐོད་ཅན། །ཀོ་པ་ལ་ན་རབ་ཏུ་དཀར། །བཟང་པོའི་ཡུལ་ན་ཁ་སྤུ་ཅན། །གྱད་ཀྱི་ཡུལ་ན་གྲགས་པ་འཛིན། །ལྔ་འཛིན་པ་ན་སྐྲག་བྱེད་པ། །རྟ་སྐྱེས་བ་ན་མིག་དམར་གནས། །སྲུང་བྱེད་པ་ན་སེར་

(༥༤༦)སྐྱ་སྟེར། །སེམས་པ་ན་ནི་མིག་སེར་པོ། །བེའུ་ལ་ན་བུམ་པའི་ལྟོ། །དགའ་བའི་ཡུལ་ན་རིང་པོར་སྐྱེས། །བ་གླང་འཛིན་ན་རབ་ཏུ་འཇོམས། །ཏུང་ཡུལ་ན་ནི་ཉི་མའི་གྲོགས། །ལྗོངས་ཆེན་གནས་པའི་གནོད་སྦྱིན་ཆེ། །བཅུ་དྲུག་རྣམས་ནི་དེ་དག་རྣམས། །སྡེ་དང་བཅས་ཤིང་དཔུང་དང་བཅས། །རྫུ་འཕྲུལ་ལྡན་ཞིང་གྲགས་དང་ལྡན། །རང་རང་ཡུལ་ལྗོངས་བདེ་བར་སྐྱོངས། །མཐོ་སྟོབས་རྫུ་འཕྲུལ་ཆེ་ལྡན་པའི། །སྡེ་དཔོན་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་ཆེན་ཁྱོད་ཀྱི་བཀའ་ཉན་ཅིང་། །སོ་སོར་ཡུལ་འཁོར་སྐྱོང་བ་ནི། །སྐྱ་ནར་བུ་ན་འཁོར་བ་འཇིག །གཞན་གྱིས་མི་ཐུབ་དཀའ་བ་ན། །གྲོངས་ཁྱིམ་བྲག་ན་གནོད་སྦྱིན་བྲག །ཤེད་ཀྱི་བུ་ནི་བྱང་ཕྱོགས་ན། །ལག་ན་རྡོ་རྗེ་རྒྱལ་པོའི་ཁབ། །བྱ་རྒོད་ཕུང་པོར་གནས་བཅས་པ། །རྒྱལ་ཆེན་མཐའ་ཡི་བར་གྱི་ས། །ལན་གསུམ་བར་དུ་

(༥༤༧)འགྲོ་བྱེད་པ། །མཐུ་སྟོབས་ཆེ་ཞིང་གཟི་བརྗིད་ཆེ། །དཔག་ཚད་བཅུར་ནི་རྣམ་པར་གནོན། །གནོད་སྦྱིན་མཁའ་ལྡིང་རྒྱས་པ་ན། །སྣ་ཚོགས་སྦེད་པ་གནས་སྒོ་ན། །གནོད་སྦྱིན་བ་གུལ་རྒྱལ་ཁབ་ན། །སྡེ་དཔོན་ཆེ་ལ་སྟོབས་པོ་ཆེ། །གནོད་སྦྱིན་ནག་པོ་ཉེ་ནག་པོ། །སེར་སྐྱ་ཡི་ནི་གནས་ན་གནས། །ཐུབ་པ་ཆེན་པོ་ཤཱཀྱའི་ཏོག །སངས་རྒྱས་ཐུབ་པ་གང་བལྟམས་པར། །རྐང་བཀྲ་བོ་ནི་སྒྲ་གཅན་དང་། །ཙིཏྟ་རཏྣ་དབང་ཕྱུག་ཆེ། །གཉན་ཡོད་པ་ན་ཕུར་བུའོ། །གནས་དང་ཅན་ན་རྒྱ་མཚོ་གནས། །ཡངས་པ་ཅན་ན་རྡོ་རྗེ་མཚོན། །པྲེ་ཏར་དམར་སེར་གྱད་ཡུལ་ན། །ཝ་ར་ན་སེར་ནག་པོ་ཆེ། །ལྟ་ན་སྡུག་པ་ཙམ་པ་ན། །གནོད་སྦྱིན་ཁྱབ་འཇུག་སྒོ་འཛིན་ན། །འཛིན་པ་པོ་ནི་སྒོ་བསྲུང་ན། །འཇིགས་བྱེད་བཟངས་ཀྱི་འདབ་མ་ཅན། །བྲང་གི་འགྲོ་ན་

(༥༤༨)འཇོམ་པ་པོ། །འབྲོག་ན་གནོད་སྦྱིན་འབྲོག་གནས་སོ། །སེར་སྐྱ་བོ་ནི་འབྲུ་མང་ན། །འཕགས་རྒྱལ་ན་ནི་ནོར་བསྲུང་བ། །སྲུང་བྱེད་ན་ནི་ནོར་འབྱོར་པ། །བསོ་བའི་མཐའ་ན་སོ་བ་པ། །དགའ་བོ་ཉེར་དགའ་གྲོང་ཁྱེར་ན། །ཕྲེང་བ་འཛིན་པ་མཆོག་ན། །ཀུན་དགའ་འཆི་མེད་དཔས་ཞན་ན། །ཆེ་བ་དཀར་པོ་ངོས་བཟང་ན། །མིང་ཅན་པ་ནི་གཟི་ཅན་ན། །རི་རབ་རི་ལྡན་གྲོང་ཁྱེར་ན། །ནོར་གྱི་བུ་ནི་ཕྱོགས་མཚམས་གནས། །སྨིན་དྲུག་བུ་ནི་གཞོན་ནུ་ཅེས། །འཇིག་རྟེན་གྲགས་པ་སྐྱེ་ཡོད་ན། །འོག་པའི་འགྲམ་ན་ལག་བརྒྱ་པ། །ཀ་ལིངྐ་ན་ཤིང་རྟ་ཆེ། །ཐུབ་པར་དཔའ་ནི་འཇོམས་པ་ནི། །སྲིད་སྒྲུབ་ནགས་ན་སྲིད་སྒྲུབ་པ། །གནོད་སྦྱིན་འཇོམས་པ་བདུན་ཁང་ན། །ཕྲེང་བ་བསྲུང་བ་རི་བརྩེགས་ན། །རྟ་དམར་ན་ནི་བཟང་པོ་པ། །མ་རྫོགས་པ་ན་ཐམས་ཅད་བཟང་། །སྙེམས་པ་ཅན་ན་

(༥༤༩)སྐྱོང་པ་པོ། །དེད་དཔོན་ནོར་གྱི་དབང་ཕྱུག་གོ །མ་རྒྱལ་རྒྱལ་ན་མཆེ་བ་གཙིགས། །གནས་ཅན་དང་ནི་ནོར་བཟང་དང་། །ཞི་བ་ཞི་བའི་གྲོང་ལེན་ན། །ཞི་བ་བཟང་པོ་འཇིགས་བྱེད་ན། །གནོད་སྦྱིན་མང་པོ་དབང་གྲོགས་ན། །མེ་ཏོག་ཏོག་ནི་གྲོ་གྲོང་ན། །ཤིང་ས་ཤིང་གི་གྲོང་ཁྱེར་ན། ཁ་དོག་ཅན་ན་སེར་སྐྱ་གནས། །ནོར་བུ་བཟང་དང་གང་བ་བཟང་། །དཔུང་གཉིས་ཚངས་པ་ལྡན་པ་ན། །བ་གླང་འཛིན་ན་འཇོམས་པ་པོ། །རབ་ཏུ་འཇོམས་པ་རྡོ་འཇོག་ན། །གནོད་སྦྱིན་ཆེན་པོ་བདེ་སྲུང་སེལ། །སྐྱུག་པ་ཡི་ནི་རི་ལ་གནས། །གསུམ་སྦས་འགྲམ་པ་ལྡན་ངོགས་ན། །ཧོ་ནུ་ན་ནི་འོད་བྱེད་པ། །དགའ་བ་ཅན་དང་འཕེལ་བྱེད་པ། །དགའ་བ་འཕེལ་བྱེད་གྲོང་ཁྱེར་ན། །རླུང་གིས་ས་ན་རླུང་ལྡང་བ། །འཆང་བར་གྱུར་ན་མཐའ་དག་པ། །

(༥༥༠)བཅོམ་བརླག་ན་ནི་བོང་བུ་པ། །ཀང་ཀ་ན་ནི་བུམ་པའི་ལྟོ། །གནོད་སྦྱིན་གཟི་འོད་རབ་ཉམས་ན། །ཀོ་ས་ལ་ན་རི་མགོ་པ། །རྣམ་པར་རྒྱལ་དང་རྣམ་རྒྱལ་ངས། །དཀར་པོ་བརློག་ཡུལ་ན་གནས། །གནོད་སྦྱིན་གང་བ་མ་ལ་ཡར། །ཏི་སེའི་གང་ན་མིའམ་ཅི། །སྤྲིན་གྱི་ཕྲེང་ཅན་སྤོ་འདྲ་ན། །རབ་ཏུ་གནས་ན་དུམ་བུ་པ། །སི་ཏམ་ཀ་ལར་ཡང་དག་བྱེད། །རྣམ་པར་རྒྱལ་དང་རྣམ་རྒྱལ་ལྡན། །རླབས་དང་ལྡན་ན་བདེ་བྱེད་པ། །སྣ་ནས་བྱུང་ན་གནོད་སྦྱིན་མཛེས། །བསོ་བའི་མཐའ་ན་མ་ཆགས་པ། །དག་བྱེད་དག་ནི་ཕ་དགའ་དང་། །དཔལ་དང་གསེར་གྱི་ལག་པ་དང་། །ཀ་ལིང་ཀ་ན་ལྟོ་འཕྱང་ངོ་། །ཀོ་ས་ལ་ན་ནག་པོ་ཆེ། །དགེ་བ་དགེ་བའི་ཕོ་བྲང་ན། །ཝ་ར་ཎ་སིར་གྲུ་རོག་སོ། །འགྲམ་ལྡན་ཕུང་པོ་རྣ་བ་བཟང་། །གྲོང་ཁྱེར་

(༥༥༡)དྲུག་ན་ནོར་གཞན་སོ། །གནོད་སྦྱིན་སྟོབས་ཆེན་ཐ་མ་ན། །བསྲུང་བ་ཅན་ན་མཐོང་དགའ་བ། །བ་གླང་འཇོམས་ན་གཙུག་ཕུད་ཅན། །ཕྱོགས་མཚམས་ན་ནི་ཐལ་མོ་དགའ། །གདུགས་འདྲ་ན་ནི་དཀྲིས་པ་པོ། །གྲོང་ཁྱེར་དྲུག་ན་ཆུ་ཕྲན་འདུལ། །ཚང་ཚིང་གཅིག་ན་མིག་ཡངས་པ། །ཨུམ་དུམ་ཝ་རར་སྒོ་ངའི་འོད། །ཀོ་ཤམྦྷི་ན་ལྷུན་གྲུབ་ཀྱི། །རྣམ་པར་སྣང་བྱེད་ཞི་ཞིང་ལྡན། །སྦྲུལ་གྱི་གདུགས་ན་དགའ་བ་ཡི། །གཡོ་བ་འཛིན་ན་སེར་སྐྱ་པོ། །གྱེན་དུ་འགྲོ་ན་བ་ཀུ་ལ། །གང་པོ་སྙིང་པོ་ཐོབ་བྱེད་ན། །གྲོང་བརྡལ་ཚོལ་མ་ལྔ་མདའ་ན། །གླང་ཆེན་བརྗོད་པ་འདུལ་པ་མཆོག །ཆུ་ལྷའི་ཡུལ་ན་ཞུ་བརྟན་པོ། །གཡུལ་འགྱེད་ལྡན་པར་གྲོང་ཁྱེར་བར་རྒྱལ། སྒྲ་ངན་ཞིང་ནག་གནོད་སྦྱིན། གཉི་དང་རྒྱལ་ངན་རྒྱལ་

(༥༥༢)གཉིས་ན། །གནོད་སྦྱིན་མོར་གྲགས་དེ་ཉིད་ན། །གཏུམ་ཆེན་འབར་གྱི་འོག་པག་ཅན། །གནོད་པར་བྱེད་དང་དོན་གྲུབ་དང་། །འབྱུང་བར་བྱེད་ན་ནགས་ན་གནས། །འགྲོ་བ་དྲུག་པ་འགྲོ་འཇོམས་ན། །ཀ་བ་ན་ནི་ཀ་བ་ཉིད། །སེངྒེའི་སྟོབས་དང་གནོད་གང་ན། །སེངྒེ་སྟན་སྟོབས་མེད་བྱེད་གཉིས། །བྱེ་བ་འབའ་ན་སྡེ་བོ་ཆེ། །དེ་བཞིན་གཞན་གྱི་གྲོང་ལས་རྒྱལ། །མེ་ཏོག་པོ་ནི་ཙམ་པ་ན། །མཉམ་དགའ་བ་ནི་རི་མང་ན། །བ་གླང་སྤྱོད་ན་གནོད་སྦྱིན་ནི། །གྲོང་ཁྱེར་ན་ནི་སྡེ་བཟང་པོ། །གནས་དང་བཅས་ན་ལག་པ་པ། ཁ་ལ་སྦྱིན་པ་སྡེ་བྱེད་པ། །ཀོ་ཤམ་ནི་ན་ཚོགས་མེད་པ། །བཟང་པོ་ཅན་ན་བཟང་པོ་པ། །སྐྱར་ནར་ཅན་གྱི་ཕུ་ན་ནི། །གནོད་སྦྱིན་འབྱུང་པོའི་གདོང་ཞེས་བྱ། །འཆིང་བུ་ན་ནི་མྱ་ངན་མེད། །མ་ལ་གནས་ན་ཤ་ཐང་པ། །ཚང་ཚིང་གཅིག་ན་

(༥༥༣)དོན་གྲུབ་པ། །མ་རྒྱལ་རྒྱལ་ན་དམན་པ་པོ། །ཆུ་མཆོག་ན་མུའི་ཛ་ཡི་སྐས། །སེན་ཏ་པ་ན་ནོར་བུའི་ནགས། །གནོད་སྦྱིན་མི་བཟད་འགྲོ་ལྡན་དག །སེར་སྐྱ་ཡི་ནི་གནས་ན་གནས། །བ་གླང་འཛིན་དང་གཞན་བརྙེས་དང་། །སྒོ་ན་གནས་ཅན་རྟག་པ་དང་། །དབུ་མ་པ་ཡི་གནོད་སྦྱིན་དག །གྲགས་པ་ཆེན་པོ་བཟང་མཛེས་ན། །གྲོང་ཁྱེར་སྙིང་པོ་དགྲ་ངེས་ན། །མྱ་ངན་པ་ན་རྨོངས་བྱེད་པ། ཁྱུས་འགྲོ་ན་ནི་གནོད་སྦྱིན་གྲགས། །མ་རུང་པ་ཡང་དེ་བཞིན་ཏེ། །ང་རྒྱལ་བྲལ་དང་ལྷར་རྩེལ། །འཇིགས་སྦྱིན་ན་ནི་ཡིད་འཇིགས་པ། ཁ་ཆེའི་ཡུལ་ན་འོང་བྱེད་པ། །གཏུམ་པོ་རལ་པ་གྲོང་ཁྱེར་ན། ཁ་ཆེའི་ཡུལ་གྱི་ས་ཆ་ན། །ལྔ་བརྩེན་ཞེས་ནི་བྱ་བ་གནས། །དེ་ལྟ་བུ་ནི་ལྔ་བརྒྱ་སྟེ། །སྡེ་བོ་ཆེ་

(༥༥༤)ལ་སྟོབས་པོ་ཆེ། །ལྕེ་རྩེན་གྱི་ནི་བུ་ཐུའོ། །རྒྱ་ཡུལ་གྱི་ནི་ས་ལ་གནས། །ཕྲག་པའི་མིག་ཅེས་བྱ་བ་ནི། །མཛོད་ལྡན་ན་ནི་བུ་དང་བཅས། །ཀ་ལིངྐ་ན་མཆེ་བ་རྐང་། །དཀྱིལ་འཁོར་བསྟན་ན་ད་ལ་རོ། །ག་པུ་ཤ་ན་ལང་ཀའི་བདག །འོད་ཅན་དགའ་བའི་ཚང་ཚིང་ན། །ནམ་མཁའ་སྲུང་ན་ཆོས་སྐྱོང་བ། །ལག་པ་ཆེན་པོ་ངན་པ་ན། །རྣམ་ཐོས་བུ་ཡི་བུ་དཔལ་ལྡན། །རྒྱལ་བ་ཁྱུ་མཆོག་རྒྱལ་བའི་སྐུ། །གནོད་སྦྱིན་བྱེ་བས་ཡོངས་བསྐོར་ཞིང་། །ཐོ་དཀར་གྱི་ནི་ཡུལ་ན་གནས། །གྲོགས་བཅས་རི་དང་གངས་ཅན་ངག །སིནྡྷུ་ཡི་ནི་རྒྱ་མཚོར་གནས། །གྲོང་ཁྱེར་གསུམ་ན་རྩེ་གསུམ་ལག །ཀ་ལིངྐ་ན་རབ་འཇོམས་པ། །ཚིག་ང་སེར་པོ་འགྲོ་ལྡིང་ན། །སིངྒ་ལ་ན་ནོར་གྱི་བདག །ནེ་ཙོ་བཞིན་ནི་འབྲོག་ན་སྟེ། །འགྲོ་བའམ་ཅི་ནི་འོག་ན་གནས། །

(༥༥༥)

(༥༥༦""

(༥༥༧)པདྨ་དཀར་པོ་འོད་གསལ་བ། །གྲོང་ཁྱེར་གསུམ་རྩེགས་རྩེ་བ་ཅན། །འཇིགས་པ་སྦྱིན་ན་རབ་འཇིགས་པ། །ཆུ་དང་ལྡན་ན་དམར་སེར་གནས། །བ་བ་དད་བསྐྱེད་བ་ཌ་ཀ །འདོད་པ་སྦྱིན་དང་མ་ལྡན་ན། །བུ་མོ་འཇུག་ན་རབ་པད་པ། །ག་པུ་ཤ་ན་ལ་ཀུ་པ། །ཕ་རོལ་མདའ་མེད་དངུལ་ཆུ་ཅན། །ནུས་པའི་གནས་ན་ཞི་བྱེད་པ། །བ་ལྷ་བ་ན་ཐག་བཟང་རིགས། །ཀ་ཏ་ཀ་ན་དམར་སེར་རོ། །འཕྲལ་རིགས་འཕེལ་ན་བཞིན་རྒྱས་པ། །ཨོ་རྒྱན་ཡུལ་ན་མ་རུངས་པ། །ཐོད་ཤུལ་ནང་ན་བོང་བུའི་ལྟོ། །ཆུ་སྲིན་རྒྱལ་མཚན་མྱ་ངན་མ་ན། །སྣ་ཚོགས་དེ་ནི་པོ་ཀ་ན། །དགའ་ན་ལྡན་ན་སྒྲ་སྒྲོགས་བུ། །ཕུང་པོའི་བདག་པོ་དམར་སེར་པོ། །ཆུང་མ་ཅན་ན་མཐོང་དགའོ། །གནོད་སྦྱིན་ཆུ་སྲིན་རྒྱལ་པོའི་ཁབ། །ཡངས་པ་ཅན་ན་གནས་པ་སྟེ། །

(༥༥༨)བརྒྱ་སྟོང་ཕྲག་ནི་མང་པོ་ཡིས། །གནོད་སྦྱིན་རྣམས་ཀྱིས་བརྙེད་བཀུར་བྱས། །བ་གླང་སྐྱབས་ནི་སྦྲུལ་འཇུག་ན། །ལྕང་ལོའི་གྲོང་ན་ལྕང་མོ་བ། །དགའ་བའི་གྲོང་ན་དགའ་བ་ཅན། །གྲོང་གྱི་ལྷས་ན་སྟོབས་ཆེན་གནས། །རེ་རེའང་དུ་མའི་གཡོག་འཁོར་ཅན། །སྡེ་ཆེ་སྟོབས་ཆེ་རྫུ་འཕྲུལ་ཆེ། །ཕ་རོལ་དཔུང་རྣམས་རབ་འཇོམས་པ། །གཞན་གྱི་མི་ཐུབ་སྟོབས་དང་ལྡན། །སོ་སོའི་ཡུལ་འཁོར་སྐྱོང་མཛད་ཅིང་། །གནོད་སྦྱིན་དབང་པོའི་བཀའ་བཞིན་དུ། །ཆོས་མིན་སྤྱོད་རྣམས་ཚར་གཅོད་ཅིང་། །སངས་རྒྱས་བསྟན་པ་བསྲུང་མཛད་པ། །སྡེ་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །འཕྲོག་མ་ཞེས་བགྱིད་གནོད་སྦྱིན་མོ། །འཇིགས་པར་བགྱིད་པ་སྟོབས་མོ་ཆེ། །དེ་ཡི་བུ་ནི་ལྔ་བརྒྱ་རྣམས། །འཇིགས་བགྱིད་གནོད་སྦྱིན་མཐུ་རྩལ་ཅན། ཁྱོད་ཉིད་ཀྱི་ནི་གཡོགས་ལགས་ཏེ། །གནོད་

(༥༥༩)སྦྱིན་བྱེ་བའི་གཡོག་འཆང་བ། །གནོད་སྦྱིན་ཆེན་པོ་འབྲོག་པོ་ཆེ། །འཁོར་བཅས་རྣམས་ལ་ཕྱག་འཚལ་ལོ། །དྲག་ཅིང་མི་སྡུག་སྣ་ཚོགས་གཟུགས། །གནོད་སྦྱིན་བྱེ་བ་སྟོང་ཕྲག་གི། །མ་རུ་གྱུར་པ་ལིམ་ལོག་ཅན། །རྐུན་མ་དང་ནི་ཤིང་རྟ་དང་། །མགྲིན་རིང་ཞེས་བགྱིའི་སྲིན་མོ་དང་། །སྲིན་མོ་ཤིན་ཏུ་གནག་པ་དང་། །སྲིན་མོ་ནག་མོ་ཞེས་བགྱིད་དང་། །སྲིན་མོ་རབ་གནས་ཞེས་བྱ་བ། །འཇིགས་རུང་བུ་ནི་དུ་མ་དང་། །འཁོར་དང་བཅས་ལ་ཕྱག་འཚལ་ལོ། །མ་གྷ་དྷ་ན་ཐམས་ཅད་མཐོང་། །ཀ་ཤ་ན་ནི་པདྨ་འཆང་། །ཡངས་པ་ཅན་ན་རྒྱལ་མཆོག་ནང་། །གྱད་ཡུལ་ན་ནི་གྲགས་འཛིན་གནས། །རྒྱལ་པོའི་ཁབ་ན་ཀུ་བཻ་ར། །སེར་སྐྱའི་གནས་ན་དྲག་པོ་སྟེ། །ཏ་མ་ལ་ན་འབྱོར་པ་གནས། །མི་ཐི་ལི་ན་ཀུན་ཏུ་རྒྱལ། །མ་མོ་ཆེན་མོའི་འདི་བརྒྱད་ནི། །གནོད་སྦྱིན་རྣམས་

(༥༦༠)ཀྱི་སྡེ་དཔོན་མཆོག །རྫུ་འཕྲུལ་ཆེན་པོ་སྐལ་བ་ཅན། །སྟོབས་ཆེན་དེ་དག་ཐམས་ཅད་ནི། ཁྱེད་ཀྱི་བཀའ་སྒོ་ཕྲིན་ལས་བསྒྲུབ། །འཁོར་དང་བཅས་ལ་ཕྱག་འཚལ་ལོ། ཁྱེད་ཀྱི་འཁོར་གཏོགས་ཕོ་ཉ་བྲན། །མི་སྡུག་རབ་ཏུ་འཇིགས་པའི་གཟུགས། །མགོ་བརྙན་མཚོན་ཆ་སྣ་ཚོགས་འཛིན། །སྣ་ཚོགས་གཟུགས་ཅན་མི་བསྲུན་པ། །གནོད་སྦྱིན་སྲིན་པོ་ལྷ་མིན་ཀླུ། །ཡི་དགས་གྲུལ་བུམ་ལུས་སྲུལ་པོ། །མཁའ་ལྡིང་བ་ཟ་སྲུལ་པོའི་གདོན། །མ་རུང་གཟའ་སྐར་དྲང་སྲོང་གདོན། །གནོད་སྦྱིན་འཚེ་བའི་ངང་ཚུལ་ཅན། །རྒྱལ་ཆེན་ཁྱོད་ཀྱི་བཀའ་བསྒོས་པས། །བསྟན་འཛིན་རྣམས་ལ་བསྲུང་ཞིང་སྐྱོབ། །དྲག་པོའི་འཁོར་ལ་ཕྱག་འཚལ་ལོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་བསྟོད་པ་རྒྱལ་པོའི་ཐུགས་རབ་ཏུ་མཉེས་པར་བྱེད་པ་ལས་འཁོར་ཚོགས་ལ་བསྟོད་པའི་ལེའུ་སྟེ་བཞི་པའོ། ཁྱེད་ནི་ཐེག་པ་དམན་པ་ལ། །མོས་པའི་སེམས་ཅན་དོན་

(༥༦༡)གྱི་ཕྱིར། །ཉན་ཐོས་ཐེག་པའི་སྒོར་ཞུགས་ཏེ། །བསྟན་སྐྱོང་ཁྱོད་ལ་ཕྱག་འཚལ་བསྟོད། ཁྱོད་སྔོན་མཁའ་ལྡིང་རྒྱལ་པོ་ནི། །སྒྲ་ཅན་སྒྲ་ཆུང་སྤུན་གཉིས་ཀྱིས། །ཀླུ་རྒྱལ་དབུགས་དང་དབུགས་ཆེན་གཉིས། །གཅེས་ཤིང་རབ་ཏུ་སྐྲག་གྱུར་ནས། །གསེར་གྱི་ས་གཞིའི་སྟེང་དུ་བྲོས། །དེ་ནས་སངས་རྒྱས་འོད་སྲུངས་ལ། །སྐྱབས་སོང་བསླབ་པའི་གཞི་མནོས་པས། །མཁའ་ལྡིང་འཇིགས་བྲལ་བག་ཡང་བྲལ། །དེ་ནས་མཁའ་ལྡིང་གཉིས་ཀྱིས་ཀྱང་། །རྒྱུ་མཚན་བྲིས་པས་དད་པ་རྙེད། །སངས་རྒྱས་འོད་སྲུངས་སྐྱབས་སུ་སོང་། །བསླབ་པའི་གཞི་བདག་ཡང་དག་མནོས། །འཆི་ཁར་ཤཱཀྱ་ཐུབ་པ་དེ། །མཉེས་པར་བྱེད་ཅིང་སྐྱེ་ཀུན་ཏུ། །གཙོ་བོར་གྱུར་པའི་སྨོན་ལམ་བཏབ། །དེ་མཐུས་ཐུབ་པའི་བསྟན་པ་ལ། །དབུགས་དང་དབུགས་ཆེན་ཡུལ་འཁོར་བསྲུང་། །

(༥༦༢)འཕགས་སྐྱེས་པོར་གྱུར་སྒྲ་སྙན་ནི། །མིག་མི་བཟངས་གྱུར་སྒྲ་ཆུང་ནི། །རྣམ་ཐོས་སྲས་ཞེས་བྱ་བར་གྱུར། །ཐུབ་དབང་ལྷུམས་སུ་ཞུགས་པ་ན། །བལྟམས་དང་རོལ་རྩེད་མཛད་པ་དང་། ཁབ་ཏུ་བཞུགས་པའི་དུས་རྟག་ཏུའང་། །རྟག་ཏུ་བསྲུང་ཞིང་སྐྱོབ་པར་མཛད། །མངོན་པར་མཛད་པའི་དུས་རྟག་ནའང་། །ཆེབས་ནས་བཏེགས་ཏེ་གདན་དྲངས་ཤིང་། །རབ་བྱུང་དཀའ་བ་སྤྱོད་དུས་སུ། །ཉིན་དང་མཚན་དུ་མེལ་ཚེ་བྱེད། །ཐུབ་ཆེན་རྫོགས་པར་སངས་རྒྱས་ནས། །བསོད་སྙོམས་ལེན་པར་བཞེད་པའི་ཚེ། །ཁྱེད་ཀྱི་རྡོ་ཡི་ལྷུང་བཟེད་བཞི། །གྲོགས་ལའང་བགོ་སྟེ་ཅིག་ཅར་དུ། །སྟོན་པས་གཅིག་ཏུ་བྱིན་རླབས་ནས། །ང་ལ་ལྷུང་བཟེད་ཕུལ་བ་ཡིས། །རྒྱ་ཆེན་ཆོས་ཀྱི་སྣོད་འགྱུར་བཞེས། །ལུང་བསྟན་ཐོབ་ལ་ཕྱག་འཚལ་ལོ། །དེ་ནས་

(༥༦༣)བཟུང་སྟེ་སྟོན་པ་དང་། །དམ་པའི་ཆོས་དང་འཁོར་རྣམས་བཞི། །མཆོད་དང་བསྲུང་བ་བྱ་བའི་ཕྱིར། །རྟག་ཏུ་རྗེས་སུ་འབྲེང་བར་བྱེད། །ནམ་ཞིག་ཐུབ་པའི་དབང་པོ་ནི། །དལ་གྱི་འབབ་པའི་མཚོ་འགྲམ་དུ། །འཕགས་པའི་ཚོགས་ཀྱི་བསྐོར་བའི་དབུས། །གདན་གྱི་གུང་ལ་བཞུགས་པའི་ཚེ། ཁྱོད་སོགས་རྒྱལ་ཆེན་སྡེ་བཞི་པོ། །སྟོང་ཕྲག་དུ་མའི་འཁོར་དང་བཅས། །སོ་སོའི་ཕྱོགས་ནས་ལྷག་ནས་ནི། །མཆོད་པས་མཆོད་དེ་འཁོད་པའི་ཚེ། །བཅོམ་ལྡན་འདས་ཀྱི་གསུངས་གཅིག་གིས། །སོ་སོའི་སྐད་དུ་ཆོས་བསྟན་པས། །བཞི་ཀས་ཆོས་ལ་ཆོས་ཀྱི་མིག །རྡུལ་དང་བྲལ་བ་སྐྱེས་གྱུར་ནས། །བདག་ཅག་ཞུ་ཞེས་ཆེད་དུ་བརྗོད། །སྐྱབས་འགྲོ་བསླབ་པའི་གཞི་བཟུང་ནས། །དེ་ལྟར་ཐོགས་ཀྱང་ལན་བདུན་གྱིས། །སྲིད་མཐར་ཕྱིན་ལ་ཕྱག་འཚལ་ལོ། །དེ་ནས་

(༥༦༤)བཟུང་སྟེ་དམ་པའི་ཆོས། །བསྲུང་ཞིང་བསྲུང་བར་ཁས་བླངས་ནས། །འཁོར་བཞི་སྐྱོབ་པར་ཞལ་བཞེས་པའི། །བསྟན་སྲུང་ཁྱོད་ལ་ཕྱག་འཚལ་ལོ། །སྟོན་པ་མྱ་ངན་འདའ་བའི་ཚེ། །ཀ་ཡེ་ལྷ་ཡི་དབང་པོ་དག །ང་ནི་མྱུར་དུ་མྱ་ངན་འདའ། །དེ་འོག་ཁྱོད་ནི་བསྟན་པ་བསྲུང་། །བསྟན་པ་ནུབ་ཏུ་ཉེ་བའི་ཚེ། །འཇིག་རྟེན་ཆོས་མིན་ཤས་ཆེར་སྤྱོད། །མུ་གེ་རིམས་ནད་འཁྲུག་པ་དང་། །དགེ་སློང་རྣམས་ཀྱང་སླབ་ལ་གཡེལ། །དེ་ཚེ་མ་རུང་མི་རྣམས་ཀྱིས། །གཙུག་ལག་ཁང་དང་མཆོད་རྟེན་བཤིག །དགེ་འདུན་དག་ཀྱང་གསོད་པར་བྱེད། །བསྟན་ལ་གནོད་ཆེན་འབྱུང་བའི་ཚེ། ཁྱེད་བཞི་གཅིག་ཏུ་བསྡོངས་ནས་ནི། །བསྟན་ལ་གཅེས་པར་བསྲུངས་ཤིག་ཅེས། །སྟོན་པའི་ཞལ་ཆེམས་བཞག་ནས་ནི། །བསྟན་པ་བསྲུང་བར་བཀོད་པ་བཞིན། ཁྱེད་ཀྱང་ལྷ་ཡི་ཚིག་

(༥༦༥)བདེན་པས། །ལྔ་བརྒྱ་ཐ་མའི་དུས་ཀྱི་ཚེ། །བསྟན་པ་གཅེས་པར་བསྲུང་ངོ་ཞེས། །ཞལ་གྱི་བཞེས་ལ་ཕྱག་འཚལ་ལོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བསྟོད་པ་རྒྱལ་པོའི་ཐུགས་རབ་ཏུ་མཉེས་པར་བྱེད་པ་ལས། ཉན་ཐོས་ཀྱི་ལུགས་དང་མཐུན་པར་བསྟོད་པའི་ལེའུ་སྟེ་ལྔ་པའོ། ཁྱེད་ཀྱི་བྱང་ཆུབ་སེམས་དཔའ་སྟེ། །དམན་མོས་སེམས་ཅན་དོན་གྱི་ཕྱིར། །ཉན་ཐོས་འཕགས་པར་ཚུལ་བསྟན་པའི། །སེམས་དཔའ་ཆེན་པོར་ཕྱག་འཚལ་ལོ། ཁྱོད་སྔོན་བསྐལ་པ་གྲངས་མེད་ན། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད། །འཕགས་མཆོག་མཉེས་ལ་ཕྱག་འཚལ་ལོ། །བསྐལ་པ་བཟང་པོ་དེ་ཉིད་ལ། །རྣམ་སྲས་དེ་ཉིད་བདེན་པའི་ཕྱིར། །རིན་ཆེན་བདུན་ལས་བྱས་པའི་གདུགས། །ཐུབ་དབང་ལ་ཕུལ་འདི་སྐད་གསོལ། །དེ་བཞིན་གཤེགས་ལ་བདག་ཉིད་ཀྱིས། །ཆོས་ཀྱི་རྣམ་གྲངས་

(༥༦༦)གཟུང་བར་བགྱི། །ཕ་རོལ་ལ་ཡང་བསྟན་པར་བགྱི། །བདག་ནི་བསམ་པ་འདི་འདྲའོ། །སངས་རྒྱས་དཔག་མེད་སྐྱོབས་པ་ལ། །བདག་གིས་གདུགས་འདི་ཕུལ་བ་ཡིས། །བདག་ནི་ཐུབ་པ་ཁྱོད་འདྲ་བར། །སྤྱི་གཙུག་ལྟར་ཡང་མི་བརྡར་གྱུར། །ཞེས་པ་ལ་སོགས་སྨོན་ལམ་བཏབ། །ལྷག་བསམ་དག་པའི་ནུས་མཐུ་ཡིས། །རྫོགས་སངས་རྒྱས་ཀྱི་མངོན་སུམ་དུ། ཁྱོད་ལ་འདི་སྐད་ལུང་བསྟན་མཛད། ཁྱོད་ནི་འདི་ནས་ཤི་འཕོས་ནས། །དགའ་ལྡན་དུ་ཡང་སྐྱེ་བར་གྱུར། །དགའ་ལྡན་གནས་ནས་ཤི་འཕོས་ནས། །སངས་རྒྱས་བྱམས་པ་ལ་སོགས་པ། །བསྐལ་བཟང་སངས་རྒྱས་ཐམས་ཅད་ཀྱང་། །མཐོང་ཞིང་ཀུན་ལ་མཆོད་བྱས་ནས། །སྐལ་པ་སྟོང་ཕྲག་ཉི་ཤུར་ནི། །མཆོད་པ་བྱས་ནས་རབ་བྱུང་སྟེ། །ཚངས་པར་སྤྱོད་ལ་རབ་སྦྱང་ནས། །ཀལྤ་བྱེ་བ་དྲུག་ཅུ་ནས། ཁྱོད་ནི་རྫོགས་པའི་སངས་རྒྱས་འགྱུར། །སངས་རྒྱས་ཞིང་ནི་ལེགས་བརྒྱན་པར། །དེ་བཞིན་

(༥༦༧)གཤེགས་པ་རིན་ཆེན་གདུགས། །ཞེས་བྱ་བར་ནི་སངས་རྒྱས་སྟེ། འཁོར་ནི་བྱང་སེམས་ཤ་སྟག་ལ། ཁྱོད་ནི་ཆོས་རྣམས་སྟོན་པར་འགྱུར། །ཚེ་ཡི་ཚད་ནི་ཀལྤ་གཅིག །དམ་ཆོས་ཀལྤ་ཕྱེད་དུ་གནས། །ཞེས་གསུངས་མངོན་སུམ་ལུང་བསྟན་པས། །ས་བརྒྱད་བརྙེས་ལ་ཕྱག་འཚལ་ལོ། ཁྱོད་ནི་བསྟན་པ་བསྲུང་བའི་ཕྱིར། །རྫོགས་སངས་རྒྱས་ཀྱི་བསྟན་པ་ནི། །ཟབ་མོ་གང་དང་གང་གསུངས་པ། །དེ་ནི་ཁྱོད་འཁོར་སྡེ་དང་བཅས། །ལྷགས་དང་གུས་པས་ཉན་བྱེད་ཅིང་། །མདོ་སྡེ་འདི་དང་འདི་འཛིན་པའི། །གང་ཟག་བསྲུང་ཞིང་སྐྱོབས་པ་དང་། །མདོ་སྡེ་གནས་པའི་ས་ཕྱོགས་ཀྱང་། །ཡོངས་སུ་བསྐྱང་ཞེས་ཞལ་གྱིས་བཞེས། །གང་དུ་མདོ་སྡེ་འཆང་བ་དེར། །བདག་ཅག་འཁོར་བཅས་དཔུང་དང་བཅས། །འོངས་ནས་མཆོད་ཅིང་བསྲུང་ངོ་ཞེས། །མདོ་སྡེ་ཕལ་ཆེར་གསུངས་པའི་ཚེ། །སྟོན་པའི་སྤྱན་སྔར་མངོན་སུམ་དུ། །

(༥༦༨)བཏག་པའི་ངག་གིས་དམ་བཅས་པའི། །ཆོས་སྐྱོང་ཆེན་པོར་ཕྱག་འཚལ་ལོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་བསྟོད་པ། རྒྱལ་པོའི་ཐུགས་རབ་ཏུ་མཉེས་པར་བྱེད་པ་ལས་ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་བསྟོད་པའི་ལེའུ་སྟེ་དྲུག་པའོ། ཁྱོད་ནི་རྡོ་རྗེ་ཐེག་པ་མ་ལུས་ཀྱི། །སྒོར་བཞུགས་བཅོམ་ལྡན་འདས་ཀྱིས་དབང་བསྐུར་ཏེ། །རྒྱུད་སྡེ་མ་ལུས་བསྲུང་བར་བཀའ་བསྒོས་པའི། །བསྟན་བསྲུང་ཆེན་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ནི་གཙང་མའི་གནས་ཀྱི་འོག་མིན་དུ། །འཇམ་དཔལ་རྣམ་སྤྲུལ་རྩ་བའི་དཀྱིལ་འཁོར་དུ། །དབང་བསྐུར་བརྒྱུད་བཤད་བསྟན་པ་བསྲུང་བ་རུ། །བཀའ་བསྲུང་ཞལ་གྱི་བཞེས་ལ་ཕྱག་འཚལ་ལོ། །དེ་བཞིན་བདེ་གཤེགས་རིགས་ཀྱི་དཀྱིལ་འཁོར་རྣམས། །ཕལ་ཆེར་ཁྱོད་བཅུག་དབང་བསྐུར་རྒྱུད་གཏད་ནས། །བཀའ་བསྒོས་དམ་བཅས་དེ་བཞིན་གཤེགས་པ་ཡི། །རིགས་ཀྱི་རྒྱུད་སྡེ་འཛིན་ལ་ཕྱག་འཚལ་ལོ། ཁྱོད་ནི་དོན་ཞགས་རྣམ་གྲོལ་དཀྱིལ་འཁོར་ལ། །སོགས་པར་དབང་བསྐུར་རྒྱུད་བཏད་བཀའ་བསྒོས་

(༥༦༩)ཏེ། །པདྨའི་རིགས་ཀྱི་རྒྱུད་སྡེ་མ་ལུས་པ། །སྐྱོང་བར་བྱེད་པ་དེ་ལ་ཕྱག་འཚལ་ལོ། ཁྱོད་ནི་ཕྱག་རྡོར་རིགས་མཆོག་དཀྱིལ་འཁོར་དུ། །དབང་བསྐུར་བསྟན་པ་བསྲུང་བར་བཀའ་བསྒོས་ཏེ། །རྡོ་རྗེ་རིགས་ཀྱི་རྒྱུད་སྡེ་མ་ལུས་པ། །སྐྱོང་བར་བྱེད་པ་དེ་ལ་ཕྱག་འཚལ་ལོ། ཁྱོད་ནི་ནོར་བུའི་རིགས་ཀྱི་བདག་པོ་སྟེ། །སྟོང་ཕྲག་གསུམ་ཅུ་ནོར་གྱི་བདག་པོར་བཤད། ཁྱོད་ཀྱི་ཕ་ཡི་ཀྱང་ནི་འབུམ་ཕྲག་བཤད། །དེ་ལྟར་ནོར་བུ་བཟང་སོགས་ནོར་རིགས་ཀྱི། །དཀྱིལ་འཁོར་ཕལ་ཆེར་དབང་བསྐུར་ནོར་བུ་ཡི། །རིགས་ཀྱི་བདག་པོར་བཀའ་བསྒོས་དབང་བསྐུར་བ། །འགྲོ་བ་ཀུན་གྱི་དབུལ་བ་སེལ་བ་ཡིས། །ནོར་རིགས་རྒྱུད་སྡེ་འཛིན་ལ་ཕྱག་འཚལ་ལོ། ཁྱོད་ནི་རིགས་མཆོག་ལྔ་བརྩེན་དཀྱིལ་འཁོར་དུ། །དབང་བསྐུར་བསྟན་པ་བསྲུང་བར་དམ་བཅས་པ། །རྒྱས་པའི་རིགས་ཀྱི་རྒྱུད་སྡེ་ཐམས་ཅད་ཀྱང་། །སྐྱོང་བར་བྱེད་པ་ཁྱོད་ལ་ཕྱག་འཚལ་ལོ། །དེ་

(༥༧༠)བཞིན་གཤེགས་པ་བསྟན་པ་ཡིས། །འཁྱམས་པོའི་རིགས་ཀྱང་བསྲུང་བར་ཞལ་བཞེས་ཏེ། །བྱ་བའི་རིགས་ཀྱི་རྒྱུད་སྡེ་གོ་དྲུག་པོ། །བསྲུང་ཞིང་སྐྱོང་བ་ཁྱོད་ལ་ཕྱག་འཚལ་ལོ། ཁྱོད་ནི་དཔལ་ཡོན་ཅན་གྱི་གྲོང་ཁྱེར་དུ། །ཕྱག་རྡོར་དབང་བསྐུར་རྡོ་རྗེའི་དཀྱིལ་འཁོར་དུ། །བཅུག་ཏེ་དབང་བསྐུར་དབྱུག་ཐོ་རྡོ་རྗེ་ཅན་ལག་ཏུ་བཏད་ནས་ཁྲི་ཕྲག་འཁོར་དང་བཅས། བསྟན་པ་བསྲུང་བར་བཀའ་བསྒོས་གཉེར་གཏད་པས། །རྡོ་རྗེའི་རིགས་ཀྱི་རྒྱུད་སྡེ་སྐྱོང་མཛད་པ། །དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་སྡེ་རྣམས། །བསྲུང་ཞིང་སྐྱོང་བ་ཁྱོད་ལ་ཕྱག་འཚལ་ལོ། ཁྱོད་ནི་རྣལ་འབྱོར་རྒྱུད་ཀྱི་བསྟན་བསྲུང་སྟེ། །དེ་བཞིན་གཤེགས་པ་རྡོ་རྗེ་པདྨ་དང་། །ནོར་བུའི་རིགས་དང་ཕྲིན་ལས་བདག་གི་རིགས། །གཅེས་པར་བསྲུང་བ་ཁྱོད་ལ་ཕྱག་འཚལ་ལོ། །རི་རབ་རི་ཡི་རྩེ་མོར་དེ་བཞིན་གཤེགས་རིགས་ཀྱིས། །དཀྱིལ་འཁོར་ཆེན་པོར་བཅུག་སྟེ་དབང་བསྐུར་ཞིང་། །རལ་དྲི་གཏད་ནས་རྡོ་རྗེ་འཇིགས་བྱེད་ཅེས། །མཚན་

(༥༧༡)བཏགས་དེ་བཞིན་གཤེགས་རིགས་བསྲུང་བར་བསྐོས། ཁྱོད་ནི་ཆོས་དབྱིངས་གསུངས་དབང་དཀྱིལ་འཁོར་དུ། །དཀྱིལ་འཁོར་བཞི་པར་བཅུག་སྟེ་དབང་བསྐུར་ནས། །དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་སྡེ་ཀུན། །སྐྱོང་བར་བྱེད་པ་ཁྱོད་ལ་ཕྱག་འཚལ་ལོ། ཁྱོད་སྔོན་ཁམས་གསུམ་རྣམ་རྒྱལ་དཀྱིལ་འཁོར་དུ། །བཅུག་སྟེ་དབང་བསྐུར་རིན་ཆེན་ཅོད་པཎ་དང་། །དར་དཔྱངས་བྱིན་ནས་ལག་ཏུ་རྡོ་རྗེ་དང་། །དབྱིག་པ་གཏད་ནས་རྡོ་རྗེ་འཇིགས་བྱེད་ཅེས། །གསང་བའི་མཚན་བཏགས་མདོག་སྔོ་རོ་ལངས་ཞོན། །ལུས་ངན་མོར་ཡང་རྡོ་རྗེ་ཞགས་པ་གཏད། །རྡོ་རྗེ་ཁྱོར་མར་མཚན་གསོལ་རྡོ་རྗེ་ཡིས། །རིགས་ཀྱི་རྒྱུད་སྡེ་སྐྱོང་ལ་ཕྱག་འཚལ་ལོ། ཁྱོད་སྔོན་གཞན་འཕྲུལ་དབང་བྱེད་ཕོ་བྲང་དུ། །དཔལ་མཆོག་དང་པོའི་ཆོས་དང་ལས་རིགས་ཀྱིས། །དཀྱིལ་འཁོར་ཆེན་པོར་སྔར་བཞིན་དབང་བསྐུར་ཏེ། །ཆོས་དང་ལས་རིགས་སྐྱོང་ལ་ཕྱག་འཚལ་ལོ། །དཔལ་མཆོག་རྡོ་རྗེ་སེམས་དཔའི་

(༥༧༢)དཀྱིལ་འཁོར་དུ། །བཅུག་སྟེ་སྔར་བཞིན་དབང་བསྐུར་མཚན་བཏགས་སྟེ། །རྡོ་རྗེ་འཆང་རིགས་རྒྱུད་སྡེ་ཐམས་ཅད་ཀྱང་། །བསྲུང་ཞིང་སྐྱོང་བ་ཁྱོད་ལ་ཕྱག་འཚལ་ལོ། ཁྱོད་སྔོན་གཞན་འཕྲུལ་དབང་བྱེད་ཕོ་བྲང་དུ། །ནོར་སྟེར་གནོད་སྦྱིན་མོ་ཡི་དཀྱིལ་འཁོར་དུ། །བཅུག་སྟེ་དངོས་གྲུབ་སྟེར་བར་བཀའ་བསྒོས་ཤིང་། །ནོར་གྱི་ཆར་པ་འབེབས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་དུ། །ཆོས་སྐྱོང་བསྟན་པ་བསྲུང་བར་བཀའ་བསྒོས་ཤིང་། །སྒྲུབ་པོ་སྐྱོང་ཞིང་བར་ཆད་ཀུན་སེལ་བའི། །ཕ་རྒྱུད་བསྟན་པ་སྐྱོང་ལ་ཕྱག་འཚལ་ལོ། ཁྱོད་ནི་རྣལ་འབྱོར་ནམ་མཁའི་དཀྱིལ་འཁོར་དུ། །རྡོ་རྗེ་འཆང་གི་དབང་བསྐུར་བྱིན་རླབས་ནས། །གསང་མཚན་དྲག་པོ་ཆེན་པོར་མཚན་གསོལ་ཏེ། །མ་རྒྱུད་བསྟན་པ་འཛིན་ལ་ཕྱག་འཚལ་ལོ། །དེ་ནི་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་སོགས། །མ་རྒྱུད་དཀྱིལ་འཁོར་ཕལ་ཆེར་དབང་བསྐུར་ཞིང་། །ཚང་ཚིང་འཁྲིགས་པའི་དུར་ཁྲོད་སྐྱོང་བར་བསྒོས། །རྣལ་འབྱོར་མ་རྒྱུད་སྐྱོང་ལ་

(༥༧༣)ཕྱག་འཚལ་ལོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ལ་བསྟོད་པ་རྒྱལ་པོའི་ཐུགས་རབ་ཏུ་མཉེས་པར་བྱེད་པ་ལས། གསང་སྔགས་ཀྱི་རྒྱུད་སྡེ་འཛིན་པའི་སྒོ་ནས་བསྟོད་པའི་ལེའུ་སྟེ་བདུན་པའོ། ཁྱོད་ནི་བྱང་ཆུབ་སེམས་དཔའ་རིན་ཆེན་མང་། །ལྷ་མེའི་རྒུད་པ་མ་ལུས་བསལ་བའི་ཕྱིར། །འཇིག་རྟེན་སྐྱོང་མཛད་གནོད་སྦྱིན་རྒྱལ་པོར་སྤྲུལ། །ས་བཅུའི་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་ལོ། །ལྷ་ཡི་རྒྱལ་པོ་ཁྱོད་ཀྱི་རྣམ་སྣང་མཛད། །དེ་བཞིན་གཤེགས་པའི་ཐུགས་ལ་སྤྲུལ་པ་སྟེ། །སངས་རྒྱས་མཛད་པ་ཇི་བཞིན་མཛད་དོ་ཞེས། །ཕྱག་ན་རྡོ་རྗེ་ཡང་དག་ཤེས་ལ་བཤད། །དེ་ཕྱིར་བསམ་གྱིས་མི་ཁྱབ་ཡང་དག་ལྡན། །མཐུ་སྟོབས་ཐོགས་པ་མེད་པས་བསྟན་པ་བསྲུང་། །ཐུགས་རྗེ་ཆེན་པོས་བསྟན་འཛིན་བུ་བཞིན་སྐྱོང་། །སངས་རྒྱས་རྣམ་སྤྲུལ་ཁྱོད་ལ་ཕྱག་འཚལ་ལོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ལ་བསྟོད་པ་རྒྱལ་པོའི་ཐུགས་རབ་

(༥༧༤)ཏུ་མཉེས་པར་བྱེད་པ་ལས། བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཀྱི་རྣམ་འཕྲུལ་དུ་བསྟན་པའི་སྒོ་ནས་བསྟོད་པའི་ལེའུ་སྟེ་བརྒྱད་པའོ། །ཞེས་གསུངས་རྒྱལ་པོ་འདིའི་སྲས་ཀྱི་མཐུ་བོ་གནོད་སྦྱིན་ཀུན་ཏུ་རྒྱལ་བ་ཞེས་བྱ་བ། ཞང་བློན་ཆེན་པོ་རྡོ་རྗེ་བདུད་འདུལ་ཡིན་ཏེ། ཁྲ་ཐོགས་ནག་པོའི་རྒྱུད་ཀྱི་ལེའུ་ཉེར་གཉིས་པ་ལས། རྣམ་ཐོས་སྲས་ཀྱི་བུ་མཐུའོ། །གནོད་སྦྱིན་ཀུན་ཏུ་རྒྱལ་བ་ཞེས་བྱ་བ། །གཏེར་བདག་ཆེན་པོ་དེ་ལ་ནི། །ནོར་བླངས་པའི་ཆོ་ག་བྱ། །ཞེས་ཀུན་ཏུ་རྒྱལ་བ་བསྒྲུབ་ཚུལ་བཤད་ནས་སྙིང་པོའི་སྐབས་སུ། ཨོཾ་བཛྲ་ཙིཏྟ་ར་ག་རུ་གེ་ཧཱུཾ་ཕཊ ཅེས་ཞང་བློན་གྱི་སྲོག་སྔགས་བཅོས་མེད་དུ་བྱུང་བ་དང་། ཛམྦྷ་ལ། མགོན་པོ་འབྲོག་གནས། རྣམ་སྲས་སོགས་འཁོར་གྱི་སྲོག་སྔགས་ཇི་ལྟ་བ་དང་། བསྟོད་པའི་སྐབས་སུ། ཧཱུཾ། རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ན། །གཉའ་ཤིང་འཛིན་གྱི་སྟེང་ན་བཞུགས། །མེ་ཏོག་གླིང་གི་

(༥༧༥)ཕོ་བྲང་ན། །རིན་ཆེན་མཛེས་པའི་ཕོ་བྲང་ན། །བཻ་ཌཱུར་སྔོན་པོའི་ཁྲི་སྟེང་ན། །གནོད་སྦྱིན་ཆེན་པོ་བཞུགས་པ་ནི། །སྐུ་མདོག་མཐིང་ནག་བརྗིད་པ་ལ། །དབུ་ལ་རིན་ཆེན་སྲོག་ཞུ་གསོལ། །ཕྱག་གཡས་ནོར་བུ་རིན་ཆེན་བསྣམས། །གཡོན་ན་བདུད་རྩིའི་བུམ་པ་བསྣམས། །འཛམ་གླིང་སྣར་མའི་འཇིག་རྟེན་ན། །ནོར་དང་ཟས་ཀྱི་ཐང་དབང་བསྐུར། །མཐུན་པ་སྔར་གྱི་གཏོར་མ་བཞེས། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །ཤར་ཕྱོགས་ལྷ་ཆེན་ནོར་ལྷ་ནི། །སུམ་ཅུ་རྩ་གསུམ་ལྷ་ཡུལ་ན། །སྐུ་མདོག་དཀར་པོ་འཛུམ་དང་བཅས། །གཡས་ན་རིན་ཆེན་འབར་བ་ཐོགས། །གཡོན་ན་རིན་ཆེན་སྒྲོམ་བུ་འཛིན། །ནོར་previous hit དང་ཟས་ཀྱི་ཆར་པ་འབེབས། །ཀ་ར་ཚལ next hit་གྱི་གཏོར་མ་བཞེས། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །ལྷོ་ཕྱོགས་མགོན་པོ་ནག་པོ་ནི། །དུར་ཁྲོད་ཆེན་པོ་རབ་འཇིགས་པ། །བསིལ་བའི་ཚལ་ཞེས་གྲགས་པ་

(༥༧༦)ན། །མ་མོ་སྟོང་གི་འཁོར་གྱི་བསྐོར། །ཞིང་སྐྱོང་ཚོགས་རྣམས་དབང་དུ་བསྡུད། །སྐུ་མདོག་མཐིང་ནག་འཇིགས་པ་ལ། །གཡས་ན་ཙན་དན་སྨུག་པོ་བསྣམས། །གཡོན་ན་ལྕགས་སྤར་ནག་པོ་ཡིས། །བདུད་རྩི་མཆོག་སྦྱིན་ཟས་ཀྱིས་བཀང་། །ཤ་ཁྲག་དམར་གྱི་གཏོར་མ་བཞེས། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །ནུབ་ཕྱོགས་འབྲོག་གནས་མཆེད་ལྔ་ནི། །རྒྱལ་བ་ཁྱུ་མཆོག་ཡང་དག་ཤེས། །གང་བ་བཟང་པོ་ནོར་བུ་བཟང་། །གནོད་སྦྱིན་ཆེན་པོ་ལྔ་བརྩེན་རྣམས། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །བྱང་ཕྱོགས་རྒྱལ་པོ་ཆེན་པོ་ནི། །རིན་ཆེན་ནེའུ་ལི་དགོས་འདོད་བསྐོང་། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །ཞེས་རྡོ་རྗེ་བདུད་འདུལ་གྱིས། གཙོ་འཁོར་རྣམས་ཀྱི་བསྟོད་པ་ཇི་ལྟ་བར་བྱུང་རྡོ་རྗེ་བདུད་འདུལ་གྱི་རྒྱུད་རིན་པོ་ཆེ་སྦྱིན་པ་ལེའུ་བཅོ་བརྒྱད་པ་དང་། ཡིད་བཞིན་གཏེར་གྱི་རྒྱུད་ལས་གསུངས་པ་ལྟར་ན། སྔོན་ལྷ་དང་ལྷ་མིན་

(༥༧༧)འཐབས་ཤིང་རྩོད་པ་ལས། ལྷ་ཕམ་ལྷ་མ་ཡིན་རྒྱལ། དེའི་ཚེ་ལྷའི་བུ་རྡོ་རྗེ་ནོར་བུ་ཞེས་བྱ་བ། མར་མེ་མཛད་ཀྱི་སྤྱན་སྔར་མནྡ་ར་བ་ལ་སོགས་པའི་མེ་ཏོག་མང་པོ་གཏོར་ཏེ་ལྷ་མ་ཡིན་ལ་སོགས་པའི་བདུད་རིགས་རྣམས་འདུལ་བར་སྨོན་ལམ་བཏབ་པས། མར་མེ་མཛད་ཀྱི་ཕྱག་སྤྱི་བོར་བཞག་ནས། འདོད་པའི་ཁམས་ལ་དབང་བྱེད་པ། །རྡོ་རྗེ་བདུད་འདུལ་ཞེས་བྱ་བ། །གནོད་སྦྱིན་དག་ཏུ་སྐྱེ་བ་ནི། །དེང་ཁྱོད་ངེས་པར་ཐེ་ཚོམ་མེད། །ཕྱག་ན་རྡོ་རྗེས་བྱིན་གྱིས་རླབས། །ཆོས་དང་མཐུན་པར་བསྟན་པ་བསྲུངས། །ཞེས་ལུང་བསྟན། དེའི་དབང་གིས་བདག་ཅག་གི་སྟོན་པ་སངས་རྒྱས་ནས་རིང་པོར་མ་ལོན་པའི་དུས་སུ། གྲོང་ཁྱེར་དགའ་བའི་previous hit ཚལ་ན་ཡབ་གནོད་སྦྱིན་མིག་པོ་ཆེ་དང next hit་། ཡུམ་ཀླུ་མོ་མཛེས་ལྡན་མའི་སྲས་སུ་བལྟམས་ཏེ། བདུད་མོ་ཀུན་ལ་གདུག་བྱེད་མ་དང་རོལ་

(༥༧༨)ཞིང་བརྩེ་བར་གྱུར་པར་བཤད། རིན་ཆེན་སྦྱིན་གྱི་རྒྱུད་ལས། ཤིན་ཏུ་གདུག་པའི་ལས་བྱེད་སྤྱོད། །ལག་ན་རྡོ་རྗེའི་བུ་རུ་སྐྱེས། །ཞེས་གནོད་སྦྱིན་གྱི་སྡེ་དཔོན་ལག་ན་རྡོ་རྗེའི་སྲས་སུ་བཤད། མིག་པོ་ཆེ་ནི་རྣམ་ཐོས་སྲས་སོ། །ཡབ་ལ་གནོད་སྦྱིན་གཞོན་ནུ་དང་། །ཡུམ་ལ་གནོད་སྦྱིན་འོད་མཛེས་མ་ཞེས་ཀྱང་བཤད། གནོད་སྦྱིན་ལག་ན་གཞོང་ཐོགས་ཀྱི་སྲས་སུ་བཤད་པའང་ཡོད། གཉའ་ཤིང་འཛིན་གྱི་རི་ལ་གནས་བཅས་ཏེ་སྟེང་འོག་ཀུན་ཏུ་རྒྱུ་ཞིང་སེམས་ཅན་ཐམས་ཅད་ཀྱི་སྲོག་གཅད། འདོད་ཁམས་ཐམས་ཅད་ཕུང་བ་ལ་ཐུག་པ་བྱས་པས། བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཁང་བུ་བརྩེགས་པར་སྤྲུལ་ཏེ། གནོད་སྦྱིན་འཁོར་བཅས་འདུལ་བར་བརྩམས་པ་ན། གནོད་སྦྱིན་རྣམས་ཁྲོས་ཏེ། རལ་པ་གཟིངས་ཏེ། ལྕེ་སྒྲིལ། མིག་རྩ་འཁྲུག་ཅིང་། སྐན་སྒྲ་ཏོག་པ་དང་བཅས་ཁྱོད་ཉིད་ཟ་བར་བྱའོ། །ཞེས་སྨྲས་

(༥༧༩)པས་གསང་བའི་བདག་པོས་སྐུ་ལས་འཕྲོས་པའི་མེ་དཔུང་གིས་སྣང་སྲིད་ཐམས་ཅད་ཁྱབ་པར་མཛད་པས་གནོད་སྦྱིན་རྣམས་རབ་ཏུ་ཚིག་ཅིང་སྐྲག་ནས། ཀྱེ་མ་ཧོ། །ཐུགས་རྗེ་ཆེན་པོ་མ་ལགས་སམ། བདེ་བར་གཤེགས་པས་སྐྱོབ་ཏུ་གསོལ། །ཀྱེ་ཧུད་ཀྱེ་ཧུད་བདག་ཅག་ནི་འཚིག་ཅིང་བརླག་གོ །ཞེས་སོགས་སྨྲེ་ངག་ཕྱུང་ཞིང་། སྲོག་སྙིང་ཕུལ། གསང་བའི་བདག་པོས་དབང་བསྐུར་རྡོ་རྗེ་འཇིགས་བྱེད་བདུད་འཇོམས་པ་ཞེས་བྱ་བར་མཚན་བཏགས། གསང་སྔགས་ཀྱི་བསྟན་པའི་བསྲུང་མར་བསྐོས། ཕྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཕོ་བྲང་ལྕང་ལོ་ཅན་དུ་གཤེགས་དུས། ཞང་བློན་ཆེན་པོ་རྡོ་རྗེ་བདུད་འདུལ་འཁོར་དང་བཅས་པ་ལྷག་པ་ན། ཀུན་དགའ་བོས་གསོལ་བ་བཏབ་སྟེ། གནོད་སྦྱིན་འདིའི་རྒྱུད་རྣམས་གསུངས། ཕྱིས་སློབ་དཔོན་ཆེན་པོ་པདྨས་དབང་བསྐུར་དམ་ལ་བཏགས། འདིའི་སྒྲུབ་སྐོང་མང་དུ་མཛད་དེ།

(༥༨༠)བསམ་ཡས་མཆོད་རྟེན་ནག་པོ་དང་། ཀ་ཆུའི་ཀ་རྟེན་དང་། ཁམས་གསུམ་གྱིས་བློ་འབུར་མཆིམས་ཕུ་ནམ་རའི་ལྷ་ཁང་རྣམས་སུ་ཟབ་གཏེར་དུ་སྦས་པ་ལ། བར་ཁང་གི་ཀ་གཞུའི་ནང་ནས། རིགས་འཛིན་ཆེན་པོ་གྲ་པ་མངོན་ཤེས་དབང་ཕྱུག་འབར་གྱིས་སྤྱན་དྲངས་པའི་སྒྲུབ་ཐབས་རྗེས་གནང་གིས་བཀའ་སྲོལ་སོགས་ཆོས་བཀའ་ཡོངས་སུ་རྫོགས་པ་ཆོས་རྒྱལ་གཏེར་བདག་གླིང་པ་ནས་བརྒྱུད་དེ་རྡོ་རྗེ་འཛིན་པ་ཆེ་མཆོག་འདུས་པ་རྩལ་གྱིས་སྤྱན་སྔར་ལེགས་པར་ཐོབ་བོ། །དེ་ལྟ་བུའི་རྒྱལ་པོ་ཆེན་པོ་འདི་ཉིད་རི་རབ་ཀྱིས་བྱང་ཕྱོགས་ལྕང་ལོ་ཅན་གྱིས་ཕོ་བྲང་ན་ནམ་མཁའ་མཛོད་ལ་མངའ་བརྙེས་ཤིང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཛམྦྷ་ལ། གང་བ་བཟང་པོ། ཀུ་བཻ་ར། ཡང་དག་ཤེས། འབྲོག་གནས། ལྔ་བརྩེན། འཇམ་པོ་འཁྱིལ་པ་སྟེ་རྟ་བདག་ཆེན་པོ་བརྒྱད། སྲིན་པོ་དྷ་ཤ་གྲི་ལ་ཤར་ཕྱོགས་ཀྱིས་

(༥༨༡)དམག་དཔོན་སྲིན་པོ་མ་རུ་རྩེའམ་དུང་ཐོས་ཅན་དང་ལྷོ་ཕྱོགས་ཀྱི་དམག་དཔོན། གཤིན་རྗེ་མ་རུ་རྩེའམ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དང་ནུབ་ཕྱོགས་ཀྱི་དམག་དཔོན། སྲོག་བདག་མ་རུ་རྩེའམ་གདོལ་པ་ནག་པོ་འཛུམ་མེད་དང་། བྱང་ཕྱོགས་ཀྱི་དམག་དཔོན་ཡཀྵ་གྲི་ཝའམ། ཡབ་སེ་དམར་པོའམ་ཡམ་ཤུད་དམར་པོ་སྟེ་སྲོག་བདག་ཟངས་ཀྱིས་བེག་རྩེ་ཅན་བཞིའི་འཁོར་གྱིས་བསྐོར་བ་དང་། མགོན་པོ་ལེགས་ལྡན་ནག་པོ་ལྷ་ཆེན་དཔལ་འབར་ལ། ཤར་ཕྱོགས་སྲོག་བདག་དཀར་པོ། ལྷོ་བདུད་རི་ནག་འབར་བ། ནུབ་བཙན་ཡམ་ཤུད་དམར་པོ། བྱང་ཕྱོགས་གནོད་སྦྱིན་སྲོག་གི་བཤན་པ་སོགས་གདུག་པ་ཅན་དུ་མས་བསྐོར་བ་དང་། བན་ཆེན་རྡོ་རྗེ་བདུད་འདུལ་ལ། གནོད་སྦྱིན་རྣོན་པོ་དང་། ཀུན་གྱི་འཇིགས་བྱེད་དང་། ཉི་མ་མིག་ལ་སོགས་པའི་གནོད་སྦྱིན་བྱེ་བའི་འཁོར་གྱིས་

(༥༨༢)བསྐོར་བ་དང་། རིང་པོ། མིག་བཟང་། གང་པོ། སེར་སྐྱ། སེངྒེ་། ཉེ་བའི་སེངྒེ་། དུང་ཆེན་དགའ་བོ། སེངྒེ། སེངྒེའི་རལ་པ། བླ་མ་སེར་སྐྱ། འཛིན་པ། འཛིན་དགའ། བརྩོན་སྐྱོང་། ཁྱབ་འཇུག །ལྔ་སྤྱོད། ཚིག་ལྔ། པི་རི་མཉམ། གསེར་ཅན། སྲ་བ། ཤིན་ཏུ་སྲ་བ། ནག་པོ། ཉེ་ནག །ཉི་མ། ཟླ་བ། མེ་རླུང་སྟེ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད། དབང་པོ། ཟླ་བ། ཆུ་ལྷ། སྐྱེ་དགུའི་བདག་པོ། བསོད་པའི་རྒྱལ་མཚན། དབང་ལྡན། ཙན་དན། འདོད་པའི་གཙོ་བོ། མགྲིན་ངན། མགུལ་ངོས་བཱ་ཌི། ནོར་བུ། ནོར་བུ་སྤྱོད། སྒྲ་རབ། ཉེར་ལྔ་པོ། རི་མཉམ། གསེར་ཅན། གང་པོ། སེང་ལྡེང་། གཡོན་ཕྱོགས་ལྷ། བ་ལང་སྐྱོང་། འབྲོག་གནས། མིའི་རྒྱལ་པོ། རྒྱལ་བའི་ཁྱུ་མཆོག །ཚིག་ལྔ་སེར་པོ། བཞིན་བཟང་རིང་པོ། དྲི་སྣ་ཚོགས་སྡེ། འབྲས་

(༥༨༣)བུ་གསུམ་པ། མགུལ་པ་གསུམ་པ། ལྕགས་མདུང་རིང་པོ། ལྷ་ལས་བྱུང་བའི་མ་ལྡན་སྟེ། སྟོབས་ཆེན་སུམ་ཅུ་རྩ་གཉིས། ལྗོངས་ཆེན་སྐྱོང་བ་བཅུ་དྲུག །ཡུལ་འཁོར་སྐྱོང་བ་ལྔ་བརྒྱ། འཕྲོག་མ་ལྔ་བརྒྱ། སྲིང་མོ་བདུན། གཞན་ཡང་ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། གཟའ་ཆེན་བརྒྱད་ལ་སོགས་ཏེ་སྣང་སྲིད་དྲེགས་པ་སྡེ་བརྒྱད་ཀྱི་འཁོར་གྱིས་བསྐོར་ཏེ་བཞུགས་ནའང་འཛམ་བུའི་གླིང་འདིར་དེ་བཞིན་གཤེགས་པའི་གསུང་རབ་ཡི་གེ་འབྲུ་རེ་ཙམ་དང་། རིང་བསྲེལ་ཡུངས་འབྲུ་ཙམ་གྱིས་རྟེན་གང་དུ་མཆིས་པའི་ས་དེར་རྒྱལ་པོ་ཆེན་པོ་སྡེ་བཞིས་རང་རང་གི་དཔུང་ཚོགས་གྲངས་མེད་པ་དང་བཅས་ཏེ་སངས་རྒྱས་ཀྱི་བསྟན་པ་བསྲུང་ཞིང་། སྐྱོང་བར་ཞལ་གྱིས་བཞེས་ཤིང་ནམ་ཡང་དམ་ལས་མི་འདའ་བ་ཡིན་ནོ། །དམག་དཔོན་བཞི། གིང་གསུམ། བཻ་ཧ་ར། བེག་རྩེ་ལྕམ་

(༥༨༤)དྲལ་ཡང་རྒྱལ་པོ་འདི་ཉིད་ཡིན་པར་རིག་པར་བྱའོ། །དེས་ན་རྒྱལ་པོ་ཆེན་པོ་འདི་ལ་ཡོན་ཏན་ཇི་ལྟར་མངའ་བ་བཞིན་དུ། སེ་ཧར་རྡོར་ལེགས་སོགས་ཡོངས་གྲགས་ཀྱི་དྲེགས་པའི་ཚུལ་འཛིན། ད་ལྟར་གྱི་དགེ་བའི་བཤེས་གཉེན་རྣམས་དྲེགས་པ་རང་ག་བར་འཛིན་པའི་ཆོས་སྲུངས་ཆེན་པོ་རྣམས་ལ་མངའ་བས། དེའི་ཕྱིར་ན་མ་བརྟགས་པའི་བབས་ཆོལ་དང་མ་དད་པ་དང་ལོག་པར་རྟོག་པ་ཐམས་ཅད་སྤངས་ཏེ་གུས་པ་བསྐྱེད་ཅིང་སྤྲོ་དགའ་ཆེན་པོས་ལེགས་པར་བརྟེན་ཅིང་མཉེས་པར་བྱ་རིགས་པ་ཡིན་ནོ། །འོ་ན་འཕགས་སྡེ་ལོ་ཙཱ་བ་དགེ་འདུན་བཀྲ་ཤིས་ཀྱིས་གོང་གིས་ལོ་རྒྱུས་དེའི་འཕྲོ་ལས། དེས་ན་ཚེ་འདིའི་ལྟོ་གོས་ཀྱི་ཁ་དྲག་ཙམ་ཐོབ་པ་དང་། ཕ་རོལ་ལ་དྲག་ལས་ཅུང་ཟད་བྱེད་པ་སོགས་ཀྱི་ནུས་པ་ནི་ཕྱི་རོལ་གྱི་ལྷ་རྣམས་ལ་ཡང་ཡོད་པས། དེ་རྣམས་དགོས་པའི་གཙོ་བོ་མ་ཡིན་ནོ། །དེ་ལྟ་བུ་ནི་བེ་ཧར་ལ་གཏེར་མ་

(༥༨༥)བྱིན་ཀྱང་འགྲུབ་པའི་ཕྱིར་རོ་ཞེས་སེ་ཧར་བརྟེན་དུ་མི་རུང་བ་དང་། རྣམ་སྲས་ལས་ཤིན་ཏུ་དམན་པར་གསུངས་པ་མ་ཡིན་ནམ། ཞེ་ན། དེ་ནི་དྲང་དོན་དགོངས་པ་ཅན་ཡིན་ཏེ། དམ་པ་འདིར་མ་ཟད། སྔོན་སློབ་དཔོན་ཆེན་པོ་བ་ཎི་པ་དང་། ཌོཾ་བྷི་ཧེ་རུ་ཀ་ལ་སོགས་པ་རྒྱ་གར་གྱི་གྲུབ་ཆེན་རྩོད་པ་དང་བྲལ་བ་དུ་མས། ཧེ་རུ་ཀའི་ཆེ་བ་འདོན་པ་དང་། མུ་སྟེགས་པའི་རིང་ལུགས་འགོག་པའི་ཕྱིར་དུ་དབང་ཕྱུག་ཕྱི་རོལ་པ་ཉི་ཚེའི་ལྷ་དམན་པ་ལྟར་གསུངས་ཤིང་། དེ་དག་གི་བརྟེན་བཤིག་པ་དང་། འདུལ་བར་མཛད་པ་དང་། སྟོན་དུ་མི་རུང་བའི་ཤེས་བྱེད་གསུངས་པ་ཤིན་ཏུ་མང་ཞིང་། སྟོན་པའི་སྤྱན་སྔར་མུ་སྟེགས་སྟོན་པ་དྲུག་དང་། ལྷ་སྦྱིན་ལ་སོགས་པ། ངེས་དོན་དུ་སྟོན་པ་རང་ཉིད་ཀྱིས་བསམས་བཞིན་དུ་ཆེ་བ་འདོན་པ་པོར་སྤྲུལ་ཞིང་། དགོངས་པས་མཉམ་ནའང་།

(༥༨༦)ཐུན་མོང་དྲང་དོན་གྱི་ངོར་དེ་དག་སྟོན་པའི་རིང་ལུགས་དང་། ཚ་གྲངས་ཀྱི་རེག་བྱ་ལྟ་བུར་འགལ་འདུའི་རྣམ་པ་ཅན་དུ་གསུངས་པའི་སོགས་ཤིན་ཏུ་མང་བས་དགོངས་གཞི་དང་དགོས་པ་གང་ཡིན་མ་རྟོགས་པར་ཚིག་རེ་རེའི་དགག་སྒྲུབ་ཙམ་ལ་བརྟེན་ནས་རང་ཅག་རྣམས། དམ་པ་ཁྱད་པར་ཅན་རྣམས་ལ་སྐུར་པ་འདེབས་པ་དང་། སྤོང་བ་ནི་མིག་ཅན་གཡང་མཆོད་ཤིན་ཏུ་མི་རིགས་པ་ཡིན་ནོ། །དེས་ན་པེ་ཧར་གྱིས་ཁུངས་སོགས་དེ་ཉིད་ཀྱི་སྐབས་སུ་རྒྱས་པར་འཆད་པ་ལས་ཤེས་པར་བྱའོ། །དེ་ལྟར་མིན་ན། རྡོ་རྗེ་འཆང་དགེ་འདུན་བཀྲ་ཤིས་རང་གིས་རྒྱུད་རྣམ་དག་ཏུ་ཞལ་གྱིས་བཞེས་པའི་རྣམ་སྲས་ཀྱི་རྒྱུད་ཡོན་ཏན་རིན་པོ་ཆེ་འབྱུང་བའི་རྒྱུད་ཀྱི་སྐབས་སུ་རྒྱས་པར་འཆད་པ་ལས་ཤེས་པར་བྱའོ། །དེ་ལྟར་མིན་ན། རྡོ་རྗེ་འཆང་དགེ་འདུན་བཀྲ་ཤིས་རང་གིས་རྒྱུད་རྣམ་དག་ཏུ་ཞལ་གྱིས་བཞེས་པའི་

(༥༨༧)རྣམ་སྲས་ཀྱིས་རྒྱུད་ཡོན་ཏན་རིན་པོ་ཆེ་འབྱུང་བའི་རྒྱུད་ཀྱི་ལེའུ་དགུ་པ་བསྐུལ་བའི་ལེའུ་ལས། བྷྱོ ཤར་གྱི་ཕྱོགས་ནས་བསྐུལ་བའི་ཚེ། །ཚངས་པ་དུང་གི་ཐོར་ཚུགས་ཅན། །སྐུ་མདོག་དཀར་པོ་རབ་ཏུ་འབར། །སྐུ་ལ་སེང་གེའི་ཐུལ་པ་གསོལ། །དབུ་ལ་དུང་གི་ཅོད་པཎ་ཅན། །སྟག་རལ་གཡས་ལ་གཟིགས་ཤུབ་གཡོན། །ཆིབས་སུ་དཀར་མོ་ཕྲུམ་དམར་ཆིབས། །གཡས་པ་བདུད་ཞགས་དགྲ་ལ་འདེབས། །གཡོན་པ་ཤེལ་གྱི་འགྱིང་མཁར་བསྣམས། །སྨྱོ་འབོག་ནད་ཀྱིས་ཐང་མ་རྡོལ། །རྟག་ཏུ་བསྐུལ་བས་དགྲ་སྲོག་གཅོད། །བྷྱོ། ལྷོ་ཡི་ཕྱོགས་ནས་བསྐུལ་བའི་ཚེ། །རྨུ་རྒོད་རྡོ་རྗེ་ལེགས་པ་སྐྱོང་། །སྐུ་མདོག་ལྗང་ནག་འབར་བ་ལས། །སྐུ་ལ་མེན་ཏྲིའི་རལ་ཀ་གསོལ། །དབུ་ལ་ལེ་བརྒན་འགྱིང་ཐོད་བཅིངས། །སྟག་རལ་གཡས་ལ་

(༥༨༨)གཟིགས་ཤུབ་གཡོན། །ཆིབས་སུ་སྔོན་པོ་སྒབ་ནག་ཆིབས། །གཡས་པ་གནམ་ལྕགས་རྡོ་རྗེ་ཐོག།།། །གཡོན་པ་སྙིང་ཆེན་བསྣམས་ཀྱིན་གསོལ། །ཕོ་ལོག་ཧུར་ཐུམ་དགྲ་ལ་ཐོང་། བྷྱོ། །ནུབ་ཀྱི་ཕྱོགས་ནས་བསྐུལ་བའི་ཚེ། །བདུད་ནག་ཧ་ལུ་ཕྲག་ཤས་ཁྱོད། །སྐུ་ནི་སྔོ་ནག་ཆེན་པོ་ལ། །སྐུ་ལ་དྲེད་ཀྱི་ཐུལ་པ་གསོལ། །དབུ་ལ་བདུད་ཞྭ་གླིང་མང་གསོལ། །ཐོད་འཕྲེང་ཁྲག་ཞག་ཐལ་བས་བརྒྱན། །སྟག་རལ་གཡས་ལ་གཟིགས་ཤུབ་གཡོན། །ཆིབས་སུ་བདུད་རྟ་ནག་པོ་ཆིབས། །གཡས་པ་བདུད་ཀྱི་ཁྲམ་ཤིང་བསྣམས། །གཡོན་པ་བདུད་ཞགས་ནག་པོ་འཛིན། །གསོད་བྱེད་ནག་པོ་བདུད་ཀྱི་ཚོགས། །དགྲ་བོའི་སྤྱི་བདུད་གནམ་ནས་ཆོད། བྷྱོ །བྱང་གི་ཕྱོགས་ནས་བསྐུལ་བའི་ཚེ། །ཡམ་ཤུད་དམར་པོ་སྒྲོལ་བའི་གིང་། །སྐུ་མདོག་དམར་སྐྱ་ནེའུ་གུར་འཚེར། །སྐུ་ལ་

(༥༨༩)ཟ་འོག་བེར་ཆེན་གསོལ། །དབུ་ལ་བསེ་ཡི་རྨོག་ཞུ་མནབས། །སྟག་རལ་གཡས་ལ་ཟིག་ཤུབ་གཡོན། ཟངས་ཕུབ་།།།དམར་པོ་མེ་འོད་འཁྱིལ། །ཆིབས་སུ་དམར་པོ་གློག་འགྱུ་ཆིབས། །གཡས་ན་བསེ་མདུང་རྣོ་དབལ་བསྣམས། །གྲི་ཐབ་དྲག་པོ་དགྲ་ལ་ཐོང་། །ཅེས་བསྐུལ་ལོ། །ཡོན་ཏན་རིན་ཆེན་འབྱུང་བའི་རྒྱུད་ལས། ཕྱི་ལྟར་བསྐུལ་བའི་ལེའུ་སྟེ་དགུ་པའོ། །ཞེས་ནང་འཁོར་སྤྲུལ་པའི་གིང་བཞི་བསྐུལ་བར་གསུངས་པའི་ཤར་གིང་ཚངས་པ་དུང་ཐོད་ཅན་ནི་སེ་ཧར་ཅན་ཉིད་ཡིན་ལ། དེ་བཞིན་དུ་ལྷོ་གིང་རྡོར་ལེགས། ནུབ་གིང་བདུད་མགོན། བྱང་གིང་ཡམ་ཤུད་དམར་པོ་རྣམས་བསྲུང་མའི་གཙོ་བོ་བསྟེན་མི་རུང་བ་དང་། རྣམ་སྲས་ཆོས་སྐྱོང་དུ་བསྟེན། སྤྲུལ་འཁོར་དེ་དག་བཞག་པའི་དབྱེ་བ་འབྱེད་དགོས་པར་འགྱུར་བས་ལེགས་

(༥༩༠)པར་བརྟགས་ན་ངེས་པ་བརྙེད་པར་འགྱུར་རོ། །གཞན་ཡང་ཁྲམ་ཐོང་ནག་པོའི་རྒྱུད་ཀྱི་ལེའུ་སོ་བཞི་པར་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་ལྷ་ཚོགས་བསྐུལ་བའི་སྐབས་སུ། བདུད་ཡབ་རྗེ་ནག་པོ། བདུད་མོ་རེ་མ་ཏི། ལེགས་ལྡན་ནག་པོ། རྡོ་རྗེ་ལེགས་པ། ཡམ་ཤུད་དམར་པོ། ཡུ་ལྷ་ཕྱ་སང་། གནམ་ཐེའུ་དཀར་པོ་སོགས་ཐུན་མོང་མ་ཡིན་པའི་འཁོར་རྣམས་བསྐུལ་ཚུལ་གསུངས་ཏེ། དེ་ཉིད་ལས། ཧཱུྃ། དུར་ཁྲོད་འབར་བའི་དཀྱིལ་འཁོར་འདིར། །བསྟན་པ་བསྲུང་བའི་དྲེགས་པ་བརྒྱད། །ཕྱོགས་བཞི་མཚམས་བརྒྱད་དབང་བྱེད་པ། །ནུབ་ལ་དབང་བྱེད་ཡབ་རྗེ་ནག་པོ་ནི། །སྐུ་མདོག་ནག་པོ་དུག་གི་སྡོང་པོ་ལ། །རལ་པ་ནག་པོ་མུན་རུམ་དཀྱིལ་འཁོར་ནས། །ཉི་ཟླ་གཟའ་སྐར་སྤྲུལ་པ་ཕྱོགས་བཅུར་འགྱེད། །མཆེ་བ་ཟུར་གསུམ་གཙིགས་ཤིང་དགྲ་སྙིང་འབྱིན། །སྨ་ར་ཁམ་ནག་སྲིད་རྩེར་འབར་ཞིང་

(༥༩༡)བསྲེག །གཡས་པ་ཁྲམ་ཤིང་གཡོན་པ་དགྲ་སྟ་འཛིན། །འཆི་བདག་བདུད་པོ་ཁྱོད་ཀྱི་དུས་ལ་བབས། །བྱང་ཤར་མཚམས་ལ་དབང་བྱེད་བདུད་མོ་ཀུན་གྱི་གཙོ། །ལྷ་མོ་ནག་མོ་འཇིགས་པའི་གཟུགས་བྱད་ཅན། །བཀའ་བཟློག་ནག་མོ་བདུད་ཀྱི་ཡུམ་གཅིག་མ། །གཅེར་བུ་དྲེའུ་ཞོན་ཚངས་བདུད་གཤིན་རྗེའི་ལྕམ། །ཁྲམ་བམ་གཡས་ལ་ནད་ཀྱི་རྐྱལ་པ་གཡོན། །ནག་མོ་དྲེའུ་ཞོན་ཁྱོད་ཀྱི་དུས་ལ་བབ། །ཤར་ལྷོ་མཚམས་སུ་དབང་མཛད་མགོན་ནག་ནི། །སྐུ་ལ་ལྗང་ནག་བེར་ཆེན་གསོལ། །ཕྱག་ན་མདའ་གཞུ་དགྲ་སྙིང་འབིགས། །རལ་པ་ཁམ་ནག་མུན་རུམ་འདྲ། །སྨ་ར་ཨག་ཚོམ་མེ་ལྟར་འབར། །འབྲེང་ཞགས་ནག་པོ་སེ་རལ་ཁ། །བདུད་རྟ་བྲ་ནག་ཆིབས་སུ་ཆིབས། །སྤྲུལ་པ་མགོན་ནག་མང་

(༥༩༢)པོ་འགྱེད། །བདུད་མགོན་ནག་པོའི་དུས་ལ་བབས། །ལྷོ་ནུབ་མཚམས་ལ་དབང་མཛད་པ། །སྐུ་ལུས་གཅིག་ཏུ་མ་ངེས་འཁོར་ནི་ལེའུ་རང་སྟོང་། །འཇིག་རྟེན་འདི་ན་མཐུ་རྩལ་རབ་ཏུ་འཕགས། །གདོད་ནས་མ་སྐྱེས་རང་བཞིན་དག་པའི་སྐུ། །རྡོ་རྗེ་ལེགས་པ་སྐུ་ལ་བསེ་ཁྲབ་གསོལ། །ཕྱག་ན་ཤེལ་མདུང་བ་དན་རྩེ་ལྔ་བསྣམས། །ཆིབས་སུ་ངང་པ་གསེར་སྒོང་ཆིབས། །མཉམ་ཉིད་རིག་པའི་སྐྱེས་བུའི་དུས་ལ་བབས། ཧཱུྃ། །དགུང་སྔོན་མཐོན་པོའི་དཀྱིལ་འཁོར་ཡངས་པ་ན། །ཤེལ་མདུང་དར་དཀར་བཏགས་པ་བསྣམས། །རྟ་དཀར་ཟངས་མ་ཆིབས་སུ་ཆིབ། །མྱུར་འགྱོགས་ཆེན་པོའི་དུས་ལ་བབས། །བྱང་ཕྱོགས་ཡམ་ཤུད་དམར་པོ་ནི། །བཙན་འགོང་དམར་པོ་སྲོག་གི་བདུད། །སྐུ་ལ་དར་དམར་ཟབ་སློག་གསོལ། །དབུ་ལ་ཟངས་ཀྱི་རྨོག་གཞུ་མནབས། །ཟངས་ཞགས་གཡས་ལ་རལ་དྲི་

(༥༩༣)གཡོན། །ཆིབས་སུ་ཟངས་རྟ་དམར་པོ་ཆིབས། །སྒྲོལ་གིང་བཤན་པའི་དུས་ལ་བབས། །ཕྱོགས་བཞི་བདག་ལ་མངའ་མཛད་ཅིང་། །ཡུལ་ཆེན་རྣམས་ཀྱིས་དམག་དཔོན་མཛད། །སྐུ་སྟོད་ཞིང་ཆེན་གཡང་གཞི་གསོལ། །སྐུ་སྨད་སྟག་གི་ཤམ་ཐབས་ཅན། །ཆིབས་སུ་ཕྱ་རྒྱལ་དམིགས་པ་ཆིབས། །སོག་ལེ་གཡས་ལ་ནད་རྐྱལ་གཡོན། །ཡུལ་ལྷ་ཕྱ་སང་དུས་ལ་བབ། །ནམ་མཁའ་སྟོང་ལ་དབང་བསྐུར་ཞིང་། །ཆོ་འཕྲུལ་དཔག་ཏུ་མེད་པ་ཡིས། །སྲོག་དབང་འགུགས་ལ་མངའ་མཛད་པ། །ཆུ་གྲི་གཡས་ལ་ཞགས་པ་གཡོན། །གནམ་ཐེ་དཀར་པོའི་དུས་ལ་བབ། །ཞེས་པས་བསྐུལ་བར་བྱའོ། །ཞེས་བཤད་པས། གནམ་ཐེ་དཀར་པོ་ནི་དཔེ་ཧར་དང་གཅིག་ལ་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་བཞུགས་ན་གཙོ་འཁོར་དགོངས་པ་མཉམ་

(༥༩༤)པར་འགྱུར་ཞིང་། རིགས་འཛིན་གྱི་ས་ལ་བཞུགས་པར་ཞལ་གྱིས་བཞེས་དགོས་པས། སེ་ཧར་དང་རྣམ་སྲས་ལ་མཆོག་དམན་གྱི་ཞལ་སླངས་འཛིན་པ་གནང་ན་ཞབས་འདྲེད་དུས་གཅིག་ཏུ་འཆོར་བ་མ་གཏོགས་ཐབས་མེད་དོ། །དེ་ལྟ་བུའི་རྒྱལ་པོ་ཆེན་པོ་འདི་ལ། གར་མཁན་མཆོག་གི་རྟོག་པ་ལེའུ་བཅུ་གསུམ་པ་དང་། སྣ་ཚོགས་གྲུབ་པའི་རྒྱུད་དང་བཻ་ཤེ་ཝ་ཎ་ཁྲམ་ཐོགས་ཀྱི་རྒྱུད་དང་། དབྱུག་པ་ཅན་གྱི་རྒྱུད་དང་། ཡོན་ཏན་རིན་པོ་ཆེ་འབྱུང་བའི་རྒྱུད་དང་། དམག་དཔོན་ཆེན་པོའི་རྒྱུད་དང་། གནོད་སྦྱིན་གྱི་རྒྱུད་ལེའུ་བཅུ་དགུ་པ་ལ་སོགས་པ་བོད་དུ་འགྱུར་བ་བརྒྱ་དང་དགུ་མཆིས། སྤྱིར་ནི་ནོར་གྱིས་བདག་པོས་གསུངས་པ་སྟོང་ཕྲག་སུམ་ཅུ། ཡབ་དྲང་སྲོང་རྣམ་ཡང་ཐོས་པས་གསུངས་པ་འབུམ་ཕྲག་གཅིག་ལ་སོགས་པ་ཡོད་པར་གྲགས། ཁྲམ་ཐོགས་ནག་པོའི་རྒྱུད་ཚད་ལྡན་མིན་པར་བཞེད་པའི་མཁས་པ་ཆེན་པོ་

(༥༩༥)དག་ཀྱང་སྣང་། གསང་སྔགས་གསར་རྙིང་། བཀའ་གཏེར་མདོ་རྒྱུད་ཐམས་ཅད་ནས་གསུངས་ཤིང་སྔོན་བྱོན་གྱི་མཁས་གྲུབ་ཕལ་མོ་ཆེས་ཆོས་སྐྱོང་གིས་གཙོ་བོར་མཛད། ཁྱད་པར་ཟངས་དཀར་ལོ་ཙཱ་བས་ཆོས་སྐྱོང་འདི་ཉིད་ཀྱི་བཀའ་བབས་ཤིན་ཏུ་ཆེ་བས། ཆོས་རྒྱུན་ཕལ་ཆེར་དེ་ཉིད་ནས་མཆོད་པ་ལ། དུས་ཕྱིས་རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱི་གསུང་སྲས་ས་སྐྱ་པ་མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་རྒྱལ་པོ་ཆེན་པོ་འདིའི་བཀའ་མི་འདྲ་བ་བཅོ་ལྔའི་རྗེས་གནང་གི་ཡི་གེ་ནོར་འཛིན་དཔལ་མོའི་རྒྱན་འཕྲེང་ཞེས་བྱ་བ་མཛད། ཁོ་བོ་ཅག་གིས་ཀྱང་ཡི་གེ་དེ་ཉིད་ཀྱི་སྟེང་ནས་དང་པོའི་སངས་རྒྱས་གར་དབང་དྷརྨའི་མཚན་ཅན་གྱི་སྤྱན་སྔར་རྒྱལ་པོ་འདིའི་ཆོས་སྐོར་རྣམས་ཞལ་ཤེས་དང་བཅས་ལེགས་པར་ཐོབ་པ་ཡིན་ནོ། །རྣམ་སྲས་ཀྱི་ཕྱི་བསྒྲུབ་སྤྲིན་བསེབ་མ། ནང་

(༥༩༦)སྒྲུབ་མདུང་དམར་ཅན་གསང་སྒྲུབ་རྟ་སྔོན་མ། ཡང་གསང་ཕྱག་མཚན་བཞི་པ་རྣམས་ནི་ཆོས་རྒྱལ་གཏེར་བདག་གླིང་པ་ནས་བརྒྱུད་དེ་རྡོ་རྗེ་འཛིན་པ་ཆེ་མཆོག་འདུས་པ་རྩལ་གྱི་སྤྱན་སྔར་ཐོབ། དེང་སང་ནི་ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་འཛིན་པ་རྣམས་ཀྱི་བསྲུང་མའི་གཙོ་བོར་མཛད་པ་གྲགས་ཆེ་མོད། འོན་ཀྱང་ལོ་རྒྱུས་ཀྱི་ངེས་པ་འདི་དག་ཚུལ་བཞིན་དུ་རྙེད་པ་ཉིན་མོའི་སྐར་མ་ཙམ་དུ་ཟད་པས་འདིར་ཁུང་ལྡན་གྱི་གཞུང་ལས་བཏུས་ཏེ་ལེགས་པར་བཀོད་པ་ཡིན་ནོ། །རཀྴག་གི་གཏེར་བྱོན་རྣམ་སྲས་ཀྱི་གསོལ་ཁར་རྒྱལ་གསོལ་ཕྲིན་ལས་དོན་བཅུ་མ་རང་གི་ཚིག་བཅོས་མེད་དུ་བྱུང་། རྣམ་སྲས་མཆེད་བརྒྱད་ཀྱི་ཆུང་བ་གནོད་སྦྱིན་ཤེས་གིང་དཀར་པོ་རྣམ་སྲས་བསྒྲུབ་དུས་སྒམ་འདྲེའི་ཚུལ་འཛིན་ཡང་། དོན་དུ་སྒབ་འདྲེར་མི་འཛིན་པར་ཆོས་བསྲུངས་སུ་བལྟ་དགོངས་པར། ཟངས་མཁར་ལོ་ཙཱ་བས།

(༥༩༧)གནོད་སྦྱིན་ཤེས་གིང་པ་དཀར་པོ་འདི་རྣམ་སྲས་མཆེད་བརྒྱད་ཀྱི་ཆུང་བ་ཡིན་པས། མཐུ་རྩལ་རྣམ་སྲས་ཉིད་དང་མཉམ། །སྒྲུབ་མཆོག་རྣལ་འབྱོར་བདག་གིས་ཀྱང་། །འདྲེ་རུ་མི་འཛིན་ལྷ་རུ་འཛིན། །མཉམ་དུ་བསྟེན་ཅིང་མཉམ་དུ་མཆོད། །བསྒྲུབ་པས་རྣལ་འབྱོར་བདག་གིས་ཀྱང་། །བཀྲ་ཤིས་ཚེ་དང་རིགས་བརྒྱུད་འཕེལ། །ཞེས་གསུངས། ཤེས་པ་དཀར་པོའི་སྲོག་འཁོར་གྱི་སྐབས་སུ། བཛྲ་རཀྵ་ར་ཙའི་ཙིཏྟ་ཟུང་སོགས་སྔགས་ལྔ་དྲིལ་བཅོས་མེད་དུ་ཡོད་ཅིང་། རྣམ་སྲས་ཉིད་ཀྱིས་སྤྲུལ་པར་གསུངས། ༈ འོ་དེ་གུང་རྒྱལ་ནི་རྒྱལ་པོ་གཞི་འགྱོགས་ཀྱི་རྫོངས་གཏེར་མའི་འཕྱོངས་ལས་གསུངས་པ་ལྟར་ན། ནམ་མཁའ་སྟོང་པའི་དཀྱིལ་ནས་འོད་རྒྱལ་སྐར་ཙམ་ཞིག་བྱུང་། དེའི་ནང་ནས་འོད་ཀྱི་སྒོ་ང་ཞིག་བྱུང་། དེའི་ནང་ནས་དམུ་བདུད་སྟག་གི་ཟུགས་ཅན་མཆུ་ཏོ་ཐུང་ལ་མཆེ་བ་རྣོ་བ་འཇིགས་སུ་རུང་བ་ཞིག་བྱུང་། རྒྱ་མཚོ་ཆེན་པོའི་དཀྱིལ་

(༥༩༨)ནས་གཡུའི་སྒོ་ང་ཞིག་རང་བྱུང་དུ་སྐྱེས་པའི་ནང་ནས། ཀླུ་མོ་གཡུའི་བྱ་རྒོད་ཀྱི་རྣམ་པ་ཡ་མཆུ་གུག་ལ་སྡེར་མོ་རྣོ་བ་གཤོག་པ་རིང་བ་ཞིག་བྱུང་བ་ལས་སྟག་དང་རྒོད་གཉིས་ལམ་དབང་གིས་ཡུལ་བྱང་ཁམས་སྣ་བརྒྱད་ནས་ཤ་བ་དར་མ་ཞིག་རང་སྲོག་རང་གིས་བཅད་དེ་ཤི་བའི་རོའི་ཁྲིས་སུ་འཛོམ། སྟག་གི་རོ་དེའི་སྟོད་དང་། བྱས་སྨན་ནས་ཟོས་པར། དམུ་སྟག་གི་ཁ་ཆུ་ཁྲག་ཏུ་འཛག་པ་བྱ་རྒོད་ཀྱི་ཁོང་པར་སོང་བས་སྦྲུམ་པར་གྱུར་ཏེ་ལུས་ཀུན་སྒོ་ངས་ཁེངས། དེར་བྱ་སྟག་གཉིས་བགྲོས་ཏེ་སྒོ་ང་གཏོང་བའི་ཚང་འཚོལ་བར་ཤིང་ཡོངས་འདུ་ས་བརྟོལ་གྱི་རྩེ་མོ་ལ་སོགས་པ་གནས་དུ་མར་ཕྱིན་ཀྱང་ཚང་འཆའ་མ་བཅུག་པས་རིམ་གྱིས་ཤར་ཕྱོགས་རྒྱ་ཡུལ་ཤེལ་མཁར་དཀར་པོ་གཡུ་བད་ཅན་གྱི་ནང་དུ་བསྐྱོད་པར་བྱ་རྒོད་ཀྱི་གཏུམ་ནས། དུང་སྒོང་དཀར་པོ་དགུ་དང་། ལྕགས་སྒོང་སྔོན་པོ་དགུ་སྐྱེས། དུང་སྒོང་གི་ནང་ནས་

(༥༩༩)རིམ་པ་བཞིན་དུ། རྒྱལ་ཆེན་གནམ་ལྷ་དཀར་པོ། འོ་དེ་གུང་རྒྱལ། མགུར་ལྷ་གསང་བ། ཏིག་དགུ་དཀར་པོ་ཏེ་གཅེན་པོ་བཞི་དང་། དེ་རྗེས་ཉི་སྤངས་པད་ཀྱི་སྐྱེས་གཅིག་སྐྱེས་པ་འཁྲུངས། སྲོག་བདག་ཚངས་པ་ཆེན་པོ་དུང་གི་ཐོར་ཚུགས་ཅན་དང་གཅིག་གོ །དེའི་རྗེས་སུ་རིམ་པ་བཞིན་དུ། སྟེང་གུང་སྤྱན་གཅིག །གཡའ་སྤང་སྐྱེས་གཅིག །བཙན་འགོང་དམར་པོ་ཡི་ཤུ་དམར་པོ་སྟེ་གཅུང་པོ་བཞི་འཁྲུངས། སྐུ་མཆེད་དགུ་པོ་འདིར་སྲོག་བདག་རྒྱལ་པོ་མཆེད་དགུ་ཞེས་གྲགས་ལྕགས་སྒོང་གི་ནང་ནས་རིམ་པ་བཞིན་དུ་། གནམ་།།།འགོང་དཀར་པོ། བར་འགོང་ཁྲ་བོ། ས་འགོང་ནག་པོ། འཕུང་འགོང་དམར་པོ་སྟེ་གཅེན་བཞི། དེ་ནས་ལྟོགས་འགོང་གཉན་ཞོན། དེ་རྗེས་རྒྱལ་འགོང་འོད་ཅན། འཕུང་འགོང་ཤུ་ཅན། ངན་འགོང་སེར་པོ། བྱུར་འགོང་གཉེན་བདུད། དེ་གཅུང་པོ་བཞི། དེ་ལ་

(༦༠༠)འགོང་པོ་སྤུན་དགུར་གྲགས། །རྒྱལ་པོ་མཆེད་དགུའི་ཞབས་ཕྱིའོ། །རླུང་དམར་ལས་སྦྱོར་གྱི་བསྐུལ་ལས། བྷྱོ །འགོང་པོ་སྤུན་དགུ་སྒྲོལ་བའི་གིང་། །མི་ཕྱུག་ཀུན་གྱི་གཤེད་མ་སྟེ། །འཕུང་ཁ་འབྱེད་པའི་མཐུ་སྟོབས་ཅན། །འགོང་པོ་སྟེང་སྡེ་དམ་ལ་འདུ། །འདམ་འགོང་གཞོབ་འགོང་འཕུང་འགོང་དང་། །ཐེལ་འགོང་རྒྱལ་འགོང་ལྟོགས་འགོང་དང་། །བཙན་འགོང་ངན་འགོང་བྱུང་འགོང་དགུ། །འདམ་འགོང་སྔགས་པ་ཆེན་པོར་བརྫུ། །གཞོབ་འགོང་བྱ་ནག་འོལ་བ་ཞོན། །འཕུང་འགོང་རྔ་མོང་གྭ་པ་ཞོན། །ཐེལ་འགོང་བོང་བུ་རི་བོང་ཞོན། །རྒྱལ་འགོང་བྱི་ལ་གྭ་པ་ཞོན། །ལྟོགས་འགོང་སོལ་བའི་རྟ་ནག་ཞོན། །བཙན་འགོང་ཕུང་སྲི་ཝ་ལ་ཞོན། །ངན་འགོང་དུར་སྲི་ཕག་ལ་ཞོན། །བྱུར་འགོང་སྲེ་མོང་རྟ་ལ་ཞོན། །དམ་འགོང་རཱ་དང་ཤིང་འཕྲེང་འཛིན། །རྒྱུ་ནི་རྣལ་འབྱོར་གྲལ་ལ་

(༦༠༡)

(༦༠༢)

(༦༠༣)རྒྱུ། །ལ་ལ་གཡའ་དང་གངས་ལ་རྒྱུ། །ལ་ལ་ཡུལ་གྲོང་སྐྱུར་ལ་ཉབ། །ལ་ལ་ལྷ་ཡི་གོང་ལ་རྒྱུ། །ལ་ལ་བར་སྣང་ཁམས་ལ་རྒྱུ། །ལ་ལ་འོལ་ག་བང་ལ་རྒྱུ། །ལ་ལ་དུར་སེབ་ཆད་པར་རྒྱུ། །ལ་ལ་རི་ལ་འདྲེ་ཅན་རྒྱུ། །ལ་ལ་གྲོག་ཕུག་སྟོང་པར་རྒྱུ། །རྫུ་ནི་སྤྲེའུ་བྱི་ལ་དང་། །འབུ་དང་སྤྱང་ཀི་ལོང་སྤྲང་དང་། །རྟ་བོང་བུ་ཆུང་དག་ཏུ་རྫུ། །མཐུན་པའི་དམ་རྫས་འདི་བཞེས་ལ། །དགྲ་ཡི་གྲོང་ཁྱེར་མི་ནོར་རྣམས། ཁྱོད་ཀྱིས་རྟག་ཏུ་ཐལ་བར་རློག །ཕ་ཚན་ཁ་སྤུན་འཐབ་ཏུ་ཆུག །ཕུ་བོ་ནུ་བོ་འཐབ་ཏུ་ཆུག །ཡུལ་མི་ཁྱིམ་མཛེས་འཐབ་ཏུ་ཆུག །ཕ་དང་བུ་རུ་འཐབ་ཏུ་ཆུག །རྗེ་འབངས་གཉིས་པོ་འདི་ཕྲོལ་ཅིག །གཟའ་མི་ཁྱོ་ཤུགས་མ་མ་ཕྱེ། །སེར་སྐྱ་ཁ་སྤུན་དམ་ལ་ཤོག །

(༦༠༤)དཀར་པོ་སྐྲག་མེད་དམ་ལ་ཤོག །ནག་པོ་གཉིས་མེད་དམ་ལ་ཤོག །ཐེ་བྲང་སྟོང་སྡེ་དམ་ལ་འདུད། །ཞེས་གསུངས་པས་ཉེ་།།།འབྱེད་ཀྱི་ལས་ལ་ཤིན་ཏུ་མ་གསོ། གཞན་ཡང་རླུང་དམར་གྱི་རྒྱུད་ཀྱི་གླེང་བཞིའི་ལེའུ་ལས། ནུབ་བྱང་འབྱུང་བ་འཁྲུག་བྱེད་ཀྱི་དུར་ཁྲོད་ཅེས་བྱ་བ་ན། ཡབ་རླུང་ལྷ་གཤིན་རྗེ་ནག་པོ་དང་། ཡུམ་ལྷ་མོ་རླུང་སྲིན་སྔོན་མོ་གཉིས། ཕྱག་ན་རླུང་གི་དར་ལྗང་ཁུ་དང་། རླུང་གི་རྐྱལ་པ་བསྣམས་ནས། སོ་སོར་ཉོན་མོངས་པའི་རླུང་འཚུབ་སྟེ་ཡབ་ཞེ་སྡང་གི་རླུང་དྲག་པོ་འུར་བ་དང་། ཡུམ་འདོད་ཆགས་ཀྱི་རླུང་འཚུབ་ཅིང་འཁྱིལ་ཏེ། མི་མཐུན་ཡང་རྩུབ་འགྱུར་དུ་སྦྱོར་བ་མཛད་པ་ལས། ཟླ་བ་བཅུ་གཉིས་མཇུག་དགུན་ཟླ་ཐ་ཆུང་གི་ཉིན་པར། བུ་ང་རྒྱལ་ཅན་ཟངས་ཀྱི་མཆུ་ཅན་ཞིག་སྐྱེས་ཏེ། འབྱེད་ཅིང་བསྐྲད་པ་ལ་དགའ་བར་གྱུར་ཏེ། དེ་

(༦༠༥)གཉིས་མི་མཐུན་སྦྱོར་བ་བྱས་པ་ལ། ཉིན་མོ་མཐོ་བ་ལ་དགའ་བ་ཕོ་རོག་དང་། མཚན་མོ་དགའ་བ་ལ་འུག་པ་གཉིས་སྐྱེས་ཏེ། ལྷ་དང་ལྷ་མ་ཡིན་གཉིས་འཁྲུག་ཅིང་འཕུང་བར་བྱས་སོ། །ཡང་གཟོང་མ་ཆུ་མིང་སྲིང་གཉིས་སྦྱོར་བ་ལས། པུ་ཤུད་དང་སྲེ་མོང་གཉིས་ཏེ་གཟའ་དང་ཀླུ་འཁྲུག་ཅིང་འཕུང་བར་བྱས་སོ། །ཡང་གཟོང་མཆུ་མིང་སྲིང་སྦྱོར་བ་བྱས་པ་ལས། རྟ་དང་གཡག་གཉིས་སྐྱེས་ཏེ་མི་དང་མི་མ་ཡིན་འཁྲུགས་ཅིང་འཕུང་བར་བྱས་སོ། །ཡང་གཟོང་མཆུ་མིང་སྲིང་གཉིས་སྦྱོར་བ་བྱས་པ་ལས་སེངྒེ་དང་སྟག་གཉིས་སྐྱེས་ཏེ་བདུད་དང་སྲིན་པོ་མི་མཐུན་ཞིང་འཕུང་བར་བྱས་སོ། །ཡང་གཟོང་ཆུ་མིང་སྲིང་གཉིས་སྦྱོར་བ་ལས། དོམ་དང་དྲེད་གཉིས་སྐྱེས་ཏེ་རྒྱལ་པོ་དང་གནོད་སྦྱིན་མི་མཐུན་ཞིང་འཕུང་བར་བྱས་སོ། །

(༦༠༦)ཡང་གཟོང་མཆུ་མིང་སྲིང་གཉིས་སྦྱོར་བ་བྱས་པ་ལས། གནམ་ཐེ་དཀར་པོ་དང་། མི་ཁའི་བུ་མོ་གཉིས་སྐྱེས་ཏེ། དེ་གཉིས་སྦྱོར་བ་ལས། དམར་འགོང་དང་། གཞོབ་འགོང་དང་། འཕུང་འགོང་དང་། རྒྱལ་འགོང་དང་། ལྟོགས་འགོང་དང་། ངན་འགོང་དང་། བཙན་འགོང་དང་། བྱུར་འགོང་དམ་སྲིའི་འགོང་པོ་སྤུན་དགུ་སྐྱེས་སོ། །དེ་དག་གི་སྤྲུལ་པ་ལས་ཡ་བདུད་ལ་སོགས་པའི་ལྷ་འདྲེ་ཉི་ཤུ་རྩ་ལྔ་སྤྲུལ་ལོ། །དེ་དག་ལས་འགོང་པོ་སྟོང་ཁྲི་ལ་སོགས་པ་ལྷ་འདྲེ་དཔག་ཏུ་མེད་པར་གྱུར་ནས། སྟོང་གསུམ་འཁྲུག་པར་བྱེད་ཅིང་། ལ་ལས་བསྐྱེད་པའི་འཁོར་ལོ་བསྐོར་རོ། །ལ་ལས་འབྱེས་།།།པའི་འཁོར་ལོ་བསྐོར། །ལ་ལས་།།།དབྱིན་དང་ཕྲ་མ་བྱེད། །ལ་ལས་མཚོན་གྱི་ཆར་པ་འབེབས། །ལ་ལས་ནད་ཀྱི་བུ་ཡུག་གཏོང་བའི་ཚེ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་སྤྲུལ། །ཡུལ་དང་ཕྲད་པའི་ཐུགས་སྐྱེས་ཏེ། །བཅོམ་ལྡན་འདས་དྲེགས་པ་འདུལ་མཛད་ཧེ་

(༦༠༧)རུ་ཀར་སྐུར་བཞེངས་ནས། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཾ་ཏ་ཀ་ཧ་ན་དྷ་ཧ་པ་ཙ་ཧཱུཾ་ཕཊ ཆོས་ཉིད་རྡོ་རྗེ་འདུས་མ་བྱས། །མི་ཆོད་མི་ཤིག་བདེན་བསྲ་བརྟན། །བསྲ་ཞིང་སྙིང་པོ་ཁོག་སྟོང་མེད། །མི་ཚིག་མི་སྐྱོད་མི་འཁྲུལ་བ། །བསྲེག་དུ་མེད་ཅིང་གཞོམ་དུ་མེད། །སྟོང་པ་ཉིད་ལས་རྡོ་རྗེར་བརྗོད། །ཅེས་གསུངས་ནས། རྡོ་རྗེ་ནམ་མཁར་གསོར་བ་ལས། དྲེགས་པ་དེ་དག་བུག་བརྒྱལ་ཞིང་ཞབས་འོག་ཏུ་འདུས་པར་འགྱུར་རོ། །དེར་གཙོ་འཁོར་ཐམས་ཅད་ཀྱི་སྲོག་སྙིང་ཕུལ། དམ་ལ་བཏགས་དབྱེ་བ་དང་སྐྲོད་པའི་ལས་རབ་འབྱམས་བསྒྲུབ་པར་དབང་བསྐུར་བར་གསུང་། རྒྱལ་ཁྲིམས་ཉམས་བྱེད་ཀྱི་འགོང་པོ་མི་ལུས་སྤྲེའུའི་མགོ་ཅན། སྡེ་པ་ནང་འཁྲུག་གི་ཀྱི་འགོང་པོ་མི་ལུས་སེང་གེའི་མགོ་ཅན། སྲོག་གཅོད་ནག་པོའི་འགོང་པོ་མི་ལུས་སྤྱང་ཀིའི་མགོ་ཅན། བསླུ་བྱེད་གཡོ་སྒྱུའི་འགོང་པོ་མི་ལུས་ཞིམ་བུའི་མགོ་ཅན། ལོག་ཆོས་བདུད་ཀྱི་འགོང་པོ་མི་ལུས་རྔ་མོའི་མགོ་ཅན། ཁམས་གསུམ་འཕུང་བྱེད་ཀྱིས་འགོང་པོ་མི་ལུས་ཁྱིའི་མགོ་ཅན། རྒོལ་བྱེད་འཁྲུག་པའི་འགོང་པོ་མི་ལུས་བྱ་མགོ་ཅན། ནག་པོ་འཆོང་བྱེད་ཀྱི་འགོང་པོ་མི་ལུས་སྟག་མགོ་

(༦༠༨)ཅན། སྡུག་བསྔ་འཕེལ་བའི་འགོང་པོ་མི་ལུས་རྔམས་སེམས་ཅན་ཏེ་བོད་ཕུང་བྱེད་ཀྱི་འགོང་པོ་སྤུན་དགུ་ཡང་གསུངས། འགོང་པོ་འདི་དག་ནི་དམ་སྲི་མགོ་དགུ་དང་། མ་འཕུང་བྱེད་ནག་མོར་སྐྱེས། འགོང་པོ་བོད་ཀྱི་ཤར་ནས་བྱུང་། །ཤར་ནས་འགུགས་འདྲེན་ཡང་ཡང་བྱ། །ཞེས་གསུངས་པས་རྒྱ་ནག་གི་ཕྱོགས་ནས་བྱུང་། དེ་དག་གི་རྟགས་སུ་རིམ་པ་བཞིན། དུད་འགྲོའི་མཇུག་སྤུ་མགོ་ལ་འདོགས། དམངས་ཀྱི་རྒྱལ་ལ་འགོང་བའི་དུས། །ཞེས་ཝ་ཞྭ་གྱོན་པ་དང་། མ་བུ་མི་གཅིག་གོས་སུ་གྱོན། །བོད་འབངས་བསིལ་བུར་འཐོར་བའི་རྟགས། །ཞེས་གོས་ཀྱི་མ་དང་ཆ་ཤས་མི་གཅིག་པ་དུ་མ་ལྷན་ཐབས་སུ་སྒྲིགས་ཏེ་གྱོན་པ་དང་། ཕུ་ཐུང་ཁ་མཐུ་དམར་པོ་འདོགས༔ སྙིང་རྗེ་མེད་པ་བཤན་པའི་རྟགས༔ ཞེས་ཕྱོ་བ་དང་སྟོད་ཐུང་དུ་མིང་བཏགས་པའི་ཕུ་ཐུང་ངག་གི་ཁ་ཚབ་དམར་པོ་བྱེད་པ་དང་། མི་ཚེ་ཆོ་ལོང་ལས་ལ་དགའ། བསོད་ནམས་དབང་

(༦༠༩)ཐང་ཉམས་པའི་རྟགས༔ ཞེས་མདའ་རྡོ་ཤོ། ཤ་ད་ར་སོགས་ཀྱི་རྩེ་མོར་འགའ་བ་དང་༔ མགོ་ལ་རྒྱ་ཞྭ་དཀར་པོ་གྱོན༔ རྔམས་སེམས་མེ་ལྟར་འབར་བའི་རྟགས༔ ཞེས་ཞྭ་དཀར་གྱོན་པ་དང་༔ གནས་དགོན་ཐམས་ཅད་འཐབ་ར་འཆའ༔ བོད་ཁམས་ནང་འཁྲུག་ཡོང་བའི་རྟགས༔ ཞེས་དབེན་གནས་དང་དགོན་པ་རྣམས་ལ་འཛིངས་ཆ་བརྩིགས་པ། ཐ་མིའི་སྤྱོད་པ་དབུས་སུ་དར༔ དམར་རིགས་སྡེ་དགུ་ཡོང་བའི་རྟགས༔ ཞེས་རྒྱ་སོག་སྟོད་ཧོར་གྱི་སྐར་དང་༔ ཆ་བྱང་།།།སྤྱོད་ལམ་དར་བ། སེང་ལོག་ཝ་ཡིས་གྱོན་པའི་དུས། །སངས་རྒྱས་བསྟན་པ་རྫོགས་པའི་རྟགས༔ ཞེས་རྡོ་རྗེའི་སློབ་དཔོན་ཆེན་པོ་རྣམས་ཀྱིས་བགྱི་བར་འོས་པའི་མཛད་པ་ལུང་རྟོགས་ཀྱི་ཡོན་ཏན་ཅི་ཡང་མེད་པ་དག་གི་རྩོམ་པ་དང་༔ ཉི་ཟླ་མཐའ་ལ་སྤྱོད་པའི་དུས༔ ནག་པོ་མུན་འཐིབས་འབྱུང་བའི་རྟགས༔ ཞེས་རྒྱལ་བའི་

(༦༡༠)དབང་པོ་སོགས་བསྟན་འཛིན་གྱི་སྐྱེས་བུ་མཆོག་ཏུ་གྱུར་པ་དག་དབུས་ནས་མཐའ་རུ་གཤེགས་ཏེ་བྱོན་པའི་དུས་དེ་དག་ཏུ་འགོང་པོ་དེ་རྣམས་ཆོ་འཕྲུལ་སྣ་ཚོགས་འགྱེད་པར་གསུངས་སོ། །རྒྱལ་པོ་སྐུ་མཆེད་བཅོ་བརྒྱད་འཁྲུངས་པ་དང་དུས་མཉམ་དུ་ཕ་ལྷང་ལྷང་མིག་པོ་ཆེ་དང་། མ་རྒྱ་ལེ་སོ་གཅིག་མའི་བུར་ཐེའུ་རང་། ཁ་ཡོ་བ། མིག་གློའོ། །སྐྲ་ཤིག་སྲོས་གང་བ། རའི་སོ་དྲི་ཅན་ར་ལྤགས་གོས་སུ་གྱོན་པ་གཉིས་སྐྱེས་ཏེ་གདགས་ཀྱི་ཐེའུ་རང་དཀར་པོ་དང་། སྲིབས་ཀྱི་ཐེའུ་རང་ནག་པོ་ཞེས་གྲགས། རྒྱལ་པོའི་སྣ་འདྲེན་མཇུག་སྡུད་ཀྱི་ཕོ་ཉ་བྱེད་དེ་ཁྱེའུ་དཀར་ནག་གོ །དེ་ལྟར་རྒྱལ་པོ་དཔོན་གཡོག་བཅོ་བརྒྱད་ནི་ཁམས་བཅོ་བརྒྱད་ཀྱི་རྟེན་འབྲེལ་དང་། ཁྱེའུ་གཉིས་ནི་སྣང་སྟོང་ཐབས་ཤེས་ཉིན་མཚན་གྱི་རྟེན་འབྲེལ་ལས་ཤར་བའོ། །ཡང་བོན་གྱི་ལྷ་གཞུང་ཁུངས་མ་དག་པ་ལས། དང་པོ་ནམ་མཁའ་སྟོང་པའི་

(༦༡༡)ངང་ལས་སྤྲིན་དཀར་ཟླ་བ་ལ་ཙམ་ཞིག་བྱུང་བ། འཇའ་ཚོན་སྣ་ལྔས་བསྐོར་བའི་དབུས་ན་གཡུའི་ལྷ་སྐུ་མཚོན་གང་པ་ཞིག་ཤར་བ། ལྷ་གཅིག་ཐང་གི་རྒྱལ་པོ་ཞེས་རང་གིས་བཏགས་པར་གྲགས་དེའི་རྫུ་འཕྲུལ་ལས་སྐུ་ལྷ་གནམ་གྱི་འཐེན་དགུ་དང་། སའི་འཐེན་ ལུགས་གཅིག་ལ། སྐུ་ལྷ་འོད་འཐེན། དེའི་སྲས་སྐུ་ལྷ་གནམ་འཐེན། དེའི་སྲས་སྐུ་ལྷ་གུང་ཐང་། དེའི་སྲས་སྐུ་ལྷ་ཆེར་འཐེན། དེའི་སྲས་སྐུ་ལྷ་མང་འཐེན། དེའི་སྲས་སྐུ་ལྷ་མདའ་འཐེན། དེའི་སྲས་སྐུ་ལྷ་སྲིན་།།།འཐེན། དེའི་སྲས་སྐུ་ལྷ་ཉིང་འཐེན། དེའི་སྲས་སྐུ་ལྷ་མངའ་ཐེན། དེའི་སྲས་སྐུ་ལྷ་འཚོངས་འཐེན། ཞེས་ཀྱང་གྲགས་སོ། །དགུ་གཉིས་བྱུང་། དེ་གཉིས་བཤོས་པ་ལས། བུ་བདག་ཅག་འལ་འོལ་དང་། བུ་མོ་བསེ་བ་རྒྱུད་རྒྱུད་སྐྱེས་པ་བསོས་པ་ལས་ཆེན་རྗེ་སྲས་དྲུག །མགོན་སྲས་ཆེ་ལྷ་བྲང་ཆེན་འབྲོང་རྗེ། རྟག་ཆ་འལ་འོལ་ཞེས་ཀྱང་འབྱུང་། འཚེ་ཟའི་གྱ་ཞེས་ཀྱང་གྲགས། འོད་དེ་གུང་རྒྱལ་ལ་སོགས་

(༦༡༢)འཁྲུངས་པར། གུང་རྒྱལ་གྱི་འོད་དེ་འཛམ་གླིང་ཁེངས་ཤིང་ལྷའི་གུང་ལ་བཞུགས་ཏེ་འདྲེ་སྲིན་བྱུར་གསུམ་གྱི་ཐོག་ཏུ་རྒྱལ་བས་འོད་དེ་གུང་རྒྱལ་དུ་གྲགས། གཞུང་ཁུངས་མ་འགའ་ཞིག་ལས་ཡབ་ལྷ་བརྡལ་དྲུག །ཕྱ་ལྷ་བྲམ་ཆེན། རྒྱ་ལྷ་འབྲོང་རྣམས། འོད་དེ་གུང་རྒྱལ་ཏེ་སྲིད་པའི་ལྷ་རབས་མཆོད་བཞིར་བཤད། དེར་སྐུ་མཆེད་བཞི་པོ་ནེའུ་སིང་སྔོན་མོའི་སྟེང་དུ་དཀར་འཇམ་གྱི་སྣམ་བུ་གདན་དུ་བཏིང་ནས་ཆོ་ལོང་བཙེས་པར་བགྲེས་རིམ་གྱི་རྒྱ་བས་ཡབ་ལྷ་བརྡལ་དྲུག་ནམ་མཁའི་བདག་པོར་གུང་དུ་གཤེགས། ཕྱ་ལྷ་བྲམ་ཆེན་ཕྱ་མི་མང་ཆུ་ཆེན་གྱི་དགྲ་ལྷར་གཤེགས། འོད་དེ་གུང་རྒྱལ་བོད་ཡུལ་བདག་པོའི་གླིང་དགུར་བཞུགས། ཡབ་ལྷ་བརྡལ་དྲུག་ལ། གཅོང་རོང་རྩོལ་པོ། ཁྲི་དཀར་སྟག་གཟིག །ཐན་ཆེ་ཟོ་འབྲང་། གནམ་བཙན་ས་བཙན། གནམ་ལེགས་ས་ལེགས། གནམ་

(༦༡༣)ཟིན་ས་གཟིན། ཁྲི་བར་བདུན་ཚོགས་ཏེ་སྲས་བདུན་དང་། ཐང་ལྷ་ལྷ་མོ་སྡེ་བརྒྱད་འཁྲུངས། གཙོང་རོལ་རྩོལ་པོར། སྐུ་ལྷ་མུ་རམ་སོགས་སྲས་གསུམ་འཁྲུངས་པར་རྒྱ་ནག་གི་དགྲ་ལྷ་བྱུང་། ཁྲི་དཀར་སྟག་གཟིག་ལ། སྐུ་ལྷ་ཚངས་པ་དང་སྐུ་ལྷ་རྒེ་རྒོད་སོགས་སྲས་གསུམ་བྱུང་བ་སྟག་གཟིག་གི་དགྲ་ལྷར་གྱུར། ཐན་ཚོ་ཟོ་འཕྲང་ལ། སྐུ་ལ་དགྲ་རྒྱས་དང་། ལི་ཕྱིང་ཧེ་དགུ་སྟེ་སྲས་གཉིས་འཁྲུངས། འོལ་རྒྱལ་དང་གྲུ་གུའི་དགྲ་ལྷར་བྱོན། གནམ་བཙན་ས་བཙན་ལ་ཕོ་ལྷ་དཔལ་པོ། དཔལ་བཅུག་ཏིང་བཅུག །དཔལ་མོ་མཁར་དགུ་སྟེ་སྲས་གསུམ་འཁྲུངས། གནམ་ལེགས་ས་ལེགས་ཕོ་ལྷའི་དཔལ་པོ། མོ་ལྷའི་སྲིན་ལྷ། བྱིས་པའི་ཆུང་ལྷ་གསུམ་འཁྲུངས། གནམ་ཟིན་ས་ཟིན་ལ། མཐོ་བའི་ལ་བཙན་དང་དམའ་བའི་གྲུ་བཙན་གཉིས་འཁྲུངས། ཕྱ་

(༦༡༤)ལ་བམ་ཆེན་ལ་ལྷ་ཆུང་དོ་དོ། ལྷེ་ཆུང་གཡང་དཀར། ཕྱ་ལྕམ་རྣ་མོ། ཕྱ་ལྕམ་ནེ་རོག །ཕྱ་ལྕམ་གཏིང་སྐྱོང་སྟེ་ལྔ་འཁྲུངས། རྒྱ་ལྷ་འབྲོང་གནམ་ལ་ཁ་འོད་རྒྱལ་བ། ཟླ་འོད་རྒྱལ་བ། བྲག་ལྷ་ཁྲུང་ཁྲུང་། གར་གར་གར་རྗེ། ལེ་སོར་ཕྱུག་པོ། ཁོ་དེ་ཆེན་པོ་མགུར་ལྷ་བྱང་གསུང་། ཁུ་ཞེས་བྱ་བ་སྟེ་སྲས་དགུ་འཁྲུངས། དང་པོ་གསུམ་པོ་རྒྱ་ནག་ཏུ་བཞུགས། བར་ས་གསུམ་པོ་བལ་ཡུལ་དུ་བཞུགས། ཕྱི་མ་གསུམ་པོ་ཁོ་ཤོ་དང་ད་ཏིའི་ཡུལ་དུ་བཞུགས། འོད་དེ་གུང་རྒྱལ་གྱིས་ཤེས་འབུར་བཙུན་མོ་དང་བཤོས་པས་གཅན་འོད་གུང་རྒྱལ་དང་། རྒྱུ་ལྷ་ཕ་བོང་གཉིས་འཁྲུངས། ཁ་ལ་གཙང་སྟོད་དུ་བྱོན་ནས་ཐང་ང་གཙང་མོ་དང་བཤོས་པས་གཙང་ལྷ་ཕུ་དར་འཁྲུངས། སྐྱིད་རོང་ལྗང་སྔོན་དུ་ཐང་ང་སྐྱིད་མོ་དང་བཤོས་པས། སྐྱིད་ལྷ་བྱ་མ་འཁྲུངས། མདོ་ཏི་ནག་ཏུ་ཐང་ང་མེད་མོ་དང་བཤམས་པས། མདོ་ལྷ་རི་བོ་འཁྲུངས། ཡར་ཀླུངས་སོག་ཁར་ཐང་ང་ཡར་མོ་བཤོས་པས། ཡར་ལྷ་ཤམྦྷོ་འཁྲུངས། གཉལ་དུ་གཉའ་མོ་ཐང་ང་དང་བཤོས་པས། གཉལ་ལྷ་སྦྱར་པོ་འཁྲུངས། ཨེ་ཡུལ་དྲུག་ཏུ། ཨེ་མོ་ཐང་དང་བཤོས་པས་ཨེ་ལྷ་སྤྱི་

(༦༡༥)དཀར་འཁྲུངས། ཀོང་སྟོད་ཧུ་ཐང་ང་མཆིམ་མོ་དང་བཤོས་པས། མཆིམས་ལྷ་ཐང་ཚེ་འཁྲུངས། དགས་ཡུལ་ཤིང་ནག་ཏུ་ཐང་ང་དར་མོ་དང་བཤོས་པས་དགས་ལྷ་སྒམ་པོ་འཁྲུངས། ཀོང་ཡུལ་བྲི་སྣར་ཐང་ཀོང་མོ་དང་བཤོས་ཀོང་བཙུན་དེ་མོ་འཁྲུངས་པ་སོགས་ཡུལ་ཐ་དད་དུ་ཡུམ་མི་གཅིག་པ་དུ་མར་བཤོས་པ་ལས་སྲས་སོ་སོར་འཁྲུངས་པའི་ལུགས་དང་། ཡུམ་གཡུ་བྱ་གཤོག་གཅིག་དང་བཤོས་པས་གཉན་ཆེན་ཐང་ལྷ་སོགས་མཆེད་དགུ་སྦྲུམ་པ་རྫིང་ཕྱིའི་ཕ་བོང་སྦོམ་པོའི་བཤམ་གྱི་ཆར་འཁྲུངས་ཞེས་ངག་རྒྱུན་ཁུངས་མར་གྲགས་པ་དེ་སོགས་ལུང་མང་དུ་སྣང་། གང་ལྟར་ཡང་ཡུལ་ཁལ་སྒང་གཙང་སྟོད་ན་དགས་ལྷ་རྗི་དཀར་མངའ་རིས་སྐོར་གསུམ་ན་སྐུ་ལྷ་གི་རྒོད་དང་། སྟོད་ལྷ་ཟང་ཟང་། མྱང་ཡུལ་མྱང་སྟོད་ན་ཧ་བོ་གང་བཟང་། གཡག་ཏུ་སྟོད་སྨད་ན་ཤངས་ལྷ་སྒེ་རུ། ཡར་ཀླུངས་སུ་ཤམྦྷོ་

(༦༡༦)ཨིར་ཨི་ལྷ་དཀར་པོ། ལུང་པ་ནང་དུ་གཉན་ལྷ་སྦྱར་ལ། ཆོས་འཁོར་རྒྱལ་ལ་རྟ་རྒོད་ཤོལ་ལྕགས། སྒམ་པོར་དགས་ལྷ་སྒམ་པོ། རོལ་ཕུ་དང་ཀོང་སྟོད་དུ་མཆིམས་ལྷ་སྤུན་དགུའམ་མཆིམས་ལྷ་སྡེ་དྲུག་གཉལ་ལྷ་སྦྱར་མ་ཡང་ཟེར། ཀོང་སྨད་དུ་ཀོང་ལྷ་དེ་ཡག་སམ་ཀོང་ལྷ་དཀར་པོ། ཀང་།།།པོ་ཀླུ་རིངས་སུ་ཉང་།།།ལྷ་བཙན་དྲུག །ལྷོ་བྲག་ཏུ་སྐུ་ལྷ་མཁའ་རི། རུ་མཚམས་སུ་སྐུ་ལྷ་སྡེ་བཞི། འདམ་དུ་གཉན་ཆེན་ཐང་ལྷ། རྨ་ཁམས་སུ་རྨ་ཆེན་སྤོམ་ར་སོགས་ཏེ་ཕྱོགས་ཐ་དད་པ་དུ་མར་གུང་རྒྱལ་གྱི་ལྷ་སྲས་མཆེད་དགུས་གཤེགས་ཏེ་འགྲོ་དོན་མཛད་པ་ལས། ཡུལ་སོ་སོའི་ལྷ་འདྲེ་མི་གསུམ་གྱིས་མོས་ངོ་དང་བསྟུན་པའི་ཡབ་ཡུམ། རིགས་བརྒྱུད། ཆོ་འབྲང་། རྣམ་འགྱུར་སོགས་མི་འདྲ་བ་དུ་མར་བསྟན་པ་ལས་མཚན་གྱི་རྣམ་གྲངས་ཇི་སྙེད་པར་གྲགས་གོང་དུ་བཤད་པ་རྣམས་ཀྱང་ལ་ལར་སྐུ་མཆེད་ཀྱི་རྣམ་པ་དང་། ལ་ལར་ཡབ་སྲས། ལ་

(༦༡༧)ལར་གཙོ་འཁོར་གྱི་ཚུལ་དུ་འདུག་ན་ཡང་དོན་དུ་འགལ་བར་མི་བཟུང་ངོ་། །ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་རྣམ་སྤྲུལ་འབའ་ཞིག་ཏུ་ངེས་ཤིང་། ཐུན་མོངས་གདུལ་བྱའི་ངོར་ཡང་། སྟོན་པའི་སྤྱན་སྔར་བསླབ་པའི་གཞི་ནོས་ཤིང་། དཀྱིལ་འཁོར་ཆེན་པོ་དུ་མར་སྨིན་པར་མཛད་པས། ལས་དང་པོ་པ་ཞིག་གི་དབང་དུ་བགྱིས་ཀྱང་སྟོན་པས་དཀྱིལ་འཁོར་དུ་བཅུག་ནས་ད་ལྟ་ཡན་ཆད་ལ་ཕལ་པའི་སྐྱེ་བ་བཅུ་དྲུག་སྒྲོལ་ངེས་ཀྱི་ཚོད་ལོངས་པས། དེང་སང་ནི་རིགས་འཛིན་ཆེན་པོའི་ས་བརྙེས་པ་ཐེ་ཚོམ་མེད་དོ། ཁྱད་པར་དུ་ལྷ་ཆེན་འདི་སློབ་དཔོན་ཆེན་པོ་ནས་བཟུང་སྟེ་སྒམ་པོ་པ་ཟླ་འོད་གཞོན་ནུ། རྗེ་བཙུན་ཙོང་ཁ་པ་ཆེན་པོ། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོ་བསོད་ནམས་རྒྱ་མཚོ་སོགས་དམ་པ་དུ་མའི་སྤྱན་སྔར་ཞལ་བསྟན་ཏེ་དམ་ཚིག་ནོས་ཤིང་། ཕྲིན་ལས་ངོ་མཐོན་དུ་བསྒྲུབ་པ་མཛད། ཀུན་མཁྱེན་

(༦༡༨)ཀློང་ཆེན་པས་མཆིམས་ཕུར་སྙིང་ཐིག་གི་ཆོས་འཁོར་བསྐོར་དུས་མི་ནག་གི་རྣམ་པར་བྱོན་ནས་ཆོས་ཉན་པར་མཛད་པ་སོགས་ངོ་མཚར་བའི་ལོ་རྒྱུས་མང་སྟེ་ཐམས་ཅད་བྲིར་མ་ལང་ངོ་། །གཏན་གྱི་བཞུགས་པ་ལྷ་ཁང་དཀར་པོ། དབྱར་ཕག་མོ་ཚང་དགུ། དགུན་བསད་ར་བྲག་པོ་ཆེ་དང་། ཀོང་ཡུལ་གྱི་མེ་མ་རག་མོད།།། ཕྱུགས་ཀྱི་སྐྱོངས་སྡིངས་མོ་ཆེ། རྟ་ཁྱུའི་མཚོ་ས་དགེ་ཞིང་ནག་མོ་ཆེ། ཆིབས་རྒྱུགས་ཀྱིས་མཛད་པ་ལྷ་རོས་དབུ་མའི་ནང་། བེའུའི་མཚོ་པ་ལྷ་རོལ་མོད་རྣམས་སུ་མཛད་དེ་བཞུགས་པར་གྲགས་སོ། ༈ ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ་ནི། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དྲེགས་པ་ཅན་གྱི་རྣམ་པར་བཞེངས་པར་ཡིན་ནའང་། ཐུན་མོང་བའི་སྐྱེ་བརྒྱུད་ཀྱི་དབང་དུ་བྱས་ན། སྔོན་ཡབ་དྲང་སྲོང་ཛ་མི་ཏ་དང་། ཡ་འཕྲུལ་མོ་ཕོད་སྡིག་གཉིས་ལ། ཚེ་སྟོད་བུ་མ་བྱུང་། ཚེ་སྨད་དཔྱིད་ཟླ་ར་བ་

(༦༡༩)ཞིག་གིས་ཚེས་བརྒྱད་ཀྱིས་ནུབ་མོ། དྲང་སྲོང་ཛའི་རྨི་ལམ་དུ། ཤེལ་རི་དཀར་པོའི་རྩེ་མོར་མེ་ཤེལ་ལས་གྲུབ་པའི་གསེར་གྱི་ཉི་མ་ཤར་བ་ལས་དེ་མ་ཐག་ཏུ་རྒས་པ་རྨིས། ཡུམ་གྱི་རྨི་ལམ་དུ། རང་གི་ལྟོ་བར་ཕྱོགས་མཚམས་ཀུན་ཏུ་འཕྲོ་བའི་འོད་ཟེར་སྐར་འཁྱུག་པའི་ཡུན་ཙམ་ཞིག་བྱུང་བ་རྨིས། ནང་པར་རྨི་ལམ་འཆད་རེས་ཀྱི་བགྱིས་པས་དོགས་པ་ཟོས་ཏེ་ལྟས་མཁན་ལ་དྲིས་པས། རིན་ཆེན་ཤེ་བྲག་དཀར་པོ་ལ། །གསེར་གྱི་ཉི་མ་ཤར་བ་དེ། ཁྱིའུ་བཙའ་བའི་སྔ་ལྟས་ཡིན། །གསེར་གྱི་མདོག་ལྟར་འཆར་བ་དེ། །དམ་ཆོས་ཚུལ་བཞིན་བྱེད་རྟགས་ཡིན། །ཤར་མ་ཐག་ཏུ་རྒས་པ་དེ། །སྐུ་ཚེ་ཐུང་བའི་སྔ་ལྟས་ཡིན། །ཡུམ་གྱི་ལྟེ་ལས་འོད་འཕྲོས་པ། །ཚེ་འདིར་རང་དོན་བྱེད་པ་ཡིན། །ཕྱོགས་མཚམས་ཀུན་ལ་ཁྱབ་པ་དེ། །

(༦༢༠)སྐྱེ་འགྲོ་ཀུན་ལ་གནོད་པའི་རྟགས། །ཞེས་ཟེར། དེ་ནས་མི་རིང་བར་དུ་ཞིག་བཙས་ཏེ། ལོ་བཅུའི་ཐོག་རབ་ཏུ་བྱུང་། ལ་ལར་བཅུ་བཞི་ཞེས་བྱུང་། ཉི་ཤུའི་ཐོག་བསྙེན་པར་རྫོགས་ཏེ། ཤར་ཕྱོགས་ནོར་བཟང་ཞེས་བྱའི་གྲོང་ཁྱེར་དུ་ཤིང་བླག་ཤའི་ལྗོན་པའི་ཚལ་དུ་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་བཞུགས་པ་ལས། རྒྱལ་པོ་རཏྣ་སིདྡྷི་ཞེས་བྱ་བ་ཞིག །དེ་དང་ཉེ་བའི་གྲོང་ཁྱེར་གྱི་རྒྱལ་པོ་ཡོད་དོ། །སྐབས་ཤིག་ན་རྒྱལ་པོའི་གཡོག་མོ་པྲ་ཉི་།།།མུ་ཞེས་བྱ་བས་ཆུ་ལེན་དུ་ཕྱིན་པར། དེའི་ནང་ན་ཁ་བ་ས་སྐྱ་ཞིག་བབས་པའི་ནགས་ཁྲོད་དེར་མི་ཞིག་སོང་བའི་རྗེས་ལ་པདྨ་རེ་རེ་སྐྱེས་པ་མཐོང་བས་ཡ་མཚན་ཏེ་རྗེས་འདས་ནས་ཕྱིན་པར། རླག་ཤའི་སྡོང་པོའི་བསིལ་གྲིབ་ལ་དགེ་སློང་གི་ཆ་བྱད་ཅན་གྱིས་སྤྲུལ་པའི་སྐུ་ལྟ་བས་ཆོག་མི་ཤེས་པ་ཞིག་བཞུགས་པ་མཐོང་། རང་དབང་མེད་པར་ཡིད་

(༦༢༡)འཕྲོགས་ཏེ། ཕྱག་འཚལ་ནས། སྤྲུལ་པའི་སྐུ་ལགས། རྒྱལ་པོ་ཆེན་པོ་རཏྣ་སིདྡྷི་ལ། བཀུར་བར་འོས་པའི་བླ་མཆོད་གཞན་མེད་པས་དེའི་མཆོད་གནས་སུ་ཅི་ཀྱང་གཤེགས་པར་ཞུ་ལགས་ཞུས་པས། དེའི་ཞལ་ནས། བློ་ངན་བུད་མེད་ཅི་ཟེར་ན། །སྐྱེ་བ་ངན་པས་མོ་ལུས་བླངས། །བསགས་པ་ཆུང་བས་ང་དང་ཕྲད། །ད་ལྟ་རང་གི་ཁྱིམ་དུ་སོང་། །མི་ཡི་དྲུང་དུ་མ་ཤོད་ཅིག །བཤད་ན་བར་གཅོད་རྐྱེན་དུ་འགྲོ། །ཞེས་གསུངས། བུ་མོས་མྱུར་བར་རྒྱལ་པོའི་དྲུང་དུ་ཕྱིན་ནས། རྗེ་གཅིག་ང་ལ་ཚུར་གསོན་དང་། ཁྱེད་ཀྱི་བཙུན་མོ་གསུམ་པོ་བས། །ལྷག་པ་ང་ལ་གནང་སྲིད་ན། ཁྱེད་ལ་བླ་མཆོད་དམ་པ་ཞིག །དེ་རིང་ང་ཡིས་མཐོང་ལགས་སོ། །ཞེས་ཞུས་པས། རྒྱལ་པོས་བུད་མེད་གཏམ་ལ་བཟུང་དུ་མེད། རྫུན་མེད་ཁྱོད་ཀྱིས་མཐོང་སྲིད་ན། །ལམ་སྣ་བགྱིས་ནས་

(༦༢༢)ང་ལ་སྟོན། །བདེན་ན་ཁྱེད་ལ་བཙུན་མོ་བྱེད། །ཅེས་གསུངས་ནས་བུ་མོས་ལམ་སྣ་བགྱིས་ཏེ་རྒྱལ་པོ་འཁོར་བཅས་དགེ་སློང་གི་དྲུང་དུ་བྱོན་ནོ། །དེར་བུ་མོས་ཇི་ལྟར་ཟེར་བ་བཞིན། སྤྲུལ་པའི་སྐུ་ལྟ་བས་མཆོག་མི་ཤེས་པ་མཐོང་ནས་རྒྱལ་པོས་འདི་ལྟར་ཞུས་སོ། །མི་ཡི་སེངྒེ་འགྲོ་བའི་མགོན། །རྒྱལ་པོ་ང་ཡི་ལམ་སྣ་དྲོངས། །འགྲོ་དྲུག་ཐུགས་རྗེས་བཟུང་བ་དང་། །སྐྱེ་འགྲོའི་དཔལ་མགོན་མཛད་པའི་ཕྱིར། །བླ་མཆོག་དམ་པར་གཤེགས་སུ་གསོལ། །ཞུས་པས་དགེ་སློང་གིས། དམ་ཆོས་ཚུལ་བཞིན་བསྒྲུབ་པ་ལ། །རྒྱལ་པོའི་ངོ་སྲུང་ང་མི་བྱེད། །ཞེས་གསུངས་པས། རྒྱལ་པོ་ཁྲོས་ཏེ་རྒྱ་གར་ཡུལ་གྱི་ཤར་ཕྱོགས་ན། ང་ཡི་དབང་དུ་མི་འདུ་མེད། །བླ་མཆོད་བྱེད་པར་མི་སྣང་ན། །བཀའ་ཡི་ཆད་པ་གཅད་པར་བྱ། །སྨྲས་པས། དགེ་སློང་གི་ཐུགས་ལ་

(༦༢༣)ཁོ་རང་བསད་ཀྱང་འཇིགས་རྒྱུ་མེད་དེ་རྒྱལ་པོ་འདི་སྡིག་པའི་ལས་ཀྱི་འབགས་ན་སྙིང་རེ་རྗེ་སྙམ་དུ་དགོངས། རེ་ཞིག་བླ་མཆོད་མཛད་པར་ཞལ་གྱིས་བཞེས་སོ། །དེར་རྒྱལ་པོ་དཔོན་གཡོག་གིས་དགེ་སློང་ཕོ་བྲང་དུ་གདན་དྲངས། གུས་པས་བཏུད་དེ་བླ་མཆོད་དུ་བཞུགས་པ་ལས། རྒྱལ་པོས་ཀྱང་སྔར་གྱི་བུ་མོ་དེ་ཉིད་ལ་དྲིན་དུ་བཟོ་བའི་ཕྱིར་བཙུན་མོ་བཅོལ་ལོ། །དེར་མོ་དབང་ཆེ་ཞིང་སྨྲ་མི་མཁས་པས་བློན་པོ་རྣམས་མ་དགའ་བར། བུ་མོ་དེ་ད་རྒྱལ་པོའི་བླ་མཆོད་གཉིས་མཐུན་ནས་འདུག་གོ །ཞེས་གཏམ་བཅོས་ཏེ་རྒྱལ་པོར་གསོལ་བས། རྒྱལ་པོའི་བསམ་པ་ལ། འདི་ཐོག་མར་རྙེད་མཁན་ཡང་བུ་མོ་རང་ཡིན། བུད་མེད་འདི་གཡོ་སྒྱུ་ཆེ་བས་ངེས་པར་བདེན་པ་སྲིད་སྙམ་ཏེ་ཁྲོས་པས། དེ་ལྟར་ན་དགེ་སློང་ཙན་དན་གྱི་མེ་ལ་བསྲེགས་ཤིག་ཞེས་བློན་པོ་རྣམས་ལ་བསྒོས། བློན་པོ་རྣམས་ཀྱིས་ཙན་དན་གྱི་ཤིང་དུ་

(༦༢༤)མ་སྤུངས་ཏེ་དགེ་སློང་བསྲེགས་པའི་ཉེར་བསྡོགས་བྱས་སོ། །དེ་ནས་དགེ་སློང་གིས་བསྲེགས་པར་བྱོན་ཏེ། ང་སྨོན་ལམ་ཚིག་གསུམ་འདེབས་སུ་ཅུ་གཅིག་གསུངས་པར་རྒྱལ་བློན་རྣམས་ཀྱི་མ་ཉན་པར། དགེ་སློང་ན་རེ། སྣང་སྲིད་ལྷ་འདྲེས་དཔངས་པོ་མཛོད། ངས་བཙུན་མོའི་ལུས་ལ་རེག་གྱུར་ན། དམྱལ་ཁམས་བཅོ་བརྒྱད་འགྲིམས་པ་དང་། མཚམས་མེད་སྡུག་བསྔལ་མྱོང་བར་ཤོག །ངས་བཙུན་མོའི་ལུས་ལ་མ་རེག་ན། སྐྱེ་བ་འདི་ཡི་ཕྱི་མ་རུ། །གནོད་སྦྱིན་གདུག་པའི་ལུས་བླངས་ནས། །རྒྱལ་པོའི་འཁོར་དང་བཅས་པ་རྣམས། །ཞག་བདུན་ལ་ནི་ཟ་བར་ཤོག །དེ་ནས་རང་བཞིན་འདས་འོག་ཏུ། །ལྷ་སྲིན་སྐྱེད་།།།བྲན་དུ་འཁོལ། །སྟེང་འོག་བར་ལ་དབང་བྱེད་ཤོག །དེ་ནས་བསྐལ་པའི་ཐ་མ་ལ། །རྒྱལ་པོའི་ཁྲིམས་ལོག་བྱེད་པ་དང་། །བཙུན་པ་འདུལ་ཁྲིམས་ཉམས་པ་དང་། །

(༦༢༥)བུད་མེད་སྤྱོད་པ་འཆོལ་བ་སོགས། །དེ་རྣམས་བདུད་དུ་བབས་པར་ཤོག །བསྐལ་པ་དུས་ཀྱི་སྙིགས་མ་ལ། །མཐོ་བ་སྲིད་པའི་རྩེ་མོ་ནས། །འཇག་མའི་སྲིན་བུ་ཡན་ཆད་ཀྱི། །སྲོག་ལེན་དབུགས་ལ་སླེབས་པར་ཤོག །ངས་ནི་ཚུལ་ཁྲིམས་མ་ཉམས་སོ། །བཙུན་མོས་ནོངས་པ་མ་ཤོར་རོ། །རྒྱལ་པོ་གདུག་པ་ཆེས་པ་དང་། །བློན་པོ་བསམ་པ་ངན་པས་ལན། ཁྱོད་ཀྱི་བཙུན་མོ་བཞི་པོ་ནི། །ང་ཡི་ཕྱི་བཞིན་འབྲངས་ནས་ཀྱང་། །དུས་དང་གནས་སྐབས་ཐམས་ཅད་དུ། །ང་ཡི་བཀའ་ཉན་བྱེད་པར་ཤོག །ཅེས་སྨོན་ལམ་བཏབ་བོ། །དེར་བློན་པོ་རྣམས་ཀྱིས་དགེ་སློང་མེ་ལ་བསྲེགས་ཏེ་སྐུ་ཚེའི་འདུ་བྱེད་གཏོང་ངོ་། །རྒྱལ་པོའི་བཙུན་མོ་སྔོན་མ་གསུམ་དང་། ཕྱི་མའི་བུ་མོ་བཅས་བཞི་ཀ་སྨྱོས་ཏེ། འདི་ལྟ་བུའི་ལས་མཐོང་བ། མིའི་

(༦༢༦)དྲུང་དུ་ཅི་སྐད་ཟེར་བ། རྒྱལ་པོའི་ཐུགས་ལ་གདོན་ཞུགས་པ་ལོས་ཡིན། ད་ནི་གསོན་པོར་བསྡད་ནས་ཅི་བྱ། ཞེས་དུས་གཅིག་ཏུ་མེ་ལ་འཆོངས་སོ། །བྲན་གཡོག་རྣམས་ཀྱིས་ཆུ་རྒྱལ་ཀྱང་མེ་བསོད་མ་ནུས་པར་བཙུན་མོ་བཞི་ཀ་ཡང་ཚིག་གོ །དེའི་ཚེ་རི་རབ་ཀྱི་རྩེ་མོར། སྲིན་པོ་རཀྴ་གློག་གི་འཕྲེང་བ་ཞེས་བྱ་བ་ཞེ་སྡང་མེ་ལྟར་འབར་བ་ཞིག་མཆིས་ཏེ་སྨྱོན་ཁ་ནག་པོ་ཏི་པ་ཙའམ། འཇམ་དཔལ་ན་ག་རཀྵའོ། །རི་རབ་ཀྱི་ལྷོ་ཕྱོགས་རྒྱ་མཚོའི་ནང་ན། ཀླུ་མོ་སྦལ་མགོ་ཁྲག་མིག་མ་ཞེས་པ་འདོད་ཆགས་ཆུ་ལྟར་འཁྲུག་པ་ཞིག་གནས་སོ། །ཀླུ་མོས་ཡར་བལྟས་པ་དང་། སྲིན་པོ་མར་བལྟས་པ་འགྲིགས་པས། སྲིན་པོའི་སེམས་ལ། མཛེས་ཤིང་ཡིད་དུ་འོང་བའི་ཀླུ་མོ་མ་གི་གཏན་གྲོགས་སུ་མ་ཐོབ་ཀྱང་སྲོད་གཅིག་

(༦༢༧)རང་ལུས་འབྲེལ་བྱུང་ན་ཅི་མ་རུང་སྙམ་དུ་ཆགས། ཀླུ་མོ་ཡང་དེ་ལྟར་བསམ་པས་སྲིན་པོས་ཆགས་སེམས་ཀྱིས་མཆིལ་མ་ཞིག་དོར་བ། ཀླུ་མོས་ཆགས་སེམས་ཀྱིས་བཏུང་པས། ཟླ་བ་དགུ་དང་ངོ་བཅུ་ན་ལྕགས་ཀྱི་གྲོད་པ་འཇིགས་སུ་རུང་བ་ཞིག་སྐྱེས་སོ། །དེང་གདུག་རྩུབ་ཤིན་ཏུ་ཆེ་བས་ཕ་མས་འདུལ་བར་མ་ནུས་ཏེ། ཕྱག་ན་རྡོ་རྗེར་གསོལ་བས་གསང་བདག་གིས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ཞིག་རྒྱབ་པས་གྲོད་པ་བཏོལ་བའི་ནང་ནས། ཀླུ་སྲིན་འཇིགས་སུ་རུང་བ། རོ་སྟོད་སྲིན་པོ་རོ་སྨད་སྦྲུལ་འཇུག་ཏུ་འཁྱིལ་བ། མགོ་ལུས་ཐམས་ཅད་མིག་གིས་གང་བ། ལྟོ་བར་སྲིད་གསུམ་ཟ་བའི་ཞལ་གདངས་པ། དབུ་དགུ་པ། སྤྱི་གཙུག་ཏུ་བྱ་རོག་གི་མགོ་བོ་ཡོད་པ་ཞིག་བྱུང་ངོ་། །དེར་གསང་བའི་བདག་པོས་བཏུལ་ཏེ། བཀའ་

(༦༢༨)བསྒོས། དབང་བསྐུར་དམ་ལ་བཏགས། གསང་བའི་མཚན་གསོལ་ཏེ་མཐུ་སྟོབས་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པར་འགྱུར་རོ། །དེའི་ཚེ་སྔོན་གྱི་བཙུན་མོ་བཞི་ཡང་ལས་དབང་གི་སྟག་སྲིན་ཟོར་བའི་གདོང་ཅན། བམ་སྲིན་དྲེད་མོང་གི་གདོང་ཅན། ཀོང་སྲིན་བ་ལང་གི་གདོང་ཅན། འབྲོག་སྲིན་ཆུ་སྲིན་གྱི་གདོང་ཅན་བཞིར་སྐྱེས་ནས་སྲིང་མོར་གྱུར་ཏོ། །སྐུ་ལས་གཟའ་རྒོད་བིཥྞུ་རཱ་ཛ། གསུང་ལས་གཟའ་བདུད་ཁྱབ་འཇུག་ཆེན་པོ། ཐུགས་ལས་གཟའ་བདུད་ལྗང་སྔོན། ཡོན་ཏན་ལས་ཙ་ར་ཀ །ཕྲིན་ལས་དྲང་སྲོང་གཟའ་བདུད་རཱ་ཧུ་ལ། གཞན་ཡང་བིཥྜི་པ་ཊ། དུ་བ་འཇུག་རིང་། བདུད་པོ་རོག་ཏི་སྒྲ་གཅན་འཛིན་སོགས་གཟའ་ཆེན་བརྒྱད་དང་། སྡེ་བརྒྱད་ཇི་སྙེད་པར་སྤྲུལ་ཏེ། ལྷོ་ནུབ་ནས་བྱང་ཤར་དུ་སྡེ་བརྒྱད་ཡོངས་དང་སྡོངས་ནས་རྒྱུ། འདི་ལུགས་གཅིག་ཡིན་གྱི་ཕལ་ཆེར་ལ་སྲིན་པོ་དང་སྟོངས་ནས་རྒྱུ་བར་བཤད། ནུབ་ནས་

(༦༢༩)ཤར་དུ་འབྱོན་དུས་མ་མོའི་དམག་དཔོན་བྱེད། ཤར་ནས་ནུབ་ཏུ་བྱོན་དུས་དམུ་བདུད་ཀྱི་དམག་དཔོན་བྱེད། ནུབ་བྱང་ནས་ཤར་ལྷོར་བྱོན་དུས་ཀླུ་བཙན་གྱི་དམག་དཔོན་བྱེད། ཤར་ལྷོ་ནས་ནུབ་བྱང་དུ་རྒྱུ་དུས་དགྲ་ལྷའི་དམག་དཔོན་བྱེད། བྱང་ནས་ལྷོར་རྒྱུ་དུས་གཤིན་རྗེའི་དམག་དཔོན་བྱེད། ལྷོ་ནས་བྱང་དུ་རྒྱུ་དུས་ཀླུའི་དམག་དཔོན་བྱེད། བྱང་ཤར་ནས་ལྷོ་ནུབ་ཏུ་རྒྱུ་དུས་སྨན་མོའི་དམག་དཔོན་བྱེད། འདི་ལུགས་གཅིག་ཡིན་གྱི་སྤྱིར་ནི་ཧ་ཡ་ག་སོང་སྡེ་།།།བརྒྱད་ག་དང་སྡོངས་ནས་རྒྱུ་བ། དེ་ཡང་ཚེས་བཞིའི་སྲོད་ལ་དཔུང་པ་གཡོན་ནས་མ་མོར་སྤྲུལ་ཏེ་ནུབ་ནས་ཤར་དུ་རྒྱུ། བརྒྱད་ཀྱི་ཉི་དྲོད་ལག་གཡས་པ་དགྲ་ལྷ་སྟེ། རྒྱལ་པོར་སྤྲུལ་ནས་ཤར་ལྷོ་ནས་ནུབ་བྱང་མཚམས་སུ་རྒྱུ། བཅུ་གཅིག་གི་ནམ་ཕྱེད་ལ་མཆུ་སོ་བདུད་དུ་སྤྲུལ་ནས་བྱང་ནས་ལྷོར་རྒྱུན་བཅོ་ལྔའི་ནམ་ཕྱེད་ལ་མགོ་བོ་

(༦༣༠)སྲིན་པོར་སྤྲུལ་ནས་ལྷོ་ནུབ་ནས་བྱང་ཤར་རྒྱུ། བཅོ་བརྒྱད་ཀྱི་ནམ་ཕྱེད་ཡོལ་ལ་མཇུག་མ་དམུ་རུ་སྤྲུལ་ནས་ཤར་ནས་ནུབ་ཏུ་རྒྱུ། ཉེར་གཉིས་ཉིན་ཕྱེད་ལ་ལག་པ་གཡོན་པ་ཀླུ་བཙན་དུ་སྤྲུལ་ནས། ནུབ་བྱང་ནས་ཤར་ལྷོར་འགྲོ། ཉེར་ལྔའི་སྐྱ་རེངས་དཔུང་པ་གཡས་པ། གཤིན་རྗེར་སྤྲུལ་ནས་ལྷོ་ནས་བྱང་དུ་རྒྱུ། ཉེར་དགུའི་ཉི་མ་དམར་ཐག་ཆོད་པའི་དུས་སུ་མིག་སྙིང་མཆེ་བ་གསུམ་བགོགས་སུ་སྤྲུལ་ནས་བྱང་ཤར་ནས་ལྷོ་ནུབ་ཏུ་རྒྱུ། མདོར་ན་སྲིད་གསུམ་ཐམས་ཅད་ལ་དབང་མཛད་ཅིང་མཐུ་སྟོབས་དང་རྫུ་འཕྲུལ་དཔག་པར་དཀའ་བས་སངས་རྒྱས་ཀྱི་བསྟན་པ་བསྲུང་ཞིང་། འགྲོ་བའི་དོན་མཛད་པར་གསུངས། དེ་ལྟར་ཡང་ལས་འབྲེལ་གཏེར་བྱོན་གྱི་གཟའི་བསྐང་བ་ལས། ཆོས་སྐུ་སྐྱེ་མེད་མཁའ་དབྱིངས་ལས༔ ལོངས་སྐུ་འགགས་མེད་རང་

(༦༣༡)རྩལ་གྱི༔ སྤྲུལ་སྐུ་སྣ་ཚོགས་རོལ་པར་ཤར༔ འཇིགས་པའི་གཟའ་མཆོག་རཱ་ཧུ་ལ༔ ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ལ༔ དོ་ནུབ་དམ་ཚིག་གནས་འདིར་བྱོན༔ ཅེས་དང་། སྐུ་སྨད་དུག་སྦྲུལ་དམྱལ་ཁམས་བཅོ་བརྒྱད་དཀྲུག༔ ཅེས་རི་རབ་རྩེ་ལ་བཞུགས་པའི་ཚེ༔ དྲག་རྩལ་ཟོར་གྱིས་སྟོང་ཁམས་ཁྱབ༔ བར་སྣང་ཁམས་སུ་ཀུན་ཏུ་རྒྱུ་བའི་ཚེ༔ ཉི་མ་ཟླ་བ་གཟའ་སྐར་ཁྱུར་ཡིད་གཏོང་༔ འཇིག་རྟེན་ཁམས་སུ་རྫུ་འཕྲུལ་སྟོན་པའི་ཚེ༔ འབྲུག་དང་གློག་གི་དུག་མདའ་ཕྱོགས་བཅུར་འཕེན༔ དགེ་བགེགས་ཡུལ་དུ་ནད་ཡམས་ངན་སྐྱུགས་གཏོང་༔ འཇིག་རྟེན་འདི་ན་འགྲན་ཟླ་མེད་པའི་སྐུ༔ ཆོས་ཀྱི་དབྱིངས་ནས་སྤྱན་འདྲེན་གཤེགས་སུ་གསོལ༔ ཞེས་གསུངས། གོང་དུ་བཤད་པའི་སྐྱེ་བརྒྱུད་ནི༔ སྔོན་གྱི་སྨྲ་སེང་ཡིག་གེ་ཁུངས་མ་ལ་བརྟེན་ཏེ་བྱ་ཁྱུངས་ངག་དབང་

(༦༣༢)པདྨས་མཛད་པའི་གཟའ་ནད་གསོ་ཐབས་ཀྱིས་འཕྱོང་གི་མན་ངག་ལས་བྱུང་བ་ལྟར་བཀོད་པའོ། །ལས་འབྲེལ་གཏེར་བྱོན་གཟའ་རྒོད་ཀྱི་སྒྲུབ་སྐོར་ལས། ཡབ་གཅིག་ཡཀྴ་ཛྭ་ལ་དང་། ཡུམ་གཅིག་རྡོ་རྗེ་གློག་འཁྱུག་གཉིས༔ གཉིས་མེད་ཡིད་ཀྱིས་སྤྲུལ་པ་ལས༔ སྲས་མཆོག་གཟའ་བདུད་ཆེན་པོ་བྱུང་༔ ཅེས་པ་དང་། ཡང་། ཧཱུཾ། ཁྱེད་ཀྱི་ཕ་ཡི་མིང་སྨྲོས་པ༔ སྲིན་པོ་དྷ་ཤ་གྲྀ་ཝ་ཡིན༔ ཞེས་པ་དང་། ཁྱེད་ཀྱི་མ་ཡི་མིང་སྨྲོས་པ༔ མ་ནི་ཀླུ་མོ་ཧཾ་ཤཾ་མཾ༔ ཞེས་ཀྱང་བྱུང་ལ། གསོལ་ཁའི་མངོན་རྟོགས་རྣམས་ནས་ཡབ་རྡོ་རྗེ་སྲིན་པོ། ཡུམ་རྡོ་རྗེ་གློག་འགྱུ་ཞེས་ཀྱང་གསུངས་པས་མཚན་གྱི་རྣམ་གྲངས་སོ༔ དྷ་ཤ་གྷྲི་ཝ་ནི། དཔལ་ལྡན་དམག་ཟོར་མ་སྐུ་སྔོན་མའི་ཡུམ། སྲིང་མོ་ན་ལ་རྩེའི་ཇོ་མོ་ཡིན་ནོ། །འདི་དག་

(༦༣༣)ཀྱང་འགལ་བར་མི་སེམས་ཏེ། གདུལ་བྱའི་སྣང་ངོར་དང་མཐུན་པར་བཀོད་པ་དུ་མར་བསྟན་པ་ཡིན་ནོ། །གཟའ་རྒོད་ཉི་མ་ཁྲོས་པའི་གསང་རྒྱུད་ལས་གསུངས་པ་ལྟར་ན། གཤིན་རྗེ་འདོད་པའི་རྒྱལ་པོ་དང་། སྲིན་མོ་གློག་ལྕམ་འབར་མ་བཤོས་པས། བུ་གཟའ་རྒོད་ཉི་མ་ཞེས་བྱ་བ་སྐྱེས། འདི་མགོན་པོ་ཕྱག་དྲུག་པའི་འཁོར་གྱིས་གཤིན་རྗེ་ཌཀྐི་རཱ་ཛ་དང་གཅིག །དེ་རི་བོ་གཉའ་ཤིང་འཛིན་གྱི་ལོག་ལ་གནས་པ་ལས། རི་རབ་ཀྱི་བྱང་ཤར་ནས་འདོད་ཁམས་དབང་ཕྱུག་དཔལ་ལྡན་ལྷ་མོ་རེ་མ་ཏི་བཞུགས་པ་ཕན་ཚུན་ཐུགས་སེམས་ཆགས་ཏེ་རི་རབ་ཀྱི་བྱང་དུ་འདོད་པའི་དུས་བཏབ་པས་ལྷ་མོས་གཡོ་སྒྱུ་མཛད་དེ། ཁོ་རང་མ་བྱོན་པར་ཕག་པ་གཟའི་བུ་མོ་གནོད་སྦྱིན་མོ་ཕག་སྣ་གདོང་ཞེས་བྱ་བ་

(༦༣༤)ཞིག་ལ་ལྷ་མོའི་ཆས་སྤྲས་ནས་བརྫངས་སོ། །དེར་གཟའ་རྒོད་ཉི་མ་དང་གནོད་སྦྱིན་མོ་གཉིས་མཚན་གང་དེར་ཉལ་པོ་ཤིན་ཏུ་རྩོལ་བ་བྱས་ཏེ་ནང་པར་སོ་སོར་གྱིས་འགྲོ་བའི་ཚེ་མོས་རང་གཟུགས་བསྟན་པས་ཕག་པའི་བུ་མོ་བཞིན་མི་སྡུག་པ་སྐྱུག་བྲོ་བ་ཞིག་མཐོང་བས་གཟའ་རྒོད་ཉི་མ་ཁྲོས་ཏེ། ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱིས། ལྷ་མོ་རེ་མ་ཏི་འདི་ལ་ཆད་པ་ཆོད་ཅིག །ལྷ་མོ་འདིས་ང་བསླུས་པས། མ་མོའི་གནོད་པ་རང་གཤེད་རང་ལ་བབ་པར་གྱུར་ཅིག །ཅེས་དམོད་པ་བོར་བས། དེའི་རྐྱེན་གྱི་འཇིག་རྟེན་ཐམས་ཅད་འཁྲུགས་པས། དྲེགས་པ་ཅན་ཐམས་ཅད་ཚོགས་ནས། གཟའ་དང་མ་མོ་འཆམ་སྒྲིགས་སོ། །དེ་ལྟར་ལོ་རེ་ལ་ཕྲང་ཐེངས་རེ་བགྱིས་ཏེ་འདུག་འདུས་པ་ལས། ཁོང་གཉིས་རི་རབ་ལ་འཁོད་དེ་གནས་པས། འཇིག་རྟེན་གྱི་ལོ་ཐོག་དང་ཚེ་སྲོག་ཀུན་ལ་གནོད་པ་

(༦༣༥)དཔལ་ཆེན་དྲེགས་པ་ཀུན་འདུལ་གྱི་དམ་ལ་བཏགས་པར་གསུངས། གཟའི་དུག་འབྱིན་ལས་འབྲེལ་གྱིས་གཏེར་བྱོན་ལས། ཡབ་ཅིག་ཡ་མནྟ་ཀ་དང་། ཡུམ་གཅིག་ཛྭ་ལ་འབར་བ་གཉིས། །གཉིས་མེད་ཡིད་ཀྱིས་སྤྲུལ་པ་ལས༔ གཟའ་བདུད་ཆེན་པོ་བརྒྱད་དུ་བྱུང་༔ ཅེས་གསུངས་པས་གོང་དུ་བཤད་པ་བཞིན། ཡབ་རྡོ་རྗེ་སྲིན་པོའམ༔ རཀྴ་གློག་འཕྲེང་དེ་འཇམ་དཔལ་ན་ག་རཀྴ་དང་གཅིག་ཅིང་། དེ་ཉིད་འཇམ་དཔལ་གཤིན་རྗེ་གཤེད་པོ་ཡིན་པར་གསུངས་པས། དེའི་རྒྱུ་མཚན་གྱིས་ཡང་བཻ་རོས་སློབ་དཔོན་ཆེན་པོར་ཞུས་པའི་དྲིན་ལན་རིན་ཆེན་གསལ་སྒྲོན་ལས། ཨེ་མ་ཧོ སློབ་དཔོན་ཆེན་པོ་ལགས༔ གཟའ་ཀི་ཀང་འཕུང་བྱེད་མིང་སྲིང་ལྔ་པོ་འདི། སྟེང་ནམ་མཁའ་ལ་མངའ་བྱེད་ཅིང་། ལས་སུ་

(༦༣༦)ཐོག་དང་སེར་བ་གཏོང་བའི་དུས་ཚོད་ཐེབས་བཟློག་མྱུལ་ཞིང་། སྐྱེ་འགྲོའི་སྲོག་དང་ལོ་ཏོག་ལ་དབང་བྱེད་པ་ལགས་ན། ཀི་ཀང་ཞེས་བྱ་བ་དང་ཉི་རྐུན་ཞེས་བྱ་བ་དང་། གཟའི་ལུས་དུམ་བུ་བརྒྱད་དུ་རྒྱུ་བའི་གཏན་ཚིག་ཅི་ཡིན་ལགས། ཞེས་ཞུས་པས། སློབ་དཔོན་གྱིས་གསུངས་པ། བཻ་རོ་ཙ་ན་ཉོན་ཅིག །བདུད་ཀི་ཀང་འཕུང་བྱེད་མིང་སྲིང་གཏན་ཚིག་བཤད་ཀྱིས། སྔོན་སྲིད་པ་མ་བྱེ་བའི་མཚམས་སུ། རི་རབ་ཀྱི་རྩེ་ནས་སྲིན་པོ་རཀྴ་ནག་པོ་གློག་གིས་ཕྲེང་བ་ཅན་ཞེས་བྱ་བ་ཞེ་སྡང་གི་མེ་འབར་བ་གཅིག་གནས། རྒྱ་མཚོའི་གཏིང་ནས་ཀླུ་མོ་སྦལ་མགོ་ཁྲག་མིག་མ་ཞེས་བྱ་བ་འདོད་ཆགས་ཀྱི་ཆུ་འཁྲུག་པ་གཅིག་གནས་པ་ལས། གླང་གི་ལོ་དབྱར་ཟླ་ཐ་ཆུང་ལ་སྲིན་པོས་རི་རབ་ཀྱི་རྩེ་ནས་ཀིའུ་ཞེས་བཏང་བས། ཀླུ་

