Nitartha Digital Library
Tibetan
༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ། འགྲོ་འདུལ་ཐུགས་རྗེས་ཆེན་པོའི་དཀྱིལ་འཁོར་བརྟེན་པའི་གཤིན་དོན་སྒྲིབ་སྦྱང་གི་ཆ་གོ་ཐར་ལམ་གསལ་བྱེད་ཅེས་བྱ་བ་བཞུགས།

5 occurrences of དགོངས་པ་
[Clear Hits]


 
བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ། འགྲོ་འདུལ་ཐུགས་རྗེས་ཆེན་པོའི་དཀྱིལ་འཁོར་བརྟེན་པའི་གཤིན་དོན་སྒྲིབ་སྦྱང་གི་ཆ་གོ་ཐར་ལམ་གསལ་བྱེད་ཅེས་བྱ་བ་བཞུགས།


5 occurrences of དགོངས་པ་
[Clear Hits]

 
no previousབླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ། འགྲོ་འདུལ་ཐུགས་རྗེས་ཆེན་པོའི་དཀྱིལ་འཁོར་བརྟེན་པའི་གཤིན་དོན་སྒྲིབ་སྦྱང་གི་ཆ་གོ་ཐར་ལམ་གསལ་བྱེད་ཅེས་བྱ་བ་བཞུགས།no next

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ། འགྲོ་འདུལ་ཐུགས་རྗེས་ཆེན་པོའི་དཀྱིལ་འཁོར་བརྟེན་པའི་གཤིན་དོན་སྒྲིབ་སྦྱང་གི་ཆ་གོ་ཐར་ལམ་གསལ་བྱེད་ཅེས་བྱ་བ་བཞུགས།

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ། འགྲོ་འདུལ་ཐུགས་རྗེས་ཆེན་པོའི་དཀྱིལ་འཁོར་བརྟེན་པའི་གཤིན་དོན་སྒྲིབ་སྦྱང་གི་ཆ་གོ་ཐར་ལམ་གསལ་བྱེད་ཅེས་བྱ་བ་བཞུགས།

ན་མོ་ལོ་ཀེ་ཤྭ་ར་ཡ། དུས་སུམ་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་པ། འཁོར་བ་སྲིད་དུ་བྱང་གྲོལ་ཕྲིན་ལས་ཅན། སྙིང་རྗེའི་དབང་དབང་ཕྱུག་ཕྱག་ན་པདྨོ་ཡི། སྤྲུམ་བསྒྱུར་དངོས་སྤྲུགས་དཀྱིལ་འཁོར་ལྷ་ལ་འདུད། འདི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་བླ་མ་ལོངས་སྐུ་འགྲོ་འདུལ་ངན་སོང་དང་པོ་སྤྲུགས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་རང་དང་གཞན་གྱི་དོན་བྱེད་པར་འདོད་པ་དག་གི། སྔོན་དུ་དབང་བསྐུར་ཐོབ་ཅིང་། བསྙེན་སྒྲུབ་ལེགས་པར་ཟིན་ནས་གཤིན་པོ་རྗེས་སུ་བཟུང་བའི་རིམ་པ་ལ། རས་བྲིས་ཀྱི་དཀྱིལ་འཁོར་མཐར་མཆོད་པ་བཤམས། དབུ་རྒྱན། ཅོད་པན། རྡོ་རྗེ་དྲིལ་བུ། རྡོར་དྲིལ། འཁོར་ལོ། བུམ་པ་རྫས་ལྡན་གཉིས་ལྷ་སྐུ་རྣམས་ཀྱི་ཙཀླིི། སྔགས་ཕྲོགས། མེ་ལོགས། བཀྲིས་སྫས་རྟགས། རྒྱལ་སྲི་རྣམས་ཀྱི་ཙཀླི་རྣམས་དཀྱིལ་འཁོར་དུ་འགོད། དཀྱིལ་འཁོར་གྱི་ལྷོ་ཕྱོག་སུ་ཆེན་འདོས་ཀྱི་གཟུགས་བྱང་མིང་ཡིག་ས་བོན་གྱིས་མཚན་པ། དྲི་གོས་སམ་རོ་འམ་རུས་དུམ། བྱེ་མ། ཡུངས་དཀར། ཏིལ་ནག མེ་ཆུ་རྣམས་བཤམས། དེ་ནས་སྔོན་འགྲོ་གཏོར་མ་ནི།

ན་མོ་གུ་རུ་བྷུ་དྷ་བོ་དྷི་སྭ་ཏྭ་བྷྱ། རྐང ་གཉིས་མཆོག་ལ་མཚན་གྱི་གཟིགས་བརྗེད་ཀྱི། བདུད་ཀྱི་དཀྱིལ་འཁོར་བྱེ་བ་དཔའ་སྐོང་ཞིང་། ལས་ཀྱི་སྒྲུབ་པ་མཐའ་དག་རྒྱུན་གཅོད་པ། རྒྱལ་བ་མི་འཁྲུགས་མགོན་ལ་ཕྱག་འཚལ་ལོ། གང་གིས་སྐུ་དང་ཞིང་ཁམས་དྲན་པས་ཀྱང་། ཉམས་ཆགས་ཉེས་ལྟུང་རྩད་ནས་ཟད་མཛད་པ། རིག་དང་དཀྱིལ་འཁོར་ཀུན་གྱི་ཁབ་བདག་སྟེ། དཔལ་ལྡན་རྡོ་རྗེ་སེམས་ལ་ཕྱག་འཚལ་ལོ། སྲིད་པ་ཅི་སྲིད་ཐུགས་རྗེས་ སྤྱན་རས་གཟིགས། བསྐལ་བཟང་རྒྱལ་བ་རྣམས་ཀྱི་ཡབ་ཅིག་པུ། འཁོར་བ་དོང་ནས་སྤྲུགས་པའི་སེམས་དཔའ་ཆེ། འཇིག་རྟེན་དབང་ཕྱུག་ཞབས་ལ་ཕྱག་འཚལ་ལོ། ཆོས་དབྱིངས་རྣམ་པར་མི་རྟོག་ནམ་མཁའི་ངང་། སངས་རྒྱས་མཛད་པའི་ཕྲིན་ལས་ལྷུན་གྲུབ་པ། སྐུ་དང་ཞིང་ཁམས་ཡོང་རྫོགས་འབྱུང་བའི་གནས། ཀུན་རིགས་རྣམ་སྣང་མཛད་ལ༴ བསྐལ་བཟང་ཉི་མ་བརྒྱ་ཕྲག་བཅུ་པོ་ལས། པད་དཀར་ལྟར་འཕང་སྙིང་རྗེའི་སྟོབས་ཤུགས་འཆང་། སྙིགས་མའི་

མགོན་པོ་རྨད་བྱུང་བཀྲིན་ཅན། ཤཱཀྱའི་རྒྱལ་པོའི་ཞབས༴ སྐུ་ཚེ་འོད་སྣང་འདུས་པ་དཔག་ཏུ་མེད། མཚན་ཙམ་བཟུང་བས་བདེ་བ་ཅན་ཞིང་དུ། དག་པའི་ས་ལ་མི་ལྡོག་དབུག་ཆེན་འབྱིན། སངས་རྒྱས་འོད་དཔག་མེད༴ པདྨ་གཙུག་ཏོར་རྡོ་རྗེའི་སྙིང་པོ་སྟེ། འགྲོ་བ་འདུལ་བྱེད་འཕགས་པ་ཐུགས་རྗེ་ཅན། སྤྱིན་རས་གཟིགས་དབང་རྣམས༴ གསང་བའི་བདག་པོ་ཁྲོ་ཆེན་སྨོ་བ་རྩིགས། རྡོ་རྗེ་རྣམས་འཇོམ་རིགས་སྔགས་བདུད་རྩི་འཁྱིམ། མཐུ་སྟོབས་མེ་ལྟར་འབར་བའི་གཟིགས་ཀྱི། བགེགས་འདུལ་ཁྲོ་རྒྱལ་རྣམས་ལ་ཕྱག་འཚལ་ལོ། བདེ་གཤེགས་སྲས་དང་སློབ་མ་བཀའ་ཉན་ཅན། ཕྱོགས་བཅུའི་ཞིང་གི་རྒྱུལ་རྙེད་ཐམས་ཅད་ལ། བདག་སོགས་ནམ་མཁའི་མཐའ་མཉམ་འགྲོ་བ་རྣམས། སྒོ་གསུམ་གུས་པའི་བཏུད་དེ་ཕྱག་འཚལ་ལོ།

བདག་ཉིད་དཀྱིལ་འཁོར་རང་བཞིན་དབྱེར་མེད་བསྒོམས་ནས་རིག་པའི་མེ་ཏོག་དོར་བ་སྙིང་དོན་དཀྱིལ་འཁོར་དུ་ཞུགས་པ་ཡིན་པས་མེ་ཏོག་འཐོར་བ་དང ་བཅས། ༀ་བཛྲ་ས་མ་ཡ་ༀ༔ ཨཾ་བཛྲ་ས་མ་ཡ་ཨཾ༔ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ༔ སྭ་བཛྲ་ས་མ་ཡ་སྭ༔ ཧ་བཛྲ་ས་མ་ཡ་ཧ༔ ཞེས་མེ་ཏོག་ཕུལ་ནས། བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཉིས་སུ་མེད་པར་གྱུར། འཇུག་བྱའི་དཀྱིལ་འཁོར་འོ། ༀ་ཡེ་ཤེས་རྒྱལ་པོའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྨད་པོ་ཆེ༔ དེ་ཉིད་དུ་ནི་མཉམ་སྦྱོར་བའི༔ ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག༔ ༀ་བཛྲ་ས་མ་ཡ་ཧཱུྃ༔ ༀ་བཛྲ་ས་མ་ཡ་སྭཾ༔ ༀ་བཛྲ་ས་མ་ཡ་ཧོ༔ ༀ་རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདི༔ བདག་གི་སློབ་མ་འཇུག་པར་འཚལ༔ ཞེས་གསོལ་བས་གནང་བ་བྱིན་པར་བསམ།

རྒྱལ་བ་ཟླ་བ་དྲི་མ་མེད་པའི་སྐུ། རྒྱལ་བ་ཉི་མ་འོད་ཟེར་སྟོང་གི་འོད། རྒྱལ་བ་པདྨ་དྲི་མ་མེད་པའི་སྤྱན། རྒྱལ་བ་མེ་ཏོག་པད་རྩལ་རྡུལ་མེད་ཚེམས། རྒྱལ་བའི་ཡོན་ཏན་རྒྱ་མཚོ་ལྟ་བུ་སྟེ། རིན་པོ་ཆེ་ནི་དུ་མའི་འབྱུངས་གྱུར། རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཆུ་ཡི་གང་། ཏིང་འཛིན་བརྒྱ་ཕྲག་སྟོང་གི་ཀུན་ཏུ་གང་། རྒྱལ་བའི་ཞབས་ནི་འཁོར་ལོའི་བྲིས་པ་སྟེ། འཁོར་ཡུག་མི་ཁྱུད་དེ་བཞིན་རྩིབ་མ་སྟོང་། ཕྱག་དང་ཞབས་ནི་དྲ་བས་སྤྲས་པ་སྟེ། ཞབས་ཀྱི་དྲ་བ་ངང་པའི་དབང་པོ་བཞིན། གསེར་གྱི་རི་བོ་ལྟུ་བུར་རབ་ཏུ་གདའ། རྒྱལ་བ་དྲི་མེད་གསེར་གྱི་རི་དབང་པོ། ཡོན་ཏན་ཐམས་ཅད་རི་དབང་འདྲ་བ་སྟེ། སངས་རྒྱས་རི་དབང་རྒྱལ་ལ་ཕྱག་འཚལ་ལོ། དེ་བཞིན་གཤེགས་པ་ཟླ་བ་ཆུ་ཟླ་འདྲ། ནམ་མཁའ་དང་ཡང་མཚུང་ཤིང་འདྲ་བ་སྟེ། རྒྱུ་མ་སྨིག་རྒྱུ་ལྟ་བུར། རྒྱལ་བ་དྲི་མ་མོད་ལ་ཕྱག་འཚལ་ལོ།

ༀ་ཟུང་འཇུག་དབྱིངས་ནས་བྱིན་རླབས་འབེབས༔ རིག་འཛིན་བླ་མའི་བཀྲིས་ཤོག༔ རྣམ་ཤེས་རྣམ་དག་དཀྱིལ་འཁོར་གཙོ༔ མི་བསྐྱོད་རྡོ་རྗེའི་བཀྲིས༴ ཀུན་གཞི་རྣམ་དག་རིགས་ཀུན་བདག༔ རྡོ་རྗེ་སེམས་དཔའི་བཀྲིས༴ ཉོན་ཡིད་རྣམ་དག་འགྲོ་བ་འདུལ༔ ལས་ཀྱི་སེམས་དཔའི་བཀྲིས༴ གཟུང་སོང་ཡེ་ཤེས་བཞི་རུ་དག༔ རྒྱལ་བ་རིགས་བཞིའི་བཀྲིས༴ ཚད་མེད་བཞི་ཡི་ཕྲིན་ལས་མཛད༔ འཕགས་མཆོག་རྣམ་བཞིའི་བཀྲིས༴ རྡོ་རྗེ་བཞི་དངོས་འབར་བའི་སྐུ༔ ཁྲོ་རྒྱལ་བཞི་ཡི་བཀྲིས༴ ངན་སོང་དངོས་སྤྲུགས་ཐུགས་རྗེའི་གཏོར༔ དཀྱིལ་འཁོར་ལྷ་ཚོགས་བཀྲིས༴ གང་བསམ་ཕན་པའི་དངོས་ཀུན་འཇོ༔ དོན་གཉིས་ལྷུན་འགྲུབ་བཀྲིས་ཤོག༔

༡༠

༡༡

རྣམས་སྤྲོས༔ ཧཱུྃ བླ་མ་སྤྱན་རས་གཟིགས་དབང་ཕྱུག༔ རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ལ༔ དད་གསུམ་ལུས་ཀྱིས་ཕྱག་འཚལ་ལོ༔ ཀུན་བཟང ་མཆོད་སྤྲིན་རྒྱ་མཚོའི་མཆོད༔ ཐོག་མེད་ནས་བསགས་སྡིག་སྒྲིབ་བཤགས༔ བསོད་ནམས་དགེ་ལ་རྗེས་ཡི་རང་༔ ཆོས་ཀྱི་འཁོར་ལོ་བསྐོར་བཞིན་ཏུ༔ མྱང་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་བ་སེམས་ཅན་ཡོངས་ལ་བསྔོ༔ ཐམས་ཅད་སངས་རྒྱས་ཐོབ་པར་ཤོག༔ དེ་ནས་འཇུག་པའི་སེམས་བསྐྱེད་དོ༔ སེམས་ཅན་སྡུག་བསྔལ་བདག་ལ་སྨིན༔ བདག་གི་བསོད་ནམས་འགྲོ་བས་ཐོབ༔ ཀུན་ཀྱང་བདེ་ལས་མི་འབྲལ་ཞིང་༔ ཆོས་ཀུན་བཏགས་བསྙོམས་རྟོགས་པར་ཤོག༔ ཚོགས་ཞིང་ཐམས་ཅད་འོད་ཞུ་རང་ལ་ཐིམ༔ འཁོར་བའི་སྡུག་བསྔལ་འཇིགས་ལས་ཐར་བར་བསམ༔ བདག་ཉིད་ཐུགས་རྗེ་ཆེན་པོ་བསྒོམ༔ ཧྲཱི༔ སྟོང་ཉིད་དབྱིངས་ལས་སྙིང་རྗེའི་རིག་གདངས་ཙལ༔ ཧྲཱིཿཡིག་ཡོངས་གྱུར་པད་ཟླའི་གདན་གྱི་སྟེང་༔ བདག་ཉིད་འགྲོ་འདུལ་འཕགས་པ་

༡༢

སྤྱན་རས་གཟིགས༔ དཀར་གསལ་ཕྱག་བཞིའི་དང་པོའི་ཐལ་མོ་སྦྱར༔ གཡས་གཡོན་འོག་མས་ཤེལ་ཕྲེང་པདྨ་བསྣམས༔ ཞི་འཛུམ་དགྱེས་ཉམས་མཚན་པོའི་གཟི་བྱིན་འབར༔ དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཅས༔ སྣང་སྟོང་ཟུང་འཇུག་འོད་སྐུར་ལམ་མོར་བཞུགས༔ ཐུགས་དབུས་པད་ཟླའི་སྟེང་དུ་ཧྲཱིཿཡིག་མཐར༔ ཡིག་དྲུག་སྔགས་ཀྱི་བསྐོར་བའི་འོད་ཟེར་དང་༔ རྡོ་རྗེའི་སྔགས་སྒྲས་ཞིང་ཁམས་ཀུན་ཏུ་ཁྱབ༔ རྒྱལ་བ་མཆོད་ཅིང་འགྲོ་བའི་སྒྲིབ་གཉིས་སྦྱངས༔ ཆུལ་འདུས་བདག་ཐིམ་བྱིན་གྱིས་རླབས་པར་བསམ༔ ༀ་མ་ཎ་པདྨེ་ཧཱུྃ་ཧྲཱིཿ ཅེས་ནུས་བཟླས༔ ༀ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཪྨ་ཀཉོཧཾ༔ མདུན་གྱི་དཀྱིལ་འཁོར་མི་དམིགས་སྟོང་པར་བསམ༔ སྟོང་པའི་ངང་ལས་ཡེ་ཤེས་རང་སྣང་གིས༔ མངོན་པར་སྤྲུལ་པའི་གཞན་མེད་ཁང་ཆེན་དབུས༔ སྦུ་བསྐྱེད་སྐབས་འདི་ནས༔ སྣ་ཚོགས་པདྨ་འདབ་བརྒྱད་ལྟེ་བ་ཏུ༔ གླང་པོའི་གཏེགས་པའི་རིན་ཆེན་པད་ཟླའི་སྟེང་༔ ཧཱུྃ་ལས་ལས་སྒྲིབ་ཀུན་སྦྱོང་མི་འཁྲུགས་པ༔

༡༣

སྭ་བྷ་བས་སྦྱངས། ནམ་མཁའ་མཛོད་ཀྱི་སྤེལ། ༀ་ལོ་ཀ་བྷཱུ་མི་པ་ཏི་བཛྲ་ས་མཱ་ཛ༔ དེ་བཞིན། ཨ་ཀཱ་རོ་སྔ་འབུལ་ལོ། ཧྲཱིཿ གཞི་བདག་གནས་བདག་འབྱུང་པོའི་ཚོགས༔ མཆོད་གཏོར་དམ་པ་འདི་བཞེས་ལ༔ མི་དགེ་ཕྲག་དོག་མེད་པར་མཛོད༔ ཞི་བདེ་མཐུན་རྐྱེན་བསྒྲུབ་ཏུ་གསོལ༔ ཞེས་འབུལ་ཞིང་གཙྪས་རང་གནས་སུ་བཤེགས༔ བགེགས་གཏོར་སྦྱངས་སྤེལ་སྔར་ལྟར་བྱས་ལ༔ དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད༔ བི་ན་ཡ་ཀ་པུ་ཀ་ཏི་ཤྭ་ར་སརྦ་བིགྷྣན་ཨཾ་ཀུ་ཤ་ཛཿཛཿ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུྃ༔ ལན་གསུམ༔ ཧྲཱིཿ གང་དག་བསྒྲུབ་ལ་མི་དགའ་བ༔ བི་ན་ཡ་ཀ་དགའ་རབ་དབང་༔ བདུད་ཀྱི་ཚོགས་རྣམས་གཏོར་མ་ལོངས༔ ཞི་དང་ཕན་སེམས་ལྡན་པར་མཛོད༔ གཙྪས་རང་གནས་སུ་གཤེགས༔ བསྲུང་འཁོར་བསྒོམས་པ་ནི༔ ཧཱུྃ། སྟེང་ཡང་རྡོ་རྗེའི་བླ་བྲོ་ལ༔ འོག་ཀྱང་རྡོ་རྗེའི་རྭ་བས་བསྐོར༔

