Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ཉེར་ལྔ་པ།

1515 occurrences of པར་སེམས་
[Clear Hits]


10   
རེ་གཉིས་པ། མཚན་ཉིད་མེད་པའི་ལེའུ། སྨད་ཆ།
246   
90   
349   
387   
123   
174   
27   
31   
77   
 


1515 occurrences of པར་སེམས་
[Clear Hits]

 
no previousརེ་གཉིས་པ། མཚན་ཉིད་མེད་པའི་ལེའུ། སྨད་ཆ།next

རེ་གཉིས་པ། མཚན་ཉིད་མེད་པའི་ལེའུ། སྨད་ཆ།


DKG025_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ། །གླེགས་བམ་བཅུ་གཉིས་པ། བམ་པོ་དང་པོ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་འདི་ལྟར་གཟུགས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཚོར་བ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །འདུ་ཤེས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །འདུ་བྱེད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རྣམ་པར་ཤེས་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྫོད་དུ་མྱེད་པའོ། །མྱིག་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རྣ་བ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སྣ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ལྕེ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ལུས་


DKG025_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཡིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །གཟུགས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སྒྲ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །དྲི་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རོ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རེག་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཆོས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །མྱིག་གི་རྣམ་པར་ཤེས་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རྣ་བའི་རྣམ་པར་ཤེས་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སྣའི་རྣམ་པར་ཤེས་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ལྕེའི་རྣམ་པར་ཤེས་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ལུས་ཀྱི་རྣམ་པར་ཤེས་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །མྱིག་གི་འདུས་ཏེ་རེག་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རྣ་བའི་འདུས་ཏེ་རེག་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སྣའི་འདུས་ཏེ་རེག་པ་ལ་རང་བཞིན་མྱེད་


DKG025_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ལྕེའི་འདུས་ཏེ་རེག་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ལུས་ཀྱི་འདུས་ཏེ་རེག་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཡིད་ཀྱི་འདུས་ཏེ་རེག་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རང་བཞིན་མྱེད་དེ་གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སའི་ཁམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཆུའི་ཁམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །མྱེའི་ཁམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རླུང་གི་ཁམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ནམ་མཁའི་ཁམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རྣམ་པར་ཤེས་པའི་ཁམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །མ་རིག་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །འདུ་བྱེད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རྣམ་པར་ཤེས་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་


DKG025_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་དུ་མྱེད་པའོ། །མྱིང་དང་གཟུགས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སྐྱེ་མཆེད་དྲུག་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རེག་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཚོར་བ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སྲེད་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ལེན་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སྲིད་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སྐྱེ་བ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རྒ་ཤི་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ནང་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་ དུ་མྱེད་པའོ། །ཕྱི་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཕྱི་ནང་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་རང་བཞིན་


DKG025_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཆེན་པོ་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །དོན་དམ་པ་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །འདུས་བྱས་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །འདུས་མ་བྱས་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རང་བཞིན་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཡང་དག་པར་སྤོང་བ་རྣམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྫོད་དུ་མྱེད་པའོ། །རྫུ་འཕྲུལ་གྱི་


DKG025_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་པ་རྣམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །དབང་པོ་རྣམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སྟོབས་རྣམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྫོད་དུ་མྱེད་པའོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྫོད་དུ་མྱེད་པའོ། །འཕགས་པའི་བདེན་པ་རྣམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །བསམ་གཏ་ན་རྣམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཚད་མྱེད་པ་རྣམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རྣམ་པར་ཐར་པ་བརྒྱད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྫོད་དུ་མྱེད་པའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པ་འོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །མངོན་པར་ཤེས་པ་རྣམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཏིང་ངེ་འཛིན་རྣམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །གཟུངས་ཀྱི་སྒོ་རྣམས་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །མྱི་འཇིགས་པ་བཞི་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སོ་སོ་ཡང་


