འབྲེལ་པ་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།
ཉི་མའི་སྙིང་པོ།
རྒྱ་གར་སྐད་དུ། སཾ་བནྡྷ་སིདྡྷྱ་བྷི་དྷཱ་ན་པྲ་ཀྲི་ཡཱ། བོད་སྐད་དུ། འབྲེལ་བ་གྲུབ་པ་ཞེས་པའི་བྱ་བའི་རབ་ཏུ་བྱེད་པ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རབ་ཏུ་སྦྱོར་བ་ཤེས་འདོད་པས། །དང་པོར་བྱེད་ཅན་ཤེས་པར་བྱ། །དེ་ཉིད་དབྱེ་བས་རྣམ་པ་དྲུག །སླར་ཡང་རྣམ་པ་ཉི་ཤུ་གསུམ། །དེ་ལ་བྱེད་པ་རྣམ་པ་ལྔ། །ལས་ལ་རྣམ་པ་བདུན་དུ་འགྱུར། །བྱེད་པ་རྣམ་པ་གཉིས་ཉིད་དང༌། །ཡང་དག་རབ་སྦྱིན་རྣམ་གསུམ་འདོད། །འབྱུང་ཁུངས་རྣམ་གཉིས་ཤེས་པར་བྱ། །དེ་བཞིན་གནས་བཞི་རྣམ་པ་བཞི། །བྱེད་ཅན་གྱི་བྱེད་པ་ཀུན། །ཅི་ནུས་པས་ནི་རྣམ་པར་བཤད། །དེ་ལ་བྱེད་པོ་བརྗོད་པ་ལ། །དང་པོ་ཉིད་ནི་བསྒྲུབ་པར་བྱ། །གསུམ་པའམ་ནི་ཡང་ན་དྲུག །མ་བཤད་བྱེད་པ་རྣམ་པ་གཉིས། །བྱ་བའི་ལས་ལ་བྱས་པ་ཡི། །རྣམ་དབྱེའི་ཆོ་ག་སྔ་མ་བཞིན། །དེ་བཞིན་ནམ་བཤད་དང་པོ་ལ། །བདུན་པ་ལྔ་པ་བོར་བཞིན་དུ། །གསུམ་པ་དང་ནི་ལྔ་པ་ཉིད། །དྲུག་པ་ཡང་སྟེ་བྱེད་པ་གསུམ། །ཡང་དག་རབ་སྦྱིན་དེ་བཞིན་གསུམ། །འབྱུང་ཁུངས་ཉིད་ནི་ལྔ་པ་སྟེ། །དེ་ལས་གཞན་དུ་འཇུག་པ་མིན། །གནས་གཞི་ཉིད་ནི་བདུན་པ་སྟེ། །འདིས་ནི་བྱེད་ཅན་ཡང་དག་བསྡུས། །ཏིང་དང་ཏ་བྱ་ཨཎ་སོགས་སུ་པ། །འགྲེལ་པ་བཞི་ནི་མངོན་བརྗོད་དོ། །དྲུག་པའི་བསྡུ་དང་གྲངས་མེད་པ།། ཉི་ཤུ་རྩ་བརྒྱད་རྗོད་པར་བྱེད། །རྟག་དང་མི་རྟག་སྦྱོར་བ་ཡིས། །འཇིག་དང་མི་འཇིག་རྣམ་པ་གཉིས། །ཚིག་གཉིས་ཚིག་མང་གྲངས་མཐའ་དང༌། གཉི་གའི་གྲངས་སོགས་ཁྱད་པར་ལས། །གཞན་དོན་རྣམ་དྲུག་ཤེས་པར་བྱ། །གྲངས་སྡོམ་ཅན་རྣམ་གཉིས་འདོད། །དང་གི་དོན་ནི་རྣམ་པ་བཞིར། །ཤེས་བྱ་གྲངས་མེད་རྣམ་གཉིས་བཤད། །བསྡུ་བ་དེ་དག་རྣམས་ལ་ཡང༌། །གཙོ་བོར་གྱུར་པ་རྣམ་པ་བཞི། །ཐུན་མོང་གྲངས་མེད་དངོས་བཤད་པ། །རྣམ་གསུམ་ཨཎ་ལ་སོགས་པར་བཤད། །ཚིག་རྣམས་ཀྱི་ནི་ནུས་པ་རྣམས། །དང་པོ་རབ་ཏུ་བཤད་པར་བྱ། །སྔ་མ་ཕྱེད་དང་ཕྱི་ཕྱེད་ཀྱང༌། །ལ་བསྒྱུར་རྣམ་གཉིས་ཏིང་རྣམས་ཀྱིའོ། །དོན་ལ་རྗེས་སུ་བརྟེན་ནས་ནི། །འདི་ཡི་ཐ་སྙད་འདི་ལྟ་བུ། །ཏིང་རྣམས་ཨ་ཏང་དང་ཏང་གི །ཆ་ཡི་ཚིག་རྣམས་གསུམ་གསུམ་སྟེ། །དང་པོ་དབུས་མ་ཕྱི་མ་ཡི། །སྐྱེས་བུ་གསུམ་དུ་ཤེས་པར་བྱ། །གཅིག་གཉིས་མང་པོ་བརྗོད་པ་ལ། །གཅིག་སོགས་དོན་གསུམ་རིམ་པས་སོ། །ཨ་ཏང་བྱེད་པ་པོར་ཤེས་བྱ། །
དངོས་པོ་དང་པོ་ནི་ལས་ལ་མིན། །དངོས་པོ་ལས་དང་བྱེད་པོ་ལ། །ཏང་རྣམས་གསུམ་དུ་བལྟ་བར་བྱ། །བྱིངས་ལས་ལས་མིན་དངོས་པོ་ལ། །དང་པོའི་གཅིག་གི་ཚིག་འགྱུར་རོ། །དེ་ཡི་ལས་དང་བྱེད་པོ་ལས། །བྱིངས་ལ་ཨ་ཏང་གསུམ་དུ་བཤད། །ངེས་པར་བསྟན་པའི་བྱ་བ་གང༌། །ལས་དང་བྱ་བ་དེ་རབ་འཇུག །མིང་ལས་ཡི་གེ་ངེས་སྦྱོར་བ། །དེ་ལ་སྐྱེས་བུ་དང་པོར་འགྱུར། །ཏྭཾ་ཡུ་བཱཾ་ཡཱུ་ཡཾ་ཞེས། །འདི་གསུམ་སྦྱོར་ལ་དབུས་མའོ། །ཨ་ཧཾ་ཨཱ་བཱཾ་བ་ཡི་ཞེས། །འདི་རྣམས་སྦྱོར་ལ་ཕྱི་མ་ཉིད། །པྲ་ཧཱ་ས་དང་གཞན་མཐོང་ལ། །རང་དོན་དབུས་མ་ཕྱི་མའོ། །སང་དང་གསུམ་རྣམས་ཀྱང་འཇུག་སྟེ། །དངོས་དང་དེའི་ལས་བྱེད་པོ་ལ། །དངོས་པོ་ལ་ནི་ཨ་ཙ་ཨས་ལྷུཊ། །ཀྟིན་གྷཉ་རྣམས་ནི་འགྱུར་བ་སྟེ། །ཡུ་ཙ་ཨ་ཡིག་མིན་ལས་ཀྱང༌། །བྱིངས་ལས་ལས་བཅས་ལས་མེད་ལ། །ལས་དང་དངོས་ལ་ཀྟ་འགྱུར། །ཏ་བྱ་ལ་སོགས་ཁ་ལའི་དོན། །དེ་དག་ཉིད་ནི་རྗེས་སུ་འཇུག །གསུམ་རྣམས་འགྲོ་བའི་དོན་སོགས་རྣམས། །བྱ་བ་རྩོམ་ལ་དེ་བཞིན་སླར། །ལས་མེད་པས་ལས་ནི་ཡང་དག་བྱུང༌། །བྱེད་པོ་དངོས་པོ་དག་ལ་འཇུག །ཨིཥྞུ་ཙདཀྟ་བ་ཏུ་བི་ཙ་ཏྲཾ་ཎ་ཤྰ་ཀ་ན་ལྷུ་ཎི་ནྱཱ་ཙ། ཨུ་ཨན་ཨུ་ཀ་ཉྡ་ཊ་ཌྷཀ་དང༌། འཇུག་སོགས་རྣམས་ཉིད་པོ་ལའོ། །ཁྱབ་དང་ཏུ་ལན་ཀཏྲཱ་རྣམས། སྔ་ཕྱིའི་དུས་ཅན་དངོས་པོ་ལའོ། །དང་པོ་དང་ནི་གཉིས་པ་དག །བྱ་བ་ལ་ཡང་ཁྱད་པར་དུའོ། །འཇུག་བཞིན་པ་དང་ངེས་བསྟན་པ། །ཤ་ཏྲི་ཤཱ་ན་ཙ་དག་སྟེ། །རྫས་ལ་ལྟོས་དང་བཅས་པའི་ཕྱིར། །དེ་དག་བསྡུ་བ་མིན་ལ་འགྲུབ། །ཚིགས་བཅད་ཉི་ཤུ་རྩ་ལྔ་ཡིས། །གཞུང་གི་དོན་རྣམས་བསྡུས་པ་སྟེ། །མཁས་པ་རྣམས་ཀྱིས་མཆོག་གི་དོན། །རབ་ཏུ་སྦྱོར་བ་རྟོགས་པར་བྱ། །འབྲེལ་བ་གྲུབ་པའི་མདོར་བསྟན་རྫོགས་སོ།། །།གང་ཞིག་ཇི་སྐད་མངོན་བརྗོད་པའི། །སྒྲ་ཡི་སྦྱོར་བ་ཤེས་འདོད་པ། །དེ་ཡིས་བྱེད་ཅན་བརྗོད་ཤེས་བྱ། །སྒྲ་ཡི་གནས་རྣམས་ཤེས་པར་བྱ། །མིང་དང་ཀུན་བཤད་ལ་སོགས་པ། །དེ་ཉིད་བྱེད་པ་པོར་ཤེས་བྱ། །ཞེས་བྱ་བ་དེ་ལ་བྱེད་པ་ཅན་རྣམས་བྱེད་པོ་དང་ལས་དང་བྱེད་བ་དང་ཡང་དག་པར་སྦྱིན་པ་དང་འབྱུང་ཁུངས་དང་གནས་གཞི་རྣམས་ཏེ། དེ་རྣམས་ལ་ཡང་རྣམ་པ་ཉི་ཤུ་རྩ་གསུམ་གྱི་དབྱེ་བ་འཇུག་གོ །ཅི་ལྟ་བུ་ཞེན་བྱེད་པ་པོ་རྣམ་པ་ལྔ་དང༌། བྱ་བའི་ལས་རྣམ་པ་བདུན་དང༌། བྱེད་པ་རྣམ་པ་གཉིས་དང༌། ཡང་དག་པར་རབ་ཏུ་སྦྱིན་པ་རྣམ་པ་
གསུམ་དང༌། འབྱུང་ཁུངས་རྣམ་པ་གཉིས་དང༌། གནས་གཞི་རྣམ་པ་བཞིར་འགྱུར་རོ། །དེ་ལ་བྱེད་པ་པོའི་རྣམ་པ་ལྔ་གང་ཞེ་ན། རང་དབང་གི་བྱེད་པ་པོ་དང༌། རབ་ཏུ་སྦྱོར་བའི་བྱེད་པ་པོ་དང༌། ལས་ཀྱི་བྱེད་པ་པོ་དང༌། བཤད་པའི་བྱེད་པ་པོ་རྣམས་སོ། །དེ་ལ་རང་དབང་གི་བྱེད་པ་པོ་གང་ཞེ་ན། དཔེར་ན། པུ་ཎྱཾ་ཀ་རོ་ཏི་ཤྲཱདྡྷཾ། མཻ་ཏྲཱི་བྷ་ཛནྟེ་ཤནྟཿ། བིདྱ་མུ་པཱ་སེ་ཏོ་ཀྲྀ་ཏི་ནཿ་ཤྲི་ཡ་མཱ་སྣུ་བནྟི་དཀྵཿ། རབ་ཏུ་སྦྱོར་བའི་བྱེད་པ་པོ་ནི། །དཔེར་ན། གྲཱ་མཾ་གཙྪ་ཏི་དེ་བ་དཏྟཿ། ཏཾ་གཙྪནྟ་མྤྲ་ཡུཾ་ཀྟེ་ཡཛྙ་དཏྟེ། གྲཱ་མ་ག་མ་ཡ་ཏི་དེ་བ་དཏྟཿ། ཡོ་དྷཱི་རོ་བ་ནཱི་ཏཱིན་ཧི་ཏ་ལ་བྷུམྤྲ་ཡུཾ་ཀྟེ། ས་དྷཱི་རོ་ཧོ་ཏཾ་ལ་བྷ་ཡ་ཏི་བི་ནཱ་ཏཱ་ན། པཱ་ཙ་ཡཏྱོ་ད་ན་དེ་བ་དཏྟེ་ན་ཡཛྙ་དཏྟཿ། ཙྪ་ཏྲཱ་ན་པཱ་ཋ་ཡ་ཏི་ཙྪི་ཏྲ་མུ་པཱ་དྷྱ་ཡཿ། མཱ་ན་བ་ཀཱན་བ་ད་མ་དྷྱཱ་ས་ཡ་ཏི་བྲཱ་ཧམ་ཎཿ། བྱེད་པ་ལ་རབ་ཏུ་སྦྱོར་བས་ན་རབ་ཏུ་སྦྱོར་བ་པོ་སྟེ། དེ་ཡང་བྱེད་པ་པོ་ཉིད་མངོན་པར་སྤྱོད་པས་སོ། །བྱེད་པ་པོ་འདི་ནི་རབ་ཏུ་སྦྱོར་བའི་བྱེད་པོའོ། །ལས་ཀྱི་བྱེད་པ་པོ་ནི། །དཔེར་ན། སྭ་ཡ་མེ་བདྲྀ་ཤྱ་ཏེ་དུཥྛ་ཛ་ན་དོ་ཥཿ། སྭ་ཡ་མེ་བ་བཙྱ་ཏ་ཨ་ཀྲྀ་ཏ་ཀུ་ལ་བུདྡྷ་ཡཿ། སྭ་ཡ་མེ་བཙྪ་དྱ་ཏེ་པྲ་ཀྲྀ་ཏ་ཛ་ན་སྣེ་ཧཿ། སྭ་ཡ་མེ་བ་ལ་ཡ་ཏེ་ཀེ་དཱ་རཿ། སྭ་ཡ་མེ་བ་པཙྱ་ཏེ་ཨོ་ད་ན་སྟེ་ས་ན་མྦཱ། ལྟ་བ་ཞེས་པ་ལ་སོགས་པ་དང་འཚེད་པ་ནི་ལས་ཉིད་དུ་རྟོགས་པར་བྱ་སྟེ། གང་བྱ་བ་ནི་ལས་སོ། །རང་ཉིད་ནི་རབ་ཏུ་གྲུབ་པར་བྱེད་པའོ། །སུ་ཀ་རེཿ། སྭེ་རྒུ་ཎེཿ། ཀརྟྟ། ཀརྨཿ། ཀརྟྟེ་ཏ་ཏིདྟ་དུཿ། ཚིག་གི་འདུ་བྱེད་ལ་བརྟེན་པས་ངག་འབྱུང་སྟེ། རང་ཉིད་ཅེས་བྱེད་པ་པོ་ཉིད་དོ། །དེའི་དངོས་པོ་དང་ལས་དག་ལའོ་ཞེས་པས་ཏང་བའོ། །ལིཊ་དང་སྨོན་པའི་ལིང་མ་ཡིན་པའི་ཏིང་ཤ་འགྲོ་བ་ལ་ཡཀའང་ངོ་ཞེས་པས་ཡ་ཀའོ། །བཤད་པའི་བྱེད་པ་པོ་ནི། དཔེར་ན། སཱ་དྷ་བ་པ་རཱརྠ་མུཏྤཱ་ད་ཡནྟི། ཀ་ཊཾ་ཀ་རོ་ཏི་དེ་བ་དཏྟཿགྲཱ་མངྒཙྪ་ཏི། ཨོ་ད་ནཾ་པ་ཙ་ཏི། ཤཱསྟ་མ་དྷཱི་ཏེ། བུདྡྷ་ག་བནྟ་མྶཱ་ཛ་ཡ་ཏི་དྷཱརྨཱི་ཀཿ། དྷརྨྨཾ་སུ་ར་ཏི་སཾ་གྷ་མཱ་རཱ་དྷ་ཡི་ཏེ། བཤད་ཅེས་པ་ནི་བསྡུ་བ་དང༌། ཨཎ་དང་ཏིང་ཏ་བྱ་ལ་སོགས་པ་རྣམས་ཀྱིས་རབ་ཏུ་གསལ་བར་བྱས་པའོ། །དེ་བཞིན་དུ་བཤད་པའི་ཏིང་དང་ཏ་བྱ་དང་ཨཎ་ལ་སོགས་པ་སུབ་ཀྱི་འཇུག་པ་རྣམ་པ་བཞི་མངོན་པར་བརྗོད་པ་ཞེས་པ་ལ་སོགས་པ་སྟེ། དེ་ལ་བཤད་པའི་བྱེད་པ་པོ་ལ་རྣམ་པར་དབྱེ་བ་ནི། རྣམ་དབྱེ་དང་པོ་ཉིད་འགྱུར་རོ། །འོ་ན་བྱེད་པ་པོའི་དོན་ཁོ་ནར་བཤད་པ་དེ་ལ་རྣམ་དབྱེ་དང་པོ་སྦྱོར་བ་ཅི་ཞེ་ན། དོན་ཙམ་བརྗོད་པར་འདོད་པ་སྟེ། དོན་ཙམ་ལའོ་ཞེས་པས་དང་པོ་ཁོ་ན་
འགྱུར་རོ། །དོན་ཞེས་བྱ་བ་ནི། རང་གི་དོན་དང་རྫས་དང་རྟགས་དང་གྲངས་ཚད་དང་མཚན་ཉིད་ཙམ་གྱི་སྒྲ་ནི་རང་དོན་ནོ། །དོན་ཁོ་ན་དོན་ཙམ་མོ། །འབྲེལ་བ་ནི་བྱེད་པ་ཅན་ལ་མ་ལྟོས་པ་ཡིན་ནོ། །དེ་ལྟར་ཡང༌། སྒྲ་དོན་རྟགས་དང་གྲངས་གང་ཡིན། །དེ་ནི་དོན་ཙམ་མ་བརྗོད་པར་བྱེད། །ཅེས་པ་སྟེ། འདིར་རྣམ་དབྱེ་དང་པོས་གསལ་བར་རིགས་པར་བྱའོ། །དེ་བཞིན་དུ་བོད་པ་ཡང་ངོ༌། །མ་བཤད་པའི་བྱེད་པ་པོ་ནི། །དཔེར་ན། སཱ་དྷུ་བྷི། པ་ར་རྠམྦྱ་ཏེ། གུ་རུ་ཎཱ་ཤི་ཥྱོ྅། དྷྱཱ་སྱ་ཏེ། ཀྲི་ཡ་ཏེ་ཀ་ཊོ་དེ་བདཏྟེ་ན། ཤཱསྟཾ་པ་ཥྱ་ཏེ་ཙྪ་ཏྲེཿ། བྷ་ག་བཱན་བུདྡྷ་པཱུ་ཛྱ་ཏེ་དྷཱ་རྨཱི་ཀཻཿ། གང་བྱ་བ་ནི་ལས་དང༌། བྱེད་པ་པོའི་གནས་སུ་བྱེད་པ་གཙོ་བོར་གྱུར་པའོ། །རབ་ཏུ་སྦྱོར་བ་མེད་པའམ་རབ་ཏུ་སྦྱོར་བ་དེ་ནི་བྱེད་པ་པོ་ཞེས་བྱ་བའི་བྱེད་པ་ཅན་ནོ། །དེ་ལ་མ་བཤད་པའི་བྱེད་པ་པོ་ལ་གསུམ་པའོ་ཞེས་པས་རྣམ་དབྱེ་བ་གསུམ་པ་འགྱུར་རོ། །བསྡུ་བ་ལས་སོ་ཞེས་པས་མ་བཤད་པའི་ཕྱིར་རོ།། །།ལས་རྣམ་པ་བདུན་གང་ཞེ་ན། འདོད་པའི་ལས་དང། མི་འདོད་པའི་ལས་དང༌། འདོད་པ་ཡང་མ་ཡིན་མི་འདོད་པ་ཡང་མ་ཡིན་པའི་ལས་དང༌། གཙོ་བོ་མ་ཡིན་པའི་ལས་དང༌། བཤད་པའི་ལས་རྣམས་སོ། །དེ་ལ་འདོད་པའི་ལས་ནི། དཔེར་ན། དུརྦི་ཛྙེ་ཡ་མ་པ་བུདྡྷ་དྷརྨཱི། ཤྲདྡྷ་དྷཱ་ཏུ་དཱ་རཱ་དྷི་མུཀྟཿ། ཨོ་ད་ནཾ་བྷུདྐྟེ་མ་ནུ་ཥྱཿ། བུདྡྷཾ་དྷྱཱ་ཡ་ཏི་དྷཱརྨི་ཀཿ། བྱ་བའི་ལས་ལ་གཉིས་པའོ། །ཞེས་པས་རྣམ་དབྱེ་གཉིས་པ་འགྱུར་རོ། །མི་འདོད་པའི་ལས་ནི་དཔེར་ན། ཀ་ལྱཱ་ཎ་མ་པི་བུདྡྷཱ་དྷརྨ་པྲཏི་ཀྵེ་པནྟི་པཱ་ས་བུདྡྷ་ཡཿ། མ་ཧྲཱི་ལཾ་གྷ་ཡ་ཏི་ན་རཿ། བི་ཥཾ་བྷ་ཥ་ཡ་ཏི་ཀྲུ་དྷཿ། ཀཎྛ་ཀ་མརྡྷ་ཡ་ཏི་བཱ་ལཿ། མི་འདོད་པའི་བྱ་བའི་ལས་ལ་ཡང་གཉིས་པ་གྲུབ་བོ། །འདོད་པ་ཡང་མ་ཡིན་མི་འདོད་པ་ཡང་མ་ཡིན་པའི་ལས་ནི། །དཔེར་ན། ས་ཡ་སམྦྷ་ཀྵ་ཡ་ན་ས་ཏ་ཏྱ་ཏི་ཏ་ར་ཛོ་བྷ་བ་དྷ་ར་ཏི་ཀུ་མཱ་ར་ཀཿ། ཡོངས་སུ་མི་ཤེས་པའི་ཕྱིར་རྡུལ་ཏེ། འདི་ནི་འདོད་པ་ཡང་མ་ཡིན་མི་འདོད་པ་ཡང་མ་ཡིན་པ་ཞེས་བརྗོད་དོ། །དེ་བཞིན་དུ། གྲཱ་མཱངྒཙྪ་པྲྀཀྵ་མཱུ་ལཱ་ནྱུ་པ་སརྦ་ཡ་ཏི། གཙོ་བོ་མ་ཡིན་པའི་ལས་ནི་དཔེར་ན། གཱནྡྷོ་གྡྷི་པ་ཡོ་ག་པཱ་ལ་ཀཿདེ་བ་དཏྟ་ཡ་ཙ་ཏེ་ཀམྦ་ལཾ་བྲཱ་ལཾ་བྲཱཧྨ་ཎཿ། བྲ་ཛ་མེ་བ་རུ་ཎ་དྡྷི་གཱཾ་གོ་པཱ་ལ་ཀཿཨུ་པཱདྷྱ་ཡ་པྲྀཙྪ་ཏི་ཤཱསྟཾ་ཤཻ་ཥྱཾཿ། ཨཱི་ཤྭ་ར་བྷིཀྵ་ཏེ་སུ་ཝརྞྞཾ་བྲཧྨ་ཎཿབྲྀཀྵ་མ་བ་ཙི་ནོ་ཏི་ཕ་ལཱ་ནི་དཱ་ར་ཀཿ་ཤི་ཥྱཾ་བྲ་བཱི་ཏི་ཤཱསྟྲ་གུ་རུཿ། སུ་ཏ་མ་ནུ་ཤཱསྟྲི་ཤཱསྟྲི་མྶ་ཏཱ་རྣམས་སོ། །བྱེད་པ་
པོའི་ལས་ནི་དཔེར་ན། ཤིཥྱངྒ་མ་ཡ་ཏི་གྲཱ་མངྒུ་རུཿ། བོ་ཡ་ཏི་ཤཱ་སྟ་མུ་དྷྱ་ཡཿ། ཤིཥྱ་བོ་ཛྱ་ཨོ་ད་ནཾ་དེཔ་དཏྟཾ་ཡཛྙ་དཏྟཿ། པཱ་ཋ་ཏི་མཱ་ན་བ་ཀིམྦ་ད་མུཔ་དྷྱཱ་ཡཿ། ཨཱ་ཤ་ཡ་ཏི་དེ་བྦ་དཏྟཾ་ཡཛྙ་དཏྟཿ། པཱ་ཤ་ཡ་ཏི་པ་ཏིམྦྷརྻ། འགྲོ་བ་དང་རྟོགས་པ་དང༌། ཟས་དང་སྒྲའི་དོན་དང་ལས་མེད་པ་རྣམས་ཀྱི་སྦྱར་བྱ་ལ་ཞེས་པས་སྦྱར་བར་བྱ་བའི་བྱེད་པ་པོ་ལ་གཉིས་པ་འགྱུར་བའོ། །བཤད་པའི་ལས་ནི་དཔེར་ན། ཀ་ཊཿ། ཀྲི་ཡ་ཏེ་དེ་བདཏྟེ་ན། བྷཱ་ར་དྷི་ཡ་ཏེ་དེ་བ་དཏྟེ་ན། ཨོ་ད་ནཿ། པ་ཙྱ་ཤཱུ་དྲེ་ཎ། ཤཱསྟྲ་མྤ་དྡྱ་ཏེཙྪཱ་ཏཻཿ། བེ་དོ྅དྷི་ཡ་ཏེ་མཱ་ན་བཀེ་ན། བཤད་པའི་ལས་ལ་དོན་ཙམ་ལ་དང་པོའི་ཞེས་པ་དང་པོའོ། །བྱེད་པ་པོ་ལ་ཇི་སྐད་བཤད་པ་དེ་བཞིན་དུའང་འདིར་ཡང་སྦྱར་བར་བྱའོ། །མ་བཤད་པའི་བྱེད་པ་པོ་ནི་དཔེར་ན། ཀ་ཊཾ་ཀ་རོ་ཏི་ན་རཿ། ཀུམྦྷ་ནིཥྤཱ་ད་ཡ་ཏི་ཀུཾབྷ་ཀཱ་རཿ། ཀཱཎྜ་ལུནཱ་དེ་བ་དཏྟཿ། སུ་བརྞྞ་ཀུཎྜ་ལ་ཀ་རོ་ཏུ་སུ་བརྞྞ་ཀཱ་རཿ། གྲི་ཧ་བྲ་བི་ཤྱ་ཏི་ནཱི་རཱིཿ། བེ་ད་མ་དྷཱི་ཏེ་མཱ་ན་ཀ་བ་ཀཿ། དྷརྨྨ་ཤྲྀ་ཎོ་ཏི་པྲཛྙཿ། །བུདྡྷཾ་བྷ་ག་བཱ་ནཾ་བནྟ་ཏེ་ཤྲཱདྡྷཿ། དེ་ལྟར་ཡང་བཤད་པ། །ངེས་འཇུག་པ་རྣམ་འགྱུར་ཐོབ་བྱ་དང༌། འདི་དག་རྣམ་པ་གསུམ་དུ་འདོད། །བྱེད་པ་པོ་དང་བྱ་བ་ལས། རེ་ལྡེ་ཚེར་མ་ཁྱིམ་དུ་བརྗོད། །དེ་ལ་མ་བཤད་པའི་ལས་ནི་བསྡུ་བ་ལ་སོགས་པ་རྣམས་ཀྱི་བཤད་པའི་ཕྱིར་རོ། །བྱ་བའི་ལས་ལ་གཉིས་པའོ། །ཞེས་པས་རྩམ་དབྱེ་གཉིས་པ་འགྱུར་རོ། །བཤད་པའི་ལས་ནི་ཕྱི་དང་ནང་གི་བྱེད་པས་རྣམ་པ་གཉིས་ཏེ། ནང་གི་ལུས་ཀྱི་ཡན་ལག་ལ་བརྟེན་པའོ། །ཕྱིའི་ནི་དེ་ལས་བཟློག་པའོ། །དེ་སྐད་དུ་ཡང༌། བརྗོད་པར་འདོད་པའི་བྱ་བའི་ལས། །བྱེད་ཅན་འདི་ནི་མཆོག་ཏུ་གྲུབ། །བྱེད་པ་ཕྱི་དང་ཡིད་ཀྱང་རུང༌། །རྣམ་གཉིས་མིག་དང་ཟོར་བ་སོགས། །ཞེས་སོ། །ནང་གི་དཔེར་ན། ནི་ཏྲ་ཎ་ནི་རཱ་ཀྵི་ཏ་སུ་ཏྲཱཉྫ་ན་ཀཿ། བྱ་བའི་ཁྱད་པར་ཡང་བྱ་བའི་ལས་ཉིད་ཀྱི་ཕྱིར་གཉིས་པའོ། །སྟོ་ཀཾ་ཙ་ལ་ཏི། །གོང་དོ་ཧ་མ་སྟེ། ཨོ་ད་ན་སྲ་ཀ་སེ་ཏ་ཞེས་སོ། །དཔེར་ན། མཱ་ན་སཱ་པཱ་ཊ་ལི་པུ་ཏྲཱཾ་གཙྪ་ཏི། །གཧྲ་ཎེ་ན་པུཥྤཱ་ནི་ཛིགྷྲ་ཏི་ལོ་ཀཿ། ཛི་ཧྲ་ཡཱ་ར་ས་མཱ་སྭཱ་ད་ཡ་ཏི། ཤྲ་བ་ཎ་ན་ཤབྷཱ་ན་གྲྀཧྞཱ་ཏི། ཀཱ་ཡེ་ན་སུ་ཁ་མ་ནུ་བྷ་མ་ཏི་མོ་ཀཿ། ཕྱི་རོལ་གྱི་ནི་དཔེར་ན། དཱ་ཏྲེ་ཎ་དྷཱ་ནྱ་ལུ་ནཱ་ཏི། པ་ར་ཤུནཱ་ཙྪི་ནནྟི། ཨ་ཤྭེ་ན་པྲཛ་ཏི། ཧསྟི་ཏ་གཙྪ་ཏི་བུཥྞུ་མི་ཏྲཿ། །པྲཛྙ་ཁཌྒེ་ནཱ་ཛྙཱ་ནཾ། ཧིནྟ། བྷ་ག་བཱ་མཉྫུ་གྷོ་ཥ་ལོ་ཀ་སྱ་སརྦ་དྷ། ཀྲི་ཡ་ཏེ་ཡ་མ་ཏི་ཀ་ར་ཎི། ཨསྱ་བཱ་ཙ་སྱ་ཏྲིཔྟཱི་ཀ་རོ་ཏི། བྱེད་
པ་ཅན་གྱི་བྱ་བ་ཡི། །ཆོ་གས་རྒྱུ་ནི་འགྲུབ་པར་བྱེད། །གང་དེ་འཆད་པར་འདོད་རྣམས་ལ། །བྱེད་པ་དེ་ནི་རབ་ཏུ་བསྒྲགས། །དེ་ལ་ཐམས་ཅད་དུ། བྱེད་པ་པོ་ལ་ཞེས་པས་གསུམ་པའོ། །ཡང་དག་པར་རབ་ཏུ་སྦྱིན་པ་རྣམ་པ་གསུམ་གང་ཞེ་ན། སྐུལ་བ་དང་རྗེས་སུ་སེམས་པ་དང༌། ཨ་ནི་རཱ་ཀརྟྲི་ཀ་ཞེས་བྱ་བ་རྣམས་སོ། །སྐུལ་བ་ནི། དཔེར་ན། བྲཱཧྨ་ཎཱ་ཡ། གཱནཱ་དཱ་ཏི་ན་རཿ། དེ་ནི་གང་གི་ཕྱིར་བྲམ་ཟེས་མོད་ལ་དགའ་བར་བྱས་ནས་ང་ལ་བྱིན་ཅིག་ཅེས་སྐུལ་བར་བྱེད་པས་ན་སྐུལ་བ་པོ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ། མཱ་ན་བ་ཀཱ་ཡ་བྷི་ཀྵཱནྡ་དཱ་ཏི། དུ་བྷུ་ཀྵི་ཏཱ་ཡ་ཨོ་ད་ན་པ་ད་དཱ་ཏི། རྗེས་སུ་སེམས་པ་ནི་དཔེར་ན། ཨ་ཏི་ཤ་ཡེ་བྲྀཀྵ་མཱུ་ལཾ་དང་དཱ་ཏི་ཏ་པ་དྷ་ནཿ། ས་ཧྱ་ཏི་ཐརྦཾ་ཀྵ་མཱུ་ལཱརྠཾ་ན་ཏ་པྲེ་ར་ཡ་ཏཱ། དེས་སྦྱིན་པར་བྱེད་ཅིང་རྗེས་སེམས་པ་ཞེས་བརྗོད་དོ། །ཨ་ནི་རཱ་ཀྭརྟྲྀ་ན་དཔེར་ན། ཙཻ་ཏྱཱ་ཡ་ཀུ་སུ་མཱི་ན་པྲ་པ་ཏི་ཏ་ལོ་ཀཿ། དེ་ནི་གང་གི་ཕྱིར་རྗེ་བཙུན་གྱི་མཆོད་རྟེན་ལ་འབུལ་བར་བྱེད་ཅིང་མེ་ཏོག་རྣམས་འཐོར་བར་བྱེད་པ་ཡིན་ལ། རྗེས་སུ་སེམས་པར་བྱེད་པ་མ་ཡིན་པས་དེའི་ཕྱིར། ཨ་ནི་རཱ་ཀརྟྲྀ་ཀ་ཞེས་བརྗོད་དོ། །མཆོད་པ་དང་རྗེས་སུ་འཛིན་པར་འདོད་པ་དང་ཡང་དག་པར་ཕུལ་དུ་བྱུང་བས་དྲན་པར་བྱེད་པ་དེ་ཡང་དག་པར་རབ་ཏུ་སྦྱིན་པའོ། །དེ་ལྟར་ཡང༌། རྗེས་སེམས་ནི་རཱ་ཀརྟྲྀ་དང༌། སྐུལ་བར་བྱེད་པའི་རྒྱུ། ལས་དང་ཐོབ་དང་སྦྱིན་བྱེད་པ། །ཡང་དག་རབ་ཏུ་སྦྱིན་པར་བསྒྲགས། །དེ་ཐམས་ཅད་ལ། ཡང་དག་པར་རབ་ཏུ་སྦྱིན་པ་ལ་བཞི་པའོ་ཞེས་པས་བཞི་འགྱུར་རོ། །འབྱུང་ཁུངས་རྣམ་པ་གཉིས་སུ་ཤེས་པར་བྱ་བ་གང་ཞེ་ན། གཡོ་བ་དང་མི་གཡོ་བའོ། །དེ་ལ་གཡོ་བ་ནི་དཔེར་ན། དྷཱ་བ་ཏོ྅ ཤྭཱ་རྦ་ཏི་ཏོ྅ ཤྭ་པཱ་ར་ཐིཿ། དྷཱ་བ་ཏོ་ཧསྟི་ནཿ་པ་ཏི་ཏོ྅ངྐུ་ཤ་དྷཱ་ར་ཀཿ། མི་གཡོ་བ་ནི་དཔེར་ན། གྲཱ་མཱ་དཱ་གཙྪ་ཏི་པུ་རུ་ཥཿ། སྭ་རྒཱ་ད་བ་ཏ་རནྟི་དེ་བཱཿ། སརྤཱ་ཏཱ་ད་བ་རོ་ཧནྟི་མུ་ན་ཡཿ། ཡང་ན་མཚམས་སུ་གྱུར་པའི་ཚིག་གི་དོན་རྣམས་ཀྱང་གཡོ་བ་དང་མི་གཡོ་བ་སྟེ། སྔ་མའི་གཟུགས་ལས་མ་ཉམས་པར་འབྱུང་བ་རབ་ཏུ་རྗོད་པར་བྱེད་པའོ། །དེས་ན་འབྱུང་ཁུངས་ལ་ལྔ་པའོ་ཞེས་པས་ལྔ་པ་འགྱུར་རོ། །དེ་བཞིན་དུ་གནས་གཞི་རྣམ་པ་བཞི་གང་ཞེ་ན། མངོན་པར་ཁྱབ་པ་ཅན་དང༌། ཉེ་བར་འབྱར་བ་ཅན་དང༌། ཡུལ་ཅན་དང༌། ཉེ་བ་ཅན་ཞེས་པ་རྣམས་སོ། །དེ་ལ་ཁྱབ་པས་ན་མངོན་པར་ཁྱབ་པ་ཅན་ནོ། །ཉེ་བར་གནས་པས་འཇུག་པ་
དང། ཉེ་བར་འབྱར་བ་དང་འདྲ་བས་ཉེ་བར་འབྱར་བ་ཅན་ཏེ། འོན་ཀྱང་ཉེ་བར་སྦྱོར་བ་ཁོ་ན་ཉེ་བར་འབྱར་བ་ཅན་ནོ། །ཡུལ་ལ་གནས་པས་ཡུལ་ཅན་ནོ། ཉེ་བར་གནས་པས་ཉེ་བ་ཅན་ནོ། །མངོན་པར་ཁྱབ་པ་ནི་དཔེར་ན། ཏི་ལི་ཥུ་ཏཻ་ལཾ་ད་དྷི་ཥུ་སརྦིཿ། ཀྵཱི་རེ་ཥུ་ཤི་ལི་ལཾ། ཉེ་བར་སྦྱར་བ་ཅན་ནི། དཔེར་ན། ཀ་ཊེ་ཨཱསྟེ་དེབ་དཏྟཿ། ཤཡྻ་ཡཱ་པེ་དེ་བ་དཏྟཿ། ཤ་ཀ་ཊེ་ཏིཥྛ་བྷིཀྵ་བཿ། པུ་ནྱ་བ་ཏཱནྟིཥྛ་ཏི་མ་ན་སི་མཉྫུ་བཛྲཿ། ཡུལ་ཅན་ནི་དཔེར་ན། བ་ནེ་བ་ས་ཏི་མྲྀ་ག་རཱ་ཛཿཛ་ལེ་ཥུ་བ་སནྟི་མཪྵྱཱ། ཨཱ་ཤྲ་མ་བ་ས་ཏི་ཏ་པོདྟ་ནཱཿ། ཨཱ་ཀཱ་ཤེ་བྷྲ་མིནྟ་ཤ་ཀུ་ན་ཡཿ། ཉེ་བ་ཅན་ནི་དཔེར་ན། གངྒཱ་ཡཱཾ་གྷོ་ཥཿ། ན་དྱཱཾ་གཱ་བ་པྲ་ཏི་བ་ས་ཏི། ཀཱུ་པེ་གརྒྒ་ཀུ་ལཾ། འདིར་ཀུན་ནས་འཛིན་པས་གནས་གཞི་སྟེ། དེ་ལྟར་ཡང༌། གནས་གཞི་ཁྱབ་བྱེད་ཉེ་བར་སྦྱར། །དེ་བཞིན་ལུས་ཅན་ཞེས་བྱ་དང༌། །ཉེ་བ་ཅན་ཞེས་བྱ་བ་སྟེ། །རྣམ་བཞིར་རབ་ཏུ་ཤེས་པར་བྱ། །ཞེས་པ་སྟེ། གང་དང་གང་དུ་གནས་པ་དེ་དང་དེ་འཛིན་པར་བྱེད་པས་གནས་གཞི་སྟེ། བཞི་ལ་བདུན་པའོ་ཞེས་པས་རྣམ་དབྱེ་བདུན་པ་འགྱུར་རོ། །གལ་ཏེ་བྱེད་པས་ན་བྱེད་པ་ཅན་དུ་བརྗོད་དེ། དེ་ལ་ནི་བྱེད་པ་པོ་གཅིག་གིས་བྱེད་པའི་ཕྱིར་བྱེད་ཅན་ཉིད་དུ་འགྱུར་གྱི། ལས་དང་བྱེད་པ་ཡང་དག་པར་རབ་ཏུ་སྦྱིན་པ་དང་འབྱུང་ཁུངས་དང་གནས་གཞི་རྣམས་མ་ཡིན་ནམ་ཞེ་ན། འདི་ལྟར་བྱེད་ཅན་མི་འགྱུར་ཏེ། དེའི་ཕྱིར་བཤད་པ། བྱེད་ཅན་གྱི་ནི་བྱེད་པ་ཀུན། །ཅི་ནུས་པས་ནི་རྣམ་པར་དབྱེ། །འདིའི་དགོངས་པ་ནི། འདིར་ནུས་པ་ནི་བྱེད་པ་ཅན་ཏེ། རྫས་ནི་གཙོ་བོ་མ་ཡིན་ནོ། །རྫས་ཀྱང་བྱེད་པ་ཅན་ཏེ། ནུས་པ་དང་ནུས་པ་ཅན་དག་ཐ་དད་མེད་པའི་ཕྱིར་རོ། །དེ་ཕྱིར་ནུས་པའི་རབ་ཏུ་དབྱེ་བ་དུ་མ་དང༌། རྫས་དང་དེའི་བྱེད་པ་ཅན་དག་ཅི་ནུས་པས་བཤད་པར་བྱ་ཞེས་པའོ། །དཔེར་ན། ཨགྣི་ནཱ་པ་ཙ་ཏི། སྠཱ་ལྱཱམྦ་ཙ་ཏི། བ་ལཱ་ཧ་ཀོ་བི་དྱོཏ་ཏེ། བིདྱུཏ། བ་ལཱ་ཧ་ཀཾ་བིདྱོ་ཏ་ཏེ་བིདྱུཏ། བ་ལཱ་ཧ་ཀེ་ན་བིདྱོཏ་ཏེ། བ་ལཱ་ཧ་ཀཱ་ཡ་བི་དྱོཏ་ཏེ། བ་ལཱ་ཧ་ཀཱདྡི་དྱོཏ་ཏེ། བ་ལཱ་ཧ་སྱེ་བི་དྱོ་ཏ་ཏེ། བ་ལ་ཧ་ཀེ་བེདྱུཏ་བི་དྱཏ་ཏེ། དེ་ལྟར་བྱས་ནས་ཀྱང་བརྗོད་པར་བྱ་སྟེ། བྱེད་པ་ཅན་རྣམས་རྣམ་པར་བཤད་པའོ། །འདི་ཉིད་ཀྱི་ཚིགས་སུ་བཅད་པས་ཤིན་ཏུ་གསལ་བར་གསུངས་པ། གཅིག་ཀྱང་དུ་མ་ཉིད་འགྱུར་ཞིང༌། ནཱཌྷཾ་ལྡཱ་ཡ་ཐཱ་ན་ཌྷཿ། དེ་བཞིན་ལས་ལ་ཐོབ་པ་སོགས། །སྒྲ་དོན་དུ་མ་ཉིད་དུ་འགྱུར། །ཞེས་སོ། །དེ་ལ་བྱེད་པ་པོ་མངོན་