(༦༣༧)མོས་རྒྱ་མཚོའི་གཏིང་ནས་ཀ་ཀཾ་ཞེས་བརྡ་སྦྱར་བས། དེར་ཀི་ཀང་ཕོ་མོ་གཉིས་ཞེས་སྡང་འདོད་ཆགས་ཀྱིས་དབང་གིས། རི་རབ་ཀྱི་རྩེ། གསེར་གྱི་རི་བདུན་གྱི་།།།ལ་སྦྱོར་བ་བྱས་པས། སྲིན་མོ་ཟླ་བ་བཅུ་གསུམ་ན་ལུས་མ་བདེའོ། །སྟག་ལོ་སྟོན་ཟླ་ར་བ་ལ་བུ་ཞིག་སྐྱེས་པས་ལུས་སྟོད་མི་རུ་འདུག་པ། ལག་ན་མཚོན་ཆ་འཛིན་པ། ཕ་སྲིན་པོ་ཡིན་པས་ཟས་སུ་ཤ་རུལ་དང་ཁྲག་རུལ་ལ་དགའ་བ། མ་ཀླུ་མོ་ཡིན་པས་སྨད་སྦྲུལ་དུ་འདུག་པས། འོ་མ་དང་མངར་ལ་དགའ་བ། ལྷ་མ་སྲིན་སྡེ་བརྒྱད་ལུས་ལ་རྫོགས་པས་ཁོང་ན་སྙིང་དགུ་ཡོད་པ་བྱུང་བས། སྐྱེས་མ་ཐག་ཀེའུ་ཀང་ཀེའུ་ཀང་ཞེས་སྐད་དུ་འདོན་པའི་ཀིའུ་ཀང་ཕུང་བྱེད་ཆེན་པོར་གྱུར་ཏེ། སྐྱེ་འགྲོའི་སྲོག་གཅོད་ཅིང་སྲིད་པའི་ཤ་ཟོས་

(༦༣༨)འགྲོ་བའི་ཁྲག་འཐུང་། མས་བཅར་མ་ཐུབ་སྟེ་གནམ་དུ་ཐལ་ལོ། །མའི་ནུ་མ་ལ་མཉེས་ཤིང་བཙིར་བས། ཁྲག་གི་བྲོད་པ་བཞི་བྱུང་བས་མ་བྲེད་དེ་འཁོལ་མོ་ལ་བསྐུར་བས་རི་རབ་ཀྱི་གླིང་བཞིར་སྦས་ནས་བཞག་གོ །དེ་ནས་མིང་པོ་རཱ་ཧུ་ལས་ལྷའི་ཡུལ་དུ་ལྷའི་བདུད་རྩིས་ཉིང་ཁུ་བརྐུས་ནས་ལྷ་རྣམས་ཀྱི་བཀྲག་དང་གཟི་མདངས་ཐམས་ཅད་འཕྲོགས་སོ། །མིང་ཡང་ཉིན་རྐུན་དུ་གྲགས་སོ། །དེ་ནས་འཇམ་དཔལ་གཤིན་རྗེའི་གཤེད་པོ་ཐུགས་ཁྲོས་ནས་གསེར་གྱིས་འཁོར་ལོ་རྩིབས་བརྒྱད་པ་ཉིང་རྐུན་ལ་རྒྱབ་པས། ལུས་དུམ་བུ་བརྒྱད་དུ་བཏུབས་སོ། །དེ་ནས་རི་རབ་ཀྱིས་ཕྱོགས་བཞི་མཚམས་བརྒྱད་དུ་ལུས་ཀྱི་དུམ་བུ་བརྒྱད་དང་། སྙིང་བརྒྱད་མནན་ནས་བཞག་གོ །སྙིང་གཅིག་མ་ཟིན་པར་ཤོར་བ་ནི། གཟའ་དུ་བ་མཇུག་རིངས་སོ། །གནོན་པའི་དུས་སུ་

(༦༣༩)སྨོན་ལམ་བཏབ་པ་ནི། བསྟན་པ་ལ་དགྲ་དར་ན་ལུས་དུམ་བུ་བརྒྱད་འབྱར་ནས་བསྟན་པ་བསྲུང་བར་སྨོན་ལམ་བཏབ་བོ། །སང་ཕོད་ལོ་དུས་སུ་ར་ཧུ་ལ་དེ་ལུས་དུམ་བུ་རཻ་ལས་ཀི་ཀང་རེ་རེ་དང་། ལྷ་མ་སྲིན་སྡེ་བརྒྱད་རེ་རེ་དང་སྡོངས་ནས་བྱུང་ངོ་། །རི་རབ་ཀྱི་ཕྱོགས་བཞི་ནས། ཤར་ནས་སྟག་སྲིན་སྟག་མགོ་ཅན་བྱུང་། ལྷོ་ནས་བམ་སྲིན་དྲེད་མགོ་ཅན་བྱུང་། ནུབ་ནས་ཀོང་སྲིན་བ་ལང་གདོང་ཅན་བྱུང་། བྱང་ནས་འབྲོག་སྲིན་ཆུ་སྲིན་གདོང་ཅན་བཞི་བྱུང་སྟེ། ཀི་ཀང་མིང་སྲིན་ལྷ་སྲིན་སྡེ་བརྒྱད་ཀྱི་སྡོངས་ཟླ་བྱས་ནས། གླིང་བཞིའི་སེམས་ཅན་གྱིས་དབུགས་དང་། ལོ་ཏོག་བཅུད་བསྡུས་ཅིང་། ཐེབས་ཟློག་དུས་ཚོད་མྱུལ་བར་བྱུང་ངོ་། །ཀི་ཀང་དང་། ཉིང་རྐུན་དང་། ལུས་ཀྱི་དུམ་བུ་བརྒྱད་དང་བསྡོངས་ཟླ་ལྷ་སྲིན་སྡེ་བརྒྱད་ཀྱིས་གཏན་ཚིག་

(༦༤༠)དེ་ལྟར་ལགས་སོ། །ཞེས་གསུངས་སོ། །ཡང་བཻ་རོས་ཞུས་པ། ཨེ་མ་ཧོ སློབ་དཔོན་ཆེན་པོ་ལགས། གཟའ་ཁྱབ་འཇུག་ཆེན་པོ་འདི། གླིང་བཞི་སེམས་ཅན་གྱི་སྲོག་སྡུད་ཅིང་། ཐེབས་བཟློག་དུས་ཚོད་མྱུལ་བ་ལགས་ན། ཤར་གྱིས་གླིང་ལ་རྣམ་པར་ཤེས་པའི་ཚོགས་བརྒྱད་ཇི་ལྟར་རྒྱུ། བྱང་གི་གླིང་ན་ཡུལ་བརྒྱད་ཇི་ལྟར་རྒྱུ། །ནུབ་ཀྱི་གླིང་ན་ཉོན་མོངས་བརྒྱད་ཇི་ལྟར་བྱུང་། ལྷོའི་གླིང་ན་ལུས་ཀྱི་དུམ་བུ་བརྒྱད་ཇི་ལྟར་རྒྱུ། ཞེས་ཞུས་པས། སློབ་དཔོན་གྱིས་གསུངས་པ་སྤ་གོར་ཉོན་ཅིག །ཤར་གྱི་གླིང་ལ་དབང་བཞི་རྒྱུ་བ་ནི། ཀུན་གཞིའི་རྣམ་པར་ཤེས་པ་སྲིན་པོར་སྤྲུལ་ནས་ལྷོ་ནུབ་བྱང་ཤར་དུ་ཉིན་མཚན་གཉིས་ཀྱི་ཆ་འཛིན་པ་ནི། ཉི་མ་དམར་ཐག་ཆད་པ་དེ་ལ་རྒྱུའོ། །མིག་གི་རྣམ་པར་ཤེས་པ་བདུད་དུ་སྤྲུལ་ནས་ཉི་ཕྱེད་ནས་བྱང་ནས་ལྷོར་རྒྱུའོ། །ཉོན་མོངས་པ་ཅན་གྱི་ཡིད་

(༦༤༡)དགྲ་ལྷའི་རྒྱལ་མོར་སྤྲུལ་ནས་སྐྱ་རེངས་ཤར་མཚམས་ནས་ཤར་ལྷོ་མཚམས་ནས་ནུབ་བྱང་མཚམས་སུ་རྒྱུའོ། །རྣ་བའི་རྣམ་པར་ཤེས་པ་མ་མོར་སྤྲུལ་ནས་ཉི་མ་དྲོས་ནས་ནུབ་ནས་ཤར་དུ་རྒྱུའོ། །ལུས་ཀྱི་རྣམ་པར་ཤེས་པ་ཀླུ་བཙན་དུ་སྤྲུལ་ནས། ནམ་ཕྱེད་ཡོལ་ལ་ནུབ་བྱང་ནས་ཤར་ལྷོར་རྒྱུའོ། །ལྕེའི་རྣམ་པར་ཤེས་པ་དམུ་རུ་སྤྲུལ་ནས་ནམ་གུང་ལ་ཤར་ནས་ནུབ་ཏུ་རྒྱུའོ། །དེ་དག་ནི་གཡོག་བསྐོར་དུ་རྒྱུའོ། །བྱང་གི་གླིང་ལ་ཡུལ་བརྒྱད་གཡས་བསྐོར་དུ་རྒྱུ་སྟེ། ཀུན་གཞིའི་རྣམ་ཤེས་ཀྱི་ཡུལ་དམུ་རུ་སྤྲུལ་ནས་ཉི་མ་དྲོས་ནས་ནུབ་ཏུ་རྒྱུའོ། །མིག་གི་རྣམ་ཤེས་ཀྱི་ཡུལ་ཀླུ་བཙན་དུ་སྤྲུལ་ནས། སྲོད་ལ་ནུབ་བྱང་ནས་ཤར་ལྷོར་རྒྱུའོ། །ཉོན་མོངས་པ་ཅན་གྱི་ཡུལ་གཤིན་རྗེར་སྤྲུལ་ནས་སྐྱ་རེངས་ཤར་ནས་

(༦༤༢)།།།བྱང་དུ་རྒྱུའོ། །རྣ་བའི་རྣམ་པར་ཤེས་པའི་ཡུལ་གཟའ་ཉིད་དུ་སྤྲུལ་ནས་ཉི་མ་དམར་ཐག་ཆད་ནས་བྱང་ཤར་མཚམས་ནས་ལྷོ་ནུབ་ཏུ་རྒྱུའོ། །ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་མ་མོར་སྤྲུལ་ནས་ཉི་མ་ཕྱེད་ཡོ་ལ་ནུབ་ན་ཤར་དུ་རྒྱུའོ། །སྣའི་རྣམ་པར་ཤེས་པའི་ཡུལ་དགྲ་ལྷའི་རྒྱལ་མོར་སྤྲུལ་ནས་ནམ་ཕྱེད་ན་ཤར་ལྷོ་ནས་ནུབ་བྱང་དུ་རྒྱུའོ། །ལུས་ཀྱི་རྣམ་པར་ཤེས་པའི་ཡུལ་བདུད་དུ་སྤྲུལ་ནས་ཉི་མ་ཕྱེད་ཡོལ་ནས་ལྷོར་རྒྱུའོ། །ལྕེའི་རྣམ་པར་ཤེས་པའི་ཡུལ་སྲིན་པོར་སྤྲུལ་ནས་ནམ་ཕྱེད་ཡོལ་ནས་ལྷོ་ནས་བྱང་ཤར་དུ་རྒྱུའོ། །ནུབ་ཀྱི་གླིང་ལ་དུག་ལྔའི་སྤྲུལ་པ་གཡོན་བསྐོར་དུ་རྒྱུ་སྟེ། ཞེ་སྡང་སྲིན་པོར་སྤྲུལ་ནས་ལྷོ་ནུབ་ནས་བྱང་ཤར་དུ་ཉི་མ་དྲོས་ནས་རྒྱུའོ། །ཕྲག་དོག་བདུད་དུ་སྤྲུལ་ནས་བྱང་ནས་ལྷོར་སྲོད་ལ་རྒྱུའོ། །ང་རྒྱལ་དགྲ་ལྷའི་རྒྱལ་མོར་སྤྲུལ་ནས་

(༦༤༣)སྐྱ་རེངས་ཤར་ཙམ་ན་ཤར་ལྷོ་ནས་ནུབ་བྱང་དུ་རྒྱུའོ། །འདོད་ཆགས་མ་མོར་སྤྲུལ་ནས་ནུབ་ནས་ཤར་དུ་ཉི་མ་ཕྱེད་ནས་རྒྱུའོ། །གཏི་མུག་ཀུན་ལ་ཁྱབ་སྟེ། ཁྱབ་འཇུག་ཏུ་སྤྲུལ་ནས་བྱང་ཤར་ནས་ལྷོ་ནུབ་ཏུ་རྒྱུའོ། །ཞེ་སྡང་གི་ཡུལ་གཤིན་རྗེར་སྤྲུལ་ནས་ནམ་ཕྱེད་ལྷོ་ནས་བྱང་དུ་རྒྱུའོ། །འདོད་ཆགས་ཀྱི་ཡུལ་ཀླུ་བཙན་དུ་སྤྲུལ་ནས་ཉི་མ་དམར་ཐག་ཆད་པ་ལ་ནུབ་བྱང་ནས་ཤར་ལྷོར་རྒྱུའོ། །གཏི་མུག་གི་ཡུལ་དམུ་རུ་སྤྲུལ་ནས་ནམ་ཕྱེད་ཡོལ་ནས་ཤར་ནས་ནུབ་ཏུ་རྒྱུའོ། །ལྷོའི་གླིང་ལ་ལུས་ཀྱི་དུམ་བུ་བརྒྱད་སྡེ་བརྒྱད་དུ་སྤྲུལ་ནས་གཡས་བསྐོར་དུ་རྒྱུ་སྟེ། དཔུང་པ་གཡོན་མ་མོར་སྤྲུལ་ནས་སྲོད་ལ་ཤར་ནས་ནུབ་ཏུ་རྒྱུའོ། །དཔུང་པ་གཡས་དགྲ་ལྷའི་རྒྱལ་མོར་སྤྲུལ་ནས། ཤར་ལྷོ་ནས་ནུབ་བྱང་དུ་ཉི་མ་དྲོས་ནས་རྒྱུའོ། །མཆུ་སོ་བདུད་དུ་སྤྲུལ་

(༦༤༤)ནས་བྱང་ནས་ལྷོར་ནམ་ཕྱེད་ལ་རྒྱུའོ། །མགོ་བོ་སྲིན་པོར་སྤྲུལ་ནས་ལྷོ་ནུབ་ནས་བྱང་ཤར་དུ་ཉི་མ་ཕྱེད་ན་རྒྱུའོ། །མཇུག་མ་དམུར་སྤྲུལ་ནས་ཤར་ནས་ནུབ་ཏུ་ནམ་ཕྱེད་ཡོལ་ལ་རྒྱུའོ། །ལག་པ་གཡོན་ཀླུ་བཙན་དུ་སྤྲུལ་ནས་ནུབ་བྱང་ནས་ཤར་ལྷོར་ཉི་མ་ཕྱེད་ཡོལ་ན་རྒྱུའོ། །ལག་པ་གཡས་པ་གཤིན་རྗེར་སྤྲུལ་ནས་ལྷོ་ནས་བྱང་དུ་སྐྱ་རེངས་ཤར་ཙམ་ན་རྒྱུའོ། །སྙིང་མིག་མཆེ་བ་གསུམ་ཉིན་མཚན་གཉིས་ཀྱི་ཆ་འཛིན་པས་བི་ན་ཡ་གར་སྤྲུལ་ནས་ཉི་མ་དམར་ཐག་ཆད་པ་ལ་བྱང་ཤར་ནས་ལྷོ་ནུབ་ཏུ་རྒྱུའོ། །ཞེས་གསུངས་སོ། །ཡང་བཻ་རོ་ཙ་ནས་ཞུས་པ། ཨེ་མ་ཧོ སློབ་དཔོན་ཆེན་པོ་ལགས༔ གཟའ་ཕྱི་ལྟར་དུ་རྒྱུ་བ་གང་ལགས། ནང༴ གསང་བ་ལྟར༴ ཐོད་རྒལ་ལྟར༴ ཡང་གསང་ལྟར་རྒྱུ་ལུགས་ནི་གང་ལགས། ཡབ་ལྟར༴

(༦༤༥)ཡུམ་ལྟར༴ སྤྲུལ་པ་ལྟར༴ ཕོ་ཉ་ལྟར་དུ་རྒྱུ་བ་གང་ལགས། ཞེས་ཞུས་པས། སློབ་དཔོན་གྱིས་གསུངས་པ། སྤ་གོར་དགེ་སློང་ཉོན་ཅིག ཕྱི་ལྟར་དུ་རྒྱུ་བ་ནི། ཟླ་བ་གང་ཡང་རུང་བའི། ཚེས་བཞི་དང་། བརྒྱད་དང་། བཅུ་གཅིག་དང་། བཅོ་ལྔ་དང་བཅོ་བརྒྱད་དང་། ཉི་ཤུ་གཉིས་དང་། ཉི་ཤུ་ལྔ་དང་། ཉི་ཤུ་དགུའོ། །ནང་ལྟར་རྒྱུ་བ་ནི། ཚེས་ལྔ་དང་། དགུ་དང་། བཅུ་གཉིས་དང་། བཅུ་དྲུག་དང་། བཅུ་དགུ་དང་། ཉི་ཤུ་གསུམ་དང་། ཉི་ཤུ་དྲུག་དང་། སྟོང་ཆེན་ལའོ། །གསང་བ་ལྟར་རྒྱུ་བ་ནི། སྟག་གི་དུས་དང་། རྟའི་དུས་དང་། སྤྲེའུའི་དུས་དང་། བྱི་བའི་དུས་དང་བཞིའོ། །ཐོད་རྒལ་དུ་རྒྱུ་བ་ནི། ཚེས་གཅིག་དང་། བཅུ་གསུམ་དང་། བཅུ་དགུ་དང་། ཉི་ཤུ་གསུམ་མོ། ཡང་གསང་ལྟར་གྱི་རྒྱུ་ལུགས་ནི། ཡར་གྱི་ཚེས་བརྒྱད་དང་མར་གྱིས་བཅུ་དྲུག་དང་ཡར་གྱི་ཚེས་བཞི་དང་མར་གྱི་ཉི་

(༦༤༦)ཤུ་བཞི་དང་ཡར་གྱིས་ཚེས་བརྒྱད་དང་མར་གྱིས་ཚེས་བརྒྱད་དང་། ཐ་མ་ཉི་ཤུ་གཉིས་སོ། །དེ་རྣམས་ལ་གནོད་པའི་ལས་ཅི་བྱས་ཀྱང་འགྲུབ་བོ། །ཡབ་ལྟར་རྒྱུ་བ་ནི། གནམ་སྟོང་གི་ཉིན་མོ་རི་རབ་ཀྱི་རྩེར་ཡབ་ཅན་དུ་རྒྱུའོ། །ཡུམ་ལྟར་རྒྱུ་བ་ནི། ཚེས་གཅིག་ལ་རྒྱ་མཚོའི་གཏིང་དུ་ཡུམ་ཅན་དུ་ནུབ་མོ་རྒྱུའོ། །དེ་རྣམས་ལ་འཇིག་རྟེན་དུ་ཐོག་སེར་འབེབས་པ་དང་། ཧོམ་སྲེག་པ་དང་། དམག་འདྲེན་པ་དང་། གནོད་པའི་ལས་ཅི་བྱེད་ཀྱང་འགྲུབ་བོ། །སྤྲུལ་པ་ལྟར་རྒྱུ་བ་ནི། དཔྱིད་ཟླ་ར་བ་ལ་ཁྱབ་འཇུག་གཤིན་རྗེའི་རྒྱལ་པོར་སྤྲུལ་ནས། རི་བོ་གཉའ་ཤིང་འཛིན་གྱི་ཁ་ནས་འཕེལ་བ་ནི་བཞི་སྟོང་། རླུང་དང་འཚུབ་མ་འོང་། ཚེས་གཉིས་ལ་མགོ་རྒྱུ། སྤྲིན་ཁམས་ནག་འོང་། ཆོས་ཀྱི་རྒྱལ་པོ་རྦད། ཆོས་

(༦༤༧)ཀྱི་རྒྱལ་པོའི་ཟོར་ལིང་གའི་མགོ་ལ་རྒྱག །རལ་པ་ཚར་དགུའི་ཧོམ་བྱ། དཔྱིད་ཟླ་འབྲིང་པོ་ལ་རཱ་ཧུ་ལ་ཀླུར་རྫུས་ནས་རྒྱུ་སྟེ། མཚོ་མ་དྲོས་པ་གཞུང་རལ། ཀླུ་འཇོག་པོ་དབུ་འདེགས། ཀླུ་གདུག་པ་དྲོད་གཡོ། ནམ་མཁའ་ལ་དྲོད་གཡག་བཤད་ཙམ་ཞིག་འབབ་བོ། །རྒྱ་མཚོའི་གཏིང་དུ་ཀླུ་རྣམས་འདུན་མ་བྱས་ནས་བ་པུ་ཏ་རིགས་བཞིའི་འཕེལ་བ་བཏང་ངོ་། །ས་གཡོས་ཚེས་གཉིས་ལ་རྒྱུ་བར་བཤད་དོ། །དཔྱིད་ཟླ་བ་ཆུང་ལ། ར་ཧུ་ལ་མ་མོར་བརྫུས་ཏེ། དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་གཤགས་ནས། མ་མོ་ཐམས་ཅད་འདུན་མ་བྱས་ནས་འཕེལ་བ་གཞི་སྟོང་། ཕྱོགས་བཞི་ནས་འཚུབ་མ་འོང་། ཚེས་གཉིས་ལ་མགོ་རྒྱུ། ཕོ་ཉ་ལྟར་རྒྱུ་བ་ནི། ཡང་དཔྱིད་ཟླ་ར་བའི་ཚེས་ཉེར་དྲུག་ལ་མིག་རྒྱུ།

(༦༤༨)ཚེས་དགུ་ལ་དཔུང་པ་གཡས་པ་རྒྱུ། བཅུ་གཅིག་ལ་དཔུང་ཟུར་གཡོན་པ་རྒྱུ། བཅུ་གསུམ་ལ་སྙིང་རྒྱུ། དཔྱིད་ཟླ་འབྲིང་པོའི་ཚེས་དྲུག་ལ་མིག་རྒྱུ། དགུ་ལ་མགོ་རྒྱུ། བཅུ་གཅིག་ལ་སྙིང་རྒྱུ། བཅུ་གསུམ་ལ་དཔུང་ཟུར་གཡོན་པ་རྒྱུ། བཅུ་དགུ་ལ་དཔུང་ཟུར་གཡས་པ་རྒྱུ། ཟླ་བ་བྱིན་པོ་ལ་དེ་ཁོ་ནར་གཅིག་གོ །སྙིང་རྒྱུ་ན་མཆེ་བ་རྒྱུ་སྟེ། གངས་ཀྱི་སྟོངས་ནས་རྒྱུ། སྤྲིན་ལུག་གི་ལྟོ་ཚིལ་འདྲ་་བའམ། སྟག་གི་་སོ་འདྲ་བ་འོང་། ལག་གཡས་རྒྱུན་ཕྱག་མཚན་རྒྱུ་སྟེ། སྤྲིན་དམར་མདུང་རྩེ་བཀྲམ་པ་བཞིན་ནོ། །མགོ་རྒྱུ་བའི་ཚེ་ན་སྐྲ་རྒྱུ་སྟེ། ནམ་མཁའི་དཀྱིལ་ནས་རྒྱུ། ནམ་མཁའ་མཐིང་ནག་ཏུ་འོང་། མིག་རྒྱུ་ན་རྫི་མ་རྒྱུ་སྟེ། རི་ཟུར་ནས་འཚུབ་མ་ཀོར་ཀོར་བ་འོང་། དེའི་ཚེའི་དྲག་པོའི་ལས་གང་ཡང་བྱ་བ་ལ་བཟང་ངོ་། །ཡར་ངོ་ལ་སྲོག་གཅོད་མར་ངོ་ལ་ཕོ་ཉ་ལྟར་

(༦༤༩)རྒྱུ་སྟེ། ཀླུ་དང་། བཙན་དང་། དམུ་དང་། རོ་སྨད་མཐའ་དག་རྒྱུ་སྟེ། དྲག་པོའི་ལས་གང་ཡང་བཟང་ངོ་། །ཕྱག་བརྙན་ལྟར་རྒྱུ་བ་ནི། སྟོན་ཟླ་གསུམ་ལ་གསེར་གྱི་རི་བདུན་གྱིས་མཐའ་མ་ལ་སྐར་མ་ཕོད་ཅན་རྒྱུ་བ་དང་། གསེར་གྱི་རི་བདུན་གྱི་མཐའ་མ་ལ་གདོང་མོ་བཞི་རྒྱུ་བ་འདྲ། གདོང་མོ་བཞི་ནི་སྒྲུབ། སྐར་མ་ཕོད་རྒྱུ་བ། དཔེར་ན་བརླན་དང་ལྷག་པས་སད་འོང་བ་བཞིན་དུ་འཇིག་རྟེན་དུ་གནོད་པར་རྒྱུ་སྟེ། དེའི་མན་ངག་བཀོད་པ། སྟོན་ཟླ་གསུམ་གང་ཡང་རུང་སྟེ། ཚེས་བཅོ་ལྔའི་ཉི་མ་ཕྱེད་ན་བི་ཏྲི་པ་ཏྲ་མ་མོར་བརྫུས་ནས་ནམ་མཁའི་དཀྱིལ་ནས་རྒྱུ་སྟེ། ནམ་མཁའ་མཐིང་ནག་ཏུ་འོང་། བྱང་ཤར་ནས་ལྷོ་ནུབ་ཏུ་རྒྱུའོ། །བཅུ་གཅིག་གི་ནམ་ཕྱེད་ན་བི་ཏྲི་པ་ཏྲ་སྨན་དུ་རྫུས་ནས། གངས་ཀྱི་སྟོངས་ནས་རྒྱུའོ། །

(༦༥༠)ནམ་མཁའ་མཐིང་ནག་ཏུ་འོང་། སྤྲིན་ཚིལ་བུ་འདྲ་བའམ། སྟག་མོ་གཏམས་པ་ལྟར་འོང་། ལྷོ་ནས་བྱང་དུ་རྒྱུའོ། །ཚེས་བཅོ་བརྒྱད་ཀྱི་སྐྱ་རེངས་ཤར་ཙན་དན་བྱི་ཏྲི་པ་ཏྲ་བདུད་དུ་བརྫུས་ནས། བར་སྣང་ཁམས་ལ་རྒྱུ་སྟེ། སྤྲིན་དུད་ཁ་འཁྱིལ་བ་འདྲ་བ་ཡོང་སྟེ། ལྷོ་ནུབ་ནས་བྱང་ཤར་དུ་རྒྱུའོ། །ཚེས་བཞིའི་ནམ་འཇིང་ལ་བི་ཏྲི་པ་ཏྲ་གཉན་དུ་སྤྲུལ་ནས། ནམ་མཁའ་རླུང་སྒྲ་དང་སྦྲགས་ནས་རྒྱུ་སྟེ་དེ་ལ་ནི་གཟའ་བདུད་ཆེན་པོ་ལས་བགྱིས་ཤིག་པའི་དམོད་གཟུགས། ཚེས་བཅུ་གཅིག་གི་ཉི་མ་དྲོས་པོ་ཆེ་ཙམ་ན། བི་ཏྲི་པ་ཏྲ་བཙན་དུ་སྤྲུལ་ནས་རི་ཟུར་མཐའ་དག་ལ་རྒྱུ་སྟེ་འཚུབ་མ་ཀོར་ཀོར་འོང་། ནུབ་བྱང་ནས་ལྷོར་རྒྱུའོ། །ཉི་ཤུ་གཉིས་ཀྱི་ཉི་མ་མྱུར་ཙམ་ན་བི་ཏྲི་པ་ཏྲ་དམུ་རུ་རྫུས་ནས། གོང་གསུམ་མཐའ་དག་ལ་རྒྱུ་སྟེ། སེར་བ་ཕྱིངས་རྐྱང་ས་་བཞིན་དུ་འོང་སྟེ།

(༦༥༡)ཤར་ནས་ནུབ་ཏུ་རྒྱུའོ། །ཉི་ཤུ་ལྔའི་སྲོད་ལ་བི་ཏྲི་པ་ཏྲ་སྲིན་པོར་བརྫུས་ནས་ཡུལ་ལྷ་དཀྲོག་ཅིང་། རི་ཟོམ་ལུང་སུལ་ནས་རྒྱུ་སྟེ། འཚུབ་མ་དང་སྟུག་ཆོམ་འོང་། བྱང་ནས་ལྷོར་རྒྱུའོ། །དེ་ནས་སྒོ་ངའི་ཕོ་ཉ་བཏང་། སྲིན་པོའི་ཕོ་ཉ་ལ་ཡུལ་འདིའི་ལོ་ཏོག་བཏང་ངོ་། །ཞེས་གཉེར་བསྒོའོ། །ཉེར་དགུའི་ཉི་མ་མྱུར་ཙམ་ལ། བི་ཏྲི་པ་ཏྲ་གཤིན་རྗེར་བརྫུས་ནས་མཚོ་མ་དྲོས་པའི་ནང་ནས་རྒྱུ་སྟེ། ནམ་མཁའ་ལ་འཇའ་ཚོན་འདྲ་བའི་གཟུང་འོང་། ཡུལ་ལྷ་གནས་པའི་སའམ་འོང་པའི་དཀྱིལ་དུ་ཕུར་བུ་གདབ། སྟོན་ཟླ་ར་བའི་ནམ་ཕྱེད་ན་བི་ཏྲི་པ་ཏྲ་ངན་སྔགས་ཀྱི་བདག་མོ་བཞི་དང་གཉིས་སུ་མེད་པར་འཇིག་རྟེན་ཁྱབ་པར་རྒྱུ་སྟེ་སྤྲིན་དམར་མདུང་རྩེ་བཀྲམ་པ་ལྟར་འོང་། དེ་ལ་ཐབས་དང་ཧོམ་གྱི་མཆོད་

(༦༥༢)པ་ཕུལ་ནས། ལས་ཅི་བྱེད་ཀྱང་དཀའ་ལས་རེ་དོགས་མེད་པར་འགྲུབ་བོ། །སྣ་འདྲེན་ལྟར་རྒྱུ་བ་ནི། དཔྱིད་ཟླ་ར་བའི་ཚེས་བཞིའི་སྲོད་ལ། ནུབ་ནས་ཤར་དུ་རྒྱུ་སྟེ། གནམ་ཐོས་སྣ་འདྲེན་པས་སྟོན་ཟླ་ར་བའི་ཚེས་བཞི་ལ་སེར་བ་འོང་། ཚེས་བརྒྱད་ལ་ཤར་ལྷོ་ནས་ཀོང་བཙུན་དང་འགྲོགས་ནས་རྒྱུ་བས་སེར་བའི་སྣ་འདྲེན་སྟེ། སྟོན་ཟླ་ར་བའི་ཚེས་བརྒྱད་ལ་སེར་བ་འོང་བཅུ་གཉིས་ཀྱི་སྲོད་ཙམ་ན། བྱང་གི་སྟག་སྨན་ཟེར་གདོང་ལྷོར་འགྲོ་བས་སྟོན་ཟླ་ར་བའི་ཚེས་བཅུ་གཉིས་ནས་བཅོ་ལྔའི་བར་ལ་སེར་བ་འོང་། དཔྱིད་ཟླ་འབྲིང་པོའི་ཉ་ལ་སེར་བ་འོང་། དཔྱིད་ཟླ་འབྲིང་པོའི་ཚེས་བཅོ་བརྒྱད་ལ་ཉི་མ་ཕྱེད་ནས་ནམ་ཕྱེད་ཚུན་ཆད་ལ་ཐོག་དང་། བཙན་དང་དམུའི་སིར་བ་རྒྱུ་བའི་སྣ་འདྲེན་པས་སྟོན་ཟླ་འབྲིང་པོའི་ཚེས་བཅོ་བརྒྱད་ལ་སེར་བ་འོང་། དཔྱིད་ཟླ་

(༦༥༣)ཐ་ཆུང་གི་ཉི་ཤུ་གཉིས་ནས་གསུམ་གྱི་བར་དུ་ཉི་མ་མྱུར་ཙམ་ནས་ས་མ་དྲོས་ཀྱི་བར་དུ་བྱང་ནས་ལྷོར་འགྲོ། སྣ་བྲག་སྲིན་པའི་སྣ་འདྲེན་ཅིང་། ཀླུ་དང་བཙན་གྱི་སེར་བ་རྒྱུ་བ། སྟོན་ཟླ་ཐ་ཆུང་གི་ཉི་ཤུ་གཉིས་དང་། གསུམ་ལ་སེར་བ་འོང་། དཔྱོད་ཟླ་ཐ་ཆུང་གི་ཉི་ཤུ་གཉིས་ནས་ལྔའི་བར་དུ་སྐྱི་མཐིང་མ་བྱང་གི་ཐང་ལྷ་དང་མཇལ་ཏེ། མ་མོའི་སེར་བ་འོང་བས། སྟོན་ཟླ་ཐ་ཆུང་གི་ཉི་ཤུ་ལྔ་ལ་སེར་བ་འོང་། དཔྱིད་ཟླ་ཐ་ཆུང་གི་ཉི་མ་མདུང་གང་ཙམ་དང་ནམ་གྱི་ཆ་སྨད་དུ། བྱང་ཤར་མཚམས་ནས་མ་མོ་དང་བརྟན་མ་ལ་སོགས་པ། ཚངས་པ་དུང་གི་ཐོར་ཚུགས་ཅན་དང་འགྲོགས་ནས་ལྷོ་ནུབ་ཏུ་རྒྱུའོ། །སྟོན་ཟླ་ཐ་ཆུང་གི་ཉི་ཤུ་བརྒྱད་དགུ་ལ་ཡར་ལོག་པས་དེར་སེར་བ་ཡོང་། དབྱར་ཟླ་ར་བའི་ཚེས་

(༦༥༤)བཞི་ནས་བརྒྱད་ཀྱི་བར་དུ། ནུབ་ནས་ཤར་དུ་ཀླུ་བཙན་རྒྱུག་པས། དགུན་ཟླ་ར་བའི་ཚེས་བརྒྱད་ཀྱི་ཉིན་ཕྱེད་ཤར་ལྷོ་ནས་ནུབ་བྱང་མཚམས་སུ་འགྲོའོ། །བོད་ཀྱི་ལོ་ཏོག་ཉིན་པའི་སེར་བ་འོང་། དགུན་ཟླ་འབྲིང་པོའི་ཚེས་བརྒྱད་ནས་དགུ་ལ་སེར་བ་འཇུག་རྗེད་ལགས་སོ། །དུས་ཚོད་དེ་རྣམས་འཛོམ་ན། སེར་བ་མི་འབེས་མི་སྲིད་དོ། །ཞེས་གསུངས་སོ། །ཡང་དགེ་སློང་བཻ་རོ་ཙ་ནས་ཞུས་པ། ཨེ་མ་ཧོ། གུ་རུ་ཆེན་པོ་ལགས། གཟའི་འཇུག་ནས་དང་གསུམ། དྲག་པོ་བཟློག་དང་བཞི་ཇི་ལྟར་ལགས་ཞེས་ཞུས་པས། གུ་རུས་གསུངས་པ། བཻ་རོ་ཙ་ན་ཉོན་ཅིག །འགྱུ་འཇུག་གནས་གསུམ་དྲག་པོ་བཟློག་པ་དང་བཞི། ལྷོ་ནུབ་ན་སྟོང་ལ་གནས། ཚེས་བཞི་ལ་ནུབ་ཏུ་ཉི་མ་ནུབ་ནས་འཇུག །ཤར་དུ་སྲོད་ལ་རྒྱུའོ། །ཤར་

(༦༥༥)དུ་ལྔ་ལ་གནས། ཚེས་བརྒྱད་ལ་ཤར་ལྷོར་ཉི་མ་ཤར་ནས་འཇུག །ནུབ་བྱང་དུ་སྔ་དྲོ་ནས་རྒྱུའོ། །ནུབ་བྱང་དུ་དགུ་ལ་གནས། བཅུ་གཅིག་ནས་བྱང་སྒོར་སྲོད་ལ་འཇུག །བྱང་ནས་ལྷོ་རུ་སྲོད་འཇིགས་ལ་རྒྱུའོ། །བཅུ་གཉིས་ལ་ལྷོ་ན་གནས། བཅོ་ལྔ་ལ་ལྷོ་ནུབ་ཏུ་སྔ་དྲོ་འཇུག །བྱང་ཤར་དུ་ཉི་མ་ཕྱེད་ན་རྒྱུའོ། །བཅུ་དྲུག་ལ་བྱང་ཤར་ན་གནས། བཅོ་བརྒྱད་ན་ཤར་དུ་ནམ་ཕྱེད་ན་འཇུག་གོ །ནུབ་ཏུ་ནམ་ཕྱེད་ཡོལ་ན་རྒྱུའོ། །བཅུ་དགུ་ན་ནུབ་ན་གནས། ཉི་ཤུ་གཉིས་ལ་ནུབ་བྱང་དུ་ཉི་མ་ཕྱེད་ལ་འཇུག །ཤར་ལྷོར་ཉི་ཤུར་ཆུང་ལ་རྒྱུའོ། །ཉི་ཤུ་གསུམ་ལ་ཤར་ལྷོ་ན་གནས། ཉི་ཤུ་ལྔ་ན་ལྷོར་ནམ་ཕྱེད་ན་འཇུག །བྱང་དུ་སྐྱ་རེང་ཤར་ནས་རྒྱུའོ། །ཉི་ཤུ་དྲུག་ལ་བྱང་ན་གནས། ཉི་ཤུ་དགུ་ལ་བྱང་ཤར་དུ་ཉི་མ་

(༦༥༦)ཕྱེད་ཡོལ་ན་འཇུག །ལྷོ་ནུབ་ཏུ་ཉི་མ་མདུང་གང་ཙམ་ན་རྒྱུའོ། །དྲག་པོ་བཟློག་པ་ནི། བཞི་ལ་ཤར་དུ་འགྱུས་ནས་ཞག་གསུམ་ཤར་དུ་གནས། ཚེས་དྲུག་ནུབ་ཏུ་ནང་པར་ཉི་མ་ཤར་ནས་འཁོར་ལྡོག །དེ་ལ་ཧོམ་ནག་སྤར་བ་དང་། དྲག་པོར་དབབ་པའི་ལས་ལ་བྱའོ། །བརྒྱད་ལ་ཤར་ལྷོ་ནས་ནུབ་བྱང་དུ་འགྱུས་ནས། ཞག་གསུམ་ནུབ་བྱང་དུ་གནས། ཚེས་དགུའི་སྲོད་འཁོར་ལ་ནུབ་བྱང་ནས་ཤར་ལྷོར་འཁོར་ལྡོག །དེ་ལ་གསང་བའི་སྙིང་ཐུན་བྱ། བཅུ་གཅིག་ལ་བྱང་ཤར་ནས་ལྷོར་རྒྱུའོ། །ཞག་གསུམ་ལྷོར་གནས། བཅུ་གཉིས་ལ་ཉི་མ་ཕྱེད་ན་ལྷོ་ནས་བྱང་དུ་འཁོར་ལྡོག་དེ་ལ་སོར་བ་བསྒྲུབ་པའི་ལས་བྱ་བཅོ་ལྔ་ལ་ལྷོ་ནུབ་ནས་བྱང་ཤར་དུ་འགྱུས་ནས། ཞགས་གསུམ་བྱང་ཤར་ན་གནས། བཅུ་དྲུག་གི་ནམ་ཕྱེད་ན་བྱང་ཤར་ནས་

(༦༥༧)ལྷོ་ནུབ་ཏུ་འཁོར་ལྡོག །དེ་ལ་ཐོག་སེར་དབབ་པའི་ལས་བྱ། བཅོ་བརྒྱད་ལ་ཤར་ནས་ནུབ་ཏུ་འགྱུས་ནས་ཞག་གསུམ་ནུབ་ཏུ་གནས། བཅུ་དགུའི་ཉི་མ་དགུང་ལ་ཤར་ནས་ནུབ་ཏུ་འཁོར་ལྡོག །དེ་ལ་དྲག་པོའི་ལས་བྱའོ། །ཉི་ཤུ་གཉིས་ལ་ནུབ་བྱང་ནས་ཤར་ལྷོར་རྒྱུ། ཞག་གསུམ་ཤར་ལྷོར་གནས། ཉི་ཤུ་གསུམ་གྱི་ཉི་མ་ཕྱེད་ཡོལ་ལ་ཤར་ལྷོ་ནས་ནུབ་བྱང་དུ་འཁོར་ལྡོག །དེ་ལ་ཐོག་དབབ་པའི་ལས་བྱའོ། །ཉི་ཤུ་ལྔ་ལ་ལྷོ་ནས་བྱང་དུ་འགྱུས་ནས་བྱང་དུ་ཞག་གསུམ་གནས། ཉེར་དྲུག་གི་དགོང་མོ་ས་ཚབ་ཚུབ་ལ་བྱང་ནས་ལྷོར་འཁོར་ལྡོག །དེ་ལ་ཁྱབ་འཇུག་ཆེན་པོ་བསྐུལ་ཞིང་བསྒྲུབ་པའི་ལས་བྱའོ། །ཉེར་དགུ་ལ་བྱང་ཤར་ནས་ལྷོ་ནུབ་ཏུ་འགྱུས་ནས་ཞག་གསུམ་ལྷོ་ནུབ་ན་

(༦༥༨)གནས། སྟོང་ཆེན་གྱིས་ནམ་ལངས་ཁར་ལྷོ་ནུབ་ནས་བྱང་ཤར་དུ་འཁོར་ལྡོག །དེ་ལ་སེར་བ་ཟོར་གྱིས་འབེབས་པའི་ལས་བྱའོ། །ཞེས་གསུངས་སོ། །ཡང་བཻ་རོ་ཙ་ནས་ཞུས་པ། ཨེ་མ་ཧོ སློབ་དཔོན་ཆེན་པོ་ལགས། གཟའི་རྒྱུ་དུས་ཆེན་པོ་བཅུ་གང་ལགས། རྟགས་གང་ལགས། ཞེས་ཞུས་པས། གུ་རུས་གསུངས་པ། སྤོ་སྒོར་ཉོན་ཅིག །གཟའི་རྒྱུ་དུས་ཆེན་པོ་བཅུ། ཟླ་བ་གང་ཡང་རུང་བ་ལ་ཕྱོགས་བཅུར་རྒྱུ་སྟེ། ཚེས་བཞིའི་སྲོད་ལ་ནུབ་ནས་ཤར་དུ་རྒྱུ། བརྒྱད་ལ་ཤར་ལྷོ་ནས་ནུབ་བྱང་དུ་སྔ་དྲོ་རྒྱུ་བཅུ་གཅིག་གི་ནམ་འཇིང་ལ་བྱང་ནས་ལྷོར་རྒྱུ། བཅུ་གསུམ་གྱི་ཉི་མ་ཕྱེད་ལ་ནམ་མཁའི་དཀྱིལ་ནས་རྒྱ་མཚོའི་གཏིང་དུ་རྒྱུ། བཅོ་ལྔའི་ཉི་མ་ཕྱེད་ལ་ལྷོ་ནུབ་ནས་བྱང་ཤར་དུ་རྒྱུ། བཅོ་བརྒྱད་ལ་ཤར་ནས་ནུབ་ཏུ་ནམ་ཕྱེད་མཚམས་ལ་རྒྱུ། ཉི་ཤུ་གཉིས་ལ་

(༦༥༩)ཉི་མ་ཕྱེད་ནས་ནུབ་བྱང་ནས་ཤར་ལྷོར་རྒྱུ། ཉེར་བཞི་ལ་རྒྱ་མཚོའི་གཏིང་ནས་རི་རབ་ཀྱི་རྩེར་རྒྱུ། ཉི་ཤུ་ལྔ་ལ་སྐྱ་རེངས་ཤར་ནས་ལྷོ་ནས་བྱང་དུ་རྒྱུ། ཉེར་དགུ་ལ་ཉི་མ་མྱུར་ཙམ་ན་བྱང་ཤར་ནས་ལྷོ་ནུབ་ཏུ་རྒྱུའོ། །དེ་ལ་རྟགས་ནི། ཚེས་བཞིའི་གཟའི་ཁ་རླངས་ཉི་མ་ཕྱེད་ནས་འབྱུང་། ནམ་མཁའ་ལ་དུ་བ་དང་། སྤྲིན་དུ་བའི་མདོག་ཅན་དང་། ས་ལ་དྲེ་མ་ཆགས་པ་འོང་། ཚེས་བརྒྱད་ལ་ཆུ་མདོག་དམར་ནག་ལྦུ་བ་འཐོར་ཞིང་འཁྲུག་པ་འོང་། ནམ་མཁའ་ལ་རྨུགས་པ་ཆགས་པ་འོང་། ཁ་དོགས་འགྱུ་བ་དང་ཆུ་ནི་འཁྱིལ་ཞིང་འཕུངས་པའོ། །བཅུ་གཅིག་ལ་ས་རྟགས་ནམ་མཁའ་ལ་འོང་བ་ནི། ནམ་མཁའ་སྐྱ་ལ་ཐལ་བའི་མདོག་ཏུ་འོང་། ས་གྲུམས་ནས་བརླན་ཕྱོགས་བཞིར་འོང་

(༦༦༠)བཅུ་གསུམ་ལ་གནམ་རྟགས་ཆུ་ལ་འོང་བ་ནི། ཆུ་ལ་འཇའ་ཟུག་པ་འོང་། ས་རྟགས་གནམ་ལ་འོང་བ་ནི། འཇའ་མདུང་འདྲ་བ་ལྟ་བུ་འོང་། བཅོ་ལྔ་ལ་གཟའི་རླངས་སྔོ་དམར་དུ་འབྱུང་བ་འོང་། བཅོ་བརྒྱད་ལ་གནམ་རྟགས་ལ་རྨུགས་པ་འོང་། ས་རྟགས་སྔོ་དམར་འོང་། ཆུ་འཁྱིལ་ཞིང་འདུག་པ་འོང་། ཉེར་གཉིས་ལ་ས་ལ་སྦས་སྐྱ་འོང་། ནམ་མཁའ་ནི་ནག་ལ་ཆར་མེད་པར་འབྲུག་འོང་། ཉེར་བཞི་ལ་ནམ་མཁའ་ཁོང་སྐྱ་ལ་སྔོ་དྲི་བསྣམས་པ་འོང་། ཉེར་ལྔ་ལ་ནམ་མཁའ་སྦས་སྐྱ་ལ་རླུང་དམར་འཚུབ་པ་འོང་། ཉེར་དགུ་ལ་བར་སྣང་ལ་རྨུགས་པ་ཆགས་པས་སྐྱར་འདུག་པ་འོང་། གསང་རྟགས་ནི། ཚེས་བཞི་ལ་ལྷོ་ནུབ་མཚམས་སུ་འབྲུག་ཀོ་སྐམ་དྲུད་པ་ལྟར་སྐད་ཀྲེར་བ་འོང་། སྤྲིན་ཁམས་ནག་ཏུ་འོང་། ཚེས་བརྒྱད་ལ་ཤར་ལྷོ་མཚམས་སུ་འབྲུག་གསུམ་བཏུད་འོང་འཇའ་དང་བཅས་པ་འོང་། བཅུ་གཅིག་ལ་བྱང་དུ་འབྲུག་

(༦༦༡)རླུང་དང་བཅས་པ་འོང་། བཅུ་གསུམ་ལ་ནུབ་ཏུ་འབྲུག་བྱུང་ན་ཕྱོགས་བཞིར་རང་ཐག་བསྐོར་བ་ལྟ་བུ་འོང་། བཅོ་ལྔ་ལ་བྱང་དྲག་པོར་འབྲུག་གསུམ་བཏུད་འོང་། བཅོ་བརྒྱད་ལ་འབྲུག་ཤར་ལྷོར་འོང་། ཉེར་གཉིས་ལ་ལྷོར་འབྲུག་དང་སྐྱ་ལམ་འོང་། ཉེར་བཞི་ལ་འབྲུག་རང་ཐག་སྐོར་བ་ལྟ་བུ་འོང་། ཉེར་ལྔ་ལ་འབྲུག་འོང་། ཉེར་དགུ་ལ་ལྷོ་ནུབ་ཏུ་འབྲུག་དང་སྐྱ་ལམ་འོང་ཞེས་གསུངས་སོ། །ཞེས་པ་དང་། ཡང་བཻ་རོ་ཙཱ་ནས་ཞུས་པ། ཨེ་མ་ཧོ སློབ་དཔོན་ཆེན་པོ་ལགས། ཕྱིའི་གཟའ་བརྒྱད་གང་ལགས། ནང་གི་གཟའ་བརྒྱད་གང་ལགས། གསང་བའི་གཟའ་བརྒྱད་གང་ལགས། ཞེས་ཞུས་པས། སློབ་དཔོན་གྱིས་གསུངས་པ། བཻ་རོ་ཙ་ན་ཉོན་ཅིག །ཕྱིའི་གཟའ་བརྒྱད་ནི། ཉི་མ། ཟླ་བ། དམག་

(༦༦༢)དཔོན། ལག་པ། ཕུར་བུ། པ་སངས། སྤེན་པ། བི་ཏྲི་པ་ཏྲའོ། །ནང་གི་གཟའ་བརྒྱད་ནི། རོག་ཏི་ནག་པོ་རཱ་ཧུ་ལ། སྒྲ་གཅན་འཛིན། དུ་བ་འཇུག་རིང་། ཁྱབ་འཇུག་ཆེན་པོ། བི་ནུ་རཱ་ཙ། ཙ་ར་ཀ །ལྗང་སྔོན་ཆེན་པོ། གསང་བའི་གཟའ་བརྒྱད་ནི། མ་མོ་སྲིད་པའི་རྒྱལ་མོ། དགྲ་ལྷའི་རྒྱལ་མོ། བདུད་ནག་པོ་འཛུམ་མེད། སྲིན་པོ་ཡཀྵ་སིདྡྷི། དམུ་བདུད་ནག་པོ་ཧ་ལི་ཀ །ཀླུ་བཙན་རོལ་པོ་གློག་འགྱུ། གཤིན་རྗེ་ཡ་མ་རཱ་ཛ། བགེགས་བི་ན་ཡ་ག་དང་བརྒྱད་དོ། །དེ་རྣམས་ནི་ཕྱི་ནང་གསང་བའི་གཟའ་བརྒྱད་ཡིན་ནོ། །ཞེས་གསུངས་སོ། །ཡང་བཻ་རོ་ཙ་ནས་ཞུས་པ། ཨེ་མ་ཧོ སློབ་དཔོན་ཆེན་པོ་ལགས༔ སྒྲ་གཅན་འཛིན་ནི་གསོན་པོར་འགྱུ་བ་ལ། ཕྱོགས་ལ་

(༦༦༣)དབང་བའི་སྒྲ་གཅན་གང་ལགས། ཚེས་བརྒྱད་གྲངས་ལ་དབང་བ་ལགས། སྒྲ་གཅན་དངོས་སུ་རྒྱུ་བ་གང་ལགས། གཟའ་ཆེན་བརྒྱད་ཇི་ལྟ་བུ་ལགས། ཞེས་ཞུས་པས། སློབ་དཔོན་གྱིས་གསུངས་པ། བཻ་རོ་ཙ་ན་ཉོན་ཅིག་ཚེས་ལ་དབང་བའི་སྒྲ་ཅན་འཛིན་ནི། གཟའ་དུ་བ་མཇུག་རིང་ཞེས་ཀྱང་བྱ། གཟའ་མཇུག་ཕོད་ཆེན་པོ་ཞེས་ཀྱང་བྱ་སྟེ། དེང་སང་ཉི་མ་ཤར་ཙམ་ནས་སང་ཉི་མའི་དུས་ཚོད་དུ་ཉིན་ཞག་གཅིག་ལ་ཕྱོགས་བཞི་མཚམས་བཞིར་རྒྱུ་བ་ཡིན་ཏེ། ཉི་མ་རྩེ་ཤར་ནུབ་བྱང་དུ་ཐུན་ཕྱེད་དང་པོ་ནས་རྒྱུའོ། །ཉི་མ་དྲོས་ནས་ནུབ་བྱང་ནས་ལྷོར་རྒྱུའོ། །ཉི་མ་ཕྱེད་ལ་བྱང་དུ་རྒྱུའོ། །ཉི་མ་མྱུར་ནས་བྱང་ནས་ནུབ་ཏུ་རྒྱུའོ། །ཉི་མ་ནུབ་ནས་ཤར་ལྷོར་རྒྱུའོ། །སྲོད་འཁོར་

(༦༦༤)ཙམ་ན་ཤར་ལྷོ་ནས་བྱང་དུ་རྒྱུའོ། །ནམ་ཕྱེད་ན་བྱང་ནས་ལྷོར་རྒྱུའོ། །ཐོ་རངས་ནམ་ལངས་ཁར་སྐྱ་རེངས་ཤར་བ་ན་ཁོ་ནུབ་ནས་བྱང་ཤར་དུ་རྒྱུའོ། །ཕྱོགས་ལ་དབང་བའི་སྒྲ་གཅན་ནི། ཟླ་བ་གཅིག་ལ་ཀི་ཀང་ཐེབས་བརྒྱད་དུ་རྒྱུ་སྟེ། དེ་ཡང་ཡར་ངོའི་དཀར་ཆ་ལ། ཚེས་བཞི་ལ་ཤར་ན་སྒྲ་གཅན་གནས་པས་ཤར་དུ་འགྲོ་མི་རུང་། བརྒྱད་ལ་ལྷོར་གནས་པས་ལྷོར་འགྲོ་མི་རུང་། བཅུ་གཅིག་ལ་སྒྲ་གཅན་ནུབ་ན་གནས་པས་ནུབ་ཏུ་འགྲོ་མི་རུང་། བཅོ་ལྔ་ལ་སྒྲ་གཅན་བྱང་དུ་གནས་པས་དེར་འགྲོ་མི་རུང་། ཡར་ངོའི་ཚེས་གྲངས་དེ་ཚོལ། ཕྱོགས་བཞི་ན་ཀི་ཀང་གནས་པས། དེ་ཚོར་མཐུའི་སྦྱོར་བ་དང་། སེར་བ་འབེབས་པ་དང་། དམག་འདྲེན་པ་དང་། དགྲ་དང་འཐབ་པ་དང་། ཆོམ་རྐུན་དང་

(༦༦༥)དྲག་པོའི་ལས་སྦྱོར་མི་རུང་ངོ་། །རྒྱབ་དང་གཡས་སུ་དགེ་སྡིག་གི་ལས་ཀ་གང་ཡང་བཟང་ངོ་། །མར་ངོ་ནག་པོའི་ཆ་ལ། བཅོ་བརྒྱད་ལ་སྒྲ་གཅན་ཤར་ལྷོར་གནས་པས་ཤར་ལྷོར་འགྲོ་མི་རུང་ངོ་། །ཉེར་གཉིས་ལ་ལྷོ་ནུབ་ན་གནས་ཏེ་ལྷོ་ནུབ་ཏུ་འགྲོ་མི་རུང་། ཉེར་ལྔར་ནུབ་བྱང་ན་གནས་པས་འགྲོ་མི་རུང་། ཉེར་དགུ་སྒྲ་གཅན་བྱང་ཤར་ན་གནས་པས་འགྲོ་མི་རུང་། དེ་ལྟར་ཟླ་བ་གཅིག་ལ་ཕྱོགས་བཞི་མཚམས་བརྒྱད་དུ་སྒྲ་གཅན་ཀི་ཀང་དེ་ཚོར་གནས་པས། ཕྱོགས་དེ་ཚོར་མཐུའི་སྦྱོར་བ་དང་། སེར་བ་འབེབས་པ། ཧོཾ་བྱེད་པ། ཟོར་འཕེན་པ། མདོས་གཏོང་བ། དམག་འདྲེན་པ། ལས་དགེ་སྡིག་གང་ཡང་བྱར་མི་རུང་ངོ་། ཁོའི་རྒྱབ་དང་གཡས་སུ་ཅི་བྱ་བ་བཟང་ངོ་། །སྒྲ་གཅན་དངོས་སུ་རྒྱུ་

(༦༦༦)བ་ནི། གཟའ་ཁྱབ་འཇུག་སྟེ། ཤར་དུ་གདོང་ངམ་མགོ་བསྟན་ན། ནུབ་བྱང་དུ་མཇུག་མ། བྱང་དུ་ལྟོ་བ། ལྷོར་མིག་བལྟའོ། ཁྱབ་འཇུག་གི་མིག་ནི་རྒྱབ་ངོས་ནས་ཕར་བལྟ་བ་ཡིན་ནོ། །གཡས་འོག་ཏུ་བསྟན། ཕྱི་འགྲོས་སུ་འཁོར་ཤར་ལྷོར་གདོང་བསྟན་ན་ནུབ་བྱང་དུ་འཇུག་མ། བྱང་ཤར་མཚམས་སུ་ལྟོ་བ། ལྷོ་ནུབ་མཚམས་སུ་མིག་གོ །ལྷོར་གདོང་བསྟན་ན་བྱང་དུ་འཇུག་མ། ཤར་དུ་ལྟེ་བ། ནུབ་ཏུ་མིག་གོ །ལྷོ་ནུབ་ཏུ་གདོང་བསྟན་ན་བྱང་ཤར་དུ་འཇུག་མ། ཤར་ལྷོར་ལྟོ་བ། ནུབ་བྱང་དུ་མིག་བལྟའོ། །ནུབ་ཏུ་གདོང་བསྟན་ན་ཤར་དུ་མཇུག་མ། ལྷོར་ལྟོ་བ་བྱང་དུ་མིག་བལྟའོ། །ནུབ་བྱང་དུ་གདོང་བསྟན་ན། ཤར་ལྷོར་འཇུག་མ། ལྷོ་ནུབ་ཏུ་ལྟོ་བ། བྱང་ཤར་དུ་མིག་བལྟའོ། །བྱང་དུ་གདོང་བསྟན་ན་

(༦༦༧)ལྷོར་འཇུག་མ། ཤར་དུ་ལྟོ་བ། ནུབ་ཏུ་མིག་བལྟའོ། །བྱང་ཤར་དུ་གདོང་བསྟན་ན། ལྷོ་ནུབ་ཏུ་འཇུག་མ། ཤར་ལྷོར་ལྟོ་བ། ནུབ་བྱང་དུ་མིག་བལྟའོ། །གཟའ་ཁྱབ་འཇུག་དེའི་ལྟོ་བར། མཐུ་དང་སེར་བའི་ལས་སྦྱོར་དང་། དམག་དྲང་བ་དང་། དགྲ་འཐབ་པ་དང་། དྲག་པོའི་ལས་རྣམས་འགྲུབ་བོ། ཁྱབ་འཇུག་དེའི་ལྟོ་བར་དགེ་བའི་ལས་བཀྲ་ཤིས་པ། བག་མ་བླང་བ། མཁར་ལེན་བྱ་བ། ལྷ་གསོལ་བ། དགེ་བའི་ལས་ཅི་བྱེད་ཀྱང་འགྲུབ་སྟེ་བཟང་ངོ་། །གཟའ་ཁྱབ་འཇུག་གི་གདོང་དང་མིག་དང་། འཇུག་མ་གནས་པའི་སར་ལས་དགེ་སྡིག་ཅི་བྱེད་ཀྱང་ངན་ནོ། །གཟའ་ཆེན་སོ་བརྒྱད་ལ། གཟའ་ཉི་མ་དང་། མིག་དམར་དང་། སྤེན་པ་དང་། དུ་བ་འཇུག་རིངས་བཞི། དགྲ་དེའི་

(༦༦༨)མདུན་དང་གཡོན་དངོས་སུ་ཡོད་ན་དགྲ་འཆིའོ། །རང་གི་རྒྱབ་དང་གཡས་ངོས་སུ་ཡོད་ནས་རྒྱལ་བར་འགྱུར་རོ། །གཟའ་བཞི་པོ་དེ་ལ་མཐུའི་ལས་སྦྱོར་དང་། དམག་དྲང་བ་ལ་སོགས་པའི་དྲག་པོའི་ལས་སྦྱོར་ཅི་བྱེད་ཀྱང་བཟང་ངོ་། །གཟའ་ཟླ་བ་དང་། ལྷག་པ་དང་། ཕུར་བུ་དང་། པ་སངས་བཞི་དགྲའི་གཡས་ན་ཡོད་ན་རང་ལ་ངན་ནོ། །གཟའ་དེ་ལ་དྲག་ལས་ཅི་བྱེད་ཀྱང་རང་ལ་ལྡོག་པས་མི་བྱའོ། །ཞེས་གསུངས་སོ། །ཡང་དགེ་སློང་བཻ་རོས་ཞུས་པ། ཨེ་མ་ཧོ སློབ་དཔོན་ཆེན་པོ་ལགས། སྒྲ་གཅན་དེའི་ལུས་ཀྱི་ཚད་ནི་འདི་ཙམ་ཡིན། འཁོར་ལུགས་ཇི་ལྟར་འཁོར། གཟའ་དེ་ལ་མགོ་དང་འཇུག་མ་ཇི་ལྟར་གནས། ཞེས་ཞུས་པས་སློབ་དཔོན་གྱིས་གསུངས་པ། བཻ་རོ་ཙ་ན་ཉོན་ཅིག །གཟའ་སྒྲ་གཅན་འཛིན་དེའི་

(༦༦༩)ལུས་ཀྱི་ཚད་ནི། གླིང་དྲུག་ལ་ཁྱབ་པར་འདོད། འཁོར་ལུགས་ནི། གཟའི་དེའི་མིག་ལྟག་པ་ན་ཡོད། ཕྱི་འགྲོས་སུ་འཁོར། ལུས་ནི་སྦྲུལ་ལྟར་དུ་ཡོད། མགོ་གང་ན་ཡོད་པ་ནི། ཉི་ཟླ་གཟས་གཟུང་བའི་དུས་ན་གསལ་ཏེ། ཟླ་བ་གཟས་གཟུང་བའི་ནུབ་མོ། གཟའི་མགོས་ཟླ་བ་བཟུང་བས། དེའི་ནུབ་མོ་ཤར་ནས་བཟུང་ཡོང་སྟེ། ཟླ་བ་དང་སྐར་མ་སྨིན་དྲུག་ལྟ་བུ་ཞིག་འགྲོགས་ནས་བྱུང་ན། སྨིན་དྲུག་གང་ན་ཡོད་པ་དེ་ན་གཟའ་ཁྱབ་འཇུག་གི་མགོ་ཡོད་སྟེ། དེ་ཡང་སྐར་མ་ལག་སོར་ན་ཁྱབ་འཇུག་གི་འཇུག་མ་ཡོད་དེ། དེ་གཉིས་ཀྱི་བར་གྱི་སྐར་མཚོ་ཁྱབ་འཇུག་གི་ལྟོ་བ་ན་ཡོད། དེས་འགྲེའོ། །འཇུག་མ་སྨིན་དྲུག་ནས་རྩིས་

(༦༧༠)པའི་རྒྱུ་སྐར་ཉེར་བརྒྱད་ཀྱི་ཕྱེད་ན་ཡོད་ཏེ། ཟླ་བ་གཟས་ཟིན་པའི་ནུབ་མོ་སྐར་མ་གང་དང་འགྲོགས་པའི་ནུབ་མོ་ཡང་། ཉི་མ་སྐར་མ་གང་དང་འགྲོགས་ནས་འབྱུང་བའི་ས་ན། གཟའ་ཁྱབ་འཇུག་གི་གདོང་ཡོད་དོ། །དེ་ནས་རྩིས་པའི་ཉི་ཤུ་བརྒྱད་ཀྱིས་ཕྱེད་ཆ། བཅུ་གསུམ་པ་ན། གཟའ་ཁྱབ་འཇུག་གི་འཇུག་མ་ཡོད་དོ། །དེ་གཉིས་ཀྱི་བར་གྱི་སྐར་མ་མཚོ་ཁྱབ་འཇུག་གི་ལྟོ་བ་ན་ཡོད་དོ། །དེ་ཡང་ཉི་ཟླ་གཟས་ཟིན་པའི་རྒྱུ་མཚན་ནི། གཟའི་ཁར་ཉི་མ་སོང་བས་གཟའི་ཨོལ་གོ་བརྡོལ་ཡོད་པས་ཨོལ་གོའི་ཕྱིར་མ་རྟོལ་གྱི་བར་དུ་གཟའི་ཁར་ཆུད་པས་འཆིའོ། །མིག་དུད་ཀ་ལྟག་པར་གཅིག་ཡོད་པས། དེ་ཉི་ཟླའི་ལྟག་པ་ལ་སོང་ནས་འཆིའོ། །ཕྱེད་ཙམ་འཆི་བ་དེ་ལྟར་ཡིན་ནོ། །

(༦༧༡)གཟའ་ཁྱབ་འཇུག་གི་ལྟོ་བར་མཐུ་དང་སེར་བའི་ལས་སྦྱོར་དང་དམག་དྲང་བ། དགྲ་འཐབ་དང་ལས་དྲག་པོ་རྣམས་འགྲུབ་བོ། །དགེ་བའི་ལས། བག་མ་བླང་བ། མཁར་ལས་བྱེད་པ། ལྷ་གསོལ་བ་ལ་སོགས་པ་འགྲུབ་བོ། །གཟའ་ཁྱབ་འཇུག་དེའི་གདོང་དང་མིག་དང་འཇུག་མ་གནས་པའི་སར་ལས་དགེ་སྡིག་གང་ཡང་ངན་ནོ། །གཟའ་ཁྱབ་འཇུག་དེའི་འཁོར་ལུགས་ནི་རྒྱུ་སྐར་ལྟར་དུ་འཁོར་སྟེ། འདི་ངོས་ཟིན་ན་གཟའ་དང་རྒྱུ་སྐར་གང་ལས་ཀྱང་གཙོ་འདི་ཆེའོ། །གཞན་ཐམས་ཅད་ཁོའི་གཡས་ངོས་དང་གཡོན་ངོས་སུ་དཔུང་ངེས་ཡོང་བ་ཡིན་ནོ། །ཞེས་གསུངས་སོ། །ཡང་བཻ་རོ་ཙ་ནས་ཞུས་པ། ཨེ་མ་ཧོ སློབ་དཔོན་ཆེན་པོ་ལགས གནམ་གྱིས་ས་བདག་གང་ལགས། འོག་གི་ས་བདག་གང་ལགས། བར་གྱིས་

(༦༧༢)ས་བདག་གང་ལགས། དེ་གསུམ་གྱིས་གནས་ལུགས་དང་རྒྱུ་ལུགས་ཇི་ལྟར་རྒྱུ། ལས་གང་ཤིས་ཞེས་ཞུས་པས། སློབ་དཔོན་གྱིས་གསུངས་པ། བཻ་རོ་ཙ་ན་ཉོན་ཅིག །གནམ་གྱི་ས་བདག་ནི། གནམ་ཁྱི་ནག་པོ་ཡིན་ཏེ། དཔྱིད་ཟླ་གསུམ་ལ་ཁ་ལྷོར་བལྟ། དབྱར་ཟླ་གསུམ་ལ་ཁ་ནུབ་ཏུ་བལྟ། སྟོན་ཟླ་གསུམ་ལ་ཁ་ཤར་དུ་བལྟའོ། །གཡོན་འོག་ཏུ་བཅུག་ནས་འཁོར་རོ། །དེ་ཡང་ཁ་ལྷོར་བལྟས་པའི་ཚེ། སྲོད་ལ་ལྷོ་ནུབ་ཏུ་རྒྱུ། གུང་ལ་ནུབ་ཏུ་རྒྱུ། ནམ་ལངས་ནས་བྱང་དུ་རྒྱུ། ཉིན་གུང་ཤར་དུ་རྒྱུ། ནུབ་ཏུ་ཁ་བལྟས་པའི་ཚེ་ན། སྲོད་ལ་ནུབ་ཏུ་རྒྱུ། ནམ་གུང་བྱང་དུ་རྒྱུ། ནམ་ལངས་ཤར་དུ་རྒྱུ། ཉིན་གུང་ལ་ལྷོར་རྒྱུ། བྱང་དུ་ཁ་བལྟས་པའི་ཚེ། སྲོད་ལ་བྱང་དུ་རྒྱུ། གུང་ལ་ཤར་དུ་རྒྱུ། ནམ་ལངས་ལ་ལྷོར་

(༦༧༣)རྒྱུ། ཉིན་གུང་ལ་ནུབ་ཏུ་རྒྱུའོ། །ཤར་དུ་ཁ་བལྟས་པའི་ཚེ། སྲོད་ལ་ཤར་དུ་རྒྱུ། ནམ་གུང་ལ་ལྷོར་རྒྱུ། ནམ་ལངས་ནུབ་ཏུ་རྒྱུ། ཉིན་གུང་བྱང་དུ་རྒྱུའོ། །དེ་རྣམས་ལ་གཏད་དང་སེར་བ་དྲག་པོའི་ལས་ཁོ་དང་སྡོངས་ནས་འགྲུབ་བོ། །གདོང་ཐུག་ན་མི་རུང་ངོ་། །འོག་གི་ས་བདག་ནི་ས་བདག་ལྟོ་འཕྱེ་ཡིན་ཏེ། དགུན་ཟླ་གསུམ་ལ། མགོ་ཤར་ཁ་ལྷོར་བལྟ་གཡོན་གྱི་ཉལ། དཔྱིད་ཟླ་གསུམ་མགོ་ལྷོ་ཁ་ནུབ་ཏུ་བལྟའོ། །དབྱར་ཟླ་གསུམ་ལ་མགོ་ནུབ། ཁ་བྱང་དུ་བལྟའོ། །སྟོན་ཟླ་གསུམ་ལ་མགོ་བྱང་། ཁ་ཤར་དུ་བལྟའོ། །སེར་གཏའ་འཛུགས་པ་གཏད་དང་མནན་པ། དཀྱིལ་འཁོར་གྱི་ས་སྐོ་བ་རྣམས་གཡས་སུ་སྐོར་ལ་བསྐོའོ། །ཉལ་ནས་འཁོར་བས་རྒྱབ་ནས་སྐོས་ན་རང་འཆི། མགོ་ནས་བརྐོས་ན་བུ་དང་ཆུང་མ་འཆི། འཇུག་མ་

(༦༧༤)ནས་བརྐོས་ན་རང་འཆི་ལྟོ་བ་ནས་བརྐོས་ན་བསམ་པའི་དོན་ཐམས་ཅད་འགྲུབ་བོ། །བར་གྱི་ས་བདག་ནི། གཉན་ཁྲོལ་བུ། གཟའ་བི་ཏྲི་པ་ཏྲ་ཡིན་ཏེ། རྟ་བྱི་བ་ཙམ་གཅིག་ལ་མི་མཐེ་བོང་ཙམ་ཞིག་ཞོན་ནས་དཔྱིད་ཟླ་གསུམ་ལ། ཚེས་བརྒྱད་དང་ཉེར་བརྒྱད་ལ་རྒྱུ་དབྱར་ཟླ་གསུམ་ལ། གསུམ་དང་ཉེར་ལྔར་རྒྱུ། སྟོན་ཟླ་གསུམ་ལ། ཚེས་གཅིག་དང་བཅུ་གཅིག་ཉེར་གཉིས་ལ་རྒྱུ། དགུན་ཟླ་གསུམ་ལ་ཚེས་དགུ་དང་ཉེར་དགུ་ལ་རྒྱུའོ། །ཉི་མ་རྩེ་ཤར་ལ་ཤར་ནས་ནུབ་ཏུ་རྒྱུ། དྲོས་ནས་ནུབ་བྱང་ནས་ཤར་ལྷོར་རྒྱུའོ། །ཉི་མ་ཕྱེད་ན་ལྷོ་ནས་བྱང་དུ་རྒྱུའོ། །ཉི་ཤུར་ན་ནུབ་བྱང་ནས་ལྷོ་ནུབ་ཏུ་རྒྱུའོ། །ལྷོ་ནུབ་ནས་བྱང་ཤར་དུ་སྲོད་ལ་རྒྱུའོ། །བྱང་ཤར་ནས་ནུབ་ཏུ་ནམ་ཕྱེད་ལ་རྒྱུའོ། །ནུབ་ནས་ཤར་དུ་ཐོ་རངས་ཁར་རྒྱུའོ། །འདིའི་དུས་སུ་ལས་ཅི་བྱ་ངན་ནོ། །དེ་དག་དང་ཕྲད་ན་

(༦༧༥)ལྕོག་འགྱེལ་དང་ཁ་ལྐུགས་དང་། རྐང་ལག་བྲ་བ་དང་། གཟའ་རྒྱབ་ཅེས་པའོ། །ཞེས་གསུངས། དེ་ལྟ་བུའི་གཟའ་བདུད་ཆེན་པོ་འདི་སྤྱིར་རྡོ་རྗེ་ཐེག་པའི་རྒྱུད་དུ་མ་ནས་བསྟན་པ་དང་། ཁྱད་པར་སྒོས་རྒྱུད་བྱ་རོག་མགོ་བརྩེགས་ཀི་ཀང་རོཀ་ཏིའི་རྒྱུད་སོགས་ནས་གསུངས་ཤིང་། སློབ་དཔོན་ཆེན་པོ་ཚང་ཚིང་འཁྲིགས་པའི་དུར་ཁྲོད་ན་བཞུགས་དུས་གནས་དེའི་བྲག་སྦྲུལ་ནག་ཁ་གདངས་པ་འདྲ་བའི་ནང་ནས་མེ་དང་རླུང་ནག་འཚུབ་པ་གཟིགས་ཏེ་དེ་བརྐོས་པས་བསེའི་གའུ་སྦྲུལ་གྱིས་རྒྱས་བཏབ་པ་ཞིག་གི་ནང་ནས་འདིའི་སྒྲུབ་ཐབས་རྣམས་བྱུང་ངོ་། །དེར་མི་རེང་ལག་པ་ཁྲག་གིས་དམར་བ་སྤྱང་ཀི་ལ་ཞོན་པ་ཞིག་དངོས་སུ་འོངས་ནས་བདག་ནི་སློབ་དཔོན་ཤྲི་སིངྷས་སྲོག་སྙིང་ཕྲོགས་ཏེ་དམ་ལ་བཏགས་པ་ལགས་

(༦༧༦)སོ། །སློབ་དཔོན་ཆེན་པོ་ཉིད་ཀྱི་བཀའ་ནོན་ཅིང་བསྟན་པ་བསྲུང་བར་བགྱིའོ། །ཞེས་ཞལ་གྱིས་བཞེས་སོ། །སློབ་དཔོན་ཆེན་པོས་ཀྱང་། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ དྲང་སྲོང་གཟའ་ཡི་བསྟན་པ་འབྱུང་༔ དེ་དུས་ཆོས་སྒྲུབ་སུ་བརྩོན་པ༔ བསྲུང་སྐྱོབ་སྲི་ཞུ་བུ་ལྟར་བྱེད༔ ལུས་དང་གྲིབ་མ་བཞིན་དུ་འགྱུར༔ ཕྲིན་ལས་གང་བཅོལ་བྲན་ལྟར་ཉན༔ དེ་ཕྱིར་དབང་བསྐུར་དམ་པ་འདི༔ སྙིང་གི་བུ་ལ་བཞག་པ་ཡིན༔ ཞེས་གསུངས་ཤིང་སྒྲུབ་བསྐོར་རྣམས་ཟབ་གཏེར་དུ་སྦ་བར་མཛད༔ ཆོས་རྒྱལ་གཏེར་བདག་གླིང་པ་དང་རྡོ་རྗེ་འཛིན་པ་ཆེ་མཆོག་འདུས་པ་རྩལ་སོགས་ཀྱི་བར་དུ་བྱོན་པའི་རིགས་འཛིན་བརྒྱུད་པའི་བསྲུང་མའི་གཙོ་བོར་བཞུགས་པ་ཡིན་ནོ། ༈ །ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་བཻ་ཧ་ར་ཞེས་གྲགས་པ་འདི་

(༦༧༧)ནི་ངེས་པའི་དོན་དུ་དེ་བཞིན་གཤེགས་པ་རིགས་ལྔའི་ངོ་བོར་བཞུགས་ཀྱང་ཐུན་མོང་བ་གདུལ་བྱའི་སྣང་ངོར་རྒྱལ་པོ་ཆེན་པོ་སྐུ་ལྔའི་རྣམ་འགྱུར་སོགས་སྡེ་བརྒྱད་ཀྱིས་བཀོད་པ་ཇི་ལྟ་ཇི་སྙེད་དུ་སྟོན་པར་མཛད་པ་ལས། འདི་ཁའི་སྒོས་ཀྱི་ལོ་རྒྱུས་ཐུན་མོངས་གདུལ་བྱའི་སྣང་ངོར་ཇི་ལྟར་བསྟན་ཚུལ་ནི། སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ན་ཡུལ་ཨ་སུ་།།།ཏ་ཞེས་བྱ་བ་ན། སི་།།།ཧར་འདི་རྒྱལ་པོ་དྷརྨ་ཛྭ་ལ་ཞེས་བྱ་བར་སྐུ་འཁྲུངས་པ་དང་། མགོན་པོ་ལེགས་ལྡན་ནག་པོ་དེའི་བློན་པོའི་བུ་འཁྲུངས་པ་གཉིས་ཤིན་ཏུ་མཛའ་བར་གྱུར་ཏེ་ལྷན་ཅིག་ཏུ་རབ་ཏུ་བྱུང་བར་ཆད་བྱས། མཁན་པོ་ཟླ་འོད་དུན་ཏིང་ཞེས་བྱ་བར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་ལས་རྒྱལ་པོ་ལ་ཟླ་འོད་གཞོན་ནུ་དང་

(༦༧༨)བློན་པོའི་བུར་བདུན་ཏིང་ནགས་པོར་བཏགས། རྒྱལ་པོའི་བུ་ནི་བཤད་པ་ལ་དགའ། བློན་པོ་ནི་བསྒོམ་ལ་དགའ་བས་སྤྱོད་ལམ་མ་མཐུན་ནོ། །དེའི་ཚེ་ཡུལ་དེའི་འགོང་པོ་དགུ་འདུས་ཀྱི་ལྷ་ཁང་བྱ་བའི་གཙུག་ལག་ཁང་གི་ནང་དུ་ཟླ་འོད་གཞོན་ནུ་དང་། བྲམ་ཟེ་ཆོས་བཟང་ཞེས་བྱ་བའི་བུ་མོ་མཛེས་ལྡན་མེ་ཏོག་སྐྱེས་ཞེས་བྱ་བ་མཐོང་བ་ཙམ་གྱིས་ཡིད་འཕྲོག་པ་འདོད་པའི་རྣམ་འགྱུར་ལ་མཁས་པ་ཞིག་ཕྲད་པར། ཟླ་འོད་ཀྱིས་མིག་ཟུར་བལྟས་པས་བུ་མོ་འདོད་མར་།།།ཆགས་གཡོས་པས་ཟུར་མིག་བསྟན་ཅིང་འཛུམ་པའི་མདངས་ཕྱུངས། དེར་དགེ་སློང་འདོད་ཆགས་ལྷག་པར་དུ་གཡོས་ཏེ་བུ་མོའི་ལུས་ལ་འཇུས་ནས། མཛེས་པའི་རྒྱན་ལྡན་བུ་མོ་ཁྱོད་འདྲ་བ། སྔོན་ཆད་མ་མཐོང་ལྷ་ཡི་བུ་མོའམ། མི་དང་གནོད་སྦྱིན་

(༦༧༩)བུ་མོ་སུ་འདྲ་ཞིག ཁྱོད་འདྲར་རོལ་རྩེར་བྱ་རྒྱུ་བྱུང་བ་ན། ཚུལ་ཁྲིམས་བསླབ་པའི་སྡོམ་པ་ཉམས་།།།ཉམས༔ རྡོ་རྗེ་སྙིང་ནད་འབར་བ་བྱུང་ནའང་བྱུང་། ཞེས་སྨྲས་ཏེ་ཆོས་གོས་སེར་པོ་གདན་དུ་གཏིང་། དམ་ཆོས་ཀྱི་བསེ་ཀ་ལི་སྔས་སུ་རྒྱབ། མཁར་བསིལ་སྔས་མགོར་བཞག་སྤྱི་བླུགས་མདུན་དུ་བཞག །ལྷུང་བཟེད་འོག་ཏུ་བཟེད་ནས་འཁྲིགས་པ་།།།དོ། །ཧ་ཅང་འདོད་ཆགས་ཀྱི་མྱོས་ཏེ་ཞག་བདུན་གྱི་བར་དུ་ཁ་མ་བྲལ་བར་རོལ་ལོ། །དེར་གཙུག་ལག་ཁང་གིས་གནས་བརྟན་མཁན་པོ་རབ་གསལ་ཞེས་བྱ་བའམ་མུ་སྟེགས་ཀྱི་སྟོན་པ་བར་སྣང་ཞེས་བྱ་བར་གྲགས་པ་ཞིག་གིས་མཐོང་སྟེ་དགེ་འདུན་གྱིས་གཙུག་ལག་ཁང་དུ་དགེ་སློང་གིས་འདི་འདྲ་བའི་སྤྱོད་པ་བྱེད་མི་རིགས་ཞེས་ཉེས་པ་བརྗོད་པས། ཟླ་འོད་སྐྱེངས་ཤིང་

(༦༨༠)ཁྲོས་ཏེ་ཆོས་གོས་ལ་མཁན་པོའི་ལིངྒ་བྲིས་ནས་ལྷུང་བཟེད་ཀྱིས་ནང་དུ་ལས་སྦྱོར་བགྱིས། སླར་ཡང་བུ་མོ་དེ་ཉིད་ལ་འཁྲིག་པ་སྤྱོད་ཅིང་འགྲོགས་པ་ལས་དགེ་སློང་དུན་ཏིང་ནག་པོས་དེ་འདྲའི་ལས་བྱེད་ཅེས་ཉེས་དམིགས་བརྗོད་ནས་བཀག་ནས། ཟླ་འོད་གཞོན་ནུ་ཁྲོས་ཏེ་སྐད་ཅིག་གིས་སེང་གེར་བརྫུས་ནས་འགྱིང་ཞིང་བསྡིགས་པས། གསང་བའི་བདག་པོས་མཁྱེན་ཏེ། དགེ་སློང་དུན་ཏིང་ལ་རྡོ་རྗེའི་གོ་ཆ་གཡོགས་ཏེ་ལུས་སྲུངས། དོམ་ནག་ཏུ་རྫུས། ཉེར་ཞིང་བསྡིགས་པ་ཞགས་པས་དྲངས། ཁྱི་སྤྱང་ཀི། སྟག་ཕག་རྣམས་སུ་བརྫུས་ཏེ་བསྡིགས་པས་རྡོ་རྗེ་འཕངས་ཏེ་བསྲུངས། འཕྱི་བར་བརྫུས་ནས་ས་བྲུས་པས་ཁྱི་ཐོད་ཀྱི་ནང་དུ་མནན། ཕག་པར་བརྫུས་ནས་ས་བྲུས་པས་ཕག་ཐོད་དུ་མནན། སྤྱང་ཀིར་སྤྲུལ་པས་སྤྱང་ཐོད་དུ་མནན་

(༦༨༡)སྤྲ་སྤྲེལ་བྱི་ལ་སོགས་སུ་སྤྲུལ་པས་དེ་དང་དེའི་འཁོར་ལོའི་ལས་སྦྱོར་གྱི་སྒོ་ནས་གཟིར་བས་གནོད་པར་མ་ནུས་སོ། །དེའི་སྐྱེ་བ་ཕྱི་མ་ལ་མཁན་པོ་དང་། མཆེད་གྲོགས་ལ་ཁྲོས་ཤིང་འདུལ་ཁྲིམས་དང་དམ་ཚིག་ཉམས། ལོག་པར་སྤྱད་པའི་དབང་གིས་ཟླ་འོད་དམྱལ་བར་འཁྲུངས་ཏེ་ཤན་པ་ར་མགོ་ཅན་བྱ་བར་གྱུར་ཏེ་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་ངོ་། །ནམ་ཞིག་དེ་ནས་ཚེ་འཕོས་ཏེ་ཆུ་མེ་འབར་ཞེས་བྱ་བར་སྐྱེས། ཡུལ་དང་ཟས་གོས་མེད་པར་འཁྱམས་པས་དགེ་སློང་དུན་ཏིང་དང་ཕྲད། དེར་དགེ་སློང་གིས་ཟས་གོས་ཅི་འདོད་བྱིན་པས་ཟས་ནོར་ལ་ཆགས་སེམས་ཀྱིས་དབང་གིས་དགེ་སློང་ལ་གནོད་པ་བསྐྱལ་བས། དགེ་སློང་གིས་གཟིར་བ་ན་ཁོས་སྨོན་ལམ་ལོག་པར་བཏབ་སྟེ། སྐྱེ་བ་འདི་ལ་ངས་མ་ཐུབ་སྟེ་སྐྱེ་

(༦༨༢)བ་བརྒྱུད་ནས་ཚེ་རབས་ཐམས་ཅད་དུ་གནོད་པ་བྱེད་པར་ཤོག་ཅིག་ཅེས་དམོད་པ་བོར། དེ་ནས་གླན་མི་དབང་ཕྱུག་འབར་ཞེས་བྱ་བར་སྐྱེས་སྤྲིན་ནག་འཁྲིགས་པ་ལས་གླན་མི་བྱང་ཆུབ་འོད་ཅེས་བཤད་དེ་འདིར་ནི་ཤེལ་འཕྲེང་དཀར་པོ་བཞིན་དུ་བཀོད་པ་ཡིན་ནོ། །དེ་ནས་ཡབ་དམུ་རྗེ་བཙན་པོ་དང་། ཡུམ་ཀླུ་མོ་དུང་སྐྱོང་མའི་སྲས་སུ་འཁྲུངས། མཚན་བཛྲ་གུ་ཧྱ་ས་མ་ཏི་ཞེས་བྱ་བར་གྲགས། དྲང་དོན་ཙམ་ལས་ངེས་དོན་དུ་ཡབ་སྲས་ཐུགས་རྒྱུད་གཅིག་པའི་དབང་གིས། ཕྲིན་ལས་དོན་བཅུ་ལས། ནུབ་ཕྱོགས་གུ་རུའི་སྒོ་ཕྱེ་ལ། བཛྲ་གུ་ཧེ་ས་མ་ཏི། དམུ་རྗེ་བཙན་པོ་དབྱིངས་ནས་བཞེངས༔ ཞེས་གསུངས་སོ། །དུས་དེར་དགེ་སློང་དུན་ཏིང་བསྒྲུབ་པ་མཛད་ཅིང་བཞུགས་པ་ལ། བཛྲ་གུ་ཧྱས་འཕྱེ་བར་སྤྲུལ་ནས་སྒྲུབ་ཁང་གིས་རྨང་

(༦༨༣)བྲུས་ཆུ་གཏོར་བས་ཏིང་ངེ་འཛིན་ཀྲུགས་པར་གསང་བདག་གིས་བཀའ་བསྒོས་ཏེ། འཕྱི་བའི་ཐོད་པར་མནན་ཅིང་གཟིར་བས་གནོད་པར་མ་ནུས་སོ། །དེའི་སྐྱེ་བ་རྗེས་མ་ཡབ་བདུད་པོ་སྐོས་རྗེ་བྲང་དཀར་དང་ཡུམ་ཀླུ་གཟའ་སྨིན་དཀར་མའི་སྲས་སུ་འཁྲུངས་ནས་སྔར་བཞིན་དགེ་སློང་སྒོམ་ལ་བཞུགས་པའི་སྒོམ་ཁང་གི་འགྲམ་དུ་ཕག་པར་སྤྲུལ་ནས་རྩིག་རྨང་གཡེངས། སྲོད་ལ་འཚེར་ཞིང་ཆོ་འཕྲུལ་བསྟན་པར། གསང་བདག་གིས་བཀའ་བསྒོས་ཏེ། ཕག་པའི་ཐོད་པར་མནན་པས་བར་དུ་གཅོད་པར་མ་ནུས། དེའི་སྐྱེ་བ་རྗེས་མ་ཟླ་འོད་ནི་ཡབ་ཞེ་སྡང་འབར་བ་བདུད་རྗེ་བཙན་པོ་ཞེས་བྱ་བ་སྲིད་པའི་བདུད་ཐམས་ཅད་ཀྱིས་གཙོ་བོར་གྱུར་པ་དེ་དང་ཡུམ་ཀླུ་མོ་སྨིན་དཀར་མ་ཞེས་བྱ་བ་སྲིད་པའི་ཀླུ་ཐམས་ཅད་ཀྱི་གཙོ་མོར་གྱུར་པ་དེ་གཉིས་

(༦༨༤)བདུད་ཡུལ་མུན་པའི་གཡུང་གྲུང་།།།དམོད་བོར་ནས་རོལ་བའི་སྲས་སྟོང་དཔོན་མཆེད་ལྔར་གྲགས་པ་བྱུང་བའི་ཆེ་ཤོས་ཡབ་རྗེ་བླ་མེད། དེ་འོག་ཁྲམ་ཐོགས་ཉམས་པ་རྗེ། དེ་འོག་དམུ་བདུད་བྲང་དཀར་ཞེས་གྲགས་པ་དེར་འཁྲུངས། དེ་འོག་ཁྲམ་ཐོགས་འབར་བ། དེ་འོག་བདུད་ནག་སྟོང་རྗེའོ། །མཆེད་ལྔའི་བར་ཚིག་པ་དམུ་བདུད་བྲང་ཀར་ཞེས་བྱ་བ་དེ་ནི་ཕྲིན་ལས་ཀྱི་རྒྱལ་པོ་ཞལ་གསུམ་མི་བོ་ཆེ་ཡིན་ནོ། །དེའི་ཚེ་དགེ་སློང་དུན་ཏིང་ནག་པོ་ནི། ཆོས་ཉིད་བདེན་པ་མཐོང་ཞིང་དགྲ་བཅོམ་པའི་ཚུལ་མཛད་དེ། ལྷའི་དགེ་སློང་ཆེན་པོ་ལེགས་ལྡན་ནག་པོ་ཞེས་བྱ་བར་གྱུར་ཏོ། །འདི་ལ་གཏེར་ཆེན་ཆོས་ཀྱི་རྒྱལ་པོའི་འདོད་འཇོའི་བུམ་བཟང་དུ་དགྲ་བཅོམ་པ་ལེགས་ལྡན་ཞེས་བྱ་བར་གྱུར་ཏེ། དེའི་ཚེ་ཡང་སྔོན་གྱི་བག་ཆགས་ཀྱིས་དགེ་སློང་དེ་ལ་གནོད་ཅིང་འཚེ་བར་བྱེད་པ་ན་གསང་བའི་བདག་

(༦༨༥)པོ་དང་དགེ་སློང་ཉིད་ཀྱིས་གནད་ལ་ཕམ་སྟེ་གཟེར་ཞིང་དམ་ལ་བཏགས། ཞེས་པ་ཙམ་ལས་མ་གསུངས་ནའང་། ལྷའི་དགེ་སློང་ལེགས་ལྡན་ནག་པོ་ཞེས་དགེ་སློང་གི་མིང་བཏགས་པ་ཙམ་མ་གཏོགས་དོན་དུ་མགོན་པོ་ལེགས་ལྡན་ནག་པོ་ཉིད་ཡིན་པར་ངེས་ཏེ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱིས་གཡུལ་བཟློག་ཆེན་མོའི་མདོས་གཞུང་ལས། མགོན་པོ་ལེགས་ལྡན་ནག་པོའི་སྒོ་ནས་མདོས་གཏོང་ཚུལ་འཆད་པའི་སྐབས་སུ། མགོན་པོ་ནག་པོའི་སྐུ་ལ་ཕྱག་འཚལ་བསྟོད། དཀའ་ཐུབ་དྲག་པོའི་སྡོམ་པ་མ་ལུས་བསྲུངས། །དགེ་སློང་ནག་པོ་འཆོལ་བའི་ཐུགས་དམ་བསྐང་། །ཞེས་གསུངས། ཤེལ་འཕྲེང་གི་རྒྱུད་ལས། ཀྱེ་མ་ལེགས་ལྡན་ལྷའི་གཙོ་བོ། །ནག་པོ་ཆེན་པོ་མགོན་པོའི་བུ། ཁྱོད་ལ་ཆོ་འཕྲུལ་སྟོན་པ་ཡིས། །ཞེས་གསུངས་

(༦༨༦)ཤིང་། འདིར་རྒྱུད་ཐ་དད་པའི་རྣམ་པས་གནོད་བྱ་གནོད་བྱེད་ལྟར་སྣང་ནའང་ཕྲིན་ལས་དོན་བཅུ་མའི་ཧོ་གསོལ་མ་ལས། ལྷའི་དགེ་བསྙེན་ཆེན་པོ་མ་ཧཱ་ཀ་ལ་ལ་གསོལ་ལོ། །མགོན་པོ་ནག་པོ་ལ་གསོལ་ལོ། །ཞེས་གསུངས་པ་དེའོ། །གུར་མགོན་ཡང་དེ་ཡིན་ནོ། །འོན་ཀྱང་དམུ་བདུད་བྲང་དཀར་དེས་ལྷ་ཕྲན་བྲན་དུ་བཀོལ། སྐར་ཕྲན་ཟས་སུ་ཟོས། ཉི་ཟླ་ཐོད་དུ་བཅིངས། སྐྱེ་འགྲོ་ཐམས་ཅད་ལ་གནོད་ཅིང་འཚེ་བར་བྱས་སོ། །ལྷའི་དགེ་སློང་མགོན་པོ་ལེགས་ལྡན་ནག་པོ་དེ་དབང་ཆེན་པདྨ་ཧེ་རུ་ཀའི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་པའི་ཏིང་ངེ་འཛིན་ལེ་ལོའི་སྲུབས་བར་ཞིག་ལ། དམུ་བདུད་བྲང་དཀར་དེ་ལྕགས་ཀྱི་སྡིག་པ་ཤིན་ཏུ་ཆེ་བ་ཞིག་ཏུ་སྤྲུལ་ཏེ་ལྕགས་སྡིག་སྟོང་གིས་བསྐོར་ནས་མགོན་པོ་ལེགས་ལྡན་གྱི་ཞབས་གཡས་པར་སོ་ཁམས་

(༦༨༥)གྱིས་བཏབ་སྟེ་འཇུས་པས། མགོན་པོ་ཤིན་ཏུ་སྐྲག་ནས་གསང་བདག་གིས་སྤྱན་སྔར་རིང་སྟབས་སུ་བྱོན་ནས། ཙན་དན་གྱི་བེང་ཆེན་ཕྱག་མཚན་དུ་ཐོགས་ནས་ཨོཾ་ཚུགས་སུ་བགྱིས་ཏེ་འདི་སྐད་ཅེས་གསོལ་ཏོ། །ཀྱཻ། འཇིག་རྟེན་མགོན་གྱུར་བཅོམ་ལྡན་ལྷ་ཡི་ལྷ། །ཞེས་སོགས་ཀྱི་སྒོ་ནས་བསྟོད་དེ་ལོ་རྒྱུས་གསོལ་བས་གསང་བདག་གིས་བཤད་མ་ཐག་པའི་སྐྱེ་རྒྱུད་རྣམས་གསུངས་ཏེ། ད་ནི་ཁྱོད་ཉིད་ས་ཐོབ་པའི། །དགྲ་བཅོམ་པ་ཡི་རིགས་ཡིན་པས། ཁྱོད་རང་ཉིད་ཀྱི་ཡི་དམ་གྱིས། །ཏིང་ངེ་འཛིན་གྱི་ལྕགས་སྡིག་ཟེར། །ཞེས་གསུངས་པས། མགོན་པོ་ལེགས་ལྡན་ནག་པོས་ཙན་དན་གྱི་བེང་ཆེན་ཀླད་ལ་བསྐོར་ཞིང་དཔལ་རྟ་མགྲིན་གྱི་ང་རྒྱལ་བཟུང་སྟེ་སྡིག་པའི་ཀླད་ཁུང་ནས་བསྡིགས་པས་རྒྱལ་པོ་སྐྲག་ཏེ་རང་གཟུགས་བསྟན་

(༦༨༦)པ་ནི། གསང་བདག་ལ་སྐྱབས་སུ་སོང་བར། གསང་བདག་གི་རྡོ་རྗེ་སྙིང་གར་བཞག །བདུད་རྩི་ལྕེ་ལ་བླུད། གསང་མཚན་སྤུ་གྲི་འབར་བར་བཏགས་སྲོག་གི་སྙིང་པོ་བཞེས། མགོན་པོ་ལེགས་ལྡན་ནག་པོས་དགྲ་ལྷ་ཁྱུང་གཤོག་འབར་བ་ཞེས་བྱ་བར་མཚན་གསོལ། དེའི་ཚེ་ལེགས་ལྡན་ནག་པོས་ཞུས་ཏེ་གནོད་སྦྱིན་ནོར་ལྷ་ནག་པོའི་རྒྱུད་ལེའུ་དགུ་པ་གསུངས། དེ་ནས་སློབ་དཔོན་ཆེན་པོ་ཨ་སུ་།།།རའི་བྲག་ཕུག་ཏུ་བཞུགས་དུས། ཡབ་བདུད་རྗེ་བཙན་པོ་དང་ཡུམ་བདུད་གཟའ་སྨིན་དཀར་མའི་སྲས་སུ་སྤྲུལ་ཏེ་སློབ་དཔོན་ལ་ཉམས་སད་ཞུས་པས། སློབ་དཔོན་གྱིས་རྡོ་རྗེ་ལག་ཏུ་བྱིན། བདུད་རྩི་ལྕེ་ལ་བཞག་རྒྱལ་པོ་གཡུ་འཕྲེང་ཅན་དུ་མཚན་གསོལ་ནས་གཡུ་འཕྲེང་སྔོན་པོའི་རྒྱུད་ལེའུ་བདུན་པ་གསུངས། ལྕགས་འཕྲེང་ནག་པོའི་རྒྱུད་ལས། འདི་སྐད་བདག་གིས་ཐོས་པའི་དུས་

(༦༨༧)གཅིག་ན་བཅོམ་ལྡན་འདས་རྨ་ཧེ་རུ་ཡབ་ཡུམ་གཉིས་སུ་མེད་པ་ལ། རི་བོ་ཆེན་པོ་མ་ལ་ཡ། ལྷོ་ཤར་གུང་སྔོན་གནམ་གྱི་ཡ་དཀྱིལ་ན་མེ་རི་འབར་བའི་གཞལ་ཡས་ཁང་། གླིང་བཞི་གླིང་ཕྲན་ཉི་ཟླ་གནས། །ཕོ་བྲང་ལྷ་སྲིན་གཞལ་ཡས་སུ། །གནོད་སྦྱིན་སྡེ་དཔོན་ཕྱག་རྡོར་དང་། །མགོན་པོ་ལེགས་ལྡན་ནག་པོ་དང་། །དགེ་བསྙེན་ནོར་བུ་ནག་པོ་དང་། །སྲིན་པོ་སྲིན་མོ་སྡེ་བརྒྱད་དང་། །བདུད་ལྕམ་ཤནྟིང་རོ་ཟན་དང་། །ཡུམ་ནི་བདུད་གཟའ་སྨིན་དཀར་དང་། །པ་ཏྲ་པུ་ཏྲ་ཤ་གྲོལ་གྱི་གྲོལ་དང་། འཛིན་པོ་སྡོམ་པོ་མོན་པ་སྤུན་བདུན་དང་། ཤེལ་གིང་རྣམ་སྲས་ཡམ་ཤུད་དམར་པོ་དང་། མགར་བ་ནག་པོ་ཐེའུ་རང་སྡེ་དཔོན་དང་། ལྷ་སྲིན་སྡེ་བརྒྱད་དང་བཅས་པ་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་ཁྱད་པར་གསང་བདག་གིས། །དྲེགས་པ་མ་ལུས་འདུལ་བ་ཡི། །ཏིང་

(༦༨༨)ངེ་འཛིན་ལ་སྙོམས་པར་བཞུགས། །དེ་ནས་ལེགས་ལྡན་ན་ཐོད་འཕྲེང་ཅན་བེར་ནག་གྱོན་ཞིང་གྲི་གུག་དང་ཐོད་ཁྲག་འཛིན་པས་ཕྱག་བཙལ་ཏེ་ཞེས་དགེ་བསྙེན་ནོར་ལྷ་ནག་པོ་བདུད་ཀྱི་སྲས་འདུལ་བར་ཞེས་ཏེ་ལྕགས་འཕྲེང་ནག་པོའི་རྒྱུད་ལེའུ་དགུ་པ་ཞུས་པར་གསུངས་པས་འདིའི་མགོན་པོ་ཐོད་འཕྲེང་ཅན་འཛིན་པ་དང་གོང་དུ་བཤད་པའི་ལྷའི་དགེ་སློང་ལེགས་ལྡན་ནག་པོ་གཉིས་གཅིག་ཏུ་ཤེས་དགོས་པ་ཡིན་ནོ། །ནོར་ལྷ་ནག་པོའི་རྒྱུད་ཀྱི་ལེའི་གཉིས་པ་ལས། དེ་ནས་མགོན་པོ་ལེགས་ལྡན་གྱིས། གནོད་སྦྱིན་ནོར་ལྷ་ནག་པོ་ལ། ཁྱེད་ཀྱི་སྐྱེ་རྒྱུད་ཇི་ལྟར་ཡིན། །ཞེས་སྨྲས་པ་དང་། སྲོག་བདག་ནག་པོ་བདུད་ཀྱི་བུས། །བཞི་ནི་སྔོན་བྱུང་བསྐལ་པ་དང་པོ་ཡིས། །རི་རབ་རི་ཡི་རྩེ་མོ་ནས། །ཡོངས་འདུ་ས་བརྡོལ་རྩ་བ་ན། །གུང་སྔོན་མཐོན་པོའི་ཡང་

(༦༨༩)སྟེང་ན། །ཕ་ནི་ཡེ་མེད་འཕྲུལ་རྒྱལ་དང་། །རི་རབ་བྱང་ཤར་མཚོ་འགྲམ་ན། །ཀླུ་གཉན་སྨིན་དཀར་མགོ་ལྕོག་ཅན། །ཕ་ནི་ཞེ་སྡང་མ་ནི་འདོད་ཆགས་ཀླུ། །ཡབ་ཡུམ་སྲིད་པ་བྱས་པ་ལས། །ཟླ་བ་བདུན་ན་སྒོ་ང་ལྔ་། །དང་པོ་སྐོས་རྗེ་བྲང་དཀར་བྱུང་། །གཉིས་པ་གཟའ་བདུད་ནག་པོ་བྱུང་། །གསུམ་པ་ཁྱུང་ཆེན་དཔེ་ཧར་བྱུང་། །བཞི་པ་སྲོག་བདག་ཤེལ་གིང་བྱུང་། །ལྔ་པ་རྡོ་རྗེ་ལེགས་པ་བྱུང་། །ཡང་སྐྱེ་བ་དེ་ཡི་ཕྱི་མ་ལ། །ཕ་ནི་རྨུ་རྗེ་བཙན་པོ་ལ། །མ་ནི་ཀླུ་མོ་གསོ་།།།སྔོན་མ། །དེ་ཉིད་སྲིད་པའི་སྒོ་ང་གསུམ་གསུམ། །དང་པོ་མགོན་པོ་ནག་པོ་བྱུང་། །གཉིས་པ་ཀླུ་བཙན་ནག་པོ་བྱུང་། །གསུམ་པ་བདུད་མོ་བྱ་རྐང་བྱུང་། །དེ་ནས་སྐྱེ་བ་འཕོས་པ་ལས། །བདུད་ནག་ཡཀྵ་མགྲིན་སྔོན་དང་། །

(༦༩༠)ཀླུ་མོ་སྦལ་མགོ་ཁྲག་མིག་མ། །སྲིད་པ་བྱས་ཏེ་འགྲོགས་པ་ལས། །ཟླ་བ་ངོ་དགུ་ལོན་པ་ན། །ལྕགས་སྒོང་ནག་པོ་གཅིག་བྱུང་སྟེ། །ཕ་མ་གཉིས་ཀྱིས་གྲོས་བྱས་ནས། །རལ་དྲི་སྡིག་པ་ཅན་གྱིས་བཤགས། །ལྕགས་སྡིག་ནག་པོ་གཅིག་བྱུང་ནས། །གནམ་དུ་ཡར་བས་ལྷ་ཡང་རེངས། །འོག་ཏུ་ལྷུང་བས་ཀླུ་ཡང་བརྒྱལ། །འཇིག་རྟེན་ཕུང་གི་དོགས་ནས་སུ། །ཕ་མ་གཉིས་ཀྱིས་དམོད་པ་བོར། །ངེད་ཕ་མ་གཉིས་ཀྱིས་མི་ཐུབ་ན། །ངེད་བས་དྲག་ཤུལ་ཆེ་བ་ཡིས། །དབང་དུ་སྡུད་པར་ཤོག་ཅིག་བྱས། །ཚངས་པ་ཤྲི་རལ་ཅན་གྱིས། །བདུད་ཀྱི་བུ་འདི་མ་བཏུལ་ན། །ལོ་ཀ་འཕུང་གི་དོགས་ནས་སུ། །ཏིང་ངེ་འཛིན་གྱི་བཀུག་པས་ན། །བདུད་ཀྱི་སྡིག་ཆེན་གཞོན་ནུ་བྱུང་། །རྡོ་རྗེ་ཁ་ཊྭཾ་རྩེ་གསུམ་པ། །བདུད་ཀྱི་སྡིག་ནག་

(༦༩༡)མིག་གཅིག་པའི། །སྙིང་གར་རྒྱབ་པས་སྡིག་པ་དེ། །ལྕགས་ཀྱི་མོན་པ་ཤིན་ཏུ་འཇིགས། །མིག་གཅིག་ཁྲག་གི་འོད་ཟེར་འཕྲོ། །ཕྱག་གཡས་ཞིང་དབྱུག་སྤུ་གྲི་འཕྱར། །གཡོན་པ་བདུད་ཞགས་ནག་པོ་བསྣམས། །མི་སྲུན་སྲོག་བདག་ཆེན་པོར་འགྱུར། །ཚངས་པའི་གཙོ་བོར་སྲོག་སྙིང་ཕུལ། །བཀའ་བཞིན་བྱ་བར་ཁས་བླངས་སོ། །ཞེས་གསུངས། ཡང་སློབ་དཔོན་ཆེན་པོ་བྷ་ཏ་ཧོར་གྱིས་ཡུལ་བསམ་གྲུབ་ཤེལ་གྱི་བྲག་ཕུག་ནས་བཞུགས་པའི་དུས་སུ་སྐབས་ཤིག་ཏིང་ངེ་འཛིན་གཡེལ་བའི་ཚུལ་མཛད་པར། རྒྱལ་པོ་ཆེན་པོ་འདི་ལོ་རྒྱུས་འདིའི་ཁུངས་ཤེལ་འཕྲེང་དང་དེར་སོའི་རྒྱུན་གསུངས། སེངྒེ་དཀར་མོ་ཞིག་ཏུ་སྤྲུལ་ཏེ་བསྒྲུབ་པའི་དཀྱིལ་འཁོར་གྱི་སྟེང་དུ་ཁ་གདངས། རྣ་བ་ཀྲོངས་མིག་བགྲངས་ཏེ་སློབ་དཔོན་ཆེན་པོར་མཆོང་ལ་ཁད་བགྱིས་པས་

(༦༩༢)སློབ་དཔོན་གྱིས་དབང་ཆེན་གྱིས་སྐུར་བཞེངས་ཏེ་ཁ་ཊྭཾ་རྒྱབ་པས་སེངྒེ་དཀར་མོ་དེ་གནམ་དུ་བྲོས་སོ། །མི་རིང་བ་ན་བནྡེ་ནག་པོ་འཇིགས་སུ་རུང་བ་ཞིག་ཏུ་སྤྲུལ་ཏེ་གནམ་རྡོ་དཀར་པོ་ལུག་ཙམ་ཞིག་ཐོག་ལྟ་བུར་དབུ་གཙུག་ཏུ་ཕབ་པས་སློབ་དཔོན་ཡང་དར་གཅིག་བརྒྱལ། དཀྱིལ་འཁོར་གྱི་ཡོ་བྱད་ཀྱང་རྣམས་འཁྲུགས་པའི་ཚུལ་བསྟན། བརྒྱལ་སངས་ཙ་ན་དྲུང་ན་སུ་ཡང་མི་འདུག་པས་སླར་ཡང་དབང་ཆེན་གྱི་སྐུར་བཞེངས་ཏེ་ལྕགས་ཀྱུའི་ཕྱག་རྒྱས་བཀུག་པས་དགེ་བསྙེན་གཞོན་ནུ་ལག་ན་ཤེལ་འཕྲེང་དཀར་པོ་བརྒྱ་རྩ་ཐོགས་པ་ཞིག་ཏུ་སྤྲུལ་ཏེ་ཀྲོང་གིས་བྱུང་། སློབ་དཔོན་གྱིས་ཁྱོད་སུ་ཡིན་གསུངས་པས། བདག་བདུད་ཀྱི་བུ་ལ་ཀླུའི་ཚ་སྟེ་མི་སྲུན་པའི་རིགས་སོ། ཁྱེད་དང་དམ་ཚིག་བསྲེ་ནུས་པ་ཞིག་ཡིན་ཟེར་བར་སློབ་དཔོན་གྱིས་ཁྱུང་གཤོག་གིས་ཕྱག་རྒྱས་དབང་དུ་བསྡུས་ཏེ་སྲོག་

(༦༩༣)སྙིང་བཞེངས། རྡོ་རྗེ་ལག་ཏུ་གཏད། མནའ་ཆུ་།།།དེ་ཤིང་སྤྱི་བོར་བཞག །རིགས་ལྔའི་ཕྱག་རྒྱས་དབང་བསྐུར། རྒྱལ་མཚན་ལགས་པར་སྦྱིན། གནོད་སྦྱིན་གྱིས་གདུང་བའི་དབྱངས་བླངས། རིན་པོ་ཆེའི་ཕྲེང་བ་ཕུལ། སློབ་དཔོན་གྱིས་རྡོ་རྗེ་ཁྱུང་ཆེན་ཀླུ་འབྲུག་འདུལ་དུ་མཚན་བཏགས། ཤེལ་ཕྲེང་དཀར་པོའི་རྒྱུད་ལེའུ་ཉི་ཤུ་པ་གསུངས་པར་གྲགས། ཐང་ཡིག་ལས་དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས། བསམ་གྲུབ་ཤེལ་གྱི་བྲག་ཕུག་དགོངས་པར་བཞུགས༔ ཞག་གསུམ་སོང་བའི་ཕྱི་མའི་ནུབ་ཐོ་རེངས༔ བསམ་ཡས་ལ་སོགས་བོད་ཀྱི་གཙུག་ལག་ཁང་༔ དཀོར་སྲུངས་རྒྱལ་པོ་སེ་ཧར་ཞེས་ཀྱང་བྱ༔ དགེ་བསྙེན་ཆེན་པོ་རྒྱལ་པོ་ཤིང་བྱ་ཅན༔ བདུད་པོ་ཡབ་རྗེ་ནག་པོ་ཞེས་བྱ་བ༔ སེངྒེ་དཀར་མོ་ཞིག་ལ་ཞོན་ནས་སུ༔ གཡས་ཀྱི་རུ་འདྲེན་དཔའ་བོ་རྟག་

(༦༩༤)ཆས་བརྒྱ༔ གཡོན་གྱི་རུ་འདྲེན་ཉན་ཐོས་དགྲ་བཅོམ་བརྒྱ༔ སླད་ཀྱིས་རྗེས་མྱུལ་བནྡེ་ནག་པོ་བརྒྱ༔ སྔོན་གྱི་ཤུལ་སེལ་བུད་མེད་ནག་མོ་བརྒྱ༔ ཕྱི་ཡི་བློན་པོ་མོན་བུ་པུ་ཏྲ་བརྒྱ༔ ནང་གི་བློན་པོ་མོན་བུ་པུ་ཏྲ་བརྒྱ༔ སྐུ་ཡིས་སྐྱོ་རོག་འབག་སེང་གར་མཁན་བརྒྱ༔ སྤྲུལ་པ་ཡང་སྤྲུལ་སྤྲ་དང་སྤྲེའུ་བརྒྱ༔ སློབ་དཔོན་དྲུང་དུ་ཉམས་སད་བྱེད་དུ་བྱུང་༔ གནམ་རྡོ་ལུག་ཙམ་སྤྱི་བོའི་གཙུག་ཏུ་ཕབ༔ སློབ་དཔོན་བརྒྱལ་ཞིང་དལ་གྱིས་རྫས་རྣམས་དཀྲུགས༔ རྒྱལ་སངས་ཙ་ན་ཏིང་ངེ་འཛིན་གྱིས་བཀུག༔ དགེ་བསྙེན་གཞོན་ནུ་ཅན་ཞིག་བཙངས་ཀྱིས་བྱུང་༔ ལག་ན་ཤེལ་འཕྲེང་ཐོགས་ནས་མདུན་ན་འདུག༔ སློབ་དཔོན་གྱིས་ནི་གནོད་སྦྱིན་རིགས་འདྲ་བ༔ དགེ་བསྙེན་ཚུལ་དུ་སྟོན་པ་སུ་ཡི་བུ༔ དགེ་བསྙེན་ན་རེ་ང་ནི་བདུད་ཀྱི་བུ༔ བདུད་ཀྱི་བུ་དང་དམ་ཚིག་བསྲེ་ནུས་སམ༔

(༦༩༥)སློབ་དཔོན་ཞལ་ནས་དམ་ཚིག་བསྲེ་ནུས་ན༔ ཁྱོད་ཀྱིས་སངས་རྒྱས་བསྟན་པ་བསྲུང་ནུས་སམ༔ དཔེ་ཧར་ན་རེ་མ་འོངས་བོད་ཁམས་ཀུན༔ ལྷ་ཁང་མཆོད་རྟེན་ང་ལ་གཏད་པ་ན༔ བསྟན་པ་བསྲུང་ནུས་མ་གཏད་གནོད་པ་བྱེད༔ ང་ནི་འཁུ་ཞིང་དམ་འདའ་ལྡོག་པར་འགྱུར༔ དེ་ནས་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་ལྷ་ཁང་མཆོད་རྟེན་བཞེངས་པ་རྣམས༔ སྐུ་གསུང་ཐུགས་རྟེན་པེ་ཧར་གཏོད་པར་བྱས༔ དགེ་བསྙེན་བསྟན་པ་བསྲུང་བར་ཁས་བླངས་སོ༔ སློབ་དཔོན་ངན་སྔགས་བརྒྱ་དང་རྩ་བརྒྱད་མཛད༔ ཁྱོད་ནི་དམ་ལས་འདའ་ན་ཇི་ལྟར་ཡོང་༔ འཁུ་དང་ལྡོག་ན་ཇི་ལྟར་ཡོང་ཞེས་གསུངས༔ དགེ་བསྙེན་ཆེན་པོ་དེ་ཡི་ཞལ་ན་རེ༔ ང་འགུ་བ་ལ་འཁུ་ལུགས་གསུམ་དུ་ཡོད༔ རྣལ་འབྱོར་པ་ཡི་ཆུང་མ་བུ་ཚར་འཁུ༔ ཞིང་ཁང་དུད་འགྲོར་ནོར་རྫས་ཀུན་ལ་འཁུ༔ ཉེ་འབྲེལ་

(༦༩༦)འཁོར་གཡོག་ཡོན་བདག་རྣམས་ལ་འཁུ༔ རྣལ་འབྱོར་ཆུང་མ་བུ་ཚར་འཁུ་ཙ་ན༔ ཆུང་མ་སྨྱོ་དང་འབོག་དང་བརྒྱལ་དུ་འཇུག༔ དགྲ་དང་བྱི་བྱེད་ཕག་གདོང་མང་དུ་འབྱུང་༔ དགྲ་བོ་སྤྲུལ་ཞིང་དགྲ་ཡུལ་འགྲོ་བ་དང་༔ རང་གིས་དགྲ་དང་དགའ་མདུན་བྱས་ནས་འགྲུལ༔ ནང་མཚང་ཕྱིར་བླུགས་གསང་གྲོས་གཞན་ལ་སྤེལ༔ སྙིང་གཏམ་དགྲར་འཆད་པར་གཅོད་འགུགས་བྱེད་པ༔ ལྷ་ཡིན་སྐད་ཟེར་འདྲེ་ཡིན་སྐད་ཟེར་འབབ༔ སྙིང་མི་དགའ་ཞིང་དུ་སྙིང་འདོད་པ་དང་༔ བྲང་བརྡུངས་འཐབས་དང་ལྕེབ་སྙིང་འདོད་པ་བྱུང་༔ དེ་ནི་ཆུང་མ་དག་ལ་འཁུ་བའོ༔ བུ་ཚར་འཁུ་བ་བུ་ཚ་མི་གསོས་ཤིང་༔ གསོས་པ་སྨྱོ་དང་བརྒྱལ་དང་འབོག་པ་འབྱུང་༔ ངོ་ལོག་བྱེད་ཅིང་གཞན་དུ་བྲོས་པ་དང་༔ བུ་མང་པོ་འཆི་བ་བུ་ཚར་འཁུ༔ ཞིང་ཁང་ནོར་རྫས་རྣམས་

(༦༩༥)ལ་འཁུ་བ་ནི༔ ཞིང་ལ་ལོ་མི་སྐྱེ་ཞིང་མི་ལ་འཚོང་༔ དཔྱོད་ཁ་འབུ་འབྱུང་སྟོན་ཀ་སེར་བ་འབྱུང་༔ ཁང་པ་འཇིགས་ཅིང་ཐོག་འཚེག་ཞིག་རལ་མང་༔ དུད་འགྲོར་རྐུན་མ་མང་ཞིང་གཅན་གཟན་ཁྱེར༔ རྨིག་ཟླུམ་ཁ་རག་དུས་གཅིག་འཆི་བར་བྱེད༔ ཟས་ནོར་བྱར་མི་བཏུབ་ན་འཁུ་ཡིན༔ ཉེ་འབྲེལ་ནང་དུ་མི་འཆམ་ནང་ཞིག་ཡོང་༔ དྲག་དྲག་འཆི་ཞིང་ཞན་ཞན་ལུས་པར་བྱེད༔ ཡོན་བདག་ནང་འཁྲུག་འཁོར་གཡོག་སྙིང་རིང་བྱེད༔ དེས་ཉེས་དེས་ལེན་མང་ཞིང་བཀྲ་མི་ཤིས༔ ངུ་འབོད་མཆོང་རྒྱངས་དམག་འཁྲུགས་གསོད་གཅོད་ཡོང་༔ ང་འདའ་བ་ལ་འདའ་ལུགས་གསུམ་དུ་ཡོད༔ ཡི་དམ་ལྷ་སྒོམ་ཏིང་ངེ་འཛིན་ལ་འདའ༔ བཟླས་བརྗོད་བསྙེན་པ་བྱེད་ཚེ་སྔགས་ལ་འདའ༔ བསྒྲུབ་པའི་རྫས་ཏེ་བརྟེན་པའི་རྫས་

(༦༩༦)ལ་འདའ༔ བསྒོམ་པ་ཏིང་ངེ་འཛིན་ལ་འད་ཙ་ན༔ ཡི་དམ་བསྒོམ་སྙིང་མི་འདོད་སྒོམ་པ་འཆོར༔ བསྒོམ་པའི་དུས་ན་རྣམ་རྟོག་ཁྲ་མོ་ལྡང་༔ བདག་བསྐྱེད་མདུན་བསྐྱེད་གཅིག་བསྒོམ་གཅིག་བརྗེད་འགྲོ༔ སྒོམ་སྒྲུབ་ནམ་བྱེད་དུས་སུ་བར་གཅོད་འོང་༔ལ་ཅི་བསྙད་ཅིར་བཏགས་འཇམ་རྩུབ་གཉིས་སུ་འོང་༔ བསྟན་བཅོས་ཚིག་བཅད་རྩོམ་པ་ཡིད་ལ་བྱེད༔ འདུག་པར་སྡོད་པ་མི་ཚུགས་མྱུག་མྱུག་མང་༔ རང་འཁོར་ནང་འཐབ་སྙིང་རུལ་སྙིང་འཚང་ཡོང་༔ སྙིང་ནི་མི་དགའ་སྟོངས་སྟོངས་ངུ་སྙིང་འདོད༔ གསང་བ་བརྡབ་པར་ཕྱིན་ནས་འཆོངས་སྙིང་འདོད༔ སེམས་ནི་ཡད་ཡོད་བན་བུན་ཆད་ཆོད་འབྱུང་༔ གདམས་པར་བློ་མི་ཁེལ་ཞིང་ཡིད་གཉིས་ཟ༔ ནང་རྟགས་བཟང་པོ་བྱུང་ན་དགའ་སེམས་བྱེད༔ ནང་རྟགས་ངན་པ་བྱུང་ན་སྙིང་མི་དགའ༔ ཉམ་ང་བག་ཚ་རེ་དོགས་དམ་ལས་

(༦༩༧)འདའ༔ བཟླས་བརྗོད་བསྙེན་པ་སྔགས་ལ་འདའ་ཙ་ན༔ སྔགས་ཟློས་དུས་སུ་སྔགས་ལ་ཆད་ལྷག་ཡོང་༔ ལྕེ་བསྒྱུར་མི་ཤེས་སྔགས་ཟློས་མི་ཤེས་ཤིང་༔ སྔགས་བཟླས་ཙ་ན་དམིགས་པ་བསྒོམ་མི་ཤེས༔ རྒྱལ་པོའི་ཆོ་འཕྲུལ་འཇིགས་སྐྲག་སྣ་ཚོགས་འབྱུང་༔ ཅི་ཙམ་བཟླས་ཀྱང་དགྲ་ལ་མཐུ་མི་ཡོང་༔ རང་ལ་གློ་བུར་ནད་དང་འཚེ་བ་འོང་༔ ངག་ནུས་བྱིན་རླབས་ཉམས་པ་སྔགས་ལ་འདའ༔ སྒྲུབ་གཞི་བརྟེན་པའི་རྫས་ལ་འདའ་ཙ་ན༔ ཕྱི་བརྟེན་ལ་འདའ་གཉེན་ཚན་མང་པོ་འཆི༔ ནང་བརྟེན་ལ་འདའ་བུ་སྨད་ནང་འགྲས་འབྱུང་༔ གསང་བརྟེན་ལ་འདའ་མི་འདོད་སྣ་ཚོགས་འོང་༔ ང་ནི་འཇིག་རྟེན་ཡ་ཀས་སྐབས་སུ་སྤྲུལ༔ གང་ནས་འོང་དང་འདི་ནས་འོང་ནི་མེད༔ ང་བཟློག་པ་ལ་བཟློག་ལུགས་གསུམ་བྱས་འོང་༔ རང་གི་ལུས་སྲོག་བསོད་ནམས་ཁ་བརྗེར་བཟློག༔

(༦༩༨)བུ་སྨད་མི་ནོར་ཟས་གསུམ་ཀུན་ལ་བཟློག༔ ཉེ་འབྲེལ་འཁོར་གཡོག་མཐུན་རྐྱེན་བསྒྲུབ་ལ་བཟློག༔ རང་གི་ལུས་སྲོག་ཁ་རྗེར་བཟློག་ཙ་ན༔ ལུས་ལ་ནད་མང་སེམས་ལ་སྡུག་བསྔལ་མང་༔ སྲོག་ལ་ཧུར་ཐུམས་འགག་གྲི་སྦོས་གྲིར་འཆི༔ དགྲ་ལ་ཕར་རྦད་རང་ལ་ཚུར་ལོག་ཡོང་༔ འཁོར་འཐོར་ཐག་ཐུག་མང་ཞིང་སོ་མི་གསོད༔ དགྲ་སྔོན་མ་སོང་ཕྱི་མ་རླུང་འཚུབ་ལྡང་༔ བྱད་འཇུག་བོད་གཏོང་བྱེད་སྙིང་མི་འདོད་ཅིང་༔ དམོད་བཅོལ་མི་བྱེད་གཟུག་འཕྲོ་བཅད་ནས་འཇོག༔ མི་ཁ་མང་པོ་ཟུག་གཟེར་རང་ལ་གླེང་༔ ཡུལ་མི་དགྲར་ལྡང་སྙིང་དུ་རྒྱལ་འགོང་འཇུག༔ དམ་རྫས་འབོ་དང་སྒྲུབ་རྫས་བཅོག་སྙིང་འདོད༔ ལྟ་སྤྱོད་མི་མཐུན་གྲོགས་བསྲེལ་རང་ལ་བཟློག༔ བུ་སྨད་མི་ནོར་ཀུན་ལ་བཟློག་ཙ་ན༔

(༦༩༩)སྔོན་ལ་ཆུང་མ་དེ་ནས་བུ་ཚ་འཆི༔ གཟའ་མི་ནང་འཐབ་ནུབ་འཐབ་འཁོན་པ་ཡོང་༔ དམ་ཉམས་དགྲ་ལ་རྟགས་ཡོང་སྐད་ཟེར་ནས༔ རང་གི་འཁོར་དུ་ཉེས་འགྱོད་མང་པོ་འབྱུང་༔ བུ་སྨད་ལྕེབ་པར་མཁར་གཡང་འཐོན་པོར་འཆོར༔ རི་ཁ་མཐོན་པོར་ཕྱིན་ནས་ཁུས་འདེབས་ཤིང་༔ རང་ལ་ལྟས་ངན་སྣ་ཚོགས་འོང་བ་དང་༔ དགྲ་དང་གཉེན་གུང་འདྲེ་ཡིས་ལོག་མིན་སློབ༔ རྨི་ལམ་བཟང་བ་ལྟར་བསྟན་ཉེས་པ་འོང་༔ ནོར་ཕྱུགས་པེ་ཀར་ཆགས་ནས་ལན་མི་ལོན༔ ཅི་ཡོད་ནོར་རྫས་ཐམས་ཅད་མི་ལག་འགྲོ༔ རང་ལ་པེ་ཀར་སྙིང་དུ་ཞུགས་ནས་ཀྱང་༔ ལུས་ངག་ཡིད་གསུམ་འདྲེ་ཡི་སྤྱོད་པ་བྱེད༔ སྣོད་དཔྱད་ཐམས་ཅད་བཅོག་དང་རྡེབ་པ་ཡོང་༔ རང་དབང་མི་ཐོབ་ཁྱི་སྨྱོན་བཞིན་དུ་འཁྱམས༔ ཆང་འཐུངས་སེམས་ལ་ཅི་ཡོད་ཁ་རུ་འདོན༔

(༧༠༠)རེས་འགའ་ངུ་ཞིང་བྲང་བརྡུངས་འོ་འདོད་འབོད༔ ཉེ་འབྲེལ་འཁོར་གཡོག་ཀུན་ལ་བཟློག་ཙ་ན༔ རྒྱལ་པོ་པེ་ཀར་ཕྱི་ལ་འབྲང་༔ མ་དང་སྲིང་པོ་ཞང་པོ་ཚ་བོའམ༔ རང་གི་བླ་མ་སློབ་དཔོན་འཁོར་ཕྱིར་འབྲང་༔ ཉེ་འབྲེལ་ཕུང་འཇུག་བུ་སྲིང་སྒབ་འདྲེ་བྱེད༔ དམར་ལམ་སྟོན་ཅིང་ལྷ་འདྲེའི་ཚོགས་འདུ་འོང་༔ བུ་སྲིང་མོ་རྣམས་བདག་བྱེད་ཁྱོ་པོ་གསོད༔ བུ་ཚ་སྐྱེས་ཚད་འཆི་དང་རོ་སྣོད་འཆོས༔ བུ་སྲིང་ཡུགས་ས་འབབ་དང་བྱུར་ཡུགས་འོང་༔ རང་གི་ནད་པ་གསོའམ་སྲིའུ་གསོ༔ གང་དུ་ཕྱིན་ཕྱིན་ཕྱི་ལ་དཔེ་དཀར་འབྲང་༔ ས་གཞི་གཤག་ཅིང་རྒྱ་མཚོ་དཀྲུག་པར་བྱེད༔ བན་སྔགས་འདྲེ་ཅན་འགྲོ་བའི་དགེ་འདུན་འབྱུང་༔ སྒྲུབ་ཁང་འདྲེ་ཅན་སོང་ནས་བཀྲ་མི་ཤིས༔ ང་ནི་ལྷ་ཁང་མཆོད་རྟེན་གསུང་རབ་བདག༔ ན་ཆུང་ཀུན་གྱི་ལུས་ཕུད་སྡུད་ཅིང་།

(༧༠༡)སྦྱོར༔ ང་འཁུ་དུམ་བུར་ཤིག་ལ་ནན་ཏན་བསྐྱེད༔ ང་འདའ་རཀྴའི་ཙིཏྟ་ཕྱུང་ཐབས་ཀྱིས༔ འཁུ་དང་འདའ་དང་བཟློག་པ་གང་བྱུང་ཡང་༔ སློབ་དཔོན་སྐྱེས་རབས་རྣམ་ཐར་ཞིབ་རྒྱས་པ༔ ཉིན་ནུབ་ཐུན་བཟུང་རྒྱུན་མི་ཆད་པ་སྒྲོགས༔ ཞེས་གསོལ་སྲོག་སྙིང་ཕུལ་ནས་དམ་ལ་བཏགས༔ དེ་ནས་གཅན་པ་གནད་ལ་འབེབས་པ་དང་༔ ཨར་གཏད་ཤི་ས་བསྟན་དང་བསྲུང་བ་དང་༔ འཆི་བ་བཀར་བ་མནན་གཟིར་མདོས་ལ་སོགས༔ ཕྱི་ནང་གསང་བ་ལ་སོགས་མང་དུ་མཛད༔ ཞེས་གསུངས༔ པེ་ཧར་བཏུལ་བའི་གནས་བསམ་གྲུབ་ཤེལ་གྱི་བྲག་ཕུག་གཅེས་པ་ཤེལ་འཕྲེང་དཀར་པོའི་རྒྱུད་ནས་བྷ་ཏ་ཧོར་གྱི་སྒོམ་དགྲའི་ཉེ་འདབ་ན་ཡོད་པར་གསུངས། ཐང་ཡིག་ལས་ཡར་ཀླུངས་

(༧༠༢)ཤེལ་བྲག་རང་ཡིན་པར་གསུངས་ཏེ། ཤེལ་བྲག་གི་ཡོན་ཏན་འཆད་པའི་སྐབས་སུ། ཁྱད་པར་ཡར་ཀླུངས་ཤེལ་གྱི་བྲག་ཕུག་འདི༔ བདུད་རྩི་སྨན་སྒྲུབ་བྱས་པའི་གནས་ཡིན་པས༔ གསང་སྔགས་མཐར་ཕྱིན་ཨོ་རྒྱན་ཡུལ་ལྟ་བུ༔ ཡ་མཚན་སྒྲུབ་ཁང་བྲན་ཕུག་ཁྱད་འཕགས་ཡོད༔ ཞི་ཁྲོ་སོགས་ཀྱི་གཞལ་ཡས་ཁང་མང་བཞུགས༔ བོད་འབངས་དགའ་དང་སྤྲོ་བར་འགྱུར་བའི་བྲག༔ ཡོན་ཏན་བརྒྱད་ལྡན་བསམ་ལས་འདས་པར་བརྗོད༔ དེ་ལ་གནས་ཚད་དུ་རུ་ཀས་མི་ཕེབས༔ གངས་དཀར་ཏི་སེ་ཙ་རི་ཟམ་བུ་ལུང་༔ གནས་གཞན་ལ་སོགས་ཡོན་ཏན་ཡོད་མོད་ཀྱང་༔ བསམ་གྲུབ་ཤེལ་གྱི་བྲག་ཕུག་ཆར་མི་ཉེ༔ ཨོ་རྒྱན་ཧེ་རུ་ཀ་དང་མཚུངས་དཔེར་བཞག༔ ཅེས་གསུངས༔ རིག་འཛིན་པདྨ་གླིང་པས་བུམ་ཐང་ཐར་པ་གླིང་གི་

(༧༠༡)སེངྒེ་བྲག་ནས་སྤྱན་དྲངས་པའི་དྲག་པོ་མེ་རླུང་འཁྱིལ་བའི་སྐུའི་ལོ་རྒྱུས་ལས་ཀྱང་། ཡར་ཀླུང་ཤེལ་བྲག་ཏུ་སློབ་དཔོན་ཡམ་ཡུབ་པེ་ཧར་འདུལ་བའི་དགོངས་པ་ལ་བཞུགས་ཏེ་པེ་ཧར་བཀུག་པས། པེ་ཧར་གྱིས། བདག་ཉིད་འདུལ་བར་ག་ལ་འགྱུར༔ ཁམས་གསུམ་མ་ལུས་ང་ཉིད་དབང་༔ མཆེད་འཁོར་སུམ་བརྒྱ་དྲུག་ཅུ་ཡོད༔ སྣང་སྲིད་སྡེ་བརྒྱད་ང་ཡི་བྲན༔ ང་ཡི་རྫུ་འཕྲུལ་ནམ་མཁའ་མཉམ༔ ང་ལ་འགྲན་ཟླ་སུ་ཡང་མེད༔ ང་ཉིད་འདུལ་བར་ག་ལ་འགྱུར༔ ཅེས་ཞུས་པར། སློབ་དཔོན་དྲག་པོ་མེ་རླུང་འཁྱིལ་བའི་སྐུར་བཞེངས་ཏེ་དཔེ་ཧར་བཏུལ་ཚུལ་དང་། སྐུ་ཚབ་ཀྱིས་ལོ་རྒྱུས་ལ་སོགས་པ་རྒྱས་པར་གསུངས་ཤིང་། དེ་དུས་པེ་ཧར་གྱི་གཉེན་པོར་བྱིན་གྱིས་བརླབས་པའི་དྲག་པོ་མེ་རླུང་འཁྱིལ་པའི་

(༧༠༢)སྐུ་ཚབ་ཡིད་བཞིན་གྱི་ནོར་བུ་ད་ལྟ་ཁོ་བོའི་བསོད་ནམས་ཀྱི་མཆོད་སྟོང་དུ་བཞུགས་སོ། །དེ་ནས་གོང་དུ་བཤད་པ་ལྟར་ཐང་ཡིག་ནས་གསུངས་པའི་བསམ་གྲུབ་ཤེལ་གྱིས་བྲག་ཕུག་ཏུ་པེ་ཧར་བཏུལ་བ་དེ་དང་། པདྨ་གླིང་པའི་བྲག་སྒྲུབ་ལས་གསུངས་པའི་པེ་ཧར་བཏུལ་བ་དེ་གཉིས་དུས་གཅིག་ཏུ་སེམས་ཤིང་། ཤེལ་འཕྲེང་དཀར་པོའི་རྒྱུད་ནས་གསུངས་ཚུལ་དང་བཤད་མ་ཐག་པ་གཉིས་འགལ་བ་ནི་མ་ཡིན་ཏེ། དེ་བཞིན་གཤེགས་པའི་མཛད་པ་ལ་ཚད་གཟུང་མེད་པའི་ཕྱིར་གདུལ་བྱའི་མོས་ངོ་ལ་བལྟོས་ནས་རྣམ་པ་ཐ་དད་པར་བསྟན་པར་སེམས། སྤྲིན་ནག་འཁྲིགས་པའི་གཞུང་དུ་དྲངས་པའི་རྒྱལ་པོའི་རྒྱལ་རབས་གཅིག་ཏུ་ཡབ་གུང་སྔོན་ཡེ་མེད་རྒྱལ་པོ་དང་༔ ཡུམ་ས་ཏིང་འཕྲུལ་གྱི་

(༧༠༣)སྨན་མོ་གཉིས་པོ་བཤོས་པ་ལས་སྲས་གསུམ་འཁྲུངས། ཆེ་ཤོས་སྲོག་བདག་བྱ་ཐུལ་ཅན་ནི་སྲིད་པ་ཐམས་ཅད་ཀྱི་རྒྱལ་པོར་གྱུར། སེམས་ཅན་ཐམས་ཅད་ལ་ཕན་པ་འབའ་ཞིག་ལས་གནོད་པ་མི་མཛད། དེ་འོག་དམ་འདུན་མགྲོན་ཞེས་པ་གནམ་ས་ཕྱེད་ཀྱི་བདག་པོར་གྱུར། ཕན་གནོད་ཀྱང་ཕྱེད་མར་མཛད། དེ་འོག་དམར་པོ་གེ་སར་རངས་ཞེས་པ་ཤིན་ཏུ་ཁྲོ་ཞིང་གཏུམ་པར་རང་ཤ་རང་གི་ཟ་ལ་ཁད་པ་གདུག་རྩུབ་དང་གནོད་པ་ཤིན་ཏུ་ཆེ་བ་ཞིག་བྱུང་། དེའི་སྲིང་མོ་སྐར་མ་ལེགས་ཀྱི་ལྕམ་གཅིག་ཅེས་པ་གཅིག་སྟེ་ལྕམ་སྲིང་བཞི་བྱུང་། དེ་སྲས་ཀྱི་ཐ་ཆུང་དམར་པོ་གེ་སར་རང་གི་དམུའི་སྨན་མོ་མཛེས་མ་ཞིག་མ་བཤོས་པས་སྲས་ཁུ་ལེ་ཤོད། བག་ནི་ཕྱ། བག་ནི་ཤྭའམ་

(༧༠༤)གར་ནི་ཤངས་ཞེས་བྱ་བ་གསུམ་བྱུང་། ཁུ་ལེ་ཤོད་ཀྱིས་ལྷ་མ་ཡིན་གྱི་བུ་མོ་སྙིང་དུ་སྡུག་པ་གསལ་བའི་སྒྲོན་མེ་ཞེས་བྱ་བ་དང་སྦྱོར་བ་བགྱིས་པས་སྲས་བཅུ་གཉིས་བྱུང་། ཐམས་ཅད་ཀྱང་གཡུའི་སྨིན་མ་ཅན་ཤ་སྟག་གོ །ཆེ་ཤོས་ལྷང་ལྷང་ཁ་རོ་གསལ་ཞེས་བྱ་བས་རྒྱ་ནག་ཏིང་ཁུར་གྱིས་བདག་པོར་མཛད། དེ་འོག་གིང་ཆེན་གར་པ་ཞེས་བྱ་བས་རྒྱ་ཀྐང་ཁྲི་སྒོའི་བདག་པོ་མཛད། དེ་འོག་རིན་ཆེན་གསེར་ག་ཞེས་བྱ་བས་རྒྱ་གྱི་ནང་གི་ཡུལ་གྱི་བདག་པོ་མཛད། དེ་འོག་མགོ་ཕན་ཞེས་བྱ་བས་རི་བོ་རྩེ་ལྔའི་བདག་པོ་མཛད། འདི་བཞི་པོར་རྒྱ་ནག་གི་རྒྱལ་པོ་མཆེད་བཞི་ཟེར། གནོད་པ་ཆེ། ཕན་པ་ཆུང་། ཐོག་སེར་འབེབས། དེ་འོག་མུ་ནེ་གར་སྡེ་རིངས་ཞེས་བྱ་བས་ཝ་ར་ཎ་སིའི་བདག་པོ་མཛད།

(༧༠༥)དེ་འོག་ཀུཀྐུ་ཁྱི་སངས་ཞེས་བྱ་བས་རྡོ་རྗེ་གདན་གྱི་བདག་པོ་མཛད། དེ་འོག་ཏེ་ཀུན་ལག་རིངས་ཞེས་བྱ་བས་བྱ་རྒོད་ཕུང་པོའི་རིའི་བདག་པོ་མཛད། དེ་འོག་པ་ཏི་སྤྲུགས་པ་ཞེས་བྱ་བས་དུར་ཁྲོད་བསིལ་བའི་ཚལ་གྱི་བདག་པོ་མཛད། རྒྱ་གར་ཆོས་ཀྱི་རྒྱལ་པོ་མཆེད་བཞིར་གྲགས། ཕན་པ་ཆེ་ཞིང་གནོད་པ་ཆུང་། དེ་འོག་མུ་ནེ་ཤེལ་གངས་ཞེས་བྱ་བས་ཨི་ལོག་པདྨ་ར་སྒང་གིས་བདག་པོ་མཛད། དེ་འོག་ཆུ་གངས་ཤེལ་རྒྱུད་འཛིན་ཞེས་བྱ་བས་བསལ་སྡེ་བྲག་དམར་གྱིས་བདག་པོ་མཛད། དེ་གཉིས་ལ་ཏ་སིག་ནོར་བདག་གི་རྒྱལ་པོ་ཟེར། དེ་འོག་ཁྲོམ་སེར་ཐིག་ཅེས་བྱ་བས་ཁྲོམ་ཡུམ་བྲག་དམར་གྱི་བདག་པོ་མཛད། དེ་འོག་ཟངས་སྣ་རང་འབྱོར་རྫོང་ཞེས་

(༧༠༦)པས་བྲག་དམར་མཆོང་བུ་སྣེའི་བདག་པོ་མཛད། གེ་སར་དམག་གི་རྒྱལ་པོ་མཆེད་གཉིས་སུ་གྲགས། བདག་ནི་ཕྱ་དང་སྲིན་པོ་གང་ག་གཡུ་བུན་མ་བཤོས་པས་སྲས་དཀར་པོ་སྤྱན་གཅིག་འཁྲུངས། པུར་རྒྱལ་བོད་ཡུལ་གྱི་བདག་པོར་གྱུར། རྒྱལ་ཆེན་མགུར་ལྷ་བྱང་ཆུབ་ཏུ་མཚན་གསོལ། བདག་ནི་ཤའམ་གར་ནི་ཤངས་སུ་གྲགས་པ་དེས་བདུད་གཟའི་རིགས་སུ་གྱུར་པའི་བུ་མོ་དང་བཤོས་པས་སྲས་བདུན་འཁྲུངས། ཟངས་སྡིགས་སྟག་སློག་ཅན་མཇིང་གིང་གྲོ་བོ་གདོང་། གྲུ་གུ་སྲེག་གདོང་ཅན། ཧོར་གྱི་བྱ་དཀར་ཅན། སུམ་པའི་དྲེའུ་ཐུལ་ཅན། མོན་གྱི་ཤིང་ཐུལ་ཅན། བོད་ཀྱི་ར་ལྤགས་ཅན་རྣམས་སོ། །ཐ་ཆུང་འདིར་གནོད་སྦྱིན་རལ་པ་ཅན་དུ་ཡང་གྲགས། འདིས་གསེར་སྣོད་མདོངས་མ་དང་བཤོས་པས་སྲས་

(༧༠༧)བཞི་བཅུ་རྩ་བདུན་བྱུང་སྟེ། བོད་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས་ཁྲོད་དུ་ཆེ་ཞིང་རིགས་བཟང་བར་གྲགས། བོད་ཀྱིས་དྲོད་སྨད་ཐམས་ཅད་དུ་ཁྱབ་ཅིང་བདག་པོ་མཛད་དོ། །འདི་དག་ནི་པེ་ཧར་གྱི་བོད་དུ་སྤྱན་འདྲེན་གྱིས་བཀོད་པ་མ་མཛད་པའི་གོང་ནས་གྲགས་པ་ཡིན་ནོ། །རྒྱལ་པོའི་བསྐང་མདོས་ཡིད་བཞིན་ནོར་བུ་ལས། ཡབ་རྒྱལ་པོ་བདུད་ནག་ཐོད་པའི་ཕྲེང་བ་ཅན་དང་། ཡུམ་ཀླུ་མོ་འོད་ཟེར་གློག་འགྱུ་མ་གཉིས་ལ་སྲས་བརྒྱ་སྦྱིན་དཀར་པོ་དམ་ཚིག་ཅན་འཁྲུངས་ཕུར་བདུད་དཀར་ཕྲུངས་།།།གཉིས་གྲགས་པའི་བདུད་དེ་ཡིན། སྔོན་གྱི་བསྐལ་པའི་དང་པོ་གུང་སྔོན་མཐོན་པོའི་ཡར་སྟེང་ལྷའི་སྐུ་མཁར་ཁྲི་དགུའི་ནང་ན་བཞུགས་ཏེ་ལྷ་རྣམས་ཀྱིས་བསམ་གཏན་གྱིས་སྲུང་མ་མཛད་པར་གྲགས། ཀརྨ་ཆོས་གྲགས་རྒྱ་མཚོའི་

(༧༠༨)སློབ་མ་ཀློང་ཆེན་རབ་འབྱམས་པས། ཆོས་སྲུངས་སྤྱིའི་ལོ་རྒྱུས་སུ་བརྒྱ་བྱིན་འདི་དང་ལྷའི་དབང་པོ་བརྒྱ་བྱིན་གཅིག་ཕྱོགས་སྐྱོང་བཅུའི་སྐབས་སུ་དབང་པོ་ཤར་ཕྱོགས་སུ་འབྱུང་བའི་རྒྱུ་མཚན་ཡང་། སྲོག་བདག་རྒྱལ་པོ་འདི་ཉིད་ཀྱིས་ཤར་ཕྱོགས་ལ་དབང་མཛད་ཅིང་ཤར་ཕྱོགས་སྲོག་བདག་དཀར་པོར་ཀུན་ལ་གྲགས་པས། དེའི་གནད་ཀྱིས་ཡིན་པར་གསུངས་ལྷ་ཡུལ་ནས་ས་ལ་འབབ་དུས་ཤིང་གི་བྱ་ཆེན་པོ་ཞིག་སྤྲུལ་ནས་དེའི་ནང་དུ་ཞུགས་པས་རྒྱལ་པོ་ཤིང་བྱ་ཅན་དུ་གྲགས། བྷ་ཏ་ཧོར་གྱི་ཡུལ་དུ་བྱོན་པའི་བསྒོམ་གྲ་སྨུག་པོའི་སྲུང་མ་མཛད་པར་གྲགས། ཡང་ཡབ་ཚངས་པ་ཐོད་འཕྲེང་ཅན་དང་ཡུམ་མནར་བཟའ་རྒོད་འཕྲེང་མ་ཡིད་ཀྱི་བཤོས་པས་སྲས་ཚངས་པ་འཁོར་ལོ་བཅུ་པ་བྱུང་། ཟ་འོག་གི་སློག་

(༧༠༩)པ་གྱོན། བ་ཏིའི་ཐོད་བཅིངས། གཡུའི་སྐ་རགས་བསྡམས། གསེར་གྱི་ལྷམ་ཡུ་རིངས་གསོལ་ཏེ་རྟ་མཆོག་གསེར་ལྡན་ཞུབ་ཅན་ལ་སྟག་སྒ་རྒྱབས་པར་བཅིབས་ཏེ། ཉིན་མོ་བར་སྣང་ལ་རྒྱུག །མཚན་མོ་གྲོང་ལ་འགྲིམས་ནས་བཅུར་བཅུད་ཐམས་ཅད་བསྡུས། སུམ་ཅུ་རྩ་གསུམ་དུ་ལྷའི་བུ་མོ་དེར་བཟང་བསླུས་ཏེ་ཡིད་བཞིན་གྱི་ནོར་བུ་བརྐུས་པས་ཕྱག་ན་རྡོ་རྗེས་ལྕེ་ནས་བཙིར་གྱིས་བཟུང་སྟེ་ས་ལ་བརྡབ། ནོར་བུ་ཕྲོགས། སྲོག་སྙིང་ཕུལ། ཨ་སེམས་དཔའ་ཨིནྡྲ་སེམས་དཔའ་ཞེས་བྱ་བར་མཚན་གསོལ། ལྷའི་བུ་མོ་ཡང་གནང་། གནམ་རལ་ཕྱེད་ཀྱི་བདག་པོར་བསྐོས། ཤར་ཕྱོགས་རྒྱལ་པོ་ཆེན་པོར་གྲགས། ཉང་གཏེར་མགོན་པོ་ཕྱག་བཞི་པའི་གཞུང་ལས། བཛྲ་ཧེ་རུ་ཀའི་སྤྲུལ་པ་སྟེ། ཚངས་

(༧༡༠)པ་དུང་གི་ཐོར་ཚུགས་ཅན། ཤར་ཕྱོགས་གནམ་ས་ཕྱེད་ཀྱི་བདག༔ ཅེས་བྱུང་ངོ་༔ རྒྱལ་པོ་འདི་ལ་རང་ལས་སྤྲུལ་པའི་འཁོར་ཡར་བཟང་ཆོས་ཀྱི་སྐྱེངས་མཐོང་ཞེས་བྱ་བ་སྐྱེན་དཀར་གྱི་སློག་པ་སེངྒེ་དཀར་མོའི་གོང་ལག་ཅན་གྱོན། དར་ཐོད་དམར་པོ་བཅིངས་ཏེ། རྟ་དཀར་ཞུར་ཅན་ལ་སྟ་རྒ་ཁྲ་བོ་རྒྱབ་ཏེ་ཞོན་པ་ཞིག་ཡོད། ཉ་མའི་ནང་དུ་བསྡད་དེ་ཉིད་བཞིན་བྲག་ཕུག་དང་དགོན་འགྲིམ་མཚན་བཞིན་ན་ཆུང་མ་ཐམས་ཅད་ཀྱི་མལ་སར་ཚངས་ནས་ལུས་ཕུད་སྡུད་ཕོའི་སྲོག་གཅོད། མོའི་མངལ་བརྐུ། བྱིས་པའི་ཀླུངས་ལོག་ཏུ་འཇུག་ཅིང་མཆིས་པས་བྱང་སྲིན་འབྲོག་མོ་ཀླུས་ར་ཞོ་སྐོལ་བའི་ཟངས་སྣོད་ཐབ་ཏུ་སྒྱེལ་ནུ་ཞོ་ཁྲག་ཏུ་འཛག་པ་འཐུངས་པས་ཨེ་ཀ་ཛ་ཏི་ཐུགས་ཁྲོས་ཏེ་

(༧༡༡)ཟ་འོག་ཞབས་དོར་གཡུ་རྒྱན་ཅན་ཀླར་ལ་ལན་གསུམ་བསྐོར་ནས་དྲག་ཏུ་བརྒྱབ་པས་བརླ་རྐང་ལ་ཕོག་སྟེ་ཆག་པས་ཞབས་འཐེད་།།།པོར་སོང་། སྲོག་སྙིང་ཕུལ་མཚན་མཁའ་རྡོ་རྗེར་བཏགས། དེ་ལས་སྤྲུལ་པའི་རྒྱལ་པོ་ཁྲི་བཟང་ཁྲི་ཏོ་ཏེ། ཞེས་བྱ་བ་ནག་པོས་མཆིམས་ཀྱི་སྲུང་མ་མཛད། ཁྲིམས་སྐྱེ་བཙན་ཏོ་རི་དམར་པོས་འབྲོའི་སྲུང་མ་མཛད། སྟག་བཟང་སྟག་སྟོ་རིས་སྦའི་སྲུང་མ་མཛད། དཀར་པོ་དུང་གཙུག་ཅན་དཀར་པོས་མགོའི་སྲུང་མ་མཛད། དཔལ་གྲོ་བྱང་གྲ་བཟང་ཞེས་བྱ་བ་དཀར་སྨུག་གིས་རྙིའི་སྲུང་མ་མཛད། ལུས་པ་ལན་ཏོ་རེ་སེར་པོས་སྦའི་སྲུང་མ་མཛད། མང་བ་ཆེ་ཏོ་རེ་སེར་སྐྱས་སུམ་པའི་བདག་པོ་མཛད་ཅེས་བྱུང་། སྲོག་བདག་གསེར་གྱི་ག་པུར་གྱི་རྒྱུད་ལས། རྒྱལ་པོ་ཁུ་ལེ་ཤོད་ཀྱི་ཤར་ཕྱོགས། ཨག་ནེས་ལྷོ་ཕྱོགས་འདི་ལ་ཨག་ཐང་ཞེས་པར་ཡང་གྲགས། ཡུལ་གེས་ནུབ་ཕྱོགས། འདི་ལ་ཨུག་གེ་ཞེས་ཀྱང་ཟེར། རྔངས་ཟེས་བྱང་ཕྱོགས། ཤངས་

(༧༡༢)ཟེས་ཤར་ལྷོ། ད་ཁོད་ཀྱིས་ལྷོ་ནུབ། ནི་ཁོད་ཀྱི་ནུབ་བྱང་། རྒྱལ་པོ་ཉི་ཟླས་བྱང་ཤར་གྱི་ཕྱོགས་རྣམས་སྐྱོང་བར་ཡང་གསུངས་སོ། །ཚངས་པའི་གསོལ་ཁ་ཡིག་རྙིང་ཁུངས་མ་དག་ལས། ཡབ་ཚངས་པ་ལག་རིངས་དང་། ཡུམ་རྒྱ་མོ་དེ་མོ་བཤོས་པ་ལས། སྲོག་བདག་ཚངས་པ་ཆེན་པོ་དུང་གི་ཐོར་ཚུགས་ཅན་སྐུ་བལྟམས། ལྷའི་རྒྱལ་པོ་སྤྱན་གཅིག་ཡེ་ཤེས་འབར་བར་བཏགས། ཉི་མའི་ཟེར་ལ་ཆིབས་ཏེ་མི་ཡུལ་དུ་བྱོན་ནས་ཤར་ཕྱོགས་ཤེལ་གྱི་སྐུ་མཁར་དགུང་ལ་སྙེག་པའི་ནང་དུ་དཀར་པོ་སྤྱན་གཅིག་འཇིགས་སུ་རུང་བ། ཡས་ཀྱི་མཆེ་བ་བྲང་གི་ལྷེ་སྣེར་སླེབས་པ། མས་ཀྱིས་མཆེ་བས་སྨིན་མཚམས་སུ་སླེབ་པ། དར་དཀར་སྐུ་ལ་གསོལ། དར་དམར་ཐོད་དུ་བཅིངས།

(༧༡༣)ཕྱག་ན་གསེར་གྱི་སྤུ་གྲི་དང་གསེར་གྱི་འགྱིང་འཁར་བསྣམས་ཏེ་ར་སྐྱེས་ཁམས་པ་ལ་ཆིབས་པས་རྒྱ་གར་བ་རྣམས་ཤེལ་གྱིས་མི་བོ་ཆེར་འབོད། བོད་པ་རྣམས་ཚངས་པ་རྡོ་རྗེའི་མཆེ་བ་ཅན་དུ་འབོད། བྱ་དཀར་བརྒྱ་ཀླུད་དུ་ལྡིང་། ཁྱི་དཀར་བརྒྱ་རོལ་དུ་ཁྲིད་ལྕགས་ཀྱི་མི་རྟ་སྟོང་གིས་བསྐོར་ཏེ་གླུ་གར་བྲོ་བརྡུངས་མཛད་ཀྱིན་བཞུགས་པས་རྒྱལ་པོ་བློ་གྲོས་ཅན་ཞིག་ཏུ་བཏགས། ཉིན་མོ་མཛེས་སྡུག་དཀར་མོ་འབུམ་ལ་རོལ། ནམ་གུང་ནག་མོ་འབུམ་དང་རོལ། ཐོ་རངས་དམར་མོ་འབུམ་དང་རོལ། རྡོ་རྗེ་གིང་ཆེན། རྡོ་རྗེ་གནོད་སྦྱིན། རྡོ་རྗེ་འབྱུང་པོ། རྡོ་རྗེ་གཤིན་རྗེ། རྡོ་རྗེ་འཆི་བདག །རྡོ་རྗེ་བི་བུ་རྣམས་གཡས་ནས་རྒྱུག་ཅིང་། ཁམས་གསུམ་དབང་དུ་སྡུད་མ་དང་། རྡོ་རྗེ་སྲིན་མོ། རྡོ་རྗེ་སྤྱང་

(༧༡༤)ཀི། རྡོ་རྗེ་རོ་ལངས། རྡོ་རྗེ་དུས་མཚན། མ་ལུས་སྙིང་འདྲེན། ཁམས་གསུམ་གཡབ་འདེབས། འཕྱོ་བ་ཆེན་མོ། །འཁྱུག་པ་ཆེན་མོ། རྦོད་གཏོང་ཆེན་མོ། འདྲེན་པ་ཆེན་མོ། རྣ་ཉན་ཕྲ་མ། ཚོགས་ཀྱི་བྱིན་།།།མོ་རྣམས་གཡོན་ཕྱོགས་ནས་རྒྱུག་ཅིང་། བཞུགས་ཞེས་བཤད། ལོ་རྒྱུས་གཅིག་ཏུ་བདུད་ཡར་ལ་གཤོད་ཀྱི་ཀྱི་ཏོ་རིའམ། གར་གྱི་དབང་ཕྱུག་དང་། བདུད་མོ་པདྨའི་ཕྲེང་བ་ཅན་པདྨ་གར་གྱི་དབང་ཕྱུག་བཤོས་པས། དཀར་པོ་སྤྱན་གཅིག་དང་ཨེ་ཀ་ཛ་ཊི་ལྷུམས་སུ་ཞུགས། དཀར་པོ་སྤྱན་གཅིག་གིས་ཡུམ་གྱི་ཁོངས་པ་ནས་གཏམ་གླེང་བར་ཡར་སྐེ་ལ་སྐྱེས་ན་དོག་འགྲོ། མར་མངལ་སྒོ་འགྲིམས་ནས་བཙོག་པས་རྩིབས་ལོག་ཁ་ཕྱེ་ནས་འོང་ངོ་ཟེར་བར།

(༧༡༥)ཡུམ་གྱི་འགྲོ་བ་སྤྱི་བཞིན་དུ་མངལ་སྒོ་འགྲིམས་ནས་སྐྱེ་དགོས་གསུངས་པས་མཉན་ཏེ་རྩིབ་དབང་བཤག་ཁ་ཕྱེ་ནས་སྐྱེས། ཡུམ་གློ་སྙིང་ཡང་ཁྱེར་ནས་བྲོས་སོ། །དེར་ཡུམ་བརྒྱལ། དཀར་པོ་སྤྱན་གཅིག་ནི་གནམ་རིམ་པ་བཅུ་གསུམ་གྱི་སྟེང་དུ་སོང་། བརྒྱལ་སངས་ཙ་ན་ཨེ་ཀ་ཛ་ཏི་ཡང་འཁྲུངས་ནས་འདུག ཁྱོད་སུ་ཡིན་དྲིས་པས་ཡུལ་རང་གི་བུ་མོ་ལ། མིང་པོ་དཀར་པོ་སྤྱན་གཅིག་འདུལ་དགོས་པས་ཇི་ལྟར་བགྱི་ཞུས་པར། ཡུམ་གྱིས་བུ་མོ་རང་ལ་གསང་བའི་བདག་པོར་ཞུས་ཤིག །སྒྲོལ་གིང་གི་དབང་ཡང་ཞུས་ལ་ཤོག་ཅིག་ཅེས་ལུང་བསྟན་པས་དེ་བཞིན་དུ་སྲས་མོས་བྱོན་ཏེ་གསང་བདག་ལ་གསོལ་བ་བཏབ་པས། གསང་བའི་བདག་པོས་སྒྲོལ་གིང་དུ་དབང་བསྐུར་གསེར་གྱི་སྤུ་གྲི་རིང་མོ་གནང་། དེར་ཡུམ་སྲས་གཉིས་

(༧༡༦)ཀྱིས་ནང་པར་བསེ་ཕོར་དམར་པོའི་ནང་དུ་ཁྲག་དང་ནུ་ཞོ་སྦྱར་ནས་བླུག །མདའ་དར་གྱི་གཡབ་མོ་དང་བཅས། །བུ་གཅིག་མ་ལ་མི་དགོངས་སམ། མ་ཞོ་མངར་མོ་མི་བཞེས་སྨ། །མ་ཁྲག་དམར་མོ་མི་བསྟིམ་མམ། །ཞེས་བོས་པས་དཀར་པོ་སྤྱན་གཅིག་མདུན་དུ་བྱུང་ངོ་། །དེར་ཡུམ་དང་འཛིངས་པས་ཡུམ་རྒྱལ་ཏེ་དཀར་པོ་སྤྱན་གཅིག་སྒྱེལ། སྲིང་མོ་ཨེ་ཀ་ཛ་ཏིས་གསེར་གྱིས་རལ་གྲི་ཙར་ཏེ་བཏོན་པས་བརྒྱབ་པས་སྙིང་གསུམ་བྱུང་བ་གནམ་དུ་ཤོར་བས་གནམ་ཐེ་དཀར་པོ་སྤུན་གསུམ་བྱུང་། ཡང་གསུམ་བྱུང་བས་ས་ལ་ཤོར། ས་ཐེའུ་སྨུག་པོ་སྤུན་གསུམ་བྱུང་། ཡང་གསུམ་བྱུང་བས་བར་སྣང་དུ་ཤོར། བར་ཐེའུ་ཁྲ་བོ་སྤུན་གསུམ་བྱུང་། སྙིང་གཅིག་ཟིན་པས་དཀར་པོ་སྤྱན་གཅིག་ཡིད་དུ་འོང་བ་ཞིག་བྱུང་བར་བུ་བསྐལ་དུ་བགྱིས་པར་གྲགས། བདུད་ཡུལ་ནག་པོར་

(༧༡༧)ཡབ་སྟིག་པ་ཁ་དགུ་དང་མ་གསེར་བཟའ་ཁ་མེད་ལ་བུ་ཁུ་ལེ་ལག་དགུ་སྐྱེས་པ་པེ་ཧར་གྱི་བློན་པོར་གྱུར་ཞེས་གླེང་། ཡང་གནམ་གྱི་ཡར་སྟེངས་རིམ་པ་བཅུ་གསུམ་གྱི་ཁར་ཉི་ཟླའི་མཁར་གྱི་ནང་དུ་ཡབ་ཆུ་སྲིན་གྱི་རྒྱལ་པོ་མ་ག་ཏ་དང་། ཡུམ་སྲིད་པའི་རྒྱལ་མོ་བཤོས་པ་ལས་སྲས་ཡ་ཕྱོ་སྤྱན་གཅིག་དང་གཅུང་པོ་ཡམ་ཤུད་དམར་པོ། སྲིང་མོ་ཁམས་གསུམ་ནད་བདག་དང་བཅས་པ་འཁྲུངས་པ་དང་། ཡབ་དཀར་པོ་ལྷ་རྗེ་དང་། ཡུམ་སྲིན་གཟའ་སྨིན་རིངས་མར་སྲས་ཡམ་ཤུད་དམར་པོ་འཁྲུངས་པ་དང་། གོང་དུ་བཤད་པའི་བདུད་ཡབ་ཡུམ་ལ་དཀར་པོ་སྤྱན་གཅིག་མིང་སྲིང་སྐྱེས་པར་སྤྱན་གཅིག་གདུག་རྩུབ་ཆེ་བས་མས་མ་ཐུབ་པར་རྣམ་པར་སྣང་མཛད་ལ་ཞུས་པར་ཡབ་ལ་ཏིས་ཤིག་གསུངས། ཡབ་ན་རེ་བུ་བཟོ་བ་དང་གསོ་བའི་

(༧༡༨)ཐབས་ཡོད་ཀྱང་སྒྲོལ་བའི་ཐབས་མེད་པས་ཕྱག་རྡོར་ལ་ཞུས་ཤིག་གསུངས། དེར་ཡུམ་གྱིས་ཕྱག་རྡོར་ལ་ཞུས་པས་ཡུམ་རང་ལ་སྒྲོལ་གིང་གིས་དབང་བསྐུར། གསེར་གྱི་སྤུ་གྲི་བྱིན་པས་རྫུ་འཕྲུལ་ཆེ་བར་གྱུར་ཏེ་དཀར་པོ་སྤྱན་གཅིག་བསྒྲལ་བར་སྙིང་དགུ་བྱུང་བར། དང་པོར་དཀར་པོ་སྤྱན་གཅིག །གཉིས་པར་ཨེ་ཀ་ཛ་ཏི་ནག་མོ། གསུམ་པར་ཨེ་ཀ་ཛ་ཊི་སེར་མོ་བཞི་པར་ཡམ་ཤུད་དམར་པོ། ལྔ་པར་ཡབ་བཟང་སྐྱེས་གཅིག་གིས་ཚངས་པ་དུང་ཐོད་ཅན། དྲུག་པར་རྡོ་རྗེ་འཆེ་བ་ཅན་ནམ་ཤར་ཕྱོགས་དབེན་དགུའི་བདག་པོ། བདུན་པར་ལུང་གཉན་ཀུན་གྱི་བདག་པོ། བརྒྱད་པར་སྲིན་མོ་དཀར་ཤམ་སྤྱན་གཅིག་མ། དགུ་པར་གླིང་བཞི་རྩུབ་འབྱམས། དྲག་རྒྱལ་མ། ས་ཐེའུ་ནག་པོ། ཆུ་ཐེའུ་སྔོན་པོ། རླུང་ཐེའུ་

(༧༡༩)འཕྱོ་བ། མེ་ཐེའུ་སྲེག་པ། བྲག་ཐེའུ་དམར་པོ། ཤིང་ཐེའུ་སྐྱ་བོ། རྒྱལ་ཐེའུ་ཁྲ་བོ། བར་ཐེའུ་སྨུག་པོ། ས་ཐེའུ་ནག་པོ། གསལ་བདུད་འུར་དགུ། འགོང་པོ་སྤུན་དགུ་དང་བཅས་པའི་བྱུང་བ་དང་། ཡབ་ཡུམ་གོང་དང་འདྲ་བ་ལ། ཡམ་ཤུད་དམར་པོ། ཤེལ་གིང་དཀར་པོ། པདྨ་གར་དབང་མ་གསུམ་བྱུང་བ་དང་། མཚན་རྡོ་རྗེ་ཤེལ་འཕྲེང་རྩལ་དུ་གྲགས་པ་སོགས་སྒྱེ་བརྒྱུད་བསམ་གྱིས་མི་ཁྱབ་པ་ཞིག་འབྱུང་། གང་ལྟར་ཡང་རྒྱ་གར་གྱི་རྒྱལ་པོས་མ་ཧཱ་པྲ་མ་ན་དང་། ཚངས་པ་དུང་ཐོད་ཅན་ཞེས་མཚན་གསོལ། རྒྱ་ནག་གི་རྒྱལ་པོས་ལི་ཐུ་ཤ་འཐོང་། སུམ་པས་སུམ་ཏུ་འབྲུང་ཐེ། ཞང་ཞུང་གི་ཤེལ་གིང་ཆེན་པོ། བོན་པོས་ཉི་སྤང་སད་ཀྱི་སྐྱེད་གཅིག་དང་། ཤར་གྱི་སྲག་སྟིན་ཁྲོ་བོ་

(༧༢༠)ལི་ཡུལ་བས་ལི་སང་རྒྱལ་ཆེན། ཧོར་གྱིས་ག་གེན་གསེར་སློག་ཅན། མོན་པས་བདུད་ཀྱི་རྒྱལ་པོ་ས་མུན་རྗེ་ཞེས་མཚན་གསོལ། གཞན་ཡང་སྲོག་བདག་སྐྱེས་ཏོ་རེ་དང་། གཡུང་དྲུང་སྲིད་པའི་རྒྱལ་མོར་ཡང་གྲགས། ངོ་བོ་གཅིག་ཀྱང་གཡས་ཀྱི་བཀའ་སྡོད་གནམ་ཐེ་དཀར་པོ། གཡོན་གྱི་བཀའ་སྡོད་གནམ་ལྷ་བྱང་ཆུབ་ཏུ་བཤད། རྒྱལ་པོ་རྩེ་མདོས་ཀྱི་མདོས་གཞུང་ལས། ཁྱོད་ལ་ཡབ་ཀྱི་མཚན་བཏགས་པ། །ཕ་ནི་ཡབ་བདུད་རྒྱལ་པོ་བྱ། །མ་དང་ཡུམ་གྱི་མཚན་བཏགས་པ། །ཡེ་མཁྱེན་འཕྲུལ་གྱི་སྐྱེས་གཅིག་མ། །རྒྱ་གར་སྐད་དུ་མཚན་བཏགས་པ། །ས་དུར་པྲ་མ་རཀྵ་བྱ། །ཡི་དྭགས་བོན་གྱི་མཚན་བཏགས་པ། །སྐུ་ལ་ཤེལ་གིང་དཀར་པོ་བྱ། །ཉན་ཐོས་སྐད་ཀྱི་མཚན་བཏགས་པ། །དགེ་བསྙེན་གཙུག་ཏོར་དཀར་པོ་བྱ། །མ་སངས་སྐད་ཀྱི་

(༧༢༡)མཚན་བཏགས་པ། །སྐྱེས་བུ་རིན་ཆེན་ཁྱུང་དྲག་རྩལ། །ལྷ་རྣམས་ཡོངས་ཀྱི་མཚན་གསོལ་བ། །གནམ་གྱི་དོ་མ་དཀར་པོ་བྱ། །ཡང་ལེའི་སྐད་དུ་མཚན་གསོལ་བ། །བློན་པོ་ཁུ་ལེ་ལག་དགུ་བྱ། །རྒྱ་གར་སྐད་དུ་མཚན་གསོལ་བ། །སྐོས་རྗེ་སྐོས་པོ་ཐང་ཞེས་བྱ། །བོད་ཀྱི་སྐད་དུ་མཚན་བཏགས་པ། །ཡ་བདུད་སྲོག་བདག་ཆེན་པོ་བྱ། །གསང་སྔགས་འབྲས་བུས་མཚན་གསོལ་བ། །ཚངས་པ་དུང་གི་ཐོར་ཚུགས་ཅན། །ཞེས་གསུངས། །སྲོག་བདག་གསེར་གྱི་རྟ་པའི་རྒྱུད་ཀྱི་ལེའུ་བརྒྱད་པ་ལས་སྲོག་གི་བདག་པོ་ལི་བྱིན་ཧ་ཏ་སྐོས་རྗེ་བྲང་དཀར་དགྲ་བོའི་ལུས་ལ་སྐུ་བསྐྱེད་དུ་ཆུག་ཅེས་པེ་ཧར་དང་སྐོས་རྗེ་བྲང་དཀར་གཅིག་ཏུ་གསུངས། རཱ་ཛ་ཤེལ་གྱི་གྲི་གུག་ཅེས་ཀྱང་གསུངས། གཏེར་བྱོན་གྱི་རྒྱལ་པོ་འདིའི་མན་

(༧༢༢)ངག་གའུ་དཀར་པོའི་གཞུང་ནས་ཤེལ་གིང་ནག་པོར་ཡང་གྲགས་པ་ལས། ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བསམ་ཡས་ཀྱི་གཙུག་ལག་ཁང་བཞེངས་ཏེ། བསྲུང་མ་གང་བསྐོ་མཁན་སློབ་རྣམས་བཀའ་བགྲོས་པ་ན། རྒྱལ་པོ་ཆེན་པོ་པེ་ཧར་འདི་ཉིད་ལེགས་པར་དགོངས་པ་མཐུན་ནས་ལྷ་སྲས་མུ་ཁྲི་བཙན་པོ་ཞང་སྣ་རྣམ་པའི་ཉེས་པར་ལོ་གསུམ་བྱང་ཕྱོགས་ཀྱི་དགྲ་ཐམས་ཅད་འདུལ་བའི་དམག་དཔོན་དང་། བྷ་ཏ་ཧོར་གྱི་སྒོམ་དགྲ་བཅོམ་ནས་རྒྱལ་པོ་སྤྱན་འདྲེན་པའི་ཕོ་ཉར་བཀའ་བསྒོས་པ་ན། ལྷ་སྲས་ཀྱི་སློབ་དཔོན་ཆེན་པོར་གསོལ་བ་བཏབ་པས་སློབ་དཔོན་ཆེན་པོས་རྗེ་འབངས་ཐམས་ཅད་ཀྱིས་མཐོང་བར་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་རྟ་བདག་བརྒྱད་དང་མགོ་བརྙན་སྣ་ཚོགས་ཡོད་པའི་གནོད་སྦྱིན་བྱེ་བའི་ཚོགས་སྤྲིན་ཕུང་གཏིབས་པ་ལྟར་བཀུག་