DKG025_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

དག་པར་རིག་པ་བཞི་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །བྱམས་པ་ཆེན་པོ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སྙིང་རྗེ་ཆེན་པོ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྫོད་དུ་མྱེད་པའོ། །དགྲ་བཅོམ་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རང་བྱང་ཆུབ་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རང་བཞིན་མྱེད་དེ། གང་ལ་རང་བཞིན་མྱེད་པ་དེ་ནི་བརྗོད་དུ་མྱེད་པའོ། །རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐྱོན་མྱེད་པ་སྟེ། བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་སྐྱོན་མྱེད་པར next hit་ཞུགས་པ་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ཐམས་ཅད་ཡོངས་སུ་རྫོགས་པ་དེ་ནི་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་དབང་གིས་ཀྱང་མྱི་སྐྱེ་ན། འདོད་ཆགས་སམ། ཞེ་སྡང་ངམ། གཏི་མུག་གིས་སྐྱེ་བར་འགྱུར་ཞིང་དེ་ལ་གནས་ཏེ། དེའི་ལས་མངོན་པར་འདུ་བྱེད་པ་དང་། ལས་དེ་མངོན་པར་འདུ་བྱས་པས་འགྲོ་བ་ལྔའི་འཁོར་བར་ལྟུང་བར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མྱེད་དོ། །གཞན་དུ་ན་སྒྱུ་མ་ལྟ་བུའི་ཆོས་རྣམས་ལ་གནས་ཤིང་། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་དེ། སེམས་ཅན་ནམ་སྒྱུ་མར་ཡང་དམྱིགས་པ་མྱེད་དོ། །དེ་སེམས་ཅན་དང་


DKG025_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མ་མྱི་དམྱིགས་པས། previous hit སེམས་ཅན་རྣམས་ཡོངས་སུ་སྨྱིན་པར next hit་བྱེད་ཅི་ང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ནས། ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་དུ་སྟེ། མྱི་དམྱིགས་པའི་འཁོར་ལོ་དང་། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་འཁོར་ལོ་བསྐོར་རོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཡོངས་སུ་ཤེས་སོ། །ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུར་ཡོངས་སུ་ཤེས་སོ། །ཆོས་ཐམས་ཅད་མྱིག་ཡོར་ལྟ་བུར་ཡོངས་སུ་ཤེས་སོ། །ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཡོངས་སུ་ཤེས་སོ། །ཆོས་ཐམས་ཅད་སྨྱིག་རྒྱུ་ལྟ་བུར་ཡོངས་སུ་ཤེས་སོ། །ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་ཡོངས་སུ་ཤེས་སོ། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཇི་ལྟར་ན་ཆོས་ཐམས་ཅད་རྨྱི་ལམ་ལྟ་བུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་འཚལ་བ་ལགས། ཇི་ལྟར་ན་ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་འཚལ་བ་ལགས། ཇི་ལྟར་ན་ཆོས་ཐམས་ཅད་མྱིག་ཡོར་ལྟ་བུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་འཚལ་བ་ལགས། ཇི་ལྟར་ན་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་འཚལ་བ་ལགས། ཇི་ལྟར་ན་ཆོས་ཐམས་ཅད་སྨིག་རྒྱུ་ལྟ་བུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་འཚལ་བ་ལགས། ཇི་ལྟར་ན་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་འཚལ་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོད་པའི་ཚེ། རྨྱི་ལམ་མྱི་མཐོང་ངོ་། །རྨྱི་ལམ་མཐོང་བ་མྱི་མཐོང་ངོ་། །སྒྲ་བརྙན་མྱི་ཐོས་སོ། །སྒྲ་བརྙན་ཉན་པ་མྱི་མཐོང་ངོ་། །མྱིག་ཡོར་མྱི་