པར་བརྗོད་པ་ལ་དང་པོ་ཁོ་ན་བསྒྲུབ་པར་བྱ་སྟེ། དཔེར་ན། བུདྡྷ་བྷ་ག་བཱན་དེ་ཤ་ཡ་ཏི་དྷརྨ་དེ་བ་དཏྟཿ། པཱ་ཙ་ཡ་ཏྱོ་ད་ནཿ། ཀ་ཊ་ཀ་རོ་ཏི་པུ་རུ་ཥཿ། དོན་ཙམ་ལ་དང་པོའོ་ཞེས་པས་དང་པོའོ། །གསུམ་པའམ་ཡང་ན་དྲུག་པ་སྟེ། །བྱེད་པ་པོ་རྣམ་པ་གཉིས་བཤད། ཅེས་པའི་དོན་ཅི་ཞེ་ན། མ་བཤད་པའི་བྱེད་པ་པོ་ལ་རྣམ་དབྱེ་གསུམ་པའམ་དྲུག་པ་འགྱུར་བའོ། །གསུམ་པ་ནི་དཔེར་ན། ཨོ་ད་ནཾ་པ་ཙྱ་ཏེ་ཤཱུ་དྲེ་ཎ། ཀ་ཊཿ་ཀྲི་ཡ་ཏེ་ན་རེ་ཎ། མུཀྟི་མཱརྒ་བྷ་ག་བ་ཏཱ་བུདྡྷེ་ནོ་པ་དི་ཤྱ་ཏེ། བྱེད་པ་པོ་ལ་གསུམ་པའོ་ཞེས་པས་གསུམ་པ་འགྱུར་རོ། །དྲུག་པ་ནི་དཔེར་ན། པ་ར་ལོ་ཀ་བྷཱི་ཏ་སྱ་བེ་དི་ཏ་བྱཱ་དྷརྨྨཿ། ཀཊཿ། ཀརྟྟ་ག་པུཾ་ས་བྱོ་དེ་བ་དཏྟ་སྱ། །ཨོ་ད་ནཿ། པ་ཙ་ནཱི་ཡོ་ཡཛྙ་དཏྟ་སྱ། གྲཱ་མོ་གནྟ་བྱོ་ཡཛྙ་དཏྟ་སྱ། ས་ཡཿཔེ་ཡོ་མ་ན་ཥ་སྱ། དྷྱེ་ཡོ་ཡོ་ག་ལོ་ཀ་སྱ། ཀཱརྻཿ། ཀ་ཊོ་བིཥྞུཿམི་ཏྲ་སྱ། ཏ་བྱཱ་ཨ་ནཱི་ཡར་ཀེ་ལི། མ་ར་ཡ་ཏ། རི་དང་ཧལ་ལས་ཎྱ་ཏའོ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་ཀྱིས་ཏ་བྱཱ་ལ་སོགས་པ་བསྒྲུབ་པར་བྱའོ། །འདིར་བྱེད་པ་པོའི་འབྲེལ་བ་འཆད་པར་འདོད་པ་ལ་དྲུག་པ་སྟེ། བྱེད་པ་པོ་ཉིད་ལ་འཆད་པར་འདོད་པ་ལ་ནི་གསུམ་པ་ཁོ་ནར་འགྱུར་རོ། །འཇིག་རྟེན་ཕ་རོལ་ལ་འཇིགས་པར་ཆོས་རིག་པར་བྱ། །ལྷས་བྱིན་གྱིས་རེ་ལྡེ་བྱ་ཞེས་པ་ལ་སོགས་པར་ཡང་བལྟ་བར་བྱའོ། །བྱ་བའི་ལས་མ་བྱས་པ་སྟེ། རྣམ་དབྱེའི་ཆོ་ག་སྔ་མ་བཞིན། །ཞེས་པ་ནི་ཇི་སྐད་བཤད་པའི་བྱེད་པོ་ལ་དང་པོར་འགྱུར་བར་བཤད་པ་དེ་བཞིན་དུ་བྱ་བ་ལ་ཡང་དང་པོ་འགྱུར་ཏེ། དཔེར་ན། པ་ཙྱ་ཏེ་ཨོ་ད་ནོ་དེ་བ་དཏྟེ་ན། ཧྲི་ཡ་ཏེབྷཱ་རོ་ན་རེ་ཎ། བནད་ཏེ་བུདྡྷོ་དྷཱརྨི་ཀེན། ག་མྱ་ཏེ་གྲཱ་མོ་མ་ནུ་ཥྱེ་ཎ། དེ་བཞིན་མ་བཤད་དང་པོ་ལ། །བདུན་པ་ལྔ་པ་བོར་བ་བཞི། །ཞེས་པའི་དོན་ཅི་ཞེ་ན། མ་བཤད་པའི་དང་པོའི་ལས་ལ་བདུན་པ་དང་ལྔ་པ་བོར་བའི་ལྷག་མའི་རྣམ་དབྱེ་བཞི་པོ་རྣམས་འགྱུར་ཏེ། གཉིས་པ་དང་གསུམ་པ་དང་བཞི་པ་དང་དྲུག་པ་རྣམས་སོ། །གཉིས་པ་ནི་དཔེར་ན། གྲཱ་མ་གཙྪི་ཏ་པུ་རུ་ཥཿ། བུདྡྷམྦྷ་ག་བནྟཾ་ན་མ་སྱ་ཏི་ལོ་ཀཿ། བྱ་བའི་ལས་ལ་གཉིས་པའོ། །གསུམ་པ་ནི་དཔེར་ན། པུཏྲེ་ཎ་སཉྫཱ་ནཱི་ཏེ། མཱ་ཏ་རཾ་སྙྫཱ་ནཱི་ཏེ། ཨཱཏྨཱ་སཉྫ་ནི་ཏེ། ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་རྟོགས་པར་བྱའོ། །མིང་གི་ལས་ཡང་ནའོ་ཞེས་པས་ཡང་ན་གསུམ་པའོ། །སམ་དང་པྲ་ཏི་ལས་མ་བཤད་པ་ལའོ་ཞེས་ཏངའོ། །བཞི་པ་ནི་དཔེར་ན། གྲཱ་མཱ་ཡ།
གཙྪ་ཏི། གྲཱ་མཱ་ཡ་པྲ་ཛ་ཏི། ན་ག་རཱ་ཡ་པྲཛ་ཏི། ལས་ལས་དེའི་ཆེད་ཀྱི་དོན་འཆད་པར་འདོད་པ་ལ། དེའི་ཆེད་ཀྱི་དོན་ལའོ་ཞེས་པས་བཞི་པའོ། །ལས་འཆད་པར་འདོད་པ་གཉིས་པ་ཁོ་ན་འགྱུར་རོ། །དྲུག་པ་ནི་དཔེར་ན། ཀ་ཏ་སྱ་ཀ་རཱ་ཀོ་དེ་བ་དཏྟཿ། ཨོ་ད་ན་སྱ་པཱཙ་ཀཿ། ཀཱཥྛ་སྱ་བྷེ་ད་ཀ། སཾ་ཤ་ཡཱ་ནཱཾ་ཙྪེ་བུདྡྷོ་བྷ་ག་བཱན། ཛྙཱཏཱ་རོ་བྷིཀྵ་བི་ཛྙཱ་ན་སྱ། ལས་ཀྱི་འབྲེལ་བ་འཆད་པར་འདོད་པ་ལ་ནི། འབྲེལ་བ་དྲུག་པའོ་ཞེས་པས་རྣམ་དབྱེ་དྲུག་པ་འགྱུར་རོ། །གསུམ་པ་ལྔ་པ་དྲུག་པ་སྟེ། བྱེད་པ་ཉིད་ཀྱང་རྣམ་པ་གསུམ། །ཞེས་པའི་དོན་ཅི་ཞེ་ན། མ་བཤད་པའི་བྱེད་པ་ཉིད་ལ་རྣམ་པར་དབྱེ་བ་དེ་གསུམ་པ་འགྱུར་རོ། །གསུམ་པ་ནི་དཔེར་ན། ཀུ་ཐཱ་རེ་ཎ་བྷི་དྱནྟེ་ཀཱཥྛ་དེ་བ་དཏྟེ་ན། དཱ་ཏྲེ་ཎ་ལུ་ནཱ་ཏི་པྲཱི་ཧིནྟ་རཱ། བྱེད་པ་ལའོ་ཞེས་པས་གསུམ་པའོ། །ལྔ་པ་ནི་དཔེར་ན། སྟོ་ཀཱཏྨཀྟཿ། སྟོ་ཀེ་ན་ལུཀྟཿ། ཨལྤཱ་ཏྨུཀྟཿ། ཨལྤེ་ན་མུཀྟཿ། ཀྲྀཙྪདྨུཀྟཿ། ཀྲྀཙྪེ་ཎ་མུཀྟཿ། ཀ་ཏི་པ་ཡཱདྨུཀྟཿ། ཀ་ཏི་བ་ཡེ་ལས་འབྲེལ་བ་ཤེས་པར་བྱེད་དོ་ཞེས་པའི་དོན་ཏོ། །དེའི་ཕྱིར་དེ་ལྟ་བུ་དེ་ནི་འབྲེལ་བ་དྲུག་པའོ། །དྲུག་པ་བཞི་པ་གསུམ་པ་སྟེ། །དེ་བཞིན་ཡང་དག་རབ་སྦྱིན་གསུམ། །ཞེས་པའི་དོན་ཅི་ཞེ་ན། དྲུག་པ་ནི་དཔེར་ན། པུ་རུ་ཥ་མྲྀ་ག་ཤྩནྡྲ་མ་སོ་དཱ་ཏ་བྱཿ། བརྒྱ་བྱིན་གྱིས་ཟླ་བ་ལ་བྱིན་ཞེས་པའི་དོན་ཏོ། །ཡང་དག་པར་རབ་ཏུ་སྦྱིན་པར་འབྲེལ་བར་འཆད་པར་འདོད་པ་ལ་དྲུག་པའོ། །བཞི་པ་ནི་དཔེར་ན། ཨུ་པཱ་དྷྱཱ་ཡཱ་ཡ་གཱནད་དཱ་ཏི་ཤི་ཥྱཿ། མཱ་ན་ཀཱ་ཡ་བྷཀྵིནྡ་དཱ་ཏི་བྲཱཧྨ་ཎི། ཀྵུ་དྷ་ཏཱ་ཡ་ཨོ་ད་ནནད་དཱ་ཏི་དེ་བ་དཏྟཿ། བུདྡྷཱ་ཡ་པུཥྤཱ་ཉྫ་ལིནད་དཱ་ཏི་བྷིཀྵ་བཿ། ཡང་དག་པར་རབ་ཏུ་སྦྱིན་པ་ལ་བཞི་པའོ། །གསུམ་པ་ནི་དཔེར་ན། དཱ་སྐྱ་སནྤྲ་ཡཙྪ་ཏི་མཱ་ལཱཾ་ཀཱ་མུ་ཀཱཿ། བྲན་མོ་ཕྲེང་བ་སྦྱིན་པར་བྱེད། །ཅེས་པའི་དོན་ཏོ། །དཱ་ཎ་ལས་གལ་ཏེ་དེ་བཞི་པའི་དོན་ལའོ་ཞེས་པས་ཏང་བའོ། །འདི་ནི་ཁྱད་པར་ཅན་མ་ཡིན་པའི་ཐ་སྙད་ལ་ཡང་དག་པར་རབ་ཏུ་སྦྱིན་པའི་བྱེད་པ་འཆད་པར་འདོད་པ་ལ་གསུམ་པ་སྟེ། དེ་ནི་དེ་ལ་སྒྲུབ་བྱེད་མཆོག་ཉིད་ཀྱི་ཕྱིར་རོ། །ལྔ་པ་འབྱུང་ཁུངས་ཁོ་ན་སྟེ། །དེ་ལས་གཞན་དུ་འཇུག་པ་མིན། །ཞེས་པ་ནི་དཔེར་ན། སརྦ་ཏཱ་བ་རོ་ཧནྟི་མ་ཧ་ཪྵ་ཡཿ། གྲཱ་མཱ་དཱ་གཙྪ་ཏི་པུ་ར་ཥཱཿ། པྲྀཀྵཱ་ཏྤརྞྞམྤ་ཏ་ཏི། ཙོ་བོ་རི་བྷོ་བི་བྷེ་ཏི། བྷོ་ཛ་ནཱ་ཏཔ་རཱ་ཛ་ཡ་ཏེ། བིཥྞུ་མ་ཏྲཿ། ཡ་བྷེ་བྷྱོ་གནྦཱ་ར་ཡ་ཏི་སངྒཱཏྶ་རོ་ཛཱ་ཡ་ཏེ། ཧ་མི་བ་ཏོ་གཾ་གཱཏྦྲ་བྷ་བ་ཏི།
འབྱུང་ཁུངས་ལ་ལྔ་པའོ་ཞེས་པས་ལྔ་པའོ། །བདུན་པ་ཉིད་ནི་གནས་གཞི་སྟེ། །ཞེས་པ་དཔེར་ན། གྲཱ་མེ་བ་ས་ཏི་དེ་བ་དཏྟཿ། པུ་ཎྱ་བ་ཏྲཾ་མ་ན་སི་མཉྫུ་བཛྲཿ། གཞི་ལ་བདུན་པའོ་ཞེས་པས་བདུན་པའོ། བྱེད་པ་པོ་ཉིད་ཡང་དག་བསྡུས། །ཞེས་བྱ་བ་ནི། ཕྱོགས་ཙམ་བསྟན་པའི་དོན་དུ་བྱེད་པ་པོ་ཡང་དག་པར་བསྡུས་ནས་བཤད་པ་འདི་ཡིན་ལ། རྒྱས་པར་ནི་འགྲེལ་བ་ལ་སོགས་པ་རྣམས་སུ་བལྟ་བར་བྱའོ་ཞེས་པའོ། །མཚོན་པར་བྱས་པའི་བྱེད་པ་མ་ཡིན་པ་དག་གི་རང་བཞི་ནི་ཅི། སླར་ཡང་མངོན་པར་རྗོད་པ་པོའམ། འོན་ཏེ་མངོན་པར་རྗོད་པ་པོ་མ་ཡིན་ཞེ་ན་དེ་ལ་བརྗོད་པ། ཏིང་དང་ཏ་བྱ་ཨཎ་ལ་སོགས། །སུཔ་འབྲེལ་བ་བཞི་པོ་མངོན་བརྗོད་ཅན། །ཞེས་པ་སྟེ། འདི་དག་གནས་སྐབས་འགའ་ཞིག་ཏུ་མངོན་པར་རྗོད་པ་པོར་འགྱུར་རོ། །དེ་ཉིད་མངོན་པར་མ་འབྲེལ་བས། །མངོན་པར་རྗོད་པ་ཅན་མི་འགྱུར། །ཞེས་པ་སྟེ། དེ་ཉིད་གནས་སྐབས་འགའ་ཞིག་ཏུ་མངོན་པར་རྗོད་པ་པོ་མིན་པར་ཡང་འགྱུར་ཏེ། དེའི་ཕྱིར། གང་གི་ཚེ་བྱེད་པ་པོ་འམ་ལས་དང་ལྷན་ཅིག་མངོན་པར་འབྲེལ་བ་ཡོད་པ་དེའི་ཚེ་དེ་བཞི་པོ་མངོན་པར་རྗོད་བྱེད་ཅན་དུ་འགྱུར་ལ། གང་གི་ཚེ་དེ་དག་བྱེད་པ་པོ་དང་ལས་དག་དང་མངོན་པར་འབྲེལ་བ་ཡོད་པ་མ་ཡིན་པ་དེའི་ཚེ་བཞི་པོ་མངོན་པར་རྗོད་བྱེད་ཅན་མིན་པ་ཁོ་ནར་འགྱུར་རོ་ཞེས་དེ་ལྟར་བརྗོད་པར་བྱའོ། །ཞེས་འབྲེལ་བ་གྲུབ་པར་བྱེད་པ་ཅན་གྱི་ལེའུ་སྟེ་རྫོགས་སོ།། །།བྱེད་པ་ཅན་གྱི་རབ་ཏུ་བྱེད་པ་མངོན་པར་བརྗོད་ནས། དེའི་འོག་ཏུ་སྐབས་སུ་འབབ་པའི་བསྡུ་བ་བཤད་པར་བྱ་སྟེ། དེ་ཡང༌། བསྡུ་བའི་གྲངས་ནི་དྲུག་ཡིན་ཏེ། །སླར་ཡང་རྣམ་པ་ཉི་ཤུ་བརྒྱད། །ཅེས་པ་ལ་དྲུག་ནི། དང་པོ་ལ་སོགས་པའི་བསྡུ་བ་དང༌། ཁྱད་པར་ཅན་དང༌། ཚིག་གཞན་དོན་གཞན་དང༌། གྲངས་སྔ་མ་ཅན་དང༌། གྲངས་མེད་པ་དང༌། དང་དོན་ཞེས་པ་རྣམས་སོ། །རྒྱས་པར་ནི་རྣམ་པ་ཉིས་ཤུ་རྩ་ཤུ་རྩ་བརྒྱད་དུ་འགྱུར་ཏེ། འོག་ནས་འདིའི་རྣམ་དབྱེ་བ་འཆད་པར་འགྱུར་རོ། །རྟག་དང་མི་རྟག་སྦྱོར་བ་ཡིས། །འཇིག་དང་མི་འཇིག་དེ་རྣམ་གཉིས། །ཞེས་བྱ་བ་ནི། རྟག་པའི་བསྡུ་བ་དང་མི་རྟག་པའི་བསྡུ་བ་ཞེས་བྱ་བ་རྣམ་པ་གཉིས་སུ་འགྱུར་རོ། །རྟག་པའི་བསྡུ་བ་ནི་དཔེར་ན། ཀུམྦྷ་ཀཱ་རཿ། ན་ག་ར་ཀཱ་རཿ། རྟག་པའི་བསྡུ་བར། ཨ་ཤྭ་བ་དང་མ་ཡིན་པའི་ཚིག་རྣམ་པར་སྦྱར་བ་མེད་དོ། །གལ་ཏེ་ཚིག་རྣམ་པར་སྦྱར་བ་དེའི་ཚེ། དོན་རབ་ཏུ་བསྟན་པར་བྱ་བའི་ཕྱིར་ཚིག་གཞན་གྱི་བྱ་བ་སྟེ།
དཔེར་ན། ཀུམྦྷ་ཀ་རོ་ཏི་ན་ག་རོ་ག་ར་ཀ་རོ་ཏི་ཞེས་པའོ། །ཨཤྭ་པ་དའི་ངག་བྱས་ནས། །ལས་ལ་ཨཎའོ་ཞེས་པས་ཨ་ཎ་རྐྱེན་ནོ། །བྱེད་པ་ཅན་ལ་མང་པོར་རོ་ཞེས་པས། མང་པོའི་ཚིག་ལས་སུ་པའི་མཐའ་ལས་ཀྱང་བསྡུ་བའོ། །དོན་གཅིག་ལས་སོ་ཞེས་པས་སུ་པ་འཇིག་སྟེ། འདི་དོན་གཅིག་གི་དངོས་པོའི་སྐབས་སུའོ། །གང་སྔ་མར་ངེས་པར་བསྟན་པ་གང་ཡིན་པ་དེ་ཉིད་སྔ་མའི་ཚིག་ཕྲད་དེ། རིམ་པ་དང་རིམ་པ་མ་ཡིན་པ་འཇུག་པའི་རང་བཞིན་གྱི་ཕྱིར་རོ། །ཡང་ན། ཁྱད་པར་མ་བཟུང་བར་ཁྱད་པར་ཅན་གྱི་བློ་མི་འཇུག་གོ་ཞེས་པའི་ཚིག་ལས། ཀུམྦྷའི་སྒྲ་ལ་སོགས་པ་ལས་སྔ་མའི་ཚིག་ཕྲད་བསྡུ་བའོ། །བསྡུ་བ་དང་པོའི་དོ་འཆད་པར་འདོད་པ་ལ་སོགས་པའི་རྣམ་དབྱེ་རྣམས་འགྱུར་རོ། །མི་རྟག་པའི་བསྡུ་བ་ནི་དཔེར་ན། རཱཛྙཱཿཔུ་རུ་ཥ། རཛ་པུ་ཥ། འདི་ནི་དྲུག་པའི་བསྡུ་བའོ། །པ་ར་ཨ་པ་ཨཱང༌། བ་ཧིས། ཨཉྫ་རྣམས་ལྔ་པ་ཡིས་མའོ་ཞེས་པས་འདིར་ཡང་ངའི་སྨོས་པའི་འཇུག་པ་ནི་རྣམ་པར་བརྟག་པ་ཉིད་ཡིན་པའི་ཕྱིར་མི་རྟག་པའི་བསྡུ་བ་ཞེས་བྱའོ། །འཇིག་དང་མི་འཇིག་དེ་རྣམ་གཉིས། །ཞེས་བྱ་བའི་དོན་ཅི་ཞེ་ན། འཇིག་པ་ཡང་དེ་ཡིན་ལ། བསྡུ་བ་དེ་ཡིན་པ་ནི་འཇིག་པའི་བསྡུ་བ་ཞེས་བྱ་སྟེ། འཇིག་པའི་བསྡུ་བ་ནི་དཔེར་ན། ཀཱཥཱ་ཤྲི་ཏཿ། ན་ར་ཀ་ཀམྦ་ཏ་ཏཿགྲཱ་མངྒ་ཏཿགྲཱ་མ་ག་ཏཿ་ཏ་རངྒ་མ་ཏྱསྟཿཏ་རངྒ་མསྟཿ་ཀཱནྟཱ་ར་མ་ཏཱི་ཏིཿ་ཀཱནྟཱ་རཱ་ཏཱི་ཏིཿ་སུ་ཁ་པནྣཿ་སུ་ཁཱ་པནྣཿ། བྱེད་པ་ཅན་ལ་མང་བོར་རོ་ཞེས་པས་གཉིས་པའི་བསྡུ་བ་རྣམ་པར་བརྟག་པའོ། །མི་འཇིག་པའི་བསྡུ་བ་ནི་དཔེར་ན། གང་གི་མགྲིན་པ་ལ་ནག་པོ་ཡོད་པ་དེ། ཀཎྛེ་ཀཱ་ལ། །ཀཎྛ་ག་ཌ་ཏྱ། སྱ་སོ་ཡཾ་ཀཎྛེ་ག་ཌཿ། གང་གི་བྲང་ལ་སྤུ་ཡོད་པ་དེ། ཨུ་ར་སི་ལོ་མཱ། དོན་གཅིག་ལ་དུ་མའོ་ཞེས་པས་བདུན་པའི་ཚིག་སྔ་མར་འགྱུར་ཏེ། ཚིག་གཞན་དོན་གྱི་བསྡུ་བའོ། །བསྡུ་བ་ཡོད་པ་གཅིག་ཉིད་ལའོ་ཞེས་པས་སུ་བ་འཇིག་པ་ཐོབ་པ་ལའོ། །ཚིག་ཕྱི་མ་མི་འཇིག་ཅེས་པ་སྤྱིར་བཏང་ངོ༌། །བདུན་པ་ལ་མང་པོའོ་ཞེས་པས་མི་འཇིག་གོ །དང་པོ་ལ་སོགས་རྣམ་པ་བརྒྱད། །ཅེས་པའི་དོན་ཅི་ཞེ་ན། དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པ་དང་ལྔ་པ་དང་དྲུག་པ་དང་བདུན་པ་དང་ན་ཉའི་བསྡུ་བ་སྟེ་རྣམ་པ་བརྒྱད་དུ་ཤེས་པར་བྱ་སྟེ། དེ་ལ་དང་པོའི་བསྡུ་བ་ནི་དཔེར་ན། པྲཱཔྟོ་ཛཱི་བི་ཀཾ། །ཨཱ་པནྣོ་ཛཱི་བི་ཀཾ། །ཨཱ་པནྣ་ཛཱི་བི་ཀཿ། བུད་མེད་ལ། པྲཱསྟཱ་ཛཱི་བི་ཀཱཾ། ཨཱ་པནྣཱ་ཛི་
བི་ཀཱཾ། ཨཱ་པནྣ་ཛི་བི་ཀཱཿ། གཉིས་པས་པྲཱསྟ་ཨ་པནྣ་དག་སྟེ་ཨ་ཉིད་ཀྱང་ངོ་ཞེས་པས། པྲཱསྟཱ་དང་ཨཱ་པནྣ་དག་བསྡུ་བའི་མཐར་ཨ་ཉིད་དུ་བསྒྲུབ་པར་བྱའོ། །ཅིའི་ཕྱིར་འདི་དང་པོའི་བསྡུ་བར་བརྗོད་ཅེ་ན། ཚིག་སྔ་མ་དང་པོ་ཉིད་ཀྱི་ཕྱིར་དང་པོས་ཁྱད་པར་དུ་བྱས་པའི་ཚིག་སྔ་མ་ཅན་གྱི་དང་པོའི་བསྡུ་བ་ཞེས་བརྗོད་པར་བྱའོ། །དེ་བཞིན་དུ་དེ་ཉིད་སྔ་མ་ཡང་ཡིན་ལ། དང་པོ་ཡང་ཡིན་པ་ནི། སུ་དི་ནཱ་ཧཾ། ས་ཧ་ཀྲྀ་ཏྭ་བ་ན། སི་ཧ་ཀྲྀ་ཏྭཱ། ས་ཧ་ཡོ་དྷི་ཏ་བཱན། ས་ཧ་ཡུདྷྭཱ། ཨནྟ་རྦྦྱཱ་ཏཱ་ནྱ་ནྲ་ཏྭཱ་ཏ། ཡ་ཐཱ་ཏ་ཐཱ་པུ་ནཿ། ཞེས་པ་ལ་སོགས་པ་རྣམས་ལ་སུབ་དང་དོན་གཅིག་པའོ་ཞེས་པའི་བསྡུ་བ་སྟེ་དང་པོའི་བསྡུ་པའོ། །ཀུཙྪི་ཏོ་བྲཱཧྨ་ཎཿ། ཀུབྲཱཧྨཎཿ། དུཿཔུ་རུ་ཥཿ། དུཿཔུ་རུ་ཥཿ། སོ་བྷ་ན་པུ་རུ་ཥཿ། སུ་པུ་རུ་ཥཿ། པྲ་དཱ་ཏ་ཨཱ་ཙཱཪྻེཿ། པྲཱ་ཙཱརྻཿ། ནིཥྐཱནྟཿ། ཀཽ་སཥྵྱཿ། ནིཥྐོཥྛིཿ། ཁ་ཊ་མ་ཏི་ཀྲཱནྟཿ། ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་ལ། ཀུ་པྲ་ལ་སོགས་པ་རྣམས་ཞེས་པས་དང་པོའི་བསྡུ་བའོ། །གཉིས་པའི་བསྡུ་བ་ནི་དཔེར་ན། བྲྀཀྵ་མ་ཤྲིཏཿ། བྲྀཀྵཱ་ཤྲི་ཏ། བུདྡྷ་མཱ་ཤྲི་ཏཿ། བུདྡྷཱ་ཤྲི་ཏཿ། དྷརྨྨ་ཤྲི་ཏཿ། དྷརྨྨཱ་ཤྲི་ཏཿ། སཾ་གྷ་མཱ་ཤྲི་ཏཿ། སཾ་གྷཱ་ཤྲི་ཏཿ། རཱ་ཛཱ་ན་མཱ་ཤྲི་ཏ། རཱ་ཛཱ་ན་ཤྲི་ཏཿ། ཀྲཱནྟཱ་ར་མ་ཏཱི་ཏཿ། ཀྲཱནྟཱ་རཱ་ཏཱི་ཏཿ། ན་ར་ཀཾ་པ་པ་ཏི་ཏཿ། ན་ར་ཀ་པ་ཏི་ཏཿ། གྲཱ་མཾ་ག་ཏཿ། གྲཱ་མ་ག་ཏཿ། ཏ་རངྒ་མ་ཏྱསྟཿ། ཏ་རངྒ྅ ཏྱསྟྱཿ། སུ་ཁཾ་པྲཔྟཿ། སུ་ཁཾ་པྲཱཔྟཿ། སུ་ཁཱ་ལཱ་སཱི་ནཿ། སུ་ཁཱ་སཱི་ནཿ། གྲཱ་མཾ་ག་མཱིཿ། གྲཱ་མ་མཱི་གྲཱ་མཱ་མཱ་གཱ་མཱི། གྲཱ་མཱ་གཱ་མཱི། ཨོ་ད་ནཾ་བུ་བྷུཀྵུཿ། ཨོ་ད་ན་བུ་བྷུཀྵུཿ། ཨ་ཧ་ར་ཏི་སྲྀ་ཏཱ་ཀཱ་ལཱཿ། ར་ཏྲི་སཾ་ཀྲཱནྟཿ། སརྦ་ར་ཏྲཾ་ཀ་ལྱཱ་ནཱི། སརྦ་ཏྲ་རཱ་ཏྲཀ་ལྱཱ་ནཱི། མཱ་ཧཱུརྟཾ་སུ་ཁཾ། བཪྵཾ་བྷོ་གྱཾ། བཪྵ་བྷ་གྱཿ། སདཱ་རྠ་སྱ། སཏྟཱ་བྱ་བྷི་ཙཱ་རཱ་ཏ་ག་མྱ་མཱ་ན་ཡོ་བྷ་བ་ཏི་བྱ་བ་ལས་བྱ་བའི་ལས་ལ་གཉིས་པའོ། །དེ་བཞིན་དུ་ཡང་གསུངས་པ། དུས་དང་དངོས་པོ་དག་ལ་གང་གི་ཕྱིར་བྱ་བ་ཐམས་ཅད་དང་ལས་གཉིས་ཀྱི་ཕྱིར་གཉིས་པའོ་ཞེས་པ་སྟེ། ཡོ་ཛ་ན་སྲི་རི་ཏཿ། ཞེས་པ་ལ་སོགས་པ་རྣམས་ལ་བྱེད་པ་ཅན་ལ་མང་པོར་རོ་ཞེས་པས་གཉིས་པའི་བསྡུ་བའོ། །གསུམ་པའི་བསྡུ་བ་ནི། སཾ་ཀུ་ལ་ཡཱ་ཁཎྜཿ། སཾ་ཀུ་ལཱ་ཁཎྜཿ། གི་རི་ཎཱ་ཀཱ་ནཿ། གི་རི་ཀཱནཿ། དྷ་ནེ་ནཱརྠཿ། དྷ་ནཱརྠཿ། མཱ་སེ་ན་པཱུརྦྦཿ། མཱས་པཱུརྦྦཿ། མཱ་སེ་དོནྣཿ། མཱ་སོནྣཿ། མཱ་སཱ་བི་ཀ་ལཿ། མཱ་ས་བི་ཀ་ལ། ཨ་སི་ནཱ་ཀ་ལ་ཧཿ། ཨ་སི་ཀ་ལ་ཧཿ། བཱ་ཙཱ་ནི་
སུ་ནཿ། བཱགྣི་སུ་ནཿ། གུ་ཌེ་ན་མི་ཤྲོདྷཱ་ནཱ། གུ་ཌ་དྷཱ་ནཱ། བཱ་ཙཱ་ཤླཀྵཱཿ། བཱཀཱཀྵཱཿ། རཱ་ཛྙཱ་ཧ་ཏཿ་རཱ་ཛ་ཧ་ཏཿ་ཨ་སི་ནཱ་ཙྪིནྣཿ། ཨ་སི་ཙྪིནྣཿ། བྱེད་པ་ཅན་ལ་མང་པོར་རོ་ཞེས་པས་གསུམ་པའི་བསྡུ་བའོ། །བཞི་པའི་བསྡུ་བ་ནི། དཔེར་ན། དེ་བེ་བྷྱོ་དེ་ཡཾ་པུཥྤཾ། བྲཧྨ་ཎཱ་ཡ་དེ་ཡཾ་དྷ་ནཾ། བྲཱཧྨ་ཎ་དེ་ཡཾ་དྷ་ནཾཿ། བ་རཱ་ཡ་པྲ་དེ་ཡཱ་ཀ་ནྱཱ། བ་ར་པྲ་དེ་ཡཱ་ཀ་ནྱཱ། ཞེས་པ་ལ་སོགས་པ་རྣམ་ལ་བཞི་པའི་བསྡུ་བའོ། །ཡཱ་པཱ་ཡ་དཱ་རུཿ། ཡཱུ་བ་དཱ་རུཿ། ཀུཎྜ་ལཱ་ཡཿ། ཧ་རི་ཎྱཾ། ཀ་ཎྱ་ལ་ཧ་རི་ཎྱཾ། བཞི་པའི་རང་བཞིན་གྱི་རྣམ་འགྱུར་གྱི་དངོས་པོ་ལ་ནི་མི་འགྱུར་རོ། །རནྡྷ་ནཱ་ཡ་སྠཱ་ལི། རནྡྷ་ན་སྠཱ་ལིཾ། ལྔ་པའི་བསྡུ་བ་ནི་དཔེར་ན། བྲིཀྐེ་བྷོ་བྷ་ཡཾ། བྲིཀྐ་བྷ་ཡཾ། སིཾ་ཧཱདྦྷ་ཡཾ། སིངྒ་བྷ་ཡཾ། ཙཽ་ར་ར་བྷ་ཡཾ། ཨརྠཱ་ད་བེ་ཏཿ། ཨརྠཱ་བེ་ཏཿ། ཀ་ལྱཱ་ཎཱ་ང་པོ་ཌྷཿ། ཀ་ལྱ་ཎཱ་པོ་ཌྷཿ། སུ་ཁཱ་ད་པོ་ཌྷཿ། སུ་ཁཱ་པོ་ཌྷཿ། རོ་གཱ་ད་མུཀྟཿ། རོ་ག་མུཀྟཿ། བྲྀཀྵཏྦ་ཏི་ཏཿ། བྲྀཀྵ་པ་ཏི་ཏཿ། བྲིཀྵཱཏྦ་ཏསྟཿ། བྲྀཀྵ་པ་ཏསྟཿ། ཞེས་པ་ལ་སོགས་པ་རྣམས་ལ་བྱེད་པ་ཅན་ལ་མང་པོར་རོ་ཞེས་པ་འདིས་ལྔ་པའི་བསྡུ་བའོ། །དྲུག་པའི་བསྡུ་བ་ནི་དཔེར་ན། བྲྀཀྵ་སྱ་མཱུ་ལཾ། བྲྀཀྵ་མཱུ་ལཾ། བྲིཀྵ་སྱ་ཕ་ལཾ། བྲྀཀྵ་ཕ་ལཾ། ས་ཤོཿཔྲཱ་དཿ། པ་ཤུ་པཱ་དཿ། པི་ཏུཿ། པུ་ཏྲི་པུ་ཏྲིཿ། རཱ་ཛྙཿ། པུ་རུ་ཥཿ། རཱ་ཛ་པུ་རུ་ཥཿ། བྲཱཧྨ་ཎ་སྱ་ཡཱ་ཛ་ཀཿ། བྲཱཧྨ་ཎ་ཡཱ་ཛ་ཀཿ། ཀྵ་ཏྲི་ཡ་སྱ་ཡཱ་ཛཀཿ་ཀྵ་ཏྲི་ཡ་ཡཱ་ཛཀཿ། དེ་བ་དཏྟ་སྱ་ས་དྲྀ་ཤཿ། དེ་བ་དཏྟ་ས་དྲྀ་ཤཿ། རྣམ་ཐོས་སྲས་ཀྱི་ཆེད་དུ་བྱས་པའི་གཏོར་མ་རྣམས་ནི་རྣམ་ཐོས་སྲས་དང་འབྲེལ་བར་འགྱུར་པས་ན། འདིར་ཡང་དྲུག་པའི་བསྡུ་བ་སྟེ། བཻ་ཤྲ་བ་ཎ་སྱ་བ་ལི། དེ་བཞིན་དུ་བྲམ་ཟེའི་ཕན་པ་ནི། བྲམ་ཟེ་ཕན་པ། བྲམ་ཟེའི་བདེ་བ་ནི་བྲམ་ཟེ་བདེ་བ། བྲམ་ཟེའི་བསྲུང་བ་ནི། བྲམ་ཟེ་བསྲུང་བ་ཞེས་པ་ལ་སོགས་པ་རྣམས་ལ་དྲུག་པའི་བསྡུ་བའོ། །བདུན་པའི་བསྡུ་བ་ནི་དཔེར་ན། ཨཀྵ་ཥུ་སོཎྜཿ། ཨཀྵ་སོཎྜཿ་ཨཀྵ་ཥུ་དྱུཏྟ། ཨཀྵ་དྱུཏྟཿ། ཨཀྵེ་ཥུ་ཀི་ཏ་བཿ། པ་ཊ་ལི་སུ་པུ་ཏྲེ་སིདྡྷཿ། པ་ཏྲ་ལི་པུ་ཏྲ་སིདྡྷཿ། ཀཱམྤི་ལྱེ་སིདྡྷཿ། ཨཱ་ཏ་ལེཤུཥྐཿ། ཨ་ཏ་པྲ་ཤུཥྐཿ། པྲི་ཀྵེ་པ་ཀྭ་།པྲིཀྵ་པ་ཀྭཿ། ཀ་བྱེ་བནྡྷཿ། ཞེས་པ་ལ་སོགས་པ་རྣམས་ལ་བདུན་པའི་བསྡུ་བའོ། །ནཉའི་བསྡུ་བ་ནི་དཔེར་ན། ན་བྲཧྨ་ནཿ། ཨ་བྲཧྨ་ནཿ། ན་བྲིཥལཿ། ཨ་བྲི་ཥ་ལཿ། ན་པུ་རུ་ཥཿ། ཨ་པུ་རུ་ཥཿ། ནསྟྲཱིཿ། ཨསྟྲཱིཿ། བུད་མེད་མིན་ཞིང་སྐྱེས་པའང་མིན་པ་ནི། ན་པུནས་ཀཾ །ཨ་པུ་ནས་ཀཾ། །འདི་ནི་ནཉའི་