༡༤

ཡེ་ཤེས་མི་ཡིས་མཚམས་བཅད་དོ༔ ༀ་བཛྲ་རཀྵ་རཀྵ་ཧཱུྃ༔ མཆོད་རྫས་བྱིན་རླབས་ནི༔ ཧཱུྃ། ཆོས་ཉིད་དབྱིངས་ཀྱི་ཆོ་འཕྲུལ་ལས༔ རྃ་ཡྃ་ཁྃ་གིས་དངོས་འཛིན་སྦྱངས༔ བདེ་བ་ཅན་གྱི་ཞིང་ཁམས་སུམ༔ ཕོ་བྲང་ཉམས་དགའ་རྒྱན་དགའ་རྒྱན་དང་ལྡན༔ བྷཱུཾ་ལས་རིན་ཆེན་སྣོད་མཆོད་ཏུ༔ ༀ་ཧཱུྃ་ཏྲཱྃ་ཧྲཱིཿ ཨ་རྣམས་ལས༔ ཡེ་ཤེས་ལྔ་ཡི་མཆོད་པའི་སྤྲིན༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ བྷཱུཾ་ཧཱུྃ་ༀ་ཏྲཱྃ་ཧྲཱིཿཨཱཿ བཛྲ་སྥ་ར་ཎ་ཁཾ༔ སྐྱབས་འགྲོ་བའི་རིམ་པ་ནི༔ ན་མོ༔ བདག་དང་མཁའ་མཉམས་སེམས་ཅན་རྣམས༔ བླ་ཡི་དམ་སྤྱན་རས་གཟིགས༔ སྟོན་པ་སངས་རྒྱས་དམ་པའི་ཆོས༔ རྒྱལ་སྲས་བྱང་དགེ་འདུན་དང་༔ མཁའ་འགྲོ་དམ་ཚོགས་བཅས་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ སྐྱལ་ཡུལ་དཔགས་པོའི་ཚུལ་དུ་བྱ༔ ཧོཿ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར༔ སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར༔ མགོན་པོའི་གོང་འཕང་ཐོབ་པར་བྱ༔ ལུས་ནི་རྡུལ་སྙེད་མཆོད་པའི་ཚོགས་

༡༥

མཐིང་གསལ་ས་གནོན་མཉམ་བཞག་རྡོ་རྗེ་བསྣམས༔ དར་དང་རིན་ཆེན་རྒྱན་མཛེས་སྐྱིལ་ཀྲུང་བཞུགས༔ སྤྱི་བོར་རིགས་ཀུན་ཁྱབ་བདག་རྡོ་རྗེ་སེམས༔ སྐུ་མདོག་དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ མདུན་ཏུ་ལས་ཀྱི་སེམས་དཔའ་སྤྱན་རས་གཟིགས༔ འཁོར་བ་དོང་སྤྲུགས་དམར་གསལ་བཞེངས་པའི་སྟབས༔ གཅེར་བུ་རྒྱན་སྤངས་ཕྲེང་བ་བུམ་པ་བསྣམས༔ ཕྱི་རོལ་འདབ་བརྒྱད་པདྨའི་ལྟེ་བ་ཏུ༔ ཤར་དུ་རྣམ་པར་སྣང་མཛད་ཀུན་ཏུ་ཞལ༔ དཀར་པོ་མཉམ་བཞག་་་་་་རྫོགས་སྐུའི་ཚུལ༔ དམར་པོ་མཉམ་ངག་འཆི་མེད་་་་བུམ་བསྣམས༔ བྱང ་དུ་དོན་ཡོད་གྲུབ་པ་སྨན་གྱི་བླ༔ མཐིང་གསལ་སྨན་མཆོག་བདུད་རྩིའི་ལྷུང་བཟོད་བསྣམས༔ དེ་རྣམས་མཚན་དཔེའི་དཔལ་འབར་སྤྲུལ་སྐུའི་ཆས༔ ཆོས་གོས་གསུམ་གསོལ་རྡོ་རྗེའི་

༡༦

སྐྱིལ་ཀྲུང་བཞུགས༔ ཤར་ལྷོར་སྡུག་བསྔལ་ཀུན་སེལ་འཕགས་པ་མཆོག༔ སེམས་ཉིད་ངལ་བསོ་མཆོག་སྦྱིན་པད་དཀར་བསྣམས༔ ལྷོ་ནུབ་འདོད་རྒུའི་མཆོག་སྩོལ་དོན་ཡོད་ཞུགས༔ སེར་གསལ་རིན་ཆེན་ལྕགས་ཀྱུ་ཞགས་པ་བསྣམས༔ ནུབ་བྱང་འགྲོ་འདུལ་པདྨ་གཙུག་ཏོར་ནི༔ དཀར་དམར་མདངས་ཅན་ཕྱག་ཉིས་ཐལ་མོ་སྦྱར༔ བྱང་ཤར་སྡིག་སྒྲིབ་ཀུན་འཇོམས་རྡོ་རྗེ་སྙིང་༔ སྔོན་པོ་ཕྱག་གཉིས་རྡོ་རྗེ་ཞགས་པ་བསྣམས༔ ཀུན་ཀྱང་བཞེངས་སྟབས་དར་དང་རིན་ཆེན་བརྒྱན༔ སྒེ་བཞིར་པདྨ་ཉི་མའི་གདན་སྟེང་དུ༔ ཤར་དུ་ངན་སོང ་ཀུན་འདྲེན་གསང་བའི་བདག༔ དཀར་པོ་ཞིང་འཛུམ་རྡོ་རྗེ་དྲིལ་བུ་འཛིན༔ ལྷོ་ཏུ་དམ་གྲིབ་ཀུན་སེལ་སྨེད་བ་བརྩེགས༔ དུད་ཁ་ཕྱག་གཉིས་ཐུགས་དཀར་སྡིག་མཛུབ་མཛད༔ ནུབ་ཏུ་རིགས་སྔགས་ཀུན་རྒྱལ་རྣམ་པར་འཇོམས༔ མཐིང་གསལ་ཁྲོ་འཛུམ་རྡོ་རྗེ་རིལ་བུ་འཛིནལ བྱང་དུ་ལས་ཀུན་བདག་པོ་བདུད་རྩི་འཁྱིལ༔ ལྗགས་སྔོན་སྣ་ཚོགས་རྡོ་རྗེ་རིལ་བུ་འཛིན༔ ཀུན་ཀྱང་རང་རང ་རྒྱན་རྫོགས་དར་སྟོབས་

༡༧

བཞེངས༔ གཞན་ཡང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཚོགས༔ དཔག་མེད་ཏིལ་གང་ཁ་ཕྱེ་ལྟར་གསལ་བའི༔ གནས་གསུམ་འབྲུ་གསུམ་མཚན་པའི་འོད་ཟེར་གྱིས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་དབྱེར་མེད་བསམ༔ ༀ་ངོ་བོ་ཆོས་སྐུ་སྤྲོས་དང་བྲལ་བའི་དབྱིངས༔ གཤེགས་དང་བཞུགས་པའི་མཚན་མ་མི་དམིགས་ཀྱང་༔ རང་བཞིན་ཐུགས་རྗེས་གཟུགས་ཀྱི་སྐུར་བཞེགས་པ༔ བཅོམ་ལྡན་འདས་དཀྱིལ་འཁོར་ལྷ་ཚོགས་གཤེགས་སུ་གསོལ༔ ༀ་སརྦ་ཏ་ཐཱ་ག་ཏ་ཨེ་ ཧྱ་ཧི༔ ཛཿ ཧཱུྃ་བམ་ཧཿ པདྨ་ཀ་མ་ལ་ཡ་སྟྭཾ༔ དབང་བསྐུར་བ་ནི༔ སླར་ཡང་ཐུགས་ཀའི་འོད་ཀྱིས༔ ཧྲཱི༔ དབང་གི་ལྷ་ཚོགས་ནམ་མཁའ་གང་བ་ཡི༔ རིན་ཆེན་བུམ་པ་མང་པོ་བདུད་རྩི་བཀང་༔ བཀོད་པ་དུ་མར་བཅས་པ་ཐམས་ཅད་ལ༔ ༀ་སརྦ་ཏ་ཐཱ་ག་ཏ་པྲ་ཝ་ར་སེ་ཀ་ར༔ མ་ཧཱ་པེ་ཀ་ར༔ མ་ཧཱ་ཨརྒྷ། ་་་་ནས། ཤབྷ་ཨཱཿཧཱུྃ༔ དེ་བཞིན་གཤེགས་ཀུན་ལྷ་ལ་དབང་བསྐུར་གསོལ༔ བཀྲིས་གླུ་ལེན་མེ་ཏོག་འཐོར་བཞིན་པས༔

༡༨

ཇི་སྙེད་སངས་རྒྱས་འདུས་པའི་དབང་བསྐུར་རོ༔ སྐུ་གང་དྲི་དག་ཆུ་ལྷག་ཡར་ལུད་པ༔ སོ་སོའི་རིགས་ཀྱི་བདག་པོའི་དབུ་བརྒྱན་གྱུར༔ ཕྱག་འཚལ་བ་ནི༔ ཧཱུྃ། དེ་བཞིན་གཤེགས་པའི་སྐུ་ནི་མཚན་དཔེ་རྫོགས༔ གསུང་དབྱངས་ཡན་ལག་འབུམ་དང་ལྡན་པའི་སྒྲ༔ ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཐུགས༔ མ་འདྲེས་བཅོ་བརྒྱད་མངའ་བའི་ཡོན་ཏན་ལྡན༔ ཕྲིན་ལས་འགེགས་མེད་གདུལ་བྱའི་རྒྱུད་ལ་འཇུག༔ རྒྱལ་བ་ནམ་མཁའི་མཐའ་ལ་ཁྱབ་པའི་དབྱིངས༔ ཡེ་ཤེས་སྐུ་གསུམ་རོ་གཅིག་ངོ་བོ་ཉིད༔ རྣམ་པ་འདྲེས་མངོན་པར་བྱང་ཆུབ་སྐུ༔ གཟུགས་སྐུ་གཉིས་རྫོགས་ངན་སོང་དོང་སྤྲུགས་ཀྱི༔ དཀྱིལ་འཁོར་ལྷ་ལ་གུས་པས་ཕྱག་འཚལ་ལོ༔ མཆོད་པ་ནི༔ སྲིད་ཞིའི་མགོན་གྱུར་འཕགས་པའི་ཚོགས་རྣམས་ལ༔ ཡན་ལག་བརྒྱད་ལྷན་མཆོད་ཡོན་བཟང ་པོ་དང་༔ དྲི་བཟང་འོ་ཆབ་སྦྱར་བའི་ཞབས་བསིལ་མཆོག༔

༡༩

དཀར་དམར་མཛེས་པ་རྣམ་བཀྲའི་མེ་ཏོག་ཚལ༔ སྦྱར་དང་ལྷན་སྐྱེས་དྲི་བསུང་དང་ལྡན་སྤྲིན༔ རྩེ་དང་འབྲུ་བཅུད་ཤེལ་དང་ཉི་ཟླའི་སྒྲོན༔ སྨན་མཆོག་་་་་སྤུ་འོས་པའི་དྲི་ཆབ་རིག༔ ལྷ་མིའི་ངོ་མཚར་བདུད་ཙིའི་ཞལ་ཟས་མཆོག༔ རྔ་ཟླུམ་པི་ཝཾ་སིལ་སྙན་དུང་གི་སྒྲ༔ བཀོད་པ་ཁྱད་འཕགས་ལྷ་དང་ལྷ་མོའི་ཚོགས༔ བ་དན་ཕྱེ་ཕུར་གདུགས་འཕན་བླ་བྲེ་དང་༔ རྒྱལ་མཚན་ལ་སོགས་ནམ་མཁའ་བཀང ་སྟེ་འབུལ༔ ༀ་སརྦ་ཏ་ཐཱ་ག་ཏ་ཨ་རྒྷཾ། ་་་་ པུཥྤེ། སོགས་ནས། ཤབྷ་པྲ་ཏཱཙྪ་ཨཱཿཧཱུྃ། ཧྲཱིཿ འགྲོ་མགོན་སྲས་དང་སྤྲུལ་པའི་འཕགས་ཚོགས་ལ༔ མ་རིག་རྣམ་དག་ཡེ་ཤེས་མེ་ལོང་མཆོག༔ དུག་ལྔའི་གདུང ་སེལ་སྙིང་པོ་ཞེ་ཡི་ཟས༔ ཉོན་མོངས་གཅོང་ཞི་གི་ཞང་སྨན་གྱི་ཕུལ༔ ཕྱི་ནང་ཆོས་རྣམས་དབང་སྡུད་ལི་ཁྲི་མཆོག༔ རྒྱུད་དག་སྔགས་འབྲས་སྤྱོད་པ་བིར་བའི་

༢༠

འབྲས༔ རྡོ་རྗེ་ཚེ་མཆོག་འཕེལ་བའི་དུར་བ་དང་༔ ལོག་སྒྲ་ཀུན་བཅོམ་གཡས་འཁྱིལ་ཆོས་ཀྱི་སྒྲ༔ བདུད་སྡེ་ཕམ་མཛད་ཁྲོ་བོ་ཡུངས་ཀར་མཆོག༔ འདི་དགའ་འབུལ་གྱི་བཀྲིས་ལྡན་པར་ཤོག༔ དེ་ནས་བཀྲིས་རྟགས་བརྒྱད་འབུལ་བ་ནི༔ ཧྲཱིཿ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ༔ དཔལ་བེ་ཡེ་ཤེས་དྲ་བ་ཆེ༔ འཁོར་ལོ་ཕྱོགས་ལྷུང་ཀུན་དང་བྲལ༔ པདྨ་ཆགས་མེད་ཡེ་ཤེས་ཏེ༔ རྒྱལ་མཚན་རྟོག་མེད་བདུད་ལས་རྒྱལ༔ གདུགས་མཆོག་འཁོར་ཡུག་འདོ་གསལ་བ༔ བུམ་པ་ཅི་སྣང་ཆོས་ཀྱི་གཏེར༔ ཆོས་དུང་གྲགས་སྟོང་མདངས་རྩལ་ཅན༔ གསེར་ཉ་ཡེ་ཤེས་བྱང་ཆུབ་སེམས༔ རྒྱལ་བའི་ཚོགས་ལ་འབུལ་བར་བགྱི༔ ཧྲཱིཿ ལྟེ་བ་ཟབ་ཡངས་རྩིབས་སྟོང་རྒྱ་ཆེ་ཆོས༔ ངེས་པ་ལྔ་ལྡན་འགྲུབ་པའི་ཡིད་བཞིན་ནོར༔ བདེ་སྟོང་རྣམ་རོལ་བཞིན་མཛེས་འཛངས་ལ་བཙུན༔ བྱང ་ཆུབ་ཐབས་མཁས་བློ་ལྡན་ཁྱིལ་ཀྱི་བདག༔

༢༡

འཕགས་པའི་ལམ་ལ་འདྲེན་པའི་ཁྱུ་མཆོག་གླང་༔ ཚད་མེད་བཞི་རིམ་རྐང་འགྲོས་ཅང་ཤེས་རྟེ༔ ཉོན་མོངས་གཡུལ་ལས་རྒྱལ་བའི་དམག་དཔོན་སོགས༔ རྒྱལ་་་་སྲས་རྣམས་ལ་འབུལ་བར་བགྱི༔ བསྟོར་པ་ནི༔ མཉམ་མེད་མི་གཡོ་མཉམ་མེད་མཆོག་གི་ཆོས་ཉིད་ཅན༔ ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད༔ ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ༔ དངོས་གྲུབ་དྲི་མེད་མི་གཡོ་མཉམ་མེད་དམ་པའི་མཆོག་ཆོས་ཅན༔ ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དོ༔ དཔེ་ནི་ནམ་མཁའ་དང་ཡང་བསྒྲུན་ཏུ་ཡོད་མ་ཡིན༔ དངོས་གྲུབ་མཐའ་ཡས་མཉམ་མེད་དཔེ་དང་བྲལ་བ་རྣམས༔ སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ༔ རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང་། སྨོན་ལམ་གྲུབ་པ་འགགས་པ་མེད་པའི་ཆོས་ཉིད་ཅན༔ འགྲོ་བའི་དོན་སྒྲུབ་

༢༢

རབ་ཏུ་བརྩོན་ས་མཐའ་ཡས་པ༔ ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་༔ ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་རྫོགས་པ་ཡི༔ བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང་༔ ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི༔ ཐུགས་རྗེའི་སྤྱོད་པ་མི་གཡོ་འགགས་པ་ཡོང་མི་འགྱུར། ཨེ་མའོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། མཆོག་སྦྱིན་རྣམས་ཀྱི་ནང་ནས་གོ་འཕང་མཆོག་བརྙེས་པ། ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། མགོན་པོ་དུས་གསུམ་སྒྲིབ་པ་མདོར་རབ་མཁྱེན་པ། དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། ཡང་དག་ཡོན་ཏན་རྒྱས་པ་སྟེ། ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང་། གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར། བསྙོན་པ་ནི། བདག་གི་ཐུགས་སྲོག་

༢༣

ལས་བྱུང ་འོད་ཟེར་གྱིས༔ མདུན་བསྐྱེད་ལྷ་ཚོགས་རྣམས་ཀྱི་ཐུགས་བརྒྱུད་བསྐུལ༔ དེ་རྣམས་ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ འགྲོ་ཀུན་སྒྲིབ་སྦྱངས་བྱང་ཆུབ་གོ་འཕང་བཀོད༔ ཚུལ་འདུས་རང་གི་སྙིང་གར་ཐིམས་པ་ཡིས༔ སྒྲིབ་གཉིས་སྦྱངས་ཤིང་བྱིན་གྱིས་བརླབ་པར་བསམ༔ གཙོ་བོར་ལས་སྒྲུབ་སྦྱང་བའི་གཟུངས་ནི༔ ན་མོ་བྷ་ག་ཝ་ཏེ་ཨཀྵོ་བྷྱ་ཡ་ཏ་ཐཱ་ག་ཏ་ཨརྷ་ཏེ་སམྱཀྤཾ་བུདྡྷ་ཡ། ཏརྒྱ་ཐཱ་ༀ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ ནི་ཏྲོ་ཊ་ནི། ཏྲ་པ་ནི་ཏྲ་པ་ནི། པྲ་ཏི་ཧ་ན། པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་སཏྭ་ནཱཉྩ་སྭ་ཧཱ༔ རྡོར་སེམས་ཀྱི་སྔགས། ༀ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པ་ལ་ཡ༔ བཛྲ་སཏྭ་ཏྭོ་ན་པོ༔ ཏིཥྛ་དྷྲོ་དྷྲོ་མེ་བྷ་ཝ༔ པུ་ཏོཥྱོ་མེ་བྷ་ཝ༔ སུ་སོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨོ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མོ༔

