༄༅།། དམ་ཆོས་ཡིད་བཞིན་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་གྱི་སྡོམ་ཚིག་རྩ་བ་བཞུགས་སོ།།
༈ རྒྱུ་དང་རྟེན་དང་རྐྱེན་དང་ནི།
ཐབས་དང་འབྲས་བུ་འཕྲིན་ལས་ཏེ།
བླ་མེད་བྱང་ཆུབ་སྤྱི་སྡོམ་དྲུག
བློ་ལྡན་རྣམས་ཀྱིས་ཤེས་པར་བྱ།
༈ རྒྱུ་ནི་བདེ་གཤེགས་སྙིང་པོ་སྟེ།
རྟེན་ནི་མི་ལུས་རིན་ཆེན་མཆོག
རྐྱེན་ནི་དགེ་བའི་བཤེས་གཉེན་ཡིན།
ཐབས་ནི་དེའི་གདམས་ངག་ཡིན།
འབྲས་བུ་རྫོགས་སངས་རྒྱས་ཀྱི་སྐུ།
ཕྲིན་ལས་རྟོག་མེད་འགྲོ་དོན་མཛད།
༈ རིགས་ཆད་རིགས་དང་མ་ངེས་རིགས།
ཉན་ཐོས་རིགས་དང་རང་རྒྱལ་རིགས།
ཐེག་པ་ཆེན་པོའི་རིགས་ཅན་ཏེ།
ལྔས་ནི་སངས་རྒྱས་རིགས་ཅན་བསྡུས།
༈ དབྱེ་བ་ངོ་བོ་རྣམ་གྲངས་དང་།
གཞན་ལས་ཁྱད་འཕགས་རྒྱུ་མཚན་དང་།
རྣམ་པ་རྟགས་དང་དོན་དྲུག་གིས།
ཐེག་པ་ཆེན་པོའི་རིགས་བསྡུས་སོ།
༈ དལ་བ་དང་ནི་འབྱོར་པ་དང་།
ཡིད་ཆེས་འདོད་དང་དང་བ་སྟེ།
དོན་ལྔ་ཡིས་ནི་རྟེན་མཆོག་བསྡུས།
ཕྱེ་བ་སོ་སོའི་མཚན་ཉིད་དང་།
བསྟེན་པའི་ཐབས་དང་ཕན་ཡོན་ཏེ།
ལྔ་ཡིས་བཤེས་གཉིན་བསྟེན་པ་བསྡུས།
༈ མི་རྟག་སྒོམ་དང་འཁོར་བ་ཡི།
ཉེས་དམིགས་ལས་འབྲས་བཅས་པ་དང་།
བྱམས་དང་སྙིང་རྗེ་སྒོམ་པ་དང་།
བྱང་ཆུབ་སེམས་བསྐྱེད་ཆོས་རྣམས་ཏེ།
དེ་ལྟར་རྣམ་པ་བཞི་ཡིས་ནི།
དེ་ཡི་གདམས་ངག་ཐམས་ཅད་བསྡུས།
༈ དབྱེ་བ་དང་ནི་སྒོམ་ཐབས་དང་།
བསྒོམས་པ་ཡི་ནི་ཕན་ཡོན་ཏེ།
མི་རྟག་སྒོམ་པ་ཡོངས་སུ་བསྡུས།
༈ འདུ་བྱེད་ཀྱི་ནི་སྡུག་བསྔལ་དང་།
དེ་བཞིན་འགྱུར་བའི་སྡུག་བསྔལ་དང་།
སྡུག་བསྔལ་གྱི་ནི་སྡུག་བསྔལ་ཏེ།
གསུམ་གྱིས་འཁོར་བའི་ཉེས་དམིགས་བསྡུས།
༈ དབྱེ་བ་དང་ནི་མཚན་ཉིད་དང་།
བདག་གིར་བྱ་དང་བགོ་སྐལ་སྤྱོད།
ཆུང་ལས་ཆེར་སྨིན་ཆུད་མི་ཟ།
དྲུག་པོ་དེས་ནི་ལས་འབྲས་བསྡུས།
༈ དབྱེ་བ་དམིགས་ཡུལ་རྣམ་པ་དང་།