བསྡུ་བ་ཞེས་བྱའོ། །ཁྱད་པར་རྣམ་པ་དྲུག་ཡིན་ཏེ། ཞེས་པ་ནི། ཁྱད་པར་གྱི་བསྡུ་བ་སྟེ། དེ་ཡང་རྣམ་པ་དྲུག་ཏུ་འགྱུར་རོ། །དེ་དག་གང་ཞེ་ན། ཁྱད་པར་གྱི་ཚིག་སྔ་མ་ཅན་དང༌། ཁྱད་པར་གྱི་ཚིག་ཕྱི་མ་ཅན་དང༌། དཔེའི་ཚིག་སྔ་མ་ཅན་དང༌། དཔེའི་ཚིག་ཕྱི་མ་ཅན་དང༌། སྲིད་པའི་ཚིག་སྔ་མ་ཅན་དང༌། ངེས་གཟུང་གི་ཚིག་སྔ་མ་རྣམས་སོ། །ཁྱད་པར་གྱི་ཚིག་སྔ་མ་ཅན་ནི་དཔེར་ན། སྔོན་པོ་ཡང་དེ་ཡིན་ལ་ཨུཏྤལ་ཡང་ཡིན་པ་ནི། ནཱི་ལོཏྤ་ལཾ། རཀྟོཏྤ་ལཾ། ཤྲེ་ཏོ་ཏུ་ལཾ། ཤྲེ་ཏ་པདྨཾ། རཀྟ་པདྨཾ། ཆེན་པོ་ཡང་དེ་ཡིན་ལ་བྲམ་ཟེ་ཡང་ཡིན་པ་ནི། མ་ཧཱ་བྲཱཧྨ་ཎཿ། ཆེན་པོ་ཡང་དེ་ཡིན་ལ། སྐྱེས་བུ་ཡང་ཡིན་པ་ནི། མཧཱ་པུ་རུ་ཥཿ། སྟོད་ཀྱང་དེ་ཡིན་ལ་ལུས་ཀྱང་ཡིན་པ་ནི། པཱུརྦ་ཀཱ་ཡཿ། ལུས་ཀྱི་ཕྱོགས་གཅིག་ལ་ལུས་ཀྱི་སྒྲ་བྱས་པའོ། །དེའི་ཕྱིར་དོན་གཅིག་གི་ཁྱད་པར་རོ་ཞེས་པའི་བསྡུ་བར་གྲུབ་པོ། །དེ་བཞིན་དུ། ཨདྷ་ར་ཀཱ་ཡཿ། ཨུཏྟ་ར་ཀཱ་ཡཿ། ཕྱེད་ཀྱང་དེ་ཡིན་ལ་པིསྤ་ལཱི་ཡང་ཡིན་པ་ནི། ཨརྡྷ་པིསྤ་ལཱི། ཕྱེད་ཀྱང་དེ་ཡིན་ལ། ཀོ་ཤཱ་ཏི་ཀཱ་ཡང་ཡིན་པ་ནི། ཨརྡྷ་ཀོ་ཤཱ་ཏི་ཀཱཿ། །འདི་ཡང་ཁྱད་པར་གྱི་བསྡུ་བ་སྟེ། གཉིས་པ་ཡང་དེ་ཡིན་ལ་བསོད་སྙོམས་ཀྱང་ཡིན་པ་ནི། གཉིས་པ་བསོད་སྙོམས་སོ། །བསོད་སྙོམས་ཀྱི་གཉིས་པ་ནི། བསོད་སྙོམས་གཉིས་པ་ཞེས་པ་ནི་དྲུག་པའི་བསྡུ་བར་འགྱུར་རོ། །དེ་བཞིན་དུ་བསོད་སྙོམས་གསུམ་པ་དང༌། གསུམ་པའི་བསོད་སྙོམས། བསོད་སྙོམས་བཞི་པ་དང༌། བཞི་པའི་བསོད་སྙོམས། ཏུརྻ་བྷིཀྵཱ་དང༌། བྷིཀྵཱ་ཏུརྻཿ། རྫོགས་པ་ཡིས་སོ་ཞེས་པའི་དགག་པ་ནི་མི་འགྱུར་ཏེ། མང་པོ་ལའོ་ཞེས་སྤྱིར་བཏང་བའི་ཕྱིར་རོ། །ཁྱད་པར་གྱི་ཚིག་ཕྱི་མ་ཅན་ནི་དཔེར་ན། བཻ་ཡཱ་ཀ་ར་ཎ་སྱཱ་སོ་ཁ་སཱུ་ཙི་ཙི་ཏེ། བཻ་ཡཱ་ཀ་ར་ཎ་སཽ་ཁ་སཱུ་ཙིཿ། དཔེའི་ཚིག་སྔ་མ་ཅན་ནི་དཔེར་ན། དུང་འདྲ་བར་དཀར་བས་ན་དུང་དཀར། དེ་བུད་མེད་ལྟར་སྔོ་བསངས་ནི། དེ་བུད་མེད་སྔོ་བསངས། གསེར་ལྟར་སེར་བས་ན་གསེར་སེར། ཀུ་མུད་དང་འདྲ་བའི་ཁྲ་ནི་ཁྲ་ཀུ་མུ་ད། དཔེའི་ཚིག་སྔ་མ་ཅན་ནི། སྐྱེས་བུ་འདི་སྟག་དང་འདྲ་བས་ན་སྐྱེས་བུ་སྟག །དེ་བཞིན་དུ། སྐྱེས་བུ་སེང་གེ །སྐྱེས་བུ་ཁྱུ་མཆོག །སྐྱེས་བུ་པདྨ་དཀར་པོ་ཞེས་པ་རྣམས་ལྟ་བུའོ། །སམྦྷཱ་པ་ཎཱའི་ཚིག་སྔ་མ་ཅན་ནི། གུ་ཎ་ཨི་ཏི་བུདྡྷི། གུ་ཎ་བུདྡྷིཿ། སཱུ་ཏྲ་ཨི་ཏི་གྲ་ཧ་ཎཾ། སཱུ་ཏྲ་གྲ་ཧ་ཎཾ། དེས་གཟུང་གི་ཚིག་སྔ་མ་
ཅན་ནི་དཔེར་ན། ཡོན་ཏན་ཉིད་ནོར་ཡིན་པ་ནི། ཡོན་ཏན་གྱི་ནོར། ལེགས་པར་བྱས་པ་ཉིད་གཉེན་ཡིན་པ་ནི། ལེགས་བྱས་ཀྱི་གཉེན། འདི་དག་ཐམས་ཅད་ལ་དོན་གཅིག་གི་ཁྱད་པར་རོ་ཞེས་པའི་བསྡུ་བའོ། །ཁྱད་པར་དང་ཁྱད་པར་ཅན་དག་ཇི་ལྟར་འདོད་པ་ཉིད་ཀྱི་ཕྱིར་ཚིག་སྔ་མའི་ཁྱད་པར་ཉིད་ཀྱིས་འཆད་པར་འདོད་པའི་ཕྱིར་རོ། །རལ་གྲི་དང་འདྲ་བར་སྔོ་བསངས་སོ་ཞེས་པ་ལ་སོགས་པ་ལ་ནི་ཚིག་དོན་གཞན་དུ་བསྟན་པ་སླར་ཡང་བསྡུ་བ་ཉིད་དེ། སྔོ་བ་སངས་འདིར་རལ་གྲི་དེ་དང་འདྲ་བ་ཞེས་པ་ལ་སོགས་པར་བྱའོ། །གཞན་དོན་རྣམ་བདུན་ཤེས་པར་བྱ། །ཞེས་པ་ནི་ཚིག་གཞན་དོན་གྱི་བསྡུ་བ་ནི་རྣམ་པ་བདུན་དུ་ཤེས་པར་བྱ་སྟེ། ཚིག་གཉིས་དང༌། ཚིག་མང་པོ་དང༌། གྲངས་ཀྱི་ཚིག་ཕྱི་མ་ཅན་དང༌། གཉི་ག་གྲངས་ཀྱི་ཚིག་ཅན་དང༌། ལྷན་ཅིག་ཚིག་སྔ་མ་ཅན་དང༌། བྱ་ཏི་ཧཱ་རའི་མཚན་ཉིད་དང༌། ཕྱོགས་གཞན་འཛིན་པའི་མཚན་ཉིད་རྣམས་སོ། །ཚིག་གཉིས་པ་ནི། དཔེར་ན་འདི་སྤྲེའུ་གནས་པའི་ཤིང་ཡིན་པ་ནི། དེའི་གནས་སུ་གྱུར་པས། བཱ་ན་རེ་སྤྲེའུ་ཤིང༌། འདོད་པ་ལས་ངེས་པར་རྒྱལ་བ་གང་ཡིན་པ་དེ་ནི། འདོད་ལས་ངེས་རྒྱལ་ཏེ། སངས་རྒྱས་བཅོམ་ལྡན་འདས་སོ། །བྲམ་ཟེའི་ཆེད་དུ་སྦྱར་བའི་ཟས་གང་ཡིན་པ་དེ་ནི། བྲམ་ཟེ་ལ་སྦྱར་བའི་ཟས། གནས་གང་ནས་སྐྱེ་བོ་འཐོན་པ་ནི་འཐོན་གནས། གང་གི་གོས་དཀར་པོ་ཡིན་པ་དེ་ནི། གོས་དཀར་ཅན། ཁྱད་པར་ཅན་གྱི་དོན་ལ། རབ་ཏུ་སྦྱོར་བ་གང་ཡིན་པ་དེ་ནི་ཁྱད་པར་ཅན་དོན། བྲམ་ཟེའི་ཆེད་དུ་སྦྱར་བའི་སྲན་ཚོད་གང་ཡིན་པ་དེ་ནི། བྲམ་ཟེའི་ཕྱིར་གྱི་སྲན་ཚོད། བྲམ་ཟེའི་ཕྱིར་དུ་སྦྱར་བའི་ཐུག་པ་གང་ཡིན་པ་དེ་ནི། བྲཧྨ་ཎཱ་རྠཱ་ཡ་ཡོ་བཱ་གཱུཿ། བྲམ་ཟེའི་ཆེད་དུ་སྦྱར་བའི་འོ་ཐུག་གང་ཡིན་པ་དེ་ནི། བྲམ་ཟེའི་ཕྱིར་གྱི་འོ་ཐུག །བྱ་གནས་པའི་ལྗོན་ཤིག་གང་ཡིན་པ་དེ་ནི། ཨུ་ཥི་ཏ་ཏི་ཧ་གོ་དྲུ་མཿ། རྣམས་ཏེ་དོན་གཞན་དུ་དུ་མའོ་ཞེས་པས་ཚིག་གཞན་དོན་གྱི་བསྡུ་བའོ། །ཚིག་མང་པོ་པ་ནི་དཔེར་ན། པ་རཱ་ཀྲ་མེ་ཎོ་པཱ་རྫི་ཏཱཿསཾ་པ་དོ་ཡཻརྨ་ཧཱ་པུ་རུ་ཥཻ་སྟེ་བྷ་བནྟི། པཱ་རཱ་ཀྲ་མོ་པཱ་རྫི་སམྤ་དོ་མ་ཧཱ་པུ་རུ་ཥཿ། གྲངས་ཀྱི་ཚིག་ཕྱི་མ་ཅན་ནི་དཔེར་ན། སྐྱེས་བུ་འདིའི་མཐའ་དང་ཉེ་བ་བཅུ་ཡིན་པ་ནི། ཨུ་པ་ད་ཤཿ། ཨཱ་པནྣ་ད་ཤཱཿ། ཨ་དཱུར་ད་ཤཱཿ། ཨ་དྷི་ཀ་ད་ཤཱཿ། གཉི་ག་གྲངས་ཀྱི་ཚིག་ཅན་ནི། འདི་གཉིས་སམ་གསུམ་པ་ཡིན་པ་ནི། དྭི་ཏྲཱཿའྡིར། དྭཽ་བཱ་ཏྲ་ཡོ་བཱ་དྭི་ཏྲི་
ཞེས་པའི་པཱའི་སྒྲ་ནི་འམ་གྱི་དོན་ཏོ། །འདི་ཡི་ཚད་སུམ་ཅུ་ཡིན་པ་ནི་ཏྲི་ད་ཤཱཿ། དོན་གཞན་ལ་དུ་མའོ་ཞེས་པས་ཚིག་དོན་གྱི་བསྡུ་བ་བྱའོ། །གྲངས་ལས་དོན་གཞན་ལ་ཞེས་པས་དེའི་བསྡུ་བའི་མཐར། བིང་ཤ་ཏིའི་ཏིའོ་ཞེས་པས་ཏིའི་སྒྲ་དབྱིའོ། །ཐམས་ཅད་དུ་མཐའི་ཨ་ཙ་ལ་སོགས་པའི་ཞེས་པས་མཐའི་ཨ་ཙ་ལ་སོགས་པ་དབྱིའོ། །ལྷན་ཅིག་གི་ཚིག་སྔ་མ་ཅན་ནི། ཙ་བ་དང་ས་ཧ། ཅིག་ཕྱུང་བའི་ཤིང་གང་ཡིན་པ་ནི། ས་མཱ་ལོརྡྷཾ་ཏསྟ་རུཿ། འདིར་ཡང་ཚིག་གཞན་དོན་གྱི་བསྡུ་བའོ། །དོན་གཞན་ལས་ས་ཧའི་སའོ་ཞེས་པས་ས་ཧ་ནི་སའི་དངོས་པོར་འགྱུར་རོ། །བྱ་ཏི་ཧ་རིའི་མཚན་ཉིད་ནི་དཔེར་ན། སྐྲ་དང་སྐྲ་ལ་བཟུང་ནས་འཐབ་པ་ལ་འཇུག་པ་ནི། ཀེ་ཤཱ་ཀེ་ཤི་དབྱུག་པ་དང་དབྱུག་པ་བཟུང་ནས་འཐབ་པ་ལ་འཇུག་པ་ནི། དཎྜཱ་དཎྜི། ལ་གུ་ཌཱ་ལ་གུ་ཌི། ཁཌྒཱ་ཁཌྒཱི། ཀཱི་ལཱ་ཀཱི་ལི། མུཥྚཱ་མུཥྚི། དེ་ལ་བཟུང་ནས་དེ་དང་འཐབ་པ་ལ་འཇུག་པའི་རང་བཞིན་ཡིན་པས། ཚིག་གཞན་དོན་གྱི་བསྡུ་བའོ། །ཨ་ཙ་བྱ་ཏི་ཧཱ་ར་ཞེས་པས་བསྡུ་བའི་མཐར་ཨི་ཙའོ། །ཨི་ཙ་ལའོ་ཞེས་པས་ཚིག་སྔ་མའི་ཨཱ་ཉིད་དོ། །ཡ་སྱེ་ཏནྟ་ལོཿ། ཏཥྛ་ཏི་གུ་ལ་སོགས་པར་བཀླག་པའི་ཕྱིར་གྲངས་མེད་པའི་བསྡུ་བའོ། །དེའི་ཕྱིར། བྱེད་པ་ཅན་ལ་སྔ་མ་ལས་སོ་ཞེས་པས་སུ་པ་འཇིག་གོ །ཕྱོགས་གཞན་འཛིན་པའི་མཚན་ཉིད་ནི། ལྷོ་དང་ཤར་གྱི་ཕྱོགས་དང་ཉེ་བ་གཞན་པ་འཛིན་པ་དེ་ནི། དཀྵི་ཎ་པཱུརྦ་དི་ཀ །བཤྩ་མ་དཀྵི་ཎཱ་དི་ཀ །པཱུརྦོཏྟ་ར་དིཀ །ཚིག་གཞན་དོན་ཉིད་ཀྱི་བསྡུ་བའོ། །ཡང་ན་ལྷ་ཡང་འདི་ཡིན་ལ་ཤར་ཡང་ཡིན་པས་ན་ཞེས་པ་ལ་སོགས་པར་ཚིག་རྣམ་པར་སྦྱར་ཏེ། ཁྱད་པར་གྱི་བསྡུ་བའོ། །ཤར་ལ་སོགས་པའི་འཇུག་པ་ཙམ་ལ་ཞེས་སྐྱེས་པ་བཞིན་གྱི་དངོས་པོར་འགྱུར་གྱི། བུད་མེད་ཀྱི་རྐྱེན་ནི་མི་འགྱུར་རོ། །ཤར་ལྷོའི་ཕྱོགས་ཞེས་པ་ལ་སོགས་པར་ཡང་བལྟ་བར་བྱའོ། །གྲངས་སྔ་མ་ཅན་གྱི་བསྡུ་བ་ནི་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། གཅིག་དང་འདྲ་བའི་དངོས་པོ་དང༌། དུ་མ་དང་འདྲ་བའི་དངོས་པོ་དག་གོ ། གཅིག་དང་འདྲ་བའི་དངོས་པོ་ནི། དཔེར་ན། ཏྲི་ན་ཤྲཱིངྒཱ་ནི། ཀུན་བསྡུས་པ་ལ། ཏྲི་ཤྲིདྒཾ། ཙ་ཏུཿ། ཤྲིཾ་གཾ །པཱ་ཏྲ་ལ་སོགས་རྣམས་ཀྱིས་མ་ཡིན་ནོ་ཞེས་པས་བུད་མེད་ཀྱི་དགག་པ་ལས་ངིང་མེད་དོ། །རྩ་བ་ལྔ་ཡིན་པ་ཀུན་བསྡུས་པ་ནི། པཉྩ་མཱ་ལཱ། དེ་བཞིན་དུ་ད་ཤ་མཱ་ལཱི། ཞེས་པ་ལ་སོགས་པ་དོན་
གཅིག་གི་ཁྱད་པར་རོ་ཞེས་པས་ཀུན་སྡུད་པའི་ཁྱད་པར་གྱི་བསྡུ་བའོ། །ཀུན་སྡུད་པར་གཅིག་ཉིད་གཅིག་ཚིག་གོ །གྲངས་དང་པོ་ཀུན་སྡུད་པ་ལའོ་ཞེས་པས་མ་ནིང་གི་རྟགས་ཐོབ་པ་ལ། ཨ་ནི་བུད་མེད་དོ་ཞེས་པ་ཨ་ཡིག་ཚིག་ཕྱི་མའི་གྲངས་དང་པོའི་བསྡུ་བ་ནི། བུད་མེད་ཀྱི་རྟགས་ལ་གྲངས་དང་པོ་ལས་སོ་ཞེས་པས་དཱི་པའོ། །དུ་མ་དང་འདྲ་བའི་དངོས་པོ་ནི་དཔེར་ན། ཙ་ཏྲ་སྲོ་དི་ཤཿ། ཙ་ཏུ་རྡི་ཤཱཿ། ཏྲ་ཡོ་ལོ་ཀཱཿ། ཏྲི་ཡོ་ཀཱཿ། འདིར་ཡང་ཁྱད་པར་གྱི་བསྡུ་བ་སྟེ། པཉྩ་མཱུ་ལཱི་དང༌། པཉྩ་མཱུ་ལྱ་ཡང་ངོ༌། །སྒྲ་གཅིག་གི་དོན་དུ་རྗོད་པར་བྱེད་པ་ནི་གཅིག་གིས་ཁྱད་པར་དུ་མ་བྱས་པའི་ཕྱིར་མང་པོའི་ཚིག་འགྱུར་རོ། །དང་གི་དོན་ནི་བཞིར་ཤེས་བྱ། །ཞེས་བྱ་བ་ནི་འདི་ལྟ་སྟེ། ཀུན་ནས་བཏུས་པ་དང༌། ཨ་ནྭཱ་ཙ་ཡ་དང༌། ཀུན་སྡུད་པ་དང༌། ཅིག་ཤོས་དང༌། ཅིག་ཤོས་སྦྱོར་བ་ཞེས་པ་རྣམས་སོ། །དེ་ལ་ཀུན་ནས་བཏུས་པ་དང༌། ཨ་ནྭཱ་ཙ་ཡ་དག་ནི་ནུས་པ་མེད་པའི་ཕྱིར་བསྡུ་བ་མེད་དེ། ཚིག་མཐའ་ལ་མི་ལྟོས་པའི་ཕྱིར་རོ། །ཀུན་སྡུད་པ་ནི། དཔེར་ན། ཤདྑ་ཤྩ་པ་ཌ་ཧ་ཤྩ་ཞེས་པ་ལ་ཤདྑ་པ་ཌ་ཧཾ། དེ་བཞིན་དུ། ཀ་ར་སྐནྡྷཾ་པཱ་ཎི་པ་དཾ། སི་རོ་གྲཱི་བཾ། བཱ་ཧུ་ཛཾ་གྷཾ། སྲོག་ཆགས་དང་རོལ་མོའི་ཡན་ལག་རྣམས་ཀྱིའོ་ཞེས་པས་ཀུན་སྡུད་པར་དང་གི་དོན་གྱི་བསྡུ་བའོ། །དེ་བཞིན་དུ། ཧསྟི་ན་ཤྩ་ཤྭཱ་ཤྩ་ཞེས་སོགས་ལ་ཧསྟྱ་ཤྲཾ། ར་ཐཱ་ཤྩ་ཏུ་ར་གཱ་ཤྩ། ར་ཐ་ཏུ་ར་གཾ །དཔུང་གི་ཡན་ལག་རྣམས་ཀྱི་མང་པོ་ཉིད་ལའོ་ཞེས་པས་ཀུན་སྡུད་པ་དང་གི་དོན་གྱི་བསྡུ་བའོ། །ཀུན་སྡུད་པ་ལ་མ་ནིང་ངོ་ཞེས་པས་མ་ནིང་གི་རྟགས་ཡིན་པའི་སུ་ནི། ཨཏ་ལས་ཨའོ་ཞེས་པས་ཨམ་དུ་བསྒྱུར་རོ། །ཅིག་ཤོས་དང་གཅིག་སྦྱོར་བ་ནི་དཔེར་ན། དེ་བ་དཏྟ་ཤྩ་ཡཛྙ་དཏྟ་ཤྩ་ཞེས་པ་ལ། དེ་བ་དཏྟ་ཡཛྙ་དཏྟོ། །ལྟ་བུ་དང༌། དྷ་བཤྩ་ཁ་དི་རཤྩ་པ་ལཱ་ཤཤྩ་ཞེས་པ་ལ། དྷ་བ་ཁ་དི་ར་པ་ལཱ་ཤཱཿདང་གི་དོན་གནས་པ་ལ་ཞེས་པས་ཅིག་ཤོས་དང༌། ཅིག་ཤོས་སྦྱོར་བར་དང་གི་དོན་གྱི་བསྡུ་བའོ། །གྲངས་མེད་པ་ཡང་རྣམ་གཉིས་བཤད། །ཅེས་པ་ནི་ཚིག་སྔ་མ་མིང་ཡིན་པ་དང༌། ཚིག་སྔ་མ་གྲངས་མེད་པ་ཡིན་པ་དག་གོ །ཚིག་སྔ་མ་མིང་ཡིན་པ་ནི་དཔེར་ན། ཤཱཀྱ་སྱ་མཱ་ཏྲ། ཤཱཀྱ་པྲ་ཏ། ཨུ་པ་སྱ་མཱ་ཏྲཱ། ཨུ་པ་པྲ་ཏི། པ་ལ་ལ་སྱ་མཱ་ཏྲ། པ་ལ་ལ་པྲ་ཏི་རྣམས་ཏེ། པྲ་ཏི་ཡི་ཙམ་གྱི་དོན་ལའོ་ཞེས་པས་གྲངས་མེད་པའི་
བསྡུ་བ་སྟེ། དེ་མ་ནིང་པོ་ཞེས་པས་མ་ནིང་གི་རྟགས་སོ། །དེ་ལས་བྱེད་པ་ལས་གོང་དུའོ་ཞེས་པས་སུཔ་འཇིག་གོ །ཚིག་སྔ་མ་གྲངས་མེད་པ་ཡིན་པ་ནི། དཔེར་ན་བུམ་པ་དང་ཉེ་བ་གང་ཡིན་པ་དེ། ཨུ་པ་ཀུམྦྷཾ། དེ་བཞིན་དུ། ཨུ་པ་ན་ག་རཾ། ཨུ་པ་བ་ན། ཨུ་པཱ་ཤྭཾ། ཨུ་གྲཱ་མཾ། ཨུ་པ་པརྦྦཾ། ཨུ་པ་ར་ཐཾ། ཨུ་པ་མཱརྒྒཾ། གྲངས་མེད་པའི་རྣམ་དབྱེ་ལའོ་ཞེས་པ་ལ་སོགས་པས་གྲངས་མེད་པའི་བསྡུ་བའོ། །དེ་ལས་བྱེད་པ་ལས་གོང་དུའོ་ཞེས་པས་སུ་པ་འཇིག་པ་ཐོབ་པ་ལ། ཨཏ་ལས་མ་ཡིན་ཞིང་ལྔ་པ་མ་ཡིན་པ་ཨ་མའོ་ཞེས་པའི་དགག་པས་མི་འགྱུར་རོ། །ཡ་ཡེ་བྲྀདྡྷཱ་ཡ་ཐཱ་བྲིདྡྷཾ། བྲཱཧྨ་ཎཱ་མཱ་མནྟྲ་ཡ་སྭ། གྲངས་མེད་པའི་རྣམ་དབྱེ་ལའོ་ཞེས་པ་ལ་སོགས་པས། དོན་ཇི་ལྟར་འདོད་པའི་གྲངས་མེད་པའི་བསྡུ་བའོ། །བསྡུ་བ་དེ་དག་རྣམས་ལ་ཡང་གཙོ་བོར་གྱུར་པ་བཞིན་ཞེས་བྱ་སྟེ། ཚིག་གི་དོན་ཕྱི་མ་གཙོ་བོ་དང༌། ཚིག་གི་དོན་སྔ་ཕྱི་གཉི་ག་གཙོ་བོ་དང༌། ཚིག་གི་དོན་གཞན་གཙོ་བོ་རྣམས་སོ། །དང་པོ་ལ་སོགས་པའི་བསྡུ་བ་ལ་ནི། གཙོ་བོ་རྣམ་པ་གཉིས་ཏེ། ཚིག་གི་དོན་སྔ་མ་གཙོ་བོ་དང༌། ཚིག་གི་དོན་ཕྱི་མ་གཙོ་བོའོ། །ཚིག་གི་དོན་སྔ་མ་གཙོ་བོ་ནི། དཔེར་ན་པྲཱསྟ་ཛཱི་བི་ཀ་ཞེས་པ་ལྟ་བུའོ། །ཁྱད་པར་གྱི་བསྡུ་བ་ལ་ཡང་གཙོ་བོ་རྣམ་པ་གཉིས་ཏེ། ཚིག་ཕྱི་མའི་དོན་གཙོ་བ་དང༌། ཚིག་སྔ་མའི་དོན་གཙོ་བའོ། །ཚིག་ཕྱི་མའི་དོན་གཙོ་བ་ནི། དཔེར་ན། ནི་ལོཏྤ་ལ་ཞེས་པ་ལྟ་བུའོ། །ཚིག་ཕྱི་མ་གཙོ་བ་ནི། དཔེར་ན། པུ་རུ་ཥ་བྱཱ་གྷྲཱ་ལྟ་བུའོ། །གཞན་དོན་གྱི་བསྡུ་བ་ལ་ཡང་གཙོ་བ་རྣམ་པ་གཉིས་ཏེ། ཚིག་གཞན་གྱི་དོན་གཙོ་བ་དང༌། ཚིག་གཉི་གའི་དོན་གཙོ་བའོ། །ཚིག་གཞན་གྱི་དོན་གཙོ་བ་ནི། དཔེར་ན། ཙི་ཏྲ་གུ་པཿ། ཤ་བ་ལ་གུཿ། ཨརྩི་ཏ་བུདྡྷ་ཞེས་པ་ལྟ་བུའོ། །གཉི་གའི་ཚིག་དོན་གཙོ་བ་ནི། དཔེར་ན་དྭི་ཏྲཱ་ཞེས་པ་ལྟ་བུའོ། །དང་གི་དོན་གྱི་བསྡུ་བ་ནི། ཚིག་གཉི་གའི་དོན་གཙོ་བོ་ཁོ་ན་སྟེ། དཔེར་ན། བྲཧྨ་ཎ་ཀྵ་ཏྲི་ཡ་བཻ་ཤྱ་སཱ་དྲཱཿརརྫུ་ནཽ། ལྟ་བུ་དག་གོ།། གྲངས་སྔོན་མ་ཅན་གྱི་བསྡུ་བ་ནི། ཚིག་ཕྱི་མའི་དོན་གཙོ་བ་ཉིད་དོ། །དཔེར་ན། ཏྲ་ཤྲྀདྒ། ལྟ་བུའོ། །གྲངས་མེད་པའི་བསྡུ་བ་ལ་ནི། གཙོ་བ་རྣམ་པ་གསུམ་སྟེ། ཚིག་སྔ་མའི་དོན་གཙོ་བ་དང༌། ཚིག་ཕྱི་མའི་དོན་གཙོ་བ་དང༌། ཚིག་གཞན་གྱི་དོན་གཙོ་བ་རྣམས་སོ། །ཚིག་སྔ་མའི་དོན་གཙོ་བ་ནི། དཔེར་ན། ཨུ་པ་
ཀུམྦྷཾ་ཞེས་པ་ལྟ་བུའོ། །ཚིག་ཕྱི་མའི་དོན་གཙོ་བ་ནི། དཔེར་ན། ཤཱཀྱ་པ་ཏི། སཱུ་པ་པྲ་ཏི། ཞེས་པ་ལྟ་བུའོ། །ཚིག་གཞན་གྱི་དོན་གཙོ་བ་ནི། དཔེར་ན། ཨུནྣཏྟཱ་གངྒཱ་ཡིསྨནྟེ་ཤེ྅སྟ་ས་བྷ་བ་ཏི། ཨུནྨཏྟ་གངྒཱནྣཱ་མ་དེ་ཤཿ། དོན་གཞན་ལ་མིང་ལའོ་ཞེས་པས་གྲངས་མེད་པའི་བསྡུ་བའོ། །བུད་མེད་ལ་སྐྱེས་པ་བཞིན་བཤད་དེ། པཀྵྱ་མ་ནུ། དོན་གཅིག་ལ་བུད་མེད་ལ་གཙོ་བ་མ་ཡིན་པ་ལ་སོགས་པ་ལའོ་ཞེས་སྐྱེས་པ་བཞིན་གྱི་དངོས་པོའོ། །དེ་མ་ནིང་ངོ་ཞེས་པས་མ་ནིང་གི་རྟགས་སོ། །སུཔ་ལ་ཐུང་ངུའོ་ཞེས་པས་ཐུང་ངུ་ཉིད་དོ། །དེ་ལས་བྱེད་པ་ལས་གོང་དུའོ་ཞེས་པས་སུ་པ་འཇིག་པ་ཐོབ་པ་ལ། ཨཏ་ལས་མ་ཡིན་ཞིང་ལྔ་པ་མ་ཡིན་པའི་ཨ་མའོ་ཞེས་པའི་དགག་པ་ལས་སུའི་ཨམ་དུ་བསྒྱུར་རོ་ཞེས་པ་སྟེ་བསྡུ་བའི་མཚན་ཉིད་བཤད་ཟིན་ཏོ།། །།ད་ནི་སྐབས་སུ་བབ་པ་ཨཎ་ལ་སོགས་པ་བཤད་པར་བྱ་སྟེ། ཐུན་མོང་གྲངས་མེད་དངོས་བཤད་པ། །རྣམ་གསུམ་ཨཎ་ལ་སོགས་པ་བརྗོད། །ཅེས་པ་ཐུན་མོང་དུ་འཇུག་གོ ། གྲངས་མེད་པའི་རང་བཞིན་ནི། ངོ་བོ་བརྗོད་པ་ལ་ཡང་སྟེ། ཚིག་རྣམས་ཀྱི་ནི་ནུས་པ་རྣམས། །དང་པོར་རབ་ཏུ་བཤད་པར་བྱ། །ཞེས་པ་སྟེ། ཚིག་དུ་མ་ཕན་ཚུན་ཡང་དག་པར་འབྲེལ་པའི་དོན་ལས་དང་པོའི་ཚིག་ཉིད་ལས་ཨཎ་ལ་སོགས་པའི་བསྒྲུབ་པ་རབ་ཏུ་བཤད་པར་བྱའོ། །དེ་ལ་དེ་ལྟར་བུར་སྐྱེས་པ་ལ་ཨཎ་ལ་སོགས་པས་བུ་རྒྱུད་ཀྱི་དོན་རབ་ཏུ་གསལ་བར་བྱེད་དེ། འབྲེལ་པ་ནི་སྐྱེས་བུའི་དབང་དུ་བྱས་པའི་ཕྱིར་རོ། །ཇི་ལྟ་ལས་གོང་དུ་ཨཎའོ་ཞེས་པ་ནས་བརྩམས་ཏེ། ཀ་པའི་མཐར་ཐུག་ནི་ཨཎ་སོགས་པའི་སྒྲུབ་པའོ། །ཐུན་མོང་གི་འཇུག་པ་ནི་རེ་ཞིག །མ་ཏུ་པ། ལ་ཙ། ཨི་ལ་ཙ། ས། ན། ཎ། ཨུ་ར་ཙ། རཿ། བཿ། བ་ལ་ཙ། ཨི་ནིཿ། ཐ་ན། བི་ནིཿ། ཡུ་ས། གྨི་ནིཿ། ཨཱ་ལ་ཙ། ཨཱཊ་ཙ། ཨི་ན་ཙ། ཨཱ་ར་ཀ་ན། ཨཱ་ལུ་ཙ། ཨི་ལ་ཙ། ཙེ་ལུ། ཙཱུ་ལུ། ཨཎ། ཝུན། ཁ་ཉ། ཨ་ཉ། ཨིཉ། ཕཀ །ཡཉ། ཌྷཀ །ཨཻ་རེཀ །ཨེ་རཀ །ཨཱ་རཀ །གྷཿ། ཁཿ། ཎྱ། ཡཏ། ཨིཏ། ཨ་ཏཙ། ན། ཙུཉྩུ་པ། ཙ་ན་པ། ཨིཥྛ་ན། ཨཱི་ཡ་ས་ན། ཏ་ར་པ། ཏམས། ཀལྤས། དེ་ཤྱ། དེ་ཤཱི་ཡ་ར། ཛཱ་ཏཱི་ཡར། དྭ་ཡ་སཊ། དགྷྣཊ། མཱ་ཏྲཊ། ཏ་ཡཊ། ཋཀ །ཋཉ། རྣམས་སོ། །དེ་ཞིག་
མ་ཏུ་པ་ནི། གང་ལ་ཡོན་ཏན་ཡོད་པའམ་ལྡན་པ་དེ་ནི་གུ་ཎ་བཱན་པུ་རུ་ཥཿའོ། །གང་དག་ལ་ཡོན་ཏན་ཡོད་པའམ་ལྡན་པ་དེ་དག་ནི། གུ་ཎ་བནྟོ། གང་རྣམས་ལ་ཡོན་ཏན་ཡོད་པའམ་ལྡན་པ་དེ་རྣམས་ནི། གུ་ཎ་བནྟཿ། གང་ལ་ཡོན་ཏན་ཡོད་མའམ་ལྡན་མ་དེ་ནི། གུ་ཎ་བ་ཏཱིསྟྲཱི། གུ་ཎ་བ་ཏྱཽ། གུ་ཎ་བ་ཏྱཿ། གང་ལ་ཡོན་ཏན་ཡོད་པའམ་ལྡན་པའི་རིགས་དེ་ནི། ཏ་ཏ་གུ་ཎ་བན་ཀུ་ལཾ། གུ་ཎ་བ་ཏཱི་ཀུ་ལ། གུ་ཎ་བནྟི། ཀུ་ལཱ་ནི། ཞེས་པ་དེ་ལྟ་བུ་དྲང་བར་བྱ་སྟེ། དེ་འདིའི་ཡོད་པ་འདི་ལ་ཞེས་མ་ཏུ་པའོ། །པ་ཡིག་ནི་དབྱངས་ཀྱི་དོན་ཏོ། །ཨུ་ཡིག་ནི་ཨུ་ཀ་ཨི་ཏ་བྱ་བའི་དོན་ཏོ། །ལ་ཙ་ནི་དཔེར་ན། གང་ལ་གཙུག་པུད་ཡོད་པའམ། ལྡན་པ་དེ་ནི། ཙཱུ་ཌཱ་ལཿ། ཀུ་མཱ་ར་ཀཿ། ཙཱུ་ཌཱ་ལཱ་ཀུ་མཱ་རཱི། ཙཱུ་ཌཱ་ལི་བྲཧྨ་ཎ་ཀུ་ལཾ། ཞེས་པ་དེ་ལྟ་བུ་དྲང་བར་བྱ་སྟེ། སྲོག་ཆགས་ཀྱི་ཡན་ལག་ལས་ལ་ཙ་ཞེས་པས་ལ་ཙའོ། །གང་ལ་གཙུག་པུད་ཡོད་པའམ་ལྡན་པ་དེ་ནི། བཏྶ་ལཿབཏྶ་ཨཾ་ཤ་དག་ལས་མཉེས་གཤིན་སྟོབས་དག་ལའོ་ཞེས་པས་ལ་ཙའོ། །ཨི་ལ་ཙ་ནི། དཔེར་ན། གང་ལ་དབུ་བ་ཡོད་པ་ནི། ཕེ་ནི་ལཿ། ཕེ་ན་ལཱ། ཕེ་ནི་ལཾ། དབུ་བ་ལས་སོ་ཞེས་པས་ཨི་ལཙའོ། །གང་ལ་གསུམ་པ་ཡོད་པ་དེ་ནི། ཏུནྡི་ལཿ། གང་ལ་མཇུག་མ་ཡོད་པ་དེ་ནི། བིཙྪི་ལཿལམ་མོ། །པིཙྪ་སོགས་རྣམས་ལས་ཨིཙའོ་ཞེས་པས་ཨི་ལཙའོ། །ས་དང་ད་དག་ནི། དཔེར་ན། གང་ལ་སྤུ་ཡོད་པ་དེ་ནི། ལོ་མ་སཿ། ལོ་མ་སམ། གང་ལ་ནད་གཡན་པ་ཡོད་པ་དེ་ནི། པཱ་མ་ནཿ། པ་མ་ནཱ། པ་མ་ནཾ། ལོ་མ་སོགས་རྣམས་ལས་ས་ན་དག་གོ་ཞེས་པས། གྲངས་བཞིན་དུ་ས་དང་ན་དག་བསྒྲུབ་པར་བྱ་བའོ། །ཎ་ནི་དཔེར་ན། གང་ལ་ཤེས་རབ་ཡོད་པ་དེ་ནི། པྲཱཛྙཿ། ཙྪ་ཏྲཿ། པྲཱཛྙཱ་ནཱ་རཱི། པྲཱཛྙཱཾ་ཀུ་ལཾ། ཤྲཱདྡྷཿ། ཤྲཱདྡྷཱ། ཤྲཱདྡྷཾ། ཨརྩྩཿ། ཨརྩྩཱ། ཨཱརྩྩཾ། བཱརྟྟཿ། བཱརྟྟཾ། པྲཛྙ་ཤྲྡྡྷཱ། ཨརྩྩ་བྲྀཏྟི། ཤྲདྡྷ། ཨརྩྩ། བྲྀཏྟི་རྣམས་ཎའོ་ཞེས་པས་ཎ་བསྒྲུབ་པར་བྱའོ། །ཨུ་ར་ཙ་ནི། དཔེར་ན། གང་ལ་སོ་མཐོ་དམན་ཡོད་པ་དེ་ནི། དནྟུ་རཾ། དནྟུ་རཱ། དནྟུ་རའོ་ཞེས་པའི་ཚིག་ཕྲད་ལས། དནྟ་ལས་ཨུ་ར་ཙ་བསྒྲུབ་པར་བྱ་སྟེ། སོ་མཐོ་བ་དང་དམའ་བ་ལའོ། །ར་ནི། དཔེར་ན། གང་ལ་མངར་བ་ཡོད་པ་དེ་ནི། མ་དྷུ་རཿ། རོའོ། །མ་དྷུ་རཱ། འོ་མའོ། །མ་དྷུ་རཾ། ཆུའོ། །གང་ལ་ལེགས་པར་གྲུབ་པ་ཡོད་པ་དེ་ནི། སུ་ཥི་རཿ། རླུང་ངོ༌། །གང་ལ་བུཥྐ་ཡོད་པ་དེ་ནི། པུཥྐ་ར། ཨུ་ཥ་སོགས་
རྣམས་ལས་ཞེས་པས་ར་བསྒྲུབ་པོ། །བཿནི་དཔེར་ན། གང་ལ་སྐྲ་མང་པོ་ཡོད་པ་དེ་ནི། ཀེ་ཤ་བཿ། ཀེ་ཤ་ལ་སོགས་པ་རྣམས་ལས་བཿའོ་ཞེས་པས་བཿའོ། །གང་ལ་ནོར་བུ་ཡོད་པ་དེ་ནི། མ་ཎི་བ། གང་ལ་དབྱིག་ཡོད་པ་དེ་ནི། ཧི་ར་ཎྱ་བཾ། གང་ལ་ཕྲེང་བ་ཡོད་པ་དེ་ནི། རཱ་ཛཱི་བཾ། པདྨའོ། །གཞན་རྣམས་ལ་ཡང་ཞེས་པས་རིང་པོའོ། །གང་ལ་ཆུ་ཡོད་པ་དེ་ནི། ཨརྞྞ་བཿ། ཨརྞྞས་ཀྱི་དབྱི་བའང་ངོ་ཞེས་པས་བཿའོ། །དེ་དབྱི་བའང་ངོ༌། །གང་ལ་སྡོང་བུ་ཡོད་པ་དེ་ནི། གིཎྜཱ་བནྡྷ་བཿརོ་ཨ་ཛ་ག་བཾ་གཎྜྻ་ཇ་གཱཏ་མིང་ལའོ་ཞེས་པས་བཿའོ། །བ་ལ་ཙ་ནི། དཔེར་ན། གང་ལ་རྡུལ་ཡོད་པ་དེ་ནི། ར་ཛ་སྭོ་ལཱཿལམ་མོ། ར་ཛ་སྭ་ལཱ། བུད་མེད་དོ། །ར་ཛ་སྭ་ལཾ། ལམ་མོ། །གང་ལ་ཞིང་ལས་ཡོད་པ་དེ། ཀྲྀ་ཥཱི་བ་ལཾ། གང་ལ་ཨཱ་སུ་ཏི་ཡོད་པ་དེ་ནི། ཨཱ་སུ་ཏི་བ་ལཱ། ཨཱ་སུ་ཏི་བ་ལཾ། བ་ལའོ་ཞེས་པས་རིང་པོ་ཉིད་དོ། །གང་ལ་འཁོར་ཡོད་པ་དེ་ནི། པཪྵདྦ་ལཾ། པཪྵདྦ་ལཱཿ། པཪྵདྦ་ལཾ། ཀྲྀ་ཥི་ལ་སོགས་པ་རྣམས་ལས་ལ་ཙའོ་ཞེས་པས་ལ་ཙའོ། །གང་ལ་སོ་ཡོད་པ་དེ་ནི། དནྟ་བ་ལཾ། སིཀྵ་བ་ལཿ། དནྟ་ཤཀྵཱི་ལས་མིང་ལའོ་ཞེས་པ་ལཙའོ། །ཨི་ན་ནི་དཔེར་ན། གང་ལ་ནོར་ཡོད་པ་དེ་ནི། དྷ་ནཱི། དྷ་ནི་ནཱི། བུད་མེད་དོ། །དྷ་ནི་ཀུ་ལམ། གང་ལ་དབྱུག་པ་ཡོད་པ་དེ་ནི། དཎྜཱི། དཎྜི་ནཱི། བུད་མེད་དོ། །དྷ་ནི་ཀུ་ལཾ། གང་ལ་དབྱུག་པ་ཡོད་པ་དེ་ནི། དཎྜཱ་དཎྜཱ་ནཱི་བུད་མེད་དོ། །དཎྜི་ཀུ་ལཾ། གང་ལ་ལག་པ་ཡོད་པ་དེ་ནི། ཀ་རཱི། ཀ་རི་ཎཱི་བུད་མེད་དོ། །ཀ་རི་ཀུ་ལམ། གང་ལ་ལག་པ་ཡོད་པ་དེ་ནི། ཧསྟི། ཧ་སྟི་ནཱ། བུད་མེད་དོ། །ཧསྟི་བྲྀནྡཾ། ཡོད་པའི་ནགས་སོ། །ཧསྟ་དནྟ་ལླས་རིགས་ལའོ་ཞེས་པས། ཨི་ནིའོ། །གང་ལ་པདྨ་ཡོད་པ་དེ་ནི། པུཥྐ་ར་ཎཱི། ན་ལ་ནཱི། ཀུ་མུ་ད་ནི། པདྨ་ནཱི། ཏ་མཱ་ལ་ནཱི། པུཥྐ་ར་ལ་སོགས་པ་རྣམས་ལས་ཡུལ་ལའོ་ཞེས་པས་ཨི་ནིའོ། །ཨུ་ཎ་ལས་ངིཔའོ། །ཏཎྜ་ལཱི་ཏུཎྜཱི། ཋ་ན་ནི་དཔེར་ན། དྷ་ནི་ཀཿ། དྷ་ནི་ཀཱ། དྷ་ནི་ཀཾ །བྲིཧ་ལས་སོ་ཞེས་པས། ཨི་ནི་ཡང་སྟེ། ཨི་ནི་དང་ཋ་ན་དག་འགྱུར་རོ། །ཨའིའོ་ཞེས་པས་ཨ་ཡིག་དབྱིའོ། །བྲི་ནི་ནི་དཔེར་ན། གང་ལ་གྲགས་པ་ཡོད་པ་དེ་ནི། ཡ་ཤ་སྭཱི་ན། ཡ་ཤ་སྭ་ཀུ་ལཾ། གང་ལ་འོ་མ་ཡོད་པ་དེ་ནི། པ་ཡ་སྭཱི། ཕྱུགས་རྫིའོ། །པ་ཡ་སཱི་ནཱི། བ་དྲུས་མའོ། །པ་ཡི་སྭི་ཀུ་ལཾ། གང་ལ་སྒྱུ་མ་ཡོད་པ་དེ་ནི། མཱ་ཡཱ་བཱི་ནཱི། མཱ་ཡཱ་བི་ནཱི། བུད་མེད་དོ། །མཱ་