(༧༢༣)སྟེ་ལྷ་སྲས་ཀྱི་གྲོགས་མཛད་གོས་པར་གཉེར་དུ་གཏད། དེའི་ཚེ་ཐ་མི་མགོན་བརྩོན་གྱིས་རྣམ་སྲས་ཀྱི་བཀོད་པ་རྣམས་འཕྱར་དར་ལ་རི་མོ་བྲིས། སློབ་དཔོན་གྱིས་རབ་གནས་མཛད་པས། རྒྱལ་པོའི་བླ་དར་དུ་གྲགས། ནང་བློན་ཆེན་པོ་ལྷ་བཟང་ཀླུ་དཔལ་གྱིས་གཙོ་བྱས་པའི་དམག་དཔུང་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་བྱོན་ཁམས་ཀྱི་གཡར་མོ་ཐང་དུ་ལྕགས་ཕག་གི་མདེའུ་བརྩིགས་པའི་ཁྲིའི་སྟེང་དུ་ལྷ་སྲས་ཀྱིས་བཞུགས་ཏེ། རྒྱ་ཟམ་ལ་དམག་མི་རྣམས་ཤར་ཏེ་རྩིས་པས་ཤར་བྱ་ཁྲའི་རྒྱལ་ཁམས་ཀྱིས་དམག་ཡིན་ཟེར་བ་ལུས་པོ་མི་ལ་མགོ་བྱ་ཁྲའི་གདོང་པ་ཅན་དར་རྗེས་རེ་ལ་ཁྲི་མཚོ་རེ་འབྲེང་བའི་དར་ཚོ་དགུ། ལྷོ་ཕྱོགས་གྲུལ་བུམ་གྱི་དམག་ཡིན་ཟེར་བསྟོད་མི་ལ་རྟ་བོང་གི་རྐང་པ་ཅན་དར་རེའི་

(༧༢༤)རྗེས་ལ་ཁྲི་ཚོ་རེ་འབྲེང་བ་དར་ཚོ་བཅུ་ནུབ་ཕྱོགས་བྱི་ལའི་མཇུག་མ་ཅན་གྱི་རྒྱལ་ཁམས་ཀྱི་དམག་ཡིན་ཟེར་བ་མི་ལུས་བྱི་ལའི་མཇུག་མ་ཅན་དར་རེའི་རྗེས་ལ་ཁྲི་ཚོ་རེ་འབྲེང་བ་དར་ཚོ་བཅུ་གཉིས། བྱང་ཕྱོགས་རྣ་བོ་ཆེ་བོང་བུའི་རྒྱལ་ཁམས་ཀྱི་དམག་ཡིན་ཟེར་བ་མི་ལུས་བུང་བུའི་རྣ་བ་ཅན་དར་རེའི་རྗེས་རྗེས་ལ་ཁྲི་ཚོ་རེ་འབྲེང་བ་དར་ཚོ་བཅུ་གསུམ་བྱུང་། བྷ་ཏ་ཧོར་གྱི་སྒོམ་གྲར་དམག་དྲངས། གྲུ་གུ་དང་རྒྱ་དམག་ཐམས་ཅད་བཏུལ། དེའི་ཚེ་ལོ་རྒྱུས་གཅིག་ལ་པེ་ཧར་གྱིས་བྱ་རྒོད་དུ་སྤྲུལ་ཏེ་བྲོས་པར། རྣམ་སྲས་ཀྱིས་དམག་མིའི་གནོད་སྦྱིན་གཅིག་གིས་མདའ་རྒྱབ་སྟེ་ས་ལ་ལྷུང་བས་བྱ་རྒོད་གཤོངས་སུ་གྲགས་ཞེས་སྣང་། རྒྱལ་པོའི་བསྐང་མདོས་ཡིད་བཞིན་ནོར་བུ་ལས། སློབ་དཔོན་དང་རྒྱལ་པོ་ཁྲི་སྲོང་རང་ཡང་པེ་ཧར་སྤྱན་འདྲེན་དུ་ཡོད་པར་གསུངས་ཏེ།

(༧༢༥)དེ་ནས་བར་གྱིས་བསྐལ་པ་ལ་དབུ་རུ་གཡོ་རུའི་།།།མཚམས་སུ་ནི། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས། ཆོས་འཁོར་དཔལ་གྱིས་བསམ་ཡས་བཞེངས། དེ་ལ་དཀོར་བསྲུང་མེད་པ་ལ། །ཨོ་རྒྱན་སློབ་དཔོན་པདྨ་དང་། །སྦ་ཡི་བཙུན་པ་དཔལ་དབྱངས་ཀྱིས། །བྷ་ཏ་ཧོར་གྱིས་སྒོམ་དགྲ་བཅོམ། །མཆོད་བྱའི་ཕྱི་རུ་སྤྱན་དྲངས་པས། །རྒྱལ་པོ་ཆེན་པོའི་ཞལ་ན་རེ༔ ང་བོད་ཡུལ་དབུས་སུ་མི་འགྲོ་གསུངས། །ཅིས་ཀྱང་བོད་དུ་འགྲོ་དགོས་ན། །སྟེང་དུ་ལྷ་གཅིག་ཁྲིད་དགོས་ཟེར། །མཆོད་པའི་གླུ་གཅིག་ཁྲིད་དགོས་ཟེར། །གཡས་ཀྱི་རུ་འདྲེན་དགོས་སོ་ཟེར། །གཡོན་གྱི་རུ་འདྲེན་དགོས་སོ༴ །སྔོན་གྱིས་ཤུལ་མཚོན༴ །སླད་ཀྱིས་རྗེས་འབྲེངས་དགོས༴ །གཏན་གྱི་གྲོགས་གཅིག༴ །ཡིད་

(༧༢༦)ཆེས་ཟླ་ཞིག་དགོས༴ །སེམས་རྟེན་མཛའ་བོ༴ །གཉེར་གྱི་ཕྱག་ཚངས༴ ཕྱི་བློན་ནང་བློན༴ །དེ་སྐད་ཙམ་ཞིག་གསུངས་པ་དང་། །སློབ་དཔོན་རྗེ་འབངས་བཀའ་བགྲོས་ནས། །ལྷ་གེ་རྒོད་མུ་དར་བྱ་བ་དེ། །སྟེང་གི་ལྷ་རུ་ཁྲིད་ནས་བྱོན། །ཀླུ་བདུད་མུན་པའི་ཏིང་འཛིན་དེ། །མཆོད་པའི་ཀླུ་རུ༴ །འུ་ཡུག་ཤངས་ཀྱི་བཙན་རྒོད་དེ། །གཡས་ཀྱི་རུ་འདྲེན་ཁྲིད་ནས་བྱོན། །ཤནྟིང་རིང་གི་མཚན་རྒོད་དེ། །གཡོན་གྱི་རུ༴ །སྨན་བཙུན་དཀར་མོ་བྱ་བ་དེ། །གཏན་གྱི་གྲོགས་སུ་ཁྲིད་ནས་བྱོན། །ཆབ་མ་མནྡྷ་བྱ་བ་དེས། །སེམས་རྟེན་འཛའ་བོར༴ །།།གནས་བརྟན་འདི་མག་།།།པ་སྤྱང་ཀི་ཞེས་གྲགས་ཅིང་། ཆ་བྱད་ཀྱང་སྤྱང་ཀིའི་རྣམ་པ། སྡེར་བཞི་ས་ལ་བསྒྲད་པ་ཁ་གདངས་པ་མཆེ་བ་རྩིགས་པ་སྤུ་གྲི་གཟིངས་པ་ཞིག་ཡོད་པར།

(༧༢༧)ཉང་གཏེར་རྒྱལ་པོའི་དམ་བཞག་བཅུ་གསུམ་པའི་སྐོར་ལས་གསུངས། ཆང་རྐུན་བྱ་བ་དེ། ཡིད་ཆེས་ཟླ་བོར་ཁྲིད༴ །སེར་སྐྱ་ཁུན་བུན་བྱ་བ་དེ། །གཉེར་གྱིས་ཕྱག་འཚང་༴ །ཧ་ཤང་སྟོང་འབར་བྱ་བ་དེ། །ཕྱི་ཡི་བློན་པོར༴ །མོན་བུ་པུ་ཏྲ་བྱ་བ་དེས། །ནང་གི་བློན་པོར༴ །དེ་ནས་རྒྱལ་པོ་ཆེན་པོ་དང་། །སློབ་དཔོན་རྗེ་འབངས་འཁོར་བཅས་རྣམས། །ལ་བརྒྱ་ཙམ་ཞིག་བརྒལ་ནས་བྱོན། །འཕྲང་བརྒྱ་ཙམ་ཞིག་འགྲིམས་ནས་བྱོན། །བསམ་ཡས་གླིང་དུ་བྱོན་པའི་ཚེ། །ཕྱི་སྐོར་འཁོར་གསུམ་དང་རེ་སྤྲོ༔ །བར་སྐོར་འཁོར་གསུམ་གཟིག་མོར་ཆེ། །ནང་སྐོར་འཁོར་གསུམ་ཉམས་རེ་དགའ། །བྱང་ཕྱོགས་ངོས་ཀྱི་གླིང་ཕྲན་ལ། །བཞུགས་པའི་རྟེན་ཡང་དེ་རུ་བཙུགས། །དཔེ་ཧར་གླིང་དུ་མཚན་ཡང་བཏགས། །ཞེས་གསུངས།

(༧༢༨)ཟ་ཧོར་རྒྱལ་རྒྱུད་ཀྱི་མི་གཅིག །ཤེལ་གྱི་སྦལ་ལྕོང་། གཡུའི་ཐུབ་པ་རང་བྱོན་སོགས་ནོར་རྫས་བསམ་གྱིས་མི་ཁྱབ་པ་དང་། གཏན་གྲོགས་སེམས་རྟེན། ཡིད་ཆེས་ཀྱི་ཟླ་བོ་སོགས་དུ་མ་དང་བཅས་གདན་དྲངས་ནས། པེ་ཧར་གླིང་དུ་རྒྱལ་པོའི་རྟེན་བཙུགས། རིན་ཆེན་འཕྲུལ་གྱི་ལྡིང་ཁང་གསར་དུ་བཞེངས་པས། དབུས་ཕྱོགས་མཐིང་ནག་འབར་བའི་གཞལ་ཡས་སུ་ཐུགས་ཀྱི་རྒྱལ་པོ་བརྒྱ་བྱིན། ཡུམ་གཅིག་ཤནྟིང་རོ་ཟན། བློན་པོ་སྲོག་བདག་བཀའི་བྱ་ར་བ། ཤར་ཕྱོགས་དཀར་པོ་དུང་གི་གཞལ་ཡས་སུ་སྐུའི་རྒྱལ་པོ་མོན་བུ་པུ་ཏྲ། གསང་བའི་ཡུམ་གཅིག་བདུད་མོ་རོ་ལངས། བཀའི་བློན་པོ་བཤན་པ་བྱ་ཁྲིད་མིག་གཅིག །ལྷོ་ཕྱོགས་རིན་ཆེན་གསེར་གྱི་གཞལ་ཡས་སུ་ཡོན་ཏན་

(༧༢༩)གྱི་རྒྱལ་པོ་གནོད་སྦྱིན་ཤིང་བྱ་ཅན། གསང་བའི་ཡུམ་ཆེན་གསེར་གྱི་སྤུ་གྲི་མ་ནག་མོ། བཀའ་བློན་པོ་བྱ་རྒོད་ཐང་ནག །ནུབ་ཕྱོགས་བྷུ་རུ་དམར་པོའི་གཞལ་ཡས་སུ་གསུངས་གི་རྒྱལ་པོ་དགྲ་ལྷ་སྐྱེས་གཅིག །གསང་བའི་ཡུམ་ཆེན་མཛེས་བྱེད་པདྨ་སྐྱེས། བཀའི་བློན་པོ་རྡོ་རྗེ་གྲགས་ལྡན། བྱང་ཕྱོགས་རིན་ཆེན་གཡུའི་གཞལ་ཡས་སུ་ཕྲིན་ལས་ཀྱི་རྒྱལ་པོ་པེ་ཧར་དགྲ་ལྷ་ཆེན་པོ་གསང་བའི་ཡུམ་ཆེན་བདུད་གཟའ་སྨིན་དཀར། བཀའི་བློན་པོ་པུ་ཏྲ་ནག་པོ། གཞན་ཡང་གཡས་ཀྱི་རུ་འདྲེན་སྐྱེས་པ་སྟག་ཆས་བརྒྱ། གཡོན་གྱི་རུ་འདྲེན་ཉན་ཐོས་དགྲ་བཅོམ་པའི་ཆ་ལུགས་ཅན་བརྒྱ། སྔོན་གྱི་ཤུལ་མཚོན་བདུད་མོ་དམོད་མོ་སྒྲོག་ཅིང་གཡབ་མོ་འདེབས་

(༧༣༠)པ་བརྒྱ། སླད་ཀྱི་རྗེས་ཉུལ་བེནྡ་སྔགས་པའི་ཆ་བྱད་ཅན་དྲག་སྔགས་ཀྱི་སྒྲ་སྒྲོགས་པ་བརྒྱ། གར་མཁན་འབག་སེང་བརྒྱ། ཕྱི་བློན་པ་ཏྲ་རྡོ་རྗེ་འབར་བ། ནང་བློན་པུ་ཏྲ་རྡོ་རྗེ་འབར་བའམ་རྡོ་རྗེ་དབང་ཕྱུག །གཡོག་པོ་ཤ་གྲོལ་གྱི་གྲོལ། ཁོལ་པོ་འཛིན་པོ་སྡོམ་པོ་སོགས་སྣང་སྲིད་དྲེགས་པའི་དམག་ཚོགས་བསམ་གྱི་མི་ཁྱབ་པ་དང་བཅས་ཏེ་ཕྱག་ཕེབ། གཞན་ཡང་ཤར་ཕྱོགས་ཁྲི་ཁང་རྒྱལ་པོ། ལྷོ་ཕྱོགས་ཤིང་ཁང་རྒྱལ་པོ། ནུབ་ཕྱོགས་གསུང་རབ་མཛོད་རྒྱལ། བྱང་ཕྱོགས་གཏེར་མཛོད་རྒྱལ་པོ། དར་ཁང་མཛོད་ཀྱི་རྒྱལ་པོ། མཆོད་རྟེན་དཀར་པོའི་རྒྱལ་པོ་ཉི་མ་འོད་ཟེར། སྔོན་པོའི་རྒྱལ་པོ་གནོད་སྦྱིན་སྐར་མདའ་གདོང་། དམར་པོའི་རྒྱལ་པོ་རྡོ་རྗེ་མཆུ། །ནག་པོའི་རྒྱལ་པོ་གུ་ལང་ཅན། །མཆེམས་

(༧༣༡)ཕུའི་རྒྱལ་པོ་སྤྲེལ་ལོག་ཅན་ལ་སོགས་པ་དུ་མ་ཞིག་གནས་སོ་སོར་བཀའ་བསྒོས་ཏེ་འཇོག་པར་མཛད། དེ་ལྟ་བུའི་ཆོས་སྐྱོང་རྒྱལ་པོ་འདི་ནི་ནང་དུ་བཀྲ་ཤིས་ལ་སྙིང་ཉེ་ཕྱི་རུ་དཔའ་ཞིང་གཏུམ་ལ་མཐུ་ཆེ། དམ་ལ་གནས་ཤིང་ཕྲིན་ལས་བཞི་ལ་ཐོགས་པ་མེད་པའོ། །དེ་བས་ན་ཚངས་པ་དུང་ཐོད་ཅན་དང་གནོད་སྦྱིན་གང་བ་བཟང་པོ། བདུད་ཧ་ནུ་བག་ཤའམ་སྐྲག་མེད་ཉི་ཤར། བཙན་གྱི་རྒྱལ་པོ་ཡམ་ཤུད་དམར་པོའམ། དྲེགས་པ་ལྕམ་སྲིང་ངམ་བེག་ཙེ། ཁྱབ་འཇུག་རཱ་ཧུ་ལའི་གཟའ་མོན་པ་ཀེ་ཏ། རྒྱུ་སྐར་གྱི་རྒྱལ་པོ་ཁྲམ་ཤིང་ཁ་འཐོར། འགོང་པོའི་རྒྱལ་པོ་རྡོ་རྗེ་ལེགས་པ། ཨ་ཏྲི་སེམས་དཔའ། མགུར་ལྷ་གསང་བ། གནམ་གྱི་ཡེ་བཟང་སྐྱེས་གཅིག །བརྒྱ་སྦྱིན་ནོར་གྱི་བདག་པོ། བཙན་ཏོག་ཡུལ་ཏོག་རེ།

(༧༣༢)ཁྲིས་པ་པེ་ཏོ་རེ། མང་པོ་ཚེས་ཏོ་རེ། འདུས་པའི་ལན་ཏོ་རེ། སྤྱིར་རང་གི་ལེན་ཏོ་རེ། མང་པོ་སྐལ་ཏོ་རེ་ལ་སོགས་པ་ཐམས་ཅད་ཀྱང་རྒྱལ་པོ་ཆེན་པོ་འདི་ཉིད་དུ་ཤེས་པར་བྱ་སྟེ། སྲོག་བདག་གསེར་གྱི་ག་བུར་ཞེས་བྱ་བ་པེ་ཧར་གྱི་རྒྱལ་པོ་ཆེན་པོའི་རྒྱུད་ལས། དེ་ནས་ལྷའི་མཆོག་ཚངས་པས་རྒྱལ་པོ་ལི་བྱིན་ཧ་ར་ལ། བདག་ནི་ལྷའི་དགེ་བསྙེན་ཆེན་པོ་ལགས་ཏེ། དམ་པའི་ཆོས་བསྐྱང་བ་དང་། གང་རྣལ་འབྱོར་པ་རྣམས་དབུ་འཕང་བསྟོད་པའི་ཕྱིར། བདག་གི་རང་གི་ནུས་པ་ཅི་བདོག་པས་ལས་རྣམས་བགྱིད་ན། འོན་ཀྱང་རྒྱལ་པོ་ཁྱོད་ལ་བདག་གིས་མཐུ་ནུས་པར་བགྱི། དབང་བསྐུར་བར་བགྱི། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྲོག་གི་བདག་པོར་མངའ་གསོལ་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། ཚངས་པ་ཆེན་པོ་

(༧༣༣)ཞེས་བགྱི་བ་ཡང་རྒྱལ་པོ་ཁྱོད་ཉིད་ལགས་ཏེ། སྔོན་སྐལ་པ་གཉིས་འདས་པའི་སྔོན་རོལ་ན། བསྐལ་པ་བཟང་པོའི་འོད་ཅེས་བགྱི་བའི་དུས་སུ་ཡབ་རྒྱལ་པོ་གཟའ་བདེ་བ་དང་། ཡུམ་བདེ་བའི་གློག་འཕྲེང་མ་གཉིས་ལ་ཡིད་ཀྱིས་འཚོ་བའི་བུ་གཅིག་སྐྱེས་ཏེ། ཤེས་བཞིན་དང་གཟུགས་བྱད་དུ་ལྡན་པས། བྲམ་ཟེའི་བྱ་བ་མཐའ་དག་ལ་མཁས་པར་བསླབ་སྟེ། རི་མ་ལ་ཡའི་རྩེ་མོར་ཕྱིན་ནས་དེར་དཔལ་ཕྱག་ན་རྡོ་རྗེ་ལ་མཐུ་འགྲན་པས་མ་ཐུབ་སྟེ། ཕྱག་ན་རྡོ་རྗེ་ལ་གསོལ་པ། བདག་ནི་མུ་སྟེགས་ཀྱི་སྟོན་པས་ལེགས་པར་བསླབས་ཤིང་སྟོབས་དང་ལྡན་ན། དེ་ཅིའི་ཕྱིར་ཉིད་ཀྱི་སྟོབས་ཀྱི་ཆ་འཛིན་ཙམ་ཡང་ཉེ་བར་མི་འབྱུང་བ་འདི་ཅི་ལགས། བྱུང་བ་ལགས་

(༧༣༤)ཕྱག་ན་རྡོ་རྗེས་བཀའ་སྩལ་པ། ང་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་ས་ལ་གནས་པའི་ཡིན་ན། ཁྱོད་ལ་འགྲན་པའི་སྟོབས་ག་ལ་ཡོད་གསུངས་པས་དེ་ན་རེ། བདག་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ས་ཐོབ་པར་བགྱིའོ། །ཞེས་ཞུས་སོ། །དེ་ནས་དཔལ་ཕྱག་ན་རྡོ་རྗེ་ཉིད་ཀྱིས་བུའི། རིན་པོ་ཆེ་དུང་གི་ཅོད་པན་མུ་ཏིག་དང་གསེར་གྱིས་སྤྲས་པ་ཕུད་དེ་དེའི་མགོ་ལ་བསྐོན་ནས། མིང་ཚངས་པ་དུང་གི་ཐོར་ཚུགས་ཅན་དུ་བཏགས་ཏེ་བྱིན་གྱིས་རླབས་སོ། ཁྱོད་དེང་ཕན་ཆད་ས་ཐོབ་པའི་བྱང་ཆུབ་སེམས་དཔའ་ཡིན་པས། ང་ཡི་རིན་པོ་ཆེའི་ཅོད་པཎ་འདི་མ་ཕུད་ཀྱི་བར་དུ་སངས་རྒྱས་ཀྱིས་བསྟན་པ་བསྲུང་བར་བྱ་བའི་ཕྱིར་སྲིད་པ་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྲོག་དང་དབུགས་ལ་དབང་བར་དབང་བསྐུར། བྱིན་གྱིས་བརླབས་སོ། །

(༧༣༥)དེས་ཀྱང་གསོལ་བ་དེ་བཞིན་དུ་བགྱིའོ། །སངས་རྒྱས་ཀྱི་བསྟན་པ་ལ་གནོད་པར་བགྱིས་པ་དང་། རྣལ་འབྱོར་པའི་དབུ་འཕང་སྨོད་པ། དམ་ཚིག་ཁྱད་དུ་གསོད་པ་རྣམས་བསད་པར་བགྱིའོ། །བརླག་པར་བགྱིའོ། །རབ་ཏུ་གཞོལ་བར་བགྱིའོ། །ཞེས་ཁས་བླངས་ཏེ་བསྟན་པ་མཐར་ཕྱིན་པར་བྱ་སྟེ། དེ་ཡང་རྒྱལ་པོ་ལི་བྱིན་ཧ་ར་ཉིད་ལགས་སོ། །དེའི་ཕྱིར་ཚངས་པ་དུང་གི་ཐོར་ཚུགས་ཅན་ཞེས་བགྱི་བ་ཡང་ཉིད་ལགས་པས། བདག་གིས་མཐུ་དང་རྩལ་གྱིས་བྱིན་གྱིས་རླབས་ཤིང་སྔགས་འདིས་ཀྱང་རྒྱལ་པོ་ལ་དབང་བསྐུར་རོ། །ཨོཾ་བཛྲ་ཏི་ཛྭ་ལ་རམ་པྲ་མ་ཞ་རག་ཞ་ཤང་ཀ་ལ་ཡ་ཧཱུཾ་རཱ་ཛ་མ་ཧཱ་ནྲྀ་རྦད་ཐུམ་ཐུམ་རྦད་ཤག་སེན་སེན་ཛ་ཛཧཱུཾ་ཧཱུཾ། ཞེས་ལྷ་ཚངས་པས་རྒྱལ་པོ་ལི་བྱིན་ཧ་ར་ལ་མངའ་

(༧༣༦)གསོལ་བས། སྔ་མ་བས་བཅུ་འགྱུར་གྱིས་མཐུ་རྩལ་ཆེར་བརྙེས་སོ། །དེ་ནས་གནོད་སྦྱིན་གྱི་མཆོག་གང་བ་བཟང་པོ་དང་ནོར་བུ་བཟང་པོས་ཀྱང་། རྒྱལ་པོ་ཆེན་པོ་ལི་བྱིན་ཧ་ར་ཁྱོད་ནི་མཐུ་དང་ལྡན་པས། གྲགས་པ་དང་གཟི་བརྗིད་དང་ལྡན་པ། ལོངས་སྤྱོད་དང་ལྡན་པས་དབུལ་བ་པོ་རྣམས་ལ་ནོར་སྟེར་བར་མཛད། རྨངས་པོ་རྣམས་ལ་རིགས་རྒྱུད་འཕེལ་བར་མཛད་ནས། བདག་ཅག་གིས་ཀྱང་དབང་བསྐུར་བར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། སྔོན་བྱ་རྒོད་ཕུང་པོའི་རི་ལ་ཤིང་དྲུང་གཅིག་སྐྱེས་པ་ལས། ཤིང་དེའི་བདག་པོ་གནོད་སྦྱིན་གོས་སྔོན་ཅན་ཞེས་པས་དབང་བགྱིས་ནས་མཆིས་པ་ལ་བཅོམ་ལྡན་འདས་ཀྱིས་བསོད་སྙོམས་གཤེགས་པ་ལས་ཤིང་དེའི་ཤུན་པ་བཤུས་ཏེ། བཅོམ་ལྡན་འདས་ཀྱིས་གདན་དུ་ཕུལ་བས། བཅོམ་ལྡན་འདས་ཀྱི་བཀའ་སྩལ་

(༧༣༧)པ། ཁྱོད་མ་འོངས་པའི་དུས་ན་དབུལ་པོ་རྨངས་པོ་རྣམས་ཀྱིས་བསམ་པ་མཐར་ཕྱིན་པར་བགྱིས་ལ་ངའི་བསྟན་པ་འདི་ཡང་རྒྱས་ཤིང་དབུ་འཕང་བསྟོད་པར་གྱིས་ཤིག ཁྱོད་ཀྱི་མིང་ཡང་གནོད་སྦྱིན་གང་བ་བཟང་པོར་བཏགས་སོ། །ཞེས་བཀའ་སྩལ་པ་དང་། དེ་བཞིན་དུ་བགྱིའོ། །ཞེས་ཁས་བླངས་སོ། །དེའི་ཕྱིར་གང་བ་བཟང་པོ་ཞེས་བགྱི་བའང་རྒྱལ་པོ་ཆེན་པོ་ལི་བྱིན་ཧ་ར་ཉིད་ལགས་ཏེ། གཞན་ན་མ་མཆིས་སོ། །དེ་བས་ན་བདག་གི་མཐུ་དང་བྱིན་རླབས་ཅི་བདོག་པས་རྒྱལ་པོ་ལ་མངའ་གསོལ་བར་བགྱིའོ། །བདག་གིས་གསང་བའི་སྔགས་མཐུ་བྱིན་དང་ལྡན་པ་འདི་ཡང་རྒྱལ་པོ་ཆེན་པོ་ལ་འབུལ་བར་བགྱིའོ། །ཨོཾ་གྷ་ན་གྷ་ན་རཀྵ་གྷ་ན་པ་ཏྲ་རཱ་ཙ་མ་ཧཱ་ས་མ་ཡ་པ་ཏི་ཧ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ་

(༧༣༨)སྭཱ་ཧཱ། ཞེས་གནོད་སྦྱིན་གང་བ་བཟང་པོས་སེམས་ཅན་ལ་ཐུགས་བརྩེ་བས་རྒྱལ་པོ་ཆེན་པོ་ལི་བྱིན་ཧ་ར་སྲིད་པའི་བདག་པོ་ཆེན་པོར་མངའ་གསོལ་བས་རྒྱལ་པོ་སྒྲུབ་པར་བྱེད་པ་ལ་དགོས་པ་རྣམ་གཉིས་སྩོལ་བ་ལ་ཐོགས་པ་མེད་པའི་སྟོབས་སྔ་མ་བས་ཀྱང་བརྒྱ་འགྱུར་གྱིས་ཆེ་བར་གྱུར་ཏོ། །དེ་ནས་བདུད་ཀྱི་མཆོག་ཏུ་ཧ་ནུ་བག་ཤ་དེ་བཞིན་དུ་རྒྱལ་པོ་ཆེན་པོ་ལི་བྱིན་ཧ་ར་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ། བདག་ནི་སེམས་ཅན་གྱིས་རིགས་བརྒྱུད་ལ་དབང་བསྒྱུར་ཞིང་རླག་པར་བྱེད་པ་ལགས་ཏེ། དེ་ལྟ་བུའི་མཐུ་རྩལ་ཅི་མཆིས་པས་རྒྱལ་པོ་ཁྱོད་ཉིད་ལ་དབང་བསྐུར་བར་བྱིན་གྱིས་རླབས་པར་བགྱི། མཐུ་རྩལ་བསྐྱེད་པར་བགྱི། དགྲ་བགེགས་གང་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པར་བགྱི་བ་དང་། ཐེག་པ་ཆེན་པོའི་སྒོར་ཞུགས་

(༧༣༩)པའི་རྣལ་འབྱོར་པ་ལ་རྐུ་འཕྲོག་དང་བརྡེག་བརྡུང་བྱེད་པ་རྣམས་ཀྱི་རྒྱུད་བཅས་པར་བགྱི། དེ་ཡང་བདུད་ཧ་ནུ་བག་ཤ་པདྨ་གར་གྱི་དབང་ཕྱུག་ཅེས་བགྱི་བ་ཡང་རྒྱལ་པོ་ཁྱོད་ཉིད་ལགས་ཏེ། སྔོན་སྲིན་པོ་ཀང་ཀ་མགོ་དགུ་ཞེས་བྱ་བ་སེམས་ཅན་ལ་གནོད་པ་སྣ་ཚོགས་བྱེད་པ་དང་། མ་སྲིན་མོ་མངལ་འཛིན་མ་ཞེས་བྱ་བ་གཉིས་ཟས་སུ་དུག་ཟ། སྐོམ་དུ་ཁྲག་འཐུང་བ་གཉིས་བཤོས་པ་ལས། བུ་མིང་སྲིང་མཚེ་མ་གཉིས་སྐྱེས་པ་དེ་ལ། སྲིང་མོ་ནི་བདུད་གཟའ་ཀུན་ཏུ་རྒྱུ་མིང་རྒྱ་མ་བྱ་བ་ཡིན། མིང་པོ་ནི་བདུད་མཁར་ནག་པོ་སྐྲག་མེད་བྱ་བ་ཡིན་པ་ལ། སྲིན་མོ་ནི་གཤིན་རྗེའི་ཆུང་མར་བླང་། མིང་པོ་ནི་གནམ་ས་གཉིས་ལ་

(༧༤༠)དབང་བྱེད་ཀུན་ལ་རབ་ཏུ་གནོད་པ་གཅིག་ཡོད་པ་ལས། དཔལ་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། ཁྱོད་ནི་མཐུ་སྟོབས་དང་ལྡན་པས་ཕྱིའི་སྒྲོལ་གིང་ཆེན་པོར་དབང་བསྐུར་རོ། །མིང་ཡང་བདུད་ཧ་ནུ་བག་ཤ་ཞེས་བྱ་བར་གདགས་སོ་།།།ཞེས་དམ་ཚིག་བྱིན་ནོ། །དེ་ཡང་གཞན་མ་ཡིན་པ་ལགས་ཏེ་རྒྱལ་པོ་ཁྱོད་ཉིད་ལ་དེའི་དུས་ན་མིང་དེ་སྐད་ཅེས་བཏགས་སོ། །དེ་ཡང་བདག་གིས་ནུས་པས་བཀའ་སྩལ་པ་བཞིན་དུ་ལས་རྣམས་མཐར་ཕྱིན་པར་བསྒྲུབ་བོ། །འདི་ནི་དཔལ་གྱི་བཀའ་ཡིན་ཏེ། བདག་ཀྱང་འདའ་བར་མི་ནུས་སོ། །རྒྱལ་པོས་ཀྱང་འདའ་བར་མ་མཛད་ཅིག །བདག་གི་སྔགས་དམ་པ་གསང་བའི་མཆོག་འགྲོ་བ་དབང་བསྒྱུར་བ་འདི་ཡང་རྒྱལ་པོ་ལ་དབུལ་ལོ། །ཨོཾ་པ་རེར་

(༧༤༡)ཕྲ་བ་གསུམ་ལ་ཀཱ་ཡ་ཝཀྐ་ཙི་ད་པད་ནེ་མཱ་ར་ཡ་ཎི་ཚལ་ལེ་མཱ་ར་ཡ་ཧཱུཾ་ཛ༔ ཧཱུཾ་ཛ༔ཕཊ་ཕཊ༔ ཅེས་བདུད་ཀྱི་རྒྱལ་པོ་ཧ་ནུ་བག་ཤ་བཅོམ་ལྡན་འདས་དབང་གི་རྒྱལ་པོའི་བཀས། རྒྱལ་པོ་ལི་བྱིན་ཧ་ར་མངའ་གསོལ་བ་ན་དགྲ་བོ་གང་ཡིན་པ་ལ་བརྒྱའམ་སྟོང་ཡང་རིགས་རྒྱུད་གཏན་ནས་རླག་པར་བྱེད་པའི་མངའ་སྔ་མ་བས་སྟོང་གིས་རྙེས་སོ། །དེ་ནས་ཡང་བཙན་གྱི་རྒྱལ་པོ་ཡམ་ཤུད་དམར་པོས་རང་གི་འཁོར་དུ་མ་དང་བཅས་པས་རྒྱལ་པོ་ལི་བྱིན་ཧ་ར་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ནི་ཐོག་མ་ནས་སྲིད་པའི་སེམས་ཅན་ལ་ཡེ་འབྲོག་གསུམ་བརྒྱ་དྲུག་ཅུ་དང་ཐོབ་ཤོར་མང་པོ་གཏོང་བ་ལགས་ཏེ། དེ་ལྟ་བུའི་ནུས་པ་རྣམས་ཀྱང་རྒྱལ་པོ་ཆེན་པོ་ལ་

(༧༤༢)མངའ་གསོལ་བར་བགྱི། བྱིན་གྱིས་རླབས་པར་བགྱི། ནུས་པའི་མཐུ་བསྐྱེད་པར་བགྱིའོ། །དེ་ཅིའི་ཕྱིར་ཞེ་ན། ཡམ་ཤུད་དམར་པོ་ཞེས་བྱ་བ་ཡང་རྒྱལ་པོ་ཁྱོད་ཉིད་དུ་གྱུར་པ་ལགས་ཏེ། སྔོན་བར་གྱིས་བསྐལ་པ་བཞི་བཅུ་འདས་པ་ན་ཡབ་རྒྱལ་པོ་གསེར་གྱི་ཤུགས་འཆང་ཞེས་བགྱི་བ་དང་བཙུན་མོ་ཨུཏ་པ་ལའི་རྒྱན་ཅན་ཞེས་བགྱི་བ་གཉིས་ལ་སྲས་མཆེད་གཉིས་མངའ་བ་ལས། གཅན་གྲགས་ལྡན་ནི་དམ་པའི་ཆོས་ལ་དགའ། གཅུང་གྲགས་སྐྱེས་ནི་མུ་སྟེགས་ཀྱི་ཆོས་ལ་དགའ་བར་གྱུར་པ་ལས། དེ་ནས་དུས་ནམ་ཞིག་ནས་མཆེད་དེ་གཉིས་བརྩོད་པ་ལ་བཏང་སྟེ་གང་རྒྱལ་བའི་ཆོས་ལ་གང་ཕམ་པ་འཇུག་པར་བྱས་པ་ལས་གཅུང་རྒྱལ་བར་གྱུར་པ་ལས། གཅེན་པོས་ཀྱང་

(༧༤༣)གཅུང་གིས་ཆོས་ལ་མ་དད་བཞིན་དུ་ཞུས། ཡང་དུས་གཅིག་ན་རྩོད་པ་བཏབ་པས་གཅེན་པོ་རྒྱལ་ནས་ད་ངའི་ཆོས་ལུགས་དཀར་པོ་འདི་ལ་ཞུས། ཞེས་གསུངས་པས། གཅུང་མ་ཐུབ་པར་བྲོས་པ་ལས། གཅེན་གྱིས་བདས་ཏེ་བཟུང་ནས་གཅུང་གིས་ཞལ་ནས་གཅེན་པོས་བདག་བསད་ཀྱང་ཁྱེད་ཀྱི་ཆོས་ལུགས་ལ་མི་འཇུག་པ། དེ་བས་གཅེན་ནམ་སངས་རྒྱས་པའི་དུས་སུ་བསྟན་པ་གནོད་པ་ཐམས་ཅད་ཀྱི་སྲོག་དབུགས་བདག་གི་དབྲལ་བར་བགྱིའོ། །ཆད་པས་བཅད་པར་བགྱིའོ། །ཞེས་བླངས་སོ། །དེར་གཅེན་གྲགས་ལྡན་གྱི་གཅུང་པོར་དབང་བསྐུར་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་སུ་ངའི་བསྟན་པ་ལ་སུ་གནོད་པར་བྱེད་པའི་སྲོག་གི་གཤེད་མ་ཁྱོད་ཀྱིས་བགྱིས་ལ་བསྟན་པ་འཕེལ་བར་གྱིས་ཤིག །ཅེས་གསུངས་ནས་

(༧༤༤)ཟངས་ཀྱི་གའུ་དང་བྷུ་རུའི་མཁར་བ་ལག་ཏུ་བསྐུར་ཏེ། མིང་ཡང་ཡམ་ཤུད་དམར་པོར་བཏགས་སོ་དེ་ཡང་གཞན་མ་ལགས་ཏེ། གཅེན་གྲགས་ལྡན་ནི་བཅོམ་ལྡན་འདས་ལགས་སོ། །གཅུང་གྲགས་སྐྱེས་ཡམ་ཤུད་དམར་པོ་ནི་རྒྱལ་པོ་ཉིད་ལགས་ན། དེ་བས་ན་ཡམ་ཤུད་དམར་པོ་ཞེས་བགྱི་བ་ཡང་རྒྱལ་པོ་ལི་བྱིན་ཧ་ར་ཉིད་ལགས་པས་བདག་གི་ཡེ་འབྲོག་དང་ཐོབ་ཤོར་མང་པོ་ཁྱོད་ལ་མངའ་གསོལ་ལོ། །བདག་གི་གདུག་པའི་སྔགས་ཞེས་བཅད་པ་འདིས་རྒྱལ་པོ་ལ་བྱིན་གྱིས་བརླབས་པར་བགྱིའོ། །དབང་བསྐུར་བར་བགྱིའོ། །མཐུ་བསྐྱེད་པར་བགྱིའོ། །ཨོཾ་དེ་ཝ་ཧྲི་མང་གན་ཛ། མུ་པ་མུ་པ། མཱ་ར་ཡ་མཱ་ར་ཡ་ན་ཡ། ཆེ་གེ་མོའི་སྲོག་བྲེང་བྲེང་། ཐུམ་བྷྱོ་ཛཛ ཞེས་རྒྱལ་པོ་ཆེན་པོ་ལི་བྱིན་ཧ་ར་ལ་བཙན་དུ་

(༧༤༥)མ་དང་བཅས་པས་བྱིན་བསྐྱེད་པས་ཡེ་འབྲོག་དང་ཐོར་ཤོར་བྱེད་པའི་མངའ་བརྙེས་ཏེ་སྔ་མ་བས་ཀྱང་ཁྲི་འགྱུར་གྱིས་མཐུ་བརྙེས་པར་འགྱུར་རོ། །དེ་ནས་གཟའི་མཆོག་འདིར་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ཆེན་པོ་བདག་གི་ཀི་ཀང་ནི། གཤེད་བཞི་དང་། སད་སེར་བ་དང་། བཙའ་དང་མུ་གེ་དང་། འཁྲུག་པ་བྱེ་བྲག་སྣ་ཚོགས་ལ་དབང་བགྱིད་པ་ལགས་ཏེ། དེ་རྣམས་ཀྱིས་ཀྱང་རྒྱལ་པོ་ཆེན་པོ་ལ་མངའ་གསོལ་བར་བགྱི། དབང་བསྐུར་བར་བགྱི། བྱིན་གྱིས་རླབས་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། རཱ་ཧུ་ལ་ཆེན་པོ་ཞེས་བགྱི་བ་ཡང་རྒྱལ་པོ་ཉིད་ལགས་ཏེ། སྔོན་བསྐལ་པ་འདི་ཉིད་ཀྱི་དང་པོ་ལ་ཕཊ་ཀླུ་སི་ཏ་ར་ནག་པོ་ཞེས་བགྱི་བ་དང་། མ་སྲིན་མོ་གློག་གི་སྒོམ་གཉིས་ལ་

(༧༤༦)བུ་གཅིག་བཙས་པ་ལས་དེ་རབ་ཏུ་མི་སྲུན་ཅིང་རྔམས་པ་གཅིག་ཡོད་པ་ནམ་ཞིག་ན་ལྕང་ལོ་ཅན་གྱི་ཕོ་བྲང་དུ་གདན་འཇོམས་བཅས་ནས་མཛད་པ་ལ་སུ་ངེས་རྒྱལ་ཀ་བྱས་པ་ལས། ཕ་མ་གཉིས་ཀྱང་མ་ཐུབ་པར་གྱུར།་ དེར་ཕྱག་ན་རྡོ་རྗེ་ལ་ཞུས་པས་ཀྱང་མ་ཐུབ་སྟེ་རི་རབ་ཀྱི་རྩེ་ལ་བྲོས་པ་ལས། དཔལ་ཕྱག་ན་རྡོ་རྗེས་ཐུགས་རྗེ་ཡེ་ཤེས་ཀྱི་འོད་ཟེར་གཅིག་འཕངས་སྤྱི་བོ་ནས་ཟིན་ཏེ་ནོན། དེར་བུ་དེ་རབ་ཏུ་སྡུག་བསྔལ་ནས་ཕྱོགས་བཅུར་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་སྨྲས་སོ། །བདག་ནི་རབ་ཏུ་སྡུག་བསྔལ་བས། འདི་ལས་ཐར་བར་མཛད་དུ་གསོལ། འདི་འདྲ་བ་ཡིས་སྡུག་བསྔལ་དྲག་པོ་འདི་ལས་ཐར་གྱུར་ནས། བདག་ནི་དཔལ་ཕྱག་ན་རྡོ་རྗེས་ཅི་བསྒོ་བ་ཉན་ནོ། །ཞེས་གསོལ་བས། མནན་པ་

(༧༤༧)ལས་ཐར་བར་གྱུར་ནས་སྐད་ཅིག་གིས་ཕྱག་ན་རྡོ་རྗེའི་དྲུང་དུ་ཕྱིན་པ་དང་། དེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་བཀའ་སྩོལ་ཅིག །བདག་གིས་ཅི་བགྱི་བ་སྔོ་ཐོགས་ལགས་སོ། །ཕྱག་ན་རྡོ་རྗེ་བཀའ་སྩལ་པ། ད་ཕྱིན་ཆད་ཁྱོད་ནི་དགེ་སློང་ཆེན་པོ་ཡིན་པས་ངའི་བཀའ་ཉོན་ལ་སྡང་བར་སེམས་པ་ཐམས་ཅད་དང་། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་ཐམས་ཅད་ཀྱི་ལོ་ཐོག་དང་འབྲས་བུ་དང་རྐང་འགྲོས་རྣམས་མེད་པར་གྱིས་ཤིག །བརླག་ཏུ་ཆུག་གཅིག །འཕུང་བ་དང་བརྡལ་བར་གྱིས་ཤིག དེ་ལྟ་བུའི་ལས་ཀྱིས་ནུས་པ་ཆེར་ཡོད་པའི་ཕྱིར་མིང་ཡང་རཱ་ཧུ་ལ་ནག་པོར་བཏགས་པ་ཡིན་ནོ། །ཞེས་གསུངས། རཱ་ཧུ་ལས་ཀྱང་དེ་ཁ་བཞིན་དུ་བགྱིའོ་ཞེས་ཁས་བླངས་སོ། །དེ་ཉིད་སྐྱེ་བ་འདིར་གཞན་མ་ལགས་ཏེ། རྒྱལ་པོ་

(༧༤༨)ཆེན་པོ་ལི་བྱིན་ཧ་ར་ཉིད་ལགས་སོ། །དེ་བས་ཀྱང་བདག་ནི་ནུས་པ་དང་མཐུ་རྩལ་དང་བྱིན་རླབས་ཅི་བདོག་པས་ཁྱད་པར་དུ་རྒྱལ་པོ་ཆེན་པོ་ཁྱོད་ལ་མངའ་གསོལ་བར་བགྱིའོ། །ཐབས་ཐོབ་པར་བགྱིའོ། །བྱིན་གྱིས་བརླབས་པར་བགྱིའོ། །བདག་གིས་དགྲ་བགེགས་ཆམ་ལ་འབེབས་ཤིང་། ལོ་ཐོག་དང་འབྲས་བུ་དང་རྐང་འགྲོས་རྣམས་བརླག་པར་བྱེད་པའི་སྔགས་འདི་ཡང་དབུལ་བར་གྱིས། རྒྱལ་པོ་ཆེན་པོ་ལི་བྱིན་ཧ་ར་བཞེས་སུ་གསོལ། ཨོཾ་དྷ་ན་དྷ་ན་བུ་ཙེ་སུ་ཙེ་མེ་ཤི་རང་ཀ་ནང་ཀ་ལེ་དུམ་པ་ལེ་ཧུ་ཡ་ཧུ་ཡ་ར་ཁུངས་མན་དུ་སྭཱ་ཧཱ། ཞེས་གཟའ་རཱ་ཧུ་ལ་ནག་པོས་རྒྱལ་པོ་ཆེན་པོ་ལི་བྱིན་ཧ་ར་ལ་མངའ་གསོལ་བས། ཡང་དབུལ་བར་བགྱིས། སད་སེར་དང་། ལོ་ཉེས་དང་། འཁྲུག་པ་ལ་མངའ་བརྙེས་ཏེ། རྒྱལ་པོ་ལི་བྱིན་ཧ་ར་སྔར་བས་ཀྱང་

(༧༤༩)འབུམ་འགྱུར་གྱིས་མཐུ་ཆེ་བར་གྱུར་ཏོ། །དེ་ནས་རྒྱུ་སྐར་གྱི་མཆོག་ཁྲི་ཤིང་ཁ་འཐོར་བྱེད་ཀྱི་རྒྱལ་པོ་ལི་བྱིན་ཧ་ར་ལ་འདི་སྐད་ཅེས་སྨྲས་སོ། །བདག་ནི་བར་སྣང་ལ་གནས་ཤིང་རླུང་གི་འཁོར་ལོ་ལ་ཞོན་ཏེ། ལོག་པར་ལྟ་བ་རྣམས་ལ་ཡ་ཆ་དང་བཏབ་བསྣོལ་དང་བྱེ་བྲག་སྣ་ཚོགས་པ་གཏོང་བ་ལ་དབང་ཞིང་མོས་པར་བགྱིས་པ་ལགས་ཏེ། དེ་བདག་གིས་ཀྱང་ལས་འདི་དག་གིས་རྒྱལ་པོ་ལ་དབང་བསྐུར་བར་བགྱི། གཟེངས་བསྟོད་པར་བགྱི། ནུས་མཐུ་བསྐྱེད་པར་བགྱི། དེ་ཅིའི་ཕྱིར་ཞེ་ན། ཁྲལ་ཡོད་པ་ལས་ཁྲམ་ཤིང་ཁ་འཐོར་བྱེད་ཅེས་བགྱི་བ་ཞེ་ན། ཁྲལ་བ་དེ་བ་།།།ཡང་རྒྱལ་པོ་ཁྱོད་ཉིད་ལགས་ཏེ། སྔོན་བདག་གིས་མཁས་པ་རྣམས་ལ་དྲིས་པའི་གཏམ་སྙིང་པ་ལས་ཡུལ་བ་ར་ན་སེ་ན་རྒྱལ་པོ་དགའ་བའི་དཔལ་

(༧༥༠)དཔལ་ཞེས་བགྱི་བ་དེ་ལ་འཁོར་འབུམ་ཕྲག་བདུན་འདོན་པའི་ནང་ནས་བློན་པོ་ཁ་ཤིང་ཧས་ཞེས་བགྱི་བ་དེ་ལ་བུ་རིགས་པ་དང་ལྡན་པ་ཞིག་ཡོད་པ་ལས། བུ་དེ་འཆི་བའི་ནད་དྲག་པོས་བཏབ་སྟེ་འཆི་ཁར་སྨོན་ལམ་བཏབ་པ་བདག་འཆི་བའི་དུས་སུ་སྔོན་ནས་ཀྱང་སྨོན་ལམ་བཏབ། ད་ལྟར་ཡང་འདེབས་པས་བདག་ཤི་ནས་ནམ་མཁའ་ལ་རྒྱུ་བའི་སྐར་མ་ཁྲམ་ཤིང་ཁ་འཐོར་བྱེད་ཅེས་བྱ་བར་གྱུར་ནས། སངས་རྒྱས་ཀྱི་བསྟན་པར་གནོད་པ་རྣམས་ཆར་གཅོད་པར་ཤོག་གཅིག་པར་སྨོན་ལམ་དྲག་ཏུ་བཏབ་པས། དེ་ཤི་ནས་སྐར་མ་ཁྲམ་ཤིང་ཁ་འཐོར་བྱེད་དུ་སྐྱེས་ནས་ནམ་མཁའ་ལ་རྒྱུ་ཞིང་སེམས་ཅན་ཐམས་ཅད་ལ་ཡང་ཡང་ཆ་དང་བཏབ་སྣོལ་སྣ་ཚོགས་གཏོང་ངོ་། །དེ་

(༧༥༡)ནས་འཆི་བའི་དུས་སུ་ཡང་། བདག་འདི་ནས་འཆི་བའི་དུས་བྱས་ནས་ཕྱི་མ་ལ་ཡང་སངས་རྒྱས་ཀྱི་བསྟན་པ་བསྲུངས་བར་ཤོག་ཅིག །ཅེས་སྨོན་ལམ་བཏབ་བོ། །དེ་བཞིན་དུ་སྐྱེ་བ་སུམ་སྟོང་དུ་སྨོན་ལམ་བཏབ་པས་ད་ལྟ་ཡང་རྒྱལ་པོ་ཆེན་པོ་ཉིད་དུ་གྱུར་བ་ལགས་སོ། །དེའི་སླད་དུ་མི་དབང་དང་སྤྱོད་པ་གཅིག་པར་གྱུར་པས་མཐུ་དབུལ་བར་བགྱི། དངོས་གྲུབ་བསྟན་པར་བགྱི། སྟོབས་དང་ལྡན་པར་བགྱིའོ། །སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་དེ་དག་ཐམས་ཅད་དབང་དུ་བྱ་བ་དང་། བསམ་པ་མཐར་ཕྱིན་པར་བྱ་བའི་སྔགས་འདི་ཡང་དབུལ་བར་བགྱིས་བཞེས་ཤིག །ཨོཾ་བ་སུ་ཤད་ཤད་ཏྲི ནྲྀ༔ མ་ར་ཡ་ཛ ནིྲ་ཁ་མུ་ལ་ཐུམ་བུ་ཐུམས༔ རྦད་སུ་མ་ར་ཡ་ཛ་

(༧༥༢)ཛ༔ ཞེས་རྒྱུ་སྐར་ཁྲམ་ཤིང་ཁ་འཐོར་བྱེད་ཀྱིས་རྒྱལ་པོ་ཆེན་པོ་ལི་བྱིན་ཧ་ར་ལ་སྡང་བ་ཐམས་ཅད་འདུལ་བའི་མངའ་གསོལ་བས་བྱེ་བ་འགྱུར་གྱིས་ཡ་ཆ་དང་བཏབ་སྣོལ་བྱ་བ་ལ་ཐོགས་པ་མེད་པར་གྱུར་ཏོ། །དེ་ནས་ཡང་འགོང་པོའི་རྒྱལ་པོ་རྡོ་རྗེ་ལེགས་པས་རྒྱལ་པོ་ལི་བྱིན་ཧ་ར་ལ་འདི་སྐད་ཅེས་གསོལ་ཏོ། །རྒྱལ་པོ་ཆེན་པོ་བདག་ནི་མགྲོན་ཐམས་ཅད་ཀྱི་དབང་བྱེད། སྲོག་ཆགས་ཐམས་ཅད་ལ་འཚོ་བར་བྱེད། མངལ་ཐམས་ཅད་འཕྲོག་པར་བྱེད་པ་ལགས་ཏེ། དེ་བས་འདི་ཐམས་ཅད་ཀྱི་ནུས་པ་དང་གྲུབ་པ་རྣམས་ཀྱིས་རྒྱལ་པོ་ཆེན་པོ་ལི་བྱིན་ཧ་ར་ཉིད་ལ་མངའ་གསོལ་བར་བགྱིའོ། །བྱིན་གྱིས་བརླབས་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། སྔོན་བཅོམ་ལྡན་འདས་མར་མེ་མཛད་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་མཛད་པའི་དུས་ན་ལྷ་ཆེན་པོ་ཞིག་

(༧༥༣)ལ་བཀའ་སྩལ་པ། ལྷ་ཁྱོད་ནི་སྔོན་གྱི་སྨོན་ལམ་གྱི་དབང་གིས་ཚེ་འདི་ལས་འཆི་བའི་དུས་བྱས་ནས་རྡོ་རྗེ་ལེགས་པ་ཞེས་བྱ་བའི་སྡེ་དཔོན་དུ་གྱུར་ནས་བསྟན་པ་ཐམས་ཅད་འཕེལ་བར་བྱེད་པར་འགྱུར་ཏེ། དེ་ནས་ཀྱང་འཆི་བའི་དུས་བྱས་ནས་བསྟན་པ་འཕེལ་བར་བྱེད་རྒྱས་པར་བྱེད་པར་འགྱུར་རོ། །དེ་ནས་འཆི་བའི་དུས་བྱས་ནས་སྲོག་ཐམས་ཅད་ཀྱི་བདག་པོར་གྱུར་ལ་བསྟན་པ་ཡང་རྒྱས་པར་བྱེད་དོ། །ཞེས་ལུང་བསྟན་པ་ཁྱོད་ཉིད་ལགས་པ་མངོན་ནོ། །དེ་ཅིའི་སླད་དུ་ཞེ་ན། བདག་གིས་མ་འོངས་པའི་དུས་སུ་སངས་རྒྱས་ཀྱི་ས་ལ་གཞོལ་བའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ཀྱི་དོན་དང་ཆེད་དུ་བདག་གིས་བྲན་ལྟ་བུར་སྒོ་བ་ཉན་ནོ། །ཕོ་ཉ་ལྟ་བུར་མངགས་པ་ཡང་ཡུད་ཙམ་གྱིས་ཕྱིན་པར་བགྱིའོ། །གཡོག་ལྟ་བུར་ཕྱི་བཞིན་དུ་འབྲང་ངོ་། །བདག་གིས་

(༧༥༤)ནུས་པ་རྣམས་ཀྱིས་ཀྱང་རྒྱལ་པོ་ཆེན་པོ་མངའ་གསོལ་བར་བགྱིའོ། །བདག་གིས་གསང་བའི་མཆོག་མངོན་དུ་ལས་རྣམས་གྲུབ་པར་བྱེད་པའི་སྔགས་འདི་ཡང་དབུལ་གྱི་རྒྱལ་པོ་ཆེན་པོས་ཐུགས་དམ་བཞེས་སུ་གསོལ། ཨོཾ་བཛྲ་རག་ཤ་བཛྲ་བྲ་ག་ཀྵི་ཀྵཾ་བཛྲ་ས་རྒྱུ་དགྲ་བོ་ལ་བྷྱོ་ཐུམས་མ་ར་ཡ་ཛ་ཛ ཞེས་རྡོ་རྗེ་ལེགས་པས་རྒྱལ་པོ་ཆེན་པོ་ལི་བྱིན་ཧ་ར་ལ་དགོས་པ་ཐམས་ཅད་གྲུབ་པའི་མངའ་གསོལ་བས་སྔ་མ་བས་ཀྱང་ས་ཡ་ཁྲག་ཁྲིག་གི་མངའ་ནི་བརྙེས། ཐབས་ནི་ཐོབ། གདུག་པ་ནི་འདུལ། དགྲ་བགེགས་ནི་གཏན་ནས་བརླག་པའི་རྒྱལ་པོ་ཆེན་པོར་གྱུར་ཏོ། །དེ་ན་འཁོར་དེ་ན་གནས་པའི་བགེགས་དང་རང་རང་གི་རྩལ་དང་ལྡན་པ། ཤ་ལ་རབ་ཏུ་དགའ་བ་ཁྲག་འཐུང་བ། རང་སྲོག་ལ་བབས་ན་རང་གི་སྲོག་གཅོད་པ་ཡང་ཐོགས་པ་མེད་པར་ནུས་པ་མང་པོ་ཚོགས་པ་འདི་ལྟ་སྟེ། ཨ་ཏྲི་སེམས་དཔའ་དང་

(༧༥༥)མགུར་ལྷ་གསང་བ་དང་། གནམ་གྱི་།།།ཟང་སྐྱེས་གཅིག་པ་དང་། བརྒྱ་བྱིན་ནོར་གྱི་བདག་པོ་དང་། བཙན་ཏོག་ཡུལ་ཏོ་རེ་དང་། ཁྲིས་པ་པོ་ཏོ་རེ་དང་། མང་པོ་ཚོས་ཏོ་རེ་དང་། འདུས་པ་ལན་ཏོ་རེ་དང་། སྤྱི་རིང་ལེན་ཏོ་རེ་དང་། མང་པོ་བསྐལ་ཏོ་རེ་ལ་སོགས་པ་འབྱུང་པོ་དང་ཐེ་བྲང་སྟོང་ཕྱེད་དང་དགུ་དང་། ཡུལ་གནོན་དང་། གྲོང་ཁྱེར་གྱི་གདོན་རྣམས་ཀྱིས་ཀྱང་མགྲིན་བཤིག་ནས་གསོལ་བ། བདག་ཅག་ལ་སོགས་པ་རྣམས་ཀྱང་རང་རང་གི་ནུས་པ་དང་ལྡན་པས་བདག་འཁོར་དང་བཅས་པ་རྣམས་ཀྱིས་རྒྱལ་པོ་ཁྱོད་ཀྱི་བྲན་བགྱིའོ། །ཕོ་ཉ་དང་གཡོག་བགྱིའོ། །སླད་བཞིན་དུ་འབྲང་ངོ་། །ཅི་བསྒོ་བ་ཉན་ནོ། །ཞབས་ཏོག་འཚལ་ལོ། །བདག་ཅག་གིས་གསང་བའི་སྔགས་ལས་ཐམས་ཅད་འགྲུབ་པར་བྱེད་པ་འདི་བཞེས་སུ་གསོལ། བྱིན་གྱིས་རླབས་ཏུ་གསོལ་ལོ། །

(༧༥༦)ཨོཾ་ལ་རླ། དེ་ཝ་སཱ་ན་ག་ར་སུ་ར་ཡ། ཀྵ་ར་རཀྵ་ནག་ཤད་ཏྲེ་ཏྲི་མཱ་ར་ཡ་སུ་རུ་རུ། སུ་ཏྲ་ཤ་མ་མ་སན་ཏེ། ཧི་ཧེ་ཧུ་ཧེ་ཧཾ་ཧ་སྭཱ་ཧཱ། ཞེས་བགེགས་ཀྱི་རིགས་ཕལ་པོ་ཆེ་རྣམས་ཀྱིས་རྒྱལ་པོ་ཆེན་པོ་ལི་བྱིན་ཧ་རའི་གཡོག་དང་བྲན་དུ་ཁས་བླངས་པས། རྒྱལ་པོ་ཆེན་པོ་རབ་ཏུ་མངའ་བརྙེས་ནས་ཅི་བྱ་བའི་ལས་ལ་ཐོགས་པ་མེད་པ་རྔམས་བརྗིད་དང་ལྡན་པར་འགྱུར་རོ། །དེ་ནས་རྒྱལ་པོ་ལི་བྱིན་ཧ་ར་ལ་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་མངའ་འཕུལ་ཏེ་སྲོག་བདག་ཆེན་པོར་བསྐོས་ཏེ། ཐབས་ཐོབ་བོ་མཐུ་བརྙེས་སོ། །དཔེར་ན་ཆུ་བྲན་ཐམས་ཅད་འདུས་པའི་མཐའ་རྒྱ་མཚོར་འགྱུར་བ་དང་འདྲ་བར། རྒྱལ་པོ་ཆེན་པོ་ལི་བྱིན་ཧ་ར་ལ་མཐུ་རྩལ་ཐམས་ཅད་ཕུལ་བས་མངའ་ཡབ་ཀྱིས་འདི་སྐད་ཅེས་གསུངས་སོ། །བདག་ནི་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་ཐམས་ཅད་ཚར་

(༧༥༧)གཅོད་ནུས་པར་ཐོགས་པ་མེད་དོ། །བདག་གིས་སྐྱེ་བ་བདུན་བརྒྱར་ཡང་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཁས་བླངས་སོ། །བདག་ནི་དཔལ་ཕྱག་ན་རྡོ་རྗེས་མིང་གིས་དབང་བསྐུར་བའི་ཚངས་པ་དུང་གི་ཐོར་ཚུགས་ཅན་ཞེས་བགྱིའོ། །རྒྱ་གར་གྱིས་མཚན་གསོལ་བ་མ་ཧཱ་པྲ་མ་ཎ་ཞེས་བགྱིའོ། །རྒྱ་ནག་པོས་མཚན་གསོལ་བ་རྒྱ་རྗེ་ལ་རུ་ཤ་འཐེངས་ཞེས་བགྱིའོ། །སུམ་པས་མཚན་གསོལ་བ་སུམ་རུ་འབྲོང་ཆེན་ཞེས་བགྱིའོ། །ཞང་ཞུང་གིས་མཚན་གསོལ་བ། ཤེལ་གིར་ཆེན་པོ་ཞེས་བགྱིའོ། །བོན་པོས་མཚན་གསོལ་བ་ཉི་སྤངས་།།།པད་ཞེས་བྱའོ། །སྐྱེ་བོས་མཚན་གསོལ་བ་ཤངས་ཀྱི་དཀར་པོ་སྤྱན་གཅིག་པ་ཞེས་བགྱིའོ། །ལི་ཡུལ་དུ་མཚན་གསོལ་བ་ལི་སངས་ཀྱི་རྒྱལ་པོ་ཞེས་བགྱིའོ། །ཧོར་གྱིས་མཚན་གསོལ་བ་གན་སེར་

(༧༥༨)རླག་ཅན་ཞེས་བགྱིའོ། །ལོ་བརྒྱད་ཀྱི་མཚན་གསོལ་བ་བདུད་ས་མུན་ཆེན་པོ་ཞེས་བགྱིའོ། །གཞན་ཡང་མིང་གི་རྣམ་གྲངས་གང་གིས་ཀྱང་། དང་པོ་ཡབ་ཡུམ་གྱིས་མཚན་གསོལ་བ་ནི་སྲོག་བདག་ཆེན་པོ་ལི་བྱིན་ཧ་ར་ཞེས་བགྱིའོ། །སེམས་ཅན་ཐམས་ཅད་ཀྱིས་སྲོག་ལ་དབང་བགྱིའོ། །སངས་རྒྱས་ཀྱི་བསྟན་པ་འཇིགས་པ་དང་། དམ་པའི་ཆོས་ལ་སྨོད་པ་དང་། དགེ་བའི་བཤེས་གཉེན་གྱི་སྐུ་ལ་བསྡོ་བ་དང་། ཆོས་འཁོར་དབེན་གནས་ཀྱི་སྲོག་འཕྲོག་པ་རྣམས་དར་གཅིག་ཙམ་གྱིས་སྲོག་དང་བྲལ་བར་བགྱིའོ། །གཞན་ཡང་འཆི་བའི་དུས་ཞག་བདུན་ནས་བདག་གིས་སྲོག་ལ་དབང་བགྱིའོ། །ཞེས་ཁས་བླངས་སོ་ཞེས་གསུངས། རྒྱུད་ཀྱི་ཁུངས་འདི་ལ་བརྟེན་ནས་དམ་ཅན་གཞན་དག་ཀྱང་གཅིག་ཤེས་ཀུན་གྲོལ་དུ་འགྱུར་བས་དེ་ལ་བརྟེན་ནས་དམ་ཅན་རྣམས་ལ་ཕྱོགས་རིས་སུ་འགྱེད་པའི་ལོག་རྟོགས་ཁེགས་ཤིང་

(༧༥༩)རང་གིས་བརྟེན་པའི་བསྲུང་མ་ཀུན་འདུས་ཀྱི་ངེས་ཁྱད་པར་ཅན་འདྲེན་པ་དང་། སྤྲུལ་བཞིའི་ཉེ་བའི་སྲས་བརྒྱད་རིགས་ལྔ་ཞི་ཁྲོ་ལ་སོགས་པ་རྒྱལ་བ་རྣམས་དགོངས་པ་གཅིག་ཏུ་ངེས་པར་འགྱུར་བ་སོགས་དགོས་པ་ཤིན་ཏུ་ཆེ་བ་ཡོད་པས་གཟུ་བོར་གནས་པའི་བློས་ཁུངས་འདི་དག་ལ་ཞིབ་མོར་ལྟོས་ལ་ངེས་པར་གྱིས་ཤིག །འདི་དག་མ་ཤེས་ན་དབྱངས་རོལ་འབྲུག་ལྟར་ལྡིར། སྤོས་དཀར་བསངས་ཙམ་བཏང་། རྒྱལ་གསོལ་གཏོང་མཁན་དུ་རློམས་ཀྱང་དགོས་པ་མ་མཆིས་ཏེ། ཅེས་ཞེས་ན་དཔེ་ཧར་རྒྱལ་འགོང་དུ་བལྟས་ན་རྒྱལ་འགོང་གིས་འཚུབ་དང་བར་ཆད་མ་ལྟོགས་དངོས་གྲུབ་མི་འབྱུང་། དེ་བཞིན་དུ་ཆོས་སྐྱོང་ཕྱོགས་རེ་བར་བལྟས་ན་དེ་ཁའི་དངོས་གྲུབ་ཉེ་ཚེ་བའི་ཕྲ་མོ་ཙམ་

(༧༦༠)ལས་མི་འབྱུང་བས། དེས་ན་དམ་ཅན་སྲུང་མའི་དབང་པོ་རྒྱུད་སྡེ་ནས་གསུངས་པ་གང་བསྟེན་ཀྱང་རྩ་གསུམ་ཀུན་འདུས་སུ་ངེས་པའི་དད་པ་གཏིང་ཚུགས་པ་ཞིག་ཅིས་ཀྱང་གལ་ཆེའོ། །ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་རྣམ་ཐར་ལྗོན་ཤིང་ལས། འོ་ན་ཆོས་རྒྱལ་ཆེན་པོ་འདི་ཡེ་ཤེས་པ་ཡིན་མིན་གྱི་།།།དབུ་གཞི་སྣ་ཚོགས་འདུག་པས་དེ་ཇི་ལྟར་ལགས་ཞུས་པའི་ཚེ་བཀའ་སྩལ་པ། ཆོས་རྒྱལ་ཆེན་པོ་འདི་ཡེ་ཤེས་པ་གཅིག་ཡིན་བསམ་པ་ནི་ཡོད། རྡོ་རྗེ་སློབ་དཔོན་ཨོ་རྒྱན་རིན་ཆེན་པདྨ་འབྱུང་གནས་སངས་རྒྱས་དངོས་དེས་ཆོས་ཀྱི་རྒྱལ་པོ་ལྟ་བུའི་དབང་པོ་རྣོན་པོའི་རྡོ་རྗེ་སློབ་མ་ཁྱད་པར་ཅན་དེ་གསང་སྔགས་ཀྱི་ཆོས་ཟབ་མོ་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར་དམ་ལ་བཞག །དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་གནས་པའི་

(༧༦༡)སྲུང་མ་ཁྱད་པར་ཅན་འདི་ལྟ་བུ་ཡེ་ཤེས་པ་ཡིན་བསམ། དེའི་རྒྱུ་མཚན། མ་བསྒོམ་གྱུར་ཀྱང་ལྟུང་མེད་ན། སྐྱེ་བ་བཅུ་དྲུག་དག་ན་འགྲུབ་གསུངས་པ་འདི་སྙིགས་དུས་ཀྱི་ཚེ་ཐུང་བཅུ་དྲུག་ལ་དགོངས་པ་ཡིན་གསུངས། དེ་ཡང་དམ་ཚིག་དང་སྡོམ་པ་ལ་སྐྱོན་མ་བྱུང་བའི་རྒྱུ་མཚན་ཡང་དག་ནི། ངེད་རང་མི་རྣམས་ལ་དམ་ཚིག་ལས་འགལ་ན་དེ་མ་ཐག་ཏུ་མཐོང་ཆོས་མྱོང་གྱུར་གྱིས་ཉེས་དམིགས་ཡོང་བ་གཅུང་དཀའ་ཞིང་། ཆོས་རྒྱལ་ཆེན་པོ་སོགས་ཁོང་ལྷ་འདྲེ་རྣམས་དམ་ཚིག་ལས་འགལ་ན་འགལ་མ་ཐག་ཏུ་མགོ་ཨ་ཙ་ཀའི་དོགས་པ་བཞིན་དུ་འགས་པ་ཆོས་ཉིད་ཡིན་པས། དེས་ན་ཆོས་རྒྱལ་ཆེན་པོ་ལ་དམ་ཚིག་སྐྱོན་མ་བྱུང་བ་དེས་འགྲུབ་ཅིང་། ཉེས་ལྟུང་གི་མ་གོས་ཕྱིན་སྙིགས་

(༧༦༢)དུས་ཀྱི་ཚེ་ཐུང་བཅུ་དྲུག་ཚུན་ལ་མཆོག་འགྲུབ་པར་གསུངས་ཞེས་གསུངས་ཤིང་། ཀུན་ཆེན་ལྔ་པ་ཆེན་པོས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ་སོགས་པ་དགའ་ལྡན་པའི་བསྟན་འཛིན་རྩོད་པ་དང་བྲལ་བ་དུ་མ་དང་། རིས་སུ་མ་ཆད་པའི་མཁས་གྲུབ་དུ་མའི་གསུང་གི་དགོངས་གཞི་ལེགས་པར་བརྟགས་ནས་གུང་བསྒྲིགས་ན་འདི་དག་རྟོགས་པར་འགྱུར་མདོ་འོན་ཀྱང་ཡོངས་གྲགས་ལ་ཞལ་གསལ་ནས་ཚུལ་འདི་དག་རྒྱས་པར་གསུངས་པ་མི་སྣང་བས་ཞིབ་ཏུ་བཀོད་པ་ཡིན་ནོ། །དཔེར་ན་ཀུན་ཆེན་རྡོ་རྗེ་གདན་པས། གནོད་སྦྱིན་ཆེན་པོ་ཆོས་སྲུངས་སུ་བསྟེན་པར་བཞེད་ནས་གསོལ་ཁ་མཛད་པའི་ཚེ། ལྷོངས་ལྟ་བུར་ཆིབས་ནས་།།།བ་སོགས་ཀྱིས་རྐྱེན་བྱས་ཐུགས་དཀྲུགས་པའི་ཚུལ་མཛད་དེ་གོང་དཀར་རྡོ་རྗེ་གདན་གྱི་ཁོར་ཡུག་ཀུན་སྲུང་འཁོར་གྱི་

(༧༦༣)ནང་དུ་བཙུད་ནས་གནོད་སྦྱིན་ཆེན་པོའི་གསོལ་ཁ་རྩ་བ་ནས་འགོག་པར་མཛད་ཅིང་། དེའི་གསུང་རྒྱུན་ད་ལྟ་གྲགས་མོད། དེ་དག་ནི་གནོད་སྦྱིན་ཆེན་པོ་རྫུ་འཕྲུལ་གྱིས་ཟིལ་གྱིས་གནོན་པའི་ཆེ་བ་འདོན་པར་བཞེད་ནས་དྲང་དོན་དུ་དེ་ལྟར་མཛད་པ་ལས། ངེས་དོན་མིན་ཞིང་། ཆོས་རྒྱལ་གཏེར་བདག་གླིང་པ་སོགས་དམ་པ་ཁྱད་པར་ཅན་དུ་མས་ཆོས་སྡེའི་ནང་དུ་པེ་ཧར་དཔོན་བློན་གཉིས་ཀའི་གསོལ་མཆོད་ཀྱང་ངེས་པར་མཛད་ཅེས་ཁུངས་མ་ལས་ཐོས་ལ། དོན་དུའང་དཔོན་བློན་ངོ་གཅིག་ཅིང་། གུར་མགོན་ལས་སོགས་སུ་མེད་པས། གནས་དེར་རྟག་ཏུ་བཞུགས་པ་ལུང་རིགས་གཉིས་ཀས་འགྲུབ་བོ། །དེ་བཞིན་དུ་ཚད་མར་གྱུར་པའི་དམ་པ་དུ་མས། པེ་ཧར་དཔོན་བློན་རྣམས་དམན་པ་ལྟར་

(༧༦༤)ཞེས་པ་དང་། གོང་དུ་བཤད་པའི་དྲེགས་པའི་སྡེ་དཔོན་རྣམས་ཚ་གྲང་གི་རེག་བྱ་ལྟར་བཞེད་པ་དང་། དེའི་བཤད་བགྲོས་བསམ་གྱིས་མི་ཁྱབ་པ་མཆིས་མོད་ཀྱང་དགོངས་གཞི་དགོས་པ་ཁྱད་པར་ཅན་མཆིས་ནད་དེ་ལྟར་གསུངས་མོད་ཀྱིས། དོན་དུ་ནི་གཅིག་ཤེས་ཀུན་གྲོལ་གྱིས་མན་ངག་འདི་ལྟ་བུའི་རིག་པར་གྱིས། དེ་རྣམས་ཐམས་ཅད་དུ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་བསྟེན་དགོས་པ་ཡིན་ནོ། །དེ་ལྟ་བུའི་རྒྱལ་པོ་ཆེན་པོ་འདི་ལ། ཤེལ་འཕྲེང་དཀར་པོའི་རྒྱུད། གཡུ་འཕྲེང་སྔོན་པོའི་རྒྱུད། ལྕགས་འཕྲེང་ནག་པོའི་རྒྱུད། གནོད་སྦྱིན་ནོར་ལྷའི་རྒྱུད། སྤུ་གྲི་ལས་རྒྱུད་སྲོག་བདག་གསེར་གྱི་ག་པུར་གྱི་རྒྱུད། ར་ཙ་གསེར་གྱི་ར་བའི་རྒྱུད། ཕག་སེང་རོལ་བའི་རྒྱུད། བལ་མོ་ཞུ་ལན་གྱི་རྒྱུད་སྐུ་མཆོག་དམར་པོའི་

(༧༦༥)རྒྱུད་སོགས་རྒྱུད་སྐོར་ཇི་སྙེད་པ་བཞུགས་པ་ལས། གཞན་རྣམས་རྒྱུན་ཆད་ནས་ཞུ་བར་མ་སྤོབས་ཀྱང་། རྒྱུད་སྐོར་དང་པོ་གསུམ་དང་། དེ་དག་གི་ཟབ་དོན་གཅིག་ཏུ་བསྡུས་པ་སྤྲིན་ནག་འཁྲིགས་པ། དེ་དག་གི་ཟབ་གནད་ལག་ལེན་གྱི་རིམ་པ་མཐའ་ཡས་པ་ཞིག་དང་། ཉང་གཏེར་སྲོག་བདག་ཆེན་པོའི་སྲོག་གཏད་སོགས་རྡོ་རྗེ་འཛིན་པ་ཆེ་མཆོག་འདུས་པ་རྩལ་གྱིས་སྤྱན་སྔར་ལེགས་པར་ཐོབ་བོ། །གནོད་སྦྱིན་ཆེན་པོ་ཟངས་ཀྱི་བེག་ཙེ་ཅན་ནམ། དྲེགས་པ་ལྕམ་སྲིང་དུ་གྲགས་པ་དཔལ་ལྡན་ས་སྐྱ་པ་རྣམས་ཀྱིས་སྲུང་མའི་གཙོ་བོར་བཞུགས་ཤིང་། པཎ་མཁྱེན་ཐམས་ཅད་མཁྱེན་པ་སྐུ་སྔ་ཕྱི་རྣམས་དང་། ཀུན་ཆེན་རྒྱལ་བའི་དབང་པོ་རིམ་བྱོན་གྱིས་བཀའི་སྲུང་མ་དང་དགྲ་ལྷའི་གཙོ་བོ་དགའ་ལྡན་ཕོ་བྲང་གིས་ཆོས་སྲིད་ཀྱི་གཉེར་ཁ་ཐམས་ཅད་དང་དུ་བཞེས་པའི་ཆོས་སྲུང་ཆེན་པོ་

(༧༦༦)འདི། གསང་བ་ལྟར་བསྒྲུབ་དུས་དབང་ཕྱུག་ཆེན་པོ་སྟེ་ཞལ་གསུམ་ཕྱག་དྲུག་པའི་རྣམ་པར་ཡོད་ཅིང་། བེ་བུམ་དུ་བཞུགས་པའི་གནོད་སྦྱིན་འདིའི་གསང་སྒྲུབ་བཀའ་རྒྱ་མ་ལས། རྟེན་བཅའ་བའི་སྐབས་སུ་དབང་ཕྱུག་ཆེན་པོ་མ་ཧཱ་དེ་ཝའི་རྟེན་གཟུགས་པ་ནི། ཞེས་བཤད། བཙན་གྱི་རྒྱལ་པོ་ཨག་སེ་རྒྱལ་བ་ཞེས་གྲགས་པ། ཇག་མེའི་ཡབ་དང་། བཙན་རྗེ་ཟླ་བ་ཐོད་དཀར་དུའང་གྲགས་ཤིང་། གནོད་སྦྱིན་ཆེན་པོ་ཙིའུ་དམར་པོའི་ཡབ་ཀྱང་ཡིན་ལ། ཁུངས་ནི་འོག་ཏུ་ཇག་མེ་དང་གནོད་སྦྱིན་ཆེན་པོའི་སྐབས་སུ་འཆད་པར་བྱའོ། །འདིར་ཚར་ཆེན་ཆོས་ཀྱི་རྒྱལ་པོ་བློ་གསལ་རྒྱ་མཚོས་མཛད་པའི་ལོ་རྒྱུས་ལས་གསུངས་པ་ཡིད་ཆེས་པའི་ཕྱིར་བཅོས་མེད་དུ་བཀོད་པ་འདི་ལྟར། སྔོན་བསྐལ་པ་འདས་པའི་དུས་ན། ཡབ་རྒྱལ་པོ་གསེར་གྱི་ཤུགས་ཅན་དང་།

(༧༦༧)ལྡོང་གིས་བན་དེས་མཛད་པའི་བེག་རྩེའི་ཕྲིན་།།།བཅོལ་ལས། སྔོན་ཚེ་རྒྱལ་བ་འོད་སྲུངས་བསྟན་པ་ལ། །རྒྱལ་བ་ཉིད་དང་སྨོན་ལམ་ལྷན་གཅིག་བཏབ། །ཅེས་གྲགས་ལྡན་དང་གྲགས་སྐྱེས་གཉིས་འོད་སྲུངས་ཀྱི་དུས་སུ་བྱོན་པ་ལྟར་ཞིག་སྣང་མོ་དེ་གོང་དུ་དྲངས་པས་ལྟར་སྲོག་བདག་གསེར་གྱི་ག་པུར་ཁྱི་རྒྱུད་ལས་བར་བཞི་བཅུ་འདས་པའི་གོང་མ་ཡིན་པར་བཤད། ཡུམ་བཙུན་མོ་ཨུཏྤ་ལའི་རྒྱན་གཉིས་ཀྱི་སྲས་སུ་སྐུ་མཆེད་གཉིས་ཡོད་པ་ལས། གཅེན་གྲགས་ལྡན་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ཡིན་ལ། གཅུང་གྲགས་སྐྱེས་ནི་གནོད་སྦྱིན་འདི་ཉིད་ཡིན། ཁོང་གཉིས་ཕྱི་ནང་གིས་གྲུབ་མཐའ་ལ་མ་ཆམ་པར། ཆོས་ལོང་གང་རྒྱལ་གྱི་རྗེས་སུ་འཇུག་པ་བྱས་ནས། ཆོ་ལོང་བཏང་བས་གཅེན་རྒྱལ་ཏེ། ད་ངའི་ཆོས་ལུགས་ལ་ཞུགས་ཤིག་གསུངས་པས་གཅུང་མ་ཉན་ཏེ་བྲོས་པ་ལས། གཅེན་གྱི་བདས་ཏེ་བཟུང་བ་ལས་གཅུང་ན་རེ།

(༧༦༨)བདག་བསད་ཀྱང་ཉིད་ཀྱིས་ཆོས་ལུགས་ལ་མི་འཇུག་པས། དེ་བས་བདག་མ་བསད་པར་ཐོང་། གཅེན་ཉིད་ནམ་སངས་རྒྱས་པའི་དུས་ན། བདག་གིས་སྲུང་མ་བྱས་ཏེ་བསྟན་པ་ལ་གནོད་པ་ཐམས་ཅད་ཀྱི་སྲོག་དབུགས་བྲལ་བར་བགྱིའོ། །བསྟན་པ་ཤིག་པ་ལ་ཆད་པས་བཅད་པར་བགྱིའོ། །ཞེས་ཁས་བླངས་དམ་བཅས་སོ། །དེར་གཅེན་གྱི་གཅུང་ལ་དབང་བསྐུར་ཏེ་ང་ནམ་སངས་རྒྱས་པའི་དུས་སུ་ཁྱོད་བསྟན་སྲུང་དུ་གྱུར་ཅིག །ངའི་བསྟན་པ་ལ་གནོད་པའི་སྲོག་གི་གཤེད་མ་བགྱིས་ཤིག ཁྱོད་ཀྱིས་ངའི་བསྟན་པ་འཕེལ་བར་གྱིས་ཤིག །ཅེས་གསུངས་ནས་རྟགས་སུ་ཟངས་ཀྱི་ཡ་ལད་དང་། བྷུ་རུའི་དབྱུག་པ་དང་། བསེའི་མདའ་གཞུ་ལག་ཏུ་གཏད་ནས། མིང་ཡང་སྲོག་བདག་ཡམ་ཤུད་དམར་པོར་བཏགས་སོ། །དེ་ནས་བཅོམ་ལྡན་འདས་ཉིད་ཞིང་འདིར་སངས་རྒྱས་པའི་ཚུལ་བསྟན་པ་ན། སྔོན་གྱི་སྨོན་ལམ་

(༧༦༩)གྱིས་དབང་གིས་ཉི་མ་བྱང་ཤར་གྱི་མཚམས་ཆུ་མེད་པའི་མྱ་ངམ་གྱི་ཐང་ཆེན་པོ་འདས་པའི་ཕ་རོལ་མ་རུ་རྩེའི་དུར་ཁྲོད་ཅེས་བྱ་བ། བྷུ་རུའི་ཐང་དམར་མོ་ཡངས་པའི་ལྗོངས། མཆོང་གི་བྱང་རེ་དམར་པོ་ཁྲག་གིས་རལ་པ་ཅན་གྱི་མདུན། ཁྲག་མཚོ་དམར་ནག་རྦ་ཀློང་འཁོལ་མའི་ཀློང་ནམ་མཁའ་བྱང་སྤྲིན་དམར་པོ་འཁྲིགས་པའི་གསེབ་ན། གློག་འཁྱུག་ཅིང་འབྲུག་ལྡིར་བ། ས་གཞི་ཐམས་ཅད་ཁྲག་གི་ན་བུན་དང་། ཟངས་འཚུབ་དམར་པོས་གཏིབས་པ་ན། བསེ་མཁར་སྨུག་པོ་བསེའི་ཁ་བད་ཟངས་ཀྱི་སྒོ་ཅན། སྒོ་ནང་ན་ཟངས་ཀྱི་ཆུ་སྲིན་ངུར་བ། མི་ཁྲག་དང་རྟ་ཁྲག་མཚོ་རུ་འཁྱིལ་བ། ཐོད་པའི་གུར་ཁང་ཆེན་པོའི་ནང་དུ། ཕ་གནོད་སྦྱིན་ཟངས་ཀྱི་རལ་པ་ཅན་དང་། མ་སྲིན་མོ་ཁྲག་གི་རལ་པ་ཅན་གཉིས་ཚོགས་པ་ལས། ཕྱི་དེ་ལོ་དུས་སུ་བྷུ་

(༧༧༠)རུའི་སྒོ་ང་གཅིག་དང་། བསེའི་སྒོ་ང་དམར་པོ་གཅིག་དང་གཉིས་བྱུང་ངོ་། །སྒོ་ང་དེ་ཉིད་ཕ་མས་མ་ཐུབ་པར་ནམ་མཁའ་ལ་འཕུར་ལྷ་ཆེན་བརྒྱད་བཏུལ། བར་སྣང་དུ་འཕྱོས་གཟའ་ཆེན་བརྒྱད་བཏུལ། ས་གཞི་ལ་འཛུལ་ཀླུ་ཆེན་བརྒྱད་བཏུལ། ཕ་མ་ཡང་ཟ་ལ་ཐུག་པ་ན། ཕ་མ་གཉིས་ཀྱི་བསྐུལ་བ་ལས། དུར་ཁྲོད་གནོད་སྦྱིན་གྱི་ཕུག་ནས། མ་ཧཱ་དེ་ཝ་དང་། ཡུམ་ཆེན་ཨེ་ཀ་ཛ་ཊིས་ཐུགས་རྗེ་ཆེན་པོ་བསྐྱེད་ནས། དབང་སྡུད་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཁ་ཊྭཱཾ་ག་བརྒྱབ་པས་སྒོ་ང་གཉིས་རྡོལ་བ་ལས། བྷུ་རུའི་སྒོ་ང་ནས་བྷུ་རུའི་མི་དམར་པོ་སྐྲ་ལྟག་པར་བཅིངས་པ་ཟངས་ཀྱི་བེག་ཙེ་དང་། རལ་ཁ་གྱོན་པ། བསེའི་མདའ་གཞུ་དང་ཟངས་ཀྱི་རལ་གྲི་བསྣམས་པ། བསེ་མདུང་དམར་པོ་དང་དར་གྱི་རུ་མཚོན་བསྒྲེང་བ་སློག་དམར་པོ་ཅན་

(༧༧༡)བྷུ་རུའི་མཁར་བ་ཐོགས་པ་ཞག་བྱུང་། དེ་ལ་མ་ཧཱ་དེ་ཝས་གནོད་སྦྱིན་ཁྱོད་སུའི་སྤྲུལ་པ་ཡིན་མིང་ནི་ཅི་ཡིན། ཁྱོད་ཀྱི་སྲོག་སྙིང་གང་ཡིན། ཟས་སྐལ་གང་ཡིན། བསྙེན་སྒྲུབ་ལས་སྦྱོར་གང་ཡིན། ཞེས་གསུངས་པས་དེས་སྨྲས་པ། ཀྱཻ། མ་ཧཱ་དེ་ཝ་ལ། བདག་ནི་གཤིན་རྗེ་གཤེད་པོའི་གསུངས་ཀྱི་སྤྲུལ་པ་ལགས། བདག་གིས་མིང་ནི་སྐྱེས་བུ་དབང་གི་མདོག་ཅན་ཞེས་ཀྱང་བྱ། སྲོག་བདག་དམར་པོ་ཞེས་ཀྱང་བྱ། །ཡམ་ཤུད་དམར་པོ་ཞེས་ཀྱང་བྱ། །བདག་གིས་སྲོག་སྙིང་འདི་ལགས་སོ། །ཞེས་དྲི་བ་དྲི་ལན་གྱི་ཚུལ་དུ་མ་རུ་རྩེ་བཤན་པ་སྒྲོལ་བྱེད་ཀྱིས་རྒྱུད་གསུངས། བསེའི་སྒོ་ངའི་ནང་ནས་སྲིད་པའི་བུ་མོ་མདོག་མཐིང་ཞུན་ལྟར་སྔོ་བ། བསེ་དམར་པོའི་གདོང་པ་ཅན། སོ་དུང་། སྨིན་མ་གཡུ། མེའི་རལ་

(༧༧༢)པ་ཅན་ལ་མཆོང་དང་མུ་མེན་གྱི་བརྒྱན་པ། ཟངས་ཀྱི་གྲི་རྣོན་དང་ཕུར་པ་ཐོགས་པ། དྲེད་མོ་མི་ཟན་ལ་ཞོན་པ་ཞིག་བྱུང་། དེ་ལ་ཡུམ་ཨེ་ཀ་ཛ་ཊི་མས་གསོལ་པ་སྲིད་པའི་བུ་མོ་གདོང་དམར་མ་ཁྱོད་ཀྱི་བསྟན་པ་བསྲུང་དགོས་པས། སྲོག་གི་སྙིང་པོ་གང་ཡིན་དང་། །མིང་དང་གསང་མཚན་གང་ཡིན། །ཟས་བསྐལ་གང་ཡིན་སྨྲོས་ཤིག །ཅེས་གསུངས། སྲིད་པའི་བུ་མོས་སྨྲས་པ། བདག་གི་སྲོག་གི་སྙིང་པོ་ནི་འདིའོ་ཞེས་དང་། མིང་ནི་སྲིད་པའི་ལྷ་མོ་གདོང་དམར་མ། བདག་གི་ཟས་སྐལ་ནི་བསྟན་པ་ལ་གནོད་པར་བྱེད་པ་རྣམས་ཀྱི་སྲོག་དབུགས་ལགས། ཞེས་ཞུས་ཤིང་། དེ་ནས་དྲི་བ་དྲི་ལན་གྱིས་ཚུལ་དུ་དམར་པོ་བཤན་པ་འཇིག་རྟེན་ཟ་བྱེད་མའི་རྒྱུད་གསུངས་སོ། །དེ་ལྟ་བུའི་རྒྱུད་ཀྱི་ཁུངས་ལ་།།།ནས། རྒྱ་གར་གྱི་ཡུལ་དུ་སྔགས་ཀྱི་ནུས་པ་མཐར་ཕྱིན་པས་

(༧༧༣)ཨ་ཙ་ར་ཉིད་འོད་གྲགས་པ་ཞེས་བྱ་བས་མ་ཧཱ་དེ་ཝ་ལས་ལུང་ནོད་དེ། རྒྱ་གར་བམ་པོ་དམར་པོ་ཞེས་བྱ་བ་ནས་གཏེར་ནས་ཕྱུང་སྟེ་སྒྲུབ་པས་འགྲུབ། དགྲ་ལ་མིག་བལྟས་པ་ཙམ་གྱིས་དགྲ་འཆི་བ་བྱུང་། དེས་སྲས་པཎྜི་ཏ་ཟླ་བ་ནག་པོ་ལ་གནང་། དེས་ཁྲོས་པའི་མོད་ལ་དགྲ་འཆི་བ་བྱུང་། དེས་སྲས་ག་ཡ་དྷ་ར་ལ་གནང་། འདི་ལ་བོད་ན་མཚན་ཨ་ཙརྱ་དམར་པོ་ཞེས་ཀྱང་བྱ། ཤྲཱི་དྷ་ར་ཀྲ་ཤུ་ཞེས་ཀྱང་བྱ། འོན་ཀྱང་བླ་ཆེན་འབྲོག་མིའི་བླ་མ་ག་ཡ་དྷ་ར་དང་མི་གཅིག་གོ་དེས་ཞག་གསུམ་བསྒྲུབ་པས་དགྲ་འཆི་བ་བྱུང་། འདིས་བོད་དུ་བྱོན་ནས་མར་པ་ལོ་ཙཱ་བ་ལ་དབུས་ཀྱི་གྲ་ཐང་གིས་གཙུག་ལག་ཁང་དུ་ཆོས་སྐྱོང་འདིའི་སྒྲུབ་བསྐོར་གནང་། གོང་གི་རྒྱུད་གཉིས། རྒྱ་གཞུང་འགའ་དང་བཅས་པ་ལོ་པཎ་གཉིས་ཀྱིས་བསྒྱུར། ཡང་

(༧༧༤)པཎྜི་ཏ་འདིས་མངའ་རིས་གུང་ཐང་དུ་བོན་པོ་གཅིག་ལ་ཡང་གནང་། གཙང་དུ་ལྕོག་རོའི་ཟངས་བན་དར་མ་སྐྱབས་ལ་གནང་། གཙོ་ཆེར་གཉན་ལོ་ཙཱ་བ་དར་མ་སྐྱབས་ལ་ཆོས་སྐོར་ཡོངས་སུ་རྫོགས་པ་གནང་སྟེ་གཉན་ལོས་དཔལ་མགོན་ཞལ་བཞི་པའི་བཀའ་སྡོད་བཤན་དམར་ནག་གི་ཐ་སྙད་བྱེད་ཅིང་རྩུབ་གྲགས་ཆེ། སྒྲུབ་ཡིག་མདོས་ཆོག་བསྐུལ་བྱང་ཡོང་ཀྱང་བརྩམས་ཤིང་བཀའ་རྒྱ་ཆེ་བར་མཛད། དེས་གནམ་ཁའུ་པ་ལ་གནང་། དེས་རྗེས་ཆེན་ལ་གནང་། དེས་ཁོ་རང་གི་ཉེ་གནས་ར་ས་ཤུད་ཕུ་བཀྲ་ཤིས་འོད་ཟེར་ལ་གནང་། དེས་གྲུབ་ཐོབ་འདར་ཆ་རུ་པ་ལ་གནང་། ཡང་བེནྡ་དར་མ་སྐྱབས་ཀྱིས་འདར་པ་ལོ་ཙཱ་བ་ལ་གནང་། དེ་ལ་ཡང་ཤུད་ཕུ་བཀྲ་ཤིས་འོད་ཟེར་གྱིས་ཞུས་སོ། །ཡང་ཉེ་རྒྱུད་ནི། ནགས་རྒྱལ་ལྷ་ཆུའི་དབེན་

(༧༧༥)གནས་སུ་སློབ་དཔོན་པདྨ་དངོས་སུ་བྱོན་ནས་གྲུབ་ཐོབ་འདར་ཆར་ལ། ཡང་གསང་ཁྲོས་པ་ལྷ་དགུའི་མན་ངག་བཀའ་སྲུང་འདི་དང་བཅས་པ་གནང་བར་གྲགས་ཤིང་། ཡང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་སློབ་དཔོན་པདྨ་བོད་དུ་སྤྱན་དྲངས་དུས་བསམ་ཡས་ཀྱིས་གཙུག་ལག་ཁང་དུ་སྦས་པ། གནུབས་སངས་རྒྱས་ཡེ་ཤེས་ཀྱིས་གཏེར་ནས་བཏོན་པའི་སྲོག་བདག་ཡམ་ཤུད་དམར་པོའི་སྒྲུབ་ཡིག་རྒྱས་འབྲིང་བསྡུས་གསུམ། དྲག་པོ་ལས་ཀྱི་ཤོག་རིལ་བཅུ་དང་བཅས་པ། སྔགས་འཆང་དྲག་སྔགས་ཀྱི་བདག་པོ་གནུབས་པ་དག་ལས་བརྒྱུད་པ་དང་། གཞན་ཡང་མང་ཡུལ་གྱིས་བྱམས་པ་སྤྲིན་གྱི་ལྷ་ཁང་དང་། སྤ་གྲོ་སྐྱེར་ཆུ་དང་རུ་ལག་རྒྱང་གི་བྲག་རི་རྣམས་ནས་བཏོན་པའི་སྲུང་མ་འདིའི་སྒྲུབ་ཐབས་ཀྱི་རིམ་པ་ཤིན་ཏུ་མང་བ་ཞིག་སྣང་ཞིང་། གནོད་

(༧༧༦)སྦྱིན་ཕོ་རྐྱང་དུ་བསྒྲུབ་པ། གདོང་དམར་མ་མོ་རྐྱང་དུ་བསྒྲུབ་པ་དང་། གཙོ་འཁོར་གཉིས་སུ་བསྒྲུབ་པ། ལྕམ་དྲལ་གསུམ་དུ་བསྒྲུབ་པ། བཤན་པ་དགུ་སྐོར་གྱིས་བསྒྲུབ་པ། རོལ་བཤན་ཉི་ཤུ་རྩ་གཅིག་གིས་བསྐོར་བ། ཐམས་ཅད་སྦྲགས་ཏེ་བསྒྲུབ་པ་དེ་ལའང་མྱུར་ཞིང་རྣོ་བའི་ཕྱིར། དགྲ་བོ་སྒྲོལ་བའི་ཕྱིར་ཕོ་རྒྱུད་གཙོ་བོར་བསྒྲུབ་པ། དགྲ་མོ་སྒྲོལ་བའི་ཕྱིར་མོ་རྒྱུད་གཙོ་བོར་བསྒྲུབ་པ་ཕོ་བསྒྲུབ་ལའང་བཙན་རྒོད་ལྟར་བསྒྲུབ་པ་སྟག་ལ་ཞོན་པ། སྲོག་བདག་ཏུ་བསྒྲུབ་པ། ར་སྐྱེས་ལ་ཞོན་པ། བཀའ་སྡོད་ལྟར་བསྒྲུབ་པ། རྐང་ཐང་ཅན་ལ་སོགས་པ་མང་པོ་ཡོད་ཅིང་། དེ་རྣམས་ལ། ལྷ་དང་། སྔགས་དང་། སྒྲུབ་རྫས་དང་། སྒྲུབ་ཚུལ་གྱི་ཁྱད་པར་མི་འདྲ་བ་དུ་མ་ཞིག་ཡོད་པ་རྣམས། ཐུན་མོང་བ་རྣམ་དང་མི་འགལ་ཞིང་། ཐུན་

(༧༧༧)མོང་མ་ཡིན་པ་མ་འདྲེས་པའི་སྒོ་ནས་སོ་སོར་སྟོན་ཤེས་པའི་བླ་མ་མན་ངག་དང་ལྡན་པ་ཞིག །མི་བསྟེན་ཁ་མེད་དུ་གནང་བས་འདིས་བསྒྲུབ་པར་འདོད་པའི་དཔྱོད་ལྡན་དག་གིས་ཤེས་པར་བྱོས་ཤིག །དེང་སང་སྲུང་མ་འདི་ལས་མྱུར་ཞིང་རྩུབ་གྲགས་ཆེ་བས་བསྟན་པར་རློམ་པ་མང་ཡང་། ཕལ་ཆེར་གཏོར་བསྔོ་རྐྱང་པ་རེ་བྱེད་པ་མ་གཏོགས། མན་ངག་གིས་གནས་ཅུང་ཟད་ཙམ་ཡང་རྣ་བས་མ་ཐོས་པ་འབའ་ཞིག་སྣང་ངོ་། །ཞེས་གསུངས། ༈ གནོད་སྦྱིན་ཆེན་པོ་བཤན་པ་དམར་ནག་ཏུ་གྲགས་པ་ཡང་འདི་ཉིད་ཡིན་ཏེ། གདུལ་བྱའི་སྣང་ངོར་རི་བོ་མ་ལ་ཡའི་རྩེ་གནམ་ལྕགས་འབར་བའི་གཞལ་ཡས་སུ་གནོད་སྦྱིན་ཡཀྵ་འབར་བྱེད་དང་། ཡུམ་སྲིན་མོ་དམར་ཤམ་སྙིང་འཕྲོག་མ་གཉིས་བཤོས་པ་ལས་ལྕགས་སྒོང་ཞིག་སྐྱེས་པ་

(༧༧༨)ཡར་ནམ་མཁའ་ལ་འཕར། བར་སྣང་ལ་མཆོངས། ས་གཞི་ལ་འཛུལ། སྐྱེ་འགྲོའི་སྲོག་གཅོད་ཀྱི་བཤན་པ་ཆེན་པོར་གྱུར་པས་གཞན་གྱི་འདུལ་བར་མ་ནུས་པ་ན་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་བཏུལ་ཏེ་དམ་ལ་བཏགས། ཧ་ལ་འབར་བ་སྲོག་བདུད་ཆེན་པོ། འཕུང་བྱེད་དམར་ནག་ཅེས་གྲགས་ཤིང་། གསང་མཚན་ཁམ་པ་མི་ཟན་དུ་གསོལ། འཁོར་འདས་ཀྱི་སོ་མཚམས་བདུད་དང་གཤིན་རྗེའི་གྲོང་ཁྱེར་བསེ་མཁར་དམར་པོའི་ནང་ན་བཞུགས་ཏེ་གནོད་སྦྱིན་སྲོག་བདག་དམར་པོ་ཞེས་བྱའོ། །དེ་ལྟར་ཡང་གཤིན་རྗེ་འདྲ་པའི་གཏེར་བྱོན་སྒྲོལ་གིང་མ་རུ་རྩེའི་ལས་བྱང་ལས། སྔོན་གྱི་བསྐལ་པ་དང་པོ་ལ༔ རི་བོ་མ་ལ་ཡ་ཡི་རྩེར༔ གནམ་ལྕགས་འབར་བའི་གཞལ་ཡས་སུ༔ གནོད་སྦྱིན་ཡཀྵ་འབར་བྱེད་དང་༔ སྲིན་མོ་དམར་ཤམ་

(༧༧༩)སྙིང་འཕྲོག་གཉིས༔ བསྟན་པ་བསྲུང་ཕྱིར་རྫུ་འཕྲུལ་སྟོབས༔ དེ་ལས་ལྕགས་སྒོང་འབར་བ་སྲིད༔ ཡར་ལ་ཤོར་ཏེ་གནམ་དུ་འཕར༔ བར་སྣང་ནམ་མཁའི་ཁམས་སུ་འཕྱོ༔ སྐྱེ་འགྲོ་སེམས་ཅན་སྲོག་ལ་རྒྱུག༔ བཅོམ་ལྡན་ཕྱག་ན་རྡོ་རྗེ་ཡིས༔ གནོད་སྦྱིན་བཀའ་དང་དམ་ལ་བཏགས༔ བསྟན་པ་བསྲུང་བར་ཞལ་གྱིས་བཞེས༔ གནོད་སྦྱིན་ཆེན་པོ་མཐུ་བོ་ཆེ༔ ཁྱོད་ལ་མིང་དང་མཚན་བཏགས་པ༔ ཧ་ལ་འབར་བ་བཞེས་སུ་གྲགས༔ གསང་བའི་དེ་ནི་མཚན་བཏགས་པ༔ ཁམ་པ་མི་ཟན་བྱ་བ་ཡིན༔ ཞེས་གསུངས། ལས་འབྲེལ་གྱི་གཏེར་བྱོན་གནོད་སྦྱིན་བཤན་དམར་གྱི་བསྐུལ་ལས་ཨེ་བྷྱོ འཁོར་འདས་གཉིས་ཀྱི་སོ་མཚམས་ན༔ བདུད་དང་གཤིན་རྗེའི་ཕོ་བྲང་ན། གཞལ་ཡས་དམར་པོའི་བསེ་མཁར་མེས༔

(༧༨༠)ཟངས་ལྕགས་དམར་པོའི་ཐེམ་པ་ལ༔ སྤྲིན་དམར་འོད་ཕུང་དམར་པོ་འཐུལ༔ བསེ་ལོགས་གྲུ་བཞི་གློག་སྟོང་འཁྱུག༔ སྤྲིན་དམར་འོད་འཕུང་དམར་པོ་འཐུལ༔ བསེ་མཁར་དེ་ཡི་ནང་ཤེར་ན༔ གནོད་སྦྱིན་སྲོག་བདག་དམར་པོ་བཞུགས༔ སྐུ་ལ་གསེར་གྱི་སློག་པ་གསོལ༔ ཕྱག་ན་བསེ་ཡི་མདུང་དམར་བསྣམས༔ ལེ་རྒན་དམར་པོའི་ཟེའུ་ཁ་ཅན༔ བྷུ་རུ་དམར་པོའི་རྐེད་ཆིངས་ལ༔ ར་རྒན་སེར་པོའི་ལྷམ་ཁྲ་ཅན༔ ཆིབས་སུ་བྱ་ཁྱུང་དམར་པོ་ཆིབས༔ སྟེང་ན་བསེ་ཡི་བྱ་ཁྲ་ལྡིང་༔ བསེ་ཡི་རུ་མཚོན་གནམ་དུ་འཕྱར༔ སྤྲུལ་པ་མི་དམར་རྟ་དམར་འགྱེད༔ ཅེས་གསུངས༔ ལས་འབྲེལ་གྱིས་གཏེར་བྱོན་གྱི་གནོད་སྦྱིན་དམར་ནག་གི་ལོ་རྒྱུས་ལས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཡང་ལེ་ཤོད་

(༧༨༡)ཀྱི་བྲག་ཕུག་ཏུ་སྒྲུབ་པ་མཛད་ཀྱིན་བཞུགས་པའི་དུས་སུ་མི་རེ་།།།དམར་པོ་མེ་རུ་འཕྲོ་བ༔ ལྗགས་གློག་ལྟར་འཁྱུག་པ༔ སྤྱན་ནས་མེའི་ཚ་ཚ་འཕྲོ་བ༔ ཟངས་ཀྱིས་ཁྱུང་དམར་གློག་ལྟར་འཁྱུག་པ་གཅིག་ལ་ཞོན་པ་ཞིག་དངོས་སུ་འོང་ནས༔ སློབ་དཔོན་ལ་ཡུས་སྡིགས་བྱེད་དུ་བྱུང་༔ དེར་སློབ་དཔོན་གྱིས་ཏིང་ངེ་འཛིན་གྱིས་བྱིན་གྱིས་རླབས་པས༔ ཁོ་ན་རེ༔ སློབ་དཔོན་ཆེན་པོ་ལགས༔ འོ་སྐོལ་གཉིས་སྐྱེ་བ་སྔ་མ་སྤུན་དུ་སྐྱེས་པ་ཡིན༔ ཁྱེད་ཀྱིས་མཚན་རཀྴ་ཤནྟི་བྱ་བ་ཡིན༔ ཕུ་བོ་ཡིན༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་རྙེས་པ་ཡིན༔ ང་རཀྴ་གདོང་དམར་བྱ་བ་ཡིན༔ ནུ་བོ་ཡིན༔ གསོད་གཅོད་ལ་དགའ་བས་གནོད་སྦྱིན་དུ་སྐྱེས་པ་ཡིན༔ ལས་ཀྱིས་དབང་གིས་དངོས་གྲུབ་སྐྱེལ་དུ་འོངས་པ་ཡིན་ཟེར་ནས་ཐུན་མོངས་ཀྱི་དངོས་

(༧༨༢)གྲུབ་ཕུལ་ལོ༔ དེར་སློབ་དཔོན་གྱིས་ཁོ་ལ་ཕའི་མིང་ཅི༔ མ་ཡི་མིང་ཅི༔ རིགས་ཅི་ཡིན༔ མཐུ་རྩལ་ཅི་ཡོད་དྲིས་པས། ཁོ་ན་རེ༔ ངའི་ཚེ་འདིའི་ཕའི་མིང་གནོད་སྦྱིན་ཡཀྵ་བར་བྱེད་དང་༔ མ་སྲིན་མོ་དམར་ཤམ་གཉིས་ཀྱི་བུ་ཡིན༔ མིང་འཕུང་བྱེད་དམར་ནག་བྱ་བ་ཡིན༔ རིགས་གནོད་སྦྱིན༔ མཐུ་རྩལ་རི་རབ་ཀྱང་ཐལ་བར་རློག་ནུས༔ རྫུ་འཕྲུལ་ནི་སྤྲུལ་པའི་སྐུ་བས་ཀྱང་ཆེ༔ ལས་ལ་བསྐུལ་ན་འཇིག་རྟེན་འཕུང་ནུས་ཟེར་རོ༔ དེ་ནས་སློབ་དཔོན་གྱིས་ཁོ་མཉེས་པའི་མཆོད་པ་རྒྱ་ཆེན་པོ་མཛད་ནས༔ གུ་རུས་འོ་ན་དངོས་གྲུབ་ཏུ་ཁྱོད་ཀྱི་སྒྲུབ་ཐབས་སྟོན་ཅིག་གསུངས་པ་ལ༔ ཁོ་ན་རེ༔ སློབ་དཔོན་ཆེན་པོ་ལགས༔ བདག་ནི་རབ་ཏུ་མི་བསྲུན་པའི་རིགས་ཡིན་པས་ཕྱི་རབས་ཀྱི་སྔགས་པས་བཀོལ་དུ་མི་ཉན་ཟེར་རོ༔ དེར་སློབ་དཔོན་གྱི་ཞལ་

(༧༨༣)ནས་སྙིགས་མའི་དུས་སུ་བབས་པའི་ཚེ༔ མི་བསྙེན་པ་དང་། བསྒྲུབ་པ་མི་ནུས་པས༔ དགྲ་བློ་བུར་དུ་བྱུང་བ་ལ་མཐུ་རལ་གྲི་ཕྱུང་བརྡེག་དགོས་གསུངས་པས། གནོད་སྦྱིན་ཉིད་ཀྱིས་སྨྲས་པ༔ ངའི་རྒྱུད་བཛྲ་པཱ་ཎིས་གསུངས་པ༔ དུར་ཁྲོད་ཆེན་པོ་ཧེ་ཆེན་དྷ་ནར་ཡོད༔ སྒྲུབ་ཐབས་ནི་ང་ཏེ་ལོའི་ཕག་ཐོད་དུ་གནད་ལ་ཕབ་ན་ཞག་དགུ་ནས་ལས་གང་ཡང་ཐོགས་པ་མེད་པར་འགྲུབ༔ གནད་ལ་མ་ཕབ་ན་ངའི་དབལ་སུས་ཀྱང་མི་ཐིག་སྟེ་དངངས་ཤིང་སྐྲག་གོ༔ གནད་ལ་ཕབ་ན་ལྷ་འདྲེ་གང་ལས་ཀྱང་འཇམ༔ རྒྱལ་པོ་དང་མི་འདྲ་འཁུ་ལྡོག་མི་ཡོང་༔ མུ་སྟེགས་དང་མི་འདྲ་བཀྲ་ཤིས༔ མ་མོ་གཤིན་རྗེ་དང་མི་འདྲ་དེ་མ་ཐག་ཏུ་ལས་མྱུར་དུ་བྱེད༔ སྔར་ཡི་དམ་ལྷའི་

(༧༨༤)བསྙེན་པ་ཚིག་ཅིག་མ་སོགས་ཡང་གནད་ལས་དབབ་ན་བཅུན་དུ་བཏུབ་ཟེར་རོ༔ དེ་དག་གང་ལྟར་ཡིན་དྲིས་པས་ཁོ་ན་རེ༔ ཁྱོད་དང་ང་སྤུན་དུ་ཡོད་པའི་དུས་ན༔ ང་ཚེའི་དུས་བྱེད་ཁར་དུར་ཁྲོད་ཆེན་པོ་ཧེ་ཆེན་དྷ་ནར༔ ལུས་སྟོབས་དང་བྲལ་ནས་ཡོད་པ་ལ༔ ཏེ་ལོ་མ་མད་ཀྱི་རྩེ་ཆུང་བཅད་ནས་ཁྲག་འཐུངས༔ ཕག་རྒོད་མ་མད་ཀྱིས་སྙིང་ཟོས༔ ཤ་དང་པགས་པ་མེད་པར་ཟོས་པས་ད་ལྟར་ཡང་ཤིན་ཏུ་འཇིགས་པར་གདའ༔ དེས་ན་ཏེ་ལོ་དང་ཕག་ཐོད་དུ་གནད་ལ་དབབ་ཅིག༔ ལས་ཁྱད་པར་ཅན་འབྱུང་ངོ་ཟེར་རོ༔ དེ་སློབ་དཔོན་གྱིས་ཁོ་ལ་བདུད་རྩིས་མཆོད་ནས་དྲིས་པས་གནད་ལ་ཕབ་ནས་གསང་གཏམ་དུ་ཁོ་རང་གཉིས་ཀྱིས་སྒྲུབ་ཐབས་ཡང་གསང་གཏེར་གྱི་བསྒྲུབ་པ་འདི་བསྙེན་སྒྲུབ་ལས་སྦྱོར་གཅིག་ཏུ་དྲིལ་བ་འདི་

(༧༨༥)གསུངས་སོ༔ ཐཤམཧྱནྱག༔ རྒྱ་རྒྱ་རྒྱ༔ ཞེས་དང་། ཡང་གཏེར་བྱོན་གྱི་གནོད་སྦྱིན་བཤན་པ་དམར་ནག་གི་ལོ་རྒྱུས་གཅིག་ལས། དབང་ཆེན་ཁྲོས་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ༔ སྒྲུབ་ཐབས་བརྒྱད་པོ་འདིའི་ལོ་རྒྱུས་ནི༔ ཨོ་རྒྱན་བདག་གིས་བདུད་བློན་བསྒྲལ་ཏེ༔ དུར་ཁྲོད་བསིལ་བའི་ཚལ་གྱི་ནུབ་བྱང་༔ ཧེ་ཆེན་བརྡལ་བ་ཞེས་བྱ་བར་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་ཞུགས་པའི་དུས༔ རོ་རས་གོས་གྱོན་རོ་ཟས་གསོལ་ཞིང་བཞུགས་དུས་སུ༔ ལྷ་སྲིན་ཐམས་ཅད་དབང་དུ་བསྡུས་ཤིང་ཁྱད་པར་དུ་ཡང་༔ གནོད་སྦྱིན་ཡཀྴ་གདོང་དམར་བྱ་བ་དང་སྤུན་དང་གྲོགས་སུ་བྱས་ཏེ༔ དུར་ཁྲོད་ཀྱི་ཤ་ལ་རོལ་ཞིང་ཡོད་པ་ལས༔ ཁོ་ཚེ་འཕོས་ནས༔ ཕ་གནོད་སྦྱིན་ཡཀྴ་འབར་བྱེད་དང་༔ མ་སྲིན་མོ་དམར་ཤམ་གྱི་བུར་སྐྱེས་ཏེ༔ ཁོ་རང་ཤན་པ་དམར་ནག་ཏུ་གྱུར༔ དུས་ཕྱིས་བལ་

(༧༨༦)ཡུལ་ཡང་ལེ་ཤོད་དུ་ཁོ་བྱུང་ནས༔ སྔོན་གྱི་ལོ་རྒྱུས་དང་སྲོག་སྙིང་ཕུལ་ནས་བསྟན་པ་བསྲུང་བར་ཁས་བླངས་དམ་ལ་བཞག༔ དེར་ཁོ་ན་རེ༔ སློབ་དཔོན་ཆེན་པོ་ལགས༔ ངའི་སྒྲུབ་ཐབས་བདག་རང་གི་རྡོ་རྗེ་འཛིན་པ་ལ་ཕུལ་བ་བཤན་པ་དམར་ལེན་གྱི་རྒྱུ༔ དུར་ཁྲོད་ཧེ་ཆེན་བརྡལ་བའི་ཕ་བོང་སྟག་མོ་འདྲ་བ་ལ་སྦས་ཡོད་ཀྱིས༔ ལྕགས་ཀྱི་སྒོ་ལ་ཁྲོ་ཆུ་ཞུན་མས་རྒྱས་བཏབ་ཡོད་པས༔ སློབ་དཔོན་ལ་འབུལ་ལོ་ཟེར༔ དེར་ཁོ་ན་རེ༔ དེ་ཡང་བདག་ནི་ཤིན་ཏུ་མི་བསྲུན་པའི་རིགས་ཡིན་ཀྱང་༔ ཏེ་ལོའམ་ཕག་ཐོད་དུ་བསྒྲུབ་ནས་གནད་ཨ་ཕབ་ན༔ སྔགས་པ་གསར་བུས་བསྒྲུབ་ཀྱང་ལས་ལ་ཤིན་ཏུ་མྱུར་བར་འོང་༔ རྒྱལ་པོ་དང་མི་འདྲ་འཁུ་ལྡོག་མི་བྱེད༔ མུ་སྟེགས་དང་མི་འདྲ་བཀྲ་ཤིས༔ གཤིན་རྗེ་དང་མི་འདྲ་ལས་མྱུར༔ མ་མོ་དང་མི་འདྲ་འགྲོགས་

(༧༨༧)ཕོད༔ བཙན་དང་མི་འདྲ་རྒྱུ་ཞིང་༔ བྲང་དང་མི་འདྲ་རྟགས་ཚན་ཆེ༔ ངའི་སྟོབས་ནི་རི་རབ་ཐལ་བར་རློག་ནུས༔ རྒྱ་མཚོ་ཧུབ་ཀྱིས་འདེབས་ནུས༔ སྤོང་ལེན་མེད་པར་རྟག་ཏུ་ཆོས་སྐྱོང་ང་རང་ལ་བྱེད་ན་མཐུ་མ་བསྒྲུབ་ཀྱང་འོང་ཟེར་ཏེ་ཕུལ་ལོ༔ རྒྱུད་གསུམ་ལ་བརྟེན་ནས་ཨོ་རྒྱན་བདག་གིས་གཏེར་ཆེ་བ་བཞི༔ འཐོར་བུ་ལྔ་སྦས་སོ༔ ལོ་རྒྱུས་འདི་ཡང་གཅེས་པ་ཡིན་ནོ། །རྒྱ་རྒྱ་རྒྱ༔ ཞེས་གསུངས༔ ལས་འབྲེལ་རྩལ་གྱི་གཏེར་བྱོན་གནོད་སྦྱིན་བཤན་པ་དམར་ནག་གིས་བསྐུལ་ལས༔ ཁྱེད་ཀྱི་ཕུ་བོ་ཆེན་པོ་ནི༔ རྟ་དཀར་ཕྲུམ་མར་ཆིབས་སུ་ཆིབས༔ བྱ་དཀར་ཟེ་དམར་ཀླད་ནས་ལྡིང་༔ ཁྱི་དཀར་སྣ་དམར་ཕྱི་ལ་འབྲང་༔ ར་དཀར་ཁྱི་དཀར་སློག་པ་གསོལ༔ ར་ལྤགས་དཀར་པོའི་རྒྱལ་མཚན་འཕྱར༔ ཉིན་མཚན་བུད་མེད་བརྒྱ་བརྒྱ་གསོལ༔ མཚན་བཞིན་ན་ཆུང་བརྒྱ་བརྒྱར་རོལ༔

(༧༨༨)འཁོར་ནི་འགོང་པོ་སྤུན་དགུ་དང་༔ ཕྱི་ཡི་གིང་ཆེན་མང་པོ་འགྱེད༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ སངས་རྒྱས་རྡོ་རྗེ་འཆང་ཆེན་གྱིས༔ བཀའ་ལ་བཏགས་ནས་ལས་ལ་རྦད༔ དེ་ནས་བར་གྱི་བསྐལ་པ་ལ༔ མུ་སྟེགས་མཁན་པོ་རབ་རྟག་གི༔ བཀའ་ལ་བཏགས་ཤིང་ལས་ལ་རྦད༔ ཅེས་གསུངས་པ་ནི༔ ཚངས་པ་དུང་ཐོད་ཅན་ནམ་དགྲ་ལྷའི་རྒྱལ་པོ་པེ་ཧར་ཡིན་ལ༔ པེ་ཧར་དང་ཡམ་ཤུད་དམར་པོ་སྐུ་མཆེད་ཀྱི་རྣམ་པར་སྟོན་པའི་རབ་ཤིན་ཏུ་མང་ངོ་༔ གོང་དུ་བཤད་པའི་བསྐུལ་ལས༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ལྷོ་ཕྱོགས་གཤིན་རྗེའི་འཇིག་རྟེན་དུ༔ རྡོ་རྗེ་འཆང་གི་བཀའ་ལ་བཏགས༔ གཤིན་རྗེ་དམར་པོ་ཡི་དགས་རྗེར༔ མིང་དུ་བཏགས་ནས་ལས་ལ་རྦད༔ ཅེས་གསུངས་པས་དམ་ཅན་ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་ནང་ཚན་གསང་སྒྲུབ་འཆི་བདག་ཁྲག་གི་ཡིན་ནོ༔ ཚངས་པའི་རྒྱལ་པོ་རྨེ་རུ་རྩེའི་

(༧༨༩)གཟའ་རྒོད་ཆེན་པོ་མིག་དམར་ཞེས་གཟའ་ཆེན་བརྒྱད་ཀྱི་ནང་ཚན་དུ་ཡང་བཞུགས་པ་ཡིན་ཏེ། གཏེར་ཁ་དེ་ཉིད་ཀྱིས་བསྐུལ་ལས། ཚངས་པའི་དམག་དཔོན་རྨེ་རུ་རྩེ༔ ཁྱོད་ལ་གསང་བའི་མཚན་གསོལ་བ༔ གཟའ་རྒོད་ཆེན་པོ་མིག་དམར་ལགས༔ ཁྱོད་ལ་ལས་ཀྱི་མཚན་གསོལ་བ༔ གནོད་སྦྱིན་ཆེན་པོ་དྲག་རྩལ་ཅན༔ སྐུ་མདོག་དམར་ལ་དངས་པ་སྟེ༔ སྐུ་ཡི་འོད་ཀྱི་ཕྱོགས་བཅུར་ཁྱབ༔ དབུ་ལ་མེ་ཡི་ཕུང་པོས་བརྒྱན༔ ཕྱག་གཡས་ཟངས་ཀྱི་སྤུ་གྲི་བསྣམས༔ གཡོན་པ་ཟངས་ཐོག་སེར་བ་འབེབས༔ ཆིབས་སུ་བསེ་རྟ་དམར་པོ་བཅིབས༔ རྒྱུ་སྐར་མང་པོའི་ཚོགས་ཀྱིས་བསྐོར༔ ལས་སུ་ལོ་ནད་སེར་བ་འབེབས༔ ཞེས་པ་དང་༔ ཚངས་པ་དཀར་པོ་སྐུ་བཞེངས་ཤིག༔ ཁྱོད་ཀྱི་ཡབ་ལ་མཚན་གསོལ་བ༔

(༧༩༠)དེད་དཔོན་ཡཀྵ་འབར་བྱེད་ཡིན༔ ཁྱོད་ཀྱི་ཡུམ་ལ་མཚན་གསོལ་བ༔ སྲིན་མོ་དམར་ཤམ་སྙིང་འཕྲོག་མ༔ དེ་ཉིད་ཐུགས་ལས་སྐྱེས་པའི་སྲས༔ ཚངས་པའི་དམག་དཔོན་མ་རུ་རྩི༔ གཟའ་རྒོད་དྲག་པོ་མཐུ་བོ་ཆེ༔ གནོད་སྦྱིན་རིག་པ་དྲག་ཤུལ་ཅན༔ དྲང་སྲོང་རིག་པ་རྫུ་འཕྲུལ་གྱིས༔ དྲག་ཤུལ་འཇིག་རྟེན་འཕུང་བར་བྱེད༔ མཐུ་ཆེན་རི་རབ་ཐལ་བར་རློག༔ རྫུ་འཕྲུལ་སྤྲུལ་པའི་སྐུ་ལས་ཆེ༔ ཁྱོད་ལ་གསང་བའི་མཚན་གསོལ་བ༔ འཕུང་བྱེད་གཟའ་རྒོད་མིག་དམར་ལགས༔ ཁྱོད་ལ་ལས་ཀྱི་མཚན་གསོལ་བ༔ གནོད་སྦྱིན་ཆེན་པོ་དྲག་རྩལ་ཅན༔ བཞུགས་ནི་ནམ་མཁའི་དཀྱིལ་ན་བཞུགས༔ ཆིབས་སུ་བསེ་ཡི་བྱ་དམར་ཆིབས༔ རྒྱུ་ནི་བར་སྣང་ཁམས་སུ་རྒྱུ༔ སྐུ་མདོག་དམར་ལ་དངས་པ་སྟེ༔ སྐུ་ཡི་འོད་ཀྱི་ཕྱོགས་བཅུར་ཁྱབ༔ སྐུ་ལས་མེ་འོད་

(༧༩༡)དམར་ནག་འཕྲོ༔ དབུ་ལ་བསེ་ཡི་ཕུང་པོ་འབར༔ ཕྱག་གཡས་ཟང་གི་སྤྲུ་གྲི་བསྣམས༔ གཡོན་པ་དགྲ་སྙིང་ཟས་སུ་ཟ༔ འཁོར་དུ་རྒྱུ་སྐར་མང་པོས་བསྐོར༔ འོད་ཟེར་གློག་དམར་འཁྱུགས་སེ་འཁྱུག༔ ང་རོ་འབྲུག་སྐས་ཆེམས་སེ་ཆེམ༔ སྔོན་ཚེ་བསྐལ་པའི་དུས་ཚེ་ན༔ ཡང་ལེ་བཤོད་ཀྱི་བྲག་ཕུག་ཏུ༔ ཨོ་རྒྱན་པདྨ་འབྱུང་གནས་ལ༔ རང་དམ་སྲོག་གི་སྙིང་པོ་ཕུལ༔ ཞེས་གསུངས༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱང་འདི་ཉིད་ཡིན་ཏེ༔ བཤན་པ་དམར་ནག་གི་སྲོག་སྒྲུབ་སྲོག་རྩ་དམར་ལེན་ལས༔ ཕྱི་རུ་ལྷ་སྲིན་སྡེ་བརྒྱད་ལ༔ ནང་ལྟར་རྒྱལ་པོ་རྣམ་ཐོས་སྲས༔ གསང་བར་གཟའ་རྒོད་མིག་དམར་ཏེ༔ མཚན་ནི་གནོད་སྦྱིན་དམར་ནག་ཅེས༔ དྲག་རྩལ་ཐོག་དང་འདྲ་བ་ཡི༔ ང་ཡི་བསྟན་པ་བསྲུང་བའི་ཕྱིར༔ གསང་གཉེར་

(༧༩༢)གཉན་གྱི་བསྲུང་མར་སྐོས༔ ཞེས་གསུངས། སྟག་ཤམ་པའི་གཏེར་བྱོན་གནོད་སྦྱིན་དམར་ནག་གི་སྒྲུབ་སྐོར་ལས་ཀྱང་༔ གནོད་སྦྱིན་འདི་ནི་སངས་རྒྱས་ཀྱི་བསྟན་པ་བསྲུང་ཕྱིར་དབང་ཆེན་ཉིད་ཀྱི་སྤྲུལ་པར་གྲགས་ཏེ༔ ཕྱི་ལྟར་ལྷ་སྲིན་སྡེ་བརྒྱད་ཀྱི་ཚོགས་དཔོན་དུར་ཁྲོད་བདག་པོ་ཁམས་པ་མི་ཟན༔ ནང་ལྟར་རྒྱལ་པོ་རྣམ་ཐོས་སྲས་གནོད་སྦྱིན་ནོར་གྱི་བདག་པོ༔ གསང་བ་གཟའ་རྒོད་མིག་དམར་ལས་ཀྱི་གཉེན་པོ་སྟེ༔ མཚན་གནོད་སྦྱིན་དམར་ནག་ཅེས་ཟེར༔ དྲང་དོན་ལྟར་ན་གནས་དགའ་མུ་སྐུ་རྟེན་ཆོས་དང་བཅས་པ་བསྲུང་ཚེ་ཁམས་པ་མི་ཟན༔ དུར་ཁྲོད་བརྒྱད་དུ་སྤྱོད་པའི༔ ནམ་མཁར་རྒྱུ་ཚེ་གཟའ་རྒོད་མིག་དམར༔ བྱང་ཕྱོགས་གནོད་སྦྱིན་གྱི་ཚོགས་དཔོན་དང་གཏེར་གྱི་བསྲུང་མ་མཛད་ཚེ་གནོད་སྦྱིན་ཁྱུང་ཞོན་དུ་གྲགས་པའོ༔ ཞེས་གསུངས༔ གཏེར་ཁ་དེ་ལས། གནོད་

(༧༩༣)སྦྱིན་འདི་དང་ཡུམ་གསོད་བྱེད་བཤན་པ་དམར་མོ་བཤོས་པ་ལས༔ སྲས་གནོད་སྦྱིན་ཡ་བ་སྐྱ་བདུན་འཁྲུངས་པར་གསུངས་ཏེ༔ གཏེར་ཁ་དེ་ཉིད་ལས་ཀྱི་གླེང་བཞི་རི་རབ་རྩེ་མོ་ནས༔ གནོད་སྦྱིན་ཆེན་པོ་དྲག་རྩལ་ཅན༔ ཆིབས་སུ་ཟངས་ཀྱི་ཁྱུང་དམར་ཆིབས༔ སྐུ་ལ་དར་དམར་འཇོལ་བེར་གསོལ༔ སྟག་རས་གཡས་ལ་གཟིགས་ཤུབས་གཡོན༔ རྒྱབ་ན་བསེ་ཡི་ཕུབ་དམར་ཞུགས༔ ཕྱག་གཡས་དར་མདུང་དགྲ་ལ་འདེབས༔ གཡོན་པ་དགྲ་སྙིང་རྒྱུ་ཞགས་འཛིན༔ བསེ་རྨོག་བསེ་ཁྲབ་སི་ལི་ལི༔ སྲིད་པའི་མདོས་ཀྱི་ཐུགས་དམ་བསྐང་༔ ཀྱེ་ཡུམ་ཆེན་གསོད་བྱེད་བཤན་དམར་ནི༔ རྐྱང་རྟ་དམར་པོ་རླུང་གཤོག་ཆིབས༔ ཁྲོ་ཞལ་མེ་འབར་ལྷབས་སི་ལྷབ༔ སྐུ་ལ་དར་དམར་མེ་རིས་གསོལ༔ ཕྱག་ན་ཙིཏྟ་ཁྲག་འཛག་བསྣམས༔

(༧༩༤)སྲོག་རྩ་ཁྲག་སྦུག་ཞལ་དུ་འཇིབ༔ ཡུམ་ཆེན་གསོད་བྱེད་ཐུགས༴ ཡབ་ཡུམ་གཉིས་མེད་རོལ་བ་ལས༔ རོལ་པའི་ཆེ་བཙན་སྐྱ་བདུན་བྱུང་༔ སྐུ་ཡི་སྟམ་རག་པོ་རྩལ་དཔྱད༔ ལྗང་དམར་བྲའོ་སྒབ་ནག་ཆིབས༔ ཕྱག་ན་བཙན་ཞགས་མདུང་དམར་བསྣམས༔ ཛང་སེར་སེར་དང་ཐོད་དུ་བཅིངས༔ སྟག་རལ་གཟིག་ཤུབ་བསེ་ཆས་ལྡན༔ སྐུ་བཙན་དྲག་རྩལ་ཐུགས་དམ་དང་།།།༔ ཧཱུཾ སྐུ་ལྷ་ཞལ་གྱི་བཙན་རྒོད་ནི། ༈ །དཀར་སེར་རྟ་ནག་སྨུག་པོ་ཆིབས༔ ཕྱག་ན་མདའ་གཞུ་དགྲ་ལ་འདེབས༔ སྟག་རལ་གཟིག་ཤུབ་བསེ་ཆས་གསོལ༔ སྐུ་ལྷ་བཙན་རྒོད་ཐུགས་དམ༴ དྲོ་ཤོད་བཙན་རྒོད་སྐུ་མདོག་དམར༔ ཆིབས་སུ་བཙན་རྟ་དམར་པོ་ཆིབས༔ ཕྱག་ན་ཤང་ལང་ཛགས་དམར་བསྣམས༔ སྟག་རལ་གཟིག་ཤུབ་བསེ་ཆས་བརྗིད༔ དལ་གསར་བཙན་རྒོད་ཐུགས་དམ༴ ར་བའི་གངས་བཙན་

(༧༩༥)དམར་ནག་འཇིགས༔ ཕྱག་ན་མདུང་དམར་སྦྲུལ་ཞགས་འདེབས༔ ངང་སེར་གསེར་རྟ་སེར་པོ་ཆིབས༔ སྟག་རལ་གཟིག་ཤུབ་བསེ་ཆས་ལྡན༔ གངས་བཙན་ཀླུ་ཡི་ཐུགས༴ རྡོ་རིང་བཙན་རྒོད་སྐུ་མདོག་དམར༔ སྟག་ནང་མདུང་དམར་ཞགས་པ་ཐོགས༔ བཙན་རྟ་རྐྱང་མོ་ཞུར་པོ་ཆིབས༔ སྟག་རལ་གཟིག་ཤུབ་བསེ་ཆས་ལྡན༔ གྲི་བཙན་དམར་པོའི་ཐུགས༴ ཀམ་ཀའི་བདུད་བཙན་སྐུ་མདོག་ལྗང་༔ ཕྱག་ན་རུ་མཚོན་ཞགས་ནག་ཐོགས༔ ལྗང་སྔོན་གྭ་པ་གཞུང་ནག་ཆིབས༔ བདུད་བཙན་ཆེན་པོའི་ཐུགས༴ རྩལ་ཐོག་རྒྱུག་བཙན་སྐུ་མདོག་དམར༴ ཕྱག་ན་རལ་དྲི་ཞགས་ཁྲ་ཐོགས༔ རྟ་པ་དམར་པོ་རླུང་གཤོག་ཆིབས༔ སྟག་རལ་གཟིག་ཤུབ་བསེ་ཆས་བཅས༔ རྩལ་ཐོག་རྒྱུག་བཙན་ཐུགས༴ ཆེ་བཙན་རོལ་པ་སྐྱ་བདུན་ཡང་༔ སྲིད་པའི་

(༧༩༦)མདོས་ཀྱི་ཐུགས་དམ༴ ཞེས་གསུངས། ཚངས་པའི་དམག་དཔོན་རྨེ་རྩེ་ཞེས་པ་དང་༔ ཚངས་པ་དཀར་པོ་སྐུ་བཞེངས་ཤིག༔ ཅེས་གོང་དུ་ཁུངས་དྲངས་པ་ལྟར༔ གནོད་སྦྱིན་བཤན་པ་དམར་ནག་ཉིད་ཚངས་པ་དུང་ཐོད་ཅན་ཡིན་པར་ཡང་གསུངས་ཤིང་༔ གནོད་སྦྱིན་དམར་ནག་གི་ལས་མཐའ་ནོར་གཉེར་དུ་གཏད་པའི་མན་ངག་ལས་ཀྱང་༔ རྟ་ཐོད་ཡི་ནང་དུ་བཅིངས་པའི་སྐུ་བྲིས་ནས་ལས་སྒྲུབ་ཚུལ་གསུངས། བསྐུལ་ལས་ཀྱང་། ཡང་སྤྲུལ་རྒྱལ་ཕྲན་སུམ་བརྒྱ་འགྱེད༔ བུད་མེད་ཆགས་པ་ཆེ་བའི་རིགས༔ སྙིང་དང་ཡིད་དུ་འོང་བ་ལ༔ དེ་ལྟར་སྤྲུལ་ནས་ཚེ་སྲོག་ལེན༔ མོ་རིགས་སྲིད་ཐགས་རིང་བ་ལ༔ བུ་ཆུང་འདྲ་བར་སྤྲུལ་ཞིང་བསླུ༔ ཁྱོད་ནི་མོ་རིགས་བདག་པོ་སྟེ༔ ཀུན་ཀྱང་ཁྱོད་ཀྱི་བཀའ་ཉན་ཕྱིར༔ ར་ལྤགས་དཀར་པོའི་རྒྱལ་མཚན་འཕྱར༔ ཞགས་པ་དཀར་ནག་ཀླད་ལ་བསྐོར༔ ཞེས་གསུངས༔

(༧༩༧)དྲང་སྲོང་ཡ་བྱིན་མཐུ་རྩལ་ཅན༔ བྲམ་ཟེའི་བུ་བཞིན་དམོད་མོ་རྣོ༔ གཤིན་རྗེ་དམར་པོ་ཡི་དྭགས་རྗེ༔ ཉིན་བཞིན་མི་ཕྱུགས་བརྒྱ་བརྒྱ་གསོལ༔ མཚན་བཞིན་མི་ཕྱུགས་བརྒྱ་བརྒྱ་གསོལ༔ ཞེས་ཀྱང་གསུངས༔ བདུད་མགོན་ཆེན་པོ་སྐྲག་མེད་ཉི་ཤར་ཡིན་པར་ཡང་གསུངས་ཏེ༔ ལས་བྱང་ལས༔ བདུད་ཀྱི་བུར་སྐྱེད་གནོད་སྦྱིན་མཐུ་བོ་ཆེ༔ སྐུ་ལ་བདུད་ཀྱི་བེར་ནག་བནབས་ནས་ནི༔ བདུད་བྱ་ནག་པོ་དགྲ་ལ་སྤྲུལ་ལ་འགྱེད༔ ཕྱག་མཚན་རལ་གྲིས་དགྲ་སྙིང་ཚལ་པར་འགེམས༔ དམ་ཉམས་དགྲ་ལ་དྲག་ཏུ་བསྐུལ་བའི་ཚེ༔ བདུད་པོ་ནག་པོ་ཇག་པ་བརྒྱ་དང་བཅས༔ ཕྱི་ནང་ལྟས་ངན་མཚོན་ཆའི་ཆར་པ་འབེབས༔ ཤངས་ནས་རླུང་ནག་འཚུབ་མ་སློང་བྱེད་ཅིང་༔ ཁ་ནས་ལྟས་ངན་བཟློག་

(༧༩༨)ཅིང་དགྲ་བོ་སྒྲོལ༔ གནོད་སྦྱིན་ཁྱོད་ནི་ཤིན་ཏུ་མི་བཟད་དེ༔ སངས་རྒྱས་བསྟན་པ་བསྲུང་ཞིང་བཀའ་སྡོད་བྱེད༔ ཅེས་དང་༔ གནོད་སྦྱིན་དམར་ནག་གི་ནོར་སྒྲུབ་ལས༔ ཕྱི་ལྟར་གནོད་སྦྱིན་དུ་བསྒྲུབ་ནས་ནོར་སྤེལ་བ་དང་༔ ནང་ལྟར་བདུད་དུ་བསྒྲུབ་ནས་རུ་ཏྲ་བསྒྲལ་བ་དང་༔ གསང་བ་གཟའ་རྒོད་དུ་བསྒྲུབ་ནས་སེར་བ་དབབ་པ་དང་གསུམ་ལས༔ འདི་ནི་བདུད་ནག་པོ་སྐྲག་མེད་དུ་བསྒྲུབས་ནས་རུ་ཏྲ་བསྒྲལ་བའོ༔ ཞེས་པ་དང་༔ གནོད་སྦྱིན་ཆེན་པོའི་ཞལ་དུ་ཁཱ་ཧི༔ ནག་པོ་སྐྲག་མེད་ཞལ་དུ༴ དམར་ནག་ཆེན་པོའི་ཞལ་དུ༴ རོག་ཏི་ནག་པོའི་ཞལ་དུ་ཁཱ་ཧི༔ ཞེས་གསུངས་པས༔ ཀི་ཀང་རོག་ཏི་ཡང་འདི་ཡིན་ནོ༴ ཡུམ་གཅིག་གསོད་བྱེད་མ་མོ་སྐུ་ལ་འཁྲིལ༔ ཙིཏྟ་དམར་པོ་ཕྱག་ན་བསྣམས་ནས་ནི༔ གཙོ་མཆོག་འབར་

(༧༩༩)བྱེད་ཞལ་དུ་སྟོབ་པར་བྱེད༔ ཞེས་ཀྱང་གསུངས། གནོད་སྦྱིན་དམར་ནག་གི་བཙན་བསྐུལ་ལས༔ ཤར་ཕྱོགས་རྡོ་རྗེ་བྲག་གི་གདན་སྟེང་དུ༔ སྲོག་གཅོད་སྒྲོལ་གིང་དམར་པོ་བཞེངས༔ སྐུ་ནི་ཟླ་བ་ཚེས་པ་འདྲ༔ གློག་དམར་འཁྱུག་པའི་རྟ་ལ་ཞོན༔ ཕྱག་ན་དར་མདུང་དམར་པོ་བསྣམས༔ བསི་ཕུབ་དམར་པོ་ཁྱི་ལི་ལི༔ སྤྲུལ་པ་མི་དམར་འགྱེད༔ རོལ་དུ་གླང་དམར་རྭ་རིང་ཁྲིད༔ བཤན་པ་སྒྲོལ་གིང་ལས་ལ་ཡཱ༔ ལྷོ་ཕྱོགས་ཁྲག་མཚོའི་གཞལ་ཡས་ནས༔ སྲོག་གཅོད་སྒྲོལ་གིང་བཤན་པ་གྲི་ཐོག་བཞེངས༔ སྐུ་མདོག་མཐིང་ག་བཻ་ཌཱུར་སྔོན་པོ་འདྲ༔ ཆིབས་སུ་འབྲུག་མོ་ཁ་གདངས་ཆིབས༔ སྤྱན་བགྲད་ཁྲོས་པའི་འོད་ཟེར་གྱིས༔ ནུབ་ཕྱོགས་མེ་དཔུང་འབར་བའི་དཀྱིལ་འཁོར་ནས༔ ཁྲག་མཚོ་བསྐམས་ཤིང་ལྗགས་འདྲིལ་འཁྲོལ༔ གཅོད་པའི་གྲི་དང་

(༨༠༠)ཁྲག་གི་བ་དན་འཕྱར༔ སྤྲུལ་པའི་ཕོ་ཉ་རྟ་དང་ལི་རུ་སྔོན༔ རོལ་དུ་ལྕག་གི་གླང་སྔོན་རྭ་རིང་ཁྲིད༔ གཤན་པ་སྒྲོལ་གིང་བདག་པོ་ལས་ལ་བྷྱོ༔ ནུབ་ཕྱོགས་མེ་དཔུང་འབར་བའི་དཀྱིལ་འཁོར་ནས༔ ཁྲག་མདོག་དམར་པོ་མེ་ཡི་རལ་པ་ཅན༔ རྔམས་པའི་ཞལ་ནས་འབྲུག་དང་ཐོག་ཆེན་འབེབས༔ ཆིབས་སུ་མེ་རྟ་དམར་པོ་འཕྲོ་བ་ཆིབས༔ གློགས་དམར་ཞགས་པ་ཡིད་ཀྱིས་བསམ་པས་འདེབས༔ སྐུ་ལ་བསི་ཕུབ་དར་མདུང་དམར་པོ་འཕྱར༔ སྤྲུལ་པ་མི་དམར་རྟ་དམར་ཕྱོགས་བཅུར་འགྱེད༔ རོལ་དུ་ཟངས་ཀྱི་གླང་དམར་སྟག་རིས་ཁྲིད༔ སྒྲོལ་གིང་བཤན་པ་དམར་པོ་ལས་ལ་བྷྱོ༔ བྱང་ཕྱོགས་རླུང་ནག་འཚུབ་པའི་དཀྱིལ་འཁོར་ནས༔ མི་འཇིགས་དཔའ་བོ་རླུང་གི་མྱུར་མགྱོགས་ཅན༔ ལྗང་ནག་ཁྲོས་པ་དུང་གི་སྣ་ཆ་འཁྲོལ༔ ཆིབས་སུ་གནམ་ལྕགས་གློག་གི་སྐར་མདའ་ཆིབས༔ སྦྲུལ་ནག་ཞགས་པ་ནག་པོ་ཀླད་ལ་སྐོར༔ ལྕགས་ཀྱི་གླང་དམར་རྭ་

(༨༠༡)རིང་རོལ་དུ་འཁྲིད༔ སྒྲོལ་གིང་བཤན་པ་ནག་པོ་ལས་ལ་བྷྱོ༔ བཙན་པོ་ཁ་བཞི་གྲི་རྒོད་བདག་པོ་བཞི༔ འབྱུང་བ་བཞི་ལ་དབང་བསྒྱུར་རྩལ་ཆེན་ཁྱོད༔ ཞེས་འབྱུང་བཞིར་དབང་བསྒྱུར་བའི་བཙན་རྒོད་སྡེ་བཞི་ཡང་ཡིན་པར་གསུངས༔ འདིའི་ཡབ་གནོད་སྦྱིན་ཡཀྵ་འབར་བྱེད་ནི་ཁྱབ་འཇུག་རཱ་ཧུ་ལ་ཡིན་ནོ༔ གནོད་སྦྱིན་སྤུ་གྲི་དམར་ནག་གི་བརྒྱུད་ལས། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན༔ གདུག་རྩུབ་མེ་རླུང་མཚོན་ཆ་རབ་ཏུ་འཁྲུག་པའི་གནས་ན༔ ཡབ་སྲིན་པོ་གནོད་སྦྱིན་ཡཀྴ་འབར་བྱེད་དང་། མ་སྲིན་མོ་ཀླུ་མོ་དམར་ཤམ་དང་༔ སྲས་གནོད་སྦྱིན་དམར་ནག་དང་༔ ལྷ་མ་སྲིན་སྡེ་བརྒྱད་ལ་སོགས་པའི་འཁོར་ཐམས་ཅད་དང་༔ ལྷན་གཅིག་ཏུ་ཚོགས་ནས་དེའི་ཚེ་གནོད་སྦྱིན་གཟའ་དང་། སྲིན་མོའི་བུ་བསྡོངས་ནས་སྲིད་པ་གསུམ་གྱི་ཤ་ཟོས་ཁྲག་འཐུངས་སོ༔ འཇིག་རྟེན་མི་

(༨༠༢)བདེ་བའི་རྣམ་པས་སྡུག་བསྔལ་ལོ༔ དེར་དཔལ་གསང་བའི་བདག་པོ་ཐུགས་ཁྲོས་ནས་རྡོ་རྗེ་ལན་གསུམ་གསོར་ཏེ་གདུག་ཅན་འདུལ་བའི་ཏིང་ངེ་འཛིན་ལ་བཞུགས་སོ༔ དེར་ལྷ་མ་སྲིན་སྡེ་བརྒྱད་དེ་དག་ཀྱང་དངངས་ཤིང་རྒྱལ་པོ༔ གླེང་བཞིའི་ལེའུ་སྟེ་དང་པོའོ༔ དེ་ལས་ཁྱབ་འཇུག་ཆེན་པོ་སྟན་ལས་ལངས་ཏེ༔ ཀྱཻ། དཔལ་ཆེན་པོ་གནོད་སྦྱིན་འདི་ནི་བདག་གིས་བུ་ལགས༔ སྲིན་མོ་འདི་ནི་བདག་གིས་ཆུང་མ་ཡིན༔ འཁོར་གྱི་ལྷ་མ་སྲིན་སྡེ་བརྒྱད་ལ་སོགས་པ་ཁྱེད་ཀྱི་བྲན་དུ་འབུལ་ལོ༔ བྲན་ལ་ནན་ཏན་མ་ཆུང་ཞིག༔ ཅེས་གསོལ་བས་དཔལ་ཆེན་པོས་སྤྱན་མདུང་ཚུགས་སུ་གཟིགས་ནས༔ དེ་ལྟར་ན་འགྲོ་བ་ལ་མི་གནོད་པ་དང་བསྟན་པ་བསྲུང་བར་དམ་ཆོས་ཤིག༔ ཅེས་བཀའ་སྩལ་པ་དང་སོ་སོའི་སྲོག་བསྡུས་ནས་ཕུལ་ལོ༔ རཱ་ཧུ་ལ༔ ཡཀྵ༔ རཀྵ༔ ཡ་མ༔ ར་ཙ༔ དུ་ཏྲི༔ ཕུ་ཏྲིའུ༔ ཨ༔ ཞེས་སྲོག་སྙིང་

(༨༠༣)ཕུལ་ཏེ་ཅི་བགྱི་བའི་བཀའ་ཉན་པར་དམ་བཅས་སོ༔ ཞེས་གསུངས༔ དེ་ལྟར་ན་གནོད་སྦྱིན་ཆེན་པོ་བེག་ཙིའི་ཡབ་གནོད་སྦྱིན་ཟངས་ཀྱི་རལ་པ་ཅན་ཡང་ཁྱབ་འཇུག་རཱ་ཧུ་ལ་རིག་པར་བྱའོ༔ གནོད་སྦྱིན་དམར་ནག་གི་ལས་མཐའ་སེར་བ་དབབ་པའི་མན་ངག་ལས་གནོད་སྦྱིན་ཆེན་པོ་དྲག་རྩལ་ཅན༔ སྡེ་བརྒྱད་ཀུན་གྱི་དམག་དཔོན་མཛད༔ སྲིང་མོ་གདོང་མོ་མཆེད་བཞིར་བཅས༔ ཀི་ཀང་རྔམས་པའི་ལས་མཛད་ཀུན༔ དམ་ཉམས་ཡུལ་དུ་ཀི་ཀང་ཕོབ༔ གནོད་སྦྱིན་ཆེན་པོ་ཟོར་བའི་གདོང་༔ དུས་ལ་བབས་སོ་ས་མ་ཡ༔ ཞེས་གནོད་སྦྱིན་ཆེན་པོ་ཟོར་བའི་གདོང་ཅན་དུ་ཡང་གསུངས་སོ། །གཏེར་བདག་རྫོང་བཙན་པ་ཡང་འདི་ཡིན་ཏེ༔ དེ་ལ་ཕྱི་ནང་གསུམ་ཡོད་པའི་ཕྱི་ཀླུ་བཙན༔ ནང་དཔེ་ཧར༔ གསང་བ་རྣམ་

(༨༠༤)སྲས་སུ་འོག་ཏུ་འཆད་པར་གྱུར་ལ་འདི་ཉིད་རྣམ་སྲས་དང་གཅིག་པའི་ཕྱིར་རོ༔ དེ་བཞིན་དུ་རྡོར་ལེགས༔ མལ་དྲོ་གཟི་ཅན༔ ཐང་ལྷ། གཉན་ཕྱི་མཁར་ནག །མཁའ་རི། ཤེལ་གིང་སོགས་ཀྱང་འདི་ཉིད་ཡིན་ཏེ། འོག་ཏུ་འཆད་པ་རྣམས་ལས་རྟོགས་པར་འགྱུར་རོ། །དེ་ལྟར་ངོ་བོ་གཅིག་ཚུལ་རྣམས་ལ་གོང་འོག་ཅི་རིགས་སུ་བཤད་ཕྱིར་རྟོགས་པར་སླ་ཡང་འདིར་སོ་སོའི་ཐད་དུ་ཡང་བསྡབ་ཀྱར་བལྡབ་ཏུ་འཆད་པའི་བསྟན་བསྲུང་འདི་དག་ཀྱང་གྲགས་ཆེ་ཞིང་ཉེ་བར་མཁོ་བ་དང་གལ་ཤིན་ཏུ་ཆེ་ནའང་ངོ་བོ་འགལ་མེད་གཅིག་ཏུ་ཤེས་པ་ཆེར་མི་སྣང་ཞིང་༔ དེའི་དབང་གིས་དངོས་གྲུབ་ཀྱང་བུལ་བ་དང་། ཆོས་སྤོང་གི་ལས་ཀྱང་གསོག་ཉེ་བ་སོགས་དགོས་པའི་གནད་ཆེ་བར་མཐོང་ཞིང་། ལོ་རྒྱུས་འདི་དག་གི་མགོ་མཇུག་ཚང་མ་

(༨༠༥)བལྟ་བར་མི་ནུས་པ་རྣམས་ལ་སོ་སོའི་ཐ་དད་དུ་བཤད་པ་ཁོགས་ཕུབས་པ་རེ་བགྱིས་པ་ལེགས་པར་མཐོང་སྟེ་སྨྲས་པ་ཡིན་ནོ། །དེ་ལྟར་བེག་རྩེ་ལྕམ་དྲལ་གྱི་སྲོག་གཏད་ནི་ཆོས་རྒྱལ་གཏེར་བདག་གླིང་པ་ལས་རྒྱུད་དེ་གར་དབང་པདྨའི་མཚན་ཅན་གྱི་སྤྱན་སྔར་ཐོབ། བེ་བུམ་གྱི་ལུང་རྣམས་རྡོ་རྗེ་འཛིན་པ་ཀླུ་ཞབས་ཀྱི་སྤྱན་སྔར་ཐོབ། འདི་ཉིད་གནོད་སྦྱིན་བཤན་པ་དམར་ནག་ཏུ་བཞེངས་པའི་སྲོག་གཏད་དང་སྒྲུབ་ཐབས་ལུང་གི་སྐོར་ལ་གཤིན་རྗེ་ཆེན་པོ་གྲ་པ་མངོན་ཤེས་ཀྱི་གཏེར་བྱོན་དང་། རིགས་འཛིན་རཏྣ་གླིང་པའི་གཏེར་བྱོན་དང་། ལས་འབྲེལ་གྱི་གཏེར་བྱོན་སོགས་ཆོས་རྒྱལ་གཏེར་བདག་གླིང་པ་ལས་བརྒྱུད་དེ་རྡོ་རྗེ་འཛིན་པ་ཆེ་མཆོག་འདུས་པ་རྩལ་གྱི་ལེགས་པར་སྩལ་བ་ཡིན་ནོ། ༈ །འོལ་དགའ་སྟག་ཤེར་གྱི་རྗེ་བཙན་དམར་པོ་ནི། ངོ་བོ་རྡོ་རྗེ་ལེགས་པ་དང་གཅིག་

(༨༠༦)ཀྱང་རྣམ་འགྱུར་འདི་ཉིད་ཀྱི་སྐྱེ་བརྒྱུད་ཐུན་མོངས་བའི་སྣང་ཚུལ་དང་བསྟུན་ཏེ་བཤད་པ་ནི༔ སྔོན་བྱང་ཁམས་སྣ་བརྒྱད་ན་མི་རྒོད་བྱང་ཐང་གི་རྗེ་ཞེས་པ་ཞིག་བྱུང་སྟེ། བྱང་སྨན་འཕྲུལ་མོ་ཁབ་ཏུ་བཞེས། དུས་ནམ་ཞིག་གི་ཚེ་ཇག་པ་དུ་མའི་ཇག་དཔོན་བགྱིས་ཏེ་ལྷོ་ཕྱོགས་ཀྱིས་ཕྱོགས་ཐམས་ཅད་འགྲིམས༔ གཞན་གྱི་ཟས་ནོར་ལོངས་སྤྱོད་ལ་བདག་གིར་མཛད། དེའི་ཚེ་བོད་ཡུལ་ལྷོ་ཕྱོགས་ཀྱི་བྱང་ཐང་ཡངས་པ་ཞིག་ཏུ་ཇག་མཛད་ནས། དགྲ་ཟླ་རྒྱལ་ཏ་གྲིར་བཀུམ་པས་སྨོན་ལམ་གྱི་མཐུས་ཡུལ་སྟག་ཤེར་གྱི་ཉིན་ཏུ་སྨུག་པོའི་ནང་རྒྱབ་རི་བཙན་དན་གྱི་ནགས་ཚལ་རི་རྒྱལ་ལྷུན་པོ་འདྲ་བ། མདུན་རི་དམར་དཔོན་དར་མདུང་འཕྱར་བ་འདྲ་བ། གཡས་རི་དར་ནག་གི་ཡོལ་བ་རྐྱང་བ་འདྲ་བ། གཡོན་རི་སེང་གེ་དཀར་མོ་གནམ་དུ་འཆོང་བ་འདྲ་བ། འབབས་ཆུ་སྦྲུལ་ནག་ཐུར་དུ་

(༨༠༧)རྒྱུག་པ་འདྲ་བ། ཕུ་ལག་སོར་བཀྲམ་པ་འདྲ་བ། མདའ་སླ་ང་ཆབ་ཀྱིས་བཀང་བ་འདྲ་བ། ཇོ་བོ་སྐྱེས་ཅེས་པའི་གནས་སུ་སྐུ་མཁར་རྨང་གཞི་ལྕོགས་ལོག་བཞི་གསེར། ཁ་བད་གཡུ། དུང་གི་སྒོ་ལ་མཆོང་དང་བྷུ་རུའི་ཐེམ་སྐས་ཅན་རྩེ་མོ་ཤ་རུ་དམར་པོ་ཟངས་ཡག་མཁར་དུ་བརྩེགས་པ། ཤར་དུ་ལྕགས་ཀྱི་སྤྲེའུ་གདོང་དམར་བརྒྱ་ཕྲག་མང་པོ་བརྩེ་བ། ལྷོར་མི་དམར་རྟ་དམར་དུ་མ་རྟ་རྒྱུག་བྱེད་པ། ནུབ་ན་གཅན་གཟན་ངར་སྐད་འབྱིན་པ་བྱང་ན་བདུད་བྱ་སྐྱུང་ཀ་འཁྲུག་པ། རྩ་བར་དུང་མཚོ་དཀར་མོ་འཁྱིལ་བའི་ཕོ་བྲང་དེར་སྐུ་འཁྲུངས། གཡས་དམར་གཡོན་དམར་བཙན་མི་དམར་རྟ་དམར། རི་བོ་བེ་མདངས་བཙན་མི་སྔོན་རྟ་སྔོན། རམ་ལྷ་ཕྱུགས་པོའི་བཙན་

(༨༠༨)བཙན་མི་སྔོན་རྟ་སྔོན། མཚོ་ཁ་རྐྱང་ཕག་བཙན་མི་ཁྲ་རྟ་ཁྲ། ཐིག་ལེ་གོང་པོའི་བཙན་མི་སེར་རྟ་སེར། ལག་སོར་འཕེར་ནག་བཙན་མི་དམར་རྟ་དམར། བལ་པོ་དུང་ལུང་བཙན་མི་དཀར་རྟ་དཀར་རྣམས་བློན་པོ་སྟེ་འདི་དག་ནི་འབར་བ་སྤུན་བདུན་ནོ། །གཞན་ཡང་གཡས་ཀྱི་རུ་འདྲེན་རེ་བ་དམར་པོའི་བཙན་མི་དམར་རྟ་དམར། གཡོན་གྱི་རུ་འདྲེན་གད་པ་སྟག་ཤར་བཙན་མི་དཀར་རྟ་དཀར། སྔོན་གྱི་སྣ་འདྲེན་སྣང་ཕྱིའི་ཀླུ་བཙན་མི་དམར་རྟ་དམར། བཀའི་ཕོ་ཉ་བྲག་ནག་རྟ་ནག་རྣམས་ཀྱིས་བསྐོར་ཏེ་བཞུགས། ལུང་པའི་ཕུར་གཤེགས་དུས་ཡུལ་ལྷ་སྤང་དུ་ཞེས་པ་མི་དཀར་རྟ་དཀར་གྱི་གོས་ཅན། ལྷ་གཡག་དཀར་པོ་ཆིབས་པར་སྤྲུལ་ཏེ་གཡས་ཀྱི་རུ་འདྲེན་བཙན་དམར་མི་ལུས་འཕྱི་

(༨༠༩)བའི་མགོ་ཅན། གཡོན་གྱི་རུ་འདྲེན་རློན་མཁན་ན་གའི་བཙན་རྒོད་སྔོན་པོ་སྦྲུལ་གྱི་ཐོད་ཅན། སྔོན་གྱི་སྣ་འདྲེན་གཡུ་ལུང་སྐྱེར་པའི་བཙན་རྒོད་མི་ཁྲ་རྟ་ཁྲ། སླད་ཀྱི་རྗེས་ཡུལ་ཡ་བ་སྐྱ་གཅིག་ར་རྒོད་ལ་ཆིབས་ཏེ་བསྐོར་ཏེ་བཞུགས༔ ཟངས་རི་བྱེ་ཚང་དུ་ལྕགས་ཀྱི་སྤྱང་ཀི་སྔོན་པོ་བརྒྱ་གཡས་ཕྱོགས་སུ་སྤྲུལ། ཟངས་ཀྱི་འཕར་བ་དམར་པོ་བརྒྱ་གཡོན་ཕྱོགས་སུ་སྤྲུལ། མི་དམར་རྟ་དམར་གྱི་རྟ་རྒྱུག་མཛད་པས་བྱི་བཙན་པར་གྲགས། མར་ནས་བོན་གཞུང་གི་གསོལ་འདེབས་མཆོད་ལས། ཚེ་ལ་སྐྱ་མོ་ནས། ཟེ་འཕྲང་ཡན་ཆད་དུ། སྔོན་ནས་ཆགས་པ་ཡི། སྟག་ཤེར་ལུང་པའི་བཙན། སུམ་བརྒྱ་དྲུག་ཅུ་པོ། ཞེས་འབྱུང་བ་ལྟར་བཙན་རྒོད་སུམ་བརྒྱ་དྲུག་ཅུའི་འཁོར་གྱིས་བསྐོར་ཏེ་བཞུགས་པ་ནི་རྡོར་ལེགས་

(༨༡༠)ཀྱི་མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དང་གཅིག་གོ །འདི་དག་ལས་ལྷ་གིང་བཙན་དཀར་བརྒྱ༔ བཙན་གིང་བཙན་དམར་བརྒྱ། བདུད་གིང་བཙན་ནག་བརྒྱ། གཤིན་རྗེའི་གིང་བཙན་སེར་དྲུག་ཅུ་རྣམས་ཤར་ནུབ་བྱང་ལྷོར་བཞུགས་ཏེ་ལས་བཞིའི་ཕྲིན་ལས་མཛད་པས་ཕྱོགས་བཞིའི་དམག་དཔོན་བཞིའི་གིང་བཞིར་གྲགས་ཤིང་། བསྡུ་ན་གིང་གསུམ་དུ་འདུ་ལ་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཅན་ཤ་སྟག་ཡིན་ནོ། ༈ །འདི་ཉིད་གཉན་གྱི་རྣམ་པར་བཞེངས་པ་རྨ་ཁམས་གངས་རིའི་ལྷུན་པོ་གངས་ཕྲན་སུམ་བརྒྱ་དྲུག་ཅུས་བསྐོར་བའི་གནས་སུ་གསང་ཡུམ་གུང་སྨན་ལྷ་རི་སྲས་པོ་དགུ་དང་སྲས་མོ་དགུ་སྟེ་བཅོ་བརྒྱད། ཤར་གྱི་འཇུ་ཆེན་ལྡོང་ཁྲོང་། ལྷོའི་དབྱི་ཆེན་རབ་སྔོ། ནུབ་ཀྱི་འབྲི་ཆེན་ལྡོང་དངུལ། བྱང་གི་གཉན་ཆེན་ཐང་ལྷ་སྟེ་གཉན་ཆེན་སྡེ་བཞི་མཆེད་འཁོར་སུམ་བརྒྱ་དྲུག་ཅུའི་

(༨༡༡)ཚོགས་ཀྱིས་བསྐོར་ཏེ་བཞུགས་ལ། སློབ་དཔོན་ཆེན་པོས་བསམ་ཡས་ཀྱི་ས་འདུལ་མཛད་དུས་ལྷ་སྲིན་གཞན་རྣམས་འདུས་ཤིང་བཏུལ་གྲུབ་ནས་སྤོམ་ར་མ་འདུས་པས་བོན་གཞུང་རྣམས་སུ་དེ་དུས་སློབ་དཔོན་ཆེན་པོས་སྤོམ་ར་འདུལ་མ་ཐུབ་པར་བོན་པོ་རྣམས་དགའ་བའི་རྣམ་འགྱུར་བགྱིས་པའི་ལོ་རྒྱུས་ཀྱང་འདུག །སླར་ལྕགས་ཀྱུའི་ཕྱག་རྒྱས་ཆེད་དུ་དགུག་པར་མཛད་པ་ན། རྐང་པ་ཡ་གཅིག་ཁམས་སུ་བཞག །ཡ་གཅིག་ཧས་པོ་རི་ལ་བཞག་ནས་བདག་གིས་ཅི་བགྱི་ཞེས་ཞུས་ཏེ། དམ་ནོས་པར་གྲགས་པས་རྣམ་པ་དྲེགས་པ་ཅན་ཐམས་ཅད་ཀྱི་ཁྲོད་ནས་ཤིན་ཏུ་ཁེངས་ཤིང་དཔའ་བརྗིད་དང་ལྡན་པ་ཞིག་གོ །སྤོམ་རའི་ཚ་བོའི་རིགས་ཏེ་ཡུལ་གླིང་ཡུལ་བྲག་དཀར་གྱི་རྫོང་དུ་ཡབ་ཅོ་པ་དེ་སེའམ་ནམ་མཁའ་འོད་ཀྱི་དགྲ་ལྷ། ཡུམ་གཡུང་དྲུང་།།།པའི་རྒྱལ་མོའམ་

(༨༡༢)མཚོ་སྨན་རྒྱལ་མོ་སྟེ་དོན་དུ་།།།མ་དང་གཅིག་ལ་།།།དག་དེ་འབག་གི་འབྲོག་པ་རྣམས་ཀྱིས་རྡོ་རྗེ་གཡུང་དྲུང་།།།རྒྱལ་མོ་ཞེས་འབོད་པ་འདི་ཡིན། ཁོ་བོས་ཕྱིས་འདིའི་གསོལ་ཁ་བརྩོམས་སྟེ་ངོ་སྤྲད་པ་མ་གཏོག་བར་སྐབས་སུ་འཁྲུལ་འབྱམས་ཀྱིས་བཙན་དུ་ངོས་འཛིན་བྱེད་ཅིང་འདུག །དེ་ལ་འཁྲུངས་པའི་སྲས་གོར་མཚོ་གཡུང་དྲུང་།།།མི་མགོན། གཅེན་པོ་ཀླུ་སྦལ་མགོན་པོ། གཅུང་པོ་ཀླུ་སྦྲུལ་འོད་ཅན། ལྕམ་མོ་ཀླུ་ཟི་རག་ཕྲོམ་སྟེ་ལྕམ་སྲིང་བཞི། མེས་པོ་གཉན་བྲག་དམར་པོ། ཕྱི་མོ་ཀླུ་མཚོ་སྔོན་མོ། སྲུ་མོ་ཐ་རེ་ཝེར་ཁྲོམ། ཕ་ཞགང་རྨ་ཆེན་སྤོམ་ར། མ་ཞང་འབྲིང་ཆེན་ལྡོང་དངུལ། བདག་ཞང་ཁྲོམ་གྱི་ཚ་རེ། རྒྱབ་ལྷ་གནམ་ཆེན་ལྡོང་ཕྲོམ། སྐུ་ལྷ་གཉན་ཆེན་དཀར་པོ། དགྲ་ལྷ་ཤོ་ཁྲོམ་གཡུ་རྩེ། མ་ལྷ་ཟོམ་གྱི་དགྲ་

(༨༡༣)ལྷ། ཞང་པོ་གྲི་ཐོགས་བརྒྱ་བདུན་བུ་རྫི་གནམ་སྨན་དཀར་མོ། ཕྱག་བརྙན་སྦྲུལ་ནག་རེག་འཇམ། ཟོ་དོར་ཕ་བོང་ར་དྲེལ། ཕོ་ཉ་དུང་སེང་དཀར་མོ། འོག་རྟ་ཕ་ཝང་དེལ་དཀར་སོགས་ཀྱིས་བསྐོར་ཏེ་མཐུ་སྟོབས་དང་། རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པར་བཞུགས་པའོ། །རང་རེའི་རི་བོ་རིན་ཆེན་སྤུངས་པ་ལྷུན་པོ་རྫ་འདི་ཉིད་གེར་མཚོའི་ཕོ་བྲང་གི་གཙོ་བོར་གྱུར་པ་ཞིག་ཡིན་ལ། བདག་ལའང་དངོས་ཉམས་རྨི་ལམ་དུ་མར་ལྷག་པར་དུ་བརྩེ་བར་མཛད་པ་ཞིག་གོ ༈ །དམ་ཅན་ཆོས་ཀྱི་རྒྱལ་པོ་ལས་ཀྱི་གཤིན་རྗེར་གྲགས་པ་མཉམ་མེད་རི་བོ་དགའ་ལྡན་པ་རྣམས་ཀྱི་བསྟན་བསྲུང་གི་གཙོ་བོར་མཛད་པ་འདིའི་ལོ་རྒྱུས་ནི་ཇོ་ནང་རྗེ་བཙུན་ཀུན་དགའ་སྙིང་པོས་མཛད་པའི་འཇིགས་བྱེད་ཀྱི་ཆོས་འབྱུང་དུ་གསུངས་པ་ནི་འདི་ལྟར། གྲུབ་

(༨༡༤)ཐོབ་རྒྱུད་པའི་བླ་མ་རྣམས་ཀྱི་སྙན་ནས་སྙན་དུ་བརྒྱུད་པའི་གཏམ་ར་ལོ་ཆེན་པོའི་གསུང་རྒྱུན་ལས་འབྱུང་བ་ནི། སྔོན་དུས་དཔག་ཏུ་མེད་པ་འདས་པའི་སྔོན་རོལ་ན། ལྷ་དབང་ཕྱུག་ཆེན་པོའི་བུ་ལྷའི་དམག་དཔོན་ཆེན་པོ་གཞོན་ནུ་གདོང་དྲུག་དང་། ལྷ་མིན་གདོལ་པ་དྲག་པོ་གཉིས་འཛམ་བུའི་གླིང་གི་བདག་པོར་སུ་བྱེད་ལ་མ་མཐུན་ནས། ཡུན་རིང་དུ་འཐབས་པ་ལས། གདོང་དྲུག་ནི་འཕམ་པ་གདོལ་པ་དྲག་པོས་འཛམ་གླིང་ལ་དབང་བསྒྱུར་བ་ན། ལྷ་དབང་ཕྱུག་ཆེན་པོ་རི་རབ་ཀྱི་ཁོང་གསེང་ན་གནས་པས་དེ་ཤེས་ཏེ། སུམ་ཅུ་རྩ་གསུམ་ལ་སོགས་པ་མཁའ་ལ་སྤྱོད་པའི་ལྷ་རྣམས་དང་། ནད་བརྒྱ་གདོན་བརྒྱད་ལ་སོགས་པ་སྟེང་གི་འབྱུང་པོ་ཐམས་ཅད་དང་། ལྷ་མིན་ཀླུ་ལ་སོགས་པ་འོག་ན་སྤྱོད་པ་ཐམས་ཅད་དམག་ཚོགས་སུ་བསྐུལ་ཞིང་། དྲག་པོ་དབང་ཕྱུག་ཆེན་པོ་

(༨༡༥)ཉིད་དྲག་ཤུལ་དང་བཅས་ཏེ་འོངས་པ་ན། གདོལ་པ་དྲག་པོ་ནི་མགོན་པོ་སྐྱབས་གཞན་མེད་པས་ཤིན་ཏུ་འཇིགས་ཤིང་སྐྲག་པ་ལས། བཅོམ་ལྡན་འདས་འཇམ་དཔལ་དབྱངས་ཡིད་ལ་དྲན་ཏེ། གདོང་ནམ་མཁར་ཕྱོགས་ཏེ་སྐད་ཀྱི་གདངས་ཆེན་པོས་མཚན་ནས་བོས་ཤིང་གསོལ་བ་བཏབ་པས། ཕྱོགས་དེར་འཇམ་དཔལ་མངོན་སུམ་དུ་བྱོན་ནས་གདུག་པ་ཅན་རྣམས་འདུལ་བའི་ཕྱིར་ཁྲོ་བོའི་སྐུར་བཞེངས་པ་ལས། ཞལ་གཞན་བརྒྱད་ཀྱིས་ཕྱོགས་མཚམས་ཀྱི་འཇིགས་བྱེད་བརྒྱད་གསོལ་བར་མཛད་ནས། རྩ་ཞལ་དང་ལིངྒས་ནི་འཇིགས་བྱེད་དབང་ཕྱུག་ཆེན་པོ་ཁྲོས་པ་བཏུལ། མ་ཧེའི་ར་གཉིས་ཀྱིས་ལྷ་མ་སྲིན་གྱི་རྟ་པ་རྣམས་བཅོམ། གླང་ལྤགས་འཛིན་པའི་ཕྱག་གཉིས་ཀྱིས་བརྒྱ་བྱིན་དང་། ཕྱག་གཞན་གཉིས་ཀྱིས་ཉེ་དབང་སུམ་ཅུ་རྩ་གཉིས་ཚར་