DKG025_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ངོ་། །མྱིག་ཡོར་མཐོང་བ་མྱི་མཐོང་ངོ་། །སྒྱུ་མ་མྱི་མཐོང་ངོ་། །སྒྱུ་མ་མཐོང་བ་མྱི་མཐོང་ངོ་། །སྨྱིག་རྒྱུ་མྱི་མཐོང་ངོ་། །སྨྱིག་རྒྱུ་མཐོང་བ་མྱི་མཐོང་ངོ་། །སྤྲུལ་པ་མྱི་མཐོང་ངོ་། །སྤྲུལ་པ་མཐོང་བ་མྱི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་མྱི་ལམ་ནི་ཕྱིན་ཅི་ལོག་གོ །སྒྲ་བརྙན་ནི་ཕྱིན་ཅི་ལོག་ག་གོ ། མྱིག་ཡོར་ནི་ཕྱིན་ཅི་ལོག་ག་གོ །སྒྱུ་མ་ནི་ཕྱིན་ཅི་ལོག་ག་གོ །སྨྱིག་རྒྱུ་ནི་ཕྱིན་ཅི་ལོག་གོ །སྤྲུལ་པ་ནི་ཕྱིན་ཅི་ལོག་ག་གོ །དགྲ་བཅོམ་པ་ནི་རྨི་ལམ་མྱི་མཐོང་ངོ་། །རྨྱི་ལམ་མཐོང་བ་མྱི་མཐོང་ངོ་། །སྒྲ་བརྙན་མྱི་ཐོས་སོ། །སྒྲ་བརྙན་ཉན་པ་མྱི་མཐོང་ངོ་། །མྱིག་ཡོར་མྱི་མཐོང་ངོ་། །མྱིག་ཡོར་མཐོང་བ་མྱི་མཐོང་ངོ་། །སྒྱུ་མ་མྱི་མཐོང་ངོ་། །སྒྱུ་མ་མཐོང་བ་མྱི་མཐོང་ངོ་། །སྨྱིག་རྒྱུ་མྱི་མཐོང་ངོ་། །སྨྱིག་རྒྱུ་མཐོང་བ་མྱི་མཐོང་ངོ་། །སྤྲུལ་པ་མྱི་མཐོང་ངོ་། །སྤྲུལ་པ་མཐོང་བ་མྱི་མཐོང་ངོ་། །རང་སངས་རྒྱས་ནི་རྨྱི་ལམ་མྱི་མཐོང་ངོ་། །རྨྱི་ལམ་མཐོང་བ་མྱི་ མཐོང་ངོ་། །སྒྲ་བརྙན་མྱི་ཐོས་ས་སོ། །སྒྲ་བརྙན་ཉན་པ་མྱི་མཐོང་ངོ་། །མྱིག་ཡོར་མྱི་མཐོང་ངོ་། །མྱིག་ཡོར་མཐོང་བ་མྱི་མཐོང་ངོ་། །སྒྱུ་མ་མྱི་མཐོང་ངོ་། །སྒྱུ་མ་མཐོང་བ་མྱི་མཐོང་ངོ་། །སྨྱིག་རྒྱུ་མྱི་མཐོང་ངོ་། །སྨྱིག་རྒྱུ་མཐོང་བ་མྱི་མཐོང་ངོ་། །སྤྲུལ་པ་མྱི་མཐོང་ངོ་། །སྤྲུལ་པ་མཐོང་བ་མྱི་མཐོང་ངོ་། །བྱང་ཆུབ་སེམས་དཔའ་ནི་རྨྱི་ལམ་མྱི་མཐོང་ངོ་། །རྨྱི་ལམ་མཐོང་བ་མྱི་མཐོང་ངོ་། །སྒྲ་བརྙན་མྱི་ཐོས་སོ། །སྒྲ་བརྙ་ན་ཉན་པ་མྱི་མཐོང་ངོ་། །མྱིག་ཡོར་མྱི་མརྠོང་ངོ་། །མྱིག་ཡོར་མཐོང་བ་མྱི་མཐོང་ངོ་། །སྒྱུ་མ་མྱི་མཐོང་ངོ་། །སྒྱུ་མ་མཐོང་བ་མྱི་མཐོང་ངོ་། །སྨྱིག་རྒྱུ་མྱི་མཐོང་ངོ་། །སྨྱིག་རྒྱུ་མཐོང་བ་མྱི་མཐོང་ངོ་། །སྤྲུལ་པ་མྱི་མཐོང་ངོ་། །སྤྲུལ་པ་མཐོང་བ་མྱི་མཐོང་ངོ་། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྨི་ལམ་མྱི་གཟིགས་ས་སོ། །རྨྱི་ལམ་མཐོང་བ་མྱི་གཟིགས་ས་སོ། །སྒྲ་བརྙན་མྱི་གསན་ནོ། །སྒྲ་བརྙན་ཉན་པ་མྱི་གཟིགས་ས་སོ། །མྱིག་ཡོར་མྱི་གཟིགས་ས་སོ། །མྱིག་ཡོར་མཐོང་བ་མྱི་གཟིགས་ས་སོ། །སྒྱུ་མ་མྱི་གཟིགས་ས་སོ། །སྒྱུ་མ་མཐོང་བ་མྱི་གཟིགས་ས་སོ། །སྨྱིག་རྒྱུ་མྱི་