ཡཱ་བི་ན་ཀུ་ལཾ། གང་ལ་ཡིད་གཞུངས་པ་ཡོད་པ་དེ་ནི། མེ་དྷཱི་བཱ། མེ་དྷཱ་བི་ནཱི། བུད་མེད་དོ། །མེ་དྷཱ་བི་ཀུ་ལཾ། གང་ལ་ཕྲེང་བ་ཡོད་པ་དེ་ནི་སྲགྦཱི། སྲགྦི་ན་ནཱི། བུད་མེད་དོ། །སྲགྦི་ཀུ་ལཾ། ཨ་ས་དང་མཱ་ཡཱ་མེ་དྷ་པྲ་ཛ་ལས་བི་ནིའོ་ཞེས་པས་བི་ནིཿའོ། །ཨིན་ཧན་པཱུ་ཥ་ན་ཨརྻ་མན་རྣམས་ཀྱི་ཤི་ལ་ཡང་རོ་ཞེས་པས་རིང་པོ་ཉིད་དོ། །བུད་མེད་ལ་ཨུན་ལས་དཱིཔའོ་ཞེས་པས་ངཱིཔའོ། །ཡུ་ས་ནི་དཔེར་ན། གང་ལ་མཛོད་སྤུ་ཡོད་པ་དེ་ནི། ཨུརྞྞ་ཡུཿ། རྟགས་གསུམ་ག་ཡང་དེ་ལྟ་བུ་ཉིད་དོ། །ཡུ་ས་འོ་ཞེས་པ་རྗེས་སུ་འཇུག་བཞིན་པ་ལ། ཨཱུརྞྞ་ཧཾ་སུ་བྷས་རྣམས་ལས་སོ་ཞེས་པས་ཡུས་སོ། །གྨི་ནི་ནི་དཔེར་ན། གང་ལ་ངག་ཡོད་པ་དེ་ནི། བཱགྨཱ། བཱགྨི་ནི། བུད་མེད་དོ། །བཱགྨི་ནི་ཀུ་ལཾ། བ་ཙ་ལས་གྨ་ནི་ཞེས་པས་གྨི་ནིའོ། །ཙུའི་ཀུའོ་ཞེས་པས་ཀུ་ཉིད་དོ་ཙ་ཡིག་གི །དེའི་ཛྷལ་གྱི་ཛ་ཤའོ་ཞེས་པས་ག་ཉིད་དེ། ག་ཡིག་གོ །ཨིན་ཧན་པཱུཥ་ན། ཨཱརྻ་མན་རྣམས་ཀྱི་ཤི་ལའང་ངོ་ཞེས་པས་རིང་པོ་ཉིད་དོ། །ཨཱ་ལ་ཙ་ནི། དཔེར་ན། གང་ཞིག་འབྲེལ་པ་མེད་པ་མང་པོས་སྨྲ་བ་དེ། བཱ་ཙ་ལཿ། བཱ་ཙཱ་ལཱ། བུད་མེད་དོ། །བཱ་ཙཱ་ལ་ཀུ་ལཾ། ཨཱ་ཊ་ཙ་ནི་དཔེར་ན། གང་ཞིག་འབྲེལ་པ་མེད་པ་མང་པོར་སྨྲ་བ་དེ། བཱ་ཙ་ཊཿ། རྟགས་གསུམ་གང་ཡང་དེ་ལྟ་བུའོ། །ཨཱ་ལ་ཙ་དང་ཨཱ་ཙཊ་དག་སྨད་པ་ལའོ་ཞེས་པས་ཨཱ་ལ་ཙ་དང་ཨཱཊ་ཙ་དགུ་འགྱུར་རོ། །ཨ་ན་ཙ་ནི་དཔེར་ན། གང་ལ་འབྲས་བུ་རྣམས་ཡོད་པ་ནི། ཕ་ལ་ནིཿ། ལྗོན་ཤིང་ངོ༌། །ཕ་ལི་ནཱ། འཁྲི་ཤིང་ངོ༌། །ཕ་ལ་ནཾ། སྐྱེད་མོས་ཚལ་ལོ། །གང་ལ་མཛེས་པ་ཡོད་པ་དེ་ནི། བརྡྷི་ཎཿ། རྨ་བྱའོ། །བརྡྷི་ཎཱ། རྨ་བྱ་མོའོ། །བརྡྷི་ཎམ་ནགས་ཚལ་ལོ། །གང་ལ་དྲི་མ་ཡོད་པ་དེ་ནི། མ་ལི་ནིཿ། སྐྱེས་བུའོ། །མ་ལི་ནཱ་ཟ་མ་སཱ་ཊཱི། མ་ལི་ནཾ། གོས་སོ། །ཕ་ལ་བརྡྷ་མ་ལ་ལས་ཀྱང་ངོ་ཞེས་པས་ཨི་ན་ཙའོ། །ཨཱ་ར་ཀ་ན་ནི་དཔེར་ན། གང་ལ་ཚོགས་པ་ཡོད་པ་དེ་ནི། །བྲྀནད་རི་ཀཱ་བུད་མེད་དོ། །ཡང་བྲྀནྡཱ་རི་ཀཿ་སྟེ། སཱ་ཏྲ་ཀའོ་ཞེས་པ་ལ་སོགས་པས་ཡང་ན་ཨི་ཉིད་དོ། །བྲྀནྡཱ་ར་ཀ་ཀུ་ལཾ། བྲྀནྡཱའི་མཐར་ཨཱ་ར་ཀ་ནའོ་ཞེས་པས་ཨ་ར་ཀ་ནའོ། །གང་ལ་ར་ཡོད་པ་དེ་ནི། ཤྲིངྒ་ར་ཀཱཿཁྱུ་མཆོག་གོ །ཤྲིངྒ་ར་ཀཱ་མ་ཧེ་མོའོ། །ཤྲིངྒ་ར་ཀཾ་ཀུ་ལཾ། ཤྲིངྒ་ལས་སོ་ཞེས་པས་ཨཱ་ར་ཀ་ནའོ། །ཨཱ་ལུ་ཙ་ནི། དཔེར་ན་གྲང་བ་མི་བཟོད་པ་དེ་ནི། ཤཱི་ཏཱ་ལུ། ཚ་བ་མི་བཟོད་པ་དེ་ནི། ཨུཥྞཱ་ལུཿ། ཏྲི་པྲཱ་མི་བཟོད་པ་དེ་ནི། ཏྲི་པྲ་ལུའོཿ་ཤྲཱིཏ། ཨུཥྞ། ཏྲི་བ་ལ་མི།
བཟོད་པ་ལའོ་ཞེས་པས་ཨཱ་ཙའོ། །ཙ་ལུ་ནི། དཔེར་ན། ཁ་བ་བཟོད་པར་བྱེད་པ་ནི་ཧི་མེ་ལུཿའོ། །ཧི་མ་ལ་བཟོད་པ་ལ་ཙེ་ལུའོ་ཞེས་པས་ཙེ་ལུའོ། །ཙཱུ་ལ་ནི། དཔེར་ན། སྟོབས་བཟོད་པར་བྱེད་པ་ལ། བ་ལཱུ་ལཱཿ། རླུང་བཟོད་པར་བྱེད་པ་ལ། བཱ་ཏཱུ་ལཱཿ། བ་ལ་དང་བཱཏ་ལ་ཙཱུ་ལའོ་ཞེས་པས་ཙཱུ་ལའོ། །ཨཎ་ནི། དཔེར་ན། གནས་འཇོག་གི་བུ་རྒྱུད་ནི། བཱ་ཤཱིཥྛཿ། ཉི་མའི་བུ་རྒྱུད་ནི། ཨཱདྒི་རི་སཿ། ངན་སྤོང་གི་བུ་རྒྱུད་ནི། བྷཱརྒྒ་བཿ། ཨནྡྷ་ཀའི་བུ་རྒྱུད་ནི། ཨཱནྡྷ་ཀ་ལཿ། བྲྀཥྞུའི་བུ་རྒྱུད་ནི། བཱཪྵ་བཿ། སྒྲ་ངན་པའི་བུ་རྒྱུད་ནི། ཀཽ་ར་བཿ། རིགས་མེད་ཀྱི་བུ་རྒྱུད་ནི། ནཱ་ཀུ་ལཿ། ནོར་ལྟའི་བུ་རྒྱུད་ནི། བཱ་སུ་དེ་བཿ། སྭ་ཕལྐའི་བུ་རྒྱུད་ནི། སྭཱ་ཕལྐཿ། །དྲང་སྲོང་ཀུ་རུ་བྲྀཥྞུ། ཨནྡྷ་ཀ་ལས་སོ་ཞེས་པས་ཨཎའོ། །ཨུ་པ་གུའི་བུ་རྒྱུད་ནི། ཨོ་པ་ག་ཝཿ། ཀུ་པ་ཊུའི་བུ་རྒྱུད་ནི། ཀཱ་བ་ཊ་བཿ། ཛི་ཏ་ལས་གོང་དུ་ཨཎའོ་ཞེས་པ་དེའི་བུ་རྒྱུད་ལའོ། །ཨུའི་ལོ་ཏེ་ཞེས་པས། ཨུ་ཡིག་གི་ཨོ་ཉིད་དོ། །ཨེ་ཙའི་ཨ་ཡ་ཨཱཝ་ཨཱ་ཡ་ཨཱཝ་རྣམས་སོ། །ཀིཏ་ལའང་བུ་རྒྱུད་ལ་དང་པོའི་ཨཙའི་ཨཱཏའོ་ཞེས་པས་ཨཱཏ་ཨཻཙའོ། །རྟ་བདག་གི་བུ་རྒྱུད་ནི། ཨཱ་ཤྭ་བ་ཏཿ། ཕྱུག་བདག་གི་བུ་རྒྱུད་ནི། པཱ་ཤུ་པ་ཏཿ། པ་ཏི་ལས་ཨ་ཤྭ་ལ་སོགས་པ་མ་ཡིན་པ་དང་པོ་ལས་སོ་ཞེས་པས་ཨ་ཤྭ་ལ་སོགས་པའི་བདག་པོ་ལ་ཨུ་དཱ། ཤངྐ་རཿ། སཽ་རཿ། འདིའི་ལྷ་ཁྱབ་འཇུག་ཡིན་པ་ནི། བཻཥྞ་བཿ་ཨེནྡྲཿ། དེ་བ་ལས་སོ་ཞེས་པས་ཨཎའོ། །འདི་སངས་རྒྱས་ལ་གུས་པས། བོདྡྷྱཿ། ཞེས་ལ་སོགས་པ་རྣམས་ལ། དེ་ལ་གུས་པས་ཞེས་འདིའི་དོན་གྱི་ཁྱད་པར་ཡིན་པས། ཛི་ཏ་ལས་གོང་དུ་ཨཎའོ། །ངུར་སྨྲིག་གིས་བཙོས་པའི་གོས་ནི། ཀཱ་ཥ་ཡཾ། གུར་གུམ་གྱིས་བཙོས་པའི་གོས་ནི། ཀཽདྐུ་མ། དེ་བཞིན་དུ་ལེ་བརྒན་གྱིས་བཙོས་པ་ནི། ཀཽ་སུ་མྦྷཾ། ཡུང་བས་བཙོས་པའི་གོས་ནི། ཧཱ་ནི་དྲཾ། དེ་ཡིས་བཙོས་པའི་ཆོས་ལས་སོ་ཞེས་པས་ཛི་ཏ་ལས་མིང་ལའོ་ཞེས་པས་ཛི་ཏ་ལས་གོང་དུ་ཨཎའོ། །ཛ་ན་པ་ད་ལས་གནས་དང་ཡུལ་ལ་སྟེ། ཛཱ་ན་པ་ད། དེ་བཞིན་དུ། པཱཉྩཱ་ལཿ། ཞི་བ་རྣམས་ཀྱི་གནས་སམ་ཡུལ་ནི། ཤཻ་བཿ། གནས་པར་བྱེད་པ་ལས་མིང་ལའོ་ཞེས་པས་ཛི་ཏ་ལས་གོང་དུ་ཨཎའོ། །བརྡ་སྤྲོད་པ་རིག་པའམ་ཀློག་པར་བྱེད་པ་ནི། བེ་ཡཱ་ཀ་ར་ཎ། ཀཱ་ལཱ་པཿ། ཙནྡྲཿ། སྡེ་བ་སྦྱོར་རིག་
པའམ་ཀློག་པ་ནི། ཙྪནྡ་པཿ། དེ་ཀློག་པའམ་རིག་པ་ལས་སོ་ཞེས་པས་ཨཎའོ། །ཨ་ཙ་འགྱུར་བའི་ཚིག་མཐའ་ལས་སྔ་རོལ་དུ་ཨཻ་ཙའོ་ཞེས་པས་ཡ་ཡིག་ལས་སྔ་རོལ་དུ་ཨཻཙ་འགྱུར་རོ། །རིགས་པའམ་རིག་པ་ནི། ནཻ་ཡཱ་ཡི་ཀཿ། བྱེ་བྲག་རིག་པའམ་ཀློག་པ་ནི། བཻ་ཤེ་ཥི་ཀཿདེ་བཞིན་དུ། ཡཱ་ཛཱི་ཀཿ། པཱརྟི་ཀཿ། ལཱཀྵ་ཎི་ཀཿ། པྲཱ་དེ་ཤི་ཀཿ། མཆོད་སྦྱིན་དང་ཨུགྠ་སོགས་རྣམས་ལས་ཋཀའོ་ཞེས་པས་ཋཀའོ། །ཋའི་ཨི་ཀའོ། །བུན་ནི་དཔེར་ན། རིམ་པ་རིག་པའམ་ཀློག་པ་ནི། ཀྲ་མ་ཀ །བེ་ད་ཀཿ། མཱི་མཱནས་ཀཿ། ཀྲ་མ་སོགས་རྣམས་ལས་བུ་ནའོ། །ཁ་ཉ་ནི་དཔེར་ན། བྲི་ཡཾ་གུ་རྣམས་འབྱུང་བའི་ཞིང་ནི། པྲི་ཡངྒ་བཱི་ཎམ། ཀྵེ་ཏྲཾ། སྲན་མ་ཀུ་ལཏྛ་རྣམས་འབྱུང་བའི་ཞིང་ནི། ཀཽ་ལཏྛ་ནཾ་ཀྵེ་ཏྲཾ། ལུརྒཱ་ནཾ། མཱ་སཱི་ནཾ། ཀཽ་དྲ་བཱི་ནཾ། དྷཱ་ནཱ་ནཾ། འབྲུ་རྣམས་ལས་ཞིང་ལ་ཁ་ཉའོ་ཞེས་པས་ཁ་ཉའོ། །ཨཉ་ནི་དཔེར་ན། ཡུལ་ལྔ་ལེན་གྱི་རྒྱལ་རིགས་ཀྱི་རྒྱལ་པོའི་བུ་རྒྱུད་ནི། པཉྩ་ལཿ། ལུས་འཕགས་པོའི་བུ་རྒྱུད་ནི། བེ་དེ་ཧཿ། པྲཉྩཱ་ལི། བེ་དེ་ཧཱི། ཊིཏ། ཌྷ་ཨན་ཨཉ་ཞེས་པས་དཱིའོ། །ལྗོངས་ཀྱི་མིང་ཅན་ལས་རྒྱལ་རིགས་རྒྱལ་པོ་ལ་ཡང་ངོ་ཞེས་པས་ཨཉའོ། །ཨུཏྶའི་བུ་རྒྱུད་ནི། ཨཽ་ད་ཡཱ་ནཿ། ཨུཏྶ་ལ་སོགས་པ་རྣམས་ལས་ཨ་ཉའོ་ཞེས་པས་ཨཉའོ། །ཨིཉ་ནི་དཔེར་ན། དཀྵའི་བུ་རྒྱུད་ནི། དཱཀྵཿཔླཱི་ཀྵ། དཱ་ཤ་ར་ཐིཿ། ཤཽ་དྡྷོ་ད་ནིཿ། ཨཱ་ཤྭ་ལཱ་ཡ་ནཿ། ཨཻ་ཌ་ཀཱི་ཡ་ནཿ། ན་ཌ་ལ་སོགས་པ་རྣམས་ལས་ཌྷ་ཀའོ་ཞེས་པས་ཌྷ་ཀའོ། །ཨཱ་ཡ་ཎ་ལ་སོགས་པའི་མདོས། ཕའི་ཨ་ཡ་ཎ་རུ་བསྒྱུར་བར་བྱའོ། །ཀི་ཏ་ལའང་བུ་རྒྱུད་ལ་སོགས་པ་ལས་ཨ་ཙ་རྣམས་ཀྱི་དང་པོའིའོ་ཞེས་པས་ཉི་ཏི་ཀི་ཏི་ཙ་སརྦ་ཏྲ་དེ་ར་ཛཱ་དཻ་ར་ཙ་བྷ་བ་ཏི། ཡཉ་ནི་དཔེར་ན། གརྒའི་བུའི་རྒྱུད་ལ་སོགས་པ་ལ། གཱརྒྒྱཿ། བཏྶའི་བུའི་བུ་རྒྱུད་ལ་སོགས་པ་ལ། བཱཏྶྱཿ། གརྒྒ་ལ་སོགས་པ་རྣམས་ལས་ཡཉའོ་ཞེས་པས་ཡཉའོ། །ཌྷཀ་ནི་དཔེར་ནཿ། འདུལ་བྱེད་མའི་བུ་རྒྱུད་ནི། བཻ་ན་ཏེ་ཡཿ། འདབ་བཟང་གི་བུ་རྒྱུད་ནི། སཽ་པརྞྞེ་ཡཿ། གངྒཱའི་བུ་རྒྱུད་ནི། གངྒཱ་ཡཿ། རྒྱུན་ཤེས་ཀྱི་བུ་རྒྱུད་ནི། ཨཱ་ཏྲེ་ཡཿ། བཱཪྵྞེ་ཡཿ། ཨོ་ཏོ་ནི་ཉ་ཞེས་ཌྷ་ཀའོ། །ཤུ་བྷའི་བུ་རྒྱུད་ནི། ཤཽ་བྷེ་ཡཿ། སྐྱེས་བུ་ཁྱབ་འཇུག་གི་བུ་རྒྱུད་ནི། བཻཥྞུ་པུ་རུ་ཥེ་ཡཿ། ཤུ་བྷ་
ལ་སོགས་རྣམས་ལ་སོགས་སོ་ཞེས་པ་ཌྷ་ཀའོ། །གཞོན་ནུ་མའི་བུ་རྒྱུད་ནི། ཀཽ་མཱ་རེ་ཡཿ། ཡོ་བ་ཏེ་ཡཿ། ཀཱ་མཎྜ་ལེ་ཡཿ། ཌྷ་ཀ་ཅེས་པ་རྗེས་སུ་འཇུག་བཞིན་པ་ལ། དཱི་ཨཱསྟི་ཨཱུད་ལས་སོ་ཞེས་པས་ཌྷ་ཀའོ། །ཨཻ་ར་ཀ་ནི། དཔེར་ན། ཙ་ཊ་ཀའི་བུ་རྒྱུད་ནི། ཙཱ་ཊ་ཀཻ་རཿ། ཙ་ཊ་ལས་ཨཻ་ར་ཀའོ་ཞེས་པས་ཨེ་རཀའོ། །ཨཻ་རི་ཀ་ནི། དཔེར་ན། ས་འཛིན་མའི་བུ་རྒྱུད་ནི། གཽ་དྷེ་རཿ། གོ་དྷཱ་ལས་སོ་ཞེས་པ་རྗེས་སུ་འཇུག་བཞིན་པ་ལ། ཡང་ན་ཨེ་རཀ་ཅེས་པ་འདི་ཡིས་སོ། །ཨཱ་རཀ་ནི་དཔེར་ན། ས་འཛིན་མའི་བུ་རྒྱུད་ནི། གཽ་དྷ་རཿ། ཛཱཎྜ་ལས་ཨཱ་རཀའོ་ཞེས་པས་རྗེས་སུ་འཇུག་བཞིན་པ་ལ། གོ་དྷ་ལས་སོ་ཞེས་པས་ཨཱ་རགའོ། །གྷ་ནི་དཔེར་ན། ཀྵ་ཡ་ཡི་བུ་རྒྱུད་ནི། ཀྵ་ཏྲི་ཡཿ། ཨཱ་ཡ་ན་ལ་སོགས་པའི་མདོས་གྷ་ནི་ཨཱི་ཡ་རུ་བསྒྱུར་བའོ། །ཀྵ་ཏྲ་ལས་རིགས་ལ་གྷའོ། །ཁ་ནི་དཔེར་ན། རིགས་ཀྱི་བུ་རྒྱུད་ནི། ཀུ་ལཱི་ནཿ། ཚིག་མཐའ་ལས་ཀྱང་ཁའོ་ཞེས་པས་ཁའོ། །ཨཱ་ཡ་ན་ལ་སོགས་པའི་མདོས་ཁ་ནི་ཨཱི་ཡ་རུ་བསྒྱུར་བའོ། །ཎྱ་ནི་དཔེར་ན། སྒྲ་ངན་པའི་བུ་རྒྱུད་ནི། ཀཽ་ར་བྱཿ། ཀུ་རུ་ལ་སོགས་པ་རྣམས་ལས་ཎྱའོ་ཞེས་པས་ཎྱའོ། །སྦྱིན་པའི་བུ་རྒྱུད་ནི། དཻ་ཏྱཿ། མི་སྦྱིན་མའི་བུ་རྒྱུད་ནི། ཨཱ་དི་ཏྱཿ། དི་ཏི་ཨ་དི་ཏི། ཨ་དི་ཏྱཿ། ཡ་ལས་ཎྱའོ་ཞེས་པས་ཎྱའོ། །ཡཏ་ནི་དཔེར་ན། སྤྱི་བོའི་དངོས་པོ་ནི། མཱུརྡྷ་ནྱཿ། སོ་རྣམས་ཀྱི་དངོས་པོ་ནི། དནྟྱཿ། རྣ་བའི་དངོས་པོ་ནི། ཀརྞྱཿ། མཆུ་ཡི་དངོས་པོ་ནི། ཨོཥྜྱཿ། ལུས་ཀྱི་ཆ་ཤས་སོ་ཞེས་པས་ཡཏའོ། །ཕྱོགས་ཀྱི་དངོས་པོ་ནི། དེ་ཤྱཿ། སྡེའི་དངོས་པོ་ནི་བརྒྒྱཿ། དི་ཤི་ལ་སོགས་རྣམས་ལས་དངོས་པོ་ལ་ཡཏའོ། །ཨིཏ་ནི་དཔེར་ན། གང་གི་དྲི་བཟང་པོ་ཡིན་པ་ནི། སུ་གནྡྷ། ཙནད་ནཾ། གང་གི་དྲི་ཁྱད་འཕགས་ཡིན་པ་ནི། ཨུདྒནྡྷི། ཀུ་སུ་མཾ་པཱུ་ཏི་གནྡྷི། ཤ་རཱི་རམ། ཤ་རཱི་རཾ། མྲྀཏྤཱུ་ཏི་སུར་བྷེརྒནྡྷ་སྱེ་དི་ཏིནས་མཱ་སཱནྟ། འདིའི་དྲི་ཀུ་མུད་དང་འདྲ་བ་ནི། ཀུ་མུ་ད་གནྡྷིཿཨུཪྶ་ལ་གནྡྷིཿ། དུ་མ་དོན་གཞན་ཞེས་ཀྱི་ཚིག་བསྡུའོ། །སྤྱད་པའི་དོན་ཅན་ཉིད་ཕྱིར་འདྲ་བའི་སྒྲ་རབ་ཏུ་སྦྱོར་རོ། །བསྡུ་བའི་མཐར་ཉེ་བར་འཇལ་བ་ལས་སོ་ཞེས་པས་ཨིཏའོ། །ཨིཏ་ཙ་ནི་དཔེར་ན། གང་ལ་མེ་ཏོག་རྣམས་སྐྱེ་བ་དང་བཅས་པ་དེ། ཀུ་སུ་མ་ཏིཿ། ལྗོན་ཤིང་ངོ༌། །ཕ་ལི་ཏསཿ། པལླ་བི་ཏཿ། ཀོ་ར་ཀི་ཏཿ། ཀ་ཊ་ཀི་ཏཿ། ཏཱ་ར་ཀི་ཏ། ཏཱ་ར་ཀི་ཏཾཿ། ནམ་མཁའོ། །དེ་འདིའི་ཡང་དག་པར་སྐྱེས་པ་ལ་ཏཱ་ར་ཀ་ལ་སོགས་
པ་རྣམས་སོ་ཞེས་པས། ཨིཏ་ཙའོ། །ན་ནི་དཔེར་ན། ཀུ་ཎུ་པྲ་མཱ་ཎ་མི་བ་ཨུདྷོ་ཡ་སྱཱཿ། པཱ་ཀུཎྜོ་རྡཱི་ཞེས་པས་དཱི་པའོ། །མཐའི་ན་ཡིག་བསྒྱུར་བར་བྱའོ། །ཨ་ལོ་པོ་ན་ཏྱ་ཀཱ་ར་ཀཱ་རོ་ལོ་པོ། །གང་གི་གཞུ་མེ་ཏོག་གི་ཡིན་པ་དེ། ཀུ་སུ་མདྷ་ནྭཱ། སོ་བྷ་ན་དྷ་ནྭཱ། དྷ་ནྭ་ནའི་སྒྲས་དོན་གཞན་གྱི་ཚིག་གི་བསྡུ་བའོ། །ཙུཉྩུ་པ་ནི། དཔེར་ན། སྒྲ་རིག་པ་ནི། ཤ་བྷ་ཙུཉྩུཿ། བ་ཁྱཱ་ཙུཉྩུཿ། ཙོདཱ་ཉྩུཿ། སཾ་སྐྲྀ་ཏ་ཙུཉྩུཿ། ཨ་ཁ་ར་ཙུཉྩུཿ། ཙན་ས་ནི། དཔེར་ན། སྐྲ་ཚུགས་མཁས་པ་ནི་ཀེ་ཤ་ཙ་ནཿ། ནྲྀ་ཏྱ་ཙ་ནཿ། གཱི་ཏ་ཙ་ན། ཤཔྟ་ཙ་ནཿ། ཀྲཱ་བྱ་ཙ་ནཿ། བྱཱ་ཁྱཱ་ན་ཙ་ན། སཾ་སྐྲྀ་ཏ་ཙ་ནཿ། ཙོ་དྱ་ཙནཿ་མ་ཁ་ར་ཙ་ན་རྣམས་ཏེ། དེའི་རིགས་ལ། ཙུཉྩུ་པ། ཙ་ཎས་དག་གོ་ཞེས་པས་ཙུཉྩུ་པ་དང་ཅ་ན་ས་དག་འགྱུར་བའོ། །ཨིཥྛན་ནི། དཔེར་ན། ཐམས་ཅད་ལས་ཕུལ་དུ་བྱུང་བར་མཁས་པ་ནི། པ་ཊིཥྛཿ། ཐམས་ཅད་ལས་ཕུལ་དུ་བྱུང་བར་ཡང་བ་ནི། ལགྷིཥྛཿ། གུ་ཎཱི་དཱིཥ་ན་སུ་ནི་ཥ་ནཽ་ཙེ་ཞེས་པས་ཨཥྛ་ནའོ། །ཨཥྛ་ཨ་མ་ཨི་ཡས་རྣམས་ལ་མཐའི་ཨ་ཙ་ལ་སོགས་པའི་འོ་ཞེས་པས་མཐའི་ཨ་ཙལ་སོགས་པ་དབྱིའོ། །ཐམས་ཅད་ལས་ཕུལ་དུ་བྱུང་བར་དགའ་བ་ནི། པྲེཥྛཿ། ཐམས་ཅད་ལས་ཕུལ་དུ་བྱུང་བར་བསྟན་པ་ནི། སྠེཥྛཿ། ཐམས་ཅད་ལས་ཕུལ་དུ་བྱུང་བར་རྒྱས་པ་ནི། སྤེཥྚཿ། ཐམས་ཅད་ལས་ཕུལ་དུ་བྱུང་བར་ཆེ་བ་ནི། པ་རིཥྛཿ། ཐམས་ཅད་ལས་ཕུལ་དུ་བྱུང་བའི་བླ་མ་ནི། ག་རིཥྛཿ། ཐམས་ཅད་ལས་ཕུལ་དུ་བྱུང་བར་མང་བ་ནི། བཾ་ཧིཥྛཿ། ཐམས་ཅད་ལས་ཕུལ་དུ་བྱུང་བར་ཚིམ་པ་ནི། ཏྲ་པིཥྛཿ། ཐམས་ཅད་ལས་ཕུལ་དུ་བྱུང་བར་རིང་བ་ནི། །དྲཱིགྷ་ཥྛཿ། ཐམས་ཅད་ལས་ཕུལ་དུ་བྱུང་བར་ཐུང་བ་ནི། ཧཪྵིཥྛཿ། ཐམས་ཅད་ལས་ཕུལ་དུ་བྱུང་བར་རྒན་པ་ནི། བརྡྷིཥྛཿ། ཐམས་ཅད་ལས་ཕུལ་དུ་བྱུང་བའི་ཚོགས་ནི། །བྲྀནྡཥྛཿ། པྲ་ཡཿ། སྠི་ར། སྦི་ར། ཨུ་རུ། གུ་རུ། བ་ཧུ། ཏྲི་པ། དཱིརྒྷ། ཧྲསྭ། པྲྀདྡྷ། བྲྀནྡཱ་ཀ་ར་རྣམས་ཀྱིས། པྲ། སྠ། སྥ། པ་ར་ག་ར། བཾ་ཧ། ཏྲ་པ། དྲཱརྒྷ། ཧྲསྭ། བརྡྷ། བྲྀནྡཱ་རྣམས་སོ་ཞེས་པས་འདི་རྣམས་སུ་རིམ་པ་བཞིན་བསྒྱུར་བར་བྱའོ། །དེ་བཞིན་དུ་ཐམས་ཅད་དུ་ཨ་ཙ་གཅིག་པའི་མ་ཡིན་ན་ཞེས་པས་མཐའི་ཨ་ཙ་ལ་སོགས་པ་དབྱི་བར་མི་འགྱུར་རོ། །ཐམས་ཅད་ལས་ཕུལ་དུ་བྱུང་བ་སྦོམ་པ་ནི། སྠ་བིཥྛཿ། ཐམས་
ཅད་ལས་ཕུལ་དུ་བྱུང་བར་རིང་བ་ནི། ད་བཥྛཿ། ཐམས་ཅད་ལས་ཕུལ་དུ་བྱུང་བར་མྱུར་བ་ནི། །ཀྵེ་པཥྛཿ། ཐམས་ཅད་ལས་ཕུལ་དུ་བྱུང་བའི་ཕྲ་བ་ནི། ཀྵོ་དིཥྛཿ། རྣམས་ཏེ། དཱུ་རེ། ཡུ་བ་ན། ཀྵི་པྲུ་ཀྵི་དྲ་རྣམས་ཀྱི་ཡན་ལ་སོགས་པ་སྟེ། ཨི་ཨུའི་ཨེང་ཡང་ངོ་ཞེས་པས་ཡ་ནཱ་དེ་རརྠ་ཡ་བ་སྱ་དབྱི་བར་འགྱུར་རོ། །ཨི་ཡིག་དང་ཨུ་ཡིག་དག་ཀྱང་ཨེད་དུ་འགྱུར་རོ། །ཨིཥྛ་དི་ཥུ་པ་ར་ཏཿ། ཐམས་ཅད་ལས་ཕུལ་དུ་བྱུང་བའི་མང་བ་ནི། བྷཱུ་ཡཥྛིཿ། བ་ཧུའི་བྷཱུ་ཡང་ངོ་ཞེས་པ་རྗེས་སུ་འཇུག་བཞིན་པ་ལ། ཨིཥྛ་ལ་ཡི་ཀ་འང་ངོ་ཞེས་པས་ཡིག་སྟེ། བ་ཧཱུའང་བྷུ་ཉིད་དུ་བསྒྱུར་རོ། །ཐམས་ཅད་ལས་ཕུལ་དུ་བྱུང་བའི་རྒན་པ་ནི། ཛྱཥྛཿསྟེ། པྲིདྡྷའི་ཛྱའི་ཞེས་པས་ཛྱ་རུ་བསྒྱུར་བ་ལ་ཕྱི་ནས་ཨིཥྛའོ། །ཐམས་ཅད་ལས་ཕུལ་དུ་བྱུང་བའི་བསྔགས་པ་ནི། ཤྲེཥྛཿསྟེ། པྲ་ཤསྱའི་ཤྲའོ་ཞེས་པས་ཤྲ་རུ་བསྒྱུར་བའོ། །ཐམས་ཅད་ལས་ཕུལ་དུ་བྱུང་བའི་ཡངས་པ་ནི། པྲ་ཐིཥྛཿ། ཐམས་ཅད་ལས་ཕུལ་དུ་བྱུང་བའི་འཇམ་པ་ནི། མྲ་དིཥྛཿ། ཐམས་ཅད་ལས་ཕུལ་དུ་བྱུང་བའི་ལེགས་པ་ནི། སཱ་དྷིཥྛཿ། དེ་བཞིན་དུ། པྲ་ཤིཥྛཿ། བྷཱཥིཥྛཿ་དཌྷིཥྛཿ། པ་རི་པྲ་དྷིཥྛ། རྣམས་ཏེ། པྲྀ་ཐུ། མྲྀ་དུ། ཀྲྀ་ཤ །བྷྲྀ་ཥ། དྲྀ་ཌྷ། པ་རི། བྲྀ་ཌྷ་རྣམས་ཀྱི་རིཏ་ཀྱི་རའོ་ཞེས་པས་པྲྀ་ཐུ་ལ་སོགས་པ་རྣམས་ཀྱི་རི་ཡིག་ནི། ཨཥྛ་ལ་སོགས་པ་རྣམས་ཕ་རོལ་ལ་རེ་ཕ་རུ་འགྱུར་བའོ། །ཨིཥྛ། ཨི་མ། ཨཱི་ཡས་རྣམས་ལ་ཞེས་པས་མཐའི་ཨ་ཙ་ལ་སོགས་པ་ལ་རྣམས་དབྱིའོ། །དེ་ལྟ་བུའི་མཐའི་ཅན་འདི་རྣམས་ཐམས་ཅད་ལས་ཕུལ་དུ་བྱུང་བ་བརྗོད་པའི་མཐའ་ཅན་ནོ། །ཨ་ཡ་མེ་ཡ་མ་ཏི་ས་ཡེ་ན་སཱ་པཱཥྛ་མ་དྷཱི་ཏེ། པཱཌྷ་ཨིནྟ་ཀ་དག་གོ་ཞེས་པས་བཱ་ཌྷ་དང་ཨིནྟ་ཀ་དག་ཀྱང་ཨཱི་ཡ་སུན་ཨིཥྛ་ན་དག་སྦྱོར་བ་ལ་སཱ་དྷ་ན་ལ་སོགས་པར་བསྒྱུར་བར་འགྱུར་རོ། །ཐམས་ཅད་ལས་ཕུལ་དུ་བྱུང་བའི་ལུས་ནི། ཏ་ཎིཥྛཿ། ཐམས་ཅད་ལས་ཕུལ་དུ་བྱུང་བའི་ཟས་ནི། ཨིནྣཥྛཿ། ཐམས་ཅད་ལས་ཕུལ་དུ་བྱུང་བའི་བརྟན་པ་ནི། དྲཌྷིཥྛཿ། དཀར་བ་ནི། ཤྭེ་ཏིཥྛཿ། སྔོ་བ་ནི། ཤྱཱ་མཥྛཿ། ལྗང་བ་ནི། ཧ་རི་ཏིཥྛཿ། པཉྫ་རིཥྛཿ། ཨཱི་ཡ་སན་ནི་དཔེར་ན། གཉིས་ལས་འདི་མཁས་པ་སྟེ། འདི་གཉིས་ཀྱི་ནང་ནས་ཕུལ་དུ་བྱུང་བའི་མཁས་པ་ནི། །པ་ཊཱི་ཡཱ་ན། སྦོམ་པའི་ནི། སྠི་བཱ་ཡཱན། ཐག་རིང་བའི་ནི། དྲ་བི་ཡཱ་ན། ན་ཚོད་ཀྱི་ནི། ཡ་བཱི་ཡཱ་ན། ཆུང་བའི་ནི། ཀ་ནཱི་
ཡཱན། ཡུ་བ་ཨལྤ་དག་གི་ཀ་ནྱ་ཡང་ངོ་ཞེས་པས་ན་ཀན་དུ་བསྒྱུར་བའོ། །ཐུང་བའི་ནི། ཧྲ་སྭཱ་ཡཱན། ཕྲ་བའི་ནི། ཀྵཽ་དྲི་ཡཱན། དགའ་བའི་ནི། །པྲེ་ཡཱན། བརྟན་པའི་ནི། སྠེ་ཡཱན། རྒྱས་པའི་ནི། །སྥེ་ཡཱན། ཆེ་བའི་ནི། བ་རཱི་ཡཱན། མང་བའི་ནི། བི་ཧཱི་ཡཱན། ལྕི་བའི་ནི། ག་རཱི་ཡཱན། རིང་བའི་ནི། དྲཱརྒྷཱི་ཡཱན། ཚོགས་པའི་ནི། བྲྀནྡཱི་ཡཱན། ཆེ་བ་ནི། མ་ཧཱི་ཡཱན། མང་བའི་ནི། བྷཱུ་ཡཱན་ཏེ། བ་ཧཱུའི་བྷཱུ་ཡང་ངོ་ཞེས་པས་བཧུ་ཉིད་བྷཱ་ར་བསྒྱུར་ཞིང༌། ཨཱི་ཡ་སན་གྱི་ཨཱི་ཡིག་དབྱི་བའོ། །སྲབ་པའི་ནི། ཏནཱི་ཡཱན། ལེགས་པའི་ནི། སཱདྷཱི་ཡཱན། ཡངས་པའི་ནི། པྲཱ་ཐཱི་ཡཱན། འཇམ་པའི་ནི། །མྲ་དཱི་ཡཱན། ཕྲ་བ་ནི། ཀྲཥཱི་ཡཱན། ནག་པའི་ནི། ཀྲྀཥྞཱ་ཡཱན། ངེས་པ་ནི། བྷྲ་ཤྲི་ཡཱན། བརྟན་པ་ནི། དྲཌྷཱི་ཡཱན། དཀར་བའི་ནི། ཤྭེ་ཏཱི་ཡཱན། སྟོབས་ཀྱི་ནི། བ་ལཱི་ཡཱན། རྒན་པའི་ནི། ཛྱ་ཡཱན་ཏེ། བྲྀདྡྷིའི་ཡང་ཛྱའོ་ཞེས་པས་ཛྱ་རུ་བསྒྱུར་བའོ། །ཛཱ་ཡཱ་ཡཱ་ནི་ཌ་ཞེས་པའི་ཚིག་ཕྲད་ལས། ཨ་ཡི་སན་གྱིས། ཨཱི་ཡིག་ནི་ཨ་ཉིད་དོ། །ཆུང་བའི་ནི། ཨཱིལྦཱི་ཡཱན། སྔོ་བའི་ནི། །ཤྱཱ་མཱི་ཡཱན། པཉྫི་རའི་ནི། པཉྫ་རཱི་ཡཱན། རྣམས་ཏེ། ཡོན་ཏན་ལ་སྭ་པ་ལ་ཨཱི་ཡ་སུན་ཡིཥྛ་ན་དག་གོ་ཞེས་པས་གཉིས་ལས་གཅིག་ཁྱད་པར་འཕགས་པར་བརྗོད་པ་ལ་ཨཱི་ཡ་ས་ནའོ།། །།ཏ་རས་ནི་དཔེར་ན། འདི་གཉིས་ལས་ཕུལ་དུ་བྱུང་བའི་གཞོན་ནུ་ནི། ཀུམཱ་ར་ཏ་རཿ། ཀུ་མཱ་ར་ཏ་རཾ། པ་ཊུ་ཏ་རཿ། པཊུ་ཏ་རཾ། མྲྀ་དུ་ཏ་རཿ། མྲྀ་དུ་ཏ་རཾ། ཀྲྀ་ཥ་ཏ་རཿ། ཀྲྀ་ཥ་ཏ་རཾ། ལ་གྷུ་ཏ་རཿ། ལགྷུ་ཏ་རཾ། རྣམས་ཏེ། གཉིས་དང་མང་པོ་རྣམས་ལས་ཕུལ་དུ་བྱུང་བ་ལ། ཏ་ར་བ་ཏ་མས་དག་གོ་ཞེས་པས་གཉིས་ཀྱི་ནང་ནས་གཅིག་ཕུལ་དུ་བྱུང་བ་ལ་ཏར་སའོ། །ཏ་མས་ནི་དཔེར་ན། འདི་རྣམས་ལས་ཕུལ་དུ་བྱུང་བའི་གཞོན་ནུ་ནི། །ཀུ་མཱ་ར་ཏ་མཿ། ཀུ་མཱ་ར་ཏ་མཱ། ཀུ་མ་ར་ཏ་མཾ། དེ་བཞིན་དུ་བྲྀདྡྷ་ཏ་མཿ། ཀྲྀ་ཥ་ཏ་མཿ། པ་ཊུ་ཏ་མཿ། ཞེས་པ་ལ་སོགས་པ་རྣམས་ཏེ། གཉིས་དང་མང་པོ་རྣམས་ལས་ཕུལ་དུ་བྱུང་བ་ལ་ཏ་རས་ཏ་མས་དག་གོ་ཞེས་པས་མང་པོའི་ནང་ནས་གཅིག་ཅིག་ཕུལ་དུ་བྱུང་བ་ལ་ཏ་མསའོ། །ཀིམེ་ཏིངྒདྦྱ་དཱ་མནྟྲ་པ་དཪྴྱ་ཏི། ཏིང་རྣམས་ཀྱི་མཐར་ཡང་ཏ་རས་དང་ཏ་མས་དག་འགྱུར་ཏེ། ཐམས་ཅད་ལས་ཕུལ་དུ་བྱུང་བར་འཚེད་པ་ནི། པ་ཙཏིཏ་མཱཾ། པ་ཋ་ཏི་ཏམཱཾ། ཀ་རོ་ཏི་ཏ་མཱཾ། དྷཱ་བ་ཏི་ཏ་མཱཾ། ཞེས་པ་དེ་