(༨༡༦)བཅད། ཞབས་གཡས་བརྒྱད་ཀྱིས་གདོན་བརྒྱད། གཡོན་བརྒྱད་ཀྱིས་ནད་བརྒྱད་མནན། ཀླུ་རྣམས་བརྒྱན་དུ་བཅིངས། གཞན་ཡང་ལྷ་གདོན་མ་རུངས་པ་རྣམས། ལ་ལ་ཞལ་དུ་གསོལ། ལ་ལ་ཞབས་ཀྱིས་མནན། ཞེས་དངོས་སུ་འབྱུང་ལ། དེའི་ཤུགས་ལ། གཞན་ཡང་ཞལ་དགུས་གཟའ་དགུ་དང་། ཕྱོགས་སྐྱོང་དགུ་དང་། འཇིགས་བྱེད་བརྒྱད་དམ་དགུ། ཞལ་དགུའི་སྤྱན་ཉེར་བདུན་གྱིས་རྒྱུ་སྐར་རྣམས་བཏུལ་བའང་དོན་གྱིས་ཐོབ་བོ། །དེ་ལྟར་གདུག་པ་ཅན་གྱི་ལྷ་ཀླུ་ལྷ་མིན་འབྱུང་པོ་མི་དང་མི་མ་ཡིན་པ་ཐམས་ཅད་དུས་དང་པོར་ཚར་བཅད་ཅིང་བསྒྲལ་ནས་སྙིང་ཁྲག་གསོལ་བ་ལ་སོགས་འཇིགས་པ་ཆེན་པོ་བསྟན་པ། སླར་ཡང་གསོས་ཤིང་རྗེས་སུ་བཟུང་སྟེ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། ཡང་དག་པའི་ལམ་ལ་བཀོད་ནས། གདོད་ནས་གྲུབ་

(༨༡༧)པ་དང་གསར་དུ་ཐོབ་པའི་དཔའ་བོ་རྣལ་འབྱོར་མ་དང་། སངས་རྒྱས་བྱང་སེམས་ནམ་མཁའ་གང་བའི་དབུས་སུ་རྩ་བའི་རྒྱུད་རྒྱས་པ་གསུངས། ཞེས་ཁུངས་སུ་འདྲེན་པར་མཛད་པ་འདི་ལ་མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་གསུངས་ལས། འདི་ལྟར་ནི་རྒྱུད་དང་རྒྱ་གཞུང་གང་ནས་ཀྱང་ཟུར་ཙམ་ཡང་མི་འབྱུང་ཞིང་། ཁུངས་རྣམས་དག་གང་གིས་ཀྱང་ཡིད་ཆེས་བསྐྱེད་པར་བྱར་མེད་པའི་གཏམ་རྒྱུད་སྔ་མ་དག་ལ་ཚད་མར་བཟུང་ན་མདོ་རྒྱུད་བསྟན་བཅོས་དང་ལེགས་པར་འགལ་བའི་ཅལ་ཅོལ་དུ་མ་སྨྲ་དགོས་པར་འགྱུར་རོ། །ཞེས་གསུངས་ཤིང་། ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ་ཀྱིས་ཀྱང་དེ་ལེགས་པར་གསུངས་མོད། ཆོས་མིག་མ་ཐོབ་པས་ཇི་ལྟར་ཡིན་བརྟག་པར་དཀའ་ཞིང་། དོན་ལ་གནས་ན་འཆི་བདག་ལས་ཀྱི་གཤིན་རྗེ་དང་། དྲག་པོ་དབང་ཕྱུག་ཆེན་

(༨༡༨)པོ་གཉིས་ངོ་བོ་གཅིག་ཡིན་པས། དེའི་དབང་གིས་གསུངས་པར་མངོན་ལ། ངོ་བོ་གཅིག་ཚུལ་ནི་གོང་དུ་རྒྱས་པར་སྨོས་གྲུབ་པ་ལ་ཤེས་མོད། ཇི་ལྟར་ཡིན་སྙམ་ན་དབང་ཕྱུག་དང་འཆི་བདག་ཆོས་ཀྱི་རྒྱལ་པོ་ཆེན་པོ་གཉིས་ཀ་དཔལ་ཆེན་པོ་དང་། འཇམ་དཔལ་གྱི་རྣམ་སྤྲུལ་དུ་མཚུངས་པའི་ཕྱིར་རོ། །ཇོ་ནང་པས་ཡང་དེར། སྟོན་པ་རྡོ་རྗེ་གདན་དུ་བཞུགས་ཏེ། བྱང་ཆུབ་བརྙེས་པར་བཞེད་པ་ལ། བདུད་ཀྱི་དམག་བྱེ་བ་སུམ་ཅུ་སོ་དྲུག་ལྷག་པའི་ཚེ། སྟོན་པ་ཉིད་གཤེད་གཤིན་རྗེ་གཤེད་པོའི་དཀྱིལ་འཁོར་དུ་བཞེངས་ཏེ། བདུད་ཀྱིས་རིགས་ཀྱི་ལྷ་ཚོགས་འབྱུང་པོ་ཐམས་ཅད་ཚར་བཅད་ནས་བྱང་ཆུབ་ཀྱི་ལམ་ལ་བཀོད་དེ་རྒྱུད་གསུངས་ཤིང་། མཐར་ཕྱག་ན་རྡོ་རྗེ་ལ་རྒྱུད་གཏད་ནས་ཁྱོད་ཀྱི་ཀྱང་གཤིན་རྗེ་གཤེད་ཀྱི་ཏིང་ངེ་འཛིན་དང་ཆོ་ག་འདིས། བདུད་རྣམས་ཐུལ་ཞིང་ཅེས་གསང་

(༨༡༩)བདག་ལ་གདམས་པའི་ཚུལ་གྱིས་ཕྱི་རབས་རྗེས་འཇུག་གི་གང་ཟག་རྣམས་ལ་དགོངས་པར་མཛད་དོ། །འདི་ནི་དམར་ནག་གི་རྒྱུད་ཀྱི་ལེའུ་ཐ་མ་ལས་འབྱུང་ངོ་། །གདོང་དྲུག་ལས་ནི། བཅོམ་ལྡན་འདས་ཁྲོ་བོ་ཆེན་པོའི་སྐུར་བཞེངས་ནས། མ་ཧེའི་བདག་པོ་ཆུང་མར་བཅས་པ་ཞབས་ཀྱི་འོག་ཏུ་བརྫིས་ཞེས་གཤིན་རྗེའི་བདག་པོ་ཁྱོ་ཤུག་ཚར་བཅད་ཅེས་གསུངས། དེ་ཡང་གཤིན་རྗེའི་བདག་པོ་དང་། དྲག་པོ་དབང་ཕྱུག་གཅིག་པར་འདོད་པའང་ཡོད་དོ། །ཞེས་གསུངས། ནག་པོ་དྲ་བ་ཅན་གྱི་རྒྱུད་ལས་ཁམས་གསུམ་འཁོར་བ་གཤིན་རྗེ་ཡིན། ཆོས་ཀྱི་རྒྱལ་པོ་རྗེ་བོ་ཡིན། །ཡ་མན་ཏ་ཀ་གཤེད་པོ་ཡིན། །ཞེས་གཤིན་རྗེ་དང་གཤེད་གཉིས་སོ་སོར་གསུངས་པ་བཞིན་དུ། དྲི་མ་མེད་པའི་ལུགས་ལས། གནས་ན་གནས་པའི་ཡི་དྭགས་དང་། །ལུས་ལ་

(༨༢༠)གནས་པའི་འཆི་བདག་དང་། །སེམས་ལ་གནས་པའི་ཉོན་མོངས་གསུམ། །གདུལ་བྱ་ལས་ཀྱི་གཤིན་རྗེ་ཡིན། །ཞེས་དང་དེའི་མུས་ལས་ཀྱང་། །འདུལ་བྱེད་གཤེས་ཀྱང་རྣམ་གསུམ་སྟེ། །ཆོས་ཀྱི་སྐུ་ཡི་ངོ་བོ་ལས། །གཟུགས་སྐུའི་ངོ་བོར་བསྟན་པས་ནི། །གནས་ན་གནས་པའི་ཡི་དྭགས་འདུལ། །ཆོས་དབྱིངས་བདེ་བའི་ངང་ལས་ནི། །ལོག་རྟོག་འཁྲུལ་པས་མ་བསླད་ཅིང་། །སེམས་ནི་ལྷ་ཡི་སྐུར་སྣང་བས། །ལུས་ལ་གནས་པའི་འཆི་བདག་འདུལ། །ལས་དང་ཡེ་ཤེས་གཉིས་མེད་པས། །སེམས་ཉིད་དག་པའི་ཀློང་དུ་ནི། །གདུལ་བྱ་འདུལ་བྱེད་གཉིས་མེད་ལ། །རང་ལ་གནས་པར་རྟོགས་པས་ནི། །སེམས་ལ་གནས་པའི་ཉོན་མོངས་འདུལ། །ཞེས་གསུངས་པས། གནས་ན་གནས་པའི་ཡི་དྭགས་ནི། །གདུལ་བྱ་ལས་ཀྱི་གཤིན་རྗེ་ཡིན། །ཞེས་

(༨༢༡)སྦྲེལ་ཏེ། དེ་ཡང་རི་རབ་ཆེན་པོའི་འོག་སའི་དཀྱིལ་འཁོར་གྱི་ཡང་འོག་རྒྱ་མཚོ་ཆེན་པོའི་གཏིང་རླུང་གིས་དཀྱིལ་འཁོར་གྱི་སྟེང་ན་ལས་དང་ཉོན་མོངས་ལས་གྲུབ་པའི་ལྕགས་ཀྱི་ཁང་པར། མི་རོ་གསར་རྙིང་ལ་སོགས་པ་དང་། ཁྲག་ཞག་གི་རྒྱ་མཚོར་འཁྱིལ་བ། ཁང་ཟུར་ཀུན་རྭོ་བམ་ཁྱི་ཤ་ཁྲག་རུས་པ་ཐང་དམར་བརྡལ་བའི་ནང་དུ། ནང་འཛིན་པའི་ཤེས་པ་ལས་འཁྲུལ་ཞིང་། ལས་ཀྱི་རྣམ་པར་སྨིན་པ་དྲག་པོའི་མཐུ་ལས་གྲུབ་པའི། ཡི་དྭགས་ཀྱི་བདུད་ནག་པོ་བྱེ་བ་དགུ་རིངས་ཞེས་ཀྱང་བྱ། གཤིན་རྗེ་བེ་ཝ་སཏྭ་ཞེས་ཀྱང་བྱ་སྟེ། མདོག་ནག་པོ་གཅེར་བུ་རལ་པ་ཅན། ཁ་གདངས་པ། མཆེ་བ་གཙིགས་པ། ལྕེ་འགྲིལ་བ། མིག་རྩ་རྒོད་པ། མིག་སྤྲིན་དམར་བ། འབྲས་བུ་མཐིང་ནག་འགྲིལ་བ། རྫི་མ་དང་སྨིན་

(༨༢༢)མ་གཟིངས་པ། ལག་པ་གཉིས་དབྱུག་པ་དང་ཞགས་པ་འཛིན་པ། སེམས་ལ་ཞེ་སྡང་མེ་ལྟར་འབར་བ་དེ་དང་། དེའི་ཡུམ་ལས་ཀྱི་གཏུམ་པའི་སྲིན་མོ་གཏུམ་མོ་དུག་ཧྲུལ་གོས་གྱོན་མ་ཞེས་ཀྱང་བྱ། ཙ་མུན་ཏྲི་ཞེས་ཀྱང་བྱ་བ་མདོག་ནག་མོ་གཅེར་མོ་རལ་པ་ཅན་ཤིན་ཏུ་ཁྲོད་པ་ལ་གཉིས་ཏྲི་ཤུལ་དང་། ཐོད་རློན་ཁྲག་དང་བཅས་པ་འཛིན་པ། སེམས་ལ་འདོད་ཆགས་ཆུ་ལྟར་འཁྲུག་པ་གཉིས་ཚོགས་པ་ལས། དེ་གཉིས་ཀྱི་སྲས་བཀའ་སྡོད་ལས་ཀྱི་ཕོ་ཉ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དང་། སྤྲུལ་པ་ཕྱ་སངས་གཉིས། ཡ་བ་ཏི་དང་ཏེལ་པ་གཉིས། ཨ་ཝ་གླང་མགོ་དང་རྨིག་པ་གཉིས། རལ་པ་ཚར་དགུ་དང་མིག་དམར་གཉིས་ཏེ་བརྒྱད་དོ། །དེའི་ཡུལ་ཡང་། མགོ་དགུ་བརྩེགས་པའི་རྐང་རྒྱལ་དང་། མོན་མོ་དྲེད་ཀྱི་ཧབ་ཤམ་ཅན་

(༨༢༣)དང་། མགོ་དགུ་བརྩེགས་པའི་རྐང་གསུམ་ལ་སོགས་པ་གཤིན་རྗེ་ཕོ་མོའི་ཚོགས་དཔག་ཏུ་མེད་པ། ཞེ་སྡང་མི་ལྟར་འབར་བ་ཞིང་འདོད་ཆགས་ཆུ་ལྟར་འཁྲུགས་པ་ཚོགས་པའི་སྟེང་གི་ནམ་མཁའ་ལའང་། སྤྲིན་དམར་ནག་དང་ལྗང་ནག་རབ་ཏུ་འཁྲིགས་པ་ལ་རྟེན་བཅས་ནས། སྲིད་པ་གསུམ་གྱིས་ཚེ་སྲོག་སྡུད་པར་བྱེད་པ་ལ་ནི་གཤིན་རྗེ་ཞེས་བྱ་སྟེ། དེ་ཉིད་ལས། འཇིག་རྟེན་པ་ཡི་སེམས་ཅན་རྣམས། །ཐོགས་པ་མེད་པའི་དུས་མཐའ་ནས། །ལོག་པའི་ལམ་ལ་མཐུ་བརྟས་པས། །འཁོར་བའི་ས་བོན་རྩུབ་མོར་སྨིན། །བདུད་འདི་སྤྱི་མཐུན་ལས་ཀྱི་བདུད། །ཅེས་གསུངས། འདིའི་ཡབ་ཡུམ་གཉིས་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་དང་གཅིག་ཀྱང་གདུལ་བྱ་འདུལ་བའི་དོན་དུ་བཀོད་པ་དེ་ལྟ་བུར་བསྟན་པ་ཡིན་ནོ། །དེའི་ཚེ་ཕྱག་ན་རྡོ་རྗེ་ལ་སོགས་པས་རྗེ་བཙུན་

(༨༢༤)འཇམ་དབྱངས་བསྐུལ་ཏེ། ཀྱེ་མ་ཧོ བདེ་གཤེགས་ཆོས་དབྱིངས་ཞི་བའི་ངང་ལས་བཞེངས། །ཞི་བའི་ངང་ལས་ཁྲོ་བོའི་སྐུར་བསྟན་ནས། །ལྷོ་ཕྱོགས་གཤིན་རྗེ་ཕམ་པར་མ་བྱས་ན། །བདེ་གཤེགས་གདུང་ཆད་ངན་སོང་རྒྱལ་འགྱུར་བས། །འཇམ་དཔལ་ཞི་བའི་ངང་ལས་ཁྲོ་བོའི་སྐུར་བཞེངས་ཤིག༔ ཞེས་གསུངས་པས། ཐུགས་རྗེ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུའི་ངང་ནས་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་རྟེན་དང་རྟེན་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་སྤྲུལ་ནས་རྒྱུད་གསུངས། གཤིན་རྗེ་གཤེད་ཀྱི་སྤྲུལ་པའི་དམག་ཚོགས་གདུལ་བྱ་དེ་དག་དང་མཐུན་པར་སྤྲུལ་ཏེ། ཁྲོ་བོ་རྣམས་ཀྱིས་ང་ནི་ཁྲོ་རྒྱལ་གཤིན་རྗེའི་གཤེད། བཀའ་ཡི་འཁོར་ལོ་རབ་ཏུ་བསྐོར། །ཉོན་ཅིག་གཤིན་རྗེ་ཕོ་མོ་རྣམས། །གཤིན་རྗེའི་རྒྱལ་པོ་ཁྱེད་རྣམས་ཀྱིས། །ཚེ་སྲོག་བདག་པོ་ང་ཡིན་པས། །ང་ཡི་བཀའ་ལས་འདའ་མ་བྱེད།

(༨༢༥)།འདས་ན་མགོ་ལུས་ཚལ་པ་བརྒྱར། །འགེམས་པར་འགྱུར་བ་གདོན་མི་ཟ། །ཞེས་གསུངས་ཏེ། བེ་ཅོན་གྱི་ཕྱག་རྒྱས་པའི་འཕར་སྒོ་འཕྱེ་ནས། རྒྱ་མཚོ་ཆེན་པོའི་གཏིང་ནས་དཀྲུགས་ལ། རླུང་གི་དཀྱིལ་འཁོར་ནས་ལས་ཀྱི་གཤིན་རྗེའི་གྲོང་ཁྱེར་ཕྱག་གིས་ནམ་མཁར་འཕྱར། ས་ལ་ལན་གསུམ་བརྡབས། ཞབས་གཡོན་པ་རྡོ་རྗེ་རྩེ་གཅིག་པར་གསལ་བས་ལས་ཀྱི་གཤིན་རྗེའི་གྲོང་ཁྱེར་མནན་པས། རྡོ་རྗེའི་རྩེ་མོས་ཐལ་གྱིས་ཕྱུངས་ཏེ། ལས་ཀྱི་གཤིན་རྗེ་འཁོར་དང་བཅས་པའི་སྙིང་དཀར་ནག་མཚམས་སུ་སླེབས་ཏེ། གྲོང་ཁྱེར་གྱི་དབུས་དམའ་ན་མཐའ་མཐོང་། མཐའ་དམའ་ན་དབུས་མཐོ་བར་གྱུར་ཏེ། གཡོས་རབ་ཏུ་གཡོས། མགུལ་རབ་ཏུ་འགུལ། འདེགས་རབ་ཏུ་འདེགས་པ་སོགས་དྲག་པོའི་ལྟས་ཆེན་པོ་བཅོ་བརྒྱད་བྱུང་། ལས་

(༨༢༦)ཀྱི་གཤིན་རྗེ་འཁོར་དང་བཅས་པ་བྲེད། རབ་ཏུ་བྲེད། དངངས་རབ་ཏུ་དངངས། འདར་རབ་ཏུ་འདར་བའི་སྐབས་སུ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱིས་གཤིན་རྗེ་སོ་སོའི་སྲོག་གི་སྙིང་པོ་འབྲུ་རེ་རེ་ཡང་བསྡུས་ཏེ། ཡ་མ་མེ་ད་ཀྵེ། ར་ཙ་ས་དོ་རུ་ཎ་ཡོ་ནི། ར་ཡ་ཙ་ནི། ཞེས་སྲོག་སྔགས་བཅུ་བདུན་དང་། ཨ་ཡ་མ་དུ་རུ་ཙ་ཤ་ན་ལ། ཞེས་པ་རྣམས་ཕྱོགས་པས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ། ཨེ་མ་ཧོ དཔའ་བོ་ཆེན་པོ་གཤིན་རྗེའི་གཤེད། ཐུགས་རྗེའི་བདག་པོ་ཆེན་པོ་ལགས། བདག་ཅག་འཁོར་དང་བཅས་པ་རྣམས། མ་བསད་དཔའ་བོའི་བཀའ་སྩལ་ཉན། ཞེས་གསོལ་བས་གཤིན་རྗེའི་གཤེད་ཀྱི་བཀའ་སྩལ་པ། ཉོན་ཅིག་གཤིན་རྗེའི་ཕོ་མོ་རྣམ། ཁྱོད་རྣམས་ང་ཡི་བཀའ་ཉན་ན། །རང་རང་སྲོག་གི་སྙིང་པོ་རྣམས། །གང་ཡིན་ང་ལ་འབུལ་བ་དང་། །ང་ཡི་བསྒོ་བའི་

(༨༢༧)ལས་རྣམས་ཀུན། །བྱེད་པར་ཁས་ལོང་མནའ་ནོད་ཅིག །ཅེས་གསུངས་པས། གཤིན་རྗེ་རྣམས་ལྷག་པར་དགའ་ཞིང་གུས་པའི་སེམས་ཀྱི་སྲོག་སྙིང་ཕུལ་གཤིན་རྗེའི་གཤེད་ཀྱི་དམ་ལ་བཏགས། ལམ་རྒྱུད་ལྔས་བསྡུས་པའི་སེམས་ཅན་རྣམས་ལ་དང་པོར་ཁྲམ་ལ་གདབས་པ། བར་དུ་འཕུང་ལ་འཇུག་པ། མཐར་སྲོག་དབུགས་ལ་ལོངས་སྤྱོད་ཅིང་། དགེ་སྡིག་གི་ཤན་འབྱེད་ལེགས་ཉེས་ཀྱི་སྟངས་འཛིན་པར་དབང་བསྐུར་བར་གསུངས། ཕྱོགས་སྐྱོང་བཅུའི་ནང་མཚན་གྱི་གཤིན་རྗེ་དང་། སྡེ་དཔོན་སུམ་ཅུའི་ནང་ཚན་གྱི་འཆི་བདག །ཐུབ་པ་རིགས་དྲུག་གི་ནང་ཚན་གྱིས་ཆོས་རྒྱལ་ཐམས་ཅད་འཆི་བདག་ལས་ཀྱི་གཤིན་རྗེ་འདི་ཉིད་ཡིན། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ཡབ་སྲས་རྣམས་ལ་ཟབ་མོ་དག་སྣང་མའི་བཀའ་བབས་པའི་འཆི་

(༨༢༨)བདག་ཆོས་ཀྱི་རྒྱལ་པོ་འདི་ཉིད། ཕྱི་མ་ཧེའི་གདོང་ཅན་ཡུམ་བཅས་གཤིན་རྗེ་ཕོ་བརྒྱད་མོ་བརྒྱད་ཀྱིས་བསྐོར་བ། སྣང་སྲིད་གཟུགས་མཐིང་ནག་ལ་ལས་མཐུན་གྱི་མ་ཧེའི་གདོང་ཅན་བཞིས་བསྐོར་བ་ཡུམ་མེད་གསང་བ་མ་ཧེའི་གདོང་ཅན་དམར་པོ་གཙོ་རྐྱང་དུ་བསྒྲུབ་པ་དང་། ཡང་གསང་སྙན་ནས་སྙན་དུ་བརྒྱུད་པ་ཤིན་ཏུ་གསང་བར་གྲགས་པ། འཆི་བདག་ཁྲག་གི་མདོག་ཅན་ལ་ཁྱབ་འཇུག་རཱ་ཧུ་ལ། སྲིན་པོ་ལངྐ་མགྲིན་བཅུ། ཀླུ་བདུད་ནག་པོ་སྟེ་བཀའ་སྡོད་གསུམ་གྱིས་བསྐོར་བ་བཅས་མཆིས་པའི་དང་པོ་གསུམ་གྱི་རྗེས་གནང་ལུང་ལག་ལེན་དང་བཅས་པ་དང་། ཕྱི་མའི་ལུང་རྒྱུན་ཙམ་ཞིག་གར་དབང་དྷརྨའི་མཚན་ཅན་དང་གཤིན་རྗེ་གཤེད་པོ་བློ་བཟང་རྒྱན་གྱི་སྤྱན་སྔར་ལེགས་པར་ཐོབ་བོ། ༈ །བགེགས་ཀྱི་རྒྱལ་པོ་བི་ན་ཡའམ་ཚོགས་བདག་གླང་སྣ་

(༨༢༩)ནི་ངོ་བོ་དཔལ་ཆེན་པོའི་ཡེ་ཤེས་དང་རོ་གཅིག་ཅིང་། རང་བཞིན་མ་འགགས་པའི་རྩལ་སྣང་དབང་ཕྱུག་ཆེན་པོའི་སྒྱུ་འཕྲུལ་སྲས་ཀྱི་རྣམ་པར་ཤར་བ་སྟེ་ཐང་ཡིག་ལས། མཛའ་བོ་ནང་འཛུགས་ཚེར་མས་མཐའ་མི་འབོད། ས་སྟེང་གཡོ་བའི་བདུད་ཀྱིས་སྤྲུལ་པ་འབྱུང་༔ ཡུམ་བུ་བླ་སྒང་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟག་དེ་བརྟན་ནས་བྱུང་༔ ཨོ་རྒྱན་རོག་རྗེ་གླིང་པ་ཞེས་བྱ་འབྱུང་༔ ཞེས་ལུང་བསྟན་པའི་གཏེར་ཆེན་ཆོས་རྗེ་གླིང་པ་བདེ་བའི་རྡོ་རྗེ་ཡེ་ཤེས་རོལ་པ་རྩལ་གྱིས་སྤུ་།།།བོ་ལུང་ཆུའི་གཙུག་ལག་ཁང་ནས་སྤྱད་དྲངས་པའི་ཚོགས་བདག་གི་ལོ་རྒྱུས་ལས༔ སྔོན་སུམ་ཅུ་རྩ་གསུམ་དུ་ལྷ་དབང་ཕྱུག་ཆེན་པོ་དང་༔ ཡུམ་ཨུ་མ་དེ་ཝི་ལ་བུ་གཉིས་བྱུང་བའི་ཕོ་བོ་ནི་གྷ་ན་པ་ཏི་ཚོགས་ཀྱི་བདག་

(༨༣༠)པོ་དང་༔ ཆུང་བ་ནི་ཀརྟི་ཀ་སྟི་གཞོན་ནུ་གདོང་དྲུག་གཉིས་སོ། །དེ་ཡང་ལྷའི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པ༔ སྔོན་གྱི་བསོད་ནམས་ཆེན་པོས་དབང་ཕྱུག་དང་། སྟོབས་དང་། གཟི་བརྗིད་ཆེ་བའོ། །དེ་ནི་མཐུ་ཆེ་རྫུ་འཕྲུལ་ཆེ་བས་ལྷ་དང་ལྷ་མ་ཡིན་འཐབ་པའི་དཔུང་གི་གཙོ་བོ་དང་དཔང་པོར་བསྐོས་པ་ན་ལྷ་མ་ཡིན་གྱི་རྒྱལ་པོ་ཐག་བཟང་གིས་གཡུལ་རྒྱལ་བར་གྱུར་ཅིག༔ ལྷ་ཆེན་གྱི་སྐེ་ལྷ་མ་ཡིན་གྱི་དབང་པོས་བཅད་པ་ན། ཡབ་དབང་ཕྱུག་ཆེན་པོ་བརྟག་པས་གང་ཡང་རུང་བའི་མགོ་བཅད་མ་ཁད་དྲོད་མ་བྲལ་བ་ཞིག་སྦྱར་ན་འཚོ་བར་ཤེས་ཏེ་ཕོ་ཉ་བཀྱེ་བས་ང་༔ ལམ་དུ་གླང་པོ་ཆེ་ཕྲུག་གུ་ཞིག་དང་ཕྲད་དེ་དེའི་མགོ་བཅད་པ་ཁྱེར་ཏེ་ལྷ་ཆེན་གྱི་མགྲིན་པར་སྦྱར་བས་འཚོ་བར་གྱུར་རོ༔ དེས་ན་ནམ་ཞིག་གི་ཚེ་ནུ་བོ་

(༨༣༡)དང་རྩེད་མོ་བྱས་པས༔ དེས་སོར་རྡོ་འཕང་ཏེ་ལྷ་ཆེན་གྱི་མཆེ་བ་ཡ་གཅིག་བཅག་པས་ཕུ་བོ་ཁྲོས་ཏེ་གསོད་པར་བརྩམས་པ་ན། དབང་ཕྱུག་གིས་ད་ལྟ་མ་མཛད༔ ན་ཚོད་ཆེར་སོང་ནས་གསོད་ཅེས་ཞལ་ལྕེ་བཅད་ཅིང་དབང་ཕྱུག་གི་ནུ་བོ་རྒས་པ་མེད་པ་གཞོན་ནུར་བྱིན་གྱི་རླབས་པས་གཞོན་ནུ་གདོང་དྲུག་ཏུ་གྲགས་སོ༔ རང་གི་ཕ་དབང་ཕྱུག་ཆེན་པོས་རིག་སྔགས་ཀྱི་སྦྱོར་བ་བསླབས་པས་འཇིག་རྟེན་གྱི་ཁམས་ན་མཐུ་ཆེ་བ། དབང་ཆེ་བ་རྫུ་འཕྲུལ་སྟོབས་དང་ལྡན་པས༔ ཁམས་གསུམ་པོ་ཐམས་ཅད་དབང་གི་ཞགས་པས་བཅིངས༔ མྱོས་བྱེད་ཀྱི་མདའ་འཕངས་པས་རང་དབང་མེད་པར་དབང་དུ་བསྡུས་ཤིང་ར་བ་བཞིའི་བརྒྱད་དང་༔ ལྷག་པར་སྐར་མ་རྒྱལ་དང་གཟའ་ཕུར་བུ་གཉིས་འཛོམ་པ་དེའི་ཚེ་འཇིག་རྟེན་གྱི་ཁམས་ཐམས་ཅད་མྱུལ་ཞིང་

(༨༣༢)མ་རུངས་པ་རྣམས་དབང་དུ་སྡུད་ཅིང་རང་ལ་སྐྱབས་སུ་འཆའ་བ་རྣམས་ལ་དངོས་གྲུབ་སྟེར་བར་བྱེད་དོ༔ དེ་ལྟ་བུའི་མཐུ་དང་སྟོབས་དང་ང་རྒྱལ་ཅན་དེ་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་ཀྱིས་འཁོར་རང་འདྲ་བ་ཞིག་གིས་མ་གཏོགས་མི་ཐུལ་བར་གཟིགས་ཏེ། ཁོ་རང་སྐྱོ་སངས་ལ་ཕོ་བྲང་གི་ཕྱི་རོལ་སྐྱེད་མོས་ཚལ་དུ་སོང་བའི་ཤུལ་དུ་འཕགས་པས་ཁོ་རང་འདྲ་བ་ཞིག་ཏུ་སྤྲུལ་ནས་ཕོ་བྲང་དུ་བྱོན་པ་ན། བཙུན་མོས་འཁོར་རྣམས་ཀྱིས་གླུ་གར་དང་རོལ་མོས་བསུས་ནས་ནང་དུ་སྤྱན་དྲངས། རེ་ཞིག་ན་ལྷ་ཆེན་གྱི་འཁོར་བ་ན་འཁོར་རྣམས་ཀྱིས་ལྷ་ཆེན་ནང་དུ་ཕེབས་ཟིན་གྱིས། རྫུ་མཁན་ཁྱོད་ཕྱིར་གདེངས་ཤིག༔ ཅེས་བསྐྲད་པ་ན། འཕགས་པའི་ཟིལ་གྱིས་ཁོས་ཅི་ཡང་བྱར་མེད་ནས༔ འཕགས་པ་ཉིད་ལ་སྐྱབས་སུ་སོང་ཞིང་བཀའ་བཞིན་བསྒྲུབ་པར་ཁས་

(༨༣༣)བླངས་དམ་བཅས་སོ༔ བདག་ཉིད་ཆེན་པོ་པདྨ་ཐོད་འཕྲེང་གིས༔ རྒྱ་གར་གཡའ་རི་གོང་གི་བྲག་ཕུག་ཏུ༔ བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ཞལ་ཕྱེ་ཟ་ཧོར་གྱི་རྒྱལ་པོ་སྨིན་པར་བྱས་དུས་དེའི་ཚེ་ལྷ་ཆེན་གྱིས་འཕྲིན་ལས་སྒྲུབ་པར་ཁས་བླངས། སླར་ལི་ཡུལ་གོ་མ་ས་ལ་གནྡྷར་རང་གཟུགས་ཁྱིའུ་གླང་གི་གདོང་པ་ཅན་དུ་བསྟན༔ གྷ་ན་པ་ཏིའི་སྲོག་གི་སྙིང་པོ་ཕུལ༔ བདག་ཉིད་པདྨས་ཁམས་སུ་དབང་སྡུད་གུ་ལང་རླུང་གི་ཞགས་པ་ལ་རྟེན་པའི་སྒྲུབ་ཐབས་མི་འདྲ་བ་བརྒྱ་དང་རྩ་བརྒྱད་མཛད༔ བོད་ཡུལ་དུ་མངའ་དག་ཡབ་སྲས་ལ་གསུངས། མངའ་བདག་ཡབ་སྲས་ཀྱིས་ཉམས་སུ་བླངས་པས་རྒྱ་དང་རྒྱ་ནག །གྲུ་ཤ་དང་ཐོ་གར། མི་ཉག་གྷའི་ཡུལ་ཆེན་སོགས་མཐའ་བཞིའི་རྒྱལ་པོ་ཐམས་ཅད་དབང་དུ་བསྡུས༔ ཞེས་གསུངས། ལུགས་གཅིག་ལ་དབང་

(༨༣༤)ཕྱུག་གི་བཙུན་མོའི་སྲས་སུ་ཚོགས་བདག་བལྟམས་པར་རྩལ་སྟབས་ཆེ་བ་ཨུ་མ་དེ་བིས་ཕྲག་དོག་མཛད་དེ་མགུལ་བཅད་པ། ཡབ་ཀྱིས་གསན་ཏེ། གླང་པོ་ཆེ་ཕྲུག་གུ་ཞིག་གིས་མགོ་བྲེད་དེ། མགུལ་ལ་སྦྱར་གསོས་པ་ན་ཡབ་ཀྱིས་དམོད་བོར་ཏེ། བདག་གི་བུ་འདི་ལོངས་སྤྱོད་ཆེ་ཞིང་གླིང་བཞིའི་འཇིག་རྟེན་དབང་བྱེད་པར་གྱུར་ཅིག༔ ཅེས་གསུངས་པས། ཚོགས་བདག་ཆེན་པོ་ཞེས་གྲགས་ཤིང་། ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ལ་མངའ་བརྙེས་པར་གྱུར་ཏོ། །སྐབས་ཞིག་ཚོགས་བདག་རྩེད་མོ་ལ་ཡེངས་པའི་བར་ལ་གནོད་སྦྱིན་འབྲོག་གནས་ཀྱིས་གཟའ་བཏུང་འཕྲོག་པས། ཡབས་ཀྱིས་ཆད་པ་གཅོད་པར་བརྩམས་པ་ན་འབྲོག་གནས་སྐྲག་སྟེ་བདག་ཅག་སྤུན་ལྔ་པོ་ལྕགས་ཀྱི་བྱི་བར་སྤྲུལ་ཏེ་ཚོགས་ཀྱི་བདག་པོའི་གདན་བགྱིའོ་ཞེས་དམ་བཅས་སོ། །སྐབས་ཤིག་ནུ་འོ་

(༨༣༥)གཞོན་ནུ་སྨིན་དྲུག །གདོང་དྲུག་དང་ཅེས་པས་དེའི་སོར་རྡོས་ཚོགས་བདག་གིས་མཆེ་བ་གཡས་པ་བཅག་པ་ཡབ་ལ་གཏད་ནས་སྨིན་དྲུག་གིས་ངའི་ལུས་ཀྱི་ལང་ཚོ་ཉམས་པར་བྱའོ་ཞུས་པས་ཡབ་ཀྱི་ཞལ་ནས། ཁྱོད་ལ་དེ་བས་ཀྱང་སྟོབས་དང་ཡོན་ཏན་རྫོགས་པའི་ལྕགས་ཀྱི་དགྲ་སྟ་འདི་བྱིན་གྱིས་གསུངས་ནས་ལག་ཏུ་གཏད། ཚོགས་བདག་འབྱུང་པོའི་ཕྱག་མཚན་གྱིས། ཕ་རོལ་དགྲ་དཔུང་འཇོམས་པར་བྱེད། །ཅེས་པའང་དེ་ཡིན་ནོ། །དེར་རྫུ་འཕྲུལ་ཤིན་ཏུ་ཆེ་བར་གྱུར་ཏེ་འཇིག་རྟེན་ཐམས་ཅད་དབང་དུ་བསྡུས་ཤིང་གང་གིས་ཀྱང་མ་ཐུལ་བའི་དུས་སུ་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ལ་ཞལ་འཛུམ་པ་མཛད་ནས་འོད་ཟེར་གྱིས་བསྐུལ་ཏེ། ཚོགས་བདག་འདུལ་བར་བསྒོམ་པས། དེས་ཀྱང་སྐུ་དངོས་ཀྱི་མི་འདུལ་བར་མཁྱེན་

(༨༣༦)ནས་ཚོགས་བདག་མཆེ་བ་གཉིས་ལྡན་དུ་སྤྲུལ་ཏེ། དེའི་གདན་བཤམས་པ་ལ་བཞུགས་སོ། །དེའི་ཚེ་ཚོགས་བདག་གླིང་བཞི་ཉུལ་ཏེ་རང་གནས་སུ་འཁོར་བ་ན། བདག་ཅག་གི་རྗེ་བོ་ནི་འཇིག་རྟེན་ཉུལ་བར་གཤེགས་ཏེ་ཡོད་པ་ལ་ངན་པ་འདི་སུ་ཡིན་ཟེར་ཡིད་མ་ཆེས་པར་རྔམས་ཤིང་འཁྲུག་ནའང་། ཐུགས་རྗེ་ཆེན་པོའི་གཟི་བྱིན་གྱིས་ཅི་ཡང་སྨྲ་མ་ནུས་སོ། །དེར་ཚོགས་བདག་འཁོར་བཅས་ཀྱི་ང་རྒྱལ་གྱི་དྲེགས་པ་ཞི་ནས་སེམས་ཅན་རྣམས་ལ་གནོད་འཚེ་མི་བྱེད་ཅིང་དམ་པའི་ཆོས་ལ་སྤྱོད་པ་རྣམས་ཀྱིས་ལོངས་སྤྱོད་བསྒྲུབ་པར་དམ་བཅས་སོ། །དེ་ལས་འདས་ན་མགོ་བོ་ཨརྫ་ཀའི་དོག་པ་བཞིན་དུ་འགས་པར་དམོད་བཙུགས། དེའི་དབང་གི་ད་ལྟའང་རྒྱལ་ཕུར་འཛོམ་པའི་དུས་སུ་ཚོགས་བདག་གི་གླིང་བཞི་དངོས་གྲུབ་སྟེར་བར་མཛད་དོ། །དེ་ལྟར་ཡང་ཚོགས་བདག་གིས་

(༨༣༧)གཟུངས་ལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གངས་སུ་ཡང་རུང་བས་ཚོགས་ཀྱི་དབང་ཕྱུག་གིས་སྙིང་པོ་འདི་འཆང་ན་དེའི་དགོས་པའི་བྱ་བ་ཐམས་ཅད་འགྲུབ་པར་འགྱུར་རོ། །འདི་ཆོངས་ཤིག་དང་དགོས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །ཏྱ་ཐཱ། ཨོཾ་ག་ན་པ་ཏི་ཞེས་པ་ནས་ན་མོ་ན་མསྭཱ་ཧཱ། ཀུན་དགའ་བོ་ཚོགས་ཀྱི་བདག་པོ་ཚོགས་ཀྱི་དབང་ཕྱུག་གི་སྙིང་པོ་འདི་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའི་གང་སུ་ཡང་རུང་སྟེ། དགོས་པའི་བྱ་བ་ཅི་ཡང་རུང་བ་རྩོམ་པའི་གསང་སྔགས་ཞིག་སྒྲུབ། དཀོན་མཆོག་གསུམ་མཆོད་པ་བྱེད་པའམ། ཡུལ་གཞན་ཞིག་ལ་འགྲོ་བར་ཆམས་རྒྱལ་པོའི་ཕོ་བྲང་དུ་འགྲོ་ཡང་རུང་སྟེ། དེས་སངས་རྒྱས་བཅོམ་ལྡན་འདས་ལ་སྤོས་དང་མེ་ཏོག་དང་

(༨༣༨)བདུག་སྤོས་ཀྱི་མཆོད་པ་བྱས་ལ་ཚོགས་ཀྱི་བདག་པོའི་སྙིང་པོ་འདི་ལན་བདུན་གྱི་བར་དུ་བཟླས་པ་བྱས་ན་དེའི་དགོས་པའི་བྱ་བ་ཐམས་ཅད་ཐེ་ཚོམ་མེད་པར་ཡང་འགྲུབ་པར་འགྱུར་རོ། །ཞེས་པ་ནས། ཚོགས་ཀྱི་བདག་པོའི་གཟུགས་གང་ན་ཡོད་པའི་མདུན་དུ་གཟུངས་འདི་ལན་གཅིག་བཀླགས་ན་བགེགས་རྣམས་ཀྱིས་ནམ་ཡང་བར་ཆད་བྱེད་པར་མི་འགྱུར་རོ། །ཞེས་པ་ནས། འོན་ཀྱང་ལྷ་འདིའི་བཀའ་འོག་ན། གནོད་སྦྱིན་ནག་པོ་བསེའི་གདོང་པ་ཅན་བྱ་བ་རྐང་པ་རླུང་གི་དཀྱིལ་འཁོར་ལ་གནས་ནས་ཉིན་མཚན་གྱི་མཚམས་སུ་འཛམ་བུའི་གླིང་ཁྱབ་པར་རྒྱུ་ཞིང་། ནོར་གྱི་གཡང་དང་ཟས་ཀྱི་བཅུད་ཟ་བ་ཞིག་ཡོད་པས། དེའི་བསྟེན་ཐབས་ལ་ཤེས་ན་ཁེ་ལས་ཉེན་ཆེ་བ་ལྟར་སྣང་ངོ་། །ད་ལྟ་མོད་ཀྱི། རྡོ་རྗེ་སློབ་དཔོན་རྣམས་ཀྱིས་མན་ངག་ཚད་མས་གཏན་ལ་ཕབ་སྟེ་འཁྲུལ་མེད་དུ་བསྒྲུབ་ན་ལྷག་པར་

(༨༣༩)ཡང་སྙིང་ཉེ་ཞིང་དངོས་གྲུབ་ཆེ་ཞེས་བླ་མས་གསུང་སྟེ། ཉི་མ་སྦས་པའི་ཞབས་ཀྱིས། ཉི་མས་སྐེམས་བྱེད་ཆར་ཉིད་ཀྱང་། །འབེབས་པ་ནུས་མིན་ཟླ་བས་མིན། །ཞེས་གསུངས་པ་ལྟ་བུའོ། །སྤྱིར་འདིའི་གདམས་ངག་འགའ་མཆིས་ཤིང་། །དཔལ་ལྡན་ས་སྐྱ་པ་ལ་ཇོ་བོ་ག་ཡ་དྷ་ར་དང་བླ་ཆེན་འབྲོག་མི་ལས་བརྒྱུད་པ་པཎྜི་ཏ། འཇམ་དཔལ་དང་། མལ་གྱོ་ལོ་ཙཱ་བ་ལས་བརྒྱུད་པ་བལ་པོ་ཧ་དུ་དཀར་པོ་དང་མལ་གྱོ་ལོ་ཙཱ་བ་ལས་བརྒྱུད་པ་སྟེ། ལུགས་གསུམ་མངའ་བ་ལས། དང་པོ་དེ་ལ་བྱིན་རླབས་བུམ་པ་གང་བྱོ་བ་དང་འདྲ་བའི་བཀའ་མ་ཆད་པ། གདམས་པ་གསེར་འགྱུར་གྱི་རྩི་དང་འདྲ་བའི་ལུགས་མ་ཉམས་པ། མོས་གུས་ན་ཆུང་མའི་བདེ་བ་དང་འདྲ་བའི་ལྟ་བ་མ་ལོག་པ། བསྙེན་བཀུར་ལྷ་འདོད་ཡོན་ལ་སྤྱོད་པ་ལྟ་བུའི་

(༨༤༠)སྲོལ་མ་ཆད་པ་སྟེ་ཆོས་བཞི་ཚང་དགོས་པར་བཞེད་ཅིང་། ཕྱི་མ་དག་ལ་གདམས་པ་ཆེ་འབྲིང་ཆུང་གསུམ་ཡོད་པ་ལས། དམར་པོ་སྐོར་གསུམ་གྱི་ཐ་སྙད་འདི་ལ་བྱེད། བསམ་གཏན་པའི་ལུགས་ལགས། དཔལ་ལྡན་ས་སྐྱ་པ་གཞན་དག་མཆོག་བསྒྲུབ་པ་ལ་དམར་པོ་སྐོར་གསུམ། ཐུན་མོངས་བསྒྲུབ་པ་ལ་དམར་པོ་སྐོར་གསུམ། ཞེས་པའི་རྣམ་བཞག་མཛད་པར་སྣང་ངོ་། །ཞེས་རྒྱལ་བ་མི་བསྐྱོད་རྡོ་རྗེའི་དངོས་སློབ་ཀརྨ་ཀློང་ཆེན་རབ་འབྱམས་པས་བཞེད། ཕྱོགས་སྐྱོང་བཅོ་ལྔའི་ནང་ཚན་གྱིས་ཚོགས་བདག་དང་། སྡེ་དཔོན་སུམ་ཅུའི་ནང་ཚན་བི་ན་ཡ་ག །ཕྱག་དྲུག་པའི་ཞབས་འོག་གི་བགེགས་ཀྱི་རྒྱལ་པོ་དང་། ནོར་བདག་དཀར་པོ་ཐམས་ཅད་ཀྱང་ལྷ་ཆེན་འདིའི་བཀོད་པ་ཡིན་ལ། གདུལ་བྱ་དང་འདུལ་བྱེད་ཀྱི་ཚུལ་སྣ་ཚོགས་སྟོན་པས་འགལ་བར་མི་སེམས་སོ། །འདིའི་ཆོས་སྐོར་ལས་དམར་པོ་སྐོར་

(༨༤༡)གསུམ་གྱི་ནང་ཚན་ཚོགས་བདག་གི་དབང་ལུང་རྣམས་གར་དབང་དང་པོའི་སངས་རྒྱས་དྷརྨའི་མཚན་གྱི་སྤྱན་སྔར་ཐོབ་པ་ཡིན་ནོ། ༈ །གནོད་སྦྱིན་ཆེན་པོ་སྤུ་གྲི་དམར་པོའམ་ཙིཏྟ་དམར་པོ་དེང་སང་ཡོངས་སུ་གྲགས་པ་ཙིའུ་དམར་པོ་ཞེས་སྤྱི་མཚན་དུ་གྲགས་ཤིང་། ནང་གསེས་བྱེ་བྲག་པར་ཕྱེ་ན་མཆེད་བདུན་ལས་ཡ་བ་སྐྱ་བདུན་དང་རོལ་པ་སྐྱ་བདུན་དུ་འབོད་པ་འདི་ནི་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ནས་དཔལ་རྟ་མགྲིན་ལ་སོགས་པ་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་དང་ཐུགས་རྒྱུད་གཅིག་ཏུ་གྱུར་པ་ཡིན་ལ། སློབ་དཔོན་ཆེན་པོས་མཛད་པའི་གཏེར་གཞུང་རྩ་བའི་གསོལ་ཁ་ལས། རོལ་པ་སྐྱ་བདུན་གྱི་ལས་བྱང་ནི། དྲེགས་པ་རང་རྒྱུད་པ་ཡིན་པས་བསྐྱེད་མི་དགོས། ཞེས་གསུངས་པ་ཡོངས་གྲགས་ཐ་མལ་གདུལ་བྱ་རང་ག་བ་རྣམས་དང་བསྟུན་ཏེ་གསུང་པ་ཡིན་ལ་

(༨༤༢)ཐུན་མོང་བ་སྤྱིའི་དབང་དུ་བྱས་ན་ཡང་སྟོན་པ་རྡོ་རྗེ་འཆང་དཔལ་ཆེན་རྟ་མགྲིན་གྱི་སྐུར་བཞེངས་པའི་སྤྱན་སྔར་དབང་གསན་དམ་ཞེས། དུས་ཕྱིས་སློབ་དཔོན་པདྨས་མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་དུ་དབང་བསྐུར་སྨིན་གྲོལ་དུ་མཛད་ཟིན་པས་གང་ཟག་རང་ག་བ་རིམ་བགྱི་ས་ཞིག་ཏུ་ཡིན་སྲིད་ཀྱང་། ད་ནི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་ཟིན་པ་ཐེ་ཚོམ་མེད་པས་འཁོར་འདས་ཐམས་ཅད་ཀྱི་རྒྱལ་པོ་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོར་གྱུར་པ་ཡིན་ནོ། །འདིའི་རྒྱུད་གཏེར་ལུང་ལས་བདག་དང་རྒྱལ་པོའི་ཡོན་ཏན་སྤྲུལ་པ་ནི༔ པདྨ་རྒྱལ་པོ་ཡེ་ཤེས་རོལ་པ་རྩལ༔ ཞེས་སློབ་དཔོན་ཆེན་པོ་དང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཡོན་ཏན་གྱི་སྤྲུལ་པར་ལུང་གིས་ཟིན་པ་མངའ་རིས་རིགས་འཛིན་ཆེན་པོ་པདྨ་དབང་གིས་རྒྱལ་པོས་བསམ་ཡས་ཀྱིས་མཆིམས་ཕུ་བེ་ཙའི་གླིང་གི་རྣམ་སྣང་གི་སྤྱན་ནས་སྤྱན་དྲངས་པའི་སྤུ་གྲི་དམར་པོ་སྙིང་གི་

(༨༤༣)རྒྱུད་ལས་གསུངས་པའི་ལོ་རྒྱུས་ནི༔ སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ནུབ་པར་ཉེ་བའི་དུས་སུ་འཛམ་བུ་གླིང་གི་བྱང་ཕྱོགས་བདེ་སྐྱིད་ནོར་བུའི་ཞིང་ཁམས་ལི་ཡུལ་ལྕང་ར་སྨུག་པོ་ཞེས་བྱ་བར་ཡབ་མིའི་རྒྱལ་པོ་ལིའི་རྒྱལ་པོ་ལི་རྗེ་གསང་བ་དང་། ཡུམ་ཨུཏྤ་ལའི་རྒྱན་ཞེས་བྱ་བའི་སྲས་སུ་སྐུ་བལྟམས། མཚན་ལི་སྲས་མཆོར་པོར་བཏགས༔ ན་ཚོད་ལོན་ནས་ངེས་འབྱུང་གི་བསམ་པས་ཐུགས་རྒྱུད་བསྐུལ་ཏེ། དགེ་སློང་ཙནྡྲ་བྷ་ཧ་ཞེས་བྱ་བར་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས༔ རྒྱལ་པོ་དྷརྨ་ཤྲིའི་ཡུལ་གྱི་ནགས་ཚལ་ཞིག་ཏུ་སྒོམ་ལ་རྩེ་གཅིག་ཏུ་བཞུགས་པ་ལས། སྐབས་ཤིག་ན་ཡུལ་དེའི་རྒྱལ་པོའི་སྲས་མོ་ལྷ་ལྕམ་བདེ་བ་བྱིན་ཞེས་བྱ་བ་མཛེས་ཤིང་ལྟ་ན་སྡུག་པ་ཕུན་སུམ་ཚོགས་པའི་ལང་ཚོ་དང་ལྡན་པ་དར་དང་རིན་པོ་ཆེའི་རྒྱན་དཔག་ཏུ་མེད་པས་སྤྲས་པ་

(༨༤༤)ཞིག་བྱུང་ངོ་། །ཕྱོགས་དེ་དང་ཉེ་བར་ཁྲུས་ཀྱི་རྫིང་བུ་ཁྱད་པར་དུ་འཕགས་པ་ཞིག་མཆིས་པར་ཁྲུས་བྱེད་ཅིང་འདུག་པ་ལ་དུག་སྦྲུལ་ནག་པོ་འཇིགས་སུ་རུང་བ་ཞིག་ནགས་ཚལ་གྱིས་ཁྲོད་ནས་བྱུང་སྟེ། རྒྱལ་པོའི་སྲས་མོ་ལ་རྒོལ་བར་ཉེ་བར་ན་དགེ་སློང་གིས་གཟིགས་པས་སྙིང་རྗེའི་བསམ་པས་དུག་སྦྲུལ་བསྐྲད་དེ་སྲས་མོ་སྲོགས་ཀྱི་འཇིགས་པ་ལས་བསྐྱབ། དུག་སྦྲུལ་གྱི་ཁ་རླངས་ཕོག་པའི་ཉེས་པ་ཞི་བའི་ཕྱིར་དུ་དུག་སེལ་གྱི་སྤོས་ཀྱི་ལྡེ་གུས་བྱུག་པ་མཛད་པས་བཙུན་མོའི་འཁོར་དུ་མཆིས་པའི་བློན་པོ་གདུག་པ་ཅན་རྣམས་ཀྱིས་མཐོང་སྟེ། དགེ་སློང་ལྷ་ལྕམ་འཁྲིག་པ་སྤྱོད་དོ་ཞེས་རྒྱལ་པོ་འཁོར་དང་བཅས་པ་ལ་བསྒྲགས་པས་རྒྱལ་པོ་ཁྲོས་ཏེ་ཞིབ་ཏུ་མ་བརྟགས་པར་དགེ་སློང་གསོད་པའི་ཕོ་ཉ་གཏོང་བར་ཐག་བཅད་པ། ལྷ་ལྕམ་གྱིས་ཐོས་ཏེ་མཉེས་པའི་ལོ་རྒྱུས་

(༨༤༥)རྒྱས་པར་བཤད་ཀྱང་རྒྱལ་པོ་འཁོར་དང་བཅས་པས་མ་ཉན་པས། ལྷ་ལྕམ་གྱིས་བདག་དང་དགེ་སློང་ལ་ཉེས་པ་མེད་པར་བློན་པོ་གདུག་པ་ཅན་གྱི་ཕྲ་མ་ལ་གསན་ཏེ་དགེ་སློང་གསོད་ན་བདག་སྐྱེ་བ་ཕྱི་མ་ལ་དགེ་སློང་དང་ལྕམ་སྲིང་དུ་གྱུར་ཏེ་ཁྱེད་འཁོར་དང་བཅས་པའི་གཤེད་མར་ཤོག་ཅིག་ཅེས་སྨོན་ལམ་བཏབ་སྟེ་གཡང་ལ་ལྕེབས་ཏེ་ཤིའོ། །ཚུལ་དེ་དགེ་སློང་གི་གསན་པས་རབ་ཏུ་སྐྲག་སྟེ། རྟ་མཆོག་ཤུགས་ཅན་གསེར་ལྡན་ཞེས་བྱ་བ་གཞོན་ཏེ་ཡུལ་ཁ་བ་ཅན་གྱིས་བྱང་ཕྱོགས་སུ་བྲོས་སོ། །བདག་ཅག་གི་སྟོན་པས། ཁ་བ་ཅན་གྱི་མཚོ་བྲི་ནས་ས་ལའི་ནགས་ནི་འབྱུང་བར་འགྱུར། ཞེས་སྟོན་པ་ཤཱཀྱ་ཐུབ་པ་བཞུགས་དུས་ཁ་བ་ཅན་འདི་མཚོས་ཁེངས་པར་གསུངས་པས་ལི་ཡུལ་རང་གི་ཁ་བ་ཡོད་པའི་རི་

(༨༤༦)ཞིག་ལ་ཁ་བ་ཅན་ཞེས་གསུངས་པ་ཡིན་ནམ་སྙམ། དེའི་ཚེ་ཡུལ་དེར་ཕོ་བྱུང་ཚད་བསད། མོ་བྱུང་ཚད་ལ་འཁྲིག་པ་སྤྱོད་ཀྱིན་བཞུགས་པས། ནམ་ཞིག་ན། རྒྱལ་པོས་གྱད་ཀྱི་དམག་མི་རྣམས་བསྐུལ་ཏེ་རི་ཤུས་ནས་ལི་སྲས་བཟུང་། མཚོན་ཆ་མང་པོས་བསྣུན་ཏེ་གཤེགས་པར་ཉེ་བ་ན་འདི་ནས་འཕོས་མ་ཐག་གནོད་སྦྱིན་གདུག་པ་ཅན་འཇིགས་ཤིང་སྐྱེ་འགྲོ་ཐམས་ཅད་ཀྱི་སྲོག་གི་གཤེད་མར་གྱུར་པ་ཞིག་ཏུ་སྐྱེས་ཏེ་རྒྱལ་བློན་འཁོར་དང་བཅས་པ་ཚར་གཅོད་པར་ཤོག་ཅིག་ཅེས་བརྗོད་དེ་གཤེགས་སོ། །དེ་མ་ཐག་ཏུ་ནུབ་ཕྱོགས་མཆོང་རིངས་ཟངས་ཚོའམ་བཙན་ཡུལ་ཟངས་ཐང་དམར་པོར་གྲགས་པ། ཟངས་བྲག་གནམ་དུ་བསྙེག་པ། རྩེ་ལ་རྒོད་སྨུག་ལྡིང་བ། ལོགས་ལ་བཙན་བྱ་རྒྱུག་པ། སྐེད་ན་གཅན་གཟན་ངུར་བ་ཟངས་ཐང་འཇག་སྐྱ་འཚོལ་བ། ཁོར་ཡུག་ཟངས་

(༨༤༧)རིས་བསྐོར་བ། ཟངས་ཀྱི་འཚུབ་མ་འཐུལ་བ་འཇིགས་ཤིང་སྐྱི་གཡའ་བའི་ཟངས་བྲག་དམར་པོའི་ནང་དུ། ཁྲག་མཚོའི་དབུས་སུ་བསེ་མཁར་སྨུག་པོ། གསེར་གྱི་བ་གམ། དུང་གི་སྒོ་མོ། ཟངས་ཀྱི་སྒོ་ལྕགས་མུ་མེན་གྱི་ཐེམ་སྐས་ཅན་གྱི་ནང་དུ་ཡབ་དམུ་རྗེ་ལེགས་པའི་བཙན་རྗེ་ཟླ་བ་ཐོད་དཀར་ཞེས་བཙན་ཐམས་ཅད་ཀྱིས་མེས་པོར་གྱུར་པ་དེ་དང་། ཡུམ་སྲིན་མོ་གདོང་དམར་མ་ཞེས་བྱ་བ་ཚོགས་པ་ལས་སྲིན་མོའི་མངལ་དུ་ཁྲག་གི་སྒོ་ངར་ལྷུམས་སུ་བཞུགས། དེང་སང་རྒྱུད་ཕལ་ཆེར་དུ། གོད་དྲག་དམུ་རྗེ་ལེགས་པ་ལ༔ བཙན་རྗེ་ཟླ་བ་ཐོད་དཀར་གྱིས༔ སྲས་མོ་གནོད་སྦྱིན་གདོང་དམར་མ༔ གདུགས་སེམས་དྲེགས་པས་ཚོགས་པ་ལ༔ ཁྲག་གི་སྒོ་ང་དམར་པོ་སྐྱེས༔ ཞེས་འབྱུང་ཞིང་། ལྷ་རྣམ་རྒྱལ་གྲགས་

(༨༤༨)པས་བསྐུལ་ཏེ། སྔགས་འཆང་ར་སྟོན་གྱིས་མཛད་པའི་བསྐུལ་ལས་ཀྱང་། གདོང་དྲག་དམུ་རྗེ་ལེགས་པ་དང་། བཙན་རྗེ་ཟླ་བ་ཐོད་དཀར་གྱིས། བུ་མོ་གནོད་སྦྱིན་གདོང་དམར་ལ། དམུ་བཙན་གཉིས་པོ་བཤོས་པ་ལས། ཞེས་བྱུང་ནའང་དེ་ནི་སྔ་མ་ཡི་གེ་མ་དག་པ་དང་ཕྱི་མ་ནི་དེ་ལྟར་མ་དགོངས་པའི་ནོར་སོ་སྟེ། གདོང་དྲག་དམུ་རྗེ་ལེགས་པ་ཞེས། བཙན་རྗེ་ཟླ་བ་ཐོད་དཀར་དང་༔ སྲིན་མོ་གནོད་སྦྱིན་གདོང་དམར་མ༔ ཞེས་པ་དག་ལ། བྲག་བཙན་སྲོག་གཙན་དམར་པོའི་རྒྱུད་ལས། བཙན་རྗེ་ཟླ་བ་ཐོད་དཀར་ཞེས་ཀྱང་བྱ། ས་སྲིན་མ་མོ་ཞེས་བྱ་བ་གཉིས་པྲ་བརྟན་བྲག་གི་ཐེམ་པ་ལ་བཤོས་པ་ལས། ཞེས་གསུངས་པས། མ་གཞི་དྲེགས་པ་འདི་དག་གི་སྤྲུལ་བསྒྱུར་ལ་ངེས་པ་མ་མཆིས་ཀྱང་ཀླུ་མོ་ཟངས་མགྲིན་

(༨༤༩)མའམ་གནོད་སྦྱིན་གདོང་དམར་མར་གྲགས་པ་དེ་ཨག་སེའི་སྲས་མོ་ཡིན་པ་ལ། སྲས་མོ་དང་སྲིན་མོ་ཡིག་ནོར་འབྱམས་པ་ཡིན་ནོ། །དོན་འདི་དགོངས་ནས་ཀུན་ཆེན་ལྔ་པ་ཆེན་པོས་མདོས་ཆོག་ཏུ། ནམ་ཞིག་དམག་གིས་ལི་སྲས་གྲི་རུ་བཀྲོངས། གདུག་སེམས་སྨོན་ལམ་བཏབ་པའི་འབྲས་བུ་ལས། བཙན་རྗེ་ཟླ་བ་ཐོད་དཀར་རིགས་བརྒྱུད་དུ། ཁྲག་གི་སྒོ་ང་སྐྱེས་པ་རྡོལ་བའི་ནང་། །ཞེས་གསུངས་ཟླ་བ་ཐོད་དཀར་གནོད་སྦྱིན་འདིའི་ཡབ་ཏུ་གསུངས། མདོས་མཆོག་འདིར་ཡང་སར་མ་དག་ལ། བཙན་རྗེ་ཟླ་བ་ཐོད་དཀར་རིགས་བརྒྱད་དུ། ཞེས་སྣང་བ་མ་དག་པའོ། །དེ་ཡང་རྩ་རྒྱུད་ལས། སྒོ་ང་རྡོལ་བའི་ནང་ཤེད་ནས། གདུག་པའི་གནོད་སྦྱིན་ཙི་དམར་བྱུང་། ཆགས་སྡང་གདུག་སེམས་ཆེ་བ་ཡི༔ ལུས་ལས་གདུག་པའི་བཙན་དྲུག་བྱུང་༔ མགོ་ལས་བདུད་

(༨༥༠)བཙན་ནག་པོ་བྱུང་༔ རུས་པ་དཀར་ལས་ལྷ་བཙན་བྱུང་༔ དྲོད་དང་དངས་ལས་བྲག་བཙན་བྱུང་༔ ཁྲག་ལས་གྲིབ་བཙན་དབལ་ཐོག་བྱུང་༔ ཆུ་སེར་དག་ལས་ཀླུ་བཙན་བྱུང་༔ ཤ་ཡི་རས་རུལ་ཉལ་ཉོལ་ལས༔ གྲི་བཙན་དམར་པོ་དག་ཏུ་བྱུང་༔ ཞེས་ལུས་ལས་གདུག་པའི་བཙན་དྲུག་བྱུང་བར་གསུངས། འདི་ལ་མཁས་པ་ཁ་ཅིག་ལི་སྲས་མཆོར་པ་བསད་པའི་ལུས་ཀྱི་ཆ་ཤས་དྲུག་ལས་བཙན་དྲུག་བྱུང་བའི་དོན་ཡིན་ཏེ། རྒྱུད་དེ་ལས། ཤ་ཡི་རས་རུལ་ཉལ་ཉོལ་ལས༔ ཞེས་ལི་སྲས་མཚོན་གྱི་བསད་པའི་ཤའི་ཚལ་པ་དུམ་བུར་འཐོར་བ་དག་ལས་གྲིབ་བཙན་བྱུང་བར་གསུངས་པས་སོ། །ཞེས་འདོད། མཁས་པ་ཁ་ཅིག་དེ་ལྟར་མ་ཡིན་ཏེ་གོང་དུ་དྲངས་པའི་རྒྱུད་དེ་ལས་གདུག་པའི་གནོད་སྦྱིན་ཙི་དམར་བྱུང་༔ ཞེས་བཤད་ནས་དེ་ཁའི་རྗེས་ཐོགས་སུ༔ ཆགས་སྡང་གདུག་སེམས་ཆེ་

(༨༥༡)བ་ཡི༔ ལུས་ལས་གདུག་པའི་བཙན་དྲུག་བྱུང་༔ ཞེས་གསུངས་པས། གནོད་སྦྱིན་ཙི་དམར་བའི་ལུས་ལས་བཙན་དྲུག་བྱུང་༔ ཞེས་སྦྲེལ་དགོས་ལ། དེར་མ་ཟད་དྲོད་དང་མདངས་ལས་བྲག་བཙན་བྱུང་བར་གསུངས་པས་ཤི་བའི་རོ་ལ་དྲོད་མདངས་ཁྱད་པར་ཅན་འོང་དོན་མེད་པས་མི་འཐད། ཤ་ཡི་རས་རུས་ཉལ་ཉོལ་ཞེས་པ་ཡང་ཤ་དུམ་བུར་གཏུབས་པའི་རས་མ་ལས་བྱུང་བའི་དོན་མིན། ལུས་ལ་ཤ་དང་རྩ་རྒྱུས་ནང་ཁྲོལ་སོགས་ཉལ་ཉིལ་དུ་མ་མཆིས་པས་མགོ་རུས་དྲོད་མདངས་ཁྲག་དང་ཆུ་སེར་མ་གཏོགས་པའི་ཆ་ཤས་གཞན་རྣམས་སྡོམ་པ་ལས་གྲི་བཙན་དམར་པོ་བྱུང་བའི་དོན་ཡིན། ལར་ནས་ཤ་ཡི་རས་རུས་ཉལ་ཉོལ་ལས༔ ཞེས་པ་ཡིག་སྐྱོན་མ་དག་པ་འབྱམས་པ་ཡིན་པའི་ངེས་པ་མི་འདུག་ཅིང་། ཤ་དང་རུས་པ་

(༨༥༢)ནང་ཁྲོལ་ལས༔ ཞེས་པ་འདྲ་བར་སྣང་སྟེ་ད་དུང་དཔེ་དག་པ་རྣམས་ལ་བསྐུར་བར་རིགས་སོ། །ཞེས་གསུངས་པས་ཕྱི་མ་རང་འཐད་པར་སེམས་སོ། །དེ་ལྟར་གནོད་སྦྱིན་ཆེན་པོ་ཙི་དམར་ནི་སྐུ་མདོག་དམར་ལྗང་ཤིན་ཏུ་བརྗིད་པ། རལ་པ་དམར་པོས་མེ་འོད་འཕྲོས། སྤྱན་ནས་མེའི་སྐར་མ་འཁྲུགས། ཞལ་ནས་ཁྲག་གི་སེར་བ་འབེབས་པ། ཤངས་ནས་ནད་ཀྱི་བུ་ཡུག་འཚུབ་པ། སྙན་ནས་དུག་སྦྲུལ་ནག་པོ་འགྱེད་པ། སྐུ་ལ་དར་དམར་བེར་ཆེན་ཟ་འོག་སྔོ་ཁྲའི་གོང་ལག་ཅན་གསོལ་ཞིང་། དབུ་ལ་དར་དམར་གྱི་འགྱིང་ཐོད་བཅིངས་པ། རིན་ཆེན་གསེར་གྱི་སྐ་རགས་ཅན་འཇིགས་ཤིང་དཔའ་བ། ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པར་འཁྲུངས། བལྟམས་མ་ཐག་ཏུ་སྨོན་ལམ་དང་རྫུ་འཕྲུལ་གྱི་མཐུ་ལས་སྐད་ཅིག་མའི་སྔ་ཕྱི་ཙམ་ལས། རུས་པ་ལས་སྐུ་ལྷ་

(༨༥༣)ཞལ་གྱི་ལྷ་བཙན་སྐུ་མདོག་དཀར་སེར་ཁྲོ་ཞིང་གཏུམ་ལ་འོད་ཟེར་དང་ལྡན་པ་ཟ་འོག་གཞི་དམར་སྔོ་ཁྲའི་རི་མོ་ཅན་གྱི་བེར་ཆེན་གསོལ་བ། སྟག་རལ་དང་གཟིགས་ཤུབས་བཏགས་པ་གྱི་ལིང་སྨུག་པོ་ཤ་གདོང་ཅན་ཆིབས་པ་ཕྱག་ན་གསེར་མདའ་དང་གསེར་གཞུ་ཐོགས་པ། ཁྱི་མོ་དུང་མདོག་མཚལ་མིག་མ་ཀློག་སྐྱ་འབར་མ་རོལ་དུ་ཁྲིད་པ་བྱུང་། དྲོད་དང་མདངས་ལས་གྲོ་ཤོད་བོད་ཀྱི་སྒང་དམར་ཟངས་བྲག་དམར་པོའི་བཙན་རྒོད་མདོག་དམར་མེ་འོད་འཕྲོ་བ། ལེ་བརྒན་གྱི་འཇོལ་བེར་གསོལ་བ། ཤ་ལང་དང་ཟངས་ཞགས་ཐོགས་པ་མཚའ་ལུ་རྟིང་དཀར་ལ་ཆིབས་པ། ཁྱི་མོ་དམར་མོ་མཚལ་མིག་མ་ཟངས་ཀྱི་མཆེ་བ་ཅན་ཁ་ནས་ནད་ཀྱིས་ན་བུན་

(༨༥༤)འཚུབ་པ། ཟངས་སྤྱང་དམར་པོ་རོལ་དུ་ཁྲིད་པ་བྱུང་། ཆུ་སེར་ལས་ར་བ་གོང་གི་ཀླུ་བཙན་དམར་ནག་ཤིན་ཏུ་འཇིགས་པ་ཆུ་དར་སྔོན་པོའི་རལ་ཀུ་གསོལ་བར་དུག་སྦྲུལ་གྱི་སྐ་རགས་བཅིངས་པ། སྟག་རལ་དང་གཟིགས་ཤུབས་ཅན་གྱི་ལིང་སེར་པོ་སྟག་གི་ལག་པ་ཅན་ལ་ཆིབས་པ། ལྕགས་མདུང་ནག་པོ་དང་སྦྲུལ་ཞགས་ཐོགས་པ། ཁྱི་མོ་དམར་ནག་ཁྲག་མིག་མ་ལྕགས་ཀྱི་མཆུ་སྡེར་ཅན་ཁ་ནས་དུག་རླངས་སྤྲིན་ལྟར་གཏིབས་པ། ཁྲག་སྤྱང་མང་པོ་རོལ་དུ་ཁྲིད་པ་བྱུང་། ཤ་ལས་རྡོ་རེངས་དམར་པོའི་གྲི་བཙན་དམར་པོ་ཁྲག་མདོག །བེའུ་དམར་པོའི་སློག་པ་གྱོན་པ། སྟག་རལ་དང་གཟིགས་ཤུབས་ཅན། བསེ་མདུང་དམར་པོ་རྒྱུ་ཞགས་ཞགས་པ་བསྣམས་པ། རྐྱང་དམར་སྦོ་དང་སྣ་དཀར་ལ་ཆིབས་

(༨༥༥)པ། ཁྱི་མོ་དམར་མོ་མཐིང་མིག་མ་ཁྲག་དྲོན་སྐྱུག་པ་དམར་པོ་ཁྲག་འཛག་མ་རོལ་དུ་ཁྲིད་པ་བྱུང་། དབུ་ལས་ཀཾ་ཀ་ཐོད་ནག་བདུད་བཙན་ཤིན་ཏུ་འཇིགས་ཤིང་གཏུམ་པ་སྐུ་མདོག་ལྗང་སྔོན་དར་ནག་གི་བེར་ཆེན་དང་ཐོད་ནག་པོ་གསོལ་བ། དར་ནག་གི་རུ་མཚོན་དང་འབྲེང་ཞགས་རིང་མོ་ཐོགས་པ་རགས་པ་གཞུང་ནག་ལ་ཆིབས་པ། ཁྱི་མོ་ནག་མོ་གཟི་མིག་ནད་སྐྱལ་སྐེ་ལ་བཏགས་པ་ལྕགས་སྤྱང་དམར་མོ་རོལ་དུ་ཁྲིད་པ་བྱུང་། ཁྲག་ལས་གྲིབ་བཙན་དབལ་ཐོག་གམ་རྩལ་ཐོག་རྒྱུག་གི་གྲིབ་བཙན་དམར་ནག་ཟངས་ཁྲབ་དམར་པོ་གསོལ་ཞིང་དར་དམར་གྱི་འགྱིང་ཐོད་བཅིངས་པ། བསེ་ཕུབ་རྒྱབ་ཏུ་འཁུར་ཞིང་སྟག་གདོང་གཟིག་ཤུབ་བཏགས་པ། ཟངས་ཀྱི་རལ་དྲི་དང་དར་དམར་གྱི་རུ་མཚོན་འཛིན་པ། བཙན་རྟ་དམར་ཞུར་ལ་

(༨༥༦)ཞོན་པ། རི་ཁྱི་སྤྱང་ཀི་དང་ཁྱི་མོ་དམར་མོ་གཟི་མིག་མ་ཁྲག་རལ་པ་ཅན་དམར་མོ་འབར་མ་རོལ་དུ་ཁྲིད་པ། རི་བྱ་ཕོ་རོག་སྟེང་ན་ལྡིང་བ་བྱུང་། དེ་དང་ལྷན་ཅིག་ཏུ་སྔོན་གྱི་སྨོན་ལམ་གྱི་མཐུས་རྒྱལ་པོ་དྷརྨ་ཤྲིའི་སྲས་མོ་ལྷ་ལྕམ་བདེ་སྦྱིན་ཀྱང་དེར་འཁྲུངས་ཏེ་ལྷ་མོ་སྲེ་མོ་སྤྱན་གཅིག་མ་ཞེས་གྲགས་ཏེ་ལྕམ་མོར་གྱུར་ཏོ། །དེ་ལྟར་ཡང་རྩ་རྒྱུད་ལས། ཡ་བ་སྐྱ་བདུན་ལྕམ་མོ་ནི༔ ལྷ་མོ་སྲེ་མོ་སྤྱན་གཅིག་མ༔ ཞེས་གསུངས། འདི་དག་ཐུན་མོང་གི་སྣང་སྟོང་།།།གནོད་སྦྱིན་ཉིད་དང་དུས་མཉམ་དུ་འཁྲུངས་པ་ལྟར་སྣང་བས་མཆེད་བདུན་དུ་གྲགས་སོ། །དེ་ལྟར་སྐུ་མཆེད་བདུན་པོས་དྲེགས་པ་ཅན་ཐམས་ཅད་བྲན་དུ་བཀོལ་ནས་སྔོན་གྱི་དགྲ་བོ་རྒྱལ་བློན་རྗེ་འབངས་དང་བཅས་པ་ཟོས་སྐྱེ་འགྲོ་རྣམས་ལ་ལ་མཚོན་གྲིར་བསད་ལ་ལ་འགག་གྲིར་བསད། ལ་

(༨༥༧)ལ་རྡིབ་གྲི། ལ་ལ་ཆུ་གྲི། ལ་ལ་སྦོས་གྲི། ལ་ལ་རྦབ་གྲི། ལ་ལ་འཐབ་གྲི། ལ་ལ་ལྕེབ་གྲིར་བསད་དེ་སྲིད་གསུམ་ཐམས་ཅད་བརླག་ལ་ཁད་བྱུང་སྟེ། རྒྱུད་ལས། གྲི་ཐང་དམར་པོར་གནས་བཅས་ནས༔ གྲི་འཐབ་རྔམས་སུ་ཐམས་ཅད་བསད༔ སྲིད་གསུམ་ཚེ་སྲོག་ཟས་སུ་ཟོས༔ ཞེས་གསུངས། དེའི་ཚེ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ཞེ་སྡང་དབྱིངས་སུ་དག་པའི་མེ་དཔུང་སྟེང་ན་འབར་བ། འདོད་ཆགས་བདེ་བ་ཆེན་པོར་དག་པའི་རཀྟའི་རྦ་ཀློང་འཁྲུག་པ་དམར་ནག་གྲུ་གསུམ་འབར་བའི་དཀྱིལ་འཁོར་ནས་དཔལ་ཆེན་རྟ་མགྲིན་དབང་གི་རྒྱལ་པོར་རང་སྣང་ལས་སྤྲུལ་པའི་སྡེ་བརྒྱད་ཀྱི་སྡེ་དཔོན་བསམ་གྱིས་མི་ཁྱབ་པས་བསྐོར་ཞིང་། ཡེ་ཤེས་ཀྱི་མཁའ་འགྲོ་རྡོ་རྗེ་བདེ་བྱེད་མ་ལ་སོགས་པ་དཔའ་བོ་དང་མཁའ་འགྲོའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་

(༨༥༨)པ་དང་ལྷན་ཅིག་ཏུ་བཞུགས་པ་ལས། དེའི་ཚེ་མཁའ་འགྲོ་མ་བདེ་བྱེད་མས་རང་གི་སྟན་ལས་བཞེངས་ཏེ་དཔལ་རྟ་མགྲིན་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དབང་གི་རྒྱལ་པོ༔ གདུག་སེམས་དྲེགས་པའི་ཆོ་འཕྲུལ་ལས༔ སྲིད་པ་གསུམ་ཡང་རླག་བྱེད་ན༔ ཐུགས་རྗེའི་བདག་པོས་བཀའ་གནང་མཛོད༔ ཞེས་བསྐུལ་བས་དཔལ་རྟ་མགྲིན་གྱི་བཀའ་སྩལ་པ། འཇིག་རྟེན་དྲེགས་པའི་ལྷ་འདྲེ་རྣམས༔ རང་རིག་ཡེ་ཤེས་མ་ཤར་བས༔ མ་རིག་ཉོན་མོངས་འཁྲུལ་བའི་རྒྱུ༔ ས་བོན་རྩུབ་མོའི་རྐྱེན་གྱིས་འཕངས༔ འཇིག་རྟེན་དྲག་པོ་བདག་གིས་དབང་དུ་སྡུད༔ ཅེས་འདུལ་བའི་དུས་ལ་བབ་པར་གཟིགས་ནས་དྲག་པོའི་སྐུར་བཞེངས་ནས་ཁྲོས་པའི་སྤྱན་བགྲད་རྔམས་པའི་ང་རོ་བསྒྲགས་ནས་གནོད་སྦྱིན་འཁོར་བཅས་མདུན་དུ་བཀུག་ནས་དམ་ལ་བཏགས་པར། ཨེ་མ་དཔལ་ཆེན་དབང་གི་ལྷ༔ བདག་ཅག་འཁོར་དང་བཅས་པ་རྣམས༔ མ་

(༨༥༩)བསད་དཔའ་བོའི་བཀའ་སྩལ་ཉོན༔ སྲོག་གི་སྙིང་པོ་འདི་འབུལ་གྱིས༔ ལས་དང་ཟས་སྐལ་བདག་ལ་སྟོན༔ ཨོཾ་རཀྵ་རཀྵ་སྙིང་ལ་ཧཱུཾ་ཧཱུཾ་ཅེས་གཙོ་བོ་དང་༔ ཤུ་ལ་གྲྀ་ཝ་ཏྲི༔ ཤུ་ལ་ཧྲཱི༚་ཧྲཱི༚ཛཛ ཞེས་སྲོག་སྙིང་ཕུལ༔ དམ་ལ་བཏགས༔ དེ་དག་གི་ཕུལ་བའི་སྲོག་སྙིང་དུག་གི་སྤུ་གྲི་གདུག་པ་རེག་ཆོད་ཀྱི་དབལ་དུ་བྱིན་གྱིས་རླབས༔ སྤུ་གྲི་དམར་པོ་སྙིང་གི་རྒྱུད་གསུངས། དེར་འཁོར་ཐམས་ཅད་ཀྱི་ཕྱག་དང་བསྐོར་བ་བགྱིས་ཏེ། ཧཱུཾ རྒྱལ་བ་ཀུན་གྱི་གསུང་མཆོག་པདྨའི་གསུང་༔ ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས༔ སྤྱན་རས་གཟིགས་སྤྲུལ་ཧྲཱིལས་སྔགས་པའི་སྐུ༔ རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། དེར་རྒྱུད་རྣམས་མཁའ་འགྲོ་མ་རྡོ་རྗེ་བདེ་བྱེད་མས་འཕྲུལ་གྱི་ཡི་གེ་ལ་བཏབ་ནས་རྒྱ་གར་གྱི་ཡུལ་དུར་ཁྲོད་མེ་རི་འབར་བའི་གནས་

(༨༦༠)ཟངས་རི་དམར་ནག་གི་འགྲམ། སྲིན་མཚོ་འཁོལ་མའི་འགྲམ། མེ་ལྕེ་རིས་ཀྱི་བཙན་བྲག་དམར་པོ་སྲིན་མོ་ལངས་པ་འདྲ་བ་བཅུ་གཅིག་མཆིས་པའི་བྲག་གི་སེར་ཁར་བསེའི་གའུ་སེན་གང་མར་ཞིག་གི་ནང་དུ་སྦས་ཏེ་ཡ་བ་སྐྱ་བདུན་རང་ལ་གཉེར་དུ་གཏད་དོ༔ དུས་ཕྱིས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་གནས་དེར་གཤེགས་པའི་ཚེ་ནམ་གྱི་གུང་ལ་སྤྱང་ཀི་ཁྲག་གི་རལ་པ་ཅན་བདུན་ངུ་ཞིང་ཆོ་འཕྲུལ་སྟོན་དུ་བྱུང་བར་སློབ་དཔོན་གྱི་དཔལ་རྟ་མགྲིན་གྱི་སྐུར་བཞེངས་ཏེ་རྡོ་རྗེ་འཕྱར་བས་སྤྱང་ཀི་རྣམས་རྟ་པ་བདུན་དུ་སོང་ནས་ཕྱག་འཚལ། ཁྱེད་སུ་ཡིན་གསུངས་པས་བདག་ནི་གནོད་སྦྱིན་གྱི་རྒྱལ་པོ་ཅིའུ་དམར་པོ་བྱ་བ་ལགས། སྔོན་དཔལ་ཆེན་པོ་རྟ་མགྲིན་གྱིས་དབང་བསྐུར་ཞིང་དམ་ཚིག་ཕོག་པ་ལས་བསྟན་པའི་སྲུང་མར་ཁས་བླངས་པ་ལགས་སོ་ཟེར། ཁྱོད་ཀྱི་གནས་གང་ཡིན། ཕ་གང་ཡིན། སྙིང་པོ་གང་ཡིན་སྨྲོས་ཤིག་གསུངས་པས་

(༨༦༡)བདག་གི་གནས་རྒྱ་གར་གྱི་དུར་ཁྲོད་འདི་ཉིད་ལགས། གཙང་ན་གད་ཀྱི་ཕུག་པ་བྱ་བ་ལགས། ཕ་ནི་དམུ་རྗེ་ལེགས་པ་ལགས། མ་ནི་གནོད་སྦྱིན་ཟངས་མགྲིན་མ་བྱ་བ་ཡིན། སྲོག་གི་སྙིང་པོ་ནི་དཔལ་རྟ་མགྲིན་གྱིས་གསུངས་པའི་རྒྱུད་གཅིག་ན་གནས་པ། བྲག་གི་སེར་ཁ་མ་གི་ན་བསེའི་གའུ་སེན་གང་མ་གཅིག་གི་ནང་ན་ཡོད་པས་བཞེས་ཤིག །བདག་གི་སངས་རྒྱས་ཀྱི་བསྟན་པ་སྲུང་བར་བགྱིའོ། །ཞེས་ཞལ་གྱིས་བཞེས། སློབ་དཔོན་ཆེན་པོས་དབང་བསྐུར། གསང་མཚན་ཀུན་ཁྱབ་རྡོ་རྗེ་དྲག་པོ་རྩལ་དུ་བཏགས། སློབ་དཔོན་གྱིས་གནོད་སྦྱིན་འདིའི་རྒྱུད་རྣམས་གཏེར་ནས་བཞེས། དུས་ཕྱིས་བོད་དུ་བྱོན་དུས་ཡ་བ་སྐྱ་བདུན་རྟ་པའི་རྣམས་པས་བསུས་པས་གནོད་སྦྱིན་ཙི་དམར་བའི་ཡུལ་དེ་འདིར་ཡོད་དམ་གསུངས། སྒྲུབ་སྐོར་འདི་དག་ལ་སྐོར་ཚོ་གསུམ་དུ་ཕྱེ་ནས་

(༨༦༢)ཡོངས་སུ་རྫོགས་པ་བྱང་པྲ་བདུན་ལྷ་ཁང་གི་སྤྱན་མི་བཟང་གི་ཐུགས་ཀར་སྦས། སྡེ་ཚན་གཅིག་རྟ་མགྲིན་དྲེགས་པ་ཟིལ་གནོན་གྱིས་བཀའ་སྲུང་གི་ཆ་ལག་ཏུ་བསམ་ཡས་རྟ་མགྲིན་གླིང་དུ་རྟ་མགྲིན་གྱི་ཐུགས་ཀར་ལྕགས་ཀྱི་གའུའི་ནང་དུ་སྦས། བུ་ཡིག་ལ་དྲིལ་གསུམ་པ་མཆིམས་ཕུ་བཻ་ཙའི་གླིང་གི་རྣམ་པར་སྣང་མཛད་ཀྱི་སྤྱན་ལ་སྦས་རྩ་རྒྱུད་ལས། རྒྱུད་གཉིས་བླ་རྡོ་ཆོ་འཕྲུལ་དང་༔ ལྕོག་རུང་གསོལ་ཁ་ལས་མེད་པར༔ མ་བུ་ཚང་བར་པྲ་བདུན་རྩེར༔ མིག་མི་བཟང་གི་ཐུགས་ཀར་སྦས༔ གཅིག་ནི་བསམ་ཡས་རྟ་མགྲིན་གྱི༔ ཐུགས་གསང་ལྕགས་ཀྱི་གའུ་རུ༔ རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི༔ ཆོས་བདག་བཀའ་ཡི་སྲུང་མར་སྦས༔ དེ་ཡི་བུ་ཡིག་སྲོག་མདའ་ཡི༔ ཤོག་དྲིལ་ལ་དྲིལ་གསུམ་པ་ནི༔ མཆིམས་ཕུའི་རྣམ་སྣང་སྤྱན་ལ་སྦས༔ ཞེས་གསུངས་

(༨༦༣)དེ་ལྟ་བུའི་གནོད་སྦྱིན་ལ། །ལྷ་བཙན་དགྲ་ལྷའི་རྒྱལ་པོའམ༔ ཡང་ལེ་བེར་དུ་གྲགས་ཏེ། ལྷ་བཙུན་རྣམ་རྒྱལ་གྲགས་པ་རིན་ཆེན་གྱིས་བསམ་ཡས་བུ་ཚལ་དུ་གསུངས་པའི་གནོད་སྦྱིན་པོའི་དྲག་བསྐུལ་ལས། སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ བསམ་ཡས་དབུས་སུ་མཚན་གསོལ་བ། །གནོད་སྦྱིན་རྒྱལ་པོ་ཙི་དམར་ཡིན། །བོན་པོ་སྟག་ལ་མེ་འབར་གྱི། །ར་ས་འཛིན་དུ་མཚན་གསོལ་བ༔ ལྷ་བཙན་དགྲ་ལྷའི་རྒྱལ་པོ་ལགས༔ བྱང་སེམས་ཟླ་བ་རྒྱལ་མཚན་གྱིས། །མངའ་རིས་སྟོད་དུ་མཚན་གསོལ་བ། །གནོད་སྦྱིན་རྒྱལ་པོ་ཡང་ལེ་བེར། །ཞེས་གསུངས། དཔལ་ལྡན་ལྷ་མོའི་ཆས་འབུལ་གྱི་ནང་དུ། བཙན་སྐྱ་རྡོ་རྗེ་ཟླ་བ་ཡིས། འཕུང་བྱེད་ཤོ་རྡེ་དཀར་ནག་ཕུལ། །ཞེས་གསུངས་པའི་བཙན་དེ་ཡང་གནོད་སྦྱིན་ཆེན་པོ་འདི་ཉིད་དུ་རིག་པར་བྱ་སྟེ། དཔལ་ལྡན་ལྷ་མོའི་བསྟོད་པ་འབུམ་ཐང་ཉེར་

(༨༦༤)གཅིག་མར་གྲགས་པ་གསར་སྙིང་ཐམས་ཅད་ཀྱིས་ཚད་མར་འཛིན་པ་དེ་ཉིད་ལས། ཡ་བ་སྐྱ་བདུན་ཤོ་རྡེ་དཀར་ནག་ཕུལ། ཞེས་འབྱུང་ངོ་། །གནོད་སྦྱིན་འདིའི་ཡབ་ཡུམ་ནི་མགོན་པོ་ལེགས་ལྡན་གྱི་འཁོར་དུ། གནོད་སྦྱིན་ཟངས་མདོག་དམར་ནག་གསེར་གྱི་སྤུ་གྲི་དང་བསེ་མདུང་འཛིན་པ། ཡུམ་བསེ་གདོང་ཟངས་མགྲིན་ཅན་དམར་ནག་འཇའ་ཚོན་གྱིས་གོས་ཅན་བྱད་ཐག་དང་ནད་རྐྱལ་བསྣམས་པ། བསེའི་གྱད་ཆེན་བཞི། བསེ་མོ་བཞི། མི་དམར་བཤན་པ་བཞི་བཅུ་རྩ་གཉིས་ཀྱིས་བསྐོར་བ་འབྱུང་བ་དེ་ཉིད་ཡིན་ནོ། ༈ །ཇོ་བོ་རྫོང་བཙན་པར་གྲགས་པའི་གནོད་སྦྱིན་ཆེན་པོ་ནི། བཞུགས་གནས་ལ་ལྟོས་ཏེ་རྫོང་བཙན་པ་ཞེས་མཚན་དུ་གསོལ་བ་ཡིན་ལ། ནང་བསེས་བྱེ་བྲག་པར་ཕྱི་སྒྲུབ་བཙན་རྒོད་ཀྱི་རྣམ་པ་འབར་བ་སྤུན་བདུན་ཏེ། མཆིམས་ཕུ་བྲག་བཙན་རྡོ་རྗེ་དྲག་པོ་རྩལ། གཡུ་ལུང་གངས་

(༨༦༥)བཙན་རྡོ་རྗེ་དབང་བཙན་རྩལ། སྤ་རི་སྤ་བཙན་རྡོ་རྗེ་ཡེ་ཤེས་སྩལ། ཀོག་མ་གྲིབ་བཙན་རྡོ་རྗེ་མཆོག་རྒོད་རྩལ། པུ་།།།རི་པུ་བཙན་རྡོ་རྗེ་སྲུང་མ་རྩལ། །བྲག་དམར་རྫོང་བཙན་རྡོ་རྗེ་དགྲ་འཇོམས་རྩལ། སྟག་མ་རོང་བཙན་རྡོ་རྗེ་ལེགས་པ་རྩལ། །ཞེས་གྲགས་ཤིང་ཐམས་ཅད་ཀྱང་བཙན་རྒོད་ཁྲོས་པའི་རྣམ་པ་རྟ་དམར་ཆིབས་ནས་སྟོང་ཁམས་མྱུལ་བར་གསུངས། འདི་ཉིད་ནི་འཁོར་དུ་བཙན་རྒོད་སུམ་བརྒྱ་དྲུག་ཅུས་བསྐོར་བའོ། །ནང་སྒྲུབ་དགེ་བསྙེན་མཆེད་བདུན་སྔགས་བཙན་པད་ཞུ་འཇོལ་བེར་ཅན་གྱི་རྣམ་པ་རྟ་དཀར་ལ་ཆིབས་པ། དཀོར་བདག་ཆེན་པོ་སྐྱེས་བུ་སྟོང་སྡེས་བསོར་བསྐོར་བ། གསང་སྒྲུབ་ནི་གནོད་སྦྱིན་གཏེར་བདག་གི་རྒྱལ་པོ་མཆེད་བདུན་ནོར་ལྷའི་རྣམ་པ་དར་དང་རིན་པོ་ཆེས་བརྒྱན་པ། དགོས་འདོད་འབྱུང་བའི་ནོར་བུ་དང་ནེའུ་ལེ་

(༨༦༦)ཐོགས་ཏེ་རིན་པོ་ཆེའི་ཁྲི་དང་སྟག་ཟིག་དོམ་དྲེད་ཀྱི་སྟན་དང་ཞོན་པར་རོལ་བ། འཁོར་གཏེར་བདག་བྱེ་བ་ས་ཡས་བསྐོར་བ་སྟེ། དང་པོར་རྡོར་ལེགས། གཉིས་པར་པེ་ཧར། གསུམ་པ་རྣམ་སྲས་སུ་ངེས་སོ། །འདི་དག་གི་སྐྱེ་རྒྱུད་གཏེར་གཞུང་ཁུངས་མའི་རིགས་ལ་སྔོན་ཆད་མ་མཐོང་ཡང་གསོལ་ཁ་ཡིག་རྙིང་ཁུངས་མ་དག་ལས་བྱུང་བ་ལྟར་ན། སྔོན་རྒྱ་ནག་གི་ཡུལ་བྲག་རི་སེང་གེ་འདྲ་བའི་ལོགས་གསེར་མཚོ་བདུན་གྱིས་འགྲམ་ནས་ཡབ་ལྷ་བཙན་གཉན་པོ་དང་ཡུམ་སྲོག་བདག་བཙན་མོའི་སྲས་སུ་འཁྲུངས་པར་བདུད་ནག་སྐྱེས་གཅིག་རལ་པ་ཅན་དུ་བཏགས། དེ་ནས་ལྗངས་ཀྱི་ཡུལ་དུ་བྱོན་པས་ལྷ་བཙན་མདུང་དམར་ཅན་དུ་གྲགས། ལྗངས་ཀྱི་རྒྱལ་པོའི་སྲོག་ལྷ་མཛད། དེ་ནས་བོད་དུ་བྱོན། ཇོ་བོ་བྲག་བཙན་དམར་པོར་མཚན་གསོལ། རྗེའི་མགུར་ལྷ། འབངས་ཀྱི་སྲོག་ལྷ་མཛད་ཅིང་།

(༨༦༧)ཁྲ་འབྲུག་གི་སྣེ་ཐང་ཆེན་མོར་ཕེབས་དུས་ཡར་ཀླུངས་པ་རྣམས་ཀྱིས་ཧེ་རུ་མཉྫུ་ཞེས་བྱ་བར་མཚན་གསོལ། སྤྲུལ་པའི་རྫོང་ཆེན་རྩེ་གསུམ་གཡས་ཕྱོགས་དར་དཀར་གྱི་ཡོལ་བ་རྐྱང་བ་འདྲ་བ། གཡོན་ཕྱོགས་སེངྒེ་གནམ་དུ་མཆོང་བ་འདྲ་བ། འདུན་ངོས་རྒྱལ་པོ་གདན་དུ་བཞུགས་པ་འདྲ་བ། རྒྱབ་རི་བཙུན་མོ་ཆས་སུ་བཞུགས་པ་འདྲ་བ། ཆུ་མིག་བརྒྱ། སྨན་སྣ་བརྒྱ། བྱ་སྣ་བརྒྱ། རི་དྭགས་བརྒྱ་ལ་སོགས་པ་མཛེས་པ། གཡས་ཕྱོགས་རྫོང་གི་རྩེ་མོ་ནས་འབྲུག་སྒྲ་སྒྲོག་པ། གཡོན་ཕྱོགས་གསེར་རྫོང་གི་རྩེ་མོ་ནས་གནམ་ལྕགས་འབེབས་པ། དབུས་ཕྱོགས་ཟངས་རྫོང་རྩེ་དགུ་གསེར་གྱི་སྒོ་ཅན་རྩེ་མོར་གློག་སྟོང་འཁྱུག་པའི་ནང་དུ་རིན་ཆེན་གསེར་གཡུའི་ཁྲི་སྟེང་འགྱིང་བག་གི་རོལ་བའི་གཡས་ཀྱི་རུ་འདྲེན་བཙན་རྒོད་གྲགས་པ་རྒྱལ་མཚན་ལྷོ་ཁ་ཡོངས་ཀྱི་

(༨༦༨)བཙན་དཔོན། གཡོན་གྱི་རུ་འདྲེན་བཙན་རྒོད་དྲག་པ་དཔལ་ལེ་བྱང་ཁ་ཡོངས་ཀྱི་བཙན་དཔོན། གསང་།།།སྨན་མོ་སྤུན་གསུམ། ཕྱག་བརྙན་དིག་པ་འབུག་མེད། གཉེར་པ་གྲགས་པ་རྡོ་རྗེ། ཆིབས་འཛིན་རྡོ་རྗེ་འབར་བ། འགག་པ་གྲགས་པ་ཆོས་རྒྱལ། བཤན་པ་དྷརྨ་རཱ་ཛ་སོགས་སྤྲུལ་པའི་དམག་དཔུང་དུ་མས་བསྐོར་ཏེ་ཤེལ་རྫོང་དཀར་པོར་བཞུགས་དུས་བཙན་རྒོད་གྲགས་པ་རིན་ཆེན། མགོན་རྫོང་ནག་པོར་བཞུགས་དུས་བདུད་གིང་གི་རྣམ་པ། རྫོང་ཀེ་རུ་ཀེ་འབྲེང་དུ་བཞུགས་དུས་བཙན་གིང་གི་རྣམ་པ། རྫོང་པདྨ་བརྩེགས་པར་བཞུགས་དུས་ལྷ་གིང་གི་རྣམ་པ་རང་འདྲ་འབུམ་ཕྲག་དུ་མའི་འཁོར་གྱིས་བསྐོར་བ། གཞན་ཡང་གནོད་སྦྱིན་གང་བ་བཟང་པོ་འབྲོག་གནས་མཆེད་ལྔ། ཡཀྴ་ཀ་ལ། གནོད་སྦྱིན་ཁྱུང་གདོང་། གནོད་སྦྱིན་ཆུ་འབེབས། གནོད་སྦྱིན་

(༨༦༩)གངས་དཀར། གནོད་སྦྱིན་བདུད་འཇོམས་དགེ་བསྙེན་ཉེར་གཅིག་ལ་སོགས་པའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ཏེ་ཆོས་མཛད་ཡོངས་ཀྱི་བསྲུང་མར་བཞུགས། རྒྱ་བོད་མདོ་གཙང་ཐམས་ཅད་ལ་འདུས་མ་ཁྱབ་པ་གཅིག་ཀྱང་མེད་དེ། ཁྱད་པར་ཀོང་སྟོད་ཀོང་སྨད་དང་ལྷོ་རྒྱུད་ཕྱོགས་ལ་ཁྱབ་ཆེའོ། ༈ །གནོད་སྦྱིན་ཆེན་པོ་ཇག་པ་མི་ལེན་ནམ་རྡོ་རྗེ་དགྲ་འདུལ་དུ་འབོད་པ་ནི། བྲག་བཙན་སྲོག་ཟན་དམར་པོ་རི་དམར་འཇོམས་པའི་རྒྱུད་ལས། སྔོན་བཙན་ཡུལ་ཟངས་ཐང་དམར་པོ་རྡོ་རྗེ་བྲག་ཆེན་གཏམ་པའི་ཕོ་བྲང་དུ་ཡབ་བཙན་རྗེ་ཟླ་བ་ཐོད་དཀར་རམ་བཙན་གྱི་རྒྱལ་པོ་ཨང་མིང་གཏེར་རམ་གནམ་གྱི་ཨག་སེ་རྒྱལ་བ་ཞེས་མིང་གཅིག་ལ་མཚན་དུ་མར་གྲགས་པ་དེ་དང་། ཡུམ་ཀླུ་མོ་ཟངས་མགྲིན་མ་ཞེས་ཀྱང་བྱ། བཙན་གྱི་རྒྱལ་མོ་ཤེལ་

(༨༧༠)མིག་མ་ཞེས་ཀྱང་བྱ། ས་སྲིན་མ་མོ་ཞེས་ཀྱང་བྱ་སྟེ་རིག་པའི་ལྷ་མོ་གདོང་དམར་མ་དང་གཅིག་གོ །དེ་ཉིད་འཁྲིག་པ་སྤྱད་པ་ལ་ཟླ་གྲངས་ཐེམས་པ་ན་ཟངས་སྒོང་དམར་པོ་གཅིག་སྐྱེས། དེ་བརྡོལ་བའི་ནང་ནས་བྲག་བཙན་དམར་པོ་འཇིགས་སུ་རུང་བ་དབུ་སྐྲ་དམར་སེར་སྨིན་མ་ལྕགས་ཀྱུ་འཁྱིལ་བ་ལྟ་བུ་སྤྱན་རྩ་དམར་བ་དར་དམར་གྱི་འཇོལ་བེར་གསོལ་བ། ཕྱག་གཡས་བཙན་གྱི་རྒྱུ་ཞགས་ཕྱར་ཞིང་། གཡོན་པ་ལྟས་ངན་འུག་བྱ་འཛིན་པ། སྦྲུལ་ནག་སྟོང་གིས་ཆུན་པོས་བརྒྱན་ཅིང་ལྕགས་ལྷམ་ཡུ་ཐུང་གྱོན་པ་ཞིག་སྐྱེས། མཚན་སྲོག་བཙན་དམར་པོར་བཏགས། སྐད་ཅིག་དེ་ཉིད་ལས་སྤྲུལ་པའི་ཤར་ཕྱོགས་དྲི་ཟའི་བཙན་མི་དཀར་རྟ་དཀར་བརྒྱ་དང་། ལྷོ་ཕྱོགས་གཤིན་རྗེའི་བཙན་མི་སྔོན་རྟ་སྔོན་བརྒྱ། ནུབ་ཕྱོགས་ཀླུའི་བཙན་མི་དམར་བརྒྱ།

(༨༧༡)བྱང་ཕྱོགས་གནོད་སྦྱིན་གྱི་བཙན་མི་སེར་རྟ་སེར་བརྒྱ་བྱུང་བར་བཙན་འཁོར་སྡེ་བཞིར་གྲགས། དེ་དག་ལས་སྤྲུལ་པའི་བཙན་འཁོར་སྡེ་བརྒྱད་དུ་བྱུང་སྟེ། ལྷ་བཙན་པས་རྗེ་དཀར་པོ། ཀླུ་བཙན་རོལ་པོ་གློག་འགྱུ་ཁྲ་བོ། གཟའ་བཙན་ཁྲོལ་པོ་སྨུག་ནག །སྲིན་བཙན་དགུ་པོ་ཁ་སྔོན་རྣམས་རང་མདོག་གིས་རྟ་དང་ཆས་གོས་ཅན་བརྒྱ་ཕྲག་ཏེ། དམུ་བཙན་ཡ་བ་སྐྱ་བདུན། གནམ་བཙན་ཐོག་པ་རྗེ། ནམ་སྐྱོལ་གྱི་གྲི་བོ་གཟེར་ཐབས་རྣམས་རང་འདྲ་བརྒྱ་ཕྲག་རེ། དེ་དག་ལས་འཕྲོས་པའི་གནམ་བཙན་དཀར་པོ། མེ་བཙན་དམར་པོ། ཆུ་བཙན་སྔོན་པོ། ས་བཙན་གྲོ་བོ། རླུང་བཙན་འཕྱེ་བ། གཡང་བཙན་དམར་པོ། བྲག་བཙན་གར་པོ། སེ་བཙན་སྐྱ་རོལ་དུང་བཙན་རྐུན་བུ། རྡེ་བཙུན་ཡོར་པོ། གཡའ་བཙན་གོས་

(༨༧༢)སྔོན། ནགས་བཙན་སྨུན་བུ། སྤང་བཙན་སྣར་མ་སོགས། ལུང་བཙན་བརྒྱ་དང་སུལ་མངས་སྟོང་གི་བཙན་སོགས་གནམ་གྱི་སྐར་མ་དངས་སའི་དྲེགས་པ་བཞིན་དུ་བྱུང་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་བོ། །གནོད་སྦྱིན་ཆེན་པོ་ཅི་དམར་བའི་ལོ་རྒྱུས་སུ་གསུངས་པའི་ཡབ་ཡུམ་རྣམ་འགྱུར་དང་། ངོ་བོ་གཉིས་ཀ་འདིའི་ཡབ་ཡུམ་དང་གཅིག་ཅིང་གནོད་སྦྱིན་རང་ཡང་ཐུགས་རྒྱུད་གཅིག་མོད། འདིར་བྲག་བཙན་སྔོན་དུ་བྱུང་ནས་དེ་ལས་ཡ་བ་སྐྱ་བདུན་སྤྲུལ་པར་བཤད་པ་དང་། གནོད་སྦྱིན་རང་གི་ལོ་རྒྱུས་སུ་ཁྲག་གིས་སྒོ་ང་ལས་འཁྲུངས་པར་གསུངས་པ་གཉིས་ཀ་གདུལ་བྱའི་མོས་ངོར་སོ་སོར་བསྟན་པའི་དོན་ལ་གནས་པ་ཡིན་ནོ། །རྟོག་གེ་པ་དག་གི་ལོ་གྲངས་རྩིས་པའི་སྔ་ཕྱི་མཐའ་གཅིག་ཏུ་བཟུང་བའི་གུ་དོག་མི་བྱ་སྟེ་དེ་བཞིན་གཤེགས་པའི་མཛད་པ་ཡིན་པས་དུས་གཅིག་ལ་སྣང་ཚུལ་ཐ་དད་པ་དུ་མ་འབྱུང་ཞིང་ཐམས་ཅད་ཀྱང་དོན་ལ་

(༨༧༣)གནས་པའོ། །དེའི་ཚེ་རྟ་མགྲིན་དབང་གི་རྒྱལ་པོ་དྲག་པོར་ཁྲོས་ཏེ་བྲག་བཙན་འཁོར་བཅས་བཏུལ་ནས་དབང་བསྐུར། གསང་མཚན་རྡོ་རྗེ་དགྲ་འདུལ་མགྱོགས་བྱེད་རྩལ་དུ་བཏགས། རྒྱུད་དང་སྒྲུབ་སྐོར་ལ་སོགས་པ་གསུངས་སོ། །བཙན་རྒོད་རྡོ་རྗེ་འབར་བར་ཡང་གྲགས། རྒྱུད་དེ་ཉིད་ལས། བཙན་གྱི་རྒྱལ་པོ་ཨག་སེ་རྒྱལ། ཡུམ་ཀླུ་སྲིན་མ་མོ། དེ་ཉིད་སྤྲུལ་པའི་སྲས། བཙན་གྱི་རྒྱལ་པོ་སྟེ། རྡོ་རྗེ་སྲ་བརྟན་དང་། དེ་ཡི་ལྕམ་མོ་ནི། ཀླུ་ཡི་རྒྱལ་མོ་སྟེ། ནཱ་ག་མདའ་མི་འབར། ཀླུ་བཙན་ལྕམ་སྲིང་ལ། ཞེས་གསུངས་པས། ལྕམ་མོ་ཀླུའི་བུ་མོ་ན་ཆུང་གཞོན་ནུའི་གཟུགས་ཛ་འདི་འབར་བའམ་ཙཎྜ་ལི་ལྟ་བུ་ཡིན་ནམ་སྙམ་སྟེ་སླར་དཔྱད་པར་བྱའོ། །ཅན་དར་དཀར་གྱིས་གོས་གྱོན་པ་སྦྲུལ་གྱིས་གདེངས་ཀ་ཅན་མཆིས། རྒྱུད་སྡེ་ལས། བྲག་བཙན་གང་ན་ཡོད་པ་དེར། ནཱ་ག་

(༨༧༤)གདུག་པ་ཡོད་པར་ངེས། ཞེས་བཙན་རྒོད་འདི་ཉིད་གར་བཞུགས་ཀྱི་སར་ཀླུ་བདུད་གནས་པར་གསུངས། གནོད་སྦྱིན་བིག་ཙེའི་ལོ་རྒྱུས་སུ་ཁ་གསལ་མ་མཐོང་ཡང་། དུང་དཀར་སྤྲུལ་པའི་སྐུ་དྲིན་ཅན་ཚངས་དབྱངས་འབྲུག་སྒྲ་དེ་ཉིད་ཀྱིས་བེག་ཙེའི་ལས་མཁན་སྲོག་བདག་དམར་པོ་བེག་རྩེ་དང་རིག་པའི་ལྷ་མོའི་སྲས་སུ་བཞེད་ཅིང་། ཇག་མེ་རང་ཡིན་པར་བཞེད་པས་འདི་ནས་བཤད་པ་དང་ཤིན་ཏུ་མཐུན། དེའི་ཕྱིར་ན་ཡབ་ཨག་སེ་རྒྱལ་བེག་ཙེ་ཡིན་པར་ཐེ་ཚོམ་མི་སྣང་ངོ་། །དེས་ན་གནོད་སྦྱིན་ཆེན་པོ་ཙིའུ་དམར་པོ་ཡང་བེག་ཙེ་དང་རིག་པའི་ལྷ་མོའི་སྲས་ཡིན་པར་རིག་པར་བྱའོ། །སྲོག་ཟན་དམར་པོའི་རྒྱུད་ལས་གནམ་བཙན་དཀར་པོ་ཐོག་རྗེ་སྐྱ་རིང་ཕག་པའི་མིང་ཅན་རྟ་དཀར་ཕྲུམ་དམར་ཞོན་ནས་ཞལ་ནས་འབྲུག་སྒྲ་སྒྲོག་ཅིང་

(༨༧༥)གནམ་ལྕགས་ཀྱི་ཕུར་པ་ཐོགས་ཏེ་རི་རྩེར་འགྲིམས་ནས་སད་སེར་འབེབས་པ། ས་བཙན་ཁྲ་བོ་ལེགས་ལྡན་ནག་པོ་བྲ་ནག་རྟིང་དཀར་ལ་ཞོན་པ་ཀླུ་ཤིང་གི་བེར་ཀ་ཐོགས་ནས་གཟེར་ནད་གཏོང་བ། ཆུ་བཙན་སྔོན་པོ་བེའུའི་ལུས་ལ་སྲམ་གྱིས་མགོ་ཅན་སྦྲུལ་ནག་བཟུང་སྟེ་ཉ་ལྕིབས་ཀྱི་གོས་གྱོན་པ་ཆུ་དར་སྔོན་པོ་ལ་ཞོན་ནས་མཛེ་ནད་གཏོང་བ་རླུང་བཙན་འཕྱོ་བ་གསེར་མདོག་རྟ་ངང་པ་ཆིབས་པ་རླུང་གིས་རྐྱལ་པ་བཟུང་ཞིང་བུ་ཡུག་དང་འཚུབ་མ་གཏོང་བ། མེ་བཙན་དམར་པོ་ཚིག་རྗེ་རའི་མགོ་ན་ཆིབས་སུ་མེ་རྟ་ཞོན་པ་ཟངས་ཀྱི་སྤུ་གྲི་ཐོགས་ནས། ཐན་པ་དང་། བཙན་སེར་འདྲེན་པ། དྲང་སྲོང་མེ་ལྷ་དང་གཅིག་པར་གསུངས། འབྱུང་བའི་བཙན་ལྔ་པོ་རིམ་པ་བཞིན་དུ་བགྲེས་གཞོན་གྱི་མཆེད་ཡིན་པར་ཡང་

(༨༧༦)གསུངས་ཏེ། འགྲོ་བའི་མཐོང་ཚུལ་གྱི་ལུགས་པར་ཡིན་པར་སྣང་ངོ་། །འདིའི་བསྐུལ་གྱི་སྐབས་སུ་བྱང་ཤར་ནས་འབོད་པ་དང་ནུབ་ནས་འབོད་པ་གཉིས་གསུངས་ཏེ། དང་པོ་ནི་མ་རུ་རྩེའི་དུར་ཁྲོད་ལ་དགོངས་ཤིང་། གཉིས་པ་ནི་བཙན་ཡུལ་ཟངས་ཐང་དམར་པོ་ལ་དགོངས་པ་ཡིན་ནོ། །རྡོ་རྗེ་ཡང་ཝང་གི་གཏེར་བྱོན་སྲོག་གིས་བསྐུལ་ལས་ཀྱང་། རི་རབ་ཤར་ཕྱོགས་ཕ་གི་ན༔ རི་དམར་དེ་ནི་ལུང་དམར་ན༔ ཐང་དམར་དེ་ནི་ཟངས་སེ་ཟངས༔ ཟངས་མཁར་དེ་ནི་ནང་ཤེད་ན༔ ལྟས་ངན་སྟོང་གི་དམག་དཔོན་བཞུགས༔ སྒྲོལ་གིང་དམར་པོ་སྲོག་གི་གཤེད༔ ཆིབས་སུ་བསེ་བྱ་འདན་དམར་ཆིབས༔ སྐུ་ལ་བསེ་ཁྲབ་དམར་པོ་གསོལ༔ དབུ་ལ་བསེ་རྨོག་འོད་དང་བཅས༔ ཕྱག་ན་བསེ་ཡི་མདུང་དམར་ལ༔ ཁྲག་གི་བ་དན་ཡམས་སེ་ཡམས༔ གཡོན་པ་མི་སྙིང་སྤྲུག་ཅིང་བརྡེག༔ བཙན་བྲན་སྟོང་གི་

(༨༧༧)དམག་དཔོན་མཛད༔ ཅེས་གསུངས་པ་ཡང་འདིའོ༔ བཙན་ཡུལ་ཟངས་ཐང་དམར་པོ་ནི༔ པདྨོ་བཀོད་ཀྱི་བྱང་གླིང་དགའ་བ་ལུང་གི་ནུབ་ཟངས་འབྲོག་ཅེས་པ་གནོད་སྦྱིན་ཆེན་པོའི་བླ་བྲག་བླ་མཚོ་དང་བཅས་པ་ཡོད་པ་དེར་བཞེད་ཅིང་༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་ནུབ་ཕྱོགས་ཕ་གི་ན༔ ཞེས་གསུངས་པ་ཡང་དབུས་གླིང་རྟ་ལུང་དུ་ཕྱོགས་ཕྱོགས་མ་གསུངས་པའི་དབང་དུ་བྱས་པ་ཡིན༔ ཞེས་རིག་འཛིན་ཆོས་རྗེ་གླིང་པས་བཞེད༔ སྤུ་གྲི་དམར་པོ་སྙིང་གི་རྒྱུད་ལས། མངའ་རིས་རིག་འཛིན་ཆེན་པོ་པདྨ་དབང་རྒྱལ་ལུང་སྟོན་པའི་སྐབས་སུ་འདི་ཉིད་ལེན་པའི་སྐྱེས་བུ་གཅིག༔ དྲག་པོ་ཐོག་འདྲའི་ཚུལ་དུ་འབྱུང་༔ པདྨའི་རིགས་སྔགས་གྲུབ་པ་ཡིས༔ དྲེགས་པ་རང་དབང་མེད་པར་འདུ༔ བཙན་ཡུལ་ཟངས་ཐང་ཕྱོགས་ནས་འབྱུང་༔ ཞེས་པ་ལྟར་ན་

(༨༧༨)བསམ་ཡས་རང་ནས་རྩིས་པའི་ནུབ་ཕྱོགས་ཤིག་ཏུ་ངེས་པར་ཡོད་དགོས་པས་ཇི་ལྟར་ཡིན་བརྟག་གོ༔ ལས་བྱེད་བཤན་པ་དམར་པོའི་སྒྲུབ་ཐབས་མེའི་སྤུ་གྲི་ལས་ཀྱང་། ཕ་ནི་གནམ་གྱི་ཕག་སེ་ལ༔ མ་ནི་ས་སྲིན་མ་མོ་སྟེ༔ དེ་གཉིས་རབ་ཏུ་འཚོགས་པ་ལས༔ ཟངས་སྒོང་དམར་པོ་གཅིག་ཏུ་གྱུར༔ དེ་གཉིས་བརྡོལ་ཞིང་བཅག་པ་ལས༔ སྲས་ནི་བཤན་པ་དམར་པོ་བྱུང་༔ ཕྱག་གཡས་མདུང་དར་དམར་པོ་བསྣམས༔ གཡོན་པ་དམ་ཉམས་ཙིཏྟ་འཛིན༔ མྱུར་མགྱོགས་རྟ་དམར་སྟེང་ན་གནས༔ ལས་བྱེད་འཁོར་ཡང་འབུམ་དུ་བྱུང་༔ ཞེས་ཆོས་དབང་གཏེར་བྱོན་གྱི་ཇག་མེའི་སྐྱེ་རྒྱུད་ཁུངས་སུ་དྲངས་ཤིང་མངོན་རྟོགས་ཀྱི་སྐབས་སུ་གཙོ་བོའི་རྒྱབ་ཏུ་སྨན་མོ་ཤིན་ཏུ་མཛེས་པ་མདའ་དར་དང་མེ་ལོང་འཛིན་པ་ཞེས་བྱུང་བ་གོང་གི་ལྕམ་ཀླུའི་བུ་མོ་ཡིན་པར་སྣང་༔ འགུགས་བྱེད་བཙན་གྱིས་

(༨༧༩)བཤན་པ་སྒྲོལ་བྱེད་བདུད་ཀྱི་བཤན་པ་སྲོག་གཅོད་གཤིན་རྗེའི་བཤན་པ་གསུམ་བྱུང་ཚུལ་གསལ་བར་མི་སྣང་ཡང་དོན་དུ་གིང་གསུམ་ཡིན་པར་སྣང་། ཇག་མེའི་སྐུ་གསུང་ཐུགས་ལས་བཤན་པ་གསུམ་སྤྲུལ༔ དེ་ལས་བཙན་འཁོར་སྡེ་བཞིར་སྤྲུལ་བར་སེམས་སོ། ༈ །ཡར་ཀླུངས་པ་རྣམས་ཀྱི་སྒེར་གྱི་དགྲ་ལྷའི་གཙོ་བོ་སྐུ་ལྷ་ཤམ་པོ་ནི༔ ཐང་ཡིག་ལས། དེ་ནས་ཤམ་པོ་ལུང་དུ་བྱོན་ཙ་ན༔ ཤམ་པོས་གཡག་དཀར་རི་ལོགས་ཙམ་ཞིག་སྤྲུལ༔ ཁ་རླངས་རྣ་རླངས་ཁ་བ་བུ་ཡུག་འཚུབས༔ སློབ་དཔོན་ལྕགས་ཀྱུའི་ཕྱག་རྒྱས་སྣ་ནས་བཟུང་༔ ཞགས་པས་བཅིངས་ནས་ལྕགས་སྒྲོག་དམར་པོར་བཅུག༔ དྲིལ་བུའི་ཕྱག་རྒྱས་ལུས་སེམས་བརྩོགས་པ་ཡི༔ སྲོག་སྙིང་ཕུལ་ནས་དམ་བཏགས་གཏེར་ཁ་གཏད༔ ཅེས་གསུངས་པ་ལྟར། ལྕེ་ཡུལ་ཤ་བ་ལུང་

(༨༨༠)དུ་ཕེབས་དུས་ཤམ་པོས་གཡག་ཆེན་པོ་རི་དང་མཉམ་པར་སྤྲུལ་ཏེ་བར་ཆད་བརྩམས་པར་སྡིགས་མཛུབ་གཅིག་མཛད་དུས་བྱིས་པ་ཟུར་ཕུད་ལྔ་པ་ཞིག་ཏུ་སོང་སྟེ་སྲོག་སྙིང་ཕུལ་ནས་དམ་ལ་བཏགས༔ ཕྱིས་ར་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱིས་ཡར་ལྷ་ཤམ་པོའི་གངས་འགྲམ་དུ་བཞུགས་དུས་ཤམ་པོ་གངས་ཆེན་པོ་ཕབ་སྟེ་ལ་བཀག་གྲངས་གཅིག་ཀྱང་འཁྱགས་ནས་ཤི་བླ་མའི་གསུངས་གིས་ཤམ་པོ་དྲེགས་པ་ཆེ་རྣོའམ། ར་རྒན་ལོ་ཙཱ་རྒས་རྣོའམ། འཇིགས་བྱེད་ནུས་པ་ཆུང་རྣོའམ། ར་མཚོན་རྩེ་མོ་ཟད་རྣོའམ་ཞེས་གསུངས་ཞིང་ནག་རི་ལ་བརྡུངས་པའི་སྟང་ཀ་མཛད། དགོངས་པ་ཡུན་རིང་དུ་གཏད་པས་གངས་ཆེན་པོ་འུར། ནམ་ཕྱེད་ཀྱི་དུས་ཤིག་ན་ཤམ་པོའི་ཁྱིའུ་དཀར་པོ་གཅིག་གིས་གཟུགས་སུ་བྱས་ནས་ཕྱག་ཞུང་བཙལ་ཞིང་།

(༨༨༡)བདག་གི་འཁོར་རྔ་གཤང་ཐོགས་པ་སྟོང་ཕྲག་ལྔ་ནི་དུས་གཅིག་ཏུ་གུམ་སོང་། ད་སྔ་མའི་གྲ་པ་གཅིག་ཤི་བ་ལ། གྲ་པ་བརྒྱད་དང་བརྒྱད་ཀྱི་ཚན་འབུལ། གསེར་སྲང་བརྒྱ་དང་བརྒྱད་ཀྱང་འབུལ། བཟོད་པར་བཞེས་ནས་རྗེས་སུ་བཟུང་བར་ཞུ་ཟེར། དེ་མ་ཐག་ཡུལ་ཡང་འཇམ་པོར་གྱུར། སློབ་དཔོན་རྣམས་ཀྱིས་ཞག་ཤས་དེ་ཁར་བཞུགས། ཞག་བདུན་གྱི་ཁོངས་སུ་ཡར་ཀླུངས་ཕུ་མདའ་ནས་གྲ་པ་བརྒྱ་དང་བརྒྱད་བྱུང་། གསེར་སྲང་བརྒྱ་རྩ་བརྒྱད་ཕྱག་ཏུ་འབྱོར་པས་འདྲེ་འདི་ཆད་ལ་བཙན་པར་འདུག་གསུངས། ཞེས་ཇོ་ནང་རྗེ་བཙུན་ཀུན་དགའ་སྙིང་པོས་འཇིགས་བྱེད་ཀྱི་ཆོས་འབྱུང་དུ་གསུངས། ཕ་བོང་ཁ་པ་དཔལ་འབྱོར་ལྷུན་གྲུབ་ཀྱིས་མཛད་པའི་འཇིགས་བྱེད་ཀྱི་ཆོས་བྱུང་ལས་ར་ལོའི་རྣམ་ཐར་འཆད་པའི་སྐབས་སུ། འགྲོ་དོན་ལ་

(༨༨༢)གཡས་བསྐོར་གྱི་ཨིའི་ཕུ་ནས་བྱོན་པའི་ཡར་ཀླུངས་ཀྱི་ལམ་ཁར། ཡར་ལྷ་ཤམ་པོ་འཁོར་བཅས་ཀྱིས་ཁ་བ་ཉིན་མཚན་བདུན་བསྟུད་ནས་ཕབས་པས། ནག་འཇིགས་སྐོར་གསུམ་གྱི་རྒྱུད་མན་ངག་ལ་ཤིན་ཏུ་མཁས་པ། རྗེ་བཙུན་རང་གི་རྒྱལ་ཚབ་ཏུ་བཀོད་དགོངས་པའི་དགེ་ཤེས་གཞོན་པ་ཞིག་གངས་ཀྱིས་འཁྱགས་ནས་གྲོངས་པ་ལ་བརྟེན་ནས། ཐུགས་འུར་རེ་སྦྱིན་སྲེག་གི་ཐབ་ཏུ་ཏིང་ངེ་འཛིན་གྱི་ཡར་ལྷ་ཤམ་པོ་འཁོར་སྟོང་ཕྲག་འགའ་དང་བཅས་ཏེ་བཀུག་སྟེ་བསྒྲལ་ནས་སངས་རྒྱས་ཀྱི་ས་ལ་བཀོད་དོ། །ཡར་ལྷ་ཤམ་པོ་ཁོ་རང་སླར་ཏིང་ངེ་འཛིན་གྱིས་གོས་པས་སྐུ་མདུན་དུ་ལོ་བཅུ་དྲུག་ཙམ་གྱི་རྣམ་པ་ཅན་ཁྱེའུ་གཡུའི་སྨིན་མ་དང་། དུང་སོ་འཁོར་མར་ཡོད་པ་གཅིག་བྱུང་སྟེ། རྗེ་བཙུན་ཆུང་ཞིག་གྲོངས་པ་ལ་ངའི་འཁོར་རྔ་གཤང་ཅན་སྟོང་ཕྲག་མང་པོ་ཕ་རོལ་དུ་བསྒྲལ་ན་

(༨༨༣)ཡང་། བདག་རང་སླར་གསོས་པས་ཐུགས་རྗེས་བཟུང་ལགས། ཕྱིན་ཆད་སེམས་ཅན་ལ་གནོད་འཚེ་མི་བྱེད་པ་དང་། ཁྱད་པར་དུ་དགེ་འདུན་ལ་གནོད་འཚེ་མི་བྱེད་པར་དམ་བཅའ་ཕུལ་ཏེ། ཁྱེད་ཀྱི་བཙུན་ཆུང་གཞོན་པ་གཅིག་ལ་དེ་ཙམ་གྱི་ཐུགས་བརྩིགས་ཡོད་ན། ངས་ཡར་ཀླུངས་ཕུ་མདའ་ན་བཙུན་ཆུང་བརྒྱ་དང་། སྐྲ་ཕུད་བཞེས་པའི་འབུལ་བར་གསེར་ཞོ་བརྒྱ་ཕྲག་ཕྱག་ཏུ་འབུལ་ཟེར་ནས་མི་སྣང་བར་གྱུར་ཏོ། ཁོ་ཟེར་བ་བཞིན་ཡར་ཀླུངས་ཕུ་མདའ་ནས་བཙུན་ཆུང་རྣམ་དཔྱོད་ཅན་བརྒྱ་ལྷག་ཙམ་གསེར་ཞོ་བརྒྱ་ལྷག་ཙམ་དང་བཅས་པ་བྱུང་སྟེ། མི་ལས་ལྷ་འདྲེ་ཁས་བླངས་དང་དམ་བཅའ་ལ་གནས་པ་འདུག་གསུང་ངོ་། །དེ་ལ་དགོངས་ནས་རྗེ་པད་དཀར་འཛིན་པས། བསྐྱེད་རིམ་མཐར་རྫོགས་རིམ་མངོན་དུ་གྱུར། སྡིགས་མཛུབ་ཙམ་གྱིས་རབ་

(༨༨༤)བརྟན་ལྷུན་པོ་ཡང་། ཐལ་བར་བྱེད་པའི་ནུས་ལྡན་རྡོ་རྗེ་གྲགས། སྐད་གཉིས་སྨྲ་བའི་ཞབས་ལ་གསོལ་བ་འདེབས། ཞེས་གསུངས་སོ། །ཞེས་བཤད། ཀརྨ་པ་མི་སྐྱོད་རྡོ་རྗེའི་སློབ་མ་ཀློང་ཆེན་རབ་འབྱམས་པས་མཛད་པའི་ངོ་མཚར་བཀའ་སྲུང་རྒྱ་མཚོའི་ལོ་རྒྱུས་ཞེས་བྱ་བ་ལས། ཆོས་སྐྱོང་འདི་ཉིད་དབང་ཕྱུག་ཆེན་པོ་རང་ཡིན་པར་གསུངས་ཤིང་། ཡབ་ཡུམ་གྱི་ཁུངས་ལ་སོགས་པ་ནི་གུང་རྒྱལ་གྱི་སྐབས་སུ་བཤད་ཟིན་ཏོ། ༈ །དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པའམ་ལྷ་མཆོག་རྡོ་རྗེ་འབར་བ་རྩལ་ཞེས་གསང་བའི་མཚན་དུ་གྲགས་ཤིང་དེང་སང་ཡོངས་གྲགས་སུ་གཉན་ཆེན་ཐང་ལྷ་ཞེས་གྲགས་པ་འདི་ཉིད་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དྲེགས་པའི་ཚུལ་བཟུང་བར་བཤད་ཅིང་། ཡབ་ལྷའི་དགེ་བསྙེན་ཆེན་པོ་འོ་དེ་གུང་རྒྱལ་དང་། ཡུམ་སྲིད་པའི་རྒྱལ་མོ་གཡུ་བྱ་གཤོག་གཅིག་མའི་སྲས་སུ་སྐུ་བལྟམས་ཏེ་ལྷ་བྲག་གཏེར་

(༨༨༥)གྱི་གསོལ་ཁ་ལས༔ སྐུ་ལྷའི་ཡབ་སྨོས་པ༔ འོ་དེ་གུང་རྒྱལ་ལགས༔ སྐུ་ལྷའི་ཡུམ་སྨོས་པ༔ གཡུ་བྱ་གཤོག་གཅིག་ལགས༔ ཞེས་གསུངས། སྲིད་པའི་ལྷ་རབ་མཐུ་བོ་མཆེད་དགུ་མཆིས། འགའ་ཞིག་གི་སྣང་ངོར་སུམ་བརྒྱ་དང་དྲུག་ཅུ་ཡོད་པར་བསྟན། སྐུ་གཅིག་ལ་མཚན་དྲུག་ཏུ་གྲགས་ཏེ། དམ་ཅན་ཤེལ་གིང་དཀར་པོ། ལྷ་གནམ་ཐེ་དཀར་པོ། གནམ་ལྷ་བྱང་ཆུབ་སེམས་དཔའ། ཚངས་པ་དུང་གི་ཐོར་ཚུགས་ཅན། ཁྱབ་འཇུག་ནམ་མཚོའི་རྒྱལ་པོ། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ཞེས་གྲག་གོ །དགེ་བསྙེན་སྐུ་ལྷ་མཁའ་རི་སྙོན་ཁ་ནག་པོ། བདུད་ཟུ་ར་ར་སྐྱེས། བདུད་ཟླ་བའི་གདོང་ཅན། གཉན་ཆེན་མཁར་ནག །ཀླུའི་རྒྱལ་པོ་ནེའུ་ལེ་ཐོད་དཀར་རམ་གཟི་ཅན་འབར་བ་སོགས་སྡེ་བརྒྱད་དུ་མའི་ཆ་ལུགས་སུ་སྤྲུལ་ནས་ཕྱོགས་དུས་

(༨༨༦)ཐམས་ཅད་ཀུན་ཁྱབ་ཏུ་བཞུགས་པ་ལས། གཙོ་བོར་གྱུར་པའི་གནས་ནི། ཡུལ་འདམ་ཤོད་སྣར་མོར་བཞུགས་ཤིང་ཞི་མཛད་རྡོ་རྗེ་འབར་བ་རྩལ། རྒྱས་མཛད་རྡོ་རྗེ་འབར་བ་རྩལ། དབང་གི་ལྷ་རྡོ་རྗེ་འབར་བ་རྩལ། ཀརྨ་རྡོ་རྗེ་འབར་བ་རྩལ། ལྷ་ཆེན་སྐྱེས་བུ་བཞིན་བཟང་། འབྲོང་གཡག་ཞོལ་ཆེན། རླུང་སེམས་ལས་རུང་གི་ལྷ་དཔའ་བོ་རྡོ་རྗེ་འབར་བ་རྩལ། སྲིད་གསུམ་གྱིས་བདག་པོ་ཚངས་པ་ཆེན་པོ་སྟེ་རྣམ་འགྱུར་དགུ། ཡུམ་གནམ་མཚོའི་བདག་མོ་རྡོ་རྗེ་གཡུ་སྒྲོན། མཆེད་འཁོར་སུམ་བརྒྱ་དྲུག་ཅུ། དྲེགས་པའི་སྡེ་དཔོན་སུམ་ཅུ་ལ་སོགས་པའི་འཁོར་གྱིས་བསྐོར་ཏེ་བཞུགས་པའི་སྟེང་གི་ནམ་མཁའ་ལ་སྤྲུལ་པའི་ཁྱུང་ནག་དབུ་དགུ་པས་ས་བདག་ཀླུ་གཉན་གྱི་གདོན་རྣམས་འཇོམས་པ། གཡས་ཕྱོགས་སུ་སྤྲུལ་པའི་དུང་ཁྲ་དཀར་པོས་འབྱུང་པོ་འདེད་པ། གཡོན་

(༨༨༧)དུ་དུང་སྤྱང་མོ་གློག་ལྟར་འཁྱུག་པ། རྒྱབ་ཏུ་ལྕགས་སྡིག་ནག་པོས་སྒབ་འདྲེ་ཕྱི་འབྲང་གི་ཚོགས་རྣམས་ཐལ་བར་རློག་པ། སྲིད་གསུམ་འགེངས་པོའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་བཞུགས་སོ། །དེར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བྱང་ལམ་བར་པར་གཤེགས་དུས་སྦྲུལ་དཀར་པོ་འཇིགས་སུ་རུང་བ་མགོ་བོ་གྲུ་གུའི་ཡུལ་དུ་སླེབ་ཅིང་། མཇུག་མ་ཁམས་ཀྱི་གཡེར་མོ་ཐང་དུ་བརྐྱང་བ་ཞིག་ཏུ་སྤྲུལ་ཏེ་ཕེབས་ལམ་འགེགས་པའི་ཚུལ་མཛད་པར་གསུངས་ཏེ། ཐང་ཡིག་ལས། མགོ་བོ་གྲུ་གུའི་ཡུལ་དུ་སླེབ་པ་ལ༔ འཇུག་མ་ཁམས་ཀྱི་སོག་ཆུ་གཡེར་ཐང་བརྐྱང་༔ སྦྲུལ་དཀར་ཞིག་གིས་ལམ་འཕྲེང་བཅད་པ་ལ༔ སློབ་དཔོན་སྦྲུལ་གྱི་རྐེད་པར་ཕྱག་མཁར་བཙུགས༔ ཀླུ་ཡི་རྒྱལ་པོ་ནེ་ལེ་ཐོད་དཀར་ཁྱོད༔ དྲི་ཟའི་རྒྱལ་པོ་ཟུར་ཕུད་

(༨༨༨)ལྔ་པ་བཞེས༔ ཁྱེད་རང་ཕར་སོང་ཚོགས་འཁོར་བཤོམ་དང་གསུངས༔ ཐང་ལྷས་གངས་ལ་བྲོས་པས་གངས་ཞུ་ནས༔ རྩེ་མོ་ནག་ཟངས་གཡའ་སྔོན་ཉིལ་གྱིས་བྱུང་༔ མ་བཟོད་ཞལ་ཟས་ཚོགས་འཁོར་སྣ་ཚོགས་དྲངས༔ བྱིས་པ་གཡུ་ཡི་ཟུར་ཕུད་ཅན་དུ་གྱུར༔ དར་དཀར་ལ་གྲུ་ཞིག་གྱོན་ཕྱག་བསྐོར་བྱས༔ སྲོག་སྙིང་ཕུལ་ནས་དམ་བཏགས་གཏེར་རྒྱ་གཏད༔ གསང་མཚན་རྡོ་རྗེ་མཆོག་རབ་སྩལ་དུ་གསོལ༔ ཞེས་གསུངས་པ་བཞིན་རྫུ་འཕྲུལ་གྱིས་མཐུས་སྤ་ཀོང་བའི་ཚུལ་མཛད་དེ༔ གསང་མཚན་རྡོ་རྗེ་མཆོག་རབ་སྩལ་དུ་གསོལ༔ ཟབ་མོའི་གཏེར་གྱི་སྲུང་མར་བསྐོས༔ ཀུན་མཁྱེན་ཀློང་ཆེན་པས་མཛད་པའི་ཡང་ཏིག་ཆེན་མོའི་རྒྱུད་ལས༔ དེ་ནས་སྐུ་ལྷ་ཐང་ལྷའི་རྩར་བྱོན་པ་ན༔ ཐང་ལྷས་གནོད་སྦྱིན་སྟོབས་པོ་ཆེར་སྤྲུལ་

(༨༨༩)ཏེ་ཟ་བྱེད་ཀྱི་མཆེ་བ་གཙིགས་པ་ན་སྡིགས་མཛུབ་མཛད་པ་ཙམ་གྱིས་བྱིས་པ་ལོ་བརྒྱད་པའི་ཚུལ་དུ་སོང་ནས་བཟོད་པར་གསོལ་ཏེ་སྲོག་སྙིང་ཕུལ་ནས་སློབ་དཔོན་ལ་དྲོ་དྲངས་ཏེ་ཁ་ཟས་དང་སྤྱན་གཟིགས་དཔག་ཏུ་མེད་པས་མཆོད་དོ་ཞེས་གསུངས། དབུས་གཙང་རུ་བཞིའི་ཡུལ་ལྷ་མཛད་ཅིང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་ལྷར་མངའ་གསོལ་བར་གསུངས་ཏེ། དབུས་གཙང་རུ་བཞིའི་ཡུལ་ལྷ་ཁྱེད༔ ཆོས་སྐྱོང་རྒྱལ་པོ་ལྷ་ཡི་སྲས༔ ཁྲི་སྲོང་ལྡེའུ་བཙན་སྐུ་ལྷ་ཡིན༔ ཞེས་འབྱུང་། སློབ་དཔོན་ཆེན་པོས་རི་བོ་བཀྲ་བཟང་ཞེས་བྱའི་ཤར་འདབས་སུ༔ ཆུ་ཁམས་གླང་ལོ་རྨེ་བའི་མཚན་རྟགས་ཅན༔ པདྨ་ང་ཡིས་བྱིན་གྱིས་རླབས་པའི་རྟགས༔ སྤྱི་བོར་རྒོད་ཀྱི་

(༨༩༠)ལྡེམ་ཕྲུ་ཅན་ཡང་འབྱུང་༔ ཞེས་པ་དང་ཐུགས་སྤྲུལ་རྒོད་ཀྱི་ལྡེམ་ཕྲུ་ཡིན༔ ཞེས་རང་གི་ཐུགས་ཀྱི་སྤྲུལ་པར་ལུང་གིས་བསྟན་པའི་རིག་འཛིན་ཆེན་པོའི་རྒོད་ལྡེམ་གྱིས་ཟང་ཟང་ལྷ་ཆེན་འདི་ཉིད་ཀྱི་ཆོས་སྐོར་རྣམས་སྤྱན་དྲངས༔ ཀུན་མཁྱེན་རྒྱལ་བའི་དབང་པོ་རྡོ་རྗེ་ཐོག་མེད་རྩལ་གྱི་བར་དུ་བར་མི་ཆད་དུ་ཕེབས་ཤིང་། ཁྱད་པར་ཀུན་མཁྱེན་ཆེན་པོ་ཟ་ཧོར་བཞད་པ་རྩལ་གྱིས་ལྷ་ཆེན་འདི་བསྲུང་མའི་གཙོ་བོར་མཛད༔ སྐུ་ལུས་གྲིབ་མ་བཞིན་དུ་འགྲོགས་ཏེ་རྣམ་བཞིའི་ཕྲིན་ལས་ཐོགས་མེད་དུ་བསྒྲུབ་པའི་ངོ་མཚར་གྱི་སྣང་བ་མངོན་སུམ་དུ་བྱུང་༔ དེ་ཉིད་ནས་རིམ་པར་བརྒྱུད་དེ་གར་དབང་དང་པོའི་སངས་རྒྱས་དྷརྨའི་མཚན་ཅན་གྱིས་བདག་ཅག་ལ་ལྷ་མཆོག་འདིའི་སྲོག་གཏད་མན་ངག་དང་བཅས་

(༨༩༡)པ་རྫོགས་པར་།།།ཡིན་ནོ། །འདི་ནི་ངོ་བོ་ཚངས་པ་པེ་ཧར་སོགས་དང་གཅིག་ཀྱང་རྣམ་པ་སྨྱོ་འདྲེ་རྒྱལ་འགོང་འདུལ་བའི་གཉེན་པོའི་ཚུལ་འཛིན་པས་དེང་སང་དུས་བབས་ཀྱི་ལྷག་པའི་ལྷ་ཁྱད་པར་ཅན་ཞིག་ཡིན་ནོ། །དེ་ལྟར་ཡང་། སྨྱོ་བའི་འདྲེ་འདུལ་ཞིང་༔ སྡང་བའི་དགྲ་སྲོག་གཅོད༔ ཅེས་པ་དང་། བསམ་ཡས་ལྷ་ཁང་བསྐོར་ཞིང་བསྲུང་༔ བསྐལ་པ་ཐ་མའི་སེམས་ཅན་ལ༔ ཁྱེད་ཀྱིས་བསྲུང་སྐྱོབ་མི་བྱེད་དུ༔ ཞེས་ཐ་མའི་དུས་སུ་བསམ་ཡས་ཀྱི་གཙུག་ལག་ཁང་ལྷ་མཆོག་འདི་ཉིད་ཀྱིས་བསྲུང་བ་དང་། གངས་ཅན་བོད་ཀྱིས་ཕན་བདེའི་རྩ་ལག་དམ་པར་གྱུར་པ་ཞིག་ཡིན་ནོ༔ ༈ །ཀླུའི་རྒྱལ་པོ་ནེ་ལེ་ཐོད་དཀར་རམ་གཟི་ཅན་འབར་བ་ཞེས་ཡོངས་སུ་གྲགས་པས་ས་བདག་ཀླུ་གཉན་ཐམས་ཅད་ཀྱི་ཡང་རྗེ་ཆེན་པོར་གྱུར་

(༨༩༢)པ་འདི་ནི་ངེས་པའི་དོན་དུ་བཅོམ་ལྡན་འདས་དཔལ་ཆེན་པོ་ཧེ་རུ་ཀ་ཉིད་ཡིན་ཚུལ་དབང་ཕྱུག་ཆེན་པོའི་ལོ་རྒྱུས་ཀྱི་སྐབས་ལས་རྟོག་པར་འགྱུར་མོད། འདིར་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ཅུང་ཟད་ཙམ་བཤད་ན་ཀླུའི་རྒྱལ་པོ་འདི་ནི་འཛམ་གླིང་གི་སྐྱེ་འགྲོ་ཐམས་ཅད་ཀྱི་གཞི་རྟེན་གཅིག་ཏུ་གྱུར་པ་ཡིན་ཏེ། འདི་དང་མཚོ་ཆེན་པོ་མ་དྲོས་པའི་ཀླུའི་རྒྱལ་པོ་གཅིག་ཅིང་། མ་དྲོས་པའི་ཀླུ་དེའི་མཐུ་དཔལ་ལ་བརྟེན་ནས་འཛམ་བུའི་གླིང་འདིའི་ཆུ་ཀླུང་ནགས་ཚལ། རྩི་སྨན་མེ་ཏོག་ཐམས་ཅད་བྱུང་བས། དེ་དག་ལ་བརྟེན་ནས་ཐོབ་པའི་བདེ་སྐྱེད་ཐམས་ཅད་ཀླུའི་རྒྱལ་པོ་ཆེན་པོ་འདིའི་ཕྲིན་ལས་སམ་ཐུགས་རྗེར་རིག་པར་བྱ་སྟེ་མདོ་སྡུད་པ་ལས། འཛམ་བུའི་གླིང་འདིར་ཆུ་ཀླུང་ཇི་སྙེད་ཅིག་འབབ་ཅིང་། མེ་ཏོག་འབྲས་ལྡན་སྨན་previous hit དང་ནགས་ཚལ next hit་སྐྱེད་བྱེད་པ། མ་དྲོས་གནས་པའི་ཀླུ་དབང་

(༨༩༣)ཀླུ་བདག་རྟེན་གནས་ཏེ། དེ་ནི་ཀླུ་ཡི་རྒྱལ་པོ་དེ་ཡི་མཐུ་དཔལ་ཡིན། ཞེས་གསུངས། དེའི་ཕྱིར་ན་འཛམ་བུའི་གླིང་འདིར་གནས་བཅས་པའི་སྣོད་བཅུད་ཀྱི་ཡོན་ཏན་ཐམས་ཅད་ཀླུའི་རྒྱལ་པོ་ཆེན་པོ་འདི་ཉིད་ཀྱི་མཐུ་དཔལ་དུ་རིག་པར་བྱའོ། །མཚོ་མ་དྲོས་པའི་ཀླུ་དང་གཟི་ཅན་གཅིག་པའི་རྒྱུ་མཚན་ནམ་ལོང་སོ་།།།བྱང་ཆུབ་གླིང་པ་དཔལ་གྱི་རྒྱལ་མཚན་གྱིས་གཏེར་བྱོན་བཀའ་ནན་རབ་བརྗིད་བཀླགས་པས་དོན་གྲུབ་ལས། མལ་འགྲོ་ལུང་གི་ཕུ་སྟོད་དུ། མ་དྲོས་གཟི་ཅན་ལ་སོགས་པའི༔ ཀླུ་གཉན་ཐམས་ཅད་དམ་ལ་བཏགས༔ ཞེས་གསུངས་ཤིང་ཀླུ་འདི་ཉིད་ལ་མ་དྲོས་རྒྱུན་དལ། ཞེས་འཇིག་རྟེན་དུ་ཡང་གྲགས་སོ། །འདི་ཉིད་སྔོན་དཔལ་ཆེན་པོ་ཧེ་རུ་ཀས་དབང་བསྐུར་དམ་ལ་བཏགས། དེའི་རྗེས་སུ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་བཏུལ་ཏེ་ཉོན་མོངས་པའི་དུག་ཐམས་ཅད་ཞི་བར་མཛད་

(༨༩༤)པའི་ཚུལ་བསྟན། སངས་རྒྱས་ཀྱིས་བསྟན་པའི་བསྲུང་མར་བསྐོས། གཡུང་འབྲུ་།།།བོན་གྱི་རིག་འཛིན་ཆེན་པོ་རྣམས་ཀྱིས་སླར་ཡང་དམ་ཚིག་གི་གསོལ་བཏབ་སྟེ་འཇིག་རྟེན་ཐམས་ཅད་བདེ་བར་སྐྱོང་བའི་བདག་པོ་ཆེན་པོར་མངའ་གསོལ། བཀའ་ནན་དང་ཐ་ཚིག་བསྒྲགས༔ དེ་ནས་བོད་ཀྱི་ཡུལ་གངས་རིའི་ར་བས་བརྒྱན་པའི་ནང་། བྲག་དམར་མཚོ་མོའི་མགུལ་དུ་ཉེ་བ་ན་བསིལ་ཁང་གི་ཕོ་བྲང་ལོག་བཞི་པདྨ་འདྲ་བ་ལྟར་བཀོད་ལེགས་པའི་སྟེང་ཙན་དན་སྦྲུལ་གྱི་སྙིང་པོ་དང་རིན་ཆེན་སྣ་ཚོགས་ཀྱི་ལྡིང་ཁང་གིས་བརྒྱན་པ་ན༔ རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་དང་། བཙུན་མོ་གྱིམ་ཤང་ཀོང་ཇོ་གཉིས་རིན་པོ་ཆེའི་ཁྲི་ལ་གཟིམ་པའི་རྨི་ལམ་དུ་རྒྱ་ནག་པོའི་རི་བོ་རྩེ་ལྔ་ནས་འོད་ཉི་མ་ཤར་བ་ལྟ་བུའི་རྩེ་ལས་ཁྱིའུ་ཞིག་བྱུང་ནས་བཙུན་མོའི་ལྷུམས་སུ་བཞུགས་པ་རྨིས་ཏེ་རྨི་ལམ་རྒྱལ་པོ་ལ་

(༨༩༥)བཤད་པས། ཧ་ཤང་མངོན་ཤེས་མཁན་ཅིག་བཞུགས་པ་ལ་དྲིས་པས་སངས་རྒྱས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་སྤྲུལ་པ་གཅིག་འཁྲུངས་པའི་ལྟས་ལགས་པས་རིམ་འགྲོ་ཆེར་བསྐྱེད་གཅིག་ཟེར་རོ། །དེ་ནས་ཟླ་བ་དགུ་ངོ་དང་བཅུ་ན་ཁྱིའུ་ཤིན་ཏུ་མཛེས་པ་མིའི་བུ་མི་འདྲ་ལྷའི་སྲས་འདྲ་བ་ཞིག་བལྟམས་སོ། །དེའི་ཚེ་ཕོ་བྲང་གི་བྱང་ཤར་དུ་ཚེ་དཔག་ཏུ་མེད་པའི་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས་པའི་།།།འཇིམ་པ་ལྷག་ལས་མཆོད་རྟེན་གཅིག་བརྩིགས་པས་གཟུགས་མ་ཐུབ་ནས་གྲེས་ཐག་གིས་བསྡམས་པས། གླེད་པོར་ཤོར་རོ་ཞེས་བཞད་གད་དིར་དིར་བྱུང་བས། དེའི་མིང་མཆོད་རྟེན་གླེད་པོར་གྲེས་ཐག་ཅན་ཞེས་གྲགས་ཤིང་། རྒྱལ་པོ་སྐུ་ཚེ་རིང་བའི་རྟགས་སོ། །རྟ་ལོ་དཔྱིད་ཟླ་ར་བའི་སྐར་མ་རྒྱལ་གྱིས་ཉིན་པར་སྐུ་བལྟམས་པའི་བཙས་སྟོན་རྒྱ་

(༨༩༦)ཆེན་པོ་མཛད་ནས་མཚོ་ཆེན་པོའི་པདྨ་ལྟར་ཆེར་བསྐྱེད་པ་ལས། ལོ་དུས་སུ་ཞབས་འཛུགས་པ་དང་མཚན་གསོལ་བའི་དགའ་སྟོན་གྱིས་ཚེ་མིང་ཅིར་གདགས་བགྲོས་པ་ལས་རྒྱལ་བུ་ཉིད་བཞེངས་ཏེ། གནམ་ལྷ་བབས་ཀྱིས་རྒྱལ་པོ། ས་ལྷུན་གྲུབ་ཀྱི་མངའ་བདག་བགྲེང་མགོ་ནག་ཡོངས་ཀྱི་སྤྱི་རྗེ། སྤྲུལ་པའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལགས་སོ། །ཞེས་གསུངས་པས་བོད་འབངས་ཐམས་ཅད་ཡ་མཚན་སྐྱེས་ནས་ཕྱག་འཚལ་ཞིང་འདུད་ཏོ། །དེ་ནས་དགུང་ལོ་བཅུ་གསུམ་ལ་ཡབ་གུང་དུ་གཤེགས་ནས་རྒྱལ་སྲིད་ལ་མངའ་གསོལ་ནས་བཞུགས་པ་ལ། བློན་པོ་ཆེན་པོ་མ་ཞང་ཁྲོམ་པ་སྐྱེས་དབང་ཆེ་བས་ཆོས་དར་དུ་ནི་མ་བཏུབ། ཐམས་ཅད་བོན་ལ་བཀོད་ནས་ཆབ་སྲིད་འཛིན་པའི་ཚེ། རྒྱལ་པོ་ཐུགས་མ་བདེ་ནས་བློན་པོ་ཆེན་པོ་འགོས་ལ། བོད་ཐམས་ཅད་དམ་པའི་ཆོས་ལ་འགོད་པའི་ཐབས་དྲིས་

(༨༩༧)པས། འགོས་ཀྱིས་མཆིད་ནས་དེ་ཤིན་ཏུ་ལེགས་པས་རྒྱལ་པོའི་སྐུ་ཆགས་ཆེ་བའི་གླུད་དུ་བློན་པོ་ཆེན་པོ་གཉིས་ལོ་གསུམ་མ་ཚང་པར་སྤྱུགས་ན་ཕན་ཞེས་སྒྲོ་གསུ་གཞུག་གི། དེ་དུས་དེ་ལྟར་མཛད་པར་ཞུ། ཞེས་གླེང་ནས། མོ་རྩིས་པ་རྣམས་ལ་རྔན་པ་བྱིན་ནས་སྒྲོག་ཏུ་བཅུག་པས་རྒྱལ་ཁམས་ཐམས་ཅད་དུ་གྲགས་པའི་ཚེ། རྒྱལ་པོས་བློན་འཁོར་ཀུན་བསགས་ནས། ངའི་གླུད་ལ་འགྲོ་ནུས་པ་སུ་ཡོད་དྲིས་པས། འགོས་རྒན་པོ་ལངས་ཏེ་གཅིག་ང་འགྲོ་བར་ཞུ་ཟེར་བ་དང་། མ་ཞང་ཡང་འགྲན་པས་ལངས་ཏེ་ངས་ཀྱང་འགྲོ་བར་ཞུ་ཟེར་རོ། །དེ་ནས་སྟོད་ལུང་བྲང་མདར་མཆད་པ་བརྩིགས་ཏེ་ལོ་གསུམ་གྱི་ཡོ་བྱད་དང་བཅས་བློན་པོ་ཆེན་པོ་གཉིས་བཅུག་དུས། གྱད་ཀྱིས་སྐུ་བློན་རྟ་ར་ཀླུ་གོང་ལ་འགོས་

(༨༩༨)རྒན་ཐོང་ཞིག་གསུངས་པས། རྟ་ར་ཀླུ་གོང་གི་མཆད་པའི་སྒོ་ཕ་བོང་ཆེན་པོས་གཅོད་དུས་འགོས་ཀྱི་བྱ་རྒོད་ཀྱི་ལྷམ་དང་ཐུལ་པ་གྱོན་ནས་ཕ་བ་གོད་གོད་ཐོགས་ཏེ་བུག་སྒོར་འོངས་པའི་ཕྱི་བཞིན་མ་ཞང་ཡང་འབྲངས་པས། ཐལ་མོ་བརྡབས་ནས་ཕན་ཞེས་ལག་པ་དེངས་བྱས་པས། རྟ་ར་ཀླུ་གོང་གིས་ཡར་ཐེན་པ་ལ་མ་ཞང་གི་འཇུས་པས་རྒོད་སྤུ་སྤར་གང་ཐོབ་ནས་ལུས་སོ། །དེར་རྟ་ར་ཀླུ་གོང་གི་སྒོ་བཅད་དེ་འཆད་པ་བསྲུང་མི་བཞག་ནས་ཚུར་འོངས་ཏེ་རྒྱལ་ཚ་ལྷ་སྣང་བྱང་མི་མེད་ལུང་སྟོང་དུ་གནག་རྟ་འཚོ་བ་ལ་སྐད་བཏགས་ནས་སྤྱུགས། སྦས་རྒྱལ་ཏེ་རེ་འཛུམ་ལྟག་སྒྱེད་ཀྱིས་ཤི་བས། ཆོས་ལ་མི་དགའ་བའི་བློན་པོ་གཅིག་ཀྱང་མེད་པའི་ཚེ། སྦ་སང་ཤི་ལ་གསེར་ཕྱི་བྲི་གང་བརྫངས་ནས་པཎྜི་ཏ་གདན་འདྲེན་པར་

(༨༩༩)མངགས་སོ། །དེ་ནས་འགོས་ཀྱི་རྒྱལ་པོ་ལ་གསོལ་པ། བོད་ཀྱི་བློན་འཁོར་ནི་ཆོས་ལ་དད་པ་ཉུང་བས་དང་པོ་ནས་གཙུག་ལག་ཁང་བཞེངས་པར་བྱས་ནས་མི་དགའ་བས་ཐབས་བྱེད་དགོས་སོ། །དེ་ལ་ཐམས་ཅད་ཚོགས་པ་ན་སྔོན་གྱི་ཡབ་མེས་རྣམས་ཀྱི་ཕྱག་བྲིས་དང་མངའ་ཐང་རྒྱ་ཆེར་མཛད་པའི་རྗེས་སུ་འཇུག་དགོས་པས། ཤངས་རི་མི་འགྱུར་རིན་པོ་ཆེའི་རྩེ་ལ་ཤེལ་གྱི་མཁར་ཐོག་སྟོང་དང་ལྡན་པ་ཤར་ཕྱོགས་སུ་ཞང་པོ་རྒྱའི་ཡུལ་ཐོང་བ་གཅིག་བརྩིགས་གམ། ཧལ་པོ་རི་ཟངས་ཀྱིས་སྦུབས་སུ་བསྟུམ་མམ། ཝ་ལུང་གི་གྲོག་པོ་གསེར་གྱིས་འགེངས་པའམ། ཀ་ཆུའི་ཐང་ལ་ཁྲོན་པ་འདོམ་དགུ་བརྒྱ་དང་རྩ་དགུ་ཡོད་པ་གཅིག་འདྲུའམ། གཙུག་ལག་ཁང་བྲེའི་ཞབས་ཙམ་གཅིག་བཞེངས་སམ། གང་བྱེད་དྲིས་ཤིག །ཅེས་ཞུས་ནས།

(༩༠༠)ལོ་གསར་རྒྱལ་གྱི་ཟླ་བ་ལ་ཐམས་ཅད་འཚོགས་པའི་ཚེ་རྒྱལ་པོས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཐམས་ཅད་ཀྱིས་ལན་མ་ཐེབས་པར་ཁ་རོག་འཁོད་པ་ལས། འགོས་ཀྱིས་ལངས་ཏེ། རྗེ་གཅིག་ལགས། ཤངས་རིའི་སྟེང་དུ་ཤེལ་གྱི་མཁར་ཞང་པོ་རྒྱའི་ཡུལ་མཐོང་བ་སུས་ཀྱང་མི་འབྱོངས། འབྱོངས་ཡང་དེའི་དགོས་པ་ཆུང་། བོད་ཀྱི་ཁྲུ་བ་དང་གཟར་བུ་ཡན་ཆོད་ཟངས་སུ་སོང་ཡང་ཧས་པོ་རི་མི་ཐུམས། ཝ་ལུང་གི་གྲོགས་པོ་གཙང་འགྲམ་གྱི་བྱེ་མས་བཀང་ཡང་མི་ཁེངས་ན། གསེར་ཕྱིས་ག་ན་ཁེངས། ཀ་ཆུའི་ཐང་ལ་།།།པ་འདོམ་གང་བྲུས་པ་དང་ཆུས་ཁེངས་ནས་འདྲུ་ས་མེད་ན། དགུ་བརྒྱ་དང་དགུ་བཅུ་རྩ་དགུ་ཇི་ལྟར་འདྲུ། དེ་བས་ཀྱང་གཙུག་ལག་ཁང་བྲེའི་ཞབས་ཙམ་ཞིག་བཞེངས་ན་ཚེ་འདི་ཕྱི་གཉིས་ཀར་བདེ་ཞིང་། མཐར་ཐུག་སངས་རྒྱས་ཀྱི་

(༩༠༡)གོ་འཕང་ཐོབ་པ་གཅིག་འབྱུང་བས། དེ་མི་ཐད་ལགས་སམ། ཞེས་ཞུས་པས། བོད་འབངས་ཀྱི་བློན་འཁོར་ཐམས་ཅད་དགའ་སྟེ་འཐད་དིར་རི་བྱུང་ངོ་། །དེའི་ཚེ་སང་ཤིས་བལ་ཡུལ་དུ་ཕྱིན་ཏེ་པཎྜི་ཏ་སུ་མཁས་དྲིས་པས་ཤནྟ་རཀྵི་ཏ་མཁས་པར་ཐོས་ནས་བཙལ་བས། བལ་པོ་ལྷ་མང་གི་གཙུག་ལག་ཁང་ན་བཞུགས་པའི་དྲུང་དུ་གསེར་ཕྱེ་ཕུལ་ནས་ཞུས་པས། མཁན་པོ་ཞི་བ་མཚོའི་ཞལ་ནས། ངས་ལོ་དགུ་བརྒྱ་བསྒུག་པ་ལས། ཁྱེད་ཀྱི་རྒྱལ་པོ་དེ་ད་རུང་མ་བྱུང་། རེ་འཕྱི། རྒྱལ་པོ་བཙས་པས་ངའི་སོ་མེད་པ་ལས། གཅིག་པོ་འདི་འཕྱིས་སྐྱེས་སོ། །ཞེས་གསུངས་ཏེ། བོད་ཡུལ་དུ་བྱོན་ནས་རྗེ་བློན་ཀུན་གྱིས་བསུ་བ་མཛད་དེ་གཙུག་ལག་ཁང་བརྩིགས་པའི་བཀའ་བགྲོས་པ་ལས། རྒྱལ་པོའི་

(༩༠༢)ཞལ་ནས། སྔར་གྱི་ཡབ་མེད་ཀྱིས་བཞེངས་པའི་ལྷ་ཁང་ལས་ཆོས་ལྷག་པ། འཛམ་བུ་གླིང་ན་འགྲན་གྱི་དོ་ཟླ་དང་བྲལ་བ་གཅིག་བཞེངས་པས་བཀོད་པ་མཛད་པ་ཞུ་གསུངས་པ་དང་། མཁན་པོ་བོ་དྷི་སཏྭའི་ཞལ་ནས། འོ་ན་སྔོན་རྣལ་འབྱོར་པ་གཅིག་གིས་མི་རོ་གསེར་དུ་བསྒྲུབ་པའི་ལྕེ་ལས་མཁའ་སྤྱོད་དུ་འགྲོ་བའི་རྫུ་འཕྲུལ་ཕལ་ཆེར་གྲུབ་ནས། དགེ་ཚུལ་གཅིག་རོའི་ལྕེ་གཅོད་དུ་བཅུག་པའི་རལ་གྲི་གཟུང་བས་སུམ་ཅུ་རྩ་གསུམ་གྱིས་ཡུལ་ནས་གླིང་བཞི་རི་རབ་དང་བཅས་པའི་བཀོད་པ་མཐོང་སྟེ། ཕྱིར་ལོག་ནས་རལ་དྲི་རྣལ་འབྱོར་པ་ལ་གཏད་པའི་རྔན་པར་རོ་བྱིན་པ་ཇི་ཙམ་སྤྱད་ཀྱང་གསེར་དུ་སོང་བ་ལས། གཞི་བླངས་ནས་རྒྱ་གར་ཤར་ཕྱོགས་སུ་།།།ཏ་གཙུག་གི་ནོར་བུའི་གཙུག་ལག་ཁང་ཞེས་བྱ་བ་ཡོད་པས་དེ་ལས་དཔེ་བླངས་ཏེ་

(༩༠༣)བཞེངས་པར་བྱའོ་གསུངས་ནས་ས་གཞི་བྱིན་གྱིས་བརླབས་ཏེ་རྒྱལ་པོས་གསེར་གྱི་འཇོར་བསྣམས་ནས་བརྐོས་པས། འབྲས་ཕུལ་བདུན་དང་རིན་པོ་ཆེ་སྣ་བདུན་དང་།།།སིལ་མ་ཕུལ་གང་བྱུང་དུས། མཁན་པོའི་ཞལ་ནས་སིདྡྷི་སིདྷི་ཕ་ལ་ཕ་ལ་གསུངས་པས། ཅི་གསུངས་དྲིས་པ་ན་ལོ་ཙཱ་བ་ན་རེ། འགྲུབ་ཐོབ་འགྲུབ་ཐོབ་བཟང་བཟང་གསུང་བ་ཡིན་ཟེར་རོ། །དེ་ནས་རྨངས་བཏིང་ནས་བརྩིགས་པས་བྲག་དམར་གྱིས་ཕུའི་རི་རྔ་མོང་འདྲ་བའི་མགོ་ལ་བོད་ཀྱི་ལྷ་འདྲེ་ཀུན་ཚོགས་ནས་ལྷ་འདྲེའི་དམག་གིས་ཉིན་བརྩིགས་པ་ཀུན་མཚན་བཤིག་ནས་མ་སྟེར་རོ། །དེའི་ཚེ་རྒྱལ་པོ་དང་བློན་པོ་ཆེན་པོ་འགོས་པདྨ་གུང་བཙན་གཉིས་ཀྱིས་པཎྜི་ཏ་ལ་ཞུས་པ། སྔར་མི་རྣམས་ཀྱིས་བར་ཆད་བྱས་ད་མི་མ་ཡིན་རྣམས་

(༩༠༤)ཀྱིས་བར་ཆད་བྱས་པས། ཇི་ལྟར་བྱས་ཀྱང་དམ་པའི་ཆོས་དར་དུ་མི་སྟེར་བ་ལགས་སམ། ཇི་ལྟར་བགྱིས་ཞེས་བརྗོད་དུས། མཁན་པོས་གསུངས་པ། བོད་ཀྱི་ལྷ་མ་སྲིན་བྱེ་བའི་ས་འདི་འདུལ་ཤིན་ཏུ་བཀའ་ཡང་ཐབས་མ་མཆིས་ཏེ། སྔོན་རྒྱ་གར་གྱི་མ་ག་དྷའི་གྲོང་ཁྱེར་ན་བྱ་རྫི་མ་བདེ་མཆོག་ཅེས་བྱ་བ་ལ་བུ་གསུམ་ཡོད་པ་ལ། མ་ཚེའི་དུས་བྱས་པ་ན་བུ་རྣམས་ཀྱིས་དེའི་དགེ་བར་མཆོད་རྟེན་བྱ་རུང་ཁ་ཤོར་ཞེས་བྱ་བ་ཤིན་ཏུ་ཆེ་བ་གཅིག་བཞེངས་ནས་ཕོ་བོས་སྨོན་ལམ་བཏབ་པས། མ་འོངས་པའི་ཚེ་མཐའ་འཁོབ་ཆོས་མེད་པ་མུན་པའི་དམག་རུམ་འདྲ་བར་བདག་གིས་དམ་པའི་ཆོས་དར་ཞིང་རྒྱས་པར་བྱེད་པའི་རྒྱལ་པོར་གྱུར་ཅིག །ཅེས་བརྗོད་པ་དང་། གཉིས་པ་དེས་སྨོན་པ། ང་དེའི་ཚེ་སངས་རྒྱས་ཀྱི་བསྟན་པ་དགོས་པས་རབ་

(༩༠༥)ཏུ་བྱུང་བའི་མཁན་པོར་གྱུར་ཅིག །ཅེས་བརྗོད་པ་དང་། ཐ་ཆུང་དེས་སྨོན་པ། ང་དེའི་ཚེ་ཆོས་ལ་བར་དུ་གཅོད་པ་ཐམས་ཅད་བསྲུང་བའི་སྔགས་མཁན་མཐུ་སྟོབས་དང་ལྡན་པར་གྱུར་ཅིག །ཅེས་བརྗོད་པ་དང་། ས་རྡོ་སྐྱེལ་བའི་བུང་བུ་དེས་སྨོན་པ་དེའི་ཚེ་ང་ཆོས་ལ་མི་དགའ་བའི་བཀའ་བློན་དབང་པོ་ཆེ་ཞིག་ཏུ་གྱུར་ཅིག །ཅེས་བརྗོད་པ་དང་། བྲན་གཡོག་ཞིག་གིས་ཐོས་ནས་དེ་ཉིད་བཟློག་པར་སེམས་བསྐྱེད་དོ། །དེའི་ཚེ་དེའི་དུས་ཀྱི་ཕ་བོ་ནི་རྒྱལ་པོའོ། །བར་པ་ནི་ཁོ་བོའོ། །གསུམ་པ་ནི་རྒྱ་གར་གྱི་ཡུལ་ན་རྒྱལ་པོ་དྷརྨ་ཕ་ལའི་མཆོད་གནས་སུ་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ་མཁས་ཤིང་གྲུབ་པ་བརྙེས་པ། མཐུ་དང་རྫུ་འཕྲུལ་ཐོགས་པ་མེད་པ་ཞིག་བཞུགས་པ་དེ་ཡིན་ནོ། །བོང་བུ་དེ་ནི་མ་ཞང་ཁྲོམ་པ་སྐྱེས་སོ། །བྲན་གཡོག་ནི་འགོས་པདྨ་གུང་

(༩༠༦)བཙན་ནོ། །དེ་བས་ན་སློབ་དཔོན་པདྨ་སམ་བྷ་ཝ་སྤྱན་དྲོངས་ཤིག །ཅེས་གསུངས་སོ། །དེ་ནས་སྦས་རྨང་པོ་རྗེ་གསལ་སྣང་དང་། སེང་མགོ་ཀླུ་དཔལ་གཉིས་ལ། གསེར་ཕྱེ་བྲེ་གསུམ་དང་གཡོག་གསུམ་བརྫངས་ཏེ་མི་ལྔས་རྒྱ་གར་དུ་ཆས་པ་སློབ་དཔོན་གྱིས་མཁྱེན་ཏེ། རྒྱ་གར་གྱིས་ཡུལ་ནས་རྫུ་འཕྲུལ་གྱིས་མང་ཡུལ་རྫའི་ར་བ། གཡའ་རི་གོང་གི་བྲག་ཕུག་ཏུ་བྱོན་ཏེ། ཟླ་བ་གསུམ་བཞུགས་པའི་འོག་ཏུ་བང་ཆེན་པ་མི་ལྔ་དང་མཇལ་ཏེ། མཁྱེན་བཞིན་དུ་གར་འགྲོ་གསུངས་པས། དེ་རྣམས་ཀྱིས་ངེད་བོད་ཀྱི་རྒྱལ་པོས་སློབ་དཔོན་ཆེན་པོ་པདྨ་གདན་འདྲེན་དུ་བཏང་བས་རྒྱ་གར་དུ་འགྲོ་ཞེས་ཞུས་པ་དང་། སློབ་དཔོན་ཞབས་ས་ལ་མ་རེག་པར་ས་ལ་བཞུགས་སྟེ། དེ་ནི་ང་རང་ཡིན་ཏེ་ཁྱེད་རྣམས་རེ་འཕྱི་ཟླ་བ་གསུམ་དུ་འདིར་བསྡད་པ་ཡིན་གསུངས་པས་ཐམས་ཅད་དད་པ་སྐྱེས་ཏེ་ཐུགས་རྗེ་རེ་ཆེ་ཟེར་ནས་ཕྱག་འཚལ་བསྐོར་

(༩༠༧)བ་བྱས་ནས་གསེར་རྣམས་ཕུལ་ནས། ད་རུང་ཕུལ་གཅིག་གསུངས་པའི་ཚེ། རང་རང་གི་གོས་ལྷམ་ཡང་ཕུལ། ད་རུང་ཕུལ་ཞིག་གསུངས་པས། རང་རང་གིས་བརྐྱང་ཕྱག་འཚལ་ཏེ་ལུས་ཕུལ་བས་ཤིན་ཏུ་མཉེས་ཏེ། བོད་ཀྱི་དད་པ་ལ་གཡོ་ཟོལ་ཨེ་འདུག་བལྟས་པ་ཡིན་གྱིས། གསེར་གྱིས་ཅི་བྱེད། འདོད་ན་སྣང་སྲིད་ཐམས་ཅད་གསེར་དུ་ཡོད་གསུངས་ནས་ཕུལ་བའི་གསེར་རྣམས་གཏོར་བས། བང་ཆེན་རྣམས་ཡང་སེམས་ཅུང་ཟད་སྐྱེས་པ་ལ་མཐུ་བར་བྱེ་མ་བླུགས་ཏེ། དར་གཅིག་ན་ལྟོས་ཤིག་གསུངས་པའི་ཚེ། གསེར་དུ་སོང་བའི་ངོ་མཚར་སྐྱེས་སོ། །རིམ་གྱིས་བརྟན་མ་བཅུ་གཉིས་ལ་སོགས་པ་དམ་ལ་བཏགས་ཏེ་བསམ་ཡས་སུ་ཕེབས། རྒྱལ་པོ་དང་མཇལ། ཧས་པོ་རིའི་རྩེ་ལ་གཤེགས་ཏེ། རྡོ་ལ་སྦྱིན་

