Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་ཉེར་བརྒྱད་པ།

5 occurrences of འཕེན་
[Clear Hits]


  
  
collapse section
 
ལེའུ་དང་པོ། འཕགས་མ་སྒྲོལ་མ་མྱུར་ཞིང་རབ་ཏུ་དཔའ་བ་ཤེས་བྱ་བའི་སྒྲུབ་ཐབས།
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 expand section
  
 expand section
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 expand section
  
  
  
  
  
  
 expand section
  
 
  
  
 expand section
  
 expand section
  
  
 expand section
 expand section
 expand section
  
  
 expand section
  
  
  
  
 expand section
  
 expand section
  
  
  
  
  
  
  
  
  
  
  
  
  
  
  
  
  
 expand section


5 occurrences of འཕེན་
[Clear Hits]

 
previousལེའུ་དང་པོ། འཕགས་མ་སྒྲོལ་མ་མྱུར་ཞིང་རབ་ཏུ་དཔའ་བ་ཤེས་བྱ་བའི་སྒྲུབ་ཐབས།next

ལེའུ་དང་པོ། འཕགས་མ་སྒྲོལ་མ་མྱུར་ཞིང་རབ་ཏུ་དཔའ་བ་ཤེས་བྱ་བའི་སྒྲུབ་ཐབས།


DTG028_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

༄། །རྒྱ་གར་སྐད་དུ། ཏཱ་རེ་དེ་བི་སྟོ་ཏྲཾ་ཨེ་ཀ་བི་ཤཾ་ཏི་ཀ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། ལྷ་མོ་སྒྲོལ་མའི་བསྟོད་པ་ཉི་ཤུ་རྩ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བ། རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། །དེ་ལ་དང་པོར་རེ་ཞིག་བཅོམ་ལྡན་འདས་མ་སྒྲོལ་མ་ནམ་མཁའི་དཀྱིལ་ན་པདྨ་དམར་པོའི་སྟེང་ན་བཞུགས་པ་སྐུ་མདོག་དམར་མོ་མེ་ལྟ་བུའི་འོད་འཕྲོ་བ་ཅན། ཞལ་གཅིག་ལ་སྤྱན་གཉིས་མ་ཕྱག་བརྒྱད་པའོ། །ཕྱག་དང་པོ་གཉིས་སྒྲོག་པར་བཞེངས་པའི་རབ་ཏུ་དགའ་བའི་ཕྱག་རྒྱ་དང་ལྡན་


DTG028_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

༄། །པའོ། །དེའི་འོག་མ་གཉིས་ཀྱིས་མདའ་དང་གཞུ་གཞན་ལ་ འཕེན next hit་པ་ཐུགས་ཀར་བཀང་བ། གཡས་ཀྱི་གསུམ་པ་ན་འཁོར་ལོ། །བཞི་པ་ན་རལ་གྲི། གཡོན་གྱི་གསུམ་པ་ན་དུང༌། བཞི་པ་ན་ཞགས་པ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །འཕགས་མ་སྒྲོལ་མ་མྱུར་ཞིང་རབ་ཏུ་དཔའ་བ་ཞེས་བྱ་བའི་སྒྲུབ་ཐབས་ལེའུ་དང་པོ་རྫོགས་སོ།། །།


previousལེའུ་དང་པོ། འཕགས་མ་སྒྲོལ་མ་མྱུར་ཞིང་རབ་ཏུ་དཔའ་བ་ཤེས་བྱ་བའི་སྒྲུབ་ཐབས།next