སྒོམ་ཐབས་འབྱོངས་ཚད་ཡོན་ཏན་ཏེ།
དེ་ལྟར་དྲུག་པོ་འདི་དག་གིས།
བྱམས་པ་ཚད་མེད་ཡོངས་སུ་བསྡུས།
༈ དབྱེ་བ་དམིགས་ཡུལ་རྣམ་པ་དང་།
སྒོམ་ཐབས་འབྱོངས་ཚད་ཡོན་ཏན་ཏེ།
དེ་ལྟར་དྲུག་པོ་འདི་དག་གིས།
སྙིང་རྗེ་ཚད་མེད་ཡོངས་སུ་བསྡུས།
༈ རྟེན་དང་ངོ་བོ་དབྱེ་བ་དང་།
དམིགས་པ་རྒྱུ་དང་བླང་ཡུལ་དང་།
ཆོ་ག་ཕན་ཡོན་ཉེས་དམིགས་དང་།
འཆོར་རྒྱུ་བཅོས་ཐབས་བསླབ་བྱ་སྟེ།
བཅུ་དང་གཉིས་པོ་འདི་དག་གིས།
བྱང་ཆུབ་མཆོག་གི་སེམས་བསྐྱེད་བསྡུས།
༈ དབྱེ་བ་རྟེན་དང་ཡུལ་དང་དུས།
བསམ་པ་ཆོ་ག་བྱེད་པའི་ལས།
བསླབ་བྱ་དང་ནི་ཕན་ཡོན་ཏེ་།
དོན་རྣམས་དགུ་ཡིས་སྐྱབས་འགྲོ་བསྡུས།
༈ སེམས་ཅན་བློས་མི་བཏང་བ་དང་།
སེམས་དེའི་ཕན་ཡོན་དྲན་བྱ་དང་།
ཚོགས་གཉིས་བསགས་པར་བྱ་བ་དང་།
ཡང་ཡང་བྱང་སེམས་སྦྱང་བ་དང་།
དཀར་ནག་ཆོས་བརྒྱད་བླང་དོར་ཏེ།
ལྔ་པོས་སྨོན་པའི་བསླབ་བྱ་བསྡུས།
༈ སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང་།
བརྩོན་འགྲུས་བསམ་གཏན་ཤེས་རབ་སྟེ།
དེ་ལྟར་རྣམ་པ་དྲུག་པོ་འདིས།
འཇུག་པའི་སེམས་བསྐྱེད་བསླབ་བྱ་བསྡུས།
༈ གྲང་ངེས་གོ་རིམ་ངེས་པ་དང་།
མཚན་ཉིད་དང་ནི་ངེས་ཚིག་དང་།
རབ་ཏུ་དབྱེ་དང་བསྡུ་བ་སྟེ།
དྲུག་གིས་ཕ་རོལ་ཕྱིན་དྲུག་བསྡུས།
༈ སྐྱོན་ཡོན་རྣམ་གཉིས་བསམ་པ་དང་།
ངོ་བོ་དང་ནི་དབྱེ་བ་དང་།
ཕྱེ་བ་སོ་སོའི་མཚན་ཉིད་དང་།
སྤེལ་དང་དག་པར་བྱ་བ་དང་།
འབྲས་བུ་དང་ནི་དོན་བདུན་གྱིས།
སྦྱིན་པའི་ཕ་རོལ་ཕྱིན་བསྡུས་སོ།
༈ སྐྱོན་ཡོན་རྣམ་གཉིས་བསྟན་པ་དང་།
ངོ་བོ་དང་ནི་དབྱེ་བ་དང་།
ཕྱེ་བ་སོ་སོའི་མཚན་ཉིད་དང་།
སྤེལ་དང་དག་པར་བྱ་བ་དང་།
འབྲས་བུ་དང་ནི་དོན་བདུན་གྱིས།
ཚུལ་ཁྲིམས་ཕ་རོལ་ཕྱིན་པ་བསྡུས།
༈ སྐྱོན་ཡོན་རྣམ་གཉིས་བསམ་པ་དང་།
ངོ་བོ་དང་ནི་དབྱེ་བ་དང་།