ལྟ་བུ་དྲང་བར་བྱའོ། །འདི་གཉིས་ལས་ཕུལ་དུ་བྱུང་བར་འཚེད་པ་ནི། པ་ཙ་ཏི་ཏ་རཱཾ་ཞེས་པ་ལ་སོགས་པ་བལྟ་བར་བྱའོ། །ཐམས་ཅད་ལས་ཕུལ་དུ་བྱུང་བར་འཇམ་པ་ནི། མྲྀ་དུ་ཏ་མཱ། པྲྀ་ཐུ་ཏམཱ། ཕུལ་དུ་བྱུང་བའི་གཟུགས་ནི། །ཨ་ཏི་རཱུ་པ་ཏམཱ། རྣམས་ཏེ། གཉིས་དང་དམར་པོ་རྣམས་ལས་ཕུལ་དུ་བྱུང་བ་ལ་ཏམས་དག་གོ་ཞེས་པས་ཏ་མསའོ། །ཀལྤས་ནི་དཔེར་ན། དབང་པོ་ཅུང་ཟད་མ་རྫོགས་པ་ནི། ཨིནྡྲ་ཀལྦཿ། ཅུང་ཟད་མ་རྫོགས་པའི་མཁས་པ་ནི། པཎྜ་ཏ་ཀལྤཿདེ་བཞིན་དུ། པི་ཏྲིཀལྤཿ། མཱ་ཏྲིཀལྤཿ། པ་ཊུ་ཀལྤཿ། དེ་བ་ཀལྤཿ། ཞེས་པ་དེ་ལྟ་བུ་དྲང་བར་བྱའོ། །དེ་ཤྱ་ནི་དཔེར་ན། ཅུང་ཟད་མ་རྫོགས་པའི་རི་ནི། པརྦ་ཏེ་དིཤྱོ་མེ་གྷཿ། ས་མུ་དྲ་དེ་ཤྱོ་མེ་གྷཿ། ས་མུ་དྲ་དེ་ཤྱཿ། ས་རཿ། གངྒཱ་དེ་ཤྱནྡཱི་རྒྷི་ཀཱ། དེ་ཤཱ་ཡར་ནི། དཔེར་ན། ཅུང་ཟད་མ་རྫོགས་པའི་རྒྱལ་པོ་ནི། རཱ་ཛྱ་དེ་ཤཱི་ཡོ་མནྟྲི། རཱ་ཛ་དེ་ཤཱི་ཡཱ་མ་ཧིཥཱ། རཱ་ཛ་དེ་ཤཱི་ཡངྐུ་ལཾ། ཅུང་ཟད་མ་རྫོགས་པ་ལ། ཀལྤ་དེ་ཤྱ། དེ་ཤཱི་ཡར་རྣམས་སོ་ཞེས་པ་འདིས་དེ་ལྟར་བསྒྲུབ་པར་བྱའོ། །ཛཱ་ཏཱི་ཡར་ནི། དཔེར་ན། མཁས་པ་ཉིད་ཀྱི་རྣམ་པ་ནི། པི་ཊུ་ཛཱ་ཏཱི་ཡཱཿ། པ་ཊུ་ཛཱ་ཏཱི་ཡཱ་དེ་བཞིན་དུ་མྲྀ་དུ་དང༌། ས་མཱན་གྱི་རྣམ་པ་ནི། ས་མཱན་ཛཱ་ཏཱི་ཡ། ས་མཱ་ན་ཛཱ་ཏཱི་ཡ། ས་མཱ་ནི་ཛཱ་ཏཱི་ཡཾ། དེ་བཞིན་དུ་ལྱ་ཛཱ་ཏཱི་ཡཿ། ཛཱ་ཏཱི་ཡ་རའོ་ཞེས་པས་ཛཱ་ཏྲཱེ་ཡ་རའོ། །རེ་ཕ་ནི། ཛ་མཐའ་ཉེ་ལས་སོ་ཞེས་པའི་མཚན་མའི་དོན་ཏོ། །མཱ་ཏྲཊ་ནི། དཔེར་ན། ཆུ་འདི་པུས་མོ་ནུབ་ཙམ་ཡིན་པ་ནི། ཛཱ་ན་མ་ཏྲ་ཛ་ལཾ། ཛཱ་ནུ་མ་ཏྲ་ཀཱུ་པཾ། ཛཱ་ནུ་མཱ་ཏྲཱི་ས་ར་སཱི། ཚད་མ་ཏྲཊའོ་ཞེས་པས་མཱ་ཏྲཊའོ། །དྭ་ཡས་ཊ་ནི་དཔེར་ན། བརླ་ནུབ་ཙམ་གྱི་ཆུ་ནི། ཨཱུརྡུ་དྭ་ཡ། སཾ་ཀཱུ་པཿ། ཨཱུ་རུ་དྭ་ཡི་སཱི་ན་དཱི། དགྷྣཊ་ནི་དཔེར་ན། བརླ་ནུབ་པ་ཙམ་གྱི་ཆུ་ནི། ཨཱུརྡུ་དརྒྷྣཿཛ་ལཾ། ཨཱུརྡུ་དགྷྣ་ན་དཱིཿ། ཨཱུ་རྡུ་དརྒྷྣ་ན་དཱིཿ། སྟེང་ལ། དགྷྣཊ་དྭ་ཡ་སཊ་ཡང་ངོ་ཞེས་པས་དགྷྣཊ་དང་དྭ་ཡས་ཊ་དག་འགྱུར་རོ། །ཏ་ཡཊ་ནི་དཔེར་ན། འདི་ལྔ་ཆ་ཡིན་པ་ནི། པཉྩ་ཏ་ཡཿ། ད་ཤ་ཏ་ཡཿ། འདི་བཞི་ཆ་ཡིན་པ་ནི། ཙ་ཏུཥྚ་ཡཿ། འདི་ཆ་གཅིག་ཡིན་པ་ནི། དྭ་ཏ་ཡཿ། ཏྲིཏ་ཡཿ། པཉྩ་ཏ་ཡཱི། ད་ཤ་ཏ་ཡཱི། ཙ་ཏུཥྚ་ཡཱི། པཉྩ་ཏ་ཡཾ། ད་ཤ་ཏ་ཡཾ། ཆ་ཤས་ལ་གྲངས་ལ་ཏ་ཡཊའོ་ཞེས་སོ། །ཋ་ཀ་ནི། དཔེར་ན། སྒོ་རུ་ངེས་པར་སྦྱོར་བ་ལ་དཽ་ཝཱ་རི་ཀཾ །དེ་ལ་ངེས་པར་སྦྱོར་བ་ལ་སོགས་པས་ཡཏ་ལས་སྔོན་དུ་ཋ་ཀའོ། །ཋའི་ཨི་ཀའོ་ཞེས་པས་ཨིཀའོ། །དྭཱ་ར་ལ་
སོགས་པ་རྣམས་ཀྱིས་ཡང་ངོ་ཞེས་པས་ཡང་ཡིག་ལས་སྔ་མའི་ཨེ་ཙའི། ཨཀྵེ་དཱི་པྱ་ཏི། ཨkཥི་ཀཿ། ཀུདྷཱ་ལེ་ན་ཁ་ན་ཏི། ཀཽ་དྷ་ལི་ཀཿ། ཨཀྵཻ་ཛ་གནྟི་ཞེས་པས་ཨཱཀྵི་ཀཿ། ཨཀྵི་ཀཱིཿ། ཨཱཀྵི་ཀཱི། ཨཱཀྵི་ཀཾ། །དེས་ཐུལ་ལོ་རྒྱལ་ལོ་རྩེས་སོ་ཞེས་པས་ཡཏ་ལས་སྔོན་ཋཀའོ། །དདྷྒཱ་སཾ་སྐྲྀ་ཏཾ་དཱ་དྷི་ཀཾ །དདྷི་ལས་ཋ་ཀའོ་ཞེས་པས་ཋཀའོ། །འོད་ཟེར་རྣམས་ཀྱིས་འདུས་བྱས་པ་ནི། མཱ་རཱི་ཙི་ཀཾ །ཤྲིངྒ་བེ་རས་འདུས་བྱས་པ་ནི། ཤྲིངྒཱ་བ་རི་ཀཾ །འདུས་བྱས་ལའོ་ཞེས་པས་ཋཀའོ། །ཀིཏ་ལའང་ཞེས་པས་ཨི་ཀའོ། །ཀིཏ་ལའང་ཞེས་པས་པ་ལ་སོགས་པས་ཨཱ་ཏ་ཨེ་ཙིའོ། །བ་ལང་གི་མཇུག་མས་སྒྲོལ་བ་ནི། གཽ་པུཙྪ་ཀཿ། སྒྲོལ་བར་བྱེད་དོ། །ཞེས་པས་ཋཀའོ། །ཋཉ་ནི། དཔེར་ན། པྲཱསྠ་ཀཾཿ། པྲཱསྠི་ཀཾ། །དེས་ཉོས་པའི་རིན་ལས་སོ། །ཞེས་པས་བ་ཏི་ལས་སྔོན་དུ་ཋཉའོ། །ལཱ་སེ་ན་ནི་བྲྀཏྟཿ། མཱ་སི་ཀཾ། ཨ་ནེ་ན་ནི། བྲྀཏྟ་ཞེས་པས་ཋཉའོ། །མཱ་སཱ་སིབྷཱུ་ཏཉདྷཱིཥྛ་པཱ། མཱ་སི་ཀཿ། སམྦཏྶ་རི་ཀཿ། ཏསྨཻ་བྷཱུ་ཏོ་དྷི་ཥུ་ཞེས་པས་ཋཉའོ། །ཐུན་མོང་དུ་འཇུག་པ་ལ་སོགས་པ་རྣམས་སོ།། །།གྲངས་མེད་པའི་རང་བཞིན་ལས་ཨཎ་ལ་སོགས་པ་གང་ཞེ་ན། ཏས། ཏྲལ། དྷུནཱ། དཱནཱིཾ། དཱ། རྷིལ། ཧ། ཨཏ། ཐལ། ཐ་མུཿ། ཨསྠཱ་ཏི། དྱས། ཨུཏ། ཨཱ་རི། ས་མ་སན། ཨེ་དྱ་བི། ཨེ་དྱུསཿ། ཏས། རིལ། རིཥྛཱ་ཏིལ། ཨེ་ན་པ། ཨཱ་ཙ། ཨ་ཧི། དྷཱ། དྷྱ་མུཉ། ཨེ་དྷ། ཨཱ་མ་ཞེས་པ་རྣམས་སོ། །དེ་ལ་ཏས་ནི་དཔེར་ན། ཡསྨཱ་ཏ། ཡཏཿ། དེའི་ཕྱིར་ལ། ཏ་ཏཿ། ཅི་ཕྱིར་ལ་ཀུཏཿ། འདིའི་ཕྱིར་ལ་ཨ་ཏཿ། གཞན་གྱི་ཕྱིར་ལ་པ་ར་ཏཿ། འདི་ལས་ལ། ཨིཏཿ། རྣམས་སོ། །རྟེན་ཐ་དད་པ་ལ་དྲུག་ལ་ཏ་སའོ་ཞེས་པ་རྗེས་སུ་འཇུག་བཞིན་པ་སརྦ་ལ་སོགས་པ་རྣམས་ལས་སོ་ཞེས་པས་ཏ་སའོ། །ཏྱ་དཱནྟ་སཱ་དི་སུ་ཙཱ་དེར་ཞེས་པས་ཨ་ཉིད་དོ། །ཀུ་ཏས། ཨ་ཏས། ཨི་ཏསའོ་ཞེས་པས་ནི་པཱནྟ་ཤཱཏ། ཀིམ་ནི་ཀུ་རུ་བསྒྱུར་རོ། །ཨེཏ་དོ་སྲཱ་དེ་ཤཿ། ཨི་དམ་ཤྩཻ་མཱ་དེ་ཤཿས་ཡིག་ནི་ཤི་ཏ་དང་ཨལ་གཅིག་མ་ཡིན་པ་ཐམས་ཅད་ཀྱིའོ། །ཞེས་པས་ཐམས་ཅད་བསྒྱུར་བའི་དོན་ཏོ། །ཏ་སཱ་དེ་བཱནྟཾ། རང་བཞིན་གྱིས་གྲངས་མེད་པ་ཉིད་ཀྱི་ཕྱིར། གྲངས་མེད་པ་ལ་སུ་འཇིག་གོ་ཞེས་པས་སུཔ་འཇིག་གོ །ཨཱ་དཱི་ལ། ཨ་དཱི་ཏི། ཨཱ་དཱི་ལ་སོགས་པ་རྣམས་ལས་སོ་ཞེས་པས་
བདུན་པའི་མཐའ་ལས་ཏསའོ། །དེ་བཞིན་དུ་ཨགྲེ། ཨགྲཏཿ། པྲྀཥྛི་ཏཿ། པྲ་ཐ་མ་ཏཿ། །མུཁྱ་ཏཿ། རྣམས་སོ། །ཏྲལ་ནི། དཔེར་ན། ཡསྨིན། ཡཏྲཿ། ཏསྨིན། ཏ་ཏྲ། ཨསྨིན། ཨཏ། ཨམུཥྨི་ན། ཨུ་མུ་ཏྲཿ། ཀསྨིན། ཀུ་ཏྲ། དེ་ལྟ་བུ་དྲང་བར་བྱ་སྟེ། བདུན་པ་ལས་ཏྲལ་འོ་ཞེས་པས་བདུན་པའི་མཐའ་ལས་ཏྲལ་འོ། །ཨ་ད་སོནྟེ་དཱ་དུ་བོ་ཨི་ཏི་ཨ་ཀཱ་ར། ཀཱ་ར་སྱ་ར། མཏྭཾ། ཨ་མ་ཏྲེ་ཏི། དྷུནཱ་ནི། དཔེར་ན། འདིའི་དུས་སུ་ནི། ཨིདྷུནཱ། ཨི་དཾ་ལས་དྷུ་ནཱའི་སྒྲུབ་པ་སྟེ། ཨ་རུ་བསྒྱུར་བ་ཡང་ངོ༌། །དཱ་ནཱི་ནི། དཔེར་ན། འདིའི་དུས་ནི། ཨི་དཱ་ནཱི། ཡི་དམ་ལ་དཱ་ནཱི་མ་སྒྲུབ་ཅིང་ཨི་རུ་བསྒྱུར་བ་ཡང་ངོ༌། །དེའི་དུས་ནི། ཏ་དཱ་ནི་མ། ཏ་ཏ་ཀྱི་སྒྲ་ལས་དཱ་ནི་མ་སྒྲུབ་པར་བྱེད་དོ། །ས་དཱ་པུ་ནཿ། ཨི་དཱི་ནཱཾ། ཏ་དཱ་ནཱི་མ་ཞེས་པ་འདི་ཡིས་སོ། །དཱ་ནི་དཔེར་ན། ཐམས་ཅད་ཀྱི་ཚེ་ནི། སརྦ་དཱ། སདཱ། གཅིག་གི་ཚེ་ནི། ཨེ་ཀ་དཱ། གཞན་གྱི་ཚེ་ནི། ཨནྱ་དཱ། ཅིའི་དུས་ནི། ཀཱ་དཱ། གང་གི་དུས་ནི། ཡཱ་དཱ་དེའི་དུས་ནི། ཏ་དཱ་རྣམས་ཏེ། སརྦ་ཨེཀ །ཡ་ཏ། ཏ་ཏ་ལས་དུས་ལ་དཱའོ་ཞེས་པས་དཱའི་སྒྲུབ་པའོ། །ས་དཱ། ཨདྷུནཱ། ཨིདཱ་ནཱིཾ། ཏ་དཱ་ནཱིཾ། ཞེས་པ་འདི་ཡིས་སརྦའི་ས་ནི་ཕྱོགས་འདི་ལས་རུ་བསྒྱུར་བའོ། །རྷིལ་ནི་དཔེར་ན། དེའི་དུས་ནི། ཏརྷི་གཅིག་གི་དུས་ནི། ཨེ་ཏརྷིའོ། །ཏརྷི། ཨེ་ཏརྷི། སདྱཿ། པ་རེ་དྱ་བིའོ་ཞེས་པས་རྷིལའི་སྒྲུབ་པའོ། །ཧ་ནི་དཔེར་ན། འདིའི་དུས་སུ་ནི། །ཨི་ཧ། དེ་འདི་ལ་ཡོད་པ་ཞེས་པའི་ཚིག་ཕྲད་ལས། ཨི་དཾ་ལས་ཧ་སྒྲུབ་ཅིང༌། ཨི་རུ་བསྒྱུར་བ་ཡང་ངོ༌། །ཅི་འདིར་ཞེས་པ་ལ། ཀུཧ། སྡེབ་སྦྱོར་ཉིད་ཀྱི་ཕྱིར་ཀིཾ་ལ་ཧའི་ཆོ་ག་དང༌། ཀུ་རུ་བསྒྱུར་བ་ཡང་ངོ༌། །ཨ་ཏ་ནི། དཔེར་ན། ཅི་ལ་ཞེས་པ་ལས། ཀྭཱ་ཏའོ། །ཀྭ། ཀུ་ཏྲ། ཨིཧ། ཨཏའོ། ཞེས་པའི་ཚིག་ཕྲད་ལས། ཀིམ་ལས་ཕ་རོལ་དུ་ཨཏ་ཀྱི་ཆོ་ག་དང༌། ཀུ་རུ་བསྒྱུར་བ་ཡང་ངོ༌། །ཐལ་ནི། དཔེར་ན། གང་གི་རྣམ་པ་ཡིན་པ་ནི། ཡ་ཐཱ་ཐམས་ཅད་ཀྱི་རྣམ་པ་ཡིན་པ་ནི། སརྦྦ་ཐཱ། རྣམ་པ་ལ་ཐལའོ། ཞེས་པས་ཐལ་གྱི་བསྒྲུབ་པའོ། །ཐ་མུ་ནི། དཔེར་ན། རྣམ་པ་འདི་འདྲ་བ་ནི། ཨིཏྠཾའོ། །མཚན་ཉིད་དང་འདོད་པ་ལ་ཨིཏྠཾ་འགྱུར་རོ་ཞེས་པས་ཨི་དམ་ལས་ཐ་མུ་བསྒྲུབ་ཅིང༌། ཨིཏ་དུ་བསྒྱུར་བ་ཡང་ངོ༌། །ཅིའི་རྣམ་པ་ཡིན་པ་ནི། ཀཱ་ཐཱ། ཐཱལ་གྱི་སྒྲུབ་པ་སྟེ། ཀིམ་ནི་ཀའོ་ཞེས་པས་ཀུ་རུ་བསྒྱུར་རོ། །
ཅི་ལྟ་བུས་རྣམ་པ་ཞེས་པ་ནི། ཀ་ཐཾ་མི་ལི་ཌོཿ། ཞེས་པའི་ཚིག་ཕྲད་ལས་ཐ་མུའོ། །ཨསྟཱ་ཏི་ནི། དཔེར་ན། ཤར་ཕྱོགས་སུ་གནས་པར་བྱེད་པ་ནི། པུ་རསྟདྦ་ས་ཏི། ཤར་ཕྱོགས་ནས་འོངས་པ་ནི། པུ་རསྟཱ་དཱ་ག་ཏཿ། ཤར་ཕྱོགས་ནས་དགའ་བར་བྱ་བ་ནི། བུ་ར་སྟཱད་ར་མ་ཎཱི་ཡཱ་རྣམས་ཏེ། ཕྱོགས་ཡུལ་དུས་ཀྱི་དོན་ལ་བདུན་པ་ལྔ་པ་དང་ངོ་རྣམས་ལས། ཨསྟཱ་ཏི་ཞེས་པས། ཨསྟཱ་ཏིའི་ཆོ་ག་སྟེ། པཱུརྦ་ཨ་དྷ་ར་དག་གི་ཡང་པུ་ར་ཨ་དྷ་དག་ཀྱང་ངོ་ཞེས་པས་པཱུ་སྒྲ་ནི་པུ་ར་རུ་བསྒྱུར་རོ། །དྱས་ནི་དཔེར་ན། ས་མཱ་ནེ་ཧ་ནི་སདྱཿ། ས་དྱ་ས་རེ་བ་དྱ་བའོ་ཞེས་པའི་ཚིག་ཕྲད་ལས། ས་མཱ་ནའི་ས་རུ་བསྒྱུར་ཏེ། དྱའི་སྒྲུབ་པའོ། །ཨུཏ་ནི་དཔེར་ན། ལོ་ལྔ་མ་ལ་པ་རུ་ཏཿའོ། །ཨ་རི་ནི་དཔེར་ན། པཱུརྦྦ་ཏ་རའི་སྒྲ་ངག་ལ་རིམ་པ་བཞིན་དུ་ཨུཏ་དང་ཨ་རི་དག་བསྒྲུབ་པར་འགྱུར་ཞིང༌། པ་ར་རུ་བསྒྱུར་བ་ཡང་སྟེ། ལོ་མངོན་པར་བརྗོད་པ་ལའོ། །པ་རུ་ཏ། པ་རཱ་རི། བི་རཱནྣ་ཞེས་པའི་ཚིག་ལས་སོ། །ས་མ་སན་ནི། དཔེར་ན། ལོ་འདི་ལ་ཞེས་པ་ལ། ཨཻཥ་མ། ཨི་དཾཿ། ས་མ་ས་ནའི་བསྒྲུབ་པ་ལོ་མངོན་པར་བརྗོད་པ་ལའོ། །ཨི་དཾ་ཨི་རུ་བསྒྱུར་བའོ། །ཨཻཥ་མོ་ཧ་སྭོ་སོ་བེ་ཏི་ན་པཱི་ཏ་ནཱཏ། ཀིཏ་ལའང་ཞེས་པས་ཨཏ་ཨེ་ཙའོ། །ཀུའི་ཡང་ངོ་ཞེས་པ་ལ་སོགས་པའི་མདོས་ཥ་ཉིད་དོ། །ཨེདྱ་བི་ནི། དཔེར་ན། པ་རསྨིནྣ་ཧ་ནི། པ་རེ་དྱ་བ། ཏརྷི། སདྱ། པ་རེ་དྱ་བིའོ་ཞེས་པའི་ཕྲད་ལས། ཨ་རིའི་སྒྲ་ལས་ཨེ་དྱ་བའི་ཆོ་གའོ། །དྱ་ནི། དཔེར་ན། ཨ་སྨིན་ནི་ཧ་ནི། ཨདྱཿ། ཡི་དམ་ནི་ཨ་རུ་བསྒྱུར་ཞིང༌། དྱའི་སྒྲུབ་པའོ། །ཉི་མ་མངོན་པར་བརྗོད་པ་སྟེ། ཤྲདད་དྱ་ས་ནེ་ནཱ་དྱ་བྱུགྟཉྩ་ཞེས་ཚིག་ཕྲད་ལས་སོ། །ཨེ་དྱུས་ནི། དཔེར་ན། ཉི་མ་སྔ་མ་ལ། པཱུརྦྦེ་དྱུཿ། ཉི་མ་གཞན་ལ། ཨ་ནྱེ་དྱུཿ། ཆེས་གཞན་པའི་ཉི་མ་ལ། ཨ་ནྱེ་ཏ་རེ་དྱུཿ། ཅིག་ཤོས་ཉི་མ་ནི། ཨི་ཏ་རེ་དྱུཿ། ཉི་མ་གཞན་ནི། ཨ་པ་རེ་དྱུཿ། ཉི་མ་འོག་མ་ནི། ཨ་དྷ་རེ་དྱུཿ། ཉི་མ་ཕྱི་མ་ནི། ཨུཏྟ་རེ་དྱུཿ། རྣམས་ཏེ། པཱུརྦྦ་ཨ་ནྱ། ཨ་ཉ་ཏ་ར། ཨི་ཏ་ར། ཨ་པ་ར། ཨདྷ་ར། ཨུཏྟ་ར་ལ་དྱུ་སའོ་ཞེས་པས་དེ་རྣམས་ལ་ཨེ་ཡུས་ཀྱི་ཆོ་གའོ། །ཉི་མ་མངོན་པར་བརྗོད་པ་ལ་གཉི་གའི་ཉི་མ་ལ། ཨུ་བྷ་ཡ་དྱུཿ། ཨུབྷ་ཡེ་དྱུཿ། ཨུ་བྱ་ཡ་ལས་དྱུས་ཀྱང་ངོ་ཞེས་པས་ཨེདྻུས་ཀྱང་སྒྲུབ་པའོ། །ཏས་ནི་དཔེར་ན། ལྷོ་ཕྱོགས་སུ་གནས་པ་ནི། ཨུཏྟ་ར་ཏོ་བས་ནི། བྱང་ཕྱོགས་
སུ་གནས་པ་ནི། ཨུཏྟ་ར་ཏོ་བས་ཏི། ལྷོ་ཕྱོགས་ན་གནས་པ་ནི། ཨུཏྟ་ར་ཏོ་བས་ཏི། ལྷོ་ཕྱོགས་ནས་འོངས་པ་ནི། དཀྵི་ཎ་ཏ་ཨཱ་ག་ཏཿ། བྱང་ཕྱོགས་ནས་འོངས་པ་ནི། ཨུཏྟ་ར་ཏ་ཨཱ་ག་ཏ། ལྷོ་ཕྱོགས་སུ་དགའ་བར་བྱ་བ་ནི། དཀྵི་ཏོ་ར་མ་ཎཱི་ཡཱ། བྱང་ཕྱོགས་སུ་དགའ་བར་བྱ་བ་ནི། ཨུཏྟ་ར་ཏོ་ར་མ་ཎཱི་ཡཱ། དཀྵ་དང་དཀྵི་ཎ་དང་ཨུཏྟ་ར་ལས་ཀྱང་ངོ་ཞེས་པས་ཏསའོ། །སརྦ་ལ་སོགས་པ་རྣམས་ཀྱི་འཇུག་པ་ཙམ་མོ་ཞེས་པས་སྐྱེས་པ་བཞིན་གྱི་དངོས་པོའོ། །ཨཱ་ཏ་ནི་དཔེར་ན། བྱང་ཕྱོགས་སུ་གནས་པར་བྱེད་པ་ནི། ཨུཏྟ་རཱ་བཱ་ས་ཏི། ལྷོ་ཕྱོགས་སུ་གནས་པར་བྱེད་པ་ནི། དཀྵི་ཎཱདྦ་ས་ཏིཿ། བྱང་ཕྱོགས་ནས་འོངས་པ་ནི། ཨུཏྟ་རཱ་དཱ་ག་ཏཿ། ལྷོ་ཕྱོགས་ནས་འོངས་པ་ནི། དཀྵ་དཱ་ག་ཏཿ། འོག་གི་ཕྱོགས་སུ་གནས་པ་ནི། ཨདྷ་རདྦ་ས་ཏི། འོག་གི་ཕྱོགས་ནས་འོངས་པ་ནི། ཨདྷ་རཱ་དཱ་ག་ཏཿ། རྣམས་ཏེ། ཨ་དྷ་ར་ལས་ཀྱང་ཨཱཏའོ་ཞེས་པས་ཨཱཏའོ། །རི་ལ་ནི། དཔེར་ན། སྟེང་དུ་གནས་པ་ནི། ཨུ་པ་རི་བས་ཏིའོ། །རིཥྛ་ཏིལ་ནི་དཔེར་ན། སྟེང་དུ་གནས་པ་ནི། ཨུ་པ་རིཥྛ་བ་ས་ཏི། ཨུ་པ་རི། ཨུ་པ་རིཥྛ་ཏའོ་ཞེས་པས་རིལ་པ་དང་རིཥྛཱ་ཏིལ་དག་ཚིག་ཕྲད་དུ་འགྱུར་ཞིང༌། ཨུརྡྷའི་སྒྲ་ནི་ཨུ་པ་ར་བསྒྱུར་རོ། །ཨེ་ན་པ་ནི། དཔེར་ན། ཤར་ཕྱོགས་སུ་དགའ་བར་བྱ་བ་ལ། པཱུརྦྦ་ཎ་ར་མ་ཎཱི་ཡཱཿ། ཞེས་པ་སྟེ། མི་རིང་བ་ལ་ཨེན་པའོ་ཞེས་པས་ཨེན་པའོ། །ཨཱ་ཙ་ནི་དཔེར་ན། ལྷོ་ཕྱོགས་སུ་དགའ་བར་བྱ་བ་ལ། དཀྵི་ཎཱ་ར་མ་ཎཱི་ཡ། དཀྵི་ཎ་ཨུཏྟ་ར་ལས་ཨཱ་ཙ་ཡང་ངོ་ཞེས་པས་ཨཱ་ཙའོ། །ཨཱ་ཧི་ནི། དཔེར་ན། ལྷོ་ཕྱོགས་ཀྱི་གྲོང་ལས་རིང་བར་གནས་པ་ནི། དཀྵི་ཎཱ་ཧི་བ་ས་ཏི། ཞེས་པ་སྟེ་རིང་པོ་ལ་ཨཱ་ཧི་ཡང་ངོ་ཞེས་པས་ཨཱ་ཧིའོ། །དྷཱ་ནི་དཔེར་ན། རྣམ་པ་དུ་མ་ཞེས་པ་ལ། ཀཏི་དྷཱཿརྣམ་པ་མང་པོ་ནི། བ་ཧུ་དྷཱ། རྣམ་པ་གཅིག་ནི། ཨེཀ་དྷཱ། རྣམ་པ་གཉིས་ནི། དྲིདྷཱི། རྣམ་པ་གསུམ་ནི། ཏྲིདྷཱ། རྣམ་པ་བཞི་ནི། ཙ་ཏུརྡྷཱ། དེ་བཞིན་དུ། པཙྙ་དྷཱ། ཥོཌྷཱ། སཔྟཧཱ། ཨཥྚ་དྷཱ། ན་བ་དྷཱ། ད་ཤ་དྷཱ། གྲངས་ལས་དྷཱའོ་ཞེས་པས་གྲངས་ལས་རྣམྤ་བརྗོད་པ་མཐའ་དག་ལ་དྷའི་སྒྲུབ་པ་རིགས་པར་བྱའོ། །དྷྱ་མུཉ་ནི་དཔེར་ནི། ཨེཀ་དྷཾ་ཀུ་རུ། ཨེ་ཀ་དྷྱའོ་ཞེས་པའི་ཚིག་ཕྲད་ལས་དྷྱ་མུཉ་ཡང་ནའོ་ཞེས་པས་དྷྱ་མུཉ་ནི་དཔེར་ན། རྣམ་པ་གཉིས་སུ་བྱེད་པ་དག་ནི། དྭེ་དྷཾ། དྭི་ཏི་
ལས་དྷ་མུཉའོ་ཞེས་པས་ཡང་ན་དྷ་མུཉའོ། ཨེདྷ་ནི། དཔེར་ན། རྣམ་པ་གཉིས་ནི། །དྭེདྷ། ཏེདྷཱ། ཨེ་དྷཱོ་ཞེས་པ་ཨེདྷཱའོ། །ཨཱ་མ་ནི། དཔེར་ན། ཕུལ་དུ་བྱུང་བར་རིང་བ་ནི། ཙིར་ཏ་རཾ། ས་བྱ་ཏ་རཱཾ་སུཥྚུ་ཏ་རཾ་རྣམས་ཏེ། རྫས་མ་ཡིན་པ་ལ་ཀི་མ་དང་ཨེ་དང་ཏིང་དང་གྲངས་མེད་པ་ལས་ཤེས་པས་ཕུལ་དུ་བྱུང་བའི་ཏ་ར་པ་ལ་ཨཱམ་གྱི་མཐའ་ཅན་ནོ།། །།དངོས་པོ་དང་བྱེད་པ་པོའི་ཨཎ་ལ་སོགས་པ་གང་ཞེ་ན། དེ་ནི། ཏྭ་ཏལ། ཨི་མ་ཎི་ཙ། ཥྱཉ། ཡ་ཏ། ཡ་ཌྷ་ཀ །ཡཀ །ཨཉ། ཨཎ། བུ་ཎ་རྣམས་སོ། །དེ་ལ་ཏྭ་ནི་རེ་ཞིག་མཁས་པའི་དངོས་ནི། པཊུ་ཏྭཾ། དེ་བཞིན་དུ་གོ་ཏྭཾ། ཨ་ཤྭ་ཏྭཾ། མྲྀ་དུ་ཏྭཾ། བྲྀཀྵ་ཏྭཾ། ཞེས་པ་དེ་ལྟ་བུ་རྣམས་དྲང་བར་བྱའོ། །ཏལ་ནི་དཔེར་ན། མཁས་པའི་ངོ་བོ་ནི། པ་ཊུ་ཏཱ། དེ་བཞིན་དུ་མྲྀ་དུ་ཏཱ། ཨ་ཤྭ་ཏཱ། དེ་དག་ནི། དངོས་པོ་ལ་ཏྭ། ཏལ་དག་གོ་ཞེས་པས་ཏྭ་དང་ཏལ་དང་འགྱུར་བའོ། །ཨི་མ་ཎི་ཙ་ནི་དཔེར་ན། ཡངས་པའི་ངོ་བོ་ཉིད་ནི། པྲྀ་ཐིམཱ། མྲདི་མཱ། སཱ་དྷི་མཱ། ཨ་ཎཱ་མཱ། ཨ་ཧི་མཱ་རྣམས་ཏེ། པྲྀ་ཐུ་ལ་སོགས་པ་རྣམས་ལས་ཨི་མ་ཎི་ཙིའོ་ཞེས་པས་ཨི་མ་ཎི་ཙིའོ། །ཎ་ཡིག་ནི་བརྗོད་པའི་དོན་ཏོ། །ཨིཥྙི་མེ་ཡིཿ་སུ་མཐའི་ཨ་ཙ་ལ་སོགས་པ་ཞེས་པས་མཐའི་ཨ་ཙ་ལ་སོགས་པར་དབྱིའོ། །སམྦུ་དྡྷ་མ་ཡིན་པའི་སུ་ལའོ་ཞེས་པས་རིང་སོ་ཉིད་དོ། །ར་རྀ་ཏ། པྲྀ་ཐུ། མྲི་དུ། ཀྲྀཥ། དྲྀ་ཌྷ་པ་རི་པྲྀ་ཌྷ་རྣམས་ཀྱིའོ་ཞེས་པས་སོགས་རྣམས་ཀྱི་རི་ཡིག་ནི་རེ་ཕ་རུབ་བསྒྱུར་བར་བྱའོ། །སྦོམ་པའི་ངོ་བོ་ནི། སྤོམ་པོའི་ངོ་བོ་ནི། སྠ་བི་མཱ། ཆེ་བའི་ངོ་བོ་ནི། པྲེ་མཱ། བརྟན་པའི་གོ་བོ་ནི། སྠེ་མཱ། འཐུང་བའི་ངོ་བོ་ནི། ཧི་སི་མཱ། མྱུར་བའི་ངོ་བོ་ནི། ཀྵེ་པི་མཱ། མང་བའི་ངོ་བོ་ནི། བཾ་ཧི་མཱ། རིང་བའི་ངོ་བོ་ནི། བྷཱུཾ་མཱ། དཀར་བའི་ངོ་བོ་ནི། ཤྭ་ཏི་མཱ། བརྟན་པའི་ངོ་བོ་ནི། དྲ་ཌྷི་མཱ། ཀྲ་ཥི་མཱ། པྲི་ཐུ་ལ་སོགས་པ་ཉིད་ཀྱི་ཕྱིར་ཨི་མ་ཎི་ཙའོ། །པྲྀ་ཡ་ལ་སོས་པ་རྣམས་ཀྱི་པྲ་ལ་སོགས་པ་རྣམས་སུ་བསྒྱུར་བར་འགྱུར་ཏེ། པྲ་ཡིསྛ་ར་ལ་སོགས་པའི་མདོ་ཉིད་ཀྱིས་སོ། །བ་ཧུའི་བྷུ་དང་བྷུ་བའོ་ཞེས་པས་བ་ཧུ་ནི་བྷུ་རུ་བསྒྱུར་རོ། །ཨཥྛཱ་ལ་སོགས་པ་རྣམས་ཀྱི་ཨི་ཡིག་དབྱིའོ། །ཥྱ་ཉེན་དཔེར་ན། བསིལ་བའི་ངོ་བོ་ནི། །ཤཻ་ཏྱཾ། དྲོ་བའི་ངོ་བོ་ནི། །ཨཽཥྞྱཾ། སེར་བའི་ངོ་བོ་ནི། །པཻ་ཏྱཾ། ནག་པའི་ངོ་བོ་ནི། ཤཪྵྞྱཾ། དེ་བཞིན་དུ་ཤཽ་ཀླུཾ། ལཽ་ཧི་ཏྱཾ། ཀཱཪྵྱ། སཽ་བྷཱ་གྱཾ། སཽ་བྷཱ་གྱི། སཽ་ཧཱ་ཌྷྱཾ་
རྣམས་ཏེ་ཁ་དོག་དང་དྲྀ་ཌྷ་ལ་སོགས་པ་རྣམས་ལས་ཥྱཉའོ་ཞེས་པས་ཥྱཉའོ། །ཀིཏ་ལའང་ཞེས་པ་ལ་སོགས་པས་ཨཱཏ་ཨཻཙའོ། །ཚིག་གཉི་གའི་ཨཱཏ་ཨཻཙ་སྟེ། ཧྲིརྦ་ག་སིནྡྷུ་ལས་སྔོན་མའི་ཡང་ངོ་ཞེས་པ་འདི་ཡིས་སོ། །ཡ་ཏ་ནི་དཔེར་ན། ཆོམ་རྐུན་གྱི་ངོ་བོ་མི་སྟེ་ཡཾའོ་ཞེས་པའི་ཚིག་ཕྲད་ལས་སོ། །ཡ་ནི་དཔེར་ན། གྲོགས་པོའི་ངོ་བོ་ནི། །ས་ཁྱ་དེ་བཞིན་དུ། དྱུ་ཏྱཾ། བ་ཎི་ཛྱ་རྣམས་ཏེ། ས་ཁི་དྱུ་ཏ་པ་ཎི་ཛ་རྣམས་ལས་ཡའོ་ཞེས་པས་ཡའོ། །ཌྷ་ཀ་ནི་དཔེར་ན། སྤྲེའུའི་ངོ་བོ་ནི། །ཀ་བེ་ཡཾ་མཛའ་བཤེས་ཀྱི་ངོ་བོ་ནི། །ཛྙཱ་ཏི་ཡཾ་ཀ་པིཛྙཱ་ཏི་ལས་ཌྷ་ཀའོ། །ཨཱི་འོ་ཞེས་པས་དབྱིའོ། །ཀིཏ་ལའང་བུ་རྒྱུད་ལ་སོགས་པ་རྣམས་ལ་ཨ་ཙ་རྣམས་ཀྱི་དང་པོའིའོ། །ཞེས་པས་ཨཱཏ་ཨཻཙའོ། །ཨཱ་ཡན་ལ་སོགས་པའི་མདོས་ཌྷའི་ཨེ་ཡའོ། །ཡཀ་ནི་དཔེར་ན། ལྷའི་བླ་མའི་ངོ་བོ་ནི། པྲྀ་ཧསྤ་ཏྱཾ། དེ་བཞིན་དུ་སཽ་ར་པ་ཏྱཾ། པཽ་རོ་ཧི་ཏྱ། བྲཱཧྨ་ཎ་ལ་སོགས་པ་ཉིད་ཀྱི་ཕྱིར་ཥྱཉ་ཉིད་གྲུབ་པ་ལའོ། །ཨཉན། དཔེར་ན་རྟའི་ངོ་བོ་ནི། །ཨཱ་ཤྭཿ། ཨཽཥྚཿ། དག་སྟེ། སྲོག་ཆགས་ཀྱི་རིགས་ཀྱི་ན་ཚོད་ནི། །ཨུད་གཱ་ཏི་ལ་སོགས་པ་རྣམས་ལས་ཨཉའོ། །ཞེས་སོ། །ཨཎ་ནི་དཔེར་ན། ལོ་གཉིས་ཀྱི་ངོ་བོ་ནི། །དྲཻ་ཧཱ་ཡ་ནཾ། ལོ་བཞིའི་ངོ་བོ་ནི། ཡོ་བ་ནཾ། གནས་བརྟན་གྱི་ངོ་བོ་ནི། སྠཱི་བ་རཾ། རྣམས་ཏེ། ཧ་ཡ་ནའི་མཐའ་དང་ཡུ་བ་ན་ལ་སོགས་པ་རྣམས་ལས་ཨ་ཎཱོ་ཞེས་པས་ཨཎའོ། །ཡངས་པའི་ངོ་བོ་ནི། བརྠབཾ། འཇམ་པའི་ངོ་བོ་ནི། །གཽ་ར་བཾ། མཱརད་བཾ། ལྕི་བའི་ངོ་བོ་ནི། །གཽ་ར་བཾ། གཙང་མའི་ངོ་བོ་ནི། སཽ་ཙམ་སྟེ་ཀ་བི་མ་ཡིན་པ་ལས་ཡང་པ་ལས་ཨིཀ་ལས་སོ་ཞེས་པས་ཨཎའོ། །ཀ་བིའི་སྒྲ་ལས་ནི་མི་འགྱུར་ཏེ། གྷཉ་འགྱུར་རོ། །སྙན་ངག་གི་ངོ་བོ་ནི། །ཀཱབྱཾ་སྟེ། བྲཧྨ་ཎ་ལ་སོགས་པར་བསྟན་པའི་ཕྱིར་རོ། །བུཉ་ནི་དཔེར་ན། དགའ་བར་བྱ་བའི་ངོ་བོ་ནི། །རཱ་མ་ཎཱི་ཡ་ཀཾ །གྲོགས་བྱས་པའི་ངོ་བོ་ནི། །སཱ་ཧཱ་ཡ་ཀཾ །གནས་པར་བྱ་བའི་ངོ་བོ་ནི། །བཱ་ས་ནཱི་ཡ་ཀཾ །མཛེས་པའི་ངོ་བོ་གང་ཡིན་པ་དེ་ནི། །སཽ་བྷ་ནི་ཡ་ཀཾ །སྲེད་པར་བྱ་བའི་ངོ་བོ་ནི། རཽ་ཙ་ནཱི་ཡ་ཀཾ །སློབ་དཔོན་གྱི་ངོ་བོ་ནི། ཨཱ་ཙཱརྻ་ཀཾ །དེ་བཞིན་དུ། ཨཽ་པཱ་དྷྱཱ་ཡ་ཀཾ །ཡོ་བནྟ་གུ་རུ་པོ་ཏ་མཱ་ད་སུ་ཁྱཱད་བུཉའོ། །མཉེས་གཤིན་པའི་དངོས་པོ་ནི། བཱཏྶ་ལ་ཀཾ །མཱ་ནོཛྙཀཾ །བཽ་ཥྱོ་པཱ་དྷྱཱ་ཡི་ཀཱ །ཀཱ་ཀོ་མཱུ་ཀི་ཀཱ། ཨཱ་མུ་ཥྱ་པཱུ་ཀུ་ལི་ཀ །རྣམས་ཏེ། དང་