༢༤

ཙིཏྟཾ་ཤྲེ་ཡ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཿ ལས་ཀྱི་སེམས་པའི་སྔགས། ༀ་མ་ཎི་པདྨེ་ཧཱུྃ༔ ༀ་བི་སུ་ལ་གརྦྷེ༔ མ་ཎི་པྲ་བྷེ༔ ཏ་ཐཱ་ག་ཏེ༔ ནིརྟེ་ཤ་ནི༔ མ་ཎི་མ་ཎི༔ སུ་པྲ་བྷི་བྷི་མ་ལ་པཱ་ག་ར༔ གམྦྷི་རེ་ཧཱུྃ་ཧཱུྃ་ཛྭ་ལ་ཛྭ་ལ་བུདྡྷ་བི་ལོ་ཀི་ཏེ་གུ་ཧྱ་ཨ་དྡྷིཥྛི་གརྦྷ་སྭཱ་ཧཱ༔ པདྨ་དྷ་ར་ཨ་མོ་གྷ་ཛ་ཡ་ཏེ་ཅུ་རུ་ཙུ་རུ་སྭཱ་ཧཱ༔ དེ་གསུམ་གཙོ་བོར་བཀླའོ། རྣམ་སྣང་ཀུན་རིག་ནི། ན་མོ་བྷ་ག་བ་ཏེ། སརྦ་དུརྒ་ཏེ་པ་རི་ཤྭ་དྷ་ནི་རཱ་ཇ་ཡ། ཏ་ཐཱ་ག་ཏ་ཨརྷ་ཏེ། སམྱཀྤཾ་བུ་དྷ་ཡ། ཏརྒྱ་ཐཱ། ༀ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་བི་ཤོ་དྷ་ནི་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨ་བ་ར ་ཎ་བི་ཤོ་དྷ་ན་སྭཱ་ཧཱ། རིན་འབྱུར་ཤཱལ་ཐུབ་ནི། ན་མ་སྟྲཻ་ཡ་དྷི་ཀཱ་ནཱ། སརྦ་ཏ་ཐཱ་ག་ཏ་ནམ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏ་བསྟི་དྷརྨ་ཏཱ་བཱ་ལི་ནཱཾ། ༀ་ཨ་ས་མ་

༢༥

ས་མ་ས་མནྟོ་ཨ་ནནཱ་བསྟི་ཤ་པ་ནི་ཧ་ར་ཧ་ར། སྨ་ར་སྨ་ར་ཎ་བི་ག་ཏ་ར་ག་བུདྡྷ་དྷརྨ་ཏེ་ས་ར་ས་ར། ས་མ་བ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མ་ཧཱ་བ་ར་ལཀྵ་ཎེ། ཛྭ་ལ་ཛྭ་ལ་ན་ས་ག་རེ་སྭཱ་ཧཱ། སྣང་བ་མཐའ་ཡས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ན་མོ་བྷ་ག་ཝ་ཏེ། ཨ་མི་ཏ་བྷ་ཡ། ཏ་ཐཱ་ག་ཏ་ཡ། ཨཏྷ་ཏེ་པམྱཀྤཾ་བུདྡྷ་ཡ། ཏརྒྱ་ཐཱ། ༀ་ཨ་མི་ཏེ། ཨ་མི་ཏདྦྷོ་བེ། ཨ་མི་ཏ་པམྦྷ་བེ། ཨ་མི་ཏ་བི་ཀྲཱནྟེ། ཨ་མ་ཏ་ག་མི་ནི། ག་ག་ན་ཀིཏྟི་ཀ་རེ། སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། དོན་གྲུབ་སྨན་ལྷ། ༀ་ན་མོ་བྷ་ག་ཝ་ཏེ་བྷཻ་ཥ ་ཛྱཻ་གུ་རུ་བཻ་རཱུརྨ་པྲ་བྷ་རཱ་ཛ་ཡ་ཏ་ཐཱ་ག་ཏ་ཡ་ཨརྷ་ཏེ་པམྱཀྤཾ་བུདྡྷཱ་ཡ། ཏརྒྱ་ཐཱ། ༀ་བྷཻ་ཥ་ཛྱཻ་བྷཻ་ཥ་ཛྱཻ། མ་ཧཱ་བྷཻ་ཥ་ཛྱཻ། བྷཻ་ཥ་ཛྱཻ་རཱ་ཛ་ཡ་ས་མུརྒ་ཏེ་སྭཱ་ཧཱ། སེམས་ཉིད་ངལ་

༢༦

བསོ། ༀ་ཨཿབཛྲ་སཏྭ༔ གུ་རུ་ཤྲི༔ ཁ་སརྦ་ཎི༔ ལོ་ཀ་ན་ཐ༔ སརྦ་བུདྡྷ༔ བོ་དྡྷི་སཏྭ༔ སྭ་བྷ་བ༔ ཨ་དྷིཥྛ་ནམ༔ མ་མ་ཋཥྟ་བཛྲ་ཏྲཊ༔ ཛྙཱ་ན་ཛྭ་ལ་ཛྭ་ལ༔ སྥ་ར་སྥ་ར་ཎ༔ ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ༔ དོན་ཡོད་ཞགས་པ། ༀ་པདྨ་ཧཔྟ་མ་ཧཱ་ཨ་མོ་གྷ་པ་ཤ་པ་དྷ་ཡ་ཧྲི་དྲ་ཡན་ཙ་ར་ཙ་ར་ཧཱུྃ༔ པདྨ་གཙུག་ཏོར། ༀ་ན་མོ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ་གརྦྷེ་ཛྭ་ལ་ཛྭ་ལ་དྷརྨ་དྡྷཱ་ཏུ་གརྦྷེ་སཾ་བྷ་ར་མ་མ་ཨ་ཡུ༔ སཾ་ཤོ་དྷ་ཡ་པཾ་ཤ་དྷ་ཡ། མ་མ་སརྦ་པཱ་པཾ་སརྦ་ཏ་ཐཱ་ག་ཏ་མནྟོཥྛི་ཥ་བི་མ་ལེ་བི་ཤུདྷེ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ༀ་བོཾ་པོཾ་ཛཿསྭཱ་ཧཱ༔ རྡོ་རྗེ་སྙིང་པོ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། མ་ཧཱ་ཀ་རུ་ཎི་ཀ་ཡ། བཛྲ་ས་ར་པྲ་མདྡྷི་ནི། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ། སམྱཀྤཾ་བུདྡྷ་ཡ། ཏརྒྱ་ཐཱ། ༀ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་ཝཏྟེ། ཙ་ལེ་

༢༧

ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ་སརྦ་ཀློ་ཤ་སརྦ་ཀརྨ་ཨ་ཝ་ར་ཎ་ནི། ཤུདྡྷེ་ཤུདྡྷེ། བི་ཤུདྡྷེ་བི་ཤུདྡྷེ། ག་ག་ན་སྭ་བྷཱ་ཝ་བི་ཤུདྡྷེ་སྭཱ་ཧཱ། ཞ་སོང་ཀུན་འདྲེན། ༀ་བཛྲ་པ་ཎི་པྥོ་ཊ་ཡ༔ སརྦ་ཨ་པ་ཡ་བྷནྡྷ་ནི་པྲ་མཀྵོ་ཡ་སརྦ་ཨ་པ་ཡ་ག་ཏེ་བྷྱ༔ སརྦ་པཏྭན་ཏ་པཱ་པཾ་ཨ་བ་ར་ཎ་བྷཱསྨིན་ཀུ་རུ་སྭཱ་ཧཱ༔ རྣ་འཇོམས། ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཏིཥྛ་ཏིཥྛ་བྷནྡྷ་ནྷནྡྷ་ཧ་ན་ཧ་ན་ཨ་མྲོ་ཏེ་ཧཱུྃ་ཕཊ༔ བདུད་རྩི་འཁྱིལ་པ། ༀ་བཛྲ་ཨ་མྲེ་ཏ་ཀུན་ཌ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ༔ བསྙེན་པ་བསྡུས་པ་ནི། གཙོ་སྔགས་གསུམ་པོ་སྔར་ལྟར་དང་། ཀུན་རིག ༀ་སརྦ་བིད་སརྦ་ཨ་བ་ར་ཎ་བི་ཤུ་དྷ་ཡ་ཧ་ན་ཧཱུྃ་ཕཊ། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ།

༢༨

ༀ་པདྨ་དྷ་རི་ཧཱུྃ༔ ཏརྒྱ་ཐཱ། ༀ་བྷེ་ཥ་ཛྱེ་བྷེ་ཥ་ཛྱེ། མ་ཧཱ་བྷེ་ཥ ་ཛྱེ་བྷེ་ཥ ་ཛྱེ་རཱ་ཛ་ས་མུད་ག་ཏེ་སྭཱ་ཧཱ། ༀ་ཨཱཿཧྲཱི་ཧཱུྃ༔ ༀ་པདྨ་དྡྷཱ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་སྭཱ་ཧཱ༔ ༀ་པདྨོ་ཨུཥྞི་ཥ་བི་མ་ལེ་ཧཱུྃ་ཕཊ༔ ༀ་ཨཱཿཧཱུྃ་བཛྲ་ས་ར་པྲ་མརྷ་ན་སརྦ་ཀརྨ་ཨ་བ་ར་ཎ ་བི་ཤུདྡྷེ་སྭཱ་ཧཱ༔ ༀ་བཛྲ་ས་ཎི་ཧཱུྃ༔ ༀ་ཨུ་ཙུཥྨ་ཀྲོ་དྡྷ་ཧཱུྃ་ཧཱུྃ་ཕཊ༔ ༀ་ཨཱཿབཛྲ་བི་ད་ར་ཎ་ཧཱུྃ་ཕཊ༔ཧྲཱིཿ ༀ་ཨ་མྲོ་ཏེ་ཧཱུྃ་ཕཊ༔ ཤིན་ཏུ་བསྡུས་པར་གཙོ་བོ་གསུམ་གྱི་སྔགས་རྐྱང་པར་བཟླའོ། བྱེ་ཡུངས་རྣམས་སྔགས། དེ་ནས་བུམ་བསྐྱེད་ནི། ༀ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭཱ་ཧཱ་བ་ཨརྨ་ཀོ྅ཧཾཿ སྟོང་ལས་བུམ་ནང་ཡེ་ཤེས་རང་སྣང་གིས༔ མངོན་པར་སྤྲུལ་པའི་གཞལ་མེད་ཁང་ཆེན་དབུས༔ སོགས་ནས་ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་དབྱེར་མེད་བསམ༔ ༀ་ངོ་བོ་ཆོས་སྐུ་སྤྲོས་དང་བྲལ་བའི་དབྱིངས༔ སོགས་ནས། སོ་སོའི་རིགས་ཀྱི་བདག་པོ་

༢༩

བརྒྱན་གྱུར༔ བར། མཆོད་བསྟོད་བསྡུས་པར་བྱས་ནས། བདག་ཉིད་ཐུགས་སྲོག་ལས་བྱུང་འོད་ཟེར་གྱིས། བུམ་བསྐྱེད་ལྷ་ཚོགས་རྣམས་ཀྱི་ཐུགས་བརྒྱུད་བསྐུལ། བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས། བུམ་བཅུད་སྡིག་སྒྲིབ་འཇོམས་པའི་ནུས་ལྡན་གྱུར༔ ཞེས་བསྙེན་སངས་རྒྱས་བསྡུས་གང་རུང་བྱ། ལས་ཀྱི་བུམ་པར་སྒོ་བ་ཁྲོ་བོ་བཞི་སྐད་ཅིག་གི་གསལ་བར་གྱུར༔ ཁྲོ་བོ་བཞིའི་སྔགས་གང་འགྲུབ་བཟླས། ཐུན་མཐར། བདག་མདུན་ནུམ་གསུམ་ཐུན་མང་པོ་གི་མཆོད་བསྟོད་ནི། ༀ་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱི༔ ཕྱོགས་བཅུ་མ་ལུས་ཀུན་བཀང་ནས༔ རྒྱལ་བ་སྲས་དང་བཅས་ལ་འབུལ༔ ༀ་སརྦ་ཏ་ཐཱ་ག་ཏ་ཨཱཪྻ་ཨ་བ་ལོ་ཀེ་ཤྭ་ར་ས་པ་རི་ཝ་པཱུ་ཛ་པྲ་ཏཱིཙྪ་ཧོཿ དེ་བཞིན་གཤེགས་པའི་སྐུ་ནི་མཚན་དཔེ་རྫོགས༔ གསུང་དབྱངས་ཡན་ལག་འབུམ་དང་ལྡན་པའི་སྒྲ༔ ཇི་ལྟ་ཇི་སྙེད་མཁྱེན་

༣༠

པའི་ཡེ་ཤེས་ཐུགས༔ མ་འདྲེས་བཅོ་བརྒྱད་མངའ་བའི་ཡོན་ཏན་ལྡན༔ ཕྲིན་ལས་འགོག་མེད་གདུལ་བྱའི་རྒྱུད་ལ་འཇུག༔ རྒྱལ་བ་ནམ་མཁའི་མཐའ་ལ་ཁྱབ་པའི་དབྱིངས༔ ཡེ་ཤེས་སྐུ་གསུམ་རོ་གཅིག་ངོ་བོ་ཉིད༔ རྣམ་མ་འདྲེས་མངོན་པར་བྱང་ཆུབ་སྐུ༔ གཟུགས་སྐུ་གཉིས་རྫོགས་ངན་སོང་དོང་སྤྲུགས་ཀྱི༔ དཀྱིལ་འཁོར་ལྷ་ལ་གུས་པས་ཕྱག་འཚལ་བསྟོད༔ དེ་ནས་གསོལ་བ་གདབ་པ་ནི། ༀ་བཅོམ་ལྡན་སྙིང་རྗེ་ཆེན་པོའི་བདག༔ ངན་སོང་དོང་སྤྲུགས་ལྷ་ཚོགས་རྣམས༔ མགོན་མེད་བདག་ལ་ཐུགས་རྗེས་གཟིགས༔ སངས་རྒྱས་ཕྲིན་ལས་མཛད་དུ་གསོལ༔ འཁོར་བ་ངན་སོང་སྡུག་བསྔལ་དང་༔ སྡིག་སྒྲུབ་ཐམས་ཅད་ཞི་བར་མཛོད༔ ཡང་དག་ཡེ་ཤེས་སྣང་བ་ཡི༔ བྱང ་ཆུབ་ལམ་ལ་འགོད་མཛད་གསོལ༔ བུམ་ལྷ་འོད་ཞུ་བདུད་རྩིར་གྱུར༔ ཁྲུས་བྱས་བཏུང་ཞིང་གཞན་ལ་སྦྱིན༔ ལུས་ཅན་སྡིག་པ་ཀུན་དག་ནས༔ མཐོ་རིས་ཐར་པའི་གོ་འཕགས་ཐོབ༔ དངོས་སྒམ་རྨི་ལམ་སྒྲིབ་དག་རྟགས༔ མཐོང་བའི་བར་དུ་

༣༡

བརྩོན་པ་ཡིས༔ རང་གཞན་དོན་གཉིས་ངེས་པར་འགྲུབ༔ འབྲེལ་ཚད་སྒྲིབ་བྱང་ཡོན་ཏན་བསམ༔ ས་མ་ཡ༔ གཞན་དོན་སློབ་མ་རྗེས་གཟུངས་ནི༔ ཁྲུས་བྱས་བགེགས་བསྐྲད་བསྲུང་འཁོར་བསྒོམས༔ མེ་ཏོག་མིག་དར་འགྱེད༔ ཨ་ཁཾ་བི་ར་ཧཱུྃ༔ ཙཀྵུ་བྷན་དྷ་བ་ར་མ་ན་ཡ་ཧཱུྃ༔ ཞེས་དང་ཆོས་བཤད་མཎྜཌལ་ཕུལ༔ གསོལ་བ་གདབས་ ་ནི༔ ཧོཿ བླ་མ་སངས་རྒྱས་དགོངས next hit་སུ་གསོལ༔ བདག་ནི་འཁོར་བའི་གནས་ནས་དྲོངས༔ བདེར་གཤེགས་ཀུན་འདུས་དཀྱིལ་འཁོར་དུ༔ བདག་ཅག་འཇུག་པར་མཛད་དུ་གསོལ༔ སྐྱབས་སེམས་ཡན་ལག་བདུན་པ་སྔར་བཞིན་བཏང་ནས་རྒྱུད་སྦྱོགས་སྡོམ་པ་བཟུང་བ་ནི༔ ཧོཿ བདེ་གཤེགས་རྒྱལ་བ་ཐམས་ཅད་དགོངས༔ རིག་པ་འཛིན་པ་བདག་གི་ནི༔ འདི་ནས་བྱང་ཆུབ་སྙིང་པོའི་བར༔ སོ་སོར་ཐར་དང་བྱང་ཆུབ་སེམས༔ ཉི་ཤུ་བརྒྱད་དང་ཁྱད་པར་དུ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི༔ སྲོག་གི་ཕྱིར་ཡང་མི་བཏང་སྲུང་༔ དེ་ནས་བླ་མས་དམ་ལ་བཞགས༔ དེ་ལྟར་

༣༢

ཡིན་ན་རྡོ་རྗེའི་ཆོས༔ ཉམས་ན་ཕམ་ཤིང་དམྱལ་བར་ལྟུང་༔ སྲུང་ན་དངོས་གྲུབ་འདིས་ཐོབ་བྱེད༔ དམ་ལས་མི་འདའ་བྲོ་བོར་ཅིག༔ རྡོ་རྗེ་མགོར་བཞགས་དམ་ཆུ་བླུ༔ ས་མ་ཡ་ཨི་དཎ་ནཱ་ར་ཀྭན༔ དེ་ནས་བགེགས་སྦྱངས་བའི་ཕྱིར༔ ཕྱག་རྡོར། སྨེར་བ་རྩེགས། རྣམ་འཇོམས། བདུད་རྩི་འཁྱིལ་པ་བཞིའི་སྔགས་ཀྱི་ཡུངས་དཀར་བྲབ། ངན་སོང་འཁོར་བའི་འཇིགས་པ་སྦྱོང་བའི་ཕྱིར་དུ་སློབ་མའི་ལུས་ཀྱི་གནས་དྲུག་ཏུ་རྐང་ཞབས་སུ་དམྱལ་བའི་ས་བོན་དུཿནག་པོ་དང་། གསང་གནས་སུ་ཡི་དྭགས་ཀྱི་ས་བོན་སྲེཿདམར་པོ། ལྟེ་བར་བྱོལ་སོང་ས་བོན་ཏྲིཿམཐིང་ནག སྙིང་གར་མི་ཡི་ས་བོན་རྣ྄ོ་ལྗང་གུ སྤྱི་བོར་ལྷའི་ས་བོན་ཨཿདཀར་པོ་རྣམས་སོ་སོར་གསལ་གདབས། དམྱལ་བའི་སྒྲིབ་སྦྱོང་ནི། བདག་ཉིད་ཐུགས་རྗེ་ཆེན་པོ་ཡི༔ ཕྱག་སོར་རིགས་ལྔ་ཡབ་ཡུམ་གྱུར༔ ༀ་ཧཱུྃ་ཏྲཱྃ་ཧྲཱི༔ཨཱཿ མུྃ་ལཱཾ་མཱྃ་པཱྃ་ཏཱྃ༔ ༀ་སུ་ར་སྟྭྃ༔ ཞེས་ཐལ་མོ་སྦྱར། བཛྲ་ཨཉྫ་ལི༔ སོར་མོ་བསྣ་ལོ༔