(༩༠༨)བསྲེག་མཛད་པས་རང་བཞིན་གྱི་མེ་འབར་ཏེ་བོད་ཀྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་ནས། ཕོ་བྲང་དུ་སྤྱན་དྲངས་ཏེ་གསེར་གྱི་སེངྒེའི་ཁྲི་གསུམ་བརྩེགས་ལ་བཞུགས་དུས། ཞལ་ཟས་དང་། འཇིག་རྟེན་གྱི་སྤྱན་གཟིགས་སྣ་ཚོགས་བཤམས། གསེར་གྱི་མཎྜལ་ལ་གཡུའི་ཚོམ་བུ་བཀྲམ་པ་ཕུལ་ནས། ས་གཞི་འདུལ་བར་ཞུས་པས། སློབ་དཔོན་གྱིས་ཞལ་ནས། བོད་ཡུལ་འདི་ལྷ་མ་སྲིན་སྡེ་བརྒྱད་ཀྱིས་བདག་བྱས་ཤིང་། ཁྱད་པར་ཀླུ་ཡིས་དབང་བྱས་འདུག་པས། ལམ་དུ་ཡང་མང་པོ་བཏུལ་ནས་མཆིས། བྱང་ཤར་གྱི་ཡུལ་ཕ་གི་ན་བོད་དུ་ཡུལ་དབུས་ལ་དབང་བྱེད་པའི་ཀླུ་གཅིག་འདུག་པས་དེར་ཀླུ་གཏེར་གཞུག་པར་བྱའོ་གསུངས་ནས། མལ་དྲོར་བྱོན་ཏེ་ཀླུའི་རྒྱལ་པོ་མལ་དྲོ་གཟི་ཅན་ལ་ས་བླངས་ཤིང་ཀླུ་གཏེར་ཆེན་པོ་སྣ་ཚོགས་བཙུགས་ནས། མལ་འགྲོའི་དམར་

(༩༠༩)བྱོན་དུས། སྐམ་པ་ཕྲང་ན་ཉི་ཚེ་བའི་དམྱལ་བ་མང་པོ་གཟིགས་ནས། དེ་དག་གི་དོན་དུ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་ཆོ་ག་དང་། ཡོ་ག་ངན་སོང་སྦྱོང་བའི་ཆོ་ག་མཛད་པས། ཉི་ཚེ་བའི་དམྱལ་བ་རྣམས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་ནས་མེ་ཏོག་གི་ཆར་ཕབ་བོ། །དེང་སང་ནི་མལ་འགྲོ་སྐམ་ཕྲང་གི་རྡོ་བ་རྣམས་མིག་ཚག་ལྟར་སྣང་ཞིང་སའི་ཕྱོགས་དེར་ཟབ་རིང་བའི་རྟགས་སུ་སྡིངས་སྡིངས་ཞེས་གྲག་གོ །ཐང་ཡིག་ལས། མལ་འགྲོའི་ནང་ན་བོད་ཁམས་དབང་བྱེད་པའི༔ ཀླུ་ཡི་རྒྱལ་པོ་མལ་འགྲོ་གཟི་ཅན་ཞེས༔ དེ་ལ་ཀླུ་གཏེར་འཇུག་ཅིང་སྲོག་ཆུ་དགོས༔ དེ་ནས་སློབ་དཔོན་མལ་གྲོའི་ནང་དུ་བྱོན༔ དམ་སྐོངས་དོང་སྤྲུགས་ནུས་པའི་བཤགས་པ་མཛད༔ ཀླུ་གཏེར་ཀླུ་བརྟེན་བཅུག་ནས་སྲོག་ཆུ་བླུད༔ ཅེས་གསུངས། ལྷ་འདྲེ་བཀའ་ཐང་ལས། དེ་ནས་

(༩༡༠)མལ་དྲོའི་མདའ་རུ་བྱོན༔ ཀླུ་རིགས་ཐམས་ཅད་རྗེར་གྱུར་པ༔ མལ་དྲོ་གཟི་ཅན་ཤིན་ཏུ་འཚུབ༔ བ་ལམ་གྲོམ་པ་བྲག་ཕུག་བཞུགས༔ རྒྱུན་དུ་མྱ་ངན་བྱེད་པ་ལ༔ ཀླུ་རིགས་མ་སྲིང་མང་པོ་འདུས༔ གཉེར་པ་སེ་འཕང་ནག་པོ་ཡི༔ གཡས་ཀྱི་རུ་འདྲེན་ཚོང་དཔོན་ནག་པོ་དང་༔ གཡོན་གྱི་རུ་འདྲེན་ཁམས་ཀྱི་བུ་ཐུལ་དང་༔ སྔོན་གྱི་ཤུལ་མཚོན་གངས་ཀྱི་གཅུང་པོ་དང་༔ སྤ་གྲོ་སྐྱེར་ཆུའི་ལྷ་ནི་ཁ་རྒྱལ་ཞ་མདོང་འོད༔ དེ་འཁོར་གདུག་པ་ཅན་བཞི་ལ་སོགས་པ༔ ཀླུ་ཡི་ནང་འཁོར་འབུམ་སྡེ་ལྔའི༔ ཀླུ་རྒྱལ་མལ་གྲོ་གཟི་ཅན་ཁྱོད༔ གཉེར་པ་སེ་འཕང་ངག་ལ་ཀླུ་རྗེ་གསོན༔ བལ་ཡུལ་གྱོང་པོ་ཀླུ་དང་གནོད་སྦྱིན་གློག་མ་སྤྲིན༔ ཨོ་རྒྱན་པདྨ་འབྱུང་གནས་མ་ཐུབ་པས༔ ཁྱོད་ཉིད་མྱ་ངན་རྒྱུན་དུ་མ་བྱེད་དང་༔ འཕམ་རྒྱལ་

(༩༡༡)བྱ་བ་ཀུན་ལ་འབྱུང་༔ བ་ལམ་གྲོལ་མཚོའི་ནང་ནས་བྱུང་༔ སྡུག་བསྔལ་མ་མཛད་སྤོབ་པ་བསྐྱེད༔ ད་དུང་ཆོ་འཕྲུལ་བསྟན་ཐབས་ཡོད༔ ཨོ་རྒྱན་པད་འབྱུང་ཕམ་ནས་ཐུབ་ཀྱང་སྲིད༔ དེ་སྐད་སྨྲས་པས་ལན་བཏབ་པ༔ ཀླུ་ཆེན་མལ་གྲོ་མྱ་ངན་བྱེད་པ་བདེན༔ འཇིག་རྟེན་ཁམས་ཀྱི་སེམས་ཅན་ལ༔ འོ་སྐོལ་ཀླུ་ལས་ཁ་དྲག་མེད༔ དེ་འོག་བདུད་ལས་ཁ་དྲག་མེད༔ ཀླུ་རྗེ་མལ་གྲོ་གཟི་བྱིན་ངས༔ སེམས་ཅན་ཡོངས་ལ་དབང་བསྒྱུར་ན༔ དུས་ལ་འགྱུར་ལྡོག་ཇི་ལྟར་བྱུང་༔ ང་ཡི་གོང་ན་དབང་ཆེ་བ༔ པདྨ་འབྱུང་གནས་རྫུན་ཚིག་མཁན༔ ལྷ་འདྲེ་དབང་དུ་འདིས་འདུས་པས༔ ང་ལ་དབང་ནི་ཅི་ཡང་མེད༔ པད་འབྱུང་ཕར་ལ་འདུལ་ཕྱིན་པས༔ ཕར་ལ་ཐུལ་བར་ག་ལ་འགྱུར༔ ཚུར་ལ་ཀླུ་འཁོར་གྲངས་མེད་པ༔ ཁ་ཡིས་དབང་དུ་བསྡུས་

(༩༡༢)ཏེ་སོང་༔ ཀླུ་རྗེ་ང་བདག་གཅིག་པོ་རིང་པོར་ཤོར༔ འདི་ལས་དགྲ་རུ་གནོད་པ་ག་ན་ཡོད༔ འདི་ཡིས་ཐུབ་ཐབས་སེང་འཕང་ཇི་ལྟ་བུ༔ པད་འབྱུང་མ་ཐུབ་ང་ཡིས་སྙིང་མི་ནོན༔ ཞེས་ལན་བཏབ་བོ༔ གཉེར་པ་སེ་འཕང་ནག་པོ་ཡིས༔ ཀླུ་རིགས་ཐམས་ཅད་རྗེར་གྱུར་པའི༔ མལ་དྲོ་གཟི་ཅན་ལ་སྨྲས་པ༔ པདྨ་འབྱུང་གནས་མ་ཐུབ་ཀྱང་༔ བསྟན་པ་བཤིག་དང་སྨད་འཐབ་ཡོད༔ ཡོན་བདག་ཁྲི་སྟོང་ལྡེ་བཙན་གྱིས༔ དང་པོ་ཡུལ་ལ་ཆོ་འཕྲུལ་སྟོན༔ སྨན་དང་འབྲུ་བཅུད་ཐམས་ཅད་དང་༔ རྩི་ཤིང་ཐམས་ཅད་རྩད་ནས་ཕྱུངས༔ ཡུལ་ལ་ཆགས་པའི་རྟེན་མེད་ན༔ ཆོས་བྱེད་ཐམས་ཅད་ཅི་ལ་འཁོར༔ བོན་གྱི་རྒྱལ་པོ་གླང་དར་མ༔ ཀླུ་རྣམས་ཁེངས་ལོག་སྤྲུལ་ནས་སུ༔ ཡབ་མེས་ཆོས་ལུགས་ཐམས་ཅད་བསྣུབ་ཏུ་གཞུག༔ བསྟན་པ་བསྣུབ་ན་དེ་ཡིན་མོད༔ ཀླུ་བདུད་དམག་ཚོགས་མང་པོ་ཀུན༔ པདྨ་འབྱུང་གནས་གནས་པ་

(༩༡༣)ཡི༔ བོད་ཡུལ་ས་ཁུལ་མ་ལུས་པར༔ སྐྱེས་པའི་རྩི་བཅུད་རྩི་ཤིང་རྣམས༔ གཅིག་ཀྱང་ལུས་པ་མེད་པ་རུ༔ རྩ་བ་དྲུངས་ནས་གཅོད་ཅིང་ཕྱུངས༔ བོད་ཡུལ་ཡོན་ཏན་བཅུད་མེད་པས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ༔ མཛེ་རིགས་བཅོ་བརྒྱད་དུས་གཅིག་གཏོང་༔ འོ་སྐོལ་ཀླུ་ཡི་བསྟན་པ་དར་ཏེ་འོང་༔ དེ་སྐད་སེ་འཕང་རྗེ་འཁོར་རྣམས་ལ་སྨྲས༔ ནམ་གྱི་འཕར་ཕྱེད་ཚུར་ཕྱེད་ན༔ ཀླུ་བདུད་དམག་དུ་ཆས་ནས་སུ༔ བསམ་ཡས་ལྷ་ཁང་བཞེངས་པ་ཡི༔ དངོས་གྲུབས་རྩྭ་ཤིང་སྤྱོད་དུ་ཕྱིན༔ པད་འབྱུང་ཐུགས་རྗེ་སྤྲུལ་པའི་བྱིན་རླབས་ཀྱིས༔ དངོས་གྲུབ་རྩ་ཤིང་མ་འབྱོངས་པར༔ ཀླུ་གདུག་དམག་ཚོགས་གཡུལ་ངོ་བཟློག༔ ཞེ་སྡང་གདུག་པའི་དམག་ཚོགས་ཀྱིས༔ ཕྱོགས་སུ་ཉེ་ཡང་མ་ནུས་སོ༔

(༩༡༤)ཀླུ་རྣམས་ཡི་མུག་ག་ཆད་དེ༔ སྡུག་པའི་མྱ་ངན་ཆོ་ངེ་སྟོན༔ སེ་འཕང་ནག་པོས་འདི་སྐད་སྨྲ༔ པདྨ་འབྱུང་གནས་མ་ཐུབ་ཀྱང་༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས༔ བསྟན་པ་སྨད་ཐབས་འདི་ལྟར་ཡོད༔ གནས་པའི་མཁར་ལ་ཆོ་འཕྲུལ་སྟོན༔ ཀླུ་བདུད་ལྕགས་ངར་མང་པོ་བསྒྱེལ༔ བོད་ཀྱི་བཙན་མཁར་རྨང་ནས་བསྒྱེལ༔ རྒྱལ་པོ་བརྟེན་པའི་མཁར་མེད་ན༔ པད་འབྱུང་བོད་དུ་ཅི་ལ་འཁོར༔ བསྟན་པ་བཤིག་ཐབས་དེ་ཡིན་ནོ༔ རྟེན་མཁར་བརྒྱ་དང་རྩ་བརྒྱད་ཅེས༔ རྒྱལ་པོ་ཡོན་མཆོད་ཉལ་བའི་ཁར༔ བཤིག་པས་མ་བཤིག་རེག་མ་ནུས༔ ཀླུ་རྣམས་མྱ་ངན་ཁང་པར་བཞུགས༔ ལུས་ལ་མྱ་ངན་ཆས་སུ་བརྟེན༔ གཉེར་པ་སེ་འཕང་འདི་སྐད་སྨྲས༔ དེ་བཞིན་བྱས་པས་པད་འབྱུང་ག་ལ་ཐུབ༔ ལན་ཅིག་སྡུག་

(༩༡༥)ཀྱང་ལན་གཅིག་སྐྱོར༔ པད་འབྱུང་འཐབ་ཟླ་བྱེད་པ་ལ༔ སྙིང་སྟོབས་དཔའ་སྲན་ཆེ་བར་དགོས༔ པད་འབྱུང་ཆོ་འཕྲུལ་གྲངས་མེད་སྟོན༔ བུ་དང་ཆུང་མ་བུ་མོ་དང་༔ ནོར་དང་སློབ་བུ་ཚུན་ཆད་ལ༔ ཆོ་འཕྲུལ་ཚུགས་ཚད་ཡོད་པ་སྟོན༔ ཅིས་ཀྱང་ཡེ་ནས་མ་ཚུགས་ན༔ ས་བདག་ཀླུ་ཡི་བསྟན་པ་དང་༔ ནག་པོ་བདུད་ཀྱི་བསྟན་པ་གཉིས༔ ཅིས་ཀྱང་ནུབ་ཏུ་ཐུག་པ་ཡིན༔ ཨོ་རྒྱན་པད་འབྱུང་བསྟན་པ་འདི༔ ཅིས་ཀྱང་ཡོད་དུ་ཐུག་པ་ཡིན༔ སེམས་ལ་འགྱོད་པ་ཡེ་མེད་དོ༔ རང་ཅག་ལྷ་འདྲེ་སྡེ་བརྒྱད་རྣམས༔ པད་འབྱུང་འཁོར་གཡོག་རྗེས་ལ་འདེང་༔ དེ་སྐད་གཉེར་པས་འཁོར་ལ་བསྟན༔ དེ་ནས་ཨོ་རྒྱན་པད་འབྱུང་གིས༔ ཀླུ་རྒྱལ་མལ་དྲོ་ལ་ནི་བཀའ་སྩལ་པ༔ བ་ལམ་གྲོང་པ་བྲག་ཕུག་གྲོམ་པ་མཚོ༔ ཁྱོད་ཀྱི་རྟེན་གནས་འདིར་

(༩༡༦)བརྟེན་གཡུལ་འཁྲུག་འོང་༔ མ་བཅོལ་གཉེར་ཀ་མ་བྱེད་ཁ་མཆུའི་བསྣོལ་མ་ཡིན༔ བཅོལ་མ་དོལ་ཅན་མ་སྐྱེལ་སེམས་ཕྲལ་འཕྲལ་ལ་འཇུག༔ དཔའ་ཡང་འཁྲུག་པ་མ་བྱེད་སྲོག་ལུས་ངན་གྱེས་བྱེད༔ དལ་ཡང་ཆོ་ལོ་མ་རྩེ་མིས་འཕྱ་སོ་ནམ་ཆག༔ ཁ་སྨྲས་མང་ན་རོགས་ཀྱི་ཞེ་ཁྲེལ་འདེབས༔ མ་བོས་མགྲོན་ལ་ཕྱིན་ན་དད་པ་ལྡོག༔ མ་བྱིན་ཟོས་ཁྱེར་བྱས་ན་འདི་ཕྱིའི་མི་ཡིས་འཕྱ༔ ཕྱི་འབྲང་གཞོགས་བསྲུན་བྱ་བའི་རིགས་མ་ཡིན༔ ཚིག་ཆུང་དོན་མེད་བཅོལ་མེད་བསྟེན་ལ་དགའ༔ བསྟེན་མ་དགའ་བའི་ལས་རྣམས་འགྲུབ་མི་སྲིད༔ ལེ་ལོའི་དགྲ་ལ་བརྩོན་འགྲུས་དོན་པོར་འགྲོ༔ དེ་སྐད་ཅེས་བཀའ་སྩལ་པས༔ ཀླུ་མི་འདྲ་བ་ལ་ལ་རྩ་བ་ན་འདུག༔ ལ་ལ་ནི་དེ་བས་རིང་བ་ན་འདུག༔ ལ་ལ་ནི་དེ་བས་ཀྱང་རིང་བ་ན་འདུག༔ ལ་ལ་ཁ་ཕྱིར་

(༩༡༧)ཕྱོགས་སུ་བལྟས་ནས་འདུག༔ །།།གྱིས་མཁྱེན་བཞིན་དུ་དྲིས་པས༔ ཁྱེད་རྣམས་ཆོས་ལ་མི་མོས་པར་འདུག༔ ང་བསམ་ཡས་མཆིམས་ཕུར་འགྲོ་བ་ཡིན༔ དེ་སྐད་གསུངས་པས་མལ་གྲོ་གཟི་ཅན་གྱིས་གསོལ་པ༔ ངེད་ཅག་ཆོས་ལ་མི་མོས་པ་མ་ཡིན་ཏེ༔ བདག་ཅག་རྣམས་ལ་དུག་རིག་རྣམ་པ་བཞི་ཡོད༔ སློབ་དཔོན་ལ་གནོད་ཀྱི་དོག་པ་ཡིན༔ རྩ་ན་འདུག་པ་བསམ་པའི་དུག་ཅན་ཡིན༔ མ་བསམ་ན་མི་གནོད༔ མ་བསམ་ཙམ་དུ་སྡོད་པ་ཡིན༔ དེ་བས་རིང་བ་རེག་པའི་དུག་ཅན་ཡིན་ཏེ༔ མ་རེག་ན་མི་གནོད༔ མ་རིག་ཙམ་དུ་སྡོད་པ་ཡིན༔ དེ་བས་རིང་བ་ཁ་རླངས་དུག་ཅན་ཡིན༔ ཁ་རླངས་སོང་གིས་དོགས་པས་ན༔ ཁ་རླངས་མི་སླེབས་ཙམ་དུ་སྡོད་པ་ཡིན༔ ཁ་ཕྱིར་བལྟ་བ་ནི་མཐོང་བའི་དུག་ཅན་ཡིན༔

(༩༡༨)མཐོང་གིས་དོགས་ནས་ཁ་ཕྱིར་བལྟ་བ་ཡིན༔ སློབ་དཔོན་གྱིས་གསུངས་པ༔ འོ་ན་དུག་རིགས་བཞི་པོ་ཅིས་ཐུབ་གསུངས་པས༔ མལ་དྲོས་གསོལ་པ༔ བསམ་པའི་དུག་ནི་ཏིང་ངེ་འཛིན་གྱིས་ཐུབ༔ མཐོང་གིས་དོགས་ནས་ཁ་ཕྱིར་བལྟ་བ་ཡིན༔ ཁ་རླངས་ཀྱི་དུག་ནི་སྨན་དྲིས་ཐུབ༔ མཐོང་བའི་དུག་ནི་རྨ་བྱའི་མདོངས་ཀྱིས་སོ༔ ཞེས་སོ། །སློབ་དཔོན་གྱིས་བསྟན་པ་བསྲུང་ན་ཇི་ལྟར་བྱེད་གསུངས༔ མལ་དྲོས་གསོལ་བ༔ ནག་པོ་ཀླུ་ལ་གཏད་ཁྲམ་བྱས༔ ཤིན་ཏུ་གདུག་པ་བདག་ཉིད་ཅན༔ ཟབ་མོའི་གདམས་པས་མི་བརྒྱན་པས༔ བསྟན་བཅོས་རྗེས་སུ་འབྲངས་ནས་སུ༔ འདོད་པས་གདུངས་པའི་སྐྱེས་བུ་ཡིས༔ སྤྱོད་ལོག་བྱས་པས་ཀླུ་རྣམས་ག་ལ་ཉན༔ ཞེ་སྡང་བསྒྲུབས་པས་ལྷ་འདྲེ་ག་ལ་ཐུལ༔ དཔེར་ན་རིན་ཆེན་འདོད་པའི་མི༔ བསོད་ནམས་ལམ་རྒྱུ་བྲལ་གྱུར་ན༔ འདོད་པའི་དབང་གིས་རྒྱ་མཚོར་འཇུག༔

(༩༡༩)རིན་ཆེན་མ་རྙེད་རང་ཉིད་བརླག༔ །།།མང་ཆུ་སྲིན་གདུག་པས་འཇོམས༔ དེ་ཕྱིར་ཉོན་མོངས་དབང་གིས་ཙམ༔ རང་དང་འབྲེལ་བར་གྱུར་པ་རྣམས༔ ནག་པོ་ཀླུ་ཡིས་རྣམ་པར་འཛིན༔ མཚན་ཉིད་ལྡན་པའི་སྔགས་པས་ཀྱང་༔ བསྟན་པ་འཇིག་དང་བླ་མར་བརྙས༔ ཆོས་འཁོར་འཇོམས་དང་སེམས་ཅན་འཚེ༔ མཚམས་མེད་ལས་རྣམས་བྱེད་པའི་མི༔ མ་འོངས་སྡུག་བསྔལ་དགག་པའི་ཕྱིར༔ སྙིང་རྗེས་ཀུན་བླངས་སྦྱོར་བ་བརྩམས༔ དེ་ལས་གཞན་དུ་བྱས་གྱུར་ན༔ དེ་ཡི་སྐྱེ་བ་ཕྱི་མ་ལ༔ མི་འདོད་འབྲས་བུ་མྱོང་བར་གྱུར༔ ནག་པོ་ཀླུ་ནི་བསྐལ་པའི་བར༔ མི་འཆི་མངོན་ཤེས་རབ་ལྡན་པས༔ གང་དང་གང་དུ་སྐྱེས་པའི་ཚེ༔ གདུག་པ་ཀླུ་ཡིས་འཚེ་བར་བྱེད༔ དེས་ན་གཏད་ཁྲམ་ཀླུ་ལ་ནི༔ ཆོས་དང་མི་ལྡན་མི་བྱའོ༔ ཞེས་གསོལ་གསེར་གྱི་དོང་རྩེ་

(༩༢༠)བདུན་སྟོང་ཕུལ༔ བདག་གིས་བཀའ་ཉན་གསུང་བསྡོད་ཤིན་ཏུ་དཀའ༔ ཕྱི་རབས་རྣམས་ལ་ཀླུ་ཡི་གནོད་པ་འོང་༔ ལས་སུ་འཇིག་རྟེན་ཐོར་བར་བྱེད་པའོ༔ ཞེས་ཞུས་དྲུག་ཅུ་རྩ་ལྔ་གཏེར་གཉེར་གཏད༔ ཅེས་གསུངས་པ་ལྟར་རྫུ་འཕྲུལ་གྱི་བཀོད་པ་སྣ་ཚོགས་པའི་སྒོ་ནས་དམ་ལ་འདོགས་པའི་ཚུལ་བསྟན༔ དེ་ནས་བསམ་ཡས་ཀྱི་གཙུག་ལག་ཁང་ཐམས་ཅད༔ ཉིན་མོ་མིས་བརྩིགས་པ་ལས་མཚན་མོ་ལྷ་འདྲེས་བརྩིགས་པ་སྟོབས་ཆེ་བའི་སྒོ་ནས་བཞེངས༔ སློབ་དཔོན་ཆེན་པོས་གཟི་ཅན་ཉིད་སློབ་དཔོན་རང་དང་དགོངས་པ་གཅིག་ཀྱང་ཆེ་བ་འབྱིན་པའི་སླད་དུ་ད་ཀླུའི་ཡིད་དམ་ལ་མ་ཐོགས་པ་ལྟར་མཛད་དེ་མཆིམས་ཕུར་ཀླུ་འདུལ་གྱིས་དགོངས་པ་ལ་བཞུགས་པས་ཀླུའི་རྒྱལ་པོ་གཟི་ཅན་འཁོར་དང་བཅས་པ་སྐྲག་སྟེ་ཀླུས་ཤིང་ཐམས་ཅད་མི་སྣང་བར་སྦས་པས་ཤིང་བཟོ་བ་ཀུན་སྟེའུ་ཀླད་ལ་བསྐོར་ཞིང་

(༩༢༡)ཤིང་ག་ན་ཡོད་ཟེར་དུས་རྒྱལ་པོའི་སྤྱན་སྔར་ཁྱིའུ་ལོ་བརྒྱད་ལོན་པའི་ན་ཚོད་ཅན་ཞིག་བྱུང་ནས། སའི་སྟེང་ན་མིའི་རྒྱལ་པོ་ཁྱོད་ལས་ཆེ་བ་མེད༔ ས་འོག་ན་ཀླུའི་རྒྱལ་པོ་ང་ལས་ཆེ་བ་མེད་པས་གྲོགས་པོ་བྱའོ༔ ཁྱེད་ཀྱི་གཙུག་ལག་ཁང་གི་ཤིང་ཐམས་ཅད་ངས་ཀླུའི་ཡུལ་ནས་འབུལ་ལོ། །ང་ལ་ཞུ་བ་གཅིག་ཡོད་པས་ཐུགས་ལ་འདོགས་པ་ཞུ་ཟེར་བས་རྒྱལ་པོ་དགྱེས་ནས་དེ་བཞིན་དུ་བགྱིའོ་གསུངས། གཟི་ཅན་གྱི་རྒྱ་མཚོ་ཆེན་པོའི་གླིང་ནས་ཙན་དན་སྣ་ཚོགས་དང་། གླ་བ་དང་། གསོམ་དང་ཐང་ཤིང་ལ་སོགས་པ་ལ་རྡོ་རྗེའི་འདམ་བྱུགས་ནས་འདྲུལ་མེད་པར་བྱས་ཏེ་མེད་པར་གྱི་མཚོ་ལ་དྲངས་བྱུང་བས་མི་རྣམས་ཀྱིས་བླངས་སོ། །དེ་ནས་ཀླུས་ད་ངའི་ཞུ་བ་དེ་ཐུགས་ལ་འདོགས་པར་ཞུ་ཟེར་བས་ཅི་ཡིན་དྲིས་པས་ལན་དུ། བསམ་

(༩༢༢)ཡས་མཆིམས་ཕུ་ན་སློབ་དཔོན་ཆེན་པོ་ཀླུ་འདུལ་བའི་དགོངས་པ་བཞུགས་འདུག་པས་དགོངས་པ་གློད་པར་ཞུས་ཤིག་ཟེར་རོ༔ དེར་རྒྱལ་པོས་མཆིམས་ཕུར་སློབ་དཔོན་བཞུགས་པར་བྱོན་པས། ཁྱུང་ཆེན་པོ་སྦྲུལ་ཟ་བ་ཞིག་འདུག །དེ་ཉིད་སློབ་དཔོན་ཡིན་པར་རིག་སྟེ། ཕྱག་འཚལ་དགོངས་པ་གློད་པར་ཞུ་དངོས་གྲུབ་ཡོད་ཅེས་ནན་གྱིས་ཞུས་པས་ཁྱུང་གི་ཁ་ནས་སྦྲུལ་ཤོར། དེ་ཉིད་སློབ་དཔོན་དུ་གྱུར། དེ་ཙམ་གྱིས་སྐད་སྒྲོགས་ཅི་ཡིན། དངོས་གྲུབ་ཅི་ཡོད་ཅེས་གསུངས་པས་ཀླུས་ཤིང་གི་དངོས་གྲུབ་སྟེར་བ་ཡོད་ལགས་ཞུས་པས། སློབ་དཔོན་གྱིས་ཞལ་ནས། ཤིང་ལ་མི་འཐོག་པ་ཡིན་ཏེ་རྒྱལ་པོ་ནན་ཆེས་པས་དེ་ལྟར་བགྱིའོ། །སླད་མའི་ཚེ་བོད་ཀྱི་ཡུལ་དུ་ས་བདག་ཀླུ་གཉན་གྱིས་ནད་མི་འབྱུང་བ་ཞིག་བྱ་སྙམ་པ་ཡིན་ཏེ་ད་བྱ་ཐབས་མེད། ཕྱི་

(༩༢༣)མའི་དུས་སུ་མཛེ་རིགས་བཅོ་བརྒྱད་དར་བས་སེམས་ཅན་ཐམས་ཅད་ལ་གནོད་ཅིང་མིའི་ཡུལ་ཁ་གཅིག་ཆུས་འཇིགས་པར་འགྱུར་གསུངས། ཐང་ཡིག་ལས། སློབ་དཔོན་མཆིམས་ཕུར་ཀླུ་འདུལ་དགོངས་པར་བཞུགས༔ ཀླུ་ཡིས་མ་བཟོད་ཐབས་ཀྱི་རྒྱུད་བསྐུལ་ནས༔ ཤིང་བཟོ་བ་རྣམས་ཤིང་གིས་ལག་གཏུགས་ཟེར༔ རྒྱལ་པོ་འདི་ཙམ་ཤིང་ནི་གར་འཚོལ་སྙམ༔ དེ་ནས་མནའ་བཀག་མཆིམས་ཕུ་གྲེ་གུ་དགེའུ་བཏགས༔ སློབ་དཔོན་མ་མཐོང་ཁྱུང་ཆེན་སྦྲུལ་ཟ་མཐོང་༔ དགོངས་པ་གློད་དང་དངོས་གྲུབ་བདོག་ཅེས་སྨྲས༔ ཁྱུང་གི་ཁ་ནས་སྦྲུལ་ཤོར་སློབ་དཔོན་གྱུར༔ དེ་ཙམ་སྐད་སྒྲོག་དངོས་གྲུབ་ཅི་བདོག་གསུངས༔ རྒྱལ་པོས་

(༩༢༤)ཤིང་གི་དངོས་གྲུབ་བདོག་ཅེས་ཞུས༔ སློབ་དཔོན་ཞལ་ནས་ཤིང་གི་ག་ལ་ཐོགས༔ ཀླུ་ཡི་དམ་ལ་མ་ཐོགས་གནོད་པ་བྱེད༔ ནད་དུ་མཛེ་འོང་དགྲ་རུ་ཀླུ་ལྡང་གསུང་༔ ཀླུ་འདུལ་བསྐྱར་ནས་མ་ཞུས་རྒྱལ་པོ་འགྱོད༔ ཞེས་གསུངས༔ རྒྱལ་པོ་དང་ཀླུ་གཉིས་གྲོགས་པོར་གྱུར་ཟིན་ཀྱང་སླར་ཡང་ཐུན་མོང་བའི་སྣང་ངོར་གཙུག་ལག་ཁང་གི་ཕྱེད་ཙམ་འབྱོངས་པ་དང་༔ རྒྱལ་པོའི་ནོར་ཟད་པའི་ཚུལ་མཛད༔ སློབ་དཔོན་ལ་ཇི་ལྟར་བྱ་ཞུས་པས། སློབ་དཔོན་ཆེན་པོས། མིའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་༔ ཀླུའི་རྒྱལ་པོ་མལ་གྲོ་གཟི་ཅན་གཉིས་གྲོགས་པོ་བྱེད་དགོས་པས། དེའི་ཕྲིན་པ་ངེད་ཀྱི་བྱེད་དོ་ཞེས་ཡང་བསྐྱར་རྒྱལ་པོ་དང་ཀླུའི་མཚམས་སྦྱོར་མཛད་པར་གསུངས་ཏེ། ཐང་ཡིག་ལས། གཙུག་ལག་ཁང་ནི་ཕྱེད་ཙམ་འབྱོངས་པ་དང་༔ རྒྱལ་པོ་ནོར་ཟས་ཇི་ལྟར་བྱ་ན་ཞུས༔ སློབ་དཔོན་ཞལ་

(༩༢༥)ནས་ཐབས་ཤིག་ཡོད་ཀྱི་གསུངས༔ མི་ཡི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་༔ ཀླུ་ཡི་རྒྱལ་པོ་གྲོགས་པོ་བྱེད་དགོས་གསུངས༔ ང་ཡི་ཁྱོད་གཉིས་སྦྲེལ་བའི་འཕྲིན་པ་བྱེད༔ མཚོ་ཆེན་མལ་འགྲོའི་འགྲམ་དུ་ཁྲིད་ནས་བྱོན༔ རྒྱལ་པོ་བློན་འབངས་ལུང་པ་ཡ་གཅིག་སྦས༔ སློབ་དཔོན་མཚོ་ཁར་དར་གྱི་སྦྲ་ཕུབ་ནས༔ ཞགས་གསུམ་དགོངས་པ་མཛད་ཅིང་བཞུགས་པ་ལས༔ ནང་པར་བུད་མེད་ཤིན་ཏུ་མཛེས་པ་ཞིག༔ མཚོ་ཁར་བྱུང་ནས་སློབ་དཔོན་ཅི་མཛད་ཟེར༔ མི་ཡི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་༔ ཀླུ་ཡི་རྒྱལ་པོ་དགའ་བའི་གྲོགས་པོ་བྱེད༔ རྒྱལ་པོའི་གཙུག་ལག་ཁང་ནི་མ་འབྱོངས་པས༔ ཀླུ་ལ་ནོར་སློང་གསུངས་ནས་འཕྲིན་བསྐུར་བས༔ གནངས་ཀྱི་ནང་པར་སྦྲུལ་ཆེན་ཞིག་བྱུང་ནས༔ ཆུ་ཡི་འགྲམ་དུ་གསེར་ཕྱེ་ཉིལ་གྱིས་

(༩༢༦)བྱུང་༔ རྗེ་འབངས་སྦྲན་ནས་གསེར་ཕྱེ་བསྡུད་དུ་བཅུག༔ ཅེས་གསུངས། མལ་དྲོའི་མཚོ་ནི། མཚོ་མོ་ར་བའི་རྒྱབ་ཀྱི་བླ་མཚོ་འདི་ཡིན་པར་འདུག༔ བདག་གིས་དགུན་དུས་ཤིག་མཚོ་མཁར་གཏེར་འབུལ་མི་བཏང་བར་འབྱོར་བའི་ནུབ་མཚོ་ནང་ནས་སྒྲ་ཆེན་པོ་རྒྱུན་མི་ཆད་བྱུང་བར་མཚོ་གཏེར་ཕུལ་མ་ཐག་རྒྱུན་ཆད་ཟེར། དེང་སང་ཤིན་ཏུ་གཉན་པར་བྱེད་ཀྱི་འདུག་གོ །རིན་ཆེན་གླིང་པའི་གཏེར་བྱོན་གྱིས་འཇམ་དཔལ་ནཱ་ག་རཀྴའི་ལོ་རྒྱུས་ལས། ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེ་བཙན་གྱིས༔ དཔལ་གྱི་བསམ་ཡས་ཀྱི་གཙུག་ལག་ཁང་ཆེན་པོ་བཞེངས་ཏེ༔ འོག་ཁང་དུ་འདམ་པའི་ལྡེར་བཟོ་བོད་ཀྱི་ལུགས་སུ་བཞེངས༔ བར་ཁང་དུ་ཀོ་བའི་ལྡེར་བཟོ་རྒྱ་ནག་གི་ལུགས་སུ་བཞེངས༔ སྟེང་ཁང་དུ་རྡོ་དང་ཤོག་འདག་དར་གྱི་ལྷ་རྒྱ་གར་ལུགས་སུ་བཞེངས་པའི་དུས་སུ༔ འབྲུག་གི་ལོ་དཔྱིད་ཟླ་ར་

(༩༢༧)བའི་ཚེས་བརྒྱད་ཀྱི་ཉི་མ་རི་རྩེ་ལ་ཤར་བའི་དུས་ཙ་ན༔ ཁྱིའུ་ཆུང་གཟུགས་མཛེས་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ༔ སྦྲུལ་གྱི་མཇུག་གཞུག་རྙེད་པ་ལ་དཀྲིས་པ། ཕྱག་ན་ཐོད་པ་སྔོ་སང་གསེར་གྱིས་བཀང་བའི་སྟེང་དུ་གསེར་གྱིས་བཀང་བའི་སྟེང་དུ་གསེར་གྱི་པ་ཊ་བཞག་པ་འོད་ཟེར་སྣ་ཚོགས་འཕྲོ་བ་ཞིག་རྒྱལ་པོའི་དྲུང་དུ་བྱུང་ནས་གསེར་ཕུལ་ནས་འདི་སྐད་ཅེས་གསུངས་སོ༔ ཀྱཻ༔ རྒྱལ་པོ་ཆེན་པོ་ལགས༔ བདག་ནི་མ་དྲོས་ཀླུ་ཡི་དེད་དཔོན་དེ༔ ནག་པོ་ཀློང་རྡོལ་ཞེས་བྱའི་གནས་ནས་འོངས༔ གྲོགས་པོ་དང་དེ་རིང་མནའ་དང་མཐོ་ཆད་དོ༔ བསམ་ཡས་ལྷའི་གསེར་རྣམས་བདག་གིས་ཕུལ་ལགས་སོ་བྱས་ནས༔ རྒྱལ་པོ་ཉིད་དང་མ་དྲོས་པའི་ཀླུ་གཉིས་ཀྱིས༔ སློབ་དཔོན་པདྨ་འབྱུང་གནས་དཔང་པོར་བཞུགས་ཏེ༔ སྤྲུན་དང་གྲོགས་བྱེད་པར་དམ་བཅས༔ ཆད་

(༩༢༨)དང་མནའ་ཐོ་བཅས་ནས༔ རྒྱལ་པོས་ཀླུའི་ཕོ་བྲང་བཞེངས་པར་ཞལ་གྱིས་བཞེས༔ མ་དྲོས་པའི་ཀླུས་བསམ་ཡས་ཀྱི་ལྷ་རྣམས་ཀྱི་གསེར་དགོས་ཚད་འབུལ་བར་དམ་བཅས་སོ༔ དེར་སློབ་དཔོན་གྱིས་མ་དྲོས་པའི་ཀླུའི་སྤྱི་བོར་རྡོ་རྗེ་བཞག༔ ལྕེ་ལ་བདུད་རྩི་བཞག་ནས་དམ་ལ་བཏགས་སོ། །དུས་དེ་ནས་བཟུང་ནས་གཏན་དུ་ཀླུ་དེས་རྒྱལ་པོའི་དྲུང་དུ༔ ཁྱིའུ་ཆུང་གཅིག་ཏུ་སྤྲུལ་ནས་གསེར་འབུལ་དུ་འོང་ངོ་༔ དེ་ནས། རྒྱལ་པོའི་ཐུགས་དགོངས་ལ༔ བདག་གི་གྲོགས་པོ་ལ་གསེར་མི་ཟད་པའི་གཏེར་ཆེན་པོ་ཡོད་པར་འདུག་མ་དྲོས་པའི་ཀླུའི་དེད་དཔོན་ཡང་ཡིན་ཟེར་བ་ལ༔ ཁྱིའུ་ཆུང་གིས་གཟུགས་འདི་མ་ཡིན་པའི་གཟུགས་བཟང་པོ་སྦྲུལ་མགོ་དང་བཅས་པ་ལྷ་ས་ཀླུ་ཁང་གི་ལྡེར་བཟོ་དེ་འདྲ་བ་འོང་ཐང་སྙམ་མོ༔ དེ་ནས་ནང་གཅིག་གསེར་འབུལ་བར་བྱུང་བའི་དུས་སུ༔

(༩༢༩)རྒྱལ་པོས་འདི་སྐད་སྨྲས་སོ༔ ཁྱེད་ཀྱི་གཟུགས་མཐར་ཐུག་པ་དེ་སྟོན་དང་༔ ཀླུ་ཁང་བཞེངས་པའི་དུས་སུ་དགོས་པ་ཞིག་ཡོད་དེ༔ ཁྱིའུ་ཆུང་གི་ལུས་ལ་གཟི་བརྗིད་མེད༔ ལྡེར་བཟོའི་དཔང་པོར་ཡང་མི་ཐུབ༔ ནང་པར་འོངས་པའི་དུས་སུ་ཁྱིའུ་ཆུང་དུ་མ་སྤྲུལ་པར་གཟུགས་ཇི་ལྟར་ཡོད་པ་ལྟར་དུ་སྟོན་གསུངས་པས༔ ཀླུའི་ཞལ་ནས༔ ད་ནང་པར་འོང་གི་གྲོག་པོ་ལ་དུག་གིས་ཕོག་ཉེན་ཡོད་པས༔ ལྕགས་འབག་ལ་རྩི་མ་གི་ཏའི་ཆུས་བྱུགས་ལ་གདོང་ལ་གོན༔ ཡཀྵ་སྟེང་འོག་ཏུ་བཞུགས་པ་ལ་ཉི་མ་རི་རྩེ་ལ་ཤར་དུས་དབུ་རྩེ་ལ་ལྟོས་ཤིག་གསུང་ངོ་༔ དེ་ནས་རྒྱལ་པོས་དབུ་རྩེ་ནས༔ ཡཀྴ་སྟེང་འོག་གི་གླིང་དུ་བྱོན་ནས༔ ནུབ་མོ་དེར་གཟིམ་པའི་ཚེ༔ ས་བདག་ཆོ་འཕྲུལ་

(༩༣༠)ཡང་མང་པོ་རྨིས༔ སྙིང་ཡང་མ་དགའ་ཁམས་ཀྱང་མ་བདེ་བ་སྙམ་བྱེད༔ སྐྱེ་གཡའ་ཞིང་བ་སྤུ་ལྡང་འཇིགས་ཆུམ་ཆུམ་བྱེད་ཅིང་སྔར་དང་མི་འདྲའོ༔ དེ་ནས་ཉི་མ་རི་རྩེ་ལ་ཤར་བའི་དུས་སུ་འཇའ་འཁྱིལ་འདུག༔ སྙིང་ཚ་ཡེད་ཡེད་བྱེད་དངངས་ཡེད་ཡེད་བྱེད་པའི་འཕྲོ་ལ་བལྟས་པས༔ དབུ་རྩེ་ཆེན་མོ་ལ་སྦྲུལ་ཆེན་པོ་རབ་ཏུ་འཇིགས་པ༔ འོད་ཟེར་དང་ཁ་རླངས་ཀུན་ཏུ་འཕྲོ་བ༔ འཇིགས་ཤིང་སྐྱི་གཡའ་བ་ཞིག་དབུ་རྩེ་ལ་ལན་གསུམ་དཀྲིས་ཏེ༔ སྦོམ་ཕྲ་ནི་འདོམ་བཞི་འཁྱུད་ཚད་ལ༔ རིང་ཐུང་དབུ་རྩེ་ལ་ལན་གསུམ་དཀྲིས་ཏེ༔ འཇུག་མ་ཐང་ལ་མ་རྫོགས་པ༴ དུག་གི་རླངས་ན་བུན་ཙམ་གྱིས་དབུ་རྩེའི་མཐའ་བཞི་ཐམས་ཅད་ཁྱབ་པར་མཐོང་ནས༔ དེར་རྒྱལ་པོ་ཉིད་དངངས་ཤིང་སྐྲག་ནས་ཀླུའི་དུག་གི་ཕོག་

(༩༣༡)པར་གྱུར་ཏེ༔ ཞག་གསུམ་ནས་ཤ་རོ་དང་༔ བལ་འདག་ལ་སོགས་པས་ལུས་ཁེངས༔ དུག་དེ་ལུས་ཀྱི་རྩ་མིག་ཐམས་ཅད་དུ་ཁྲག་དང་འདྲེས་ཏེ༔ ཟུག་བྱེད་པའི་སྲོག་ཆགས་ཡིད་ཀྱིས་གཟུགས་ཅན༔ དེ་རྣམས་གང་ན་གནས་པའི་སར་ཤ་འཕྲིག༔ ཚ་ཙག་ཙག་གཡའ་གུལ་གུལ༔ ན་ཀར་ཀར༔ ཚ་སྦྲིང་སྦྲིང་༔ གྲང་ལྷང་ལྷང་༔ ཚ་སྦེར་སྦེར༔ སྦྲིད་ཆིལ་ཆིལ༔ ཟ་ཁོལ་ཁོལ༔ ཚ་ཤུམ་ཤུམ་ལ་སོགས་བྱེད་ཅིང་ལུས་མི་བདེའོ། །དེར་ཀླུའི་གཟུགས་སྟོན་བྱས་པ་ལ་རབ་ཏུ་འགྱེད་དོ༔ དེར་ནི་མཛེ་རིགས་བཅོ་བརྒྱད་ཟླ་བ་གཅིག་ལ་རྫོགས་པར་བྱུང་ངོ་༔ སྔར་མི་དཔོན་བྱས་ཏེ༔ ད་མི་ཁྱུ་ནས་ཕུད་ནས་ངན་སློང་གི་ཁྱུར་ཡང་མི་ཚུད་བསམས་ནས༔ སྡུག་བསྔལ་ཆེན་པོས་

(༩༣༢)ནོན་ཏེ༔ རང་གི་སྟན་ལ་མི་ཆགས་ཤིང་སྙིང་རླུང་ལངས་སོ༔ མ་དྲོས་པའི་ཀླུ་ཡང་རྒྱལ་པོ་ལ་ནད་ཀྱི་ཕོག་པས་ངོ་གནོང་ཞིང་ཁ་སྐྱངས་ནས་གསེར་འབུལ་བ་ལ་ཡང་ཡོང་མ་ནུས་སོ༔ དེ་ནས་རྒྱལ་པོའི་ཐུགས་དགོངས་ལ༔ ཞེ་ཐག་པ་ནས་ང་ལ་མཛེ་འོང་བ་ཅང་སྲིད་དམ༔ ཨོ་རྒྱན་པདྨ་འབྱུང་གནས་འཇིག་རྟེན་གསུམ་གྱི་མགོན་དུ་གྱུར་པ༔ ཉེས་པ་དང་༔ འཇིགས་པའི་སྐྱབས་སུ་གྱུར་པ༔ ལྷ་སྲིན་སྡེ་བརྒྱད་རྡུལ་བཞིན་དུ་རློག་པ་འདི་ལྟ་བུ་བཞུགས་པ་ལ༔ ཐབས་ཤིག་ཡོད་འོང་སྙམ་ནས༔ བློ་སོར་ཆུད་དེ་དགའ་ཡལ་ཡལ་བྱུང་ངོ་༔ དེར་སློབ་དཔོན་པདྨ་མཆིམས་ཕུའི་ཡང་དབེན་ནས་གདན་དྲངས་ནས༔ དབུ་རྩེ་རིགས་གསུམ་རྩེ་ལ་བཞུགས་སུ་གསོལ༔ དར་ཟབ་ཀྱི་ཁྲི་བཤམས༔ སྤྱན་གཟིགས་སྣ་ཚོགས་དང་རྒྱལ་པོའི་ལོངས་སྤྱོད་ཕུལ་ནས་ཞུས་

(༩༣༣)རྗེ་ཨོ་རྒྱན་རིན་པོ་ཆེ་ལགས༔ གྲོགས་པོའི་གཟུགས་བསྟན་པས་ནད་ཙི་ཙི་ཛྭ་ལས་ཟིན༔ སྡུག་བསྔལ་ཞིང་ཉམས་ཐག་པ་ལ༔ ནད་འདི་དང་བྲལ་བར་མཛད་དུ་གསོལ༔ ཞེས་གསོལ་བ་བཏབ་པས༔ ཨོ་རྒྱན་ཆེན་པོས་གསུངས་པ༔ ཆོས་རྒྱལ་ཆེན་པོ་ནད་འདི་དང་བྲལ་བར་བྱའོ༔ ཐུགས་གཡོ་བར་མ་བྱེད་ཅིག༔ ཐུགས་བདེ་ལྷན་ནེར་བཞུགས་པར་མཆིའོ༔ ང་འདུག་ནས་རྒྱལ་པོ་ནད་ཀྱི་ཉེན་པ་ག་ལ་མཆི༔ ཐུགས་མི་བདེ་མི་འཚལ་གསུངས་ནས༔ ཀྱཻ༔ རྒྱལ་པོ་ཆེན་པོ་འདི་ལྟ་སྟེ༔ སྔོན་འདས་པའི་དུས་ན་རྒྱ་གར་གྱི་ཡུལ་བྷ་ཡ་ཏེ་ཏ་ཞེས་བྱ་བ་ན༔ རྒྱལ་པོ་རཏྣ་འབར་བ་གཙུག་གི་ནོར་བུ་ཞེས་བྱ་བ་ལ༔ བུ་མཐའ་ཡས་པ་འོད་ཅེས་བྱ་བ་བཞུགས་སོ༔ རྒྱལ་བུ་དེ་ལོ་བཅུ་གཅིག་ལོན་པའི་དུས་ན༔ ས་བདག་

(༩༣༤)དམངས་རིགས་ཀྱི་ནད་ཀྱིས་ཟིན་པར་གྱུར་ཏེ༔ རྐང་པ་གཡས་གཡོན་གཉིས་སྦྲིད་ཅིང་ཤ་རོས་ཐེབས༔ སྟན་ཁ་ནས་འགུལ་མི་ནུས་པར་གྱུར་ཏོ༔ དེའི་དུས་རྒྱལ་པོ་དེ་ལ་བླ་མཆོད་དགེ་སློན་ཚུལ་ཁྲིམས་རྣམ་པར་དག་པ་ཞིག་བཞུགས་སོ༔ དེའི་ཚེ་རྒྱལ་པོ་དེའི་ཞལ་ནས༔ དགེ་སློང་བདག་གིས་བུ་སྡུག་བསྔལ་ནད་ཀྱིས་ཟིན་པ་འདི་ལས་སེལ་བར་མཛད་དུ་གསོལ༔ གསུངས་སོ༔ དེ་ནས་དགེ་སློང་གིས་ལྷ་ལ་གསོལ་བ་བཏབ་པས༔ ཡི་དམ་ལྷ་དེའི་ཞལ་ནས༔ རི་ཆེན་པོ་མགྲིན་བཟང་ཞེས་བྱ་བའི་རྩེ་ལ༔ སངས་རྒྱས་འོད་སྲུངས་ཀྱིས་རབ་གནས་མཛད་པའི་མཆོད་རྟེན་གྱི་བུམ་པའི་ནང་ན༔ ཀླུ་བདུད་འབུམ་གྱི་ཏེ་ཀ་ཞེས་བྱ་བ་བཞུགས་སོ༔ དེའི་ནང་ན་གདུག་པ་ཀླུས་ཟིན་མ་ཟིན་གྱིས་བརྟག་ཐབས་བསྲུང་བ༔ གསོ་ཐབས་དང་བཅས་པ་བཞུགས་སོ༔ དེ་ཡི་རྒྱལ་པོའི་བུ་སྙུང་

(༩༣༥)ནད་ལས་སོས་པར་བྱེད་དོ་ཞེས་གསུངས་སོ༔ དེ་ནས་བླ་མཆོད་དགེ་སློང་དེས་མན་ངག་ཇི་ལྟ་བ་བཞིན་གདན་དྲངས་ནས༔ རྒྱལ་པོའི་བུ་སྙུང་ནད་ལས་ཐར་བར་བྱས་སོ༔ དེ་ཡང་ངས་འདི་ལྟར་བཤད་པར་བྱའོ༔ དེའི་དུས་ཀྱི་གཙུག་གི་ནོར་བུའི་རྒྱལ་པོ་དེ་ནི༔ རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཁྱོད་ཉིད་ཡིན་ནོ། །རྒྱལ་བུ་སྙུང་ནད་ཀྱིས་ཐེབས་པ་དེ་ནི་མུ་ཏིག་བཙན་པོ་ཉིད་ཡིན་ནོ༔ བསྲུང་བ་ནི་ན་ག་རཀྵ་འདི་ཉིད་ཡིན་ནོ༔ བླ་མཆོད་དགེ་སློང་དེ་ང་ཡིན་ནོ༔ པདྨ་འདམ་གྱི་སྐྱོན་ལས་གྲོལ་བ་ལྟར༔ གདུག་པའི་ནད་ལས་གྲོལ་བར་བྱེད་པ་ཡི༔ གདོན་བཅོས་པདྨ་གེ་སར་ལྟ་བུ་འདི༔ དེ་ལ་འགྲོ་བ་མི་ལུས་ལ༔ གདུག་པའི་ནད་ཀྱིས་ཟིན་པ་ལ༔ དང་པོ་ནད་ཡིན་མིན་བརྟག་ཐབས་རིན་པོ་ཆེ་ཉི་མའི་སྒྲོན་མ་དང་༔ མ་ཟིན་ཕྱིས་མི་འཇུག་པ་ཁྱུང་

(༩༣༦)ནག་མོའི་འཁོར་ལོ་དང་༔ ཟིན་ནས་གསོ་ཐབས་བྱུག་པ་རྒྱན་གྱི་འཁོར་ལོ་དང་༔ ནག་པོ་འདྲེན་སྐེམས་སྨན་གྱི་གསོ་བ་དང་༔ གསང་བ་བསྒོམ་བཟླས་ཀྱི་སེལ་བའི་མན་ངག་ན་ག་རཀྴ་དང་༔ ལྔ་པོ་འདི་རྣམས་ཡིན་གསུངས་ནས༔ གདམས་པ་འདི་རྣམས་བསྟན་པས་རྒྱལ་པོ་སྙུང་ནད་ལས་དངས་སོ༔ ཞེས་གསུངས། ཀུན་མཁྱེན་ཀློང་ཆེན་པས་མཛད་པའི་ཡང་ཏིག་ལོ་རྒྱུས་ལས་ཀྱང་༔ མཐུ་རྩལ་ཀླུའི་གླིང་དུ་གཙུག་ལག་ཁང་ཡུན་རིང་དུ་གནས་པའི་ཕྱིར་ཀླུ་ཆེན་པོ་བརྒྱད་ཀྱི་ཁང་པ་རིན་པོ་ཆེའི་སྤྲིན་གྱི་སྙིང་པོ་ཅན༔ དེ་ཐམས་ཅད་ཀྱི་ལོག་དང་མཐིལ། རྒྱ་མཚོའི་ཆུ་གཉེར་གྱིས་ཞལ་བས་བྱུགས་པ་བཞེངས་པར་གསུངས༔ རྒྱལ་པོ་ན་ག་རཀྴའི་གཏེར་བྱོན་གྱིས་སྒྲུབ་སྐོར་ཕལ་མོ་ཆེ་ཐམས་ཅད་གླེང་གཞི་འདི་ཉིད་ལ་བརྟེན་ནས་བྱུང་བས༔ ཀླུའི་རྒྱལ་པོ་མལ་དྲོ་གཟི་

(༩༣༧)ཅན་གྱི་བཀའ་དྲིན་ཡིན་ནོ། །དེ་ལྟ་བུའི་ཀླུ་རྒྱལ་ཆེན་པོ་འདི་ཉིད་ལ་རྣམ་འགྱུར་མཐའ་ཀླས་པ་ལས༔ བཀའ་ཐང་དང་། ཀུན་མཁྱེན་ལྔ་པས་མཛད་པའི་ཕུར་མོ་ཀླུ་བདུད་ཀྱིས་གསོལ་ཁ་སོགས་སྒོ་བསྟུན་པ་ལས། སྐུ་མདོག་མཐིང་ནག་སྟོད་ལྷའི་ལུས་ཅན་སྦྲུལ་མགོ་བདུན་གྱི་གདེངས་ཀ་འཕྱོ་ཞིང་སྐུ་སྨད་སྦྲུལ་འཇུག་ཏུ་འཁྱིལ་བ༔ གཡས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་། གཡོན་གདུང་སེལ་གྱི་འཆི་མེད་ཀྱིས་བདུད་རྩིས་གང་བའི་གཏེར་གྱིས་བུམ་པ་བཟང་པོ་འཛིན་པ་མཛེས་འཛུམ་ལྟ་ན་སྡུག་ཅིང་དར་གྱི་སྨད་གཡོག་ལྷབ་ལྷུབ་ཏུ་གསོལ་བ། རིན་ཐང་མེད་པའི་ནོར་བུའི་རྩེ་ཕྲན་ཅན་གྱིས་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་དུབ་ཞབས་ཀྱི་གདུ་བུ། སེ་མོ་དོ་དང་དོ་ཤལ་ལ་སོགས་པས་སྤྲས་པ། ཕུད་སྒྲ་སྒྲོག་

(༩༣༨)ཅིང་དགྱེས་པའི་གད་མོ་གཡོ་བའི་གཡས་གཡོན་གཉིས་སུ་མཛེས་སྡུག་མཚུངས་པའི་བཙུན་མོའི་ལྷ་མོའི་ཆ་བྱད་སྐུ་མདོག་སྔོན་མོ་གཡུའི་ཐོད་ཅན་དང་། གཡས་ཀྱི་རུ་འདྲེན་ཚོང་དཔོན་དཀར་པོ་མི་ལུས་སྦྲུལ་མགོ་ལྔ་པ། གཡོན་གྱི་རུ་འདྲེན་ཁམས་ཀྱི་བྱ་ཐུལ་སེར་པོ་མི་ལུས་སྦྲུལ་མགོ་གཉིས་པ། གངས་ཀྱི་གཅུང་པོ་དང་༔ སྤ་གྲོ་སྐྱེར་ཆུའི་ལྷ་ཁ་རྒྱལ་ཞ་མདོངས། འོད་སེར་པོ་གླང་མགོ་ཅན་གྱིས་སྔོན་གྱི་སྣ་འདྲེན་ཅིང་ཤུལ་ལམ་སེལ་བ། ཀླད་ཀྱི་རྗེས་ཉུལ་ཚལ་ནག་གི་ཀླུ་བདུད་སྦྲུལ་ནག་པོའི་རྣམ་པས་འཁྱུག་ཅིང་རྒྱུ་བ། གཞན་ཡང་གདོན་གཟུགས་མཐོང་བའི་གདུག་ཅན་མི་ལུས་སྦྲུལ་གྱི་མགོ་ཅན། མནམ་པའི་གདུག་ཅན་རྟའི་མགོ་ཅན། བསམ་པའི་གདུག་ཅན་འཕྱི་མགོ་ཅན། རེག་པའི་གདུག་ཅན་རྒྱ་མགོ། རྐྱང་བུ་ཚལ་

(༩༣༩)གྱི་ཀླུ་བདུད་ཁྱིའུ་ཆུང་གཡུའི་ཟུར་ཕུད་ཅན། ནག་པོ་ཀློང་རྡོལ་གྱི་ཀླུ་བདུད་མདོག་ནག་མེ་འབར་བ་ལུས་མ་ནག་པོའི་ཀླུ་བདུད་རྟ་སྔོན་མི་མགོ་ཅན། ཟངས་གྲི་མཚོ་དམར་གྱི་ཀླུ་བདུད་གླང་དམར་གྱི་རྣམ་པར་འཕྱོ་བ། གཉེར་བ་སེ་འཕང་ནག་པོ་ཀླུ་ཆེན་བརྒྱད་དང་། འཛིན་པ་ལག་མང་། གཙུག་ན་རིན་ཆེན། གདོན་གཟུགས་བརྒྱད་གྱོང་པོ། ཁྲ་བོ། འཛིན་པོ། སྒུར་པོ་སོགས་ཏེ་ཀླུ་གཉན་ས་བདག་གི་རྒྱལ་བློན་བསམ་གྱིས་མི་ཁྱབ་པས་མཐའ་སྐོར་བའི་བར་མཚམས་རྣམས་སུ་སྡོམ་སྡིག་སྦལ་སྦྲུལ། རྟ་བཟེད། སྨིག་བུ་ལ་སོགས་པ་འཁྲུག་ཅིང་རྒྱུ་བའི་མཐའ་བསྐོར་ཀུན་ཏུ་སྣང་སྲིད་རིགས་པའི་དམག་ཚོགས་བསམ་གྱིས་མི་ཁྱབ་པ་དཔའ་གཏུམ་འཇིགས་པའི་ཆ་ལུགས་ཀྱིས་བསྐོར་བ། རེས་འགའ་སྐུ་སྟོད་ལྷའི་ལུས་ཅན་

(༩༤༠)སྔོན་པོ་གཡས་བདུད་རྩིའི་བུམ་པ་དང་གཡོན་སྦྲུལ་ཞགས་འཛིན་ཅིང་། སྦྲུལ་མགོ་ལྔ་པ་སྐུ་སྨད་སྦྲུལ་འཇུག་ཏུ་འཁྱིལ་བ་རེས་འགའ་ཁྱིའུ་ཆུང་ལོ་བརྒྱད་པའི་རྣམ་པ་ཅན་ཞི་འཛུམ་སྒེག་པའི་ཉམས་ཀྱིས་བརྗིད་ཅིང་དར་དཀར་གྱི་གོས་ཐོད་གསོལ་བ་རྟ་མཆོག་སྔོན་པོའི་རིན་པོ་ཆེའི་སྒ་སྲབ་ཅན་ཞོན་ནས་རྒྱུ་བ། འཁོར་དུ་ཀླུ་བདུད་མི་ནག་རྟ་ནག །ཀླུ་བཙན་མི་དམར་རྟ་དམར་བསམ་གྱིས་མི་ཁྱབ་པས་བསྐོར་ཏེ་ཕྱོགས་བཅུར་འཕྲོ་བ། རེས་འགའ་སྐུ་སྟོད་ལྷའི་ལུས་ཅན་སྦྲུལ་གྱི་གདེངས་ཀ་དགུ་དང་ལྡན་ཞིང་གཡུའི་སྨིན་མ་དུང་སོ་གསེར་ལག་བདུད་རྩིའི་ཟིལ་པ་སྐུ་ལས་འཕྲོ་བ། རིན་པོ་ཆེ་དང་དར་གྱིས་བརྒྱན་པ་ཡིད་བཞིན་གྱི་ནོར་བུ་དང་ཤིང་ལོ་བཟུང་སྟེ་རི་རབ་ལ་སྟེགས་བྱས་ཏེ་མཇུག་མ་རྒྱ་མཚོར་བརྐྱང་བ་རིགས་བཞིའི་ཀླུའི་སྡེ་དཔོན་

(༩༤༡)དུ་བཞུགས་པའི་འཁོར་དུ་སྲིང་མོ་ན་ཆུང་གཞོན་ནུའི་ཆ་བྱད་མེ་ལོང་འཛིན་པ་འཁོར་གྱི་གཡོག་མོ་དང་བཅས་པ་བཞིས་གླུ་ལེན་ཅིང་ཟས་ནོར་སྤེལ་བ་གཡོག་མོ་བུད་མེད་ལང་ཚོ་རྒྱས་པའི་ཆ་བརྒྱད་གནག་སྣུམ་སྐྲའི་ལན་བུ་གཡུའི་ལན་ཚར་གྱིས་སྤྲས་ཤིང་། གཟི་མཆོང་སྤེལ་བའི་དོ་ཤལ་ཅན། དར་དཀར་གྱི་ན་བཟའ་གསོལ་ཞིང་བུམ་པ་འཛིན་པ། གཡས་ཀྱི་རུ་འདྲེན་རྨོས་མདའ་ཕག་ཚང་གི་ཀླུ། སྔོན་གྱི་སྣ་འདྲེན་མེར་མ་སྟེགས་ཀྱི་གླུ། རྗེས་འབྲང་ནག་པོ་ཀློང་རྡོལ་གྱི་ཀླུ་བདུད། གཡོན་གྱི་སྣ་འདྲེན་བྲག་དམར་རྫོང་གི་ཀླུ། བཤན་པ་བཞི་བློན་པོ་བཞི། ཀླུ་སྨན་རྒྱལ་མོ། ཀླུ་ཆེན་བརྒྱད་ལ་སོགས་པས་བསྐོར་བ། རེས་འགའ་དྲག་པོར་ཁྲོས་པས་གཙོ་འཁོར་ཐམས་ཅད་སྤྱན་མིག་ཁྲག་

(༩༤༢)ཞག་གི་རྒྱ་མཚོར་འཁྱིལ་ཞིང་ཉི་ཟེར་འཁྲུག་པ། ཤངས་ནས་རླུང་འཚུབ་དང་ཁ་རླངས་སྤྲིན་ནག་ཏུ་འཁྲིགས་པ། ཞལ་ནས་འབྲུག་སྟོང་ལྡིར་ཞིང་ལྗགས་ནས་གློག་འཁྱུག་པ། ཐོད་པ་སྣ་ཚོགས་པས་བརྒྱན་ཅིང་རལ་པ་མུན་ལྟར་གཏིབས་པ། སྙིང་སྣའི་ཕྲེང་བ་དང་ཟོར་བ་དང་། དགྲ་སྟ་དང་། ཁ་ཊྭཱཾ་ག་དང་། གནམ་ལྕགས་ཀྱུ་ཐུར་མ་ལ་སོགས་པའི་མཚོན་ཆ་སྣ་ཚོགས་པ་ཐོགས་པ། སྲིད་གསུམ་འབྱུང་པོའི་དམག་ཚོགས་དང་བཅས་པ་རྒྱུ་བ་སོགས་སྐད་ཅིག་སྐད་ཅིག་ལ་རྣམ་འགྱུར་བསམ་གྱིས་མི་ཁྱབ་པར་སྟོན་པའི་གཙོ་འཁོར་དང་བཅས་ཏེ། མ་ཕམ་གཡུ་མཚོའི་མ་དྲོས་པའི་མཚོ་དང་། ཕྱིའི་རྒྱ་མཚོ་ཆེན་པོ་རྣམས་སུ་གཙོ་བོར་བཞུགས་ཤིང་། ཁྱད་པར་གྱི་བཞུགས་པ་སྟོན་དཔྱིད། དབྱར་ཁ་གསུམ་ནི། ཟ་ཁུར་རྐྱང་བུ་ཚལ། འབྲོག་གི་ཕྱུགས་རྣམས་སྐྱོངས། འོན་བུ་སྡིངས་

(༩༤༣)སྡིངས་ཏེ་དེང་སང་འོན་ཕུ་སྡིངས་སྣར་གྲགས། སྐྱོ་བསངས་མཛད་པ་བྱང་ཚལ་ནགས་མའི་ཁྲོད་ཞིང་གི་འདེབས་རྨོས་མདའ་ཕག་ཚང་། དགུན་གྱིས་བཞུགས་ས་རླུང་ཤོད་འོམ་བུའི་ཚལ། ཟངས་རིའི་ཕུ། ཟལ་མོའི་སྒང་མལ་དྲོ་ཟུལ་ཕུག་སྟེ། དེ་ཡང་ཟེ་ཕུག་ཏུ་གྲགས་པ། བྲག་ལྷ་ཀླུ་སྦུག །ནག་པོ་ཀློང་རྡོལ། བྱིང་གིས་ཨོ་དཀར་བྲག །སྙེ་མདོ་སོགས་སུ་རྣམ་འགྱུར་སྣ་ཚོགས་པས་བཞུགས། སྤྱན་གཡས་ཀྱི་གཙུག་ལག་ཁང་དུ་ཐབས་ཆེན་གྱིས་ཀླུར་གྲགས་པ་དང་། རི་བོ་རིན་ཆེན་སྤུངས་པའམ་ལྷུན་པོ་རྫ་གེར་མཚོའི་ཕོ་བྲང་དང་འབྲེལ་བའི་བསམ་གྱི་ཀླུ་ལ་སོགས་པ་ཡང་གཟི་ཅན་འདི་ཉིད་ཡིན་ནོ། །འདི་ཉིད་བོད་འབངས་བདེ་བའི་གཞི་རྟེན་གཅིག་ཏུ་མཐོང་སྟེ་ཁོ་བོས་མེ་མོ་ལུག་གིས་ལོ་ཀླུ་རྒྱལ་འདི་ཉིད་མལ་དྲོའི་བླ་མཚོ་ནས་

(༩༤༤)ནས་གདན་དྲངས་ཏེ་གནས་འདིར་ཕོ་བྲང་གསར་དུ་བསྐྲུན་པར་བཞུགས་སུ་གསོལ་དུས་གངས་ཆེན་པོ་བློ་བུར་དུ་བབས། གཟི་ཅན་ཉིད་གཟུགས་ཅན་གྱི་རྟེན་ལ་བརླམས་ནས་དགྱེས་པའི་རྣམ་འགྱུར་མཛད། ཡིད་ཆེས་པའི་ལུང་དུ་མ་གསུངས། ཁྲ་འབྲུག་གི་གཙུག་ལག་ཁང་དུ་ཀླུའི་ཕོ་བྲང་འོག་ཏུ་བླ་མཚོ། དེའི་སྟེང་དུ་ཁང་བརྩེགས་རིམ་པ་གསུམ་པའི་སྟེང་ཁང་ལ་གོང་གནོན། བར་ཁང་དུ་ཀླུ་དཀྱིལ་འོག་ཁང་དུ་དཀར་མཛོད་སོགས། ཚད་དང་ལྡན་པར་བསྒྲུབ་པ་མཆོད་ཁང་ཆེན་མོའི་བར་སྐོར་གྱི་ནང་དུ་ཁང་སྟོང་སྔར་ནས་སྐུ་གསུང་ཐུགས་རྟེན་སོགས་སུས་ཀྱང་བཞུགས་སུ་མ་གསོལ་བ་ཀླུ་ཁང་རང་དུ་ཆེད་དམིགས་བཞག་པ་ལྟ་བུ་ཞིག་སྣང་བར་བཞུགས་སུ་གསོལ་དུས་ཐན་པ་ཤིན་ཏུ་ཚ་ཡང་ཆར་ཆེན་པོ་བློ་བུར་དུ་བབས། བསམ་ཡས་སུ་ཀུན་ཆེན་།།།རྒྱལ་བའི་ཡབ་རྗེ་མིའི་དབང་པོ་བསོད་ནམས་དར་རྒྱས་ཀྱི་ཐུགས་ཁུར་བཞེས་ཏེ་ཀླུའི་ཕོ་བྲང་དེ་འདྲ་བ་བསྐྲུན་

(༩༤༥)པ་གནང་ཡང་པེ་ཧར་ལྕོག་གི་ཡང་སྟེང་དུ་ཁང་པ་ལ་སོགས་བཅད་ཤིན་ཏུ་ལེགས་པ་དེ་མཁར་བཟོས་ལྟ་བུ་ཞིག་སྣང་བར་བཞུགས་སུ་གསོལ། དེའི་ཚེ་ཡང་ངོ་ཐོན་པའི་ཆར་རྒྱུན་འབེབས་པ་དང་། གནོད་སྦྱིན་ཆེན་པོ་ཙིའུ་དམར་པོའི་སྐུ་རྟེན་གཟི་ཅན་ཉིད་ཁོག་ཏུ་ཕེབས་ཤིང་གནོད་སྦྱིན་ཆེན་པོས་ཀྱང་ཤིན་ཏུ་ལེགས་པའི་མཐུན་འགྱུར་མཛད། ལྷ་སར་གཞུང་ས་ཆེན་མོ་ནས་ཁུར་བཞེས་གནང་སྟེ་ཀླུ་དཀྱིལ་གསར་བསྐྲུན་གནང་། ཀུན་མཁྱེན་།།།དྲུག་པ་ཆེན་པོ་ཚངས་དབྱངས་རྒྱ་མཚོས་ཀླུའི་ཕོ་བྲང་ཞེས་ཡོངས་སུ་གྲགས་པ་སྔོན་མེད་ཀྱི་བཀོད་པ་ཁྱད་པར་དུ་འཕགས་པ་ཆེད་དུ་བསྐྲུན་པར་མཛད་པ་ཡང་གཟི་ཅན་ཀླུའི་རྒྱལ་པོའི་ཕོ་བྲང་དུ་གནང་བར་ཐེ་ཚོམ་མི་འདུག་རུང་། སྐྱེ་བོ་བྱིངས་ནི་རང་དགར་དགོས་མེད་དུ་གནང་བ་འདྲ་མོར་འཛིན་པ་ལས་དེ་ལྟར་སེམས་

(༩༤༦)པ་མི་སྣང་ངོ་། །དེའི་ཕྱིར་ཀླུ་དཀྱིལ་གསར་བཟོས་རྣམས་དེ་ཉིད་དུ་གདན་དྲངས་ན་ལེགས་པར་གོ་སྟེ་བཞུགས་སུ་གསོལ་བ་ཡིན་ནོ། །ཀུན་མཁྱེན་།།།པདྨ་བཞད་པའི་རྡོ་རྗེས་མི་མཁྱེན་པའི་ཅི་ལ་སྲིད་ཀྱང་བདུད་རོལ་པོ་སྐྱ་གཅིག་སྔོན་བྱུང་ཀྱང་མྱང་གཏེར་མགོན་པོ་གཡུལ་བཟློག་ནས་འབྱུང་། ༈ བདུད་མགོན་ཆེན་པོ་རོང་ལྷ་རྒྱལ་མཚན་དུ་གྲགས་པ་བཅོམ་ལྡན་འདས་བདེ་མཆོག་ཧེ་རུ་ཀ་དང་། མྱུར་མཛད་མ་ཧཱ་ཀ་ལའི་རྣམ་འཕྲུལ་ཞིང་སྐྱོང་ཆེན་པོ་ཀུན་དགའ་གཞོན་ནུའི་བདུད་མགོན་ཆེན་པོ་སྐྲག་མེད་ཉི་ཤར་དང་གཅིག་པ་འདིའི་སྒོས་ཀྱི་མཛད་ཚུལ་གངས་ཅན་གྱི་ལྗོངས་འདིར་ཇི་ལྟར་སྣང་བ་ཡིག་སྙིང་ཁུངས་མ་ལས་བྱུང་བ་ནི། སྔོན་བསྐལ་པ་དང་པོར་ཡེ་མེད་སྟོང་པའི་ངང་ལས་སྲིད་པའི་བདུད་གཡག་འཇིགས་སུ་རུང་བ་ཞིག་བྱུང་བ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་བསྒྲལ་བ། དེའི་སྨིག་པ་ལས་

(༩༤༧)བདུད་རོལ་པ་སྐྱ་གཅིག་ཅེས་བྱ་བ་བྱུང་། དེའི་སྐྱེ་བ་རྗེས་མ་ཡུལ་རྫུན་སྟོད་ཅེས་བྱ་བ་ན་མཁར་རྫུན་མཁར་གྱི་ནང་ན། ཡབ་རྫུན་མཁར་ཕ་ལེགས་དང་། ཡུམ་འཕྱིང་གཟའ་བག་མ་གཉིས་བཤོས་པ་ལས་སྲས་རྫུན་བུ་སྤུན་བདུན་བྱུང་། འཕྱིང་ས་བག་མ་སྲིན་པོ་དང་བཤོས་པས་སྲིན་པོ་མགོ་དགུ་སྐྱེས། གདུག་རྩུབ་ཆེན་པོས་འཇིག་རྟེན་གྱི་ཁམས་རྣམས་བརླག་ལ་ཁད་དུ་གྱུར་པ། གསང་བའི་བདག་པོས། གཅོད་བྱེད་ཀྱི་རལ་གྲི་འབར་བས། སྲིན་པོའི་མགོ་བརྒྱད་བཅད་དེ་བསྡིགས་པས་སྲིན་པོ་ན་རེ། ཀྱེ་མ་གསང་བདག་སྡིག་པོ་ཆེ། །སྲིན་པོའི་རྩ་བ་མ་གཅོད་ཅིག །སངས་རྒྱས་བསྟན་པ་བདག་གིས་བསྲུང་། །དཀོན་མཆོག་དབུ་འཕང་བདག་གིས་བསྟོད། །གསང་བདག་ཁྱེད་ཀྱི་འབངས་སུ་མཆི། །ཞེས་ཞུས་ཏེ་སྐྱབས་སུ་གསོལ་བས། མགོ་གཅིག་མ་བཅད་

(༩༤༨)པར་བཞག་པས་བདུད་རོལ་པ་སྐྱ་གཅིག་ཏུ་གྲགས། ཡུལ་ཡ་།།།ཡ་གོན་དུ་མཁར་སྟེང་རི་འབར་བར་བྱོན། ལྷ་ཆོས་ཀྱི་རྒྱལ་པོ་ལ་ཡུལ་གྱི་སྐལ་བ་སློངས་པས་མ་བྱིན། ཡུལ་ཕུ་ལུང་ལུང་དཀར་དུ་བྱོན། བདུད་ཀྱི་རྒྱལ་པོ་རེ་ལྡེ་འགོང་གཡག་ལ་ཡུལ་གྱི་སྐལ་བ་སློངས་པས་གནང་སྟེ་བདུད་ཕོ་རྨིག་པ་རྟིང་ནག་ཏུ་བཏགས། ཨེ་རོང་སྲིན་པོ་མགོ་དགུར་ཕོ་བྲང་བཏབ་སྟེ་བཞུགས་པས་རྫོང་ལྷོན་པོར་གྲགས། ཡུམ་མ་གཅིག་རྫོང་སྨན་དཀར་མོ་དང་རོལ་བ་ལས་ཉི་ཟླ་རྒྱལ་མཚན་ལ་སོགས་པ་འཁྲུངས། རེ་ལྡེ་འགོང་གཡག་བཙན་བདུད་རོལ་པོ། ཁྱབ་པ་ལག་རིངས། ཐོམས་པ་བསེ་མཁར། སྐོས་རྗེ་བྲང་དཀར། སྐྲག་མེད་ཉི་ཤར། ཡབ་ནག་པོ། རྔམས་པ་ནག་པོ། མི་ཧྲེང་ནག་པོ། སྟག་གདོང་སྤྱན་གཅིག །དམར་ཆེན་སྟག་མགོ། ནག་པོ་འཛུམ་མེད་ལ་སོགས་པའི་སྲིད་པར་ཆེ་

(༩༤༩)བའི་བདུད་རིགས་ཐམས་ཅད་ཀྱིས་རྒྱལ་པོར་བསྐུར། ལྷ་སྲིན་སྡེ་བརྒྱད་ཀྱི་ཡང་རྗེ་དམ་པར་གྱུར། གསང་བའི་བདག་པོས་སྐྱེ་འགྲོའི་སྲོག་བདག་ཏུ་དབང་བསྐུར། བདུད་མགོན་ཆེན་པོ་ཏྲག་ཤད་ནག་པོ་ཞེས་བྱ་བར་མཚན་གསོལ་བདུད་ཡུལ་མུན་པའི་གླིང་དགུ། རྒྱ་གར་རྡོ་རྗེ་གདན། ལི་ཡུལ་ལྕང་ར་སྨུག་པོ། སྦས་ཡུལ་གངས་ཀྱི་ར་བ། གངས་ཏི་སེ། ལ་ཕྱི་ཆུ་དམར། ཙཱ་རི་གསར་སྙིང་ལ་སོགས་པའི་བསྟི་གནས་རྣམས་སུ་བཞུགས་ཏེ་སངས་རྒྱས་ཀྱི་བསྟན་པའི་བྱ་ར་མཛད་ཅིང་། ལེགས་ཉེས་ཀྱི་སྟངས་འཛིན། དམ་ཚིག་གི་རྗེས་གཅོད། དུས་ཕྱིས་འོད་གསལ་ལྷ་རིགས་ཀྱི་རྒྱལ་པོ་ཆེན་པོ་རྣམས་ཀྱི་སྐུའི་སྲུང་མ་མཛད། མཐུ་རྩལ་ཆེ་བའི་གྲགས་པས་ཁྱབ། །རྒྱལ་དབང་ཐམས་ཅད་མཁྱེན་པ་རིམ་བྱོན་རྣམས་ཀྱི་སྤྱན་སྔར་རང་གཟུགས་

(༩༥༠)བསྟན་ཏེ་དམ་ནོས། ཁྱད་པར་ཀུན་མཁྱེན་ཟ་ཧོར་བཞད་པ་རྫོང་མདུན་དུ་ཕེབས་དུས། ཆུ་བོ་གྱེན་དུ་འཁྱིལ་བ་སོགས་ངོ་མཚར་བའི་རྣམ་འགྱུར་བསྟན། འདིའི་བཀའ་སྡོད་བྲག་དམར་བར་གྲགས་པ་ནི་བཙན་བདུད་རོལ་པོ་བཞེས་པ་བཀའི་བློན་པོར་གྱུར་པ་དེ་ཡིན་ལ། བེག་ཙེ། ཇག་མེ། ཡང་ལེ་བེར་སོགས་དང་གཅིག་གོ །ཀུན་མཁྱེན་དྲུག་པ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོ་རི་སྒོ་དགའ་ལྡན་ལྷ་རྩེར་ཆིབས་བསྒྱུར་དུས། བདུད་མགོན་ཆེན་པོ་འདི་ཉིད་ཁོག་ཏུ་བཞུགས་པར་རལ་གྲི་རྣོ་ངར་རེག་གཅོད་ལྟག་ཚན་ཤིན་ཏུ་བཟང་བ་ཞིག་གནང་ནས་ཁུགས་ཤིག་པར་བཀའ་བསྒོས་པའི་ཚེ་དང་པོར་ལྕགས་ཀྱུ་ལྟ་བུ་ཞིག་ཏུ་བཀུག་ནས་ཁམས་གསུམ་འགུགས་པའི་ལྕགས་ཀྱུ་ཡིན་པས་འདི་ཙམ་གྱིས་འཐུས་པ་འདྲ་ཞུས་པར། ད་དུང་དེ་བས་ཁུགས་

(༩༥༡)པ་དགོས་ཚུལ་ཕེབས་པས་ཚིགས་མེད་དུ་བཀུག་པར་གློ་བུར་དུ་འཐོར་རླུང་དྲག་པོ་འཚུབ་ཅིང་འཁྱིལ་བའི་ཁྲོད་ནས། བྱ་རོག་ཕུར་ལྡིང་བྱེད་ཅིང་ངར་སྐད་སྒྲོགས་པ་སོགས་འཇིགས་ཟིལ་གྱི་ཆུ་འཕྲུལ་ཆེ་བ་དང་། ལུང་རྣམས་ཀྱང་འཁྲུལ་མེད་དུ་གསོལ་བས། སྟོན་འཁོར་ཚང་མ་ཐུགས་ཡིད་ཤིན་ཏུ་ཆེས་པར་གྱུར་ཅེས། དེ་དུས་ཀྱིས་འདུས་པ་རྣམས་གླེང་ངོ་། །བདུད་མགོན་མཆེད་གསུམ་གྱི་ནང་མཚན་བདུད་པོ་ཟུ་ར་ར་སྐྱེས་ནི་ཡབ་འཇམ་དཔལ་ནཱ་ག་རཀྴའི་ཁ་ནག་པོ་ཏི་པ་ཙའམ་སྲིན་པོ་རཀྵ་གློག་འཕྲེང་དང་ཡུམ་སྦལ་མགོ་ཁྲག་མིག་མའི་སྲས་སུ་བལྟམས་པ་ཟླ་གསང་དང་སྡིག་པ་འཕུང་བཤིག་གི་རྒྱུད་སོགས་ན་ག་རཀྴའི་རྒྱུད་སྐོར་རྣམས་སུ་གསུངས། རྒྱུད་དེར་ཉི་ཤར་དང་ཟུ་ར་ར་སྐྱེས་ལ་སྦྲུལ་གྱི་རྒྱུ་མ་དང་བགེགས་ཀྱི་རྒྱལ་པོ་ཞེས་བཤད་དོ། །འཕུང་བྱེད་ནོར་

(༩༥༢)བསྲུང་གི་རྒྱུད་ལས་རི་རབ་ཀྱི་བྱང་ངོས་དཔག་ཚད་བརྒྱད་ཁྲི་མར་འདས་པའི་ལྕགས་ཁང་སྒོ་མེད་ཀྱི་ནང་ན་ཡི་དྭགས་ཀྱི་གྲོང་ཁྱེར་བསམ་གྱིས་མི་ཁྱབ་པའི་དབུས་སུ་བདུད་ཀྱི་རྒྱལ་པོ་བྱེ་བ་གུང་རིངས་སམ་དགུ་རིངས་སུ་གྲགས་པའི་ཕོ་བྲང་དུ་ཡབ་དམུ་བེར་ཆེན་པོའམ་དམུ་བདུད་བྲང་དཀར་ཏེ་ཕྲིན་ལས་ཀྱི་རྒྱལ་པོ་དང་ཡུམ་བདུད་གཟའ་སྨིན་དཀར་མ་བཤོས་པ་ལས་བདུད་བློན་ཟུར་ར་ར་སྐྱེས་འཁོར་སུམ་བརྒྱ་དྲུག་ཅུ་དང་བཅས་པ་སྐྱེས་རྒྱལ་བློན་ཐམས་ཅད་གཅེར་བུ་ལུས་ལ་སྦྲུལ་གྱིས་བརྒྱན་ཏེ་མ་ཧེ་ཞོན་ནས་ཕྱོགས་བཅུར་རྒྱུག་ཅིང་སྐྱེ་འགྲོ་སེམས་ཅན་ཐམས་ཅད་ལ་གནོད་ཅིང་འཚེ་བར་བགྱིས་ཏེ་འཇིག་རྟེན་གྱི་ཁམས་སྟོངས་ལ་ཁད་ལ་ཐུག་གོ །དེའི་ཚེ་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་དྲག་པོའི་སྐུར་བཞེངས་ཏེ་ལྕགས་མཁར་གྱིས་བརྫིས་ནས། ཡ་།།།ཀ་ཧཱུཾ་ཧཱུཾ་ཧཱུཾ། ཞེས་གསུངས་པས་བདུད་འཁོར་དང་བཅས་པ་

(༩༥༣)རྒྱལ་པོ། སླར་ཡང་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཧྲཱི ཞེས་གསུངས་པས་བརྒྱལ་བ་སངས་ཏེ། ཨེ་མ་ཧོ། དཔའ་བོ་ཆེན་པོ་ལགས། བདག་ཅག་རྣམས་ནི་འབངས་སུ་མཆི། །སྲོག་གི་སྙིང་པོ་ཁྱེད་ལ་འབུལ། །དཔའ་བོའི་བསྟན་པ་ང་རང་བསྲུང་། །ཞེས་སོགས་ཀྱི་སྒོ་ནས་སྲོག་གི་སྙིང་པོ་སྒྲུབ་ཐབས་དང་བཅས་པ་མདོངས་གསོལ་དུ་ཕུལ་བར་གསུངས། ཚེ་བདག་ལྕགས་སྡིག་གི་ལོ་རྒྱུས་ལས། སྔོན་འདས་པའི་དུས་ན་ལྷོ་ཕྱོགས་འཇིག་རྟེན་གྱི་ཁམས་ན། གཤིན་རྗེའི་ཡུལ་རྨེ་ནག་བྱ་བའི་ཡུལ་ན། གཤིན་རྗེའི་བླ་མཚོ་གཏིལ་ཁོལ་བྱ་བ། གཏིང་ཟབ་ལ་འཇིགས་པའི་ནང་དུ་དུག་ཤིང་ནག་པོ་རག་ཕུང་ཞེས་བྱ་བ། རབ་ཏུ་འཇིགས་པ་ཡ་ང་བ་ཀུན་སྐྲག་པའི་སྡོང་པོ་སྲིད་རྩེར་བསྙེགས་ཅིག་སྐྱེས་སོ། །དུག་ཤིང་ནག་པོ་དེའི་ཁ་ན། བདུད་

(༩༥༤)ཡུལ་མུན་པའི་གླིང་ཞེས་བྱ་བའི་ཁང་གཅིག་གི་ནང་དུ། །།།གཤིན་རྗེ་ནག་པོ་ཁ་གདངས་རཀྴ་གློག་འཕྲེང་ངམ་གློག་གི་འཕྲེང་བ་ཅན་ཞེས་བྱ་བ་གནས་སོ། །དུག་ཤིང་དེའི་རྩ་བ་རྒྱ་མཚོ་དུག་བོད་ཀྱི་གུར་ཞེས་བྱ་བའི་ནང་ན། བདུད་མོ་ཁྲག་གི་རལ་པ་ཅན་ཞེས་བྱ་བ་གནས་སོ། །གཤིན་རྗེ་ཕུ་མོ་དེ་གཉིས་ཀྱིས་སྲིད་པ་གསུམ་ནི་ལྟོ་ལ་ཟ་ཞིང་ཁམས་གསུམ་ལ་དབང་བསྐུར་ཏེ་འགྲན་ཟླ་མེད་པར་གྱུར་ནས། སོ་སོ་ནས་གཉིས་ཀ་འདོད་ཆགས་ཀྱིས་གསུངས་ནས་འདུག་པ་ལ། བདུད་ཀྱི་བདུད་མོ་ལ་གསོལ་པ། །།། སྲིད་པ་གསུམ་ན་རང་རེ་གཉིས་ལ་འགྲན་ཟླ་བ་མེད། ཁྱོད་ལ་འཁྲིག་པ་སྤྱད་ན་མི་རུང་ངམ་ཡིད་ཀྱི་གསོལ་པས། བདུད་མོ་ན་རེ། འོ་སྐོལ་གཉིས་ནི་གདུག་པ་ཆེ་ཞིང་ཉོན་མོངས་རགས་པས། ནུས་པའི་མཐུས། བུ་ཚ་བྱུང་ན་འཇིག་རྟེན་འཕུང་བར་འགྱུར་བས། ཆགས་པ་

(༩༥༥)སྤྱོད་མི་རུང་སྨྲས་པས། བདུད་ཀྱི་མ་ཉན་པར་ཡིད་ཀྱི་སྦྱོར་བ་བྱས་པས་ཟླ་བ་གསུམ་ན་བུ་གསུམ་སྐྱེས་སོ། །ཕ་མ་གཉིས་ཀྱི་རྩར་བཞག་པས་མ་ཐུབ་སྟེ། ཉིན་གཅིག་ལ་སྤྲུལ་པ་གསུམ་བྱས་ཏེ། དུག་གི་སྡིག་པ་ནག་པོ་དང་། བསིའི་སྡིག་པ་དམར་པོ་དང་། ལྕགས་ཀྱི་སྡིག་པ་སྔོན་པོ་གསུམ་དུ་སྤྲུལ་ནས་སོང་བ་ལ། ཕ་མ་གཉིས་ཀྱི་མགྲིན་གཅིག་ཏུ་སྨྲས་པ། ངེད་ཕ་མ་གཉིས་ཀྱི་སར་མི་སྡོད་ན་རྒྱལ་བ་རྡོ་རྗེ་འཆང་སྐུ་ཁྲོས་ཏེ་གདུག་པ་ཅན་ཁྱེད་གསུམ་གཟིལ་གྱིས་མནོན་པར་ཤོག་ཅིག་ཅེས་སྨྲས་སོ། །དེ་ནས་འཆི་བདག་གཤིན་རྗེ་བུ་གསུམ་གྱི་གདུག་པའི་སྟོབས་ཀྱིས་སྲིད་གསུམ་འཕུང་བར་བྱེད་ཅིང་། འཇིག་རྟེན་གྱི་ཁམས་འུར་འུར་ཆེམ་ཆེམ་གཡོས་ཏེ། གནམ་ས་ཀུན་འབྱར་ལ་ཁད་པ་previous hit དང་། རྩ་ཤིང་ནགས་ཚལ next hit

(༩༥༦)ཡང་སྐམས་སོ། །གནམ་ནས་ཉི་ཟླ་གཉིས་ཀྱང་འཆི་བ་དང་། བར་སྣང་དུ་ཐོག་སེར་གློག་ཀྱང་འབྱུང་བར་བྱའོ། །ས་ལ་རླུང་དམར་དང་མེ་འབར་བར་བྱེད་ཅིང་། །རྒྱ་མཚོ་འཁོལ་བ། རི་རབ་ཉིལ་བ། མཛེ་དང་ནད་རིགས་སྣ་ཚོགས་འབྱུང་བར་བྱེད་དོ། །སེམས་ཅན་སྡུག་བསྔལ་ཆེན་པོར་གྱུར་ཞིང་སྨྲེ་སྔགས་འདོན་ཞིང་མཆི་མ་ཕྱུང་ངོ་། །དེ་ནས་ཐུགས་རྗེ་དང་ལྡན་པ་རྣམས་ཀྱིས་བཀའ་བགྲོས་ལ། གང་གིས་འདུལ་ཐུགས་དགོངས་པ་ལ། རྒྱལ་བ་རྡོ་རྗེ་འཆང་ཆེན་པོས་འདུལ་བར་དགོངས་ཏེ། ཞི་བའི་སྐུ་ལས་ཁྲོ་བོར་བཞེངས་ཏེ་ཞལ་ནས་རྔམས་པའི་ང་རོ། ཨེ་ཧ་ར་ཧུར་ཐུམས་ཛ་ཞེས་གྲགས་ནས་འཆི་བདག་སྤུན་གསུམ་བདུན་དུ་བྱུང་ངོ་། །དེ་ནས་དམ་ལ་བཏགས་ཏེ་སྨྲས་པ། བུ་ཆེ་བའི་ཞལ་ནས། མནན་པས་ཨ་ཤི། བདག་འཆི་བདག་ རྒྱལ་བས་གསང་མཚན་འཆི་དག་ཅེས་བྱ་བར་བཏགས་སོ། །རང་ཉིད་སྐུ་མདོག་ནག་པོ་ཕྱག་

(༩༥༧)ན་རལ་གྲི་ཁ་གདངས་དང་། ལྕགས་ཀྱི་རི་རབ་ཐོགས་ནས་ཀླུ་བདུད་ཀུན་ལ་དབང་བསྒྱུར་ཏེ། ནག་པོ་མགོ་དགུ་བྲན་དུ་འཁོལ་བ་དང་། གང་ལ་བྱ་བའི་ལས་དུག་སྡིག་ནག་པོའི་སྟོབས་ཀྱིས་མནན་པ་ཕྲིན་ལས་བྱེད་པར་ཁས་བླངས་སོ། །འབྲིང་པོས་འདི་སྐད་དོ། །བདག་ནི་སྐུ་མདོག་དམར་པོ་རབ་ཏུ་ཁྲོས་པ། ཕྱག་ན་ལྕགས་ཀྱི་ཕུར་པ་ཐོགས་ཏེ་གནོད་སྦྱིན་རྣམས་ལ་དབང་བསྒྱུར་ཏེ། བདུད་བཙན་མང་པོ་བྲན་དུ་འཁོལ་ སྲོག་།།། བ་ གང་ལ་བྱ་བའི་ བཤིག་པ་ལ་ནི་ ཕྲིན་ལས་བསེའི་སྡིག་པས་འཇིགས་པར་བྱེད་ཅིང་ལས་བསྒྲུབ་པར་ཁས་བླངས་སོ། །ཐ་ཆུང་གིས་འདི་སྐད་དོ། །བདག་ནི་རྔམས་ནག་མི་བསྲུན་རོའི་དུད་པ་འདྲ། ཕྱག་ན་བེ་ཅོན་གཏུན་ཤིང་བཤན་པ་སྟོང་ལ་དབང་བསྒྱུར་བ། གཟའ་བདུད་གདུག་པ་བྲན་དུ་འཁོ་བ། ལྕགས་ཀྱི་སྡིག་པ་ནག་པོས་ བསད་པ་ཤིས་ལ་ སྲོག་ལུས་འབྲལ་

(༩༥༨)བར་བྱེད་པ། ཕྲིན་ལས་ལུས་སྲོག་གཅོད་པ་དང་། སེར་བ་གཏོང་བར་ཁས་བླངས་སོ། །དེ་ནས་ཕྱག་རྒྱ་ཆེན་པོ་རྔམས་པའི་སྐུས་སྲོག་གི་སྙིང་པོ་ཕྲོགས་ཏེ། བཀའི་བསྟན་པ་བསྲུང་བའི་ཕྱིར། དཀྱིལ་འཁོར་ཡོངས་རྫོགས་ཆེན་པོར་སྤྲུལ་པ་དང་། ཕོ་ཉ་དང་། ལས་མཁན་དུ་དབུ་མར་ཏེ། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། བསྟན་པ་གཉན་པོ་བཤིག་པ་དང་། །རྣལ་འབྱོར་སྐུ་ལ་འཚེ་བ་དང་། །བསྲུང་བཟློག་དམ་ཚིག་ཉམས་པ་ཡི། །ངག་གཤེད་མ་བྱེད་པར་ཁས་བླངས་སོ། །ཞེས་གསུངས་པ་ཡང་དོན་དུ་བདུད་མགོན་མཆེད་གསུམ་རང་ཡིན་ཞིང་། འོན་ཀྱང་རྣམ་འགྱུར་འདིའི་དང་པོ་མནན་པའི་ལས་ལ་ཤིས་པར་གསུངས་པ་ནི་དེང་སང་མནན་པའི་ངག་འདོན་དུ། བདག་ཉིད་ལས་ཀྱི་གཤིན་རྗེར་གསལ་བ་ཡིས། ཕྱག་གཡས་རལ་དྲི་བསྣུན་པས་ས་གཞི་གས། །མཐའ་ཡི་རྒྱ་མཚོ་སྔོ་མེར་གསལ་བར་གྱུར། དེ་དབུས་ཀླུ་བདུད་ནག་པོ་ཏི་པ་ཙ། ཆུ་སྲིན་འབར་

(༩༥༩)བའི་གདོང་ཅན་ཡར་ལ་བཞེངས། །།།དངས་གནམ་སར་བགྲད་ཅིང་ལྗགས་གློག་འཁྱུག །ཚེམས་དང་མཆེ་བ་གངས་རི་ལྟ་བུར་བརྩིགས། སྤྱན་གཉིས་ཉི་མ་ཟླ་བ་བཞིན་དུ་གསལ། སྦྲུལ་ནག་ནད་རྐྱལ་འཛིན་ཁྱོད་ཞལ་ཕྱེ་ཞིག །ཅེས་བརྗོད་ནས་མནན་ཆས་ཀླུ་བདུད་ཀྱི་ཁ་ནང་དུ་འདེབས་དགོས་པར་གསུངས་པ་དེ་ཡིན་ལ། སྙོན་ཁ་དང་ནཱ་ག་རཀྴ་རང་ཡིན་ནོ། །གསང་བདག་ལས་ཀྱི་རྡོ་རྗེའི་སྙན་བརྒྱུད་ཀྱི་ནང་དུ། འདི་ལ་བརྟེན་པའི་གཏད་འདོན་ཀྱང་གསུངས་ནས་ཡོད། བར་པ་ནི་བེག་རྩེ་དང་གཅིག་ཅིང་སྐུ་མདོག་དམར་པོར་ཡང་གྲགས། བདུད་རྒྱལ་ཐོད་པའི་ཕྲེང་བ་ཅན་གྱི་གསང་རྒྱུད་ལས། གྲུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས་བདུད་ཀྱི་རྒྱལ་པོ་གཤེགས་སུ་གསོལ། ཡཀྴ་འབར་བ་གཤེགས་སུ་གསོལ། །ཞེས་གསུངས་ཤིང་། རྒྱལ་གསོལ་ཕྲིན་ལས་དོན་བཅུ་མ་ལས། གྲུམ་

(༩༦༠)མཐིང་ནག་ཀློང་དཀྱིལ་ནས༔ སྤུ་གྲི་འབར་བ་སྐུ་བཞེངས་ཤིག༔ ཅེས་གསུངས་པ་ཡང་འདིའོ། །གོང་གི་རྒྱུད་ལས། བདུད་རྒྱལ་ཐོད་པའི་ཕྲེང་བ་ཅན། །སྐུ་ནི་མཐིང་ནག་ཆེན་པོ་ལ། །ཆིབས་སུ་བདུད་རྟ་ནག་པོ་ཆིབས། །ཞེས་སོགས་ཀྱི་མཇུག་ཏུ། སྲིད་བྱེད་རྡོ་རྗེ་རེ་མ་ཏི༔ མིང་སྲིང་གཉིས་ཀྱི་དམ་བཅས་པ། །ཞེས་གསུངས་པས་མ་མགོན་ལྕམ་དྲལ་རང་ཡིན་ནོ། །ཡང་། དེ་ཡི་ཐུགས་ཀྱི་སྤྲུལ་པ་ལས། །བཀའ་ཉན་ཕོ་ཉའི་ཚོགས་ཆེན་ནི། །ཞེས་བཤད་ནས། སྟེང་དུ་བདུད་རྒྱལ་ཁྲོ་བདག་འབར་བ། ཤར་དུ་མ་ཧཱ་ཁྲོ་བདག །ཤར་ལྷོར་རེ་ལྡེ་ཉག་རྗེ། འདི་ལ་རེ་ལྡེ་འགོང་གཡག་ཀྱང་ཟེར། དཔལ་ལྡན་དམག་ཟོར་རྒྱལ་མོའི་ཡབ་ཡིན། ལྷོར་ཁྲམ་བདག་ཐོད་རྗེ། ལྷོ་ནུབ་ཏུ་དམུ་བདུད་བྲང་དཀར། ནུབ་ཏུ་བདུད་རྒྱལ་ཚངས་པ། ནུབ་བྱང་དུ་ཏིང་རི་མགོ་བཏོན། བྱང་དུ་ཁྲོ་རྗེ་རུ་རྒྱལ་

(༩༦༡)བྱང་ཤར་དུ་སྤྱི་བདུད་ཡམ་པ་ཁྲོམ་རེ། འདི་ཞང་བློན་རྡོ་རྗེ་བདུད་འདུལ་ཡིན། འོག་ཏུ་སྐུ་མདོག་ནག་པོ་རྣམས་བཞུགས་པ་ལས་ལ་བསྐུལ་ཚུལ་གསུངས་པས་ཐམས་ཅད་རྒྱུད་གཅིག་ཏུ་ཤེས་པར་བྱའོ། ༈ །དགེ་བསྙེན་སྙོན་ཁ་ནག་པོ་ནི། གནོད་སྦྱིན་ཧ་ལ་འབར་བའི་རྒྱུད་ལས། སྔོན་གྱི་དུས་ན་རི་བོ་མན་ལ་ཡ་གནམ་ལྕགས་འབར་བར། གནོད་སྦྱིན་ཐམས་ཅད་ཀྱི་རྒྱལ་པོ་ཡཀྵ་འབར་བྱེད་ཅེས་བྱ་བ་རྫུ་འཕྲུལ་དང་མཐུ་སྟོབས་ཆེ་ཞིང་ཞེ་སྡང་འབར་བ་ཞིག་དང་། དུག་མཚོ་ཁོལ་བའི་ནང་དུ་ཀླུ་མོ་མིག་གཅིག་མ་ཞེས་བྱ་བའམ། ཀླུའི་སྲིན་མོ་དམར་མོ་སྙིང་འཕྲོག་མ་ཞེས་བྱ་བ་མཐུ་དང་རྫུ་འཕྲུལ་ཆེ་བ། འདོད་ཆགས་ཆུ་ལྟར་འཁྲུག་པ་ཞིག་མཆིས་པ་ལས། ཐེངས་གཅིག་གནོད་སྦྱིན་འདོད་ཆགས་ཤིན་ཏུ་གཡོས་ཏེ། གནོད་སྦྱིན་རྐང་པ་བརྒྱད་པ་ཞེས་བྱ་བ་ཤིན་ཏུ་མགྱོགས་པ་ཞིག་མཆིས་པ་དེ་

(༩༦༢)ཀླུ་སྲིན་མོའི་འཁྲིས་སུ་བང་ཆེན་ལ་བརྫངས་ནས། འཇིག་རྟེན་འདི་ན་འུ་ཅག་གཉིས་ལས་མཐུ་དང་རྫུ་འཕྲུལ་ཆེ་བ་མེད་ན་ངེད་རང་གཉིས་འཁྲིག་པ་སྤྱད་པར་བྱའོ། །ཞེས་ཕྲིན་ལས་བསྐུར་བས། དེ་ན་རེ། འུ་ཅག་གཉིས་ལས་འདོད་ཆགས་དང་ཞེ་སྡང་ཆེ་བ་དང་གདུག་རྩུབ་དང་རྫུ་འཕྲུལ་ཆེ་བ་འཇིག་རྟེན་འདི་ན་གཞན་མེད་པས་སྦྱོར་བ་བྱས་ནས་ཕྲུག་གུ་སྐྱེས་ན་སྐྱེ་འགྲོ་ཐམས་ཅད་ཟ་བའི་བུ་གཅིག་འོང་བ་དང་། ངེད་རང་གཉིས་སྐད་ཅིག་ཀྱང་འཕྲད་པའི་ཐབས་མེད་དོ། །ཞེས་ལན་བདུན་གྱི་བར་དུ་ལྡོག་པས་ཡཀྴ་འབར་བྱེད་འདོད་ཆགས་ཤིན་ཏུ་སྐྱེས་ཏེ་སྐད་ཅིག་གིས་དེའི་གནས་སུ་ཕྱིན་ནས་དུག་མཚོ་འཁོལ་མའི་ལྷོ་ཕྱོགས་ཀྱི་འགྲམ་དུ་ཉིན་ཞག་གསུམ་གྱི་བར་དུ་འཁྲིག་པ་སྤྱད་དོ། །ཟླ་བ་བདུན་སོང་ཙ་ན་ཀླུ་མོའི་མངལ་ནས་ལྕགས་ཀྱི་སྒོ་ང་ཁ་མིག་དགུ་པ་ཞིག་སྐྱེས་སོ། །སྐྱེས་མ་ཐག་ཏུ་ནམ་མཁའི་མཐོངས་སུ་མཆོངས། ས་རིམ་

(༩༦༣)ས་དགུའི་འོག་ཏུ་འཛུལ། མི་སྡུག་པའི་སྐད་བསྒྲགས་པས་སེམས་ཅན་ཐམས་ཅད་འཇིགས་ཤིང་སྐྲག་པར་གྱུར་ཏོ། །དེར་ཀླུ་མོས་གནོད་སྦྱིན་ལ་སྨྲས་པ། འུ་ཅག་གཉིས་ཀྱི་ཕྲུ་གུ་འདི་མ་བསྒྲལ་ན་སྲིད་པ་སྟོང་པར་བྱེད་པས་ཐམས་ཅད་འཕུང་བར་འགྱུར་ཏ་རེ། ཞེས་སྨྲས་པས། གནོད་སྦྱིན་ན་རེ། འུ་ཅག་གཉིས་ཀྱི་འདི་འདུལ་བར་མི་ནུས་པས་རི་བོ་མ་ལ་ཡའི་གནམ་ལྕགས་འབར་བའི་ཡང་།།།ཐོག་ན། དཔལ་ཕྱག་ན་རྡོ་རྗེ་བཞུགས་པས་དེ་ལ་ཞུས་ཏེ་འདུལ་བར་བྱའོ། །ཞེས་སྨྲས་ནས། སྒོ་ང་དེ་ལྕགས་ཐག་གིས་བཅིངས་ནས་ཁྱེར་ཏེ། ཕྱག་ན་རྡོ་རྗེའི་སྐུ་མདུན་དུ་ཕྱིན་ཕྱག་དང་བསྐོར་བ་བགྱིས་ཏེ་ལོ་རྒྱུས་གསོལ་ནས་འདུལ་བར་གསོལ་བ་བཏབ་པས། སྒོ་ང་དེ་འཕར་ཞིང་འདར་ལ་སྐད་སྣ་ཚོགས་འབྱིན་པར་བྱེད་དོ། །གསང་བའི་བདག་པོས་གནོད་སྦྱིན་གདུག་པ་ཅན་འདུལ་

(༩༦༤)བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ་། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཅེས་སྒོ་ང་ལ་བརྒྱབ་པས་བཀས་པའི་ནང་ནས་རོ་སྟོད་སྲིན་པོའི་གཟུགས་ཅན་སྡིག་པ་མགོ་དགུ་པ་རྭ་བཅོ་བརྒྱད་པ་ཁ་གདངས་ཤིང་མཆེ་བ་གཙིགས་པ། མིག་དང་སྣ་ནས་ནད་སྣ་ཚོགས་འཐུལ་བ། རོ་སྨད་སྦྲུལ་འཇུག་ཏུ་འཁྱིལ་བ། ལག་པ་བཅོ་བརྒྱད་པ་མཚོན་ཆ་སྣ་ཚོགས་ཐོགས་པ། མཱ་ར་ཡ་ཞེས་པའི་སྒྲ་སྒྲོག་པ་ཞིག་བྱུང་། སྒོ་ང་དེའི་སྤྲི་མ་ལས་སྣང་སྲིད་ཀྱི་དྲེགས་པ་སྡེ་བརྒྱད་བྱུང་བ་ཐམས་ཅད་འདར་ཞིང་བརྒྱལ་ལོ། །རྒྱལ་སངས་ནས་མགྲིན་གཅིག་ཏུ་གསང་བའི་བདག་པོར་ཕྱག་བགྱིས་ཏེ། ཀྱཻ བཅོམ་ལྡན་འདས་དྲག་པོ་མཐུ་བོ་ཆེ། ཁྱེད་ཀྱི་འབངས་སུ་བདག་མཆིའོ། །འབངས་ལ་ཐུགས་རྗེ་མ་ཆུང་ཞིག །དམ་ཚིག་འཚལ་དང་ནན་ཏན་མཛོད། །ཅེས་ཞུས་པས། གསང་བའི་བདག་པོས་དབང་བསྐུར་རྡོ་རྗེ་

(༩༦༥)ལག་ཏུ་གཏད་དེ། མིང་རྡོ་རྗེ་གནོད་།།།ཧ་ལ་འབར་བ་ཞེས་བཏགས་སོ། །དེའི་ཚེ་གནོད་སྦྱིན་འཁོར་བཅས་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་ཏེ། བཅོམ་ལྡན་གསང་བའི་བདག་པོར་བསྟོད་པས། གསང་བདག་གིས། ཁྱོད་ནི་གཟའ་བདག་སྒྲ་གཅན་འཛིན། དབང་ཕྱུག་ཆེན་པོ་ཞེས་ཀྱང་གྲགས། །དུག་ཆེན་འབར་བའི་མིང་ཅན་ཁྱོད། །ཅེས་སོགས་ཀྱི་བསྟོད་པ་ཡང་མཛད་དོ། །གཏེར་བྱོན་གྱི་སྙོན་ཁའི་གསོལ་ཁ་ཁུངས་མ་ལས་ཀྱང་། ཧཱུཾ ཡང་གཅིག་བརྫུས་ཤིང་སྤྲུལ་བའི་ཚེ༔ གཉན་བདུད་སྡིག་པའི་མགོ་བོ་ཅན༔ ཁྱོད་ཀྱི་རྭ་རུ་གཡས་པ་ལ༔ གཉན་གྱི་མེ་འབར་ལྷབས་སེ་ལྷབ༔ ཁྱོད་ཀྱི་རྭ་རུ་གཡོན་པ་ལ༔ གཉན་གྱི་ཆུ་བུར་ཐོལ་ལོ་ལོ༔ དཔྲལ་བའི་དཀྱིལ་ནས་མིག་གཅིག་པོ༔ བདུད་པོ་མིག་གཅིག་ཕྲིན་ལས་

(༩༦༦)མཛོད༔ བདུད་ནག་མེ་ཡི་ཁ་རླངས་ཅན༔ རཀྵ་ནག་པོ་གློག་འཕྲེང་ཅན༔ སྦལ་མགོ་ཁྲག་གི་མིག་དགུ་ཅན༔ ཞེས་གསུངས་པས་ཀྱང་ཤེས་སོ། །ཀླུའི་འཁོར་ལོ་ནག་པོ་ཕྲིན་ལས་ཡོངས་རྫོགས་ཀྱི་རྒྱུད་ལས། དུག་ལྔ་ལས་བྱུང་འཆི་བདག་ཚོགས༔ ཆོས་ཀྱི་དབྱངས་ཉིད་ལྷུན་གྲུབ་པས༔ ཡེ་ཤེས་རྩལ་གྱི་བྱེ་བྲག་ཤར༔ ཞེ་སྡང་ནག་པོ་ཏི་པ་ཙ༔ འདོད་ཆགས་ཀླུ་མོ་ཁྲག་མིག་མ༔ ང་རྒྱལ་བགེགས་ཀྱི་གླང་པོ་སྟེ༔ གཏི་མུག་ནག་པོ་འཛུམ་མེད་ཡིན༔ ཕྲག་དོག་སྦྲུལ་གྱི་སྒྱུ་མ་ཅན༔ ཡུམ་ དུག་ལྔའི་རང་བཞིན་སྐུ་ལྔ་སྟེ༔ ནཱ་ག་ཚོགས་ཀྱི་བདག་པོ་ཡིན༔ སྲས། སྲས། ཞེས་གསུངས་པ་ལྟར་མ་དག་པའི་གནས་སྐབས་སུ་འགྲོ་བའི་རྒྱུད་ཀྱི་དུག་ལྔ་སྟེ། དེའི་མདངས་ལས་ཤར་བའི་ཏི་པ་ཙ། ཁྲག་མིག་མ་བགེགས་ཀྱི་གླང་པོ། ནག་པོ་འཛུམ་མེད། སྦྲུལ་གྱི་སྒྱུ་

(༩༦༧)མ་སོགས་གདོན་གཟུགས་ཀྱི་ཀླུ་རིགས་ལྔ་ཤར་ཏེ་གནོད་ཅིང་འཚེ་བར་བྱེད་པ། མ་དག་པ་དག་པའི་གནས་སྐབས་སུ་རིགས་ལྔའམ་སྐུ་ལྔར་མངོན་བྱང་ཆུབ་སྟེ་འགྲོ་བའི་དོན་མཛད་པའི་ཕྱིར་ན་འཁོར་འདས་ཐམས་ཅད་ལ་ཁྱབ་ཅིང་བརྡལ་བ་འོད་གསལ་བྱང་ཆུབ་ཀྱི་སེམས་སམ་བདེ་བར་གཤེགས་པའི་སྙིང་པོའི་རང་བཞིན་ཅན་ཏེ། ཇི་སྐད་དུ། རང་སེམས་ངོ་བོ་ཀླུ་སྲིན་མགོ་དགུ་པ། །ངོས་བཟུང་མེད་པ་ཀླུ་མོ་ནག་མོ་གསུམ། །གཉིས་མེད་བདེ་བ་ཆེན་པོར་གསལ་བ་སྲས། །དེ་གསུམ་དབྱེར་མེད་ཆོས་ཉིད་མུན་པོ་ཡིན། །མ་རིག་འཁྲུལ་ངོར་ཀླུ་གཉན་ས་བདག་ཤར། །གཉེན་པོར་འཇམ་དཔལ་ཀླུ་བདུད་གཟུགས་སྣང་བ། །རྟོགས་ན་ཡབ་ནི་བདེ་བའི་ཡེ་ཤེས་ཏེ། །ཡུམ་ཆེན་ཀླུ་མོ་སྣང་བ་ཆོས་ཀྱི་དབྱིངས། །ཐིག་ལེ་ཉག་གཅིག་ཀློང་དུ་རྫོགས་པའི་སྲས། །འཁོར་སྲོག་གཤེད་

(༩༦༨)གསུམ་བདེ་བ་ཆེན་པོའོ། །ཞེས་གསུངས་པ་ལྟར་རོ། །འོ་ན། རྟོག་ན་རང་རིག་པའི་ཡེ་ཤེས་ཀུན་ཏུ་བཟང་པོའམ་འཇམ་དཔལ་རྡོ་རྗེ་སྲིན་པོ། མ་རྟོགས་ན་དུག་གསུམ་ལས་ཀྱི་བཤན་པ་ཀླུ་བདུད་མགོ་དགུ་པ། ཞེས་གླེང་བ་མི་འཐད་དེ། གཞི་གཅིག་གི་སྟེང་ནས་མ་རྟོགས་ན་རྟ་ཡིན་རྟོགས་ན་དྲེལ་ཡིན་ཞེས་པ་ལྟ་བུར་འགྱུར་བས། དྲེལ་ཡིན་ན་དྲེལ་ཡིན་པར་ཤེས་ལ་མ་ལྟོས་པའི་རང་གྲུབ་ཙམ་ནས་དྲེལ་ཡིན་དགོས། དེ་ཡིན་ན་མ་རྟོགས། མ་རྟོགས་པའི་དུས་སུ་རྟ་དང་རྟོགས་དང་དྲེལ་ཡིན་པའི་འབྲེལ་མེད་པའི་ཕྱིར་ན་རིག་པ་དེ་དང་མཚུངས་པས་ལན་གདབ་དགོས་སོ། །ཞེ་ན། འདི་ལ་འགལ་བའི་སྐྱོན་མེད་དེ། ཇི་སྐད་དུ། འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་དུ་ནི་འབྱུང་མ་ཡིན། །དེ་ཡི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །ཞེས་པ་དང་། སེམས་གང་གིས་བྱ་བྱིས་པ་

(༩༦༩)རྣམས། འཁོར་བའི་འཆིངས་བས་བཅིངས་བྱེད་པ། སེམས་དེ་ཉིད་ཀྱིས་རྣལ་འབྱོར་པ། བདེ་གཤེགས་གནས་སུ་འགྲོ་བར་འགྱུར། ཞེས་ཤིན་ཏུ་ཕྲ་བའི་འཆི་བདག་འོད་གསལ་གྱི་རླུང་སེམས་ཐབས་མཁས་ཀྱིས་མ་ཟིན་པ་རྣམས་ལ་འཁོར་བའི་རྩ་བ་བྱེད་ཅིང་། ཟིན་པ་རྣམས་ལ་དེ་ཉིད་ཀྱིས་སྐུ་གསུང་ཐུགས་རྡོ་རྗེའི་སྒྲུབ་གཞི་བགྱིས་ཏེ་མཆོག་གི་དངོས་གྲུབ་ལ་སྦྱོར་བ་བྱེད་པར་གསུངས་པ་བཞིན་འཇམ་དཔལ་རྡོ་རྗེ་སྲིན་པོའི་ཡེ་ཤེས་གཅིག་པུ་ཉིད་དག་མ་དག་གཉིས་ཀར་ཁས་ལེན་པ་མ་ཡིན་ཀྱང་། རང་རྒྱུད་ཀྱི་ཤིན་ཏུ་ཕྲ་བ་མི་ཤིག་པའི་སེམས་ཉིད་སྦྱངས་པ་དང་མ་སྦྱངས་པའི་ཁྱད་པར་གྱིས་མ་དག་པ་ཀླུ་བདུད་ཀྱི་རྣམ་པ་དང་། དག་པ་འཇམ་དཔལ་གྱི་རྡོ་རྗེ་སྐུའི་དཀྱིལ་འཁོར་གྱི་རྣམ་པར་འཆར་བའི་དོན་ཡིན་ལ། མདོར་ཧྲིལ་གྱི་དྲིལ་ན། ཕྱི་རོལ་དུ་སྣང་བའི་འཁོར་འདས་ཀྱི་སྣང་ཆ་ཐམས་ཅད་རང་སེམས་ཀྱི་ཆོ་

(༩༧༠)འཕྲུལ་ཉག་གཅིག་ལས་ཤར་བ་སྟེ། རང་གི་རྟོག་ཚོགས་ལས་ཤར་བའི་སྣང་སྲིད་ཀྱི་དྲེགས་པ་ཐམས་ཅད་སྣང་སྟོང་གི་ཆ་ལས་ཕོ་རྒྱུད་མོ་རྒྱུས་གཉིས་སུ་འདུས་ཤིང་། དེ་ཡང་གཉིས་མེད་མ་ནིང་ནག་པོ་སྟེ་མ་དག་པ་འཁོར་བའི་དུས་སུ་བདག་འཛིན་གྱི་རྣམ་པར་འཆར་བ་དང་། དག་པ་མྱ་ངན་ལས་འདས་པའི་སྐབས་སུ་རང་རིག་པའི་ཡེ་ཤེས་སུ་རོལ་བར། འཇིག་རྟེན་ཁམས་ཀྱི་དྲེགས་པ་རྣམས། །རང་གི་རྟོགས་ཚོགས་ཁོ་ན་སྟེ། །ཕོ་མོ་སྟོང་གི་དྲ་བར་འདུས། །ཕོ་རྒྱུད་མོ་རྒྱུད་ཐམས་ཅད་ཀྱང་། །གཉིས་མེད་མ་ནིང་ནག་པོ་སྟེ། །ཀུན་གྱི་མི་ཐུབ་ངར་འཛིན་བདག །མ་རིག་ན་ནི་རང་གི་བདུད། །རིག་ན་རྣམ་དག་ཧེ་རུ་ཀ །སྟོང་སྲོག་རང་རིག་ཆོས་སྐུར་བཅད། །ཅེས་གསུངས་པ་ལྟར་རོ། །ནམ་མཁའི་ཟླ་བ་གཅིག་གཟས་བཟུང་བ་ན་ཆུ་ཀླུང་འབུམ་ཕྲག་དུ་མའི་ནང་གི་ཟླ་གཟུགས་དུས་གཅིག་ཏུ་གཟས་བཟུང་བར་སྣང་བ་བཞིན། ད་ལྟ་

(༩༧༡)རང་རེར་དགྲ་འདྲིའི་རྣམ་པ་ཅན་དུ་འཆར་བ་འདི་དག་ལམ་བསྒོམ་པ་རྣམས་ལ། ཐུན་མོང་བ་སྐྱེས་བུ་ཆེན་པོའི་སྐབས་སུ་ཤིན་ཏུ་བརྩེ་བའི་བུ་གཅིག་པ་ལྟ་བུར་སྣང་བ་དང་། ཐུན་མོང་མ་ཡིན་པའི་རིམ་པ་དང་པོའི་ལམ་ལ་ལོག་པ་ན་སྒོམ་སྟོབས་ཀྱི་ལྷ་དང་ལྷ་མོའི་རང་བཞིན་དུ་འཆར་བ་དང་། དེ་བས་ཀྱང་ཆོས་མཐོ་བ་རྫོགས་རིམས་ཀྱི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པ་ན་སྟོང་གཟུགས་ཀྱི་སྐུ་དང་ཞིང་ཁམས་མཁའ་ཁྱབ་ཀྱི་འཁོར་ལོར་འཆར་བ་དང་རིམ་གྱིས་བདེ་བ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེད་ནས་རང་ནང་འོག་མིན་གྱི་ལོངས་སྤྱོད་ཆེན་པོ་འབའ་ཞིག་ལ་རོལ་བས་དགྲར་སྣང་དང་འདྲེར་འཛིན་གྱི་ཤུན་པ་བུད་པར་འགྱུར་བ་སྟེ། གནས་ཁང་གཅིག་རང་ལ་ཡང་ཁ་སང་ཕན་ཆད་བདེ་བར་འཆར་བ། དེ་རིང་སྡུག་བསྔལ་གྱི་རང་བཞིན་དུ་གནས་འགྱུར་ཏེ་སྣང་བ་རང་བཞིན་ཐམས་ཅད་ཀྱང་རང་སེམས་གཅིག་པུའི་ཆོ་འཕྲུལ་ལ་

(༩༧༢)རག་ལུས་པ་ཡིན་ནོ། །དེ་ལྟར་ཡང་རྗེ་བཙུན་མི་ལས། །ནང་འགྱུ་བ་སེམས་ཀྱི་རྣམ་རྟོག་འདི། །མ་རྟོགས་དུས་ན་མ་རིག་པ། །ལས་ཉོན་མོངས་ཀུན་གྱི་གཞི་རྩ་ཡིན། །རྟོགས་ན་རང་རིག་ཡེ་ཤེས་སྟེ། །དཀར་པོའི་ཡོན་ཏན་རྒྱས་པར་འགྱུར། །ཞེས་གསུངས། དེ་ཡང་ཕྱི་ལྟར་ན་སྣང་བ་ཡབ་འཇམ་དཔལ་རྡོ་རྗེ་སྲིན་པོའི་ནཱ་ག་རཀྴ་དང་། སྟོང་པ་ཡུམ་སྤྱན་གཅིག་མའི་ཁྲག་མིག་ཅན་གཉིས་སྦྱར་བའི་ལྟོ་བར་སྣང་སྲིད་འཁོར་གྱི་ཆོས་ཐམས་ཅད་འུབ་ཀྱི་འདུས་པ་སྟེ། ལེའུ་དྲུག་པ་ལས། བདེ་བ་ཆེན་པོའི་ཕོ་བྲང་ན། །ཏི་པ་ཙ་དང་སྤྱན་གཉིས་གཉིས། །དབྱེར་མེད་བདེ་བ་ཆེན་པོར་གནས། །ཡབ་ཀྱི་སྤྱན་གཉིས་ཡུམ་ལ་གཟིགས། །ཡུམ་ནི་ཀུན་གཞིའི་ངང་དུ་གཟིགས། །ཞབས་གཉིས་རྒྱ་མཚོའི་གཏིང་དུ་བསྐྱངས། །སྲིད་པ་གསུམ་ཉིད་ལྟོ་ན་འཆང་། །རྩ་གསུམ་སྲིད་པ་གྲོང་ཁྱེར་གསུམ། །བདེ་བ་ཆགས་པའི་ཐིག་ལེ་ཉིད། །དབང་པོ་ལྔ་ཉིད་ཀླུ་རིགས་

(༩༧༣)ལྔ། །རྩ་ནི་ཆུ་དང་རྒྱ་མཚོར་གནས། །ཆུ་རྒྱུད་རྩ་ལ་སོགས་པ་ནི། །ལྗོན་ཤིང་previous hit ཚལདང next hit་ནག་མའོ། །སོ་སེན་རུས་པ་བྲག་ཡིན་ཏེ། །ཞེས་སོགས་གསུངས་པ་ལྟར་འཁོར་འདས་ཐམས་ཅད་སྣང་སྟོང་དབྱེར་མེད་དེ་གཉིས་ཀྱི་འཕྲུལ་ལས་བྱུང་བའི་ཕྱིར་ན། ཡབ་ཡུམ་གྱི་སྒྲས་བསྙེད་དེ་འཁོར་འདས་ཀྱི་རྒྱལ་པོར་བརྗོད་པའོ། །ནང་ལུས་དང་སྦྱར་ན། སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་ཀླུ་རྒྱལ་རིག །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོར་བྲམ་ཟེའི་རིག །སྙིང་ག་ཆོས་ཀྱི་འཁོར་ལོ་རྗེ་རིག །ལྟེ་བ་སྤྲུལ་པའི་འཁོར་ལོར་དམངས་རིགས། གསང་གནས་བདེ་སྐྱོང་གི་འཁོར་ལོར་གདོལ་པའི་རིགས་ཀྱི་དཀྱིལ་འཁོར་ཏེ། ལས་སྣང་མ་དག་གི་བར་དུ་ཕྱི་རོལ་དུ་སྣང་བའི་ཀླུ་གདོན་དང་དེའི་ཆོ་འཕྲུལ་གྱིས་བསྐྱེད་པའི་དུག་དང་ནད་ལ་སོགས་པ་མི་འདོད་པ་རྣམས་འདྲེན་པ་དང་འབྱིན་པའི་ས་བོན་བྱེད་ཅིང་། དེ་ཉིད་སྦྱངས་ནས་དག་པར་

(༩༧༤)གྱུར་པ་ན་ཡེ་ཤེས་ལྔའི་རང་བཞིན་གྱི་རྡོ་རྗེ་སྲིན་པོའི་དཀྱིལ་འཁོར་དུ་འཆར་བར་འགྱུར་བའི་སྒྲུབ་གཞི་གང་ཡིན་པ་དེ་ལ་རང་བཞིན་གང་ཡིན་པ་དེ་ལ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཞེས་བྱ་བ་སྟེ། ལེའུ་དྲུག་པ་ལས། ཆོས་ཀྱི་འཁོར་ལོ་དངས་མ་བརྒྱད། །རྗེ་རིགས་སྦྲུལ་གྱི་དཀྱིལ་འཁོར་རྫོགས། །ལོངས་སྤྱོད་མགྲིན་པ་བཅུ་དྲུག་དབུས། །བྲམ་ཟེ་སྦྲུལ་གྱི་དཀྱིལ་འཁོར་རྫོགས། །བདེ་ཆེན་འཁོར་ལོ་གསུམ་ཅུ་གཉིས། །དབུས་ན་རྒྱལ་པོ་སྦྲུལ་འཁོར་རྫོགས། །།།པའི་འཁོར་ལོ་དྲུག་ཅུ་བཞི། །སྙིང་པོ་དང་ལྡན་དམངས་རིགས་རྫོགས། །གསང་བའི་འཁོར་ལོ་བཞི་བཅུ་བཞི། །གདོལ་པའི་རིགས་ཀྱི་དཀྱིལ་འཁོར་རྫོགས། །ཞེས་གསུངས་སོ། །གསང་བ་ལྟར་ན་ཤིན་ཏུ་ཕྲ་བ་མི་འགྱུར་བ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་བདེ་བ་ཆེན་པོའི་རང་བཞིན་ཅན་ཉིད་རིག་པའི་རྒྱལ་པོ་ཡབ་དང་། དེ་དང་གཉིས་སུ་མེད་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དེ་ཡུམ་སྦལ་མགོ་ཁྲག་མིག་མ།

(༩༧༥)དེ་ལས་དུག་གསུམ་གྱི་མདངས་སུ་ཤར་བ་སྲོག་གཤེད་དུ་སྟེ། བགེགས་ཀྱི་གླང་པོ། ནག་པོ་འཛུམ་མེད། སྦྲུལ་གྱི་སྒྱུ་མ་གསུམ། རྣམ་ཤེས་ཚོགས་བརྒྱད་ལས་ཀླུ་ཆེན་བརྒྱད། ཕུང་པོ་ལྔ་ཀླུ་རིགས་ཡབ་ལྔ། འབྱུང་བ་ལྔ་ཀླུ་རིགས་ཡུམ་ལྔར་སྣང་བ་སྟེ་ཐམས་ཅད་ཀྱང་གཉུག་མ་སེམས་ཀྱི་ཆོས་ཉིད་འགྱུར་བ་མེད་པ་ངེས་དོན་གྱི་ནཱ་ག་རཀྴར་འུབ་ཀྱི་འདུས་པ་ཡིན་ནོ། །དེ་ལྟར་ཡང་ལེའུ་ལྔ་པ་ལས། གསང་བའི་འདི་ལྟ་སྟེ། རྩ་བ་མི་འགྱུར་བྱང་ཆུབ་སེམས། །ཤེས་ཤིང་རིག་པའི་ངོ་བོ་ཉིད། །རིག་པའི་རྒྱལ་པོ་ཞེས་སུ་གནས། །དེ་ཉིད་རང་གི་སྟོང་པ་ནི། །ཡུམ་ཆེན་ནག་མོ་མགོ་དཀར་ཉིད། །དུག་གསུམ་ཡེ་ཤེས་རོལ་པ་ཉིད། །སྲོག་གཤེད་གསུམ་གྱི་ངོ་བོར་གནས། །སྒོ་ལྔ་རྣམ་ཤེས་ཀླུ་ཆེན་བརྒྱད། །ཕུང་པོ་ལྔ་ཉིད་རིགས་ལྔའི་ཀླུ། །འབྱུང་བ་ལྔ་པོ་རིགས་ཀྱི་ཡུམ། །

(༩༧༦)ཀླུ་རིགས་དུ་མ་ཐམས་ཅད་ཀུན། །རིག་པའི་རྒྱལ་པོའི་ཁྱོན་དུ་རྫོགས། །མི་རྟོག་མཉམ་པ་ཆེན་པོའི་ངང་། །མི་ཕྱེད་མི་ཤིགས་ཐིག་ལེའི་སྐུ། །ཆོས་ཉིད་མུན་པ་ལྟ་བུ་སྟེ། །དབུ་མར་མི་གནས་སྤྲོས་དང་བྲལ། །གཞི་དང་ལམ་གྱི་འབྲས་བུ་གསུམ། །དབྱེར་མེད་ཆོས་ཉིད་གདལ་བའི་ཀློང་། །ཀླུ་ཡི་ཆོས་ཉིད་སྤྲོས་བྲལ་བཤད། །ཅེས་གསུངས། དེ་བས་ན་ཕྱི་ནང་གཞན་གསུམ་དང་སྦྱར་ཏེ། སྣོད་བཅུད། སྣང་སྟོང་། ཐབས་ཤེས། ཨེ་ཝཾ། ཁམས་དཀར་དམར། བདེ་སྟོང་སོགས་དང་གང་ལའང་རྡོ་རྗེ་སྲིན་པོ་ཡབ་ཀྱི་རྣམ་གཞག་སྦྱར་དུ་ཡོད་ཅིང་། དེ་དག་ཀྱང་གཉིས་མེད་ཐིག་ལེ་ཆེན་པོ་ངེས་དོན་གྱི་ནཱ་ག་རཀྴར་བསྡུའོ། །འདི་དག་ནི་སྤྱིའི་དབང་དུ་བྱས་པ་ཡིན་གྱི། བྱེ་བྲག་ཏུ་བསྟན་པ་འདི་ལ་རྒྱུད་སོགས་གསུང་བ་པོའི་འཇམ་དཔལ་ནཱ་ག་རཀྴ་ཉིད་གཤིན་རྗེ་གཤེད་ཀྱི་སྐུའི་སྤྲུལ་པ་དང་། ཡམ་ཤུད་དམར་པོ་གསུང་གི་སྤྲུལ་པ། ཁྱབ་

(༩༧༧)འཇུག་ཆེན་པོ་ཐུགས་ཀྱི་སྤྲུལ་པར་བཤད། །འཇམ་དཔལ་ཐུགས་ལས་སྤྲུལ་པ་ཡི། །ཀླུ་བདུད་ནག་པོ་ཁྱོད་ལ་བསྟོད། །ཅེས་ཐུགས་ཀྱི་སྤྲུལ་པར་ཡང་གསུངས་ཤིང་། གང་ལྟར་ན་ཡང་། ངོ་བོ་ཡེ་ཤེས་པ་ལ་རྣམ་པ་འཇིག་རྟེན་པར་སྣང་བ་ན། རྒྱུད་ལས། འཇིག་རྟེན་འདས་དང་མ་འདས་མཚམས་ཤེད་ན། །རྒྱ་མཚོ་ཆེན་པོ་ཀློང་སྤངས་དྭངས་པའི་དབུས། །བསྐལ་པའི་སྦྲུལ་ནག་འཁྱིལ་བའི་ཀློང་དཀྱིལ་ན། །རིག་པའི་རྒྱལ་པོ་ནཱ་ག་རཀྴ་པ། །བདུད་ཀྱི་བདུད་གཅིག་འཆི་བདག་ཀླུ་ཡི་བདུད། །ཅེས་གསུངས་སོ། །འཁོར་ལོ་ནག་པོ་ཕྲིན་ལས་ཡོངས་རྫོགས་ཀྱི་རྒྱུད་ལེའུ་ཞེ་དགུ་པ་ལས། ཀླུ་ཡི་ངོ་བོ་གང་ཡིན་པ། །གཉན་པོ་དང་ནི་ལས་མཁན་ནོ། །གཉན་པོ་ཆོས་ཀྱི་དབྱིངས་དང་ནི། །རིག་པའི་ཡེ་ཤེས་གཉིས་མེད་པ། །སྦྲུལ་ནག་ཆེན་པོའི་སྐུར་ཤར་བ། ཁྱབ་བདག་ཡེ་ཤེས་ཏི་པ་ཙ། །རོལ་པའི་ཕྱག་རྒྱར་ཤར་བའོ། །

(༩༧༨)དོན་དམ་སྤྲོས་བྲལ་སྤྲོས་མེད་ཉིད། །ལས་མཁན་དྲེགས་པའི་འཆི་བདག་ཀླུ། །རྒྱ་མཚོའི་གཏིང་ན་རབ་ཏུ་གནས། །ལས་ཀྱི་རྣམ་སྨིན་དྲག་པོའི་རྒྱུས། །ལས་ཀྱི་སྲིན་པོར་སྐྱེས་པ་ཡིན། །དུག་ལྔའི་རང་བཞིན་ཀླུ་བདག་ལྔ། །ཏི་པ་ཙ་ཡ་ཞེས་བྱ་བ། །ཀླུ་ཡི་དེད་དཔོན་ནཱ་ག་ཡིན། །བྱེ་བ་དགུ་ཁྲི་ཞེས་བྱ་བ། །གཤིན་རྗེའི་དེད་དཔོན་ནཱ་ག་ཡིན། །ཧུ་ནུ་བཀྴ་ཞེས་བྱ་བ། །བདུད་ཀྱི་དེད་དཔོན་ནཱ་ག་ཡིན། །རལ་པ་ཚར་དགུ་ཞེས་བྱ་བ། །འཆི་བདག་དེད་དཔོན་ནཱ་ག་ཡིན། །ཡཀྴ་མགོ་དགུ་ཞེས་བྱ་བ། །སྲིན་པོའི་དེད་དཔོན་ནཱ་ག་ཡིན། །གཟའ་རྒོད་ནག་པོ་ཞེས་བྱ་བ། །གཟའ་ཡི་དེད་དཔོན་ནཱ་ག་ཡིན། །ཚངས་པ་ཤི་ལ་རལ་པ་ཅན། །སྲིད་པའི་དེད་དཔོན་ནཱ་ག་ཡིན། །གཤིན་བུ་རྗེའམ་འཆི་བའི་བདག །ནག་པོ་ཆེན་པོ་ཀླུ་བདག་ཉིད། །སྐུ་གཅིག་སྤྲུལ་པ་དུ་མར་འགྱུར། །

(༩༧༩)ཞེས་སོགས་གསུངས་པས། འདི་ཉིད་སྡེ་དཔོན་སུམ་ཅུ་པོ་ཐམས་ཅད་དང་ཐུགས་རྒྱུད་གཅིག་མོད། ཇོ་བོ་ཀླུ་བདུད་མགོ་དགུ་པ་དང་། སྙོན་ཁ་ནག་པོ་ཏི་པ་ཙ་ནི་གནས་སྐབས་ཀྱི་རྣམ་འགྱུར་དང་། སྲོག་སྔགས་དང་། བསྟོད་བསྐུལ་ལ་སོགས་པ་ཡང་རྒྱུད་ནས་གཅིག་ཏུ་བྱུང་བས། རིག་པའི་རྒྱལ་པོ་འདི་གདོངས་ཡིན་ནོ། །གོང་དུ་བཤད་པ་དང་ཅུང་ཟད་མི་ཐུན་པར། གཏི་མུག་དག་པ་ལས་ཡབ་དང་། འདོད་ཆགས་ལས་ཡུམ། ང་རྒྱལ་ལས་བགེགས་ཀྱི་གླང་པོ། ཕྲག་དོག་ལས་ནག་པོ་འཛུམ་མེད་དམ་གཉན་དམར་གླང་མགོ། ཞེ་སྡང་ལས་སྦྲུལ་གྱི་སྒྱུ་མར་ཤར་བ་ཡང་བཤད་དེ། ཟླ་གསང་ནག་པོའི་རྒྱུད་ལས། གཏི་མུག་ནག་པོ་ཏི་པ་ཙ། འདོད་ཆགས་ཀླུ་མོ་མགོ་དཀར་མོ། །ང་རྒྱལ་བགེགས་ཀྱི་གླང་པོ་དང་། །ཕྲག་དོག་གཉན་དམར་གླང་གི་མགོ། །ཞེ་སྡང་སྦྲུལ་གྱི་སྒྱུ་མ་ཅན། །ཞེས་གསུངས། སྤྱིར་གྱི་རིག་པའི་རྒྱལ་པོ་རུས་སྦལ་དུ་ཤར་བའི་

(༩༨༠)ལྟོ་བར་སྲིད་གསུམ་ཐམས་ཅད་གནས་པའི་དབུས་སུ་རིག་པའི་རྒྱལ་པོའི་།།། ཤར་ཕྱོགས་འཁོར་ལོའི་གླིང་དུ་རྡོ་རྗེ་རིགས་ཀྱི་ཤིང་ལ་རྒྱལ་རིགས་ཏི་པ་ཙ་འཁོར་སྲོག་བདག །དྲི་ཟ་ཟུར་ཕུད་ལྔ་པ། ཡམ་ཤུད་དམར་པོ། ཀླུ་བཙན། གནམ་ཐེའུ། རྒྱལ་ཕྲན་སུམ་བརྒྱ་དྲུག་ཅུ་ལ་སོགས་པས་བསྐོར་ཏེ་བཞུགས་ལྷོ་ཕྱོགས་འཁོར་ལོའི་གླིང་ན་རིན་ཆེན་སྤུངས་པའི་ཞེས་པའི་ཤིང་ལ་བྲམ་ཟེ་ཏི་པ་ཙ་འཁོར་ཙ་མུནྟྲི་དང་། ཕུང་བྱེད་ནག་པོ། ཀླུ་བསེན། མཚོ་སྨན། ཀླུ་མོ། བདུད་མོ་མ་མོའི་ཚོགས་ཀྱིས་བསྐོར་ཏེ་བཞུགས། ནུབ་ཕྱོགས་འཁོར་ལོའི་གླིང་ན་པདྨ་ཡོངས་བརྩེགས་ཞེས་པའི་ཤིང་ལ་རྗེ་རིགས་ཏི་པ་ཙ་འཁོར་ཀླུ་དང་། བཙན་དང་། ཀླུ་སྲིན། ཞ་བོ། སྒུར་པོ། འོན་པའི་ཚོགས་ཀྱིས་བསྐོར་ཏེ་བཞུགས། བྱང་ཕྱོགས་འཁོར་ལོའི་གླིང་ན་ལས་ལ་གྲུབ་པ་ཞེས་པའི་ཤིང་ལ་དམངས་རིགས་ཏི་བ་ཙ་འཁོར་འཁྱུང་པོ་དང་། བཙན་དང་། དམ་སྲི་མ་དང་། གདོལ་པའི་རིགས་ཀྱི་བསྐོར་ཏེ་

(༩༨༡)བཞུགས་པའི་གཙོ་བོ་ཉིད་དབུས་ན་བཞུགས་པ་ལྟར་སྣང་ཡང་ནམ་མཁའ་གར་ཁྱབ་ལ་སྐུས་ཁྱབ་པ། སྐུ་དང་ཡེ་ཤེས་གཉིས་རོ་གཅིག་པ། རྣམ་པ་ཐམས་ཅད་པར་འཆར་བའི་དབང་པོ་ལྔ་ལས་ཀླུ་རིགས་ལྔ་དང་། རྩ་རྒྱུད་ལས་རྒྱ་མཚོའི་ལྗོན་ཤིང་གི་རྣམ་པར་ཤར་བའི། ཆོས་ཉིད་ཀྱི་རྩ་ལ་རྒྱལ་རིགས། ཡེ་ཤེས་ཀྱི་རྩ་ལ་བྲམ་ཟེའི་རིགས། ཡོན་ཏན་གྱི་རྩ་ལ་རྗེའུའི་རིགས། རང་རྒྱུད་ཀྱི་རྩ་ལ་དམངས་རིགས་ཀྱི་ཀླུ་རྣམས་རྟེན་བཅས་ཏེ་གནས་ཤིང་རྩ་བཞི་པོ་དེ་ལས་འབྱུང་བཞིའི་འཕེལ་གྲིབ་ཀྱི་སྤྲོ་བསྡུ་འགྱེད་ཅིང་སྡུད་པ་དང་། རྩ་འདབ་བརྒྱད་ལ་ཀླུ་ཆེན་བརྒྱད། རྩ་ཕྲན་རྣམས་ལ་ཀླུ་བྱིངས་ཏེ་ཐམས་ཅད་ཀྱང་སྐུའི་དཀྱིལ་འཁོར་གཅིག་ཏུ་ཆུབ་པར་གནས་སོ། །ཞེས་ཟླ་གསང་ནག་པོའི་རྒྱུད་ལས་བཤད་དོ། །དེ་ལྟར་འཇིགས་བྱེད་ཆེན་པོ་དེ་ཉིད་སྐུས་ནམ་མཁའ་ཐམས་ཅད་ལ་ཁྱབ་པར་བཞུགས་ཀྱང་ཐུན་མོང་བའི་

(༩༨༢)སྣང་ངོར་རི་རབ་ཀྱི་ལྷོ་ཕྱོགས་ཀྱི་རྒྱ་མཚོའི་དབུས་དང་། ཡོངས་འདུ་ས་བརྟོལ་གྱི་འོག་གི་རྒྱ་མཚོའི་ཀློང་དང་། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་གྱི་ལྕགས་ཁར་ནག་པོ་སྒོ་མེད་ཀྱི་དབུས་སུ་བཞུགས་ཏེ། ལེགས་ཉེས་ཀྱི་སྟངས་འཛིན། དམ་ཚིག་གི་རྗེས་གཅོད། དགེ་སྡིག་གི་ཤན་སྟངས་འབྱེད་ཅིང་བཞུགས་པ་ཏེ། ཟླ་གསང་ནག་པོའི་རྒྱུད་ལས། སྲིད་པའི་རི་བོ་ལྷུན་པོ་ཡི། དཔག་བསམ་ལྗོན་ཤིང་རྫོགས་པའི་འོག །རྒྱ་མཚོ་འཁྱིལ་བ་ཞེས་པའམ། །འཇིག་རྟེན་འདས་དང་མ་འདས་པར། །གསོན་གཤིན་གཉིས་ཀྱི་ཟམ་ཁ་མ། །བདུད་པོ་ནག་པོ་སྐྱེ་འགྲོའི་བདུད། །སྐུ་ནི་རི་རབ་ངོས་ལ་བརྟེན། །ཞབས་གཉིས་རྒྱ་མཚོའི་གཏིང་དུ་བརྐྱང་། །སྤྱན་མིག་འགྲོ་བ་ཡོངས་ལ་གཟིགས། །ཕྱག་ནི་སྟོང་གསུམ་ཀུན་ཏུ་མྱུལ། །ཞེས་སོགས་རྒྱས་པར་གསུངས་སོ། །དེ་ལྟར་འཇིག་བྱེད་ཆེན་པོའི་སྐུའི་དཀྱིལ་འཁོར་དུ་རྫོགས་པའི་འགྲོ་བ་

(༩༨༣)ཐམས་ཅད་ཀྱི་སྤྱི་བོར་སའི་འཁོར་ལོ་མགྲིན་པར་ཆུའི་འཁོར་ལོ། སྙིང་གར་མེའི་འཁོར་ལོ། གསང་གནས་སུ་སྐྱེ་གནས་ཀྱི་འཁོར་ལོ་ཏེ་ལྔ་མཆིས་པའི་འཁོར་ལོ་ལྔ་པོར་རིམ་པ་བཞིན་དུ། རྒྱལ་རིགས། བྲམ་ཟེའི་རིགས། དམངས་རིགས། གདོལ་པའི་རིགས་ཀྱི་ཀླུ་རྣམས་གནས་པས་གང་ལ་ལས་ཉོན་གྱི་ལྷོངས་ཤིང་རྫས་སྔགས་ཏིང་ངེ་འཛིན་གྱིས་གནད་ལ་དབབ་ན་རང་གཤེད་རང་གིས་བགྱིས་ཏེ་འཕུང་བར་འགྱུར་བ་ཡིན་ནོ། །འདི་དག་ནི་ཕྱི་རོལ་རང་རྒྱུད་པའི་ཀླུ་མ་ཡིན་ཀྱང་ནང་དུ་རྩ་རླུང་གི་འཕྲུལ་ལས་ཤར་བའི་ཀླུ་ཡིན་ཏེ། གཞུང་གཞན་དུ་ཕྱི་ནང་གསང་བའི་གཤིན་རྗེའི་གནམ་གཞག་མཛད་པ་དང་མཚུངས་པས། འདི་ལ་ཡང་རྒྱས་པར་བཤད་ན། འཁོར་འདས་ཐམས་ཅད་ཀླུའི་དཀྱིལ་འཁོར་གཅིག་པུ་བརྟེན་ནས་འཇོག་པའི་རྣམ་གཞག་བཤད་དུ་

(༩༨༤)ཡོད་དོ། །འདིར་བཤད་མ་ཐག་པའི་འཁོར་ལོ་ལྔ་པོའི་གནམ་གཞག་དེ་ཟླ་གསང་ནག་པོ་ལས་གསུངས་པ་ཡིན་ཏེ། དེའི་ལེའུ་སོ་བཞི་པ་ལས། སྤྱི་བོ་ས་ཡི་འཁོར་ལོ་དང་། །མགྲིན་པ་ཆུ་ཡི་འཁོར་ལོ་དང་། །སྙིང་ག་མེ་ཡི་འཁོར་ལོ་དང་། །ལྟེ་བ་རླུང་གི་འཁོར་ལོ་དང་། །གསང་བ་སྐྱེ་གནས་འཁོར་ལོ་ལྔ། །ཞེས་གསུངས་སོ། ༈ །སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ་ནི། ཉང་གཏེར་མགོན་པོ་ཕྱག་བཞི་པའི་རྩ་རྒྱུད་ལས། པདྨ་ཧེ་རུ་ཀའི་སྤྲུལ་པ་སྟེ། བཙན་གྱི་རྒྱལ་པོ་རྫུ་འཕྲུལ་ཅན། ནུབ་ཕྱོགས་གནམ་ས་ཕྱེད་ཀྱི་བདག༔ རྡོ་རྗེ་ལེགས་པའི་དབང་བསྐུར་རོ༔ ཞེས་པདྨ་ཧེ་རུ་ཀའི་སྤྲུལ་པར་གསུངས་ཤིང་༔ འོག་མིན་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་སུ་སྤངས་རྟོགས་མཐར་ཕྱིན་པའི་ཡེ་ཤེས་ཀྱི་རྡོ་རྗེ་ལེགས་པ་དང་། རི་བོ་མ་ལ་གནམ་ལྕགས་འབར་བའི་རྩེ་མོར་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་དྲུང་

(༩༨༥)དུ་དམ་ཚིག་རྡོ་རྗེ་ལེགས་པ་དང་། རྒྱ་བོད་མདོ་གཙང་ལ་སོགས་པར་སྐྱེས་བུ་རྡོ་རྗེ་ལེགས་པའི་ཚུལ་བཟུང་སྟེ་འགྲོ་བའི་དོན་མཛད་པའི་རྣམ་འགྱུར་བསམ་གྱིས་མི་ཁྱབ་པ་འཕགས་ཆེན་དམ་པ་རྣམས་ཀྱིས་ཀྱང་བརྗོད་པར་མི་ནུས་ན་རང་རེས་བསྐལ་པར་ཡང་བརྗོད་ནུས་པའི་ཡུམ་ལས་འདས་མོད། རྣམ་འགྱུར་གྱི་བཀོད་པ་སྡེ་བརྒྱད་སྣ་ཚོགས་སུ་སྟོན་པར་མཛད་པའི་གཞན་རྣམས་རང་གིས་ཇི་ལྟར་རྟོགས་པ་བཞིན་སོ་སོའི་ཐད་དུ་བཤད་ཅིང་འཆད་པ་ལས་ཤེས། འདིར་ཡོངས་གྲགས་ཀྱི་གསོལ་ཁ་ཆེན་མོ་རཏྣའི་གཏེར་བྱོན་ལས། སྐྱེས་བུ་ཆེན་པོ། དགྲ་ལྷ་ཆེན་པོ། དམག་དཔོན་ཆེན་པོ། ཨ་ཇོ་ཆེན་པོ། དགེ་བསྙེན་ཆེན་པོ༔ ཚོང་དཔོན་ཆེན་པོ༔ ཇག་དཔོན་ཆེན་པོ༔ དམ་ཅན་ཆེན་པོ༔ འགར་བ་ནག་པོ༔ མོན་པ་ནག་པོ༔ སེར་སྐྱ་ནག་

(༩༨༦)པོ༔ དུག་མདའ་ནག་པོ༔ དུག་མདའ་རེག་མཆོད༔ སྒྲོལ་།།།གིང་ནག་པོ༔ སྐུ་མཆེད་གསུམ་བརྒྱ་དྲུག་ཅུའི་རྗེ་བོ༔ ཞེས་པ་དང་༔ རྡོ་རྗེ་ཁྱུང་དྲག༔ རྡོ་རྗེ་ཐིག་ལེ་རྩལ༔ རྡོ་རྗེ་གྲུབ་པ་དཔལ༔ རྡོ་རྗེ་བསམ་འགྲུབ་རྩལ༔ སེར་སྐྱ་ནག་པོ་རྩལ༔ སྟོབས་ལྡན་ནག་པོ༔ བཛྲ་ས་དྷུ༔ གཤིན་རྗེའི་ཚོགས་བདག༔ བྱི་ལྷ་དཀར་པོ༔ ཤངས་ཀྱི་རྗེ་བཙན༔ གཡས་རུའི་སྐྱེས་གཅིག༔ བཟད་ཀྱི་ངུར་སྣ༔ སྔོ་དམར་དགྲ་ལྷ༔ ཞེས་པ་དང་། རྡོར་།།།ལེགས་ཀྱི་རྣོ་མཐོང་སྒྲུབ་སྐོར་ལ༔ གཙང་བཙན་རྡོར་ལེགས༔ རྡོ་རྗེ་བསྲེ་བ༔ རྡོ་རྗེ་དབང་ལྡན་ཅན༔ རྡོ་རྗེ་དཔེ་ཧར༔ རྡོ་རྗེ་མཆེད་གསུམ༔ ཞེས་མཚན་གྱི་རྣམ་གྲངས་སུ་གསུངས་པ་ལྟར་ལས༔ རྡོ་རྗེ་ལེགས་པ་ཞེས་པའི་སྐྱེ་བརྒྱུད་གནོད་སྦྱིན་སྟག་མདའི་རྒྱུད་ལེའུ་བཅུ་གསུམ་པ་ལས་གསུངས་པའི་ཚུལ་ནི༔ སྔོན་འདས་པའི་དུས་དཔལ་ཆེན་པོ་མི་མིན་

(༩༨༧)གྱི་སྲིན་པོར་བཞེངས་པ་དང་། ཤ་ཟན་ཀྲོ་དྷི་ཤྭ་རི་སྲིན་མོར་སྤྲུལ་པ་བཤོས་པ་ལས། སྲིད་པའི་བུ་མོ་ལྔ་བྱུང་བའི་ནང་ཚན་ཆེ་ཞེ་མུ་ཁ་ལེ་དང་བདུད་ཀྱི་རྒྱལ་པོ་ཡང་རྗེ་བླ་མེད་ཅེས་པ་མྱང་གཏེར་རྒྱལ་པོའི་ཕྲིན་ལས་དོན་བཅུ་མའི་གསོལ་ཁ་ལས༔ བྷུ་རུ་སྨུག་པོའི་ལྡིང་ཁང་ནས༔ བདུད་ཀྱི་རྒྱལ་པོ་སྐུ་བཞེངས་ཤིག༔ ཅེས་གསུངས་པ་དེ་གཉིས་བཤོས་པ་ལས༔ ཕ་ལོ་དགུན་འབྲིང་ཧོར་ཟླ་བཅུ་གཉིས་པའི་ཚེས་བདུན་གྱི་ནུབ་མོ་སྲས་རྡོ་རྗེ་ལེགས་པ་འཁྲུངས་སོ༔ ཞག་ལྔ་ལོན་པའི་ནང་པར་ཡུམ་ལ་ངའི་ཟས་སྐལ་ནི་གང་ཡིན། ངའི་འཐུང་སྐལ་ནི་གང་ཡིན། ངའི་ལས་སུ་ནི་ཅི་ཞིག་བྱ་ཞེས་སྨྲས་པ་དང་། མས་བུ་ལ་སྨྲས་པ། བུ་ཁྱོད་ཉོན་ཅིག ཁྱོད་ཀྱི་ཟས་སྐལ་དུ་སྟག་གི་སྙིང་ཟོ། རའི་སྙིང་ཟོ་བྱི་ལའི་སྙིང་ཟོ། ཁྱོད་ཀྱི་ལས་སུ་ནི་

(༩༨༨)དཔལ་ཆེན་པོའི་བསྟན་པ་བསྲུང་བའི་གྲོག་གྱིས་ཤིག་ཅེས་གསུངས་ཏེ། བུ་དེ་ལ་ཅེར་གྱིས་གཟིགས་པས་བུའི་སྙིང་ག་ན་རྡོ་རྗེའི་རྨེ་བ་ནས་ཙམ་ཞིག་འདུག །བདུད་ཀྱི་མཚན་མཁན་ལ་བརྟག་ཏུ་བཅུག་པས་དེ་ན་རེ། འདི་ནི་ཤིན་ཏུ་བཟང་ངོ་། །རྡོ་རྗེའི་རིགས་ལས་སྐྱེས་པ་ཡིན་པས་ཕྱག་ན་རྡོ་རྗེ་ལ་དབང་བསྐུར་ཞུས་ཤིག་ཅེས་ལུང་བསྟན། ཡུམ་གྱིས་གསང་བའི་བདག་པོའི་དྲུང་དུ་ཁྲིད་དེ་རྒྱུ་མཚན་གསོལ་བས། གསང་བའི་བདག་པོས་དབུ་མར། རྡོ་རྗེ་ལེགས་པ་ཞེས་བྱ་བར་མཚན་གསོལ། སངས་རྒྱས་སྟོང་རྩ་ལྔའི་བསྟན་པ་མ་ནུབ་ཀྱི་བར་དུ་འཇིག་རྟེན་གྱི་ཁམས་ལ་དབང་བའི་གནོད་སྦྱིན་ཆེན་པོར་མངའ་གསོལ་བར་གསུངས། དུམ་པ། རྒྱ་ཞང་ཁྲོམ་པ་དང་གཅིག །རྒྱ་སྟོན་གྱིས་ཕུང་པོ་རི་བོ་ཆེ་ནས་གདན་དྲངས་པའི་རྡོར་ལེགས་ཀྱི་གསོལ་ཁ་ཤུད་ཕུའི་ཡིག་སྙིང་ལས་བྱུང་བའི་ལོ་རྒྱུས་སུ། སྔོན་སངས་རྒྱས་

(༩༨༩)འོད་སྲུངས་ཀྱི་བསྟན་པའི་དུས་སུ་རྡོར་ལེགས་འདི་ཉིད་རྗེའུའི་རིགས་ལ་ཤྲཱི་ཏ་ལ་ཞེས་བྱ་བར་འཁྲུངས། འོད་སྲུངས་ཀྱི་སྤྱན་སྔར་དགེ་བསྙེན་གྱི་སྡོམ་པ་བླངས། བྱང་ཆུབ་ཏུ་སེམས་བསྐྱེད། དེའི་ཚེ་སྐབས་ཤིག་ཁྱིམ་མཚེས་ཀྱི་ར་བརྐུས་པས་ནོངས་ཏེ་དུར་ཁྲོད་དུ་བྱོན། ར་ཤ་ཟོས། ར་ལྤགས་དང་རོ་གོས་གྱོན། ཕོ་བྱུང་བསྒྲལ། མོ་རིགས་ཐམས་ཅད་ལ་སྦྱོར་བ་བྱེད་ཀྱིན་བཞུགས་པས་དུར་ཁྲོད་ཀྱི་མི་མ་ཡིན་རྣམས་དང་གཉིས་སུ་མེད་པར་གྱུར། དེའི་ཚེ་ཤ་བ་དུག་ཟོས་པས་ཤི་བའི་ཤ་ཞིག་གསོལ་བས་རྐྱེན་བྱས་ཏེ་སྐུ་གཤེགས་དེའི་ཕྱི་མ་ཡལ་དམུ་བདུད་བྲང་དཀར་རམ། དམུ་རྒོད་དཀར་པོ་ཞེས་པ་རྒྱལ་པོའི་ཕྲིན་ལས་དོན་བཅུ་མ་ལས། ཞལ་གསུམ་སྟོད་ཀྱི་མི་བོ་ཆེ༔ དམུ་བདུད་བྲང་དཀར་དབྱིངས་ནས་བཞེངས༔ ཞེས་གསུངས་པའི་སྐུ་ལྔའི་ནང་མཚན་ཕྲིན་ལས་ཀྱི་རྒྱལ་པོ་དང། ཡང་དེ་ཉིད་

(༩༩༠)ལས། ཕྲིན་ལས་ཡུམ་ཆེན་སྐུ་བཞེངས་ཤིག༔ བདུད་གཟའ་།།།དཀར་སྐུ་བཞེངས་ཤིག༔ ཅེས་ཕྲིན་ལས་ཀྱི་རྒྱལ་པོའི་ཡུམ་དུ་གསུངས་པའི་བདུད་གཟའ་སྨིན་དཀར་མའི་སྲས་སུ་འཁྲུངས། ཉིན་མོ་ལྕགས་ཀྱི་བྱ་ཁྲར་སྤྲུལ་ནས། ནམ་མཁར་གནས་པ་རྣམས་ལ་གནོད་ཅིང་། མཚན་མོ་ལྕགས་ཀྱི་སྤྱང་ཀིར་སྤྲུལ་ནས་ས་གཞིར་གནས་པ་རྣམས་ཀྱི་སྲོག་གཅད། རྒྱུན་དུ་ལྕགས་ཀྱི་མི་ཧྲེང་འཇིགས་སུ་རུང་བར་སྤྲུལ་ནས། གནོད་ཅིང་འཚེ་བར་མཛད་པ་ལ་རྟ་མགྲིན་དྲག་པོར་ཁྲོས་ཏེ་དབང་ཕྱུག་ཏོ་ཞིག་དབུ་ལ་རྒྱབ་པས་ཚལ་པར་གས། རྣམ་ཤེས་ཚོགས་བརྒྱད་དག་པ་ལས་བྱུང་བའི་ལྷ་སྲིན་སྡེ་བརྒྱད་ཀྱི་བཀོད་པ་ཤར་བར་དབང་བསྐུར། དམ་ནས་སོ། དུས་ཕྱིས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་རྒྱ་གར་གཡའ་རི་གོང་གི་བྲག་ཕུག་ཏུ་རྟ་མགྲིན་གྱི་དཀྱིལ་འཁོར་ཞལ་ཕྱེ་ནས་སྒྲུབ་པ་མཛད་དུས། ནམ་ཕྱེད་ཡོལ་ན་མི་དཀར་ཟ་འོག་སྔོ་

(༩༩༡)ཁྲའི་བེར་དང་། ཕྱི་ནང་ཞྭ་དར་དམར་གྱི་འཛུམ་ཐོད་བཅས་པ་གྱོན། སེངྒེ་དཀར་མོ་ལ་ཞོན་སྟེ། ལག་ན་རྡོ་རྗེ་རྩེ་དགུ་ཐོགས་པ་ཞིག་བྱུང་སྟེ། ཞྭ་མ་ཕུད་པའི་ཕྱག་གསུམ་བཙལ་ནས་སློབ་དཔོན་ཆེན་པོ། བདག་སུ་ཡིན་འཚལ་ལམ་ཞུས་པས། སློབ་དཔོན་གྱིས་མཁྱེན་བཞིན་དུ་མ་འཚལ་ལོ། ཁྱོད་ལྷ་ཡིན་ནམ། འདྲེ་ཡིན། གནས་གང་ན་ཡོད། ཕ་སུ་ཡིན། འཁོར་གྲོགས་སུ་ཡོད། ལས་ཅི་ནུས། སྲོག་སྙིང་གང་ཡིན་འདིར་ཅི་བྱེད་གསུངས་པས་གོང་གི་ལོ་རྒྱུས་རྣམས་རྒྱས་པར་གསོལ་ཏེ་དམ་ཚིག་གི་ཡི་གེ་སྤྱི་བོར་བཞག་ནས་དམ་ལས་མི་འདའ་བའི་མནའ་བསྐྱལ་བ་ལག་ཟེར་ནས་ཞྭ་ཕུད་བྱུང་བར། སྤྱི་བོ་ན་ཧྲཱིདམར་པོ་གཅིག་འདུག་གོ །ཡང་གནས་ནི་བྲག་རི་དང་རྡོ་མཁར་བཟང་པོ་ལ་བྱེད། བོན་

(༩༩༢)ལ་གསས་བྱེད། ཚོང་གི་ལམ་བྱེད། ཇག་གི་སྣ་འདྲེན། དམག་གི་དཔུང་འདྲེན། རྐུན་མའི་ནོར་འཚོལ། གྲོགས་ཡ་རབས་དང་། ན་ཆུང་དྲ་མ་ལ་དགའ། ཕ་དམུ་ཡིན་པས་དམུའི་ནོར་མཆིས། མ་བདུད་ཡིན་པས་བདུད་ཀྱི་འཁོན་མཆིས། རང་བཙན་ཡིན་པས་བཙན་གྱི་རྩལ་མཆིས། བཀའ་ཉན་མ་སངས་ཡིན་པས་མ་སངས་ཀྱི་གཏམ་མཆིས། འཁོར་ཐེའུ་བྲང་ཡིན་པས་རྒྱལ་འགོང་སྲིད་ལ་མི་རྐུ། གྲོགས་བརྟན་མ་ཡིན་པས་མ་མོའི་མགོན་མཆིས། ཞེས་སྲོག་སྙིང་ཕུལ་བར་གསུངས། རྡོར་ལེགས་མགར་ནག་གི་རྒྱུད་ལེའུ་བཅུ་པ་ལས། རྒྱ་གར་གྱི་ཡུལ་རུས་།།།རོ་མྱགས་སྣམ་པའི་དཀྱིལ་ཞེས་བྱ་བ་ན། གཤིན་རྗེའི་གྲོང་ཁྱེར་ཆེན་པོ་འཇིགས་སུ་རུང་བའི་ནང་ཕ་ཝང་ལོང་བུའི་སྐུ་མཁར་འཇའ་མཚོན་སྣ་ལྔས་བསྐོར་བ་སྟེ་ནས་

(༩༩༣)རླུང་ནག་འཚུབ་ཅིང་གློག་འཁྱུག་པར་ཐོག་སེར་དང་མཚོན་བྱའི་བུ་ཡུག་འཚུབ་པ། འབྲུག་སྒྲ་དྲག་པོ་སྒྲོག་ཅིང་། ཉིན་མོ་རླུང་ནག་དང་། མཚན་མོ་མེ་དཔུང་འཚུབ་ཅིང་འབར་བ། འབྱུང་བ་ཚ་གྲང་འཁྲུག་པའི་དཀྱིལ་འཁོར་དུ་ཡབ་ཞེ་སྡང་མེ་ལྟར་འབར་བའི་སྲིན་པོ་བྱི་ལའི་གདོང་ཅན་དང་། ཡུམ་འདོད་ཆགས་ཆུ་ལྟར་འཁྲུག་པ་བདུད་མོ་སྤྲེའུའི་གདོང་པ་ཅན་གཉིས་སྐྱེ་འགྲོའི་ཤ་དྲག་ལ་ལོངས་སྤྱོད་ཅིང་མཆིས་པ་འཁྲིག་པ་སྤྱད་པ་ལས། སྲས་ཟ་བྱེད་སྤྱང་ཀིའི་གདོང་ཅན་འཇིགས་སུ་རུང་བ་ཞིག་འཁྲུངས། དུར་ཁྲོད་ཀྱི་བདུད་ནག་པོ་སྤུན་གསུམ་ལ་སོགས་པས་བསྐོར་ཏེ་སྐྱེ་འགྲོ་ཐམས་ཅད་ཀྱི་སྲོག་བདུད་དུ་གྱུར་ཏོ། །དེའི་ཚེ་སྟག་སེང་ཅེ་སྤྱང་ལ་སོགས་པའི་མཆེ་བ་ཅན་དང་། བྱ་རྒོད་ལ་སོགས་པའི་སྡེར་ཆགས། སྡིག་པ་ལ་སོགས་པའི་

(༩༩༤)རྭ་ཅན་མང་པོ་ཡང་འཁོར་དུ་འདུས་སོ། །རྒྱ་གར་གྱི་ཡུལ་བྲོག་གནས་ཀྱི་གྲོང་ཁྱེར་ཞེས་བྱ་བ་ན། མངོན་པར་ཤེས་པ་དང་ལྡན་པའི་དྲང་སྲོང་པྲ་སེ་ན་ཞེས་པ་ཞིག་ར་རྫི་བྱེད་ཀྱིན་མཆིས་པར། ཟ་བྱེད་སྤྱང་ཀིའི་གདོང་ཅན་གྱིས་དྲང་སྲོང་གི་བསད་ཏེ་ཟོས་པས། དྲང་སྲོང་དེས་ཟ་བྱེད་དེ་ཉིད་འདུལ་བའི་དུས་ལ་བབས་པར་རིག་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བྱོན་ནས་འཁོར་བའི་སྒྲོལ་བའི་མཐུ་སྟོབས་ཅན། ད་ལྟ་འཇིག་རྟེན་གྱི་ཁམས་འདི་ན། ཡི་དྭགས་རྫུ་འཕྲུལ་ནུས་མཐུ་ཅན། ཁམས་གསུམ་སེམས་ཅན་བདུད་དུ་བྱུང་། །ཐམས་ཅད་མཁྱེན་པས་འདུལ་བར་ཞུ། །ཞེས་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱི་ཕྱག་ན་རྡོ་རྗེ་ལ་བཀའ་བསྒོས་ཏེ་གསང་བའི་བདག་པོས་ཁྲོས་པའི་ཚུལ་གྱིས་འགུགས་པའི་གསང་སྔགས་བསྒྲགས་པས་བཙན་གྱི་རྒྱལ་པོ་རང་དབང་མེད་པར་བཀུག །དབང་དུ་

(༩༩༥)བསྡུས། གཟིར་བས་དངངས་ཤིང་སྐྲག་སྟེ་རྒྱལ་ལོ། །བརྒྱལ་སངས་ནས་སྲོག་གི་སྙིང་པོ་མདོངས་གསོལ་དུ་ཕུལ་བར་གསུངས། སྟག་སྤྱང་རོལ་པའི་རྒྱུད་ལས། ཡུམ་བཤད་མ་ཐག་པ་ལྟར་ལ། ཡབ་སྲིན་པོ་སྤྲེའུའི་གདོང་ཅན་དང་ཡུམ་བདུད་མོ་ཁྲག་གདོང་མ་ཉོན་མོངས་རང་ག་མར་འཁྲིགས་པ་ལས་སྲས་མོན་པ་ནག་པོ་སེམས་ཅན་གྱི་སྲོག་བདུད་ཤིན་ཏུ་མཐུ་རྩལ་ཆེ་བ་ཞིག་བཙས་སོ། །གཟའ་བདུད་མོན་པ་ཀེ་ཏ་དང་གཅིག་གོ །དེ་ཉིད་བདུད་ཁ་ལ་མེ་འབར་གྱིས་བསད་པའི་ཚུལ་བསྟན་ཏེ། སྐྱེ་བ་ཕྱི་མ་གཉན་གྱི་མགར་བ་རྡོ་རྗེ་བདེ་མཆོག་ཅེས་བྱ་བར་བཟོ་ལ་མཁས་པ་ཞིག་ཏུ་འཁྲུངས། རྒྱལ་པོ་བ་དྷི་ཛི་ན་ཞེས་བྱ་བས་སྙིང་ཕྱུངས་ཏེ་བ་ས། ཨ་ཙ་ར་ནག་པོ་རྫུ་འཕྲུལ་དང་ལྡན་པ་ཞེ་སྡང་ཆེ་ཞིང་

