Nitartha Digital Library
Tibetan
༄༅། །རྗེ་དྭགས་པོའི་ཞལ་གདམས་དག་རྗེ་སྒོམ་ཚུལ་གྱི་ཞུས་ལན་བཞུགས་སོ།། ། dvags po lha rje

1 occurrence of མགོན་པོ་བྱང་
[Clear Hits]


 
།རྗེ་དྭགས་པོའི་ཞལ་གདམས་དག་རྗེ་སྒོམ་ཚུལ་གྱི་ཞུས་ལན་བཞུགས་སོ།


1 occurrence of མགོན་པོ་བྱང་
[Clear Hits]

 
no previous།རྗེ་དྭགས་པོའི་ཞལ་གདམས་དག་རྗེ་སྒོམ་ཚུལ་གྱི་ཞུས་ལན་བཞུགས་སོ། no next

།རྗེ་དྭགས་པོའི་ཞལ་གདམས་དག་རྗེ་སྒོམ་ཚུལ་གྱི་ཞུས་ལན་བཞུགས་སོ།

༡།རྗེ་དྭགས་པོའི་ཞལ་གདམས་དག་རྗེ་སྒོམ་ཚུལ་གྱི་ཞུས་ལན་བཞུགས་སོ། །༢།བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །བྱིན་གྱིས་བརྐབ་ཏུ་གསོལ་ལོ། །ངོ་བོ་གང་ཡིན་ཞུས་པའི །རྗེའི་ལན་གསུངས་པ་རྣམས་བརྗེད་ཐོང་བྲིས་ཤྀང་བཀོད་པའོ། །གཞན་ཡང་རང་གི་རིག་པ་དང༌། གཞན་གྱི་རིག་པ་གཉིས་གང་ཡིན་ཞྀཾས་པས། གཉིས་པོ་མ་ཡིན། །རང་བཞིན་གྱིས་རིག་པའི་ངང་དུ་ལུང་མ་བསྟན་དེ་ཡིན་གསུང་སོ། །སྟོང་པ་ལ་སྟོང་སང་ངེ་བ་ཉམས་མྱོང་ཅན་གྱི་སྟོང་པ་དང༌། སྟོང་པ་ཉིད་ཡིན་སྙམ་པ་ཅན་གྱི་སྟོང་པ་དང༌། སྤྲོས་བྲལ་གྱི་སྟོང་པ་༣།གསུམ་གང་ལགས་ཞུས་པས། གཉིས་ཕོ་ནིན། སྤྲོས་བྲལ་གྱི་སྟོང་པ་ཡིན་གསུང་ངོ༌། །རིག་པ་རང་དང་སྤྲོས་བྲལ་གྱི་སྟོང་པ་དེ་གནིས་ལྷན་ཅིག་སྐྱེས་པ་དེ་ལྷན་སྐྱེས་ཡིན། དེ་ཡེ་ནས་གནས་པ་དེ་ངོ་ཤེས་པ་དེ་ཡེ་ཤེས་ཡིན་གསུང་ངོ། །མཉམ་གཞག་དང་རྗེས་ཐོབ་འདྲེས་བའི་ཚད་ཅི་ཙམ་ལགས། མཉམ་གཞག་རྩེ་གཅིག་དང་མ་བྲལ་བར་སྤྱོད་ལམ་ཐམས་ཅད་བཏུབ་པ་ལགས་སམ། རྗེས་ཐོབ་ལ་རྣམ་རྟོག་དང་འགྲོགས་སུ་ཡོད་པ་ལགས་སམ། རྗེས་རྨི་ལམ་སྒྱུ་མ་ལྟ་བུ་ལགས༤སམ༌། རྗེས་ལ་རྣམ་རྟོག་ཐ་མལ་དུ་སྣང་བ་དེའི་རྗེས་ཆོད་པ་ལགས་ཞུས་པས། སྔ་མ་ལྟར་བྱུང་ན་བཟང་སཏེ་སྲིད་པ་ཙམ་ཡིན། བར་པ་དེ་ཡིས་ཆོག་པ་ཡིན། རྗེས་ལ་རྣམ་རྟོག་ཐ་མལ་དུ་སོང་ནས་རྗེས་མཆོད་ན་མཉམ་རྗེས་མ་འདྲེས་པ་ཡིན་གསུང༌། ཡེ་ཤེས་ཀྱི་རླུང་ལ་གཡོ་བ་ཡོད་དམ་མེད་ཞུས་པས། གཡོ་བ་ཐམས་ཅད་ལས་ཀྱི་རླུང་ཡིན། དེ་པྲ་བ་ཐམས་ཅད་དག་ནས་ཡེ་ཤེས་ཀྱི་རླུང་གཅིག་པོར་སོང་ཙན་འཚང་རྒྱ་བ་ཡིན་ནོ། །ཡེ་ཤེས་ཀྱི་རླུང་རྒྱུན་ཆད་དམ་མཆད། འཁོར་བ་ལ་ཐོག་མཐའ་ཡོད་དམ་མེད་ཞུས་པས། ཆོས་སྐུ་ལ་རྒྱུན་ཆད་མ་ཆད་གཉིས་ལས་འདས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་བློ་ལས་འདས་པའི་ཉམས་མྱོང་དུས་ཐམས་ཅད་པ་ཆོས་སྐུ་ཡིན། གཟུགས་སྐུ་གཉིས་རང་སྣང་ལ་རྒྱུན་ཆད། གཞན་སྣང་ལ་རྒྱུན་མ་ཆད། འཁོར་བ་ཐོག་མཐའ་འདི་་ཡིན་མེད་གསུང་ངོ༌། །ལྟ་བ་བསྒོམས་པའི་ཚད་༥།ཅི་ཙམ་གྱིས་བར་དོར་སྐྱེ་བ་བདག་ལགས་ཞུས་པས། དབང་པོ་རབ་བར་དོར་སྐྱེ་བ་འདག་པ་ཡིན་ཏེ། དབང་བོ་རབ་ངོ་བོ་གཤལ་མ་རྟོགས་པ་ལ་བྱའོ། །རྟོགས་ནས་བསྒོམས་ན་ཨ་ཅང་ཆེ་གསུངས། རྨི་ལན་ན་ངོ་བོ་བསྒོམ་པ་མ་བྱུང་ན་བར་དོར་ཅང་འོང་ངམ་ཞུས་པས་རྨི་ལམ་ན་ངོ་བོ་བསྒོམ་པམ་བྱུང་ཡང་བར་དོར་འོང་ངེས་གསུང་སོ། །ངོ་བོ་བསྒོམས་པས་ལས་རླུང་འདག་གམ་མི་འདག་ཞུས་པས། འདག་་གསུང་སོ། །རླུང་བསྒོམས་པས་ངོ་བོ་ཨེ་འབྱོངས་ཞུས་པས། །དེ་འབྱོངས་གསུངས། ངའི་བླ་མ་མི་ལས་གཏུམ་མོ་གཅིག་པོ་བསྒོམས་པ་ཡིན་གསུང་སོ། །ངོ་བོ་བསྒོམ་པ་དང་རླུང་བསྒོམ་པ་གཉིས་ལས་རླུང་འདག་གང་སླ་ཞུས་པས། ངོ་བོ་བསྒོམ་པ་སླ་གསུང་སོ། །ངོ་བོ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་སོང་བ་ལ། བོགས་འདོན་རྒྱུ་ཡོད་དམ་མེད་ཞུས་པས་་མེད་གསུངས་སོ། །རྟོགས་མ་རྟོགས་ཀྱི་ངོ་བོ་དང༌། གོམས་པའི་ངོ་༦བོ་ལ་ཀྱད་ཡོད་དམ་མེད་ཞུས་པས། ཡུན་རིང་ཐུང་ལས་ངོ་བོ་ལ་ཁྱད་མེད་གསུང་ངོ༌། །ངོ་བོ་རྟོགས་ནས་་ཇི་ཙམ་བསྒོམས་པ་དེ་ཆུ་བོ་རྒྱུན་དུ་སོང་བ་ལས་ངོ་བོལ་བཟང་དུ་སོང་བ་མེད་གསུང༌། ད་ལྟའི་སྒོམ་པའི་རྟོགས་ལྡན་དང་ས་བཅུའི་་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་གསུམ་གྱི་ངོ་བོ་ལ་བཟང་ངན་མེད་གསུང་ངོ་བོ་རྟོགས་ནས་ཆུ་བོ་རྒྱུན་དུ་མ་སོང་བ་ལ་ཤིན། ཚོ་སྔ་མ་ཕན་ཆད་ལ་ལན་གྲངས་གཞན་ལ་མྱོང་བའི་ལས་དང༌། འདི་ལ་སྡིག་པ་བྱས་པས་ཕྱི་མ་ཨེ་གནོད་ལས་རྗེས་སུ་འབྲང་ངམ་མི་འབྲེང་ཞུས་པས། མི་གནོད་ལས་རྗེས་སུ་མི་འབྲེང༌། ངའི་སློབ་མ་གཙང་པ་ཅིག་ཚེ་སྟོད་ལ། ཁོར་གསུམ་གྱིས་རྒྱས་པ་ཞིག་བཙོངས་ནས་སྤྱད་པ་གཅིག་འདིར་བྱུང༌། བསྒོམ་བསླབས་པས་སྐྱེས། །ངས་ཁོང་ལ་སྡིག་པ་སྦྱོང་དགོས། དེའི་ཐབས་ཤེས་རབ་སྙིང་བོ་མང་པོ་བྲིས་ལ་འབུལ་དགོས་བྱས་པས། དེས་འདག་གམ་ཟེར་བ་ལ་འདག་བྱས་པས་འོ་ན་བྱའོ་ཟེར། ཕྱིས་ངས་སྐྱོ་སངས་ལ་སོང་བའི་དྲུང་དུ་བྱུང༌། ང་ལ་སྡིག་པ་སྦྱོང་རྒྱུ་རང་མི་འདུག་ཟེར། ཁོས་ངོ་བོ་་༧།རྟོགས་བ་དེ་ཙུག་ཡིན་གསུང༌། སྔར་གྱི་སྡིག་པ་རྣམས་སྟོབས་བཞིའི་སྒོ་ནས་བཤགས་པ་དང༌། ངོ་བོ་ཡུད་ཙམ་ཞིག་བསྒོམ་པ་གཉིས་སྡིག་པ་འདག་སྟོབས་གང་ཆེ་ཞུས་པས། ངོ་བོ་ཡུད་ཙམ་བསྒོམས་པ་སྟོབས་ཆེ་གསུང། ངོ་བོ་རྟོགས་ནས་བསྒོམ་པའི་གང་ཟག་དེ་ཏིང་ངེ་འཛིན་རང་བཞིན་གྱི་ངོས་ནས་བལྟས་ན་སྒོམ་ལ་མ་ནོན་ནས་འདུག །སྣང་བའི་རྟགས་ངོས་ནས་བལྟས་ན། ཚོགལམཆེན་པོ་ཡང་མནོན་བར་འདུག་ནའང༌། ངོ་བོ་ཅན་དེས་ས་ལམ་དངབསྟུན་ན་སྒོམ་ལམ་ནོན་རང་བཞིན་ནི་དབང་ཆེ་གསུང༌། སྣང་བའི་ལམ་རྟགས་ཐམས་ཅད་དྲང་དོན་གྱི་བཤད་པ་ཡིན། སུ་ལའང་བྱུང་བ་མེད། གཞན་སྣང་ལ་སྣང་བ་ཙམ་ཡིན། དེས་ན། ལམ་རྟོགས་རྩ་རླུང་བསྒོམས་ན། ལམ་དང་ཐད་ཀར་མཐུན་བའི་རྟགས་འོང༌། དེ་ཐམས་ཅད་ཐུན་མོང་གི་སེངྔྷི་ཡིན། སངས་རྒྱ་བ་ལ་མི་ཕན། བྱམས་ཆོས་ལ་སོགས་བ་ནས་རྟགས་འོང་བམང་པོ་བཤད། རྟགས་ཚད་ཀྱང་རྟོགས་པ་མེད་པ་ཡང་བ་བཤད། རྟོགས་པ་ཡོད་ཀྱང་རྟགས་མེད་པ་ཡང་༨བཤད། རྟོགས་པ་དང་ལམ་རྟགས་གཉིས་ཀ་ཡོད་པ་ཡང་བཤད། ལ་ལ་ཅི་ཙུག་འོང་མ་ངེས་པར་བཤད་ཡོད་གསུངས། རྒྱུ་བསོད་ནམས་ཀྱི་ཚོགས་དེ་འབྲས་བུ་ཡེ་ཤེས་ཀྱི་རྒྱུ་ཡིན་ནམ། སྐྱེ་བའི་རྒྱུ་ཡིན་ནམ། གནས་པ་དང་འཕེལ་བའི་རྒྱུ་ཡིན། སངས་རྒྱས་མན་ཆད་དུ་ཟུང་འབྲེལ་དུ་དགོས་སམ་མི་དགོས་ཞུས་པས། འབྲས་བུ་ཡེ་ཤེས་བྱ་བ་དེ་ངོ་བོ་ཡིན། རེས་གནས་པ་དང་མི་གནས་པ་མེད། འཕེལ་འགྲིབ་མེད། ངོ་བོ་མ་ཤེས་པ་ཤེས་པ་ཤེས་པར་བྱེད་པའི་རྒྱུ། ངོ་བོ་ཤེས་ནས་བསོད་ནམས་བསག་ཅིང༌། བསྒོམས་ན་གསལ་བར་འདུག་ཟེར། ང་ལ་བསོད་ནམས་བསགས་ཀྱང་གསལ་དུ་མ་ཚོར་བ་འདྲ་བར་འདུག་གསུངས། ངོ་བོ་བསྒོམས་པས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དང༌། སྔིག་པའི་ཆོས་འཁོར་བ་མྱང་འདས་ཐམས་ཅད་རང་སར་དག །སྤང་བྱ་ཐམས་ཅད་ཟད་འདུག་ན། ཟད་སར་ཟད། ཕྱིན་སར་ཕྱིན། དེ་ལས་ཡར་བཤགས་ཀྱང་གུང་མི་མཐོང་པར་འདུག་ན་ཞུས་པས། དེ་ཁོ་ན་ལྟར་ཡིན་ངོ་བོ་བསྒོམ་པ་གཅིག་པུས་་ཆོག་པ་ཡིན་གསུང་སོ། །༩།འཇིག་རྟེན་བློས་གཏང་ནས་རི་ཁྲོད་འགྲིམས་པ་ལ་སྟོ་དགོས་པས། ཀ་ཅ་བག་ཙམ་གཉེར་ར་བྱའམ། བཅུད་ལེན་ནམ། ནོར་སྒྲུབ་རེ་བྱའམ་མི་བྱ༌། ཤིམ་ཤི་མེད་པར་བསྒོམ་མམ་ཞུས་པས། དེ་ཡང་བླ་མ་མི་ལའི་ཞལ་ནས། ཀ་ཅ་མེད་པར་སྤྲངས་ན་མིའོང༌། རང་འཚོ་ཙམ་རེ་གཉེར་ར་བྱ་གསུང་སྟེ། ཐམས་ཅད་གཞག་ནས་བསྒོམ་པ་གལ་ཆེ། འཚོ་བ་ཌཱ་ཀིམས་སྦྱོར། བཅུད་ལེན་མ་བྱེད་གྲུབ་པ་ཡང་མེད། ནད་ལ་ཕན་ན་ཅོང་ཞི་བག་རེ་མི་ལྟོ། དཀའ་ཐུབ་ངས་ཀྱང་མ་བྱས། ནོར་སྒྲུབ་སླ་བ་རེལ་འགའ་བ་ཡང་མེད་གསུང༌། གནས་གྲུབ་ཐོབ་ཀྱི་གནས་སུ་བསྒོམ་པའམ། རི་སྟོ་བྲག་སྟོང་དུ་བསྒོམ་མམ། དགོན་པར་བསྒོམ་མ། ལུང་ཞིག་ཞུ་ཞུས་བྱས་པས། གནས་གར་བདེར་བསྒོམ། རང་དགའ་ཡུན་རིང༌། མི་དགའ་ན་ཡུན་ཐུང་བྱ་གསུང་ངོ༌། །ལུས་ངག་གི་དགེ་སྦྱོར་བྱེད་སྙིང་མ་འདོད་ན་བཞག་ལ། ངོ་བོ་གཅིག་པུ་བསྒོམ་མམ་ཞུས་པས། བླ་མ་མི་ལའི་ཞལ་ནས་མི་དགོས་སྙམ་ན་དགོས་རྔོ་པ་ཡིན། དགོས་༡༠མི་དགོས་གཉིས་ཀ་དང་བྲལ་ན་མི་དགོས་པ་ཡིན་གསུང་ངོ༌། །གཞན་དོན་རྒྱུན་བཅས་ཀྱིས། བསྒོམས་ན་ཞུས་པས། བསམ་པས་སེམས་ཅན་མ་སྤངས་པས། གཞན་དོན་ལ་གཟུགས་སྐུ་གཉིས་འགྲུབ། སྦྱོར་བས་སྤངས་པས་ཆོག་གསུང་ངོ༌། །ངོ་བོའི་ནང་དུ་སྐྱབས་སུ་འབྲོ་ན་ཆོས་ཉིད་ཀྱི་ཐོབ་པ། སྡོམ་པ་ན་ཟག་མེད། སྙིང་རྗེ་ན་དམིགས་མེད། སེམས་བསྐྱེད་ན་དོན་དམ། དམ་ཚིག་ན་ཡེ་བསྲུངས། ཡར་སྡན་དུ་ཚང་བས་གཞན་མཚོ་མི་དགོས་སམ་ཞུས་པས། གཞན་ཚོ་ཐམས་ཅད་བརྫུན་པ་ཡིན། བདེན་བ་གཅིག་པུ་བསྒོམ་གསུང་ངོ༌། །ཀུན་གཞི་རྣམ་ཤེས་དང་ངོ་བོ་གཉིས་ཁྱད་ཅི་ཙམ་ཞུས་པས། ཀུན་གཞིའི་རྣམ་ཤེས་ཀྱི་རང་བཞིན་ངོ་བོ་ཡིན། མ་རིག་པ་དང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཉིས། ལག་པ་ལཔག་པ་དང་འདྲ། མ་རྟོགས་བར་དུ་འཁོར་པའི་རྩ་བ་ཡིན་རྟོགས་ན་ཡེ་ཤེས་རྩ་བ་ཡིན་གསུང་ངོ༌། །ངོ་བོ་རྩེ་གཅིག་ཏུ་ཡེ་རེ་བ་དང༌། རིག་པ་གྱུ་གྱུ་ཅན་གཉིས་གང་ཡིན་ཞུས་པས། དེ་གཉིས་ཀ་ཡིན། སེམས་ཀྱི་༡༡།ངོ་བོ་འདི་ཡིན་བྱ་བ་མེད། སྣང་བ་ཐམས་ཅད་སེམས། སེམས་ཐམས་ཅད་རིག་པ། རིག་པ་ཐམས་ཅད་ངོ་བོ་ཡིན་གསུང་ངོ༌། །ངོ་བོ་ལ་སྤྱོད་ལམ་ཅི་ཙུག་བསྒོ་མ། མིག་ཕྱེ་བ་དང་བཙུམ་པ་གང་ལགས་ཞུས་པས། སྤྱོད་ལམ་རྣམ་བཞི་གང་དགྱེས་བསྒོམས་བས་ཆོག །མིག་འདྲ་མ་བཙུམ་ན་བདེ་བཙུག་ཡོང༌། འབྱེངས་ནས་བཙུམ་པ་བདེ། ལར་བཙུམ་པ་འདྲེ་སླ། འོད་གསལ་དང་གཏུམ་མོ་བསྒོམ་བལ། དང་བོ་རྩའི་སྤུག་པ་རེ་བྱ། འདུག་སྟངས་བྱེད་དགོས་གསུང་ངོ། དང་པོ་འཁྲུལ་ལུགས་ཇི་ལྟར་འཁྲུལ། སྣང་ལུགས་ཇི་ལྟར་སྣང༌། རྟོགས་ལུགས་ཇི་ལྟར་རྟོགས། གྲོལ་ལུགས་ཇི་ལྟར་གྲོལ་ཞུས་བས། མ་འཁྲུལ་བའི་གོང་དུ་འདི་ཡིན་བྱ་བ་མི་སྲིད། ཡེ་འཁྲུལ་ཆེན་པོ། སྣང་བ་སྒྱུ་མ་བག་ཆགས་སྣ་ཚོགས་སུ་སྣང༌། རྟོགས་པ་རང་ལ་ཡོད་པའི་ཆོས་སྐུ་ངོ་ཤེས་པར་རྟོགས། གྲལ་ཡང་རང་གྲོལ། རྟོགས་བ་རང་རྒྱུའི་དུས་ན་འབྲས་བུ་གནས་པས་སངས་རྒྱས་པ་དེ་རང་ཡིན་གསུང་ངོ། །གཞུང་བལྟས་ཀྱང་ཤེས་ནས་འོང༌། ༡༢བླ་མ་ལ་དྲི་མི་དགོས་གསུངས་སོ། ངོ་བོ་བ་སྒོམ་ཙ་ན་ཁ་ནང་དུ་ལོག་ལ་སྙིང་རྗེ་བསྒོམ་མམ། ཕྱིར་བལྟས་ནས་བསྒོམ་པ་གཉིས་འདྲ་འམ། ཀུན་རྫོ་བ་ཏུ་སེམས་གང་གནས་པའི་སར་བསྒོམ་མམ། སེམས་གང་ལགས་ཞུས་པས། རྩ་རླུང་བསྒོམ་པ་དང༌། ཕྱིར་བལྟས་པ་དང༌། ཉེ་བདང་རིང་བ་དང་འདྲ། ངོ་བོས་ཐམས་ཅད་ཀྱང་ཁྱབ། ཕྱོགས་ཐམས་ཅད་བ། དུས་ཐམས་ཅད་པ་ཡིན་གསུངས་སོ། །སེམས་རྒྱུད་ནས་རླུང་སེམས་ངོ་བོ་གཅིག་ཏུ་གནས་པའི་དོན་ནང་དུ་གྲོལ། ཕྱིར་སོང་བཅུ་གཉིས་ཚུན་ཆད་དུ་གནས་པ་ཡིན་ཐག་རིང་པོའི་དྲིན་པ་སྟེ་སེམས་སོང་བ་ཡིན༌། ནང་དུ་དྲན་པ་སོང་བར་སྣང་བ་ཡིན། སེས་ཉིད་འདིན་ཡོད་འདིན་མེད་བྱ་བ་མེད་གསུངས་སོ། །ངོ་བོ་གཅིག་པུ་བསྒོམ་པ་ལ་གོལ་ས་བཅད་ཡོད་དམ། རྒྱ་ལ་བར་དོར་སྐྱེ་བ་མ་དག་ན་ཕྱི་མ་གར་སྐྱེ་ཞུས་པས། ངོ་བོ་བསྒོམ་བ་ལ་གོལ་ས་མེད། ཁྱོད་རང་གི་ཉམས་ལ་འདུག་གམ། ལྟོས་དང་གོ་ལས་གཅིག་ཀྱང་མེད། ངོ་བོ་བསྒོམས་པས་བར་དོ་མ་མཐོང་བར་སངས་རྒྱས་ཐོབ།༡༣།རྒྱ་ལམ་ཐོབ་ན་གནས་གཙང་མའི་འཕགས་པར་སྐྱེས་ནས། སངས་རྒྱས་དང་བླ་མ་ས་རྒྱུད་བསྐུལ་ནས་འཚང་རྒྱ་བ་ཡིན། དེ་ལས་འགྲོ་་ས་མེད་་གསུང་ངོ༌། །བདག་འཛིན་བློས་བཏང་ཟིན་ཚོ་གཞུ་རི་ཁྲོད་འབྲིམ་ཞིང༌། ངོ་བོ་བསྒོམ་པ་ཡིན། དེ་ལ་འདི་དགོས་བྱ་བའི་གདམས་ངག་གཅིག་ཞུ༌། རྒྱ་ལ་གཉན་ས་འགྲོ་བའམ་རི་སྟོང་ལུང་སྟོང་དུ་འདྲེ་རྒོད་དང་ཕྲད་པ་དང༌། ཡི་དྭགས་ཀྱི་བར་ཆད་བྱུང་ན་ཇི་ལྟར་བགྱི་ཞུས་པས། རི་ཁྲོད་འགྲིམ་པ་ལ་ལྟ་བའི་གདེང་དང༌། སྒོམ་བའི་གདེང་དང༌། སྙིང་པོ་ལྷའི་གདེང་དང་གསུམ་ལྡན་པར་བྱ། དེ་ལས་གཞན་མེད་གསུང་ངོ༌། །གཉན་སར་འདྲེ་རྒོད་བར་ཆད་རྩོམ་པ་ལ། གནས་དེ་ན་གནས་པ་ལ་གཏོར་མ་བྱིན་ལ་བར་ཆད་དང་གནོད་བ་མ་བྱེད་བྱ། ཆོས་སྐྱོང་ལ་གཏོར་མ་བཏང༌། ཌཱ་ཀི་ཆོས་སྐྱོང་དང་བླ་མ་དཀོན་མཆོག་ལ་གསོལ་བ་གདག་སྙིང་པོ་མང་དུ་བཟླས་ན་བར་ཆད་མི་འོང༌། སངས་རྒྱས་ནས་འོ་སྐོལ་བར་ལ་བརྒྱུད་པ་བཞི་ལས་མེད། དེ་རྣམས་ཀྱི་མཁའ་༡༤འགྲོ་ཆོས་སྐྱོང་རྣམས་སུས་བསྒོམ་པའི་ཕྱི་བཞིན་ཁྱི་བཞིན་དུ་འབྲེང་པར་འདུག་པས་སློབ་མ་སྒོམ་པ་ཡོང་བ་ལ་བར་ཆད་འབྱུང་བ་མེད་གསུང་ངོ༌། །ངོ་བོ་བསྒོམ་པའི་སྟེང་དུ་ལྷ་རྣམས་ཀྱང་མི་འགོང་བ་ཡིན། འདྲེ་ལ་སོགས་པས་མི་ཚུགས་པ་ཡིན། སྟོང་པ་ལྷ་འདྲེས་ཀྱང་བསྒོམ་ཤེས་སྤྲུལ་པ་སྣ་ཚོགས་ཤེས་ཀྱང༌། ངོ་བོ་རྟོགས་མ་མྱོང༌། ངོ་བོ་བསྒོམ་མི་ཤེས། ངོ་བོ་ལྷ་འདྲེའི་ཡུལ་དུ་མ་གྱུར་པས། ངོ་བོ་བསྒོམ་པ་དགའ་གསུང་ངོ༌། །གཏུམ་མོ་ལ་འཇམ་རླུང་དང་རྩུབ་པ་རླུང་གི་ཁྱད་ཅི་ལགས་ཞུས་པས། རླུང་དྲག་ཏུ་གནོན་པ་དང༌། ཞན་པར་གནོན་པ་ལས་མེད། དམིགས་པའི་ཡུལ་འདྲ། ཡི་གེ་དང་མེ་འོད་འདྲ་གང་བྱས་ཀྱང་བཏུབ། གཉིས་ཀ་ལ་འོག་རླུང་མི་སྡོམ་པ་བླ་མ་མི་ལའི་ལུགས་ཡིན། རླུང་ནན་ལྟར་འབྱོངས་ན་འོག་རླུང་བག་རེ་སྡོམ། འོད་གསལ་གཏུམ་མོ་ལ་རྩིས་ཆེ་བ་ཡིན་གསུང༌། ངོ་བོ་བསྒོམ་པས་ཐུན་མོང་གི་སིངྔྷི་འོང་ངམ་ཞུས་པས། འོང་བར་བཤད་བས་འདུག །ཕལ་ཆེར་གཏུམ་མོ་སྒོམས་བ་ལས་འོང་བ་ཡིན། ངོ་བོ་༡༥།བས་ཀྱང་གནས་པ་ཅན་ལ་ཐུན་མོང་འོང་བ་ཡིན། སངས་རྒྱས་མི་འོང༌། ཏིང་ངེ་འཛིན་གྱི་ཟས་ཟ་བ་དེ་ཇི་ལྟར་བྱས་པས་བོང་ཞུས་པས། བླ་མ་མི་ལ་ལ་དགོངས་མོ་ཙན་ཌཱ་ཀི་མས་སྟོན་མོ་དྲངས། ཟས་ཟ་མ་དགོས་སྐྱུག་ཆིལ་ལི་འོང་ཞིང་འདུག་གསུང༌། གནས་པ་ཤས་ཆེ་བའི་རྩེ་གཅིག་ལས་མ་ཡེངས་བ་ལ་ལྟོ་མི་དགོས་པ་འོང་བར་འདུག་སྟེ། སངས་རྒྱས་པའི་འབྲས་བུ་མི་འོང་ངོ་བོ་མེད་གསུང་ངོ། །ངོ་བོ་བསྒོམ་པ་ལ་ཉམས་མྱོང་མཆིས་མ་མཆིས་ཞུས་པས། ཉམས་སུ་མྱོངན་ང་རྒྱལ་དང༌། ཆགས་པ་ཡིན། འཇིག་རྟེན་ལ་ཞེན་པ་ལིངས་ཀྱིས་བོར་བ་ཞིག་འོང་བ་ཡིན། ཆོས་གཞན་ཡོ་ལ་དགོས་མེད་དུ་ཕྱི་ཤུན་དུ་ལིངས་ཏེ་འགྲོ། རང་ལ་ཡིད་ཆེས་པའི་བློ་བདེ་ལྷན་གྱིས་འགྲོ་བ་ཡིན། ངོ་བོ་ལཉམས་རྟོགས་རྣམས་འོང་གསུང་ངོ༌། །བར་དོར་སྐྱེ་བ་དག་ཙན་ལུས་དང་རིག་པ་བྲལ་དུས། ངོ་བོ་རང་དུ་ཆོས་སྐུར་འགྲོའམ། འིན་ཏེ་རིག་པ་འོག་མིན་དུ་འགྲོ་བ་ལ་གས་ཞུས་པས། རིག་པ་ཕར་སོང་ནས་སྲིད་རྩེ་མན་ཆད་ལས་འདས་པའི་འོག༡༦མིན་བྱབ་མེད། འདི་རང་དུ་བློ་ལས་འདས་པའི་ཆོས་སྐུ་ལ་འོག་མིན་ཟེར་བ་ཡིན། རིག་པ་ལ་འགྲོ་འདུག་མེད། ངོ་བོ་ལ་འགྲོ་འདུག་མེད། ངོ་བོ་ལ་མཉམ་གཞག་དང་རྗེས་ཐོབ་མེད་པའི་གསུངས་སོ། །རྣམ་རྟོག་བྱུང་བ་སེམས་ཡིན་ནམ་སེམས་ལས་འབྱུང་བ་ཡིན། སེམས་ཡིན་ན་རྣམ་རྟོག་སྣ་ཚོགས་སུ་སོང་བ་ཡང་ངོ་བོར་སོང་ལ། སེམས་ལས་བྱུང་བ་ཡིན་ན་རྣམ་རྟོག་སྣ་ཚོགས་ཀྱི་ཐིག་ནས་བསྒོམས་ན། གཞི་ཐོག་ཏུ་འགྲོ་བས་རྩེ་གཅིག་ཏུ་བསྒོམ་འཚལ་ན། ཇི་ལྟར་ལགས་ཞུས་པས། དེ་གཏན་ལ་འབེབས་བའི་དུས་སུ་མཉམ་གཞག་དང༌། རྗེས་ཐོབ་མེད་བ་ཡིན་པས། རྣམ་རྟོག་གོ་ཐོག་ཏུ་་སོང་བ་ཡང་ངོ་བོ་ཡིན་བ་ལྟ་བུར་ཡོད། དེ་ཉམས་སུ་ལེན་བའི་དུས་སུ་རྣམ་རྟོག་ཏུ་མི་བསྒོམ། གཞི་ཐོག་ཏུ་འགྲོ་བས་རྩེ་གཅིག་འབའ་ཞིག་ཏུ་བསྒོམ་གསུངས། ངོ་བོ་རྟོགས་བའི་དུས་སུ་མ་རིག་པ་དག་པས་རླུང་དག་ཀྱང༌། དེ་རླུང་གིས་རྟོག་པས་གཡོ་བ་དེ་ངོ་བོ་ཉིད་ཀྱི་་རྣམ་བའི་རྟོག་་བ་ཡིན་པས། དགེ་མི་དགེའི་འབྲས་བུ་གང་ཡང་མི་འབྱིན་པ་༡༧།ལགས་སམ་ཞུས་པས། དེ་ཙུག་ཡིན་རྨིལཾ་སྒྱུམ་ལྟ་བུའི་རླུང་རྨིལཾ་སྒྱུམ་ལྟ་བུདེ་རྟོགས་བ་ཡིན་པས་འབྲས་བུའི་རྣཾ་སྨིན་གང་ཡང་འབྱིན་མི་ནུས་གསུངོ། །སྒྱུ་ལུས་འོད་གས་དང་གཏུམ་མོ་བསྒོམས་པས་རླུང་ངྷཱུ་ཏཱིར་ཚུད་དམ་མི་ཚུད། རྒྱུད་ཀྱི་དྲོད་རྙེད་དམ་མི་རྙེད། འོག་རླུང་འཐེན་པ་ཡང་བཏུབ་བམ་མི་བཏུབ་ཞུས་པས། འོད་གསལ་གཏུམ་མོ་བསྒོམས་པས་དྲོད་མེལ་དམིགས་བ་དང་ཁྱད་མེད་པ་འོང༌། ངྷཱུ་ཏཱིར་དམིགས་པ་དང་ཁྱད་མེད་པར་ཚུད། འཛམ་རླུང་དང་རྩུབ་རླུང་དང་འོག་རླུང་་འཐེན་པ་ཀུན་འོད་གསལ་དང་གཏུམ་མོལ་བྱེད་བ་ཡིན་གསུང་ངོ། །རླུང་ཕྱེད་ལེན་དེ་མཐུབ་ན་ཨེན་ཙམ་ཞིག་བཏང་ནས། འཕྲོ་བཅད་ནས་གནོན་ནམ། འོན་ཏེ་ཚུར་བཏང་ནས་རྡུབས་གནོན་ལགས་སམ་ཞུས་བས། དེ་ཕྱིམ་ལྟར་གནོན་པ་ཡིན་གསུང་ངོ༌། །ལྟ་བ་ཆ་མཐུན་ཁྱད་འཕགས་ཤིག་ཞུ་ཞུས་བས། སེམས་ཙམ་དང་ཐམས་ཅད་སེམས་སུ་དུས་པས་མཐུན། སེམས་ཙམ་ནི་སེམས་དོན་དམ་དུ་འདོད་ལ། ངོ་བོ་ནི་སེམས་སྐྱེབ་མེད་པས་འཕགས། ༡༨དབུ་མ་དང་སྤྲོས་བྲལ་ཅུ་མཐུནཏེ་ཡེ་ཤེས་ཀྱིས་ཁྱད་པར་འཕགས། སྔགས་ཀྱི་ཐེག་པ་ཆོ་ནི་རྣམ་བདེན་དུ་མི་འདོད། རྣམ་པར་གྲོལ་བའི་ལམ་དང་མཐུན་ཏེ། མ་རྒྱུད་པ་བདེ་བ་ཡུལ་དུ་བྱས་ནས་བསྒོམ། རྫོགས་ཆེན་སྟོང་པ་ཡུལ་དུ་བྱས་ནས་བསྒོམ། ཕྱག་རྒྱ་ཆེན་པོ་བ་བཏང་སྙོམས་ཡུལ་དུ་བྱས་ནས་བསྒོམ། དེ་ཚོ་བློས་བྱས་ཡིན། བློས་མ་བྱས་པའི་ངོ་བོ་གནས་ལུགས་བསྒོམས་པས་ངོ་བོ་འཕགས། ཆ་མཐུན་ཁྱེད་རང་གིས་བལྟས་པས་འོང༌། ལར་ཉམས་སུ་ལེན་པ་དེ་གང་དང་མཐུན་པར་གོན་བྱིན་རླབས་ཆེ་གསུང་ངོ༌། །སེམས་ཀྱི་ངོ་བོ་་དང༌། དོན་གྱི་