Nitartha Digital Library
Tibetan
སྡེ་དགེའི་བསྟན་འགྱུར་པོད་བརྒྱ་གོ་དྲུག་པ།

42 occurrences of ཧ་དང་བྱེད་པ་
[Clear Hits]


22   
སི་ལ་སོགས་པའི་མཐའི་བྱ་བ།  འཇམ་དཔལ་གྲགས་པ།
11   
 
  
  
  
  
  
  
  


42 occurrences of ཧ་དང་བྱེད་པ་
[Clear Hits]

 
no previousསི་ལ་སོགས་པའི་མཐའི་བྱ་བ། འཇམ་དཔལ་གྲགས་པ།next

སི་ལ་སོགས་པའི་མཐའི་བྱ་བ།
འཇམ་དཔལ་གྲགས་པ།


DTG196_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། སྱཱ་དྱནྟ་པྲ་ཀྲི་ཡ། བོད་སྐད་དུ། སི་ལ་སོགས་པའི་མཐའི་བྱ་བ། བཅོམ་ལྡན་འདས་འཇམ་པའི་མགོན་པོ་ལ་ཕྱག་འཚལ་ལོ། །གང་ཞིག་དྲན་པའི་རྡོ་རྗེ་ཡིས། །སྐྲག་ལས་རྒུད་པའི་བྲག་རི་རྣམས། །འཇིག་པའི་རྒྱ་མཚོར་རབ་འཇུག་པ། །སྒྲོལ་མ་དེ་ཁྱོད་ལ་དགྱེས་ཤོག །དམ་པ་རྣམས་ཀྱིས་སྤྲོས་པའི་སི་སོགས་མཐའ་ཡི་མཛོད། །མང་དུ་ཡོད་པ་ཉིད་མོད་དེ་ལྟ་ན་ཡང་ནི། །དེ་རྣམས་སྙིང་པོ་བླངས་ནས་བདག་གིས་མདོར་བསྡུས་པ། །མངོན་པར་དོན་དུ་གཉེར་བས་གསལ་བ་འདི་བྱའོ། །བློ་གྲོས་ཀུ་མུད་ལྡན་པ་ངེས་དགའ་འཛིན་ཅིང་རང་སེམས་མུན་པ་ནི། །མྱུར་དུ་དེངས་གྱུར་ཚིམ་པ་ཐོབ་པའི་མཁས་པའི་ཙ་གོ་ར་རྣམས་ཀྱེ། །འདིར་ནི་ངག་གི་རང་བཞིན་ཆུ་གཏེར་ལས་སྐྱེས་འོད་ཟེར་དཀར་པོ་ཅན། །རྙོག་པ་མཐའ་དག་བྲལ་བ་འདི་ནི་ཅི་ཡང་མངོན་པར་རབ་ཏུ་འཆར། །གྲགས་པའི་སྒྲ་རྣམས་བཤད་བྱ་སྟེ། །སྐྱེས་པ་མ་ནིང་བུད་མེད་ལའང༌། །ཡོད་ཏན་བྱ་བ་རྫས་སྦྱོར་ལས། །རྟགས་གསུམ་ཅན་རྣམས་དེ་མཐར་རོ། །བི་པྲ་དང་ཨགྣི་དང་ས་ཁི་དང་པ་ཏི་དང་ཨཾ་ཤུ་དང་ཀྲོཥྚུ་དང་