གི་དོན་གྱི་བསྡུ་བ་དང་ཛ་ལ་སོགས་པ་རྣམས་ལས་སོ་ཞེས་པས་བུཉའོ་ཞེས་པ་འབྲེལ་པ་གྲུབ་པ་ལས་ཨཎ་ལ་སོགས་པའི་ལེའུ་རྫོགས་སོ།། །།ལའི་ཏིཔ་ཞེས་པ་ལ་སོགས་པ་གཅིག་གི་ཚིག་གིས་བསྟན་པས་ལཊ་ལ་སོགས་པ་རྣམས་ཀྱི་ལ་ཡིག་ནི་ཏིང་རྣམས་ཏེ། རྣམ་པ་བཅོ་བརྒྱད་དུ་འགྱུར་རོ། །ཏིང་དེ་རྣམས་ཀྱང་ཅི་ཞེ་ན། ཏིཔ། ཏས། ཛྷི། སིབ། ཐས། ཐ། མིཔ། བས། མས། ཏ། ཨཱ་ཐཱམ། དྷྭམ། ཨིཊ། བ་ཧི། མ་ཧིང་ངོ༌། །ཅི་ལྟར་ཏའི་སྒྲ་ལས་གཅིག་གི་ཚིག་ནས་བརྩམས་ཏེ་མ་ཧིང་གི་ང་ཡིག་ནི་སོ་སོར་བསྡུ་བ་འཛིན་པ་སྟེ། དང་པོ་དང་ཨིཏ་ཀྱི་བར་དང་བཅས་པའོ་ཞེས་གསུངས་པའི་ཕྱིར་རོ། །འདིའི་དོན་ནི་འདི་ཡིན་ཏེ། དང་པོའི་ཡི་གེ་དང་མཐའི་མཚོན་བྱེད་ཀྱིས་བ་དང་བཅས་པ་གཟུང་ངོ༌། །དེ་ལ་ཏང་ཨཱ་ན་ཇི་ལྟར་བཀླགས་པ་ལས་སོ་ཞེས་པ་ལ་སོགས་པ་དག་གིས་ཏང་རྣམས་བྱ་བའི་དོན་ལ་བརྩམས་ཏེ་སྒྲུབ་པར་བྱེད་དོ། །ཏང་རྣམས་ཀྱང་གང་ཞེ་ན། ཏ། ཨཱཏཱ་མ། ཛྷ། ཐས། ཨཱཐཱམ། དྷྭམ། ཨིཊ། བཧི། མ་ཧིང་རྣམས་ཏེ། ཏའི་སྒྲ་ལས་གཅིག་གི་ཚིག་ནས་བརྩམས་པའོ། །མ་ཧིང་འང་ཡིག་ནི་སོ་སོར་བསྡུ་བ་གཟུང་བའི་ཕྱིར་རོ། །ཨཱ་ན་ཞེས་པས་ཤཱ་མཱ་ན་ཙ་ཀ་ན་ཙོ་ཏུཏྤཥྙཱ་ནུབནྡྷ་ཡོཿ། མཚུངས་པ་སྨོས་པས་ཏང་དང་ཨཱན་རྣམས་སོ། །དང་གི་དོན་ཞེས་པས་ཅིག་ཤོས་སྦྱོར་བར་དང་གི་དོན་གྱི་བསྡུ་བའོ། །ཨ་ཏང་རྣམས་དང་ཏང་ཨཱ་རྣམ་པ་བཅུ་གཅིག་ཏུ་འགྱུར་རོ། །ཏང་རྣམས་དང་འདྲ་བ་དང་ལྷན་ཅིག་སྤྱོད་པའང་རུང་སྟེ། གཞན་ཡང་ཏངའོ། །ཨ་ཏང་དང་འདྲ་བའི་ཕྱིར་ལ་བྱ་བའི་དོན་རྣམས་ལས་ལའི་ཏིཔ་ཞེས་པ་ལ་སོགས་པའི་མདོས་ཨ་ཏང་རྣམས་སྒྲུབ་པར་བྱེད་དོ། །ཨ་ཏང་རྣམས་ཀྱང་གང་ཞེ་ན། ཏིཔ། ཏས། ཛྙི། སིབ། ཐས། ཐ། མིབ། བས། མས། ཤཱཏྲི། ཀྭ་སུ། རྣམས་སོ། །ཅི་ལྟར་ཞེ་ན། ཏང་ལས་གཞན་པས་ཨ་ཏངའོ། །ཨ་ཏང་དང་འདྲ་བའི་ཕྱིར་ལ་ཡིག་བསྒྱུར་བ་གཟུང་བ་ནས། ཨ་ཏང་རྣམས་ཀྱང་གཟུང་བར་བྱས་ནས། ཨ་ཏང་རྣམས་ཀྱང་རྣམ་པ་བཅུ་གཅིག་ཏུ་འགྱུར་རོ། །ཨིརྠནྟ་དཱ་ནཱ་ཏ་ང་ཡོ་གཱ་བ་སིཏྶ་ཏ་ཨི་ཏི། སྔ་མ་ཕྱེད་དང་ཕྱི་ཕྱེད་ཀྱང༌། །ལ་བསྒྱུར་རྣམ་གཉིས་ཏིང་རྣམས་ཀྱིའོ། །དོན་ལ་རྗེས་སུ་བརྟེན་ནས་ནི། །འདི་ཡི་ཐ་སྙད་འདི་ལྟ་བུ། །ཏིང་རྣམས་ཨ་ཏང་དང་ཏང་གི །ཆ་ཡི་ཚིག་རྣམས་གསུམ་གསུམ་སྟེ། །དང་
པོ་དབུས་མ་ཕྱི་མ་ཡི། །སྐྱེས་བུ་གསུམ་དུ་ཤེས་པར་བྱ། །ཞེས་པའི་དོན་ཅི་ཞེ་ན། བཤད་མ་ཐག་པའི་ཏིང་རྣམས་དང་འབྲེལ་བའི་མིང་སྟེ། ཨ་ཏང་རྣམས་དང་ཏང་རྣམས་ཀྱི་ཚིག་གི་ཆ་གསུམ་རྣམས་སྐྱེས་བུ་དང་པོ་དང་དབུས་མ་དང་ཕྱི་མ་རྣམས་སུ་རིམ་པ་བཞིན་དུ་རིག་པར་བྱའོ། །ཨ་ཏང་རྣམས་ཀྱི་ནི། །དཔེར་ན། ཏིཔ། ཏས། ཛྷི་ཞེས་པ་དང་པོའོ། །སིཔ། ཏས། ཐ་ཞེས་པ་བར་མའོ། །མ་ཧིང་ཞེས་པ་ཕྱི་མའོ། །གཅིག་གཉིས་མང་ཚིག་རྣམས་ཏེ། གཅིག་སོགས་དོན་གསུམ་རིམ་པ་འདི་ནི་རིམ་བཞིན་འགྱུར་ཏེ། གཅིག་ཉིད་ལ་གཅིག་གི་ཚིག་ཏིའོ། །གཉིད་ཉིད་ལ་གཉིས་ཀྱི་ཚིག་ཏསའོ། །མང་པོ་ཉིད་ལ་མང་པོའི་ཚིག་ཛྙིའོ། །དེ་བཞིན་དུ་སིབ་ལ་སོགས་པ་རྣམས་ལ་ཡང་སྦྱར་བར་བྱའོ། །གཉིས་ཉིད་ལ་གཉིས་ཀྱི་ཚིག་ཏཱཾའོ། །མང་པོ་ཉིད་ལ་མང་པོའི་ཚིག་ཛྙའོ། །གཅིག་དང་གཉིས་དང་མང་པོ་རྣམས་ལ་མདོ་འདིས་ཇི་སྐད་བཤད་པའི་གཅིག་དང་གཉིས་དང་མང་ཚིག་གསུམ་པོ་རིམ་པ་བཞིན་དུ་འགྱུར་རོ། །ཅིའི་ཕྱིར་འདི་དག་ལ་ཡང་དང་པོ་ལ་སོགས་པ་ཐ་སྙད་ཐོབ་པ་ཡིན་ཞེ་ན། འདིར་བཅོམ་ལྡན་འདས་དང་ཙནྡྲ་གོ་མིས་གང་མཛད་པ་ཇི་སྙེད་པ་སྟེ། དེའི་ཕྱིར་བཤད་པ། དོན་ལ་རྗེས་སུ་བརྟེན་པ་ནི། །འདི་ཡི་ཐ་སྙད་འདི་ལྟ་བུ། །ཞེས་བྱ་བ་སྟེ། དོན་གྱི་ཆ་ཤས་ཀྱི་རྗེས་སུ་འབྲངས་ནས་སྐྱེས་བུ་དང་པོ་ལ་སོགས་པའི་ཐ་སྙད་འདི་ཐོབ་ཅེས་པའོ། །དཔེར་ན། དང་པོར་སྐྱེས་པའི་སྐྱེས་བུ་ནི་སྐྱེས་བུ་དང་པོ་སྟེ། དང་པོར་བརྗོད་པའི་ཁྱད་པར་ལས། ཨིབྷིརྻ། རྣམ་པར་ཤེས་པ་མངོན་པར་རྗོད་པར་བྱེད་པའོ། །དེ་ལས་གཞན་དུ་རྟོག་པས་ནི་ཀུན་བརྟགས་པའི་ཚུལ་ཏེ་དེ་ཡང་མངོན་སུམ་དང་རྗེས་སུ་དཔག་པས་རྣམ་པར་དཔྱད་པ་ན་དམིགས་པར་འགྱུར་ཏེ། གང་གི་ཕྱིར་ཚིག་དེ་ཉིད་ནི་ཏིཔ་ལ་སོགས་པར་ཡང་སྐྱེས་བུ་ནི་སྐྱེས་བུ་དབུས་མའོ། །བར་མ་ལ་སོགས་པ་ལས་མཆོག་སྟེ། འདི་འཕགས་པ་དང་འདི་མཆོག་དང་ཕྱི་མར་གྱུར་པ་ནི་ཕྱི་མ་སྟེ། ཨུཏྟ་ལ་ཞེས་པ། ཨུཏྟ་ལ་དང་མང་པོ་དག་ལས་ཕུལ་དུ་བྱུང་བ་ལ་ཏ་རབ་ཏ་མས་དག་གོ་ཞེས་པས་ཏ་མསའོ། །ཁར་ལ་ཙ་རའི་ཛྷ་ལའོ་ཞེས་པས་ད་ཡིག་གི་ཏ་ཡིག་གོ །དབྱེར་མེད་པ་ལ་ཡང་དབྱི་བའི་ཐ་སྙད་དེ། དཔེར་ན། རཱ་ཧོ་ས་རཿ། སི་ལ་པུ་ཏྲ་ཀ་ས་ཤ་རཱི་རཾ་ཞེས་པ་ལྟ་བུའོ། །དོན་གཅིག་རྟོགས་པར་བྱེད་པའི་ཚིག་ནི་གཅིག་གི་ཚིག་གོ །དོན་གཉིས་
དག་རྟོགས་པར་བྱེད་པའི་ཚིག་ནི་གཉིས་ཀྱི་ཚིག་གོ །དོན་མང་པོ་རྣམས་རྟོགས་པར་བྱེད་པའི་ཚིག་ནི་མང་པོའི་ཚིག་གོ །དེའི་ཕྱིར་ཐ་སྙད་དུ་བྱས་པ་འདི་ནི་མདོ་མཛད་པའི་བཞེད་པ་ཉིད་དོ། །ཨ་ཏང་བྱེད་པ་པོར་ཤེས་བྱ། །དངོས་པོ་དང་ནི་ལས་ལ་མིན། །ཞེས་པའི་དོན་ཅི་ཞེ་ན། ཨ་ཏང་རྣམས་ནི་བྱེད་པ་པོ་ཉིད་ལ་རབ་ཏུ་བཤད་པར་བྱའོ། དངོས་པོ་དང་ལས་དག་ལ་ནི་མ་ཡིན་ནོ། །དཔེར་ན། བུདྡྷོ་བྷ་ག་བཱན་སརྦྦ་ཛཱ་ནཱ་ཏི། དེ་ཉིད་ཀྱི་ཕྱིར། སརྦྦ་ཛྙཿ། ཞེས་པ་སྟེ་ཨཱཏ་ལས་པྲ་ལ་སོགས་པ་ལས་ཀའོ། །ཀིཊ་ལའང་ཨཱ་ཏ་ལས་ཨཙ་དབྱིའོ། །སརྦ་ཛྙཿའི་སྒྲའི་དོན་འཆད་པར་འདོད་པ་ལ། དང་པོ་ལ་སོགས་པའི་རྣམ་དབྱེ་རྣམས་སོ། །སརྦྦ་ཛྙོ་དྷརྨ་དེ་ཤ་ཡ་ཏི། ཞེས་པ་ལ་སོགས་པའི་རབ་ཏུ་སྦྱོར་བ་བྱའོ། །ཨཱི་ད་ཏྱཿ། པྲ་ཏ་པ་ཏི་པྲྀ་ཐ་བིཾ། ཙནྡྲོ་བི་བྷཱ་ཏི་ལོ་ཀཿསནྨ་རྒེ་ཏིཥྛ་ཏི།། །།དངོས་པོ་ལས་དང་བྱེད་པོ་ལ། །ཏང་རྣམས་གསུམ་དུ་བལྟ་བྱ་སྟེ། །བྱིངས་ལས་ལས་མིན་དངོས་པོ་ལ། །དང་པོའི་གཅིག་གི་ཚིག་འགྱུར་རོ། །གལ་ཏེ་ཡང་ཏང་དང་ཨན་དག་བལྟ་བར་བྱ་ཞེས་ཐུན་མོང་དུ་བཤད་པར་དེ་ལྟ་ན་ཡང༌། ཐམས་ཅད་ལ་མ་ཡིན་པས་བྱ་བའི་དོན་རྣམས་ཀྱི་དངོས་པོ་ལ་ཏང་དང་ཨཱན་དག་འགྱུར་རོ། །འོན་ཀྱང་ལས་མེད་པའི་བྱ་བའི་དོན་རྣམས་ཁོ་ན་ལས། ཐམས་ཅད་སུ་སྐྱེས་བུ་དང་པོ་དབུས་མ་དང་ཕྱི་མ་རྣམས་ཀྱང་འགྱུར་བ་མ་ཡིན་ཞིང༌། །ཚིག་རྣམས་ཐམས་ཅད་ཀྱང་འགྱུར་བ་མ་ཡིན་མོད། དེའི་ཕྱིར་ལས་མེད་པའི་བྱ་བ་དོན་ཉིད་ལ་ནི་སྐྱེས་བུ་དང་པོའི་གཅིག་གི་ཚིག་ཁོ་ནར་འགྱུར་རོ། །དཔེར་ན་སྠཱི་ཡ་ཏེ་དེ་བ་དཏྟེ་ན། སྠཱི་ཡནྟེ་ཞེས་པ་ལ་སོགས་པ་ནམ་ཡང་མི་སྦྱར་བའོ། །དེས་ན་དངོས་པོ་གཅིག་ཉིད་ཀྱི་ཕྱིར་གཅིག་གི་ཚིག་ཁོ་ན་བརྗོད་པར་བྱའོ། །བྱིངས་ལ་ལས་བཅས་ལས་མེད་པའི། །བྱེད་པོར་ཏང་དང་ཨཱན་བརྗོད། །ཅེས་པའི་དོན་ཅི་ཞེ་ན། གང་གི་ཚེ་ཏང་དང་ཨཱན་རྣམས་བྱེད་པ་པོ་ལ་འཇུག་པ་དེའི་ཚེ། བྱ་བའི་དོན་ཐམས་ཅད་དང༌། ལས་དང་བཅས་པ་དང་ལས་མེད་པ་རྣམས་ལ་ཡང་ངོ༌། །ལས་དང་བཅས་པ་རྣམས་ལ་ནི་དཔེར་ན། ཀ་ཊཾ་ཀུ་རུ་ཏེ་དེ་བ་དཏྟཿ་ཨ་པ་ཙ་ཏ་ཨོ་ད་ནཾ་བིཥྞུ་མི་ཏཿ་ཛ་ཡ་ཏ་ཡཱ་ཛྙ་ཀཿ་བྷ་ཛ་ཏེ་བུདྡྷ་དྷརྨི་ཀཿ། ཨཱ་ཤྲ་ཡ་ཏེ་རཱ་ཛ་ནཾ་སེ་བ་ཀཿ་ན་ཡ་ཏ་བྷཱ་རངྒཱ་མ་
བཱ་ཝཱན། རྣམས་ཏེ་འབྲས་བུ་དང་ལྡན་པ་ལའོ། །ཀློག་པ་ལ་རྣམ་པར་བཤད་པ་ལས་སོ་ཞེས་པས་ཏངའོ། །ལ་བྷ་ཏེ་གྲཱ་མཾ་བིཥྞུ་མ་ཏྲཿ་ཨཱ་ར་བྷ་ཏེ་ཤསྟྲ་མུ་པཱ་དྷྱཱ་ཡཙྪ་ཏྲེ་བྷྱཿ། ཤླཱ་གྷ་ཏེ་བུདྡྷ་དྲྀཥྚ་བ་ར་ལོ་ཀཿ། ཀྵ་མནྟ་མན་ཡཿ། སརྦྦཾ་བ་ར་དུཿ། ཁ་མ་ནུ་མ་ནུ་མ་ཉནྟེ་ཀྲྀ་པཱ་ལ་བཿ། སཏྭཱ་རྠེ་ན་ན་ར་ཀ་མ་པི་དུཿ། ཁཾ་ས་ཧནྟེ་བོ་དྷི་ས་ཏྭོཿ། ཨཱཧླཱ་དནྟེ་བཱ་ལ་ཀེ་བྷྱོ་མོ་ད་ཀཿ། དེ་བ་དཏྟཱ་ཡ་རོ་ཙ་ཏེ་མོ་ད་ཀཿ། པུ་ཎྱཱ་ཎྀ་པྲ་ཏི་བ་དྱ་ཏེནི་པུ་ནཿ། ཞེས་པ་ལ་སོགས་པ་རྣམས་སུ་ཇི་ལར་བརྗོད་པ་ལྟ་བུ་སྟེ། ཏང་དང་ཨཱན་རྣམས་སོ། །ལས་མེད་པ་རྣམས་ནི་དཔེར་ན། སེ་ཏེ་རཱ་ཛཱ་ཧ་རྨོཏྟ་མེ། པཱི་ཐ་ཨུ་པ་བིཥྱཱ་སྟེ་བྲཧྨ་ཎཿ། བི་དྱ་ག་ཧེ་དེ་བ་དཏྟཿ། ཨ་པ་ར་མནྟེ་ཡོ་གི་ནོ་ཡ་ཐེཥྚཿརྣམྶ་ཏེ། ཏང་ཞེས་པ་ལ་སོགས་པ་དེ་ལྟ་བུ་རྣམས་ནི་ཏང་ཨཱན་རྣམས་སོ། །ངེས་པར་བསྟན་པའི་བྱ་བའི་ལས། །གང་དེ་ལས་དང་བཅས་ལ་འཇུག །ཅེས་པའི་དོན་ཅི་ཞེ་ན། གང་ཡང་ཏང་དང་ཨཱ་ན་དག་བྱ་བའི་ལས་ངེས་པར་བསྟན་པ་དེ་ནི་ལས་དང་བཅས་ཨཱི་བྱ་བའི་དོན་ཉིད་ལས་འགྱུར་གྱི་ལས་མེད་པ་ལ་ནི་མ་ཡིན་ཏེ། དཔེར་ན། ཀཊ། ཀྲི་ཡ་ཏེ་དེ་བ་དཏྟེ་ན། ལཱུ་ཡནྟེ་དེ་བ་དཏྟེ་ན་དྷཱ་ནྱཱ་ནི་སྨརྻནྟེ་ཤཱ་སྟྲཱཉུ་པཱ་དྷྱཱ་ཡེ་ན། དཱི་ཡནྟེ་བརྞྞཱ་ནི་བྲཱཧྨ་ཎེ་བྷྱོ་དྷ་ནི་ཀེ་ན། དྷྲྀ་ཡནྟེ་ཀུ་ཊུམྦཱ་གྲྀ་ཧ་སྠེ་ན། ས་མཱ་དྷི་བནྟེ་བཱི་མ་ཧཱ་ཤཱསྟྲཾ། ཨཱ་སེ་བྱ་ཏེ་བུདྡྷ་དྷརྨྨཿ་ཞེས་པ་དེ་ལྟ་བུ་ལ་སོགས་པ་རྣམས་ནི་དངོས་པོ་དང་ལས་དག་གོ །ལིཊ་དང་སྨོན་པའི་ལིང་མ་ཡིན་པའི་ཏིང་ཤ་འགྲོ་བ་ལ་ཡཀའོ་ཞེས་པས། སྨོན་པའི་ལིང་མ་ཡིན་པ་ལ་ཡཀའོ། །ཙྭི་ཡང་ཡཀ་ཀྱ་རྣམས་ལའོ། །རིཏ་ས་ཡོ་གཱ་དྱོ་ར་ཏཿ། མཱ་སྠཱ་སོ་སཱ་པི་ང་ཧཱགྷ་དྷྲཱི་ཧ་ལི་ཏི། ཨེ་བྷིརྦཱ་ཀྱི་སྟ་དྱ་ཀ་རི་རིང་བསྒྱུར་བ་དང་རིང་པོ་ཉིད་ཀྱི་བསྒྲུབ་པ་རྣམས་ཇི་ལྟར་འབྱུང་བཞིན་བསྒྲུབ་པར་བྱའོ། །མིང་ཉིད་ཡང་དག་སྦྱོར་བ་ལ། །སྐྱེས་བུ་དང་པོ་རྣམས་འགྱུར་རོ། །ཞེས་པའི་དོན་ཅི་ཞེ་ན། མིང་གི་ཚིག་བྷ་ཝནྷ་ལ་སོགས་པ་རྣམས་དང༌། སྐྱེས་བུ་དང་པོ་ཉིད་སྦྱར་བར་བྱའི། ཡུཥྨད་ཀྱི་ཚིག་དང་མ་ཡིན་ཞིང༌། ཨསྨད་ཀྱི་ཚིག་དང་ཡང་མ་ཡིན་ནོ། །དཔེར་ན་གཙྪ་ཏུ་བྷ་ཝན། ཛ་ཡ་ཏུ་བྷ་ཝན། པ་ཐི་ཏ་བྲཱཧྨ་ཎ། པ་ཙ་ཏི་དེ་བ་དཏྟི། བ་དཏི་ཤཱསྟྲ་ཨུ་བཱ་དྷྱ་ཡ། བུདྷོ་བྷ་ག་བཱན་བྷཱ་ཥནྟེ་དྷརྨ། སཏྭཱ་ནུཏྟ་ར་ཡ་ཏི། སཾ་སཱར་སཱ་ག་རཱནྣི་རྦཱ་ཎ་པུ་རམྦྲ་
ས་ཡ་ཏི་ཛ་གནྟི། བེ་ད་ཡིནྟ་སུ་ཁཾ་བིཥྞུ་མི་ཏྲཿ། ཙཽ་རེ་བྷྱོ་བི་བྷེ་ཏི་པ་ཎི་ཀ །བྷོ་ཛ་ནཱཏྤ་རཱ་ཛ་ཡ་ཏེ་དེ་བ་དཏྟཿ། ཤྲྀངྒཱཙྪ་རོ་ཛཱ་ཡ་ཏེ། བྷུཀྟེ་བྲཱཧྨ་ཎཽཿ། བྷུཉྫཱ་ཏེ་བྲཱཧྨ་ཎཽ། བྷུཉྫནྟེ་བྲཱཧྨ་ཎཱ། ཞེས་པ་ལྟ་བུའོ། །སྐྱེས་བུ་དབུས་མ་གང་ལ་སྦྱོར་ཞེ་ན། ཡུཥྨད་ཀྱི་ཚིག་ཁོ་ན་དང་སྟེ། མིང་གི་ཚིག་བྷ་བནྟ་ལ་སོགས་པ་རྣམས་དང་མ་ཡིན་ཞིང༌། ཨ་སྨད་ཀྱི་ཚིག་རྣམ་དབྱེ་ཐམས་ཅད་ཀྱི་སྐྱེས་བུ་དབུས་མ་སྦྱོར་བ་ཅི་ཞེ་ན། དེའི་ཕྱིར། ཏྭམ་དང་ཡུ་བཱཾ་ཡཱུ་ཡམ་ཞེས། །འདི་གསུམ་སྦྱོར་ལ་དབུས་མའོ། །ཞེས་སྨྲས་ཏེ། དཔེར་ན། ཏཾ་ཛ་ཡ་སི། ཡུ་བཱཾ་ཛ་ཡ་ཐཿ། ཡཱུ་ཡཾ་ཛ་ཡ་ཐ་ཞེས་པ་ལྟ་བུའོ། །སྐྱེས་བུ་ཕྱི་མ་གང་དང་ལྷན་ཅིག་སྦྱོར་ཞེ་ན། བཤད་པ། ཨ་ཧཾ་ཨཱ་བཱཾ་བ་ཡཾ་ཞེས། །འདི་རྣམས་སྦྱོར་ལ་ཕྱི་མ་ཉིད། །ཅེས་པ་འདིའི་དགོངས་པ་ཅི་ཞེ་ན། སྐྱེས་བུ་ཕྱི་མ་ནི་མིང་གི་ཚིག་དང་སྦྱར་བར་བྱ་བ་མ་ཡིན་ཞིང་ཡུཥྨད་ཀྱི་ཚིག་དང་ཡང་མ་ཡིན་མོད། འོན་ཀྱང་ཨསྨད་ཀྱི་ཚིག་དང་སྟེ། དཔེར་ན་ཨ་ཧཾ་ཡ་ཛྱཱ་བཿ། ཨཱ་ཡཾ་ཡ་ཛྱཱ་བཿ། བ་ཡཾ་ཛཱ་མཿ་ཞེས་པ་ལྟ་བུའོ། །རབ་ཏུ་དགོད་དང་གཞན་མཐོང་ལ། །རང་དོན་དབུས་མ་ཕྱི་མའོ། །ཞེས་པའི་དོན་ཅི་ཞེ་ན། རབ་ཏུ་དགོད་པ་ནི་ཕུལ་དུ་བྱུང་བར་དགོད་པ་སྟེ། དེར་རབ་ཏུ་དགོད་པར་སེམས་པ་ཉེ་བའི་ཚིག་ལས་བྱ་བའི་དོན་འཇལ་བ་ལ་སྐྱེས་བུ་དབུས་མ་དང་ཕྱི་མ་དག་འགྱུར་ཞིང༌། གཞན་དུ་མཐོང་བ་ལ་ཞེས་པ་རབ་ཏུ་བྱེད་པ་གཞན་དུ་མཐོང་བ་ལ་སྟེ། མདོ་མཛད་པ་ཉིད་ཀྱིས་གཟིགས་པ་ཉིད་ལའོ་ཞེས་བཤད་དོ། །རང་དོན་དབུས་མ་ཕྱི་མའོ། །ཞེས་པ་འདི་ནི་གང་གི་ཕྱིར་ཏེ། རང་གི་ཡུལ་ལ་དབུས་མ་དང་ཕྱི་མ་དག་འགྱུར་བའོ། །དཔེར་ན། ཨེ་ཧི་མ་ནྱེ་ར་ཐེན་ཡཱ་ཥྱ་སི་ཡཱ་ཏ་སྟེ་པི་ཏེ་ཏི། འདིའི་ཚིག་ནི་བཟློག་པའི་དོན་ཉིད་དོ། །ཨ་ཧཾ་མ་ཉེ་ཏྭ་ར་ཐེ་ན་ཡཱ་ཥྱ་ཏི། ཨཱ་ཏསྟེ་པི་ཏེ་ཏི། དོན་འདི་དེ་ལྟ་བུར་བལྟ་བར་བྱའོ། །ཨེ་བ་ནྱེ་མ་ནེ་ཨོ་ད་ནཾ་བྷོ་ཀྵྱ་སེ་ན། ཧི་བྷོ་ཀྵྱ་སེ་བྷུཀྟཿ། སཱ་ཏི་ཏི་བྷ་རི་ཏི།། །།ཏིང་རྣམས་ཀྱི་སྦྱོར་བ་རྒྱས་པར་བཤད་པ་ལ། །ཏིང་རྣམས་ཀྱི་རབ་ཏུ་སྦྱོར་བ་འགའ་ཞིག་རྟོགས་པར་དཀའ་བ་ཡོད་དེ། དེ་ལ་སྦྱོར་བ་འགའ་ཞིག་ཏུ་ལས་ལ་དང་པོ་འགྱུར་བ་ནི། དཔེར་ན། བྲྀཀྵཿཙྪི་དྱ་ཏེ་དེ་བ་དཏྟེ་ན། གྲཱ་མོ་ག་མྱ་ཏེ་ཙཻ་ཏྲེ་ན། སིཀྵྱ་ཏེ་ཤཱསྟྲཿ་ཙྪྭ་ཏྲེ་ན། མ་ནྱ་ཏེ་བུདྡྷོ་དྷརྨི་ཀེ་ན། ཧ་ནྱ་ཏེ། ཤ་ཏྲུ་དེ་བ་དཏྟེ་ན་རྣམས་ཏེ། དངོས་པོ་དང་ལས་དག་
ལའོ་ཞེས་པས་ཏངའོ། །འགའ་ཞིག་ཏུ་གཉིས་པ་འགྱུར་ཏེ། དཔེར་ན། བྲྀཀྵཾ་ཙྪ་ནནྟི་དེ་བ་དཏྟཿ། ཤསྟྲཾ་པཋ་ཏི་མཱ་ན་ཀཿ། དྷརྨམྦ་བཱི་ཏི་དེ་བཱན་བུདྡྷོ་བྷ་ག་ཝཱན། འགའ་ཞིག་ཏུ་དྲུག་པ་འགྱུར་ཏེ། དཔེར་ན། ཨེ་དྷོ་ད་ཀ་སྱེ་པ་ཀུ་རུ་ཏེ། ཞེས་པ་འབྲེལ་བ་འཆད་པར་འདོད་པའི་ལས་ལ་དྲུག་པའོ། །ཨེ་དྷོ་ད་ཀ་མུ་པ་ཀུ་རུ་ཏེ། ཞེས་པ་སྟེ། བྱ་བའི་ལས་འཆད་པར་འདོད་པ་ལ་གཉིས་པའོ། །དེ་ལྟར་ཐམས་ཅད་ལ་མཱ་ཏུ། སྨྲ་ར་ཏི། མཱ་ཏུ་ར་དྷྱེ་ཏེ། མཱསྟེ་ར་མ་དྷྱེ་ཏེ། སིརྤྤི་སོ་ད་ཡ་ཏེ། སིརྦྦི་སོ་ད་ཡ་ཏེ། སརྦྦི་སནད་ཡ་ཏེ། གོ་པཱ་ལ་ཀོ་བྲཱཧྨ་ཎ་ཡཿ། རཽ་ར་སྱ་རུ་ཛ་ཏེ། རོ་རཾ་རུ་ཛ་ཏི་རོ་གཿ། ཙཽ་ར་ཀྲ་ཐ་མ་ཏི། ཙོར་ཤྩ་ཀྲ་ཐ་ཡ་ཏི། ཤ་ཏྲུ་ཎཱཾ་པི་ནིཥྚ་པུ་རུ་ཥཿ། ཞེས་པ་ལ་སོགས་པའོ། །འགའ་ཞིག་ཏི་བཞི་པ་འགྱུར་ཏེ། དཔེར་ན། གྲཱ་མཱ་ཡ་བྲ་ཛ་ཏི། གྲ་མཱ་ཡ་གཙྪ་ཏི། ཞེས་པ་སྟེ། དེའི་ཆེད་ཀྱི་དོན་འཆད་པར་འདོད་པ་ལ་དེའི་ཆེད་ཀྱི་དོན་ལའོ་ཞེས་པས་བཞི་པའོ། །གྲཱ་མཱཾ་གཙྪ་ཏི། གྲཱ་མཾ་པྲ་ཛ་ཏི། ཞེས་པ་ནི་ལས་འཆད་པར་འདོད་པ་ལ་གཉིས་པ་ཉིད་དོ། །དེ་ལ་གང་གི་ཚེ་བྱ་བ་ལ་ཏང་ལ་སོགས་པ་རྣམས་སྒྲུབ་པ་དེའི་ཚེ། ལས་གཉིས་དང་ལྡན་པའི་བྱ་བའི་དོན་རྣམས་ཏེ། ལས་ཀྱང་གང་ཞེ་ན། ཏིང་ལ་སོགས་པ་རྣམས་ཀྱིས་མངོན་པར་བརྗོད་པའོ། །གཙོ་བོའི་ལས་དང་གཙོ་བོ་མ་ཡིན་པ་ནི་ཅི། གཉི་ག་གཙོ་བོ་ནི་ཅི་ཞེས་དོགས་པ་ལ། བཤད་པ་བྱེད་པས་ཚིགས་སུ་བཅད་པ་གཅིག་གི་དོགས་པ་བཟློག་པར་བྱས་པ། གཙོ་བོའི་ལས་སུ་མངོན་བརྗོད་པ། །ལས་ལ་སོགས་པ་རྣམ་པ་གཉིས། །གཙོ་བོ་མ་ཡིན་འཇོ་བ་སོགས། །ཎི་མཐའ་བྱེད་པ་པོ་དང་ལས། །ཞེས་པའི་གཙོ་བོའི་ལས་སུ་མངོན་བརྗོད་པ། །ལས་ལ་སོགས་པ་རྣམ་པ་གཉིས། །ཞེས་པའི་དོན་ཅི་ཞེ་ན། གང་གི་ཚེ་ལས་ལ་ཏང་ལ་སོགས་པ་རྣམས་བསྒྲུབས་པ་དེའི་ཚེ་ལས་གཉིས་དང་ལྡན་པའི་བྱ་བའི་དོན་རྣམས་ལ་གཙོ་བོའི་ལས་མངོན་པར་བརྗོད་པར་བྱེད་དོ། །དེ་ནི་བཤད་པའི་ལས་ཉིད་ཀྱི་ཕྱིར་དེ་ལ་དོན་ཙམ་ལ་དང་པོའོ་ཞེས་པས་རྣམ་དབྱེ་དང་པོ་རྣམས་འགྱུར་རོ། །གཙོ་བོ་མ་ཡིན་པའི་ནི་མ་བཤད་པའི་ལས་ཀྱི་ཕྱིར་དེ་ལ་རྣམ་དབྱེ་གཉིས་པ་ཉིད་འགྱུར་ཞིང༌། མ་བཤད་པའི་བྱེད་པ་པོ་ལ་ནི་གསུམ་པ་ཁོ་ན་འགྱུར་རོ། །ནཱི་ཡ་ཏེ་ཛོ་གྲཱ་མནྡེ་བ་དཏྟེ་ན་ཨུ་ཧྱ་ཏེ་བྷཱ་རོ་མ་ནུ་ཥྱ་ཎེ་གྲཱ་མཾ། ཨཱ་ཀྲྀ་ཥྱ་ཏེ་རཱ་ཛ་པྲ་ཀྲྀ་ཏི་
བྷིརྣ་ག་རཾ། ཀྵ་ཎོ་ཧཱི་ཡ་ཏེ་གྲཱ་མམྨ་ནུ་ཥྱ་ཎ། དེ་བ་དཏྟོ་ཛཱི་ཡ་ཏེ་ས་ཏཾ་ཡཛྙ་དཏྟེ་ན། གརྒཱཎྞྱ་ཏེ་ས་ཏཾ་རཱཛྙཱ། ཀྟ་ཡིས་མངོན་པར་བརྗོད་པས་ནི། ཨཛཱ་ནཱི་ཏཱ་གྲཱ་མཾ་དེ་བདཏྟེ་ན། ཨཱུ་ཌྷོ་བྷཱ་རོ་གྲཱ་མཾ་མ་ནུཥྱེཎ། ཨཱ་ཀྲྀཥྚོ་རཱ་ཛཱ་པྲ་ཀྲྀ་ཏི་བྷིརྣ་ག་རཾ། ཀུ་བྷོ་ཧྱ་ཏེ་གྲཱ་མཾ་མ་ནུཥྱེ་ཎ། གརྒཱ་ཛི་ཏཿ། ས་ཏཾ་དེ་བ་དཏྟེ་ན། ཞེས་པ་རྣམས་སོ། །གཙོ་བོ་མ་ཡིན་འཇོ་བ་སོགས། །ཞེས་པའི་དོན་ཅི་ཞེ་ན། བ་འཇོ་བའི་ལས་ལ་སོགས་པ་ལས་གཉིས་དང་ལྡན་པའི་ལས་ནི་གཙོ་བོ་མ་ཡིན་པའི་ལས་སུ་མངོན་པར་བརྗོད་པར་བྱ་སྟེ། དེ་ནི་ཏང་ལ་སོགས་པ་རྣམས་དང་འཇོ་བ་ལ་སོགས་པ་རྣམས་སོ། །འཇོ་དང་གསོལ་འདེབས་འགོག་དང་དྲི་དང་སློང་བ་དང༌། ལེན་དང་སྨྲ་དང་ཡོན་ཏན་སྟོན་པ་གང་དེ་དེར། །ཉེ་བར་སྦྱོར་བའི་མཚན་མ་སྔོན་མེད་སྒྲུབ་པ་ལ། །སྙན་ངག་མཁན་གྱིས་ཀུན་སྤྱོད་དེ་ལྟར་བཤད་པ་ཡིན། །ཞེས་ཏེ། ལས་གཉིས་པ་ལ་ཀཱི་ནཱི་བ་ཧི་ཀྲྀ་ཥི་ཛི་དཎྜི་ལ་སོགས་པ་འགྲོ་བའི་དོན་རྣམས་སོ། །འཇོ་བ་དང་གསོལ་བ་འདེབས་པ་དང་འགོག་པ་དང་དྲི་བ་དང་སློང་བ་དང་ལེན་པ་དང་སྨྲ་བ་དང་སྟོན་པ་རྣམས་ཏེ། དེ་ལ་རེ་ཞིག་འཇོ་བ་ལ་ནི་དུ་ཧྱེ་ཏོ་གཽ་རྐོ་པཱ་ལ་ཀེན་པ་ཡཱཾ་སི། ཡཱ་ཙྱ་ཏེ་རཱ་ཛཱ་ཀམྦ་ལཾ་བྲཱཧྨ་ཎེ་ན། ཏུ་དྷྱནྟེ་བྲ་ཛི་གོ་པཱ་ལ་ཀེ་ན་གཱ་བཿ། བྲྀཙྪ་ཏེ་པྲཱཛྙཱོ་དྷཱརྨི་ཀེ་ན་དྷརྨཾ། ཀིཊ་ལའང་དེ་རྣམས་ཀྱིའོ་ཞེས་པས་ཡཎ་ཨིཀའོ། །བྷི་ཀྵྱེ་ཏེ་རཱ་ཛཱ་བྲཱཧྨ་ཎེ་ན་བསྟཱ་ཎི། ཙཱི་ཡ་ཏེ་བྷིཀྵོ་དེ་བ་དཏྟེ་ན་ཕ་ལཱ་ནི། ཙྭི་ཡང༌། ཡ་ཀ་ཀྱ་རྣམས་ལའོ་ཞེས་པས་རིང་པོ་ཉིད་དོ། །ཨུཙྱ་ཏེ་དྷརྨི་ཀོ་ཡ་ཏི་ནཱ་དྷརྨཾ། བྲུའི་བ་ཙ་ཞེས་པ་བ་ཙར་བསྒྱུར་རོ། །ཀི་ཏ་ལའང་དེ་རྣམས་ཀྱིའོ་ཞེས་པས་ཡཎ་ཨི་ཀའོ། །ཤི་ཥྱ་ཏེ་གུ་རུ་ཎཱ་ཤིཥྱིཿཀ་ཏ་ལ་ཤ་སཱའི་སི་སའོ། །ཀུའི་འང་ངོ་ཞེས་པས་ཥ་ཉིད་དོ། །ཎི་མཐའ་བྱེད་པ་པོ་དང་ལས། ཞེས་པའི་དོན་ཅི་ཞེ་ན། འགྲོ་བ་དང་རྟོགས་པ་དང་སྒྲའི་དོན་དང་ལས་མེད་པ་རྣམས་ཀྱིས་སྦྱར་བྱ་ལའོ་ཞེས་པས་ལས་གཉི་གའི་སྦྱར་བྱ་ལ་ཡང་ཎ་ལ་སོགས་པའི་ཆོ་ག་སྟེ། ག་མ་ཡ་ཏི་གྲཱ་མནྡེ་བ་དཏྟཿ། ག་མྱ་ཏེ་དེ་བ་དཏྟོ་ཡཛྙ་དཏྟེཿ། ག་མྱ་ཏེ་དེ་བ་དཏྟཾ་ཡཛྙ་དཏྟེ་ན་གྲཱ་མཿ། བོདྷ་ཡ་ཏི་མཱན་པ་ཀ་དྷརྨཾ་ཡཛྙ་དཏྟཿ། བོདྷ་ཡ་ཏི་མཱ་ན་པ་ཀོ་དྷརྨ་ཡཛྙ་དཏྟེ་ན། བོ་དྷྱ་ཏི་མཱན་བ་ཀཾ་དྷརྨ་ཡཛྙ་དཏྟེ་ན། བེ་ད་ཡ་ཏི་ཤཱསྟྲམྶུ་ཏྲཾ་པི་ཏཱ། བེ་དྱ་ཏེ་ཤཱསྟྲམྶུ་ཏྲཾ་པི་ཏཱ། བྷོ་ཛ་ཏི་བྲཱཧྨ་ཎ་ནོ་ད་ནི་གྲྀ་ཧསྠཿ། བྷོ་ཛྱནྟེ་བྲཱཧྨ་ཎཱ་ན་ཨོ་ད་ནཾ་