DKG025_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ས་སོ། །སྨྱིག་རྒྱུ་མཐོང་བ་མྱི་གཟིགས་ས་སོ། །སྤྲུལ་པ་མྱི་གཟིགས་ས་སོ། །སྤྲུལ་པ་མཐོང་བ་མྱི་གཟིགས་ས་སོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཡང་དག་པ་མ་ཡིན་པས། ཆོས་ཐམས་ཅད་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་དེ། ཡོངས་སུ་མྱ་ངན་ལས་འདས་པ་དང་མཉམ་པ་སྟེ། ཡང་དག་པ་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་ཡོངས་སུ་གྲུབ་པ་མྱེད་ན། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དངོས་པོའི་འདུ་ཤེས་སམ། ཡོངས་སུ་གྲུབ་པའི་འདུ་ཤེས་སམ། ཡང་དག་པའི་འདུ་ཤེས་སུ་འགྱུར་བ་ལྟ་ག་ལ་ཡོད་དེ། དེ་ནི་གནས་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཆོས་ལ་ལ་ཞིག་གི་ངོ་བོ་ཉིད་དམ། ཡོང་ས་སུ་གྲུབ་པའམ། ཡང་དག་པར་གྱུར་པ་ཞིག་ད་མྱིགས་ན་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་previous hit པར་ཡང་མྱི་འགྱུར་ཏེ། བྱང་ཆུབ་སེམས next hit་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱེ་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། གཟུགས་ལ་ཆ་གས་པ་མྱེད་དོ། །ཚོར་བ་ལ་ཆགས་པ་མྱེད་དོ། །འདུ་ཤེས་ལ་ཆགས་པ་མྱེད་དོ། །འདུ་བྱེད་ལ་ཆགས་པ་མྱེད་དོ། །རྣམ་པར་ཤེས་པ་ལ་ཆགས་པ་མྱེད་དོ། །ཁམས་རྣམས་ལ་ཆགས་པ་མྱེད་དོ། །སྐྱེ་མཆེད་རྣམས་ལ་ཆགས་པ་མྱེད་དོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཆགས་པ་མྱེད་དོ། །འདོད་པའི་ཁམས་ལ་ཆགས་པ་མྱེད་དོ། །གཟུགས་ཀྱི་ཁམས་ལ་ཆགས་པ་མྱེད་དོ། །གཟུགས་མྱེད་པའི་ཁམས་ལ་ཆགས་པ་མྱེད་དོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མྱེད་དོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མྱེད་དོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མྱེད་དོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མྱེད་དོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མྱེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པ་མྱེད་དོ། །ནང་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །ཕྱི་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །ཕྱི་ནང་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །སྟོང་པ་ཉིད་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །ཆེན་པོ་སྟོང་པ་ཉིད་ལ་ཆགས་


DKG025_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

པ་མྱེད་དོ། །དོན་དམ་པ་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །འདུས་བྱས་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །འདུས་མ་བྱས་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །དོར་བ་མྱེད་པ་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །རང་བཞིན་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །ཆོས་ཐམས་ཅད་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །རང་གི་མཚན་ཉིད་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །མྱི་དམྱིགས་པ་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །དངོས་པོ་མྱེད་པ་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །ངོ་བོ་ཉིད་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་ཆགས་པ་མྱེད་དོ། །དྲན་པ་ཉེ་བར་གཞག་པ་རྣམས་ལ་ཆགས་པ་མྱེད་དོ། །ཡང་དག་པར་སྤོང་བ་རྣམས་ལ་ཆགས་པ་མྱེད་དོ། །རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་ཆགས་པ་མྱེད་དོ། །དབང་པོ་རྣམས་ལ་ཆགས་པ་མྱེད་དོ། །སྟོབས་རྣམས་ལ་ཆགས་པ་མྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་ཆགས་པ་མྱེད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཆགས་པ་མྱེད་དོ། །འཕགས་པའི་བདེན་པ་རྣམས་ལ་ཆགས་པ་མྱེད་དོ། །བསམ་གཏན་རྣམས་ལ་ཆགས་པ་མྱེད་དོ། །ཚད་མྱེད་པ་རྣམས་ལ་ཆགས་པ་མྱེད་དོ། །གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ལ་ཆགས་པ་མྱེད་དོ། །རྣམ་པར་ཐར་པ་བརྒྱད་ལ་ཆགས་པ་མྱེད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ཆགས་པ་མྱེད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་ལ་ཆགས་པ་མྱེད་དོ། །མངོན་པར་ཤེས་པ་རྣམས་ལ་ཆགས་པ་མྱེད་དོ། །ཏིང་ངེ་འཛིན་རྣམས་ལ་ཆགས་པ་མྱེད་དོ། །གཟུངས་ཀྱི་སྒོ་རྣམས་ལ་ཆགས་པ་མྱེད་དོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་ཆགས་པ་མྱེད་དོ། །མྱི་འཇིགས་པ་རྣམས་ལ་ཆགས་པ་མྱེད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ལ་ཆགས་པ་མྱེད་དོ། །བྱམས་པ་ཆེན་པོ་ལ་ཆགས་པ་མྱེད་དོ། །


DKG025_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་རྗེ་ཆེན་པོ་ལ་ཆགས་པ་མྱེད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་ཆགས་པ་མྱེད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཆགས་པ་མྱེད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཆགས་པ་མྱེད་དོ། །ཕྱིར་མྱི་འོང་བའི་འབྲས་བུ་ལ་ཆགས་པ་མྱེད་དོ། །དགྲ་བཅོམ་པ་ཉིད་ལ་ཆགས་པ་མྱེད་དོ། །རང་བྱང་ཆུབ་ལ་ཆགས་པ་མྱེད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ཆགས་པ་མྱེད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཆགས་པ་མྱེད་དོ། །དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་། ས་དང་པོ་ཡོངས་སུ་རྫོགས་པར་བྱེད་ད་དེ། དེ་ལ་འདོད་པའི་འདོད་ཆགས་མྱི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ས་དེ་ཡང་མྱི་དམྱིགས་ན། དེ་ལ་འདོད་པའི་འདོད་ཆགས་སྐྱེད་པར་ལྟ་ག་ལ་འགྱུར་ཏེ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་ས་གཉིས་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་འདོད་པའི་འདོད་ཆགས་མྱི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ས་དེ་ཡང་མྱི་དམྱིགས་ན། དེ་ལ་འདོད་པའི་འདོད་ཆགས་སྐྱེད་པར་ལྟ་ག་ལ་འགྱུར་ཏེ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་ས་གསུམ་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་འདོད་པའི་འདོད་ཆགས་མྱི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ས་དེ་ཡང་མྱི་དམྱིགས་ན། དེ་ལ་འདོད་པའི་འདོད་ཆགས་སྐྱེད་པར་ལྟ་ག་ལ་འགྱུར་ཏེ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་ས་བཞི་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་འདོད་པའི་འདོད་ཆགས་མྱི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ས་དེ་ཡང་མྱི་དམྱིགས་ན། དེ་ལ་འདོད་པའི་འདོད་ཆགས་སྐྱེད་པར་ལྟ་ག་ལ་འགྱུར་ཏེ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་། ས་ལྔ་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་འདོད་པའི་འདོད་ཆགས་མྱི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ས་དེ་ཡང་མྱི་དམྱིགས་ན། དེ་འདོད་པའི་འདོད་ཆགས་སྐྱེད་པར་ལྟ་ག་ལ་འགྱུར། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་


DKG025_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནས་ཤིང་། ས་དྲུག་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་འདོད་པའི་འདོད་ཆགས་མྱི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ས་དེ་ཡང་མྱི་དམྱིགས་ན། དེ་ལ་འདོད་པའི་འདོད་ཆགས་སྐྱེད་པར་ལྟ་ག་ལ་འགྱུར་ཏེ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་། ས་བདུན་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་འདོད་པའི་འདོད་ཆགས་མྱི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ས་དེ་ཡང་མྱི་དམྱིགས་ན། དེ་ལ་འདོད་པའི་འདོད་ཆགས་སྐྱེད་པར་ལྟ་ག་ལ་འགྱུར་ཏེ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་། ས་བརྒྱད་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་འདོད་པའི་འདོད་ཆགས་མྱི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ས་དེ་ཡང་མྱི་དམྱིགས་ན། དེ་ལ་འདོད་པའི་འདོད་ཆགས་སྐྱེད་པར་ལྟ་ག་ལ་འགྱུར་ཏེ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་། ས་དགུ་པ་ཡོངས་སུ་རྫོགས་པར་བྱེད་དེ། དེ་ལ་འདོད་པའི་འདོད་ཆགས་མྱི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ས་དེ་ཡང་མྱི་དམྱིགས་ན། དེ་ལ་འདོད་པའི་འདོད་ཆགས་སྐྱེད་པར་ལྟ་ག་ལ་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་། ས་བཅུ་པ་ཡོངས་སུ་རྫོགས་པར་བྱེད་ད་དེ། དེ་ལ་འདོད་པའི་འདོད་ཆགས་མྱི་སྐྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེས་ས་དེ་ཡང་མྱི་དམྱིགས་ན། དེ་ལ་འདོད་པའི་འདོད་ཆགས་སྐྱེད་པར་ལྟ་ག་ལ་འགྱུར་ཏེ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་གནས་ཤིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མྱི་དམྱིགས་སོ། །དེ་མྱི་དམྱིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེར་ཆོས་ཐམས་ཅད་ཀྱང་འདུས་པར་མཐོང་སྟེ། ཆོས་དེ་དག་ཀྱང་མྱི་དམྱིགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་དེ་དག་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་གཉིས་སུ་མྱེད་དེ་གཉིས་སུ་བྱར་མྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་དེ་དག་ནི་ཐ་དད་དུ་བྱ་བ་གང་ཡང་མྱེད་དེ། ཆོས་ཀྱི་དབྱིངས་སུ་བསྟན་པ་དང་། དེ་བཞིན་ཉིད་དུ་བསྟན་པ་དང་། ཡང་དག་པའི་