DTG196_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་ཡམ་བྷཱུ་དང་པི་ཏྲྀ་དང་ནྲི་དང་པྲ་ཤ་སྟྲྀ་དང་རཻ་དང་གོ་དང་གླཽ་སྟེ། དབྱངས་མཐའ་ཅན་རྣམས་སྐྱེས་པ་ལ་བསྒྲགས་སོ། །གསལ་བྱེད་མཐའ་ཅན་རྣམས་ལ་ཀ་མུ་ཙ་དང་བྷཱུ་བྷུཛ་དང་མ་རུ་ཏ་དང་ཀྱ་བྱཱད་དང་མྲྀ་གཱ་བིདྷ་དང་སཏྨན་དང་རཱ་ཛན་དང་ཡུ་ཝན་དང༌། པ་ཐིན་དང་པཱུ་ཥ་ཎ་དང་བྲཧྨ་ཧན་དང་ཤ་ཤིན་དང་བི་ཤི་དང་དྭ་ཥི་དང་ཨུ་ཤ་ནས་དང་ཨ་ན་ཌཧ་དང་མདྷུ་ལིཧ་དང་ཀཱཥྛ་ཏཀྵ་དེ་བཞིན་དུ་སྟེ། སྒྲ་འདི་རྣམས་སིལ་སོགས་པའི་མཐའ་ཅན་རྣམས་ཏེ། དེ་བཞིན་དུ་ཕྱོགས་འདིས་གཞན་རྣམས་ཀྱང་ངོ༌། །དེ་ལ་རེ་ཞིག་བི་པྲའི་སྒྲ་ནི་བྱིངས་དང་རྣམ་དབྱེ་བོར་བའི་དོན་དང་ལྡན་པ་རྟགས་སོ་ཞེས་པས་རྟགས་ཀྱི་མིང་ཅན་ནོ། །དེ་ལས་ཕ་རོལ་ཏུ་རྣམ་པར་དབྱེ་བ་རྣམས་ཏེ། སི་ཨཽ་ཛས་ཞེས་པ་ལ་སོགས་པས་སི་ལ་སོགས་པ་ཐམས་ཅད་ཀྱི་སྐབས་ཐོབ་པ་ལ། དང་པོའི་དོན་བརྗོད་པར་འདོད་པ་ན་རྟགས་ཀྱི་དོན་གྱི་ཚིག་ལ་རྣམ་དབྱེ་དང་པོའོ་ཞེས་པས་རྣམ་དབྱེ་དང་པོར་འགྱུར་རོ། །དེ་ལ་དོན་གཅིག་བརྗོད་པར་འདོད་པ་ན་གཅིག་གི་ཚིག་སིའོ། །སིའི་ཨི་ཡིག་ནི་བརྗོད་པའི་དོན་ཏེ་ཁྱད་པར་གྱི་དོན་མ་ཡིན་ནོ། །ཨཱི་ཡིག་མཐའ་ལས་སིའོ་ཞེས་པ་ལ་སོགས་པ་རྣམས་ལ། དོན་དང་ལྡན་པ་འཛིན་པ་ན་སུ་པཱི་ས་ཡིག་འཛིན་པ་མ་ཡིན་ནོ། །རྗེས་སུ་འབྲེལ་