གྲི་ཧསྠེ་ན། བྷོ་ཛྱ་ཏེ་བྲཱཧྨ་ཎཱ་ཨོ་ད་ནོ་གྲྀ་ཧསྠེ་ན། པཱ་ཐ་ཡ་ཏི་མཱ་ན་བྷ་ཀཾ་བེ་དྱ་མུ་པཱ་དྷྱཱ་ཡཿ། པཱ་ཥྱ་ཏེ་མཱ་ན་བ་ཀོ་པེ་ད་མུ་བཱ་དྱཱ་ཡེ་ན། པཱ་ཥྱ་ཏེ་མཱ་ན་བ་ཀམྦེ་ད་ཨུ་པཱ་དྱཱ་ཡེ་ན། ཨཱ་ཤ་ཡ་ཏེ་མཱ་སནྡེ་བ་དཏྟཾ་བིཥྞུ་མི་ཏྲ། ཨཱ་སྱ་ཏི་མཱ་སོ་དེ་བ་དཏྟཾ་ཡཛྙ་དཏྟེ་ན། ཨཱ་སྱ་ཏེ་མཱ་སཾ་དེ་བ་དཏྟོ་བིཥྞུ་མི་ཏྲེ་ཎ། སཱ་ཡ་ཡ་ཏི་པ་ཏི་པ་ཏིཾ་མ་ཡཾ་བྷཱརྻ། སཱ་ཡྻ་ཏེ་བ་ཏིརྨཱ་སཾ་བྷཱརྨཱ། སཱ་ཡྻ་ཏེ་པི་ཏཾ་མཱ་སོ་བྷཱརྨཱ། རྣམས་ཏེ་སྦྱོར་བ་པོའི་བྱ་བ་ལ་ཎའོ། །བྱེད་པ་དང་ལས་དང་དངོས་པོ་དག་ལ་དངོས་པོ་དང་ལས་དག་ལའོ་ཞེས་པས་ཏངའོ། །ན་ཡ་ཏེ་དེ་བ་དཏྟོ་གྲཱ་མངྒཿནཱ་པ་ཡི་ཏ་བ་དཏྟ་ན་སཱཾ་གྲཱ་མ་ཡཛྙ་དཏྟཿ། ཁཱ་ད་ཡ་ཏི་ཨ་སྭོ་གྡྷཱ་སཾ། ཁཱ་ད་ཡ་ཏི་ཨ་སྦེ་ན་མཱ་སཾ་དེ་བ་དཏྟཿཨིནྟེ་དེ་བ་དཏྟཿཔཱ་ཡ་སཾ། ཨཱད་ཡ་ཏེ་དེ་བ་དཏྟ་ན་པཱ་ཡ་སཾ་ཡཛྙ་དཏྟ། རྣམས་ཏེ། འགྲོ་བ་དང་རྟོགས་པ་དང་ཟས་དང་སྒྲའི་དོན་དང་ལས་མེད་པ་རྣམས་ཀྱིས་སྦྱར་བྱ་ལའོ་ཞེས་པས་གཉིས་པ་ཐོབ་ལ། ནཱ་ཁཱ་དྱ་དི་ཧྭཱ་ཤཔྡཱ་ཡ་ཀྲནདའི་མ་ཡིན་ནོ་ཞེས་པའི་དགག་པ་ལའོ། །མཐར་ནི་ཎིའི་མཐའ་ལས་གཡོ་བ་དང་ཟས་ཀྱི་དོན་ལས་སོ་ཞེས་པས་ཏང་དང་ཨཱན་དག་དགག་པ་ཐོབ་པ་ལ། འབྲས་བུ་ལྡན་པ་དང་བྱེད་པ་པོ་ལ། ན་པཱ་ད་མ་ཡ་མཱ་ཡས་པ་རི་མུ་ཧཱ་ཏི་རུ་ཙནྱནྟི་དྷེཊུ་ད་པ་ས་ཞེས་པའི་དགག་པ་ལས་འབྲས་བུ་ལྡན་པ་ལ་ཞེས་པ་ཏངའོ། བ་ཧནྟི་རཾ་བི་ལཱི་བརྡྷཱཿ་བཱ་ཧ་ཡ་ཏི་བ་ལཱི་བརྡྷཱེ་རཾ་དེ་བ་དཏྟཿ་མཱ་སཾ་དེ་བ་དཏྟཿ། ཨིནྟེ་དེ་བ་དཎྟཿ་པཱ་ཡ་སཾ། ཨཱད་ཡ་ཏེ་དེ་བ་དཏྟ་ན་པཱ་ཡ་སཾ་ཡཛྙ་དཏྟ། རྣམས་ཏེ། འགྲོ་བ་དང་རྟོགས་པ་དང་ཟས་དང་སྒྲའི་དོན་དང་ལས་མེད་པ་རྣམས་ཀྱིས་སྦྱར་བྱ་ལའོ་ཞེས་པས་གཉིས་པ་ཐོབ་ལ། ནཱ་ཁཱ་དྱ་དི་ཧྭཱ་ཤཔདཱ་ཡ་ཀྲནདའི་མ་ཡིན་ནོ་ཞེས་པའི་དགག་པ་ལའོ། །མཐར་ནི་ཎིའི་མཐའ་ལས་ཡང་སྦྱོར་བ་པོའི་བྱ་བ་ལ་ནི་ཙའོ་ཞེས་སྒྲུབ་པར་བྱེད་པ་དེ་ལ་ནི་འདི་ལྟར་འགྱུར་ཏེ། བྷཀྵ་ཡ་ཏི་པཎྜིནྡེ་བ་དཏྟེ་ན་ཡཛྙ་དཏྟཿ། སྔ་མའི་ཎི་ཙོ་ཎ་ར་ཎི་ཊི་ཞེས་པས་དབྱིའོ། །ཟས་ཀྱི་དོན་ལས་གཉིས་པ་ཐོབ་པ་ལ། ཐཀྵ་ར་ཧི་ན་སཱ་ཡཱམ། ཞེས་པའི་དགག་པ་ལས་ཏཾ་ལས་ནི་དགག་པ་མེད་དོ། །བྷཀྵ་ཡནྟི་བ་ལཱི་བརྡྷཱན་དེ་བ་དཏྟཿ་དེ་ལྟ་བུ་རྣམས་ནི་བཤད་པའི་བྱེད་པ་པོའི་རབ་ཏུ་སྦྱོར་བའོ། །མ་བཤད་པའི་ལས་ཀྱང་བརྗོད་པར་བྱ་སྟེ། ནཱ་མྱ་ཏེ་གོརྒྲཱ་མནྡེ་བ་དཏྟོ། གཽརྒྲཱ་མ་དེ་བ་དཏྟེ་ན་ཡཛྙ་དཏྟ། ཁཱ་དྱ་ཨ་སྭེ་ན་གྷཱ་སཾ་དེ་བ་དཏྟེ་ན། ཨཱ་དྱ་ཏེ་ཨོ་ད་ནཾ་དེ་བ་དཏྟ་ན་ཡཛྙ་དཏྟཿ། བཱ་ཧྱ་ཏེ་གྲཱ་མཾ་དེ་བ་དཏྟེ་ན་ཡཛྙ་དཏྟཿ་
དྲཱ་ཧྱ་ཏེ་བྷ་རོ་པ་ལཱི་བརྡྷེ་གྲཱ་མཾ་དེ་བ་དཏྟེ་ན། བྷ་ཧྱནྟེ་བྷཱ་རཾ་བ་ལཱི་བརྡྷཱ་དེ་བ་དཏྟེ་ན། བྷཀྵནྟེ་བིཥྱཾ་དེ་བ་དཏྟེ་ན་ཡཛྙ་དཏྟེ་ན། ཧིཾ་སཱ་ཡཱཾ་པུ་ནཿབྷཀྵྱནྟེ་བ་ལི་བརྡྷཱན། ཡ་བ་དེ་བ་དཏྟེ་ན། ཞེས་པ་རྣམས་ཏིང་གི་རབ་ཏུ་སྦྱོར་བ་རྣམས་བཤད་ཟིན་ཏོ། །ཨ་ཛཱ་ནི་ཏ་བྱཱ་ན་ཡ་ནཱི་ཏཱ་བཱ་དེ་བ་དཏྟེ་ན། དེ་བ་དཏྟ་སྱ་བཱ། བྷ་རོ་བོ་ཌྷ་བྱོ་ཧཱི་ཡོ་བཱ་ཧྱ་ཨུ་ཌྷོ་བཱ་གྲཱ་མཾ་ཙཻ་ཏྲ་ཎ། ཀུམྦྷོ་ཧརྟྟ་བྱ་ཧ་ར་ཎཱི་ཡོ་ཧཱརྻོ་ཧྲི་ཏོ་བཱ་གྲཱ་མམྦིཥྞུ་མི་ཊེ་ཎ། ཨ་ཀཪྵྱོ་རཱ་ཛཱ་ཨཱ་ཀཪྵྱ་ཨཱ་ཀཪྵ་ཎེ་ཡ། ཨཱ་ཀྲྀཥྚོ་བཱ། གྲཱ་མམ་མ་ནུ་ཥྱེཎ། ཡཛྙ་དཏྟོ་ཛྱོ་ཏ་བྱོ་ཛ་ཡ་ནཱི་ཡོ་ཛ་ཏོ་བཱ་ཤ་ཏནད་བ་དཏྟེ་ན། གརྒཱཎྜ་ཡ་ཏི་བྱོ། དཎྜ་ཡི་ཏཱ་དཎྜ་ནཱི་ཡོ། དཎྜཱཎྡི་མུ་བཱ་སཱ་ཏཾ་བྲཧྨ་དཏྟེ་ན། དོགྡྷ་བྱོ། དོ་ཧ་ནཱི་ཡོ། དུ་ཧཱ། དུ་གདྷཱ་བཱ། གོ་ཀྭ་ཡཱཾ་སི་གོ་པཱ་ལ་ཀེ་ན། ཡཱ་ཙི་ཏ་བྱོ། །ཡཱ་ཙ་ནཱི་ཡོ། ཡ་ཙྱོ། ཡཱ་ཙི་ཏཱ་པཱ། ཀམྦ་ལ་མཱི་ཤྭ་རོ་བྲཱཧྨ་ཎེ་ན། རོདྡྷ་ནཱི་ཡོ། རོདྷྱཱ། རུདྡྷ་བཱ། བྲ་ཛོ་གོ་པཱ་ལ་ཀེ་ན། པྲྀཥྚ་བྱོ། པྲྀཥྚབཱ། དྷརྨཱཾ་ཤིཥྱེཎ་གུ་རུཿ། བྷཀྵི་ཏ་བྷྱོ། བྷིཀྵི་ཎཱི་ཡོ། བྷིཀྵྱོ་ཏོ། བཱ་བྲཱཧྨ་ཎེ་ན་བསྟྲི་ཎཱི། ཙེ་ཏ་བྱ་ཤྩཡ་ནཱི་ཡཱ་ཤྩ་ཡཱ་ཤིཙ་ཏོ་བཱ། བྲྀཀྵཿ། ཕ་ལཱ་ནི་དེ་བ་དཏྟེ་ན། བཀྟོ་བྱོ། བ་ཙ་ནཱི་ཡོ། བཙྱ། ཨུཀྟོ་བཱ། དྷརྨཾ་ཤིཥྱོ་གུ་རུ་ཎཱ། ཤཱ་སི་ཏ་བྱཿ། ཤཱ་ས་ནཱི་ཡཿ། ཤིཥྚོ་བཱ་དྷརྨོ་མཱ་ན་བ་ཀ་མུ་པཱ་དྷྱཱ་ཡེ་ན། ཨུ་པཱ་དྷྱཱ་ཡ་སྱེ་བཱཿ། བོ་དྷ་ཡི་ཏ་བྱོ། བོདྷ་བྱོ། བོ་དྷ་ནཱ་ཡོ། བོ་དྷྱོ། བི་དྷི་ཏོ་བཱ། མཱ་ན་བ་ཀོ། །དྷརྨ་མུ་པཱ་དྷྱཱ་ཡེ་ན། བོ་དྷ་ཡི་ཏ་བྱོཿ། བོ་དྷི་ནཱི་ཡོ། བོ་དྷྱོ། བོ་དྷི་ཏོ། མཱ་ཎ་བ་ཀནྡྷརྨཾ། ཨུཔཱ་དྷྱཱ་ཡ་ན། བ་ད་ནི་ཡོ། ཐེ་དི་ཏཿ། ཤསྟྲཾ་བུ་ཏྲ་པི་ཏཱ་པེ་དི་ཡ་ཏ་བྱཾ། བེ་ད་ནཱི་ཡཾ། བེ་དྱཾ་བེ་དི་ཏཾ། ཤསྟྲཾ་པུ་ཏྲམྤ་ཏཱི། ཛྙཱ་བ་ཡི་ཏ་བྱོ་ཛྙཱ་པ་ནཱི་ཡོ་ཛྙཱ་པྱཱ་ཛྙཱ་བི་ཏཿ། ཤསྟྲཾ་པུ་ཏྲ་པུ་ཏཱ། ཛྙཱ་པ་ཡ་ཏ་བྱོ། ཛྙཱ་པ་ནཱི་ཡོ། ཛྙ་པ་ཏོ་བཱ་ཤཱ་སྟྲམ་བུ་ཏྲཾ་པི་ཏཱ། བྷོ་ཛྱ་ཡི་ཏ་བྱོ། བྷོ་ཛྱ་ནཱི་ཡོ། བྷོ་ཛྱོ། བྷོཛིཏཱ། བྲཱ་ཧྨ་ཎ་བྷོ་ཛ་ཡི་ཏ་བྱོ། བྷོཛ་ནཱི་ཡོ། བྷོ་ཛྱོ། བྷོ་ཛཾ་ཏོ། བྲཧྨ་ཎཱ་ནོ་ད་ནདྒྲྀ་ཧསྠེ་ན། ཨཱ་སི་ཡ་ཏ་བྱོ། །ཨཱ་སྱ། བྲཱཧྨ་ཎཱ་ནོ་ད་ནདྒྲྀ་ཧསྠེ་ན། ཨཱ་ས་ཡི་ཏཱ་བྱ། ཨཱ་ས་ནཱི་ཡི། ཨ་སྱ། ཨཱ་སི་ཏཱ། བྲཱཧྨ་ཎཱ་ནོ་ད་ནོ་དེ་བ་དཏྟེ་ན། པཱི་ཋ་ཡ་ཏི་བྱ། པཱ་ཋ་ནཱི་ཡ་པཱཥྱ། པཱ་ཋི་ཏོ། མཱ་ན་བ་ཀོ་བེ་ད་མུ་པཱ་དྷྱཱ་ཡེ་ན། པཱ་ཋ་ཡི་ཏ་བྱཿ། པཱ་ཋ་ནཱི་ཡཿ། པཱ་ཋྱ། པཱ་ཋི་ཏོ། མཱ་ན་པ་ཀཾ་བེ་ད་ཨུ་པཱ་དྱཱ་ཡེ་ན། ཨ་དྷྱཱ་པ་ཡི་ཏ་བྱོ྅། དྷྱཱ་པ་ཏིཿ་ཤི་ཥྱཿཤཱསྟྲ་མུ་བ་དྷྱཱ་ཡེ་ན། ཨ་དྷྱཱ་པི་ཏ་བྱ་མ་དྷྱཱ་ནཱི་ཡ་མ་དྷྱ་ནཱི་ཡ་མ་དྷྱཱ་པྱ་མ་དྷྱཱ་པ་ཏིཾ། ཤཱ་ཥ་ཡི་ཏ་བྱཿ་ཤཱ་ས་ནཱི་ཡཿ་
ཤཱཥྱཿ། སི་ཥ་ཏཿ། པ་ཏི་མཱ་མབྷཱརྻ་སཱཥ་ཡི་ཏ་བྱཿ། སཱ་ས་ནཱ་ཡཿ། སཱ་སྱཿ། སཱ་ཥི་ཏཿ། ས་ཏི་མཱ་སོ་བྷཱརྻཱཿ། ཡོ། བྷརྻ་ཡཱ་བཱ། ཨཱ་ས་ཡི་ཏ་བྱ། ཨཱ་ས་ཡི་ནཱ་ཡ། ཨ་སྱ། ཨ་སི་ཏི། པ་ཏི་མཱ་སམྦྷཱརྻཱ། ཨཱ་ས་ཡི་ཏ་བྱ། ཨཱ་སི་ནཱ་ཡཿ། ཨཱ་སྱ། ཨཱ་སི་ཏཿ། པ་ཏིམྨཱ་སོ་བྷརྻ་ནཱ་ཡི་ཏ་བྱོ། ནཱ་ཡ་ནཱི་ཡོ་ནཱ་ཡྻོ། ནཱ་ཡི་ཏོ་གྲ་མནྡེ་བ་དཏྟེ་ན། ཡཛྙ་དཏྟེ་ན། ཨ་ད་ཡི་ཏ་བྱཿཨ་ད་ནཱི་ཡ། ཨཱ་དྱ། ཨ་དི་ཏ། ཨོ་ན་མྦཱ་ལ་བིཥྞུ་མི་ཏྲི་ཎ། བཱ་ཧ་ཡི་ཏ་བྱོ། བཱ་ཧ་ནཱི་ཡོ། །བཱ་ཧྱོ། བཱ་ཧི་ཏེ། བྷཱ་རདྒྲཱ་མཾ་དེ་བ་དཏྟེ་ན། ཁཱ་ད་ཡི་ཏ་བྱཿ། ཁཱ་ད་ནཱ་ཡཿ། ཁཱ་དྱཿ། ཁཱ་དི་ཏོ། གྷཱ་ས་མ་སྭོ་དེ་བ་དཏྟེ་ན། ཨཱ་ད་ཡི་ཏ་བྱ། ཨཱ་ད་ནི་ཡ། ཨཱ་དྱཿ། ཨཱ་དེ་ཏཿ། གྷ་སོ྅ སྲཾ་དེ་བ་དཏྟེ་ན། བཱ་ཧ་ཡི་ཏ་བྱོ། །བཱ་ཧ་ནཱི་ཡོ། བཱ་ཧྱོ། བཱ་ཧི་ཏཱ། བྷཱ་རངགྲ་མམྦ་ལཱི་བརྡྡྷཱ་དེ་བ་དཏྟེ་ན། བཀྵ་ཡི་ཏ་བྱོ། བཀྵ་ནཱི་ཡོ། །བཀྵྱོ། བཀྵོ་ཏོ་བཱ་སཎྜཱི། དེ་བ་དཏྟོ་ཡཛྙ་དཏྟེ་ན། བཀྵི་ཏ་བྱོ། བཀྵི་ཎཱི་ཡོ། བཀྵྱོ། བཀྵི་ཏཱ། བཱ་བ་ལཱི་བརྡྡྷཱ་ཡ་བནྡེ་བ་དཏྟེ་ན། ཞེས་པ་ལ་སོགས་པ་རྣམས་ལ། ཏ་བྱ། ཨ་ནཱི་ཡར། ཀེ་ལི་མར་རྣམས་སོ། །ཡཏའོ། །རི་དང་ཧ་ལས་ཎྱཱ་ཏའོ། །དངོས་པོ་དང་ལས་དང་ལ་ཞེས་པས་ཀྟཱོ། །བྱ་བའི་དོན་ཨིག་གི་ཨ་ཏ་ཨེང་ངོ་ཞེས་པས་ཨཏ་ཨེང་ངོ༌། །ཨེཙའི་ཨ་ཡ་ཨ་ཝ་ཨཱ་ཡ་ཨཱ་ཝ་རྣམས་སོ། །སྦྱོར་བ་པོའི་བྱ་བ་ལ་ཎི་ཙའོ། །ཨ་ཙའི་ཞེས་པས་ཨཱཏ་ཨེ་ཙའི། །རྀ་ཀའི་ཨཎ་ལ་ར་ལ་དག་གོ །ཎའི་ཨིཊ་མ་ཡིན་པ་ལའོ། །ཏ་ཏ་བ་ཀཱི་ཀི་ཎི་བྱའོ། །ཝལ་དང་པོའི་ཨིཊའོ། །ཚིག་གཅིག་ལ་ར་ཥ་ལས་ནའི་ཎའོ་ཞེས་པ་ལ་སོགས་པའི་ཚིག་གི་སྒྲུབ་པ་རྣམས་ཇི་ལྟར་འབྱུང་བ་བཞིན་བསྒྲུབ་པར་བྱའོ་ཞེས་པ་འབྲེལ་བ་གྲུབ་པ་ལས་གཉིས་དང་ལྡན་པའི་བྱིངས་རྣམས་ཀྱི་གཙོ་བོ་དང་གཙོ་བོ་མ་ཡིན་པ་དང་བཤད་པ་དང་མ་བཤད་པའི་ལས་རྣམ་པར་དབྱེའོ།། །།ཏིང་གི་རབ་ཏུ་སྦྱོར་བ་རྣམས་མངོན་པར་བརྗོད་ནས། དེའི་འོག་ཏུ་སངའི་རབ་ཏུ་སྦྱོར་བ་སྐབས་སུ་བབ་པས་བཤད་པར་བྱ་སྟེ། སང་དང་གསུམ་རྣམས་ཀྱང་འཇུག་སྟེ། དངོས་དང་དེའི་ལས་བྱེད་པོ་ལ། །ཞེས་པའི་དོན་ཅི་ཞེ་ན། ཇི་ལྟར་ཏིང་གི་རབ་ཏུ་སྦྱོར་བ་རྣམས་དངོས་པོ་དང་བྱ་དང་ལས་བྱེད་པ་པོ་རྣམས་ལ་བསྟན་པ་དེ་བཞིན་དུ། རྣམ་པ་དྲུག་པོ་དང་གསུམ་པོ་ཡང་བལྟ་བར་བྱའོ། །སང་ཞེས་པས་ནི། བྱ་བའི་དོན་ལ་བྱས་པའི་ཕ་རོལ་གྱི་སྒྲུབ་པ་རྣམས་གསུངས་ཏེ། ཏི་ཛ་ལས་
བཟོད་པ་ལས་ནའོ་ཞེས་པའི་ས་ཡིག་ནས་བཟུང་སྟེ། མ་ཧིང་གི་བར་གྱི་སོ་སོར་བསྡུ་བ་གཟུང་བའི་ཕྱིར་རོ། །ཡང་དེ་རྣམས་ལས་སང་དངོས་བོ་ལ་འགྱུར་བ་ཅི་ཞེ་ན། དེའི་ཕྱིར་གསུངས་པ། དངོས་པོ་ལ་ནི་ཨཙ་ཨ་པ་ལྷུཊ། ཀྟིན་གྷཉ་ཡུ་ཙ་ཨ་ཨང་ཉིད་ཀྱང༌། ཞས་པའི་དོན་ནི་ཨ་ཙ། ཨ་པ། ལྷུཊ། ཀྟིན། གྷཉ། ཡུཙ། ཨ་ཨང་ཞེས་པ་འདི་རྣམས་ཀྱིས་སྒྲུབ་པ་དངོས་པོ་ལ་འགྱུར་ཏེ། བྱ་བ་དང་ལས་དང་བྱེད་པ་པོ་རྣམས་ལ་ནི་མ་ཡིན་ནོ། །དེ་ལ་ཨཙ་ནི། དཔེར་ན། མེ་ཏོག་རྣམས་ཀྱི་ཆོགས་ནི་པུཥྤ་ཙ་ཡཿ། བྱ་བའི་ངེས་པ་ནི། ཀཱརྨ་ནི་ཙཿ། ནད་ཀྱི་རྟེན་ནི་རོ་ག་ཤྭོ་ཡཿ། བི་ཛ་ཡཿ། ཞེས་པ་ལ་སོགས་པ་སྟེ། ཨི་ཡིག་མཐའ་ལས་བྱ་བའི་དོན་ལ་ཨེར་ཨེཙའོ། །ཞེས་དང༌། དངོས་པོ་ལ་ཨཙའོ། །ཨཙ་དང་ཨཔ་དང༌། གྷཉའི་མཐའ་ཅན་འདི་རྣམས་ཕལ་ཆེར་སྐྱེས་པ་ལ་འཇུག་གི་བུད་མེད་ལ་མ་ཡིན་ནོ། །ནཱ་པི་ན་པུཾ་ས་ཀ །ཨཔ་ནི་དཔེར་ན། ཤརཿ། ནི་ཀ་རཿ་ཨུ་ཀ་རཿ་ག་རཿ་ཨསྟ་རཿ་པ་རཿ་སྟ་པཿ་ན་པཿ་པ་བཿ་ད་པཿ་བྲ་བྷ་ཝཿ་ཨུ་པ་དྲ་བཿ་བྱ་བཿ་ར་བཿ་བླ་བཿ་པྲ་ཎ་བཿ། ཞེས་པ་ལ་སོགས་པ་རྣམས་ཏེ། རིཊ་ཀྱི་ཨུཏ་ལས་ཨཔའོ་ཞེས་པས་ཨ་པའོ། །གྲ་ཧཿ། བ་རཿ་ཨ་དརཿ་ནིཤྩ་ཡ། ཨཱ་ག་མཿ་བས་ར་ཎཿ། གྲ་ཧཿ། རྣམས་ཏེ། བྲྀ་དྲྀ། ནཤྩ། ག་མ། བ་ས་ར་ཎ་རྣམས་ལས་སོ་ཞེས་པས་ཨ་པའོ། །བྱ་དྷཿ་ཛ་པཿ་བྱ་དྷ། ཛ་པའི་བྲ་ལ་སོགས་པ་མེད་པ་ལས་སོ་ཞེས་པས་ཨ་པའོ། །ལྷུཊ་ནི་དཔེར་ན། ཨོ་ད་ན་སྱ་པ་ཙ་ནཾ་ཤོ་བྷ་ནཾ་བྷ་ར་ཎཾ། ཤར་ཎཾ། བཱ་ནཾ། དཪྴ་ནཾ། བ་ད་ནཾ། བ་ཧ་ནཾ། ཀ་ར་ཎཾ། ཧ་ར་ཎཾ། སམྤ་ར་ཎཾ། ཤོ་ཥ་ཎཾ། ག་མ་ཎཾ། བྷོ་ཛ་ནཾ། སྒཱ་ནཾ། པཱ་ནཾ། ཤ་ཡ་ནཾ། ཤ་ཡྻ་རྫ་ནཾ་ཡང་བ་མཐའ་ཉེའི་ཨཏ་ལས་སྲི་ཛེ་རཏ། མཱ་ནེ། ཨརྩྩ་ནཾ། པཱུ་ཛཾ་ནཾ། བུ་དྡྷཱ་ནཾ། བནད་ནཾ། ཞེས་པ་ཡང་ངོ༌། །དེ་བཞིན་དུ། ཤ་ར་ཎཾ། ཤ་ར་ཎཾ། ཀྲྀ་ཌ་ཎཾ། ཀཱུ་ཛ་ནཾ། པཱུ་ར་ཎཾ། ད་ནཾ། ལྷུཊ་ཞེས་པས་ཁུར་ལ། ལྷུཊ། པཱུ་ནཱ་ཏི་ལ་འདིས། པ་བ་ནཾ། ཞེས་པ་དང༌། ཤྲྀ་ཎཻ་ཏི་ལ་འདིས། ཤྲ་བ་ཎཾ་ཞེས་པ་དང༌། ཀ་རོ་ཏི་ལ་འདིས་ཀ་ར་ཎཾ་ཞེས་པ་དང༌། པྲྀ་ཎ་ཎོ་ཏི་ལ་འདིས། བ་ར་ཎཾ་ཞེས་པ་དང༌། ཨཱ་བྲྀ་ཎོ་ཏི་ལ་འདིས། བརྞྞཾ་སྟེ། བྱེད་པ་ལ་ལྷུཊའོ། །ཡང་དག་པར་རབ་ཏུ་གསལ་བར་བྱེད་པ་དེ་ནི་ཡང་དག་པར་
རབ་ཏུ་སྦྱིན་པ་སྟེ། ཡང་དག་པར་རབ་ཏུ་སྦྱིན་པ་ལ་བཞི་པའོ། །འདི་ལ་འབྱུང་ཁུངས་བྱེད་དོ་ཞེས་པས། ཨ་དྷི་ཀ་ར་ཎཾ། གནས་བཞི་ལ། ཥེ་བ་ནཾ། ཤཱི་བ་ནཾ། ནིཥྛཱ་བ་ནཾ། ནིཥྛཱེ་བ་ནཾ། ནི་ཤཱི་བ་ནཾ། ཥཱི་བུ་ཤི་བ་ལས་རེང་པོ་ཡང་ངོ་ཞེས་པས་ལྷུཊའོ། །མང་པོ་ལ་རིང་པོའོ། །ཀ་ར་ཎཾ་ཀྲིཉ་ལས་བྱེད་པ་པོ་ལ་ཞེས་པས་ལྷུཊའོ། །མང་པོ་ཡང་ངོ༌། །ཀྟིན་ནི་དཔེར་ན། པུ་ཎྱ་ཀྲྀ་ཏ། འབྲེལ་པ་འཆད་པར་འདོད་པའི་ལས་ལ་དྲུག་པའོ། །བྷོ་ཛ་ནཾ། བྷུཀྟིཿ། ཤྲིཏིཿ། བྷཀྟིཿ། སྟུ་ཏིཿ། བུདྡྷཿ། མ་ཏིཿ། བྷཱི་ཏིཿ་པྲཱ་ཏིཿ་པྲ་ནིཿ་པ་བ་ནི། པཱ་ཏི་པཀྟིཿ། བུད་མེད་ལ་ཀི་ནའོ་ཞེས་པས་བུད་མེད་ཀྱི་རྟགས་ལ་དངོས་པོ་ལ་ཀིན་ནའོ། །མཱ། སྠཱ། སཱ། གཱ། བི་བ། ཧ་ཀ །དཱ། དྷཱ་རྣམས་ཀྱི་ཧ་ལའོ། །ཞེས་པས་ཨི་ཉིད་དོ། །གྷཉ་ནི་དཔེར་ན། ཨོ་ད་ན་སྱ་པཱ་ཀཿ། པཱ་པ་སྱི་ཡོ་གཿ། ཏྱཱ་གཿ། རཱ་གཿ་བཱ་དཿ། བྷེ་དཿ་ཙྪེ་དཿ་པྲ་པཱ་དཿ་སྐནྡཿ་གྲནྠཿ་བྷངྒཿ་སངྒཿ། ཞེས་པ་དེ་ལྟ་བུ་ལ་སོགས་པ་དངོས་པོ་ལ་གྷཉ་སྟེ་བྱེད་པ་པོ་ལའང་ངོ༌། །ཞེས་པས་གྷཉའོ། །དེ་བཞིན་དུ། པཱ་དཿ་པེ་ཤཿ་སྤཪྵཿ་སཱ་རཿ་ཨ་ནུ་བྷཱ་བཿ་པ་བྷཱ་བཿ། ཞེས་པ་ཡང་པྲ་ལ་སོགས་པའི་བསྡུ་བའོ། །རྗེས་སུ་རྟོགས་པའི་དངོས་པོ་ནི། ཨ་ནུ་བྷཱ་བཿ། རབ་ཏུ་འགྱུར་བའི་དངོས་པོ་ནི། པྲ་བྷཱ་བཿ། ཀུ་པྲ་ལ་སོགས་པ་སུ་པའི་སྒྲུབ་པ་ལ་རྟག་ཏུའོ་ཞེས་པས་བསྡུ་བའོ། །ཡུཙ་ནི་དཔེར་ན། བྱེད་པ་པོ་ལ་རབ་ཏུ་སྦྱོར་བ་སྟེ། ཀཱ་ར་ཎཱ། པཱ་ཏ་ནཱ། བེ་ད་ནཱ། པཱ་པ་ནཱི། སོ་ཥ་ཎཱ། སྲནྠ་ནཱ། ཨུ་པཱ་ས་ནཱ། གྷཊྚ་ཎཱ། བནད་ནཱ། ན་ཤྲནྠ། གྲནྠ། བི་དཱ་ས། གྷཊྚ། བནད་ལས་སུ་ཙའོ་ཞེས་པས་ཡུ་ཙའོ། །ཨ་ནི་དཔེར་ན། ཀ་ཊ་སྱ་ཙི་ཀཱཪྵ། གྷ་ར་སྱ་ཇི་ཧིཪྵཱ། ཛི་ག་མི་ཥཱ། བུ་བྷུ་ཀྵ། ཙི་ཀཏྶཱི། ཏུཥྚ་ཥ། ཏ་ཏིཀྵཱ། ཛི་ཛྙཱ་ཥཱ། ཛུ་གུཔྶཱ། མཱི་མཱིནྶཱ། པི་པཀྵྱ། དི་པཱ་དྷི་སཱ། ལིཔྶཱ་མི་མཱི། ཞེས་པ་ལ་སོགས་པ། ཨཙ། ཨེསའོ་ཞེས་པས་ཨ་སའོ། །ཨ་ས་ནི་དཱིའི་མཐའ་ལས་སོ་ཞེས་པས་བུད་མེད་ཀྱི་རྟགས་ལ་དངོས་པོ་ལ་འབྱུང་ཁུངས་ཨ་ཙ་ལས་ཌཱ་པའོ་ཞེས་པས་ཌཱ་པའོ། །མཐའ་ཨ་ཙ་ལ་སོགས་པ་ཞེས་པས་མཐའི་ཨ་ཙ་ལ་སོགས་པ་དབྱིའོ། །དཱི་ཨཱེབ་ཀྱི་རིང་པོ་ལས་སོ་ཞེས་པས་སུ་དབྱིའོ། །ཤིཀྵཱ། བྷིཀྵཱ། ཀུཎྜཱ། ཧུནྡཱ། ནནྡཱ། ལྕི་བའི་ཧལ་ལས་སོ་ཞེས་པའི་བསྒྲུབ་པ་མེད་དོ། །ཌ་བྷ་ལྷག་པ་ལས་ངའི་བསྒྲུབ་པ་བཞིན་ལས་སོ། །ཨང་ནི་དཔེར་ན། བྷ་དཱི། ཙི་དཱ་
ཙྪེ་དཱ། པ་རཱ། ཨ་པ་ཏྲ་པཱ། ཀྵ་མཱ། ཀྲྀ་པཱ། ཞེས་པ་དེ་ལྟ་བུ་ལ་སོགས་པའོ། །བྷིད་སོགས་དང་ཥིད་ལས་ཨང་ངོ་ཞེས་པས་ཨངའི་སྒྲུབ་པའོ། །དངོས་པོ་འབའ་ཞིག་བརྗོད་པ་སན་ལ་སོགས་པ་རྣམས་བཤད་ཟིན་ཏོ།། །།འདྲེས་པ་བརྗོད་པ་འདི་ནས་བཤད་པར་བྱ་སྟེ། འདྲེས་པ་བརྗོད་པ་རྣམས་གང་ཞེ་ན། དེའི་ཕྱིར་བཤད་པ། བྱིངས་ལས་ལས་བཅས་ལས་མེད་ལ། །ལས་དང་དངོས་པོ་ཀྟ་འགྱུར། །ཞེས་པའི་དོན་ཅི་ཞེ་ན། གང་གི་ཚེ་ཀྟའི་སྒྲུབ་པ་ལས་དང་བཅས་པའི་བྱིངས་རྣམས་ལ་འགྱུར་བ་དེའི་ཚེ་ལས་ཉིད་ལ་འཇུག་སྟེ། དཔེར་ན། དེ་བ་དཏྟེ་ན་བྷུཀྟ་ཨོ་ད་ནཿ་པཱུ་ཛི་ཏ་བུདྡྷོ་བྷ་ག་བནྟོ་དྷརྨི་ཀེཿ་པརྨི་པཱ་སི་ཏ་གུར་བཿ་སཛཱ་ནཻཿ་ཨཱ་རཱ་དྷི་ཏོ་ནྲྀ་པ་ཏི་པྲ་ཛཱ་བྷིཿ་ཀྲྀ་ཏཿ་ཀཊ་ཤྩཻ་ཏྲེ་ཎ། གང་གི་ཚེ་ལ་མེད་པ་རྣམས་ལ་བསྒྲུབ་པ་དེའི་ཚེ་དངོས་པོ་ལ་འཇུག་གོ །དེའི་རབ་ཏུ་སྦྱོང་བའི་བྱེད་པ་རྣམས་ནི་རྣམ་དབྱེས་གསལ་བར་བྱེད་དེ། དྲུག་པ་དང་གསུམ་པས་སོ། །དྲུག་པ་ནི་དཔེར་ན། དེ་བ་དཏྟེ་སྱ་བྷུཀྟཾ། ཙྪ་སྱ་ས་ཧི་ཏཾ། མ་ཡཱ་ར་ནྲྀ་ཏཾ། ཀོ་ཀི་ལ་སྱ་བྱ་བྲྀ་ཏ། ཞེས་པ་ལྟ་བུ་སྟེ་བྱེད་པ་པོའི་འབྲེལ་པ་དྲུག་པའོ། །འགའ་ཞིག་ཏུ་གསུམ་པ་འགྱུར་བ་ནི། དཔེར་ན། དེ་བ་དཏྟེ་ན་བྷུཀྟཾ། ཙྪ་ཎ་ས་ཧི་ཏཾ། མ་ཡཱུ་རེ་ཎ་ནྲྀ་ཏཾ། ཀཽ་ཀ་ལེ་ན་བྱཱ་ཏྲཾ་ཏཾ། ཞེས་པ་ལྟ་བུ་སྟེ་བྱེད་པ་པོ་ལ་གསུམ་པའོ། །གང་གི་ཚེ་ཡང་ལས་དང༌། ལས་དད་བཅས་པ་ཅན་གྱི་བྱ་བའི་དོན་རྣམས་འགྱུར་བ་དེའི་ཚེ་ནི་ལས་དང༌། ལས་དང་བཅས་པ་རྣམས་ལ་རྣམ་དབྱེ་གསུམ་པའི་དང་པོ་ཉིད་བྱེད་པ་པོ་སྟེ། གཞན་ནི་མ་ཡིན་ནོ། དཔེར་ན། དེ་བ་དཏྟེ་ན། ཏཱིརྞྞ་སྶ་མུ་དྲཿ། ཞེས་པ་ལྟ་བུ་སྟེ། ཏ་དང་ཏ་བཏ་དག་གི་ར་ད་ལས་དའི་ཡང་ངོ་ཞེས་པས་ནི་ཉིད་དོ། །ཚིག་གཅིག་ལ་ར་ཥ་ལས་ནའོ་ཎའོ་ཞེས་པས་ཎ་ཉིད་དོ། །སཱརྻ་ཎ་དི་པི་ཏཾ་ཛ་གད། ཡང་ཏ་བྱ་ལ་སོགས་པ་རྣམས་ཅི་ལ་འཇུག་པར་བྱེད་ཅེ་ན། གསུངས་པ། ཏ་བྱ་བ་ལ་སོགས་ཁ་ལའི་དོན། །དེ་དག་ཉིད་ནི་རྗེས་སུ་འཇུག །ཅེས་ཏེ། དེ་དག་ཉིད་ནི་དངོས་པོ་དང་ལས་དག་སྟེ་ཏ་བྱ་ལ་སོགས་པ་རྣམས་དང༌། ཁ་ལའི་དོན་རྣམས་ཀྱང་བསྒྲུབ་པར་འགྱུར་རོ། །བྱེད་པ་པོའི་མ་ཡིན་པའི་དངོས་པོ་དང་ལས་དག་ལའོ་ཞེས་པ་འདིས་ཏ་བྱ་བ་ལ་སོགས་པ་དང་ཁ་ལའི་དོན་རྣམས་ཀྱང་མང་པོ་ལ་སྤྱིར་བཏང་བའི་ཕྱིར་རོ། །དངོས་པོ་དང་ལས་དག་ཉིད་ཀྱང་ལས་
དང་བཅས་པའི་བྱ་བ་རྣམས་ལ་སྒྲུབ་པར་བྱེད་ཀྱིས་ལས་མེད་པ་རྣམས་ལ་ནི་མི་འགྱུར་རོ། །ལས་མེད་པའི་བྱ་བའི་དོན་རྣམས་ལ་ནི་དངོས་པོ་ཁོ་ན་འགྱུར་རོ། །ཏ་བྱ་ལ་སོགས་པའི་སྒྲུབ་པ་དེ་རྣམས་ཀྱང་ཅི་ཞེ་ན། ཏ་བྱཿ་དང་ནི་ཨ་ནཱི་ཡར། །ཀེ་ལི་མར་དང་ཡར་ཀྱང་ཎྱཏ། །འདི་རྣམས་སྒྲུབ་པ་གང་ཡིན་པ། །མཁས་པ་ཏ་བྱ་སོགས་སུ་བཤད། །དེ་ལ་ཏ་བྱ་ནི། རེ་ཞིག །ཨོ་ད་ནཿ། པཀྟ་བྱ་དེ་བ་དཏྟེ་ན། ཡང་ན་དེ་བ་དཏྟ་སྱ། ཀ་ཊ། ཀརྟྟ་བྱོ་དེ་བ་དཏྟེ་ན། ཡང་ན་དེ་དི་ཏ་བྱཾ། ཨུ་པ་ཥི་ཏ་བྱཾ། ས་ཧི་ཏ་བྱཾ། བྷ་ཧི་ཏ་བྱཾ། ཨུ་ཥི་ཏ་བྱཾ། བརྡྷི་ཏ་བྱཾ། བྷོཀྟ་བྱཾ། དཱ་ཏ་བྱཾ། གཱ་ཏ་བྱཾ། སྲོ་ཏ་བྱཾ། སེ་པྲི་ཏ་བྱཾ། རོ་ཙ་ཡི་ཏ་བྱཾ། པ་ཐི་ཏ་བྱཾ། བྲ་ཧརྟྟ་བྱཾ། ཛྙཱ་ཏ་བྱཾ། ཞེས་པ་འདི་ལྟ་བུ་ལ་སོགས་པ་སྟེ། འབྲེལ་པ་འཆད་པ་ན་བྱེད་པ་པོ་ལ་དྲུག་པའོ། འབྲེལ་པ་ལ་དྲུག་པའོ་ཞེས་པ་འདི་ཉིད་ཀྱིས་སོ། །གང་གི་ཚེ་བྱེད་པ་པོར་མི་འཇུག་པ་དེའི་ཚེ་གསུམ་པ་ཁོ་ན་འགྱུར་ཏེ། ཏ་བྱའི་གཟུགས་འདི་རྣམས་ནི་ལས་ལའོ། །ཨ་ནཱི་ཡར་ནི་དཔེར་ན། དེ་བ་དཏྟ་སྱ་ཀ་ར་ཎཱི་ཡོ་དྷརྨཿ། ཡང་ན། དེ་བ་དཏྟེ་ན། བེ་ད་ནི་ཡོ་བ་ད་ནཱི་ཡཾ། པ་ཐ་ནཱི་ཡཾ། ཛ་ན་ནཱ་ཡོ། ཛ་ན་ནཱི་ཡཾ། བྷཏྟྨ་ནཱི་ཡཾ། ཀེ་ལི་མར་ནི། དཔེར་ན། པརྻནྟེ་མཱཪྵཿ། སྭ་ཡ་མེ་བ། པ་བེ་ནི་མཱ་ནི། མཱཪྵཿ། སྭ་ཡ་མེ་བ། བྱི་དྱ་ཏེ་ཀཥྛཱཿ། སྭ་ཡ་མེ་བ། བྷེ་དེ་ལི་མཱ་ནི་ཀཱ་བྱེ་ནི་སྭ་ཡ་མེ་བ། མང་པོ་ལ་སྤྱིར་བཏང་བའི་ཕྱིར་ལས་དང་བྱེད་པ་ལ་ཀེ་ལི་མརའོ། །ཀ་ཡིག་ནི་ཀ་ཏ་བྱ་བའི་དོན་ཏོ། །རེ་ཕ་ནི་མཐའ་ཧེ་མཱ་རི་ཏི་ཞེས་པའི་མཚན་མའི་དོན་ཏོ། །ཏ་བྱ་ཨཱ་ནི་ཡར། ཀེ་ལི་མར་རྣམས་སོ་ཞེས་པ་འདིས་སྒྲུབ་པ་གཞན་གསུམ་བསྒྲུབ་པར་བྱའོ། །ཨཏ་ནི། དཔེར་ན། སྠེ་ཡན་དེ་བ་དཏྟེ་ན། ཡང་ན་དེ་བ་དཏྟ་སྱ། དེ་ཡ་མུ་ད་ཀནྡེ་བ་དཏྟེ་ན། ཡང་ན་དེ་བ་དཏྟེ་སྱཿ་དེ་བཞིན་དུ། དེ་ཡཾ། དྷེ་ཡཾ། ནེ་ཡཾ། ཛྙེ་ཡཾ། ཙེ་ཡཾ། ཛེ་ཡཾ། གླེ་ཡཾ། མླཱ་ཡཾ། མླ་ཡཾ། ཨཏའོ་ཞེས་པས་ཡཏའོ། །ཨཱ་ཡིག་གི་ཨི་དྱ་ཏཱི་ཏྲཾ། བྱ་བའི་དོན་གྱིས། ཨིཀ་ཨཏ་ཨེངའོ་ཞེས་པས་ཨཏ་ཨེངའོ། ཀྱ་པ་ནི། དཔེར་ན། ཨི་ཏྱོ་གྲཱ་མོ་དེ་བ་དཏྟ་སྱ། ཡང་ན་དེ་བ་དཏྟེ་ན་སྟུ་ཏྱོ་བུདྡྷོ་དེ་བ་དཏྟ་སྱ། ཡང་ན་དེ་བ་དཏྟེ་ན། ཤི་ཥྱོ་པཱ་ལཿ། བྲྀ་ཏྱོ་བ་ར། ཨཱི་བྲྀ་ཏོ་གུ་རུཿ། ཛུ་ཥོ་དྷརྨཿརྣམྶ་ཏེ། ཨ་ཎི། ཤཱ་སུ་བྲྀ་ཉ་དྲི། ཛུཥ་ལས་སོ་ཞེས་པས་ཀྱཔའོ། །ཀྲྀ་ཏྱཾཿ། བྲྀ་ཥྱཾ། མྲྀ་ཛྷྱཾ། ས་སྱཾ། དུ་ཧྱ། གྷུ་