ཕྱེ་བ་སོ་སོའི་མཚན་ཉིད་དང་།
སྤེལ་དང་དག་པར་བྱ་བ་དང་།
འབྲས་བུ་དང་ནི་དོན་བདུན་གྱིས།
བཟོད་པའི་ཕ་རོལ་ཕིན་བསྡུས་སོ།
༈ སྐྱོན་ཡོན་རྣམ་གཉིས་བསམ་པ་དང་།
ངོ་བོ་དང་ནི་དབྱེ་བ་དང་།
ཕྱེ་བ་སོ་སོའེ་མཚན་ཉིད་དང་།
སྤེལ་དང་དག་པར་བྱ་བ་དང་།
འབྲས་བུ་དང་ནི་དོན་བདུན་གྱིས།
བརྩོན་འགྲུས་ཕརོལ་ཕྱིན་བསྡུས་སོ།
༈ སྐྱོན་ཡོན་རྣམ་གཉིས་བསམ་པ་དང།
ངོ་བོ་དང་ནི་དབྱེ་བ་དང་།
ཕྱེ་བ་སོ་སོའེ་མཚན་ཉིད་དང་།
སྤེལ་དང་དག་པར་བྱ་བ་དང་།
འབྲས་བུ་དང་ནི་དོན་བདུན་གྱིས།
བསམ་གཏན་ཕ་རོལ་ཕྱིན་བསྡུས་སོ།
༈ སྐྱོན་ཡོན་རྣམ་གཉིས་བསམ་པ་དང་།
ངོ་བོ་དང་ནི་དབྱེ་བ་དང་།
ཕྱེ་བ་སོ་སོའི་མཚན་ཉིད་དང་།
ཤེས་དང་གོམས་པར་བྱ་བ་དང་།
འབྲས་བུ་དང་ནི་དོན་བདུན་གྱིས།
ཤེས་རབ་ཕ་རོལ་ཕྱིན་བསྡུས་སོ།
༈ ཚོགས་ཀྱི་ལམ་དང་སྦྱོར་ལམ་དང་།
མཐོང་བའི་ལམ་དང་སྒོམ་ལམ་དང་།
ཡོངས་སུ་མཐར་ཕྱིན་པ་ཡི་ལམ།
ལྔ་ཡིས་ལམ་རྣམས་ཡོངས་སུ་བསྡུས།
༈ ལས་དང་པོ་དེར་མོས་མོས་སྤྱོད་དང་།
བྱང་ཆུབ་སེམས་དཔའི་ས་བཅུ་དང་།
སངས་རྒྱས་ས་སྟེ་དེ་ལྟར་ན།
བཅུ་དང་གསུམ་གྱིས་ས་རྣམས་བསྡུས།
༈ རང་བཞིན་སྒྲ་དོན་དབྱེ་བ་དང་།
རྣམ་བཞག་གྲངས་ངེས་མཚན་ཉིད་དང་།
ཁྱད་པར་དང་ནི་དོན་བདུན་གྱིས།
རྫོགས་སངས་རྒྱས་ཀྱི་སྐུ་རྣམས་བསྡུས།
༈ སྐུ་ནི་རྟོག་མེད་འགྲོ་དོན་མཛད།
དེ་བཞིན་གསུང་དང་ཐུགས་ཀྱང་ནི།
གསུམ ་གྱིས་སངས་རྒྱས་འཕྲིན་ལས་བསྡུས།
༈ དམ་ཆོས་ཡིད་བཞིན་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ཞེས་བྱ་བ། ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་བཤད་པ་འདི་ནི་བེན་དེ་དར་མ་སྐྱབས་ཀྱིས་བསྐུལ་བའི་ངོར། ལྷ་རྗེ་བསོད་ནམས་རིན་ཆེན་གྱིས་བཀོད་པ་རྫོགས་སོ།།