DTG196_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

པ་མེད་པ་འཛིན་པ་ན་རྗེས་སུ་འབྲེལ་པ་དང་བཅས་པའི་མ་ཡིན་ནོ་ཞེས་གཞན་དག་གོ་མཐའ་ན་ཡོད་པའི་ས་ཡིག་རྣམས་རེ་ཕ་དང་ས་དག་གི་རྣམ་པར་གཅད་བྱའོ་ཞེས་པས་རྣམ་པར་གཅད་བྱའོ། །བི་པྲཿ། དོན་གཉིས་བརྗོད་པར་འདོད་པ་ན་གཉིས་ཀྱི་ཚིག་ཨཽའོ། །རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ་ཞེས་པས་ཡི་གེ་བསྡོམས་པ་རྣམས་རིམ་པ་ལས་མ་འདས་པར་ཕྲལ་བར་བྱ་ཞིང་སོ་སོར་བྱའོ། །ཨོ་ཡིག་ལ་ཨཽ་སྟེ་ཨཽ་ཡིག་ལའང་ངོ་ཞེས་པས་ཨའི་ཡི་གེ་ཨཽ་ཡིག་དང༌། ཨཽ་ཡིག་ཕ་རོལ་ལ་ཨཽ་རུ་འགྱུར་ཞིང་ཕ་རོལ་ཡང་དབྱི་བ་འཐོབ་བོ། །གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེར་དྲང་ངོ་ཞེས་པས་གསལ་བྱེད་གང་དབྱངས་མེད་པ་དེ་ཕ་རོལ་གྱི་ཡི་གེར་དྲང་པར་བྱའོ། །བི་པྲཽ། མང་པོའི་དོན་བརྗོད་པར་འདོད་པ་ན་མང་བོའི་ཚིག་ཛས་སོ། །ཛ་ཡིག་ནི་ཛས་ཐམས་ཅད་ཨཱིའོ་ཞེས་པའི་ཁྱད་པར་གྱི་དོན་ཏོ། །ཨ་ཡིག་སྒྲ་ལྡན་ལ་རིང་པོའོ་ཞེས་སྤྱིར་བཏང་ནས། ཛས་ལའོ་ཞེས་པས་རྟགས་མཐའི་ཨ་ཡིག་ཛས་ཕ་རོལ་ལ་རིང་པོར་འགྱུར་རོ། །མཚུངས་པ་འདྲ་བའི་ཡི་གེ་ལ་རིང་པོར་འགྱུར་ཏེ། ཕ་རོལ་ཡང་དབྱིའོ། །པི་པྲཱཿ་གཉིས་པ་ལ་སོགས་པའི་དོན་བརྗོད་པར་འདོད་པ་ན་ལྷག་མ་རྣམས་ལས་དང་བྱེད་པ་དང༌། ཡང་དག་པར་རབ་ཏུ་སྦྱིན་པ་དང༌། འབྱུང་ཁུངས་དང༌། བདག་པོ་ལ་སོགས་པ་དང༌། གཞི་རྣམས་ལའོ་ཞེས་པས་ལྷག་མ་གཉིས་པ་ལ་སོགས་པའི་རྣམ་པར་དབྱེ་བ་དྲུག་རྣམས། ལས་ལ་སོགས་པའི་དོན་དྲུག་རྣམས་ལ་རིམ་པ་ཇི་ལྟ་བར་འགྱུར་ཏེ། གཅིག་ཉིད་ལ་སོགས་པའི་དོན་རྣམས་ལ་གཅིག་གི་ཚིག་ཨ་མ་ལ་སོགས་པ་རྣམས་སོ། །ཨ་ཡིག་ལ་དབྱིའོ་ཞེས་པ་རྟགས་ཀྱི་ཨ་ཡིག་ཨ་ཡིག་ཐུན་མོང་བ་ལས་དབྱི་བར་འགྱུར་རོ། །བི་པྲཾ། བི་པྲཽ། ཤས་ཀྱི་ཤ་ཡིག་ནི་ཤས་ཀྱི་ཨ་ཡིག་སྟེ་སའི་འང་བུད་མེད་མ་ཡིན་པ་ལ་ནའོ་ཞེས་པའི་ཁྱད་པར་གྱི་དོན་ཏོ། ཤས་ལ་སྟེ་སའི་འང་ནའོ་ཞེས་པས་རྟགས་མཐའི་ཨ་ཡེག་ཤས་ཕ་རོལ་ལ་རིང་པོར་འགྱུར་ཞིང་སའང་ན་རུ་འགྱུར་རོ། །ར་ཥ་རྀ་ཡིག་རྣམས་ལ་ཞེས་པ་ལ་སོགས་པས་ཎ་ཉིད་ཐོབ་མོད། མཐའ་མ་ཡིན་པ་ཞེས་པས་བཀག་གོ །བི་པྲཱན། གསུམ་པའི་དོན་བརྗོད་པར་འདོད་པ་ན་ལྷག་མ་རྣམས། ལས་དང༌། བྱེད་པ་ཞེས་པ་ལ་


DTG196_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པས་གཅིག་ཉིད་ལ་སོགས་པའི་དོན་རྣམས་ལ་གསུམ་པའོ། །ཊཱ་ཞེས་པ་འདིའི་ཊཱི་ཡིག་ཊཱ་ཨཽས་དག་ལ་ཨེའོ་ཞེས་པའི་ཁྱད་པར་གྱི་དོན་ཏོ། །ཨི་ནར་ཊཱའོ་ཞེས་པས་ཨ་ཡིག་མཐའ་རྟགས་ལས་ཕ་རོལ་གྱི་ཊཱ་ཨི་ན་རུ་འགྱུར་རོ། །ཨའི་ཡི་གེ་ཨིའི་ཡི་གེ་ལ་ཨེའོ་ཞེས་པས་ཨའི་ཡི་གེ་ཨིའི་ཡི་གེ་ཕ་རོལ་ལ་ཨེ་ཉིད་དུ་འགྱུར་ཞིང་ཕ་རོལ་ཡང་དབྱིའོ། །ར་དང་ཥ་དང་རྀའི་ཡི་གེ་རྣམས་ལས་མཐའ་མ་ཡིན་པའི་ནའི་ཎ་སྟེ། དབྱངས་དང་ཧ་