(༩༩༦)གསང་བའི་བདག་པོའི་ཞལ་མཐོང་ནུས་པ་ཞི་།།། ཆུང་མ་གནོད་སྦྱིན་གྱི་རིགས་དམར་མོ་ཤ་ཟ་སྙིང་འཕྲོག་མ་ཞེས་བྱ་བ་དང་འདུས་པ་ལས། བུ་གནོད་སྦྱིན་གྱི་རིགས་ཤིན་ཏུ་འཇིགས་པ་འབྲུག་སྒྲ་ལྡིར་ཞིང་། ལྕེ་གློག་ལྟར་འཁྱུག་པ་ཤ་ཁྲག་ལ་རོལ་བ་ཞིག་བཙས། དེ་ཕྱག་ན་རྡོ་རྗེ་འདུལ་བའི་དུས་ལ་བབས་པར་གཟིགས་ཏེ། སྲོག་གི་སྙིང་པོ་ཞེས་པས། བཛྲ་ས་དྷུ་ར་ར་རུ་རུ་ཞེས་པ་ནས་ཁ་རག་དཔལ་མོ་བཙུན་གྱིས་བསྐུལ་བསྐུལ། ཤ་མེད་གངས་དཀར་མས་གཏོར་གཏོར་གྱི་སྔགས་སོགས་བོད་རྦད་བསད་གསུམ་གྱི་སྙིང་པོ་ཕུལ་བར་གསུངས། དགེ་བསྙེན་དགྲ་གསང་ནག་པོའི་རྒྱུད་ལས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དྲག་པོ་ལྕང་ལོ་ཅན་གྱི་གནས་ན་འཁོར་ཚངས་པ་ལ་སོགས་པ་ལྷ་ཆེན་པོ་

(༩༩༧)བརྒྱད་དང་། ཁྱབ་འཇུག་ལ་སོགས་པའི་གཟའ་ཆེན་པོ་བརྒྱད་དང་། འཇོག་པོ་ལ་སོགས་པའི་ཀླུ་ཆེན་པོ་བརྒྱད་དང་། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་དང་། མིའམ་ཅིའི་རྒྱལ་པོ་རྟ་མགོ་ཅན་དང་། ལྷག་མ་ཡིན་གྱི་རྒྱལ་པོ་ཐག་བཟང་རིས་དང་། བགེགས་ཀྱི་རྒྱལ་པོ་བི་ན་ཡ་ག་དང་། གཞན་ཡང་མ་སྲིང་དྲག་པོ་སེམས་ཅན་ལ་འཚེ་བར་བྱེད་པ་སྲོག་དང་དབུགས་ལ་གནོད་པ་གྲངས་མེད་པས་བསྐོར་ནས་བཞུགས་སོ། །དེ་ནས་འཁོར་གྱི་ནང་ནས་ལྷ་ཚངས་པ་བསྟན་ལས་ལངས་ནས་གསང་བདག་ལ་ཕྱག་བཙལ་བསྐོར་བ་དུ་མ་བྱས་ནས། འདི་སྐད་ཅེས་ཞུས་སོ། ཀྱཻ། གསང་བའི་བདག་པོ་ལགས། འཇིག་རྟེན་གྱི་ཁམས་འདི་ན་གནོད་སྦྱིན་སེར་སྐྱ་ནག་པོ་ཞེས་བྱ་བ་འདི། འཁོད་བདུད་ཆེན་པོ་བཞིས་བསྐོར་ནས་

(༩༩༨)རོལ་དུ་ལྕགས་ཀྱི་སྤྱང་མོ་མགོ་དགུ་རོལ་པ། སླད་ནས་ཟངས་ཀྱི་འཕར་བ་ལྕེ་བརྒྱད་འབྲེང་བ། ཀླད་ནས་ལྕགས་ཀྱི་བྱ་ཁྱུང་ལྡིང་བ། ལས་སུ་སྲོག་གཅོད་ཅིང་ཐོག་དང་སེར་བ་འབེབས་པ། ཟས་སུ་ཤ་ཟ། སྐོམ་དུ་ཁྲག་དྲོན་འཐུང་བ་བློ་བུར་དང་ཡེ་འབྲོག་གིས་སེམས་ཅན་ཐམས་ཅད་ལ་འཚེ་བ་ཞིག །འཇིག་རྟེན་གྱི་ཁམས་འདི་ན་མཆིས་པས། འདི་དབང་དུ་བསྡུས་ནས་བསྟན་པ་ལ་གཉེར་དུ་གཏད་དུ་གསོལ། ཞེས་ཞུས་པས། གསང་བའི་བདག་པོས་བཀའ་སྩལ་པ། བསྟན་པ་ལ་རབ་ཏུ་དགའ་བའི་ལྷ་ཚངས་པ་ཆེན་པོ་ཁྱོད་ཀྱི་དེ་ལྟར་ཞུས་པ་ལེགས་སོ། །ཞེས་གསུངས་ནས། ཐུགས་ཞི་བའི་ངང་ལས་སྐུ་དྲག་པོ་ཁྲོས་པའི་ཚུལ་དུ་བསྟན་ཏེ། སྐུ་ཆེ་བ་ལས་ཡན་ལག་རགས་པར་སྤྲུལ་ནས་ལྕགས་ཀྱི་རྡོ་རྗེ་

(༩༩༩)སྲིད་པའི་རྩེ་མོར་གསོར་ཞིང་ཨ་ལ་ལའི་སྒྲ་དྲག་པོ་བྱུང་བས། སེར་སྐྱ་ནག་པོ་དེ་བདུད་བཞི་དང་བཅས་པ་བརྒྱལ་ལོ། །བརྒྱལ་སངས་པ་དང་། གསང་བདག་ལ་བཏུད་ནས་ཕྱག་འཚལ་ཞིང་འདི་སྐད་ཅེས་གསོལ་ཏོ། །དཔའ་བོ་ཆེན་པོ་ལགས། བདག་ཅག་འབངས་སུ་མཆིས་ལགས་ན། བདག་ཅག་ལ་དབང་བསྐུར་དུ་གསོལ། ལས་ཀྱི་གཉེར་གཏད་དུ་གསོལ། ཟས་ཀྱི་སྐལ་བ་གཏད་དུ་གསོལ། ཞེས་ཞུས་པས་བཅོམ་ལྡན་འདས་ཀྱིས་སྒྲོལ་བའི་གིང་དུ་དབང་བསྐུར་ནས། ལག་ཏུ་རྡོ་རྗེ་གཏད། གསང་མཚན་བཛྲ་ས་དྷུར་བཏགས། ལྕེ་ལ་བདུད་རྩི་བཞག །བསྟན་པ་ལ་གནོད་པའི་མི། ལོག་པའི་ལམ་དུ་ཞུགས་པ་རྣམས་ཀྱི་སྲོག་ཆོད་ཅིག །དེའི་ལོ་ཏོག་ལ་སོགས་པ་ལ་ཐོག་དང་སེར་བ་ཕེབ་ཅིག །ཅེས་བཀའ་

(༡༠༠༠)བསྒོས་ནས། བསྟན་པ་ནུབ་ནས། ཐར་པ་ཐོབ་པ་ལུང་བསྟན་ཅིང་དབང་བསྐུར་རོ། །དེ་ནས་སེར་སྐྱ་ནག་པོ་འཁོར་བདུད་བཞི་དང་བཅས་པས་གསང་བའི་བདག་པོ་ལ་བཏུད་ནས་བསྟན་པ་ལ་རབ་ཏུ་གནས་སོ། །ཞེས་གསུངས། ཡང་དེ་ཉིད་ལས། ཀྱཻ། གསང་བའི་བདག་པོ་ལགས། གནོད་སྦྱིན་དྲག་པོ་འདི་དང་པོ་རྒྱུ་ཅི་ལས་གྲུབ་པ་ལགས། ད་ལྟ་ཕ་མའི་ཆོ་འབྲང་ཇི་ལྟ་བ་ལགས། མཐུ་དང་སྟོབས་ཇི་ལྟར་མཆིས་ཞེས་ཞུས་པས། གསང་བའི་བདག་པོས་བཀའ་སྩལ་པ། ལྷའི་བུ་ཚངས་པ་ཉོན་ཅིག །གནོད་སྦྱིན་དྲག་པོ་འདི། དང་པོ་འཇིག་རྟེན་ཆགས་མཐག་ནས། ཤར་ཕྱོགས་ཀྱི་གྲོང་ཁྱེར་ར་ལྡ་བྱ་བ་ན། ཕ་ནི་རིག་པའི་བློ་གྲོས་ཞེས་བྱ་བ། །མ་ནི་རིགས་ངན་གྱི་བུ་མོ་ཀུ་ཤའི་མིག་གཉིས་མ་བྱ་བ་གཉིས་ཀྱི་བུ་རུ་

(༡༠༠༡)སྐྱེས་ཏེ། མིང་ནི་བྲམ་ཟེའི་སུ་ཏ་པ་རི་བྱ་བ་ཡིན་ནོ། །དེ་ཆུང་ངུ་ནས་རིག་པ་དང་ལྡན་པའི་བུ་གཅིག་བྱུང་སྟེ། ཕ་མས་གནང་བ་བྱས་ནས་ལོ་བཅུ་གཉིས་ནས་རབ་ཏུ་བྱུང་ངོ་། །བཅོ་ལྔ་ལོན་ནས་བསླབ་པ་ཡོངས་སུ་རྫོགས་པར་བྱས། བཅོ་བརྒྱད་ལ་ཡུལ་གྱི་འབྲེལ་པ་སྤངས་ཏེ། དཀའ་ཐུབ་ལ་བརྩོན་པར་བྱས་ནས། གྲོང་ཁྱེར་གྱི་ཤར་ཕྱོགས་སུ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ། རྩ་སྐུ་ཤའི་སྤྱིལ་བུ་བྱས་ནས་དཀའ་ཐུབ་དྲག་པོ་མཛད་དོ། །དུས་ནམ་ཞིག་ན་ཡུལ་ཁམས་ཀྱི་མིས་ཚོར་རོ། །དེར་བྲམ་ཟེ་སུ་ཏ་རིགས་སྔགས་ངན་པ་བསྒྲུབ་བོ་ཞེས་གྲགས་སོ། །ཡུལ་དེ་ན་རྒྱལ་པོ་ཨུད་པ་ལའི་གདོང་། ཞེས་བྱ་བ་དབང་ཆེ་བ། དཀར་པོའི་ཆོས་ལ་མི་དད་པ་ཞིག་ཡོད་པས་སྔགས་ངན་པ་སྒྲུབ་ན་ངའི་རྒྱལ་སྲིད་ལ་རྒོལ་ཞེས་

(༡༠༠༢)བྱ་བར་ཐོས་སོ། །དེར་རྒྱལ་པོ་དེ་ཐུགས་འཁྲུགས་ཏེ། བློན་པོ་རྣམས་ལ་དཀའ་བསྒོས་ནས། ཤར་ཕྱོགས་ན་བྲམ་ཟེ་སུ་ཏ་པ་རི་བྱ་བ། དེ་ངན་སྔགས་བསྒྲུབ་ཏེ་ངའི་རྒྱལ་སྲིད་ལ་རྒོལ་བས། དེའི་ཚེ་འདུ་བྱེད་དུ་ཐོང་ཞིག་ཅེས་བཀའ་བསྒོས་སོ། །དེ་ནས་བློན་པོ་རྣམས་ཚོགས་ནས། བྲམ་ཟེ་པུ་ཏ་པ་རིའི་རྩར་ཕྱིན་ཏེ། བྲམ་ཟེ་ལ་བློན་པོ་རྣམས་ཀྱིས་སྨྲས་པ། ཁྱོད་ངན་སྔགས་བསྒྲུབ་ནས་ཅི་བྱེད་ཅེས་དྲིས་སོ། །བྲམ་ཟེ་ན་རེ། ང་ནི་ངན་སྔགས་མི་བསྒྲུབ་སྟེ། །དཀར་པོའི་སྡོམ་པ་ལ་གནས་སོ། །ཞེས་ཟེར་རོ། །དེར་བཤད་ཀྱང་མ་ཉན་པར་བློན་པོ་རྣམས་ཀྱིས་སྤྱིལ་བུ་ལ་མེ་བཏང་ནས་བྲམ་ཟེ་དགེ་སློང་དུ་གནས་པ་བདེ་གསོན་བསྲེགས་བྱས་སོ། །དེར་བྲམ་ཟེ་བསམ་པ་ངན་པ་སྐྱེས་ཏེ། མེ་ལུམ་ནང་ནས་དམོད་མོ་བོར་རོ། །ང་སེམས་བསྐྱེད་ནས་དཀར་པོའི་སྡོམ་པ་ལ་གནས་པ་ལས་འདི་འདྲ་སྲིད་པ། ང་འདི་

(༡༠༠༣)ནས་ཚེ་འཕོས་མ་ཐག །གནོད་སྦྱིན་གདུག་པའི་བུར་སྐྱེས་ནས་མི་མཇེད་ཀྱི་འཇིག་རྟེན་འདི་རུ་ཐོགས་པ་མེད་པར་མཐུ་དང་ལྡན་པ། ལས་སུ་ཐོག་དང་སེར་བ་འབེབས་ཤིང་། ཟས་སུ་དབུགས་དང་སྲོག་ལ་དབང་བྱེད་པ་གཅིག་ཏུ་གྱུར་ཅིག །ཅེས་དམོད་བཙུགས་ཏེ་ཚེའི་དུས་བྱས་པ། དེ་ནས་དེའི་ཚེ་དུས་བྱས་མ་ཐག་ཏུ་རི་རབ་ཀྱི་ནུབ་བྱང་དུ་ཕ་ནི་ཞེ་སྡང་གི་རང་བཞིན་དམུ་རྗེ་བཙན་པོ་དང་། མ་ནི་འདོད་ཆགས་ཀྱི་རང་བཞིན་བདུད་མོ་སྨིན་དཀར་མ་དེ་གཉིས་འཁྲིག་པ་སྤྱད་པས་ཟླ་བ་བདུན་ལོན་ནས། སྟག་གི་ལོ་དགུན་ཟླ་ར་བའི་ཚེས་གཅིག་ལ་ལྕགས་ཀྱི་གྲོད་པ་གཅིག་སྐྱེས་སོ། །གྲོད་པ་དེ་གནམ་ལ་འཕུར་ཞིང་། ས་ལ་བརྡེག་པ་གཅིག་བྱུང་ངོ་། །མ་ཡིས་བལྟ་ཡང་མ་ནུས་ཏེ། །ཡབ་ཀྱིས་བླངས་ནས་དུག་སྡིང་ན་གྲོ་

(༡༠༠༤)ཏའི་རྩར་ཁ་ཕྱེ་སྟེ་བལྟས་པས། ལྕགས་ཀྱི་མི་རེང་འཇིགས་པའི་ཆ་བྱད་ཅན་ཞིག་འདུག་གོ །ཡབ་ཀྱིས་བླངས་ནས་མིང་གདགས་སྙམ་པས། ཁོ་མ་ཉན་པར་རི་རབ་ཀྱི་ཟུར་ལ་བྲོས་སོ། །རི་རབ་ཆེན་པོ་ཡང་མེ་རུ་འབར་ཏེ། གླིང་བཞི་ཐལ་བར་བརླག་པར་དེས་བྱས་སོ། །རི་རབ་ལ་གནས་པའི་ལྷ་མ་སྲིན་དམ་ཅན་རྣམས་ཀྱིས་ཁོ་ལ་བསྟོད་དེ་འབངས་སུ་ཁས་བླངས་སོ། །དུས་དེར་དམུ་བདུད་བསིའི་བུ་གཅིག་པ་དང་། གཟའ་བདུད་བི་ནུ་རཱ་ཛ་དང་། ཀླུ་བདུད་རྒྱ་མཚོ་འཁྲུག་བྱེད་དང་། བཙན་བདུད་ཤུའོ་བསིའི་རལ་པ་ཅན་དང་། དེ་བཞིས་ཀྱང་སྲོག་སྙིང་ཕུལ་ནས་ཁས་བླངས་སོ། །དེ་ནས་འཁོར་ཆེན་པོ་བཞི་དང་བཅས་ཏེ་གླིང་བཞི་རུ་འགྲོ་བ་ཡོངས་ལ་གནོད་ཅིང་། ཕ་མས་མིང་གདགས་སུ་མ་གཏུབ་བོ། །

(༡༠༠༥)དེ་ནས་ཕ་མ་དམོད་མོ་བོར་བ། ངེད་ལུས་ཀྱི་སྒྲོམ་བུ་ཕག་མའི་ངག་བཅག་ནས། མི་ཉན་ན་ཁྱོད་པས་ཀྱང་དབང་ཆེ་བ་གཅིག་མི་མངོན་དབྱིངས་ནས་ཤོག་ལ། ཁྱོད་དེའི་བྲན་དུ་བྱེད་པར་ཤོག་གཅིག་པར་སྨོན་ལམ་བཏབ་བོ། །དེའི་དབང་གིས་ད་ལྟ་དམ་ལ་བཏགས་ཏེ་ངའི་བསྟན་པ་ལ་གནས་པ་རྣམས་ཀྱི་བཀའི་བྱ་ར་སྔགས་ཀྱི་སྲུང་མ་སྟེ། དེའི་མཐུ་དང་རྫུ་འཕྲུལ་ནི་བསམ་གྱིས་མི་ཁྱབ་པ་བྱུང་བ་ཡིན་ནོ། །ཞེས་གསུངས། འདིར་སེར་སྐྱ་ནག་པོ་སྟག་ལོའི་དགུན་ཟླ་ར་བ་ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་ལ་འཁྲུངས་པར་གསུངས་པ་དང་། གོང་དུ་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ལ་འཁྲུངས་པར་གསུངས་པ་འགལ་ལམ་སྙམ་ན་མི་འགལ་ཏེ། གདུལ་བྱ་སོ་སོའི་སྣང་ངོར་རྣམ་འགྱུར་ཐ་དད་དུ་

(༡༠༠༦)བསྟན་པར་ཤེས་པར་བྱའོ། །རྡོར་ལེགས་ཀྱི་རྒྱུད་ལེའུ་བཅུ་པ་ལས། ཧཱུྃ འདོད་ཁམས་ལྷ་རུ་སྐྱེས་པའི་ཚེ། ཛམླའི་རྒྱལ་པོ་ཀུན་དགའ་བོ༔ ཙནྡ་གུ་གུལ་དཀར་པོ་གསེར༔ རིན་ཆེན་ལྔ་བཞེས་དུས་ལ་བབ༔ ལྷ་མིན་ཐག་བཟང་རིགས་ཀྱི་སྲས༔ གསོ་བྱེད་བྱི་གདོང་མཚོན་ཆ་བརྡུང་༔ བྱི་ལའི་སྙིང་གི་མཆོད་པ་བཞེས༔ མགར་བ་ནག་པོའི་དུས་ལ་བབ༔ ལི་ཡུལ་སིངྒ་རྒྱལ་པོའི་སྲས༔ དཔའ་བོ་སྟག་འདུལ་སྐྱེས་བ་བླངས༔ སྟག་སྙིང་མཆོད་པ་འདི་བཞེས་ལ༔ རྒྱ་སྟག་ཁྲ་བོའི་དུས་ལ་བབ༔ དུད་འགྲོའི་ལུས་བླངས་སྤྱང་ཀིར་སྐྱེས༔ ར་ཕྱུག་གསད་ནས་ཤ་ཁྲག་གསོལ༔ ར་སྙིང་མཆོད་པ་འདི་བཞེས་ལ༔ ལྕགས་སྤྱང་སྔོན་མོའི་དུས་ལ་བབ༔ དམྱལ་བར་སྐྱེས་དུས་རྣམ་སྨིན་གྱིས༔ ལྕགས་སྡིག་མགོ་བོ་

(༡༠༠༧)དགུ་པར་སྐྱེས༔ ར་ཤ་ཟོས་ཤིང་ར་ཁྲག་འཐུང་༔ དམ་ལས་འདས་ན་གནས་ལ་འབེབས༔ ལྕགས་ཀྱི་སྡིག་པས་གནས་ལ་འབོར༔ ཡི་དགས་ལུས་ནི་བླངས་པའི་ཚེ༔ ཡབ་ནི་བདུད་བཙན་རོལ་པ་དང་༔ ཡུམ་ནི་བདུད་གཟའ་སྨིན་དཀར་བུ༔ བཙན་གོང་འུ་ཡུག་བྲག་ལ་གནས༔ བླ་མཁར་སྨུག་པོའི་གནས་ནས་བྱོན༔ ཞེས་གསུངས་པས་དེ་དག་ཀྱང་འགྲོ་བ་རང་ག་བའི་སྐྱེ་ཤིས་འཕོས་པ་ལྟ་བུའི་སྐྱེ་བརྒྱུད་དང་འགྲོ་བ་རང་ཚན་པ་མིན་པས་གདུལ་བྱའི་སྣང་ངོར་དེ་དང་དེར་བསྟན་པ་ཡིན་ནོ༔ དཔེར་ན་ལྷ་མོ་ཙཎྜ་ཞེས་པའི་རྣམ་འགྱུར་སྐུ་མདོག་དམར་པོ་གྲི་ཐོད་ཐོགས་པ་འདི་དུད་སོལ་མའི་སྐུ་སྔོན་མ་སྲིན་མོ་དྷ་ཤ་གྲྀ་ཝའི་ཆུང་མ་མཛད་མཁན་དེ་ཡིན་པར་བཤད་པས་དེ་ལྟ་ཚེ་འཕོས་

(༡༠༠༨)ནས་མེད་པ་ལྟ་བུར་སྣང་ན་ང་གདུལ་བྱའི་མོས་ངོར་གཤེགས་པའི་ཚུལ་བསྟན་པ་ལས་རྣམ་འགྱུར་སྔ་ཕྱི་གཉིས་ཀ་ཡང་ད་ལྟ་བཞུགས་པ་བཞིན་དུ་འདིའི་སྐྱེ་བརྒྱུད་ཀྱི་རྣམ་འགྱུར་རྣམ་འགྱུར་རྣམ་ཀྱང་དེ་ལྟར་ཤེས་པར་བྱའོ། །སྟག་ཤམ་པའི་གཏེར་བྱོན་གྱི་ཆོས་སྐྱོང་དགོངས་འདུས་ལས། ཡབ་གཅིག་དཀར་པོ་སྤྱན་གཅིག་དང་༔ ཡུམ་གཅིག་ཨེ་ཀ་ཛ་ཏི་ལ༔ སྲས་ནི་དམ་ཅན་རྡོ་རྗེ་ལེགས༔ ལས་མཁན་ཆེན་པོ་པེ་ཧར་བཅས༔ ཅེས་ཡབ་དཀར་པོ་སྤྱན་གཅིག་དང་༔ ཡུམ་ཨེ་ཀ་ཛ་ཏི་ལ་སྲས་རྡོ་རྗེ་ལེགས་པ་འཁྲུངས་པར་གསུངས། ཡབ་དཀར་པོ་སྤྱན་གཅིག་གིས་བསྟོད་པའི་སྐབས་སུ། ལྷོ་ཕྱོགས་གསེར་མཁར་ཤེལ་སྒོ་ནས༔ ཕ་ནི་སྤྱན་བདུད་ཆེན་པོ་ལ༔ མ་ནི་མ་བདུད་ཆེན་མོ་ཡིན༔ སྐྱེས་བུ་སྲོག་གི་ཤེལ་གིང་

(༡༠༠༩)ཆེ༔ སྐུ་ལ་འོད་འཕྲོ་ཤེལ་རབ་ཅན༔ དཔྲལ་བར་སྤྱན་གཅིག་ཞལ་འཚེམས་གཅིག༔ གཡས་པས་སྤུ་གྲི་གཡོན་ཀི་ཞགས༔ ཆིབས་སུ་སེངྒེ་དཀར་མོ་ཆིབས༔ ཚངས་པ་ལི་བྱིན་ཧར་ལེགས་ཞེས༔ ཉི་མ་པང་རྒྱལ་ཁྱོད་ལ་བསྟོད༔ ཅེས་པ་དང་། ཡུམ་གྱི་བསྟོད་པའི་སྐབས་སུ༔ རྒྱ་གར་ཤར་ཕྱོགས་དུན་ཏིང་ནས༔ འཚུབ་མ་འཁྱིལ་བའི་ནང་ཤེད་ན༔ སྤྱང་མོའི་ཁྲི་ལ་ཞབས་གཅིག་པར༔ ཨེ་ཀ་ཛ་ཏི་རལ་གཅིག་མ༔ སྤྱན་གཅིག་ཚེམས་གཅིག་ནུ་གཅིག་མ༔ གཤོག་གཅིག་མ་ལ་ཨ་མ་ཆེ༔ གཡས་པ་ནད་ཀྱི་རྐྱལ་པ་འཛིན༔ གཡོན་པ་མི་སྟོང་ཞལ་དུ་གསོལ༔ རལ་གཅིག་མ་ལ་ཕྱག་འཚལ་བསྟོད༔ ཞེས་གསུངས། སྲོག་གཟེར་ནག་པོའི་རྒྱུད་ལས་གསང་བདག་གིས་རྡོར་ལེགས་དམ་ལ་བཏགས་ཚུལ་བཤད་ནས་སྲོག་སྙིང་

(༡༠༡༠)ཕུལ་བའི་སྔགས་ལ་ཨོཾ་བཛྲ་སཏྭ་ས་མ་ཡ་ཨ་ཏྲི་སེམས་དཔའ་རམ་བམ་སྲོག་ལ་ཛཛ སོགས་རྒྱལ་པོའི་སྲོག་སྔགས་བྱུང་ཞིང་། གུ་རུ་ཇོ་རྩེས་ཀོང་པོ་གྲི་ལྷ་རྩེ་ནོན་ནས་སྤྱན་དྲངས་པའི་རྡོར་ལེགས་སྟག་ཞོན་གྱི་བསྙེན་སྔགས་ལ་ཡང་། ར་ཛ་སིདྡྷི་ཐིབས་ཛ ར་ཛ་ཨ་ཧོ་བྷྲུཾ༔ ཤ་མ་རུ་ཏི་མ་ཧོ་ཛ༔ མ་ལེ་ཐུན། མཱ་ལེ་རཱ་ཛ་ཡ་བྷྱོ༔ ཞེས་རྒྱལ་པོའི་སྲོག་སྔགས་ཉིད་བཅོས་མེད་དུ་བྱུང་བས་དཔེ་ཧར་སོགས་དང་གཅིག་ལ་ཕྲིན་ལས་དོན་བཅུ་མ་ལས་ཀྱང་། ལྷོ་ཕྱོགས་གསེར་གྱི་སྒོ་ཕྱེ་ལ༔ འགར་བ་དབང་ཕྱུག་སྐུ་སྐྱོད་གཅིག །ཅེས་གསུངས་པ་རྡོར་ལེགས་ལ་གོ་དགོས་སོ༔ སྒྲུབ་བསྐོར་དེ་ཉིད་ལས། ཕ་མོན་པ་ནག་པོ༔ ཡུམ་མོན་མོ་ནག་མོ༔ སྲས་དམ་ཅན་མགར་བ་ནག་པོ༔ སྟག་ཞོན་བདུན་འགྲོས༔ གཡས་ཀྱི་མདའ་ར་བ་སྐོར་རྒྱལ་སྦལ་ནག༔ གཡོན་གྱི་མདུང་ར་

(༡༠༡༡)བ་འབྱི་ཆེན་ངར་ཆེན༔ སྔོན་གྱི་ལས་མཁན་བདུད་ནག་པོ་དོམ་ཞུ་ཅན༔ རྒྱབ་ཀྱི་ཤུལ་འདྲེན་པ་ཕོ་རོག་གཡག་སློག་ཅན༔ ལས་མཁན་སྲོག་བདུད་ནག་པོ༔ ཚེ་ལེན་གཟའ་བདུད་ཆེན་པོ༔ སྲོག་གཅོད་རཱ་ཙ་དམར་པོ༔ སྣ་ཁྲིད་ཤུ་བོ་ལག་རིངས༔ སྲོག་བདུད་བཤན་པ་ལག་དམར༔ ཚེ་ལེན་ཤུ་བ་སྲོག་ལེན༔ ལྟས་ངན་མྱོས་པ་དམུ་བདུད༔ ཝ་ལ་ལག་རིངས་ཞེས་པའང་འདུག །ལྟས་ངན་གྱི་རྒྱལ་པོ་རྡོ་རྗེ་ལེགས་པ༔ སྨྱོ་འབོག་གཏོང་བར་བྱེད་པའི་ནག་པོ་སྟག་ཐོད་བདུན་བརྒྱ་ཉི་ཤུའི་རྩ་བ༔ སྟོང་སྡེ་དྲུག་ཅུའི་སྟོང་དཔོན་ཞེས་པ་དང་༔ སུམ་རྒྱ་དྲུག་ཅུའི་གྲོས་ཕུག༔ ལྷ་འདྲེ་ཐམས་ཅད་ཀྱི་རྩ་བ༔ ཞེས་གསུངས་ཤིང་༔ བསྐུལ་གྱི་སྐབས། དམ་ཅན་མགར་བ་ནག་པོ་སྤྱན་འདྲེན་གཤེགས་སུ་གསོལ༔ མིའུ་ཐུང་ནག་པོ་སྤྱན་འདྲེན་གཤེགས་སུ་གསོལ།

(༡༠༡༢)སྲོག་བདག་ཆེན་པོ་སྤྱན༴ སེར་སྐྱ་ཕུང་པོ༴ ལྕམ་མོ་གཡས་སྒྲོན༴ ཁྱེའུ་ཆུང་གཞོན་ནུ༴ ཟུར་ཕུད་ལྔ་པ༴ ཞེས་དཔེ་ཧར། ཐང་ལྷ། ཁྱབ་འཇུག །བདུད་མགོན། བཙན་རྒོད་སོགས་ངོ་བོ་གཅིག་པའི་འཁོར་གྱི་རྣམ་པ་གསུངས༔ རཏྣ་གཏེར་བྱོན་གྱི་གསོལ་ཁ་ཆེན་མོ་ལས། དཔྱིད་ཟླ་གསུམ་ལ་རླུང་ནག་འཚུབ་མའི་སྣ་འདྲེན་པ༔ དབྱར་ཟླ་གསུམ་ལ་སྤྲིན་ནག་དུད་ཀ་ལ་གནས་བཅས་ནས་ཆར་པ་འབེབས། སྟོན་ཟླ་གསུམ་ལ་བར་སྣང་ལ་གནས་བཅས་ནས་སད་དང་སེར་བ་འབེབས་པ། དགུན་ཟླ་གསུམ་ལ་སྐྱེ་བོ་ཡོངས་ཀྱི་ཚོགས་ཁང་འགྲིམས་ནས་སྐྱེས་པའི་བདུད་གཅོད་ཅིང་བུད་མེད་ཀྱི་སྲིད་ལ་བརྐུ་བ། ཆོས་བཟང་ལྷའི་མདུན་སར་ལྷ་ཆེན་བརྒྱད་ཀྱི་མདུན་བསྐུལ་མཛད་ཅིང་ལྷ་དམག་གི་ཏུ་འདྲེན་པ། གཟའི་རྒྱལ་པོ་རཱ་

(༡༠༡༣)ཧུ་ལས་དབང་བསྐུར་ནས་གཟའ་ཆེན་པོ་བརྒྱད་ཀྱི་དམག་དཔོན་མཛད་ཅིང་རྒྱུ་སྐར་རྣམས་ལ་དབང་མཛད། ཀླུའི་རྒྱལ་པོས་དབང་བསྐུར་ནས་ས་བདག་ཀླུ་ལ་དབང་བསྒྱུར་བ༔ ས་བདག་འཇིགས་པར་གྱུར་ཅིང་ནག་པོ་ཀླུའི་བུ་ལ་བདུད་ཀྱི་ཚ་བོ༔ ཉམས་པ་ཆམ་ལ་འབེབས་ཤིང་དགྲ་བོའི་སྲོག་ལ་དབང་མཛད་པ༔ གནོད་སྦྱིན་རྣམས་ཀྱིས་དབང་བསྐུར་བས། མཐུ་དང་རྩལ་དུ་ལྡན་པ། སྤྱན་རྩ་དམར་པོ་ནམ་མཁའི་དབྱིངས་སུ་གཟིགས་པ༔ ཕྱག་ན་རྡོ་རྗེས་དབང་བསྐུར་བས། སངས་རྒྱས་ཀྱི་བསྟན་པ་བསྲུང་བ། རྫུ་འཕྲུལ་ཅིར་ཡང་སྟོན་ཅིང་སྤྲུལ་པ་སྣ་ཚོགས་འགྱིད་པ༔ སྨོན་ལམ་གྱི་སྟོབས་འདི་འཇིག་རྟེན་གྱི་ཕུད་ལ་མཉེས་པ༔ ཆིབས་སུ་ཤེལ་གྱི་ར་སྐྱེས་ལ་ཆིབས་པ༔ སྐུ་ལ་དར་དམར་ངུར་སྨྲིག་གསོལ་བ། དབུ་ལ་ཞེ་རྐྱ་ལེ་བརྒན་བརྒྱན་པ༔ ཕྱག་

(༡༠༡༤)གཡས་ན་རྡོ་རྗེ་རྩེ་དགུ་བསྣམས་པ༔ གཡོན་པས་དགྲ་སྙིང་དམར་པོ་བསྣམས་པ༔ དགྱེས་སྡེ་སྨན་དང་བརྟན་མར་བཅས་ཤིང་༔ བཙན་འཁོར་སུམ་བརྒྱ་དྲུག་བཅུས་བསྐོར་བ་འཛིན་གིང་བཞི་བཅུ་རྩ་གཉིས་དང་བཅས་པ་ཁྱེད་རྣམས་བཞེས་གསུངས་པས་དུས་བཞིར་དབང་བསྐུར་བའི་སྒོ་ནས་འགྲོ་བའི་དོན་མཛད༔ རི་རབ་ཀྱི་རྩེ༔ རྒྱ་མཚོའི་གཏིང་། གླིང་བཞི། རྒྱ་གར། རྒྱ་ནག །མདོ་སྨད། ཤུན་གྱི་བྲག །དབུ་རུའི་ཞ་སྒྲང་ཡུལ་རིན་ཆེན་གླིང་། འུ་ཡུག །ཟམ་བུ་ལུང་། གཙང་ཆོས་འཁོར་ཚོང་འདུས་ལ་ལུང་མདོ་གཙང་། གྲི་ལ་རྩེ་ནོན། ལྷ་ལུང་རྫ་ཕྲང་། དཔལ་ཆེན་ལྷ་ཁང་སོགས་ཏེ་མདོར་ན་སྟོད་སྨད་བར་གསུམ་དུ་དམ་ཅན་འདིས་མ་ཁྱབ་པའི་ས་གཅིག་ཀྱང་མེད། གསོལ་ཁ་ཆེན་མོ་ལས། གཡས་ཀྱི་མདའ་ར་བ་འོད་དཀར་སྐྱེས་བུ་དྲུག༔

(༡༠༡༥)གཡོན་གྱི་མདུང་ཁྱིམ་པ་ནི་ཟངས་རའི་སྨུག་པོ་དྲུག༔ ཕྱིའི་བློན་པོ་གླང་མི་དབང་ཕྱུག་ཕྱུག་འབར༔ ནང་གི་བློན་པོ་སུ་དཀར་རྡོ་རྗེ་དབང་༔ ཞེས་པ་དང་། གཡས་ཀྱི་རུ་འདྲེན་པ་གཉི་བོ་སྐྱོང་གི་བཙན༔ གཡོན་གྱི་རུ་འདྲེན་པ་གུར་གྱི་ཐན་རྒོད་བཙན༔ སྔོན་གྱི་ཤུལ་སེལ་སྟོད་ལུང་མགུར་གྱི་བཙན༔ ཕྱིའི་རྗེས་མྱུལ་བ་བགྲང་ཡུལ་སྟོང་དཔོན་བཙན༔ གཡས་ཀྱི་མདའ་ར་བ་ཤུལ་རྗེ་ཆེན་པོ༔ གཡོན་གྱི་མདུང་ཁྱིམ་པ་ར་ཐོད་དཀར་པོ༔ ཞེས་གསུངས་པ་དེ་དགེ་བསྙེན་ར་མགོ་ཅན་པ་ཡིན༔ ཕྱིའི་བློན་པོ་འབྲང་ནག༔ ནང་གི་བློན་པོ་ཐོད་ནག །བཀའི་ཕྱག་ཚང་མགར་བ་ནག་པོ༔ སྐུའི་ཕྱག་བརྙན་བྲག་ལ་སྐྱེས་ཀྱི་འོད་རྒོད༔ གསུང་གི་ཕྱག་བརྙན་མཚམས་ཀྱི་

(༡༠༡༦)གསང་སྡོམ། ཐུགས་ཀྱི་སྤྲུལ་པ་རྒྱ་ཁྲོམ་མགོ་ཁྲོམ། ཡོན་ཏན་གྱི་ཕྱག་བརྙན་ངང་པ་ཕྱ་སངས༔ ཕྲིན་ལས་ཀྱི་ཕོ་ཉ་བཛྲ་ས་དྷུ༔ ཞེས་གསུངས་གཞན་ཡང་བརྟན་མ་བཅུ་གཉིས་ལས། ཇོ་མོ་ཁ་རག་གིས་སྲོད་ཀྱི་གསང་ཡུམ་དང་༔ གངས་དཀར་ཤ་མེད་མས་ཐོ་རེངས་ཀྱི་གསང་ཡུམ༔ ཀོང་བཙུན་དེ་མོས་གཏན་གྲོགས་ཀྱི་གསང་ཡུམ་མཛད་ཅིང་ཐམས་ཅད་ཀྱང་ལ་ལ་རྒྱལ་རིགས་ཀྱི་ཇོ་མོ་དཔོན་གཡོག་དུ་མའི་རྣམ་པ། ལ་ལ་རྗེ་རིགས་དུང་བཙུན་མའི་རྣམ་པ། ལ་ལ་བལ་མོ་དཀར་ཤོམ་པ། ལ་ལ་མོན་མོ་སྤྱི་བཅིངས་མའི་རྣམ་པ། ལ་ལ་བོད་མོ་ས་ལོ་མའི་རྣམ་པ་མཛེ་ཤིང་ཡིད་དུ་འོང་བ་འཇོ་སྒེག་གི་སྟང་སྟབས་ཅན་ཟུར་མིག་བལྟ་ཞིང་ཕྱག་རྒྱ་སྣ་ཚོགས་བསྒྱུར་བ། གླུ་གར་དང་རྩེར་འཇོར་དགའ་བ། དུང་ཚིག་དང་སྙིང་གཏམ་སྨྲ་བ། འཁྲིག་པའི་ལབ་གླེང་

(༡༠༡༧)བ། སྐྱེས་བུ་གཞོན་ནུ་བཅུ་གསུམ་ཕྱི་ནང་ཞྭ་གྱོན་ཞིང་ཁ་དོག་སྣ་ཚོགས་པའི་ཆུ་པ་ལྗང་དམར་གྱོན་པ། སྐ་རགས་རྒྱ་ཐིག་བཅིངས་ཤིང་རྐྱང་ལྷམ་མཆུ་རིངས་གསོལ་བ། སྡེ་སྣོད་གསུམ་གྱི་པུ་སྟི་ཐོགས་ནས་འུར་སྒྲ་བཅས་ཏེ་ཀློག་པ། སྔགས་ནག་མང་པོ་རཀྴའི་ཕྲེང་བ་ཐོགས་ཏེ་ངན་སྔགས་ཀྱི་ང་རོ་སྒྲོག་པ། གཞན་ཡང་ནང་བློན་ཀྱང་བུ་ཆུ་སོ། ཕྱི་བློན་ནག་པོ་གློག་འཕྲེང་། བན་བློན་ཁུ་ལེ་ལག་དགུ་སོགས་དང་། མོན་ཡུལ་སྡིངས་སུ་སྐྱེས་པའི་མོན་པ་སྐྲ་ཐོར་ཅོག་ཏུ་བཅིངས་པ། ལུས་ལ་གོས་ནག་གོན་ཞིང་ཐུ་བ་སྔ་ལོག་ཏུ་བརྫེས་པ། རྐང་ལག་གི་གདུ་བུ་ལྕགས་ལས་བྱས་པ། ལག་ན་ལྕགས་ཀྱི་མོན་མདུང་དང་སྟ་རེ་ཐོགས་པ། མོན་སྐད་ཧ་ལའི་སྒྲ་སྒྲོགས་པ་རྣམས། མོན་མོ་གླུ་གར་བསྒྱུར་བ་དུ་མས་བསྐོར་

(༡༠༡༨)ཞིང་། མདུན་ན་ལྕགས་ཀྱི་སྤྱང་མོ་དགུ་རྒྱུག་པ། གཡས་ན་དུང་གི་འཕར་བ་དགུ་རྒྱུག་པ། གཡོན་ན་ལྕགས་ཀྱི་དོམ་དྲེད་དགུ་རྒྱུག་པ། མཚམས་ནས་བཟངས་ཀྱི་འཕར་བ་དགུ་རྒྱུག་པ་སོགས་རྣམ་འགྱུར་གྱི་བཀོད་པ་སྒྲུབ་སྐོར་སོ་སོ་ནས་བསམ་ལས་འདས་པ་ཞིག་གསུངས། གོང་དུ་ཁུངས་སྨོས་པའི་དམ་ཅན་འདིའི་རྒྱུད་གཙོ་ཆེ་བ་རྣམས་འབད་པས་བཙལ་བས་རྙེད་ཅིང་། ཆུ་གླང་པོ་པདྨོ་བཀོད་དུ་བསྐྱོད་དུས་ཀོང་པོ་རྩེ་ལ་སྒང་གི་མཛོད་ནག་ནས་བྱུང་བར་གྲགས་པའི་རྡོར་ལེགས་སྟག་ཞོན་བདུན་འགྲོས་ཀྱི་སྒྲུབ་སྐོར་གུ་རུ་ཇོ་རྩེས་ཀོང་པོ་གྲི་ལ་རྩེ་རྣོན་ནས་གདན་དྲངས་པ་རྒྱལ་སྐོར་སྡེ་པས་བདག་ལ་བྱིན་བྱུང་བ་ལ་དམ་ཅན་འདིའི་སྒྲུབ་སྐོར་གྱི་གཏེར་བྱོན་གཞན་དག་ལས་ཁྱད་འཕགས་པའི་བཤད་ཚུལ་མཐའ་ཡས་པ་སྣང་ངོ་། །ཕུར་བསྲུང་བཅུ་གཉིས་ནི་བརྟན་མ་བཅུ་གཉིས་ཡིན་

(༡༠༡༩)ལ། དེའི་མིང་པོ་གིང་གསུམ་ཡིན་པར་ཕུར་པའི་གཞུང་རྣམས་ལས་འབྱུང་བས། དེ་ལྟར་ན་གིང་གསུམ་གྱི་བཙན་གིང་རྡོར་ཡིན་པས་བརྟན་མ་བཅུ་གཉིས་དང་སྐུ་མཆེད་ཀྱི་རྣམ་པར་བཤད་པའི་ལུགས་ཀྱང་མཆིས་ཏེ་གདུལ་བྱའི་མོས་ངོར་ཡིན་ནོ། །རྒྱུས་དང་ལོ་རྒྱུས་རྣམས་ལས། ཡབ་ཡུམ་ལས་འཁྲུངས་ཚུལ་འཆད་པའི་སྐབས་སུ་སྐུ་མཆེད་སུམ་བརྒྱ་དྲུག་ཅུ་བལྟམས་ཚུལ་གསལ་བར་མ་བཤད་ཀྱང་མཆེད་འཁོར་སུམ་བརྒྱ་དྲུག་ཅུ་ཡོད་ཚུལ་གསོལ་ཁ་དང་སྒྲུབ་ཐབས་ཕལ་མོ་ཆེ་ལས་བྱུང་བས། གཙོ་བོ་ཉེ་ཐེ་བའི་སྐུ་མཆེད་སུམ་བརྒྱ་དྲུག་ཅུ་རེ་གཅིག་འཁྲུངས་པར་ཐེ་ཚོམ་མེད་དོ། །རཏྣའི་གཏེར་བྱོན་གྱི་གསོལ་ཁ་ཆེན་མོ་ལས། མཆེད་ཟླ་སུམ་བརྒྱ་དྲུག་

(༡༠༢༠)ཅུ༔ ཤར་ནས་མི་དཀར་རྟ་དཀར་བརྒྱ་ནི་འབྲིང་ཡུལ་སྟོད་ལ་མངའ་མཛད་པ༔ བྱང་ནས་མི་སྔོན་རྟ་སྔོན་བརྒྱ་ནི། མཚིམས་ཡུལ་སྟོད་ལ་མངའ་མཛད་པ། ནུབ་ སྒྲ་ཡུལ་ཞེས་ཀྱང་ཡོད། ནས་མི་དམར་རྟ་དམར་བརྒྱ་ནི་རྒྱ་གར་ཡུལ་ལ་མངའ་མཛད་པ༔ ལྷོ་ནས་མི་སེར་རྟ་སེར་དྲུག་ནི་བོད་ཡུལ་དབུས་ལ་མངའ་མཛད་པ༔ ཞེས་གིང་གི་སྡེ་མཚན་བཞིར་ཕྱེ་བའི་རྣམ་པར་གསུངས། སྟག་ཤམ་པའི་གཏེར་བྱོན་གྱི་རྡོར་ལེགས་སྒྲུབ་སྐོར་ལས། མཆེད་འཁོར་སུམ་བརྒྱ་དྲུག་ཅུ་ནི༔ སྟག་ཆ་ཅན་བརྒྱ་དང་ཉི་ཤུ༔ ཞུབ་ཅན་བརྒྱ་དང་ཉི་ཤུ༔ བཙུན་ཆས་ཅན་བརྒྱ་དང་ཉི་ཤུ༔ ཞེས་པ་དང་། རཏྣའི་གཏེར་བྱོན་གྱི་མདོས་གཞུང་ལས་ཞུབ་ཅན་བརྒྱ་དང་ཉི་ཤུས་སྐུ་ཡི་ཕྲིན་ལས་སྒྲུབ༔ ཞུབ་ཅན་བརྒྱ་དང་ཉི་ཤུས་

(༡༠༢༡)གསུང་གི་ཕོ་ཉ་མཛད༔ ཞུབ་ཅན་བརྒྱ་དང་ཉི་ཤུས་ཐུགས་ཀྱི་དགོངས་པ་མཛད༔ ཞེས་ཆ་བྱད་རྣམ་འགྱུར་གྱི་སྡེ་མཚན་གསུམ་པ་དང་གཅིག་ཏུ་གསུངས་པ་སྣ་ཚོགས་སྣང་། གཞན་ཡང་སྟག་ཤམ་གཏེར་བྱོན་ལས༔ ཧཱུཾ རེས་འགའ་མགོན་པོའི་སྡེ་དཔོན༔ ཆིབས་སུ་རྟ་ནག་རྟིང་དཀར་ཆིབས༔ ཞེས་གསུངས་པ་ནི་ཏྲགྴད་མ་ནིང་ལས་ཆས་ཀྱི་སྲོག་བདུད་དང་། དཔལ་མགོན་གྲི་གུག་སོགས་དང་གཅིག༔ ཧཱུཾ༔ རེས་འགའ་མ་མོའི་སྡེ་དཔོན་བྱེད༔ ཆིབས་སུ་དྲིའུ་རྟ་རྐང་གསུམ་ཆིབས༔ བསྡོངས་ཟླ་མ་མོ་འབུམ་གྱིས་བསྐོར༔ ཕྱག་མཚན་རལ་དྲི་ནད་རྐྱལ་བསྣམས༔ ཞེས་གསུངས་པས། ནམ་གྲུ་རེ་མ་ཏི་དང་། དམག་ཟོར་མ། དུད་གསོལ་མ། གསེར་གྱི་སྤུ་གྲི་མ་སོགས་དཔལ་ལྡན་ལྷ་མོ་རྣམས་དང་གཅིག་གོ༔ འདི་ནི་

(༡༠༢༢)རཏྣའི་གཏེར་བྱོན་གྱི་མདོས་མཆོག་ལས༔ ཕོ་ལ་མོར་བརྫུ་གུས་པ་བསྐྱེད༔ མོ་ལ་ཕོར་བརྫུ་ཆགས་པ་སྤྱོད་པར་བྱེད༔ ཅེས་གསུངས་པ་དང་གནད་གཅིག་གོ༔ ཧཱུྃ༔ རེས་འགའ་གཤིན་རྗེའི་སྡེ་དཔོན་བྱེད༔ ཆིབས་སུ་མ་ཧེ་ནག་པོ་ཆིབས༔ ཞེས་གསུངས་པས་ལས་གཤིན་ཕྱི་ནང་གསང་གསུམ༔ བེ་བ་སཏྭ༔ ཚེ་བདག་ནག་པོ། འཆར་ཀ་སོགས་དང་གཅིག ཧཱུྃ༔ རེས་འགའ་གནོད་སྦྱིན་སྡེ་དཔོན་བྱེད༔ ཆིབས་སུ་སྟག་མོ་བདུད་འགྲོས་ཆིབས༔ ཞེས་གསུངས་པས་རྣམ་སྲས་ཀྱི་སྐོར་རྣམས་དང་གཅིག༔ ཧཱུཾ༔ རེས་འགའ་བཙན་གྱི་སྡེ་དཔོན་བྱེད༔ ཆིབས་སུ་བཙན་རྟ་དམར་པོ་ཆིབས༔ བསྡོངས་ཟླ་བཙན་དམག་འབུམ་གྱིས་བསྐོར༔ ཕྱག་མཚན་མདའ་གཞུ་བཙན་ཞགས་བསྣམས༔ གྲི་འཐབ་གཏོང་བའི་མཐུ་བོ་ཆེ༔ ཞེས་གསུངས་པས། ཡ་བ་སྐྱ་

(༡༠༢༣)བདུན། བསེ་ཁྲབ་པ། རྫོང་བཙན་པ་སོགས་དང་གཅིག ཧཱུཾ༔ རེས་འགའ་ལྷ་ཡི་སྡེ་དཔོན་བྱེད༔ ཆིབས་སུ་སེངྒེ་དཀར་མོ་ཆིབས༔ བསྡོངས་ཟླ་ལྷ་དམག་འབུམ་གྱིས་བསྐོར༔ ཕྱག་མཚན་ཤེལ་གྱི་རལ་དྲི་བསྣམས༔ སྨྱོ་འབོག་གཏོང་བའི་མཐུ་བོ་ཆེ༔ ཞེས་གསུངས་པས་ཚངས་པ་དུང་ཐོད་ཅན། སྲོག་བདག་དཀར་པོ་སྙིང་འབྱིན། སྲོག་བདག་འོད་ཀྱི་རྒྱལ་པོ། ལྷ་གནམ་ཐེ་དཀར་པོ་སྲོག་དང་གཅིག ཧཱུྃ། རེས་འགའ་སྲིན་པོའི་སྡེ་དཔོན་བྱེད༔ ཆིབས་སུ་རོ་ལངས་དམར་པོ་ཆིབས༔ ཞེས་གསུངས་པས་ཕྱོགས་སྐྱོང་བཅོ་ལྔའི་ནང་མཚན་གྱི་སྲིན་པོ་དང་སྡེ་དཔོན་སུམ་ཅུའི་རཀྴ་གློག་ཕྲེང་སོགས་དང་གཅིག༔ ཧཱུྃ རེས་འགའ་འབྱུང་པོའི་སྡེ་དཔོན་བྱེད༔ ཆིབས་སུ་བ་གླང་སྣ་རིངས་ཆིབས༔ བསྡོངས་ཟླ་མ་མོ་འབུམ་གྱིས་བསྐོར༔ ཕྱག་

(༡༠༢༤)ན་ལྷུང་བཟེད་གསེག་ཤང་བསྣམས༔ བརྒྱལ་འབོག་གཏོང་བའི་མཐུ་བོ་ཆེ༔ ཞེས་གསུངས་པས། ཐུགས་ཀྱི་རྒྱལ་པོ་སོགས་སྐུ་ལྔ་རྣམས་དང་གཅིག༔ ཧཱུཾ༔ རེས་འགའ་གཟའ་ཡི་སྡེ་དཔོན་བྱེད༔ ཅེས་གསུངས་པས། ཁྱབ་འཇུག་རཱ་ཧུ་ལ། གཟའ་ཆེན་བརྒྱད་སོགས་དང་གཅིག༔ ཧཱུྃ༔ རེས་འགའ་བདུད་ཀྱི་སྡེ་དཔོན་བྱེད༔ ཆིབས་སུ་གཡུ་སྤྱང་ཁ་གདངས་ཆིབས༔ ཞེས་གསུངས་པས། རོང་ལྷ་རྒྱལ་མཚན། ཀུན་དགའ་གཞོན་ནུ། སྐྲག་མེད་ཉི་ཤར་སོགས་དང་གཅིག༔ ཧཱུཾ༔ རེས་འགའ་སྨན་མོའི་སྡེ་དཔོན་བྱེད༔ ཆིབས་སུ་སེངྒེ་དཀར་མོ་ཆིབས༔ ཞེས་གསུངས་པས་ཚེ་རིང་མ་སོགས་དང་གཅིག༔ ཧཱུཾ༔ རེས་འགའ་ཀླུ་བཙན་སྡེ་དཔོན་བྱེད༔ ཆིབས་སུ་ཆུ་རྟ་སྔོན་པོ་ཆིབས༔ ཞེས་གསུངས་པས་སྐྱེས་བུ་ཀླུ་བཙན་སོགས་དང་གཅིག༔ ཧཱུཾ༔ རེས་འགའ་ཐེའུ་རང་སྡེ་དཔོན་བྱེད༔ ཆིབས་སུ་

(༡༠༢༥)ར་སྐྱེས་ཁམ་ནག་ཆིབས༔ ཞེས་གསུངས་པས། སྡེ་བརྒྱད་སྣ་འདྲེན་གྱི་ཐེའུ་རང་རྡོ་རྗེ་ལེགས་པ་དང་གཅིག༔ ཧཱུཾ༔ རེས་འགའ་ཀླུ་ཡི་སྡེ་དཔོན་བྱེད༔ ཆིབས་སུ་ཆུ་རྟ་བོངས་ཆེན་ཆིབས༔ ཞེས་གསུངས་པས་གཟི་ཅན་ལ་སོགས་པའི་ཀླུ་རིགས་རྣམས་དང་གཅིག༔ ཧཱུྃ༔ རེས་འགའ་ས་བདག་སྡེ་དཔོན་བྱེད༔ ཆིབས་སུ་རུས་སྦལ་མགོ་དགུ་ཆིབས༔ ཞེས་གསུངས་པས༔ ཕྱོགས་སྐྱོང་བཅོ་ལྔའི་ནང་ཚན་གྱི་ས་བདག་སོགས་གཙོ་བོར་གྱུར་པའི་ས་བདག་རྣམས་དང་གཅིག༔ ཧཱུྃ༔ རླུང་དམར་གྱི་ལས་ལ་མངགས་པའི་བསྲུང་མ་ཡབ་རླུང་ལྷ་གསང་མི་ཐུབ་དང་༔ ཡུམ་སྲིན་མོ་དབྱེན་བཅུག་མཁན་གྱི་སྲས་ར་ཙ་པུ་རུ་གཟོང་བུའི་མཆུ་ཅན་སྲིན་མོ་རྣ་བརྙན་ཆེན་མོ་ཕྲ་མ་མཁན་དང་མིང་སྲིང་གཉིས་དང་སྤྲུལ་པ་གནམ་ཐེ་དཀར་པོ། ཕོ་ཉ་

(༡༠༢༦)དུད་འགྲོ་བཅུ། ཕྱག་བརྙན་འགོང་པོ་སྤུན་དགུ། དྲེགས་པ་ཉི་ཤུ་རྩ་ལྔ་དང་བཅས་པ་ཡང་ལྷ་མཆོག་འདི་ཉིད་དོ༔ གཞན་ཡང་རཏྣའི་གཏེར་བྱོན་གྱི་མདོས་གཞུང་ས། ཡབ་མགོན་པོ་སྟོང་རྗེ་དང་། ཡུམ་ཉི་བཟའ་ཁྲི་བཙན་མའི་སྲས་སུ་འཁྲུངས་པར་ཡང་གསུངས་ཏེ། ཉི་མ་ནུབ་ཕྱོགས་ཕ་གི་ན༔ ཡབ་ནི་མགོན་པོ་སྟོང་དང་རྗེ༔ ཡུམ་ནི་ཉི་བཟའ་ཁྲི་བཙུན་མ༔ ཡབ་ཡུམ་དེ་ཉིད་སྤྲུལ་པའི་སྲས༔ སྲས་ནི་རྡོ་རྗེ་ལེགས་པ་སྐྱོང་༔ སྐུ་ལས་སྤྲུལ་པའི་རང་བཞིན་ཅིར་ཡང་སྟོན༔ ལྷ་ཡི་འཁོར་སྐྱོང་རྡོ་རྗེ་ལེགས་པར་གྲགས༔ གཟའ་ཡི་འཁོར་སྐྱོང་སེར་སྐྱ་ནག་པོར་གྲགས༔ བདུད་ཀྱི་འཁོར་སྐྱོང་དུག་མདའ་ནག་པོར་གྲགས༔ བཙན་གྱི་འཁོར་སྐྱོང་རོལ་པ་ནག་པོར་གྲགས༔ འགར་བ་ནག་པོ་གནོད་སྦྱིན་སྡེ་དཔོན་མཛད༔

(༡༠༢༧)རྡོ་རྗེ་བདེ་ལྡན་སྨན་གྱི་སྡེ་དཔོན་མཛད༔ རྡོ་རྗེ་ཁྱུང་གཤོག་ཀླུ་ཡི་སྡེ་དཔོན་མཛད༔ རྡོ་རྗེ་གྲགས་ལྡན་སྲིན་པོའི་སྡེ་དཔོན་མཛད༔ རྡོ་རྗེ་འབར་བ་རྒྱལ་པོའི་སྡེ་དཔོན་མཛད༔ བརྩོན་འགྲུས་དོན་ལྡན་འཁོར་ཚོགས་མང་པོ་དང་ལ༔ ཞེས་གསུངས་ཤིང་རཏྣ་གླིང་པས་ལྡང་ལྷ་ཕྲ་མོ་བྲག་ནས་སྤྱན་དྲངས་པའི་རྡོར་ལེགས་ཀྱི་ལྕོག་རྡུངས་དམ་ཅན་ལྔ་བསྡུས་ལས༔ ཤར་ཕྱོགས་རྒྱལ་ཆེན་སྤུ་གྲི་འབར་བ་བདུད་པོ་ཟུར་ར་ར་སྐྱེས། མོན་པ་ནག་པོ་སྐྲ་འཐེན། བཙན་དམར་བཤན་པ་ཁུས་འདེབས་རྣམས་ཀྱིས་བསྐོར་ཏེ་ཕྲིན་ལས་མཛད་པར་གསུངས་པ་སོགས་ངོ་བོ་གཅིག་ལ་ཐ་དད་པའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ཏེ། བསྟན་བསྲུང་དམ་ཅན་ཐམས་ཅད་ཀྱི་རྗེ་བོར་བཞུགས་པ་ཡིན། སྤྱིར་དྲེགས་པ་ཅན་གྱི་རྣམ་འགྱུར་དང་གྲངས་ཚད་བྲིས་པས་ཙིར་ལངས་ཀྱང་འདིར་

(༡༠༢༨)ཁུངས་སྨོས་པ་ཙམ་གྱིས་ཀྱང་གསོལ་ཁ་ལ་སོགས་པའི་དུས་སུ་དད་ཤེས་ཀྱི་ངེས་ཤེས་འདྲེན་པ་དང་སྒོམ་བདེ་བའི་ཕྱིར་དུ་ཟུར་ཙམ་སྨོས་པ་ཡིན་ནོ། །དེ་ལྟར་དམ་ཅན་དུ་མ་དང་ཐུགས་རྒྱུད་གཅིག་ཀྱང་རྡོ་རྗེ་ལེགས་པར་གྲགས་པའི་ད་ལྟའི་རྣམ་འགྱུར་འདི་ཉིད་བཀྲ་ཤིས་ཤིང་སྒྲུབ་ཐག་ཉེ་བ་ཡིན་ཏེ། རཏྣའི་གཏེར་བྱོན་གྱི་རྡོར་ལེགས་ཀྱི་གསང་སྒྲུབ་སྲོག་གི་སྤུ་གྲི་ལས༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རིག་པའི་རང་རྩལ་དབང་ཡང་ཐོབ༔ ལྷ་སྲིན་ཀུན་གྱི་སྟོང་སྲོག་ཐོབ༔ དྲེགས་པའི་ཚོགས་ལ་དབང་ཡང་བསྒྱུར༔ ཁྱད་པར་དམ་ཅན་ཐིག་ལེ་རྩལ༔ པདྨ་ང་ཡི་བཀའ་ཡང་ཉན༔ སྙིང་ཉེ་དམ་གཙང་ལས་ལ་མྱུར༔ ཅེས་པ་དང་། དམ་གཙང་ལས་མྱུར་བཀྲ་ཤིས་སྙིང་ཡང་ཉེ༔ དགྲ་ལྷའི་སྡེ་དཔོན་བཛྲ་ས་དྷུ་སྟེ༔ ཞེས་པ་དང་། རཏྣའི་གཏེར་བྱོན་ལས་ཚོགས་རིན་ཆེན་སྤུངས་པ་ལས༔

(༡༠༢༩)ལར་ནས་སྐྱེས་བུ་འདི་སྙིང་ཉེ་དམ་གཙང་འདོང་སྣར་སྣ་ཐུང་ཟས་ནོར་འཚོ་བ་ལ་སྣ་རྣོ༔ མི་སྙིང་འཕྲལ་དུ་བསྒུལ་བར་ནུས་ཏེ་ཆོས་སྐྱོང་གི་མཆོག་ཡིན་ནོ༔ ཞེས་དང་། ཟས་ནོར་གྱི་རྒྱུ་མོ་རིག་ཐམས་ཅད་འདུའོ༔ ཞེས་པ་དང་། ནོར་སྒྲུབ་གནད་ཡིག་ལས། འགྲོ་བ་ཕོ་མོ་ཀུན་འདུལ་ཞིང་༔ ཁྱད་པར་བུད་མེད་ཀུན་ཡིད་འཕྲོག༔ བཀྲ་ཤིས་བྱིན་ཆེ་མི་ནོར་འཕེལ༔ མཐའ་ཡང་མི་ནུབ་རྒྱལ་མཚན་འདྲ༔ ཞེས་དང་། ནོར་ལྷ་ཆེ་མཚར་གྲངས་མང་ཡང་༔ སྒྲུབ་ཐག་རིང་ལ་འཁུལ་བ་དཀའ༔ འདི་ནི་དམ་ཅན་སུས་བསྒྲུབས་ཀྱང་༔ རྣོ་མྱུར་དངོས་གྲུབ་ཆར་ལྟར་འབེབས༔ བསྒྲུབས་པ་ནན་ཏན་ཆེར་འབད་ན༔ མི་བཞིན་དངོས་སུ་བཀོལ་དུ་བཏུབ༔ ཅེས་པ་དང་། སྟག་ཤམ་པའི་གཏེར་བྱོན་གྱི་དམ་ཅན་སྒྲུབ་སྐོར་ལས༔

(༡༠༣༠)སྐྱེས་བུ་འདི་ཕ་ཀླུ་ཡིན་པས་ལོངས་སྤྱོད་ཆེ༔ མ་དམུ་བདུད་ཡིན་པས་དབང་ཆེ༔ ཁོ་རང་བྲག་བཙན་ཡིན་པས་མཐུ་རྩལ་ཆེ༔ འཁོར་ནོར་ལྷ་ཡིན་པས་ལོངས་སྤྱོད་ཆེ༔ ཡུམ་རྡོ་རྗེ་གཡས་སྒྲོན་མ་ཡིན༔ ཡབ་ལྷ་ཡིན་པས་ངང་རིང་ལ་དངོས་གྲུབ་ཆེ༔ ཡུམ་སྨན་བཙུན་ཡིན་པས་སྙིང་ཉེ་ལ་ལས་མྱུར༔ མོ་རང་མཁའ་འགྲོ་ཡིན་པས་མཆོག་ཐུན་མོང་གཉིས་ཀ་འབྱུང་བས་ཤིན་ཏུ་ཟབ་བོ༔ ཁྱད་པར་པདྨ་ང་ཡི་བཀའ་བརྙན་དམ་ཅན་ཙམ་དྲལ་འདི་ཉིད་ཡིན་པས་ང་ཡི་ཆོས་བརྒྱུད་འཛིན་པ་རྣམས་ལ་ལུས་དང་གྲིབ་མ་བཞིན་དུ་སྐྱོང་བའོ༔ ཞེས་པ་དང་༔ དངོས་གྲུབ་ཐོགས་པ་མེད་པར་འབྱུང་བས་གསོངས་ཤིག༔ སྒྲུབས་ཤིག༔ བསྟེན་ཅིག༔ ཆིག་སྒྲིལ་དུ་གྱིས་ཤིག༔ ས་མ་ཡ། ཞེས་གསུངས། དེས་ན་རང་རེའི་བླ་མ་གོང་མ་རྣམས་ཀྱིས་བསྲུང་མའི་གཙོ་བོར་

(༡༠༣༡)འཛིན་བཞིན་པའི་ཆོས་སྐྱོང་གི་མཚན་གྱི་རྣམ་གྲངས་དང་རྣམ་འགྱུར་མི་འདྲ་བ་ངོ་གང་ཡང་མ་ཤེས་པར་ཚིག་ཙམ་ལ་འཁྲུལ་ནས་རྒྱུ་མཚན་ཡང་དག་མེད་བཞིན་དུ་པེ་ཧར་དང་། གཙང་བཙན་ལ་སོགས་པ་དྲེགས་པ་ཅན་ལ། ཕྱག་མཆོད་བྱ་མི་རུང་ཞེས་འགོག་ཅིང་སྐུར་པ་འདེབས་པའི་བཀའ་དམ་པར་སྨྲ་བ་དང་། རྟོག་གེས་དྲེགས་པའི་དགེ་བཤེས་སུ་རློམ་པ་དང་། རིག་པ་འཛིན་པར་ཁས་འཆེ་བ་མང་པོ་ཞིག་འཐོང་ཞིང་། རྡོར་ལེགས་ཆོས་སྲུང་དུ་བསྟེན་མཁན་རྣམས་ཀྱང་། སྟོང་སྲོག་གཅིག་འདུས་ཀྱི་ཡང་དག་པའི་མན་ངག་དང་། དམ་ཅན་འདིའི་ཁུངས་དང་རྣམ་འགྱུར་རབ་བྱེད་སོགས་ཡང་དག་པ་མ་མཐོང་བར་སོགས་ཆོས་སྲུང་ནང་ཕན་ཚུན་རྣམས་ཚ་གྲང་གི་རེག་བྱ་ལྟར་འཛིན་ཅིང་། དེའི་དབང་གིས་དམ་ཅན་འཁྲུགས་པ་ལྟར་སྣང་བའི་འཚུབ་

(༡༠༣༢)ལྷོངས་ཀྱང་རང་གི་རྣམ་རྟོག་གིས་ཤུགས་ཀྱིས་འདྲེན་པ་ཞིག་སྣང་བས་ད་ཕྱིན་ཆད་ནས་མན་ངག་གི་གནད་ཡི་གེ་འདི་དག་ལ་བརྟེན་ནས་རིག་པར་གྱིས་ཤིག །དེང་སང་གུ་དོག་རྐུབ་བཙུམ་གྱིས་དཔེ་ན་འཇིགས་བྱེད་མཁན་ལྟ་བུ་རང་ཞོགས་ལྟར་ཕྱོགས་གཏོར་གྱི་སྐབས་སུ་སྲིད་པ་གསུམ་གྱི་འབྱུང་པོའི་ཚོགས་དང་བཅས་པར་གྱུར་ཅིག །སྲིད་གསུམ་གྱི་འབྱུང་པོ་ཡོད་དོ་ཅོག་མགྲོན་དུ་བོས་ནས་གཏོར་མ་སྟེར་བའི་བསམ་མནོ་མ་བཏང་བར་དམ་ཅན་ཁྱད་པར་ཅན་འདིའི་བདག་གི་གསོལ་ཁ་བཏང་བ་ལ་དུག་སྦྲུལ་གྱི་གླི་མཐོང་བ་ལྟར་བྱེད་པ་ནི་ཤིན་ཏུ་རྨོངས་པའོ། །དམ་ཅན་འདིའི་རྣམ་འགྱུར་སྟོང་བདུད་ཚེ་བདུད་རྒྱལ་པོའི་ཚེ་བདག་ནག་པོའི་སྒྲུབ་སྐོར་ལག་ལེན་དང་བཅས་པ་འཕུང་བོན་མགོ་དམར་ནས་བརྒྱུད་དེ་རྡོ་རྗེ་འཛིན་པ་བློ་གསལ་རྒྱ་མཚོས། བདག་ལ་རྩལ་བའི་གསོལ་ཁ་ལས་

(༡༠༣༣)སྟོང་བདུད་ཚེ་བདག་དབྱིངས་ནི་བཞེངས། ཚོང་དཔོན་ཆེན་པོ༴ སྐྱེས་བུ་ཆེན་པོ༴ ཇག་དཔོན་ཆེན་པོ། ཨ་ཇོ་ཆེན་པོ༴ དགེ་སྙེན་ཆེན་པོ༴ དགྲ་ལྷ་ཆེན་པོ༴ ཞེས་པ་དང་། ཡང་གཅིག་སྐྱེས་བུ་སྤྲུལ་ཙ་ན། གསང་མཚན་རྡོ་རྗེ་ཐིག་ལེ་རྩལ། །སྐུ་ལ་ལི་ཁྲིའི་རལ་ག་གསོལ། །སྤྲུལ་པའི་དམག་གིས་སྟོང་གསུམ་ཁྱབ༔ དབང་རྟག་ཕྲེང་བ་ཕྱག་ན་བསྣམས༔ བན་བོན་མང་པོའི་སྤྲུལ་པ་ཅན༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། ཡང་གཅིག་སྐྱེས་བུ་སྤྲུལ་ཙ་ན༔ ཡ་བདུད་ནག་པོ་སྲོག་གི་བདག །ཕྱག་ན་ཕས་བྱིན་ཁྲམ་བམ་བསྣམས། །ཆིབས་སུ་བདུད་རྟ་ནག་པོ་ཆིབས། ཁྱི་སྤྱང་མང་པོའི་སྤྲུལ་པ་ཅན། ཁྱོད་ཀྱི༴ །ཡང་ཅིག་སྐྱེས་བུ་སྤྲུལ་ཙ་ན། །ཇག་དཔོན་ཆེན་པོ་མྱུར་མགྱོགས་ཅན། །མགྱོགས་བྱེད་སྤྲུལ་

(༡༠༣༤)པ་གློག་ལྟར་འཁྱུག །ཕྱག་ནས་ཐོག་དང་སེར་བ་འབེབས། །མི་ཆེན་མང་པོའི་སྤྲུལ་པ་ཅན། ཁྱོད་ཀྱི༴ །ཡང་གཅིག་སྐྱེས་བུ་སྤྲུལ་ཙ་ན། །ཚོང་དཔོན་ཆེན་པོར་ཡོངས་གྲགས་པ། །ན་བཟའ་འབྲུག་དང་བེར་ཆེན་གསོལ། །དབུ་ལ་ཐོར་ཚུགས་པུ་རུ་རུ། །ཟས་ནོར་ཐམས་ཅད་དབང་དུ་བསྡུས། །སྤྲུལ་པ་དུང་གི་མི་བོ་ཆེ། །སྐུ་ལ་དར་དཀར་འཇོལ་བེར༴ །ཕྱག་ན་མདུང་དར་དཀར་པོ་བསྣམས། །སྐྱེས་ཆས་ཚང་མ་རྐེད་ལ་བསྐོར། །སྟག་དོང་གཡས་ལ་གཟིགས་སྦུབས་གཡོན། །ཆིབས་སུ་གྲོ་སྔོན་གདོང་སྐྱ་ཆིབས༔ ངང་པ་གསེར་སྒོང་རོལ་དུ་ཁྲིད༔ སྟག་གཟིག་དོམ་དྲེད་མདུན་ན་རྒྱུག །གཡག་ལུག་ར་སྐྱེས་ཟུར་དུ་འགྱིང་། །བྱ་ནག་མང་པོ་ཀླད་ལ་ལྡིང་། ཁྱི་སྤྱང་འཕར་གསུམ་ཕྱི་ནས་འབྲང་། །དགྲ་བོའི་ཚེ་སྲོག་ཁོང་ནས་དྲོངས། ཁྱོད་ཀྱི༴ །ཡང་

(༡༠༣༥)གཅིག་སྐྱེས་བུ་སྤྲུལ་ཙ་ན། །ཕྱི་བློན་འགར་བ་ནག་པོ་ནི། །ཆིབས་སུ་ར་སྐྱེས་ཁམས་པ་ཆིབས། །ཕྱག་ན་ཁྲོ་ཆུའི་ཐོ་སྐམ་ཐོགས། །ཐོ་ཐོགས་སྟོང་གི་འཁོར་གྱིས་བསྐོར། །དགྲ་བོ་ཞུན་ཐར་ཐལ་བར་བསྐོ། ཁྱོད་ཀྱི༴ །ཡང་གཅིག་སྐྱེས་བུ་སྤྲུལ་ཙ་ན། ཁྱོད་ཀྱི་ནང་གི་བློན་པོ་ནི། །ཞང་བློན་དམར་པོ་གཡང་ཆུང་ཡིན། །ཆིབས་སུ་དྲེལ་ནག་ཁ་དཀར་ཆིབས། །སྐུ་ལ་བེར་ཁྲ་འཇོལ་བར་གསོལ། །དབུ་ལ་རྨོག་མོ་ལྡེམ་པ་གསོལ། །ཕྱག་ན་ཁྲོ་ཆུའི་རལ་དྲི་བསྣམས། །བསེ་ཡི་མདུང་ཆེན་ཀླད་ལ་བསྐོར། ཁྱོད་ཀྱི་གཡས་ཕྱོགས་མདའ་ར་ནི། །སྤྲུལ་པ་དུང་གི་སྐྱེས་བུ་དྲུག །ཆིབས་སུ་སྔོན་པོ་ཆུ་རིས་ཆིབས། །ཕྱག་ན་གནམ་ལྕགས་མདའ་གཞུ་ཐོགས། །ཀུན་ཀྱང་མདའ་སྒྲ་ཤ་ར་ར། ཁྱོད་ཀྱི་གཡོན་ཕྱོགས་མདུང་ར་བ། །སྐྱེས་

(༡༠༣༦)བུ་གསུམ་དང་མོན་པ་བདུན། །ཀ་ཆའི་ཕྱིར་འབྲང་ལྟས་ངན་འབེབས། །ཀུན་ཀྱང་མདུང་ཐུང་དགྲ་ལ་གཟིར། ཁྱོད་ཀྱི་ཐུགས་དམ་དུས་ལ་བབས། །ཅེས་ཀྱང་བྱུང་ངོ་། །བདུད་འདི་ནི་རྒྱལ་གསོལ་ཕྲིན་ལས་དོན་བཅུ་མ་ལས། །ནག་པོ་ཚེ་བདུད་དབྱིངས་ནས་བཞེངས། །ཞེས་གསུངས་པ་དེ་ཡིན་ནོ། །ཀརྨ་པ་ཆོས་གྲགས་རྒྱ་མཚོའི་སློབ་མ་ཀློང་ཆེན་རབ་འབྱམས་པར་གྲགས་པའི་དགེ་སློང་བསོད་ནམས་དཔལ་འབྱོར་གྱིས་མཛད་པའི་བསྟན་བསྲུང་དམ་ཅན་རྒྱ་མཚོའི་ལོ་རྒྱུས་དམ་ཅན་དགའ་བྱེད་ལས། གུར་མགོན་གྱི་ལོ་རྒྱུས་འཆད་པའི་སྐབས་སུ། དེ་ལྟར་རྩ་བའི་སྒྲུབ་སྐོར་གསུམ་དང་། མགོན་པོ་འདིའི་ཕྱོགས་སུ་ཡང་འབྲེལ་བ་གནོད་སྦྱིན་གོས་སྔོན་ཅན་གྱི་གདམས་ངག །གཞན་ཡང་འདིའི་ཕྱོགས་སུ་གཏོགས་པ་མུ་སྟེགས་ཤྲི་རལ་པ་ཅན་གྱི་སྔགས་རྒོད་མོན་ཆུང་རྐྱལ་རྦུད་ལ་སོགས་པ་བསྟན་པ་སྔ་དར་གྱི་

(༡༠༣༧)དུས་སུ་རིགས་འཛིན་པདྨ་སཾ་བྷ་ཝ་དང་ལོ་ཙཱ་བཻ་རོ་ཙ་ནས་བསྒྱུར་ཞིང་སྔ་འགྱུར་བ་རྣམས་མགོན་པོ་ཚོགས་བདག་ཏུ་བསྒྲུབ་པ་ལ། ཡང་དག་ཟླ་གམ་གཅིག་པ་ལ་སོགས་པའི་མཚན་གསོལ། བཀའ་སྡོད་དུ་བསྒྲུབས་པའི་གཙོ་བོ་ལ་སྲོག་བདག་དང་། འཁོར་ལ་པེ་ཧར་ཟེར་ཞིང་། གནོད་སྦྱིན་གོས་སྔོན་ཅན་ལ་གཙང་བཙན་དང་། མོན་ཆུང་རྐྱལ་རྦུད་ལ་དམོད་པ་དྲག་སྔགས་སུ་འདོགས་སོ། །ཞེས་ཉམས་མཚར་བར་བཤད་པ་ཡང་སྣང་ངོ་། །དེ་ལྟར་སྐྱེ་འགྲོའི་སྲོག་བདག་དམ་ཅན་ཆེན་པོ་འདི་ནི་ཚེས་གཅིག་ལ་བདུད་དུ་སྤྲུལ་ནས་ཤར་དུ་རྒྱུ། ཚེས་བཞིའི་སྲོད་འཁོར་ལ་ཡ་བདུད་དང་བསྡོངས་ནས་ཤར་ནས་ནུབ་ཏུ་རྒྱུ། ཚེས་བརྒྱད་ལ་སྨན་མོ་དང་བསྡོངས་ནས་ནུབ་ནས་ཤར་ལྷོར་རྒྱུ། བཅུ་གཅིག་ལ་བདུད་ནག་ཡོངས་དང་བསྡོངས་ནས་ལྷོ་ནས་བྱང་དུ་

(༡༠༣༨)རྒྱུ། བཅོ་ལྔའི་ཉིན་ཕྱེད་ལ་གནོད་སྦྱིན་དང་བསྡོངས་ནས་བྱང་ཤར་ནས་ལྷོ་ནུབ་ཏུ་རྒྱུ། བཅོ་བརྒྱད་ཀྱི་ནམ་ཕྱེད་ལ་བདུད་མོ་རྣམས་དང་བསྡོངས་ནས་ནུབ་ནས་ཤར་དུ་རྒྱུ། ཉེར་གཉིས་ལ་གཤིན་དང་བསྡོངས་ནས་ནུབ་ཏུ་རྒྱུ། ཉེར་ལྔ་ལ་ཟླུ་གཉན་དང་བསྡོངས་ནས་བྱང་ནས་ལྷོར་རྒྱུ། ཉེར་དགུའི་སྔ་དྲོ་ཅན་དང་བསྡོངས་ནས་ལྷོ་ནུབ་ནས་བྱང་ཤར་དུ་རྒྱུ། གནམ་སྟོང་ལ་ཀླུ་བདུད་དང་ས་བདག་དང་བསྡོངས་ཏེ་སྟེང་ནས་འོག་ཏུ་རྒྱུ། ཉི་མ་དྲོས་ཆུང་ལ་མ་མགོན་དུ་སྤྲུལ་ནས་རྒྱུ། དྲོས་ཆེན་ལ་གཟའ་བདུད་དུ་སྤྲུལ་ནས་ཉིན་ཕྱེད་ལ་ས་བདག་ས་སྲིན་དུ་སྤྲུལ་ནས་རྒྱུ། ས་རུབ་དགེ་བསྙེན་དང་གནོད་སྦྱིན་དུ་སྤྲུལ་ནས་རྒྱུ། སྲོད་ཡོལ་བཙན་དང་སྲིན་མོར་སྤྲུལ་ནས་རྒྱུ། ནམ་ཕྱེད་བཙན་རྒོད་མ་ཡམས་སུ་སྤྲུལ་ནས་རྒྱུ། ཐོ་རེངས་བདུད་

(༡༠༣༩)སྲིན་ཐེའུ་རང་དུ་སྤྲུལ་ནས་རྒྱུ་བར་སྟག་ཤམ་པའི་གཏེར་བྱོན་དམ་ཅན་གྱི་འགྱུ་དུས་སྟོན་པའི་མན་ངག་ལས་གསུངས། དམ་ཅན་རྒྱ་མཚོའི་ནང་ནས་རྣོ་མྱུར་ཕྲིན་ལས་ཀྱི་མཛད་པ་གཞན་ལས་ཁྱད་པར་དུ་འཕགས་པའི་ལྷ་མཆོག་འདི་ཉིད་ཀྱི་སྒྲུབ་སྐོར་གདམས་པའི་བཀའ་སྲོལ་གཏེར་བྱོན་གྱི་རིམ་པ་མཐའ་ཡས་པ་ཞིག་སྣང་བ་ལས་རཏྣ་གླིང་པའི་གཏེར་བྱོན་གཙོ་བོར་གྱུར་པའི་དམ་ཅན་འདིའི་ཆོས་སྐོར་རྣམས་ཆོས་རྒྱལ་གཏེར་བདག་གླིང་པ་ལས་བརྒྱུད་དེ་རྡོ་རྗེ་འཛིན་པ་ཆེ་མཆོག་འདུས་པ་རྩལ་གྱི་སྤྱན་སྔར་ལེགས་པར་ཐོབ། བདག་ཅག་རྣམས་ཀྱི་རིགས་བརྒྱུད་ལ་ལྷག་པར་འགོ་ཞིང་། གལ་གག་ནམ་བྱུང་གི་དུས་སུ་རྨི་ཉམས་དུ་མར་བླང་དོར་གྱི་ལུང་གསོལ་པོར་བསྟན་ཏེ་བར་

(༡༠༤༠)ཆད་ཀྱི་འཕྲང་ལས་བསྒྲལ་བས་བཀའ་དྲིན་ཆེ། མེ་རྟ་ལོ་ཟངས་རི་ཁྲ་ཚལ་དུ་བསྐྱོད་དུས་ལྷ་ལུང་རྫ་འཕྲང་གི་དམ་ཅན་པའི་མཁར་མདུན་དུ་གསེར་སྐྱེམས་ཆད་པས་ངེད་རང་གི་ཞོན་རྟ་བློ་བུར་དུ་ན་བ་དང་། གསོལ་ཁ་ཕུལ་དུས་ངོ་ཆེ་ཞིང་རྟགས་ཐོན་པ། ས་བྱ་ལོ་པདྨོ་བཀོད་དུ་བསྐྱོད་སྐབས་གྲི་ལ་རྩེ་རྣོན་གྱི་རི་བོ་གནམ་ལྕགས་འབར་བའི་མདུན་ནས་འཐོན་གདོང་དེར་འཁྲེན་ཉམས་ཀྱི་འཚུབ་ལྷོངས་ཤིན་ཏུ་ཆེ་བ་སོགས་དམ་ཅན་ཉིད་འདུ་བའི་རྟགས་མཚན་རྣམ་པ་ཐམས་ཅད་དུ་ངེས་པར་འོང་གི་འདུག་སྟེ། སློབ་དཔོན་ཆེན་པོ་པདྨའི་ཐ་ཚིག་ལས་ནམ་ཡང་མི་འདའ་བའི་འབྲས་རྟགས་ཁྱད་པར་དུ་སེམས་སོ། ༈ །ཆོས་འཁོར་རྒྱལ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་གཞི་བདག་དུས་ཕྱིས་རང་རེའི་རྣམ་གྲོལ་གླིང་གི་བསྲུང་མར་སྤྱན་

(༡༠༤༡)དྲངས་པ་དམག་དཔོན་ཆེན་པོ་ཇོ་བོ་རྒྱལ་མཚན་པ་འདི་ནི་ངོ་བོ་འཕགས་པ་ཐུགས་རྗེ་ཆེན་པོའི་རྣམ་འཕྲུལ་དུ་པཎ་ཆེན་ཆོས་ཀྱི་རྒྱལ་པོ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཇོ་བོ་ཕྱི་ནང་དཀར་བའི་གསོལ་མཆོད་དུ་གསུངས་ཤིང་། དེ་དང་འདི་ཉིད་གཅིག་ཡིན་ལ། འདི་ཉིད་ཀྱི་རྩ་བའི་ཁུངས་ཡིད་ཆེས་ཀྱི་གནས་སུ་གྱུར་པ་ནི། བཀའ་གདམས་གླེགས་བམ་རིན་པོ་ཆེའི་ལེའུ་དྲུག་པོ་ཆོས་རྒྱལ་དད་པ་བརྟན་པའི་རྣམ་ཐར་ལས་རྟོགས་དགོས་པས་དེ་ནས་ཇི་ལྟར་གསུངས་པ་བཅོས་མེད་དུ་བཀོད་པ་ནི། སྔོན་ཤར་ཕྱོགས་བྷཾ་ག་ལ་ཞེས་བྱ་བ་ན། རྒྱལ་པོ་བྷཾ་ག་ཞེས་བྱ་བ་ལ་བཙུན་མོ་ནོར་འབྱིན་མ་ཞེས་བྱ་བ་ཞིག་ཡོད་དེ། དེ་ལ་སྲས་ཤིག་འཁྲུངས་ཏེ། སྐྱེས་མ་ཐག་ནས་མི་ངུ་བ། རབ་ཏུ་བྱུང་བ་དང་། དཀོན་མཆོག་གི་རྟེན་གསུམ་མཐོང་བ་ན་དེའི་ཕྱོགས་སུ་ཕ་མས་བཟུང་ཡང་མི་ཉན་

(༡༠༤༢)པར་འགྲོ་བ། གུས་པའི་རྣམ་འགྱུར་མང་པོ་བྱེད་པ་ཞིག་བྱུང་བས། མ་ན་རེ་བུ་འདི་ལྟར་ཆུང་བ་ནས་དཀོན་མཆོག་གི་ཕྱོགས་སུ་འདི་ལྟར་དད་པའི་རྣམ་འགྱུར་ཆེ་བ་ཞིག་འདུག །ད་བཟོད་འདི་ལ་དད་པ་བརྟན་པ་གཅིག་འོང་ཟེར་ནས། བུ་དེའི་མིང་ཡང་དད་པ་བརྟན་པར་བརྟགས། དེ་བཞིན་དུ་ཆེར་སོང་ཞིང་དད་པ་བརྟན་པ་དཀོན་མཆོག་གི་ཕྱིར་དུ་ཤ་ཁྲག་ཐོང་ཟེར་ཀྱང་གཏོང་ནུས་པ་ཞིག་བྱུང་། གཟུགས་ཀྱང་གསེར་གྱི་ཁ་དོག་ལྟ་བུ་ལྟ་བས་མཆོག་མི་ཤེས་པ་ཀུན་གྱི་ཡིད་འཕྲོག་པ་ཞིག་བྱུང་། རྒྱལ་པོ་ཆེན་པོ་བྷཾ་ག་དེ་ནི་མངའ་རིས་ནམ་མཁའ་བཞིན་དུ་མཐའ་རྒྱས། རྒྱལ་འབངས་སྐར་མའི་ཚོགས་ལྟར་གྲངས་མང་། རྒྱལ་རྒྱུད་ཉི་ཟླ་བཞིན་དུ་ཟིལ་ཆེ། དགེ་བའི་མཚོ་ལ་དད་གུས་ཀྱི་པདྨོ་འཁྲུངས་ཏེ། རང་གི་ཕོ་བྲང་ལྷའི་གཞལ་ཡས་ཁང་འདྲ་བ་དེར། འཇིག་རྟེན་གྱི་མགོན་པོ་སངས་རྒྱས་དང་དེའི་ཡུལ་

(༡༠༤༣)གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པ་དང་། དེ་ལ་སློབ་པར་བྱེད་པ་ཚུལ་ཁྲིམས་སྣ་རེ་བསྲུང་བ་ཡན་ཆད་མཚོའི་པདྨའི་ཟེའུ་འབྲུའི་སྟེང་དུ་སེམས་རྩེ་གཅིག་ཏུ་མཆོད་པར་བྱེད་ནའང་། ད་དུང་བདུད་སྡིག་ཏོ་ཅན་གྱི་དགྲ་མ་ལུས་པར་མ་མཆོམས་པས། དགའ་རབ་དབང་ཕྱུག་གཉིས་ཀྱི་རྟོགས་པ་ལ། ཤར་ཕྱོགས་བྷཾ་ག་ལའི་རྒྱལ་པོ། བྷཾ་གར་གྲགས་པ་འདི་ཡར་དཀོན་མཆོག་ལ་མཆོད་པའི་དད་པ་ཅན། མར་མ་རབས་སྐྱོང་བའི་སྙིང་རྗེ་ཅན། བར་དུ་རྒྱལ་སྲིད་སྐྱོང་བའི་ཕྱི་ཐག་ཅན། བློན་འབངས་བཀྲ་ཤིས་པའི་བསོད་ནམས་ཅན་འདི་ལ་བཙུན་མོའང་དེ་དང་མཚུངས་པས་རྒྱལ་སྲིད་སྐྱོང་བ་ལ་ངེས་པར་དགོས་པའི་བུ་དང་ནོར་འབྱིན་པར་བྱེད་པ་བཞིན་འཛུམ་ཞིང་མཛངས་ལ་ཕུན་སུམ་ཚོགས་པའི་གོས་ཀྱིས་བརྒྱན་པ། ངོ་ཚ་དང་ཁྲེལ་ཡོད་ཀྱི་སྐེ་རགས་བཅིངས་པ། རང་ལ་འཁོར་ཚད་བུ་ལྟར་དུ་སྐྱོང་བའི་བུད་མེད་

(༡༠༤༤)རིན་པོ་ཆེ་ཞིག་འདུག ཁོས་བུ་འདི་ཡང་གཟུགས་དང་ན་མ་སྨིན་པ་ནས། དད་པ་དང་སྙིང་རྗེ་སྨིན་པ་ཞིག་འདུག །ངེད་ཅག་གི་ཡུལ་ལས་འདའ་ངོ་ཤེས་པའི་གཟའ་མི་འགའ་ཞིག་འདུག་པས་སེམས་ཅན་གཞན་ཡང་ངའི་ཡུལ་ལས་ཕྲལ་ན་མི་རུང་བས། འདི་དག་ལ་བར་ཆད་གཅིག་བྱ་དགོས་སྙམ་པ་དང་། བདེ་བ་ཅན་ནས་དགེ་སློང་མྱ་ངན་དང་བྲལ་བ་ཞེས་བྱ་བ་མངོན་པར་ཤེས་པ་ཐོགས་པ་མེད་པར་མངའ་བ་ཉན་ཐོས་ཀྱི་ཆ་ལུགས་བཟུང་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པར་ཐར་པ་སྐྱོང་བ་ཞིག་ཡོད་པ་དེས། བཙུན་མོ་ནོར་འབྱིན་མ་ཞེས་བྱ་བ་དད་པ་ཕུན་སུམ་ཚོགས་པ་དང་ལྡན་ཏེ། སེམས་ཅན་གྱི་ལས་ལ་བདུད་སྡིག་ཏོ་ཅན་གྱི་བར་དུ་བཅད་དེ་འགྲོ་བར་མཁྱེན་དེར་མ་ཟད་རྒྱལ་པོ་དང་རྒྱལ་བུ་ལའང་བར་ཆད་ཆེན་པོ་འོང་། དེ་ལ་བརྟེན་ནས་སེམས་ཅན་ཕལ་གྱི་བདེ་སྐྱིད་མཛད་པར་མཁྱེན་ནས།

(༡༠༤༥) རྫུ་འཕྲུལ་ཐོགས་པ་མེད་པས་སཾ་།།།བྷཾ་ག་ལའི་ཕོ་བྲང་དུ་བྱོན་པ་དང་། རྒྱལ་བུ་དད་པ་བརྟེན་པ་དེ་དགུང་ལོ་བརྒྱད་བཞེས་པ་ལ། དགུང་ལོ་བཅུ་དྲུག་ཙམ་ལོན་པའི་སྐུ་མངའ་བ། དབུ་ཟླུམ་ཞིང་རྒྱས་པ། དབུ་སྐྲ་འཇམ་ཞིང་སྣུམ་པ་ཤ་བཀྲག་དཀར་ལ་འཛུམ་ཆགས་པ། ཞལ་ནས་དཀོན་མཆོག་གསུམ་གྱི་སྒྲ་མ་ཡིན་པ་མི་འདོན་པ། དར་དཀར་གྱི་གོས་དྲི་མ་མེད་པ་གྱོན་པ། འོད་ཕུན་སུམ་ཚོགས་པ་ཡོད་པ་ཞིག་འདུག་པ་དེ། མེ་ཏོག་སྙིམ་པ་གང་ཁྱེར་ཏེ་འཁོར་ཀྱང་མེད་པར་གཅིག་པུར་གྲོང་ཁྱེར་མི་ཁྱིམ་འབུམ་ཕྲག་གཅིག་ཡོད་པའི་ནུབ་སྒོར་སླེབ་ནས་བྱུང་སྟེ། སྙིམ་པའི་མེ་ཏོག་དེ་དགེ་སློང་མྱ་ངན་བྲལ་བ་ལ་ཕུལ་ཏེ། ཕྱག་འཚལ་ཞབས་སྤྱི་བོར་བླངས་ཏེ། དམུས་ལོང་གིས་གཟུགས་མཐོང་བ་དང་འདྲ་བར། མཐོང་བར་དཀའ་བའི་འཕགས་པ་མཐོང་བ་འདི་ལེགས་པར་རྙེད་པས། དཀོན་མཆོག་གི་བྱིན་གྱིས་རླབས་

(༡༠༤༦)པའི་རྒྱལ་པོ་བྷཾ་གའི་ཕོ་བྲང་དུ་གཤེགས་སུ་ཞེས་སྤྱན་དྲངས། གཞན་དུ་ན་གྲོང་ཁྱེར་ཆེན་པོ་དེ་ཆེས་པས་ཕལ་ཆེར་མགོ་འཁོར་ཏེ་ཕོ་བྲང་དུ་ཕྱིན་པར་མི་ནུས་པ་ལ། ཁོང་གཉིས་ཀ་ལ་རྫུ་འཕྲུལ་མངའ་བས་ཕོ་བྲང་དུ་ཡུད་ཙམ་ཞིག་ལ་བྱོན་ཏེ། དེའི་ལམ་དུ་ཡང་སྐྱེ་བོ་རྣམས་ཀྱིས་མཐོང་སྟེ། དེ་རིང་སྐྱ་བཙུན་གཉིས་མཐོང་བ་ལ་ལྟ་བས་ཆོག་མི་ཤེས་པ་དེ་དག་སུ་ཞིག་ཡིན་ནམ། མཐོང་ལ་ཡིད་མ་ཆེས་པ་ཞིག་བྱུང་ཞེས་ཟེར་བ་ལ། ལ་ལ་ན་རེ་གཞན་ལ་དེ་འདྲ་བའི་ཕུན་སུམ་ཚོགས་པ་རང་མི་འོང་། རྒྱལ་བུ་དད་པ་བརྟན་པ་རང་ཡིན་མཆི་ཟེར། བསམ་ཤེས་སུ་འདོད་པ་ལ་ལ་ན་རེ་ཅི་རྒྱལ་བུ་དད་པ་བརྟན་པ་ཡིན་ན། རྟ་པ་སྟོང་གིས་མི་བསྐོར་མི་སྲིད་ལ་གཅིག་པུར་འོང་བས་དེ་བས་སྲིད་དམ་ཟེར། ཡང་ལ་ལ་ན་རེ། རྒྱལ་བུ་དད་པ་བརྟན་པ་འདིས་འཁོར་ཁྲིད་ནའང་འབུམ་ཕྲག་དཔག་

(༡༠༤༧)ཏུ་མེད་པ་ཡང་ཁྲིད་ནུས་མོད་ཀྱི་ཁོང་སྐུ་བལྟམས་ནས་ད་ལྟ་ཡན་ཆད་དུ་འཁོར་དང་ང་རྒྱལ་དང་དྲེགས་པ་ལ་ལྟ་བ་རྣ་བས་ཀྱང་མ་ཐོས་ན། མིག་གིས་མཐོང་བ་ལྟ་སྨོས་ཀྱང་ཅི་འཚལ། ཁོང་ཆུང་ངུའི་དུས་ནའང་མའི་སང་ནས་དཀོན་མཆོག་གི་སྐུ་གསུང་ཐུགས་ཀྱི་རྟེན་དང་དགེ་འདུན་གང་ཡོད་པ་དེར་མ་མ་དེ་དག་ལ་མི་ཉན་པར་འགྲོ་ན། ད་ལྟ་ལྟ་སྨོས་ཀྱང་ཅི་འཚལ་ཞེས་ཟེར་ཞིང་གདའ་སྐད། དེར་ཡོན་མཆོད་གཉིས་ཀྱིས་ཆོས་རྒྱལ་བྷཾ་གའི་དྲུང་དུ་སླེབ་པ་དང་། བྷཾ་གའི་ཞལ་ནས། དད་པ་བརྟན་པ་ཁྱོད་ཀྱིས་མཐོང་ན་དགའ་བའི་འཕགས་པ་འདི་གང་ནས་སྤྱན་དྲངས་ཞེས་གསུངས་པ་དང་། དད་པ་བརྟན་པས་འཕགས་པ་ལ་ཆེ་རེ་གཟིགས་པ་དང་། འཕགས་པའི་ཞལ་ནས། ང་ཁྱེད་ཡབ་སྲས་གཉིས་ཀྱི་ཚོགས་རྫོགས་པའི་ཕྱིར་དུ་ནུབ་བདེ་བ་ཅན་ནས་

(༡༠༤༨)འོངས་གསུངས། དེར་རྒྱལ་པོའི་དགོངས་པ་ལ། རྫུ་འཕྲུལ་གྱིས་བྱོན་པ་ལ་འཕགས་པ་ལས་འོས་མེད་སྙམ་སྟེ། སྟན་མེད་པར་རྐང་པ་གཉིས་གཤིབས། ལུས་དྲང་པོར་བསྲངས། སོར་བཅུའི་ཐལ་མོ་སྤྱི་བོར་སྦྱར་ཏེ་ཕྱག་མང་པོ་བཙལ་ལོ། །འཕགས་པའི་ཞལ་ནས། སེམས་ཅན་གྱི་ལས་ཀྱིས་ཁྱེར་ལ་བར་གཅོད་ཅིང་འོང་སྲིད་པར་གདའ་སྟེ། ཕལ་ཆེ་བ་ཞིག་བདག་གིས་སྐྱབས་ཀྱིས་ཁྱེད་རང་ཡང་དཀོན་མཆོག་ལ་གསོལ་བ་ཐོབ་ཅེས་གསུངས་པ་དང་། རྒྱལ་པོའི་ཞལ་ནས། འཕགས་པ་ལ་འཁྲུལ་པ་མི་མངའ། ལས་ངན་པ་ས་འོག་དང་འདྲ་བ་དག་ལ་དཀར་པོའི་འོད་མི་འཆར་བས། བདག་ཅག་ལ་བར་གཅོད་ཅུང་ཟད་བྱུང་སྲིད་ཀྱང་འཕགས་པ་ཞུམ་པར་མི་མཛད་པ་ཞུ། ཞེས་བསྙན་བཀུར་ཕུན་སུམ་ཚོགས་པར་མཛད་དོ། །དེའི་དུས་སུ་འཕགས་པའི་ཞལ་ནས། །ལས་ཀྱི་མཐའ་ནི་ཕྲ་ཞིང་ཟབ།

(༡༠༤༩)།དགྲ་བཅོམ་ཐོབ་ཀྱང་བག་ཆགས་འབྱུང་། །གང་གི་ནས་ལུགས་ཤེས་གྱུར་ནས། །དེ་ཡི་སྐྱོན་དང་བྲལ་བར་འགྱུར། །ཞེས་གསུངས་པ་དང་། དད་པ་བརྟན་པས། འཕགས་པ་གཤེགས་པར་མཁྱེན་ནས། བདག་གི་མགོན་སྐྱབས་མཛད་ཅིང་གནས་འདི་ཉིད་དུ་བཞུགས་པར་ཞུ་ཞེས་གསོལ་བ་དྲག་ཏུ་བཏབ་པས། འཕགས་པའི་ཞལ་ནས། ཁྱོད་ཀྱིས་བསམ་པ་ཙམ་གྱིས་ཀྱང་། །ང་ནི་ཐོགས་པ་མེད་པར་འོང་། །སྐྱེ་བ་དཔག་ཏུ་མེད་པ་ཡི། ཁྱོད་ཀྱིས་བཤེས་གཉེན་ང་ཡིན་མོད། །ཅེས་གསུངས་པ་དང་། དད་པ་བརྟན་པ་ན་རེ། ཁྱེད་ལ་སྒྲིབ་པ་མི་མངའ་ཡང་། །བདག་གིས་མི་ཤེས་ཐག་རིངས་པས། །འཕགས་པ་མེད་ན་སྐྱོ་བར་འགྱུར། །དེས་ན་གནས་འདིར་བཞུགས་པར་ཞུ། །ཞེས་ཞུས་པས། འཕགས་པའི་ཞལ་ནས། ཁྱོད་རང་ཡབ་ཡུམ་གྱི་སྐུ་ཚེ་ལ་བར་གཅོད་འོང་སྲིད་པས་རྒྱལ་པོའི་བླ་རི་བླ་ཤིང་ལ་སོགས་པ་དང་། ཡུམ་གྱི་

(༡༠༥༠)བླ་ཤིང་ལ་སོགས་པ་ལ་གཞན་གྱིས་གནོད་པ་བྱས་སམ་མ་བྱས་ལེགས་པར་ལྟོས། ཁྱོད་ཀྱི་ཡུམ་དེ་དང་ང་གཉིས་དེ་རིང་ཕྲད་ན་འོང་བ་ཡིན་ཏེ་ཡུམ་མི་གདའ་བ་ཞེས་གསུངས་ནས། འཕགས་པ་མི་སྣང་བར་གྱུར་ཏོ། །དེར་དད་པ་བརྟན་པའི་བསམ་པ་ལ་འཕགས་པས་གསུང་ལུགས་ཀྱིས་མ་དེ་ལ་བར་གཅོད་མ་བྱུང་བ་ཞིག་གལ་ཆེའོ་སྙམ་ནས། བློན་པོའི་ཚོགས་རྣམས་ལ་ཁྱེད་སོང་ལ། རྒྱལ་པོ་ཡབ་ཡུམ་གྱི་བླ་རི་བླ་ཤིང་གི་ར་བ་ཐམས་ཅད་བསྐོར་ཏེ་གཞན་གྱི་གནོད་པ་བྱུང་མིན་ལེགས་པར་ལྟོས། ཁྱད་པར་དུ་ཡུམ་གྱི་བླ་ཤིང་དེའི་རྩ་བ་དང་། རྩེ་མོ་ལ་སྲོག་ཆགས་ཀྱི་གནོད་པ་བྱུང་མ་བྱུང་ལྟོས། དེའི་ལམ་དུ་ཁྱེད་རང་ལ་ཡང་བར་གཅོད་འབྱུང་སྲིད་པས། མཚོན་ཆ་རིང་ཐུང་གཉིས་ཁྱེར་ལ་བག་དང་ལྡན་པར་གྱིས་ཤིག །ཅེས་བསྒོས་པ་དང་། བློན་པོ་ལྔ་བརྒྱ་ཙམ་གྱིས་རྒྱལ་པོའི་བླ་རི་ལྷུན་པོ་སྤང་མེ་ཏོག་ཅན་གྱིས་གཏུམས་

(༡༠༥༡)པ་གཞན་ལ་མ་འབྱར་བ། ཕུན་སུམ་ཚོགས་པ་ཞིག་ཡོད་པའི་མཐའ་མ་ནས་ལྕགས་རི་རིམ་པ་གསུམ་གྱིས་བསྐོར་ནས་ཡོད་པ་ལ་བལྟས་པས་གནོད་པ་མ་བྱུང་བར་འདུག །དེ་ནས་རྒྱལ་པོ་བླ་ཤིང་གི་ར་བ་ལྕགས་རི་རིམ་པ་གསུམ་གྱིས་བསྐོར་བ་སྒོ་ཡང་རིམ་པ་གསུམ་གཏོད་པ། ཤིང་འོད་མའི་previous hit ཚལདང next hit་གླ་བ་དང་ཙན་དན་དཀར་དམར་ལ་སོགས་པ་ཕུན་སུམ་ཚོགས་པར་སྐྱེས་ནས་ཡོད་པའི་ནང་དུ་ཕྱིན་ཏེ་བལྟམས་པས། བླ་ཤིང་གི་རྩ་བ་ན་ཕར་ལ། སྲོག་ཆགས་ཀྱི་འགའ་རེ་སློག་འདུག་པ་མཐོང་སྟེ། དེར་སྲོག་ཆགས་བཙལ་བས་མ་རྙེད་པར། སླར་ལོག་ནས་འོངས་ཏེ་ཆོས་ཀྱི་རྒྱལ་བུ་དད་པ་བརྟན་པའི་དྲུང་དུ་འོངས་ནས་ཕྱག་ལན་གསུམ་བཙལ་ཏེ་ཀྱེ་ལྟ་བས་ཆོག་མ་ཤེས་པའི་རྒྱལ་པོའི་བླ་རི་ལྷུན་པོ་ལ་ནི་གནོད་པ་མ་མཆིས། ཡུམ་གྱི་བླ་ཤིང་གི་རྩ་བ་ན་གནོད་པ་འགའ་རེ་

(༡༠༥༢)གདའ་བས་གནོད་བྱེད་ནི་མ་རྙེད་ཇི་ལྟར་བགྱི་ཞུས་པས། དད་པ་བརྟན་པའི་ཞལ་ནས། བླ་ཤིང་ར་བའི་སྒོ་གསུམ་པོ་ལེགས་པར་བསྡོམས། བློན་པོ་བརྒྱའི་ཚོགས་ཀྱི་ར་བའི་མཐའ་མ་བསྐོར། ནང་ན་ཕག་རྒོད་ཞུགས་ནས་ཡོད་མཆི། ཁྱེད་ཀྱིས་མཚོན་ཆ་དང་གོས་ཆ་སྲ་བ་གྱོན་ལ། རྫ་རྔ་དང་ཟོམ་རྔ་ལ་སོགས་པ་རོལ་མོ་སྒྲ་ཅན་ཁྱེར་ཏེ། ཤིང་རའི་གསེབ་ནས་སྒྲ་སྒྲོགས་པ་སྲོག་ཆགས་དག་ཕྱིར་དེད་ཅིག །ང་སྲོག་གཅོད་པའི་ལས་སྤངས་ནས་ཚངས་པར་སྤྱོད་པའི་སྡོམ་པ་ལ་གནས་ཤིང་། དཀོན་མཆོག་གསུམ་གྱི་བཀའ་ལས་མི་འདའ་བར་དམ་བཅས་ནའང་། གནོད་བྱེད་འདི་དག་གི་བླ་ཤིང་ལ་གནོད་པ་བསྐྱལ་ན། དེས་རྒྱལ་པོའི་སྐུ་ཚེ་ལ་གནོད་པ་འོང་། རྒྱལ་པོ་མེད་པ་ཐག་ཏུ་བློན་འབངས་ཐམས་ཅད་མི་ཁྱོངས། དེ་མེད་ན་མངའ་རིས་ནུབ་འགྲོ། དེ་ལ་བརྟེན་ནས་སེམས་ཅན་མང་པོ་ལ་

(༡༠༥༣)གནོད་པར་འོང་བར་གདའ། སྐྱེ་བོ་འདི་དག་གི་བདེ་སྐྱིད་ནི་རྒྱལ་པོའི་བསོད་ནམས་ལ་རག་ལས་པ་ལ་རྒྱལ་པོ་ངན་ན་ནི་དེ་དང་མཐུན་པར་འབྱུང་ལ། རྒྱལ་པོ་བཟང་ན་ནི་རྒྱལ་པོ་ལ་བརྟེན་པ་ཐམས་ཅད་བདེ་བས། སྤྱིར་ཕ་མར་གྱུར་པའི་སེམས་ཅན་ཡོངས་ཀྱི་དོན། སྒོས་ཡུལ་བྷཾ་ག་ལའི་སེམས་ཅན་འདི་དག་བདེ་བར་བྱ་བའི་དོན། ཉིང་སྒོས་སུ་ཡང་དེ་དག་གི་རྩ་ལག་དམ་པར་གྱུར། བདག་གི་ཚེ་འདི་ཉིད་དུ་ཡང་ལུས་སྟེར་བར་བྱེད་པ་རྒྱལ་པོ་ཡབ་ཡུམ་གྱི་སྐུ་ཚེ་བརྟན་པར་བྱ་བའི་ཕྱིར་དུ། དེ་རིང་བསམ་པ་བཟང་པོས་གནོད་བྱེད་གང་ཡིན་པ་དེ་བསྒྲལ་བར་བྱའོ། །གཞན་དུ་ན་ཁྱེད་རྣམས་ཀྱིས་བསྒྲལ་ན་འོང་སྟེ། ནག་པོའི་ཕྱོགས་བསམ་པ་ངན་པས་ཀུན་ནས་སླངས་པ་ཡིན་ན་ནི་ཁྱོད་ཀྱིས་བསྒྲལ་བར་བྱ་མི་ནུས་པས། དེ་རིང་ངས་ལྕགས་མདའ་ལྕགས་གཞུ་ཐོགས་ཏེ་འགག་གཞན་ལ་མི་འཕྱུག་པ་འདི་

(༡༠༥༤)ཉིད་དུ་བསྡད་དེ་མདའ་བསྣུན་པར་བྱའོ། །ཞེས་གསུངས་སོ། །དེར་བློན་པོ་བདག་གིས་ཇི་སྐད་གསུངས་པ་བཞིན་དུ། བླ་ཤིང་གིས་རྩ་བར་གོ་ཆ་སྲ་བ་གྱོན། མཚོན་ཆ་རྣོན་པོ་ཐོགས། རྫ་རྔ་དང་ཟོམ་རྔ་དང་། རག་དུང་ལ་སོགས་པ་རོལ་མོའི་སྒྲ་ཆེ་བ་མང་པོ་ཁྱེར་ཏེ། བླ་ཤིང་གི་ར་བར་ཕྱིན་ཏེ་སྒྲ་སྒྲགས་པ་དང་། ཕག་པ་ནག་པོ་ཆེ་བ་གཅིག་དང་། ཕག་མོ་ཁྲ་མོ་དེ་དང་མཉམ་པ་ཞིག་འདུག་པ་དེ་རྒྱལ་བུ་ངོས་ལ་སོང་བར་ཉེ་བ་དང་། རྒྱལ་བུས་ཐེམ་པ་དབུས་མའི་སྟེང་དུ་ཞབས་གཡོན་པ་བཞག །ཞབས་གཡས་པ་ཅུང་ཟད་ཕྱིར་བརྐྱང་། ལྕགས་ཀྱི་གཞུ་ནག་པོ་ཟངས་ཀྱི་རྒྱུད་ཅན་ཞིག་ཕྱག་དུ་ཐོགས། ལྕགས་ཀྱི་མདའ་ཟངས་ཀྱི་གཤོག་པ་ཅན་ཞིག་ལྟོང་དུ་བཅུག་ཅིང་གཡས་པའི་སྲིན་ལག་ལ་བསྐྱོན་ཏེ་འདི་སྐད་གསུངས་པ། ཕ་མར་གྱུར་པའི་སེམས་ཅན་དཔག་མེད་ལ། གནོད་པར་བྱེད་པའི་སྡིག་

(༡༠༥༥)ཏོ་བསམ་ངན་ཅན། སྒྲོ་།།།བྱེད་པ་ཁྲོ་བོ་སེམས་དཔའ་ལ། བདག་ཀྱང་མཐུ་སྡེ་གུས་པར་ཕྱག་འཚལ་ལོ། །བྱམས་དང་སྙིང་རྗེ་བརྟན་པའི་གཞུ་བཟུང་སྟེ། བརྩོན་འགྲུས་བསྙེལ་བ་མེད་པའི་རྒྱུད་དམར་ཅན། །གང་གི་འགེངས་པར་མི་ནུས་སྲ་བ་འདི། །བདག་གིས་བརྡུངས་ཏེ་གཡོན་དུ་རབ་ཏུ་བཟུང་། ཕན་སེམས་དྲག་པོ་ཤེས་རབ་རྡོ་རྗེའི་མདའ། །ཚད་མེད་བཞི་ཡི་གཤོག་པ་རབ་སྒྲོན་ཏེ། །ཐབས་ཀྱི་རྒྱུད་ལ་ལྟོང་ཆེན་རབ་བླངས་ཏེ། །ཕ་རོལ་གནད་དུ་རབ་ཏུ་སྣུན་པར་བྱེད། །ཕྱི་མའི་མདའ་ཡང་དེ་བཞིན་མཚུངས་པར་སྤྱོད། །འདི་ལ་ཉེས་སྣང་བདེན་པ་མེད་ན་ཡང་། །འཁྲུལ་པའི་ཆ་ཤས་ལྷ་ལ་བཟོད་པར་གསོལ། །ཉེས་པའི་བསམ་པའང་གཅིག་ཀྱང་མི་བགྱིད་དོ། །ཞེས་པའི་མོད་།།།ལ་ཕག་པ་ནག་པོས་སྣ་དྲངས། ཕག་མོ་ཁྲ་མོ་དེ་རྗེས་སུ་འབྲངས་ཏེ་བྱུང་བ་ལ་མདའ་སྔོན་

(༡༠༥༦)མ་བསྣུན་པས། ཕག་པ་ནག་པོ་དེའི་དཔྲལ་བ་ལ་ཕོག །དེ་མཇུག་ཏུ་ཐོན་ནས་ཚེའི་དུས་བྱས། དེ་ལ་སྙིང་རྗེ་ཞིག་སྐྱེས་པའི་བར་ལ། ཕག་མོ་ཁྲ་མོ་དེ་ཤོར་རོ། །དེར་རྒྱལ་བུ་ཤིན་ཏུ་མ་མཉེས་ཏེ། ཐུགས་མ་བདེ་བའི་བསམ་པ་ལ། ངའི་བླ་མ་མྱ་ངན་བྲལ་དེ་ཉིད་དུ་ངའི་རྩ་རུ་བྱོན་ན་དགའ་སྟེ་སྙམ་པ་ལ། དེའི་མདོ་ལ་བླ་མ་འཕགས་པ་ཉིད་ཀྲོང་ངེ་བྱོན་ནས། བྱང་ཆུབ་སེམས་དཔའ་ཐུགས་ལ་མཛད། སེམས་ཅན་གྱི་ལས་ལ་ཅི་ཡང་ཡོད་པ་ཡིན་གསུངས་ཏེ་མི་སྣང་བར་གྱུར། དེར་ཕོ་བྲང་དུ་བྱོན་པ་དང་། ཡུམ་ལ་སྙུང་གཞི་ཞིག་ཐེབས་ནས་གདའ་བ་དེ་རྒྱལ་བུས་གཟིགས་པ་དང་། རྒྱལ་བུ་ཐུགས་མ་བདེ་སྟེ། ཡུམ་ལ་འདི་སྐད་ཅེས་སྨྲས་པ། ཡུམ་ཆེན་སྐུ་མཆོག་མ་སེམས་དཔའ། ཁྱེད་ལུས་ཉམས་ཉེས་གྱུར་པ་ནི། །བདག་གི་སེམས་ལ་གཟེར་བུར་གྱུར། །ད་ནི་མི་ཕན་བཙན་ས་བཟུང་། །མ་མད་སྐྱོབ་བྱེད་

(༡༠༥༧)དཀོན་མཆོག་ཡིན། །དེ་ལས་མ་གཡོས་རྩེ་གཅིག་ཏུ། །འདི་ཡི་ཞེན་པ་ཁྲོལ་ཏེ་སྐྱོབ། །ནག་པོའི་ཕྱོགས་ནི་བསམ་པ་ངན། །སྨན་ལན་དུག་གིས་འཇལ་བར་བྱེད། །ལུས་འདི་འབྱུང་བཞིའི་གཡར་པོ་ཡིན། །མིང་བདག་གཡར་པོ་བཏང་བར་བཟང་། །མཚན་དང་དཔེ་བྱད་ཀྱིས་སྤྲས་པའི། །རང་ལུས་རང་གིས་བཟུང་ན་མཚར། །སྐྱེ་འཆིའི་ཕྲེང་བ་བྱ་བ་མང་། །འཆི་མེད་གྲོང་དུ་གནས་ན་བདེ། །མ་ཆགས་ཆགས་ན་འཆིང་བ་ཡིན། །གང་དང་འགྲན་ཟླ་མེད་པ་ཡི། །བདེ་གཤེགས་སྐུ་ཡང་འཇིགས་ཚུལ་སྟོན། །དབུ་བ་བརྡོས་པ་ལྟ་བུའི་ལུས། །སྙིང་པོ་མེད་ལ་ཅི་ཕྱིར་ཆགས། ཁྱོད་ལ་སྐྱབས་གནས་དཀོན་མཆོག་ཡོད། །དད་པའི་ཞིང་ས་རྟག་ཏུ་གཤིན། །ཐུགས་རྗེའི་ཆར་རྒྱུན་རྒྱུན་དུ་འབབ། ཁྱེད་ཀྱི་དགེ་བའི་ས་བོན་ཐེབས། །སྲུང་སྐྱོབས་ཆོས་སྐྱོང་མཐུ་དཔལ་

(༡༠༥༨)ཡོད། །ར་བ་དྲན་དང་ཤེས་བཞིན་ཡིན། །འདི་ལུས་བོར་དེ་བླང་ན་བདེ། །ཡུམ་ཆེན་ལུས་ལ་སྙིང་པོ་ལོངས། །ནམ་ཞིག་བསྐལ་པ་ཆེན་པོ་ཡང་། །དུས་ལ་བབས་ཚེ་འཇིག་པར་འགྱུར༔ ངེས་པར་མི་འཇིགས་གནས་ལུགས་ཡིན། །དེ་ལ་སྤྱོད་ཅིག་བསླབ་བྱ་ཡིན། །ཞེས་སྨྲས་པ་དང་། ཡུམ་གྱི་ཞལ་ནས། སྙིང་པོ་མེད་པའི་ལུས་འདི་ལ། །ཆགས་པར་མི་བྱ་ཤི་ཡང་སླ། །འདྲེན་པ་ཁྱོད་ཡོད་སྲས་སུ་བཀང་། །རྒྱལ་བུ་བཀྲ་ཤིས་བློན་འབངས་བདེ། །ཆོས་དང་དཔལ་འབྱོར་བཟང་པོ་འཕེལ། །བཀྲ་ཤིས་དབུས་སུ་ཤི་ན་བཟང་། །བྱང་ཆུབ་གྲོགས་དང་འགྲོགས་པ་བདེ། །དད་གུས་རྟ་ལ་རབ་ཞོན་ནས། །སྨོན་ལམ་སྲབ་ཀྱིས་ཁ་ལོ་བསྒྱུར། །དཀོན་མཆོག་གནས་ནས་དཀོན་མཆོག་གི། །ཞིང་དུ་མོས་པས་འགྲོ་བར་བྱ། །ང་ནི་མི་སྡོད་གཙང་མར་འགྲོ། །ཞེས་ཡུམ་ནོར་འབྱིན་མ་ཞེས་བྱ་བ་དེ་སེར་སྣ་དང་ཉོན་མོངས་པས་མ་

(༡༠༥༩)བཅིངས་པས་བུད་མེད་རྐྱོན་དང་བྲལ། བུ་དང་ནོར་འཕེལ་བས་བུད་མེད་ཀྱི་ཡོན་ཏན་རྫོགས། བཀྲ་ཤིས་པའི་དབུས་ནས་ཚེ་འཕོས་ཏེ་བཀྲ་ཤིས་པའི་ཞིང་དུ་བགྲོད་པའི་སྨོན་ལམ་ཐེབས། དཀོན་མཆོག་གསུམ་ལ་མི་ཕྱེད་པའི་དད་པ་མངའ་བས་ལམ་སྣ་ཟིན་ཏེ་ཞིང་ཁམས་གཙང་མ་བདེ་བ་ཅན་དུ་འཕགས་པ་མྱ་ངན་བྲལ་བས་སྣ་དྲངས་ཏེ་གཤེགས་སོ། །དེར་བཙུན་མོ་ཡ་མཚན་ཅན་ཏེ་གཤེགས་པས་རྒྱལ་པོ་ཐུགས་མ་བདེ། རྒྱལ་སྲིད་བུ་ནོར་གྱིས་འཛིན་དགོས་པ་ལ་བདག་གི་བཙུན་མོ་ནོར་འབྱིན་མ་དེ་ཐམས་ཅད་ཀྱིས་བསྟོད་ཅིང་ཁུར་བཞིན་དུ་རྗེས་སུ་འཆི་མ་འབྱིན་དུ་བཅུག་སྟེ། མོ་ཞིང་ཁམས་གཙང་མར་གཤེགས་སོ། །ང་འབུམ་ཕྲག་མང་པོའི་རྗེ་དཔོན་ལ་ཡུག་པའི་མིང་བཏགས། བུ་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དྭ་ཕྲུག་གི་མིང་བཏགས་བཞག །བློན་འབངས་བུ་དང་འདྲ་བ་མང་པོ་

(༡༠༦༠)ཡང་མ་དང་བྲལ་བར་བྱས་ཞེས། རྒྱལ་པོ་མི་སྙན་པའི་སྨྲེ་སྔགས་མང་པོ་འདོན་ཅིང་མྱ་ངན་དུ་བཞུགས་སོ། །དེར་རྒྱལ་བུའི་བསམ་པ་ལ། ཡབ་འདི་མ་མེད་པས་མྱ་ངན་དུ་ཞུགས་ཏེ་མཆིས། ཁོ་བོ་ན་གཞོན་ཏེ། ཡབ་ལ་བསླབ་བྱ་ཞིག་བྱ་དགོས་སྙམ་སྟེ། སྨྲས་པ། ཀྱེ་མི་དབང་། སྐྱེས་པའི་མཐའ་མ་འཆི་བ་ཡིན། འདུས་པའི་མཐའ་མ་བྲལ་བ་ཡིན། །བསགས་པའི་མཐའ་མ་འཛད་པ་ཡིན། །མཐར་རྒྱལ་པོ་ཉིད་ཀྱང་གཞན་དུ་འགྲོ་ན་མྱ་ངན་གྱིས་རང་རྒྱུད་བསྲེགས་པ་ལ། བཙུན་མོ་ལོག་ནས་ཀྱང་མི་འོང་། བཙུན་མོ་ག་ན་ཁོད་པའི་སར་ཀྱང་མི་ཕན་ན། བྱ་བ་ངན་པ་འདི་ལྟ་བུས་ཅི་ཞིག་བྱ། ཡུམ་ནི་བདེ་བ་ནས་བདེ་བར་སོང་། ཡབ་ཁྱོད་ལ་རྒྱལ་སྲིད་སྐྱོང་བའི་ལྷ་མོ་ཞིག་ཁོ་བོས་བཙལ་གྱིས། དེ་མ་རྙེད་ཀྱི་བར་དུ་ཡ་མཚན་ཅན་ཅི་

(༡༠༦༡)མཐོང་ཡང་བརྣབ་སེམས་མ་མཛད་ཅིག །དཀོན་མཆོག་ནི་ཐུགས་རྗེ་ཆེན་པོ་ཁོ་ན་ཡིན་པས་སྔར་ལས་མ་གཡོས་པར་གསོལ་བ་ཐོབ་ཅིག་ཅེས་སྨྲས་པ་དང་། རྒྱལ་བའི་བསམ་པ་ལ་འདི་ལྟར་ན་གཞོན་པ་ཞིག་ལ་འདི་ལྟ་བུའི་བློ་ཁྱད་པར་ཅན་སྐྱེ་ན། བདག་མིའི་དབང་པོར་འདོད་པ་ལ་འདི་ལྟ་བུའི་བློ་སྐྱེ་བར་མི་རིགས་སྙམ་ནས་ཁམས་ཀྱང་སོས་པར་བྱུང་། དེར་རྒྱལ་བུས་ཡབ་རྒྱལ་པོ་ཀྱང་སྐུ་ཁམས་ཅུང་ཟད་སོས་པར་མཁྱེན་ནས། བློན་པོ་དག་ལ་ཁྱེད་བཏང་སྙོམས་སུ་མ་སྡོད་པར་ཕག་པ་ཁྲ་མོ་དེ་གང་ན་འདུག་པར་ཚོལ་ལ་སྒྲོལ་ཅིག་ཅེས་སྒོ་བ་དང་། བློན་པོ་དག་ན་རེ། ཕག་མོ་ཕལ་ཆེར་ནགས་མཐའ་མེད་ཀྱི་གསེབ་ཏུ་སོང་ནས་ཡོད་པས་ནགས་མཐའ་མེད་དེའི་གསེབ་ཏུ་འགྲོ་བ་ལ། འཕགས་པ་རྫུ་འཕྲུལ་ཅན་ཞིག་མ་ཡིན་པས་ཐོན་

(༡༠༦༢)པ་དཀའ། བདག་ཅག་རྣམས་ཀྱིས་ནགས་མཐའ་མེད་དེའི་གསེབ་ཏུ་ཕྱིན་པར་ནི་མི་ནུས། ཁྱེད་ཀྱི་གསུང་བཅག་པར་ཡང་མི་ནུས་ན། ཇི་ལྟར་བགྱི་ཞེས་ཞུས་པ་དང་། རྒྱལ་བུའི་ཞལ་ནས། ཁྱེད་རྣམས་ལས་ཆུང་བར་གྱིས་ཤིག །ནགས་དེའི་དཀྱིལ་ཁོ་བོས་བཅད། ཁྱེད་རང་རྣམས་སྔར་བཞིན་གོ་མཚོན་ཐོགས་ཏེ་རྒྱལ་པོའི་ཕོ་བྲང་ངོས་ཀྱི་མཐའ་དག་ལ་སྲུངས་ཤིག །ཅེས་བསྒོ་ནས་རྒྱལ་བུས་སྔར་གྱིས་མཚོན་ཆ་དེ་དག་བསྣམས་ཏེ་ནགས་མཐའ་མེད་ཀྱི་དཀྱིལ་ན་ཕར་ཞུགས་པ་དང་། སྔར་གྱི་ཕག་མོ་དེ་མ་རྙེད་སྔར་མཐོང་མ་མྱོང་བའི་བུ་མོ་སྐྲ་སྣུམ་ལ་གནག་པ། བཞིན་མཛེས་མཛེས་ལྟར་སྟོན་པ། ལུས་དཀར་པོ་དང་། དམར་པོ་དང་། སེར་པོ་དང་། ལྗང་གུ་དང་། སྔོན་པོ་དེ་ཁ་དོག་ལྔ་རུ་ཁྲ་བ། གོས་ཀྱང་དེ་ལྟར་ཁྲ་བ་གྱོན་པ་ཞིག་ནགས་དེའི་གསེབ་ན་འདུག་པ་ཞིག་

(༡༠༦༣)མཐོང་སྟེ། བུ་མོ་དེ་ལ་སྨྲས་པ། འདིར་ཅི་བྱེད། དེ་ན་རེ། ང་སྤྲུལ་པ་མོ་ཡིན་ཏེ། ཁྱེད་ནགས་གསེབ་འདིར་འཐོམས་ཀྱི་དོགས་ནས་ལམ་སྣ་བྱེད་དུ་འོངས་པ་ཡིན། འོན་ཀྱང་ནགས་འདི་ལ་ཁོ་མོ་གནས་ཞེས་ཟེར་བ་དང་། རྒྱལ་བུའི་བསམ་པ་ལའང་། ཁྱོད་རང་ལ་ཐེ་ཚོམ་ཟ་སྙམ་དུ་ཚད་མར་མ་བཟུང་། དེ་ནས་ཀྱང་ནགས་གསེབ་ཐམས་ཅད་བཙལ་བས། ཕག་པ་ཁྲ་མོ་དེ་མ་རྙེད་པར་བུ་མོ་དེ་བྱུང་། དེར་རྒྱལ་བུའི་དགོངས་པ་ལ། ཕག་པ་ཁྲ་མོ་དེ་བུད་མེད་འདི་ཉིད་ཡིན་པ་འདྲ་སྟེ། བདག་གི་མ་ནི་འདས། འདི་བསད་ན་སྙིང་རྗེ་སྙམ་དུ་རེ་ཞིག་ལ་བཏང་སྙོམས་སུ་བཞག་སྟེ་ནགས་ཀྱི་ཕྱིར་ཐོན་པ་དང་། བློན་པོ་དག་དང་འཕྲད་དེ། ཀྱཻ་ལྟ་བས་ཆོག་མི་ཤེས་པ་ཕག་མོ་དེ་གཟིགས་སམ། བདག་གིས་ཕག་འདྲ་ཞིག་ལས་མ་མཐོང་། ཁྱེད་ཀྱིས་མཐོང་ངམ། བློན་པོ་དག་གིས་ཞུས་པ། བདག་ཅག་

(༡༠༦༤)གིས་ཀྱང་ཕག་མོ་མ་མཐོང་བར་བུ་མོ་ཡ་མཚན་ཅན་ཞིག་མཐོང་ལགས། སྔར་དེ་འདྲ་འཇིག་རྟེན་དུ་གྲགས་པ་ཡང་མི་གདའ། ད་དུང་ཡང་འབྱུང་བ་དཀའ། དེ་རང་ཡ་མཚན་ཆེ་བས་མི་དབང་གི་བཙུན་མོ་བྱས་ན་རང་འཐད། གལ་ཏེ་ཁྱེད་ཀྱི་ཡུམ་དེ་རང་གི་སྤྲུལ་པ་ཡིན་པ་ཡང་སྲིད། རྣམ་པ་གཅིག་ཏུ་ནི་ཤིན་ཏུ་གཞོན་པར་གདའ། ཁྱེད་རང་གི་བཙུན་མོ་བགྱིས་ན་མི་མཆིའམ། ཞེས་ཞུས་དང་། རྒྱལ་བུའི་ཞལ་ནས། བློན་པོ་དཔྱོད་ལ་ང་ལ་སྟོན། །སྔོན་ཆད་སྟག་མོ་མགོ་དགུ་པ། །འཇིག་རྟེན་དག་ཏུ་མ་གྲགས་ན། །ད་ལྟ་བྱུང་ན་ལྟས་ངན་ཡིན། །ཕྱིན་ཆད་དག་ཀྱང་དེ་དང་མཚུངས། །རྒྱལ་པོ་བཙུན་མོས་མ་ཕོངས་ཀྱིས། །མ་འབྲོག་མི་ཤེས་བསླུ་བ་སྲིད། །གཉེན་བྲལ་ནོར་མེད་རྒྱུས་མེད་མ། །རྒྱལ་པོའི་བཙུན་མོར་མི་རིག་པས། །མ་སྨྲ་སེམས་ལ་བརྟན་པ་བཟུང་། །མ་ཡི་སྤྲུལ་པ་ཡིན་

(༡༠༦༥)མི་སྲིད། །ནོར་འབྱིན་མ་དེ་ཡིན་པར་དཀའ། །གལ་ཏེ་ཡིན་ཡང་བུ་ཉིད་ལ། །མ་ཡི་བཙུན་མོ་ག་ལ་རིགས། །མ་ཡིན་མཉམ་པོར་བདག་ཉིད་ཀྱིས། །བཙུན་མོ་དམ་པ་གཞན་ནས་འཚོལ། །ཡབ་ལ་ཡུམ་མེད་ག་ལ་བགྱིད། །འདོད་ཐག་ཉི་ཁད་ཀྱིས་སྒྲུབ། །ཅེས་པ་དང་། བློན་པོ་རྣམས་ཀྱི་རྟོག་པ་ལ། རྒྱལ་བུ་དེ་ཐུགས་རྗེ་ཆེ་ཡང་། ཕོ་བྲང་ཁབ་ཏུ་ཡར་བྱུང་ན་མི་མཉེས་པར་འདུག་པས། རྒྱལ་བུ་འདི་ལ་ད་ཞུས་ཀྱང་མི་གསན་སྙམས་ན། རྒྱལ་པོའི་དྲུང་དུ་ཕྱིན་ཏེ། གནས་ལུགས་རྣམས་ཞུས་པ་དང་། རྒྱལ་པོའི་ཞལ་ནས། རྒྱལ་བུ་མི་མཉེས་ན་བཟང་མོ་ཞིག་མ་ཡིན་པར་ཤེས་མོད་ཀྱིས། འོན་ཀྱང་འཁྲུལ་པ་སྲིད་པས་བུ་མོ་དེ་འདིར་ཁྲིད་ལ་ཤོག ཁོ་བོས་མཚན་ལྟས་བལྟ་བར་བྱ་ཡིས་གསུངས་

(༡༠༦༦)པ་དང་། བློན་པོ་རྣམས་ཀྱིས་བུ་མོ་དེ་ནང་དུ་བོས་སོ། །དེར་རྒྱལ་པོ་དེ་བུ་མོ་ལ་ཆགས་པར་གྱུར་ཏེ། ཕུགས་སྐྱོན་དུ་འགྱུར་བ་ཡང་སྲིད་དོ། །འདི་འདྲ་འབྱུང་བར་དཀའ་བས། རེ་ཞིག་འདི་ལ་བཙུན་མོ་བྱེད་གསུངས་ནས་ཁབ་ཏུ་བཞེས་སོ། །དེར་རྒྱལ་བུས་རིག་སྟེ་ཕོ་བྲང་དུ་ཕྱིན་པ་དང་། རྒྱལ་པོའི་དྲུང་ན་བུ་མོ་དེ་འདུག་པ་གཟིགས་ནས་རྒྱལ་པོ་ལ་སྨྲས་པ། མི་དབང་བཙུན་མོ་འདི་ཅི་བགྱིད། རྒྱལ་པོའི་ཞལ་ནས། འདི་ལ་ཁྱོད་ཀྱི་མའི་ཚབ་བྱེད་དོ། །རྒྱལ་བུས་སྨྲས་པ། འདི་རྒྱལ་པོ་སུའི་བུ་མོ་ཡིན། འདིའི་རྗེས་སུ་ནོར་ཇི་ཙམ་འབྲང་། བློན་པོ་ཇི་ཙམ་གྱིས་བསྐྱལ། བདག་གི་མའི་ཚབ་བྱེད་ན་ནོར་ཇི་ཙམ་ཞིག་འབྱིན་པར་བྱེད། སྲས་ཇི་འདྲ་བ་འཁྲུངས། དཀོན་མཆོག་ལ་དད་གུས་ཇི་ཙམ་ཡོད། སྔར་འགྲོགས་པའི་རྒྱུས་ཅན་ཡིན་ནམ་ཞེས་སྨྲས་པ་

(༡༠༦༧)དང་། རྒྱལ་པོའི་ཞལ་ནས། དེ་དག་དང་ལྡན་པ་བདག་ལ་རྒྱུས་མེད། འོན་ཀྱང་མཚན་ལྟས་བཟང་པོ་ཞིག་འདུག་པ་དང་། འཇིག་རྟེན་ན་དཀོན་པ་དང་། བཙུན་མོའང་མེད་པའི་སྟོབས་ཀྱིས་འདི་བསུའོ། །རྒྱལ་བུས་སྨྲས་པ། རྒྱལ་པོ་རྒྱུས་མེད་ཚམ་ཚོམ་དུ་སྤྱོད་པ་ཅིས་བཏུགས། སྔར་བདག་གིས་རྒྱལ་པོའི་སྙན་དུ་ཞུས་པ་དག་ཀྱང་བསྙེལ་ལམ། གངས་ཀྱི་སེངྒེ་གྲོང་ཁྱེར་གྱི། །སྒོ་ཁྱི་མོ་དང་ལྷན་གཅིག་ཏུ། །ང་ནི་སེངྒེ་རང་རྒྱལ་བ། །ཇི་ལྟར་ཁྱི་མོས་བཟང་པོར་བྱས། །ཞེས་སྨྲས་པ་དང་། རྒྱལ་པོས་སྨྲ་མ་ནུས། བདུད་མོ་དེའི་རྟོག་པ་ལ། རྒྱལ་བུ་འདིའི་ཟེར་ལུགས་ཀྱིས་ང་ལ་བཟང་པོ་རང་མི་བྱེད་པ་ཐག་ཆོད། རྒྱལ་པོ་འདི་ང་ལ་ཆགས་འདུག་པས་ཅི་ནས་ཀྱང་། རྒྱལ་བུ་འདི་ང་དང་ལྷན་གཅིག་མི་གནས་

(༡༠༦༨)གནས་པར་རྒྱལ་ཁམས་གཞན་དུ་འགྲོ་བའི་ཐབས་ཤིག་བྱ་དགོས་སྙམ་ནས། རྒྱལ་པོ་ཆེན་པོ་ཅི་དགའ་བྱས་པའི་མདོ་ལ་ན་བའི་རྫུན་ཆེན་པོ་བཏབ། དེར་རྒྱལ་པོའི་བསམ་པ་ལ་འདི་ཕུན་སུམ་ཚོགས་པ་ཞིག་ཀྱང་ཡོད། ང་ལ་ཡང་གུས་པ་ཆེན་པོ་ཞིག་ཡོད་པ་ལ། འདིའི་ལུས་ལ་ནད་ཀྱིས་བཏབ་གདའ། འདི་ལ་ཕན་པའི་སྨན་གྱི་རིགས་སམ། སྨན་པ་མཁས་པ་བཙལ་དགོས་སྙམ་ནས་བཙལ་བས། བཙུན་མོ་དེ་ན་རེ། རྒྱལ་པོ་ཆེན་པོ་ངའི་སྨན་དང་སྨན་པ་ཁྱེད་ཀྱིས་མི་རྙེད་ཟེར། དེ་ཅི་ཡིན་ཞེས་དྲིས་པས། ང་ནི་ལྷ་མོ་ཞིག་ཡིན་པས། སྨན་པ་དང་སྨན་གཉིས་ཀ་ལྷ་རྙེད་ན་ཕན། མ་རྙེད་ན་རང་རེས་བྱ་དགོས། རྒྱལ་པོས་སྨྲས་པ། འོ་ན་ལྷ་མི་རྙེད་སུས་སྨན་བྱ་ཞེས་སྨྲས་པས། རྒྱལ་པོ་ཁྱེད་བདག་ལ་ཐུགས་བརྩེན་

(༡༠༦༩)རྒྱལ་བུ་དད་པ་བརྟན་པ་ནི་ལྷ་དང་ཁྱད་མེད། འདིས་ཐག་རིང་པོ་ནས་སྨན་བླངས་ཏེ་བདག་ལ་བྱིན་ན་ཕན་ཏེ། རྒྱལ་པོ་ཁྱེད་ཀྱང་རྒྱལ་བུ་འདི་ཉིད་ལ་ཧ་ཅང་བྱམས་པས་རྒྱལ་པོ་འདི་སྟོབས་ཡོད་ཀྱང་གར་ཡང་གཏོང་མི་ནུས་པར་གདའ་བ་ཞེས་སྨྲས་པ་དང་། རྒྱལ་པོ་ན་རེ། གཏོང་ནུས་སྨན་གང་ན་ཡོད་པ་ལེན་དུ་གཏོང་གཏོང་གསུང་། མོ་ན་རེ། དེ་ལྟར་ན་ལྷོ་ནུབ་སྲིན་པོ་རྒྱུ་བའི་གནས་ནས་མེ་ཏོག་ཀུ་ཤ་ན་བྱ་བ་ངེད་ལྷ་དག་གསོ་བར་བྱེད་པའི་སྨན་ཡོད་དེ། དེ་ལེན་དུ་བཏང་ན་རྒྱལ་པོ་འདིས་ལོན་ངའི་ནད་འདི་ལ་ཕན་པར་ངེས་ཏེ། རྒྱལ་པོ་འདི་ཡང་ང་མ་ཡར་མོར་བྱུང་གི་དོགས་ནས་མི་མཉེས་པ་ཞིག་འདུག །རྒྱལ་པོ་ཁྱེད་ཧ་ཅང་ཐུགས་ཆུང་ནས་གཏོང་མི་ནུས་པས། ད་ཁོ་མོ་འགུམ་པ་ལས་འོས་མི་

(༡༠༧༠)གདའ་ཡེ་ཞེས་སྨྲས་པ་དང་། རྒྱལ་པོའི་རྟོག་པ་ལ། རྒྱལ་བུ་འདི་ང་ལ་ཐུགས་བརྩེ་བ་དང་སྤྲུལ་པ་ཞིག་ཀྱང་ཡིན་པས་སྨན་དེ་ལོན་ནུས་པས། བཙུན་མོ་འདི་མི་འགུམ་པ་བྱ་བའི་དོན་དུ་ཁོང་ལ་གསོལ་བ་གདབ་དགོས་སྙམ་ནས། རྒྱལ་པོ་དད་པ་བརྟན་པའི་དྲུང་དུ་ཕྱིན་ཏེ། ཁྱེད་སྤྲུལ་པའི་རྒྱལ་པོ་སྙིང་རྗེ་དང་ཕན་སེམས་ཕུན་སུམ་ཚོགས་པ་མངའ་ཞིང་། སྟོབས་དང་ཡང་ལྡན་པས་ཁྱེད་ང་ལ་སེམས་ན་ལྷོ་ནུབ་སྲིན་པོ་རྒྱུ་བའི་གནས་ན་སྨན་མེ་ཏོག་ཀུ་ཤ་ན་ཞེས་བྱ་བ་འཆི་བ་ལས་འཚོ་བར་བྱེད་པའི་སྨན་བཟང་པོ་ཡོད་པར་གདའ་བས་ཁྱེད་ཀྱིས་བླངས་ནས། དེ་བཙུན་མོ་འདི་ལ་བྱིན་དགོས། ཞེས་སྨྲས་པ་དང་། རྒྱལ་པོ་ཆེན་པོ། བདུད་མོ་ཚེ་ཐུངས་ཀྱིས་དགོས། རྒྱལ་སྲིད་མ་བརླག་གི་དོགས། ཁྱེད་རང་སྐུ་ཚེ་ཡུན་རིང་དུ་

(༡༠༧༡)གནས་པ་ལ་མི་དགའ་བར། བདག་ཀྱང་ན་གཞོན་ནུ་ཞིག་ལྷོ་ནུབ་སྲིན་པོ་རྒྱུ་བའི་གནས་འཇིགས་ཤིང་ཡང་བ་འཕགས་པ་མ་ཡིན་པས་བགྲོད་པར་དཀའ་བ་དེ་ལྟར་མི་རུང་བའི་གནས་སུ་གཏོང་བར་བྱེད་ཅེས་ཟེར་རམ། ཀྱེ་རྒྱལ་པོ་ཆེན་པོ་ནོར་འབྱིན་མ་འཕགས་མ་ལྟ་བུ་དེ་མེད་པས་རྒྱལ་པོ་བདུད་ཀྱིས་ཟིལ་གྱིས་མནན་ནམ། རྒྱལ་པོ་ཆེན་པོ་བདག་གིས་འཇིག་རྟེན་ལྷ་དང་བཅས་པ་ལ་ཕན་པར་བྱེད་པའི་བཙུན་མོ་བདག་གིས་མ་དང་འདྲ་བ་བཙལ་ཏེ། རྒྱལ་པོ་ལ་ཕུལ་བས་མི་ཆོག་གམ་ཞེས་སྨྲས་པ་དང་། རྒྱལ་པོའི་ཞལ་ནས། སྤྲུལ་པའི་རྒྱལ་པོ་དེང་རྒྱལ་པོས་བྱ་བ་ཉེས་པ་བྱས་ཀྱང་སྨྲ་བ་ལན་གཅིག་ཡིན་པས་བསྒྱུར་བར་དཀའ། དེ་བས་ཐུགས་བརྩེ་བར་དགོངས་ཏེ། སྨན་དེ་ཁྱེད་ཀྱིས་ངེས་པར་བླང་དགོས་སྨྲས་པ་དང་། རྒྱལ་

(༡༠༧༢)བུའི་བསམ་པ་ལ། ཡབ་རྒྱལ་པོའི་ཐུགས་ལ་བདུད་མོ་བཞུགས། བདག་གིས་བདུད་མོ་མེད་པར་བྱ་ནུས་མོད་ཀྱི། རོ་བརྒྱ་པའི་ཟས་ནི་ཉོན་མོངས་བསྐྱེད་པའི་རྒྱུ་ཡིན་ཀྱང་སེམས་ཅན་དེ་ལ་སྤྱོད་པ་རྣམས་ལ་མེད་པའི་ཐབས་མེད། རྒྱལ་པོ་འདི་ཡང་བཙུན་མོ་ཟོག་མ་འདི་ལ་དེ་དང་མཚུངས་པར་སྤྱོད་པ། བདག་གིས་ཁས་མ་བླངས་ན་རྒྱལ་པོ་འདི་ཉིད་ཤིན་ཏུ་མྱ་ངན་གྱི་ཟུག་རྔུ་ཟག་པར་འགྱུར། གཞན་དུ་ན་སླ་སྟེ། བདག་གིས་དྲིན་ཅན་གྱི་ཕ་ཡིན་པས་སྡུག་ན་མི་རུང་བ་དང་། བདག་ལ་བསམས་ཏེ་ཡབ་ཀྱིས་སྡིག་པ་བསགས་ན། རྒྱལ་པོའང་ཡུལ་དུ་བྱས་ནས་སྐྱེ་བོ་ཐམས་ཅད་ཀྱིས་སྡིག་པ་གསོག་པར་འགྱུར། བདག་གི་མི་ལུས་ཐོབ་པ་འདི་ནི་གཞན་དོན་ལ་ཐོབ་ཀྱི། གཞན་དུ་ན་མ་ཐོབ་པ་དང་ཁྱད་པར་མེད་དེ། དེས་ན་བདག་གིས་རྙེད་པ་མ་རྙེད་ཀྱང་སླ། གལ་ཏེ་ཤི་སྟེ་བདག་གི་མིང་དོར་ཀྱང་ཅི་

(༡༠༧༣)མ་རུང་། དྲིན་ཆེ་བའི་ཕ་ལ་ཕྱི་བསྲིང་བ་དང་། དེ་ལ་བརྟེན་ནས། ངག་བཅོག་པ་དང་། ཕ་ཡུལ་དུ་བྱས་ནས་གཞན་གྱིས་སྡིག་བསགས་ན་མི་རུང་བས་འགྲོ་བར་ཁས་བླང་བར་བྱའོ་སྙམ་སྟེ། ཡབ་ཀྱི་དྲུང་དུ་ཕྱིན་ཏེ། ཀྱེ་མི་དབང་གསན་དུ་གསོལ། ཁྱེད་བདུད་མོ་ལ་བཙུན་མོར་འཁྲུལ་ཏེ། ལུས་ལས་ཆད་པའི་བུ་མཐའ་ལ་སྤྱུགས་པར་བྱེད་ན། རྒྱལ་པོ་ཆེན་པོའི་བཙུན་མོ་འདི་བདག་གིས་སྐད་ཅིག་འདི་ལ་མེད་པར་བྱ་ནུས་མོད་ཀྱི་ཕ་ཡིན་པར་སེམས་འཁྲུགས་ན་མི་རུང་ཞིང་ཕྱི་ཐག་ལ་བསམས་ཏེ་འགྲོ་བར་བྱའོ། ཁྱེད་ཀྱི་བཙུན་མོ་འདི་ཡང་ནད་གཞན་མིན་ཁོ་བོ་ན། ཁོ་བོས་རྒྱང་རིང་པོར་ཕྱིན་པ་རང་ལ་སྨན་ལ་མི་བལྟོས་པར་ནད་དངས་པར་འགྱུར་ངེས། ཞེས་སྨྲས་པ་དང་། རྒྱལ་པོ་ཆེན་པོ་གནོང་ཞིང་ཞུམ་པར་

(༡༠༧༤)གྱུར་ཏེ་བུ་ལ་ནི་བརྩེ། བཙུན་མོ་ལ་ནི་ཆགས་ཏེ། སྡོད་ཟེར་བ་ཡང་དཀའ། སོང་ཟེར་བ་ཡང་དེ་དང་འདྲ་ནས་བཞིན་བསྡུས་ཏེ། མཆི་མ་འཛག་ཅིང་གནས་སོ། །དེར་བློན་པོ་ལྔ་སྟོང་གི་ཚོགས་དང་། གཞན་ཡང་ཡུལ་དེ་ན་གནས་པའི་རྒན་པོ་ཤེས་པ་དང་ལྡན་པ་བརྒྱ་ཕྲག་མང་པོ་དང་། རང་གི་མ་མ་དག་ཀྱང་བསྡུས་ཏེ་གདན་ལ་འཁོད་པ་དང་། རྒྱལ་བུ་བཞེངས་ནས། རང་གི་ཟས་སྐལ་དང་གོས་སྐལ་མདུན་དུ་སྤུངས་ཏེ། ཡབ་ཀྱི་མདུན་དུ་ཕྱིན་ནས། འདི་སྐད་ཅེས་སྨྲས་པ། ཀྱེ་མི་དབང་ཆེན་པོ་དག་ཟས་གོས་འདི་དག་ནི། བདག་གི་མ་འཇིག་རྟེན་ལས་འདས་པ་དེས་ཁོ་བོ་ལ་སྙིང་བརྩེ་བའི་སྒོ་ནས། བྱིན་པའི་ཟས་སྐལ་དང་། གོས་སྐལ་ཡིན་པས། རྒྱལ་པོ་གཞན་ཡིན་པར་མ་སེམས་ཤིག །འདིར་ཚོགས་པ་འདི་དག་ནི་བདག་གི་མ་དེའི་བུ་ཡིན་

(༡༠༧༥)འདི་དག་ཀྱང་མ་དེ་ལ་ཤིན་ཏུ་བརྩེ་མོད་ཀྱི། ལས་ཀྱི་དབང་གིས་བཞག་སྟེ་གཞན་དུ་སོང་ངོ་ད་ང་ཡང་ལྷོ་ནུབ་ཀྱི་ཕྱོགས་དེར་སྲིན་པོ་མི་ཤ་དང་མི་ཁྲག་ལ་དགའ་བ་དེ་དག་ལ་བདག་གིས་ལུས་གཞོན་ཞིང་བཞུན་པ་འདི་ཤ་ཁྲག་དྲོད་མ་ཡལ་བར་སྦྱིན་པར་བྱའོ། །སྔོན་ཚེ་རབས་དཔག་ཏུ་མེད་པར་བདག་གི་ལུས་དུ་མ་ཞིག་བླངས་ཤིང་ཤ་ཟ་མང་པོས་ལན་དུ་མ་ཞིག་ཟོས་ནའང་ཕ་མ་སེམས་ཅན་གྱི་དོན་དུ་བྱིན་པ་ཤས་ཆུང་། ད་ལན་།།།དངོས་ཀྱི་ཕ་དང་བརྒྱུད་པའི་ཕ་སྲིན་པོ་རྣམས་ཀྱི་དོན་དུ་སྦྱིན་པར་བྱའོ། །ཟས་གོས་འདི་དག་ནི་མས་བུ་ལ་བྱིན་པས་འདི་དག་སྦྱིན་པར་བྱའོ་ཞེས། དེར་ཚོགས་པ་ཐམས་ཅད་ཀྱང་ཟས་གོས་ཀྱིས་ཚིམ་པར་བྱས་པས་དགར་མ་ཚོར་བར་རྒྱལ་བུ་འཇིག་རྟེན་ན་དཀོན་པ་

(༡༠༧༦)བདག་ཅག་རྣམས་ལ་སྙིང་བརྩེ་ཞིང་ཕན་སེམས་ཆེ་བ་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཅན་དེ་གསུང་དེ་སྐད་འབྱིན་ཞིང་ཡུལ་ས་ཐག་རིང་པོར་གཤེགས་པའི་སྒྲ་དེ་ཐོས་པས། རྔ་མོང་རྔེའུ་སྟོར་བ་ལྟར་སྡུག་བསྔལ་ཆེན་པོར་གྱུར་ཏེ། ལ་ལ་ནི་ཉམ་ཐག་པའི་ང་རོ་འདོན། ལ་ལ་ནི་སྐྲ་འབལ། ལ་ལ་ནི་གཞིན་།།།ལ་སྦར་མོས་འབྲད། ཕལ་ཆེར་ས་ལ་འགྱེལ་ཞིང་རབ་ཏུ་སྡུག་བསྔལ་ཆེན་པོར་གྱུར་ཏེ་ངུ་བ་ལ། རྒྱལ་བུས་སྨྲས་པ། ཀྱེ་བདག་གི་སྤུན་ཟླ་དག་མ་ངུ་མ་ངུ་ཡར་ལ་ལོངས་ལ་བདག་གི་གཏམ་འདི་དག་ལ་ཉོན་ཅིག་ཅེས་སྨྲས་པ་དང་། རྒྱལ་བུའི་གསུང་དེ་ཤིན་ཏུ་བཅག་པར་དཀའ་བས་ཕལ་གྱིས་དྲན་པས་བཟུང་ཞིང་འདབ། ལ་ལ་ནི་ལྡང་བར་མི་ནུས་ཀྱང་བློ་བརྟན་པ་དག་གིས་

(༡༠༧༧)ཡར་ལ་བཏེགས་ཏེ། ཅུང་ཟད་ལངས་པའི་མོད་ལ། རྒྱལ་བུས་འདི་སྐད་ཅེས་སྨྲས་སོ། །སྡུག་བསྔལ་མ་བྱེད་མི་ལུས་ཅན། །མི་ལུས་རིན་ཆེན་རྙེད་པར་དཀའ། །གཏན་གྱི་བཙན་ས་འཛིན་པའི་རྟེན། །རྙེད་དུས་མྱ་ངན་མི་བྱེད་པར། །ལྷ་མཆོག་གསུམ་ལ་བློ་ཕུགས་གཏོད། །སྐྱབས་ལ་གསོལ་བའི་ང་རོ་ཐོབ། །ལུས་འདི་ཤ་ཁྲག་ཆུ་སེར་ཡིན། །ད་ལྟ་ཞིག་ཀྱང་ཕངས་པ་མེད། ཁྱེད་རྣམས་བདག་ལ་བརྩེ་གྱུར་ན། །ང་ལ་མི་དབང་ཆེན་པོ་ཡིས། །ནོར་སྐལ་གང་བྱིན་དེ་ལོང་ལ། །ཆ་གཅིག་ཆོས་དང་སངས་རྒྱས་མཆོད། །ཆ་གཅིག་དགེ་འདུན་བསྙེན་བཀུར་མཛོད། །ཆ་གཅིག་མ་རབས་ཕོངས་ལ་བྱིན། །ང་རོ་ཆེན་པོས་དཀོན་མཆོག་ལ། །བདག་གི་དོན་དུ་གསོལ་བ་ཐོབ། །ང་ཡང་དད་པ་བརྟན་པ་ཞེས། །ཐ་སྙད་ཇི་སྐད་ཐོགས་པ་བཞིན། །

(༡༠༧༨)དཀོན་མཆོག་གསུམ་ལས་མ་གཡོས་པར། །གསོལ་བ་འདེབས་ཤིང་འགྲོ་བར་བྱེད། །དཀོན་མཆོག་གསུམ་ནི་རྫུ་འཕྲུལ་ཆེ། །བདེན་པ་བརྗོད་ན་ཅི་ཡང་འགྲུབ། །བྱང་ཆུབ་གནས་སུའང་ཕྱིན་བྱེད་ན། །ལྷོ་ནུབ་གནས་དེར་ཅིས་མི་ཕྱིན། །རི་བོ་འཕེན་ཞིང་མཚོ་འཁྲུག་པའི། །བདུད་སྡེའི་ཚོགས་ཀྱང་འཇོམ་བྱེད་ན། །སྲིན་པོའི་ཚོགས་ཀྱིས་ཅི་བྱར་ཡོད། །ཨེ་མ་དཀོན་མཆོག་རིན་ཆེན་གསུམ། །ང་ཡི་མགོན་སྐྱབས་དཔུང་བྱེད་ཡིན། །ཕོ་བྲང་ནང་དུའང་སྐྱོབ་བྱེད་ན། །འཇིགས་པའི་གནས་སུ་འདོར་མི་བྱེད། །མཁྱེན་པའི་ཡེ་ཤེས་ཐོགས་མེད་ལྡན། །བརྩེ་བའི་ཐུགས་རྗེ་མཚུངས་པ་མེད། །དད་པ་བརྟན་པ་ཞེས་བྱ་བའི། །ཐུགས་རྗེའི་སྲས་འདི་ག་ལ་འདོར། །ང་ལ་བསམ་ཏེ་ངུ་བྱེད་པའི། །སེམས་ལྡན་ཕྱི་ཐག་རིང་པོ་རྣམས། །གངས་རིའི་མགུལ་ཞེས་གྲགས་པ་རུ། །དཀོན་མཆོག་དད་པ་བརྟན་

(༡༠༧༩)པ་དང་། །རྒྱལ་བའི་འབྱུང་གནས་གྱུར་པ་ན། །བཀའ་དམ་རིན་ཆེན་བཟང་པོའི་དཔལ། །བསླབ་གསུམ་རྒྱུད་ལ་སྟེན་བྱེད་པའི། ཁྲིམས་ལྡན་ཁྲོ་བའི་གཉེན་དུ་འགྱུར། །ཨེ་མ་བསོད་ནམས་སྐལ་པར་ལྡན། །སྨོན་ལམ་ཐོབ་ཅིག་ལས་ཅན་རྣམས། །ནུབ་ཕྱོགས་བདེ་བ་ཅན་ཞེས་ན། །མྱ་ངན་བྲལ་ཞེས་མཁས་པའི་མཆོག །ང་ཡི་ཕ་ཡིན་གསོལ་བ་ཐོབ། །གནས་འདིར་འབྱོན་གྱི་སྡོམ་པ་ལོང་། །རྣ་གཅིག་བསྲུང་དང་རྣ་འགའ་དང་། །ཕལ་ཆེར་བསྲུང་དང་ཡོངས་རྫོགས་དང་། །ཚངས་པར་སྤྱོད་དང་ལྡན་པའང་རུང་། །རང་དང་འཚམ་པར་ཁྲིམས་ལོང་ལ། །གནས་དེར་ཚོགས་པའི་སྨོན་ལམ་སྒྲིགས། །དེ་ལྟར་བྱས་ན་འདིར་ཡང་ཚོགས། །མ་ངུ་མ་ངུ་ཆོས་རང་སོམ། །འཕགས་པའི་ཆོས་ཡིན་འཇིག་རྟེན་ནའང་། །ངུས་པ་

(༡༠༨༠)ལས་རོ་དག་ཏུ་འགྱུར། །ཞེས་སོམས་ལ་ཕན་པའི་ཆོས་བཤད་པ་དང་། ཐམས་ཅད་སེམས་བསོས་ཏེ། རྒྱལ་བུ་ལ་བལྟས་ཤིང་འདི་སྐད་དུ། མ་འོངས་འཕགས་པ་ཁྱེད་ཀྱི་ཞིང་། གངས་རིའི་མགུལ་དེར་ལེགས་བལྟམས་ནས། ཁྱེད་ཀྱི་རྗེས་སུ་སློབ་བྱེད་པའི། །རྣམ་ཐར་གཙང་མ་དག་ཏུ་ཤོག །ཅེས་སྨོན་ལམ་བཏབ་ནས། ཡུལ་དེ་ན་བཟང་བའི་རྟ་གཅིག་ལ་སྒ་སྒྲོན་ཏེ། རྒྱལ་བུ་ཆིབས་སུ་གསོལ། རང་རང་གིས་ཀྱང་རྟ་ཕུན་སུམ་ཚོགས་པ་མང་པོ་ལ་སྒ་སྒྲོན་ཏེ་བདག་ཅག་རྣམས་ཀྱང་རྒྱལ་བུ་ཁྱེད་དང་ལྷན་ཅིག་ཏུ་ལྷོ་ནུབ་ཀྱི་ཕྱོགས་དེར་འགྲོ་བར་བྱའོ། །ཞེས་གྲོང་ཁྱེར་གྱི་གཞི་མདོ་ན་མར་ལ་རྒྱལ་བུ་ལ་བརྩེ་བཞིན་དུ་འོངས་པ་དང་། གྲོངས་ཁྱེར་གྱི་སྐྱེ་བོ་ཐམས་ཅད་ཀྱིས་ཀྱང་ཚོར་ནས་མིག་གདོང་མཆི་མས་དག་པར་བྱས་ཏེ། རྒྱལ་བུའི་མདུན་དུ་འོངས་ནས། ཡུམ་

(༡༠༨༡)འཕགས་མ་ལྟ་བུ་དེ་མེད་ཀྱིས་རྗེས་སུ་ཁྱེད་ཀྱང་མི་བསྲུན་པའི་ཡུལ་དུ་གཤེགས་པར་བྱེད་དམ། ཀྱེ་མའོ་ཀྱི་མའོ་ཞེས་རྒྱལ་བུ་ལ་བལྟ་ཞིང་སྨྲེ་སྔགས་འདོན་ནོ། །རྒྱལ་བུ་དེ་ནི་སྐྱེ་བོ་ཐམས་ཅད་ཀྱི་དབུས་ན་ང་རྒྱལ་དང་ཁེངས་པ་ཐམས་ཅད་བསལ་ནས་ཙམ་ཞིང་དུལ་ལ། དེས་ཆགས་པར་མཛད། གྲོང་ཁྱེར་བའི་སྐྱེ་བོ་ཐམས་ཅད་ལ། ཀྱེ་གྲོགས་པོ་དག །ནམ་ཕུགས་རྒྱལ་པོའི་བུ་ལའང་མི་གདའ། འཕྲལ་གྱི་ཟས་འགྲངས་ཙམ་ཁྱི་དང་ཕག་པ་ལའང་ཡོང་དུས་སྐྱེ་བ་གཏན་གྱི་བཙན་ས་མ་ཟིན་ན། མཐུན་པའི་ཕ་མ་དང་གཉེན་གྱིས་ཀྱང་འདོར། ལོངས་སྤྱོད་མང་ཡང་མགྲོན་ཤུལ་དུ་ལུས། སྡོད་ན་དགྲ་བོ་ལྡང་། གཉེར་ཁས་རྗེའང་བྲན་དུ་འཁོལ། མ་མཐུན་ན་ཕ་དང་བུ་ཡང་དགྲ་བོར། རྒོད་ན་ང་དང་ཁྱོད་ཀྱི་རང་སྲོལ་སྐྱེལ། ཀྱེ་གྲོགས་དག །ཡབ་

(༡༠༨༢)རྒྱལ་པོ་ནོར་གྱི་ང་རྒྱལ། ནོར་གྱི་བདུད་མོ་བཀུག །བདུད་མོས་བདག་སྤྱུགས་པར་གྱུར། ཀྱེ་གྲོགས་དག་དེ་ལྟ་བས་ན་ནོར་ནི་མིང་དང་མཐུན་ཏེ། མཐུན་པར་ཤེས་པར་གྱིས་སྤོངས་ཤིག་ཅེས་བསྒོ་བ་དང་། སྐྱེ་བོ་དེ་དག་ན་རེ། ཨེ་མ་སྔོན་ཆད་གྱུར་པ་ན་མི་དབང་སྐྱོན་མེད་ཀུན་གྱིས་བཀུར། དད་པ་ཆེ་དང་དཀོན་མཆོག་འཛིན། །སྙིང་རྗེ་ཆེ་ཞིང་ཀུན་ལ་ཕན། །ད་ནི་མིག་འབྲས་འདྲ་བ་ཡིས། །རྒྱལ་པོ་དམ་པ་གང་དུ་གཏོང་། །ནང་གི་སྙིང་དང་འདྲ་བ་ནི། །ཕྱི་རུ་འདོན་གླགས་མེད་པ་འདི། །ལོ་དང་བསྐལ་པར་ཕྱོགས་བཅུ་རུ། །ཅང་ཤེས་ཞོན་ཏེ་མིག་སྟོང་གིས། །བཙལ་ཀྱང་འདྲ་བ་མི་རྙེད་ན། །དངོས་ཉིད་རྙེད་པར་སྨོས་ཅི་འཚལ། །ཨེ་མ་མི་དབང་ཅི་ལ་འཁྲུལ། །རྙེད་དཀའི་རིན་ཆེན་ཕུག་མི་བསྟེན། །རྟེན་ཕུགས་ཟོག་མ་ཚེ་སྲིང་ཐབས། །སྣ་ཚོགས་སྤྱོད་པ་དོན་མེད་

(༡༠༨༣)འགྱུར། །རྒྱལ་བུ་ཁྱོད་ལ་མཐུ་ཡོད་མེད། །བདུད་མོ་སྒྲོལ་ལ་བདག་ཅག་སྐྱོབས། །ཡུལ་འདིར་ཡུན་དུ་མི་བཞུགས་པར། །བདག་ཅག་བརྩེ་བ་ཅི་ཕྱིར་འཇོག །སྐྱེས་མཆོག་རིན་ཆེན་རྙེད་དཀའ་བས། །གཅིག་གིས་དོན་དུ་ཀུན་མ་བཏང་། །མི་དབང་འཕགས་པ་ཆེ་གཅིག་ཡིན། །བདག་ཅག་ཆགས་པ་འཁོར་བ་ཡར། །རྒྱལ་བུས་ཚེ་འདིའི་དོན་དག་ལ། །སྐྱེ་བ་དཔག་མེད་མ་བཏང་ཞེས། །བདག་ཅག་སྐྱེ་བོ་མང་པོ་ལ། །ཆོས་ཀྱིས་བསླབ་བྱ་བྱེད་གྱུར་ན། ཁྱེད་རང་དེ་ལས་བཟློག་ཅི་རིགས། །ཡང་ན་ཉིད་ཀྱང་མྱ་ངན་བྲལ། །འཕགས་པའི་དྲུང་དུ་བསྐྱེལ་བར་ཞུ། །ཡང་ན་ཁྱེད་དང་ལྷན་ཅིག་ཏུ། །གདུག་པའི་ཡུལ་དེར་ངེད་ཀྱང་འགྲོ། །ལྷ་ཡིས་འགྲན་པར་མི་ནུས་པའི། ཁྱེད་ཀྱི་སྐུ་མཆོག་གཏོང་བྱེད་

(༡༠༨༤)ན། །ཤ་ཁྲག་ཆུ་སེར་རུས་པའི་ལུས། །ཞེ་སྡང་ཁོང་ཁྲོའི་རྒྱུར་སོང་བས། །དེང་སང་མཚུངས་པར་སྨིན་པ་ནི། །ཅི་སྟེ་སྟོང་པར་མི་བྱེད་རིགས། །རྒྱལ་སྲིད་རྒྱ་མཚོ་བོར་གྱུར་ཏེ། །རྙེད་དང་བཀུར་སྟི་ཁྱད་བསད་ནས། །འཁོར་མེད་གཅིག་བུར་འགྲོ་འགྱུར་ན། །ཡི་དྭགས་གནས་བཞིན་བཀྲེན་གྱུར་ཅིང་། །སྟོབས་མེད་གཞན་གྱི་དབང་གྱུར་པ། །ཅི་སྟེ་གནས་འདིར་ཞེན་པར་བྱེད། །གང་གི་ཁྱེད་ཀྱི་རྗེས་མི་འབྲངས། །བདག་ཅག་རྣམས་ཀྱང་འགྲོ་འོ་ཞེས། ཁྱེད་ཀྱི་རྗེས་སུ་གནང་བ་ཞུ། །ཞེས་པའི་གསོལ་བ་འདེབས་པ་དེ་དག་ལན་པ་དང་། དེ་དག་ལ་བརྩེ་བའི་ཕྱིར་དུ། རྒྱལ་བུས་སྨྲས་པ། ཁྲེལ་གཞུང་ཕྱི་ཐག་ལྡན་གྱུར་པའི། །སྐྱེ་བོ་འདིར་ཚོགས་བདག་ལ་ཉོན། །བློ་སྣ་མ་བསྐྱོད་གནས་འདིར་འདུག །ཤུལ་

(༡༠༨༥)རིངས་འཇིགས་པའི་ལམ་ཞུགས་ན། །ཐག་ཆོས་དང་འགལ་བར་འགྱུར། །སྲིན་པོའི་ཟས་ནི་ཤ་ཁྲག་ཡིན། །ལྷག་པར་མི་ཤ་དག་ལ་གསུངས། །ནོར་བྱིན་མ་དེ་མེད་གྱུར་པས། །རྒྱལ་པོའི་སྙིང་ལ་བདུད་མོ་ཞུགས། །བདག་གིས་ཤེས་ཏེ་བསྒྲལ་ནུས་ཀྱང་། །བདག་ལ་ཕ་ཡི་སྡིག་བསགས་ན། །རྒྱལ་པོ་བཤན་པ་ཉིད་དང་མཚུངས། །བློན་པོས་མི་བཀུར་དམངས་ཀྱིས་འབར། །ཡུལ་འཁྲུགས་རྒྱལ་སྲིད་ཉམས་པར་བྱེད། །མངའ་འོག་སྡུག་བསྔལ་ཉིད་ལ་འགོད། །དེ་ཕྱིར་གཅིག་པུར་འགྲོ་བྱེད་ན། ཁྱེད་རྣམས་ཅི་སྟེ་བསྐྱོད་པར་བྱེད། །ང་ཡང་མི་ཐོགས་མྱུར་དུ་འོང་། །བདེ་བར་གཤེགས་པས་ལ་སྣ་འདྲེན། །དམ་པའི་ཆོས་ཀྱིས་གཞོགས་ནས་བརྟེན། །དགེ་འདུན་དག་གིས་རྒྱབ་བརྟེན་ནས། །མ་ཆགས་ཟས་ཀྱི་རབ་འཚོ་ཞིང་། །གཞན་དོན་ཁྲིམས་ཀྱིས་རབ་བརྒྱན་ཏེ། །ཅི་ཡང་