༣༣

བཛྲ་བྷ་ནྡྷ་བཾ༔ ཞེས་བསྡོམས་པས་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བར་བསམ༔ ན་མོཿ དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་༔ ཆོས་ཉིད་རྣམ་པར་དག་པའི་བདེན༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད༴ བཅོམ་ལྡན་འདས་ཐུགས་རྗེས་ཆེན་པོ་ངན་སོགས་དོང་སྤུག་ཀྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་བརླབས་ཀྱི་ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །དམྱལ་བའི་སྐྱི་སྒོ་ཆོད་པར་གྱུར་ཅིག༔ དེ་དག་རྣམས་ཀྱི་སྦྱོར་མཚམས་ནས༔ ཡེ་ཤེས་འོད་ཟེར་འཕྲོས་པ་ཡིས༔ དམྱལ་བའི་ས་བོན་བསྲེགས་པར་བསམ༔ ༀ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སརྦ་པཱ་པཾ་ཨ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ། སྔགས་བཟླས་བྱེ་མ་ཡུངས་དཀར་བརྡེག༔ ཆོས་ཉིད་རླུང་གིས་གཏོར་བར་བསམ༔ ༀ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུམ་ཧཱུྃ་ཕཊ༔ བུམ་པའི་བདུད་རྩིའི་

༣༤

ཁྲུས་བྱས་པས༔ བྱང་སེམས་ཆུ་ཡིས་བག་ཆགས་སྦྱངས༔ ཧཱུྃ། བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ ངན་སོང་དོང་སྤྲུག་ལྷ་ཚོགས་བཞུགས༔ ཆུ་ནི་བཟོད་པའི་རང་བཞིན་ཏེ༔ ཁོང་ཁྲོའི་དྲི་མ་རྣམ་པར་སྦྱོངས༔ གཟུངས་སྔགས་མཐར༔ དམྱལ་བར་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐད་ཤིནྟཾ་ཀུ་རུ་སྭཱ་ཧཱ༔ ཡི་དགས་ཀྱི་སྒྲིབ་སྦྱོངས༔ བདག་ཉིད་ཐུགས་རྗེས་ཆེན་པོ་ཡི༔ ཕྱག་པོར་རིག་པ་ལྔ་ཡབ་ཡུམ་གྱུར༔ ༀ་ཧཱུྃ་ཏྲཱཾ་ཧྲཱི་ཨཱཿམུྃ་ལྃ་མྃ་པྃ་ཏྃ༔ ༀ་སུ་ར་སྟྭཾ༔ བཛྲ་ཨཉྫ་ལི༔ བཛྲ་བྷནྡྷ་བཾ༔ ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ དཀོན་མཆོག་གསུམ་གྱི་བཀའ༴ ཆོས་ཉིད༴ ཆོས་ཅན་རྒྱུ་འབྲས༴ བཅོམ་ལྡན་འདས་ཐུགས་རྗེས༴ བདེན་པ་ཆེན་པོའི་བྱིན་རླབས་ཀྱི་ཉོན་མོངས་པ་སེར་སྣའི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིག་དག་པར་གྱུར་ཅིག༔ ཡི་དྭགས་ཀྱི་སྐྱེ་སྒོ་ཆོད་པར་གྱུར་ཅིག༔ དེ་དག་རྣམས་ཀྱི༴ ཡེ་ཤེས་འོད་ཟེར་

༣༥

འཕྲོས༴ འཕྲོས༴ ཡི་དྭགས་ས་བོན་བསྲེགས་པར་བསམ༔ ༀ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སརྦ་པཱ་པཾ་ཨ་བ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ སྔགས་བཟླས་བྱེ་མ་ཡུངས་ཀ་བརྷེག༔ ཆོས་ཉིད་རྒུང་གིས་གཏོར་བར་བསམ༔ ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཧཱུྃ་ཕཊ༔ བུམ་པའི་བདུད་རྩི་ཁྲུས་བྱས་པའི༔ བྱང་སེམས་ཆུ་ཡིས་བག་ཆགས་སྦྱངས༔ ཧཱུྃ། བཀྲ་ཤིས་བུམ་པ༴ ངན་སོང་དོང་༴ ཆུ་ནི་སྦྱིན་པའི༴ སེར་སྣའི་དྲི་མ་རྣམ་པར་སྦྱོང་༔ གཟུངས་སྔགས་མཐར༔ ཡི་དྭགས་སུ་སྐྱེ་བའི་སྡིག་སྒྲིབ་བག་ཚགས་དང་བཅས་པ་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱ་ཧཱ༔ དུད་འགྲོའི་སྒྲིབ་སྦྱོགས་ནི༔ བདག་ཉིད་ཐུགས་རྗེ་ཆེན་པོ་ཡི༔ ཕྱག་སོར་རིགས་ལྔ་ཡབ་ཡུམ་གྱུར༔ ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ མུཾ་ལཾ་མཾ་པཾ་ཏཾ༔ ༀ་སུ་ར་སྟྭཾ༔ བཛྲ་ཨཉྫ་ལི༔ བཛྲ་བྷནྡྷ་བཾ༔ ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ དཀོན་མཆོག་གསུམ་གྱི༴ ཆོས་ཉིད་རྣམ་པར་དག༴ ཆོས་ཅན་རྒྱུ༴

༣༦

བཅོམ་ལྡན་འདས༴ བདེན་པ་ཆེན་པོའི་བྱིན་རླབས་ཀྱི་ཉོན་མོངས་པ་གཏི་མུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག༔ དུད་འགྲོའི་སྐྱེ་སྒོ་ཆོད་པར་གྱུར་ཅིག༔ དེ་དག་རྣམས་ཀྱི༴ ཡེ་ཤེས་འོད་ཟེར༴ དུད་འགྲོའི་ས་བོན་བསྲེགས་པར་བསམ༔ ༀ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་ཨ་དྷིཥཋི་ཏེ་སརྦ་པཱ་པཾ་ཨ་བ་ར་ཎ་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ སྔགས་བཟླས་བྱེ་མ་ཡུངས་ཀར་བདྷེག༔ ཆོས་ཉིད་རླུང་གི་གཏོར་བར་བསམ༔ ༀ་མ་ཐ་མ་ཐ་སརྦ་ཏིཪྻ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ བུམ་པའི་བདུད་རྩིའི་ཁྲུས་བྱས་པས༔ བྱང་སེམས་ཆུ་ཡིས་བག་ཆགས་སྦྱངས༔ ཧཱུྃ། བཀྲིས་བུམ་པ༴ ངན་སོང་དོང་༴ ཆུ་ནི་ཤེས་རབ༴ གཏི་མུག་དྲི་མ་རྣམ་པར་སྦྱོང་༔ གཟུང་སྔགས་མཐར༔ དུད་འགྲོར་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤན་ཏིང་ཀུ་རུ་སྭཱ་ཧཱ༔ མི་ཡི་སྒྲིབ་སྦྱོངས་ནི༔ བདག་ཉིད་ཐུགས་རྗེས་ཆེན་པོ་ཡི༔ ཕྱག་སོར་རིགས་ལྔ༴ ༀ་ཧཱུྃ་ཏྲཱཾ་ཧྲཱིཿ

༣༧

ཨཿ མུྃ་ལྃ་མྃ་པྃ་ཏྃ༔ ༀ་སུ་ར་སྟྭཾ༔ བཛྲ་ཨཉྫ་ལི༔ བཛྲ་བྷནྡྷ་བཾ༔ ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ དཀོན་མཆོག་གསུམ་གྱི༴ ཆོས་ཉིད་རྣམ་པར་དག་པའི༴ ཆོས་ཅན་རྒྱུ་འབྲས༴ བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ངན་སོང་དོང་སྤྲུག་གི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་༔ བདེན་པ་ཆེན་པོའི་བྱིན་བརླབས་ཀྱི་ཉོན་མོངས་པ་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག༔ མིའི་སྐྱི་སྒོ་ཆོད་པར་གྱུར་ཅིག༔ དེ་དག་རྣམས་ཀྱི༴ ཡེ་ཤེས་འོད་ཟེར༴ མི་ཡི་ས་བོན་བསྲེགས་པར༴ ༀ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་ཨ་དྷིཥྛ་ཏེ་སརྦ་པཱ་པཾ༴ སྔགས་བཟླས་བྱེ་མ་ཡུངས་ཀར་བརྟེག༔ ཆོས་སྙིད་རླུང་གིས་གཏོར་བར་བསམ༔ ༀ་ཚིནྡྷ་ཚིནྡྷ་སརྦ་རྣ྄ོ་ག་ཏེ་ཧེ་རྟུམ་ཧཱུྃ་ཕཊ༔ བུམ་པའི་བདུད་རྩིའི་ཁྲུས་བྱས་པས༔ བྱང་སེམས་ཆུ་ཡི་བག་ཆགས་སྦྱོངས༔ ཧཱུྃ། བཀྲིས་བུམ་པ་གཞལ༴

༣༨

ངན་སོང་དོང་༴ ཆུ་ནི་བརྩོན་འགྲུས༴ ལེ་ལོའི་དྲི་མ་རྣམ་པར་སྦྱོང་༔ གཟུངས་སྔགས་མཐར༔ མིར་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱ་ཧཱ༔ ལྷ་མིན་སྒྲིབ་སྦྱོང་ནི༔ བདག་ཉིད་ཐུགས་རྗེས་ཆེན་པོ་ཡི༔ ཕྱག་པོར་རིགས་ལྔ་ཡབ་ཡུམ་གྱུར༔ ༀ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ མ྄ུཾ་ལཾ྄་མཾ྄་པ྄ཾ་ཏ྄ཾ༔ ༀ་སུ་ར་སྟྭཾ༔ བཛྲ་ཨཉྫ་ལི༔ བཛྲ་བྷནྡྷ་བཾ༔ ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ དཀོན་མཆོག་གསུམ༴ ཆོས་ཉིད་རྣམ་པར་དག་པའི༴ ཆོས་ཅན་རྒྱུ་འབྲས༴ བཅོམ་ལྡན་འདས་ཐུགས་རྗེས་ཆེན་པོ༴ བདེན་པ་ཆེན་པོའི་བྱིན་རླབས་ཀྱི་ཉོན་མོངས་པ་ཕྲག་དོག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག༔ ལྷ་མིན་སྐྱེ་སྒོ་ཆོད་པར་གྱུར་ཅིག༔ དེ་དག་རྣམས་ཀྱི་སྦྱོར༴ ཡེ་ཤེས་འོད་ཟེར༴ ལྷ་མིན་ས་བོན་བསྲེགས༴ ༀ་སརྦ་ཏ་ཐཱ་ག་ཏ་ཨ་དྲིཥྛ་ན་ཨ་དྷིཥྛ་ཏེ་སརྦ་པཱ་པཾ་ཨ་བ་ར་ཎ་བྷིསྨཾ་ཀུ་རུ་སྭཱ་ཧཱ༔

༣༩

སྔགས་བཟླས་བྱེ་མ་ཡུངས་ཀར་བརྟེག༔ ཆོས་ཉིད་རླུང་གི་གཏོར་བར་བསམ༔ ༀ་ཏྲཊ་ཏྲཊ་སརྦ་ཨ་པུ་ར་ག་ཏི་ཧེ་ཏུམ་ཧཱུྃ་ཕཊ༔ བུམ་པའི་བདུད་རྩིས་ཁྲུས་བྱས་པས༔ བྱང་སེམས་ཆུ་ཡིས་བག་ཆགས་གཏོར༔ བཀྲིས་བུམ་པའི༴ ངན་སོང་དོང་༴ ཆུ་ནི་ཚུལ་ཁྲིམས༴ ཕྲག་དོག་དྲི་མ་རྣམ་པར་སྦྱོང༔ གཟུངས་སྔགས་མཐར༔ ལྷ་མིན་དུ་སྐྱི་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤིཾནྟ་ཀུ་རུ་སྭཱ་ཧཱ༔ ལྷ་ཡི་སྒྲིབ་སྦྱོང་ནི༔ བདག་ཉིད་ཐུགས་རྗེ་ཆེན་པོ་ཡི༔ ཕྱག་སོར་རིགས་ལྔ༴ ༀ་ཧཱུྃ་ཏྲཱཾ་ཧྲཱིཿཨ༔ མུཾ྄་ལཾ྄་མ྄ཾ་པ྄ཾ་ཏ྄ཾ༔ ༀ་སུ་ར་སྟྭཾ༔ བཛྲ་ཨཉྫ་ལི༔ བཛྲ་བྷནྡྷ་བཾ༔ ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ དཀོན་མཆོག་གྱིས་སུམ་གྱི་བཀའ༴ ཆོས་ཉིད་རྣམ་པར་དག་པའི༴ ཆོས་ཅན་རྒྱུ་འབྲས༴ བཅོམ་ལྡན་འདས་ཐུགས་རྗེའི༴ བདེན་པ་ཆེན་པོའི་བྱིན་རླབས་ཀྱི་ཉོན་མོངས་པ་ང་རྒྱལ་གྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང ་ཞིང་དག་པར་གྱུར་ཅིག༔ ལྷ་ཡི་སྐྱེ་སྒོ་ཆོད་པར་གྱུར་ཅིག༔ དེ་དག་རྣམས་ཀྱི་སྦྱོར་མཚམས་ནས༔ ཡེ་ཤེས་འོད་ཟེར༴ ལྷ་ཡི་ས་བོན་

༤༠

བསྲེགས༴ ༀ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སརྦ་པཱ་པཾ་ཨ་བ་ར་ཎ་བྷིསྨཾ་ཀུ་རུ་སྭཱ་ཧཱ༔ སྔགས་བཟླས་བྱེ་མ་ཡུངས་ཀར་བརྡེག༔ ཆོས་ཉིད་རླུང་གིས་གཏོར་བར་བསམ༔ ༀ་བྷྲྀ་ཏ་བྷྲྀ་ཏ་སརྦ་སུ་ར་ག་ཏོ་ཧེ་ཏུམ་ཧཱུྃ་ཕཊ༔ བུམ་པའི་བདུད་རྩིས་ཁྲུས་བྱས་པས༔ བྱང་སེམས་ཆུ་ཡིས་བག་ཆགས་སྦྱོང་༔ ཧཱུྃ། བཀྲིས་བུམ་པའི༴ ངན་སོང་དོང་སྤྲུགས་ལྷ་ཚོགས་བཞུགས༔ ཆུ་ནི་བསམ་གཏན་རང་བཞིན་ཏེ༔ རྣམ་གཡེང་དྲི་མ་རྣམ་པར་སྦྱོང་༔ གཟུགས་སྔགས་མཐར༔ ཕམ་ལྟུང་ལྷར་སྐྱེ་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤིཾནྟ་ཀུ་རུ་སྭཱ་ཧཱ༔ དེ་ལྟར་སྒྲིབ་ཀུན་དག་པ་ལས༔ སློབ་མ་འོད་ཀྱི་ལུས་སུ་གྱུར༔ ལྟར་བསྐྱེད་པ་ནི༔ སློབ་མ་མི་དམིགས་སྟོང ་པའི་ངང་༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཧྲཱིཿ ལས་སྤྱན་རས་གཟིགས་དབང་ཕྱུག༔ དམར་གསལ་ཞལ་གཅིག་ཕྱག་བཞི་པ༔ མཚན་དེས་ལོངས་སྤྱོད་རྫོགས་པའི་སྐུ༔ ཐུགས་ཀར་རྡོ་རྗེ་ཐལ་མོ་སྦྱར༔ གཡས་གཡོན་ཤེལ་ཕྲེང་པད་དཀར་བསྣམས༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ སྐྱིལ་ཀྲུང་འདོ་

༤༡

འབར་ལྷམ་མེད་གསལ༔ དེ་ཡི་ཐུགས་ཀར་པད་ཟླའི་སྟེང་༔ ཧྲིཿ ཡིག་མར་མེ་ལྟར་འབར་བའི༔ ལོ་ཀྱིས་དཀྱིལ་འཁོར་ལྷ་ཚོགས་བསྐུལ༔ དེ་དག་རྣམས་ཀྱི་ཐུགས་ལ་ནས༔ སྐུ་དང་ཕྱག་མཚན་སྲོག་ཡིག་རྣམས༔ ཁ་བ་བུ་ཡུག་འཚུབས་བཞིན་སྤྲོས༔ བ་སྤུའི་བུ་ག་རྣམས་ནས་ཞུགས༔ ལུས་ཀྱི་ནང་གང་ཧྲཱིཿལ་ཐིམ༔ སྐུ་གསུང་ཐུགས་དང་དབྱེར་མེད་བསམ༔ གཟུངས་སྔགས་གང་རུང་གིས་མཐར༔ ཛྙ་ན་ཨ་བེ་ཤ་ཡ་ཨཿ ར་ར་ར་ར་ཙ྄་ལ་ཡ་ཙ྄་ལ་ཡ་ཧཱུྃ་ཨ་ཧཾ་ཛྷིཾ༔ དྲག་ཏུ་བཟླས་ཤིང་རོལ་མོ་འཁྲོལ༔ སྤོས་སྦྱོར་འདུག་ཅིང་མོས་གུས་བསྐྱེད༔ ལུས་ལ་ཕེབས་ན་འབར་ཞིང་གཡོ༔ ངག་ལ་ཕེབས་ན་སྔགས་སྒྲ་སྒྲོགས༔ ཡིད་ལ་ཕེབས་དན་དག་སྣང་དང་༔ མོས་གུས་བཟོད་མེད་འབར་བ་དང་༔ རིག་པ་སྟོང་གསལ་ངང་ལ་གནས༔ ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ ཞེས་བཟླས་ཡེ་ཤེས་བརྟགས་པར་བྱ༔ དེ་ནས་མེ་ཏོག་དེར་བ་ནི༔ ཧོཿ སྐལ་པ་གོང་ནས་འབྲེལ་previous hit ་ཡི༔ བདག་གི་ལྷ་མཆོག་གང་ཡིན་ལ༔ མེ་ཏོག་བཟང་པོ་འདི་