DKG025_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་བསྟན་པས། ཆོས་ཐམས་ཅད་དབྱེར་མྱེད་དོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཆོས་ཐམས་ཅད་དབྱེར་མ་མཆིས་པ་ལགས་ན། ཇི་ལྟར་དགེ་བ་དང་མྱི་དགེ་བའི་ཆོས་རྣམས་བསྟན་པ་ལགས། ཇི་ལྟར་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་བསྟན་པ་ལགས། ཇི་ལྟར་ཟག་པ་དང་བཅས་པ་དང་། ཟག་པ་མ་མཆིས་པའི་ཆོས་རྣམས་བསྟན་པ་ལགས། ཇི་ལྟར་འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་བསྟན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། ཆོས་རྣམས་ཀྱི་ཆོས་ཉིད་གང་ཡིན་པ་དེ་ལ་འདུས་བྱས་སམ། འདུས་མ་བྱས་སམ། རྒྱུན་ཏུ་ཞུགས་པའི་འབྲས་བུའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མྱི་འོང་བའི་འབྲས་བུའམ། དགྲ་བཅོམ་པ་ཉིད་དམ། རང་བྱང་ཆུབ་བམ། །བྱང་ཆུབ་སེམས་དཔའ་གང་ཡང་བརྗོད་དུ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་བས་ན་ཁྱོད་ཀྱིས་རྣམ་གྲངས་དེས་འདི་ལྟར་ཆོས་ཐམས་ཅད་དབྱེར་མྱེད་པ་དང་། ཆོས་ཐམས་ཅད་མཚན་ཉིད་མྱེད་པ་དང་། སྐྱེ་བ་མྱེད་པ་དང་། འབྱུང་བ་མྱེད་པར་རིག་previous hit པར་བྱའོ། །རབ་འབྱོར་ང་སྔོན་བྱང་ཆུབ་སེམས next hit་ད་པའི་སྤྱད་པ་སྤྱོད་པའི་ཚེ། གཟུགས་ཤེས་བྱ་བའམ། ཚོར་བ་ཞེས་བྱ་བའམ། འདུ་ཤེས་ཞེས་བྱ་བའམ། འདུ་བྱེད་ཅེས་བྱ་བའམ། རྣམ་པར་ཤིས་པ་ཞེས་བྱ་བའམ། མྱིག་ཅེས་བྱ་བའམ། རྣ་བ་ཞེས་བྱ་བའམ། སྣ་ཞེས་བྱ་བའམ། ལྕེ་ཞེས་བྱ་བའམ། ལུས་ཤེས་བྱ་བྱ་བའམ། ཡིད་ཅེས་བྱ་བའམ། གཟུགས་ཤེས་བྱ་བའམ། སྒྲ་ཞེས་བྱ་བའམ། དྲི་ཞེས་བྱ་བའམ། རོ་ཞེས་བྱ་བའམ། རེག་ཅེས་བྱ་བའམ། ཆོས་ཤེས་བྱ་བྱ་བའམ། མྱིག་གི་རྣམ་པར་ཤེས་པ་ཞེས་བྱ་བའམ། རྣ་བའི་རྣམ་པར་ཤེས་པ་ཞེས་བྱ་བའམ། སྣའི་རྣམ་པར་ཤེས་པ་ཞེས་བྱ་བའམ། ལྕེའི་རྣམ་པར་ཤེས་པ་ཞེས་བྱ་བའམ། ལུས་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བའམ། ཡིད་ཀྱི་རྣམ་པར་