(༡༠༨༦)བཟོད་པའི་གོ་ཆ་གྱོན། །བརྩོན་པའི་དཔའ་བོས་དགྲ་བཅོམ་ཞིང་། །རྩེ་གཅིག་བློ་སྣ་མི་མང་བར། །ཤེས་རབ་མཚོན་ཆ་ཕྱོགས་སུ་འཕེན། །དེ་ནི་བདག་གི་ཡོན་ཏན་ཏེ། །བསམ་པ་འོག་ནས་བཟང་གྱུར་པས། །ལྷ་ཡི་མེ་ཏོག་སྟེངས་ནས་བསྐྱུར། །བསམ་པ་སྟེང་ནས་བཟང་གྱུར་པས། །ཀླུ་ཡི་མཆོད་ས་འོག་ནས་བྱེད། །བསམ་པ་དབུས་ནས་བཟང་གྱུར་པས། །ཕྱོགས་སྐྱོང་རྒྱལ་པོ་བཞི་ཡིས་བསྲུང་། །ང་བདག་དགྲ་བོ་རང་ཆོམས་པས། །གཞན་གྱི་དགྲ་བོ་དབྱིངས་སུ་བགགས། །ཆོས་དེ་གོའམ་རྣ་དབང་ཅན། །ལས་ཉོན་བདུད་ཀྱི་མ་གོས་ན། །གློ་བུར་བདུད་ཀྱིས་ཅི་ཞིག་བྱ། །ཚེ་ཡི་འདུ་བྱེད་དོར་གྱུར་ཀྱང་། །ཆོས་ཕྱིར་དོར་ཅིག་བསྐལ་བ་བཟང་། །ཆོས་ཕྱིར་འཆི་ནུས་དམ་པ་ཡིན། །ཞེས་གསུངས་པ་དང་། སྐྱེ་བོ་ཐམས་ཅད་ཀྱི་གོ་བ་ཁྱད་པར་ཅན་རྙེད། རྒྱལ་བུ་ལ་འདོད་པ་དང་། དད་པ་དང་།

(༡༠༨༧)ཡིད་ཆེས་པའི་དང་བ་དང་གསུམ་ཀ་སྐྱེས་སོ། །འདིའི་སྐབས་སུ་རྔོག་གི་ཞལ་ནས། བླ་མ་ལ་འདི་ལྟ་བུའི་ཡོན་ཏན་རྒྱ་མཚོ་ལྟ་བུ་ཡོད་པ་ལ། བདག་ཅག་ལ་སོགས་པ་འགའ་ཞིག་གིས་མཆེད་གྲོགས་ཙམ་དུ་བསྒོམ་པའི་འཛོལ་ཆེན་པོ་བྱས་པ་ཡོད། དད་པ་གསུམ་དེ་སྐྱེས་པ་སྐྱེ་བོ་དེ་རྣམས་ཤིན་ཏུ་བདེན། དེ་འདྲ་བའི་ཡོན་ཏན་ལ་དད་མོས་སྐྱེ་དགོས། འཆི་མ་འདོན་པ་ཡང་ཤིན་ཏུ་བདེན་ཏེ། དེ་འདྲ་བའི་རྒྱལ་བུ་ཡུལ་མ་རུངས་པ་དེར་གཤེགས་པ། རྒྱལ་པོ་དེ་འདྲ་བའི་ངོ་མཚར་ཆེ་བ་ཞིག་ལ་བློ་སྣ་དེ་འདྲ་བ་གཅིག་ཡོང་བ་ཅི་ཡིན། རྒྱལ་པོ་དེ་འདྲ་ཡང་བུད་མེད་ཀྱིས་བསླུས་ན། ད་ལྟའི་ཉོན་མོངས་པ་རྣམས་འོད་མེད་ཅེས། ངོད་ལ་ཡང་མཆི་མ་མང་པོ་ཟགས་སོ། །དེར་ཇོ་བོས་ཞལ་འཛོམ་མཛད་ནས། དེའི་དུས་སུ་རྒྱལ་པོ་དེ་སུ་ཡིན་

(༡༠༨༨)པ་གསུང་བ་ལ། འབྲོམ་ཡང་རྔོག་ལ་ཕྱག་ཅབ་ཅབ་མཛད་ནས། རྒྱལ་པོ་དེ་འདྲ་བུ་གཅིག་པུ་དེ་དེ་ན་ཕར་གཏོང་བ་བུད་མེད་ཀྱི་རིགས་འདིས་ཅི་ཡང་བྱེད། དགེ་བའི་བཤེས་གཉེན་པ་ཀུན་ཡིན་ན་ང་འདྲ་བའི་རྒན་པོ་ལའང་སེར་སྣ་བྱེད་ཅེས་གསུངས་པ་དང་། རྔོག་གི་ཞལ་ནས། འོ་ན་རང་རྒྱལ་པོ་དེ་ང་མིན་པ་རུང་སྤྱོད་ཚུལ་དེས་ཆོག་པ་ཡིན་ཟེར་བ། འབྲོམ་གྱི་ཞལ་ནས། རྒྱལ་པོ་ལ་སྐྱོན་མེད། དེའི་དུས་ན་ཡང་དད་པ་ཆེ་བར་གྲགས། རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་སུ་སྐྱེས། དཀོན་མཆོག་གསུམ་མཆོད་པ་དང་མི་འབྲལ། མཁས་པ་མང་པོ་བསྟེན་པའི་སྟོབས་ཀྱིས་ཆོས་ཀྱི་གོ་བ་ཡང་ཤིན་ཏུ་ཆེ། རྒྱལ་བུ་དེ་ཡུལ་དེ་ན་ཕར་འགྲོ་བའི་རྐྱེན་གྱིས་སྒྲོལ་མའི་སྤྲུལ་པ་ཀུ་ཤ་ན་ལོན་པའི་བདག་རྐྱེན་དུ་གྱུར་ཏེ། ད་ལྟ་ཡན་ཆོད་དུ་མས་སྨོན་ལམ་བཟང་པོའི་རྟེན་

(༡༠༨༩)འབྲེལ་ཕུན་སུམ་ཚོགས་པར་གྱུར་པ་འདི་རང་ཡིན་མོད་གསུངས་པས། ཇོ་བོའི་ཞལ་ནས། འབྲོམ་གྱི་གསུང་ལ་སྐྱོན་མེད། བདག་གིས་གཏམ་གྱི་འཕྲོ་བཤད་ཀྱིས། །དེ་ལྟར་སྐྱེ་བོ་ཐམས་ཅད་ཀྱིས་དད་པའི་སྒོ་ནས་རྗེས་སུ་འབྲང་ཞིང་ཐག་རིང་པོར་བསྐྱལ་བ་དང་། རྒྱལ་བུའི་ཞལ་ནས། ད་ཁྱེད་རང་རྣམས་ཀྱང་ཕྱིར་ལོག ཁྱེད་ཚོ་ལ་འདི་ནས་ཕར་འགྲོ་བའི་སྟོབས་མེད། མི་རྟ་མང་པོའང་གྲོན་དུ་འགྲོ། ངས་རྒྱལ་པོ་བྱས། ཁྱེད་ཀྱི་འཁོར་གྱིས་བསྐོར་ནས་འགྲོ་བའི་སྐབས་དེ་ད་ལན་གྱི་འདི་མ་ཡིན་པས། རང་ས་རང་སས་རང་གིས་གང་ཐུབ་པའི་སྡོམ་པ། བླ་མ་མྱ་ངན་བྲལ་བ་ལ་ལོང་ལ། རང་གཞན་ཐམས་ཅད་ཀྱི་དོན་དུ་སྲུངས་ཤིག །ཅེས་བསྒོ་བ་དང་ཐམས་ཅད་ཀྱང་རྒྱལ་བུ་ལ་འཁྲེན་བཞིན་དུ་མིག་མཆི་མས་གང་སྟེ་ཕྱི་ནུད་བྱེད་ཅིང་། གོམ་པ་རེ་ལ་ངམ་རེ་བྱེད་ཅིང་ཕྱིར་ལོག་སྟེ་སོང་ངོ་། །

(༡༠༩༠)དེ་དག་འཕགས་པ་མྱ་ངན་བྲལ་བ་ཞེས་བྱ་བ། རྒྱལ་བུའི་ཚེ་རབས་ཐམས་ཅད་ཀྱི་བླ་མ་མངོན་ཤེས་ཐོགས་པ་མེད་པ་དེས་མཁྱེན་ནས། རྒྱལ་བུའི་ཤུལ་དུ་བློན་འབངས་ཐམས་ཅད་ཀྱིས་དབུགས་ཕྱུངས། རང་རང་དང་མཚམས་པའི་སྡོམ་པ་རྣམས་ནོས། རྒྱལ་བུ་ལ་བར་ཆད་མི་མངའ་བའི་ཚུལ་མང་པོ་བརྗོད། མྱུར་དུ་ལྡོག་པའི་ལུང་བསྟན། རྒྱལ་པོ་ལའང་བཙུན་མོ་དེས་བར་ཆད་བྱེད་ཀྱིས་དོགས་ནས་མནན་པའི་འཁོར་ལོ་བཙུད། ལུས་ལ་ཡང་བསྲུང་བ་བཏགས། དེར་རྒྱལ་པོ་དང་གྲོང་ཁྱེར་ན་གནས་པའི་སྐྱེ་བོ་ཐམས་ཅད་ཀྱང་ཡིད་ཅུང་ཟད་སོས། ད་འོ་ན་རྒྱལ་བུ་ཡང་སྐུ་ཚེའི་བར་གཅོད་དུ་མ་གྱུར་བར་གནས་འདི་ཉིད་དུ་བྱོན་སྲིད་པར་འདུག །བདག་ཅག་རྣམས་ཀྱང་ཡོན་ཏན་ཐམས་ཅད་ཀྱི་གཞིར་གྱུར་པའི་ཚུལ་ཁྲིམས་ཀྱི་བགོ་སྐལ་རེའང་ལོན། མ་འོང་པའི་དུས་ན་སྐྱེས་བུ་དམ་པ་དེའི་གདུལ་བྱར་འགྱུར་བའི་ལས་བསགས། ད་ལན་མ་མཇལ་ཀྱང་མ་

(༡༠༩༡)འོངས་པ་ན་ཡུན་མི་རིང་བས་དེ་དུས་སུ་མཇལ་ན་བྱ་རྒྱུ་མེད་ཀྱིས་ཟེར་ནས། ཐམས་ཅད་ཀྱང་བློ་མཐུན་པར། རྒྱལ་བུ་སྔར་ཇི་ལྟར་མཛད་པ་བཞིན་དུ་དཀོན་མཆོག་གི་མཆོད་པ་ལ་སོགས་པ་རྒྱལ་བུའི་དོན་དུ་བྱས། རྒྱལ་པོའི་རྟོག་པ་ལའང་། རྒྱལ་བུ་ཕལ་ཆེར་མི་འབྱོན་སྲིད། གལ་ཏེ་བྱོན་ཡང་ནོར་གྱིས་ལྡང་སྙམ་ནས། རྒྱལ་སྲིད་ཀྱི་ཕྱེད་ལ་སྔར་གྱི་བློན་འབངས་དེ་དག་དཔང་དུ་བཞག་སྟེ། དཀོན་མཆོག་གི་མཆོད་པ་ལ་སོགས་པ་རྒྱལ་བུ་ཇི་སྐད་ཟེར་བ་བཞིན་དུ་བྱས་སོ། །དེར་རྒྱལ་བུས་ཀྱང་ལྷོ་ནུབ་ཀྱི་ཕྱོགས་ལ་རྙེད་པ་དང་བཀུར་སྟི་དང་ཁེ་གྲགས་བོར་ཏེ། ལོ་གསུམ་ཟླ་བ་གསུམ་གྱི་བར་དུ་བྱོན་པ་དང་། ཡུལ་དེ་ན་རི་ཙམ་མེད་པ་ལ་ཡུན་རིང་པོར་ཕྱིན་པའི་ས་དེ་ན་རི་བྲག་ནག་པོ་མང་པོ་ཅོལ་ལེ་ཡོད་པ། ཅེ་སྤྱང་དང་ཁ་ཏ་ལ་སོགས་པ་གཅན་

(༡༠༩༢)ཟན་དང་བྱ་མང་པོ་རྒྱུ་བ་ཤིན་ཏུ་ཉམས་མི་དགའ་བའི་ཡུལ་ཞིག་ཏུ་སླེབ་པ་ན། གྲོགས་མེད་པས་ཅུང་ཟད་སྐྱོ་བ་སྙམ་བྱེད་པ་ན། གཞན་ལ་མི་འཇུག་པའི་ལམ་འགའ་གཅིག་ཏུ་མི་སེར་པོ་མིག་དམར་ལྗིབ་བེ་བ་རལ་པ་དམར་སེར་རྐང་པའི་ཐད་ན་དམར་ཉིལ་ལེ་སླེབ་པ། སྦར་མོ་རྣམས་ལྕགས་ཀྱི་རྣམ་པར་སྔོ་སང་ངེ་བ་རྣོ་བ། རྣ་རྡོག་ཆེ་ཞིང་སོ་རྣོ་བ། ལག་ན་གསེར་གྱི་རལ་དྲི་ཐོགས་པ་གཅིག་འདུག་པ་ན་རེ། མིའི་བུ་ས་ཐག་རིང་པོ་ནས་འོངས། ཁྱོད་མཚར་པོ་ཞིག་འདུག་སྟེ། གྲོགས་ཀྱིས་བོར། ལོངས་སྤྱོད་དང་བྲལ་བ། རྒྱུས་མེད་ཀྱི་མི། འོང་མ་མྱོང་བའི་ལམ་དུ་ཞུགས་པ་རང་སྟོབས་ཀྱིས་འོངས་པ་ཡིན་ནམ། འོན་ཏེ་རྫུ་འཕྲུལ་གྱི་ང་རྒྱལ་བ་ཡིན་ནམ། འོན་ཏེ་གཞན་གྱི་དབང་མེད་དུ་སྤྱུགས་ཏེ་འོངས་པ་ཡིན་ནམ། ཁྱེད་སུ་ཞིག་ཡིན། གར་ཅི་

(༡༠༩༣)ལ་འགྲོ་ཞེས་བྱ་བ་ལ་སོགས་པ་མང་དུ་དྲིས་པ་ལས། རྒྱལ་བུས་གཟུགས་ཅན་དེ་མཐོང་བས། གྲོགས་མེད་གཅིག་པུར་འདི་འདྲ་བའི་ལུས་བླངས་ཏེ་སྐྱོ་བ་སྙིང་རྗེ་སྙམ་དུ་བྱམས་པ་དང་སྙིང་རྗེ་ཚད་མེད་པ་སྐྱེད། སྐུ་ན་གཞོན་པ་དང་ཡུན་རིང་པོར་གྲོགས་མེད་དུ་འོངས་པས། ཁོ་མཐོང་བ་དང་སྐྱོ་བ་སངས་སྙམ་བྱེད་དོ། ཁོའི་རྩར་བློ་ཕབ་སྟེ་བསྡད། རང་གི་བློན་འབངས་རྣམས་ཀྱིས་བསྐུར་བའི་ཟས་ཞིམ་པ་དེ་དག་ཁོ་ལའང་བྱིན་ནས་སྔར་ཇི་ལྟར་བྱུང་བའི་གཏམ་དེ་དག་གུ་རུ་་ལུགས་སུ་ཁོ་ལ་བཤད་པས། ཁོང་གི་བསམ་པ་བཟང་པོ་དང་། ཁྲོ་གཉེར་མེད་ཅིང་བཞིན་འཛུམ་པ་དང་ལྡན་ཏེ། གཏམ་ཐམས་ཅད་གསོང་པོར་སྨྲ་བས་ཁོའི་སེམས་གདུག་རྩུབ་ཅན་དེ་ཡང་རབ་ཏུ་ཐུལ་ཏེ། ཕས་བུ་མཐོང་བ་བཞིན་དུ་ཤིན་ཏུ་དག་ནས་ཁོས་ཀྱང་སྨྲས་པ། ཁོ་བོ་མི་མཐོང་བའི་ཚེ་ཤ་ཁྲག་

(༡༠༩༤)གི་རོ་ལ་རྐན་སྒྲ་ཏོག་པ་ལ། དེ་རིང་ནི་ཁོ་བོའི་སེམས་འདི་སྔར་ལས་ཀྱང་འགྱུར། རྒྱལ་བུ་ཁྱེད་མཐོང་བའི་ཚེ་ཕས་བུ་མཐོང་བ་བཞིན་དུ་སྐྱོ་བསངས་ཏེ། མི་ཁྱེད་ཀྱི་ཕ་དེ་རྒྱལ་པོ་གླེན་པ་ཅིག་ཡོད་པར་འདུག །ལོ་ཏོག་སྨིན་པ་སད་ལ་བསྐུར་ནས། ས་བོན་རུལ་བ་རོལ་འོག་ཏུ་འདེབས། བུ་ཉི་མའི་འོད་ཟེར་ལྟ་བུ་ལྷོ་ནུབ་ཀྱི་ཕྱོགས་འདིར་ཕངས་ནས། བུད་མེད་གླིང་བར་གྱི་མུན་པ་འདྲ་དེ་ཁ་སར་བསུ། ད་ནི་རྒྱལ་པོ་དང་བློན་འབངས་མིག་རྣོ་ཡང་ཉི་མ་མེད་པའི་སྟོབས་ཀྱིས་ལེགས་ཉེས་ཀྱི་གཟུགས་མཐོང་བ་དཀའ། ཀྱེ་རྒྱལ་བུ་ཤེས་ནས་ཉེས་པ་ལས་ལྡོག་པར་བྱེད་དགོས་པས་ཁྱོད་ལ་རྒྱལ་པོའི་སྤྱུགས་བྱུང་ནས་འདུག །མེ་ཏོག་ཀུ་ཤ་ན་བྱ་བ་དེ་མོ་ལ་ཕན་པའི་སྨན་ཡིན། དེ་ནི་སྲིན་པོའི་རྒྱལ་པོ་ལངྐ་མགྲིན་བཅུའི་བུ་མོ་ཡིན། སྨན་ཞེས་བྱ་བ་ནི་མཚར་བ་ལ་ཟེར་བ་ཡིན།

(༡༠༩༥)མེ་ཏོག་ཅེས་བྱ་བ་ནི་མཛེས་པས་བཏགས་པ་ཡིན། ཀུ་ཤ་ན་ཞེས་བྱ་བ་ནི་མིང་དངོས་ཡིན། དེ་ཁྱེད་ཀྱི་མི་ལོན། རྒྱུ་མཚན་ནི། སྲིན་ཡུལ་ལངྐ་སུ་རང་ཞེས་བྱ་བ་ནི། སྲིན་པོ་མ་རུངས་པའི་ཡུལ་ཡིན། དེ་ལ་ལྕགས་རི་རིམ་པ་བདུན་གྱིས་བསྐོར། ཕྱིའི་ལྕགས་རི་ནག་པོ་ཁྲོ་ལས་བྱས་པ་ལ་མོན་ལྕགས་ཀྱི་སྒོ་བཅུག་པ། སྒོ་ཡང་ཕྱོགས་བཞི་ན་གཏོད་པ་ལྕགས་རིའི་ངོས་རེ་རེ་ལ་རྟ་མགྱོགས་བུལ་རན་པ་ཞིག་གིས་ཉིན་ལམ་བཅོ་བརྒྱད་ཡོད་པ། བར་ཐམས་ཅད་ཁྲོའི་ས་གཞི་ལ་ཁྲོའི་མེ་ཏོག་ཚེར་མ་ཅན་མང་པོ་སྐྱེས་པ་ཡོད་དོ། །ལྕགས་རི་གཉིས་ནི། ལྕགས་ཉིད་ཀྱི་ལྕགས་རི་ལ་ཟངས་སྒོ་དམར་པོ། ཕྱོགས་བཞིར་གཏོད་པ། བར་ན་ལྕགས་ཀྱི་ས་གཞི་ལ་ལྕགས་ཀྱི་མེ་ཏོག་ཚེར་མ་ཅན་སྐྱེས་ཡོད་པ། གསུམ་པ་ནི་ཟངས་ཀྱི་ལྕགས་རི།

(༡༠༩༦)ར་རྒན་ཁ་སྒྱུར་གྱི་སྒོ་བཙུག་པ་ཡོད། བར་ཐམས་ཅད་ཀྱང་ཟངས་ཀྱི་ས་གཞི་ལ་ཟངས་ཀྱི་མེ་ཏོག་སྐྱེས་པ་ཡོད། བཞི་པ་ནི་ར་རྒན་གྱི་ལྕགས་རི་ལ་དངུལ་གྱི་སྒོ་བཅུག་པ་ཡོད། ས་གཞི་ཐམས་ཅད་ཀྱང་ར་གན་གྱི་ས་གཞིར་ར་གན་གྱི་མེ་ཏོག་སྐྱེས་པ་ཡོད་ལྔ་པ་ནི། དངུལ་གྱི་ལྕགས་རི་ལ་གསེར་གྱི་སྒོ་བཅུག་པ། བར་ཐམས་ཅད་ཀྱང་དངུལ་གྱི་ས་གཞིར་དངུལ་གྱི་མེ་ཏོག་སྐྱེས་པ་ཡོད། དྲུག་པ་ནི་གསེར་གྱི་ལྕགས་རི་ལ་རིན་ཆེན་སྣ་ལྔའི་སྒོ་གཏོད་པ། བར་ཐམས་ཅད་གསེར་གྱི་ས་གཞིར་ཡོད་པ། དེ་ལ་ལྕགས་རི་དང་པོ་ལ་སྲིན་པོ་མགོ་གཅིག་པས་སྒོ་བསྲུང་བྱེད་པ་ནས། སྒོ་བདུན་པ་ལ་མགོ་བདུན་པས་སྒོ་བསྲུང་བྱེད་པས་དེ་ལ་སུས་ཀྱང་ཐར་བར་དཀའ། ནང་གི་སྲིན་པོའི་རྒྱལ་པོའི་ཕོ་བྲང་དང་ཕལ་པ་ཐམས་ཅད་ཀྱི་ཁང་པ་ཡང་ལ་ཆ་དང་

(༡༠༩༧)རྒྱ་སྐེགས་ལས་བྱས་པ་ཡོད་དོ། །སྲིན་པོའི་ཕོ་བྲང་གི་ནང་ལ་ཀ་བ་སྟོང་བཙུགས། གཡོས་ཁང་རང་ལའང་ཀ་བ་བརྒྱད་ཡོད། ཕོ་བྲང་དེའི་ནང་ན་རིན་པོ་ཆེའི་ཁྲིའི་སྟེང་ན་མི་ལྤགས་མཉེད་བྱས་པ་ལེགས་པོའི་སྟན་མཐོན་པོའི་སྟེང་ན། སྲིན་པོའི་རྒྱལ་པོ་ལངྐ་མགྲིན་བཅུ་ཞེས་བྱ་བ་མགོ་བཅུ་གཅིག་ཡོད་པ། བཅུག་པ་ཉིད་རྟ་མགོར་ཡོད་པ། ཤིན་ཏུ་འཇིགས་ཤིང་ཡ་ང་བ་ཞིག་ཡོད། དེ་ལྟར་ཕོ་བྲང་ཆེ་ཞིང་མཐོ་བའི་དབུས་མཁར་དགུ་བརྒྱ་དགུ་བཅུ་རྩ་གཅིག་གི་སྒོ་སྐས་ཉིས་སྟོང་གི་རྩེ་མོ་ན། སྨན་མེ་ཏོག་ཀུ་ཤ་ན་ཞེས་བྱ་བ་དེའི་འོད་ཀྱི་ཉིད་ལའང་ཟིལ་གྱིས་གནོན་ནུས་པ། སྐུ་མདོག་དཀར་བས་དཀར་པོ་ཐམས་ཅད་ཟིལ་གྱིས་གནོན་པ། བལྟས་ན་མིག་འཛིན།

(༡༠༩༨)ཉན་ན་རྣ་བ་འཛིན། མནན་ན་སྣ་འཛིན། རེག་ན་ལུས་འཛིན། དེ་དག་གི་རྗེས་སུ་སྐྱེས་བུའི་ཡིད་འཛིན་པ། ཕྲ་པ་ན་ཕྲ་བ་རྡོ་རྗེ་འདྲ་བ། སྦོམ་པ་ན་སྦོམ་པ་གྲིམས་ཤིང་ཤ་ལུས་རྒྱས་པ། གནག་པ་ན་གནག་པ་སྐྲ་སྣུམ་ཞིང་གནག་པ། སྔོ་ས་ན་སྔོ་བ་སྨིན་མ་གཡུ་ལྟར་སྔོ་བ། མིག་ལ་དཀར་ནག་གི་མདངས་གསལ་བ། སོ་དཀར་ལ་ཆེ་ཆུང་སྙོམས་ཤིང་འགྲིག་པ། ལྷའི་གོས་ཕུན་སུམ་ཚོགས་པས་ལུས་བརྒྱན་པ། དེ་ལའང་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། འཁོར་ལོ་རང་དང་མཚུངས་པ་བདུན་ལའང་འཁོར་མོ་བདུན་ཏེ་ཞེ་དགུས་བསྐོར་བ། ལྷ་དང་མི་དང་སྲིན་པོའི་ནོར་ཐམས་ཅད་ལ་ལོངས་སྤྱོད་པ། ན་ཚོད་ལོ་བཅུ་དྲུག་ལོན་པའི་ཚོད་ཙམ་དུ་ཡོད་པ། རྟག་ཏུ་ལངྐ་སུ་རང་དུ་སྡོད་པའི་སྲིན་པོ་རྣམས་

(༡༠༩༩)ཀྱིས་ཀྱང་མི་མཐོང་བ་ཙམ་དུ་ཡོད་ན། ཁྱེད་ཀྱིས་མཐོང་བར་དཀའོ། །མ་མཐོང་བ་ཙམ་གྱིས་ཆོག་ན་སླ་བ་སྟེ། སྲིན་པོ་གདུག་པ་ཅན་རྣམས་ཀྱིས་ཟོས་པའི་ཁྲིམས་ཡོད། དེ་བས་ཕྱིར་ལོག་པ་མི་རུང་ངམ། ས་ཐག་ཀྱང་རིང་པོ་ཡོད་ཅེས་སྨྲས་པས། རྒྱལ་བུ་ན་རེ། བདེན་པ་ཁྱོད་བདེན་ཏེ། ལུས་སྙིང་པོ་མེད་འདི་སྲིན་པོས་ཟོས་ཏེ་བདག་གི་ཚོགས་རྫོགས་པ་ནི་སླ་ཡི། ཕ་དྲིན་ཅན་གྱི་བཀའ་བཅག་སྟེ་ཉེས་པ་འཁུར་དུ་འཁུར་བ་ནི་དེ་ལྟ་མ་ཡིན། གལ་ཏེ་ཕྱིར་ལོག་ཀྱང་ཁོང་གིས་བཟང་པོ་བྱེད་པ་ཡང་དཀའ། དེའི་སྟོབས་ཀྱིས་ད་ཕར་ལ་ཀུ་ཤ་ཅིས་ཀྱང་ལེན་དུ་འགྲོ། དཀོན་མཆོག་ཐུགས་རྗེ་བའི་སྟོབས་ཀྱིས་བར་ཆད་མེད་པར་དོན་གྲུབ་པའང་སྲིད་ཅེས་སྨྲས་པ་

(༡༡༠༠)དང་། ཁོ་ན་རེ། ཁྱེད་དམ་པའི་ས་སའི་ཁུར་མི་འདོར་བ་གཞུང་དང་ཕྱི་ཐག་ཅན་ཞིག་འདུག །ང་ལའང་སྙིང་གཏམ་མང་པོ་བག་ཕབ་ནས་བཤད། ད་ཁྱེད་ཅིས་ཀྱང་འགྲོ་བའི་རྟིང་ལ་ངས་ཀྱང་བསླབ་བྱ་ཞིང་བྱ་བ་ལ་བབས་པས། དེ་ནས་ཕར་འགྲོ་བ་ལ་ཁྱེད་ཀྱི་རྟ་འདིས་ཀྱང་ཕྱིན་པར་མི་ནུས་པས། ང་ལ་རྟ་གང་བསམ་པར་སླེབ་པ་བལ་གྱི་གླང་པོ་ཆེ་བྱ་བ་ཡོད་པས། དེ་ལ་ཁྱེད་བསྐྱོན་ལ་བཏང་དགོས། དུས་ཀྱི་དབང་དུ་བྱས་ནའང་ངེས་མེད་ལ་ཕྱིན་ན་མི་རུང་བས། ཚེས་བཅོ་ལྔའི་ཉིན་པར་དཀའ་གསལ་འོད་པོ་ཆེ་ལ་བཏུགས་ཏེ་འགྲོ་དགོས་ཏེ། དེའི་རྒྱུ་མཚན་ཡང་། ཁྱེད་རང་གི་སྟོན་པ་ཤཱཀྱ་ཐུབ་པ་ཞེས་ཟེར་བ་དེས་དུས་ཁྱད་པར་ཅན་དེའི་ཉིན་པར་སྲིན་པོ་རྣམས་ལ་

(༡༡༠༡)བསྙེན་གནས་ཀྱི་སྡོམ་པ་ཕོག །ཤའི་ཉེས་དམིགས་མང་པོ་བསྟན། ཤ་དེ་ཡང་ཕ་དང་མའི་ཤ་འབའ་ཞིག་ཡིན་ཟེར་ནས། དེར་སྲིན་པོའི་ཟས་སྐལ་ཤ་ཁྲག་ཡིན་པས་ཐམས་ཅད་ཆོས་གསུང་བ་ལ། ཐམས་ཅད་གཅོད་པར་མ་ནུས། ཁྱེད་མི་རྣམས་དང་མི་འདྲ་ཚོམ་ཚོམ་ལ་དམ་བཅའ་མི་བྱེད། དམ་གང་བཅས་པ་ལས་མི་འདའ་བ་ངེད་ཀྱི་ལུང་ཡིན། དེ་དུས་ཁྱད་པར་ཅན་ཚེས་བཅོ་ལྔའི་ཉིན་པར་ཁྱེད་འབྱོན་དགོས། དེ་ལྟར་བྱོན་ན་སྲིན་པོ་རྣམས་ཀྱིས་གནོད་པ་མི་བྱེད་ཀྱི་སྟེངས་སུ་ཞབས་ཏོག་བྱེད་པའང་སྲིད་པས། དེ་ལ་སྔར་བཤད་པ་བཞིན་དུ་སྒོ་དང་པོ་ན་སྲིན་པོ་མགོ་གཅིག་པ་ཡོད་པ་ནས། སྒོ་བདུན་པ་ན་མགོ་བདུན་པའི་བར་དུ། སྲིན་པོ་དག་ན་རེ། ཁྱེད་གང་ནས་འོངས་

(༡༡༠༢)ཅི་ལ་འོངས། དོན་སུ་ལ་གཉེར་ཟེར་བ་ལ་སོགས་པ་འདྲི་ཡང་། སྤྱིར་མི་ཆོས་པ་དང་ལྷ་ཆོས་པ་ཐམས་ཅད་ལ་ཁྲེལ་ཐག་རིང་རིང་བ་དེ་ཆོས་སུ་འཐད་པར་གདའ་བས། གཏམ་གྱི་རིགས་འདི་ཡང་རྫུན་མེད་ན་ཕྱི་ཐག་རིང་བ་ཞིག་འོང་བར་གདའ། རྒྱུ་མཚན་དེས་གསོང་པོར་སྨྲས་ན་རི་བོང་ཡང་འཛིན་ནུས་པས་ཁོང་འདི་བ་ལ་ལན་དྲག་པོ་མང་བར་ཐོབ། རྒྱ་གར་ཤར་ཕྱོགས་ནས་འོངས་པ་དང་རྒྱལ་པོའི་རིགས་སུ་སྐྱེས་པ་དང་། དེ་རིང་ཚེས་བཅོ་ལྔའི་དཀར་གསལ་འོད་ཆེན་པོ་ལ་རྟ་གར་བསམ་པར་སླེབས་བལ་གྱི་གླང་པོ་ཆེས་བསྐྱལ། དེ་རིང་ཁྱོད་རྣམས་སྡོམ་པ་བསྲུང་ཟེར་བས། ཡ་མཚན་ཆེ་ནས་ལྟར་འོངས་པ་དང་། གཙོ་ཆེ་བར་སྲིན་པོ་ལངྐ་མགྲིན་བཅུ་མཇལ་དུ་འོངས་པ་ཡིན། གནོད་པར་མ་བྱེད་པར་འམ་ལེགས་པར་ཐོང་ཞེས་སྨྲས་ཤིག །

(༡༡༠༣)དེ་ནས་སྒོ་རིམ་པ་བདུན་དང་སྲིན་པོ་ཕལ་པ་ཐམས་ཅད་ཀྱི་གྲོང་འདས་ནས། སྲིན་པོའི་རྒྱལ་པོ་ཉིད་ཀྱི་ཕོ་བྲང་དུ་སླེབ་ནས། སུས་ཀྱང་གནོད་པ་བྱེད་མི་ནུས་ཀྱི། དེའི་ནང་དུ་སླེབས་པ་དང་མེ་ཏོག་ཀུ་ཤ་ན་དང་ཕྲད་པ་ལ་ཉེའོ། །མེ་ཏོག་ཀུ་ཤ་དེ་ཡང་མིག་རྣོ། ལྟ་བ་མཐོ། དེ་ནི་སྔར་གྱི་བརྗོད་པ་བཞིན་དུ་ཡོན་ཏན་ཆེ་ལ། སྲིན་པོ་བདག་ནི་དེ་ལྟར་མ་ཡིན། གནས་དེ་ན་མོའི་གྲོགས་སུ་འོས་པ་ཅིག་ཀྱང་མེད། དེར་རྒྱལ་པོ་བྱོན་པ་རང་གི་མེ་དང་སྤྲ་བ་ཕྲད་པ་བཞིན་དུ་འགྲོ་སྲིད་ཅེས་བསླབ་བྱ་ལེགས་པོ་བྱས་ཏེ། རྟ་གར་བསམ་སླེབ་པ་བལ་གླང་པོ་ཆེ་ཞེས་བྱ་བ་རྟའི་ལུས་བླངས་པ་ལ་རྫུ་འཕྲུལ་ཆེ་བ་དེ་ཁོང་ལ་གཏད། རྒྱལ་བུའི་རྟ་མིའི་ནང་ན་བཟང་བཤོས་སུ་འདོད་པ་དེ་ནི་སྒོ་

(༡༡༠༤)སྲུང་དེ་ལ་བཞག་སྟེ། ཁྱེད་རང་གི་ལྷ་གང་ཡིན་པ་ལ་ཕྱག་ཚོལ་ལ་སོང་ཞིག་ཅེས་སྒོ་བ་དང་། རྒྱལ་བུས་ཀྱང་དེ་བཞིན་དུ། རང་གི་ལྷ་ལ་ཕྱག་འཚལ་བ། རྟག་ཏུ་བདེ་བ་ཆེན་པོའི་མཆོག །འཕྲལ་དང་ཕུགས་སུ་གཏེར་བྱེད་ཅིང་། །སྐད་ཅིག་ཙམ་ཡང་མི་འབྲལ་བའི། །ལྷ་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཞེས་སྒོ་གསུམ་གྱིས་བཏུད་དེ་ཕྱག་འཚལ་ནས། ལྷོ་ནུབ་ཀྱི་མཚམས་ལ་ཕྱིན་པ་དང་། དཔག་ཚད་ལྔ་བཅུ་འདས་པ་ན་སྦྲུལ་གཉའ་ཤིང་ཙམ་ཞིག་གི་སྦྲུལ་དཀར་པོ་ཙམ་ཞིག་ལུས་གསུམ་གཉིས་ཙམ་ཟོས་པར་བྱས། དཀར་པོ་དེས་ཀྱང་ནག་པོ་དེའི་ཕྱེད་ཙམ་ཟོས་པར་བྱས་འདུག་པ་དེ་རྒྱལ་བུས་མཐོང་བ་དང་། འདི་ལྟ་བུའི་སེམས་ཅན་མ་དག་པ་ཞེ་སྡང་གི་གང་བུ་ཕུགས་མ་མཐོང་བར་འཕྲལ་རྩོད།

(༡༡༠༥)འཕྲལ་གཞན་ལ་སྡང་ཞིང་རང་ལ་ཆགས་པ་ལྟར་བྱེད་ཀྱང་། མ་རིག་པའི་དབང་གིས་ཕུགས་ནི་རང་འཁོ་ན་ཕུང་བར་བྱས་སོ། །འདི་གཉིས་ནི་གཅིག་གི་གཅིག་བསད་སྙམ་སྟེ། ཐ་མར་རང་གི་སྲོག་ཉིད་ཀྱང་བཅད་པར་འགྱུར་རོ། །སེམས་ཅན་ཉོན་མོངས་པ་རྣམས་ཀྱི་སྤྱོད་པ་ནི་འདི་ཁོ་ན་དང་འདྲའོ་སྙམ་སྟེ། དེ་གཉིས་ཀྱི་ཀུན་ནས་བླངས་ཏེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དྲག་པོ་སྐྱེས། དེ་གཉིས་དུག་སྦྲུལ་དུ་ཤེས་ཀྱང་རང་གི་ལུས་ལ་གཅེས་སྤྲས་སུ་མ་བྱས་པར་དེ་གཉིས་སུ་བརྩེ་བས་འཕྲལ་ཏེ་བཏང་ངོ་། །དེ་གཉིས་ཀར་ལུས་རྨ་ཅན་དེ་དག་ལ་རང་གི་ལྕེ་དམར་སང་ངེ་རེས་ལྷགས་ནས་ལུས་སོས་ཏེ་མི་སྣང་བར་སོང་ངོ་། །དེའི་ཚེ་རྒྱལ་བུས་སྨྲས་པ། ཆགས་སྡང་དབང་གིས་དཀྲུགས་པ་ཡིས། རང་སྲོག་རང་

(༡༡༠༦)གིས་བསྐྱེལ་བ་རྣམས། །ཕུགས་ཀྱི་དོན་ལ་མི་དཔྱོད་པར། །ལུས་ངན་རྒྱུན་དུ་སྲིང་བར་བྱེད། །དིང་སང་བདག་གིས་ཕན་སེམས་ཀྱིས། །སྦྲུལ་ལ་ཇི་ལྟར་ཕན་པ་བཞིན། །ཀུན་གྱི་སྨན་པར་བདག་གྱུར་ཏེ། །སེམས་ཅན་ཡོངས་ལའང་ཕན་པར་ཤོག །ཅེས་རྒྱང་གྲགས་གཅིག་ཏུ་ཕྱིན་པ་ན། མི་དཀར་པོ། རྟ་དཀར་པོ། གོས་དཀར་པོ། ཐོས་དཀར་པོ་བཙུགས་པ་ཞིག་བྱུང་སྟེ། བྱང་ཆུབ་སེམས་དཔའ་ཁྱེད་གཅིག་པུར་ས་ཐག་རིང་པོ་ལ་སྐུ་བསྙེལ། ད་ངའི་ཕོ་བྲང་དུ་བསྙེན་བཀུར་ཞིག་བྱེད་པས་དབུགས་འབྱིན་ཅིང་གཤེགས་པར་ཞུ། ཁྱོད་སུ་ཡིན་ཞེས་སྨྲས། ང་ཁ་སང་གི་སྦྲུལ་དཀར་པོ་དེ་ཡིན། རྒྱལ་བུས་སྨྲས་པ། སྦྲུལ་ནག་པོ་འཛིན་པ་ལག་མངས་བྱ་བ་ཡིན། འོ་ན་ཁྱོད་ལ་ཇི་སྐད་ཟེར། དཀར་པོ་དུང་སྐྱོང་ཞེས་

(༡༡༠༧)གྲགས། ཁྱེད་གཉིས་མངའ་རིས་ཅི་ལ་མ་འཆམ། སྤྱིར་ངེད་གཉིས་པོ་འདིའི་བདག་པོ་ཡིན། དེའི་ནང་ནས་ས་འདི་ལ་བརྟེན་པའི་ཆུ་ཕལ་གྱི་བདག་ཏུ་ཁོ་ཆེ། རྩི་ཤིང་ནགས་ཚལ་གྱི་བདག་པོ་ང་ཡིན་མོད། ངེད་གཉིས་ཆེ་མཉམ་ལ་མ་འཆམ་པའི་རྐྱེན་བྱུང་། གཉིས་ཀ་གཉིས་ཀས་འཕུང་བར་བྱེད་པའི་དུས་སུ། རྒྱལ་བུ་ཁྱེད་ཀྱིས་བྱང་ཆུབ་སེམས་ཀྱིས་ངེད་གཉིས་ཀའི་གདུག་རྩུབ་ཞི་བར་བྱས་ཏེ་རང་རང་གིས་ལུས་ཀྱང་སོས། དེའི་ནང་ནས་ཀྱང་ཁོ་སོས་པས་ནི་ཆུ་མདོ། ཆར་ཆུ་དུས་སུ་འབབ། ངའི་རྩི་ཤིང་ནགས་ཚལ་ཀྱང་འཕེལ་གྲོགས་བྱེད། སེམས་ཅན་མང་པོ་ལའང་ཕན་བདེ་འབྱུང་། ངའི་ལུས་སོས་པས་ནི་རྩི་ཤིང་ནགས་previous hit ཚལདང next hit་། ནེའུ་

(༡༡༠༨)སིང་དང་། མེ་ཏོག་སྣ་ཚོགས་པ་སྐྱེ། མི་ཐམས་ཅད་ལ་ཡང་ནོར་འཛོམ། བུ་སྐྱེ་བ་ལ་སོགས་པ་ཡོན་ཏན་མང་པོ་འོང་། དེས་ན་དངོས་སུ་ངེད་གཉིས་ལ་ཕན་བཏགས། བརྒྱུད་ནས་སེམས་ཅན་མང་པོ་ལ་བརྩེ་བར་མཛད་པས། ཁྱེད་སྤྱི་དགོས་ཀུན་གྱི་དྲིན་ཅན་ཡིན་པས་ཅིས་ཀྱང་ངའི་སར་འབྱོན་པར་ཞུ་ཟེར་བ་དང་། རྒྱལ་བུའི་བསམ་པ་ལ། ང་ཡང་ས་ཐག་རིང་པོ་ལ་དུབ་ནས་གདའ་བ་དང་། ཀླུ་འདི་ལའང་དྲིན་ཆེ་ཞིང་། དྲིན་ལན་དུ་གུས་པར་གདའ་བ་དང་། ད་དུང་གཏམ་གསར་པ་ཐོས་པ་སྲིད་པས་འགྲོ་དགོས་སྙམ་སྟེ། ཁས་སླངས་ནས་ཕྱིན་ཏེ། དུང་སྐྱོང་གི་ཡུལ་དུ་སླེབས་པ་དང་། དུང་སྐྱོང་གི་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས་ནས། རྒྱལ་བུ་ཁྱེད་གང་དུ་གཤེགས་པར་འདོད་པ་ཡིན་ཟེར། རྒྱལ་བུས་སྔར་གྱི་བྱུང་ཚུལ་ཚོ་བརྗོད་པ་དང་། དུང་སྐྱོང་ན་རེ། ཁྱོད་ལ་རྒྱལ་པོའི་བུ་མོ་ཁྱོད་ཀྱིས་གང་ནས་ལོན། ཤ་ཟ་ཁྲག་འཐུང་གི་

(༡༡༠༩)སར་གཤེགས་པ་བས། རིན་ཆེན་སྣ་ཚོགས་ཀྱིས་གང་བ་ལོངས་སྤྱོད་མ་ཚང་བ་མེད་པ་འདིའི་ནང་དུ་བཞུགས་ཏེ་ཇི་ལྟར་མཉེས་པ་བཞིན་དུ་བདག་གིས་བསྙེན་བཀུར་ཞིང་མཆོད་གནས་མཛད་པ་དྲག་མོད། ཅེས་གསོལ་བ་བཏབ་པ་དང་། སྔར་སྲིན་པོའི་ལམ་སྲུངས་དེ་ལ་ཇི་ལྟར་སྙད་པ་བཞིན་གླེངས་པས། དུང་སྐྱོང་ན་རེ། ཅིས་ཀྱང་གཤེགས་ན་ཕྱིས་འཁོར་སྲིད་པས། ངེད་ཀྱི་འདིར་མ་བྱོན་པའི་ཐབས་མེད། གཡུ་འདི་དག་ཁྱེར་ལ་འཕྲལ་གང་འདོད་པའི་མཐུན་རྐྱེན་མཛོད་ཅེས་གཡུ་ལྔ་བསྐུར་རོ། །ཡང་རྒྱང་གྲགས་གསུམ་འདས་པར་ཕྱིན་པ་ན། འཛིན་པ་ལག་མང་རྟ་ནག །མི་ནག །གོས་ནག་པོ་བཙུགས་པ་དང་ཕྲད་དེ། སྦྲུལ་དཀར་པོ་དང་དྲིས་ལན་ཇི་ལྟར་བྱུང་བ་བཞིན་དེར་ཡང་མཛད་དེ། ཞག་གཅིག་དེར་

(༡༡༡༠)བཞུགས། ཡུན་དུ་བཞུགས་པར་ཞུས་ཀྱང་མ་གནང་བར། གཡུ་ལྔ་ཕུལ་བ་བཞེས་ཏེ་ལངྐ་པུ་རངས་སུ་བྱོན་པ་དང་། ལྕགས་རི་ལ་བལྟས་པས། རྒྱ་ཆེ་ཞིང་དཔངས་མཐོ་བ་རིན་པོ་ཆེ་སོའི་སྣང་བ་གདའ་ལའང་། རྟ་མགྱོགས་བུལ་རན་པའི་ཉིན་ལམ་བཅོ་བརྒྱད་ཡོད་པའི་ངོས་ལ་སྔ་དྲོ་རེ་ལ་མཆོད་པར་བྱས་ཏེ། ཁྲོའི་ལྕགས་རི་དང་པོའི་སྒོ་བརྡུངས་པས། སྲིན་པོ་མགོ་གཅིག་པ་ཞིག་བྱུང་སྟེ། དེ་རིང་བསྙེན་གནས་བསྲུང་བ་མིན་པ་སོ་རྩ་མངར་ཙམ་འོང་བ་གདའ་བ་ལ། དེ་རིང་སྡོམ་པ་བསྲུང་བའི་དུས་ཡིན་པ་དང་། མི་རྟ་གཉིས་པོ་འདིའི་མཚན་ལྟས་ཀྱིས་ནང་དུ་རང་བཏང་དགོས་པ་ཞིག་འོང་ངམ། འོན་ཀྱང་གཏམ་དྲིས་ཤིག་གཉན་ན་གོ་སྙམ་སྟེ། ཁྱེད་གང་ནས་ཅི་ལ་འོངས། སུ་ལ་དོན་གཉེར་དུ་འོངས་ཞེས་དྲིས་པ་དང་། ལམ་བསྲུང་

(༡༡༡༡)གིས་སྔར་ཇི་ལྟར་བསླབ་པ་བཞིན་སྨྲས་སོ། །སྒོ་འབྱེད་ཀྱི་སོ་ལ་གཡུ་རྡོག་གཅིག་སྐེ་ལ་བཏགས་སོ། །དེ་ནས་སྒོ་བདུན་པའི་བར་དུ་གཡུ་རྡོག་རེ་བྱིན་ཞིང་སྒོ་བ་དང་། དྲིས་ལན་སྔར་བཞིན་བྱས་སོ། །དེར་སྒོ་བདུན་འདས་པའི་ནང་དུ་སླེབས་པ་དང་། སྲིན་པོ་སྲིན་མོ་སྲིན་ཕྲུག་དང་བཅས་པ་མང་པོས་མཐོང་སྟེ། ཟ་བ་དང་བསད་སེམས་མེད་ཀྱི་སྟེང་དུ་ཆགས་སེམས་ཆེན་པོ་སྐྱེས་པ་ལ། རྒྱལ་བུས། སྲིན་པོའི་རྒྱལ་པོ་ལངྐ་མགྲིན་བཅུའི་སྒོ་གང་ན་ཡོད་དྲིས་པས། གཏམ་ལན་གསེར་གྱིས་ཉན་ཐོས་ཀྱང་མི་ཁུག་པ་དེ་དག །རྒྱལ་བུ་ལ་གཏམ་ལན་མཇལ་བ་ལ་སུས་ཐོབ་ཏུ་བྱས་ཏེ། ང་ལ་ཆ་དང་རྒྱ་སྐྱེགས་ཀྱི་ཁང་བུ་སྒོ་བཞིར་དོད་པ་ཡོད་མོད་ཀྱིས་ཤར་ཕྱོགས་ལ་སོང་ཞིག་ཅེས་ཟེར་བ་ཐོས་པ་དང་། ཕོ་བྲང་གི་ནང་དུ་ཕྱིན་

(༡༡༡༢)ཏེ་སླེབས་པ་དང་། གསེར་གྱི་ཁྲི་ཆེན་པོ་མི་ལྤགས་མཉེད་མའི་འབོལ་སྟན་བཏིང་བའི་སྟེང་ན། སྲིན་པོའི་རྒྱལ་པོ་ལངྐ་མགྲིན་བཅུའི་མགོ་བཅུ་གཅིག་པ་རྩེ་མོར་རྟ་མགོར་ཡོད་པ། སུས་རྩར་ཕྱིན་ཀྱང་བག་འཁུམས་ནས་འགྲོ་བ་གཅིག་གདའ་བ། དེ་ཁྲི་ལས་ལངས་ནས་བྱུང་སྟེ། དེ་རིང་དུས་ཁྱད་པར་ཅན་ལ་སྤྲུལ་པའི་སྐུ་གཅིག་བྱུང་དྲི་བ་ཡོད་ཟེར་ནས། མགྲིན་པ་དང་པོ་ནས་རྒྱལ་བུ་ལ་ཞུས་པ་མཚན་ལྡན་ཁྱེད་ནི་གང་ནས་འོངས། གང་གི་རིགས་ཡིན་དཔལ་འབྱོར་ཅི། །ཅི་བཞེད་ལམ་རིང་བགྲོད་དཀའ་རུ། །གདུག་པས་གནོད་པ་མ་བྱུང་ངམ། །རྒྱལ་བུས་སྨྲས་པ། རྒྱ་གར་ཤར་ཕྱོགས་དག་ནས་འོངས། །བྷཾ་ག་ལ་ཡི་རྒྱལ་བརྒྱུད་ཡིན། །མངའ་རིས་བློན་འབངས་རྒྱལ་པོ་ནི། །ནམ་མཁའི་སྐར་ཚོགས་ཉི་ཟླ་འདྲ། །ཆོས་དང་དཔལ་འབྱོར་ལྷ་དབང་བཞིན། །དེ་ན་བདག་དང་མཐུན་པ་ཡི། །མཚན་བཟང་གྲོགས་ནི་མ་མཆིས་པས། །འདི་ནའང་གང་དང་འགྲན་བྲལ་བའི། །སྲིན་པོའི་རྒྱལ་པོ་ཁྱོད་ཉིད་ལ། །ཀུ་ཤ་ན་ཞེས་སྲས་ཤིག་ཐོས། །འདི་ནའང་མོ་དང་

(༡༡༡༣)མཐུན་པ་ཡི། །གྲོགས་མེད་ང་ཉིད་ཡོད་པ་སྐད། །བློ་ཅན་མང་པོ་འདི་སྐད་ཟེར། །ཐག་རིང་ལམ་ལས་མྱུར་དུ་འོངས། །སྲིན་པོའི་རྒྱལ་པོའི་མགྲིན་པ་གཉིས་པ་ནས་སྨྲས་པ། མཚན་དང་དཔེ་བྱས་མཛེས་པ་ཡི། །རྒྱལ་བུ་མཐོང་བར་དཀའ་བ་ཁྱོད། །སུས་བསྐྱལ་ཚེས་གྲངས་དུ་མ་འོངས། །སྲིན་པོའི་རིགས་འདི་ཤ་ལ་དགའ། ཁྱེད་ལུས་མཚན་དཔེས་སྤྲས་འདི་ལ། །བརྣབ་སེམས་བསྐྱེད་དུ་མ་བྱུང་ངམ། །རྒྱལ་བུས་སྨྲས་པ། དེ་རིང་རྒྱལ་བས་བྱིན་བརླབས་པའི། །དུས་ལས་ཁྱད་འཕགས་བཅོ་ལྔ་འདིར། །བལ་གླང་ཤུགས་ཀྱིས་འདིར་འོངས་ཏེ། །བསམ་པ་བཟང་བས་གནོད་མ་གྱུར། །ཡང་མགྲིན་པ་གསུམ་པ་ནས་སྨྲས་པ། ལྟ་བས་མི་ངོམས་གཟུགས་མཛེས་སོ། ཁྱེད་ཀྱི་སྙན་པའི་

(༡༡༡༤)སྒྲ་བྱུང་བས། །བདག་ལ་ཡིད་དབང་ཚིམ་པར་གྱུར། །རིན་ཆེན་ཁྲི་འདིར་བདེ་བར་བཞུགས། །ཞེས་ཟེར་ཏེ། རིན་པོ་ཆེའི་ཁྲི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་སྟེང་ན་རྒྱལ་བུ་ཉིད་དང་མཐུན་པའི་དར་ཟབ་ཀྱི་གདན་བཤམས་ཏེ་དེའི་སྟེང་དུ་བཞུགས་སུ་གསོལ་བ་དང་། རྒྱལ་བུས་ཀྱང་བག་མ་འཁུམས་པར་ཁྲིའི་སྟེང་དུ་བཞུགས་ཏེ། ཀྱེ་རྒྱལ་པོ་ཆེན་པོ། བདག་གི་ཚིག་འདི་ལ་སྙན་གཏོད་ཅིག །ལངྐ་པུ་རང་བྱ་བ་འདིར། །ཕ་མ་སྲིན་པོ་གང་ཡིན་ལ། །བུ་ཡང་སྲིན་ཕྲུག་ཉིད་དུ་སྐྱེ། །དེ་ལས་གཞན་དུ་མཐོང་ངམ་ཅི། །སྲིན་པོའི་རྒྱལ་པོ་ང་ལ་ཉོན། །དེ་བཞིན་སྲོག་ཆགས་ཤ་ཟོས་པས། །ཚེ་ཐུང་ཕལ་ཆེར་དམྱལ་བར་འགྲོ། །ལན་དུའང་གསོད་གཅོད་རང་ཤ་དག །གཞན་གྱིས་ཟ་ཞིང་འཇོམས་པར་བྱེད། །རྒྱུ་སོང་འབྲས་བུའང་

(༡༡༡༥)དེ་དང་མཚུངས། །སྲིན་པོའི་རྒྱལ་པོ་ང་ལ་ཉོན། ཁྱོད་ཀྱིས་མི་རྣམས་བསད་པ་གང་། །སྔོན་ཆད་དེས་ཀྱང་ཁྱེད་རྣམས་བསད། །འདིར་བསད་ཕྱི་མར་ཁྱེད་ཀྱང་གསོད། །མཐོན་པོར་སྤྱོད་པའི་བྱ་ཚོགས་གང་། །ལན་དུ་ས་ལ་འབབས་པ་བཞིན། །མི་དགེའི་ལན་དུ་སྡུག་བསྔལ་ཏེ། །དགེ་བའི་ལན་དུ་བདེ་བ་ཡིན། །ཞེས་སྨྲས་པ་དང་། མགྲིན་པ་བཞི་པ་ནས་སྨྲས་པ། ང་ནི་སྲིན་པོའི་རྒྱལ་པོ་སྟེ། །སྲིན་པོ་བདག་དང་མཐུན་པའི་ཕྱིར། །རྒྱུ་མེད་འབྲས་བུ་མ་མཐོང་ནའང་། །རྒྱུ་ངན་བསད་ཤ་ཟ་དགོས་བྱུང་། །རྒྱལ་བུས་སྨྲས་པ། སྲིན་པོའི་རྒྱལ་པོ་ང་ལ་ཉོན། །གྲོགས་ངན་སྟོབས་ཀྱིས་འཕུང་བ་མང་། །ཕ་མར་མ་གྱུར་མེད་པ་ཡི། །ཤ་ཁྲག་ཟོས་ན་དམྱལ་

(༡༡༡༦)བར་འགྲོ། །མགྲིན་པ་ལྔ་པ་ནས་སྨྲས་པ། །སྔོན་གྱི་ལས་དབང་འཕྲོ་བཙན་པས། །མི་འདོད་བཞིན་དུ་འགྲོགས་དགོས་བྱུང་། །ལྟོ་མེད་དྲན་པར་མི་ནུས་པས། །ཕ་མའི་ཤ་ཡང་ཟ་དགོས་བྱུང་། །རྒྱལ་བུས་སྨྲས་པ། སྲིན་པོའི་རྒྱལ་པོ་ང་ལ་ཉོན། །ལས་ཀྱི་དབང་གིས་དམྱལ་འཕངས་ཏེ། །བཙོ་བསྲེག་མཚོན་གྱིས་གཏུབས་པ་ན། །གྲོགས་ངན་རམ་མདར་འོང་ངམ་ཅི། །མགྲིན་པ་དྲུག་པ་ནས་སྨྲས་པ། །དེ་འདྲའི་སྡུག་བསྔལ་གྱུར་པའི་ཚེ། །གྲོགས་ངན་ཉིད་ཀྱང་རང་ཕུང་ན། །བདག་གི་རམ་མདར་སྨོས་ཅི་འཚལ། །ལོང་བས་ལོང་ཁྲིད་གཉིས་ལྟུང་བཞིན། །རྒྱལ་བུས་སྨྲས་པ། དེ་ལྟར་ཤེས་ཤིང་མི་འཚམས་པ། །དེ་བས་སྨྱོ་བ་གང་ནས་ཚོལ། །དེ་ཉིད་མྱོང་བར་ཐེ་ཚོམ་མེད། །ལས་ངན་རིགས་ནི་འབྲེལ་བ་གནག །མགྲིན་

(༡༡༡༧)པ་བདུན་པ་ནས་སྨྲས་པ། །འོ་ན་འཁོར་བ་སྡུག་བསྔལ་ཆེ། །གྲོགས་ངན་གཞན་ནི་འགུགས་སྙིང་འདོད། ཁྱེད་ཀྱང་བཙན་ས་མི་འཛིན་པར། །ང་ཡི་གནས་འདིར་ཅི་དོན་གཉེར། །རྒྱལ་བུས་སྨྲས་པ། སྲིན་པོའི་རྒྱལ་པོ་ང་ལ་ཉོན། མཐའ་མེད་འཁོར་བའི་རྒྱ་མཚོ་ལས། །སྐྱོབ་པར་བྱེད་པའི་གྲོགས་པོ་གསུམ། །འབྲལ་མེད་རྒྱུན་དུ་རྗེས་སུ་འབྲང་། །མགྲིན་པ་བརྒྱད་པ་ནས་སྨྲས་པ། །འབྲལ་མེད་གྲོགས་ཏེ་སྟན་དུ་གསོལ། །སྐྱོབ་པ་མཆོག་དེ་བསྟན་དུ་གསོལ། །གྲོས་པོ་ཆེ་དེ་བསྟན་དུ་གསོལ། །བདག་གི་མི་ཤེས་གསལ་དུ་གསོལ། །རྒྱལ་བུས་སྨྲས་པ། ཆོས་བྱེད་དགེ་འདུན་སངས་རྒྱས་གཉེར། ཁྱོད་ཀྱི་མི་མཐོང་ང་ཡི་ཡུལ། །ཉོན་མོངས་ལྟར་འཆོས་བུ་མོ་འདོད། །འབྲེལ་ཟབ་ཁྱོད་ལ་ཕན་པར་འགྱུར། །མགྲིན་པ་དགུ་པ་ནས་སྨྲས་པ། །དཀོན་མཆོག་

(༡༡༡༨)གསུམ་པོ་ཁྱོད་ཀྱི་གྲོགས། །ང་ཡི་དོན་ལ་འོངས་པ་ལེགས། །གཟུགས་མཛེས་མ་དེ་འདི་སྟེང་ན། །སྟོང་ཕྲག་གཅིག་གི་རྩེ་ན་གདའ། །རྒྱལ་བུས་སྨྲས་པ། འདི་ནས་ཐེམ་སྐས་ཇི་ཙམ་ཞིག ཁྱེད་ཀྱིས་ལམ་སྣ་བྱས་གྱུར་ཏེ། །ཀུ་ཤ་ན་དང་ཕྲད་པ་ན། །རང་གཞན་ཀུན་ལ་ཕན་པར་གྱུར། །མགྲིན་པ་བཅུ་པ་ནས་སྨྲས་པ། །ཤེས་རབ་འོད་གསལ་མིག་ལྡན་པ། །ཡན་ཆོད་བདག་གི་སྤྱོད་ཡུལ་མིན། །འདི་དག་ཤ་ཟ་ཁྲག་འཐུང་གནས། །གཙང་མའི་གནས་དེར་འགྲོ་མི་སྟེར། །རྒྱལ་བུས་སྨྲས་པ། འོ་ན་བདག་གིས་འགྲོ་བར་བྱ། །ཀུ་ཤ་ན་དེ་བལྟ་བར་བྱ། །རྒྱལ་པོ་ཁྱོད་དང་འགྲོ་བ་ལ། །དངོས་དང་བརྒྱུད་པས་ཕན་པར་བྱ། །མགྲིན་པ་བཅུ་གཅིག་པ་ནས་སྨྲས་པ། རྟ་མཆོག་ཅན་ཁྱོད་མགྱོགས་པར་སྐྱོད། དགུ་བརྒྱ་དགུ་ཅུ་རྩ་གཅིག་དང་།

(༡༡༡༩)།རྩ་དགུ་སྟོང་གི་རྩེ་མོར་སོང་། །ཐེམ་སྐས་སུམ་བརྒྱ་དྲུག་ཅུ་ཡོད། །སྒོ་བདུན་བུ་མོ་བདུན་གྱིས་བསྲུང་། །འདས་པའི་ནང་ན་ལྷ་མོ་ཡོད། །རྒྱལ་བུས་སྨྲས་པ། སྲིན་པོའི་རྒྱལ་པོ་ང་ལ་ཉོན། །དཀོན་མཆོག་གསུམ་གྱི་བཀའ་ལུང་ལས། །སྐྱེས་པའི་མཐའ་ནི་འཆི་བར་བཤད། །ཤི་ཚེ་ཆོས་དང་བྲལ་གྱུར་ན། །འདི་ཡི་འབྱོར་པ་དོན་མེད་འགྱུར། །ཤེས་བཞིན་ལོག་པར་སྤྱོད་པ་གང་། །མི་བརྒྱ་གསོད་ལ་དེ་ཡི་རུང་། །མནར་མེད་གནས་ནས་མི་ཐར་བས། །གཏན་གྱི་བདེ་བ་རླག་པར་བྱེད། །སྲིན་པོའི་རྒྱལ་པོ་ང་ལ་ཉོན། །ང་ལ་རང་འདོད་ཅི་ཡང་མེད། །ང་ནི་བགྲོད་དཀའི་ལམ་ཞུགས་པས། །ལུས་ཅན་སེམས་ཅན་མངོན་གྱུར་དུ། ཁྱོད་ཀྱི་སྡུག་བསྔལ་ཉིད་ལ་བཀོད། །བརྒྱུད་པས་ཁྱོད་ཉིད་སྡུག་

(༡༡༢༠)བསྔལ་འགྱུར། ཁྱོད་དང་སེམས་ཅན་ཕན་སླད་དུ། །བཟོད་སྟོབས་ཡལ་བར་མ་དོར་བར། །བདེ་སྐྱིད་རོ་ལ་ཞེན་འབྲལ་ནས། །ཕན་པར་མཐོང་ཕྱིར་འོངས་པ་ཡིན། ཁྱོད་ཀྱི་ལུས་ལ་བཅད་གཏུབས་ཏེ། །གཞན་གྱིས་ཟོས་ཤིང་ཁྲག་འཐུང་ན། ཁྱོད་ལ་སྡུག་བསྔལ་ཅི་ཙམ་མཆིས། །རྒྱལ་པོ་རང་ལ་དཔེ་ལོང་ལ། །གཞན་ལ་གཅོད་ཁམ་མ་ཆེ་ཞིག །རྒྱལ་པོ་ཁྱོད་ལས་བདུན་འགྱུར་གྱིས། །བློ་གྲོས་རྩལ་སྟོབས་ང་ཆེ་མོད། །ང་རྒྱལ་བཅག་སྟེ་གཅིག་བུར་འོངས། །དམ་བཅའ་བླངས་ཏེ་ཐམས་ཅད་ཁུར། །སྐད་ཅིག་ཉིད་ལ་རྒྱལ་བུ་ངས། །མཁའ་ལས་ཐོག་ཕབ་བྲག་ལ་བརྒྱབ། །མེ་ལྕེ་འབར་ཏེ་ཐལ་བར་འགྱུར། །འདི་ལ་གཟིགས་ལ་ང་རྒྱལ་སྐྱུངས། །ཞེས་གདམས་ངག་རྫུ་འཕྲུལ་དང་བཅས་པ་བསྟན་པ་དང་།

(༡༡༢༡)རྒྱལ་པོས་ཚིག་རྣམས་ཐོས་པ་དང་། སྔར་ཡང་མཚན་དཔེས་སྤྲས་པའི་ལུས་མཐོང་བ་དང་། གློ་བུར་དུ་ནམ་མཁའ་ལས་ཐོག་ཆེན་པོ་བླངས་ཏེ་རྒྱལ་པོའི་ཕོ་བྲང་གི་མདུན་ན་བྲག་རིན་པོ་ཆེ་ཞིག་གནམ་བསྙེགས་པ་ཙམ་ཡོད་པ་དེ་ལ་བརྒྱབ་པས། བྲག་རི་ཡང་ཐོག་གི་རྣམ་པར་མེ་ལྕེ་འབར་ཏེ། ལ་ཆའི་ཁང་བུ་འཇུ་སྙམ་བྱེད། ལྕགས་རི་རིམ་པ་བདུན་པོའང་། མེར་ཞིང་གཡོ། མཁར་དགུ་ཅུ་རྩ་གཅིག་པོའང་མཎྜལ་བཏེག་པས་རྒྱན་འགུལ་བ་ལྟར་ལིང་ལིང་ལྡེག་ཅིང་འཇིགས་སྙམ་བྱེད། སྲིན་པོའི་རིགས་ཐམས་ཅད་ཀྱང་འཇིགས་ཤིང་སྐྲག་སྟེ་དངངས། ལྟས་ཆེན་པོ་དེ་མཐོང་བས། སྲིན་པོའི་རྒྱལ་པོ་ཉིད་ཀྱིས། རྒྱལ་བུའི་མདུན་དུ་ཐལ་མོ་སྦྱར་ཏེ། འདི་སྐད་ཅེས་ཞུས་པ། རབ་ཏུ་འཇིགས་ཤིང་ལྟད་མོར་ཆེ། །སྟོབས་དང་བློ་གྲོས་མི་ཟད་པ།

(༡༡༢༢)།སྲིན་པོའི་གནས་རྣམས་ཁྱེད་ཀྱིས་གཡོས། །གདུག་པ་ཅན་རྣམས་སྐྲག་པར་བྱས། །ང་ནི་ཁྱོད་ལ་བདུན་པ་འབུལ། ཁྱོད་ཀྱིས་ང་ལ་བརྩེ་བར་མཛོད། །སེམས་ལ་ཕན་པའི་གདམས་པ་ཞུ། ཁྱོད་ཀྱི་བཀའ་ལས་མི་གཡོ་བར། །དམ་པ་ཁྱེད་གསུང་མྱུར་དུ་བསྒྲུབ། །ཕྱི་ནས་དམ་བཅའ་འདོར་ན་ངན། །ཞེས་ཞུས་པ་དང་། རྒྱལ་བུས་སྨྲས་པ། དེ་ཕྱིར་བདག་གིས་དེ་བསྟན་ཏོ། །འཁོར་བའི་རྒྱ་མཚོ་གཏིང་མཐའ་ཟབ། །སེམས་ཅན་རེ་ལའང་རང་རང་འཚོ་བའི། །སྡུག་བསྔལ་གཞན་གྱིས་མི་ལེན་པར། །བགོ་སྐལ་རང་གིས་འཁུར་དགོས་པས། །རྩེ་གཅིག་སེམས་ལ་སྙིང་པོ་ལོང་། །འཇིགས་པའི་སྐྱབས་གནས་མཆོག་ཏུ་ཚོལ། །སྔར་ཉེས་ལས་ལ་འགྱོད་པ་བསྐྱེད། །ཕྱིན་ཆད་སྲོག་ལ་བབ་གྱུར་ཀྱང་། །སྡོམ་འདོད་དྲག་པོས་བརྟན་པར་གྱིས། །སྐྱབས་

(༡༡༢༣)མཆོག་དམ་པ་དཀོན་མཆོག་ཡིན། །གཏན་གྱི་སྐྱབས་གནས་གཉེན་གཅིག་པུ། །སྐྱོབ་པ་སངས་རྒྱས་བསྟེན་པར་འཚལ། །སངས་རྒྱས་ཀུན་གྱི་མར་གྱུར་པ། །གཞན་དོན་སྤྱོད་ལ་བརྟེན་པར་བྱ། །དེ་སྒྲུབ་ཕྱིར་མི་ལྡོག་པའི་ཚོགས། །དགེ་འདུན་མཆོག་དེ་སྤྱི་བོས་བླངས། །འདི་དང་ཀུན་ཏུ་སྐྱོབ་པར་བྱེད། །གཞན་གྱི་སྐྱབས་གནས་བརྟེན་བྱས་ན། །ཉེས་པ་གཅིག་གིས་བཟང་པོའི་ཚོགས། །དཔག་ཏུ་མེད་པ་འཇོམས་པར་བྱེད། །དཀོན་མཆོག་རིན་ཆེན་བསྟེན། ཉིན་དང་མཚན་དུ་སྐྱབས་སུ་སོང་། །འཁོར་བའི་གནས་ལས་དྲོངས་ཞེས་གསོལ། །ཆོས་ཀྱི་མཐར་ཐུག་གཞན་དོན་པས། །བསམ་པ་བཟང་པོ་རྟག་ཏུ་བསྟེན། །སྡིག་གི་མཐར་ཐུག་སྲོག་གཅོད་ཡིན། །སྲོག་གཅོད་སྤོངས་ལ་བྱམས་པ་བསྟེན། །དེས་ན་རྒྱལ་

(༡༡༢༤)པོ་བདེ་བར་འགྱུར། །དཀར་པོའི་ཚོགས་ཀྱིས་སྐྱོང་བར་བྱེད། །ནག་པོའི་ཚོགས་རྣམས་བྱིར་ཏེ་འགྲོ། །བཀྲ་ཤིས་དཔལ་གྱི་གཞིར་གྱུར་ཏེ། །ཐར་པའི་གནས་སུའང་ཕྱིན་པར་བྱེད། །གཞན་གྱི་སྐྱབས་སུའང་ཁྱོད་འགྱུར་རོ། །ཞེས་སྨྲས་པ་དང་། སྲིན་པོའི་རྒྱལ་པོས་ཀྱང་། རང་གིས་ཁས་བླངས་པའི་སྲོག་མི་གཅོད་པར་དམ་བཅས། ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་དམ་བཅས། ཕྱིན་ཆད་བསམ་པ་བཟང་པོའི་བློ་བླངས་ནས། རྒྱལ་བུའི་གསུང་ལ་རྗེས་སུ་ཡི་རང་བ་བསྒོམ། དེ་ལྟར་མགྲིན་པ་བཅུ་གཅིག་གི་བར་དུ་བྱས་ཏེ། རྒྱལ་བུས་སྲིན་པོའི་རྒྱལ་པོ་ལ་གཡུ་གསུམ་བྱིན་ནས། ཕོ་བྲང་དེའི་ནང་དུ་ཞུགས་ཏེ་ཕྱིན་པ་ན། དེའི་ནང་ན་གསེར་གྱི་ཆུ་མིག་གཡུའི་བྱེ་མ་བརྡལ་བ་འདུག་པ་ལ་བལྟས་པས། གསེར་གྱི་ཆུ་མིག་

(༡༡༢༥)དེའི་ནང་ན། གཡུའི་ཐེམ་སྐས་ཀྱི་གཟུགས་བརྙན་ལམ་མེ་བ་ཤར་བ་མཐོང་ནས་ཡར་གཟིགས་པ་དང་། གཡུའི་ཐེམ་སྐས་ཆེན་པོ་འདུག་པ་ལ་འཛེག་ཏེ་ཕྱིན་པས་གོང་ནའང་རིམ་པ་བཞིན་དུ་གསེར་གྱི་ཐེམ་སྐས་སུམ་བརྒྱ་དྲུག་ཅུ་གདའ་བ་ལ་འཛེགས་ཏེ་ཕྱིན་པ་ན། རྩིག་པ་དང་པོ་གཡུ་ལས་བྱས་པ་ལ། གསེར་གྱི་སྒོ་གཏོད་པའི་དྲུང་ན། གཡུའི་བུ་མོ་ཞིག་གཡུའི་སྐུད་པ་མཁལ་ཞིང་། རྒྱལ་བུ་བྱུང་བ་དེ་མཐོང་བ་དང་འཛུམ་བྱས་ཏེ་སྨྲས་པ། མཚན་ལྡན་གསེར་འོད་རབ་འབར་བ། ཁྱེད་ལ་བདག་གི་ཡིད་དབང་ཆགས། །སྤྲུལ་པ་ཁྱེད་ནི་གང་ནས་འོངས། ཁྱེད་ལ་ཅི་དགོས་དེར་བཞུགས་མཛོད། །རྒྱལ་བུ་ན་རེ། ངས་ནི་བྷཾ་ག་ལ་ནས་འོངས། །ཆོས་རྒྱལ་སྲས་ཀྱི་མཐུ་བོ་

(༡༡༢༦)ཡིན། །ཀུ་ཤ་ན་དེ་ང་ལ་དགོས། །དེ་ནི་ཁྱོད་ཉིད་ཅང་ཡིན་ནམ། །བུ་མོ་ན་རེ། ང་ནི་དེ་ཡི་སྒོ་མ་སྟེ། །བྲན་ལ་རྗེ་རུ་མ་འཁྲུལ་ཞིག །སྒོ་བདུན་འདས་པའི་ཕོ་བྲང་ན། །ཉི་མའི་འོད་ལྟར་ལྷམ་མེར་བཞུགས། །རྒྱལ་བུ་ན་རེ། ང་ལ་སྒོ་ཕྱེ་གནས་དེར་འགྲོ། །བསམ་པ་དག་པས་བག་ཡོད་ཀྱིས། །སེར་སྣ་བྱས་ན་བུ་མོར་སྐྱེ། །ཕྲག་དོག་མ་བྱེད་སྡིག་པར་འགྱུར། །བུ་མོ་ན་རེ། ང་ནི་འདིར་བཞག་འདི་གཉེར་ཡིན། །གཞན་དུ་སྒོ་དྲུང་ཁྱི་ནི་མིན། །གང་བྱུང་བཏང་ན་གོ་མ་ཆོད། །གོང་མའི་དམ་བཅའ་ཉམ་པར་འགྱུར། །རྒྱལ་བུ་ན་རེ། གཡུ་ཡི་བུ་མོ་གཡུ་སྐུད་མཁལ། །འཇམ་དེས་འཛུམ་ཆགས་ཚིག་གསལ་མ། །མགོ་གཅིག་པ་ནས་མགོ་བདུན་བར། །སྲིན་པོས་བཏང་ན་ཁྱོད་ཀྱི་ཅི། །

(༡༡༢༧)སེངྒེ་སྒྲོལ་ནས་ཝ་ལ་འགགས། །ཚུལ་དང་མི་མཐུན་སྒོ་འདི་ཕྱི། །དེར་བུ་མོས་ཚིག་དེ་ཐོས་ནས། ཁོང་གིས་ས་ཐག་རིང་པོ་ནས་འོངས། སྲིན་པོ་གདུག་པ་ཅན་དག་གིས་ཁོལ་མོར་གདའ། ཞེས་རྒྱལ་བུའི་གཟུགས་ཐམས་ཅད་ལ་བལྟས་ཞིང་ཕོ་བྲང་དུ་བཏང་ངོ་། །དེའི་ནང་ཐམས་ཅད་ཀྱང་གཡུའི་མེ་ཏོག་སྔོན་པོ་མཛེས་པར་བྱས་པའི་ཆུ་མིག་བདུན་བདུན་ཡོད་པ་ལ། བྱ་དག་དགའ་བར་བརྩེ་བར་མཐོང་། དེའི་ནང་ན་རྩིག་པ་གཉིས་པ་གསེར་ལས་བྱས་པ་ལ་གཡུའི་སྒོ་གཏོད་པའི་དྲུང་ན། གསེར་གྱི་བུ་མོ་ཞིག་གསེར་གྱི་སྐུད་པ་འཁལ་ཞིང་རྐང་པ་གཅིག་གི་བྲངས་ལ་གཅིག་གི་རྟིང་པ་བཙུགས། སྐུད་པ་ཉག་མ་གཅིག་ལག་པས་བཟུང་། གཅིག་པོས་འཐེན་ཞིང་། ལག་པ་གཅིག་

(༡༡༢༨)གིས་རྒྱལ་བུ་ལ་གུས་པའི་རྣམ་འགྱུར་བྱེད་ཅིང་། མིག་གཅིག་རྒྱལ་པོ་ལ་བལྟ། གཅིག་སྐུད་པ་ལ་བལྟ་ཞིང་སྨྲས་པ་མཐོང་བ་ཙམ་གྱིས་ཡིད་འཛིན་པ། མཐོན་པོའི་གནས་འདིར་ཅི་ལ་འོངས། འདི་རུ་སུས་བསྟན་ཅི་དོན་གཉེར། འོན་ཏེ་སྤྲུལ་པ་ཉིད་ཡིན་ནམ། རྒྱལ་བུས་སྨྲས་པ། གསེར་གྱི་བུ་མོ་འོད་ལྡན་མ། །གསེར་སྐུད་མཁལ་ཞིང་ང་ལ་སྨྲ། །སོས་བཟུང་ལག་པས་འཐེན་པར་བྱེད། །བྲང་བ་མནན་ཞིང་བྲང་བ་བཏེགས། །བརྐྱང་བསྐུམ་གུས་པའི་ཕྱག་རྒྱ་ཅན། །ཕྱེད་ནི་སྐུད་པ་དག་ལ་བལྟ། །ཕྱེད་ནི་ང་མཐོང་དགའ་བ་སྟེ། །ང་ནི་ལྷས་བསྐྱལ་ལྷ་མོ་གཉེར། །སྒོ་ཕྱེ་ལྷ་མོའི་དྲུང་དུ་འགྲོ། །གླེང་བླངས་མང་པོ་ད་བཟོད་བྱ། །ཞེས་སྨྲས་པ་དང་། བུ་མོ་ན་རེ། སྒོ་དྲུང་འདི་ན་ང་མཛེས་ཀྱང་

(༡༡༢༩)ཉི་མས་རྒྱུ་སྐར་ཟིལ་མནན་བཞིར། ཁྱོད་ནི་ལྷམ་མེར་མཛེས་པར་གདའ། །འོན་ཀྱང་ལས་ཀ་སྒོ་གཅོད་ཡིན། །རྒྱལ་བུ་ན་རེ། མགོ་གཅིག་པ་དང་མགོ་གཉིས་པ་དང་། མགོ་གསུམ་པ་དང་མགོ་བཞི་དང་། ལྔ་དྲུག་བདུན་བརྒྱད་དགུ་བཅུ་རེ། །བཅུ་གཅིག་མགོ་ལྡན་སྲིན་པོའི་ཚོགས། །གདུག་པ་ཅན་གྱི་ཉེས་མེད་པར། །དགའ་བའི་ཚུལ་གྱི་འདིར་བཏང་ན། །སྟན་མེད་མཛེས་པ་མེ་ཏོག་འདྲ། ཁོ་བོ་འཁོར་ལོ་འདྲ་བ་དག ཁྱེད་ཀྱི་འགོགས་པར་བྱེད་དམ་ཅི། །ཨེ་མ་དེ་བས་དགའ་བར་མཛོད། །ཅེས་སྨྲས་པ་དང་། བུ་མོ་ན་རེ། གསུང་བ་མེད་དོ་ཤེས་རབ་ཅན། །བདག་ཀྱང་རྗེ་བོའི་དབང་དུ་སོང་། །གཞན་དུ་ཁྱེད་དང་ལྷན་ཅིག་ཏུ། །དགའ་རབ་ཅི་སྟེ་སྡོད་མི་རིགས། །ཞེས་སྒོ་ཕྱེ་སྟེ། ལྷ་མོ་ཉི་

(༡༡༣༠)མའི་འོད་ལྟ་བུ་དེའི་ནང་ན་ལྷམ་མེར་བཞུགས་སོ། །ཞེས་ཟེར་ཏེ་ནང་དུ་བཞུགས་པ་དང་། དེའི་ནང་ནའང་གསེར་གྱི་ས་གཞི་ལ་དེའི་མེ་ཏོག་དང་བཅས་པའི་རྫིང་ལ་སོགས་པའང་གོང་བཞིན་ནོ། །དེའི་ནང་ན་རྩིག་པ་གསུམ་པ་དངུལ་ལས་བྱས་པ་ལ་པདྨ་ར་དགའི་སྒོ་གཏོད་པའི་དྲུང་ན་དངུལ་གྱི་བུ་མོ་དངུལ་གྱིས་སྐུད་པ་མཁལ་ཞིང་། ཕྱེད་སྐྱིལ་བྱས་པ་བཞིན་འཛིམ་པ་དང་ལྡན་པ་ཞིག་འདུག་པ་དེ། པུས་མོ་གཡོན་པ་དང་རྐང་པ་གཡས་པའི་མཐིལ་ས་ལ་བཙུགས། ལག་པ་གཡས་པ་རྒྱལ་བུ་ལ་གུས་པའི་ཕྱག་རྒྱ་བྱེད། གཡོན་པས་སྐུད་པ་བཟུང་སྟེ། རྒྱལ་བུ་ལ་དགའ་བའི་མིག་བལྟ་ཞིང་སྨྲས་པ། སྐྱོན་གྱིས་མ་གོས་སྐུ་མངའ་བ། །དཀོན་མཆོག་གསུམ་གྱི་དབུ་རྒྱན་ཅན། །མ་ཉམས་ལུས་ཅན་གནས་

(༡༡༣༡)འདིར་ལྷག །ཅུང་ཟད་བཞུགས་ལ་གླེང་མ་མཛོད། །རྒྱལ་བུ་ན་རེ། དངུལ་གྱི་བུ་མོ་དངུལ་སྐུད་མཁལ། །རྐང་མཐིལ་པུས་མོ་ས་ལ་བཙུགས། །དགའ་བའི་མིག་གིས་བལྟ་བ་ཁྱོད། །སྒོ་ཕྱི་ནང་དུ་བདེ་བར་མཐོང་། །བུ་མོ་ན་རེ། ཀུ་ཤ་ན་ཡི་སྒོ་འདིར་བཞག ཁྱོད་ནི་ལྷ་སྲས་འོད་ཟེར་ཅན། །གནས་འདིར་སྣང་ཕྱིར་འོངས་པ་ལ། །བགས་ན་ང་ཡི་སྐྱོན་ཡིན་བྱོན། །ཟེར་ཏེ་སྒོ་ཕྱེ་ནས་ནང་དུ་ཞུགས་པ་དང་། སྔར་བཞིན་དུ་དངུལ་གྱིས་ས་གཞི་ལ་དེའི་མེ་ཏོག་སྐྱེས་པ་དང་བཅས་པའི་རྫིང་ལ་སོགས་པའང་སྣང་ངོ་། །དེའི་ནང་ན་རྩིག་པ་བཞི་པ་པདྨ་རཱ་ག་ལས་བྱས་པ་དངུལ་དཀར་གྱི་སྒོ་གཏོད་པའི་དྲུང་ན། པདྨ་རཱ་གའི་བུ་མོ་དམར་ལ་མདངས་ཆགས་པ་རིན་པོ་ཆེ་

(༡༡༣༢)འབར་བ་རྒྱབ་ལ་བཙུགས་པ། དེའི་ཆ་གསུམ་ལ་དཀོན་མཆོག་གསུམ་གྱི་སྐུ་བཀོད་པ། པདྨ་རཱ་གའི་སྐུད་པ་འཁལ་བ་ལུས་ཕྱེད་སྐྱིལ་དུ་བསྡད་པ། དཀོན་མཆོག་གསུམ་གྱི་སྒྲ་སྙན་པར་འདོན་པ། སྐུད་པ་ལག་པ་གཡོན་གྱིས་བཟུང་སྟེ། རྒྱལ་བུ་མཐོང་བ་དང་། རྐང་པའི་མཐིལ་གཉིས་ས་ལ་བཙུགས་ལངས་ཏེ་བཀའ་མཆོག་པས་བཞིན་འཛུམ་པ་དང་བཅས་ཏེ། ལག་པ་གཡས་པ་གུས་པའི་ཕྱག་རྒྱ་བྱེད་ཅིང་། དཀོན་མཆོག་གསུམ་གྱི་རྟེན་རིན་པོ་ཆེ་འབར་བ་དང་བཅས་པ་ལས་འོད་ཟེར་རྒྱལ་པོ་ལ་འཕྲོས་པའི་སྣ་ལས། བོད་དང་ལང་ཀ་ལ་སོགས་པའི་མཐའ་ཁོབ་ཀླ་ཀློ་འདུལ་བྱེད་ཅིང་། དཀོན་མཆོག་གསུམ་ལ་མི་ཕྱེད་པའི་དད་པ་བརྟན་པོས་བྱོན། ཞེས་པའི་སྒྲ་དེ་བུ་མོས་ཐོས་པས་བུ་མོ་ཤིན་

(༡༡༣༣)ཏུ་དགའ་སྟེ། བུ་མོ་བྱ་བས་མ་གཡེངས་ཀྱང་། །ཐབས་དང་ཤེས་རབ་མཚོན་པའི་ཕྱིར། །མེད་ན་མི་འབྱུང་ལྷོད་པར་མཁལ། །ཤེས་སམ་རྫུ་འཕྲུལ་ལྡན་པའི་བུ། །རྒྱལ་བུ་ན་རེ། ལེགས་བཤད་ཀུན་ལ་མཁས་པའི་དཔལ། །ཚད་མེད་ཐབས་ནི་རྒྱུད་ལ་བརྟེན། །སྲས་བཞི་བསྐྲུན་མཛད་སྐྱེས་མེད་ཡུམ། །ཤེས་རབ་མཐར་ཕྱིན་བློ་མངའ་བ། །གཉིས་སུ་སྡོམ་སྟེ་ཀུན་ཏུ་འགྲོ། །འཆིང་བས་མ་བཅིངས་རང་ལྷོད་ལ། །མཉམ་ཉིད་གཅིག་ཏུ་སྟོན་པར་བྱེད། ཁུག་པ་རིན་ཆེན་ཐབས་ཀྱིས་སྦྲེལ། །རྩེ་མོ་ཀུན་འགྲོ་ཆ་མེད་པ། །ཕྲ་ཞིང་རྟོགས་དཀའ་འཕགས་པའི་ཡུལ། ཁྱོད་མཁལ་བྱ་བ་མཆོག་ཏུ་བཟང་། །དིང་སང་སྒོ་འབྱེད་ཐབས་ཤེས་ཡིན། །ཞེས་སྨྲས་པ་དང་། བུ་མོ་ན་རེ།

(༡༡༣༤)བློ་མངའ་མ་ཆགས་འདིར་བྱོན་ནས། །འདིར་ཆགས་མི་རིགས་གཤེགས་པར་ཞུ། །སྒོ་གསུམ་ནང་ན་ཉམས་དགའ་བའི། །འཇིག་རྟེན་སྒྲོན་མ་ལྷམ་མེར་བཞུགས། །ཞེས་དངུལ་དཀར་གྱི་སྒོ་རབ་ཏུ་ཕྱེ་བའི་ནང་དུ་བཞུགས་པ་དང་། སྔར་བཞིན་དུ་པདྨ་རཱ་གའི་ས་གཞི་ལ་དེའི་མེ་ཏོག་དང་བཅས་པའི་རྫིང་ལ་སོགས་པའང་སྔར་བཞིན་དུ་སྣང་ངོ་། །དེའི་ནང་ན་རྩིག་པ་ལྔ་པ་ཤེལ་དཀར་པོ་ལས་བྱས་པ། པདྨ་རཱ་གའི་སྒོ་གཏོད་པའི་དྲུང་ན། ཤེལ་དཀར་པོའི་བུ་མོ་ཞིག་ཤེལ་དཀར་པོའི་སྐུད་པ་འཁལ་ཞིང་འདུག་པ་དེ། ལུས་ཕྱི་ནས་ལྟས་ན་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བ། །ངག་ནས་དཀོན་མཆོག་གསུམ་གྱི་སྒྲ་འབྱིན་པ། །རྒྱབ་ལ་རིན་ཆེན་འབར་བ་བཙུགས་ཏེ། དེ་ལའང་དཀོན་མཆོག་གསུམ་བསྟོད་པ། དེ་དག་ལས་འོད་ཟེར་ཕྱོགས་

(༡༡༣༥)བཅུར་འཕྲོ་ཞིང་། སླར་དངུལ་དཀར་གྱི་ལུས་ལ་ཐིམ་ཞིང་འགྲོ་བ། དེ་ལས་ཀྱང་འོད་ཟེར་རྒྱལ་བུ་ལ་འཕྲོས་པའི་སྣ་ལས། བོད་དང་ལངྐ་ལ་སོགས་པའི། མ་དག་འཇིག་རྟེན་འདུལ་བྱེད་པའི། །སྐྱབས་གཅིག་ནས་འདིར་འོངས་པ་ལེགས། །གཞལ་ཡས་བཀྲ་ཤིས་ནང་དུ་བྱོན། །མཐོང་བར་དཀའ་བའི་སེམས་དཔའ་མཐོང་། །ང་དང་ལྷན་ཅིག་རྩེ་དགའ་ན། ཁྱོད་ནི་འཇིག་རྟེན་སྒྲོན་མ་ཡིས། །ཚེ་རབས་ཀུན་ཏུ་བདག་ཏུ་བཟུང་། །ཞེས་པའི་སྒྲ་ཐོས་པ་དང་། རྒྱལ་བུས་ལན་དུ། གསལ་དག་འོད་ཟེར་འཕྲོ་བའི་ལུས། །དབྱངས་སྙན་འབྲེལ་ཆགས་སྒྲོག་པའི་གསུང་། །བདག་མཐོང་དགའ་བདེར་བརྩེ་བའི་ཐུགས། །ང་ལ་བདག་མེད་ཀུན་གྱིས་བཟུང་། །བུ་མོ་ན་རེ། བདག་མེད་ཕྱིར་ན་ཀུན་གྱིས་

(༡༡༣༦)འཛིན། །བདག་ཡོད་གང་ཡིན་དགྲ་བོ་ཡིན། །དགྲ་བོས་བཟུང་ན་མི་འདོད་འབབ། །བདག་མེད་བཤེས་མཆོག་མྱུར་དུ་བྱོན། །ཞེས་ཆགས་པའི་སེམས་ཀྱི་སྒོ་ཕྱེ་སྟེ་ནང་དུ་ཞུགས་པ་དང་། སྔར་བཞིན་དུ་ཤེལ་དཀར་གྱི་ས་གཞི་ལ་དེའི་མེ་ཏོག་དང་བཅས་པའི་རྫིང་ལ་སོགས་པའང་སྔར་བཞིན་གནང་ངོ་། །དེའི་ནང་དུ་རྩིག་པ་དྲུག་པ། མུ་ཏིག་དམར་པོ་ལས་བྱས་པ་ལ་ཤེལ་དཀར་པོའི་སྒོ་གཏོད་པའི་དྲུང་ན། མུ་ཏིག་དམར་པོའི་སྐུད་པ་འཁལ་ཞིང་། མགོ་ལ་མུ་ཏིག་དམར་པོའི་ཐོད་གྱོན་པ། སྐེ་རྒྱན་ལ་སོགས་པ་ཐམས་ཅད་ཀྱང་མུ་ཏིག་ཁ་དོག་རྣམ་པ་ལྔས་དྲ་བ་དྲ་ཕྱེད་ཀྱིས་བརྒྱན་པ་མུ་ཏིག་གི་གཟུགས་རྣམས་ཀྱང་མི་མགོའི་རྣམ་པ་ཡོད་པ། དེ་དག་ལས་འོད་ཟེར་ཕྱོགས་བཅུར་འཕྲོ་ཞིང་སླར་ལོག་ནས་མུ་ཏིག་དམར་པོའི་

(༡༡༣༧)ལུས་དང་རྒྱན་ལ་སོགས་པ་ཐིམ་ཞིང་འགྲོ་བ་དེ་ལས་འོད་ཟེར་རྒྱལ་བུ་ལ་འཕྲོས་པའི་སྣ་ལས། པུ་རང་དང་ནི་ལངྐ་དང་། བོད་དང་བོད་ཡུལ་བྱང་གི་ཕྱོགས། སྲིན་པོ་དང་ནི་སྲིན་འདྲའི་ཚོགས། །བྱང་ཆུབ་སེམས་ཀྱིས་འདུལ་བྱེད་ཅིང་། །ཕྱག་གིས་འཛིན་ཅིང་བལྟ་བྱེད་པ། །མ་དག་སེམས་ཅན་ཀུན་གྱི་གཉེན། །སྲས་ཀྱི་མཐུ་བོ་མཚན་དཔེའི་སྐུ། །དབྱངས་སྙན་ཐུགས་རྗེ་འདིར་བྱོན་ལེགས། །དཀོན་མཆོག་གསུམ་གྱི་གདུང་འཛིན་པ། ཁྱོད་ཀྱི་ཡུམ་ཆེན་ནང་ན་མཆིས། །ཕན་བདེའི་བློ་ཅན་དུ་བྱོན། །མ་ཆགས་མ་ཆགས་སྐྱབས་ཀྱི་གཙོ། །འཇིག་རྟེན་སྐྱབས་ཕྱིར་ལྷམ་མེར་བཞུགས། ཁྱེད་དང་ལྷན་ཅིག་བརྩེ་དགའ་ནའང་། །ཇི་སྲིད་འགྲོགས་པའི་སྐལ་བ་མེད། །ཡང་ཡང་ཕྲད་པར་ཐུགས་ཀྱིས་དགོངས། །དག་པའི་སྣང་བ་ཡུད་ཙམ་

(༡༡༣༨)ཡིན། །དིང་སང་སྨོན་ལམ་དབང་གིས་འཕྲད། །རྒྱལ་བུས་ལན་དུ། རབ་ཏུ་མཛེས་པའི་རྒྱན་ལྡན་མ། །རབ་ཏུ་ཉན་པའི་སྒྲ་སྒྲོགས་ཏེ། །ཆགས་མེད་ཆགས་ལྟར་སྟོན་བྱེད་ཅིང་། །དཔག་མེད་འོད་ཟེར་འགྱེད་པར་བྱེད། །ཐབས་དང་ཤེས་རབ་སྐུད་པ་འཁལ། །སྣང་བ་སྣང་མེད་ཟུང་དུ་འཇུག །སྣང་སྟོང་སྒྱུ་མ་ཁྱོད་མཐོང་ཚེ། །ལྷ་མོ་ཉིད་དུ་སྣང་བ་ཤར། །མ་ཡེངས་མ་ཡེངས་ང་ལ་ཉོན། །ང་ནི་བདེན་མེད་སྤྲུལ་པ་སྟེ། །གནས་འདིར་ཆགས་མེད་བཞིན་དུ་འོངས། །ཇི་ལྟར་ནམ་མཁའ་དག་པ་ལ། །མི་རྟོག་བཞིན་དུ་ཉི་མ་ཤར། །གང་གིས་མུན་པ་བསལ་གྱུར་ཏེ། །གང་ལས་ཁྱད་འཕགས་ལྷམ་མེ་བ། །སྒྲོན་མའི་རང་འོད་དཔག་མེད་དེ། །དབྱེར་མེད་གཅིག་ཏུ་བསྲེ་རུ་འགྲོ། །མ་ལུས་གཅིག་ཅར་བསལ་

(༡༡༣༩)བར་བྱ། །ཞེས་སྨྲས་པ་དང་། བུ་མོ་དེས་སྐུད་པ་རེས་ལག་པ་གཡས་སུ་ཁྱེར། རེས་གཡོན་དུ་ཁྱེར། གོམ་པ་མི་ཆེ་མི་ཆུང་བར་འདེགས་ཤིང་། །གོམས་པ་འདེགས་པ་དང་ཚིག་སྨྲ་བ་ལྷན་ཅིག་ཏུ། །ལྷ་ཕྲུག་འོད་ལྡན་གསལ་མཛད་པ། །མི་གཡོ་གསལ་ལྡན་གནས་འདིར་བྱོན། །གསེར་འདྲ་གསེར་འོད་རབ་འཚེར་བ། །གོང་གི་མུན་སེལ་གནས་འདིར་བྱོན། །སྒོ་གསུམ་འདུད་ཀྱིས་ཚིག་ཙམ་མིན། །རང་ལུས་འོད་ལྡན་ཆགས་མེད་པ། །བསམ་དག་འོད་ཀྱིས་ཁྱེད་ལ་འབུལ། །དུས་ཀྱི་མ་ནི་བསྐལ་ལྡན་ཁྱོད། །རང་བཞིན་མ་བསྐལ་མངོན་དུ་གྱུར། །མིག་ཤེས་ནུས་ལྡན་སྐལ་བ་ཅན། །མ་གཡོས་ལྷམ་མེར་བལྟས་པ་ན། །ཉི་མའི་འོད་ཡོད་

(༡༡༤༠)མ་བསྒྲིབས་པ། །གསལ་བས་གསལ་བ་མཐོང་བ་བཞིན། །ང་འོད་འཚེར་བ་ཁྱོད་ལ་འཕོག ཁྱོད་འོད་གསལ་བ་བདག་ལ་ཐིམ། །ཉི་མའི་དཀྱིལ་འཁོར་ཡངས་པའི་གཞིར། །ཟླ་བ་ཞུ་ནས་བལྟམས་པ་འདྲ། །གཟུགས་ཅན་མ་དཔྱད་བའི་ཕྱིར། །ཕོ་བྲང་ནང་དུ་གཤེགས་སུ་གསོལ། །དགའ་བའི་གླེང་མོ་ད་བཟོད་ཀྱི། །ཅེས་ཟེར་ཏེ་སྒོ་ཕྱེ་བའི་ནང་དུ་ཞུགས་པ་ན། མུ་ཏིག་དམར་པོའི་ས་གཞི་ལ། དེའི་མེ་ཏོག་དང་རྫིང་བུ་ལ་སོགས་པའང་སྔར་བཞིན་སྣང་ངོ་། །དེའི་ནང་དུ་རྩིག་པ་བདུན་པ་ཨིནྡྲ་ནི་ལ་ལས་བྱས་པ་ལ། མུ་ཏིག་དམར་པོའི་སྒོ་གཏོད་པའི་དྲུང་ན། ཨིནྡྲ་ནི་ལའི་བུ་མོ་ཨིནྡྲ་ནི་ལའི་སྐུད་པ་འཁལ་ཞིང་། གཡུ་དང་། གསེར་དང་། དངུལ་དང་། པདྨ་རཱ་ག་དང་། ཤེལ་དཀར་པོ་

(༡༡༤༡)ལ་སོགས་པའི་དབུ་བརྒྱན་དང་། རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ལུས་དང་རྒྱན་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་ཕྱོགས་བཅུར་འཕྲོ་ཞིང་། སླར་ལུས་ལ་ཐིམ་འགྲོ་བ་ཞིག་གདའ་བ་དེ། རྒྱལ་བུ་མཐོང་བ་དང་། སྐུད་པ་དེ་དག་མགོ་ལ་དཀྲིས་ཏེ་པད་དཀོར་གྱི་ཕྱག་རྒྱ་བྱེད་ཅིང་། གཡས་ཕྱོགས་ནས་བསྐོར་ཞིང་། རྒྱལ་བུ་ལ་མདུན་གྱིས་བལྟས་ཏེ་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོས་པའི་སྣ་ལས། ལུས་ཅན་དཔག་མེད་མཐོང་ན་ཡང་། འདི་འདྲའི་ལུས་ཅན་ཉིན་སྐར་ཙམ། །བག་ཡོད་གཞོན་ཤ་ཆགས་པའི་ལུས། །གསེར་ལྟར་རབ་ཏུ་འཚེར་བའི་ལྷ། །བྱོན་པ་ལེགས་ཀྱིས་ཕེབས་པར་མཛོད། །བྷཾ་ག་ལ་ཡི་རྒྱལ་སྲིད་དེ། །བཟང་པོར་སེམས་ལ་མ་ཟུག་པར། །ཐག་རིང་ལམ་ལ་བཟོད་པས་འོངས། །གདུག་པའི་ཚོགས་ཀྱིས་གནོད་མ་གྱུར། །ད་ནི་ཕོ་

(༡༡༤༢)བྲང་ནང་དུ་བྱོན། །འཇིག་རྟེན་དག་ན་མཚུངས་མེད་པ། །ཉི་མ་བརྒྱ་བས་རབ་འཚེར་བ། །ཀུ་ཤ་ན་དེ་ནང་ན་མཆིས། །བག་ཡོད་ནང་དུ་གཤེགས་སུ་གསོལ། །རྒྱ་བུས་ལན་དུ། ལྷ་མོའི་ཆ་བྱས་གཟུགས་མཛེས་མ། །རིན་ཆེན་སྣ་ཚོགས་བཀོད་པའི་འོད། །འཕྲོ་ཞིང་འཕྲོ་ཞིང་གནས་སུ་ཐིམ། །སླར་ཡང་བདག་ལ་སྤྱོད་བྱེད་ཅིང་། །ཆོས་སྐོར་བདེ་བའི་དགའ་གར་བརྩི། །ང་ལ་མ་ཆགས་ལྷུགས་པར་གཞོག །ང་ནི་ཆགས་མེད་འོང་དུ་ཟད། །ཀུ་ཤ་ན་ལ་བལྟ་ཕྱིར་འོངས། །བུ་མོ་ན་རེ། དགའ་བའི་དགའ་གར་གླུ་རུ་ལེན། །སྙན་མགུར་དག་པ་དབྱངས་སུ་འཚེར། །འོད་སྟོང་ལྡན་པའི་སྐྱེས་བུ་ཁྱེད། །མ་ཆགས་ནང་དུ་གཤེགས་སུ་གསོལ། །ཞེས་ཟེར་ནས་སྒོ་ཕྱེ་སྟེ།

(༡༡༤༣)རྒྱལ་བུས་ནང་དུ་ཞུགས་པ་དང་། །ཨིནྡྲ་ནི་ལའི་ས་གཞི་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བཀོད་པ་དེའི་ཕྱོགས་བཞི་དང་མཚམས་བཞི་དང་བརྒྱད་ན་གསེར་གྱི་རྩིག་པ་གཡུའི་བ་གཾ་ཅན་ལ་ཤེལ་དང་མུ་ཏིག་གི་དྲ་བ་དྲ་ཕྱེད་ཀྱིས་བརྒྱན་པ། ཟུར་ཐམས་ཅད་ལ་གསེར་གྱི་དྲིལ་བུ་གཡེར་ཁ་དཔྱངས་པ་ལ་རླུང་བསིར་བུས་བསྐྱོད་པས། ལས་དགེ་བ་བཅུའི་སྒྲ་འབྱུང་བ་དང་ལྡན་པའི་མཁར་བརྒྱད་ལ་རིན་པོ་ཆེའི་སྒོ་བརྒྱད་གཏོད་པ་ནང་དུ་ལྟ་བ། དེའི་དབུས་ན་རིན་པོ་ཆེའི་སྣ་ཚོགས་ལས་བྱས་པའི་མཁར། རིན་པོ་ཆེ་སྣ་བདུན་ལས་བྱས་པའི་སྒོ་ཕྱོགས་བཞིར་གཏོད་པ། ཟུར་ཐམས་ཅད་ལ་གཅུང་གཞོགས་ཕྲ་མོ་བདུན་བདུན་ཡོད་པ། ཅུང་གཞོགས་དེ་དག་གི་མཚམས་མཚམས་ནའང་གསེར་གྱི་གཟེར་བུ་རེ་རེ་ཡོད་པ་དེའི་སྟེང་ན་གསེར་ལ་སོགས་པའི་

(༡༡༤༤)བྱི་ཆུང་རེ་རེ་ཡོད་པ་དག་སྒྲ་སྙན་པ་འབྱིན་པ། གཡུའི་ཁྲི་འཕང་རིམ་པ་བདུན་ཡོད་པ། ཁྲི་འཕང་འོག་མའི་མགོ་ན་པདྨ་ར་གའི་མགུལ་རྒྱན་ཡོད་པ། དེའི་རྩེ་མོའི་ཟུར་བཞི་མཚམས་བཞི་སྟེ་བརྒྱད་ན་གསེར་དང་གཡུ་ལ་སོགས་པའི་བྱ་བརྒྱད་ཁ་ནས་དྲིལ་བུ་འཕྱང་བ་ལ་རླུང་བསིར་བུས་བསྐྱོད་པ་ན་སྒྲ་སྙན་པ་འབྱུང་བ། དེ་དག་ལ་ཆུ་དང་ས་བརྡུལ་ལ་སོགས་པ་མི་ཆགས་པ། ཁྲི་འཕང་བདུན་པོ་རེ་རེ་ལའང་མུ་ཏིག་དཀར་དམར་གྱི་དྲ་བ་དྲ་ཕྱེད་འཆང་བ། རིན་པོ་ཆེ་སེར་པོ་དག་སྔོན་པོའི་ཕྲ་བཏབ། སྔོན་པོའི་ལ་དཀར་པོའི་ཕྲ་བཏབ། དམར་པོ་ལ་སེར་པོའི་ཕྲ་བཏབ་སྟེ་ལྟ་བས་ཆོག་མི་ཤེས་པར་གནས་སོ། །དེ་དག་གི་རྨང་རྨང་མེ་ཏོག་གི་སྡོང་པོ་མང་པོ་སྐྱེས་པ། དེ་དག་གི་སྟེང་ནའང་བྱི་བ་མང་པོ་དགའ་བདེར་རྩེ་ཞིང་

(༡༡༤༥)ཚིགས་སུ་བཅད་པའི་དབྱངས་སྙན་པ་སྒྲོག་པ། མཁར་ཐམས་ཅད་ཀྱི་ངོས་ལ་མཁར་གཞན་ཐམས་ཅད་ཀྱི་གཟུགས་བརྙན་འཆར་བ། མཁར་བརྒྱད་པོ་དེ་དག་གི་བར་བར་ན་འདོམ་བདུན་བདུན་གྱི་ཚད་ཡངས་པ། མཁར་ཕྱི་ནང་གི་སྐོར་ཁང་གི་བར་ཚད་ནི། འདོམ་ཉི་ཤུ་རྩ་གཅིག་ཏུ་གནས་པ། གང་ལ་བལྟས་ཀྱང་ཡིད་འཛིན་ཅིང་ལྟ་བས་ཆོག་མི་ཤེས་པར་གདའོ། །དེར་རྒྱལ་བུའང་ཡིད་ཆགས་པར་གྱུར་ཏེ་ཚིགས་སུ་བཅད་དེ་སྨྲས་པ། ཡེ་ནས་སྟོང་པའི་ཆོས་དབྱིངས་ལ། །གཟུགས་སྒྲ་དྲི་རོ་རེག་བྱ་དང་། །དེར་འཛིན་ཤེས་པ་བསམ་མི་ཁྱབ། །ཆོས་རྣམས་སྤྲུལ་པའི་སྣང་བ་ལ། །ཡ་མཚན་གཟུགས་ཀྱི་སྣང་བ་ཤར། །ལྟ་བས་མི་ངོམ་རིན་ཆེན་མཁར། །ཟུར་དང་འདེབས་དང་ཁྲི་འཕང་དང་། །རྒྱན་ལའང་རྒྱན་གྱིས་རབ་བརྒྱན་ཏེ། །སྙན་པའི་སྒྲ་

(༡༡༤༦)འབྱིན་ཆོས་སུ་སྒྲོག །བསམ་མི་ཁྱབ་ཅིང་བདེ་བར་མཐོང་། །སྤྲུལ་པའི་ཕོ་བྲང་ཡིད་ཆགས་པ། །སུམ་ཅུ་རྩ་གསུམ་ལྷ་དབང་ལ། །ཉེ་དབང་བསྐོར་ཏེ་མཆོད་པ་བཞིན། །སུམ་བརྒྱ་དྲུག་ཅུའི་ཡང་རྩེ་ན། །རིན་ཆེན་སྣ་ཚོགས་ཀྱིས་སྤྲས་པའི། །རིན་ཆེན་མཁར་ལ་བརྒྱད་ཀྱིས་བསྐོར། །གཅིག་ཀྱང་བརྒྱད་ཀྱི་ནང་དུ་ཤར། །བརྒྱད་ཀྱང་གཅིག་གི་ནང་དུ་གསལ། །བརྒྱད་པར་འདོམ་ཚད་བདུན་བདུན་གདའ། །དབུས་དང་ཤར་ལ་ཉེར་གཅིག་སྟེ། །གཞན་ཡང་དེ་དང་མཚུངས་པར་གདའ། །ཟུར་མང་མཛེས་མེད་འཇམ་པ་ཡི། །འགལ་འདྲ་མི་འགལ་ཡ་མཚན་ཅན། །དེ་རིང་ཕུན་ཚོགས་ལྟད་མོར་མཐོང་། །འོན་ཀྱང་བདེན་མེད་འཁྲུལ་སྣང་ཡིན། །ཀུ་ཤ་ན་ཞེས་གྲགས་པ་ཅན། །གནས་དང་མཚུངས་པར་ཡོད་པར་ངེས། །གང་གིས་བསམས་ཀྱང་མི་

(༡༡༤༧)འགྲུབ་ན། །འདི་ཡི་མངོན་དུ་གྱུར་པ་མཚར། །གལ་ཏེ་ཆགས་ན་མི་བསླུའམ། ཞེས་སྙན་པའི་སྒྲ་དབྱངས་བསྒྲགས་པ་དང་། །ཕོ་བྲང་གི་ནང་ན་རིན་པོ་སྣ་ཚོགས་པའི་སྒོ་ཕྱེ་སྟེ། །སྤོས་སྣ་བརྒྱ་རྩ་བརྒྱད་ཀྱི་དུད་པ་འཐུལ་ཞིང་། སྒྲ་སྙན་པ་ཡིད་དུ་འོང་བ་ཡན་ལག་དྲུག་ཅུ་དང་ལྡན་པས། རྒྱལ་བུ་ལ་ཡོན་ཏན་ཕུན་སུམ་ཚོགས་པའི་སྒོ་ནས་བསྟོད་པ། མཚན་དང་དཔེ་བྱས་ཀྱི་སྤྲས་པའི་ལུས་ཁ་དོག་དཀར་སྔོ་མ་རིན་པོ་ཆེ་ལྔ་ལས་བྱས་པའི་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པ་དབུའི་གཙུག་ན་དཀོན་མཆོག་གསུམ་བཞུགས་པ། གཞན་ཡང་སྙན་རྒྱན་མགུལ་བརྒྱན་དང་། དཔུང་རྒྱན་དང་། སེ་མོ་དེ་དང་སྐ་རགས་ལ་སོགས་པ་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པ་འོད་དཀར་པོ་དཔག་ཏུ་མེད་པ་ཤར་ཕྱོགས་སུ་འཕྲོ་བ། དེ་བཞིན་དུ་

(༡༡༤༨)ཕྱོགས་གསུམ་དུའང་། སེར་པོ་དང་། དམར་པོ། ལྗང་གུ་འཕྲོ་བ། ཕྱི་ནས་བལྟས་ན་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བ། དྲི་ཞིམ་པོས་ཕྱོགས་བཅུར་དཔག་ཚད་དུ་མ་ཁྱབ་པ་ཞི་བ། དུལ་བ། འཛུམ་དུ་མ་དང་ལྡན་པ། ལག་ན་རྡོ་རྗེ་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་སྤོས་ཕོར་ཐོགས་པ། དེ་ལས་ཀྱང་སྦྱར་བའི་དྲི་ཕུན་སུམ་ཚོགས་པ་ཕྱོགས་བཅུར་འཕྲོ་བ། དེའི་འཁོར་ན་བུ་མོ་སེར་ལྗང་། སྔོ་ལྗང་གཉིས་དང་། ལྗང་མོ་སེར་མོ། དཀར་མོ། སྔོན་མོ་དང་ལྔ་སྟེ། གཡོག་མོ་བདུན་གྱིས་བསྐོར་བ་གཡོག་མོ་བདུན་པོ་རེ་རེ་ལ་ཡང་ཁ་དོག་བདུན་ལྡན་གྱི་བུ་མོ་བདུན་བདུན་གྱི་བསྐོར་བ་དག་བྱུང་སྟེ། བདུན་གྱིས་ནི་ཕྱག་འཚལ། བདུན་གྱིས་ནི་མཆོད་པ་འབུལ། བདུན་གྱིས་ནི་སྡིག་པ་བཤགས། བདུན་གྱིས་ནི་རྗེས་སུ་ཡི་རང་འབུལ།

(༡༡༤༩)བདུན་གྱིས་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་གདབ། བདུན་གྱིས་ནི་སེམས་ཅན་གྱི་དོན་དུ་ཡུན་རིང་དུ་བཞུགས་པར་གསོལ་བ་གདབ། བདུན་གྱིས་ནི་བསྔོ་བ་དང་སྨོན་ལམ་ཕུན་སུམ་ཚོགས་པ་བཏབ། གཡོག་གི་གཙོ་མོ་བདུན་པོ་དེ་དག་གིས་ཀྱང་། ལ་ལས་ནི་ཡོན་ཆབ། ལ་ལས་ནི་མེ་ཏོག །ལ་ལས་ནི་བདུག་སྤོས། ལ་ལས་ནི་སྣང་གསལ། ལ་ལས་ནི་དྲི་ཆབ། ལ་ལས་ནི་ཞལ་ཟས། ལ་ལས་ནི་རོལ་མོ་དང་སིལ་སྙན་ཕུན་སུམ་ཚོགས་པ་བསྣམས་ཏེ་རྒྱལ་བུ་ལ་རང་མཐུན་པའི་མཆོད་པ་ཕུན་སུམ་ཚོགས་པ་ཕུལ་ཞིང་། མེ་ཏོག་ཀུ་ཤ་ནའི་གསུང་གི་རྗེས་སུ་ཐམས་ཅད་ཀྱང་དབྱངས་གཅིག་པར་རྒྱལ་བུ་ལ་འདི་སྐད་དུ། སྔོན་ཚེ་སྐྱེ་བ་དཔག་མེད་དུ། །ཆོས་ཀྱི་སྒྲོན་མེ་སྦར་མཛད་པས། །འཇིག་རྟེན་དགེ་བའི་གཟུགས་གསལ་ཞིང་། །རང་གི་ཚོགས་གཉིས་

(༡༡༥༠)གོང་དུ་འཕེལ། །ནམ་མཁས་གར་ཁྱབ་འཇིག་རྟེན་དུ། །ཆོས་ཀྱི་འབྲུག་སྟོང་བསྒྲགས་གྱུར་པས། །བདུད་དང་མུ་སྟེགས་འཇིགས་སྒྲག་ཅིང་། །སྐལ་ལྡན་གཉིད་ལས་སངས་པར་གྱུར། །ཐུགས་རྗེའི་འོད་ཟེར་གློག་འཁྱུག་པས། །ལུས་ཅན་སྐད་ཅིག་ཉིད་ལ་བསྒྲལ། །ཐུགས་རྗེའི་སྦྲང་ཆར་ཕབ་གྱུར་པས། །དད་པའི་ས་ཆེན་རབ་བརླན་ཏེ། །ཐར་པའི་མྱུ་གུ་སྨིན་པར་བྱས། །རིགས་དྲུག་གནས་རྣམས་མ་ལུས་པར། །དེ་དང་མཐུན་པའི་གཟུགས་བསྟན་ནས། །དེ་ཡི་སྡུག་བསྔལ་ཞི་བྱས་ཏེ། །གནས་སྐབས་མཐར་ཐུག་ལམ་ལ་དགོད། །བྷཾ་ག་ལ་ཡི་ཆོས་རྒྱལ་ཁྱོད། །པདྨ་འདམ་གྱི་མ་གོས་བཞིན། །འཁོར་གནས་འཁོར་བས་མ་གོས་པའི། །སྤྱན་རས་གཟིགས་ཕྱིར་གནས་འདིར་བྱོན། །བདག་དང་འཁོར་བཅས་འདིར་ཚོགས་པས། །རྣམ་དག་དགའ་བས་ཀུན་

(༡༡༥༡)བསླངས་ནས། །དྲི་མེད་མཆོད་ཚོགས་འདིར་སྦྱར་ཏེ། །ཆོས་རྒྱལ་ཐུ་བོ་ཁྱེད་ལ་འབུལ། །ཆགས་མི་མངའ་ཡང་འདི་བཞེས་མཛོད། །ཆགས་པ་ཅན་ལ་ཆགས་སྟོན་པ། །ཆགས་མེད་ངང་ནས་ཆགས་བཞིན་སྐྱོབས། །ཡིད་ཆགས་ཕོ་བྲང་དག་པ་འདིར། །རྣམ་དག་སེམས་ཀྱིས་དགའ་བདེར་བཞུགས། །རོ་བརྒྱ་སྦྱར་བའི་ལྡེ་གུ་གསོལ། །ཡང་འཇམ་མཛེས་པའི་ན་བཟའ་གྱོན། །ཟག་མེད་བདེ་བའི་སྟན་ལ་འདུག །འོད་གསལ་སེམས་ཀྱི་མེ་ལོང་ལྟོས། །གྲགས་སྟོང་སྙན་པའི་གླུ་དབྱངས་བཞེས། །གཤིས་ངན་གདུག་པའི་སྲིན་པོ་ཐུལ། །ཡིད་འོང་མཛེས་པའི་ལྷ་མ་བསྟེན། །སྒྲིབ་མེད་མཛེས་པའི་ཁྱེའུ་སྐྱེ། །དུས་གསུམ་རྒྱལ་བའི་རྒྱལ་སྲིད་སྐྱོང་། །ཐབས་མཁས་བློན་པོ་དྲག་ཏུ་ཁོལ། །འཇིག་རྟེན་བདེ་བར་བྱེད་པ་ཡི། །ནོར་བུ་རིན་ཆེན་རྙེད་

(༡༡༥༢)དཀའ་བ། །དེང་སང་ལྷ་མོའི་དབུས་སུ་ལྷགས། །སྒྲིབ་མེད་ལྷ་མོ་གཙོ་མོ་གཅིག །དེ་གསུང་རབ་བསྒྲུབ་ལྷ་མོ་བདུན། །དེ་ཡི་ལས་བསྒྲུབ་ལྷ་མོའི་ཚོགས། །བཞི་བཅུ་ཞེ་དགུ་འཇིག་རྟེན་ན། །པདྨ་དཀར་པོ་ལྟར་དཀོན་པ། །མདོར་ན་དྲུག་ཅུ་རྩ་གསུམ་དང་བཞིར་བཅས་སྐྱེ་དགུ་ལྷ་མཆོད་པ། ཁྱོད་ལ་ལུས་འབུལ་དགའ་བ་བཞེས། །ད་ནི་གཞལ་ཡས་ཁང་དུ་བྱོན། །ཞེས་སྙན་པའི་གླུ་དབྱངས་ཕུན་སུམ་ཚོགས་པར་བླངས་པ་དང་། རྔོག་ལེགས་པའི་ཤེས་རབ། དུས་དེང་སང་བསྟན་པའི་མངའ་བདག་རྒྱལ་བའི་འབྱུང་གནས་ཞེས་གྲགས་པ། ཡོན་ཏན་བསྒྲགས་པས་ཟད་མི་ཤེས་པ་འདི་དུས་དེའི་ཚེ་སྤྲུལ་པའི་རྒྱལ་བུ་དད་པ་བརྟན་པར་གྲགས་པ་དེས། ལྷ་མོ་རྣམས་ལ་ལན་དུ་འདི་སྐད་ཅེས་སྨྲས་པ། ལྟ་བས་མི་ངོམ་ཡིད་འཛིན་པའི། །འཇིག་རྟེན་སྒྲོན་

(༡༡༥༣)མ་འཁོར་བཅས་རྣམས། །སྣང་སྟོང་སྒྱུ་མ་ལྟ་བུའི་བློ། །གསལ་ལ་རྙོག་པ་མེད་པའི་ཚུལ། །མ་ཡེངས་རྩེ་གཅིག་བག་ཡོད་པར། །གླིང་བུའི་སྒྲ་སྐད་ལྟ་བུ་ཡི། །རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པའི་ཆོས། །གྲག་སྟོང་འབྲེལ་ཆགས་བཤད་ཀྱིས་ཉོན། །བདེ་ལེགས་མ་ལུས་བསྐྲུན་མཛད་པའི། །སྐྱེ་དགུའི་མགོན་སྐྱབས་རིན་ཆེན་གསུམ། །བདག་གི་སྤྱི་བོར་ཐུགས་རྗེས་བྱོན། །འགྲོ་བའི་གཉེན་དུ་བྱིན་གྱིས་རློབས། །ཉི་མ་སྤྲིན་གྱི་མ་གོས་པ། །འོད་ཟེར་ཕྱོགས་བཅུར་རབ་འགྱེད་ཅིང་། །གླིང་གིས་མུན་པ་སེལ་བ་བཞིན། །མཚན་དཔེས་རབ་བརྒྱན་ལྷ་མོའི་ཚོགས། །ལྟ་བས་མི་ངོམ་འོད་ཟེར་འཕྲོ། །མ་རིག་གླིང་དུ་རབ་འཐོམས་པའི། །གདུག་པའི་ཚོགས་རྣམས་གསལ་བར་བྱེད། །ལྟ་བས་མི་ངོམ་གཟུགས་མཛེས་མ། །སྙན་པ་ཆོས་ཀྱི་སྒྲ་དབྱངས་

(༡༡༥༤)སྒྲག །སྔོན་ཚེ་སྨོན་ལམ་ལས་གྲུབ་པའི། །བཀོད་ལེགས་ཁྱད་པར་འཕགས་པའི་གནས། །ཡིད་འཛིན་ཞིང་ཁམས་གཙང་མར་གདའ། །མ་འབྲེལ་ཚིག་རྣམས་རབ་སྤོང་ཞིང་། །ལོག་རྟོག་འཁྲུལ་པ་རབ་གཅོད་པ། །བདེ་གཤེགས་གསུང་རབ་ཚད་མེད་དེ། ཁོ་བོས་བཤད་ཀྱི་བུ་མོའི་ཚོགས། །གདུག་རྩུབ་རླུང་གིས་མ་གཡོས་པར། །འོད་གསལ་སེམས་ལ་ཚུར་བལྟས་པས། །ཆོས་ཉིད་རྣམ་དག་རྗེན་པར་མཐོང་། །བདེན་ཆེན་མ་ཆེ་བུ་མོ་ཀུན། །ཐམས་ཅད་འོད་ཀྱི་སྣང་བ་ལ། །ཕྱོགས་ཆ་མ་བྱེད་བུ་མོ་ཀུན། །ཆོས་ཀྱི་མཐར་ཐུག་སྙིང་རྗེ་ལ། །ཞེ་སྡང་རླུང་འཚུབ་རྐྱང་སྟེ་སྐྱུར། །གཏན་གྱི་སྐྱབས་གནས་སངས་རྒྱས་ལ། །ཐེ་ཚོམ་མ་ཟ་བུ་མོ་ཀུན། །ཆོས་དང་དགེ་འདུན་དག་པ་ལ། །གྲོགས་དང་ལམ་དུ་བསྟེན་པར་འཚལ། །དག་པའི་སྣང་བས་གང་མཆོད་པ། །ང་ནི་དུས་གསུམ་བདེ་

(༡༡༥༥)གཤེགས་ཀྱིས། །བྱིན་གྱིས་བརླབས་པའི་རྒྱལ་བུ་ཡིན། །བཞི་བཅུ་བཞི་དགུ་དག་པ་ཡི། །ནང་ནས་བདུན་བདུན་བདུན་བུ་མོ་ཡིས། ངེད་ལ་ཡན་ལག་བདུན་ལྡན་པའི། །མཆོད་ཚོགས་སྦྱར་བ་རབ་བཀོད་དེ། །སྙན་ངག་དྲུག་ཅུ་ཆོས་ཀྱི་སྒྲ། །འོད་དང་འོད་ཀྱི་ཟེར་དག་ལ། །ང་དང་ཡུལ་ལ་མཆོད་བྱས་པའི། །དགེ་བ་མི་འགྱུར་ཕུགས་སུ་དགེ། །ཞེས་སྨྲས་པ་དང་བུ་མོ་དག་ན་རེ། །སྒོ་དྲུང་དྲིས་ལན་དམན་པའི་ལས། །མི་དབང་བསུ་བར་མ་ནུས་པར། །ད་དུང་འདིར་ལབ་ཆགས་གྱུར་ན། །ཅི་རིགས་ནང་དུ་འབྱོན་པར་འཚལ། ཁྱེད་ནི་དཀོན་མཆོག་གསུམ་གྱི་སྲས། །བདག་ཅག་ལབ་ཟླར་མི་རིགས་ནའང་། །དམ་པ་དག་ལ་རྟོག་མི་མངའ། །དམ་པ་ཡར་བྱོན་ནང་དུ་བྱོན། །ཞེས་སྨྲས་པ་དང་། རྒྱལ་བུ་རང་བཞིན་གྱི་འོད་ཕུན་སུམ་ཚོགས་པ་དེ་དང་དཀོན་མཆོག་

(༡༡༥༦)གསུམ་གྱི་མཁྱེན་བརྩེའི་འོད་ཟེར་མཛད་པ་ཕྲིན་ལས་ཀྱི་འོད་ཟེར་ཕུན་སུམ་ཚོགས་པ་དེ་ཡང་རྒྱལ་བུ་ལ་ཞུས་པས། མར་མེ་གསལ་བ་ལྔ་བཅུ་རྩ་བདུན་གྱི་དབུས་ན། མར་མེ་ཆེ་ཞིང་འོད་རབ་ཏུ་གསལ་བ་ཞིག་ལྷམ་མེ་ལྷན་ནེར་མར་མེ་གཞན་ཐམས་ཅད་ཟིལ་གྱིས་མནན་པ་བཞིན་དུ། རྒྱལ་བུའང་ལྷ་མོ་དེ་དག་གིས་དབུས་ན་ལྷམ་མེ་ལྷན་ནེར་བཞུགས་ཏེ་ཕོ་བྲང་གི་ནང་དུ་བཞུགས་སོ། །ཕོ་བྲང་ཤིན་ཏུ་དྭངས་ཤིང་འོད་གསལ་བ་དེ་དག་ལ་རྒྱལ་བུའི་སྐུ་དུ་མ་ཤར་རོ། །རྒྱལ་བུའི་སྐུ་དེ་ལ་འོད་དུ་མ་ཤར་རོ། །རྒྱལ་བུའི་སྐུ་དེ་ལ་འོད་དུ་མ་ཡོད་པ་དེ་དག་ཀྱང་བུ་མོ་དེ་དག་དང་། ཕོ་བྲང་དེ་དག་ལ་ཕོག་པས། རིན་པོ་ཆེའི་མེ་ལོང་ ཉི་མའི་འོད་ཕོག་པས་བཞིན་དུ་གྱུར་ཏོ། །དེར་བུ་མོ་དེ་དག་ཡ་མཚན་ཆེ་སྟེ། བུ་མོ་རེ་རེའི་རྟོག་པ་ལ་རྒྱལ་བུ་རེ་རེ་བྱུང་བའི་སྣང་བ་ཤར་ཞིང་།

(༡༡༥༧)དེ་དག་ལ་བལྟའོ། །དེའི་དུས་སུ་རྒྱལ་བུས་འདི་སྐད་དུ། གཟུགས་ཅན་བདེན་མེད་གཟུགས་བརྙན་ཙམ། །ཡེ་ནས་བདེན་པར་མ་གྲུབ་ཀྱང་། །འཁྲུལ་པའི་བློ་ཅན་བདེན་པར་རྟོགས། །དཔེར་ན་འོད་འཛིན་བློ་དང་འདྲ། །རང་བཞིན་དག་པའི་མེ་ལོང་ལ། །གཟུགས་བརྙན་སྣ་ཚོགས་ཤར་བ་ལ། །འཕགས་པས་མི་འཛིན་བྱིས་པ་འཁྲུལ། །དཔེར་ན་ལོགས་ལ་ང་ཤར་བ། །གཅིག་མེད་དུ་མར་འགལ་ན་ཡང་། །བུ་མོ་བདག་ནི་ང་ཡིན་ཞེས། །སོ་སོར་དེ་ལ་བལྟ་དང་མཚུངས། །དཀོན་མཆོག་གསུམ་གྱི་མེ་ལོང་ལ། ཁྱིའུ་ང་ཡི་གཟུགས་བརྙན་ཤར། །བདེན་པར་མ་འཛིན་དག་སྣང་ཡིན། །ནང་དུ་ལོང་ལ་ཆེར་དེ་ལྟོས། །མཐོང་ངམ་བདེན་ནམ་བུ་མོ་ཀུན། །ཤེས་བསམ་དག་གི་རྟོག་དཔྱོད་ཅན། །ཡུལ་དང་ཡུལ་ཆེན་གཉིས་མེད་

(༡༡༥༨)ལ། །སོ་སོར་མ་འཛིན་རིགས་ལྡན་ཀུན། །འོད་དང་འོད་གསལ་མ་གཡོས་པའི། །དོན་དུ་གྲུབ་པ་ཅི་ཡང་མེད། །སྤྲོས་བྲལ་ཆེན་པོ་གཟུགས་སྒྲར་ཤར། །གཟུགས་སྒྲ་ཉིད་ཀྱང་སྤྲོས་བྲལ་ཡིན། །གཟུགས་སྒྲ་ཉིད་ལས་མ་གཡོས་པའི། །ཆོས་ཉིད་ཟུར་ནས་བཙལ་དུ་མེད། །སྤྲོས་བྲལ་དག་ལས་མ་གཡོས་པའི། །གཟུགས་སྒྲའང་མེད་དོ་སྙན་འཇེབས་ཀུན། །དེ་ལྟ་བས་ན་ཆོས་རྣམས་ཀུན། །བདེན་པར་གྲུབ་པ་ཡོད་མིན་ཞིང་། །རྫུན་པའང་མེད་པ་མ་ཡིན་ལ། །གྲུབ་ཙམ་ཉིད་ནས་སྟོང་པར་སྣང་། །བློ་ལྡན་སྤྲུལ་པའི་བུ་མོ་ཀུན། །སྟོང་མིན་གཟུགས་སྒྲར་མ་འཁྲུལ་ཞིག །སྟོང་པའི་ཕྱིར་ན་དབྱངས་སྙན་ཞིང་། །གཟུགས་མཛེས་ལྟ་བས་མི་ངོམས་པ། །དེ་བཞིན་ཆོས་རྣམས་ཐམས་ཅད་ལ། །བསྒྲིལ་ཏེ་དེ་བཞིན་ཤེས་པར་མཛོད། །

(༡༡༥༩)བདག་རྐྱེན་ཅན་གྱི་གདམས་པ་ཡིན། །ཞེས་གླུ་རུ་བླངས་པ་དང་། སྤྲུལ་པའི་ལྷ་མོ་མེ་ཏོག་ཀུ་ཤ་ན་ཞེས་བྱ་བ་དེ། རིན་པོ་ཆེ་སྙིམ་པ་གང་ཐོགས་ཏེ། སྙན་ནོ་སྟོང་པའི་ང་རོ་ཅན། །བདེའོ་དམ་པ་ཆོས་ཀྱི་གསུང་། །ཚིམ་མོ་སེམས་ཀྱི་མཐིལ་ལ་ཕོག །མང་ངོ་གསུང་ལ་འཁྲུལ་པ་མེད། །འོད་དང་འོད་ཀྱི་རྣམ་པ་ལ། །བདེན་པར་གྲུབ་པ་ཡོད་མ་ཡིན། །གཟུགས་བརྙན་བྲག་ཆ་ལྟ་བུ་ལ། །གཟུགས་སྒྲ་བདེན་པར་ཡོད་མ་ཡིན། །ད་ནི་ཆོས་རྒྱལ་གདན་ལ་བཞུགས། །གསེར་ཁྲི་གཡུ་ཡིས་སྤྲས་པ་ལ། །དར་ཟབ་པདྨོའི་གདན་དུ་བཀོད། །མི་སྐྱོད་ཟེའུ་འབྲུའི་དབུས་སུ་བཞུགས། །གཡོས་མངགས་སྦྱར་བའི་མཆོད་པ་འབུལ། །ལྷ་མོ་མཛེས་པའི་མེ་ཏོག་འབུལ། །དྲི་བཟང་

(༡༡༦༠)སྨན་གྱི་སྤོས་ངད་བཞིས། །སྣང་སྟོང་འོད་ཀྱི་མར་མེ་བསྣམས། །གླུ་དབྱངས་སྙན་པའི་སྒྲ་སྙན་བཞེས། །རིན་ཆེན་གདུགས་ཀྱི་གུར་འོག་ན། །སྙན་པའི་བ་དན་མཛེས་པ་ཁྱེད། །མི་རྟོག་བཞིན་དུ་ངེད་ལ་གཟིགས། །ཨེ་མ་དེ་དག་ཆོས་ཀྱི་དབྱངས། །སྣང་སྟོང་སྒྱུ་མ་གར་གྱི་གཟུགས། །ཡ་མཚན་ལྟད་མོར་ཤར་བ་ཡིན། ཁྱེད་ཀྱི་སྒོ་གསུམ་སྐྱོན་མེད་ལ། །ངེད་ཀྱང་དེ་དང་མི་འགལ་བར། །མཐུན་པར་སྤྱོད་ཅིང་གསལ་བར་མཛོད། །ཅེས་པའི་གླུ་དབྱངས་སྙན་པའི་རྗེས་སུ། རྒྱལ་བུས་ཀྱང་། རིན་པོ་ཆེ་གསེར་གྱི་ཁྲི་ལ་གཡུ་ལ་སོགས་པའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པའི་དབུས་སུ་བཞུགས་སོ། །དེར་སྤྲུལ་པའི་བུ་མོ་མེ་ཏོག་ཀུ་ཤ་ནས། རྒྱལ་བུ་ལ་གུས་པར་བྱ་བའི་ཕྱིར་དུ། རང་གིས་ལག་བསྟེར་ཏེ་དེའི་རྗེས་སུ་བུ་མོ་དག་

(༡༡༦༡)ཀྱང་འཇུག་ཅིང་། ལྷ་དང་མིའི་ཟས་ཕུན་སུམ་ཚོགས་པ་སྦྱར་ཏེ། རྒྱལ་བུ་ལ་མཆོད་དོ། །རྒྱལ་བུས་ཀྱང་། ལྷ་དང་མི་ལ་སོགས་པའི་འགྲོ་བ་ཐམས་ཅད་ཀྱི་ཚོགས་རྫོགས་པར་བྱ་བའི་ཕྱིར་དུ་ཚད་མེད་པར་མི་རྟོགས་པའི་ཏིང་ངེ་འཛིན་དང་སྦལ་ཏེ་གསོལ་ལོ། །དེར་ལྷ་མོ་རྣམས་ཀྱིས་ལུས་ངག་ཡིད་གསུམ་དད་པའི་སྒོ་ནས་བཀྲ་ཤིས་པའི་གླུ་གར་ཕུན་སུམ་ཚོགས་པའང་ཕུལ་ལོ། །དེའི་སང་གི་ཉིན་པར། ལངྐ་མགྲིན་བཅུ་ཉིད་མ་གཏོགས་པ། སྲིན་པོའི་གཙོ་བོ་རྣམས་ཀྱི་རྟོག་པ་ལ། ཁ་སང་བྷཾ་ག་ལ་ནས་འོང་ཟེར་བའི་རྒྱལ་བུ་དེ་དུས་ལས་བཟློག་པར་མི་ནུས་པ་ཚེས་བཅོ་ལྔ་ལ་བྱུང་། རང་བཞིན་ལས་བཟློག་པར་མི་ནུས་པ་སྤྲུལ་པའི་རྟ་བལ་གྱི་གླང་པོ་ཆེ་ལ་ཞོན་ནས་བྱུང་། དེའི་སྟོབས་ཀྱིས་སྒོ་བ་ཐམས་ཅད་ཀྱིས་ཀྱང་ནང་དུ་ཤོར། ད་

(༡༡༦༢)མེ་ཏོག་ཀུ་ཤ་ན་ཞེས་བྱ་བ་འཇིག་རྟེན་དུ་འབྱུང་བར་དཀའ་བ་དེ་ཁོས་དབང་དུ་བསྡུས། ད་ཁོ་བསད་པ་དང་བཟུང་བར་དཀའ། ད་འདི་ལ་ངག་འཇམ་པོས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་བཏང་ན་མི་མ་ཡིན་དྲག་པོ་སེམས་ཅན་ཐམས་ཅད་ཀྱི་གཤེད་མ་ཡོད་པ་དང་། གཅན་ཟན་ཤ་ཟ་ཆེན་པོ་རྣམས་ཡོད་པས་འདི་ཟོས་ན་བདག་ཅག་རྣམས་ལ་ཁག་མི་འབྱུང་བས། ནང་པར་དེར་བཏང་དགོས་སྙམ་ནས་སྲིན་པོའི་གཙོ་བོ་གཅིག་གི་སྲིན་པོ་མགོ་ཆེ་བ་དགུ་བརྒྱ་དགུ་བཅུ་ཐམས་པ་ཡོད་པའི་མགོ་གསུམ་ཡན་ཆད་སྲིན་པོའི་གྲོས་ཁང་དུ་བསགས་ཏུ་སྔར་བསམ་པ་བཞིན་དུ་གྲོས་བྱས་སོ། །དེར་རྒྱལ་བུ་ཆེན་པོ་ཐུགས་ཕོབ་སྟེ་རིན་པོ་ཆེའི་ཁྲིའི་སྟེང་ན་གཟིམས་ནས་ཡོད་པའི་ཚེ། ནམ་གྱི་སྲོད་ཙམ་ན་མེ་ཏོག་ཀུ་ཤ་ན་དེ་ལུས་ཐམས་ཅད་དྲི་བཟང་གི་ཆུས་བཀྲུས། གོས་དཀར་པོ་དྲི་མ་

(༡༡༦༣)མེད་པ་གྱོན། དར་དཀར་གྱི་ལྕེབས་ཐོགས་ཏེ་རྒྱལ་བུའི་དབུ་བཏེགས་བཏེགས་བྱས་ཏེ། ཀྱེ་རྒྱལ་བུ་ཆེན་པོ་ས་ཐག་རིང་པོ་ལ་སྐུ་བསྙེལ་བ་མངའ་ནའང་། གཟིམས་ན་འགྲོ་བའི་དོན་ལ་མཉམ་ནས་འགྲོ་བར་གདའ་བས་ཡར་བཞེངས། སྲིན་པོ་མགོ་གསུམ་པ་ཡན་ཆོད་ཚོགས་ནས་གྲོས་བྱེད་ཀྱིན་ཡོད་པར་གདའ། སྙན་གསན་འཚལ་ཞེས་སྨྲས་པ་དང་། རྒྱལ་བུས་ཀྱང་བཞེངས་ཏེ། ཀུ་ཤ་ནས་སྣ་དྲངས་ནས་ཤར་གྱི་ཁ་གཅིག་གི་ནང་ན་སྲིན་པོ་རྣམས་གྲོས་བྱེད་པ་ལ། རྒྱལ་བུར་འདིར་གསོན་གཅིག་ཅེས་བསྒོས་ཏེ་མཉན་པས། སྲིན་པོ་རྣམས་ན་རེ། ཁ་སང་ནས་བསམ་པ་བཞིན་དུ་གླེང་ཞིང་འདུག་པ་ལས། རེ་རེ་གཉིས་གཉིས་ཀྱི་སྡོམ་པ་ཤོར་ཀྱང་བྱ་རྒྱུ་མེད། རྒྱལ་བུ་དེ་ནང་དུ་མ་ཤོར་ན་དགའ་བ་ཡིན་ཏེ་ཞུགས། དེ་རྟིང་

(༡༡༦༤)ལ་བདག་ཅག་གིས་བཟུང་བ་དང་། བསད་པ་ནི་དཀའ། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་བཏང་བ་དྲག །དེར་ཚེ་སྲོག་ལ་བར་དུ་གཅོད་པ་བྱུང་ནའང་འུ་ཅག་ལ་ཁག་མི་འབྱུང་སྟེ། གང་འཐད་གང་རིགས་ཞེས་གཙོ་བོ་གཅིག་གིས་སྨྲས་པ་དང་། གཞན་རྣམས་ན་རེ་སྲིན་པོ་རེས་གཏམ་རེ་སྨྲས་ན་མདུན་མ་མི་འགྲིག་པས་ཇི་སྐད་ཟེར་བ་བཞིན་འཐད་དོ་ཟེར་ནས། མི་ཁྲག་བསྐོལ་བའི་སྟེང་དུ་མི་ཚིལ་བཞུ་ནས་མི་ཤ་དང་སྦལ་ནས་ཟ་ཞིང་གདའོ། །དེ་མ་ཐག་ཏུ་རྒྱལ་བུས་སླར་ལོག །མེ་ཏོག་ཀུ་ཤ་ན་དེས་ནང་ན་གཡོས་མངགས་ཕུན་སུམ་ཚོགས་པ་སྦྱར་ཏེ། ཕོ་བྲང་གི་སྒོར་ཉེད་མཛད་ནས། །སྤྲུལ་པའི་ལྷ་ཕྲུག་བྱོན་ལགས་སམ། །དབང་ཤེས་ལེགས་པར་སྒྲིམས་གྱུར་ཏེ། །གདུག་པའི་གྲོས་ལ་དཔྱད་གྱུར་ཏམ། །མཁྱེན་ནམ་ནང་བྱོན་བཞེས་པ་གསོལ། །ཞེས་

(༡༡༦༥)པ་དང་། རྒྱལ་བུ་ན་རེ། ཁོ་བོས་དབང་ཤེས་གཏད་པ་ན། །རྒྱལ་བུ་ནང་དུ་བཏང་བས་ཉེས། །ད་ནི་བསད་བཟུང་མི་ནུས་པས། །དུར་ཁྲོད་གནས་ཐོང་ཤི་ཁག་མེད། །དེར་ཚོགས་སྲིན་པོ་དེ་ལ་མཐུན། །ལྷ་མོ་དེ་ལ་དཔྱད་པར་མཛོད། །ཅེས་རིན་པོ་ཆེའི་ཁྲི་ལ་བཞུགས་པ་དང་། །ལྷ་མོས་ཟས་ཕུན་སུམ་ཚོགས་པའི་མཆོད་པ་མཛད་དེ། སྲིན་པོ་གདུག་པ་ཅན་དེ་དག་ལ་བསམ་པ་དག་པ་གཅིག་ཀྱང་མེད། ནང་པར་དུར་ཁྲོད་ཆེན་པོར་བཏང་བ་ལེགས། ཁྱེད་བྱང་ཆུབ་སེམས་དཔའི་ཐུགས་དམ་བསྐུལ་བར་ཟད། ནང་པར་ཉི་མ་ཤར་བ་དང་། སྲིན་པོའི་ཚོགས་དེ་དག་སྙིང་རྗེའི་ཡུལ་དུ་བྱས་ཏེ། སྲིན་པོ་འདུ་བའི་གནས་སུ་བྱོན་ལ། སྲིན་པོ་དག་གང་སྨྲ་བ་ཁས་ལོང་ཞིག །ངའི་ཤེལ་དཀར་གྱི་མེ་ལོང་འདི་ཁྱེར་ལ། གང་འཚེ་བ་བྱེད་པ་དག་ལ་སྟོན་ལ། སྤྲུལ་

(༡༡༦༦)པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ། བྷཾ་ག་ལ་ཡི་རྒྱལ་བུ་ཡིན། ཀུ་ཤ་ན་ཡི་གཏན་གྲོགས་ཏེ། །སྲིན་པོའི་རྒྱལ་པོ་གང་ཡིན་དཔྱོད། གར་བསམས་བལ་གྱི་གླང་ཆེན་ལ། སུ་ཡིས་བསྙེགས་ཀྱང་ཟིན་མི་སྲིད། །ཅེས་སྨྲོས་ཤིག །ཀྱེ་རྒྱལ་བུ་ཁྱོད། བྱང་ཆུབ་སེམས་དཔའ་ཡིན་པ་དང་ཡུལ་འདི་ན་ཡང་ང་བཙན་པའི་སྟོབས་ཀྱིས་གང་གིས་ཀྱང་གནོད་པར་བྱ་བར་མི་ནུས་སོ། །དེར་རྒྱལ་བུའང་ཐུགས་ཕེབས་ཏེ་ནང་པར་ལྷ་མོས་ཕུལ་བའི་མཆོད་པ་བཞེས་ཏེ་བལ་གྱི་གླང་པོ་ཆེ་ལ་ཞོན་ཏེ། སྲིན་པོ་འདུ་བའི་གནས་སུ་བྱོན་པ་དང་། སྲིན་པོ་བདག་གི་རྒྱལ་བུ་ལ་བསུ་བ་བྱས་ཏེ་གུས་གུས་ལྟར་ངག་འཇམ་པོས་སྨྲས་པ། ཁྱེད་སྤྲུལ་པའི་རྒྱལ་བུ་ལངྐ་འདིར་བྱོན་པ་ལ་ལྟད་མོ་རྒྱ་ཆེན་མ་གཟིགས་ན་མི་འཐད་པས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་བྱོན་ན་ལྟད་མོ་རྔམས་

(༡༡༦༧)པོ་ཆེ་ཡོད་པས། དེ་རིང་དེར་བྱོན་ལ། མ་ཕྱིས་པར་འབྱོན་པར་ཞུ། རྒྱལ་བུས་སྨྲས་པ། ཁྱེད་ཅག་གཉེན་བཤེས་ཀྱི་དག་ཁོ་བོ་ལ་ཤ་ཚ། དེ་རིང་དུར་ཁྲོད་དེ་བལྟ་བར་འཚལ་ཟེར་ནས། བསིལ་བའི་previous hit ཚལ་དུ་བྱོན་པ་དང next hit་། །མི་རོ་ཤུགས་རིང་འདོན་ཞིང་ཧལ་བ་དང་། །རྟ་རོ་འཚེར་ཞིང་ཁྱི་རོ་ཟུག་པ་དང་། །ཐོད་པ་འཐབ་ཅིང་རྩིག་མ་ཁྲོལ་བ་དང་། །གཟུགས་མེད་སྒྲ་སྐད་རབ་ཏུ་འབྱིན་པ་དང་། །ལག་སྟོང་འབའ་ཞིག་རབ་ཏུ་གདེང་བ་དང་། །བྱ་དང་ལྕེ་སྤྱང་ལ་སོགས་མི་སྙན་པའི། །སྒྲ་སྐད་ངན་པ་རབ་ཏུ་སྒྲོགས་པ་ཐོས། །དེ་ཚེ་རྒྱལ་བུས་འདི་སྐད་གླུར་བླངས་པ། །མི་རོ་ཤུགས་རིང་འདོན་ཞིང་རྟ་རོ་འཚེར། ཁྱི་རོ་གཟུག་ཅིང་གཟུགས་མེད་སྒྲ་འབྱིན་པ། །ལུས་མེད་ཡན་ལག་སྟོང་པ་གདེང་བ་འདི། །

(༡༡༦༨)རབ་ཏུ་འགལ་ལོ་འགལ་བ་མ་སྟོན་གཅིག །སྒྲ་སྐད་འབྱུང་ན་མི་རོ་རྟ་རོ་མིན། ཁྱི་རོ་མ་ཡིན་གཟུགས་མེད་དག་ཀྱང་མིན། །ལག་པ་ལུས་ལ་བརྟེན་ཅིང་གཡོབ་བྱེད་པ། །ལུས་མེད་ཡན་ལག་འབྱུང་བ་རྫུན་པ་ཡིན། །བྱ་དང་ལྕེ་སྤྱང་ལ་སོགས་མི་སྙན་སྒྲ། །རང་སྐད་རང་ལ་ངན་གྱི་ང་ལ་མིན། །ང་ལ་ང་མེད་ང་ནི་ལྟད་མོར་ཆེ། །ང་ནི་བྷཾ་ག་ལ་ཡི་རྒྱལ་བུ་སྟེ། །ང་ནི་ཀུ་ཤ་ན་ཡི་གཏན་གྲོགས་ཡིན། །ང་ནི་བལ་གླང་ཞོན་གྱི་སྙགས་མི་ཟིན། །ང་ནི་ང་ཡིན་ང་འདྲ་སུ་ཡང་མེད། །ང་བདག་དཀོན་མཆོག་རིན་ཆེན་མཐུ་བཙན་པས། །ང་ལ་འཇིགས་མེད་དེ་ཡིས་སྐྱོབ་པར་བྱེད། །ང་ལ་འཇིགས་མེད་ཆོས་ཀྱི་དབྱིངས་སུ་ཡལ། །ཞེས་སྨྲས་པ་previous hit དང་། བར་སྣང་ལས་སྒྲ་ཞིག་བྱུང་བ། བསིལ་བའི་ཚལ next hit་དུ་དཔའ་བོ་དམ་པ་བྱུང་།

(༡༡༦༩)།མི་བསྐྱོད་མི་བསྐྱོལ་བལ་གླང་ཤུགས་ཀྱིས་དྲངས། །དཔའ་བོ་ཁྱེད་ལ་ཕལ་པ་གང་གིས་ཀྱང་། །ཅུང་ཟད་ཙམ་ཡང་གནོད་པར་མི་ནུས་ཏེ། །དཔའ་བོ་ཁྱོད་ནི་དེ་བས་དཔའ་བ་འཇོམས། །ལུས་དེ་འདིར་གཞོག་སེམས་དེ་ལྡོག་པར་གྱིས། །ཟེར་བའི་ཚིག་དེ་ཐོས་པ་དང་། །རྒྱལ་བུས་ལན་དུ། ལུས་འདི་ནམ་མཁའི་གློག་ལྟར་རབ་ཏུ་འཁྱུག །གལ་ཏེ་བཟུང་བར་ནུས་ན་ཁྱོད་ཀྱིས་བཟུང་། །སེམས་ནི་ནམ་མཁའི་པདྨ་བཞིན་དུ་སྟོང་། ཁྱོད་ཀྱིས་འཛིན་པར་ནུས་ན་དཔའ་བོ་ཡིན། །ཨེ་མ་ཡ་མཚན་ལྟད་མོ་ཅི་ཡང་མཐོང་། །སྟོང་པས་སྟོང་པའི་སྒྲ་སྐད་སྒྲོག་པ་ཐོས། །ཡོད་པར་མ་མཐོང་དཔའ་བོར་ཁས་ལེན་བྱེད། །དེ་ཙམ་དཔའ་བོ་ཁྱོད་ཉིད་ཡིན་གྱུར་ན། །ང་ཙམ་ནམ་མཁའ་བརླག་པར་བྱས་ལ་ཐང་། །དད་པ་བརྟན་པ་དཀོན་མཆོག་དབུ་རྒྱན་ཅན། །དཀོན་མཆོག་

(༡༡༧༠)གསུམ་དང་ནམ་ཡང་མི་འབྲལ་བར། །བསིལ་བའི་previous hit ཚལདང next hit་སྲིན་ཡུལ་བོད་ཡུལ་དང་། །མི་དགེ་གདུག་པའི་གཡུལ་རྣམས་འདུལ་བྱེད་ན། །འཁུ་འཁྲིག་བྱུང་ན་དད་པ་བརྟན་མི་རིགས། །སྒྲ་ཅན་ཁྱོད་ནི་སེམས་ཅན་ཡིན་ནམ་མིན། །ཡིན་ན་བདག་གི་མ་ཡིན་གནོད་མི་འབྱུང་། །མིན་ན་གང་གི་གང་ལ་གནོད་པར་བྱེད། །གཉིས་ཀ་མེད་ན་སྒྲ་ཡང་འབྱུང་མི་རིགས། །ཞེས་སྨྲས་པ་དང་། སྤོབས་པ་ལན་མེད་དུ་གྱུར་ཏེ་འཇིགས་པའི་ལྟད་མོ་དུ་མ་མཐོང་སྟེ་སླར་ལོག་ནས་འོངས་པ་དང་། སྲིན་པོ་རྣམས་ན་རེ། རྫུ་འཕྲུལ་ཅན་ཞིག་གདའ་སྟེ་དེ་རིང་རང་སྡུག་ཡོང་མཆི་ཟེར་ཞིང་དཔྲལ་བ་ལ་ལག་པ་བཀབ་སྟེ་བལྟས་པས། རྒྱལ་བུ་བྱུང་བ་མཐོང་སྟེ། ཁོ་སླར་ལོག་ནས་བྱུང་མི་མ་ཡིན་པར་ཤེས་ཟེར་ནས་བསུ་བ་བྱས་ཏེ། རྒྱལ་བུ་དང་འཕྲད་པ་དང་། དེ་རིང་གནོད་པ་

(༡༡༧༡)མ་བྱུང་ངམ་ཞེས་དྲི་བ་བྱས་པས། རྒྱལ་བུས་ལན་དུ་ལྟད་མོ་ཤིན་ཏུ་ཆེའོ་ཞེས་སྨྲས་སོ། །དེར་སྲིན་པོའི་རྒྱལ་པོའི་ཕོ་བྲང་དུ་བཞུགས་ཏེ། ཐེམ་སྐས་སུམ་བརྒྱ་དྲུག་ཅུ་ཡོད་པའི་བརྒྱ་ཉི་ཤུ་ལ་འཛེགས་པ་དང་། ཀུ་ཤ་ན་འཁོར་དང་བཅས་པས་རོལ་མོ་སྣ་ཚོགས་པ་ཁྱེར་ཏེ་བསུ་བ་བྱེད་ཅིང་འདི་སྐད་ད། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཞེས་དེར། ཆོ་འཕྲུལ་སྣ་ཚོགས་བསྙེམས་པར་མ་གྱུར་ཏམ། ཡར་བྱོན་ཕོ་བྲང་ཆེན་པོའི་གནས་སུ་བྱོན། གཡོས་མངགས་སྦྱར་བའི་བཞེས་པ་གསོལ་བར་འཚལ། རྒྱལ་བུས་ལན་དུ། དེ་རིང་ཡ་མཚན་ལྟད་མོ་ཅི་ཡང་མཐོང་། །འགལ་བ་ཆེན་པོས་ཟབ་མོའི་ཆོས་རྣམས་བསྟན། །ཉམ་ཆག་མ་གྱུར་གནས་འདིར་བདེ་བར་སླེབས། །ལྷ་མོ་ཁོ་བོར་འཁྲོན་པར་མ་གྱུར་ཏམ། །ཞེས་

(༡༡༧༢)ཕོ་བྲང་གི་ནང་དུ་བྱོན་ཏེ། རིན་པོ་ཆེའི་ཁྲི་ལ་བཞུགས་པ་ལ། མེ་ཏོག་ཀུ་ཤ་ན་ཉིད་ཀྱི་ལག་བདར་ཏེ་གཞན་དག་རྗེས་སུ་འཇུག་ཅིང་གཡོས་མངགས་བྱས་པའི་ཟས་དག་རྒྱལ་བུ་ལ་དྲངས་ཤིང་། རྒྱལ་བུས་ཀྱང་བསམ་གཏན་གྱི་ཟས་དང་སྦས་ཞིང་གསོལ་ལོ། །ལྷ་མོ་རྣམས་ཀྱིས་ཀྱང་བཀྲ་ཤིས་པའི་གླུ་གར་ཕུན་སུམ་ཚོགས་པ་ཡང་བརྩེ་ཞིང་ཕུལ་ལོ། །དེའི་ནུབ་མོའི་ནམ་གྱི་གུང་ལ་སླེབས་པའི་དུས་སུ། ལྷ་མོ་མདང་གི་དེ་བཞིན་ཆས་ནས་བྱུང་སྟེ། མདང་གྱི་སྐད་ལྟར་འཚེར་ཞིང་རྒྱལ་བུ་བཞེངས་སུ་གསོལ་ཏེ། མཁར་གཅིག་གི་ནང་དུ་ཁྲིད་ནས། དོ་ནུབ་སྲིན་པོ་གཙོ་བོ་མགོ་བདུན་པ་ཡན་ཆད་ཚོགས་ནས་གྲོས་བྱེད་པ་འདི་དག་ལ་གསོན་ཅིག་ཟེར་ནས་ཉན་པས། མདང་གི་དེ་བཞིན་དུ་སྦྱར་ནས་ཟ་ཞིང་། སྲིན་པོ་མགོ་ཆེ་བ་

(༡༡༧༣)གཅིག་ན་རེ། མདང་གི་སྐད་གླེང་ཞིང་། ཁ་སང་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་བཏང་བ་ཡིན་ཏེ་དེའང་ལོག་ནས་བྱུང་། ད་ནང་པར་སྒོ་བརྒྱ་འབྱེད་དུ་འཇུག་དགོས་ཏེ། འོ་ན་གང་འཐད་གང་རིགས་ཟེར་ཏེ། གཞན་རྣམས་ན་རེ། སྔར་ཚེས་གྲངས་ལ་སོགས་པ་ཐམས་ཅད་ཁོའི་རྟེན་འབྲེལ་འགྲིག་པར་ཟད། ད་སྲིན་པོ་རེ་རེ་གཏམ་རེ་སྨྲས་ན། མདུན་མ་འཇིགས་རོག་ལས་མི་འོངས་བས། ནང་པར་ཁྱེད་ཟེར་བ་བཞིན་དུ་འཐད་དོ་ཞེས་ཐམས་ཅད་གྲོས་མཐུན་པར་ཐོས་ཏེ། རྒྱལ་བུས་སླར་ལོག་ནས་ཕོ་བྲང་དུ་འོངས་པ་དང་། མེ་ཏོག་ཀུ་ཤ་ནས། གཡོས་མངགས་ལེགས་པར་སྦྱར་ཏེ་སྒོ་དྲུག་གུ་ཉིང་མཛད་དེ། སྤྲུལ་པའི་ལྷ་ཕྲུག་བྱོན་ལགས་སམ། །དབང་པོ་བསྒྲིམས་ཏེ་གསན་ལགས་སམ། །ངེས་སམ་ནང་འབྱོན་ཞེས་པར་གསོལ། །བདེ་བར་རིན་ཆེན་སྟན་

(༡༡༧༤)མ་འདུག །རྒྱལ་བུས་ལན་དུ། སྔར་གྱི་ཚིག་རྣམས་གླེང་གྱུར་ཅིང་། །དུར་ཁྲོད་གནས་ནས་ལོག་མ་ལེགས། །ནང་པར་སྒོ་བརྒྱ་འབྱེད་དུ་བཅུག །ཐམས་ཅད་གྲོས་མཐུན་ཁོ་བོས་འོངས། །ཞེས་རིན་པོ་ཆེའི་སྟན་ལ་འདུག་པ་དང་། །ཀུ་ཤ་ནས་གཡོས་མངགས་ཕུན་སུམ་ཚོགས་པ་སྦྱར་ཏེ་དྲངས་ནས། ནང་པར་སྲིན་པོ་རྣམས་གང་ཟེར་བ་བཞིན་མཛོད་ཅིག །ལྡེ་མིག་བརྒྱ་ཐམ་པ་ཁྱེད་ལ་གཏད་དེ་འབྱེད་དུ་བཅུག་པ་ན། ཐམས་ཅད་ཕྱེ་ལ་ལྡེ་མིག་ནག་པོ་གསེར་གྱི་ཐིག་ལེ་ཅན་ཞིག་འོང་གིས་དེའི་སྒོ་མ་འབྱེད། གལ་ཏེ་འབྱེད་དགོས་བྱུང་ན། འདི་སྟོན་ལ་སྔར་གྱི་ཚིག་དེ་དག་སྨྲོས་ཤིག་ཟེར་ནས། གསེར་གྱི་སོར་བདུན་བསྐུར་ནས། ནང་པར་ཉི་མ་ཤར་གདང་ཁ་སང་གི་སར་ཕྱིན་པ་ན། སྲིན་པོ་དག་ན་རེ། སྒོ་བརྒྱད་ཕྱེ་ནས་མ་ཕྱིན་ན་སྲིན་ཡུལ་ལ་

(༡༡༧༥)མཐོང་བ་དང་འདྲ་བས་ལྡེ་མིག་འདི་དག་ཁྱེད་ལ་སྒོ་བརྒྱ་དག་ཕྱེ་ལ་ལྟས་མོ་ལྟོས་ཤིག་ཟེར་བ་བཞིན་དུ་ཕྱིན་སྟེ་རིམ་པ་བཞིན་དུ་བལྟས་པ་དང་། ལྕགས་རིའི་ནང་རྒྱ་ཆེས་པའི་སྟོབས་ཀྱིས། སྒོ་ལ་ལའི་ཐད་ན་དབྱར་ལ་སྒོ་ལ་ལའི་ཐད་ན་དགུན་ལ་སོགས་པ་དུས་སོ་སོ་བཞིན་འདུག་པ་ལ། སྲིན་མོ་བདག་ནི་གོས་མེད་པར་ནུ་མ་གཡོན་པ་ཕྲག་པ་གཡོན་པར་བཀལ། གཡས་པ་གཡོན་པ་ལ་བཀལ། ཡ་སོའི་མཆེ་བས་བྲང་ཁ་ནོན་པ། མ་སོའི་མཆེ་བས་དཔྲལ་བ་ན་ཡར་ལྷག་གེ་བ། སྲིན་སྤྲུག་དག་ཀྱང་དེའི་ཆ་དང་མཐུན་པ་དུ་མ་གདའ་བ་ལ། རྒྱལ་བུ་མཐོང་བས་ཐམས་ཅད་རྐན་སྒྲ་ཏོག །ཤ་ཞིམ་པོ་འོང་ཟེར་གནོད་པ་བྱེད་མ་ནུས། དེ་ནས་ལྡེ་མིག་གཅིག་པོ་དེ་ལ་ཐུགས་

(༡༡༧༦)ནས། མ་ཕྱེ་བས། སྲིན་པོ་བདག་འདི་ཡང་ཕྱེ་འཚལ་ཟེར་ཏེ་ཕྱེ་ནས་ནང་དུ་ཕྱིན་པ་དང་། མི་ཁྲག་གི་མཚོ་བསྐྱིལ། པགས་པའི་གདུགས་ཕུབ། མགོ་དང་ཤའི་རྩིག་པ་བྱས་ཏེ། མི་མང་པོ་ལ་ལ་ནི་འཕུར་བཞི་ལ་བརྒྱངས། ལ་ལ་ནི་བསད་ཟིན་ཙམ། ལ་ལ་ནི་མ་ཟིན་ཙམ། ཁྲག་རྩ་རྣམས་ནས་ཁྲག་འབབ་ཅིང་འདུག་པ་མཐོང་། ཁྲག་མཚོ་དེའི་གསེབ་ནས་ཟངས་ཀྱི་ཁྱི་མོ་དམར་མོ་ཞིག་ཐོན་བྱུང་སྟེ། རྒྱལ་བུ་ལ་ཟ་བར་ཙམ་པ་དང་། སོར་གདུབ་བསྟན་ཏེ། སྔར་གྱི་ཚིགས་བརྗོད་པས་སྐྱེངས་ཏེ། ཁྲག་གི་གསེབ་དུ་བྱིང་ནས་སོང་ངོ་། །རྒྱལ་བུ་སླར་ལོག་སྟེ་ཕྱིན་པ་ན། སྲིན་པོ་བདག་ན་རེ། དེ་རིང་བར་གཅོད་མ་མཆིས་སམ། རྒྱལ་བུས་ལན་དུ། དེ་རིང་ལྟད་མོ་ཆེན་པོ་མཐོང་བ་ལས། གནོད་

(༡༡༧༧)པ་འོང་མ་མྱོང་ཞེས་སྨྲས་པ་དང་། སྲིན་པོ་ཐམས་ཅད་ཡིད་ཆད་དོ། །རྒྱལ་བུས་ཐེམ་སྐས་བརྒྱ་སུམ་ཅུའི་སྟེང་དུ་སླེབས་པ་དང་། བུ་མོ་དག་གིས་གོང་བཞིན་བསུས་ཏེ། འདི་སྐད་དུ། སྒོ་བརྒྱ་ཤིན་ཏུ་འཇིགས་པ་དེར། །གནོད་པ་མ་བྱུང་འདིར་ལྷགས་སམ། །ཕོ་བྲང་ནང་དུ་གཤེགས་པར་ཞུ། །གཡོས་མངགས་སྦྱར་བ་གསོལ་བར་འཚལ། །རྒྱལ་བུས་ལན་དུ། ཉམ་ཐག་སྙིང་རྗེ་ལྟད་མོར་ཆ། །གནས་འདིར་བདེ་བར་སླེབ་པར་གྱུར། །དེ་རིང་ཕོ་བྲང་ནང་དུ་གཤེགས། །དེ་ནས་བྷཾ་ག་ལ་རུ་འགྲོ། །ཞེས་ཕོ་བྲང་གི་ནག་དུ་བོན་ནས། རིན་པོ་ཆེའི་ཁྲི་ལ་བཞུགས་པ་དང་། སྔར་བཞིན་དུ་མཆོད་པ་ལ་སོགས་པ་བྱས་ཏེ་ཐོ་རང་གི་ཆ་ལ་བབས་པ་དང་། ལྷ་མོ་གོང་བཞིན་དུ་ཆས་ནས་བྱུང་སྟེ། རྒྱལ་བུ་སླངས་ནས་སྲིན་པོ་མགོ་བཅུ་པ་

(༡༡༧༨)ཡན་ཆད་ཚོགས་ནས་གྲོས་བྱེད་པ་ལ་སྔར་བཞིན་གསོན་ཅིག་ཅེས་བསྒོས་ནས་ཉན་པ་དང་། སྲིན་པོ་ཅིག་གིས་སྔར་གྱི་བྱུང་ཚུལ་རྣམས་གླེངས་ནས། ད་ཅི་བྱས་ཀྱང་མི་ཕན་པར་མི་ཁོས་མེ་ཏོག་ཀུ་ཤ་ན་དེ་ཕྲེད་འགྲོ་བ་ཞིག་འོང་བས། དེ་ཙ་ན་ཐམས་ཅད་ཀྱིས་དཔའ་གདེངས་བསྐྱེད་དེ་བརྡེག་པ་ལས་མ་ཤེས། སྟོབས་ཆེ་བ་དག་གིས་རི་ཆུང་ཕལ་ཆེ་བའང་སང་དུ་ལོང་ལ་རྒྱབ་བོ། །ལུང་ཆུང་ཐམས་ཅད་སྒང་དུ་མཐོང་། དེ་ལ་ཐམས་ཅད་ཐག་ཆོད་ཟེར་ཏེ་གྲོས་ཆོད་པར་ཤེས་པ་དང་། རྒྱལ་བུས་ཕོ་བྲང་གི་ནང་དུ་འོངས་པ་ན། ལྷ་མོས་སྔར་བཞིན་དུ་མཛད་དོ། །ཞུས་ལན་ཀྱང་མདང་གི་བཞིན་བྱས་ནས་རིན་པོ་ཆེའི་ཁྲི་ལ་བཞུགས་ཏེ་བསྙེན་བཀུར་བདག་ཀྱང་བཞེད་ནས་ནང་པར་བྷཾ་ག་ལར་གཤེགས་པར་གསོལ་བ་བཏབ་པ་དང་། ལྷ་མོས་ཞལ་

(༡༡༧༩""གྱིས་བཞེས་ཏེ་བསླབ་བྱ་མཛད་པ། ནང་པར་ལངྐ་མགྲིན་བཅུའི་དྲུང་། །དེར་སོང་རང་རེ་འགྲོ་བར་ཞུས། །རྫོང་བ་ཅི་དགོས་ཟེར་འོང་གིས། །མི་དགོས་ནོར་བདག་གིས་གཉེར་གྱིས། །བདེ་བར་བུ་མོ་བཏང་དུ་གསོལ། །ངེས་པར་ནོར་ཀྱང་སྟེར་ཟེར་ན། །འོ་ན་རིན་ཆེན་བུམ་པ་འདོད། །དེ་བྱིན་ཁྱེར་ལ་བསྡོངས་ཏེ་འགྲོ། །ཞེས་སྨྲས་ཏེ། ནང་པར་ཉི་མ་ཤར་བའི་དུས་སུ། ལྷ་མོའི་འཁོར་གཙོ་མོ་བདུན་དང་ལྷན་ཅིག་ཏུ་ཡབ་རྒྱལ་པོའི་དྲུང་དུ་བཏང་ངོ་། །དེར་ལྷ་མོ་བདུན་པོས་མགྲིན་གཅིག་ཏུ། བྷཾ་ག་ལ་ཡི་ཆོས་རྒྱལ་འདི། །རྒྱལ་པོ་ཁྱོད་ཀྱི་སྲས་མོ་དེ། །ཤར་ཕྱོགས་བྷཾ་ག་ལ་ཞེས་དེར། །འགྲོ་བའི་དོན་དུ་འཁྲིད་ཟེར་ན། །དེ་ལ་བསྐུར་མ་གང་བྱེད་པ། །བསླབ་བྱར་བཅས་ཏེ་དུས་ལ་བབས། །ཞེས་རྒྱལ་པོ་

(༡༡༨༠)ལ་གསོལ་བ་དང་། རྒྱལ་པོས་རྒྱལ་བུ་ལ་སྨྲས་པ། །མི་དབང་སྲས་ཀྱི་མཐུ་བོ་ཁྱོད། །ཀུ་ཤ་ན་དེ་ཁྲིད་བྱེད་དམ། ཁྱེད་ལ་ཅི་དགོས་རྫོང་པ་སྟེར། །གང་དགོས་ང་ལ་གསོང་པོར་སྨྲོས། །རྒྱལ་བུས་སྨྲས་པ། བུ་མོ་འདོད་ཀྱི་ནོར་མི་གཉེར། །ཐག་རིང་ལམ་དུ་སྡུག་པར་བྱེད། །སྡུག་བསྔལ་སྐྱེད་བྱེད་ནོར་རྫས་ཡིན། །དེ་བས་བུ་མོ་དགའ་བར་བྱིན། །རྒྱལ་པོས་སྨྲས་པ། བདག་གི་བུ་མོ་རྫོང་མེད་པར། ཁྱེད་ལ་བྱིན་ན་གཞན་དག་གིས། །ཅི་སྟེ་དགའ་བ་སྟེར་བར་བྱེད། །དེ་ནས་གང་འདོད་སྦྱིན་པར་བྱ། །རྒྱལ་བུས་སྨྲས་པ། ཅི་སྟེ་ང་དང་བུ་མོ་ལ། །བརྩེ་བར་བྱེད་ན་ཀ་ལོ་ཁའི། །རིན་ཆེན་བུམ་པ་སྦྱིན་པར་མཛོད། །དེས་ན་ངེད་ལ་བཟང་པོར་མཛད། །རྒྱལ་པོས་སྨྲས་པ། ལངྐའི་གྲོང་ཁྱེར་འདིར་གནས་པའི། །སྲིན་པོའི་ཚོགས་ཀྱི་བདེ་