༤༢

འབུལ་གྱི༔ ཐུགས་རྗེས་དགོངས next hit་ཏེ་བཞེས་སུ་གསོལ༔ པུཥྤེ་པྲ་ཏཱིཙྪ་ཧོཿ གང་ལ་བབ་པའི་རིགས་བརྟགས་ཏེ༔ མེ་ཏོག་སྤྱི་བོའི་གཙུག་ཏུ་བཀོད༔ ཀྱེ་ཀྱེ༔ རིག་པའི་མེ་ཏོག་ཕུལ་བའི་བྱིན་རླབས་ཀྱི༔ རང་རིག་ལྷ་དང་ཡེ་ཤེས་ངོ་འཕྲོད་དེ༔ མ་འོངས་དེ་བཞིན་གཤེགས་པ་དྲི་མ་མེད༔ རྩེ་གཅིག་ཡེ་ཤེས་མི་གཏོང་སྒྲུབ་པར་བགྱི༔ ཞེས་དང་། སློབ་མས༔ ཀྱེ་ཧོཿ སློབ་དཔོན་ཐབས་མཁས་དགོངས་སུ་གསོལ༔ བདག་གི་མ་རིག་མིག་ཕྱེས་ལ༔ གསང་བའི་དཀྱིལ་འཁོར་ཆེན་པོ་སྟོན༔ རིག་རྩལ་ལྷ་ལ་སྤྲད་དུ་གསོལ༔ ཞེས་སློབ་དཔོན་གྱིས་གསེར་གྱི་ཐུར་མའམ་རྡོ་རྗེ་ཐོགས་ལ༔ ཧྲཱིཿ སྔོནགཡི་རྒྱལ་བ་རྣམས་ཀྱིས་ནི༔ སེམས་དཔའི་མིག་ནི་ཕྱེ་བ་ལྟར༔ འཁོར་འདས་པ་མཚམས་ལིང་ཏོག་འདི༔ ཡེ་ཤེས་ཐུར་མས་ཕྱེ་བར་བྱ༔ བཛྲ་ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཞེས་མིག་དར་བཀྲོལ༔ དཀྱིལ་འཁོར་བསྟན་པ་ནི༔ ལྟོས་ཤིག་ལེགས་འོང་སྐལ་ལྡན་རྣམས༔ དཀྱིལ་འཁོར་

༤༣

བཟང་པོ་འདི་ལ་ལྟོས༔ ད་ནི་དད་པ་རབ་ཏུ་སྐྱེས༔ བདེ་གཤེགས་རིགས་འདུས་དཀྱིལ་འཁོར་འདི༔ མཐོང་བས་ལས་སྒྲིབ་ཀུན་བྱང་འགྱུར༔ དངོས་གཞིའི་དབང་བསྐུར་བྱ་བ་ལ༔ སློབ་མས་ཐལ་སྦྱར་མཎྜལ་ཕུལ༔ བླ་མ་སྤྱན་རས་གཟིགས་དབང་ཕྱུག༔ རྒྱལ་བ་སྲས་བཅས་དགོངས་སུ་གསོལ༔ བདེ་བར་གཤེགས་པའི་དཀྱིལ་འཁོར་དུ༔ དབང་མཆོག་མ་ལུས་བསྐུར་དུ་གསོལ༔ སློབ་དཔོན་ཐུགས་ཀའི་འོད་ཟེར་གྱི༔ གདན་གསུམ་ཚང་པའི་དབང་ལྷ་རྣམས༔ ནམ་མཁའ་གང་བར་སྤྱན་དྲངས་ནས༔ དབང་གི་བྱ་བ་མཛད་པར་བསམ༔ བུམ་པ་ཐོགས་ལ༔ ༀ་ཏིལ་གྱི་གོང་བུ་བཞིན་གང་རྒྱལ་བ་ཡིས༔ བཀྲིས་བུམ་པ་བཟུང་ནས་དབང་བསྐུར་བས༔ ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་ཀུན་དག་ནས༔ སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ ཧཱུྃ་ༀ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཅོད་པན་ཐོགས་ལ༔ ཧཱུྃ། སྐྱེ་མེད་དོན་དམ་སྙིང་པོ་འགགས་

༤༤

མེད་ལས༔ ཕྱག་མཚན་ལྔས་བརྒྱན་རིགས་ལྔའི་ཅོད་པན་འདི༔ ཞེན་སེམས་ང་རྒྱལ་མ་ལུས་ཡེ་ནས་དག༔ མཉམ་ཉིད་ཡེ་ཤེས་རིགས་ལྔའི་དབང་བསྐུར་རོ༔ སྙིང་པོའི་མཐར༔ རཏྣ་པཾ་བྷ་བ་མུ་ཀུ་ཏྲྃ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་ཐོགས་ལ༔ ཧྲཱིཿ ཀུན་ཟླུམ་ཐིག་ལེ་ལྟེ་བ་རབ་ལྡན་པ༔ འགག་མེད་རིགས་ལྔ་ཡབ་ཡུམ་རྭ་དང་ལྡན༔ འདོད་ཆགས་རྣམ་པར་དག་པའི་ངོ་བོ་ཉིད༔ སོར་རྟོགས་ཡེ་ཤེས་རྡོ་རྗེའི་དབང་བསྐུར་རོ༔ སྙིག་པོ་མཐར༔ ཨ་མི་དྷེ་བ་པདྨ་བཛྲ་ཨ་བྷི་ཥིཉྩ་ཧྲཱིཿ དྲིལ་བུ་བཀྲོལ་ལ༔ ཧྲཱིཿ སྐྱེ་མེད་དོན་དམ་ཕྱག་རྒྱ་ཞལ་གྱིས་བརྒྱན༔ འགག་མེད་རང་བྱུང་མ་རིག་པད་པའི་སྒྲ༔ ཕྲག་དགོ་རྣམ་པར་དག་པའི་ངོ་བོ་ཉིད༔ ནན་ཏན་ཡེ་ཤེས་དྲིལ་བུའི་དབང་བསྐུར་རོ༔ སྙིང་པོའི་མཐར༔ ཨ་མོ་གྷ་སིདྷི་ཀརྨ་གནྡྷེ་ཨཱཿ མིང ་དབང་ནི༔ རྡོར་དྲིལ་འཁོར་ལོ་གཏད་དེ༔ ཧྲིཿ ཇི་སྙེད་རང་སེམས་ངོ་བོ་ཀུན་གཞི་འདི༔ དཔེ་བྱ་བློ་དང་བྲལ་བའི་སངས་རྒྱས་ཡིན༔

༤༥

གཏི་མུག་རྣམ་པར་དག་པའི་ངོ་བོ་ཉིད༔ ཆོས་དབྱིངས་ཡེ་ཤེས་མིང་གི་དབང ་བསྐུར་རོ༔ སྙིང་པོའི་མཐར༔ ༀ་སརྦ་ཏ་ཐཱ་ག་ར་བཻ་རོ་ཙ་ན༔ མ་འོང་པ་ན་རིགས་ཀྱི་གསང་མཚན་དང་མཐུན་པའི་དེ་བཞིན་གཤེགས་པར་འགྱུར་རོ༔ ཞེས་ལུང ་བསྟན་ནོ༔ དེས་རིག་པའི་དབང་ལྔ་ཐོབ༔ དུག་ལྔ་ཡེ་ཤེས་ལྔ་ཏུ་གནས་འགྱུར༔ སངས་རྒྱས་རིགས་ལྔའི་བག་ཆགས་རྒྱུད་ལ་བཞག་པ་རྟེན་འབྲེལ་འགྲིག་པའོ༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ནི༔ སློབ་མས་མཎྜལ་དང་བཅས་པས༔ ཀྱེ་ཧོཿ སྐུ་གསུམ་བདག་སློབ་དཔོན་དགོངས༔ སྐུ་གསུང་ཐུགས་ཀྱི་རྗེས་གནང་སྩོལ༔ དེ་ནས་ལྷ་སྐུའི་ཕྱག་རྒྱའི་དབང ་༔ དཀྱིལ་འཁོར་ལྷ་ཡི་ཐུགས་ཀ་ནས༔ གཉིས་པ་འཕྲོས་ཏེ་སློབ་མར་ཐིམ༔ དེ་དང་གཉིས་སུ་མེད་པར་གྱུར༔ ཧཱུྃ། འགྲོ་འདུལ་ཐུགས་རྗེའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ངན་སོང་སྒོ་འགེགས་ཐུགས་བསྐྱེད་སྨོན་ལམ་གྱི༔ དེང་འདིར་འགྲོ་

༤༦

བའི་སྡུག་བསྔལ་ཁྱོད་ཀྱིས་སེལ༔ བྱིན་གྱིས་རློབས་ཤིག་བཅོམ་ལྡན་མི་འཁྲུགས་མགོན༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་དབང་བསྐུར་ཅིག༔ ཀཾ་ཀ་ནི༴ སོགས་ཀྱིས་མཐར༔ ཀཱ་ཡ་ཝ྄ཀ་ཙིཏྟ་ཨ་བྷི་ཥིཉྩ་མི༔ ཧཱུྃ། འགྲོ་འདུལ་ཐུགས་རྗེའི་ལྷ་ཚོགས༴ ངན་སོང་སྒོ་འགེགས༴ དེང་འདིར་འགྲོ༴ བྱིན་གྱིས་རློབས་ཤིག་བཅོམ་ལྡན་རྡོ་རྗེ་སེམས༔ རྡོ་རྗེའི་སྐུ་གསུང་ཐུགས༴ ༀ་བཛྲ་སཏྭ་ཨཱཿ ཀ྄་ཡ་ཝ྄ཀ་ཙིཏྟ༴ ཧཱུྃ། འགྲོ་འདུལ་ཐུགས་རྗེའི༴ ངན་སོང་སྒོ་འགེགས༴ དེང་འདིར་འགྲོ་བའི༴ བྱིན་གྱིས་རློབས་ཤག་དོང་སྤྲུང་སྤྱན་རས་གཟིགས༔ རྡོ་རྗེའི་སྐུ་གསུང་ཐུགས་སུ༴ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཀ྄་ཡ་ཝ྄ཀ་ཙིཏྟ༴ ཧཱུྃ། འགྲོ་འདུལ་ཐུགས་རྗེའི༴ ངན་སོང་སྒོ་འགེགས༴ དེང་འདིར་འགྲོ་བའི༴ བྱིན་གྱིས་རློབས་ཤིག་བཅོམ་ལྡན་རྣམ་སྣང ་མཛད༔ རྡོ་རྗེའི་སྐུ་གསུང ་༴ ༀ་སརྦ་བིད་སརྦ་ཨ་བ་ར་ཎ་བི་ཤྭ་དྷ་ཡ་ཧ་ན་ཧཱུྃ་ཕཊ༔ ཀ྄་ཡ་ཝ྄ཀ༴ ཧཱུྃ་ འགྲོ་འདུལ་ཐུགས་རྗེའི༴ ངན་སོང་སྒོ༴ དེང་འདིར༴ བྱིན་གྱིས་རློབས་ཤིག་

༤༧

རིན་འབྱུང་ཤཱཀྱའི་ཏོག༔ རྡོ་རྗེའི་སྐུ༴ ༀ་མུ་ནེ་མུ་ནེ༴ ཀ྄་ཡ་ཝ྄ཀ༴ ཧཱུྃ། འགྲོ་འདུལ་ཐུགས་རྗེའི༴ ངན་སོང ་༴ དེང་འདིར༴ བྱིན་གྱིས་རློབས་ཤིག་བཅོམ་ལྡན་སྣང་མཐའ་ཡས༔ རྡོ་རྗེའི་སྐུ༴ ༀ་པདྨ་དྷ་རི་ཧཱུྃ༔ ཀ྄་ཡ་ཝ྄ཀ༴ ཧཱུྃ། འགྲོ་འདུལ་ཐུགས་རྗེའི༴ ངན་སོང ་༴ དེང་འདིར༴ བྱིན་གྱི་རློབས་ཤིག་དོན་གྲུབ་སྨན་གྱི་བླ༔ རྡོ་རྗེའི་སྐུ༴ ཏརྒྱ་ཐ྄༔ ༀ་བྷཻ་ཥ་ཛྱེ༴ ཀ྄་ཡ་ཝ྄ཀ༴ ཧཱུྃ། འགྲོ་འདུལ་ཐུགས་རྗེའི༴ ངན་སོང་༴ དེང་འདིར༴ བྱིན་རློབས་ཤིག་ངལ་བསོ་སྤྱན་རས་གཟིགས༔ རྡོ་རྗེའི་སྐུ༴ ༀ་ཨ྄་ཧྲཱིཿཧཱུྃ༔ ཀ྄་ཡ་ཝ྄ཀ༴ ཧཱུྃ། འགྲོ་འདུལ་ཐུགས་རྗེའི༴ ངན་སོང ་༴ དེང་འདིར༴ བྱིན་གྱི་རློབས་ཤིག་དོན་ཞགས་སྤྱན་རས་གཟིགས༔ རྡོ་རྗེའི་སྐུ༴ ༀ་པདྨ་དྷ་ར་ཨ་མོ་གྷ་ཛ་ཡ་ཏེ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ ཀ྄་ཡ་ཝ྄ཀ༴ ཧཱུྃ། འགྲོ་འདུལ་ཐུགས་རྗེའི༴ ངན་སོང་༴ དེང་འདིར༴ བྱིན་གྱིས་རློབས་ཤིག་པདྨ་གཙུག་ཏོར་སྤྱན་རས་གཟིགས༔ རྡོ་རྗེའི་སྐུ༴ ༀ་པདྨོ་ཨུཥྞི༴ ཀ྄་ཡ་ཝ྄ཀ༴

༤༨

ཧཱུྃ། འགྲོ་འདུལ་ཐུགས་རྗེའི༴ ངན་སོང་༴ དེང་འདིར༴ བྱིན་གྱིས་རློབས་ཤིག་རྡོ་རྗེའི་སྙིང་པོ་སྤྱན་རས་གཟིགས༔ རྡོ་རྗེའི་སྐུ༴ ༀ་ཨཱཿཧྲཱིཿཧཱུྃ་བཛྲ་ས་ར་པྲ་མདྷ་ན་ཀརྨ་ཨ་བ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ༔ ཀ྄་ཡ་ཝ྄ཀ༴ ཧཱུྃ། འགྲོ་འདུལ་ཐུགས་རྗེའི༴ ངན་སོང་༴ དེང་འདིར༴ བྱིན་གྱིས་རློབས་ངན་སོང་ཀུན་འདྲེན་གསང་བའི་བདག༔ རྡོ་རྗེའི་སྐུ༴ ༀ་བཛྲ་པ་ཎི་ཧཱུྃ༔ ཀ྄་ཡ་ཝ྄ཀ༴ ཧཱུྃ། འགྲོ་འདུལ་ཐུགས་རྗེའི༴ ངན་སོང་༴ དེང་འདིར༴ བྱིན་གྱིས་རློབས་ཤིག་ཁྲོ་རྒྱལ་སྨེ་བ་བརྩེགས༔ རྡོ་རྗེའི་སྐུ༴ ༀ་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ༔ ཀ྄་ཡ་ཝ྄ཀ༴ ཧཱུྃ། འགྲོ་འདུལ་ཐུགས་རྗེའི༴ ངན་སོང་༴ དེང་འདིར༴ བྱིན་གྱིས་རློབས་ཤིག་རྡོ་རྗེ་རྣམ་པར་འཇོམས༔ རྡོ་རྗེའི་སྐུ༴ ༀ་ཨཱཿབཛྲ་བི་ད་ར་ཎ་ཧཱུྃ་ཕཊ༔ ཀ྄་ཡ་ཝ྄ཀ༴ ཧཱུྃ། འགྲོ་འདུལ་ཐུགས་རྗེའི༴ ངན་སོང་༴ དེང་འདིར༴ བྱིན་གྱིས་རློབས་ཤིག་ཁྲོ་བོ་བདུད་རྩི་འཁྱིལ༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་དབང་བསྐུར་ཅིག༔ ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཀ྄་ཡ་ཝ྄ཀ་ཙིཏྟ་ཨ་བྷི་ཥིཉྩ་མི༔ དེ་ནས་གསུང་གི་རྗེས་གནང་ནི༔ ཕྲེང་བར་སྦྱིན་ཞིང་སྔགས་རྣམས་ཀྱི་རྗེས་ཟློས་ལན་གསུམ་

༤༩

གྱི་མཐར་མགྲིན་པར་བཞགས༔ ཨཱཿ ཇི་སྙེད་བརྗོད་པ་ཀུན་གྱི་རྒྱུར་གྱུར་པའི༔ ངག་ལ་རྡོ་རྗེའི་སྔགས་ཀྱི་དབང་བསྐུར་བས༔ བརྟན་དང་གཡོ་བའི་སྒྲ་སྐད་ཐམས་ཅད་ཀུན༔ གྲག་སྟོང་རྒྱལ་བའི་གསུང་དུ་རྟོགས་པར་ཤོག༔ ༀ་སརྦ་ཏ་ཐ྄་ག་ཏ་ཝ྄ཀ་ཨ་བྷི་ཥཉྩ་ཨཱཿ ཐུགས་ཀྱི་previous hit དགོངས next hit་ངོ་སྤྲོད་པ་ནི༔ ཧཱུྃ། མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་བཞིན༔ དམིགས་སུ་མེད་ཀྱང་མངོན་སུམ་ས་ལེ་བ༔ ཡིད་ལ་རྒྱལ་བའི་ཐུགས་ཀྱི་དབང་བསྐུར་བས༔ དྲན་རྟོག་ཐམས་ཅད་རང་ཤར་རང་གྲོལ་ཤོག༔ ༀ་སརྦ་ཏ་ཐ྄་ག་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མཐའ་བརྟེན་ལས་ཀྱི་བུམ་པས་ཁྲུས་བྱ་བ་ནི༔ ཧཱུྃ། བགེགས་ལས་རྣམ་པར་རྒྱལ་བ་དང་༔ ཉོན་མོངས་དྲི་མ་སྦྱོང་བའི་ཕྱིར༔ བདུད་རྩི་ཆུ་ཡིས་ཁྲུས་བགྱིས་པས༔ མི་མཐུན་ཕྱོགས་ཀུན་དག་གྱུར་ཅིག༔ སྒོ་བཞིའི་སྔགས༔ ༀ་བཛྲ་པ་ཎི་སྥོ་ཊ་ཡ༔ སརྦ་ཨ་པ་ཡ་བནྡྷ་ནི་པྲ་མོཀྵ་ཡ༔

༥༠

སརྦ་ཨ་པ་ཡ་ག་ཏི་བྷྱ༔ སརྦ་སཏྭཱན་ཏ་ཐ྄་ག་ཏ་བཛྲ་ས་མ་ཡ་ཏྲཊ༔ ༀ་བྱུར་ཀུར་མ་ཧཱ་པྲ་ཎ་ཡ༔ བྷུར་ཙི་བྷུར་ཀི་བྷི་མ་ལེ་ཨུཥྨ་ཀྲོ་དྷ་ར྄་ཛ་ཡ་ཧཱུྃ་ཕཊ༔ སརྦ་པ྄་པཾ་སརྦ་ཨ་བ་ར་ཎ་བྷིསྨཾ་ཀུ་རུ་སྭཱཧཱ༔ ན་མཥྩ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ། སོགས། ཨ་མྲྀ་ཏེ་ཧཱུྃ ་ཕཊ༔ ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ༔ སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱ་ཧཱ༔ ཉམས་གྲིབ་ཐམས་ཅད༴ གདོན་བགེགས་ཐམས་ཅད༴ བྱད་ཟུར་ཐམས་ཅད༴ གྲིབ་དང་མི་གཙང་བ་ལ་སོགས་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱ་ཧཱ༔ སྔགས་བཞི་ལན་གཅིག་མཐར༔ རྨ་བྱས་བྱབ་ཤིང་༔ ཨ་པ་ན༔ ཡང་སྔགས་མཐར༔ བཛྲ་རཀྵ་རཀྵ༔ བཏགས་པ་དང་རྡོ་རྗེ་སྲུང་༔ དེ་ནས་བཀྲིས་རྫས་ཀྱི་མངའ་གསོལ་བ་ནི༔ བཅོམ་ལྡན་ཤཱཀྱ་སེང ་གེའི་བྱིན་རླབས་པའི༔ འཕགས་ལམ་ཡན་ལག་བརྒྱད་ལྡན་བཀྲིས་རྫས༔ རེག་པས་མི་མཐུན་ཕྱོགས་ཀུན་ཞི་བ་དང་༔ དགེ་ལེགས་ཡོན་ཏན་རྟག་