DKG025_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་པ་ཞེས་བྱ་བའམ། མྱིག་གི་འདུས་ཏེ་རེག་པ་ཞེས་བྱ་བའམ། རྣ་བའི་འདུས་ཏེ་རེག་པ་ཞེས་བྱ་བའམ། སྣའི་འདུས་ཏེ་རེག་པ་ཞེས་བྱ་བའམ། ལྕེའི་འདུས་ཏེ་རེག་པ་ཞེས་བྱ་བྱ་བའམ། ལུས་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བའམ། ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བའམ། མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བའམ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བའམ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བའམ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བའམ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བའམ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཞེས་བྱ་བའམ། སའི་ཁམས་ཤེས་བྱ་བའམ། ཆུའི་ཁམས་ཤེས་བྱ་བའམ། མྱེའི་ཁམས་ཤེས་བྱ་བྱ་བའམ། རླུང་གི་ཁམས་ཤེས་བྱ་བའམ། ནམ་མཁའི་ཁམས་ཤེས་བྱ་བྱ་བའམ། རྣམ་པར་ཤེས་པའི་ཁམས་ཤེས་བྱ་བའམ། མ་རིག་པ་ཞེས་བྱ་བའམ། འདུ་བྱེད་ཅེས་བྱ་བའམ། རྣམ་པར་ཤེས་པ་ཞེས་བྱ་བའམ། མྱིང་དང་གཟུགས་ཤེས་བྱ་བའམ། སྐྱེ་མཆེད་དྲུག་ཅེས་བྱ་བའམ། རེག་པ་ཞེས་བྱ་བའམ། ཚོར་བ་ཞེས་བྱ་བའམ། སྲེད་པ་ཞེས་བྱ་བའམ། ལེན་པ་ཞེས་བྱ་བའམ། སྲིད་པ་ཞེས་བྱ་བའམ། སྐྱེ་བ་ཞེས་བྱ་བའམ། རྒ་ཤི་ཞེས་བྱ་བའམ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའམ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའམ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའམ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའམ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའམ། ནང་སྟོང་པ་ཉིད་ཅེས་བྱ་བའམ། ཕྱི་སྟོང་པ་ཉིད་ཅེས་བྱ་བའམ། ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བའམ། སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱ་བྱ་བའམ། ཆེན་པོ་སྟོང་པ་ཉིད་ཅེས་བྱ་བའམ། དོན་དམ་པ་སྟོང་པ་ཉིད་ཅེས་བྱ་བའམ། འདུས་བྱས་སྟོང་པ་ཉིད་ཅེས་བྱ་བའམ། འདུས་མ་བྱས་སྟོང་པ་ཉིད་ཅེས་བྱ་བའམ། མཐའ་ལས་འདས་པ་སྟོང་པ་ཉིད་


DKG025_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བྱ་བའམ། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་ཅེས་བྱ་བའམ། དོར་བ་མྱེད་པ་སྟོང་པ་ཉིད་ཅེས་བྱ་བའམ། རང་བཞིན་སྟོང་པ་ཉིད་ཅེས་བྱ་བའམ། ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱ་བའམ། རང་གི་མཚན་ཉིད་སྟོང་པ་ཉིད་ཅེས་བྱ་བའམ། མྱི་དམྱིགས་པ་སྟོང་པ་ཉིད་ཅེས་བྱ་བའམ། དངོས་པོ་མྱེད་པ་སྟོང་པ་ཉིད་ཅེས་བྱ་བའམ། ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བའམ། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱ་བའམ། དྲན་པ་ཉེ་བར་གཞག་པ་རྣམས་ཤེས་བྱ་བའམ། ཡང་དག་པར་སྤོང་བ་རྣམས་ཤེས་བྱ་བའམ། རྫུ་འཕྲུལ་གྱི་རྐང་པ་རྣམས་ཤེས་བྱ་བའམ། དབང་པོ་རྣམས་ཤེས་བྱ་བའམ། སྟོབས་རྣམས་ཤེས་བྱ་བའམ། བྱང་ཆུབ་ཀྱི་ཡན་ལག་རྣམས་ཤེས་བྱ་བའམ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཞེས་བྱ་བའམ། འཕགས་པའི་བདེན་པ་རྣམས་ཤེས་བྱ་བའམ། བསམ་གཏན་རྣམས་ཤེས་བྱ་བའམ། ཚད་མྱེད་པ་རྣམས་ཤེས་བྱ་བའམ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཤེས་བྱ་བའམ། རྣམ་པར་ཐར་པ་བརྒྱད་ཅེས་བྱ་བའམ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཞེས་བྱ་བྱ་བའམ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་རྣམས་ཤེས་བྱ་བའམ། མངོན་པར་ཤེས་པ་རྣམས་ཤེས་བྱ་བའམ། ཏིང་ངེ་འཛིན་རྣམས་ཤེས་བྱ་བའམ། གཟུངས་ཀྱི་སྒོ་རྣམས་ཤེས་བྱ་བའམ། དེ་བཞིན་གཤེགས་པའི་སྟོབས་བཅུ་ཞེས་བྱ་བའམ། མྱི་འཇིགས་པ་བཞི་ཞེས་བྱ་བྱ་བའམ། སོ་སོ་ཡང་དག་པར་རིག་པ་བཞི་ཞེས་བྱ་བའམ། བྱམས་པ་ཆེན་པོ་ཞེས་བྱ་བའམ། སྙིང་རྗེ་ཆེན་པོ་ཞེས་བྱ་བའམ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བརྩྭོ་བརྒྱད་ཅེས་བྱ་བའམ། དགེ་བའི་ཆོས་རྣམས་ཤེས་བྱ་བའམ། མྱི་དགེ་བའི་ཆོས་རྣམས་ཤེས་བྱ་བའམ། ཉོན་རྨོངས་པ་དང་བཅས་པའི་ཆོས་རྣམས་ཤེས་བྱ་བྱ་བའམ། ཉོན་