༄༅།། དམ་ཆོས་ཡིད་བཞིན་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་གྱི་སྡོམ་ཚིག་རྩ་བ་བཞུགས་སོ།། ༈ རྒྱུ་དང་རྟེན་དང་རྐྱེན་དང་ནི། ཐབས་དང་འབྲས་བུ་འཕྲིན་ལས་ཏེ། བླ་མེད་བྱང་ཆུབ་སྤྱི་སྡོམ་དྲུག བློ་ལྡན་རྣམས་ཀྱིས་ཤེས་པར་བྱ། ༈ རྒྱུ་ནི་བདེ་གཤེགས་སྙིང་པོ་སྟེ། རྟེན་ནི་མི་ལུས་རིན་ཆེན་མཆོག རྐྱེན་ནི་དགེ་བའི་བཤེས་གཉེན་ཡིན། ཐབས་ནི་དེའི་གདམས་ངག་ཡིན། འབྲས་བུ་རྫོགས་སངས་རྒྱས་ཀྱི་སྐུ། ཕྲིན་ལས་རྟོག་མེད་འགྲོ་དོན་མཛད། ༈ རིགས་ཆད་རིགས་དང་མ་ངེས་རིགས། ཉན་ཐོས་རིགས་དང་རང་རྒྱལ་རིགས། ཐེག་པ་ཆེན་པོའི་རིགས་ཅན་ཏེ། ལྔས་ནི་སངས་རྒྱས་རིགས་ཅན་བསྡུས། ༈ དབྱེ་བ་ངོ་བོ་རྣམ་གྲངས་དང་། གཞན་ལས་ཁྱད་འཕགས་རྒྱུ་མཚན་དང་། རྣམ་པ་རྟགས་དང་དོན་དྲུག་གིས། ཐེག་པ་ཆེན་པོའི་རིགས་བསྡུས་སོ། ༈ དལ་བ་དང་ནི་འབྱོར་པ་དང་། ཡིད་ཆེས་འདོད་དང་དང་བ་སྟེ། ལུས་ནི་གཉིས་དང་སེམས་ནི་ གསུམ། དོན་ལྔ་ཡིས་ནི་རྟེན་མཆོག་བསྡུས། ༈ འཐད་པ ་དང་ནི་དབྱེ་བ་དང་། ཕྱེ་བ་སོ་སོའི་མཚན་ཉིད་དང་། བསྟེན་པའི་ཐབས་དང་ཕན་ཡོན་ཏེ། ལྔ་ཡིས་བཤེས་གཉིན་བསྟེན་པ་བསྡུས། ༈ མི་རྟག་སྒོམ་དང་འཁོར་བ་ཡི། ཉེས་དམིགས་ལས་འབྲས་བཅས་པ་དང་། བྱམས་དང་སྙིང་རྗེ་སྒོམ་པ་དང་། བྱང་ཆུབ་སེམས་བསྐྱེད་ཆོས་རྣམས་ཏེ། དེ་ལྟར་རྣམ་པ་བཞི་ཡིས་ནི། དེ་ཡི་གདམས་ངག་ཐམས་ཅད་བསྡུས། ༈ དབྱེ་བ་དང་ནི་སྒོམ་ཐབས་དང་། བསྒོམས་པ་ཡི་ནི་ཕན་ཡོན་ཏེ། རྣམ་ པ་གསུམ ་པོ་དེ་དག་གིས། མི་རྟག་སྒོམ་པ་ཡོངས་སུ་བསྡུས། ༈ འདུ་བྱེད་ཀྱི་ནི་སྡུག་བསྔལ་དང་། དེ་བཞིན་འགྱུར་བའི་སྡུག་བསྔལ་དང་། སྡུག་བསྔལ་གྱི་ནི་སྡུག་བསྔལ་ཏེ། གསུམ་གྱིས་འཁོར་བའི་ཉེས་དམིགས་བསྡུས། ༈ དབྱེ་བ་དང་ནི་མཚན་ཉིད་དང་། བདག་གིར་བྱ་དང་བགོ་སྐལ་སྤྱོད། ཆུང་ལས་ཆེར་སྨིན་ཆུད་མི་ཟ། དྲུག་པོ་དེས་ནི་ལས་འབྲས་བསྡུས། ༈ དབྱེ་བ་དམིགས་ཡུལ་རྣམ་པ་དང་། སྒོམ་ཐབས་འབྱོངས་ཚད་ཡོན་ཏན་ཏེ། དེ་ལྟར་དྲུག་པོ་འདི་དག་གིས། བྱམས་པ་ཚད་མེད་ཡོངས་སུ་བསྡུས། ༈ དབྱེ་བ་དམིགས་ཡུལ་རྣམ་པ་དང་། སྒོམ་ཐབས་འབྱོངས་ཚད་ཡོན་ཏན་ཏེ། དེ་ལྟར་དྲུག་པོ་འདི་དག་གིས། སྙིང་རྗེ་ཚད་མེད་ཡོངས་སུ་བསྡུས། ༈ རྟེན་དང་ངོ་བོ་དབྱེ་བ་དང་། དམིགས་པ་རྒྱུ་དང་བླང་ཡུལ་དང་། ཆོ་ག་ཕན་ཡོན་ཉེས་དམིགས་དང་། འཆོར་རྒྱུ་བཅོས་ཐབས་བསླབ་བྱ་སྟེ། བཅུ་དང་གཉིས་པོ་འདི་དག་གིས། བྱང་ཆུབ་མཆོག་གི་སེམས་བསྐྱེད་བསྡུས། ༈ དབྱེ་བ་རྟེན་དང་ཡུལ་དང་དུས། བསམ་པ་ཆོ་ག་བྱེད་པའི་ལས། བསླབ་བྱ་དང་ནི་ཕན་ཡོན་ཏེ་། དོན་རྣམས་དགུ་ཡིས་སྐྱབས་འགྲོ་བསྡུས། ༈ སེམས་ཅན་བློས་མི་བཏང་བ་དང་། སེམས་དེའི་ཕན་ཡོན་དྲན་བྱ་དང་། ཚོགས་གཉིས་བསགས་པར་བྱ་བ་དང་། ཡང་ཡང་བྱང་སེམས་སྦྱང་བ་དང་། དཀར་ནག་ཆོས་བརྒྱད་བླང་དོར་ཏེ། ལྔ་པོས་སྨོན་པའི་བསླབ་བྱ་བསྡུས། ༈ སྦྱིན་དང་ཚུལ་ཁྲིམས་བཟོད་པ་དང་། བརྩོན་འགྲུས་བསམ་གཏན་ཤེས་རབ་སྟེ། དེ་ལྟར་རྣམ་པ་དྲུག་པོ་འདིས། འཇུག་པའི་སེམས་བསྐྱེད་བསླབ་བྱ་བསྡུས། ༈ གྲང་ངེས་གོ་རིམ་ངེས་པ་དང་། མཚན་ཉིད་དང་ནི་ངེས་ཚིག་དང་། རབ་ཏུ་དབྱེ་དང་བསྡུ་བ་སྟེ། དྲུག་གིས་ཕ་རོལ་ཕྱིན་དྲུག་བསྡུས། ༈ སྐྱོན་ཡོན་རྣམ་གཉིས་བསམ་པ་དང་། ངོ་བོ་དང་ནི་དབྱེ་བ་དང་། ཕྱེ་བ་སོ་སོའི་མཚན་ཉིད་དང་། སྤེལ་དང་དག་པར་བྱ་བ་དང་། འབྲས་བུ་དང་ནི་དོན་བདུན་གྱིས། སྦྱིན་པའི་ཕ་རོལ་ཕྱིན་བསྡུས་སོ། ༈ སྐྱོན་ཡོན་རྣམ་གཉིས་བསྟན་པ་དང་། ངོ་བོ་དང་ནི་དབྱེ་བ་དང་། ཕྱེ་བ་སོ་སོའི་མཚན་ཉིད་དང་། སྤེལ་དང་དག་པར་བྱ་བ་དང་། འབྲས་བུ་དང་ནི་དོན་བདུན་གྱིས། ཚུལ་ཁྲིམས་ཕ་རོལ་ཕྱིན་པ་བསྡུས། ༈ སྐྱོན་ཡོན་རྣམ་གཉིས་བསམ་པ་དང་། ངོ་བོ་དང་ནི་དབྱེ་བ་དང་། ཕྱེ་བ་སོ་སོའི་མཚན་ཉིད་དང་། སྤེལ་དང་དག་པར་བྱ་བ་དང་། འབྲས་བུ་དང་ནི་དོན་བདུན་གྱིས། བཟོད་པའི་ཕ་རོལ་ཕིན་བསྡུས་སོ། ༈ སྐྱོན་ཡོན་རྣམ་གཉིས་བསམ་པ་དང་། ངོ་བོ་དང་ནི་དབྱེ་བ་དང་། ཕྱེ་བ་སོ་སོའེ་མཚན་ཉིད་དང་། སྤེལ་དང་དག་པར་བྱ་བ་དང་། འབྲས་བུ་དང་ནི་དོན་བདུན་གྱིས། བརྩོན་འགྲུས་ཕརོལ་ཕྱིན་བསྡུས་སོ། ༈ སྐྱོན་ཡོན་རྣམ་གཉིས་བསམ་པ་དང། ངོ་བོ་དང་ནི་དབྱེ་བ་དང་། ཕྱེ་བ་སོ་སོའེ་མཚན་ཉིད་དང་། སྤེལ་དང་དག་པར་བྱ་བ་དང་། འབྲས་བུ་དང་ནི་དོན་བདུན་གྱིས། བསམ་གཏན་ཕ་རོལ་ཕྱིན་བསྡུས་སོ། ༈ སྐྱོན་ཡོན་རྣམ་གཉིས་བསམ་པ་དང་། ངོ་བོ་དང་ནི་དབྱེ་བ་དང་། ཕྱེ་བ་སོ་སོའི་མཚན་ཉིད་དང་། ཤེས་དང་གོམས་པར་བྱ་བ་དང་། འབྲས་བུ་དང་ནི་དོན་བདུན་གྱིས། ཤེས་རབ་ཕ་རོལ་ཕྱིན་བསྡུས་སོ། ༈ ཚོགས་ཀྱི་ལམ་དང་སྦྱོར་ལམ་དང་། མཐོང་བའི་ལམ་དང་སྒོམ་ལམ་དང་། ཡོངས་སུ་མཐར་ཕྱིན་པ་ཡི་ལམ། ལྔ་ཡིས་ལམ་རྣམས་ཡོངས་སུ་བསྡུས། ༈ ལས་དང་པོ་དེར་མོས་མོས་སྤྱོད་དང་། བྱང་ཆུབ་སེམས་དཔའི་ས་བཅུ་དང་། སངས་རྒྱས་ས་སྟེ་དེ་ལྟར་ན། བཅུ་དང་གསུམ་གྱིས་ས་རྣམས་བསྡུས། ༈ རང་བཞིན་སྒྲ་དོན་དབྱེ་བ་དང་། རྣམ་བཞག་གྲངས་ངེས་མཚན་ཉིད་དང་། ཁྱད་པར་དང་ནི་དོན་བདུན་གྱིས། རྫོགས་སངས་རྒྱས་ཀྱི་སྐུ་རྣམས་བསྡུས། ༈ སྐུ་ནི་རྟོག་མེད་འགྲོ་དོན་མཛད། དེ་བཞིན་གསུང་དང་ཐུགས་ཀྱང་ནི། རྟོག་ པ་མེད་པར་འགྲོ་དོན་མཛད། གསུམ ་གྱིས་སངས་རྒྱས་འཕྲིན་ལས་བསྡུས། ༈ དམ་ཆོས་ཡིད་བཞིན་ནོར་བུ་ཐར་པ་རིན་པོ་ཆེའི་རྒྱན་ཞེས་བྱ་བ། ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་བཤད་པ་འདི་ནི་བེན་དེ་དར་མ་སྐྱབས་ཀྱིས་བསྐུལ་བའི་ངོར། ལྷ་རྗེ་བསོད་ནམས་རིན་ཆེན་གྱིས་བཀོད་པ་རྫོགས་སོ།།