༥༡

ཏུ་འཕེལ་གྱུར་ཅིག༔ ༀ་མངྒ་ལམ་ཀུ་ཏུ་ཨ་བྷི་ཥིཉྩ་མི༔ བསོད་ནམས་ཡོངས་རྫོགས་སངས་རྒྱས་རྣམས་ཀྱི་མཚན༔ རྣམ་ཐར་བརྒྱད་ལྡན་བཀྲ་ཤིས་རྟགས་བརྒྱད་ཀྱི༔ བྱང་ཆུབ་སེམས་མའི་ཚོགས་བཅས་མངའ་གསོལ་བས༔ འཇིག་རྟེན་ཀུན་ན་རྟགས་ཏུ་དགེ་ལེགས་ཤོག༔ ༀ་ཨཎྜ་མངྒ་ལམ་ཨ་བྷི་ཥིཉྩ་མི༔ འཕགས་པའི་སར་གནས་འཁོར་ལོའི་སྒྱུར་རྣམས་ཀྱི༔ བྱང་ཆུབ་ཡན་ལག་བདུན་ལྡན་རིན་ཆེན་གྱིས༔ དེང་འདིར་ཉོན་མོངས་དགྲ་ལས་རྣམས་རྒྱལ་ཞིང་༔ སྲིད་བཞིའི་དཔལ་གྱིས་འབྱོགས་པའི་དབང ་བསྐུར་རོ༔ ༀ་མ་ཧཱ་རཏྣ་ཨ་བྷི་ཥིཉྩ་མི༔ དམ་ཚིག་ཁས་བླངས་ཡོན་ཕུལ་ན༔ ཤིས་བརྗོད་མེ་ཏོག་ཆར་དུ་བརྙིལ༔ འདིས་ནི་བར་ཆད་སྡུག་བསྔལ་ཞིཿ ངན་སོང་འཁོར་བའི་བག་ཆགས་སྦྱོར༔ འགེགས་ལས་རྣམ་པར་རྒྱལ་བས༔ བྱང་ཆུབ་རིག་དུ་ངེས་པར་འགྱུར༔ ཚུལ་འདིས་ཚེ་འདས་ཉེས་བཟུངས་ན༔ རྟེན་བསྐྱེད་པ་ནི༔ པདྨ་བསྐྱེད་པ་ནི༔ པདྨ་འདབ་བརྒྱད་སྟེང་དུ་བྱང་བུ་བཞགས༔ ཐོག་མར་ཐུགས་དམ་བསྐུལ་བའི་གསོལ་འདེབས་འདི་ལྟར་བྱ་སྟེ༔ ༀ་ཨཱཿ

༥༢

ཧཱུྃ༔ ཆོས་སྐུ་ཀུན་བཟང་ཀུན་བཟང་ལོངས་སྐུ་སྤྱན་རས་གཟིགས༔ སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་མི་འཁྲུག་མགོན༔ གསོལ་བ་འདེབས་ཐུགས་དམ་མ་གཡེལ་ཅིག༔ དམིགས་ཡུལ་ངན་འགྲོའི་གནས་ནས་དྲངས་དུ་གསོལ༔ རྣམ་སྣང་ཀུན་ཏུ་ཞལ་དང་རིན་ཆེན་འབྱུང་༔ ཤཱཀྱའི་ཏོག་དང་སྣང་མཐའ་འོད་དཔག་མེད༔ དོན་ཡོད་གྲུབ་པ་སྨན་བླ་འཁོར་བཅས་ལ༔ གསོལ་བ་འདེབས་སོ་དམིགས་ཡུལ་ལམ་སྣ་དྲོངས༔ འཕགས་མཆོག་སེམས་ཉིད་ངལ་བསོད་དོན་ཡོད་ཞགས༔ པདྨ་གཙུག་ཏོར་རྡོ་རྗེ་སྙིང་པོ་དང་༔ བདུད་བཞིའི་དཔུང་འཇོམས་ཁྲོ་ཆེན་རྣམ་བཞི་ལ༔ གསོལ་བ་འདེབས་སོ་དམིགས་ཡུལ་ལམ་སྣ་དྲོངས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་འཕགས་པའི་ཚོགས༔ རྩ་གསུམ་དམ་ཅན་སྲུང་མའི་ཚོགས་རྣམ་ལ༔ གསོལ་བ་འདེབས་སོ་ཐུགས་དམ་མ་གཡེལ་ཅིག༔ དམིགས་ཡུལ་ངན་འགྲོའི་གནས་ནས་དྲངས་དུ་གསོལ༔ ལས་དང་ཉོན་མོངས་ཤུགས་ཀྱིས་རབ་བསྐྱོད་པའི༔ བར་མ་

༥༣

དོ་ཏུ་འཁྱམས་པའི་སྲིད་པ་ནི༔ ཉམས་ཐག་སྡུག་བསྔལ་དུ་མས་མནར་བ་ལ༔ ཡེ་ཤེས་སྤྱན་གྱིས་ངེས་པར་གཟིགས་སུ་གསོལ༔ མ་རིག་སྒྲིབ་པས་ཐར་ལམ་མ་མཐོང་ཞིང ་༔ ངན་འགྲོའི་གཡང་པར་འཕྱན་པའི་སྐྱེ་སྲིད་རྣམས༔ ཐུགས་རྗེས་ཕྱག་གི་ལམ་སྣ་དྲངས་ནས་ཀྱང་༔ རིགས་དྲུག་འཁོར་བའི་སྐྱེ་སྒོ་བཅད་དུ་གསོལ༔ ཐོག་མ་མེད་ནས་ཐ་མ་ད་ལྟའི་བར༔ ལས་ཉོན་བརྒྱུད་མར་བསགས་པའི་ཕུང ་ལྔའི་རྒྱུན༔ ཡང་ཡང་སྲིད་པའི་འཁོར་ལོ་འཁོར་བ་ལ༔ ད་ཙམ་ཐུགས་རྗེས་འཛིན་པར་མཛད་དུ་གསོལ༔ བསླུ་མེད་སྟོབས་བཅུ་མངའ་བའི་རྒྱལ་བ་རྣམས༔ ཆགས་ཐོག་བྲལ་བའི་ཡེ་ཤེས་གཟིགས་པ་དང་༔ འགྲོ་བ་འདྲེན་པའི་ཕྲིན་ལས་ཆོས་ཉིད་ཕྱིར༔ དམིགས་ཡུལ་དག་པའི་ཞིང་དུ་ལམ་སྣ་དྲོངས༔ མགོན་མཆོག་རྣམས་ལ་གསོལ་བཏབ་བདེན་མཐུ་དང་༔ བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས༔ དམིགས་ཡུལ་སྒྲིབ་

༥༤

གཉིས་དྲི་མ་ཀུན་བྱང་ནས༔ ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་ཐོབ་ཤོག༔ སྟོང་པའི་ངང་ལས་མིང་བྱང་རྣམ་ཡིག་ལས༔ པདྨའི་སྟེང་དུ་ཚེ་འདས་དངོས་སུ་གྱུར༔ བདག་ཉིད་སྤྱན་རས་གཟིགས་ཀྱི་ཐུགས་ཀའི་ཧྲཱིཿ དེ་ལས་འོད་འཕྲོས་ཚེ་ལས་འདས་པ་ཡི༔ རྣམ་ཤེས་སྲིད་པ་བར་དོ་གར་གནས་ཀྱང་༔ རྣམ་ཡི་རྣམ་པར་བཀུག་པ་ཏེ་རྟེན་ལ་བསྟིམ༔ ན་མོ། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་༔ ཆོས་ཅན་རྒྱུ་འབྲས་བསླུ་མེད་རྟེན་ཅིང་འབྲེལ༔ བསླུ་མེ་དཀོན་མཆོག་གསུམ་གྱི་བྱིན་རླབས་དང་༔ ངན་སོང་དོང་སྤྲུགས་ལྷ་ཚོགས་ཐུགས་རྗེ་ཡིས༔ ཚེ་ལས་འདས་པའི་རྣམ་ཤེས་གར་གནས་ཀྱང་༔ མིང་བྱང་འདི་ལ་མྱུར་དུ་མཆིས་པར་མཛོད༔ ཀཾ་ཀ༴ སོགས་དང་། ༀ་བཛྲ་སཏྭ་ཨཱཿ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བཛྲ་ཨང་ཀུ་ཤ་ཛ༔ ལྕགས་ཀྱུའི་ཕྱརྒྱ་དང་བཅས་ནན་ཏན་བཀུག༔ ཇཿཧཱུྃ་བཾ་ཧོཿ དག་གི་གཉིས་མེད་བསམ༔ བགེགས་གྱི་གཏོར་མ༔ རྃ་ཡྃ་ཁྃ། གིས་

༥༥

བསངས། ༀ་ཨཱཿཧཱུྃ་གིས་བདོད་ཡོན་བདུད་རྩིར་བསམ། སརྦ་བིགྣན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ། སོགས། གྷྲྀཧྣ་དམ་བ་ལིང་ཏ་སྭཱ་ཧཱཿ ཧཱུྃ། ཚེ་འདས་འདི་ཡི་རྗེས་སུ་འབྲང་བ་ཡི༔ གསོན་གྱི་སྲོག་གཅོད་གཤིན་གྱི་བདུད་བྱེད་པའི༔ བགེགས་རིགས་རྣམས་ཀྱི་གཏོར་མ་འདི་ལོངས་ལ༔ རང་ལ་དཔེ་ལོངས་གཞན་ལ་གནོད་མ་བྱེད༔ སྐད་ཅིག་ད་ལྟ་ཉིད་དུ་ཕྱིར་དེངས་ཤིག༔ དྲག་སྔགས་བརྗོད་ཅིང ་ཡུངས་ཀར་ཐུན་གྱིས་བྲབ༔ རྐང་མཐིར་ཡཾ་དང་ལྟེ་བར་རཾ་ཡིག་ལས༔ རླུང་གཡོས་མེ་སྦར་སྙིང་གའི་པཾ་ཡིག་ལ༔ སྡིག་སྒྲིབ་ཀུན་འདུས་མེ་ཡིས་སྣ་སྒོར་དེད༔ ཏིལ་ལ་ཐིམ་པས་སྡིག་པའི་ངོ་བོ་དེ༔ ཡེ་ཤེས་མེ་ཆུས་བསྲེགས་ཅིང་སྦྱངས་བར་གྱུར༔ ཏིལ་རྣམས་སྡིག་མཛུབ་ཀྱི་བཟུང་མེ་ཚུར་དོར༔ ༀ་སརྦ་པ྄་སཾ་ད་ན་ན་བྷསྨིན་ཀུ་རུ་ཡེ་སྭཱ་ཧཱ༔ རྟན་ལ་ཁྲུས་གསོལ་བ་ནི༔ ཧཱུྃ། མོ་ལོང་རིན་ཆེན་གཞལ་ཡས་ཁང་གི་ནང་༔ བཀོད་པ་དུ་མས་

༥༦

ཡེ་ཤེས་བདུད་རྩི་ཡིས༔ རྒྱལ་བའི་སྐུ་གསུང་ཐུགས་ལ་ཁྲུས་གསོལ་བས༔ འགྲོ་བའི་སྒོ་གསུམ་སྒྲིབ་པ་དག་གྱུར་ཅིག༔ ༀ་སརྦ་ཏ་ཐ྄་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ༔ རས་དཀར་ཁ་ཚར་ལྡན་པས་སྐུ་ཕྱིས་ལ༔ ཧཱུྃ། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ལ༔ ཉོན་མོངས་རྡུལ་དང་དྲི་མ་མི་མངའ་ཡང་༔ སེམས་ཅན་སྡུག་བསྔལ་བག་ཆགས་སྦྱངས་སླད་དུ༔ རས་དཀར་སྨན་དང་ལྡན་པས་སྐུ་ཕྱིས་པས༔ འཁྲུལ་སྣང་སྡིག་སྒྲིབ་ཐམས་ཅད་དག་གྱུར་ཅིག༔ ཀ྄་བ྄་ཙིཏྟ་ཤུདྡྷེ་སྭཱ་ཧཱ༔ མེ་ལོང་ངོས་ལ་མིང་བྱང་འཆར་བར་བྱས༔ ཁྲུས་ཀྱི་བུམ་པས་དེ་སྙིང་བཀྲུས་བར་བྱ༔ རྒྱལ་བའི་སྐུ་གསུང་ཐུགས་ལས་བྱུང་བ་ཡིས༔ མ་དག་ཉོན་མོངས་སྦྱངས་བའི་ཁྲུས་མཆོག་གིས༔ ལུས་ངག་ཡིད་གསུམ་ལེགས་པར་བཀྲུས་པ་ཡིས༔ སྒོ་གསུམ་སྒྲིབ་པ་ཐམས་ཅད་དག་གྱུར་ཅིག༔ ཀཾ་ཀ་ནི། སོགས་དང་། ༀ་བཛྲ་སཏྭ་ཨཱཿ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་

༥༧

ཡེ་སྭཱ་ཧཱ༔ གོང་གི་སྡེབ་མེ་ཏོག་མིག་དར་ནས། ཨ་ཁཾ་ནེ་ར་ཧཱུྃ་སོགས། རི་གསོལ་གདབ་ནས་བཟུང་། རིག་དྲུག་གནས་སྦྱངས་ཚར་ནས། ལྷ་བསྐྱེད་གོང་དུ་སྒེ་དྲུང་རྣམས་ཀྱི་མིང་བྱང་གཟུང་བྱས་ལ༔ དཀྱིལ་འཁོར་ལྷ་ལ་དད་པས་ཕྱག་འཚལ་ཞིང་༔ ཧཱུྃ། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ༔ བྱིང་བ་སྐྱབས་མེད་འཇིགས་པས་མནར་བ་ལ༔ འཕགས་མཆོག་ཁྱེད་ཀྱི་ཐུགས་རྗེས་སྐྱབས་དུ་གསོལ༔ ལས་ངན་ཅི་བསགས་འགྱོད་པ་དྲག་པོའི་བཤགས༔ མགོན་པོ་ཁྱེད་ཀྱི་རྗེས་སུ་བདག་ཞུགས་ནས༔ སེམས་ཅན་ཀུན་གྱི་དོན་རབ་བརྩོན་པའི་ཕྱིར༔ མགོན་པོ་ཁྱོད་ལ་བདག་གི་ལུས་འདི་འབུལ༔ བླ་མེད་པ་ལ་མྱུར་དུ་འདྲེན་པར་མཛོད༔ ཚེ་འདས་འོད་ཀྱི་ལུས་སུ་གྱུར༔ ལྷར་བསྐྱེད་པ་ནི༔ གོང་གི་སྡེབ་རྒྱབ། སློབ་མ་མི༴ སྟོང་པའི་ངང་ལས་ སོགས། ཐུགས་དབང་ཡན་བསྐུར་ནས་དམ་ཚིག་ཁས་བླངས་ཡོན་ཕུལ། ཚེ་འདས་ལྷག་པའི་ལྷར་གྱུར་པ༔ འདོད་ཡོན་རྒྱ་མཚོའི་སྤྲིན་གྱིས་མཆོད༔ འདོད་ཡོན་ནི༔ རྃ་ཡྃ་ཁྃ། གིས་བསྲེག་གཏོར་བཀྲུས༔ ༀ་ཨཱཿཧཱུྃ། ནམ་མཁའ་མཛོད་

༥༨

ཀྱི་བྱིན་གྱིས་རླབས༔ སྟོང་པའི་ངང་ལས་བྷཱུཾ་ལས་རིན་ཆེན་སྣོད༔ ༀ་ཨཱཿཧཱུྃ་ལས་ཡེ་ཤེས་ལྔ་ཡི་སྤྲིན༔ བཟའ་བཏུང་གོས་རྒྱན་ལྷ་དང་ལྷ་མོའི་ཚོགས༔ ཡིད་ལ་གང་འདོད་ཐམས་ཅད་འཕྲོ་བར་གྱུར༔ ༀ་ཨཱཿཧཱུྃ་བཛྲ་སྥ་ར་ཎ་ཁཾ༔ ཧཱུྃ། སྣང་སྟོང་གཉིས་མེད་ཡེ་ཤེས་མཆོད་པའི་སྤྲིན༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངའ་བ༔ རེག་འཇམས་ན་བཟའ་ཡིད་ལ་འདོད་པའི་གྲེགས༔ ཡིད་ལ་གང ་བསམ་ཐམས་ཅད་ཐོབ་པར་ཤོག༔ སྔོན་གྱི་རྒྱལ་བ་རྣམས་ཀྱི་སྨོན་ལམ་མཐུས༔ ཞེན་ཆགས་བཀྲེས་སྐོམ་སྡུག་བསྔལ་མེད་པར་ཤོག༔ སྤྱན་རས་གཟིགས་ཀྱི་ཡོན་ཏན་རབ་དྲན་ནས༔ ཐུགས་རྗེས་གཟིགས་ཏེ་ཞིང་དུ་འདྲེན་པར་ཤོག༔ ༀ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ན་མཿསརྦ་ཏ་ཐ྄་ག་ཏ་ཨ ་བ་ལོ་ཀི་ཏེ་ༀ་སམྦྷ་ར་སམྦྷ་ར་ཧཱུྃ༔ ཉེ་དུ་རྣམས་ཀྱིས་སྔགས་དེས་བཟླས་བཞིན་ཏུ༔ བཟའ་བཏུང་གོས་རྒྱན་ཐམས་ཅད་མེ་ལ་བསྲེགས༔ ༀ། ཐམས་ཅད་ནམ་མཁའ་མཛོད་བཞིན་དུ༔ ཟད་པ་མེད་པའི་ལོངས་སྤྱོད་ནི༔

༥༩

འདོད་ཡོན་རྒྱ་མཚོའི་སྤྲིན་ཆེན་པོ༔ བཞེས་ཤིག་བདེ་བ་ཆེན་པོར་བཞེས༔ ༀ་བཛྲ་རཱུ་པ་ཤབྟ་གནྡྷེ་ར་ས་སྤཪྴེ་ཨཱཿཧཱུྃ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ འཁོར་བའི་གནས་རིགས་གར་སྐྱེས་ཀྱང་༔ སྡུག་བསྔལ་གསུམ་གྱི་རང་བཞིན་ཡིན༔ དེ་ལ་མ་ཆགས་མ་ཞན་པར༔ བྱང ་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ ཆོས་ཉིད་བདེན་པ་དྲན་པར་གྱིས༔ ལམ་ལྔ་རང་བཞིན་མེད་པ་སྟེ༔ སྒྱུ་མ་ལྟ་བུའི་ངང་དུ་རྫོགས༔ འོད་གསལ་སྙིང་པོ་ཡིད་ཀྱི་ལུས༔ པདྨ་བཀོད་པའི་ཞིང་དུ་སོང ་༔ སྣང་བ་མཐའ་ཡས་ཡེ་ཤེས་དང་༔ དབྱེར་མེད་མངོན་པར་བྱང་ཆུབ་ཤོག༔ རྣམ་ཤེས་ཨཿཡི་རྣམ་པ་ནི༔ འོད་དཔག་མེད་པའི་ཐུགས་ཀར་འཕང་༔ ཕཊ༔ བརྗོད་ཀ་དག་ངང་ལ་བཞགས༔ མིང་བྱང་སྡིག་སྒྲིབ་ངོ་བོ་སྃ་ཡིག་གྱུར༔ སྤྱན་རས་གཟིགས་ཀྱི་ཐུགས་ཀའི་ཧྲཱིཿཡིག་ལས༔ ཡེ་ཤེས་འོད་ཟེར་མེ་ཡི་རང་བཞིན་འཕྲོས༔ སྃ་ཡིག་སྡིག་སྒྲིབ་ཕུང་པོ་དམིགས་མེད་བསམ༔