(༡༡༨༡)སྐྱིད་དག །བུམ་པ་འདི་ཡིས་སྟེར་བྱེད་ནའང་། ནོར་གཞན་མི་འདོད་འདི་ཁྱེར་མཛོད། །ཅེས་གསོལ་བ་བཏབ་པ་ན། དགོས་འདོད་འབྱུང་བའི་རིན་པོ་ཆེའི་བུམ་པ་བྱིན་པ་དང་། རྒྱལ་བུ་སླར་ལོག་སྟེ། ལྷ་མོ་ལ་གཟིགས་པར་ཕུལ་བ་དང་། ལྷ་མོ་ན་རེ། མི་ཁྱོད་ཀྱིས་རྙེད་པ་དང་བཀུར་སྟི་སྤང་བར་བྱས་ཏེ། ཁེ་གྲག་མི་བྱེད་པར་དཀོན་མཆོག་གསུམ་ལ་བློ་གར་གཏད་པས་འདོད་པའི་དོན་ཐམས་ཅད་གྲུབ། བར་གཅོད་གང་གིས་ཀྱང་མི་ཚུགས་པར། ཁྱེད་ཀྱི་ཡུལ་དེར་འགྲོ་བ་ལ་རིན་པོ་ཆེའི་བུམ་པ་ལོན་པ་ནི། རྙེད་པའི་མཆོག་ལེགས་པར་རྙེད་དོ། །ད་ནི་ནང་པར་བྷཾ་ག་ལའི་གནས་སུ་འགྲོ་བར་བྱེད་པ་ལ། སྲིན་པོ་གདུག་པ་ཅན་དག་ཞེས་སྡང་ལངས་ཏེ། རི་དང་བྲག་འཕངས་ཏེ་རྡག་པར་བྱེད་པ་ན། བདག་གི་ལག་པ་གཡོན་པའི་སོར་མོ་

(༡༡༨༢)གསུམ་དཀོན་མཆོག་གསུམ་གྱི་ཕྱག་རྒྱ་བཅས་ཏེ། ལཾ་གང་ན་ཡོད་དྲིའོ། ཁྱོད་ཀྱི་ཕྱག་གཡས་དཀོན་མཆོག་གསུམ་གྱིས་ཕྱག་རྒྱ་བཅས་ཏེ་ལམ་ན་ཕར་ལ་ཡོད་ཅེས་བསྟན་པར་བྱའོ། །བདག་ནི་ཤེས་རབ་ཡིན་པས། སྐྱེ་བ་མེད་པའི་ལམ་འགྲོ་བར་བྱའོ། ཁྱེད་ནི་ཐབས་དམ་པ་ཡིན་པས་ཚད་མེད་པ་བཞིའི་ལམ་འགྲོ་བར་བྱའོ། །གཉིས་ཀའི་ངོ་བོ་ལ་དབྱེ་བ་མེད་པས་ཐ་མི་དད་པར་འགྲོ་བར་བྱའོ། །ཚད་མེད་པ་བཞི་ནི། ལམ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བས་ཁྱེད་ཀྱི་སྣ་དྲངས་སྟེ་འགྲོ་བར་བྱའོ། །འཇུག་མི་དམིགས་པའི་རྒྱལ་འདེབས་པས་ཁོ་མོ་ཤེས་རབ་ཀྱི་མཇུག་རྡུལ་ཏེ་འགྲོ་བར་བྱའོ་ཞེས། དེ་ལྟར་རྒྱལ་པོ་ལ་བསླབ་བྱ་གནང་། ལྷ་མོ་དག་ལ་བསླབ་བྱ་འདི་ལྟར་གནང་ངོ་། །དྲུག་ཅུ་རྩ་གསུམ་ལྷ་མོ་དག །མ་རུང་གདུག་པ་འདུལ་

(༡༡༨༣)བ་ལ། བྱས་པ་སྙིང་རྗེས་གཞི་བཟུང་སྟེ། གནས་ལུགས་ངང་ལས་མ་གཡོས་པར། རྫུ་འཕྲུལ་དུ་མ་བསྟན་འཚལ་ལོ། །རང་གི་བཙན་ས་ཟིན་གྱུར་ནས། གཞན་གྱི་མགོན་དང་སྐྱབས་གྱུར་པ། སྨོན་ལམ་འབྲས་བུ་དེ་བཟང་ངོ་། །ང་ནི་བྷཾ་ག་ལ་ཏུ་འགྲོ། སུམ་བརྒྱ་དྲུག་ཅུའི་ཡང་སྟེང་ན། །མཁར་དགུའི་དབུས་ཕྱོགས་ཕོ་བྲང་འདིར། །སྔར་བཞིན་འགྲོ་བའི་དོན་ལ་བརྩོན། །ང་ལ་རྫུ་འཕྲུལ་ཐོགས་པ་མེད། །བསམ་པ་ཉིད་ན་སླེབ་པར་མཆི། །ཆོས་ཀྱི་མཐར་ཐུག་གཞན་དོན་ཡིན། །དེ་ལས་ཉམས་ན་ལོག་པ་ཉིད། །ནོར་ཡོད་གང་དེ་ལོངས་སྤྱོད་བཞིན། །ཡོད་བཞིན་སེར་སྣས་བསྡམས་པ་ནི། །ལོངས་སྤྱོད་མེད་པ་ཉིད་ལས་དམན། །རང་གི་བཙན་ས་ཟིན་པའི་ཚེ། །ཕ་མ་འདྲེན་དང་མི་འདྲེན་པ། །དེ་དང་དེ་བཞིན་མཚུངས་པར་སྤྱོད། །ཅེས་བསླབ་བྱ་བྱས་

(༡༡༨༤)ནས། ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དུ་འོད་ཟེར་ཁ་དོག་དུ་མ་དག་རབ་ཏུ་སྤྲོས་ཏེ་ནང་པར་ས་ལ་འོད་བབས་པའི་དུས་སུ། ཡབ་མགྲིན་པ་བཅུ་གཅིག་པའི་དྲུང་དུ་ཕྱིན་ཏེ། འདི་ནས་བྱང་ཤར་མཚམས་ན། བྷཾ་ག་ལ་ཞེས་བྱ་བ་ཡིས། །མི་དབང་གྲོང་ཁྱེར་དམ་པ་ཡོད། །ཞིང་དེར་གཞན་གྱི་དོན་ལ་འགྲོ། །ཡབ་ཆེན་བདག་ལ་མ་འཁྲེན་པར། །གཏན་གྱི་བཙན་ས་མཆོག་ཏུ་སྒྲུབས། །ང་ལ་རྫུ་འཕྲུལ་ཐོགས་པ་མེད། །གནས་འདིར་བསམ་པ་ཙམ་གྱིས་འོངས། །ཡབ་ཀྱིས་སྨྲས་པ། གང་གི་སྒྲོན་མ་ལྷ་མོ་མཆོག །བྱང་ཤར་བྷཾ་ག་ལ་ཡི་ཡུལ། །ཆོས་རྒྱལ་དམ་པའི་ཞིང་ཁམས་དེར། །སྲས་ཀྱི་ཐུ་བོ་འདི་ཉིད་དང་། །གཞན་དོན་སྐྱོང་དུ་འགྲོ་བྱེད་ན། ཁོ་བོ་ཁྱེད་ལ་ཕྲན་གྱུར་ཀྱང་། །དཀོན་མཆོག་གསུམ་གྱི་བཀའ་མི་བཟློག །ལྷ་མོ་འཇིག་རྟེན་མཐུན་སྤྱོད་ན། །དེ་ལས་དྲིན་ཅན་ཉིད་དུ་

(༡༡༨༥)བཤད། །སླར་ཡང་བདག་ལ་བརྩེར་དགོངས་ཏེ། །ཡང་ཡང་གནས་འདིར་བྱོན་པར་འཚལ། །དེ་ནི་བསླབ་བྱ་དང་པོའོ། །ཞེས་བསླབ་བྱ་གནང་བ་དང་། རྒྱལ་བུ་དད་པ་བརྟན་པས་སྣ་དྲངས་ཏེ། ལངྐའི་བྲག་རིའི་རྐེད་ན་ཕར་ཕྱིན་པ་དང་། སྲིན་པོ་གདུག་པ་ཅན་དག་གིས། བྲག་རི་ཆུང་ཆུང་རྡེའུ་དག་ཏུ་འཕང་ཞིང་སྒང་དག་གཤོངས་སུ་བཏང་། གཤོངས་དག་སྒང་དུ་བཏང་། དེར་མདངས་ཟེར་བ་བཞིན་དུ། ལྷ་མོས་ཕྱག་གཡོན་གདེངས་པ་དང་། བྲག་རི་གཡོན་ལ་འཕར་ཞིང་སོང་ངོ་། །རྒྱལ་བུ་གཡས་གདེངས་པ་དང་གཡས་ལ་འཕར་ཞིང་སོང་སྟེ། ལྷ་མོ་དང་བཅས་པ་ལ་ནི་གནོད་པ་མ་བྱུང་ངོ་། །དེར་ཁོང་གཉིས་ཀར་བྱོན་པའི་སར་ས་མེར་མེར་བྱེད་པ་དང་འོད་ཕུན་སུམ་ཚོགས་པ་བྱུང་བ་ལ་བརྟེན་ནས། ཀླུ་གདོལ་པའི་རིགས་འཛིན་པ་ལག་མང་གི་རྟོག་པ་

(༡༡༨༦)ལ་ལྷོ་ནུབ་མཚམས་པ་འདི་ནས་འོད་གློག་ལྟར་ཁྱུག་ཁྱུག་བྱེད་ཅིང་། ས་འདི་ལྟར་མེར་མེར་བྱེད་པ་འདིའི་ལུགས་ཀྱིས། རྒྱལ་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་སྤྲུལ་པའི་ལྷ་མོ་ཀུ་ཤ་ན་དེ་ཁྲིད་ནས་ཕྱོགས་འདིར་འབྱོན་གྱིན་ཡོད་པར་ཤེས། ང་ལ་ཁོང་གི་དྲིན་གཅིག་ཡོད་པས་འདི་བཞིན་དུ་བསྡད་ན་མི་རུང་བས་བསུ་བ་བྱ་དགོས་སྙམ་ནས་རྟ་ནག་པོ་ཆེན་པོ་ཞིག་ལ་ཞོན། གོས་དང་ཕོད་དང་དར་མདུང་དང་། ཁྱི་དང་འཁོར་དག་ཀྱང་ནག་པོ་བྱས་ཏེ། རྒྱང་གྲགས་གཉིས་ཙམ་འདས་པ་ན་རྒྱལ་བུ་བྱོན་པ་དང་མཇལ་ཏེ། སྤྲུལ་པའི་རྒྱལ་བུ་མ་ཉམས་པར། །སྤྲུལ་པར་བཅས་ཏེ་འདིར་ལྷགས་སམ། །བུ་མཐོང་ལྟར་དགའ་བདག་གི་གནས། །ཕུན་སུམ་ཚོགས་དེར་གཤེགས་སུ་གསོལ། །རྒྱལ་བུས་ལན་དུ། དཀོན་མཆོག་མཐུ་དཔལ་རྨད་མངའ་བས། །བདག་གི་དོན་བསྒྲུབས་འདིར་ལྷགས་ན། །ལག་མང་བདག་ལ་མ་

(༡༡༨༧)འཁྲེན་དམ། །ཇི་སྐད་ཟེར་ཞིང་འགྲོ་བར་བགྱི། །ཞེས་འཛིན་པ་ལག་མང་གི་སར་བྱོན། དེར་ཀླུའི་རིགས་ཐམས་ཅད་ཀྱིས་མཆོད་པ་དཔག་ཏུ་མེད་པ་བྱས། དགུང་ཞག་ཀྱང་བདུན་ཙམ་བཞུགས་ཏེ། ཀླུ་རང་རང་དང་མཐུན་པའི་ཆོས་ཀྱང་བསྟན་པ་ལ། ཀླུའི་རྒྱལ་པོ་དེ་ལ་བུ་མོ་ཤེལ་སྔོན་པོའི་མདོག་ལྟ་བུ་འོད་དཔག་ཏུ་མེད་པ་འཕྲོ་བ་ཞིག་གདའ་བ་དེ་རྒྱལ་བུ་ལ་ཤིན་ཏུ་ཆགས་ནས་ཞུས་པ། ལྷ་ཁྱོད་དང་ལྷན་ཅིག་ཏུ་ང་ཡང་འགྲོ་བར་ཞུ་བྱས་པ་དང་། རྒྱལ་བུ་ན་རེ། ཕ་མས་མ་བྱིན་པའི་བུ་མོ་བདག་ཏུ་བཟུང་དུ་མི་བཏུབ་པས་ཕ་མ་ལ་དྲིས། ང་ལ་དྲིས་ཡོངས་བས་དྲིས་ན་ལན་བྱའོ། །དེར་བུ་མོས་ཕ་མ་གཉིས་ལ་དྲིས་ཏེ། རྒྱལ་བུ་འདི་དང་ལྷན་གཅིག་ཏུ་འགྲོ་བ་འདོད་དོ། ཁྱེད་གཉིས་ཀྱིས་གནང་བར་ཞུ་བྱས་པས། ཕ་མ་གཉིས་ན་རེ། བུ་མོ་ཁྱོད་སྙིང་དང་འདྲ་བར་

(༡༡༨༨)བསྐྱངས་ནས་ད་ཁྱེད་གཞན་དུ་འགྲོ་བ་མི་རིགས་པའི་གཏམ་ཐོས་ཟེར་བས། བུ་མོ་ན་རེ། འོ་ན་ང་ལ་ཐི་གུ་མཐོ་གང་ངམ། གྲི་གུ་སོར་བཞི་ལས་གནམ་མེད་དོ། །ཞེས་སྨྲས་པ་དང་། ཕ་མ་ན་རེ། ཁྱེད་དེ་ཙམ་དུ་ལྕེབ་ས་ལ་ཐུག་ན། རྒྱལ་བུ་འདི་ཡང་དྲིན་ཆེ་བ་དང་། བུ་མོས་ཀྱང་ཕ་གཞིས་བཟུང་བ་མེད་པས་བཏང་དགོས་ཟེར་ནས་ཁས་བླངས་སོ། །རྒྱལ་བུས་ཀྱང་ཀུ་ཤ་ན་ལ་ཞུས་ཏེ། བུ་མོ་འདི་ཡང་འགྲོ་བར་འདོད་གདའ་སྟེ་གང་འཐད་ཞུས་པས། ཀུ་ཤ་ནའི་ཞལ་ནས། རིགས་བཟང་གི་བུ་མོ་བརྒྱ་རྩ་བརྒྱད་བྱུང་ཡང་། བྱང་ཆུབ་སེམས་དཔའ་གཞན་དོན་བྱེད་པ་ལ་མང་བའི་སྐྱོན་མེད་པ་ཡིན་པས་ཁྲིད་ཅེས་གནང་ངོ་། །དེར་ཀླུའི་བུ་མོས་ཀྱང་། རྒྱལ་བུའི་དྲུང་དུ་འོངས་ཏེ། ཕ་མས་བུ་མོ་གནང་བར་གདའ་ཡིས། བདག་གི་རྗེས་སུ་ནོར་གང་སྟེར་ཀྱང་མ་བཞེས་ཤིག །ནན་གྱིས་སྟེར་བའི་

(༡༡༨༩)ཚེ། གསེར་གྱི་གདང་བུ་ལ་རྭ་ལྤགས་ནག་པོ་བཀབ་ནས་ཡོད་ཀྱིས། ཁྱེད་དེ་ཙམ་དུ་ནན་ཆེ་ན་འདི་བྱིན་ཞིག་བགྱིས་ལ་ལོང་ཞིག་ཅེས་བསྒོས་ནས་བུ་མོ་སོང་བའི་རྗེས་སུ་ཕ་མ་བྱུང་སྟེ། བྱང་ཆུབ་སེམས་དཔའ་ཁྱེད་ལ་ངེད་ཀྱི་བུ་མོ་འདི་སྦྱིན་འཚལ་ཏེ། ཁྱོད་ནོར་གང་ལ་མཉེས་སམ། གང་དགོས་པ་འབུལ་འཚལ་ཞེས་ཞུས་པས། རྒྱལ་བུས་སྨྲས། མི་འདོད་ཡུལ་དུ་བདེ་བར་འགྲོ། །བུ་མོས་ཕོངས་པ་མེད་ན་ཡང་། །ཕ་མའི་དོན་གྱིས་བླངས་པར་བྱ། །ཕ་མ་གཉིས་ཀྱིས་སླར་ཞུས་པ། །བདག་ཅག་གི་བུ་མོ་གཅིག་པུར་ནོར་མེད་དུ་བཏང་ན། གཞན་སུས་ནོར་ལྡན་དུ་གཏོང་། ཅིས་ཀྱང་བཞེས་པར་ཞུ་ཞུས་པས། རྒྱལ་བུ་ན་རེ། ཁྱེད་དེ་ཙམ་དུ་ནན་ཆེ་ན། གསེར་གདང་གི་ར་ལྤགས་འདི་ཡང་ཞིང་དོན་ཆེ་བས་ནོར་དུ་སྦྱིན། གང་ལའང་ཆགས་ན་འཆིང་བ་ཡིན།

(༡༡༩༠)ཆགས་པར་མེད་པར་བཏང་ན་འདོད། །ཅེས་སྨྲས་པས། ཕ་མ་གཉིས་ན་རེ། ངེད་འབྱུང་བ་ཆུའི་བདག་པོར་འདིས་བྱས། བུ་མོས་བསྟན་ནམ། ཁྱེད་ཀྱི་མངོན་པར་ཤེས་པས་མཁྱེན་ཏེ། གང་ལྟར་ནའང་ཁྱེད་དྲིན་ཆེ་བའི་སྟོབས་ཀྱིས་འབུལ་འཚལ་ཞེས་བྱ་མོ་དང་རྭ་ལྤགས་གཉིས་རྩར་ཕུལ་བ་དང་། རྒྱལ་བུས་སྨོན་ལམ་བཏབ་པ། ལག་མང་ར་སྒྲེང་གནས་ཆེན་དུ། །གསེར་མའི་རྩ་བར་ཆུ་བདག་སྟེ། །ད་ནི་དགེ་བསྙེན་བྱང་ཆུབ་སེམས། །དཀོན་མཆོག་སྦྱིན་བདག་ཉིད་དུ་ཤོག །ཀུ་ཤ་ནས་ཀྱང་བཏབ་པ། ཆུ་མིག་རིང་པོ་མ་སྙམ་པར། །རྒྱལ་བའི་འབྱུང་གནས་སྲས་བཅས་རྣམས། །རབ་ཏུ་མཆོད་ཅིང་དད་གྱུར་ཏེ། །འབྱུང་གནས་དེ་ལ་སྤྱོད་པར་ཤོག །ཀླུ་ཉིད་ཀྱིས་ཀྱང་བཏབ་པ། །བྱོལ་སོང་ཀླུ་ཡིས་སེམས་སྤངས་ཏེ། །མངོན་ཤེས་རིག་པ་ཐོགས་མེད་ཅིང་། །གསེར་ལྡན་ཞེས་བྱའི་ཀླུ་དབང་

(༡༡༩༡)སྟེ། །རྟག་ཏུ་དཀོན་མཆོག་མཆོད་པར་ཤོག །ཅེས་སྨོན་ལམ་བཏབ་ནས། ཀླུའི་བུ་མོས་བུམ་པ་དང་། ར་ལྤགས་ཁུར་ཏེ་བལ་གྱི་གླང་པོ་ཆེས་དྲངས་ཏེ་ཕྱིན་པ་དང་། འོད་ཟེར་སྣ་ཚོགས་པ་འཕྲོ་ཞིང་ས་མེར་མེར་བྱེད་པ་ལ་བརྟེན་ནས། ཀླུ་དཀར་པོ་དུང་སྐྱོང་གི་རྟོག་པ་ལ་ལྷོ་ནུབ་ཀྱི་མཚམས་ནས་འོད་གློག་ལྟར་འཁྱུག་པ་འདི་དང་། ས་མེར་མེར་བྱེད་ལུགས་འདིས། རྒྱལ་བུ་བྱང་ཆུབ་སེམས་དཔའ་དེས། སྤྲུལ་པའི་བུ་མོ་ཀུ་ཤ་ན་གནས་འདིར་ཁྲིད་ནས་འོང་བར་ཤེས། ང་ལ་ཁོང་གི་དྲིན་ཞིག་ཡོད་པས་བསུ་བ་མ་བྱས་ན་མི་རིགས་སྙམ་དུ་རྟ་དཀར་པོ་ལ་ཞོན། གོས་དང་ཕོད་དང་ཁྱི་དང་དར་མདུང་དང་འཁོར་ལ་སོགས་པ་ཐམས་ཅད་དཀར་པོར་བྱས་ནས་རྒྱང་གྲགས་གཉིས་ཙམ་འདས་པར་ཕྱིན་པ་ན། རྒྱལ་བུ་དང་མཇལ་ཏེ། འདི་སྐད་དུ། གང་གིས་བར་གཅོད་མ་མཆིས་པར། །དོན་གྲུབ་རྒྱལ་པོ་འདིར་ལྷགས་སམ། །ད་ནི་

(༡༡༩༢)ང་ཡི་ཕོ་བྲང་དེར། །རབ་ཏུ་མཆོད་ཕྱིར་གཤེགས་སུ་གསོལ། །རྒྱལ་བུས་ལན་དུ། དཀོན་མཆོག་མཐུ་དཔལ་རྨད་མངའ་བས། །བདག་གི་དོན་སྒྲུབ་གནས་འདིར་ལྷགས། །དུང་སྐྱོང་བདག་ལ་མ་མཁྲེན་དམ། །ཚོགས་གཉིས་རྫོགས་ཕྱིར་འགྲོ་བར་བྱ། །ཞེས་དུང་སྐྱོང་གི་ཕོ་བྲང་དུ་བྱོན་ནོ། །དེར་ཀླུ་རྣམས་ཀྱིས་མཆོད་པ་རྣམས་སྣ་ཚོགས་པ་བྱས་ཏེ། དེར་ཡང་ཞག་བདུན་བཞུགས་ནས། ཀླུ་རང་རང་དང་མཐུན་པའི་ཆོས་བསྟན་པ་ན། དུང་སྐྱོང་ལ་བུ་མོ་ཤེལ་དཀར་ཕྱིས་པ་འདྲ་བ་གཅིག་འདུག་པ་དེ་ཡང་རྒྱལ་བུ་ལ་ཤིན་ཏུ་ཆགས་ཏེ་འགྲོ་བར་ཞུས་པ་དང་། ཞུས་ལན་སྔར་བཞིན་དུ་བྱས་ཏེ། རྒྱལ་བུས་མེ་ཏོག་ཀུ་ན་ལ་ཞུས་པ་དང་། ཀུ་ཤ་ནའི་ཞལ་ནས། རྒྱལ་བུ་གཏམ་ཕྱི་མ་ལ་སྔ་མས་མི་གནོད་པ་གཅིག་དགོས་པ་ཡིན་མོད། བརྒྱ་རྩ་བརྒྱད་བྱུང་ཡང་མང་བ་མེད་ཅེས་ཞུས་པ་དེ་བསྙེལ་ལམ་གསུང་། དུང་སྐྱོང་གི་བུ་མོས་

(༡༡༩༣)ཀྱང་། རྒྱལ་བུ་ལ་ཞུས་པ། ཕ་མས་བདག་གནང་བར་གདའ་བ་དང་། ནོར་རྫས་གཞན་མ་བཞེས་པར་ཤིང་གི་ཐུམ་བུ་འདི་འདོད་གྱིས་ཤིག་ཅེས་བསྒོས་ནས། བུ་མོ་སོང་བའི་ཤུལ་དུ་ཕ་མ་གཉིས་བྱུང་སྟེ། བྱང་ཆུབ་སེམས་དཔའ་ཁྱེད་ལ་བདག་ཅག་གི་བུ་མོ་འདི་དབུལ་འཚལ་ན་ནོར་ཡང་དབུལ་བས་གང་འདོད་བཞེས་ཤིག །རྒྱལ་བུས་ལན་དུ། ནོར་ནི་ཉོན་མོང་ལྕགས་ཐག་སྟེ། །ཐར་པའི་གནས་སུ་ཕྱིན་མི་ནུས། །བདག་ནི་བུ་མོས་མ་ཕོངས་ཀྱང་། །ཕ་མའི་དོན་དུ་བླང་བར་བྱ། །ཡང་དུང་སྐྱོང་གིས་ཞུས་པ། བདག་གི་བུ་མོ་ནོར་མེད་པར། ཁྱོད་ལ་བྱིན་ན་གཞན་གྱིས་ཅི། །ཚོགས་གཉིས་རྫོགས་ཕྱིར་ནོར་ཀྱང་བཞེས། །གང་བཞེས་བདག་གིས་བསྒྲུབ་པར་བྱ། །རྒྱལ་བུས་ལན་དུ། ཇི་ལྟར་ནན་ཆེ་ཤིང་ཐུམ་འདོད། །མ་ཆགས་འདི་བྱིན་ཁོ་བོས་ཁྱེར། །

(༡༡༩༤)དུང་སྐྱོང་གིས་ཞུས་པ། ཁོ་བོ་ཤོང་གི་བདག་པོར་གྲགས། །དེ་ཡི་འབྲས་བུ་འདི་ཡིས་བྱས། །ནོར་མ་འདོད་ན་འདི་ཉིད་བསྐུར། །གཞན་དུ་ནོར་ཉིད་བཞེས་པར་ཞུ། །དེར་རྒྱལ་བུས་ཤིང་ཐུམ་དང་བུ་མོ་བཞེས་ཏེ། སྨོན་ལམ་བཏབ་པས། དུང་སྐྱོང་ར་སྒྲེང་གཙུག་ལག་ཏུ། །གཡུ་མའི་རྩ་བ་དེར་གནས་ནས། །ང་ཡི་དགེ་བསྙེན་ཉིད་མཛད་དེ། །བསམ་བཟང་དཀོན་མཆོག་མཆོད་པར་ཤོག །ཀུ་ཤ་ནས་ཀྱང་བཏབ་པ། ཆུ་མིག་རིང་མོ་གནས་ཀྱི་བར། །རྒྱལ་བའི་འབྱུང་གནས་སྲས་བཅས་རྣམས། །དུང་སྐྱོང་ཁྱོད་ཀྱིས་མཆོད་བྱེད་ཅིང་། །རྒྱལ་བའི་འབྱུང་གནས་འཛིན་པར་ཤོག །ཀླུ་ཉིད་ཀྱིས་ཀྱང་བཏབ་པ། རྒྱལ་བ་ཁྱེད་ཀྱི་དབེན་གནས་དེར། །གཡུ་ལྡན་ཀླུ་དབང་རིན་པོ་ཆེ། །དཀོན་མཆོག་རྟག་ཏུ་མཆོད་བྱེད་ཅིང་། །རིམ་གྱིས་ཐར་བར་འགྲོ་བར་ཤོག །ཅེས་སྨྲས་ནས། དེར་དུང་སྐྱོང་གིས་བུ་མོས། ཀླུ་གཉིས་

(༡༡༩༥)ཀྱི་རྫོང་བ་དང་། རིན་པོ་ཆེའི་བུམ་པ་དག་ཁྱེར་ནས་རྒྱལ་བུ་ཡབ་ཡུམ་རྣམས་བལ་གྱི་གླང་པོ་ཆེས་དྲངས་ཏེ། སྔར་གྱི་སྲིན་པོའི་ལམ་སྲུང་དེའི་རྩར་སླེབ་ཏུ་ཉེ་བ་དང་། རྒྱལ་པོ་གླང་པོ་ཆེ་ལས་བབས་ཏེ། དྲིན་ཅན་འདིའི་རྩ་བར་འགྲོ་བ་ལ་ཁེངས་གྲགས་བྱས་ན་མི་རུང་ཞེས་རྐང་ཐང་གིས་བྱོན་པ་དང་། སྔར་བཞིན་འོད་དང་ས་གཡོ་བ་ལ་སོགས་པ་བྱུང་བས། ལམ་སྲུང་གི་རྟོག་པ་ལ། རྒྱལ་བུ་དེ་སྤྲུལ་པའི་བུ་མོ་དང་བཅས་ནས་འོང་གིན་ཡོད་པར་ངེས་སྙམ་ནས། མདའ་རྒྱང་གཉིས་གསུམ་གྱི་བར་ཙམ་དུ་བསུ་བར་འོངས་པས་རྒྱལ་བུ་དང་མཇལ་ཏེ། རྒྱལ་བུ་ལ་སྨྲས་པ། བློ་སྟོབས་ཅན་ཁྱེད་ཀྱིས་ཉེ་ཞོ་མེད་པར་ལྷ་ཀླུ་ཐམས་ཅད་ཁྲིད་དེ་འདིར་སླེབ་བམ། རྒྱལ་བུས་སྨྲས་པ། དྲིན་ཅན་ཁྱེད་ཁོ་བོ་ལ་འཁྲེན་པར་མ་གྱུར་ཏམ། ཀུ་ཤ་ནའང་ལྷག་དང་བཅས་པ་ལོན་ཏེ་གནས་འདིར་ཡང་བདེ་བར་

(༡༡༩༦)སླེབས་སོ། །དེར་ཀུ་ཤ་ནའི་ཞལ་ནས་ཀྱང་ཁྱོད་གཉེར་ཁ་འདི་ལ་བཞག་ནས་གང་གིས་ཀྱང་མི་བཟློག་པའི་རྒྱལ་བུ་འདི་ངའི་རྩར་གཏོང་བ་ཅི་ཡིན། ལམ་སྲུང་དེས་སྨྲས་པ། ངའི་ངག་ནི་སྟོབས་ཅན་གང་གིས་ཀྱང་བཟློག་པར་མི་ནུས་ཀྱང་རྒྱལ་བུ་འདིའི་ངག་ནི་ཁོ་བོས་ཀྱང་བཟློག་པར་མ་ནུས་ཏེ་སྐྱོན་ཆུང་། ལྷ་མོ་ཁྱེད་རང་གིས་ཀྱང་བཟློག་པར་མ་ནུས་པར་གདའ་བ། དེར་ལྷ་མོས་འཛུམ་བྱས་ནས་སྨྲས་པ། ད་ལན་གོ་མ་ཆོད་པས་ལེགས། ཁྱོད་མིན་ན་རྒྱལ་བུ་འདིས་ཁོ་མོ་ལོན་པ་ཡང་དཀའ་དེས་སེམས་ཅན་ལ་ཕན་པའང་རྒྱ་ཆུང་ན། ད་ནི་སེམས་ཅན་གཞན་ལའང་ཕན་པར་བྱས། ཁྱད་པར་དུ་ཁྱོད་རང་ལ་ཕན་པར་བྱས་ད་རྒྱལ་བུ་འདིའི་བཟང་ལན་ལ་ངས་ཁྱོད་ལ་ཕན་ཞིག་བཏགས་ཀྱིས་གསུངས་ནས། རིན་པོ་ཆེའི་བུམ་པ་དེ་ལ་གསོལ་བ་བཏབ་པས་

(༡༡༩༧)ཁོ་ལ་ཟས་གོས་དང་གནས་མལ་ལ་སོགས་པ་ཚེ་འདིའི་འཚོ་བ་དགོས་པ་ཐམས་ཅད་བྱིན་ནོ། །དེ་ནས་རྒྱལ་བུས་ཀྱང་། བཟང་ལན་དུ་སྨོན་ལམ་བཏབ་པས། མཐའ་ཁོབ་གངས་རིའི་ཁྲོད་དག་ཏུ། །རྡོ་རྗེ་གདན་དང་མཚུངས་པ་ཡི། །དཔལ་གྱི་ར་སྒྲེང་བཞེངས་པའི་ཚེ། །འདི་བཞིན་བདག་ལ་གུས་བྱེད་ཅིང་། །བག་ཆགས་བཟང་ལ་བག་ཆགས་བཟང་། །རབ་ཏུ་འཕྲོད་དེ་ཆོས་ལ་དཀར། །དཔེར་ན་བལ་ལ་བལ་ཆགས་པས། །ཕྱིང་པའི་ཐ་སྙད་འདོགས་པ་བཞིན། །ཕྱིང་དཀར་བྱ་བ་ཁྱོད་གྲགས་ཏེ། །མཐོན་པོའི་རྩེ་ན་དགེ་བར་སྤྱོད། །དཀོན་མཆོག་གསུམ་དང་མི་འབྲལ་བར། །ཡུལ་གྱིས་ལྷར་གྱུར་སྐྱེ་བོས་མཆོད། །དཔལ་གྱི་གཞེས་བདག་དམ་པར་ཤོག །དེ་ཚེ་དུས་གསུམ་དགེ་བ་ཡིས། །བདག་གི་ཁྱེད་ལ་ཆོས་བསྟན་ནས། །ཕུགས་སུ་བྱང་ཆུབ་ཐོབ་པར་ཤོག །ཀུ་ཤ་

(༡༡༩༨)ནས་ཀྱང་བཏབ་པ། རྒྱབ་རི་རྒྱལ་པོ་རིན་ཆེན་གྱིས། །དར་གྱི་ལ་ཐོད་ལྟ་བུའི་རྒྱན། །འཇིག་རྟེན་བདག་གིས་ཁྱོད་མཆོད་ཅིང་། ཁྱོད་ཀྱང་དཀོན་མཆོག་མཆོད་པར་ཤོག །ལམ་བསྲུང་ཉིད་ཀྱིས་ཀྱང་། །དེ་ཚེ་ལས་ངན་འདི་འདྲ་དག །སྐད་ཅིག་ཙམ་ཡང་མི་སྤྱོད་པར། །བརྩེ་ཕྱིར་དཀར་པོ་དགེ་བའི་བསྙེན། །འཕྲལ་དང་ཕུགས་སུ་དགེ་བར་ཤོག །ཅེས་སྨོན་ལམ་བཏབ་བོ། །དེར་རྒྱལ་བུ་འཁོར་དང་བཅས་པ་བལ་གྱི་གླང་པོས་དྲངས་ཏེ། ཟ་ཧོར་གྱི་ཡུལ་དུ་སླེབས་པ་དང་། །མེ་ཏོག་ཀུ་ཤ་ནའི་ཞལ་ནས། །བདག་ཅག་འདི་བཞིན་ཕྱིན་གྱུར་ན། །ཡབ་དང་བདུད་མོ་མི་འཆུན་པས། །དམག་དཔུང་སྟོབས་སུ་སྤྲུལ་ཏེ་འདེངས། །འདིར་བཞུགས་བདག་གིས་གསོལ་བ་གདབ། །གསུངས་ནས་རིན་པོ་ཆེའི་བུམ་པ་དེ་ལ་གསོལ་བ་འདེབས་པ་དང་། ཟ་ཧོར་གྱི་ཡུལ་དེ་དག་ཁ་དོག་ལྔ་པོའི་དམག་དཔུང་ཆེན་པོའི་རྣམ་པར་བྱས་

(༡༡༩༩)ཏེ། བྷཾ་ག་ལ་ནས་མི་རིང་བར་སྒར་ཆེན་པོ་བཏབ་ནས་བསྡད་དོ། །དེར་ཡུལ་གྱི་མི་ཐམས་ཅད་ཀྱང་ཅུང་ཟད་སྐྲག །རྒྱལ་པོ་བཙུན་མོ་དང་བཅས་པའང་འཇིགས་སྐྲག་སྟེ། འདི་འདྲ་བའི་དམག་དཔུང་ཅི་ཡིན་ནམ་ཞེས་དྲིས་པས། སྤྲུལ་པའི་གང་ཟག་འགའ་རེ་ན་རེ། འདི་ནི་དད་པ་བརྟན་པོས་སྲིན་པོའི་དམག་བཤམས་སོ། །ཤིན་ཏུ་འཇིགས་སོ་ཞེས་སྨྲས་པ་དང་། རྒྱལ་བུ་ལ་བདུན་པ་དག་ན་རེ། སྤྲུལ་པའི་རྒྱལ་བུ་དེས་རང་ལ་སྲིན་པོའི་གནོད་པ་མ་བྱུང་གི་སྟེང་ལ་དམག་ཏུའང་སྦྲན་ནམ། རྒྱལ་བུ་ལ་བདེན་པེད། བདག་ཅག་ཟོས་ཀྱང་བྱ་རྒྱུ་མེད། རྒྱལ་པོའི་ཞལ་ཙམ་ཞིག་མཐོང་ན་དབུགས་ཕྱིན་ཞེས་ཟེར་རོ། །ཀུ་ཤ་ནའི་ཞལ་ནས་རྒྱལ་བུ་ལ། ཡབ་ཀྱི་དྲུང་དུ་སོང་ལ་རྗེའི་བཙུན་མོ་ལ་ཕན་ན། ཀུ་ཤ་ན་ནི་ལོན་ཡོད། དེར་མ་ཟད་ཤ་སྣ་དང་། སུམ་ན་ཡང་ཡོད་དོ་གྱིས་ཤིག །རྒྱལ་བུས་དང་དུ་བླངས་

(༡༢༠༠)ཏེ་ཡབ་ཀྱི་དྲུང་དུ་ཕྱིན་པ་དང་། ཡབ་ཀྱི་རྟོག་པ་ལ་ཡང་ངའི་བུ་དེ་དགུང་ལོ་བཅུ་གསུམ་པ་ལ་ལྷོ་ནུབ་ཀྱི་མཚམས་སུ་དེར་གཤེགས་པ་ཡིན་པ་ལ། དེ་ནས་དེ་རིང་ཕན་ཆོད་པ་ལ་ལོ་བཅུ་གསུམ་ཐལ། ད་ན་ཚོད་ཀྱིས་འདི་ཉིད་ཡིན་ཞིང་ཡོད་དོ། ཁོ་བོ་ངོ་གནོང་སྟེ་ཐེ་ཚོམ་བཅད་འཚལ་སྙམ་དུ་ཡོད་པ་ལ། རྒྱལ་བུས་སྨྲས་པ། མི་དབང་ཆེན་པོ་ལགས། བདག་གིས་ཀུ་ཤ་ན་གསུམ་ལྷག་དང་བཅས་པ་སྤྱན་དྲངས་ཡོད་པས་བཙུན་མོ་ལ་ཕན་པར་བྱས་ཚལ། གསུངས་པ། རྒྱལ་པོའང་ཡིས་ཆེས་ཏེ་སྤྱན་ཆབ་ཉིལ་བྱས་ནས། སྙིང་དང་འདྲ་བ་ཁྱེད་འཁྲེན་བཞིན་དུ་བཏང་ན་འདིར་བར་ཆད་མེད་པར་ལྷགས་པ་དྲིན་ཆེ། བཙུན་མོ་དེ་སྔར་བདེ་སྟེ་ད་དུང་ཅི་འདྲ་བར་བྱའོ། །ཞེས་རྒྱལ་པོས་བཙུན་མོའི་ཐད་དུ་ཕྱིན་ནས། ཁྱེད་ཀྱི་སྨན་མོ་དེ་དག་ལྷག་དང་བཅས་ནས་རྒྱལ་བུས་འདིར་གདན་དྲངས་ཡོད་པར་གདའ་སྟེ། ད་ཇི་ལྟར་

(༡༢༠༡)བྱ་ཞེས་དྲེས་པ་དང་། བཙུན་མོ་ན་རེ། ཕག་ཤ་གསར་པས་དུག་རོ་སྙིང་པ་བླང་། ད་ནི་ཐར་བ་མེད་པའི་ནད་བྱུང་། སྨན་ཁྱེར་ནས་འོང་མཁན་ཡང་ཚན་ཆེ་ཟེར། ད་ཁྱེད་ངེད་ལ་སེམས་ན་རྒྱལ་བུ་ལ་མཐུ་ཡོད་པས། རྒྱལ་པོའི་ཡུལ་འདི་ཐམས་ཅད་ལྕགས་རི་ཆེན་པོ་ཞིག་གི་ནང་དུ་བཅུག །མཁར་ཡང་དགུ་བརྒྱ་དགུ་བཅུ་རྩ་གཅིག་དབུས་ཀྱི་མཁར་རྩེ་དགུ་པ་བྱས་པ། ཕྱོགས་བཞིར་ལྕགས་ཟམ་བརྒྱངས་པ། མཁར་སྒོ་གཅིག་སྲུང་ན་ཐམས་ཅད་ཐུབ་པ། དེ་ཡི་ནང་ཐམས་ཅད་ཤིང་གི་གང་བ། ཤིང་ཐམས་ཅད་ཀྱི་རྩེ་ལ་བྱ་མང་པོ་འདུ་བ། དེའི་རྩ་བ་ཐམས་ཅད་ན་ཆུ་མིག་མང་པོ་ཡོད་པ། ལྕགས་རིའི་ཕྱོགས་བཞི་ན་སྒོ་གཏོད་པ། ཕྱིའི་དགྲ་བོའི་ནང་དུ་མི་ཚུད་པ། དེ་འདྲ་བ་ཞིག་བྱས་ན་ངའི་ནང་འདི་ཨེ་དྲག་ཙམ་ཡིན་ཟེར་བ་དང་། རྒྱལ་པོའི་རྟོག་པ་ལ། བུད་མེད་འདི་

(༡༢༠༢)ལ་མི་སྲིད་པ་ཐམས་ཅད་དགོས་པར་འདུག །འདི་ལྟར་རྒྱ་ཆེ་བ་ལྕགས་རིར་གང་ན་ཚུད། ཐང་སྐམ་ལ་ཆུ་ཤིང་དང་། བྱ་ཚོགས་ཇི་ལྟར་འབྱུང་སྙམ་ནས། །བསམ་པ་བཞིན་ངག་ཏུ་སྨྲས་ཏེ། སླར་ལོག་ནས་སྲས་ཀྱི་དྲུང་དུ་འོང་བ་དང་། མོ་ཟེར་བ་བཞིན་སྲས་ལ་འཆད་ནི་མ་ནུས། བཞིན་གནག་སྟེ་བསྡད་ཡོད་པ་དང་། རྒྱལ་བུས་ཡབ་ལ་སྨྲས་པ། ཅི་ཟེར་བཞིན་གནག་པའི་རྒྱུ་ཅི་ལགས་ཞུས་པས། རྒྱལ་པོས་མོ་ཇི་སྐད་ཟེར་བ་བཞིན་སྙན་དུ་གསོལ་བ་དང་། རྒྱལ་བུས་ལན་འདི་སྨྲས་པ། མི་དབང་ཐུགས་ལ་བདུད་བཞུགས་པ། །བདུད་དེ་ཐོན་པར་མ་གྱུར་བར། །མི་དབང་བདེ་བའི་སྐབས་མེད་ཅིང་། །བདག་ཀྱང་དཀའ་བའི་ལས་ལ་འགོད། །བཅོས་སུ་ཡོད་བཞིན་མི་འཆོས་ན། །བྱད་བཞིན་བསྡུས་པས་ཕན་མི་འགྱུར། །ཐུགས་ཁྲལ་མ་མཛད་དྲང་པོར་བཞུགས། །བསྒྲུབ་པར་ནུས་སམ་བལྟ་བར་བགྱི། །

(༡༢༠༣)ཞེས་སྒར་ན་གུར་དཀར་པོ་ཡོད་པའི་ནང་དུ་བྱོན་ཏེ་ཅུང་ཟད་བཞིན་གནག་པར་བཞུགས་པ་དང་། མེ་ཏོག་ཀུ་ཤ་ནའི་ཞལ་ནས། ལྷ་ཡིན་འགྱུར་བ་ཅི་ལགས་རྒྱལ་བུས། སྔར་ཟེར་བའི་ཚིག་དེ་དག་བཤད་པ་དང་། ལྷ་མོས་སྨྲས་པ། དེ་ལ་གཞན་འགྱུར་ག་ལ་འཚལ། །དྲིན་ཅན་ཕ་མ་མང་པོ་དག །རང་རང་སྡུག་བསྔལ་དུ་མས་གཟིར། །མགོན་མེད་ཉམ་ཐག་གྱུར་པ་ལགས། །དམིགས་ཏེ་སྡུག་བསྔལ་བྱ་བར་རིགས། །སྣང་སྟོང་སྒྱུ་མའི་སྣང་བ་ལ། །མི་འགྲུབ་བྱ་བ་ཅི་ཡང་མེད། །འདི་བས་དཀའ་བ་དུ་མ་གདའ། །འཁོར་བ་ཐམས་ཅད་སྟོང་པར་དཀའ། །ངན་སོང་ཐམས་ཅད་ཁེག་པར་དཀའ། །རྩ་བ་ཉོན་མོངས་ཞི་བར་དཀའ། །ཆོས་ཀྱི་གནས་ལུགས་རྟོགས་པར་དཀའ། །མི་བདེ་མ་མཛད་ཁོ་མོས་སྒྲུབས། །ལྟད་མོ་འདི་ལ་གཟིགས་ཤིག་ལྷ། །ཞེས་

(༡༢༠༤)མཁར་རྩེ་དགུའི་བུ་མོ་བདུན་པོ་དེ་དག་དེར་བཀུག་སྟེ། གླུ་གར་རྣམ་པ་སྣ་ཚོགས་པ་རྩིར་བཅུག་སྟེ། རྒྱལ་བུ་དེ་ལ་ཐུགས་ཡེངས་པ་དང་། ཀླུ་དཀར་ནག་གཉིས་ཀྱི་བུ་མོ་གཉིས་ཁྲིད་དེ་ཀུ་ཤ་ནས་རིན་པོ་ཆེའི་བུམ་པ་དེ་ལ་གསོལ་བ་བཏབ་པས། བྷཾ་ག་ལའི་ཡུལ་དེ་ཐམས་ཅད་ལྕགས་རི་ཆེན་པོ་ཞིག་གི་ནང་དུ་ཚུད་པ་ལ་སྒོ་བཞི་གཏོད་དོ། །ཀླུ་དཀར་ནག་གི་བུ་མོ་གཉིས་ཀྱང་རང་རང་གི་རྫུ་འཕྲུལ་སྟོན་གཅིག་ཅེས་སྨྲས་པ་དང་། ཀླུ་དཀར་པོས་བུ་མོས་ཤིང་གི་འབྲུ་དེ་དག་ཕྱོགས་བཅུར་གཏོར་བས་བཟའ་ཤིང་ལྗོན་པ་མང་པོ་སྨྱིག་མའི་ཚལ་བཞིན་དུ་གོ་མཚམས་མེད་པར་སྐྱེས་སོ། །ཀླུ་ནག་པོའི་བུ་མོས་རང་ལྤགས་དེ་སྤྲུགས་པས་དེའི་གྲངས་དང་མཉམ་པའི་ཆུ་མིག་དང་། རྫིང་བུ་དཔག་ཏུ་མེད་པ་བྱུང་ངོ་། །ཐུན་མོང་དུའང་ནེ་གསིང་དང་། མེ་ཏོག་

(༡༢༠༥)ཕུན་སུམ་ཚོགས་པ་སྐྱེས་པ་བྱུང་ངོ་། །ཡང་མེ་ཏོག་ཀུ་ཤ་ནས་གསོལ་བ་བཏབ་པ་དང་། ཤིང་དེ་དག་གི་རྩེ་མོ་ཐམས་ཅད་རིན་པོ་ཆེའི་དྲ་བ་དང་། དྲ་ཕྱེད་ཀྱིས་འབྲལ་ཞིང་། ཤིང་གི་རྩེ་མོ་ཐམས་ཅད་དུ། །བྱའི་རིགས་སྣ་ཚོགས་པ་འདུས་ནས། མདོར་ན་སྲིན་ཡུལ་ལངྐ་སུ་རངས་དང་འགྲན་ན། ཆུ་ཤིང་བྱ་དང་གསུམ་གྱིས་དེ་ལྷག་པ་བྱུང་ངོ་། །དེའི་མོད་ལ་རྒྱལ་བུའི་དྲུང་དུ་ཕྱིན་ཏེ། ལྷ་ཐུགས་དགོངས་རྫོགས་པར་བྱས་གདའོ། །ལྷས་ཀྱང་དེ་བཞིན་དུ་གཟིགས་ནས། ཡབ་ཀྱི་དྲུང་དུ་ཕྱིན་ཏེ། བཙུན་མོའི་ནད་དྲག་ན་དེ་ནི་གྲུབ་གདའོ། །དེར་རྒྱལ་པོའི་རྟོག་པ་ལ། དེ་འདྲ་སྲིད་དམ་སྙམ་ནས་བལྟས་པས་དེ་བཞིན་དུ་གྲུབ་པ་མཐོང་ནས། ཡང་བཙུན་མོའི་རྩར་ཕྱིན་ནས། རྒྱལ་བུས་ནི་མི་སྲིད་པ་སྲིད་པར་བྱས་གདའོ། །བཙུན་མོ་ན་རེ། དེས་ནད་ཀྱི་སུམ་གཉིས་དྲག་སྟེ། ད་དུང་རྒྱལ་པོའི་བླ་

(༡༢༠༦)རི་ཆེན་པོ་འདི་ནང་རྫ་མ་ཁན་ཕུབ་པ་ལྟར་སྲབ་ཐུག་སྒོ་ང་ཙམ་དུ་བྱས་པ་ལ། ནང་ཐམས་ཅད་ཆུས་གང་བ། དེའི་དཀྱིལ་ན་ཡར་ཙན་དན་གྱི་སྡོང་པོ་ཆེན་པོ་སྐྱེས་ཏེ། དེའི་ནང་ན་ཡར་ལ་རབ་ཏུ་བྱུང་བ་སྟོང་ཕྲག་མང་པོ་བཞུགས་པ་ཡོད་པ། དེའི་ཡས་འདབ་བླ་རིའི་རྩེ་མོར་ཐོན་པ་ལ་སྤྲུལ་པའི་བྱ་ཚོགས་འདུ་བ། བླ་རིའི་ལོག་ཐམས་ཅད་ལའང་རྩི་ཤིང་ནགས་ཚལ་རྒྱས་པ། དེ་ལའང་བྱ་ཚོགས་འདུ་བ་ཞིག་བྱུང་ན། ནད་ཀྱི་སུམ་ཆ་འདིའང་དག་ཙམ་ཡིན་ཟེར་བ་དང་། རྒྱལ་པོའི་རྟོག་པ་ལ་འགལ་བ་དེ་འདྲ་བསྒྲུབ་པར་མི་ནུས། རྒྱལ་བུ་ལའང་ཞུ་མི་ནུས་སྙམ་དུ་ལན་ཀྱང་མ་བཏབ་པར་སྲས་ཀྱི་དྲུང་དུ་འོངས་ཏེ། སྔར་བཞིན་དུ་དྲིས་ལན་བྱས་པའི་རྗེས་སུ། རྒྱལ་བུས་ཚིགས་སུ་བཅད་དེ་སྨྲས་པ། བདུད་མོ་སྙིང་ལ་ཞུགས་གྱུར་ན། ལས་ངན་སྣ་ཚོགས་དག་ལ་དགོད། །འཁོར་བའི་

(༡༢༠༧)གཏིང་རྡོ་ཉིད་དུ་བསྐྱུར། །མི་སྲིད་ལས་ལ་འགོད་པར་བྱེད། །སྡུག་པས་ཅི་ཕན་འགྱོད་པར་མཛོད། །འགྱོད་པས་མི་ཕན་འགྱོད་པར་མཛོད། །འགྱོད་པས་མི་ཕན་སྤངས་ན་བདེ། །ཞེས་སྨྲས་ནས། ཀུ་ཤ་གཅན་དུ་བྱོན་པ་དང་། བཞིན་ཅུང་ཟད་འགྱུར་བ་ལྷ་མོས་གཟིགས་ཏེ་སྨྲས་པ། ལྷ་ཅི་ལ་མ་མཉེས། ལྷས་སྔར་གྱི་བྱུང་ཚུལ་གསུངས་པ་དང་། ལྷ་མོས་སྨྲས་པ། དེ་ལ་མི་གཉིས་དགའ་ལ་འཚལ། །རྫུན་ལ་མི་འགྲུབ་གང་ཡང་མེད། །སྡུག་བསྔལ་སངས་རྒྱས་བསྒྲུབ་པར་དཀའ། །ལེ་ལོས་ལམ་ལ་ཕྱིན་པར་དཀའ། །ཞེས་ཡང་ལྷ་མོ་བདུན་པོས་རྒྱལ་བུ་ངང་བསྲིང་བའི་ཕྱིར་དུ་གླུ་གར་རྣམ་པ་སྣ་ཚོགས་པ་རྩིར་བཅུག་སྟེ། ཀླུ་དཀར་ནག་གི་བུ་མོ་གཉིས་ཁྲིད་དེ། བླ་རིའི་ལོག་ལ་བྱོན་ནས་རིན་པོ་ཆེའི་བུམ་པ་ལ་གསོལ་བ་བཏབ་པ་དང་། བླ་རི་དེ་སྒོང་

(༡༢༠༨)ཁ་དོག་ཙམ་གྱིས་སྲབ་ཐུག་ལ་ནང་སྟོང་པར་གྱུར་པ་ལ། ཀླུ་ནག་པོའི་བུ་མོ་ལ། ཁྱོད་ཀྱིས་འདིའི་ནང་ཆུས་ཁོང་ཞེས་སྒོ་བ་དང་། ཀླུ་ནག་པོའི་བུ་མོ་ན་རེ། ནང་དུ་འགྲོ་བ་ལ་ལམ་དགོས། ལམ་གཏོད་ན་ཆུ་ཕྱིར་འབོད་ཞེས་སྨྲས་པས། ཀུ་ཤ་ནའི་ཞལ་ནས་འཁྲུལ་པའི་སྣང་བ་དེ་ཉིད་ཁོ་མོས་བྱ་ཡིས་ཟེར་ནས་སྒོ་གཏོད། ཀླུ་ནག་པོའི་བུ་མོས་ར་ལྤགས་སྤྲུགས་པས་ནང་ཆུས་གང་དེར་ཀླུ་དཀར་པོའི་བུ་མོས། ཙན་དན་གྱི་འབྲས་བུ་ཞིག་ཁྱེར་ཏེ། ཆུ་དེའི་གཏིང་དུ་ཕྱིན་ནས། བུ་མོ་ཉིད་ཀྱིས་འཁོར་ཞིང་འཁོར་ཞིང་བླ་རིའི་རྩེ་མོར་འོངས་པས། ཤིང་ཡང་དེའི་རྗེས་སུ་འཁྱིལ་ཞིང་སྐྱེས་ཏེ། རྩེ་མོ་བླ་རིའི་སྟེང་དུ་ཡལ་འདབས་སྣ་ཚོགས་པར་དགྱེས་པའི་སྟེང་ན། བྱ་སྣ་ཚོགས་པ་འདུ་བ་བྱུང་ངོ་། །ཤིང་དེའི་ནང་ན་ཡར་ཀྱང་རབ་ཏུ་བྱུང་བ་ཇི་ཙམ་བཞུགས་ཀྱང་ཤོང་

(༡༢༠༩)ཞིང་ཆུས་མི་གནོད་པ་བྱུང་ངོ་། །བླ་རིའི་ལོག་རྣམས་ལའང་ཤིང་འབྲས་བཏབ་པས་རྩི་ཤིང་ནགས་ཚལ་རྒྱས་པ་ལ་བྱ་མང་པོ་སྣ་ཚོགས་འདུ་བ་བྱུང་སྟེ། མདོར་ན་མོས་བསྒོས་པ་ལས་ཀྱང་སུམ་ལྡན་གྱི་ལྷག་པར་བྱུང་ནས། བཙུན་མོ་གསུམ་པོས་རྒྱལ་པོའི་དྲུང་དུ་འོངས་ནས་ཐུགས་དགོངས་རྫོགས་པར་བྱས་ལགས་སོ། །གསུངས་པས། རྒྱལ་བུས་གཟིགས་པས་ཀྱང་དེ་བཞིན་དུ་འདུག་ནས། རྒྱལ་པོའི་དྲུང་དུ་ཕྱིན་ནས། བདག་མི་སྲིད་པ་སྲིད་པར་བྱས་གདའོ། །རྒྱལ་པོས་གཟིགས་ནས་ཀྱང་དེ་བཞིན་དུ་འདུག་ནས། བཙུན་མོ་ཅན་ཕྱིན་ཏེ། ཁྱོད་ཅི་འདྲ་ནའང་། རྒྱལ་བུས་ནི། ཇི་སྐད་སྨྲས་པ་བཞིན་བྱས་འདུག་གོ །མོའི་རྣམ་པར་རྟོག་པ་ལ་འཇིག་རྟེན་ན་མེད་པ། རྒྱལ་བུས་འདི་ཡོད་པར་བྱས། རྒྱལ་བུ་འདིས་ངའི་ཚེ་སྲོག་ལ་བར་གཅོད་བྱུང་ན་

(༡༢༡༠)མི་རུང་བས། སྔོན་ལ་རྒྱལ་བུ་ལ་བར་གཅོད་ཅིག་བྱ་སྙམ་ནས། རྒྱལ་པོ་ལ་སྨྲས་པ། ང་ཡི་ནད་རྣམས་དྲག་པར་བྱས། རྒྱལ་བུས་དཀའ་སྤྱད་ཆེན་པོ་ལ་མ་བལྟས་པར་བདག་གི་དོན་བྱས་པ་དྲིན་ཆེ། ད་ང་ཡང་དྲིན་ལན་འཇལ་བས་ཞག་གསུམ་ངའི་ཕོ་བྲང་དུ་སྟབས་སུ་སྡོད་དགོས་མི་ཚངས་སྤྱོད་ཀྱི་བསྙེན་བཀུར་མ་གཏོགས་པ་གང་ཡང་བགྱི་འཚལ་ཞེས་སྨྲས་པ་དང་། རྒྱལ་པོ་ན་རེ། རྒྱལ་བུ་བྱང་ཆུབ་སེམས་དཔའ་ཁྱོད་ལ་མི་ཚངས་སྤྱོད་བྱེད་ཉན་མེད་ཀྱང་། ཁྱོད་རང་གི་ངོས་ནས་གང་གསུང་བསྒྲུབ་པ་ལ་འབབ་པར་ཡོད་ཅེས་སྨྲས་ནས། རྒྱལ་པོས་སྲས་ཀྱི་དྲུང་དུ་འོངས་ཏེ་ཅི་ཟེར་བ་རྣམས་བརྗོད་པས། རྒྱལ་བུ་ལན་མི་སྨྲ་བར། རང་གི་བཙུན་མོ་ཀུ་ཤ་ནའི་ཐད་དུ་བྱོན་ཏེ། ཟེར་ལུགས་བཤད་པས། ཀུ་ཤ་ནའི་ཞལ་ནས། ངེད་བདུད་མོའི་

(༡༢༡༡)སྨན་ཡིན་པས་སྔོན་ལ་བདུད་མོའི་ནད་དེ་མ་གཡོས་ན་མི་རུང་བས་ཁྱོད་བུ་མོ་གཉིས་ཀྱང་གཤེགས་སོ་ཟེར་ནས་མོའི་རྩར་བྱོན་པ་དང་། ཀུ་ཤ་ནའི་འོད་དང་གཟི་བརྗིད་དང་ཕུན་སུམ་ཚོགས་པ་དེ་མ་ཟོས་པར་མིག་འདེགས་མི་ནུས་པ་ཙམ་དུ་ཞུམ་པར་གྱུར་པ་ལ། ཀུ་ཤ་ནས་སྨྲས་པ། བཙུན་མོ་ཁྱོད་ལ་བསྙུན་གཞི་དྲག་པོ་བྱུང་ཟེར་ནས། རྒྱལ་བུ་ན་གཞོན་ནུ་འདི་ཤ་ཟ་སྲིན་པོ་ལ་བསྡོས་ཏེ་ང་ལེན་དུ་བྱུང་ན། ད་ཁྱེད་ལ་ཅི་དགོས། བདུད་མོས་སྨྲས་པ། ཁྱེད་སྤྲུལ་པ་མོ་ཞིག་ཡིན་པས་ང་ལ་གང་ཕན་པ་ཞིག་མཛོད་ཅིག །འོ་ན་རྒྱལ་པོའི་རྩར་འདོང་ངོ་ཟེར་ཏེ་ཁྲིད་དེ། ཀུ་ཤ་ནས་རྒྱལ་པོ་ལ་སྨྲས་པ། མི་དབང་ཁྱེད་ཀྱི་བཙུན་མོ་འདི་ཉིད་ན་ཟེར་ནས། སྲས་འཇིགས་པ་ལ་བསྡོས་ཏེ་ང་ལེན་དུ་བྱུང་བ་ལ། ངས་འོང་བ་

(༡༢༡༢)ཡིན། ཁྱོད་ཀྱི་བཙུན་མོ་འདི་སུའི་རིགས་གཅིག་ཡིན། རིགས་ལ་བརྟེན་ནས་སྨན་དཔྱད་བྱ་ཚུལ་གསུངས་པས། རྒྱལ་པོ་བདུད་མོ་རང་ལ་ཁྱོད་སུའི་རིགས་ཡིན་དྲིས་པས། མོ་ན་རེ། ང་ལྷ་མོ་ཡིན་ཟེར། ཀུ་ཤ་ནའི་ཞལ་ནས། ང་ཐམས་ཅད་ཀྱི་གཙོ་མོ་ཡིན་པ་ལ། ཁྱོད་འདྲ་བ་ལྷའི་ཡུལ་ན་མཐོང་ཐོས་གང་ཡང་མེད། མོ་ན་རེ། ང་ཀླུ་མོ་ཡིན་པ་ལ་ལྷར་བཏགས་པ་ཡིན་ནོ་ཟེར། ཀླུ་དཀར་ནག་གི་བུ་མོ་གཉིས་ན་རེ། ཀླུ་ཐམས་ཅད་ངེད་དཀར་ནག་གཉིས་སུ་འདུས་པ་ལ་ཁྱོད་འདྲ་བ་མཐོང་ཐོས་གང་ཡང་མེད། རྒྱལ་པོས་སྨྲས་པ་ངེད་མི་ལ་འདི་འདྲ་བ་དེ་བས་ཀྱང་མེད། འོ་ན་རང་སུ་ཞིག་རང་ཡིན་ནམ། བདུད་མོ་མ་ཡིན་ནམ་ཟེར། ཀུ་ཤ་ནའི་ཞལ་ནས་གང་ལྟར་ཀྱང་དཀར་པོའི་རིགས་ཀྱི་ལྷ་ཐམས་ཅད་མ་དགའ་བས། ངེད་ཀྱི་བྱས་པའི་ཆུས་འཁྲུ་དགོས་པས་གཤེགས་ཟེར་ནས། རྒྱལ་

(༡༢༡༣)པོའི་བླ་རི་ཆུས་གང་བའི་འགྲམ་དུ་ཁྲིད་དེ། ཆུས་འཁྲུད་དུ་བཅུག་སྟེ། ཀླུ་ནག་པོ་བུ་མོ་ཁྱོད་ལ་མིང་པོ་འདྲ་མེད་དམ་བོས་དང་བྱས་པས། དེས་ཀྱང་མིང་པོ་ལག་མང་ཞེས་བོས་པ་དང་། གླང་དམར་པོ་མིག་གཅིག་པ་རྭ་གཅིག་ཡོད་པ་ཞིག་ཆུ་ནང་དེ་ནས་བྱུང་སྟེ། ར་གཅིག་པོ་དེས་མོའི་ཞབས་ནས་སྤྱི་གཙུག་ཏུ་བརྟོལ་ཏེ་ཆུའི་གཏིང་དུ་འཁྱེར་ཏེ་སོང་ངོ་། །དེ་ལ་ཀུ་ཤ་ནས་འདི་སྐད་དུ། རྙེད་དང་བཀུར་སྟི་སྤངས་བྱས་ཤིང་། ཁེངས་དང་དྲེགས་པ་སྤངས་བྱས་ནས། །གཞན་དོན་ཉིད་ལ་བརྩོན་བགྱིས་ན། །བདག་གི་དོན་ནི་ཕུན་ཚོགས་ཏེ། །དད་པ་བརྟན་པས་བདག་ལོན་བཞིན། །རྙེད་དང་བཀུར་སྟི་དོན་གཉེར་ཞིང་། ཁེངས་གྲགས་མ་སྤངས་ངན་སེམས་ན། །འབྲས་བུ་རང་ཉིད་སྡུག་བསྔལ་ཏེ། །དཔེར་ན་སྨན་གྱི་བདུད་མོ་བཞིན། །དེས་ན་རང་བྱོན་དོར་བྱས་ཏེ། །

(༡༢༡༤)གཞན་གྱི་དོན་ལ་འབད་པ་བཟང་། །འཕྲལ་བདེ་ཕུགས་སུ་བརྟན་པ་ཡིན་ཞེས་སྨྲས་ཏེ། ཐབས་ཀྱི་རྒྱལ་པོ་མྱ་ངན་མི་བསྐྱེད་པའི་ཕྱིར། ལྷ་མོ་ཀུ་ཤ་ན་ཉིད་ཀྱི་བདུད་མོའི་སྔར་གྱི་གཟུགས་ཇི་ལྟ་བར་སྤྲུལ་ནས། རྒྱལ་པོའི་མདུན་དུ་ཕྱིན་ཏེ། རྒྱལ་པོ་ལ་འདི་སྐད་སྨྲས་སོ། །རྒྱལ་པོ་ཁྱོད་ཀྱི་བཙུན་མོ་ཡང་། ཁོ་མོས་བསད་པར་བྱས་ཀྱིས་ཁོ་མོའི་ཁྱོད་དེ་ཡང་ཁྱོད་ཀྱིས་བུ་འདིས་བསད་པས་ཁོ་མོ་སྙིང་ན་ཏེ། སྲིན་པོའི་ཁ་བརྩར་བཏང་ཡང་བསད་པར་མ་ནུས་ཀྱི་སྟེང་ལ། སླར་ཁོ་རང་གི་དངོས་གྲུབ་ཀྱིས་གྲོགས་སུ་སོང་ནས་དགའ། ཁོ་མོས་མི་འགྲུབ་པའི་ལས་མང་པོ་བསྒོ་བ་ཡང་ཚེགས་མེད་དུ་བསྒྲུབས་བྱུང་། ངས་རྒྱལ་པོས་མགོ་བྱས་ཡུལ་ཁམས་འདི་དག་ཐམས་ཅད་བརླག་པར་བྱ་སྙམ་ནའང་། རྒྱལ་བུ་འདིས་བྱར་མ་སྟེར་ནས། སླར་ཡང་ཕག་མོ་ཁྲ་

(༡༢༡༥)མོ་མཆེ་བ་རྣ་བ་རྒྱལ་པོ་ལ་ཟ་བ་ལྟར་བྱེད་པ་ཞིག་ཏུ་སྤྲུལ་པ་ན། རྒྱལ་པོ་འཇིགས་སྐྲག་སྟེ། སྔར་མ་ཟོས་པ་ཁར་རྗེ་རེ་ཆེ། ད་འདི་དང་མྱུར་དུ་བྲལ་ན་ཅི་མ་རུང་སྙམ་པ་ལས་ཆགས་པའི་སེམས་གཏན་ནས་མ་བྱུང་། དེའི་ཚེ་རྒྱལ་བུ་རྒྱངས་ཏེ་བྱུང་བ་དང་། མོས་བྲོས་པ་དུས་མཉམ་དུ་བྱུང་བས། རྒྱལ་པོ་ཤིན་ཏུ་དྲིན་དུ་འཚོར་ནས་འདི་སྐད་དུ། བཙུན་མོ་བྱང་ཆུབ་སེམས་མ་དེ། །བདུད་མོ་དེ་ཡིས་མེད་པར་བྱས། །བདུད་ཀྱི་ཁོ་བོའང་གསོད་ཙམས་ན། །རྒྱལ་བུ་ཁྱོད་ཀྱིས་དེ་ཉིད་བསད། །ཡུལ་ཁམས་ཐམས་ཅད་བདེ་བྱས་ན། །གླེན་པ་བདག་གིས་མ་ཚོར་བར། །སྙིང་དང་འདྲ་བ་མཐའ་ལ་སྤྱུགས། །ཤ་ཟ་སྲིན་པོའི་ཁ་རྩར་འཕངས། །ཨེ་མ་རྒྱལ་བུ་དམ་པ་ཁྱེད། །བསོད་ནམས་བསྒྲུབས་པའི་གྲོགས་སུ་སོང་། །འདིར་ལྷགས་བདུད་མོ་ངན་མ་དེས། །མི་སྲིད་ལས་ལ་

(༡༢༡༦)བཀོད་གྱུར་ཀྱང་། །ལྷག་དང་བཅས་པ་ཁྱེད་ཀྱིས་བསྒྲུབས། །བླུན་པོ་བདག་གིས་དེ་འདྲ་བའང་། །ད་བཟོད་གོ་སྟེ་ཅུང་ཟད་འཕྱིས། །གོ་མ་ཆོད་ཀྱི་ལས་བསགས་པ། ཁྱེད་ལ་གནོང་སྟེ་བཤགས་པར་བགྱི། །ད་བཟོད་གྲོགས་ལ་སྐྱོན་མཐོང་བས། །གྲོགས་སྤངས་ངེས་པར་བྱུང་གྱུར་ནས། །རང་དང་གཞན་གྱི་དོན་ལ་སྤྱོད། །རྒྱལ་སྲིད་ཐམས་ཅད་ཁྱེད་ཀྱི་བཟུང་། །བློན་འབངས་དག་ཀྱང་ཁྱེད་ལ་འབུལ། །རྒྱལ་བུས་ལན་སྨྲས་པ། སྐྱེས་བུ་གླེན་པ་མཐའ་མ་མཐོང་། །སྡུག་བསྔལ་མ་མྱོང་སྐྱིད་མ་ཚོར། །མི་ཤེས་སྤོང་ན་ས་མི་ཟིན། །ཤེས་ནས་སྤོང་ན་བརྟན་པོ་ཡིན། །མི་དབང་སྔར་གྱི་ལས་ལ་འགྱོད། །ད་ནི་ལོག་པའི་ལམ་ལ་འཛེམས། །རང་གི་མི་སྲིད་གཞན་མི་སྲིད། །མཁས་པས་བསླབ་ཀྱང་མི་ཉན་པར། །ལོག་པའི་ལམ་ལ་

(༡༢༡༧)འཇུག་བྱེད་ཅིང་། །ཡང་དག་ལམ་ནི་རྒྱབ་ཏུ་བསྐྱུར། །དམངས་རིགས་དག་ཀྱང་མི་སྤྱོད་ན། །རྒྱལ་པོ་སྤྱོད་པའང་འཁྲུལ་འཚུབས་ཆེ། །མི་དབང་ང་ཡིས་གྲོགས་བྱེད་པས། །ལོག་པའི་ལམ་ལ་བརླན་གྱུར་ཀྱང་། །མགོན་མེད་སེམས་ཅན་མང་པོ་དག །རང་གར་སྤྱོད་དེ་ཤིན་ཏུ་ཕམ། །སྙིང་རེ་རྗེ་ན་ཕ་མ་རྣམས། །འདི་བཞིན་བདག་གིས་སྤྱོད་པར་ཤོག །མི་དབང་མ་ཞུམ་ང་ལ་ཉོན། །ང་ལ་དཀོན་མཆོག་རིན་ཆེན་ཡོད། །ང་ནི་ཤེས་རབ་བློ་དང་ལྡན། །ང་ནི་བསྙེན་བཀུར་ཁེངས་གྲགས་བྲལ། །རྒྱལ་པོ་བྱ་བ་ཁེངས་གྲགས་ཆེ། །རྒྱལ་སྲིད་བྱེ་བ་འཆིང་བ་ཡིན། །འཆིང་བས་དགོས་མེད་བདེ་བར་འགྲོ། །ང་ཡི་མཐུན་རྐྱེན་ལྷ་ཡིས་བསྒྲུབ། ཁྱེད་ཀྱི་རྒྱལ་སྲིད་ཁྱེད་རང་སྐྱོངས། །ད་བཟོད་བག་ཕེབས་བདེ་བར་གྱིས། །ཞེས་སྨྲས་པ་དང་། རྒྱལ་པོ་སྤྱན་ཆབ་ཉིལ་ལེ་ལེ། །ད་ནི་སྔར་མཐོང་བྱ་བས་འགྱོད། ཁྱེད་

(༡༢༡༨)ལ་སྨྲ་ཡང་མི་སྤོབས་ན། ཁེངས་གྲགས་ང་རྒྱལ་སྨོས་ཅི་འཚལ། ཁྱེད་ཀྱིས་རྒྱལ་སྲིད་མ་བཟུང་ནས། །བདག་གིས་མགོན་སྐྱབས་སུ་ཡིས་བྱེད། །ཉེས་མཐོང་ངེས་འབྱུང་གནང་དུ་གསོལ། །ཞེས་སྨྲས་པ་དང་། རྒྱལ་བུས་ཀྱི་ཧུ་དབུགས་ཕྱུང་བ། །ཨེ་མ་མི་དབང་ང་ལ་གསོན། །ནུབ་གཅིག་གཉིས་ཀྱི་ལོག་པ་ན། །མི་གཅིག་བདུད་ཀྱི་འཁྱེར་བ་རྨི། །འཁྱེར་དང་འཁྱེར་བྱེད་མ་གྲུབ་ན། ཁྱེད་ལ་སུ་ཞིག་སྐྲག་པར་བྱེད། །བདུད་མོས་བསླུས་པའང་དེ་དང་མཚུངས། །ད་དུང་མི་དབང་ང་ལ་གསོན། །ནུབ་གཅིག་ཕ་ཡི་རྨི་ལམ་ན། །བུ་གཅིག་དགྲ་བོ་ཁྱེར་བ་རྨི། ཁྱེར་དང་འཁྱེར་བྱེད་མ་གྲུབ་ན། ཁྱེར་ལ་བུ་ཞིག་སྐྲག་པར་བྱེད། །བདུད་མོས་བསླུས་པའང་དེ་དང་མཚུངས། །ང་མེད་མཐའ་ལ་ཕྱིན་པ་མེད། །ཡབ་མེད་ཡབ་ཀྱིས་སྤྱུགས་པ་མེད། །དེ་བཞིན་མི་དབང་ཤེས་པར་མཛོད། །ད་དུང་མི་དབང་ང་ལ་གསོན། །ནུབ་

(༡༢༡༩)གཅིག་མི་གཅིག་རྨི་ལམ་ན། །ཆུང་མ་ཤི་སྟེ་ཕྱི་མ་ལེན། །ཆུང་མས་བུ་གཉིས་ལྟེམས་པ་རྨི། །ལྟེམས་དང་ལྟེམ་བྱེད་མ་གྲུབ་ན། །དེ་ལ་སུ་ཞིག་སྐྲག་ཅིང་དགའ། །བདུད་མོ་མ་གྲུབ་ཁོ་བོ་མེད། །དེ་ལྟར་གཉིས་མེད་ཆེན་པོ་ལ། །སྤྱུགས་དང་སྤྱུགས་བྱེད་ཤེས་པར་མཛོད། །ད་དུང་མི་དབང་ང་ལ་གསོན། །ནུབ་གཅིག་སྤྲང་པོའི་རྨི་ལམ་ན། །གྲོང་ཁྱེར་དབུས་སུ་ཁྱི་ཡིས་བསྐོར། །བསྐོར་དང་སྐོར་བྱེད་མ་གྲུབ་ཀྱང་། །སྤྲང་པོ་ཉེན་པ་ཇི་བཞིན་དུ། ཁྱེད་ལ་སྡུག་བསྔལ་དུ་མ་ཡང་། །དེ་དང་དེ་བཞིན་གཤེགས་པར་མཛོད། །ཅེས་ཡབ་ལ་མགུར་སྙན་པས་གླུ་རུ་གསལ་བ་དང་ཡབ་སྙན་ཅིང་ཡིད་འགྱུར་ཏེ། སྔར་གྱི་སྡུག་བསྔལ་རྣམས་མཚོ་ལ་ཁ་བ་བབས་པ་བཞིན་དུ་གྱུར་ཏོ། །དེ་ནས་རྒྱལ་བུས་ཀུ་ཤ་ནའི་དྲུང་དུ་ཕྱིན་ཏེ། སྔར་གྱི་

(༡༢༢༠)ཚོ་བསྙད་པས་ཤིན་ཏུ་དགྱེས་ཏེ། ཐེམ་སྐས་སུམ་བརྒྱ་དྲུག་ཅུའི་ཡང་སྟེང་མཁར་རྩེ་དགུ་པའི་དབུས་སུ་། ཡབ་ཡུམ་བཞི་པོས་བག་ཕེབས་ཤིང་འགྲོ་བའི་དོན་ལས་མ་གཡོས་པར་བཞུགས། མེ་ཏོག་ཀུ་ཤ་ནས་བུ་མོ་ལྟ་བས་ཆོག་མི་ཤེས་པ་ཞིག་ཏུ་སྤྲུལ་ཏེ་འདི་ཡབ་ཀྱི་བཙུན་མོར་ཕུལ་ཞིག་ཅེས་བསྒོས་ཏེ། རྒྱལ་བུས་ཀྱང་དེ་ཁྲིད་ནས་ཡབ་ཀྱི་དྲུང་དུ་ཕྱིན་ཏེ། ལྷ་མོ་འདི་བདག་གི་མ་དེའི་ཚབ་ཏུ་དབུལ་ལོ་གསུངས་པ་དང་། ཡབ་ཀྱི་ཞལ་ནས། ང་ནི་ལྷ་མོ་ལས་སངས་རྒྱས་མ་ཞིག་བྱུང་ཀྱང་། བཙུན་མོ་ལ་དགའ་མ་ཚོར། རང་ཉིད་སངས་རྒྱས་ཐོབ་པར་འདོད་པས། ཁོ་བོ་ལ་ཐུགས་རྩེ་ན། བླ་མ་མྱ་ངན་བྲལ་བ་གནས་འདིར་སྤྱན་དྲོངས་ལ་ཁོ་བོ་ལ་སྡོམ་པ་གནང་བ་མཛོད་ཅིག །རྒྱལ་བུས་ལན་དུ། ཚུལ་ཁྲིམས་ནི་བླང་བར་བྱ་སྟེ་བསྲུང་བར་དཀའ།

(༡༢༢༡)ཁྱེད་རྒྱལ་པོའང་གཉེན་པོ་ཆུང་། དེ་བས་བཙུན་མོ་འདི་བཞེས་ལ། ཁྱིམ་པའི་བྱང་ཆུབ་སེམས་དཔའ་མཛོད་ཅིག །རྒྱལ་པོས་སྨྲས་པ། སྔར་ཀྱང་བཙུན་མོས་བསླུས་ནས། ཁྱིམ་པའི་བྱང་ཆུབ་སེམས་དཔའ་རྡུག་ན། བདག་ནི་ཁྱིམ་ལ་བརྟེན་རེ་ཀན་ནོ་གསུང་། དེར་རྒྱལ་བུས། རྒྱལ་པོ་ཡིད་འབྱུང་སྐྱེས་པར་མཁྱེན་ཀྱང་། ད་དུང་གཉེན་པོ་བརྟན་པར་བྱ་བའི་ཕྱིར་དུ། ཟླ་བ་གསུམ་གྱི་བར་དུ་སྤྲུལ་པའི་བུ་མོ་དེ་བསྙེན་བཀུར་ཕུན་སུམ་ཚོགས་པར་བྱེད་དུ་བཅུག་ཀྱང་། རྒྱལ་པོ་ཉོན་མོངས་པ་དོན་དུ་མི་གཉེར་བར་ངེས་པར་འབྱུང་བ་ཁོ་ན་དོན་དུ་གཉེར་བར་མཐོང་ནས། རྒྱལ་བུས་བླ་མ་མྱ་ངན་བྲལ་བ་ལ་གསོལ་བ་བཏབ་པས། སྐད་ཅིག་ཡུད་ཙམ་ལ་གནས་དེ་ཉིད་དུ་བྱོན་ཏེ། ཡབ་རྒྱལ་པོ་རབ་བྱུང་སྟེ། མཚན་ཡང་ངེས་པར་འབྱུང་བའི་དཔལ་

(༡༢༢༢)དུ་བཏགས་སོ། །དེའི་དུས་སུ་ཆོས་བསྟན་པ་ནི། ཉིན་དང་མཚན་དུ་མ་ཡེངས་པར། འཁོར་བའི་ཉེས་དམིགས་དག་ལ་སྤྱད། །དེ་ལས་སྐྱོབ་པ་དཀོན་མཆོག་གསུམ། །སྐྱབས་སུ་ཉིན་དང་མཚན་དུ་བསྟེན། །ཕ་མ་དྲངས་ཕྱིར་བྱང་ཆུབ་ཏུ། །བསམ་པ་བཟང་པོ་སྐྱེ་བར་མཛོད། །དེ་ལྟར་མཛད་ན་མི་དབང་ཁྱོད། །མི་ལུས་ཐོབ་པ་དོན་དང་ལྡན། །རྒྱལ་སྲིད་སྟོང་བས་ལྷག་པར་དགའ། །ཤེམས་མི་དབང་བརྟན་པར་མཛོད། །ཐེ་ཚོམ་མ་བྱེད་ཉམས་སུ་ལོང་། །དགོན་པའང་ཕོ་བྲང་རྩེ་ལ་མཛོད། །སྦྱིན་བདག་རང་གི་སྲས་ལ་བརྟེན། །དགེ་བ་བྱས་དང་བྱེད་འགྱུར་དང་། །བྱེད་པ་དམིགས་མེད་བསྔོ་བ་ཡི། །མཆོག་གི་བློ་ཡིས་ཚིམ་པར་མཛོད། །ཅེས་གསུངས་ནས་འཕགས་པ་མི་སྣང་བར་གྱུར་ཏོ། །དེར་ཆོས་རྒྱལ་ངེས་པར་འབྱུང་བའི་དཔལ་གྱིས། རང་གི་ཕོ་བྲང་གི་རྩེ་མོ་ལ། འཕགས་པས་བསྟན་པའི་ཆོས་

(༡༢༢༣)ཉམས་སུ་ལེན་ཞིང་དགུང་ལོ་སུམ་ཅུའི་བར་དུ་སྒྲུབ་པ་མཛད་དེ། རེ་ཞིག་ལྷའི་གནས་སུ་གཤེགས་སུ་གསོལ། དེ་ནས་རྒྱལ་བུ་དད་པ་བརྟན་པ་ནི། རྒྱལ་སྲིད་ཐམས་ཅད་ཆོས་དང་མཐུན་པར་སྐྱོང་ཞིང་གནས་པས་ན། ཀུ་ཤ་ན་ལ་སྲས་སངས་རྒྱས་འཛིན་ཞེས་བྱ་བ་ཡབ་ཉིད་དང་མཚུངས་པ་ཞིག་འཁྲུངས་སོ། ཁྲོ་གཉེར་ཅན་གྱི་སྤྲུལ་པ་དུང་སྐྱོང་གི་བུ་མོ་ལ་དྷརྨ་འཛིན། ཞེས་བྱ་བ་བློ་གསལ་ཞིང་དད་པ་དང་ལྡན་པ་སྙིང་རྗེ་ཆེ་བ་ཞིག་འཁྲུངས་སོ། །ནོར་རྒྱུན་མའི་སྤྲུལ་པ་ལག་མང་གི་བུ་མོ་ལ་དགེ་འདུན་འཛིན་ཞེས་བྱ་བ་བློ་གསལ་ཞིང་དཀོན་མཆོག་གསུམ་ལ་ཡང་མི་བྱེད་པའི་དད་པ་དང་ལྡན་པ། སྐྱེས་མ་ཐག་ནས་རྒན་པོའི་སྤྱོད་པ་བྱེད་པ་ཞིག་འཁྲུངས་སོ། །དེའི་དུས་སུ་རྒྱལ་པོ་དད་པ་བརྟན་པ་ཞེས་བྱ་བ་དེས་ལོ་བརྒྱ་དང་ཉི་ཤུ་རྩ་བདུན་ཐུབ་སྟེ།

(༡༢༢༤)ལོ་བརྒྱ་དང་གཅིག་ཏུ་བྷཾ་ག་ལའི་རྒྱལ་སྲིད་བཟུང་ངོ་། །ལོ་བཅུ་གསུམ་དུ་རྒྱལ་བུ་གཞོན་ནུ་ཕོ་བྲང་གི་ནང་དུ་ཡབ་ཡུམ་དང་འབྲལ་གླགས་མེད་པར་ཤིན་ཏུ་གཅེས་པའི་ཚུལ་གྱིས་བཞུགས་སོ། །དེ་ནས་ལོ་བཅུ་གསུམ་དུ། ཀླུ་གདུག་པ་ཅན་དང་སྲིན་པོའི་ཚོགས་བཏུལ་ཏེ། སྒྲོལ་མ་དང་། ཁྲོ་གཉེར་ཅན་དང་། ནོར་རྒྱུན་མ་གསུམ་གྱི་སྤྲུལ་པ་ཀུ་ཤ་ན་དང་། ཀླུ་ནག་པོ་དང་། དཀར་པོའི་བུ་མོ་དང་གསུམ། བྷཾ་ག་ལར་བཙུན་མོར་སྤྱན་དྲངས་སོ། །དགུང་ལོ་ཉི་ཤུ་རྩ་བདུན་པ་ལ་སྲས་གསུམ་པོ་འཁྲུངས་ནས། ཡབ་རྒྱལ་པོ་དད་པ་བརྟན་པས་དགུང་ལོ་དྲུག་ཅུ་ཞེས་པའི་དུས་སུ། སྲས་དྷརྨ་འཛིན་དང་། དགེ་འདུན་འཛིན་གཉིས་བླ་མ་མྱ་ངན་བྲལ་གྱི་རྫུ་འཕྲུལ་ལ་བརྟེན་ཏེ་བདེ་བ་ཅན་དུ་གཤེགས། སངས་རྒྱས་འཛིན་ལ་བཙུན་མོ་བྲམ་ཟེའི་བུ་མོ་བཟང་ལྡན་མ་ཞེས་པ་གཅིག་ཁབ་ཏུ་བཞེས་ནས། ལོ་བཅུ་གསུམ་སོང་བ་ན། སྲས་སངས་རྒྱས་དཔལ་

(༡༢༢༥)ཞེས་བྱ་བ་གཅིག་འཁྲུངས། དེ་ནས་རྒྱལ་པོ་དད་པ་བརྟན་པ་དགུང་ལོ་བརྒྱ་དང་ཉི་ཤུ་རྩ་བདུན་པ་ལ་སྐུ་ཚེའི་འདུ་བྱེད་བཏོང་སྟེ། བདེ་བ་ཅན་དུ་གཤེགས་ནས་དེར་བཞུགས་པའི་ཚེ། དབོན་པོ་སངས་རྒྱས་དཔལ་ལ་བྲམ་ཟེའི་བུ་མོ་འོད་གསལ་ཞེས་བྱ་བ་བཙུན་མོར་བཞེས་ཏེ་ཡོད་པ་ལ། བླ་མ་མྱ་ངན་བྲལ་གྱི་ཞལ་ནས། རྒྱལ་པོ་དད་པ་བརྟན་པ་ལ། ཁྱོད་དབོན་པོ་སངས་རྒྱས་དཔལ་གྱི་སྲས་སུ་སླར་ཡང་བྷཾ་ག་ལ་དེར་སོང་ཞིག་ཅེས་བསྒོའོ། །ལེགས་པའི་ཤེས་རབ། རྒྱལ་བའི་འབྱུང་གནས། སྐབས་ཐམས་ཅད་དུ་རྙེད་པ་དང་བཀུར་སྟི་ལ་མི་ལྟ། ཁེངས་གྲགས་དང་ང་རྒྱལ་མི་མཛད། ངའི་དམ་ཚིག་ལས་འགལ་མ་མྱོང་། ལེགས་པའི་ཤེས་རབ་རྒྱལ་པོ་བྷཾ་ག་དེ་ནི་ཁྱོད་ཡིན་ཏེ། དེའི་དུས་ནའང་དེ་ལྟར་བཀའ་དྲིན་ཆེའོ། །མྱ་ངན་བྲལ་ནི་ང་ལ་འཁྲུལ་པ་མེད། སྲིན་པོའི་

(༡༢༢༦)བུ་མོ་ལ་སོགས་བཙུན་མོ་གསུམ་ནི། ལྷ་མོ་གསུམ་དུ་སྔར་བསྟན་ཏེ། སྲིན་པོ་དང་། ཀླུ་འདུལ་བའི་དོན་དུ་དེར་སྐྱེ་བ་བཞེས་པ་ཡིན་ནོ། །དད་པ་བརྟན་པ་ནི། མགོན་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྟེ། ལྷ་ཀླུ་མི་གསུམ་སྲིན་པོ་དང་བཅས་འདུལ་བའི་དོན་དུ་བྷཾ་ག་ལར་དེ་ལྟར་འཁྲུངས་སོ། །ད་ལྟ་ནི་བོད་མཐའ་ཁོབ་འདུལ་བའི་དོན་དུ་དགེ་བསྙེན་སྦས་པའི་རྟུལ་ཞུགས་མཛད་པ་འདིར་འཁྲུངས་སོ། །ཞེས་གསུངས་པའི་སྲིན་ཡུལ་ལངྐའི་སྒོ་བསྲུང་བལ་གྱི་གླང་པོ་ཆེ་འབུལ་བ་པོ་ནི་རྭ་སྒྲེང་དུ་ཇོ་བོ་ཡབ་སྲས་གཉིས་ཕེབས་དུས་ཇོ་བོ་ཕྱི་ནང་དཀར་བར་གྲགས་པ་དང་། པཎ་ཆེན་དགེ་འདུན་གྲུབ་ཀྱི་བཀྲ་ཤིས་ལྷུན་པོ་འདེབས་དུས་ཇོ་བོ་ནེ་སེར་བར་གྲགས་པ་དང་། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས་ཆོས་འཁོར་རྒྱལ་མི་འགྱུར་ལྷུན་གྱི་གྲུབ་པའི་གནས་ཞལ་གསར་

(༡༢༢༧)དུ་ཕྱེ་སྟེ་གཙུག་ལག་ཁང་བསྐྲུན་པར་མཛད་དུས་དམག་དཔོན་ཆེན་པོ་ཇོ་བོ་རྒྱལ་མཚན་པ་ཞེས་བྱ་བའི་རྣམ་འགྱུར་འདིར་བཞེངས་ནས་བཀའ་སྡོད་སྲུང་མའི་གཙོ་བོར་གྱུར། གཞི་བདག་ཏུ་མངའ་གསོལ། དགའ་previous hit ཚལདང ་བཟུང་དུ་འབྲེལ་བའི་གནས་རིར་དམར་ནག་བྲག་རི་ཞེས་པའི་བྲག་ངོགས་སུ་སྐུ་མཁར་གསར་བསྐྲུན་མཛད། ནང་དུ་བཀྲ་ཤིས་ཤིང་། ཕྱི་རུ་དཔའ་ཞིང་གཏུམ་པ་མཐུ་རྩལ་ཆེ་བའི་གྲགས་པས་ཕྱོགས་ཐམས་ཅད་དུ་ཁྱབ། དུས་ཕྱིས་བདག་གིས་དྲན་པར་ཡང་གཞུང་གི་ཆིབས་ཁ་འགོ་པ་ཞིག་གིས་སྐུ་མཁར་གྱི་འགྲམ་དུ་རྟ་ལས་མ་བབས་པར་ཕྱིན། བརྙས་དམོད་བགྱིས་པའི་སང་དེ་རྟ་འགྲོགས་ནས་ཤ་ཐོར་ཁྲག་ཐོར་དུ་སོང་ནས་ཤི། དེ་ལས་སྔ་བར་སྡེ་སྲིད་ཟངས་རི་བ་རྒྱལ་དུ་ཕེབས་དུས་ཀྱང་བརྙས་པ་མཛད་པར་བརྟེན་

(༡༢༢༨)དེ་ཁའི་དུ་ཆིབས་ཞིག་གློ་བུར་དུ་ཤི། མཁན་རིན་པོ་ཆེ་ཡེ་ཤེས་རྒྱ་མཚོ་ཆིབས་བསྒྱུར་གྱི་དུས་རྒྱལ་ཡུམ་གྱིས་གསོལ་མཆོད་མ་བྱུང་བར་བརྟེན་པའི་གློ་བུར་དུ་དྲོངས་ལ་ཁད་པའི་རྟགས་མཚན་བསྟན། གསོལ་ཁ་མཛད་མ་ཐག་སྐུ་དངས་པའི་ངོ་སོ་ཆེ་བ་སོགས་དྲེགས་པས་བསྙེན་པ་ཐམས་ཅད་ལ་རྟགས་མ་ཐོན་པ་མེད། གཉུག་མར་བཞུགས་པའི་བསམ་གཏན་པ་རྣམས་ལ་དངོས་ཉམས་རྨི་ལམ་དུ་གཟུགས་སྟོན་ཅིང་གྲོགས་མཛད་པའི་ལོ་རྒྱུས་མང་། བདག་གིས་རྣམ་གྲོལ་གླིང་གི་གཡས་ཟུར་འདིར་སྐུ་མཁར་གསར་དུས་ཨ་བོ་ཐོས་བསམ་ཟེར་བའི་ཨར་དཔོན་ཞིག་ཡོད་པ་ཁོའི་རྨི་ལམ་དུ་མི་དཀར་པོ་ཞིག་བྱུང་སྟེ། མཁར་འདི་ནི་རྒྱལ་མཚན་པའི་མིན་ངའི་ཡིན་ཟེར་བར་ཁྱོད་སུ་ཡིན་བྱས་པར་ང་གཉན་ཆེན་ཐང་ལྷ་ཡིན་ཟེར། ཕྱིས་ཚངས་པ་ཆེན་པོར་དྲི་བ་ཞུས་པར་ཆོས་སྐྱོང་

(༡༢༢༩)རང་ནས་སྐུ་རྩེད་མཛད་པ་ཡིན་ཚུལ་གསུངས་ནའང་། ཐང་ལྷ་དང་རྒྱལ་མཚན་པ་ངོ་བོ་ཡེ་ཤེས་ཀྱི་ཀློང་དུ་རོ་གཅིག་པར་སྟོན་པའི་ཕྱིར་དུ་རྒྱལ་མཚན་པ་རང་གིས་དེ་ལྟར་བསྟན་པར་མངོན་སྐུ་མཁར་ཐོག་མར་གྲུབ་ནས་མངའ་གསོལ་གྱི་དུས་སྟོན་བགྱིས་དུས་ཆོས་འཁོར་རྒྱལ་ནས། གཤིན་རྗེ་གཤེད་དང་ཧེ་རུ་ཀའི་རྣལ་འབྱོར་པ་དགེ་སློང་རིན་ཆེན་བསྟན་འཛིན་གྲོགས། མཆེད་རྣམས་གློ་བུར་དུ་འབྱོར་པ་དང་། དེ་དུས་བྱ་རོག་གཏན་སྡོད་གཉིས་ལས་མེད་ཀྱང་དེ་ཉིད་གཞན་བྱ་རོག་ཝ་ཤས་བློ་བུར་དུ་འདུས་པ་དང་། བསྐང་བའི་མགོ་ཚུགས་དུས་ཕྱོགས་མི་ཞིག་གི་སྤྱང་ཀི་ཞིག་ཁྲིད་དེ་གློ་བུར་དུ་བྱུང་། དེར་དུས་པའི་རྟེན་རྫས་ཀྱི་སྐབས་སུ་མཁོ་བ་དང་། གསོལ་ཁ་གསར་སྒྲིགས་ཀྱི་དུས་ཉམས་དང་རྨི་ལམ་དུ་དམ་ཅན་འདུ་བའི་རྟགས་མཚན་ཤིན་ཏུ་ཆེ་ཞིང་། གཞན་

(༡༢༣༠)ལས་བརྩམ་བདེ་བ་སོགས་ངོ་མཚར་བའི་རྟགས་མང་དུ་བྱུང་སྟེ། ད་ལྟ་གཞི་བདག་གི་སོ་སོར་བཞུགས་པ་ཡིན་ནོ། །འཛིན་པ་ལག་མང་དང་། དུང་སྐྱོང་མ་གཉིས་ཀྱང་རྭ་སྒྲེང་དུ་གསེར་ལྡན་དང་། གཡུ་ལྡན་ཞེས་པར་གནས་བཅས་ཏེ་བཞུགས། བཀྲ་ཤིས་ལྷུན་པོ། ཆོས་འཁོར་རྒྱལ། པོ་ཏ་ལ་རྣམས་སུ་འབྲལ་མེད་དུ་བྱོན་ནས་བཞུགས་ཤིང་། ལྷག་པར་ཆོས་འཁོར་རྒྱལ་དུ་ནི་གནས་ཀྱི་ལྷོ་བྱང་དུ་ཆུ་མིག་ཤིན་ཏུ་གཉན་པ་རེར་བཞུགས་གནས་བཅས་ཏེ། ཆར་འབེབས་གཅོད་ཐམས་ཅད་ལ་ངོ་སོ་ཤིན་ཏུ་ཆེ་ཞིང་ཆོས་མཛད་ཐམས་ཅད་ཀྱི་མགོན་པོར་བཞུགས་སོ། །འདི་ཉིད་ནི་གོང་དུ་བཀའ་གདམས་གླེགས་བམ་ནས་གསུངས་པ་བཞིན་ཁྲོ་གཉེར་ཅན་མ་དང་། ནོར་རྒྱུན་མའི་སྤྲུལ་པར་ངེས་ཤིང་། ངོ་བོ་ནི་ཀུན་མཁྱེན་རྒྱལ་བའི་དབང་པོ་ཕྱག་ན་པདྨ་རང་གི་ཡེ་ཤེས་

(༡༢༣༡)ཉིད་ལ་འདུས་སོ། །རང་རེར་ཡང་ཀླུ་འདི་ཉིད་ཤིན་ཏུ་འགོ་ཞིང་དམ་ཚིག་གི་གནས་ལ་ངོ་ཐོན་མཛད། ད་ལྟ་བླ་མཚོ་ཆེན་པོར་གནས་བཅས་ཏེ་བཞུགས་པ་ཡིན་ནོ། ༈ །བཙན་རྒོད་སྐྱེས་བུ་ཀླུ་བཙན་ནི། དང་པོ་གཙང་སྟོད་ཀྱི་ཕྱོགས་སུ་མེས་པོ་གནམ་བཙན་དང་ས་བཙན་ལ་སྲས་སྐྱེས་རྗེ་བཙན་པོ་འཁྲུངས། དེ་དང་ཡུམ་སྐྱེས་བདག་བཙུན་མོ་བཤོས་པ་ལས་སྲས་ཆེ་བ་སྐྱེས་ཚེ་མུ་ཁྲ་དེ་འགོ་སྐྱེས་འབྲིང་རིམ་པ་ཐ་ཆུང་སྐྱེས་བུ་ཀླུ་བཙན་གསུམ་འཁྲུངས། སྐྱེས་བུ་ཀླུ་བཙན་དེ་ནི་མི་དམར་འཇིགས་སུ་རུང་བ་བསེའི་ཨག་ཚོམ་ཅན་སྟོབས་དང་ཡང་རྩལ་འགྲན་ཟླ་མེད་པ་རྟ་མཆོག་དམར་པོ་བསེའི་སྒ་ཆས་ཅན་ལ་ཆིབས་པ། བསེ་བྱ་ལྡན་དམར་ཀླད་ལ་ལྡིང་བ་བསེ་ཁྱི་དམར་པོ་རོལ་དུ་འཁྲིད་པ། ལྷ་ཀླུ་གཟའ་དང་མ་

(༡༢༣༢)མོ་རྒྱལ་པོ་ལ་སོགས་པའི་སྡེ་བརྒྱད་ཀུན་ལ་དོ་བསྡོ་བ། བརྒྱུག་ན་རྟ་མགྱོགས་པ། བརྡུངས་ན་གཞུ་ཁུགས་པ། འཕན་ན་ཟླ་བཟང་བ་ཞིག་བྱུང་། དེར་ཡབ་ཡུམ་གྱིས་ཕུ་བོ་སྐྱེས་ཚེ་མུ་ཁྲ་ལ་ཡུལ་གྱི་དཔོན་པོ་བསྐོས། སྐྱེས་འབྲིང་རིམ་པ་ལ་ཞིང་ཁང་དང་ནོར་རྫས་སྐལ་བར་ཕོག །སྐྱེས་བུ་ཀླུ་བཙན་ལ་བཙན་བཤོས་མིག་མང་ཙམ་སྐལ་བར་བྱིན་པས་ཤོ་དེ་ཁྱེར། མྱུར་མགྱོགས་ཀྱི་བཙན་རྟ་ཞོན། ལྷ་ཆེན་པོ་སྟོད་ལྷ་ཨང་ཟང་གི་དྲུང་དུ་བྱོན་ཏེ། འོ་སྐོལ་གཉིས་ཤོ་ལོ་ཞིག་ཨེ་རྩེ། ལག་པ་ཞིག་ཨེ་སྦྲེལ། མི་ཕོའི་རྩལ་ཞིག་ཨེ་འགྲན། བདུད་ཀྱི་ཞགས་རྩེད་གཅིག་ཨེ་འགྲན། བཙན་གྱིས་འཐན་འགྱེད་གཅིག་ཨེ་འགྲན། དམུའི་སྒྱོགས་རྩལ་ཞིག་ཨེ་འགྲན། ཕོ་རྩལ་སྣ་དགུ་ཞིག་ཨེ་འགྲན་ཞུས་པས། སྟོད་ལྷ་ན་རེ་

(༡༢༣༣)ངེད་རང་གཉིས་པོ་ཤོའི་ཤོ་རྩེད་ཀྱང་མི་རྩེ། མི་ཕོའི་རྩལ་ཀྱང་མི་འགྲན། རྟ་ཕོའི་བང་ཡང་མི་འགྲན། བདུད་ཀྱི་ཞགས་རྩེད་ཀྱང་མི་འགྲན། བཙན་གྱི་འཐན་འགྱེད་ཀྱང་མི་འགྲན། དམུའི་སྒྱོགས་རྩལ་ཀྱང་མི་འགྲན། ཕོ་རྩལ་སྣ་དགུ་ཡང་མི་འགྲན། ཁྱོད་ནི་དྲག་པོ་བཙན་གྱི་བུ་ཡིན། ང་ནི་གཙང་མ་ལྷའི་སྲས་པོ་བར་སྣང་ཁམས་ཀྱི་ལྷ་ཡིན་པས་ངེད་རང་གཉིས་བསྲེས་ཀྱང་མི་འགྲེ་བསྡོས་ཀྱང་དོ་མི་བསྡོ། ཁྱེད་རང་གསེར་སྐྱེམས་བཞེས་ལ་ཉི་མ་ནུབ་ཕྱོགས་ལ་བྱོན་ཞིག་གསུངས། དོ་ནུབ་སྟོད་ལྷའི་དྲུང་དུ་བཞུགས། སང་ནམ་སང་ལ་དེ་ནས་ཉི་མ་ནུབ་ཕྱོགས་སུ་བྱོན། ལྷ་ཆེན་ནུབ་ལྷ་ལྷུན་འགྲུབ་དང་མཇལ། སྔར་བཞིན་ཞུས་པས། དེས་ཀྱང་ལན་སྔར་ལྟར་གསུངས་ནས། ཉི་མ་བྱང་ཕྱོགས་སུ་བྱོན་ཞིག་སྨྲས་

(༡༢༣༤)པས། སང་དེ་གཙང་ལྷ་བུ་དར་གྱི་འཁྲིས་སུ་བྱོན། དེར་ཡང་སྔར་ལྟར་ཞུས་པས་མཐུན་པའི་གསེར་སྐྱེམས་དྲངས་ནས་རྩལ་འགྲན་དུ་མ་བླངས། ཉི་མ་ལྷོ་ཕྱོགས་ལ་བྱོན་ཞིག་གསུངས། སང་དེ་ཡར་ལྷ་ཤམ་པོའི་འཁྲིས་སུ་བྱོན་ཏེ་སྔར་ལྟར་ཞུས་པས་དང་དུ་མ་བཞེས། གསེར་སྐྱེམས་བཞེས་ལ་ཉི་མ་ཤར་ཕྱོགས་སུ་བྱོན་གསུངས། རྒྱལ་ཆེན་ཀོང་ལྷ་དཀར་པོ་དང་། ཀོང་བཙུན་དེ་མོའི་འཁྲིས་སུ་བྱོན་ནས་སྔར་ལྟར་ཞུས་པས། གསེར་སྐྱེམས་དྲངས། རང་གནས་སུ་བྱོན་ཞིག་གསུངས། དེར་སྐྱེས་བུ་ཀླུ་བཙན་དེ། ཡུལ་རྡོ་ཆུང་སོག་ཁར་བྱོན་རྟ་ཡང་ཆད། མི་ཡང་ངལ་བས། རྟ་སྒ་ཉན་ཆུང་སྔས་ལ་རྒྱབ། རྟ་གདན་གྲུ་བཞི་གདན་ལ་བཏིང་། རྟ་ཕོ་དེ་ན་ཁར་རྒྱབ། ཁོ་རང་གཟིམས་ནས་ཞུགས་པས། རྨི་ལམ་ལ་ཤར་

(༡༢༣༥)ཕྱོགས་དུང་རི་དཀར་པོའི་རྩེ་ནས་མི་དཀར་ཞིག་སྟེངས་ནས་འཆོང་གིན་བྱུང་། རྟ་དཀར་ཞིག་འོག་བས་རྒྱུག་གིན་བྱུང་། བྱ་དཀར་ཞིག་ཀླད་ནས་ལྡིང་གིན་བྱུང་། ཁྱི་དཀར་ཞིག་རོལ་དུ་ཁྲིད་ཀྱིན་བྱུང་། དེར་གཉིད་ལ་ཕྲག་པས་རྒྱབ་ཧར་གྱིས་བཞེངས་ནས་གཟིགས་པས་རྨི་ལམ་དུ་ཇི་ལྟར་བྱུང་བ་བཞིན་མངོན་སུམ་དུ་འདུག །མི་དཀར་དེའི་ཞལ་ནས་ཀུ་སྒྲ་འདེབས། ཕྱག་ནས་གཡབ་མོ་གཡོབ་ཅིང་། བཙན་གྱི་རྒྱལ་པོ་སྐྱེས་བུ་ཀླུ་བཙན་ཁྱོད། ཁྱོད་ལ་དགོས་པའི་དོན་དེ་ཅི་བྱུང་ཟེར་བ། སྐྱེས་མཆོག་མི་དཀར་རྟ་དཀར་ཁྱེད། དང་པོ་གང་ནས་གང་ལ་བྱོན། ད་ནང་གང་ནས་གང་དུ་ཕེབས། །དོ་ནུབ་གང་ནས་གང་དུ་བྱོན། ཁྱེད་ཀྱི་མཚན་ལ་ཅི་སྐད་ལགས་གསུངས་པས། དེ་ན་རེ། དང་པོ་ལྷ་ཡུལ་གུང་ཐང་ནས་ཡིན། ད་ནང་མཐོན་

(༡༢༣༦)པོ་གངས་དཀར་ནས་འོངས། དོ་ནུབ་ཨེ་རོང་གི་ཕྱོགས་སུ་འགྲོ། ངའི་མིང་ལ་ལྷའི་རྒྱལ་པོ། ལྷ་གཉན་ཁ་འདྲེན་བྱ་བ་ཡིན། ཁྱོད་དང་པོ་གང་ནས་ཡིན། ད་ནང་གང་ནས་བྱོན། དོ་ནུབ་གང་དུ་བྱོན། མཚན་ལ་ཇི་སྐད་ཟེར་རོ། །དེར་བཙན་གྱིས། དང་པོ་སྐྱི་ཡུལ་ནི་སྟོད་ནས་ཡིན། ད་ནང་ཀོང་པོ་ནས་འོང་། དོ་ནུབ་གར་འགྲོ་ཆ་མེད། ངའི་མིང་ལ་བཙན་རྒོད་སྐྱེས་བུ་ཀླུ་བཙན་ཟེར། ཁྱོད་ནི་ལྷའི་རྒྱལ་པོར་འདུག །ངེད་ནི་བཙན་གྱི་རྒྱལ་པོ་ཡིན་པས། ངེད་རང་གཉིས་ཤོའི་ཤོ་མོ་ཞིག་ཨེ་འགྲན། དགའ་བའི་ལག་པ་ཞིག་ཨེ་སྦྲེལ། མི་ཕོའི་རྩལ་ཞིག་ཨེ་འགྲན་སོགས་སྔར་ལྟར་གསུངས་པས། དེ་ན་རེ་ཤོའི་ཤོ་མོ་ཡང་འགྲན་རཚཙོག །དགའ་བའི་ལག་པ་ཡང་སྦྲེལ་ཆོག །མི་ཕོའི་རྩལ་ཡང་འགྲན་ཆོག །རྟ་ཕོའི་བང་ཡང་འགྲན་ཆོག །བདུད་

(༡༢༣༧)ཀྱི་ཞགས་རྩིད་ཀྱང་འགྲན་ཆོག །བཙན་གྱི་འཐན་འགྱེད་ཀྱང་འགྲན་ཆོག །དམུའི་སྒྱོགས་རྩལ་ཀྱང་འགྲན་ཆོག །ཕོ་རྩལ་སྣ་དགུ་ཡང་འགྲན་ཆོག་ཟེར་བར། འོ་ན་ཁྱོད་ཀྱི་སྟེང་ན་ལྷ་ཡོད་དམ། འོག་ན་འབངས་ཡོད་དམ་གསུངས་པས་དེ་ན་རེ། སྟེང་ན་ལྷ་ཡོད་དེ་ཡར་ལྷ་ཤམ་པོ་བཞུགས། འོག་ན་འབངས་ཡོད་དེ་གཏམ་ཚིག་གསུམ་བསྒྲུབ་པའི་བྲན་ཞིག་ཡོད་གསུངས་དེར་ལྷ་བཙན་གཉིས་ཀྱི་ཉ་མགོ་གྲུ་དོན། ཁྲ་འབྲུག་ནེ་ཐང་ཆེན་མོར་བྱོན་ཏེ། མི་ཕོའི་རྩལ་ཞིག་འགྲན། རྟ་ཕོའི་བང་ཞིག་འགྲན། ཕོ་རྩལ་སྣ་དགུ་ཞིག་དྲངས་ཀྱང་རྒྱལ་ཕམ་གྱིས་ཤན་མ་ཕྱེད། སང་ནམ་ལངས་ལ་བཙན་རྒོད་ཀྱིས་ལྷ་ལ་རྣ་གཡུ་འོད་ཅན་གལ་དུ་བཙུགས་ནས་ཤོ་རྩེས་ཅིག་འགྲན་པོ་གསུངས། ཤོ་རྒྱབ་པས་ཤོ་མོ་དྲུག་གསུམ་བཅོ་བརྒྱད་ཁྲ་རམ་གྱིས་ཤར། ལྷ་

(༡༢༣༨)ལ་ཤོ་མིག་གསུམ་ལས་མ་ཤར། རྣ་གཡུ་བཙན་གྱིས། ཡང་དེའི་སང་དེ་སྔར་ལྟར་རྩེས་ནས་ཡུལ་གཞིས་ཁང་ནོར་དང་བཅས་པ་གལ་དུ་བཙུག་པས་སྔར་ལྟར་བཙན་རྒྱལ། ལྷ་ཕམ་དེར་ལྷ་དེ་མྱ་ངན་གྱི་ནོན། འོ་ན་མདའ་གསེར་ཁང་རྩེར་སྟོན་པ་ཤེས་རབ་མེས་པོ་བཞུགས་པའི་དྲུང་དུ་བྱོན་ཏེ། ཕྱག་དང་བསྐོར་བ་མཛད་དེ་སྔར་གྱི་ལོ་རྒྱུས་རྣམས་གསོལ་ནས་བཙན་རྒོད་སྐྱེས་བུ་ཀླུ་བཙན་དང་ཤོ་རྒྱབ་པས། ངའི་རྣ་གཡུ་འོད་ཅན་ཡང་ཤོར། གྲི་གུ་སོ་གཏོད་དང་། སྟག་རལ་གཟིགས་ཤུབས་དང་། གྱི་ལིང་རྟ་ཕོ་དང་། རྟ་སྒ་རྟ་གདན་དང་། ཡུལ་གཞིས་ཁང་ནོར་དང་བཅས་པ་ཤོར་སོང་བས་ད་ཐབས་ཅི་དྲག་ཞུས་པས། དེར་སྟོན་པའི་ཞལ་ནས་འོ་ན་ཁྱོད་རང་བཙན་ཡུལ་ནས་བཙན་ལུགས་གྲོ་མོ་འཚོལ་ལ་བཙན་མདོས་མཐོང་། ཕྱི་ཤས་ལྷ་དགུ་གསོལ། ནང་ཤས་ཀླུ་དགུ་གསོལ་

(༡༢༣༩)ལ། དབང་པོ་སྒོ་ལྔ་གལ་དུ་བཙུགས་ཤོ་མོ་རྩེའོ་གྱིས་ཤིག་གསུངས་པས། ལྷས་དེ་ལྟར་བགྱིས་ཏེ། ཡང་ཅིག་བཙན་རྒོད་ལ་ཤོ་རྩེད་རྩེའི་བྱས་པས། ཀླུ་བཙན་ན་རེ། ད་ནི་ཤོ་མོ་མི་བརྩེ་གསུངས་པས། ལྷ་ན་རེ། རྒྱལ་པོ་ཁྱོད་གཉིད་ཡོད་ཀྱང་། ཕམ་པོ་ང་ལ་གཉིད་མེད་པས། ངེད་རང་གཉིས་ཡང་ཡང་གཅིག་ཤོ་མོ་འཕང་དགོས་བྱས་པར། བཙན་རྒོད་ཀྱི་འོ་ན་གལ་དུ་ཅི་འཛུགས་གསུང་བར་དབང་པོ་སྒོ་ང་འཛུགས་སོ་ཟེར། བཙན་གྱི་བསེ་གཡབ་དམར་པོ་གདན་དུ་གཏིང་། ལྷའི་གོང་ཁུག་ནས་དུང་ཤོ་དཀར་པོ་བཀྲོལ་ཤོ་རྒྱབ་པས། ལྷ་ལ་ལྕམ་དང་། བཙན་ལ་དྲུག་ཤར་བས། ལྷ་རྒྱལ། བཙན་ཕམ། དེར་ལྷས་སྐྱེས་བུ་ཀླུ་བཙན་བཙིར་གྱིས་བཟུང་ཞགས་པ་སྐེ་ལ་རྒྱབ། ཟོ་དང་གོང་པོ་རིའི་འཁྲིས་སུ། ཚེར་མའི་དོང་དུ་བསྐྱུར། དོང་གི་ཁ་

(༡༢༤༠)བཅད། སྐྱེས་པ་བདུན་དང་བུད་མེད་བདུན་བསྲུང་དུ་བཅུག །དེ་ནས་ལྷས་ཡར་ལྷ་ཤམ་པོའི་དྲུང་དུ་བྱོན་ཏེ་སྔར་གྱི་ལོ་རྒྱུས་རྣམས་ཞུས་གྲོས་གསོལ་བས། ཤམ་པོའི་ཞལ་ནས། སྐྱེས་བུ་ཀླུ་བཙན་མ་གཏོང་བར་གསོད་ཅིག་གསུང་། དེར་བཙན་གྱི་མནལ་ལམ་དུ་ལྷ་འཁོར་འདས་ཀྱི་བསད་པའི་རྨི་ལམ་བྱུང་བས་རྫུ་འཕྲུལ་གྱི་སྟོབས་བསྐྱེད་དེ་དོང་ཁ་ཕྱེ་ནས་སྐྱེས་པ་རྣམས་བསད། གློ་སྙིང་བཏོན། བུད་མེད་རྣམས་བསད་ནུ་མ་བྲེགས། ཡར་ཀླུང་སྙག་ཐང་གི་ཕྱོགས་སུ་བྱོན། ཕ་བོང་གླང་འདྲའི་ཕྱོགས་སུ་སྐུངས། དེ་ནས་ཉ་མགོ་གུར་བྱོན་ཏེ་གཉན་དཔོན་དུང་པོ་རྒྱལ་བ་ལ། བུད་མེད་ཀྱི་ནུ་མ་རྣམས་དངུལ་དམ་དུ་སྤྲུལ་ནས་བརྔན་པར་བྱིན། བཙན་མི་དམར་རྟ་དམར་ཨེ་སོང་ཟེར་ན་མ་སོང་གྱིས། བྱ་དམར་ཁྱི་དམར་ཨེ་སོང་ཟེར་ན་མ་སོང་གྱིས། གནམ་ལ་བྱ་ཞིག་ཨེ་སོང་ཟེར་ན་མ་སོང་གྱིས། ས་ལ་བྱི་ཞིག་

(༡༢༤༡)ཨེ་འཛུལ་ཟེར་ན་མ་འཛུལ་གྱིས། གསུང་། འོན་གྱི་གཞུང་ལ་བྱོན། རྟ་དཀར་ལའི་ལ་སྲུང་དང་ཕྲད། རྟ་དང་མིའི་རྩིབ་མ་དུང་གི་གཞུ་དང་གསེར་གྱི་མདར་སྤྲུལ་ཏེ་བརྔན་པར་བྱིན། མི་དམར་རྟ་དམར་ཨེ་སོང་ཟེར་ན་མ་སོང་གྱིས། ཞེས་སོགས་སྔར་ལྟར་གསུངས་ཏེ། སྔོན་གྱི་འཁྲུངས་ཡུལ་ལ་བྱོན། ཡབ་སྐྱེས་རྗེ་བཙན་པོ་དང་འཇལ་བས་ཡབ་ན་རེ། ཁྱོད་ཀྱི་དཀར་པོ་ལྷ་ལ་བསོས་ཡོད་དམ། །ནག་པོ་བདུད་ལ་བསྡོད་ཡོད་དམ། །མ་མོ་བརྟན་མར་བསྡོས་ཡོད་དམ། །དྲག་པོ་གཟའ་ལ་བསྡོས་ཡོད་དམ། །རྒྱལ་འགོང་ཀླུ་ལ་བསྡོས་ཡོད་དམ། །མདང་གསུམ་ཉལ་བའི་རྨི་ལམ་ལ། །བཙན་རི་དམར་པོའི་མགོ་ནས་ཉིལ་བ་རྨིས། །བཙན་བྱ་འུག་པ་སྐད་ངན་འདོན་པ་རྨིས་སོ། །བཙན་གྱི་ཤ་བ་དམར་པོ་དུང་གི་རྭ་ཅན་ཞིག །མི་ཡིས་

(༡༢༤༢)བཟུང་ནས་བསད་པ་རྨིས་གསུངས་པས། སྐྱེས་བུ་ཀླུ་བཙན་གྱིས། ངས་དཀར་པོ་ལྷ་ལ་བསྡོས་ཡོད་དོ། །ལྷ་གཉན་ཁུ་འདྲེན་དེ་ལ་བསྡོས་ཡོད་དོ། །ངེད་གཉིས་ཤོ་རྒྱབ་པས། དང་པོར་ང་རྒྱལ་བས་ཁོའི་རྣ་གཡུ་འོད་ཅན། རལ་དྲི་སོ་གཏོད། སྟག་རལ་གཟིགས་ཤུབ། རྟ་ཕོ་སྒ་འཁོར། ཡུལ་གཞིས་ས་ཁང་ནོར་རྫས་དང་བཅས་པ་ངས་ཐོབ། ཡང་གཅིག་ཤོ་རྒྱབ་པས་ངས་ཤོར་ཁོ་རྒྱལ་བས་ངའི་དབང་པོ་སྒོ་ལྔ་ཁོས་དབང་བ་ཡིན་གསུངས་པས་ཡབ་ན་རེ། འོ་ན་ཁྱོད་རང་བཙན་གྱི་ཤ་བ་དམར་པོ་དུང་གི་རྭ་ཅོ་ཅན་ཞིག་ཏུ་སྤྲུལ་ནས་སྡོད་ཅིག་གསུངས་པ་བཞིན་ཤ་བར་སྤྲུལ་ཏེ་བཞུགས། ལྷ་གཉན་ཁུ་འདྲེན་གྱིས་ཡར་ལྷ་ཤམ་པོའི་སྐུ་མདུན་ནས་ཕྱིར་འཁོར་བའི་དུས་སུ་སྐྱེས་བུ་ཀླུ་བཙན་ཤོར། དང་པོ་སྲུང་གི་ཕོ་མོ་རྣམས་བསད་པ་གཟིགས་པས་རྗེས་བདས་སུ་བྱོན། གཉན་དཔོན་

(༡༢༤༣)དུང་སོ་རྒྱལ་བ་ལ་མི་དམར་རྟ་དམར་ཞིག་ཨེ་སོང་། བྱ་དམར་ཁྱི་དམར་ཞིག་ཨེ་སོང་། གནམ་ལ་བྱ་ཞིག་ཨེ་སོང་། ས་ལ་བྱི་བ་ཅིག་འཛུལ་བ་ཨེ་མཐོང་དྲིས་པས། གཉན་དཔོན་ན་རེ། མི་དམར་རྟ་དམར་ཡང་མ་མཐོང་། བྱ་དམར་ཁྱི་དམར་ཡང་མ་མཐོང་། གནམ་ལ་བྱ་ཡང་མ་མཐོང་། ས་ལ་བྱི་བ་ཡང་མ་སོང་བྱས། འོ་ན་ཁྱོད་ལ་བྱིན་པའི་དངུལ་དམ་དེ་དངུལ་མིན། བུད་མེད་ཀྱི་ནུ་མ་ཡིན་པས་ལྟོས་ཤིག་བྱས་པས། ངེས་པར་བུད་མེད་ཀྱི་ནུ་མ་ཡིན་པར་འདུག །དེར་གཉན་དཔོན་ཞེ་ཁྲེལ་ཏེ་མི་དམར་རྟ་དམར་ཡང་སོང་། བྱ་དམར་ཁྱི་དམར་ཡང་སོང་། མི་དམར་གསོད་ན་གསོད་ཐུབ་པ་ཡོད། རྟ་དམར་བདས་ན་ཟིན་པ་ཡོད་ཟེར་རོ། །དེ་ནས་ལྷས་འོན་གྱི་གཞུང་རྒྱུད་རྟ་དཀར་ལ་

(༡༢༤༤)བྱོན། ལ་སྲུང་ལ་སྔར་བཞིན་དྲིས་པས་གཉན་དཔོན་གྱིས་ལབ་པ་བཞིན་དུ་ཟེར་བས། ཁྱོད་ལ་བྱིན་པའི་དུང་གཞུ་གསེར་མདའ་གཉིས། རྟ་དང་མིའི་རྩི་བ་མ་ཡིན། ཡིན་མིན་ཁྱོད་རང་ལྟོས་ཤིག་བྱས་པས། ཇི་སྐད་ཟེར་བ་བཞིན་དུ་འདུག་པས། དྲངས་པོར་བཤད། ཡབ་སྐྱེས་རྗེ་བཙན་པོའི་དྲུང་དུ་བྱོན། བཙན་གྱི་རྒྱལ་པོ་ཆེན་པོ། ཁྱོད་ཀྱི་སྐྱེས་བུ་ཀླུ་བཙན་ཨེ་གཟིགས། མི་དམར་རྟ་དམར་ཨེ་གཟིགས། བྱ་དམར་ཁྱི་དམར་སོགས་ཨེ་གཟིགས་དྲིས་པས། ཡབ་ན་རེ་ངའི་བུ་ཡང་མ་མཐོང་། སྐྱེས་བུ་ཀླུ་བཙན་ཡང་མ་མཐོང་། མི་དམར་རྟ་དམར་ཡང་མ་མཐོང་། བྱ་དམར་ཁྱི་དམར་ཡང་མ་མཐོང་། ཁྱོད་རང་ཡུལ་ལ་ལོག་ལ་འཚོལ་ཞིག་གསུངས་པས། ལྷ་ན་རེ། ང་ཡུལ་ལ་ལོག་ནས་མི་འགྲོའོ། །

(༡༢༤༥)ངེད་གཉིས་ཤོ་བརྒྱབ་པས་དང་པོར་ཁོས་ཐོབ་སྟེ་ངའི་རྣ་གཡུ་འོད་ཅན་རལ་གྲི་སོ་གཏོད། སྟག་རལ་གཟིགས་ཤུབ། རྟ་ཕོ་སྒ་འཁོར། ཡུལ་གཞིས་ས་ཁང་དང་བཅས་པ་རྣམས་ཁོ་ལ་ཤོར། དེ་ནས་ཡང་གཅིག་རྒྱབ་པས་ཁོའི་དབང་པོ་སྒོ་ལྔ་ངས་ཐོབ་པ་ཡིན་ཟེར། ཡབ་ན་རེ། འོ་ན་རྗེའི་གླུད་ལ་འབངས་འོས། །དཔོན་གྱི་གླུད་ལ་གཡོག་འོས། །གཞོན་པའི་གླུད་ལ་རྒན་རྒོན་འོས། །བུའི་གླུད་ལ་ཕ་འོས་པས། ཁོའི་ཚབ་ངས་བྱ་ཡིས་གསུངས། །ལྷ་ན་རེ། གཞན་བདེན་ཡང་། བུའི་གླུད་ལ་ཕ་མི་འོས་པས། ཁོ་རང་དགོས་རྒྱུ་ཡིན་ཟེར་ནས། །འཚོལ་དུ་བཅུག་པས་མ་རྙེད་དོ། །དེར་ལྷས་ནས་དཀར་མོ་བྲེ་གང་གནམ་ལ་གཏོར། ནག་མོ་བྲེ་ལ་ས་ལ་གཏིང་། མོ་འཕྱ་བྱས་པས། བཙན་

(༡༢༤༦)གྱི་རྒྱལ་པོ་སྐྱེས་བུ་ཀླུ་བཙན་དེ་ཤ་བ་དམར་པོ་དུང་གི་རྭ་ཅོ་ཅན་ཞིག་ཏུ་སྤྲུལ་ནས་འདར་ཡེད་ཡེད། དབུགས་ལྷེབ་ལྷེབ་འདུག་པ་མཐོང་ངོ་། །དེར་ཤ་བས་མི་སྐད་དུ་གསུངས་པ། ལྷ་ཡི་རྒྱལ་པོ་ཚུར་གསོན་དང་། །ང་རབ་ཏུ་ལོ་གསུམ་འཇོག་རོག་མཛོད། །འབྲིང་དུ་ཟླ་གསུམ་འཇོག་རོག་མཛོད། །ཐ་མ་ཞག་གསུམ་འཇོག་རོག་མཛོད། །ཡང་ན་གོམ་གསུམ་འབྲོས་སུ་ཆུག །ཡང་ན་ཚིག་གསུམ་སྨྲ་རུ་ཆུག་གསུངས་པས། ལྷ་ན་རེ། རབ་ལོ་གསུམ་ཡང་མི་འཇོག །འབྲིང་ཟླ་གསུམ་ཡང་མི་འཇོག །ཐ་མ་ཞག་གསུམ་ཡང་མི་འཇོག །གོམ་གསུམ་འབྲོས་སུ་མི་འཇུག །ཚིག་གསུམ་སྨྲ་ན་ད་ལྟ་སྨྲོས་བྱས་པས། །བཙན་གྱི་ཞལ་ནས། ཀྱཻ། ང་ཡི་རུས་པ་དཀར་པོ་ལ། ཤར་ཕྱོགས་དྲི་ཟའི་བཙན་རྒྱལ་པོ་མི་དཀར་རྟ་དཀར་བརྒྱ་དང་སྟོང་དུ་

(༡༢༤༧)འབྱུང་བར་ཤོག །ང་ཡི་པགས་པ་སྔོན་པོ་ལ་ལྷོ་ཕྱོགས་གཤིན་རྗེའི་སྔོན་པོ་བཙན། མི་སྔོན་བརྒྱ་དང་སྟོང་དུ་འབྱུང་བར་ཤོག །ང་ཡི་ཁྲག་ཐིག་དམར་པོ་ལ་ནུབ་ཕྱོགས་ཀླུ་དབང་དམར་པོའི་བཙན། མི་དམར་རྟ་དམར་བརྒྱ་དང་སྟོང་དུ་འབྱུང་བར་ཤོག །ང་ཡི་སྐྲ་དང་བ་སྤུ་ལ་བྱང་ཕྱོགས་གནོད་སྦྱིན་ནག་པོའི་བཙན། མི་ནག་རྟ་ནག་བརྒྱ་དང་སྟོང་དུ་སྐྱེ་བར་ཤོག །ང་ཡི་དབུགས་དང་ཚིལ་བུ་ལ་དབུས་ཕྱོགས་ས་བདག་རྒྱལ་པོའི་བཙན། མི་སེར་རྟ་སེར་བརྒྱ་དང་སྟོང་དུ་སྐྱེ་བར་ཤོག །ལྷ་གཉན་ཁུ་འདྲེན་གྱི་སྲོག་དབུགས་ལེན་པར་ཤོག་གསུངས་པས། ལྷ་སྐྱེས་བུ་ཀླུ་བཙན་སྒྱེལ་ཏེ་དཔྲལ་བའི་མིག་བཏོན། ཁོང་པའི་སྙིང་བཏོན། རྩིབ་དབར་ལ་སྒོ་ཕྱེ། རྐང་ལག་གིས་ཉྭ་གཞུར། ལག་པ་གཡས་པ་ཤར་དུ་སྐྱལ། ལག་པ་གཡོན་

(༡༢༤༨)པ་ལྷོར་བསྐྱལ། རྐང་པ་གཡས་པ་ནུབ་ཏུ་བསྐྱལ། གཡོན་པ་བྱང་དུ་བསྐྱལ། མགོ་ལུས་དབུས་སུ་བཞག །རྟ་དཀར་ལ་བརྒྱུད་དེ་ལ་རྩར་བྱོན་ཙ་ན། ཤར་ཕྱོགས་དྲི་ཟའི་བཙན་མི་དཀར་རྟ་དཀར་བརྒྱ་སྟོང་དུ་ཤར་ཏེ་འགྲིམས་ནས་བདས། ཁྱེད་ཀྱིས་ངེད་ཀྱི་སྐྱེས་བུ་ཀླུ་བཙན་བསད་པ་ཡིན་པས་གང་ནས་གང་དུ་འགྲོ་བལྟའོ་ཟེར། དེར་ལྷའི་ཕྱག་ན་ཤེལ་དཀར་གྱི་མཆོད་རྟེན་ཞིག་ལ་དམོད་བོར་ཏེ་ཅི་བསམ་ཅི་རུ་འགྲུབ་ན་ནི། ཤེལ་གྱི་མཆོད་རྟེན་དཀར་པོ་འདི། །གངས་རི་གཅིག་ཏུ་འགྱུར་བར་ཤོག །ཅེས་མཆོད་རྟེན་དེ་བསྐུར་བས་གངས་རིར་སོང་། དྲི་ཟའི་བཙན་རྣམས་རེ་ཞིག་ལུས་དེ་ནས་རྟ་དཀར་ལ་རྐེད་ལ་སླེབ་དུས་ལྷོ་ཕྱོགས་གཤིན་རྗེའི་བཙན་མི་སྔོན་རྟ་སྔོན་བརྒྱ་སྟོང་གིས་བདས་ནས་སྔར་ལྟར་ཟེར་རོ། །དེར་ཤེལ་དཀར་

(༡༢༤༩)གྱི་མེ་ལོང་ཡོད་པ་དེར་དམོད་བོར་ཏེ། ཅི་བསམ་ཅི་རུ་འགྲུབ་ན་ནི། །ཤེལ་དཀར་གྱི་མེ་ལོང་འདི་མཚོ་ཏུ་འགྱུར་བར་ཤོག །ཅེས་དམོད་བོར་བས། མཚོ་དཀར་པོ་མེ་ལོང་འདྲ་བ་ཞིག་ཏུ་སོང་ནས་གཤིན་རྗེའི་བཙན་རྣམས་རེ་ཞིག་ལུས། རྟ་དཀར་ལ་རྩེར་སླེབས་དུས་ནུབ་ཕྱོགས་ཀླུ་བཙན་དམར་པོ་མི་དམར་རྟ་དམར་བརྒྱ་སྟོང་ཙམ་གྱིས་དེད་དེ་སྔར་ལྟར་ཟེར་བས་སྤེན་ཕྱགས་ཤིག་ལ་དམོད་བོར་ནས། ང་ཅི་བསམ་ཅི་རུ་འགྲུབ་ན་སྤེན་མ་འདི་ནགས་རི་སྨུག་མོ་ཞིག་ཏུ་འགྱུར་བར་ཤོག །ཅེས་སྤེན་མའི་ཕོན་པོ་དེ་བོར་བས། ནགས་རི་ཞིག་ཏུ་སོང་ནས་ཀླུ་བཙན་རྣམས་རེ་ཞིག་ལུས། རྟ་དཀར་ལ་ནང་དུ་སླེབ་དུས་བྱང་ཕྱོགས་གནོད་སྦྱིན་གྱི་བཙན་མི་ནག་རྟ་ནག་བརྒྱ་སྟོང་ཙམ་དུ་བྱུང་ནས་དེད་དེ་སྔར་བཞིན་ཟེར་རོ། །དེར་རྫ་ལུང་ཞིག་ལ་དམོད་

(༡༢༥༠)བོར་ཏེ། ང་ཅི་བསམ་ཅི་རུ་འགྲུབ་ན་གྱོ་མོའི་ལུང་འདི་རྫ་རི་ནག་པོ་འཇིགས་སུ་རུང་བ་ཞིག་ཏུ་འགྱུར་བར་ཤོག །ཅེས་དམོད་བོར་བས། རྫ་རི་ཞིག་ཏུ་གྱུར་ནས། བཙན་རྣམས་ནི་རེ་ཞིག་འགགས་སོ། །ལ་གཤམ་དུ་སླེབས་དུས་དབུས་ཕྱོགས་བདག་གི་བཙན་མི་སེར་རྟ་སེར་བརྒྱ་སྟོང་གིས་དེད་ནས་སྔར་ལྟར་ཟེར་བར་ཞང་པོ་དང་སྲིང་མོའི་དྲུང་དུ་བྲོས་ཏེ་བྱོན། ང་འཇིགས་པས་གཙེས་པས་ང་ལ་སྐྱེལ་མ་ཞིག་མཛད་རོག་མཛོད་བྱས་པར་རོགས་དང་སྐྱེལ་མ་དགོས་པའི་དོན་ཅི་བྱུང་ཟེར། སྔར་གྱི་ལོ་རྒྱུས་རྣམས་རྒྱས་པར་སྨྲས་པས། འོ་ན་སྐྱེལ་མ་མི་ཡོང་། འོ་ན་མདའ་གསེར་ཁང་གི་རྩེ་མོར་སྟོན་པ་གཤེན་རབས་མེས་པོ་བཞུགས་པས་དེའི་དྲུང་དུ་སོང་ལ་གསོལ་བ་ཐོབ་ཅིག་ཟེར། སྟོན་པའི་དྲུང་དུ་བྱོན་ནས། སྐྱབས་སུ་གསོལ་བས། སྟོན་པའི་ཞལ་ནས། བཙན་

(༡༢༥༡)རྣམས་མདོས་ཀྱི་ཚིམ་པར་བྱེད་དགོས་པས་ཁམ་པ་འཚོལ་ཞིག་ཐབས་བྱའོ་གསུངས། ཤར་ཕྱོགས་དྲི་ཟ་ལྷོ་ཕྱོགས་གཤིན་རྗེ། ནུབ་ཕྱོགས་ཀླུ་དབང་། བྱང་ཕྱོགས་གནོད་སྦྱིན་གྱི་ཡུལ་རྣམས་སུ་བྱོན་ཀྱང་རེ་ཞིག་ཁམ་པ་མ་རྙེད། དབུས་ཕྱོགས་ས་བདག་གི་ཡུལ་ལ་ཕྱིན་པས་ཁམ་པའི་རོ་རྙེད་དེ། ཕོ་བརྒྱས་བརྐོས་པས། མོ་བརྒྱས་ཕྱགས། མཛོ་བརྒྱར་བསྐལ་ཏེ་སྟོན་པ་བཤེས་རབ་མེས་པོར་ཕུལ་བས། སྟོན་པས་ཁམ་པར། མི་རྟ་བྱ་ཁྱི་སོགས་གཟུགས་འགྲོས་སྣ་ཚོགས་པའི་ཡས་བཤམས་པ་མདོས་སུ་བྱིན་གྱིས་བརླབས་ཏེ་བཙན་གཏའ་ཆེན་མོ་མཛད་པས། ལྷ་གཉན་ཁུ་འདྲེན་སྲོག་གྱི་འཇིགས་པ་ལས། བཙན་རྒོད་སྐྱེས་བུ་ཀླུ་བཙན་འཁོར་དང་བཅས་པ་རྣམས་ཀྱང་མགུ་ཞིང་ཚིམ་པར་གྱུར་ཏེ་སྣེ་གདོང་གོང་པོ་རིའི་ངོགས་ལ་ཕོ་བྲང་བཅས་ནས་

(༡༢༥༢)བཞུགས་པས། ད་ལྟ་ཡང་སྣེ་གདོང་བྲག་བཙན་པར་གྲགས་སོ། །སྲིད་པའི་གཏེར་ཁྱིམ་ལས་བཏགས་ཞིང་ཆགས་པའི་ལྷ་སྲིན་སྡེ་བརྒྱད་ནི། སོ་སོའི་ཡུལ་ལྷ་མིང་དུ་བཏགས་ཤིང་ཆགས་པ་སྟེ། གཉན་ཆེན་ཐང་ལྷ་གཡའ་སྤང་སྐྱེས་ཅིག །སྐྱེས་བུ་ཀླུ་བཙན། ནན་ཆེན་ཏུ་དྲ། ཧེལ་འབར་མ། ཟུར་ཕུད་ཅན། རྒྱལ་པོ་ཤིང་བྱ་ཅན། བྱ་རོག་འབའ་ཐིལ། དེ་རྣམས་འདྲེ་སྲིན་སྡེ་བརྒྱད་དོ། །ཞེས་གསུངས་པས། འཇིག་རྟེན་མཆོད་བསྟོད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་དགེ་བསྙེན་དམ་ཚིག་ཅན་ཡིན་པས། དེའི་ཕྱིར་དིང་གི་དུས་སུ་སྐྱབས་གནས་རྒྱ་མཚོའི་བདག་ཉིད་དུ་གྲུབ་པར་དོན་མི་ཟའོ། །དེ་དག་ནི་མཚོན་པ་ཙམ་སྟེ། རང་གི་ཇི་ལྟར་རྟོགས་པ་བཞིན་ཁུངས་དང་འབྲེལ་བར་ལེགས་པར་བཤད་ཟིན་ཏོ། །དེ་ལྟར་དམ་ཅན་རྒྱ་མཚོ་རྣམས་ཀྱི་ཁུངས་ནི་བཀའ་གཏེར་ཚད་མ་ལས་

(༡༢༥༣)ཇི་ལྟར་བཤད་པ་རྣམས་རྩ་བར་བཟུང་། དེ་དག་ལས་ཚིག་ཟིན་དུ་མ་གསལ་བའམ། གསལ་ཡང་རང་གི་སྤྱོད་ཡུལ་དུ་མ་གྱུར་པ་རྣམས་ཚད་མར་གྱུར་པའི་དམ་པའི་ཞལ་ལུང་དྲི་མ་མེད་པ་བཅོས་མེད་བཀོད། དེ་དག་ཏུ་ཡང་མ་གསལ་བའི་སྲིད་པའི་ལྷ་རབས་ཉུང་ཤས་ཀྱི་བྱུང་བ་བརྗོད་ས་བོན་གཞུང་ལ་སོགས་པའི་ཡིག་རྙིང་ཁུངས་མ་ནས་བཀོད་མོད། མི་རིགས་པ་ཡང་མ་ཡིན་ཏེ། འཇིག་རྟེན་འདིར་མཆིས་པའི་སྡེ་ཁག་ལ་སོགས་པ་གསུང་རབས་ཀྱི་ཁུངས་འདྲེན་རྒྱུ་མེད་པ་རྣམས་ལ་རང་རང་གི་ཡིག་ཚངས་དང་གཏམ་རྒྱུད་ཁུངས་མ་སོགས་པ་ལས་རྟོག་པར་བྱ་དགོས་པ་བཞིན་ནོ། ཁོ་བོས་ལྷག་པའི་བསམ་པ་རྣམ་པར་དག་པ་ཀུན་ནས་བསླངས་ཏེ། རྩ་གསུམ་རྒྱ་མཚོ་དཔང་པོར་གསོལ། རང་ཉིད་ཀྱིས་ཇི་ལྟར་རྟོགས་པ་བཞིན་

(༡༢༥༤)གྱིས་ལེགས་པའི་ཆ་རྣམས་མི་འགལ་བར་ཁུངས་རྣམ་དག་དང་འབྲེལ་བ་གང་ཡིན་ཕྱོགས་གཅིག་ཏུ་བསྡུས་ནས་བཤད་པ་ཡིན་མདོ། འོན་ཀྱང་ཆོས་མིག་མ་ཐོབ་ཅིང་ཤེས་བྱའི་གནས་རྒྱ་ཤིན་ཏུ་ཆེ་བའི་ཕྱིར་ན། མ་རྟོགས་པ་དང་། ལོག་པར་བཀྲལ་བ་དང་། ལྷག་ཆད་ཟློས་གསུམ་ལ་སོགས་པའི་ཚིག་དོན་གྱིས་སྐྱོན་མཆིས་ན་དྲན་པའི་དབང་པོ་རྣམས་ཀྱིས་སྤྱན་སྔར་སྙིང་ཐག་པ་ནས་བཤགས་པར་བྱའོ། །ལར་ནས་ཁོ་བོ་ནི་རིགས་གཟུགས་དམན། སྟོབས་འབྱོར་ཆུང་། དཔུང་དང་གཡོ་སྒྱུ་བྲལ། རྟོགས་གེའི་དྲེགས་པ་དང་ཕྱོགས་ལྷུང་དྲག་པོའི་ཁ་འཛིན་གྱིས་སྟངས་མ་ཤོར་བའི་གྲགས་པ་དོན་གཉེར་གྱི་ཚུལ་ཆོས་སོགས་ནམ་ཡང་བྱེད་པར་མི་སྤྲོ་ཞིང་རང་གི་ངང་ཚུལ་ལ་མེད་པས་དེའི་དབང་གིས། ལེགས་པར་བཤད་ཅིང་དྲངས་པོར་སྤྱད་པ་རྣམས་ལ་ཡང་

(༡༢༥༥)འཁྱོག་པོའི་ངང་ཚུལ་དུ་འཛིན་ཞིང་། མི་རིགས་པའི་ཞེ་སུན་དང་། སྨོད་པར་བྱེད་པ་ཤིན་ཏུ་ལེགས་ལ། དཔེར་ན་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོའི་ཆོས་སྐོར་ལྟ་བུར་མཚོན་ན། རྗེ་གཙོང་ཁ་པ་ཡབ་སྲས་ལ་སོགས་པའི་ལེགས་བཤད་ནས་རང་གཞུང་དང་མི་འགལ་བ་ཀུན་ལེགས་ཆར་བླངས་པ་དང་། གཏེར་སྟོན་སྐུ་དངོས་ཀྱི་གསུང་སྲས་ཀྱི་ཐུ་བོ་རྡོ་རྗེ་འཛིན་པ་ཆེ་མཆོག་འདུས་པ་རྩལ་གྱིས་མན་ངག་ཁྱད་པར་ཅན་རྣམས་ཁ་སྐོངས་སུ་བསྡེབས་ཏེ་བཤད་པར་གཏེར་ཆོས་རྣམས་བསྲེ་སླད་ཀྱི་དབང་གི་རྙོག་མ་ཅན་དུ་བྱས་སོ། །ཞེས་གླེང་བ་དང་། རྗེ་དྲུང་སྤྲུལ་སྐུས་གསར་སྙིང་ཐམས་ཅད་བསྲེས་ཏེ་བསྟན་པ་དྲི་བཅས་སུ་བྱས་སོ་ཞེས་དགག་སྒྲུབ་ཀྱི་སྨྲ་བ་མཐའ་ཡས་པ་སྐད་ཀྱི་གཟེངས་མཐོན་པོས་སྒྲོག་པར་བྱེད་པ་མཐོང་ཞིང་།

(༡༢༥༦)དེ་དག་ལ་ལན་ལྡོན་ན་གསར་རྙིང་གི་མཁས་གྲུབ་སོ་སོའི་བཞེད་སྲོལ་ཐུན་མོངས་མ་ཡིན་པ་སོ་སོའི་ལུགས་བཞིན་དཔྱད་དགོས་པ་ཡང་འགའ་ཞིག་མཆིས་སོ། །ཉམས་སུ་བླང་བྱའི་གནད་ཕལ་མོ་ཆེ་མི་མཐུན་པ་མེད་ཅིང་། མཐུན་ལ་དཔྱད་བཟོད་པ་རྣམས་འགལ་མེད་དུ་ཉམས་ལེན་གཅིག་གི་ཐོག་ཏུ་ཁྱེར་ཤེས་པ་གྱིས་ཏེ་བཤད་པ་ལ་མི་འཐད་པའི་སྒྲུབ་བྱེད་ཡང་དག་མ་མཆིས་པ་དང་། གསང་བ་ཡེ་ཤེས་ཀྱི་མཁའ་འགྲོའི་ཕྲིན་ལས་ཀྱི་ལེ་ལག་ཁོ་བོས་ཁ་བཀང་བ་རྣམས་ལ་མི་རིག་པའི་ཤེས་བྱེད་ཀྱི་ལུང་རིག་ཚད་མ་ཅི་ཡང་མཆིས་མོད། འོན་ཀྱང་སྤྱོད་འཇུག་ལས། སེམས་ཅན་མོས་པ་སྣ་ཚོགས་ལ། །རྒྱལ་བས་ཀྱང་ནི་མི་མགུ་ན། །བདག་འདྲ་ངན་པས་སྨོས་ཅི་དགོས། །ཞེས་གསུངས་པ་དང་། སྟོན་པ་རྡོ་རྗེ་འཆང་ཉིད་འཇིག་རྟེན་དུ་དངོས་སུ་བྱོན་

(༡༢༥༧)པའི་དུས་སུ་ཡང་གདུལ་བྱའི་རྣམ་པ་ཐ་དད་པས་ཇི་ལྟར་གསུངས་པ་ལ་བདེན་པར་མི་འཛིན་ཅིང་། ལོག་པར་རྟོག་པ་བསམ་གྱིས་མི་ཁྱབ་པ་དང་། སློབ་དཔོན་ཆེན་པོ་པདྨ་ལ་སོགས་ཏེ་མཁས་ཤིང་གྲུབ་པའི་སྐྱེས་མཆོག་གནམ་གྱི་སྐར་མ་དང་སའི་དྲེགས་ས་བཞིན་དུ་བྱོན་པ་ལ་ཡང་ལ་ལས་བསྟོད་ཅིང་། ལ་ལས་སྨད་པ་སོགས་མཐོ་དམན་ཅན་ལས་ཐམས་ཅད་ཀྱི་མཐུན་གྲུབ་ཏུ་ལེགས་པ་ཁོ་ནར་བཟུང་བ་ནི་ཁོ་བོ་ཅག་ལ་དེ་ལྟར་འབྱུང་བ་ཤིན་ཏུ་བདེན་པས་ཁོ་བོ་ནི་དེ་དག་ལ་ཁྲོ་བར་མི་བྱ། འཁོན་དུ་འཛིན་པར་ཡང་མི་བྱ། རྩོད་པར་ཡང་མི་བྱ་ཡིས། དོན་དེའི་ཕྱིར་ན་ཁོ་བོ་ཅག་ལ་ཚད་མར་འཛིན་པ་རྣམས་ཀྱིས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །ད་ནི་སྙིང་པོར་དྲིལ་བ་འདི་ལྟར་སྨྲ་བར་བྱ་སྟེ། འདིར་སྨྲོས་པའི་དམ་ཅན་རྒྱ་མཚོ་རྣམས་བསྟེན་ཞིང་མཆོད་པ་དང་། སྐྱབས་སུ་རེ་བ་དང་།

(༡༢༥༨)མཚན་ཙམ་ཐོས་པ་དང་འཛིན་པ་རྣམས་ཀྱིས་ཀྱང་། ད་ཕྱིན་ཆད་ནས་གནད་དང་རྣམ་པར་ཐར་པ་འདི་དག་ངེས་པར་བྱས་ནས་སྔོན་དཔལ་ཆེན་པོས་བཏུལ་བ་དང་། རིགས་འཛིན་གོང་མ་རྣམས་ཀྱིས་དམ་ལ་བཏགས་ཤིང་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་ནས་འཕགས་ཆེན་དམ་པ་གྲུབ་པ་རྣམས་ལ་ནི། དེ་ལྟ་བུའི་ཡོན་ཏན་ཁྱད་པར་ཅན་དྲན་པ་དང་། ངོ་བོ་གཅིག་ལ་གནམ་འགྱུར་ཐ་དད་པ་རྣམས་ལ་འདེམ་ངོ་དང་མཐོ་དམན་ཕྱོགས་འཛིན་གྱི་ལོག་རྟོག་སྤངས་ཏེ། ཐམས་ཅད་ཡེ་ཤེས་ཀྱིས་ཀློང་དུ་རོ་གཅིག་པའི་ངེས་པ་བརྟན་པོས་སྐྱབས་སུམ་ཀུན་འདུས་སུ་མོས་ཏེ། དད་གུས་སྤྲོ་གསུམ་གྱི་སྒོ་ནས་གསོལ་བ་གདབ་པ་དང་། རང་ལུས་སྣོད་བཅུད་དང་བཅས་པ་ཕྱི་ནང་གསང་བའི་འདོད་ཡོན་གྱིས་འཁོར་ལོར་སྤེལ་བའི་སྒོ་ནས་མཆོད་ཅིང་འཕྲིན་ལས་འཆོལ་བ་དང་། དེ་དག་གིས་ཚེ་ཡང་སེམས་བསྐྱེད་རླབས་པོ་ཆེ་ཡང་འབྲེལ་

(༡༢༥༩)ཞིང་ཕྱི་རོལ་དུ་སྣང་བའི་དམ་ཅན་རྒྱ་མཚོ་ཇི་སྙེད་པ་ཐམས་ཅད་ཀྱང་རང་སེམས་ཀྱི་ཆོ་འཕྲུལ་ཁོ་ནར་ཐག་རྦད་ཀྱི་བཅད་དེ། སེམས་ཀྱི་ངོ་བོ་ཆོས་དབྱིངས་སྨྲ་བསམ་བརྗོད་མེད་ཀྱི་དོན་རིག་པའི་རྒྱས་འདེབས་དང་མ་བྲལ་བར་བྱ་དགོས་པ་ཡིན་ནོ། །འོ་ན་དེ་ཐམས་ཅད་རང་སེམས་ཀྱི་ཆོ་འཕྲུལ་ཡིན་ཚུལ་ཇི་ལྟར་ཡིན་སྙམ་ན། རང་གི་སེམས་དག་པ་དང་མ་དག་པ་སོགས་རང་གི་རྣམ་འགྱུར་དེ་དང་དེ་ལས་ཕྱི་རོལ་གྱི་དོན་རྣམས་ཀྱང་ལྷ་འདྲེ་ཕན་གནོད་སོགས་དེ་དང་དེའི་རྣམ་པར་འཆར་བ་ནི། དཔེར་ན། སྣང་སྲིད་དག་པ་རབ་འབྱམས་སུ་ཤར་བའི་རྣལ་འབྱོར་པ་ཆེན་པོ་རྣམས་ལ། ལྷ་འདྲེ་སོགས་གང་གིས་ཀྱང་རྒོལ་བར་མི་ནུས་པ་སྔོན་མི་ལ་རས་པར་ལྷ་འདྲེའི་དམག་བྱུང་བར་ཅི་ཡང་མ་ཉེས་པ་དང་། དེ་བཞིན་གཤེགས་པར་བྱེ་བ་ཁྲག་མང་པོའི་བདུད་ཀྱི་དཔུང་གིས་གླགས་མ་རྙེད་པ་ལྟར་ཡིན་ལ། མ་དག་པའི་རྟོག་

(༡༢༦༠)པ་ཅན་ལ་དམ་ཅན་ཁྱད་པར་ཅན་ཡང་འདྲེར་བཟུང་བས། པེ་ཧར་དང་བཙང་བཙན་གྱི་ཆོ་འཕྲུལ་སྒབ་འདྲེ་སྣ་ཚོགས་པ་བྱུང་ཟེར་ཞིང་མངོན་སུམ་དུ་གནོད་པ་འདྲེན་པ་དང་། ཆོས་སྐྱོང་བསྟེན་ཐབས་མ་ཤེས་པས་སྲུང་མ་བདུད་དུ་བབས་པའི་ལོ་རྒྱུས་ཤིན་ཏུ་མང་། ལར་ནས་བླ་མ་ཡི་དམ་ཆོས་སྲུང་གང་ལའང་འདྲ་སྟེ། ཞི་བར་སྒོམས་ན་ཞི་བ། རྒྱས་པར་སྒོམས་ན་རྒྱས་པ། ཆགས་པར་སྒོམས་ན་དབང་། གཏུམ་པར་བསྒོམ་ན་དྲག་པོ། རང་ལ་མཉེས་ཤིང་དུང་བར་སྒོམས་ན་དངོས་གྲུབ་མྱུར་བ་དང་། ཁེངས་ཤིང་འགྱིང་བར་སྒོམས་ན་ལས་བུལ་བ་དང་། འོད་ཟེར་སྤྲོ་བསྡུ་སོགས་བགྱིས་པ་དང་མ་བགྱིས་པས་ལས་དེ་དང་དེ་འགྲུབ་པ་དང་མི་འགྲུབ་པ་སོགས་ཐམས་ཅད་ཀྱང་གནད་དེ་ཡིན་ལ། ལར་ནས་རང་སེམས་ལ་མ་བལྟོས་པར་ཡུལ་སོ་སོའི་ངོས་ནས་ཕན་གནོད་བྱེད་ནུས་པ་ཡིན་ན། སངས་རྒྱས་ལ་སེམས་ཅན་གྱི་དོན་ལས་མེད་

(༡༢༦༡)པས། རང་རེ་རྣམས་འཁོར་བའི་གནས་སུ་སྡུག་བསྔལ་གྱིས་མནར་དུ་ག་ལ་འཇུག །རྣམ་སྲས་ཀྱི་ནམ་མཁའ་མཛོད་ཀྱིས་ལོངས་སྤྱོད་ནས་རང་རེར་དངུལ་སྐར་མ་གང་ཡང་ལོངས་སྤྱོད་རྒྱུ་མི་ཡོང་ཞིང་དེ་ལ་མཐུ་ཡོད་ཀྱང་རང་རེའི་དངོས་སུ་སྩོལ་མི་ཐུབ་པ་ཐམས་ཅད་རང་རེ་ཁོ་ནས་ལན། དེ་ཡང་ལུས་བེམ་པོ་དང་འདྲ་ངག་བྲག་ཆ་དང་འདྲ། སེམས་འདི་ཁོ་ནའི་རྩ་བར་ཐུགས་པ་ཡིན། དེའི་ཕྱིར་ན་ཕྱིའི་དྲེགས་པ་རང་ག་བ་རྣམས་ཀྱང་རང་ངོས་ནས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་ཁྱད་པར་ཅན་དེ་དང་དེར་མོས་ནས་གསོལ་བ་བཏབ་ཕྱིན་དེ་དང་དེའི་དངོས་གྲུབ་ཡང་ངེས་པར་ཡོང་ཞིང་སྒོམ་དུ་ཡང་རུང་སྟེ། དེ་མི་རུང་ན་གང་སྣང་སྟོང་པ་བདེ་བ་ལྷ་སྐུར་འཆར་བ་ལ་སློབ་ཅེས། བསྐྱེད་རྫོགས་ཀྱི་ཟབ་གནས་ཚོ་ལས་འབྱུང་ལ། དེ་སྟོན་པའི་བླ་མ་བདག་གིས་ཀྱང་དེ་ལྟར་

(༡༢༦༢)དུ་འཆད་ལ། སློབ་མས་ཀྱང་སྒོམ་པ། མི་རིགས་པར་འགྱུར་རོ། །དེ་བས་ན་གནད་འདི་ནི་ཤིན་ཏུ་གཅེས་པ་ཡིན་ནོ། །དེའི་ཕྱིར་ན། འཇིགས་བྱེད་མཁན་པོས་སྣང་སྲིད་ཐམས་ཅད་འཇིགས་བྱེད་ཀྱི་དཀྱིལ་འཁོར་དུ་བསྒོམ་ཞིང་། དེའི་སྒོ་ནས་ཕྲིན་ལས་བསྒྲུབ། བདེ་མཆོག་ཀྱེ་རྡོར་ཕུར་པ་ལ་སོགས་པ་ཐམས་ཅད་ལའང་དེ་དང་འདྲ་ཞིང་། དེ་དང་དེའི་ལམ་ཁྱེར་བགྱིས་པས་དངོས་གྲུབ་ཐམས་ཅད་འགྲུབ་པ་དང་། གཤིན་རྗེ་གཟའ། མ་མོ། ཀླུ་སོགས་གང་ལ་བསྟེན་ཀྱང་དེ་དང་དེའི་སྐབས་སུ་སྣང་སྲིད་ཀྱི་བྱ་བྱེད་ཐམས་ཅད་དེ་ཁའི་སྒོ་ནས་བྱེད་ཚུལ་ཤེས་དགོས་པས་སྔོན་གྱི་གཞུང་ཚོར་ཡང་ལོ་ཟླ་ཞག་དུས་སོགས་ཕྱི་ནང་གི་རྩ་ཁམས་སོགས་ལ་དབང་ཚུལ་རྒྱུ་དུས་ཐེབས་བཟློག་ཐམས་ཅད་དེ་དང་དེ་ཁོ་ན་དབང་བ་ལྟ་བུ་ཞིག་བཤད་པ་རྣམས་ཀྱིས་གོ་བར་ནུས་དེའི་གནད་རིག་ན། རང་རྒྱུད་ཀྱི་ཆོས་ཉིད་མི་ཤིགས་པའི་ཐིག་

(༡༢༦༣)ལེ་དེ་ཁ་རྣམ་པ་ཐམས་ཅད་པར་འཆར་ཞིང་གསེར་དང་གཡའ་བཞིན་འགྲོགས་པའི་གློ་བུར་འཁྲུལ་པའི་བག་ཆགས་ཀྱི་རྟེན་གཞི་བྱེད་པའི་ཐིག་ལེ་རང་ཆས་སུ་མཆིས་པ་དེ་ཁ་བདུད་བཞིའམ། གཤིན་རྗེ་བཞིའམ། གདོང་མོ་བཞིའམ། ཀླུ་རིགས་བཞིར་འཆར་བ་སོགས་ཏེ་སྡེ་བརྒྱད་དྲེགས་པ་གང་དང་གང་དུ་འཆར་ཞིང་གདུག་རྩུབ་བསྐྱེད་པ་དང་། དེ་དག་གཤེད་དུ་ཕབ་དུས་རང་གཤེད་རང་གིས་བགྱིས་ཏེ། འཕུང་བར་འགྱུར་བ་སོགས་དྲག་སྔགས་ཀྱི་གནད་ཐམས་ཅད་ཀྱང་འདིར་འདུས་པར་ངེས་པར་འགྱུར་རོ། །སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་དུ་ཁྱེར་ཤེས་པའི་གནད་འགག་རིག་ནས། འབྱུང་པོ་རང་ག་བ་སྐྱབས་སུ་བཟུང་བ་དང་། རང་གར་དེར་བཟུང་བ་གཉིས་མི་འདྲ་བས། ཁོ་བོ་ཅག་ནི་གང་སྣང་སྐྱབས་གནས་ཀྱི་མཐར་ཐུགས་སུ་སྒོམ་པའི་རྣལ་འབྱོར་ཉམས་ལེན་གྱི་གཙོ་བོར་འདོད་དེ། གསར་མའི་བསྐྱེད་

(༡༢༦༤)རྫོགས་ཟབ་མོའི་གཞུང་རྣམས་ལ་ཞིབ་ཏུ་བརྟགས་ན་ཤེས་པར་འགྱུར་ལ། གཅོད་ཡུལ་དང་བཀའ་བརྒྱུད་རིན་པོ་ཆེའི་བླ་མ་དམ་པ་རྣམས་དང་། འོད་གསལ་རྫོགས་པ་ཆེན་པོའི་མན་ངག་གི་ཟབ་གནད་རྣམས་ལས་ལེགས་པར་བཤད་པ་ཡིན་ནོ། །སྨྲས་པ། འགྱུར་བྱེད་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཐུགས། གདོད་ནས་སངས་རྒྱས་དཔལ་ཆེན་ཧེ་རུ་ཀ །མཁའ་དབྱིངས་གདལ་བའི་འཁོར་ལོའི་ཁྱོན་ཀུན་ཏུ། སྣ་ཚོགས་སྒྱུ་འཕྲུལ་དྲ་བའི་གར་གྱིས་རོལ། ཇི་ལྟར་ནམ་མཁའི་ཁམས་ནི་རྒྱ་ཆེ་བ། དེ་བཞིན་གདུལ་བྱའི་ཡུལ་ཡང་མཐའ་ཡས་ལ། འདུལ་བྱེད་གཉེན་པོའི་རོལ་པའང་དེ་སྙེད་ན། ཚད་བཟུང་ཀུན་མཁྱེན་གྱིས་ཀྱང་ག་ལ་ནུས། ཀུན་རྟོག་འགྱུ་བ་འགགས་པར་མ་གྱུར་པར། དེ་འཕྲུལ་དྲེགས་པའི་རོལ་པའང་འབྱམས་ཀླས་ན། རབས་དང་བྱུང་ཁུངས་མིང་གི་བྱེ་བྲག་རྣམས། བསྐལ་པ་རྒྱ་མཚོར་

(༡༢༦༥)བརྗོད་ཅིང་ཅི་ལ་མ་།།། དེ་སྟེ་འཕགས་ཆེན་དམ་པའི་རྣམ་ཐར་ནི། བྱིས་པའི་བློ་ཡིས་ཇི་བཞིན་མ་རྟོགས་ཀྱང་། །ཆ་ཤས་ཙམ་ཞིག་བརྗོད་པར་བྱེད་ན་ཡང་། །རླབས་ཆེན་བསོད་ནམས་ཕུང་པོ་ཅིས་མི་ཐོབ། །སྐྱེས་སྟོབས་རིག་པའི་རྣམ་དཔྱོད་མི་ལྡན་ཞིང་། །སྦྱངས་པའི་ཡོན་ཏན་དེ་བས་ཤིན་ཏུ་ཆུང་། །དེའི་ཕྱིར་གཞུང་དོན་འབྱེད་པའི་མཐུ་དམན་ཡང་། །བརྗོད་བྱེད་ངག་གི་སྨྲ་བར་སྤྲོ་བ་འཕེལ། །ཡི་གེའི་མིག་འདི་ཙམ་ཞིག་བྱིན་པས་ཀྱང་། །ཐ་མལ་ཚུལ་བཞིན་འཛིན་པའི་འཕགས་ཆེན་ལ། །ལོག་པར་རྟོག་པའི་དྲི་མ་སེལ་བ་དང་། །དག་པའི་སྣང་བ་རྒྱས་པར་ཅིས་མི་འགྱུར། །དེ་དེས་དམ་ཅན་རྒྱ་མཚོ་འདི་དག་ལ། །མཆོད་བསྟོད་ཕྲིན་ལས་གསོལ་བར་བྱེད་པ་དང་། །མཚན་ཙམ་འཛིན་པའི་གནས་སྐབས་དེའི་ཚེ་

(༡༢༦༦)ཡང་། །དད་པའི་སྟོབས་ལས་དངོས་གྲུབ་ཆེས་ཆེར་ཐོབ། །གཅིག་ཤེས་ཀུན་གྲོལ་གནད་ཀྱི་ལྡེ་མིག་འདིས། །དངོས་གྲུབ་རྒྱ་མཚོའི་སྒོ་བརྒྱ་དུས་གཅིག་ཏུ། །ཕྱེ་ནས་དོན་གཉིས་ནམ་མཁའ་མཛོད་ཀྱི་དཔལ། །ངེས་པར་ཐོབ་པར་འགྱུར་བ་གདོན་མི་ཟ། །ཕྱོགས་ལྷུང་དྲག་པོས་རྟག་ཏུ་མི་ལྡོངས་པར། །ངེས་པའི་ཁུངས་དང་སྦྱོར་བ་ཅི་བཤད་ཀྱང་། །ལེགས་པར་བཤད་པའི་གནས་སུ་སུ་ཡིས་འཛིན། །ཚིག་གི་དྲེགས་པ་རྣམས་ཀྱང་དེ་བཞིན་ནོ། །གང་ཞིག་བཀའ་གཏེར་ཚད་མར་གྱུར་པ་རྣམས། །རིག་པའི་ཁུངས་སུ་འཛིན་པ་གཟུ་བོའི་བློས། །དཔྱོད་ལྡན་མཆིས་ན་ལེགས་པར་ལྟོས་ཤིག་དང་། །ལེགས་པར་བཤད་པའི་ཟབ་དོན་འདིར་མཆིས་སོ། །དེའི་ཕྱིར་རྒྱལ་ཀུན་ངོ་བོ་ཧེ་རུ་ཀ །དམ་ཅན་རྒྱ་མཚོའི་རྣམ་མཐར་བཞེངས་པ་དང་། །དེ་ཡི་རྗེས་

(༡༢༦༧)འབྲང་བཀའ་སྡོད་ཚོགས་རྣམས་ཀྱིས། །རྣམ་པར་ཐར་པ་ཅུང་ཟད་བརྗོད་པའི་མཐུས། །འཕགས་ཆེན་རྒྱ་མཚོའི་དགོངས་པ་རྫོགས་གྱུར་ཅིག །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བྱིན་རླབས་ཞུགས། །མཐའ་ཡས་འགྲོ་བ་སྒྲོལ་བའི་དོན་མཛད་པར། །བདེ་གཤེགས་རྣམས་དང་དབྱེར་མེད་གྱུར་ནས་ཀྱང་། །ནམ་མཁའ་ཇི་སྲིད་བར་དུ་གནས་གྱུར་ཅིག །གངས་རིའི་ལྗོངས་འདིར་འཁོད་པའི་སྐྱེ་བོ་ཀུན། །དམ་ཅན་རྣམས་ལ་གུས་པ་མི་འཕྲོག་ཅིང་། །གང་གིས་བྱིན་རླབས་རྒྱུད་ལ་ཞུགས་པ་ལས། །ཕྲིན་ལས་རྒྱ་མཚོར་འདོད་དགུར་སྤྱོད་གྱུར་ཅིག །དམ་པའི་རྣམ་སྤྲུལ་བཀོད་པ་རྒྱ་མཚོ་ཡིས། །འགྲོ་བའི་ཁམས་དང་བསམ་པ་དང་མཚུངས་པར། །བསྟན་པའི་ཆོས་ཚུལ་རྒྱ་མཚོ་དེ་སྙེད་ཀྱང་། །མཁའ་ཁྱབ་འཁོར་ལོར་གནས་ཤིང་འཇུག་གྱུར་ཅིག །མདོར་ན་ཇི་ལྟར་སྨོན་པའི་དོན་ཐམས་ཅད། །

(༡༢༦༨)གང་ཞིག་རིན་ཆེན་རྣམ་གསུམ་མཐུ་བདེན་ཞིང་། །ཆོས་དབྱིངས་ཁྱབ་གདལ་ཕྱོགས་ལྷུང་མེད་པའི་མཐུས། །འགྲུབ་པར་གྱུར་ཅིག་འགྲོ་བ་ཀུན་ལའོ། །ཞེས་དམ་ཅན་རྒྱ་མཚོའི་རྣམ་པར་ཐར་པའི་ཆ་ཤས་ཙམ་གླེང་བ་སྔོན་མེད་ལེགས་བཤད་ཅེས་བྱ་བ་འདི་ནི་ཡུལ་བྱང་ཕྱོགས་ཀྱི་རྒྱུད་ལས་ངམ་ཤོད་ཟངས་རི་ཁྲ་ཚལ་གསང་སྔགས་གླིང་གི་དགོན་པར་སྔགས་སྤྱོད་ཕོ་མོའི་བརྒྱུད་དུ་བཙས་པ་རིག་པ་འཛིན་པའི་མིང་ཅན་རྗེ་དྲུང་རིན་པོ་ཆེའི་བཀའ་རྟགས་འཆང་བ་བཞི་པ་བཞད་པའི་རྡོ་རྗེས་ཀུན་དགའ་ཞེས་པ་ཤིང་ཕོ་སྟག་གི་ལོར་འོལ་དགའ་ལྷུན་པོ་རྫའི་འདབ་ཞོལ་བླ་དྭགས་སླེ་ལུང་དུ་འབོད་པ་ཐེག་མཆོག་རྣམ་གྲོལ་གླིང་དུ་གསང་མཆོག་མཁའ་འགྲོ་རྒྱ་མཚོའི་ལུང་གིས་བསྐུལ་བ་མཛད་པའི་རྐྱེན་ལས་བརྩམ་པའི་དབུ་བཙུགས་པ་ག་ཉ་བའི་དུས་ཆེན་མངོན་པར་གཏན་ལ་ཕེབས་པའི་ཚེ་ན་དུས་

(༡༢༦༩)ཆེན་མངོན་པར་གཏན་ལ་ཕེབས་པའི་ཚེ་ན་དུས་གསུམ་རྒྱལ་བ་རྒྱ་མཚོའི་སྤྱི་གཟུགས་སློབ་དཔོན་ཆེན་པོ་པདྨའི་སྐུ་ཚབ་པདྨ་མཐོང་གྲོལ་དང་། མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་སྐུ་ཚབ་འགྲོ་བ་ཀུན་འདུལ་སོགས་ཞལ་ཕྱེ་བའི་སྤྱན་སྔར་ཕྱི་ནང་གསང་གསུམ་གྱི་མཆོད་སྤྲིན་རྒྱ་མཚོ་ལེགས་པར་སྤེལ་ཏེ་ཚོགས་ཀྱི་འཁོར་ལོའི་བྱ་བ་དང་རྗེས་སུ་འབྲེལ་བར་གྲུབ་པར་བགྱིས་པ་འདིས་ཀྱང་འགྲོ་བ་ཐམས་ཅད་ལ་མཆོག་ཏུ་སྨན་པ་དང་དགེ་ལེགས་རྒྱུན་མི་ཆད་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །དཔེ་འདི་མ་ཕྱི་ཧ་ཀྱང་མ་དག་པས་མ་ཕྱི་ཁུང་ཐུབ་བྱུང་ཚེ་སླར་ཡང་ཞུ་དག་བགྱིད་དགོས་ཡོད།


no previous༄༅། །དམ་ཅན་བསྟན་བསྲུང་རྒྱ་མཚོའི་རྣམ་པར་ཐར་པ་ཆ་ཤས་ཙམ་བརྗོད་པ་སྔོན་མེད་ལེགས་བཤད་ཅེས་བྱ་བ་བཞུགས་སོ། །no next