ཧྱཾ། རྣམས་ཏེ། ཀྲྀ་ཥ། པྲ་ཥི། མྲྀ་ཛི། ཤཾ་སི། དུ་ཧི། མུ་ཧ་ལས་སོ་ཞེས་པས་ཡང་ན་ཀྱ་པའོ། །བྷྲྀ་ཏྱཾ། བྷྲྀ་ཉ་ལས་མིང་མ་ཡིན་པ་ལའོ་ཞེས་པས་ཡང་ན་ཀྱ་པ་སྟེ་དངོས་པོ་ལའོ། །ཎྱཏ་ནི། དཔེར་ན། ཀཱརྻོ། དྷརྨཿ། པུ་རུ་ཥེ་ཎཿ། ཡང་ན་པུ་རུ་ཥ་སྱ། ཙྪེ་དྱཾ། བྷེ་དྱཾ། བྷོ་ཛྱཾ། བཱ་ཙྱཾ། བ་ཙའི་སྒྲ་མ་ཡིན་པའི་ཨཱ་ཁྱཱ་ཡཱ་མའོ་ཞེས་པ་ཉིད་དག་པའོ། །གཞན་དུ་བཱ་ཀྱ། ཚིག་གི་ཚོགས་སོ། བཱ་དྱཾ། སུ་དྱཾ། སོ་ཥྱཾ། ཀཱརྻཾ་རྣམས་ཏེ། རི་དང་ཧ་ལས་ཎྱ་ཏའོ་ཞེས་པས་ཎྱ་ཏའོ།། །།ཁ་ལའི་དོན་ནི། དཔེར་ན། དཀའ་བ་མེད་པར་བྱེད་པ་ནི། ཨིཥཏྐ་རཿ། ལྷས་བྱིན་གྱི་རེ་ལྡེ་དཀའ་བས་བྱེད་པ་ནི། དུཿཀ་རེཿ། དཀའ་ཚེགས་མེད་པར་བྱེད་པ་ནི། སུ་ཀ་རཿ། ལྷས་བྱིན་གྱི་རེ་ལྡེ་དགའ་ཚེགས་མེད་པས་རྙེད་པ་ནི། ཨི་ཥལླ་བྷཿདྐའ་བ་མེད་པས་སྒྲོལ་བ་ནི། ཨི་ཥ་ཏ་རཿ། དཀའ་བ་མེད་པས་བགྲོད་པ་ནི། སུ་ག་མཿདྐའ་བ་མེད་པས་རྟོགས་པ་ནི། སུ་པྷོ་དྷཿ། ཨི་ཥདྦོ་དྷཿ། དཀའ་བས་རྟོགས་པ་ནི། དུརྦོ་དྷཿ། ཨི་ཥ་ཏཿ། སུ་ག་མཿ། ཡུ་ཙ་ནི་དཔེར་ན། དཀའ་ཚེགས་མེད་པས་སྦྱིན་པ་ནི། ཨི་ཥདྡྷ་ནཾ། སུ་དཱ་ནཾ། དཀའ་བ་མེད་པས་འཐུང་བ་ནི། ཨི་ཥརྦཱ་ནཱཾ། སུ་པཱ་ནཾ། ཨ་ཏ་ལས་ཡུ་ཙའོ། །མང་པོ་ལ་སྤྱིར་བཏང་བའི་ཕྱིར། དངོས་པོ་དང་ལས་དགའ་ཁལ་དང་ཡུ་ཅ་དག་འགྱུར་བའོ། །སྒྲུབ་པ་ཅི་ཞིག་དངོས་པོ་དང་ལས་དག་ལ་འཇུག་པར་བྱེད་ཅེ་ན། གསུངས་པ། གསུམ་རྣམས་འགྲོ་བའི་དོན་སོགས་རྣམས། །བྱ་པ་ཙམ་ལ་དེ་བཞིན་སླར། །ཞེས་པའི་དོན་ཅི་ཞེ་ན། གང་ཀྟའི་སྒྲུབ་པ་ནི། འགྲོ་བའི་དོན་ལ་སོགས་པ་རྣམས་ལ་འཇུག་པར་བྱེད་དོ། །གང་ཡང་བྱ་བ་རྩོམ་པ་ལ་བྱས་པའི་དེ་གསུམ་རྣམས་ཀྱང་དངོས་པོ་དང༌། ལས་དང༌། བྱེད་པ་པོ་རྣམས་ལ་འཇུག་པར་བྱེད་དོ། །འགྲོ་བའི་དོན་ཅན་ལ་སོགས་པ་དེ་རྣམས་ཀྱང་གང་ཞེ་ན། འགྲོ་བའི་དོན་དང་ལས་མེད་པ་དང་ཤི་ཥ་ཤིང་སྠ་ཨས་པས། ཛན། རུཧ། ཛྲཱི་རྣམས་ལས་སོ་ཞེས་པ་འདི་རྣམས་སོ།། འདི་རྣམས་ལ་བྱས་པའི་ཀྟ་གང་ཡིན་པ་དེ་ནི་སྒྲུབ་པ་གསུམ་རྣམས་ལ་འཇུག་པར་བྱེད་དེ། དཔེར་བརྗོད་པ་ཅི་ལྟ་བུ་ཞེ་ན། འགྲོ་བའི་དོན་དང་ལས་མེད་པ་ལ་ནི་རེ་ཞིག །ག་ཏོ་གྲཱ་མོ་དེ་པ་དཏྟེ་ན། བྱེད་པ་པོ་ལ་ཡང༌། གྲཱ་མངྒ་ཏོ་དེ་བ་དཏྟཿ། དངོས་པོ་ནི། དེ་བ་དཏྟེ་ན་ཀྲྀ་ཏངྒ་ཏཥྩ་དེ་བཞིན་དུ། བྲ་ཛི་ཏོ་དེ་བ་
དཏྟོ་གྲཱ་མཾ། བྲ་ཛི་ཏཾ་དེ་བ་དཏྟེ་ན། ཞེས་པ་དང༌། ཡཱ་ཏོ་དེ་བ་དཏྟོ་གྲཱ་མཾ། ཡཱ་ཏོ་དེ་བ་དཏྟ་ན་གྲཱ་མཾ། ཡཱ་ཏནྡེ་བ་དཏྟེ་ན་ཞེས་པ་དང༌། ནཱི་ཏོ྅ཛཱ་གྲཱ་མནྡེ་བ་དཏྟཿ། ནཱི་ཏོ་དེ་བ་དཏྟེ་ཨ་ཛཱ་གྲཱ་མཿ། དེ་བ་དཏྟ་ན་ནཱ་ཏཾ། ཞེས་པ་རྣམས་ཏེ། དེ་བཞིན་དུ་འགྲོ་བའི་དོན་ཅན་གཞན་རྣམས་ཀྱང་སྟེ། སུ་ཁ་ལ་སོགས་པ་རྣམས་ཀྱང་ལས་མེད་པའོ། །པྲ་ལ་སོགས་པ་ལས་དང་བཅས་པ་དང༌། ལས་དང་བཅས་པ་ལས་འགྱུར་བ་དང༌། ལས་མེད་པའི་བྱ་བའི་དོན་རྣམས་ཀྱི་དཔེར་བརྗོད་ཅི་ལྟ་བུ་ཞེ་ན། ལས་ནི། རེ་ཞིག །ཨ་ནུ་བུཥྐོ་ཧྲདཿ། སཱུརྻེ་ཎ། བྱེད་པ་པོ་ལ། ཨ་ཎུ་སུ་ཥཱཿ་ཧྲ་དཾ་སཱརྻཿ། དངོས་པོ་ལ། ཨ་ནུ་པུཥྐཾ་སཱརྻ་ཎ། པུ་ཥ་ལས་ཀའོ་ཞེས་པས་ཀྟའི་ཏ་ཡིག་ནི་ཀ་ཡིག་ཏུ་འགྱུར་རོ། །ལས་ལ་ཤཱི་ཁ་ནི་དཔེར་ན། ཨཱ་ཤླིཥྚོ་བྷྲི་ཏོ་དེ་བ་དཏྟེ་ན། བྱེད་པ་པོ་ལ། བྷྲི་ཏྱ་མཱ་ཤླིཥྚོ་དེ་བ་དཏྟཿ། དངོས་པོ་ལ། དེ་བ་དཏྟེ་ནཱ་ཤླིཥྚཾ། ལས་ལ་ཤཱི་ནི། དཔེར་ན། ཨུ་པ་ཤ་ཡི་ཏོ་གུ་རུ་རྡེ་བ་དཏྟ་ན། ཏ་ཏ་བ་ཏོར་སཱུ་སྭཱི་སྲི་དི། མི་དི། ཀྵི་དི། དྷྲྀ་ཥ་རྣམས་ལས་སོ་ཞེས་པས་པི་བ་ཏི་ལ་སོགས་པའི། པརྻུ་མཱ། ཨཏ་ཨེངའོ། །བྱེད་པ་པོ་ལ། གུ་རུ་མུ་པ་ཤ་ཡི་ཏོ་དེ་བ་དཏྟཿ། དངོས་པོ་ལ་ཨུ་པ་ཤ་ཡ་ཏནྦེ་པ་དཏྟེ་ན། ལས་ལ་སྠ་ན་དཔེར་ན། ཨུ་པ་སྠི་ཏོ་གུ་རུ་རྡེ་བ་དཏྟེ་ན། བྱེད་པ་པོ་ལ་ཨུ་པ་སྠི་ཏོ་གུ་རུནྡེ་བ་དཏྟཿ། དངོས་པོ་ལ་ཨུ་པསྠཱི་ཏནྡེ་བ་དཏྟེ་ན། དོ་ཥོ། མཱ། སྠཱ་རྣས་ཀྱིའོ་ཞེས་པས་ཀིཏ་ལ་སྠཱ་ཡིག་གི་ཨི་ཡིག་གོ །ལས་ལ་ཨུ་པཱ་སི་ཏོ་གུ་རུརྡེ་བ་དཏྟེ་ན། བྱེད་པ་པོ་ལ་ཨུ་པཱ་སི་ཏོ་གུ་རུ་དེ་བ་དཏྟཿ། དངོས་པོ་ལ་ཨུ་པཱ་སི་ཏ་དེ་བ་དཏྟེ་ན། ལས་ལ་བས་ནི། དཔེར་ན། ཨུ་བྱུཥ་ཏོ་གུ་རུ་རྡེ་བ་དཏྟེ་ན། པས་ཀྵྱ་མ་ཨིཊའོ། བྱེད་པ་པོ་ལ་ཨ་བྱུ་ཥི་ཏོ་གུ་རུཾ་དེ་བ་དཏྟ། དངོས་པོ་ལ་དེ་ནས་ལྱཔ་དང་ཏུ་མན་དང་ཀྟྭཱ་རྣམས་ཅི་ལ་འཇུག་པར་བྱེད་ཅེ་ན། ལྱ་པ་དང་ཏུ་མན་ཀྟྭཱ་རྣམས། །སྔ་ཕྱིའི་དུས་བཅས་དངོས་པོ་ལའོ། །ཞེས་པ་ཅི་ཞེ་ན། གསུམ་པོ་འདི་རྣམས་ནི་སྔ་མའི་དུས་ཅན་དང༌། ཕྱི་མ་དང་བཅས་པའི་དུས་ཅན་དངོས་པོ་ཉིད་ལ་འགྱུར་གྱིས་ལས་ལ་མ་ཡིན་ཞིང་བྱེད་པ་པོ་ལའང་མ་ཡིན་ནོ། །དེ་རྣམས་དང་པོས་བྱ་བའི་ལས། །གཉིས་པ་ཡིས་ཀྱང་ཁྱད་པར་དུའོ། །ཞེས་པའི་དོན་ཅི་ཞེ་ན། ལྱ་པ་དང་ཏུ་མན་དང་ཀྟྭཱ་རྣམས་ཀྱི་སྒྲུབ་པ་འདི་དག་གི་རབ་ཏུ་སྦྱོར་བ་ལ་བྱ་བའི་ལས་ལ་དང་པོ་སྒྲུབ་པར་བྱེད་དོ། །པྱ་པ་
ནི་རེ་ཞིག །ཀཊཿཔྲ་ཀྲྀ་ཏྱ་ཨི་ཥྱ་ཏེ་དེ་བ་དཏྟེ་ན། བྱེད་པ་པོ་གཅིག་དག་གི་སྔ་མའི་དུས་ལ་ཀྟྭཱའོ། །ན་ཉའི་བསྡུ་བ་མ་ཡིན་པ་ལ་ཀྟའི་ལྱ་པའོ་ཞེས་པས་ལྱ་པའོ། །ཐུང་ངུའི་ཏིང་མ་ཡིན་པའི་པི་ཏ་ལ་ཏུ་ཀའོ། །ཀུ་པྲ་ལ་སོགས་པ། སུ་བསྒྲུབ་པ་ལ་རྟག་ཏུའོ་ཞེས་པས་པྲ་ལ་སོགས་པའི་བསྡུ་བའོ། །ལྱ་པའི་མཐའ་རང་བཞིན་ལས་གྲངས་མེད་པ་ཉིད་ཀྱི་ཕྱིར་སུབ་ནི་གྲངས་མེད་པ་ལས་འཇིག་གོ །ཏུ་མན་ནི་དཔེར་ན། གྲ་མོ་གནྟུ་མི་ཥྱ་ཏ་ན་རེ་ཎ། ཨོ་ད་ནཿ། པཀྟུ་མི་ཥྱ་ཏེ་ན་རེ་ཎ། གྲཱ་མོ་དཱ་ཏུ་མི་ཥྱཏ། ཏུ་མན་དངོས་པོ་ལ་སྟེ། བྱ་བ་ལ་དེའི་ཆེད་ཀྱི་དོན་ལའོ་ཞེས་པས་སོ། །ཀྟྭ་ནི་དཔེར་ན། ཀདཿཀྲྀ་ཏྭཱ། ག་མྱ་ཏེ་ན་རེ་ཎ། ལྱཔ་དང་ཏུ་མན་དང་ཀྟྭཱ་རྣམས་ཀྱི་སྒྲུབ་པ་ཅི་ཞེ་ན། བྱ་བའི་ལས་དང་པོ་ཉིད་འགྱུར་བར་གསུངས་ཤིང༌། གཉིས་པ་ནི། ཁྱད་པར་ལས་སོ་ཞེས་བྱ་བ་ལ་སོགས་པ་ལ་འགའ་ཞིག་ཏུ་ཉེ་བར་གསལ་བར་བྱེད་ལ། གཉིས་པས་ནི་ཁྱད་པར་ཉེ་བར་གསལ་བར་བྱེད་པ་ཉིད་དོ། །གཉིས་པའི་དཔེར་བརྗོད་པ་ཇི་ལྟ་བུ་ཞེ་ན། ཨ་ད་ན་མ་པ་ཙྱ་ག་ཏོ་ན་རཿ། ཏུ་མན་ནི། དཔེར་ན། ཨོ་ད་ན་བྷོཏྟུ་བ་བྷཱ་ཛྭ་ལ་ཏི་དེ་བ་དཏྟཿ། ཀྟྭཱ་ནི་དཔེར་ན། པུ་ཏྲ་ནྟྲིཥྚཱ་ཏྱཥྱ་ཏི་དེ་བ་དེཏྟི། ཀྲྀ་ཏྱེ་ཞེས་པ་སྔ་མའི་སྔ་མའི་དུས་ཅན་དང་ཕྱི་མའི་དུས་དང་བཅས་པར་འདོད་དོ། །ཤཱི་ཏྲ་དང༌། ཤཱ་ན་ཙ་དག་ཏུ་མན་ནི་དུས་གང་ལ་འཇུག་པར་བྱེད་ཅེ་ན། འདིར་ཡང་བྱེད་པ་ཅན་ལ་འཇུག་བཞིན་པའི་བྱེད་པ་པོ་དང་བྱེད་པ་ཅན་ལ་ཤ་ཏྲི་འཇུག་གོ །ཤཱ་ན་ཙ་ན་སྒྲུབ་པ་གསུམ་ལ་འཇུག་སྟེ། བྱེད་པ་པོ་དང་ལས་དང་དངོས་པོ་ལའོ། །འཇུག་བཞིན་པ་ལ་ངེས་བསྟེན་པ། །ཤཱ་ཏྲི་ཤ་ན་ཙ་དག་སྟེ། །ཞེས་པར་ཤ་ཏྲི་ནི་རེ་ཞིག ། ཀ་ཊཾ་ཀུརྦྦནྡེ་བ་དཏྟ་ཏིཥྛ་ཏི། ཨོ་ད་ནཾ་པ་ཙཾ་དེ་པ་དཏྟ་ཨཱ་སྟེ། ཤློཀ་པཋནྣཱ་སྟེ། ཤྀ་ཏྲྀའོ་ཞེས་པས། ལ་ཊའོ། །ཤྠཱ་ནི་ཤ་ཏྲ་རུ་བསྒྱུར་རོ། །ཤཱ་ན་ཙ་ནི་དཔེར་ན། ཨོ་ད་ནཾ་པ་ཙ་མཱ་ནོ་དེ་བ་དཏྟ་སྟུ་ཥྱ་ཏི་རུ་བསྒྱུར་རོ། །ཤཱ་ཏྲྀ་དང་ཤཱ་ན་ཙ་དག་བསྡུ་བ་ལ་མི་འགྲུབ་པོ་ཞེས་གསུངས་པ་ནི། རྫས་ལ་ལྟོས་དང་བཅས་པའི་ཕྱིར། །དེ་དག་བསྡུ་བ་མན་ལ་འགྲུབ། །ཅེས་པ་སྟེ། ཤཱ་ཏྲྀའི་སྒྲུབ་པ་དང་ཤཱ་ན་ཙའི་སྒྲུབ་པ་དག་ཚིག་ཕྱི་མ་གནས་པ་དང་བསྡུ་བར་མི་འགྱུར་རོ། །ཅིས་རྟོགས་པར་བྱ་ཞེ་ན། རྫས་ལ་ལྟོས་པ་དང་བཅས་པའི་ཕྱིར་རོ། །དྲ་བྱ་སདྐུ་རྦྦདཊཿབ་ཙ་ནོ་ད་ན་གཙྪདྡེ་བ་དཏྟཿཔ་ཙྱ་མཱ་ནོ་ད་ནཿ། པ་ཙྱ་མཱ་ནཽ་ད་ནཽ།
བཙྱ་མཱ་ནོ་ད་ནཱ། ཞེས་པ་སྟེ་སྐྱོན་མེད་དོ། །སྦྱོར་བ་ནི་འབྲེལ་པ་འཆད་བར་འདོད་པ་ལ་སྟེ། དངོས་པོ་དང་ལས་དག་ལ་མ་ཡིན་ནོ། །བྱ་བའི་ལས་ལ་གཉིས་པའོ་ཞེས་པས་གཉིས་པ་ཉིད་དོ། །བི་ཙ་ནི། དཔེར་ན། དེ་བ་དཏྟ་སྱོ་པཊ་རེཊ། ཀི་ལཱ་ལ་པཱ། ཤུ་བྷ་ཡཱ། ཀྭིཔ། བི་ཙ། མན་ནི། ཀྭ་ནི་པ། པ་ནི་རྣམས་སོ་ཞེས་པས་བཙིའོ། །ཏྲི་ན་ནི་དཔེར་ན། ཀ་ཊཾ་ཀརྟྟ་དེ་བ་དཏྟཱཿ། ཨོ་ད་ནཾ་བཀྟཱ། ཀཱཥྛཾ་བྷེ་ཏཱ། ཨིགྣཾ་ཧོ་ཏཱ། མཱ་ར་ན་བྷེ་ཏཱ། སངས་རྒྱས་བཅོམ་ལྡན་འདས་སོ། །ཤཱི་ལ་སཱ་དྷུ་དྷུརྨ་རྣམས་ལ་ཏྲིནའོ་ཞེས་པས་ཏྲིནའོ། །རྟག་ཏུ་འབྲེལ་པ་འཆད་པར་འདོད་པ་ལ་སྟེ། དངོས་པོ་དང་ལས་དག་ལ་མ་ཡིན་ནོ། །གཉིས་པའོ། །ཀྭྀ་བ་ནི། དཔེར་ན། ཀཱཥྛ་བི་དེ་བ་དཏྟཿ། ཨགྣི་ཙི་ཏ་བཱན། ཨགྣི་ཙིཏ་སོ་མ་པུ་ར། པུ་ཎྱ་ཀྲྀཏ། མཱ་ར་ཛ་ཏ་སངས་རྒྱས་སོ། །སེ་ནཱ་ནཱི་མ། ཨ་ག་ཎཱི་ཀྲྀ་པ། བི་ཙ། མ་ནི་ན། ཀྭ་ནི་བ། བ་ནི་པ་རྣམས་སོ་ཞེས་པས་ཀྭི་པའོ། །ཀྨ་ར་ཙི་ནི། དཔེར་ན། ཨོ་ད་ན་སྱ། གྷསྨ་རོ་དེ་བ་དཏྟཿསྲི་མ་རཿ་ཨདྨ་རཿསྲཾ། གྷས་ཨད་ལས་ཀྨ་ར་ཙའོ་ཞེས་པས་ཀྨ་ར་ཙའོ། །ཤཱ་ཀ་ན་ནི་དཔེར་ན། ཨོ་ད་ན་སྱ་བྷཾ་ཀྵཱ་ཀཿ། ཛལྤ་ཀཿ། ཀུཊྚ་ཀཿ། ལུཎྛཱ་ཀཿ་ཀ་རཱ་ཀཿ་བ་རཱ་ཀཱིཿ་ཛལྤ། བྷཀྵི། ཀུ་ཊ། ལུཎྛ། བྲིང་རྣམས་ལ་ཥཱ་ཀན་ནོ་ཞེས་པས་ཥཱ་ཀནའོ། །ལྷུ་ཎཱི་ནི་དཔེར་ན། པུ་ཏྲ་སྱ་ནནད་ནོ་ད་པ་དཏྟཿ། དེ་བཞིན་དུ། ར་མ་ཎཿམ་དྷུ་སཱུ་ད་ནཿ་གྲ་ཧ་སོགས་རྣམས་ལས་ཎི་ནི་དང༌། ཤཔྡ་སྱ་གྲ་ཧཱ། ནནད་གྲ་ཧ་སོགས་རྣམས་ལས་ལྷུ་ཎི་ནཱིའོ་ཞེས་པས་རིམ་པ་བཞིན་དུ་ལྷུ་ཎཱི་ནཱི་ཕ་རོལ་དུ་འགྱུར་རོ། །ཨ་ཙ་ནི་དཔེར་ན། ཨོ་ད་ན་སྱ་པ་རོལ་དེ་བ་དཏྟེཿ་བྱེད་པ་པོ་ལ་ཎཱུ་ལ། ཏྲི་ཙ་ཞེས་པས་ཨ་ཙའོ། །ཨུ་ནི་དཔེར་ན། ཀ་ཊཾ་ཙི་ཀིཪྵུཿ། ཨོ་ད་ནཾ་བུ་བྷུཀྵུཿ། ཨོ་ད་ནཾ་པི་པཀྵུཿ་ནི་དཱཾ་ཏི་ཏཱཪྵུཿ། གྲཱ་མཾ་ཛི་ག་མི་ཥུཿ། ས་ནཱ་སཾ་ས་ཨུཿ། ཨལློ་པོ་ཞེས་པས་ཨ་ཡིག་དབྱིའོ། །འབྲེལ་པ་འཆད་པར་འདོད་པ་མེད་པའི་ཕྱིར་དྲུག་པ་མི་འགྱུར་རོ། །བྱ་བའི་ལས་ལ་གཉིས་པ་ཉིད་རྟག་ཏུ་འགྱུར་རོ། །ཨན་ན་ནི་དཔེར་ན། ཀུམྦྷ་ཀཱ་རོ་ན་ག་ར་ཀ་རཿ་ཤབྷ་ཀར། པ་ཀཱ་ར་གྲནྠ་ཀྵ་རཿ། སཱུ་ཏྲ་ཀཱ་རཿ། ཀཱཎྜ་ལ་བཿ་ཤ་ར་ལཱ་བཿ། བེ་དཱ་དྷྱཱ་ཡཿ། ཙམྦཱ་པ་རཿ། ཀུམྦྷདྐ་རོ་ཏི་ཞེས་པ་ལ་སོགས་པ་ནས། ཀཱཎྜི་ལུ་ནཱ་ཏི། བེ་དྷ་མ་དྷི་ཏེ། ཙ་མས་པ་ར་ཡ་ཏི་ཞེས་པའི་བར་ནི་ཚིག་ཏུ་བྱས་ནས་ལས་ལ་ཨཎའོ། །བྱེད་པ་པོ་ལ་མང་
པོར་རོ་ཞེས་པས་རྟག་ཏུ་བསྡུ་བའོ། །ཨུཉ་ནི་དཔེར་ན། ག་མ་ནི་ཤཱི་ལཿ་གྲཱ་མཾ་ག་མུ་ཀོ་དེ་བ་དཏྟཿ་ཨ་བྷི་ལཱ་ཥུ་ཀཿ་པཱ་དུ་ཀཿ་སྠཱ་ཡུ་ཀཿ་བྷཱ་བུ་ཀཿ་པྲ་སཱ་རུ་ཀཿ་གྷཱ་ཏུ་རུ་ཀཿ་ཀཱ་མུ་ཀཿ་གཱ་མུ་ཀཿ་ལཥ་པ་ཏ་པད་སྠཱ་བྷུ། སྲྀ། བྲྀ། ཥ། ཧན། ཀ་མ། ག་མ་རྣམས་ཨུ་ཀཉའོ་ཞེས་པས་ཨུ་ཀཉའོ། །ཊ་ནི་དཔེར་ན། ཀུ་ཏུ་ཙ་རཿ་མ་དྲ་ཙ་ར། ཙ་རི་ལས་ཊའོ་ཞེས་པས་ཊའོ། །ཊཱ་ཀ་ནི་དཔེར་ན། མནྟྲ་གཿ། ས་མ་གཿ་ཌྷ་གའོ་ཞེས་པས་ཌྷ་ཀའོ། །ཀ་ནི་དཔེར་ན། གོ་དཿ་ཀ་མ་ལ་དཿ་ཨཱ་ཏ་ལས་པྲཱ་ཀ་ཞེས་པས་ཀའོ། །པུ་ཊ་སྱ། པྲི་ཡཿ་ཤཱསྟྲ་ཛྙཿ་པརྞྞ་སྱ་བི་ཀཱ་ཙོ་བཱ་ཡཿ་ཛྙ། ཀྲཱི། ཕྲཱྀ། ཨིག་མཐའ་ཉེ་ལས་ཀའོ།། །།པོ་ལ། ཨ་བྱཱུ་ཥི་ཏཾ་དེ་བ་དཏྟེ་ནཿ་ཀིཏ་ལའང་དེ་རྣམས་ཀྱིའོ་ཞེས་པ་ཡ་ཎའི་ཨི་ཀའོ། །ཨི་ཎའི་ཨི་ཀའོ་ཞེས་པས་བ་རུ་པཱུ་རྦྦ་ཏྭཾ། ལས་ལ། རུ་ཧ་ནི། དཔེར་ན། ཨཱ་རཱ་ཌྷོ་བྲིཀྵོ་དེ་བ་དཏྟ་ན། བྱེད་པ་པོ་ལ། ཨཱ་རཱ་ཌྷོ་བྲྀ་ཀྵཾ་དེ་བ་དཏྟེ་ན། ཧའི་ཌྷའོ་ཞེས་པས་ཧ་ཡིག་གི་ཌྷ་ཡིག་གོ །ཏ་ཐ་དག་གི་ཌྷཱ་མིན་པ་ལ་དྷའོ་ཞེས་པས་ཏ་ཡིག་གི་དྷ་ཡིག་གོ །སྟུའི་རྩ་ཊུ་དག་ལ་དེ་དག་གོ་ཞེས་པས་ཥྚ་ཉིད་དོ། །དང་པོ་མ་ཡིན་པའི་ཌྷ་ལ་ཌྷ་དབྱིའོ། །ཌྷར་ཕྱིས་པས་ཞེས་རིང་པོ་ཉིད་དོ། །ཛྲཱ་ཥ་ནི་དཔེར་ན། ལས་ལ་ཨ་ནུ་ཛཱི་བྲྀ་ཥ་མཱི་དེ་བ་དཏྟཿ་བྱེད་པ་པོ་ལ་བྲྀཥ་ལཱི་མ་ནུ་ཛཱི་རྞྞོ་དེ་བ་དཏྟཿ་དངོས་པོ་ལ་ཨ་ནུ་ཛཱི་རྞྞོ་དེ་བ་དཏྟེ་ན། རྀ་ཏ་ཨིདྡྷ་བྷི་རི་ཏཱི་ཏྭཾ། དྡྷཱ་ཏོ་ཙོ་རེ་ཎ་ཙི་ཀོ་དིརྒྷཿ། ཏ་དང་ཏ་བཏ་དག་གི་ར་ད་ལས་ངའི་ཡང་ངོ་ཞེས་པས་ན་ཉིད་དོ། །ཚིག་གཅིག་ལས་ར་ཥ་ལས་ནའོ་ཎའོ་ཞེས་པ་ཎ་ཉིད་དོ། །བྱ་བ་རྩོམ་ལ་དེ་བཞིན་སླར། །ཞེས་པ་བྱ་བའི་སྐད་ཅིག་མ་མང་པོ་རྣམས་ཀྱི་དང་པོའི་སྐད་ཅིག་མ་རྩོམ་པ་དེ་ལ་བརྗོད་པ་ནི། དངོས་པོ་དང་ལས་དང་བྱེད་པ་པོ་རྣམས་ལ་འཇུག་གོ །ལས་ལ་ནི་དཔེར་ན། པྲ་བྷུཀྟ་ཨོ་ད་ནོ་དེ་བ་དཏྟེ་ན། བྱེད་པ་པོ་ལ། པྲ་བྷུཀ་ཨོ་ད་ན་དེ་བ་དིཏྟི། དངོས་པོ་ལ་པྲ་བྷུཀྟཾ་དེ་བ་དཏྟ་ན། དེ་བཞིན་དུ་པྲ་ག་ཏོ་གྲཱ་མོ་དེ་བ་དཏྟེ་ན། པྲ་ག་ཏོ་གྲཱ་མནད་བ་དཏྟཿ་པྲ་ག་ཏཾ་དེ་བ་དཏྟཾ་ན། བྱེད་པ་པོ་ལ་ཡང་རྩོམ་པ་ལའོ་ཞེས་པས་དངོས་པོ་དང་ལས་དང་བྱེད་པ་པོ་ལ་ཀྟའོ།། །།ལས་མེད་པ་ལ་ཡང་དག་བྱུང༌། །བྱེད་པ་དངོས་པོ་དག་ལ་འཇུག །ཅེས་པའི་དོན་ཅི་ཞེ་ན། གང་གི་ཚེ་ལས་མེད་པའི་བྱིངས་རྣམས་ལ་ཡང་ཀྟ་ཡང་དག་པར་བྱུང་བ་དེའི་ཚེ། བྱེད་པ་
པོ་དང་དངོས་པོ་གཉིས་ལ་ཡང་འཇུག་གོ །བྱེད་པ་པོ་ལ་དཔེར་ན། སུདྡྷཱ་ན་དཱ། དངོས་པོ་ལ། སུདྡྷནྣ་དྱ། དེ་བཞིན་དུ། ཤ་ཡི་རྟོ་ག་དེ་བ་དཏྟཿ་ཤ་ཡི་ཏོ་དེ་བ་དཏྟེ་ན།། །།དངོས་པོ་དང་ལས་དག་ལ་མ་ཡིན་པའི་བྱེད་པ་པོ་ཁོ་ན་ལ་འགྱུར་བ་རྣམ་པ་དྲུག་གང་ཞེ་ན། དེའི་ཕྱིར་གསུངས་པ། ཨིཥྞུ་ཙ་ཀྟ་བ་ཏུ། བི་ཙ། ཏྲྀ་ཎ། ཀྲིས་དང༌། ཀྨ་ར་ཙ་ཤཱ་ཀ་ན། ལྷུ་ཎི་ནཱི་རྣམས་དང༌། ཨུ་ཡིག་དང་ཨན་ཨུ་ཀཉ་ཊ་ཌྷ་ཀ་དང༌། ཀྨ་ར་ལ་སོགས་པ་རྣམས་ཉིད་བྱེད་པ་པོ་ལའོ་ཞེས་པའི་དོན་ཅི་ཞེ་ན། ཨིཥྞུ་ཙ་ལ་སོགས་པ་འདི་རྣམས་བྱེད་པ་པོ་ཁོ་ན་ལ་འགྱུར་གྱི་དངོས་པོ་དང་ལས་དག་ལ་མ་ཡིན་ནོ། །ཨིཥྞུ་ཙ་ནི་རེ་ཞིག །པུ་ཏྲ་མངྐ་རིཥྞུརྡེ་བ་དཏྟཿ་བཱ་དཾ་རཱི་ཀ་རིཥྞུ་དེ་བ་དཏྟཿ། པུ་ཏྲམྦྷ་ཛ་ནིཥྞུ་པི་ཏཱ། དེ་བ་མུཏྶ་ཏིཥྞུ་སྟ་པོ་དྷ་ནཿ་ཨོ་ད་ན་མུཏྶ་ཏྟིཥྞུ་དེ་བ་དཏྟཿ་ལོ་ཀཱ་ནུཏྶ་ད་ནཾ། ག་ག་ནཾ་རོ་ཙིཥྞུཿ་ས་བི་ཏཱ། གུ་རུ་མུ་པུ་ཏྲ་བིཥྞུ་ཥྀ་ཥྱཿ་བྱ་ཏི་ཧཱ་ར་བྲྡེཥྞུཿ་སརྦ་ས་ཧིཥྞུཿ་པྲ་ཏཾ་ཙ་རིཥྞུཿ་ཨ་ལངྐ་རིཥྞུཿ། ཇི་ལྟར་བྱུང་བ། ནི་རཱ་ལཾ་དག་ལས་ཨིཥྞུ་ཙའོ། །ཨུཏ་ལས་པ་ཙ་བ་ཏ། མ་ད་ལས་སོ། །པྲ་ཛ་ན། རུ་ཙྱ། པྲ་ཏྲ། པྲ་བྲྀཏྟ། བྲྀ་དྷུ། ས་ཧ། ཙ་ར། བྷ་ཛ་ལས་སོ་ཞེས་པ་འདི་རྣམས་ཀྱིས་ཨིཥྞུ་ཙ་སྟེ། དེའི་ངང་ཚུལ་དང་བྱེད་པ་པོ་བརྗོད་པའོ།། །།ཀྟ་བ་ཏུ་དཔེར་ན། གྲཱ་མ་ག་ཏ་བཱན། དེ་བ་དྲྀཥྚ་བཱན་རཱ་ཛཱ་ནཾ་ཡཱ་ཙི་ཏ་བཱན་ཞེས་པ་དེ་ལྟ་བུ་དྲང་བར་བྱའོ། །བྱུང་བ་ལའོ་ཞེས་སྤྱིར་བཏང་ནས། བྱེད་པ་པོ་ལ་ཀྟ་བ་ཏུའོ། །ཀྟ་བ་ཏུའི་འབྲེལ་པ་གྲུབ་པ་བསྟན་པ་ལས། བདག་གིས་བསོད་ནམས་གང་བསྒྲུབས་འགྱུར། །དེ་ཡིས་འཇིག་རྟེན་འདི་མཐའ་དག །མྱུར་དུ་འཇམ་དབྱངས་ཉིད་གྱུར་ཅིག །འབྲེལ་པ་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་སློབ་དཔོན་ཉི་མའི་སྙིང་པོས་མཛད་པ་འདི་ཡོངས་སུ་རྫོགས་སོ།། །།ལེགས་པར་སྦྱར་བའི་སྐད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པའི་རྗེས་སུ་འབྲངས་ཏེ། བྱེད་པ་ཅན་དང་ཚིག་སྡུད་དང༌། དེ་ཕན་གྱི་རྐྱེན་དང༌། བྱིངས་ལས་ཚིག་ཏིང་མཐའ་ཅན་སྒྲུབ་པ་དང༌། བྱིངས་ལས་མིང་སྒྲུབ་པ་རྣམས་སྡེ་ཚན་དུ་བསྒྲིགས་ཏེ་གསལ་བར་འཆད་པའི་བསྟན་བཅོས་ཉུང་ཞིང་རབ་ཏུ་གསལ་བ་པཎྜི་ཏ་ཉི་མའི་སྙིང་པོས་མཛད་པ་འདི། ས་ཐམས་ཅད་ཀྱི་དབང་ཕྱུག་ཕུན་སུམ་ཚོགས་པའི་མཁྱེན་རབ་ཐུགས་རྗེ་ཕུལ་དུ་བྱུང་བ་མངའ་བའི་
ཆོས་ཀྱི་རྒྱལ་པོ་ཆེན་པོ་སྤྱན་སྔ་རིན་པོ་ཆེ་དཔལ་ངག་གི་དབང་ཕྱུག་གྲགས་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལུགས་གཉིས་ཀྱི་མདུན་ས་ཆེན་པོ་ཕོ་བྲང་སྣེའུ་གདོང་རྩེའི་གཙུག་ལག་ཁང་དུ་མཐུན་རྐྱེན་རྣམས་ལེགས་པར་སྩལ་ནས། ཆོས་ཀྱི་རྗེ་སྤྲུལ་སྐུ་རིན་པོ་ཆེ་ཞྭ་དམར་ཅོད་པན་འཛིན་པ་བཞི་པ་དང་དཔལ་ལྡན་དྷརྨྨ་ཀཱིརྟྟི་ཛྙཱ་ན་ཤྲཱི་བྷ་དྲའི་ཞལ་སྔ་ནས་ལེགས་པར་བསྒྱུར་ཅིག་ཅེས་པའི་བཀའ་ལུང་གནང་བ་བཞིན། བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་དག་ཐོས་ནས་ཆ་ཤས་ཙམ་རིག་པའི་ཞྭ་ལུའི་བཙུན་པ་འགོས་ལོ་ཙཱ་པ་དགེ་སློང་དྷརྨྨ་པཱ་ལ་བྷ་དྲ་ཞེས་བགྱི་བས་གཡག་སྡེ་ལོ་ཙཱ་བའི་ཕྱག་དཔེ་ལས་གསར་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །གཞུང་འདིར་མ་འགྱུར་བ་དང་ལོག་པར་བསྒྱུར། །ཧ་ཅང་འགྱུར་སོགས་དྲི་མར་གང་གྱུར་ པ། །རྒྱ་ཆན་ཆོས་སྤྱན་དྲི་མེད་མངའ་རྣམས་ཀྱིས། །བདག ་ལ་བརྩེ་བས་བཟོད་ཅིང་བཅོས་པར་གསོལ། །གང་གི་དཔག་ཡས་མཁྱེན་བརྩེའི་རྣམ་རོལ་གྱིས། །གཞུང་བཟང་བསྒྱུར་བའི་ཤིང་རྟ་བསྐུལ་བ་དང༌། །བདག་གིས་བསྒྱུར་བ་ལ་ལེགས་སྤྱད་གང་ཐོབ་དེས། །མཐའ་ཡས་མཁའ་ཁྱབ་པ་འགྲོ་བའི་ཚོགས་ཀུན་གྱིས། །རང་རང་སྐད་ཀྱིས་བརྗོད་མེད་དོན་རྟོགས་ཏེ། །དཔལ་ལྡན་ཆོས་ཀྱི་དུང་དང་གཎྜཱི་དང༌། །ཟབ་ཡང་སྒྲ་སྒྲོགས་ཆོས་ཀྱི་རྔ་བོ་ཆེ། །སྒྲོགས་མཁས་ངག་དབང་གོ་འཕང་མྱུར་ཐོབ་ཤོག །སླར་ཡང་རྒྱ་དཔེ་རྙིང་པ་ལ་གཏུགས་ཏེ་འགྱུར་བཅོས་དང་ཞུས་དང་ཅུང་ཟད་གྲུབ་བོ།།