༦༠

ཧཱུྃ། ཡེ་ཤེས་ལྔ་ལྡན་ཐུགས་རྗེའི་མེ་འབར་བས༔ དུག་ལྔ་ལས་ཀྱི་སྒྲིབ་པས་བག་ཆགས་བསྲེག༔ ཡེ་ཤེས་བདེ་བ་ཆེན་པོའི་མེ་སྦར་བས༔ གཉིས་སྣང་འཁྲུལ་པའི་བག་ཆགས་ཐམས་ཅད་བསྲེགས༔ སྣང་སྟོང་ཟུང་འཇུག་རང་རིག་མེ་སྦར་བས༔ གཉིས་སྣང་འཁྲུལ་པའི་རྣམ་རྟོག་ཐམས་ཅད་བསྲེགས༔ དག་དང་མ་དག་མཉམ་པ་ཉིད་ཀྱི་ཀློང་༔ སྐུ་གསུམ་རྒྱལ་བའི་གོ་འཕང་ཐོབ་པར་ཤོག༔ གཟུངས་སྔགས་རྒྱས་བསྡུས་གང་རུང་གི་མཐར༔ སྡིག་སྒྲིབ་ཐམས་ཅད་ཛྙཱ་ན་ཛྭ་ལ་རཾ༔ ཐལ་བ་འཇིམ་པ་དང་སྦྱར་ཏེ༔ བདེ་གཤེགས་ཆོས་སྐུའི་རྟེན་དུ་བྱས༔ དགེ་ཚོགས་ཐར་པའི་རྒྱུ་རྒྱུ་བསྔོ༔ སྨོན་ལམ་ཟབ་མོའི་མཚམས་སྦྱར་རོ༔ ཨེ་མ་ཧོཿ ཆོས་དབྱིངས་ཡེ་ནས་དག་པའི་སྟོང་པ་ཉིད༔ མ་འགགས་རང་རྩལ་ཐུགས་རྗེའི་ཅིར་ཡང ་སྣང་༔ སྣང་སྟོང་ཟུང་འཇུག་ཤར་གྲོལ་བདེ་ཆེན་ཀློང་༔ མ་བཅོས་མཐའ་བྲལ་མཉམ་པ་ཉིད་ཀྱི་དབྱིངས༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་བདེན་

༦༡

པ་དང་༔ ངན་སོང་དོང་སྤྲུགས་དཀྱིལ་འཁོར་ལྷ་ཚོགས་ཀྱིས༔ ཐུགས་བསྐྱེད་སྨོན་ལམ་བཟང་པོའི་བདེན་སྟོབས་ཀྱིས༔ མཐའ་ཡས་སེམས་ཅན་ལུས་ཐམས་ཅད་ཀྱི༔ སྒྲིབ་གཉིས་བག་ཆགས་མ་ལུས་ཀུན་བྱང་ནས༔ བསོད་ནམས་ཡེ་ཤེས་འབྲས་བུ་རྒྱུད་ལ་སྨིན༔ གནས་སྐབས་འཁྲུལ་པའི་སྡུག་བསྔལ་ཀུན་བྲལ་ཞིང་༔ བར་དོའི་གནས་ནས་སྤྱན་རས་གཟིགས་དབང་གིས༔ མ་རིག་མུན་པ་བསམ་ནས་ལམ་རྣ་དྲོངས༔ བདེ་བ་ཅན་གྱི་ཞིང་དུ་འོད་དཔག་མེད༔ སྤྱན་རས་གཟིགས་ཀྱི་ཞབས་དྲུང་དེར་སྐྱེས་ནས༔ སྐད་ཅིག་དེ་ལ་སྒྲིབ་པ་ཀུན་ཟད་ནས༔ ཡང་དག་དོན་གྱི་ཡེས་ཤེས་མཐོང་བར་ཤོག༔ དེ་མཐོང་ཕྱིར་མི་ལྡོག་པའི་ས་ནོན་ནས༔ སྤྲུལ་པས་འགྲོ་བ་འདྲེན་པའི་དད་དཔོན་གྱུར༔ རྒྱལ་སྲས་སྤྱན་རས་གཟིགས་ཀྱི་མཁྱེན་པ་ལྟར༔ བདག་གི་སྨོན་ལམ་འདི་དག་འགྲུབ་པར་ཤོག༔ དེ་ལྟར་བདུན་ཕྲག་ལ་སོགས་པར༔

༦༢

བསྙེན་རྫོགས་ནུས་དང་སྙིང་བརྩེ་བའི༔ སློབ་དཔོན་རྣལ་འབྱོར་ལྡན་པས་བྱ༔ མཚམས་མེད་སྤྱད་པའི་འགྲོ་བ། ཡང་༔ ངན་སོང ་རྨི་ལམ་ལྟར་མཐོང་ནས༔ མཐོ་རིས་གནམས་སུ་ངེས་འདྲོངས་ན༔ དགེ་བས་ས་བོན་ལྡན་པ་དག༔ བདེ་འགྲོར་སྐྱེ་བ་སྨོས་ཅི་དགོས༔ དང་དང་དམ་ཚིག་བསྲུང་བ་ནི༔ དག་པའི་ཞིང་དུ་དབུགས་འབྱིན་བྱེད༔ ས་མ་ཡ༔ དེ་ནས་རྗེས་ཀྱི་ཆོ་ག་ནི༔ སྔར་ལྟར་མཆོད་པ་བྱིན་གྱིས་རླབས༔ རབ་འབྱམས་རྒྱ་མཚོ། སོགས། ཀྱི། ཤབྟ་འདི་བར་མཆོད། ༀ་མཆོད་པའི་ཕྱརྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱི༔ ཕྱོགས་བཅུ་མ་ལུས་ཀུན་བཀང་ནས༔ རྒྱལ་བ་སྲས་དང་བཅས་ལ་འབུལ༔ ༀ་སརྦ་ཏ་ཐ྄་ག་ཏ་ཨ྄ཪྻ་ཨ་བ་ལོ་ཀེ་ཤ྄་ར་པ་པ་རི་བ྄་ར་སརྦ་པཱུ་ཛ་པྲ་ཏ྄ིཙྪ་ཧོཿ བསྟོད་པ་ནི། རྒྱལ་བ་ཟླ་བ། གམ་མཉམ་མེད་ལ་སོགས་ཀྱི་བསྟོད་ནས། མ་འབྱོར་པ། སོགས་བཟོད་གསོལ་ཡིག་བརྒྱ་བརྗོད༔ ༀ། བཅོམ་ལྡན་སྙིང་རྗེ་ཆེན་པོའི་བདག༔ ངན་སོང་དོང་སྤྲུག་ལྷ་ཚོགས་རྣམས༔ མགོན་མེད་བདག་ལ་ཐུགས་རྗེས་

༦༣

གཟིང་༔ སངས་རྒྱས་ཕྲིན་ལས་མཛད་དུ་གསོལ༔ འཁོར་བ་ངན་སོང་སྡུག་བསྔལ་དང་༔ སྡིག་སྒྲིབ་ཐམས་ཅད་ཞི་བར་མཛོད༔ ཡང་དག་ཡེ་ཤེས་སྣང་བ་ཡི༔ བྱང་ཆུབ་ལམ་ལ་འགོད་མཛད་གསོལ༔ མདུན་བསྐྱེད་རྟེན་ལ་བརྟན་པར་བཞུགས༔ སྤྲོས་བྲལ་ངང་ལ་མཉམས་པར་བཞགས༔ ཞལ་ནས་གསུངས་པའི་བཀྲིས་བརྗོད༔ སྟོང་ཉིད་སྙིང་རྗེའི་སྨོན་ལམ་བཏབ༔ ཨེ་མ་ཧོཿ ཆོས་དབྱིངས་ཡེ་ནས་དག་ སོགས༴ བདག་གི་སྨོན་ལམ་འིད་དག་འགྲུབ་པར་ཤོག༔ དེ་ལྟར་སྨོན་ལམ་ཡང་ཡང་བཏབ༔ གཞན་ཡང་ལས་ཀྱི་མཐའ་རྒྱས་རྣམས༔ གཞུང་ནས་སྦྱར་བ་བཞིན་དུ་སྤྱོད༔ གསང་ཆེན་ཆོ་ག་ཟབ་མོ་གི༔ རང་བཟོ་སྤང་ནས་གཞུང་བཞིན་ཏུ༔ གཏེར་གཞུང་རྡོ་རྗེའི་ཚིག་རྣམས་བསྙེན། འགལ་འཁྲུལ་མཆིས་པ་ལྷ་ལ་བཤགས༔ དགེ་བས་བདག་སོང་སེམས་ཅན་རྣམས༔ ཕྱེ་གཅིག་སངས་རྒྱས་གྱུར་ཐོབ་ཤོག༔ སྨྲས་པ། རྒྱལ་བའི་སྤྱི་སྒྲུབ་ངོ་མཚར་ཟབ་མོའི་ཆོས༔ མཐོང་ཐོས་དྲན་པས་ངན་སོང་དོང་ནས་སྤྲུགས༔ འབྲེལ་པ་ཐོག་

༦༤

ཆོག་དགེ་དེས་ས་འདི་འདྲ་བ། སྐལ་ལྡན་སྤྱོད་ཡུལ་གྱུར་འདི་ངོ་མཚར་རྨད། ཐུགས་རྗེ་ཚད་མེད་གུ་རུ་པདྨ་ཡི། ཐུགས་བསྐྱེད་ཚད་མེད་སྙིག་མའི་འགྲོ་ལ་previous hit དགོངས། འགྲོ་དོན་ཚད་མེད་ཕྱོགས་རིས་མེད་པར་སྣང་། འབྲེལ་ཚད་དོན་ལྡན་ཆོས་འདི་ཨ་མ་ནོཿ ཅེས་ next hit་འདི་བཀའ་བརྒྱུད་བསྟན་པའི་སྒྲོན་མེད༴ བསྟན་སྤྲུལ་རིན་པོ་ཆེའི་འདི་ལྟ་བུའི་ཆོག་འགྲིགས་པ་ལྟས་ཆོག་མར་བྲི་དགོས་ཞེས་ཞེབས་པར། ཟླ་བཟང་སྤྲུལ་མིང་། ཀརྨ་ངེས་དོན་བསྟན་པ་རབ་རྒྱས་གྱིས་བཀྲ་ཤིས་གསར་མའི་ཕོ་བྲང་དུ་བྲིས་པ་དགེ་ལེགས་འཕེལ། བཀྲ་ཤིས་པར་ཤོག

༦༥

༦༦

༦༧

བཀའ་བརྒྱུད་བླ་མའི་སྐོང་བ་གསར་སྐོང་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ།

༦༨

ན་མོ་གུ་རུ་རཏྣ་ཡེ། རྡོ་རྗེ་ཅན་ཞབས་པད་ལ་འདུད། མཆོད་ཚོགས་གཏོར་མ་བྱིན་རླབས་ནས། བླ་མ་ཡི་དམ་མཁའ་འགྲོ་ཡི། ཐུགས་དམ་སྙོང་བ་འདི་སྐད་དོ། ཧཱུྃ། ཆོས་ཉིད་གདལ་བ་ཆེན་པོའི་དཀྱིལ་འཁོར་ནས། མ་བཅོས་ལྷུན་གྲུབ་གདོད་ནས་འོད་གསལ་ཞིང་། མ་བྱས་ལྷུན་གྲུབ་འོད་གསལ་ཆོས་ཀྱི་སྐུ། གནས་ལུགས་རྡོ་རྗེ་འཆང་གི་ཐུགས་དམ་བསྐང་། རང་བྱུང་གདོད་ནས་དག་པའི་དཀྱིལ་འཁོར་ནས། ཡེ་ཤེས་ལྔ་ལྡན་བདེ་གཤེགས་སྐུ་ལྔའི་གཙོ། སྣ་ཚོགས་ཐབས་ཀྱིས་གདུལ་བྱའི་རེ་འདོད་སྐེང་། ཆོས་སྐུ་རྡོ་རྗེ་

༦༩

འཆང་གི་ཐུགས་དམ། ཡོན་ཏན་ཀུན་འབྱུང་འོག་མིན་གནས་མཆོག་ནས། བྱང་ཆུབ་སེམས་ཀྱི་རང་བཞིན་སྐུ་གསུང་ཐུགས། འགྲོ་བ་མ་ལུས་ཐུགས་རྗེས་འདྲེན་མཛད་པའི། མགོན་པོ་རྡོ་རྗེ་འཆང་གི༴ ཕྱི་ནང་གསང་བ་ཡང་གསང་བླ་མེད་ཀྱི། མཆོད་ཚོགས་གཏོར་མས་ཐུགས་རྗེ་དམ་གཉེན་པོ་བསྐང་། ཐུགས་དམ་བསྐངས་ཤིང་ཉམས་ཆགས་དག་གྱུར་ཏེ། མཆོག་དང་ཐུན་མོངས་དངོས་གྲུབ་བདག་ལ་སྩོལ། མི་མཐུན་གནོད་པའི་ཚོགས་ཀུན་བཟློག་ཏུ་གསོལ། ཧཱུྃ།

༧༠

གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་ངང་། གཟུགས་ཕུང་གནས་འགྱུར་དེ་བཞིན་རིགས་ཀྱི་གཙོ། ནམ་མཁའ་རྣམ་དག་དབྱིངས་ཕྱུག་ཡུམ་དང་བཅས། རྣམ་སྣང་ཡབ་ཡུམ་འཁོར་བཅས༴ ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་ངང་། རྣམ་ཤེས་གནས་གྱུར་རྡོ་རྗེ་རིགས་ཀྱི་གཙོ། ས་ཁམས་རྣམས་དག་སངས་རྒྱས་སྤྱན་དང་བཅས། མི་བསྐྱོད་ཡབ་ཡུམ་འཁོར་བཅས༴ ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་ངང་། ཚོགས་བ་གནས་གྱུར་རིན་ཆེན་རིགས་ཀྱི་གཙོ། ཆུ་ཁམས་རྣམ་དག་མ་མ་ཀི་དང་བཅས། རིན་འབྱུང་ཡབ་ཡུམ་འཁོར་བཅས༴ འདོད་ཆགས་རྣམ་དག་སོར་རྟོགས་ཡེ་ཤེས་ངང་། འདུ་ཤེས་གནས་གྱུར་པདྨ་རིགས་ཀྱི་གཙོ། མེ་ཁམས་རྣམ་དག་གོས་དཀར་མོ་དང་བཅས། སྣང་མཐའ་ཡབ་ཡུམ་འཁོར་བཅས༴ ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་ང ང་། འདུ་བྱེད་གནས་གྱུར་ལས་ཀྱི་རིགས་ཀྱི་གཙོ། རླུང་ཁམས་རྣམ་དག་དམ་ཚིག་སྒྲོལ་དང་བཅས། དོན་གྲུབ་ཡབ་ཡུམ་འཁོར་བཅས༴ ཧཱུྃ། ལོངས་སྐུ་རིགས་

༧༡

ལྔའི་ལྷ་ཚོགས་ཐུགས་དམ་བསྐང་། ཕྱི་ནང་གསང་བ་ཡང ་གསང ་བླ་མེད་ཀྱི། མཆོད་ཚོགས་གཏོར་མས་ཐུགས་དམ་གཉན་པོ་བསྐང་། ཐུགས་དམ་བསྐ་ཤིང་ཉམས་ཆགས་དག་གྱུར་ཏེ། མཆོག་དང་ཐུན་མོངས་དངོས་གྲུབ་བདག་ལ་སྩོལ། མི་མཐུན་གནོད་པའི་ཚོགས་ཀུན་བཟློག་ཏུ་གསོལ། ཧཱུྃ། གཏུམ་དྲག་གནས་སུ་སྐུ་བཞུགས་རྒྱལ་བའི་སྲས། བདེ་གཤེགས་གཙུག་གཏོར་ཅན་གྱི་སྤྲུལ་པའི་སྐུ། གསང་བ་འདུས་པའི་རྒྱུད་ལ་མངའ་བརྙེས་པའི། སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་་་་་ ཚང་ཆིངས་འཁྲིག་པར་སྐུ་བཞུགས་རྒྱལ་བའི་སྲས། བདེ་གཤེགས་ལོག་པར་དད་སོལ་སྤྲུལ་པའི་སྐུ། སྒྱུ་འཕྲུལ་ཆེན་པོའི་རྒྱུད་ལ་མངའ་བརྙེས་པའི། སློབ་དཔོན་ཀུ་ཀུ་རི་པའི༴ ཀིང་རུས་བརྩེགས་པར་སྐུ་བཞུགས་རྒྱལ་བའི་སྲས། བདེ་གཤེགས་འཁོར་བ་འཇིག་གི་སྤྲུལ་པའི་སྐུ། དགྱེས་པ་རྡོ་རྗེའི་རྒྱུད་ལ་མངའ་བརྙེས་པའི། སློབ་དཔོན་པདྨ་བཛྲའི༴

༧༢

འཇིགས་སུ་རུང་བར་སྐུ་བཞུགས་རྒྱལ་བའི་སྲས། བདེ་གཤེགས་ཐམས་ཅད་སྐྱོབས་ཀྱི་སྤྲུལ་པའི་སྐུ། གཤིན་རྗེ་གཤེད་ཀྱི་རྒྱུད་ལ་མངའ་བརྙེས་པའི། དཔལ་ལྡན་ནག་པོ་ཞབས་ཀྱི༴ གར་ཡང་སྤྲུལ་པའི་སྐུ་བཞུགས་རྒྱལ་བའི་སྲས། བདེ་གཤེགས་རྒྱལ་བ་གསེར་ཐུབ་སྤྲུལ་པའི་སྐུ། ནམ་མཁའ་མཉམ་པའི་རྒྱུད་ལ་མངའ་བརྙེས་པའི། དཔལ་ལྡན་ས་ར་ཧ་པའི༴ ནག་ཚལ་འཐུག་པོར་སྐུ་བཞུགས་རྒྱལ་བའི་སྲས། བདེ་གཤེགས་མར་མེ་མཛད་ཀྱི་སྤྲུལ་པའི་སྐུ། འཁོར་ལོ་སྡོམ་པའི་རྒྱུད་ལ་མངན་བརྙེས་པའི། རྗེ་བཙུན་ལྟ་བུ་ཧི་ས་ཡི། མུན་ནག་འཐུག་སོར་སྐུ་བཞུགས་རྒྱལ་བའི་སྲས། བདེ་གཤེགས་ཤཱཀྱ་ཐུབ་ཀྱི་སྤྲུལ་པའི་སྐུ། གདན་བཞི་འཕགས་པའི་རྒྱུད་ལ་མངའ་བརྙེས་པའི། རྒྱལ་པོ་ཨིནྡྲ་བོ་དྷིའི༴ ཀ྄ི་ལི་སྒྲོགས་པར་སྐུ་བཞུགས་རྒྱལ་བའི་སྲས། རྒྱལ་བ་མི་ཕམ་མགོན་གྱི་སྤྲུལ་པའི་སྐུ། སངས་རྒས་ཐོད་པའི་རྒྱུད་ལ་མངའ་བརྙེས་པའི། ཌོམཱི་ཧེ་རུ་ཀའི༴ ཧཱུྃ། སྤྲུལ་སྐུ་གྲུབ་ཐོབ་རྣམས་ཀྱི་ཐ་་་་ ཕྱི་ནང་གསང་བ་ཡང་གསང་བླ་མེད་ཀྱི། མཆོད་ཚོགས་གཏོར་མས་ཐུགས་དམ་གཉན་པོ་བསྐང་།