DKG025_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་མྱེད་པའི་ཆོས་རྣམས་ཤེས་བྱ་བའམ། འཇིག་རྟེན་པའི་ཆོས་རྣམས་ཤེས་བྱ་བའམ། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ཤེས་བྱ་བའམ། ཟག་པ་དང་བཅས་པའི་ཆོས་རྣམས་ཤེས་བྱ་བའམ། ཟག་པ་མྱེད་པའི་ཆོས་རྣམས་ཤེས་བྱ་བའམ། ཐུན་མོང་གི་ཆོས་རྣམས་ཤེས་བྱ་བའམ། ཐུན་རྨོང་མ་ཡིན་པའི་ཆོས་རྣམས་ཤེས་བྱ་བའམ། འདུས་བྱས་ཀྱི་ཆོས་རྣམས་ཤེས་བྱ་བའམ། འདུས་མ་བྱས་ཀྱི་ཆོས་རྣམས་ཤེས་བྱ་བའམ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ཞེས་བྱ་བའམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཞེས་བྱ་བའམ། ཕྱིར་མྱི་འོང་བའི་འབྲས་བུ་ཞེས་བྱ་བའམ། དགྲ་བཅོམ་པ་ཉིད་ཅེས་བྱ་བའམ། རང་བྱང་ཆུབ་ཅེས་བྱ་བའམ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱ་བའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའམ། ཆོས་གང་གི་རང་བཞིན་ཡང་མི་དམྱིགས་སོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། previous hit སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། བླ་ན་མྱེད་པ་ཡང་དག་པར next hit་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་མྱི་དམྱིགས་པའི་ཚུལ་གྱིས་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་མཁས་previous hit པར་བྱའོ། །བྱང་ཆུབ་སེམས next hit་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་མཁས་པ་ནི་བྱང་ཆུབ་ཀྱི་ལམ་ཡོངས་སུ་རྫོགས་previous hit པར་བྱེད་ད་དོ། །སེམས next hit་ཅན་རྣམས་ཡོངས་སུ་སྨྱིན་པར་བྱེད་ད་དོ། །སངས་རྒྱས་ཀྱི་ཞིང་ཡོངས་སུ་འཛིན་ཏོ། །དེ་ལ་གནས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་previous hit པར་སངས་རྒྱས་ནས། སེམས next hit་ཅན་རྣམས་ཅི་ནས་ཀྱང་དུལ་བར་གྱུར་ནས། སྲིད་པ་གསུམ་ན་མྱི་སྣང་བ་དེ་ལྟར་རྣམ་previous hit པར་བཏུལ་ལོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས next hit་དཔའ་previous hit སེམས་དཔའ་ཆེན་པོས་མཚན་ཉིད་མྱེད་པའི་ཚུལ་གྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར next hit་བྱའོ། །


DKG025_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་དྲུག་ཅུ་གཉིས་སོ།། །།


no previousརེ་གཉིས་པ། མཚན་ཉིད་མེད་པའི་ལེའུ། སྨད་ཆ།next