༧༣

ཐུགས་དམ་བསྐངས་ཤིང་ཉམས་ཆགས་དག་གྱུར་ཏེ། མཆོག་དང་ཐུན་མོངས་དངོས་གྲུབ་བདག་ལ་སྩོལ། མི་མཐུན་གནོད་པའི་ཚོགས་ཀུན་བཟློག་ཏུ་གསོལ། ཧཱུྃ། རྒྱལ་བའི་བསྟན་པ་ཕྱོགས་བཞིར་རྒྱས་མཛད་ཅིང་། རྟོགས་པ་མཐར་ཕྱིན་འགྲོ་བ་འདྲེན་པའི་དཔལ། མཐར་ཐུགས་གསང་བའི་ཆོས་ལ་མངའ་བརྙེས་པའི། བཀའ་བཞི་བརྒྱུད་པའི་བླ་མའི་་་་ ཧཱུྃ། བདེ་གཤེགས་ཡོན་ཏན་ཀུན་གྱི་འབྱུང་གནས་མཆོག་སྐལ་ལྡན་སྨིན་མཛད་སྐྱོབ་པ་ཐུགས་རྗེ་ཅན། དཔག་མེད་སྤྲུལ་པས་སྲིད་གསུམ་དབང་དུ་སྡུད། རྗེ་བཙུན་ཏེ་ལོ་པ་ཡི༴ བླ་མེད་སྐྱོབ་དུབ་མེད་པའི་མོས་གུས་ཀྱིས། ཚེ་འདིར་མཆོག་དང་ཐུན་མོངས་དངོས་གྲུབ་བརྙེས། གདུང་བས་མོས་གུས་གང་བྱེད་བྱིན་རློབས་པའི། མཁས་མཆོག་ནཱ་རོ་པ་ཡི༴ དཔག་མེད་བཀའ་བས་བླ་མའི་གདམས་ངག་ནོད། བསྟན་པའི་སྙིང་པོ་གསང་སྔགས་ཟབ་མོ་ཡིས། ཛམ་གླིང་བདེ་ཁམས་སྐལ་ལྡན་

༧༤

སྨིན་པར་མཛད། རྗེ་བཙུན་ལྷོ་བྲག་པ་ཡི༴ ལྟེམ་རྐྱང་མེད་པར་སྒྲུབ་ལ་ནན་ཏན་མཛད། མཆོག་དང་ཐུན་མོངས་དངོས་གྲུབ་ཀུན་བརྙེས་ཤིང་། མཆོག་གི་སྒྲུབ་པས་བསྟན་པའི་རྒྱལ་མཚན་བཙུགས། དབང་ཕྱུག་མི་ལ་རས་པའི༴ མེ་ཏོག་ཟླ་མཛེས་པདྨའི་བླ་མའི་བླ། སྟོན་པའི་སྤྱན་སྔར་ཟླ་འདོ་གཞོན་ནུར་གྱུར། ད་ལྟ་སྐལ་ལྡན་མང་པོ་སྨིན་པར་མཛད། མཉམ་མེད་སྒམ་པོ་པ་ཡི༴ ཤེས་བྱའི་གནས་ལུགས་ཇི་བཞིན་མཁྱེན་ཅིང་གཟིགས། ཡོན་ཏན་མཐར་ཐུག་ཐུགས་རྗེ་རྨད་དུ་བྱུང་། རླུང་སེམས་གཉིས་ལ་མངའ་བརྙེས་ཆོས་ཀྱི་རྗེ། དཔལ་ལྡན་དུས་གསུམ་མཁྱེན་པའི༴ ཟག་མེད་ཡོན་ཏན་མ་ལུས་རབ་རྒྱས་ཤིང་། ཤེས་བྱ་ཀུན་མཁྱེན་རྒྱལ་བའི་བསྟན་པ་སྲུང་། སྙིང་པོའི་དོན་ལ་མངའ་བརྙེས་རིན་པོ་ཆེ། འགྲོ་མགོན་རས་པ་ཆེན་པོའི༴ བླ་མའི་བཀའ་བསྒྲུབས་ཟབ་གནད་དུ་མ་ཡི། སྒྲུབ་པ་མཐར་ཕྱིན་ཡོན་ཏན་ཀུན་གྱི་གཏེར། ཚད་མེད་

༧༥

བཞི་ལ། མངའ་བརྙེས་རིན་པོ་ཆེ། རྒྱལ་སྲས་སྤོམ་བྲག་པ་ཡི༴ བསམས་བཞིན་སྲིད་པར་སྐུ་འཁྲུངས་འཛམ་གླིང་རྒྱན། ཐུགས་རྗེས་མངའ་བདག་ཀུན་མཁྱེན་སྲིད་ཞིའི་དཔལ། སྨིན་གྲོལ་གཉིས་ལ་མངའ་བརྙེས་རིན་པོ་ཆེ། དཔལ་ཆེན་ཀརྨ་པ་ཡི༴ མཐར་ཐུགས་དོན་གྱི་གདམས་པ་མངོན་དུ་གྱུར། ཤེས་བྱ་ཀུན་མཁྱེན་དོན་བརྒྱུད་འཛིན་པའི་གཙོ། བརྟུལ་ཞུགས་མཆོག་ལ་མངའ་བརྙེས་རིན་པོ་ཆེ། གྲུབ་ཐོབ་ཨོ་རྒྱན་པ་ཡི༴ སྙིང་པོའི་དོན་རྟོགས་སྒྲུབ་བརྒྱུད་བསྟན་པ་སྐྱོང་། སྐལ་པ་ལྡན་པ་རྣམས་ཀྱི་རོ་པ་སྐོང་། འགྲོ་རྣམས་བདེ་ལ་འགོད་པའི་ཐུགས་རྗེ་ཅན། གཉན་རས་དགེ་འདུན་འབུམ་གྱི༴ བརྒྱུད་པའི་བྱིན་རླབས་གདམས་པའི་བཅུད་ཀུན་སྡུད། མདོ་རྒྱུད་ཀུན་མཁྱེན་སངས་རྒྱས་བསྟན་པ་སྐྱོང་། རང་སེམས་ཆོས་སྐུགས་སྟོན་མཛད་རིན་པོ་ཆེ། སེམས་དཔའ་རང་བྱུང་རྡོ་རྗེའི་་་་་ ཕྱི་ལྟར་ཕ་རོལ་ཕྱིན་པ་དང་། ནང་ལྟར་གསང་སྔགས་ཀུན་སྤྱོད་མཛད། ཟུང་འཇུག་འོད་གསལ་མངོན་

༧༦

དུ་གྱུར། རྒྱལ་བ་གཡུང གི་་་་་ སྙིགས་དུས་དམན་པའི་སེམས་ཅན་རྣམས། འདྲེན་མཛད་རྣམ་ཐར་བསམ་མི་ཁྱབ། འགྲོ་བའི་སྐྱབས་མགོན་རིན་པོ ་ཆེ། དྷརྨ་ཀིཏྟིའི༴ སྔོན་གྱི་སྐྱེ་བ་དུ་མོར་ཡང་། འབད་མེད་དོན་གཉིས་ལྷུན་གྱིས་གྲུབ། དྭགས་བརྒྱུད་བསྟན་པའི་དཔལ་གྱུར་པའི། མཁའ་སྤྱོད་དབང་པོའི། ཐབས་མཁས་མཛད་པ་མཐའ་ཡས་ཤིང་། སྙིགས་དུས་འགྲོ་བའི་སྐྱབས་གཅིག་པོ། ཆོས་ལ་དབང་འབྱོར་ཆོས་ཀྱི་དཔལ། བཟང་པོའི་ཞབས་ཀྱི༴ མདོ་སྔགས་ཆོས་ཚུལ་རྒྱ་མཚོ་ལས། ཟབ་དོན་ནོར་བུ་ལན་པའི་དཔལ། གྲུབ་པའི་བུས་ན་མངོན་པར་བརྗིད། རིན་ཆེན་བཟང་པོའི༴ ཡེ་ཤེས་དཀྱིལ་འཁོར་མཐའ་བྲལ་བར། འགྲོ་ཀུན་རྡོ་རྗེ་མཆོག་བྱོར་ཞིང་། སྨིན་གྲོལ་བདུད་རྩི་ལེགས་སྟོན་མཁན། མཐོང་བ་དོན་ལྡན༴ ཟག་བྲལ་བདེ་ཆེན་རྡོ་རྗེའི་དཔལ། ངག་གི་དབང་ཕྱུག་གསང་བའི་མཛོད། ལེགས་པར་འཛིན་པའི་དཔལ་མངའ་བ།

༧༧

འཇམ་དཔལ་བཟང་པོའི༴ རྒྱལ་བའི་ཕྲིན་ལས་ཇི་སྙེད་སྒོ། རྣམ་ཐར་ཡོན་ཏན་ཀུན་འཛིན་པའི། གདུལ་བྱ་ཐར་པའི་སར་དཀྲི་མཁན། དཔལ་འབྱོར་དོན་གྲུབ༴ གྲུབ་པའི་རྒྱལ་ཐབས་ཆེན་པོ་ཏུ། སྨིན་གྲོལ་བདེ་ཆེན་མཆོག་སྦྱིན་ཞིང་། སྲིད་ཞིའི་དཔལ་གྱི་དབང་ཕྱུག་ཅན། ཆོས་གྲགས་རྒྱ་མཚོའི༴ སྙིང་སྟོབས་རྨད་བྱུང་མཆོག་གིས་ནི། ཚོགས་གསུམ་སྐད་ཅིག་ཕ་རོལ་སོན། གྲུབ་པའི་རྒྱལ་མཚན་རྩེར་མཆོད་པ། སངས་རྒྱས་གཉན་པའི༴ ཇི་སྙེད་ཤེས་བྱའི་གནས་མ་ལུས། ལེགས་པར་རྟོགས་པའི་མཁྱེན་རབ་ཀྱིས། ཟབ་གསང་མཆོག་གི་དབང་ཕྱུག་ཆེ། མི་བསྐྱོད་རྡོ་རྗེའི༴ དུས་གསུམ་རྒྱལ་ཀུན་ཕྲིན་ལས་ཆེ། མོད་རྒྱུད་རྒྱ་མཚོའི་དབང་ཕྱུག་རྒྱལ། གསང་གསུམ་རྡོ་རྗེའི་རོལ་པ་ཅན། དཀོན་མཆོག་ཡན་ལག༴ མ་ལུས་འགྲོ་བའི་ཉི་མ་མཆོག སྐྱབས་གནས་ཀུན་འདུས་རྗེས་བཙུན་དཔལ།

༧༨

རྒྱལ་ཀུན་ཐུགས་རྗེའི་རྣམ་རོལ་སྐུ། དབང་ཕྱུག་རྡོ་རྗེའི༴ སྨྲ་བའི་སེང་གེ་འཇམ་པའི་དཔལ། གང་གིས་བྱིན་བརླབས་འོད་མཚན་གྱི། མཐོང་གྲོལ་ཅོད་པན་ལེགས་འཆང་བ། ཆོས་ཀྱི་དབང་ཕྱུག༴ འཇིག་རྟེན་རྣམ་པར་འདྲེན་པའི་དཔལ། མཐོང་ཐོས་དྲན་རེག་འགྲོ་བ་ཀུན། མངོན་མཐོ་ངོས་ལེགས་མཆོག་སྦྱོར་བ། ཆོས་དབྱིངས་རྡོ་རྗེའི༴ མཆོག་ཏུ་རྒྱལ་བའི་ཡེ་ཤེས་ཀྱི། འོད་གསལ་ལྷན་ཅིག་སྐྱེས་པའི་གར། རྒྱུར་མཛད་དོན་དམ་རྣམ་པར་རོལ། ཡེ་ཤེས་སྙིང་པོའི༴ ཟབ་ཞི་སྤྲོས་བྲལ་དམ་ཆོས་ལ། ཇི་བཞིན་རྟོགས་པའི་previous hit དགོངས ་ཅན། འགྲོ་དྲུག་ཡལ་བར་མི་འདོར་བ། ཡེ་ཤེས་རྡོ་རྗེའི༴ རབ་འབྱམས་རྒྱལ་ཀུན་འདུས་པའི་གར། ཡང་དག་བདུད་རྩི་ལེགས་སྟེན་པའི། ཕུལ་བྱུང་ཡོན་ཏན་མཆོག་སྩོལ་བ། ཆོས་ཀྱི་དོན་གྲུབ༴ ཟབ་ཅིང་རྒྱ་ཆེའི་ཆོས་རྣམ་ལ། མཁྱེན་པའི་ཡེ་ཤེས་རབ་རྒྱས་ཤིང་། འགྲོ་

༧༩

ལ་སྙོམས་པའི་ཐུགས་རྗེ་ཅན། བྱང་ཆུབ་རྡོ་རྗེའི༴ མ་ལུས་ཤེས་བྱའི་ཆོས་ཀུན་གྱི། དེ་ཉིད་ཇི་བཞིན་ཐུགས་ཆུད་ཅིང་། ཡོངས་རྫོགས་བསྟན་པའི་སྒྲོལ་མེ་ཆེ། ཆོས་ཀྱི། འབྱུང་གནས༴ སྙིགས་དུས་རྒྱལ་བསྟན་རིན་ཆེན་མཆོག སྤེལ་བའི་བྱེད་པོའི་མངའ་བདག་ཆེ། ཕྲིན་ལས་མི་ནུབ་རབ་རྒྱས་པའི། བདུད་འདུལ་རྡོ་རྗེའི༴ གདུལ་དཀའི་འགྲོ་བ་མཐའ་དག་ཀུན། ཐབས་མཁས་མཛད་ཕྲིན་རྨད་བྱུང་གིས། ཡང་དག་ལམ་ལ་འགོད་མཛད་པའི། ཆོས་གྲུབ་རྒྱ་མཚོའི༴ རྒྱལ་བའི་བསྟན་པའི་སྙིང་པོ་མཆོག ཀརྨ་ཀཾ་ཚང་རིང་ལུགས་ཆེ། རྒྱ་ཆེར་སྤེལ་མཛད་ཆོས་ཀྱི་རྗེ། པདྨ་ཉིན་བྱེད་་་་་ རྨད་བྱུང་ཐུགས་བསྐྱེད་རྒྱ་མཚོ་ལས། གང་འདུལ་རོལ་པ་རིས་མེད་པར། སྟོན་མཛད་རྒྱལ་བའི་སྤྱོད་པ་འཆང་། ཐོག་མཆོག་རྡོ་རྗེའི༴ འགྱུར་མེད་ལྷན་སྐྱེས་བདེ་བ་ཆེ། རྣམ་པ་ཀུན་

༨༠

མཆོག་སྟོང་ཉིད་གར། ཟུང་འཇུག་འོད་གསལ་ཆོས་སྐུའི་བདག བློ་གྲོས་མཐའ་ཡས༴ བཀའ་བརྒྱུད་བླ་མའི་་་་་ སྒྲུབ་བརྒྱུད་བླ་མའི༴ སྙན་བརྒྱུད་བླ་མའི༴ བཤད་བརྒྱུད་བླ་མའི༴ རྒྱལ་བ་དགོངས་བརྒྱུད་བླ་མའི༴ རིག་འཛིན་བརྡ་བརྒྱུད་བླ་མའི༴ གང་ཟག་བསྙན་བརྒྱུད་བླ་མའི༴ རྩ་བརྒྱུད་བླ་མའི༴ རིན་ཆེན་བླ་མའི་ཐུགས་དམ་བསྐང་། ཕྱི་ནང ་གསང་བ་ཡང་གསང་བླ་མེད་ཀྱི། མཆོད་ཚོགས་གཏོར་མས་ཤུགས་དམ་གཉན་པོ་བསྐང་། ཐུགས་དམ་བསྐངས་ཤིང་ཉམས་ཆགས་དག་གྱུར་ཏེ། མཆོག་དང་ཐུན་མོང་དངོས་གྲུབ་བདག་ལ་སྩོལ། མི་མཐུན་གནོད་པའི་ཚོགས་ཀུན་བཟློག་ཏུ་གསོལ། ཕྱི་ནང་གསང་བ་ཡང་གསང་དཀྱིལ་འཁོར་ལྷ། ཞི་ཁྲོ་རབ་འབྱམས་ལྷ་ཚོགས་འཁོར་དང་བཅས། མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛད་པའི། ཡི་དམ་ལྷ་ཚོགས་འཁོར་བཅས་ཐུགས་དམ་བསྐང་། ཕྱི་ནང་གསང་བའི་བཀའ་སྲུང་དམ་ཚིག་ཅན།

༨༡

མ་མགོན་ལ་སོགས་ཆོས་སྐྱོང་མའི་ཚོགས། ཕྱི་ནང་བར་ཆད་མ་ལུས་སྲུང་མཛད་པའི། བཀའ་སྲུང་ཆོས་སྐྱོང་ཐམས་ཅད་ཐུགས་དམ་བསྐང་། ཡི་དམ་ལྷ་དང་སྲུང་མའི་ཐུགས་དམ་བསྐང་། ཕྱི་ནང་གསང་བ་ཡང་གསང་བླ་མེད་ཀྱི། མཆོད་ཚོགས་གཏོར་མས་ཐུགས་དམ་གཉན་པོ་བསྐང་། ཐུགས་དམ་བསྐངས་ཤིང་ཉམས་ཆགས་དག་གྱུར་ཏེ། མཆོག་དང་ཐུན་མོང་དངོས་གྲུབ་བདག་ལ་སྩོལ། མི་མཐུན་གནོད་པའི་ཚོགས་ཀུན་བཟློག་ཏུ་གསོལ། བཀའ་བརྒྱུད་བླ་མའི་སྐོང་བ་གསར་སྐང་རིན་ཆེན་ཕྲེང་བ་ཞེས་བྱ་བ། གྲུབ་ཆེན་ཀརྨ་པས་མཛད་པའོ།


no previousབླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ། འགྲོ་འདུལ་ཐུགས་རྗེས་ཆེན་པོའི་དཀྱིལ་འཁོར་བརྟེན་པའི་གཤིན་དོན་སྒྲིབ་སྦྱང་གི་ཆ་གོ་ཐར་ལམ་གསལ་བྱེད་ཅེས་བྱ་བ་བཞུགས།no next