ངོ་བོ་གཉིས་ཁྱད་གང་ལགས་ཞུས་པས། སེམས་ཀྱི་ངོ་བོ་ནི་གསལ་ལམ་འགག་བ་མིན། སེམས་ཀྱི་མཚན་ཉིད་ནི། རྣམ་རྟོག་སྣ་ཚོགས་སུ་འགྱུར་བ་དེ་ཡིན། དོན་གྱི་ངོ་བོ་ནིསེམས་ཀྱི་ངོ་བོའི་རང་བཞིན་གཞི་ཤེས་པ་དེ་ཡིན། དོན་གྱི་མཚན་ཉིད་ནི་སྐྱེ་བ་མེད་པ་ཡིན་གསུང་ངོ༌། །མཁྱེན་པ་གནིས་དང་ཡེ་ཤེས་༡༩།ལྔ་བོ་དེ་སངས་རྒྱས་ཀྱི་དུས་ན་ཅི་ཙུག་མངའ་ཞུས་པས། དེ་ཚོ་བཤད་པ་ཐམས་ཅད་བློས་བྱས་ཀྱི་ཡོན་ཏན་ཡིན། འོ་སྐོལ་གྱིས་ཀྱང་བློས་བྱས་ནས་འབྲུ་མནན་ན། ཆོས་སྐུ་དང་གཟུགས་སྐུ་གཉིས་སྦྱར་དུ་བཏུབ་སྟེ། དོན་ལ་སངས་རྒྱས་བྱ་བ་བློ་ལས་འདས་པ་ཡིན། ཆོས་སྐུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་་ཡིན། གཟུགས་སྐུ་གཉིས་ལ་གཞན་ཁོ་རང་གི་བློས་བྱས་པ་དེ་གཙོ་བོར་སྣང་གསུང་ངོ། །ངོ་བོ་བསྒོམས་པ་ལས་རླུང་དག་པའི་རྟགས་ལྔ་དང༌། ཕན་ཡོན་བརྒྱད་ལ་སོགས་པ་འོང་ངམ་མི་འོང་ཞུས་པས། འོང་བ་ཡིན་ཏེ་ངོ་བོ་གནས་པ་རྒྱུན་དུ་གནས་ན་རྒྱུན་དུ་འོང༌། རེས་འཛག་ལ་རེས་འཇོག་ཙམ་ལས་མི་འོང་གསུང་ངོ༌། །ངོ་བོ་བསྒོམས་པས་རླུང་ཨ་་བ་ངྷཱུ་ཏཱིར་ཚུད་ནས་འདག་གམ། མ་ཚུད་པར་འདག་གམ་ཞུས་པས། དེར་ཚུད་ནས་འདག་པ་ཡིན་ཚུད་ཀྱང་རང་བཞིན་གྱིས་ཚུད་ནས་འགྲོ་བ་ཡིན་གསུང་ངོ༌། །རིག་པ་ཐམས་ཅད་ལ་སྟོང་པས་ཁྱབ། སྟོང་པ་ཐམས་ཅད་ལ་རིག་པས་ཁྱབ་བམ་ཞུས་པས། རིག་བ་ཐམས་༢༠ཅད་ལ་སྟོང་པས་ཁྱབ། སྟོང་པ་ཐམས་ཅ་དལ་སྣང་བས་ཁྱབ་པ་ཡིན་གསུང་སོ། །ཙོག་ཙོག་པོར་གདུག་ནས་ཕྱག་རྒྱ་མ་བྱས་པར་རླུང་བསྒོམས་ན་ཨེ་མཆི་ཞུས་ངས། དེས་འོང་དང་འོང་སྟེ་དུས་རྟག་ཏུ་ཙོག་པུར་རྐང་པ་གཉིས་བཤིབས་ནས་བསྡད་ན། རྒྱུད་་ནས་རྒྱུ་མ་རུལ་པར་བཤད། སྐྱི་ཀྲུང་ཡོན་ཏན་མང་པོ་བཤད་པས་དགའ་གསུངས་སོ། །ད་ལྟ་མཉམ་གཞག་འོང་གསལ་དུ་འདུག་ཀྱང༌། རྗེས་ལ་རིག་པ་རླུང་གིས་གཡོ་བ་ལྟར་སྣང་ནས། རླུང་མདག་ན་བར་ངོར་ཡང་དེ་ཙུག་མི་འོང་ངམ་ཞུས་པས། མི་འོངས་ཏེ་བླ་མ་མར་པའི་བཞེད་པས་འཆི་ཙན་འབྱུང་བ་རིམ་གྱིས་ཐིམ་ནས། རྣམ་པར་ཤེས་བསྣང་བ་ལ་ཐིམ་བའི་དུས་སུ། ཞེས་སྡང་ལས་གྱུར་བའི་སྐད་ཅིག་མ་སུམ་ཅུ་རྩ་གསུམ་འགགས། སྣང་བ་མཆེད་བལ་ཐིམ་བའི་དུས་སུ། འདོད་ཆགས་ལས་གྱུར་བསྐད་ཅིག་མ་བཞི་བཅུ་འགགས། མཆེད་པ༌།།།ཇོབ་པ་ལ་ཐིམ་པའི་དུས་སུ། གཏི་མུག་ལས་གྱུར་བའི་སྐད་ཅིག་མ་བདུན་འགགས །ཐོབ་བ་འོད༌།༢༡།གསལ་ལ་ཐིམ་པས་ཚེ་འདི་ལ་འོད་གསལ་ངོ་ཤེས་པས། དེར་ངོ་འཕྲོད་ནས་མི་ལྡང་བར་རྟག་ཏུ་གནས་སོ། །འདིར་ངོ་མ་ཤེས་པ་ལ་ནི། ལ་ཆ་གྲང་མ་འབྱར་དུ་མ་བཏུབ་པའོ། །བླ་མ་མི་ལའི་ཞལ་ནས། འོད་གསལ་བར་ནི་རྒྱུན་པར་གནས། བར་དོའི་གྲོང་ཁྱེར་དེས་མི་མཐོང་གསུང་ངོ༌། །བཀའ་གདམས་པའི་བླ་མ་ཐམས་ཅད་ཀྱང༌། སྔགས་བསྒོམ་པར་འདུག་སྟེ། ཁོང་གི་ཞལ་ནས་རབ་འདི། འབྲིང་བར་དོ། །ཐ་མ་ཕྱི་མ་ལ་སངས་རྒྱ། དེ་ལ་མ་རྒྱས་ན༌། སྔགས་ཀྱི་ལམ་ལ་ཕྱི་བར་མི་སྡོད་པས། བསྔད་ན་དམ་ཚིག་ཉམས་པས་མནར་མེད་དུ་ཕོགས་གཅིག་འགྲོ། རྟེན་འབྲེལ་དབང་ཆེ་གསུང་ངོ། །འདི་ལ་རླུང་དག་ཀྱང་རྗེས་ལ་ལྡང་བ་ལུས་བྱུང་བ་ལྔ་ཡོད་པས་གསུང༌། བར་དོར་ལུས་མེད་པས་མི་ལྔང༌། ཁྱོད་བླ་མ་ལ་དྲི་མི་དགོས། ནང་དུ་རིག་བའི་སྒྲོ་འདོབ་ཆོད་ནས་འོང་གསུང་ངོ༌། །ལས་ཀྱི་རླུང་ལུང་མ་བསྟན་དང༌། རྣམ་རྟོག་སྒྱུ་མ་ལྟ་བུ་དང༌། ཡུལ་ལྔ་ལ་སོགས་པའི་སྣང་གྲགས་ཐམས་ཅད་སེམས་ལས་༢༢ལོགསན་མི་འདུག་བས་མཉམ་གཞག་དང༌། རྗེས་ཐམས་ཅད་སེམས་ཉིད་གཅིག་པ་ལགསས་མ་ཞུས་པས། དེ་ཁོན་ཡིན་ཏེ། ཐཾད་སེམས་ཡིན། ཐཾད་སེམས་ཉིད་དུས་ཐཾད་བ་ཡིན། རྣཾ་རྟོག་འཕྲོ་བདེརང་རིག་དང་སྟོང་བ་གཉིསུམེད་བས། རྣམ་རྟོག་ཏུ་འཕྲོ་བ་སེམས་ཀྱི་དྲི་མའམ། བག་ཚགས་ཡིན། རང་འགྲོ་རང་སྣང་རང་དག་ཡིན། དུས་ཐམས་ཅད་དུ་སེམས་ཀྱི་ངང་ལས་མ་ཡེངས་པར་བྱ་བ་ལས་མེད། ལན་གཅིག་གོམས་པའི་དུས་སུ་དྲན་པས་མ་ཡེངས་བར་བྱ་མི་དགོས། དེ་ནམ་འོང་་ན་ལས་ཀྱི་རླུང་ལུང་མ་བསྟན་དུད་གནས། ཡེ་ཤེས་ཀྱི་རླུང་རང་དུ་སོང་ཙན། རྣམ་རྟོག་ལ་བག་ཆགས་ཀྱི་དྲིམི་འོང༌། སེམས་འཕྲོ་བ་མི་འོང༌། དྲན་པ་བརྟེན་མི་དགོས། མ་ཡེངས་པ་བྱ་མི་དགོས་གསུང་སོ། གཉིང་ཀྱི་དུས་མི་རྟོག་པ་ཡོ་དེ། རིག་བབག་ལ་ཉལ་དུ་གནས་པ་དེ། མཉམ་གཞག་ཡིན་ནམ་མིན། རྨི་ལམ་དུས་སུ་རིག་པ་ཡོད་དེ་མི་རྟོག་པར་འདུག་ན། རིག་བ་ལ་མི་རྟོག་པ་རང་ཆས་སུ་ཡོད་པས། ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་འགྲོའམ་མི་འགྲོ། །མི་འགྲོ་ན་གཉིད་ཀྱི་དུས་༢༣།སུ་འོད་གསལ་དང༌། རྨི་ལམ་གྱི་དུས་སུ་སྒྱུ་ལུས་བསྒོམ་དགོས་སམ་ཞུས་པས། གཉིད་ཀྱི་དུས་སུ་རིག་བ་བག་ལ་ཉལ་མིན། རིག་པ་གསལ་སིང་ངེ་ཡོད་པས་མི་རྟོག་པས་མ་ཚོར་བ་ཡིན། འོད་གསལ་དངསྒྱུ་ལུས་བསྒོམ་མི་དགོས། གཉིས་དང་རྨི་ལམ་དུས་སུ་འོད་གསལ་རང་ཆས་སུ་ཡོད་པས་ཆོག། དྲན་པས་མ་ཟིན་པ་དེ་ཉིད་སད་པའི་རྗེས་སུ་བལྟས་པས། དེ་ཡང་འོད་གསལ་ལས་གཞན་མེྀཾད་པར་ཡིད་ཆེས་པས་ཆུ་བོ་རྒྱུན་ཡིན་གསུང་ངོ༌། །བར་དོའི་གདམས་བ་འཚལ་ལམ་མི་འཚལ་ཞུས་པས། བར་དོས་ཅི་བྱེད། ད་ལྟ་དང་འཆི་ཁ་གཉིས་ཀ་རུ་བར་དོ་བསྒོམ་མི་དགོས། འོད་གསལ་གཅིག་བོ་བསྒོཾ། འོད་གསལ་དུས་ཐཾད་པ་ཡིན་བས་བར་དོ་མི་མཐོང། དཔེར་ན་དགྲ་མི་འོང་བ་ལ་ཟོན་དང་སྐྱེལ་མ་མི་དགོས་གསུང་ངོ༌། །ཡུལ་གཅིག་ལ་དམིགས་པ་གང་ལས་འཕོས་པ་དེ་ལ་ཡེ་རེ་བསྒོམ་བ་དང༌། དེ་ལས་ཚུར་ལོག་ནས་བསྒོམ་པ་གཉིས་གང་དགའ་ཞུས་པས། །དེ་གཉིས་འདྲ། སེམས་དང་སེམས་ཀྱི་འོད་གཉིས་བཞིན་དུ་གོ་བས་༢༤མ་ཡེངས་པར་བསྒོམས་པས་སེམས་དང་སེམས་ཀྱི་འོད་དུས་ཐམས་ཅད་མ་ཡེངས་པ་གཅེས་གསུང་ངོ། །ད་བླ་མ་ལ་དྲི་མི་དགོས་ཁྱོད་རང་གི་རིག་པའི་ཐེ་ཚོམ་ཐམས་ཅད་ཆོད་ནས་འོང༌། དྲི་མི་དགོས་གདོས་ཐག་ཆོད་ལ་སྒོམས་ཤིག །ང་དང་གཏན་ནས་མི་འབྲལ་བར་དུས་ཐམས་ཅད་དུ་ཡོད་བ་ཡིན་གསུང་ངོ། །ད་བདག་ལ་དོན་ཕུལ་དུ་བྱུང་པ་དང། གདམས་པ་མ་ཚང་བ་ཡོད་ན་ཞུ་ཞུས་པས། ད་དོན་ལ་ཕུལ་དུ་དབྱུང་རྒྱུ་ཡང་མེད། གདམས་པ་མ་ཚང་བ་ཡང་མེད། སངས་རྒྱས་ལ་རྒྱུ་མེད་པས། ཁྱོད་རང་ཉམས་མྱོང་ལ་ལྟོས། ང་འདས་མ་འདས་མེད་པར་ཁྱོད་སེམས་ཀྱིས་བཟུང་གིས། བྱིན་གྱིས་རློབས་པ་ཨ་ཅང་ཆེ། བཀའ་བརྒྱུད་བླ་མ་རྣམས་དང་ཌཱ་ཀི་མ་ཐམས་ཅད་ཀྱང༌། ཁྱོད་སྒོམ་སྒྲུབ་བྱེད་པའི་ཕྱི་བཞིན་འབྲེང༌། བྱིན་གྱིས་རློབ་པར་འདུག །ཁྱོད་ལ་བར་ཆད་མི་འོང་དོན་གྲུབ་ནས་འོང༌། ཁྱོད་རང་སེམས་ཉིད་རིན་པོ་ཆེ་གདོས་ཐག་ཆོད་ལ་སྒོམས་ཤིག་གསུང་ངོ༌། །བླ་མ་རིན་པོ་ཆེ་ལ་ངོ་བོའི་གདར་ཤ་གཅོད་པ་ཞུས་ལན་༢༥།དང་བཅས་པ། ཉམས་རྟོགས་ཐམས་ཅད་ཀྱི་འཕྲང་སེལ་བར་བྱེད་པ་རྫོགས་སོ། །ལས་ཅན་འགའི་་སྙན་དུ་ཐོས་ནས་མོས་པ་སྐྱེ་ཞིང་རྟོགས་པ་འཆར། སྐལ་མེད་ལོག་ལྟ་ཅན་ལ་གདམས་ངག་འདི་ནི་གསང་བར་བྱའོ། །སྣོད་བཅུད་ཕྲ་འགས་རྟགས་བ་གཅིག་ཀྱང་མེད། །དྲན་པའི་རྒྱལ་པོ་མ་ཡེངས་ལྟ་བ་བསྒོམ། །སྣ་ཚོགས་རྐྱེན་གྱིས་མི་འགྱུར་དེ་ལ་བརྩོན། །མ་ཡེངས་དྲན་པའི་རྒྱུན་ལས་གཞན་མི་བཙལ། །དུས་གསུམ་རྒྱལ་བའི་སྙིང་བོ་ཡིན་གྱུར་ནས། །བདག་དོན་གྲུབ་ནས་གཞན་དོན་འབད་མེད་འབྱུང༌། ཨེ་མ་ཡ་མཚན་ཆེ་བས་རང་སེམས་ལྟོས། །སེམས་མཐོང་རྣམ་གྲོལ་དུས་གསུམ་རྒྱལ་བའི་མཛོད་རྗེ་སྒམ་པོ་པ་ང༌། རྗེ་སྒོམ་ཚུལ་གྱིས་ཞུས་ལན་འདི། ལང་བན་ངྷརྨ་ཀུ་མཱ་རས། རི་ཁྲིད་དགོན་པར་བྲིན་པའོ། །དྭགས་པོ་སྒོམ་ཚུལ་གྱི་བུ་ཆེན་དམ་པ་བག་སྒོམ་གྱི་ཞལ་ནས། སྤྱིར་སྒྲུབ་བ་བྱེད་པ་ལ་བྱ་བ་ལྟོ་གོས་ལ་གྱོང་བཀུར་ནས། སྡུག་ནུས་བཞིག་བྱེད་དགོས་པ་ཡིན་པས། བློ་ཕུགས་སྤྲང་ལ་གཏོད། རང་འདོད་༢༦པ་ ལས་བློ་ལྔོག་དགོས་བ་ཡིན་པས། ཚེ་འདི་སྐྱོང་བ་རྣམས་དང་སྣང་བློ་་མ་བསྟུན་ན། བྱ་རྒྱུ་སེམས་ཅན་ཡི་དོན་ལས་མེད་པས་ཕན་ཅི་ཐོགས་གྱིས། ཡགས་སུ་རེ་བའི་སྐྱིད་སྐྱིད་པོ་་གཅིག་ལ་བློ་གཏད་པས་མི་ཡོང་བ་ཡིན་ནོ་གསུངསོ། སྣང་སེམས་ཞེན་མེད་ཀྱི་ལྷ་སྐུ་ལ། སྒྱ་མའི་ཡིད་དང་མི་འབྲལ་འཚལ། །སྐུ་གསུམ་དོ་སྤྲད་ཀྱི་རྗེ་བཙུན་ལ། །དང་གུས་ཀྱི་ཡིད་དང་མི་འབྲའ་འཚལ། །རང་བཞིན་སྐྱེ་མེད་འོང་གསལ་ལ། །གཅེར་མཐོང་གི་ཡིད་དང་མི་འབྲལ་འཚལ། །སྤྱོད་པ་རང་འབྱུང་འགག་མེད་ལ། །ཆོས་ཉིད་ཀྱི་ཉམས་དང་མི་འབྲལ་འཚལ། །སློབ་དཔོན་དྭགས་བོ་སྒོམ་ཚུལ་གྱིས་གསུངས་སོ། །རྟོགས་ལྡན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོ་རྟོགས་འདོད་རྣལ་འབྱོར་གྱིས། གང་གིས་མི་བསྐྱོད་རྒྱ་མཚོ་ལྟ་བུར་བཞག །གསལ་ལ་རང་བཞིན་མེད་བ་ནམ་མཁའ་ལྟ་བུར་བཞག །ཉམས་ལ་ཐོགས་རྡུགས་མེད་པ་བར་སྣང་རླུང་བཞིན་བཞཞག །འཁོར་འདས་གཉིས་མེད་ཡིན་བས་ཆོས་ཉིད་དང་དུ་བཞག། །དུས་གསུམ་རང་བཞིན་༢༧།ཚོས་ཀྱི་སྐུ་ཡིན་ཏེ། །སེམས་ཉིད་ལྷན་ཅིག་སྐྱེས་པ་མཁྱེན་པར་མཛོད། །རྣམ་རྟོག་མ་བསླད་ཆོས་ཉིད་རང་བཞིན་ཏེ། །མ་བཅོས་རང་སར་གྲོལ་པ་མཁྱེན་པར་མཛོད། །ཨེ་མ་ཧོ། །ཆོས་རྣམས་ཐམས་ཅད་ལྷན་ཅིག་སྐྱེས་པའི་ངང༌། །རང་བཞིན་མི་དམིགས་བསྒོམ་དུ་མེད་པའི་ངང༌། །འཁོར་བའི་རང་བཞིན་རྩ་བྲལ་གཉུག་མའི་ངང༌། །རྣམ་དག་རང་བཞིན་སྐྱེ་མེད་ཆོས་སྐུའི་ངང༌། །མ་བསམས་ལྷུན་གྱིས་གྲུབ་བ་ཆོས་ཀྱི་སྐུ། །དུས་གསུམ་མཉམ་པར་སྣང་བ་གཉུག་ཡའི་ལམ། །རང་བཞིན་སྤྲོས་དང་བྲལ་བ་རྣལ་འབྱོར་སེམས། །སྐུ་གསུམ་རང་ལ་ཤར་བ་སྐྱེ་མེད་ཐུགས། །འཁོར་འདས་ཐམས་ཅད་གཉུག་མའི་ཀློང་དུ་ཐིམ། །གཟུང་འཛིན་ཐམས་ཅད་སྐྱེ་མེད་དབྱིངས་སུ་ཡལ། །རྩོལ་སྒྲུབ་ཐམས་ཅད་མ་བཅོས་ལམ་དུ་སློངས། །འབྲས་བུ་ཐམས་ཅད་ཐོབ་ཏུ་མེད་པར་ཤར། །ཕྱག་རྒྱ་ཆེན་པོ་བརྗོད་དུ་མེད་པ་ཞེས་བྱ་བ། །རྗེ་བཙུན་རིན་པོ་ཆེ་ཚུལ་ཁྲིམས་སྙིང་བོའི་ཞལ་ནས་གསུངས་བའོ། །རྗེ་བཙུན་རིན་པོ་༢༨ཆེའི་ཞལ་ནས། ཁྱེད་འདིར་ཚོགས་པའི་སྒོམ་ཆེན་པ་རྣམས། སྒྲུབ་པ་རྣལ་མར་བྱེད་ན་ཚེ་འདིའི་གདོས་ཐཀ་བཅད་ནས། ལུས་སྲོག་འབེན་དུ་བཙུགས། ལྟོ་རྒྱབ་ལ་གྱོང་བསྐུར་ནས། སྒྲུབ་པ་ཉམས་སུ་ལེན་དགོས་པ་ཡིན། དེ་ལྟར་བྱེད་པ་ལ་རི་ཁྲོད་བརྟེན་དགོས་པ་ཡིན། རབ་སེང་གེ་བཞིན་དུ་གངས་ལ་སོང༌། འབྲིང་རྒྱ་་སྟག་བཞིན་དུ་ནགས་ལ་སོང༌། ཐ་མ་བྱ་རྒོད་བཞིན་དུ་བྲགལ་སོང༌། དུར་ཁྲོད་ཀྱི་ལྦ་མོ་བཞིན་དུ་གྲོང་དུ་གཞོལ་བར་མ་བྱེད། ལར་ཟས་གོས་གཉིས་ཀྱི་འཁྲི་བས་ཚོ་བ་ལ་རིབ་མི་འོང་བས། གོས་རས་གོས་རྐྱང་པ་ཐུབ་པ་གལ་ཆེ། ཟས་གྱི་ན་ཙམ་ལ་བརྟེན་ནས་ཆེ་རུང་ཆུང་རུང་དོན་གཅིག་བསྒྲུབ་ན། ཚེ་འདི་ལ་སྐྱིད་ཀྱང་བཟང༌། སྡུག་ཀྱང་བཟང༌། ཅི་བྱུང་འདྲ་སྙམ་པ་ཞིག་དགོས། ལར་ཆོས་བྱེད་ན་མི་ཐམས་ཅད་ལ་རེ་མཆེ། མགུ་མ་སླ། འཁང་མ་སྐྱེན། དྲིན་མ་རྩི་དང༌། ཡགས་པར་ཡོང༌། ཁོ་བོ་ནི་སུ་ལ་དྲིན་རྩིམ་མྱོང་སྟེ། ཁོ་བོ་ནི་ཁྱེད་ཅག་རྣམས་ལ་དྲིན་ཆེ་སྙམ། ལར་སློབ་མས་སློབ་དབོན་གྱི་ཞབས་འདྲེན་པ་དང༌། སློ་དཔོན།༢༩།གྱིས་སློབ་མའི་ཞབས་འདྲེན་པ་གཉིས་མཉམ་པོ་ཡིན་ལ། ཁོ་བོའི་སློབ་མར་གྱུར་པ་ཐམས་ཅད། རབ་སྐྱེ་བ་འདིལ་བླ་ན་མེད་པའི་བྱང་ཆུབ་ལ་བཀོད་པ་ཡིན། ཁྱེད་ཚོ་རང་མགོ་རང་གིས་མ་བརྡུང༌། རང་ལ་རང་གིས་ཐུགས་ལ་ཐོགས་དང༌། ངེས་པར་དེ་ཁོན་ལྟར་ཡིན། སྦྱིར་ཆོས་བྱེད་པ་ལ་ཁ་ཆོས་པར་མ་སོང་བ། སླ་ཆོས་བར་མ་སོང་བ། ལོ་ཆོས་པར་མ་སོང་བར་གྱིས། མིས་ཀྱང་ཆོས་བྱེད་སྙམ། རང་གིས་ཀྱང་ཆོས་བྱེད་སྙམ་ནས། མི་ནག་ཏུ་འཆི་ཉེན་ཡོད་བ་ཡིན་པས། སྐྱེས་བུ་གསུམ་གྱི་ལམ་རིམ་དང༌། འཆི་བ་མི་རྟག་བ་བསྒོམ་བ་དང༌། ལས་རྒྱུ་འབྲས་བསྒོམ་བ་གལ་ཆེ། འདི་བརྩོན་འགྲུས་ཀྱི་ལྕག་ཡིན། ལར་ཆོས་སྒོར་ཞུགས་པའི་གང་ཟག་དེ། རབའཆི་ཁང་དགའ་ཡལ་ལེ། འཛུམ་མུ་ལེ། བྲོང་ཏིང་ངེ། བདེ་བ་་ནས་བདེ་བར་འགྲོ་བ་ཞིག་དགོས། འདྲིང་འཆི་ཁར་མི་ཚེར་བ་ཞིག་དགོས། ཐ་མ་ལུས་ངག་ཡིད་གསུམ་གྱི་སྒོ་་ནས། ངས་འདི་དང་འདི་བྱས་སྙམ་པའི་འགྱོད་བ་མེད་བཞིག་དགོས༌། སྒོམཆེན་༣༠པ་ རྣམས་རི་ཁོད་བརྟེན་དགོས་པ་དེ། བྱ་བྲེལ་གཡེང་བ་ཐམས་ཅད་ལས་དབེན་བར་རྩེ་གཅིག་ཏུ་ཉམས་སུ་ལེན་པར་འདོད་ནས། རི་ཁྲོད་བརྟེན་པ་ཡིན། གཡེང་བ་བྱེད་ན་གྲོང་གསེབ་དང་སྔེ་པའི་ནང་དུ་བྱས་པས་ཆོག་པས། རི་ལ་བསྔང་ཀྱང་གྲོང་གསེབ་པ་ལས་གཡེང་བ་ཆེ་བ་མ་བྱེད། དགེ་སྦྱོར་ལ་བརྩོན་པར་གྱིས་དགེ་སྦྱོར་ཞིག་སྐྱེས་ན་དེ་ཡིན་ཏེ། དགེ་སྦྱོར་ནི་མི་ཟད་པའི་གཏེར་ཆེན་པོ་ཡིན། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེི་ན་སྐྱེ་བ་ཐམས་ཅད་ཀྱི་སོ་ནམ་ཡིན་པས་ཤིན་ཏུ་གལ་ཆེ། དགེ་སྦྱོར་དེ་སྐྱེས་ཀྱང་གོམས་པ་མཐར་ཕྱིན་དགོས༌། སྒོམ་ལྟ་ཐོག་ཏུ་སྐྱེལ་དགོས་བ་ཡིན། དེ་ལྟ་བུ་ཞིག་གིས་གཞན་དོན་བྱེད་པ་ཡིན་པས། དེ་མིན་པས་གཞན་དོན་བྱས་པས་རང་ལ་གནོད། གཞན་ལ་ཕན་པར་དཀའ་བས། སྔོན་ལ་རང་དོན་མཐར་ཕྱིན་པར་མཛོད་ལ། དེ་ནས་སློབ་མ་སྐྱོངས། རང་དོན་མཐར་ཕྱིན་བ་ལ་རི་ཁྲོད་འགྲིམ་པ་གལ་ཆེ། དེ་ལ་བཀའ་གདམས་པའི་ཞལ་ནས། རི་ཁྲོད་འགྲིམ་པ་ལ་ཆོས་ལྔ་ཡིན་གསུངས་ཞུལ་ཁྲིམས་ལ་ངོས་ལྐོག་མེད་༣༡།གཉེན་པོས་རྐྱེན་ཐུབ་པ། གདམས་ངག་ལ་རང་བྱན་ཚུད་བ། དད་པས་ཁམས་སོས་པ། ནུས་པས་གནོད་པ་ཕྲ་མོ་སེལ་ནུས་པ་གཅིག་དགོས་གསུང༌། བདེ་བར་གཤེགས་པ་རིན་པོ་ཆེའི་ཞལ་ནས། རི་ཁྲོད་རྟེན་བལ་ཆོས་བཞི་ཡིན་གསུང༌། གདམས་ངག་གི་གདེད་ཐོབ་པ། ནུས་པའི་གདེང་ཐོབ་པ། ཉམས་མྱོང་གི་གདེང་ཐོབ་བ༌། ལྟ་བའི་གདེང་ཐོབ་པ་ཞིག་དགོས་ཏེ་དོན་ད་ཚོ་དང་ལྡན་པ་བྱེད་པ་ལ། བླ་མ་ལ་སངས་རྒྱས་་ཀྱི་འདུ་ཤེས་ཉེ་བར་འཇོག་པ། གསོལ་བ་རྒྱུན་ཆད་མེད་པ་འདེབས་ཤིང༌། བླ་མའི་སྤྱན་སྔར་ཡུན་རིང་དགོས། བྱ་མོས་ལུད་པ་ཐོབ་པ་བཞིན་སོང་བས་མི་ཆོག །དེ་ཡང་དགེ་བའི་བཤེས་གཉེན་ལ་གོ་འདྲིས་སུ་མ་སོང་པ༌། གདམས་ངག་ལ་སྣ་དྲད་དུ་མ་སོང་བ། དད་པ་སྣོད་རྙིང་དུ་མ་སོང་བ་གལ་ཆེ། མི་ལུས་རིན་པོ་ཆེ་ཐོབ། བསྟན་པ་རིན་པོ་ཆེའི་སྒོར་ཞུགས། ཆོས་རིན་པོ་ཆེ་ཐོས། ཡང་དག་པའི་དགེ་བའི་བཤེས་གཉེན་རིན་པོ་ཆེ་དང་མཇལ། གདམས་ངག་རིན་པོ་ཆེ་ཞུས། སྒྲུབ་པ་ཉམས་སུ་ལེན་བའི་རང་དབང་ཡོད་བའི་རྟེན་འབྲེལ་༣༢འདི་རྣམས་འཛོམ་སྟེང་ལ་བསྒོམ་དགོས། དེའི་དུས་སུ་བསྒོམས་ན་བསྒོམ་མི་ཡོང་མི་སྲིད། མ་བྱུང་ན་རང་གིས་མ་བསྒོམས་པ་ཡིན། བླ་མ་མཉེས་པར་བྱེད་བ་ལ། རབ་སྒྲུབ་པའི་ཞབས་ཏོག་ཡིན། འབྲིང་ལུས་ངག་གི་ཞབ་ཏོག་ཡིན། ཐ་མ་ཟང་ཟིང་གི་ཞབས་ཏོག་ཡིན་བས། ཆོས་གཤའ་མར་བྱས་ནས་རང་དོན་གཞན་དོན་ཀུན་འབྱུང༌། ཚེ་འདི་དང་ཕྱི་མ་དུས་ཐམས་ཅད་དུ་སྐྱིད། སྐྱིད་པ་རང་སྐྱིད། སྨོན་པ་མིས་སྨོན་པ་ཞིག་འོང་བ་ཡིན། དེ་ལྟར་མ་བྱས་ན་འཕྱ་བ་མིས་འཕྱ། སྡུག་པ་རང་སྡུག །འབྲས་བུ་ངན་སོང་གསུམ་དུ་འགྲོ་བ་ཡིན་གསུངས། ཁྱེད་རྣམས་སྙིང་ཐག་པ་ནས་ཆོས་བྱ་སྙམ་ན། བརྩོན་འགྲུས་དང༌། གཉེན་པོ་དང༌། དད་གུས་ཀྱིས་སྟོབས་བསྐྱེད་ལ། བླ་མ་དང་གྲོགས་པོའི་ཞབས་འདྲེན་དུ་མ་སོང་བ། སམས་ཅན་གྱི་སྡིག་རྐྱེན་་དུ་མ་སོང་བ། མདོར་ན་ལས་མཐའ་མ་ལོག་པ་རེ་མཛད་པང་ཞུ་གསུངས་སོ། །༣༣།རྣལ་འབྱོར་ཆོས་གཡུང་གི་ཞུལ་ལན་བཞུགས་སོ། །ན་མོ་གུ་རུ༌། སེམས་དང་སེམས་ཀྱི་འོད་གཉིས་མི་གདའ་བ་ཞུས་པས་དེ་ཀ་ལྟར་ཡིན། སྣང་པ་སེམས་སུ་ནན་ལྟར་འདུས་ན། སམས་གཅིག་པུ་ལས་གཞན་མེད་པ་ཡིན་གསུངས༌། ཆོས་སྐུ་དང་ཆོས་སྐུའི་འོད་གཉིས་མི་གདའ་བཞུས་པས། དེ་ཀ་ལྟར་ཡིན། ཆོས་གཅིག་ཆོད་ལ་སོང་བའི་དུས་ན་ཆོས་སྐུ་གཅོག་པུ་ལས་གཞན་མེད་པ་ཡིན་གསུངས། སྤྲུལ་སྐུ་ཤཱཀྱ་ཐུབ་བ་ལྟ་བུ་རྣམ་སྨིན་གྱི་ལུས་ཀྱི་ལྷག་མ་མེད་པ་དོན་ཅིག་ཆོད་ལ་སོང་བ་ལགས་སམ་ཞུས་པས། དེ་ལྟར་ཡིན། སྐུ་མྱ་ངན་ལས་འདས་ནས་སྐྱེ་བ་དག་པས་རང་སྣང་ལ་མེད། གཞན་སྣང་ལ་གཟུགས་སྐུ་འཆར་བ་ཡིན་གསུངས༌། གཟུགས་སྐུ་གཉིས་རང་སྣང་ལ་མེད་པ་དེ། རང་སྣང་ལ་གཞན་དོན་བྱེད་བཞིན་དུ་བྱེད་པའི་རྟོག་པ་མེད་པ་ལ་ཟེར་རམ། འོན་ཏེ་རང་སྣང་ལ་གཏན་མེད་པ་ཡིན་ནམ་ཞུས་པས། དེ་ལ་ལུགས་གཉིས་ཡིན། དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་སྔ་མ་ལྟར་འདོད་པ་ཡིན། འོ་སྐོལ་གྱི་བླ་མ་ཕྱི་མ་ལྟར་འདོད་བ་ཡིན། གཞན་སྣང་ལ་སྣང་བ་དེ་ཡོ་མཐུན་པར་འདོད་གསུངས༌། དོན་ཐོག་ནས་མ་ཚོར་བར་༣༤ཡེངས་ནས་ཕྱིས་དྲན་བརྙེད་ཙ་ན། དོན་རྙེད་པ་དེས་བར་དུ་ཡེངས་པའི་རྗེས་ལ་བལྟས་པས་ཆོས་སྐུར་འགྲོ་བར་འདུག་ན་དེས་ཆོག་གམ་མི་ཆོག། །བར་དེས་སྒྲིབ་བར་ནུས་སམ་མི་ནུས། གཏན་དུ་མ་ཡེངས་པ་དགོས་སམ་མི་དགོས་ཞུས་བས། རྗེས་ལ་བལྟས་པས་ཆོགན་དེསཆོག །བར་གྱི་རྣམ་རྟོག་གིས་སྒྲིབ་པར་མི་ནུས། གཏན་དུ་མ་ཡེངས་པ་མི་དགོས། ཡེངས་པ་བྱ་བ་མེད་བ་ཡིན། གནས་ལུགས་ལ་ཡེངས་མ་ཡེངས་འདྲ་བ་ཡིན་གསུངས། རྗེ་བཙུན་མི་ལ་དང་སངས་རྒྱས་ཀྱི་དགོངས་པ་ཡིན། འདི་ལས་ཕུལ་ས་འམ་བོགས་འདོན་རྒྱུ་མེད་པ་འདི་རང་་ཡིན་བྱ་བ་ཞིག་ཞུ་ཞུས་བས། རང་གི་སེམས་ཉིད་གསལ་བ་དེ་ནམ་མཁའི་མཐའ་དང་མཉམ་པར་བསྒོམས་ན་ཡང་སྐྱེ་ཞིང་འདུག །འཕགས་པའི་གནས་སུ་བསྒོམས་ནའང་འོང་ཞིང་འདུག །འོད་གསལ་དེ་སུ་ཡིན་ན་རང་གི་ཡིན། རང་རྟོགས་རང་རྟོགས་པས་ཐམས་ཅད་ལ་ཁྱབ། རང་གིས་རང་རིག་རང་གསལ །གསལ་ལ་མ་འགགས་ཏེ་འགྲོ་འོང་མེད་པར་འདོགས་ལ། མཐའ་དབུས་མེད་པར་འོད་གསལ། རྣམ་རྟོག་ཡོད་མེད་མེད་བར་འོད་གསལ་དུ་འདུག་བས་དེའི་ངང་ལ་གནས་བ་དེ་འཇིག་རྟེན་༣༥།ལས་འདས་པ་བྱ་བ་ཡིན། དེ་ལ་བོགས་འོདན་རྒྱུ་མེད། །དེ་ལ་བོགས་འདོན་ན་འདོན་པ་རང་གི་སྐྱོན་ཡིན། དེ་ལས་བོགས་སཾ་རྟོགས་པའམ། ཕུལ་ས་བྱུང་ན་དེ་ཡང་སྐྱོན་ཡིན་གསུངས༌། ངོ་བོ་སྐྱེས་ནས་ཡུན་རིངས་ལོན་པའི་བསྒྲེས་པོ་ལ་བོགས་དང་དྲི་རྒྱུ་འོང་གིན་གདའ་འམ་མི་གདའ་ཞུས་པས། དྲི་རྒྱུ་ཡང་མེད་བོགས་འདོན་རྒྱུ་ཡང་མེད། ངའི་དྲུང་དུ་འོངས་གིན་བླའོ་རི་བཏང་གིས་འགྲོ་ཡིན་འདུག་གསུངས། ངོ་བོ་གཅིག་ཆོད་ལ་སོང་བ་ལ་རྨི་ལམ་དུ་ངོ་བོ་མི་ཟིན་པར་འདུག་ན། བར་དོར་ཟིན་ནམ་མི་ཟིན་ཞུས་པས། བླ་མ་ཀུན་ན་རེ་རྨི་ལམ་དུ་ཟིན་དགོས་གསུངས་ཏེ། དེས་བལྟས་པས་རྨི་ལམ་དུ་མ་ཟིན་ཡང་བར་དོར་ཟིན་ཡོང༌། ད་ལྟར་བསྒོམས་པས་རྨི་ལམ་དུ་མི་གསལ་དུ་འགྲོ་བས་མི་ཟིན། བར་དོར་ནིད་ལྟ་་བས་ཀྱང་གསལ་བར་འོང་བས་ཟིན་ནས་འོང་གསུངས། ད་ལྟ་ངོ་བོ་ལྔང་འཇུག་པ་ཞིག་ཤིན། བར་དོར་ལྡང་འཇུག་གམ་ཆིག་ཆོང་ལ་འགྲོ་ཞུས་པས། ད་ལྟ་ངོ་བོ་རྒྱུན་ཆད་་མད་པ་ཡོད་ན་བར་དོར་ཡང་ཆིག་ཆོད་ལ་འགྲོ་གསུངས། ངོ་བོ་འབའ་ཞིག་བསྒོམ་པ་ལ་བསྐྱེད་རིམ་དང་སྔགས་བཟླས་དགོས་སམ་མི་དགོས་ཞུས་པས །སྔགས་༣༦བག་རེ་བཟླས་ན་ངག་བྱིན་གྱིས་བརླབས་པ་འབྱུང་བས་སྔགས་བག་རེ་བཟླ། ལྷ་བསྒོམ་མི་དགོས། འོད་གསལ་གྱི་ངང་ལས་སྔགས་བཟླས་པ་ཡིན་གསུད། དོན་དམ་བྱང་ཆུབ་ཀྱི་སེམས་རྟོགས་ནས་རྒྱུན་དུ་གསལ་བས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དགོས་སམ་མི་དགོས་ཞུས་པས། དེ་ལ་གསུམ། གོམས་པ་ལས་བྱུང་བ། བསྒོམས་པ་ལས་བྱུང་བ༌། རྟོགས་པ་ལས་བྱུང་བ། གསུམ་ཡིན། གོམསང་ལས་བྱུང་བ་ནི་ཚེ་སང་མ་ཕན་ཆད་བསྒོམས་པས་འདི་ལ་བསྒོམ་མི་དགོས་པར་བྱང་ཆུབ་ཀྱི་སེམས་འབྱུང་བ་ཡིན། བསྒོམས་བ་ལས་བྱུང་བ་ནི་ཚེ་འདི་ལ་བསྒོམས་པས་འོང་བ་ཡིན། རྟོགས་པ་ལས་བྱུང་བ་ནི། དོན་རྟོགས་པས་མ་རྟོགས་པའི་སེམས་ཅན་ལ་ཤུགས་ཀྱིས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱུང་བ་ཡིན། ལོགས་སུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་མི་དགོས། དོན་དམ་རྟོགས་ནས་བྱམས་སྙིང་རྗེ་གཞན་དོན་དུ་འབྱུང་བརྒྱུ་་འབྲས་ཡིན། ཉོན་མོངས་པ་ཤུགས་ཀྱིས་བཟློག་པ་ཡིན། ངོ་བོ་རྟོགས་ཟེར་ཡང་མི་དགེ་བ་ལ་འཇུག། །བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཆུང་བར་འདུག་ན་ངོ་བོ་༣༧།མ་སྐྱེས་པ་ཡིན་བྱ་བ་བླ་མ་མི་ལས་གསུངས་པ་དེ་ལྟར་ཡིན་གསུངས། རྗེ་བཙུན་སྙུང་བའི་དུས་སུ་ཐུགས་མི་བདེ་བ་འོང་གིན་གདའ་ཞུས་པས། ན་དུས་སུ་སེམས་མི་བདེ་བ་དང་གནོད་པ་ཅི་་ཡང་མི་འོང་བར་འདུག། གང་ན་བའི་སར་འོད་གསལ་དུ་ཕྲིལ་ལེ་མི་གནོད་པར་འདུག་གསུངས། འདྲེ་ཅན་གྱི་མི་ལ་སྔགས་བཏབ་པ་བས་གང་ན་བའི་སར་དམིགས་པ་གཏད་ནས་འོད་གསལ་བསྒོམས་ན་ཕན་བར་འདུག་གསུངས༌། ངོ་བོ་མཉམ་གཞག་རྗེས་ཐོབ་འདྲེས་པ་བྱ་བ་ཅི་ལ་ཟེར་བ་ལ་ཞུས་པས། སློབ་དཔོན་སྒམ་པོ་པའི་ཞལ་ནས་སྤྱོད་ལམ་བཞི་གང་བྱེད་ཀྱང་འོད་གསལ་དང་མ་བྲལ་བར་རྟག་ཏུ་ངོ་བོར་འོང་ན་འདྲེན་པ་ཡིན་གསུངས། རེས་འགའ་དྲན་པ་ཤོར་ནས་རྣམ་རྟོག་གི་ཐོག་ཏུ་འགྲོ། དྲན་པ་རྙེད་ནས་ངོ་བོར་འོང་བ་དེ་མ་འདྲེས་པ་ཡིན་ནམ་ཞུས་པས། དེ་མ་འདྲེས་པ་ཡིན་གསུངས། འོན་ངོ་བོའི་ཆ་གཅིག་མ་རྟོགས་པ་ལགས་སམ། བསྒོམ་ཡུན་ཐུང་བ་ལས་སམ་མ་བསྒོམས་པ་ལ་གས་སམ་ཞུས་བས། དེ་ངོ་བོ་མཐའ་དག་བར་མ་རྟོགས་པ་ཡིན། མ་བསྒོམས་པ་ཡང་ཡིན་ཏེ་དོན་ལ།༣༨བསྒོམ་ཡུན་ཐུགས་པ་ཡན་གསུངས། འོ་ན་རྣམ་སྨིན་གྱི་ལུས་པོ་འདི་ཡོད་ཀྱི་བར་དུ་མཉམ་རྗེས་མེད་པར་འགྲོ་བཅང་ལགས་སམ་ཞུས་པས། དེ་རྣམ་སྨིན་གྱི་ལུས་པོ་འདི་ཡོད་ཀྱང་ཡུན་རིང་དུ་བསྒོམས་པས། མཉམ་རྗེས་མེད་པར་འདི་ལ་ཕྲིལ་ལེ་ཚེ་འདིརང་ལ་འགྲོ་བ་ཡིན་གསུངས། འོན་ད་ལྟ་དྲན་པ་ཤོར་མ་ཐག་རྣམ་རྟོག་རང་ག་མར་འགྲོ་བཅིས་ལན་ནམ་ཞུས་པས། འདི་གཟུང་འཛིན་མ་དག་པས་ལན༌། ཡུན་རིང་དུ་བསྒོམས་བས་གཟུང་འཛིན་དག་པས་རྣམ་རྟོག་དག་ནས། དྲན་པས་གཟུང་རྒྱུ་མེད་པས་མཉམ་་རྗེས་མིའོང་གསུངས། འོ་ན་མཉམ་རྗེས་མ་འདྲེས་པར་ཤི་ན་བར་དོར་སྐྱེ་བ་འདག་གམ་མི་འདག་ཞུས་པས། འདག་པ་ཡིན་ཐེ་ཚོམ་མེད་གསུངས། ད་ལྟར་དྲན་པས་མ་ཟིན་པའི་རྣམ་རྟོག་ངེས་སྒྲིབ་པར་མི་འགྱུར་རམ་ཞུས་པས། ངྶེ་སྒྲིབ་པར་མི་འགྱུར། རྣམ་རྟོག་རྣམས་ཀྱིས་ལས་གསོག་པར་མི་ནུས་ཏེ། ནམ་མཁའ་ལ་ས་པོན་བཏབ་པ་དང་འདྲ་སྟེ་་འབྲས་བུ་འབྱིན་པའི་གནས་མེད། ཐམས་ཅད་སྐྱེ་མེད་རྟོགས་པའི་གནས་སུ་གསུངས། འོན་གཉིད་མཐུག་པོའི་རྨི་ལམ་གྱི་དུས་སུ་ངོ་བོ་མི་ཟིན་པར་འདུག་ན། བར་དོར་ངོ་བོ་ཟིན་༣༩།ནམ་མི་ཟིན་ཞུས་པས། དེ་གཉིད་དང་རྨི་ལམ་གྱི་དུས་སུ་ངོ་བོ་མ་ཟིན་པ་ཡིན། གཉིད་དང་རྨི་ལམ་གྱི་དུས་སུ་ད་ལྟབས་ཀྱང་མི་གསལ་དུ་འགྲོ་བ་ཡིན། བར་དོར་ལྟ་བས་ཀྱང་གསལ་དུ་འགྲོ་བས། ད་ལྟ་བས་བཟུང་སླ་བར་འགྲོ་བ་ཡིན་གསུངས། འོ་ན་དྲན་པས་མ་ཟིན་ཙ་ན་ངོ་བོ་མི་འོང་བར། རྟོག་པ་རང་ག་མ་དེ་དྲན་པས་ཟིན་པ་དང༌། སྔར་གྱི་རྣམ་རྟོག་ཚོ་འདག་གམ་མི་འདག། དྲན་པས་ཤི་མ་ཤི་མེད་བར་འཛིན་དགོས་་སམ་མི་དགོས་ཞུས་པས། དྲན་པས་མ་ཟིན་པའི་རྣམ་རྟོག་རང་ག་རྣམས་དྲན་པས་ཟིན་མ་ཁད་སངས་ལ་དག །དྲན་པས་ཤི་མ་ཤི་མེད་བར་འཛིན་མི་དགོས། འོན་ཀྱང་དྲན་པས་མ་ཡེངས་བར་བྱེད་ན། མཉམ་རྗེས་འདྲེན་སྐྱེན་པ་ལ་ཕན། དྲན་པས་མ་ཟིན་ཀྱང་རྣམ་རྟོག་གིས་གནོད་བ་དང༌། སྒྲིབ་པ་དང་བར་དུ་གཅོད་པ་གཏན་མེད་གསུངས། འོ་ན་དྲན་བས་བཟུང་གིན་མ་ཡེངས་པར་བྱ་བ་ལས། གཞན་ཉམས་སུ་བླང་རྒྱུ་མེད་དམ་ཞུས་པས། དྲན་པས་སྐུལ་བཙམ་ལས། གཞན་ཉམས་སུ་བླང་རྒྱུ་ཅི་ཡང་མེད་གསུངས། ཞུས་ལན་ཐག་ཆོད་པ་ཕུལ་དུ་་མེད་པ། བླ་མ་རིན་པོ་ཆེ་ལྷ་རྗེ་ལ། གྲུབ་པ་ཐོབ་པའི་༤༠ཕ་ སློབ་སམ་གྱིས་མི་ཁྱབ་པ་ཡོད་ནའང༌། དེ་རྣམས་ཀྱི་ནང་ནས། ཐུགས་ཀྱི་སྣས་བཞིའམ། གྲུབ་པ་ཐོབ་པ་བཞི་ནི། ཤོར་མ་འཕགས་པ། ཟིམ་ཤི་ཡེ་ཤེས་སྙིང་པོ། །གསེར་སྒོམ་ཡེ་ཤེས་སྙིང་པོ༌། །རམ་ཉི་ཆོས་ཀྱི་གཡུང་དྲུང་ངོ། །བརྒྱུད་པ་འཛིན་པའི་སྲས་བཞི་ནི། དྭགས་པོ་སྒོམ་ཚུལ། རྗེ་ཕག་མོ་གྲུ་པ། འབབ་རོམ་པ་ཆེན་པོ། །དུས་གསུན་མཁྱེན་པའོ། །ཉེ་བའི་སྲས་བཞི་ནི། མཁན་པོ་འདུལ་བ་འཛིན་པ། འགར་སྒོམ་ཞིག་པོ། །ལ་ཡག་ཇོ་སྲས། སྐྱེས་བུ་ཡེ་ཤེས་རྡོ་རྗེ། ཉེ་གནས་བཞི་ནི། ཇོ་གདན་ལེགས་མཛེས། སྒོམ་པ་ཤེར་གཞོན། ཉེ་གནས་གསལ་བྱང་གསལ་ཡེས་རྣམ་སོ། །ཁྱད་པར་ཅན་གྱི་གྲུབ་ཐོབ་གཉིས་ནི། གསལ་སྟོང་ཤོ་སྒོམ། རྣལ་འབྱོར་་ཆོས་གཡུང་སྟེ། དེ་རྣམས་ལ་གྲུབ་ཐོབ་བཅོ་བརྒྱད་དོ། །འདི་བྲིས་དགེ་བའི་རྩ་བ་ཡིས། བདག་དངའགྲོ་མ་ལུས་པ། །ཉེས་བའི་སྐྱོན་དང་ཡོངས་བྲལ་ནས། ། མགོནཔོ་ཟླ་འོད་བཞིན་ནུ་ཡིས། སྲས་ཀྱི་ཐུ་བོར་གྱུར་ནས་ཀྱང༌། །བླ་མེད་རྫོགས་པའི་བྱང ་ཆུབ་མྱུར་ཐོབ་ཤོག །བསྐལ་བཟང་འགྲོ་བ་ཀུན་གྱི་གཉེན་གཅིག་པོ། །མན་ང་བདུད་རྩི་ཀུན་གྱི་རོ་གཅིག་པོ། །དམ་ཆོས་མདོ་རྒྱུད་ཀུན་གྱི་མིག་གཅིག་པོ། །ཁྱེད་་ཀྱི་ཐུགས་རྗེས་བདག་སོགས་འཛིན་གྱུར་ཅིག། པད བ་ ཕད ༢༑ །སྒོམ་ཚུལ་དང་ནི་ཆོས་གསུང་ཞུས་ལན་འདི། །ཐར་པ་རྒྱལ་མཚན་དངུལ་སྲང་བཅོ་ལྔ་དང༌། །བདེ་ཆེན་རྡོ་རྗེ་སྲང་བདུན་ཞོ་ལྔ་དང༌། །སྒྲུབ་གཟུགས་ལ་དྭགས་པདྨ་ཆོས་རྒྱལ་ནས། །དངུལ་སྲང་བརྒྱ་དང་གོ་བཞི་ཞོ་བརྒྱད་བཅས། །བསྐྲུན་འདིས་མཚོན་པའི་ཇི་སྙེད་དགེ་ཚོགས་ཀྱིས། །རང་བཞིན་རྣམ་དག་ཆོས་དབྱིངས་འདུས་མ་བྱས། །རང་བཞིན་མ་བཅོས་མ་བསླད་གཉུག་མའི་ངང༌། །རང་བཞིན་ཡོངས་ཤེས་དྲན་རིག་ཁབ་གདལ་ཞིང༌། །རང་བཞིན་དག་པ་གཉིས་ལྡན་མངོན་གྱུར་ཤོག །དགེ་འོ། །དགེའོ། །དགེའོ། །པར་འདི་རྒྱལ་གྱི་ཤྲཱི་སྟེང་དུ་བཞུགས། ༣༑ ༤༢ ༤༑ ༤༣ ༥༑ །རྗེ་ཕག་མོ་གྲུ་བའི་ཞུས་ལན་བཞུགས། ། ༦༑ ༤༤ ༧༑ །དུས་གསུམ་སངས་རྒྱས་ངོ་བོ་ཉིད་ །རྟོགས་ལྡན་རིན་པོ་ཆེ་ལ་འདུད། །རྗེ་རིན་པོ་ཆེ་སྒམ་་པོ་པ་ལ། བླ་མ་རིན་པོ་ཆེ་ཁམས་པས་གལ་འགག་ཐམས་ཅད་དྲིལ་ནས་ཞུས་པ། བླ་མ་རིན་པོ་ཆེ་ལགས་རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་ལ་གང་གལ་ཆེ་ལ་གས་ཞུས་པས། བླ་མའི་ཞལ་ནས། དབལ་གསང་བ་འདུས་པ་ནས། ཕྱོགས་བཅུའིདེ་བཞིན་གཤེགས་པ་ཐམས་ཅད་ལ་དུས་གསུམ་ ༨༑ ༤༥ ༩༑ །དུ་མཆོད་པ་བས། བླ་མའི་བ་སྦུ་གཅིག་ལ་མཆོད་པ་ཕུལ་བ་བསོད་ནམས་ཁྱད་བར༌།།།ཕགས་སོ། །ཞེས་པ་དང༌། འཇམ་དཔལ་ལས། མཆོད་འོས་་བསྟོད་འོས་ཕྱོག་གི་གནས། །རྟག་ཏུ་རིམ༌།།།།།གོ་བྱབའི་འོས། །བཀུར་འོས་མཆོད་པར་བྱ་བའི་མཆོག །ཕྱག་བྱར་འོས་་བ་བླ་མ་འི་རབ། །ཅེས་བ་དང༌། བླ་མ་མིལཱི་ཞལ་ནས་ཀྱང༌། བླ་མས་ཇི་སྐད་་གསུངས་པའི་བཀའ་བཞིན་བསྒྲུབས་ནས། བླ་མལ་མོས་གུས་ཀྱིས་གསོལ་བ་འདེབས་ཤིང༌། སྒྲུབ་པ་ཚུལ་བཞིན་དུ་བྱེད་པ་ ༡༠༑ ༤༦ ཕཕད འདི་ཁོ་ན་བསོད་ནམས་ཆེ་གསུང༌། འོ་ན་ཉམས་སུ་ལེན་པ་ལ་གདམས་ངག་གང་ཟབ་ཞུས་པས། ཇོ་བོ་རྗེའི་བརྒྱུད་བའི་ལུགས་ཀྱིས། འཆི་བམི་རྟག་པ་ནས་ལས་རྒྱུ་འབྲས་དང༌། བྱམས་སྙིང་རྗེ་ལ་བློ་ངེས་ན་ཟབ་གསུང༌། གང་ཟག་ཚན་ཅིག་གི་ཞལ་ནས། ལྟ་བ་སྟོང་ཉིད་དུ་མ་རྟོགས་ན་མི་ཕན་གསུང༌། ལ་ལའི་ཞལ་ནས་ཡིད་དམ་གྱི་ལྷ་བསྒོམ་པ་ཟབ་ཟེར་ཏེ། བླ་མ་མི་ལིའ་ཞལ་ནས། གཏུམ་མོ་སྲོག་རྩོལ་བསྒོམ་བ་ཟབ་གསུང་པས། སོ་སོ་རང་རེའི་ཆོས་གང་ལ་ངེས་ཤེས་སྐྱེས་པ་དེ་ཟབ། འོ་ན་ཡང་བླ་མ་ལ་མོས་གུས་བྱས་ཤིང་གཏུམ་མོ་དང་ཕྱག་ཆེན་གཉིས་ཟུང་འཇུག་ཏུ་བསྒོམས་ནས་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱངས་ན། རང་དོན་དང་གཞན་དོན་གཉིས་ཀ་དུས་མཉམ་དུ་འབྱུང་བས་དེ་ཟབ་གསུང༌། འོན་སྔོན་དུ་གཏུམ་མོ་ནས་ཁྲིད་པ་དགའ་འམ་ཕྱག་རྒྱ་ཆེན་པོ་ནས་ཁྲིད་པ་དགའ་ཞུས་བས། དེ་གཉིས་གང་ཟག་གི་རིགས་ཀྱིས་འབྱེད་དེ། ན་སོ་གཞོན་ ༡༢༑ ༤༧ ༡༣༑ །པ་རྩ་དང་ཁམས་བཟང་བ་ལ་གཏུམ་མོ་རང་ནས་ཁྲིད་ཅིང་བསྒོམས་པས་དྲོད་རྟགས་མྱུར་དུ་འོང༌། དེ་ལ་ཕྱག་རྒྱ་ཆེན་པོ་བཏབ་པས་ཉམས་རྟོགས་མྱུར་དུ་འཆར་གསུང༌། ནསོ་རྒས་པས་རླུང་མི་ཆུན་པའི་རིགས་ཚན་ཅིག་ལ་ཕྱག་རྒྱ་ཆེན་པོའམ་ལྷན་ཅིག་སྐྱེས་སྦྱོར་བཏབ་བ་དགའ་སྟེ། དང་པོ་ནས་ཕྱག་རྒྱ་ཆེན་པོ་བཏབ་པས་རང་རྒྱུད་ལམ་སྐྱེས་པར་ལས་ལ་ངན་དུ་སོང་ནས་དྲེད་པ་ཡང་འོང་གསུང༌། འོ་ན་གང་ཟག་ཅིག་ཅར་བ་དང་རིམ་གྱིས་པ་གཉིས་ལ་ཁྱད་ཅི་འདོག་ཞུས་པས། དེ་གཉིས་ལ་སྦྱངས་པ་ཆེ་ཆུང་ཞིག་གི་ཁྱད་ཡིན་ཏེ། ཅིག་ཅར་བའི་རིགས་ནི་སྔོན་གྱི་སྦྱངས་པ་ཆེ་བའི་སྟོབས་ཀྱིས། གདམས་ངག་བཏབ་པ་ཙམ་གྱིས་བརྟན་པ་རྟོགས་པ་དུས་མཉམ་དུ་འཆར་ཏེ། ངོ་བོ་རྒྱུན་ཆད་མེད་པར་གནས་པ། བླ་མ་ལ་མོས་གུས་ཆེ་བ། སེམས་ཅན་ལ་སྙིང་རྗེ་ཆེ་བ། བདག་ཏུ་འཛིན་པའི་ཞེན་པ་མེད་པ་ཞིག་འོང་བ་ཡིན་པས། དེ་ལ་བོགས་འདོན་ཙམ་མི་དགོས་ ༡༤༑ ༤༨ ཕཚད དེ་རྒྱུད་ལ་སྐྱེས་པ་དེ་རང་སྐྱོང་བ་ལས་མེད་གསུང༌། རིམ་གྱིས་པ་ནི་སྦྱངས་པ་ཆུང་བས་ཉམས་མྱོང་ཡང་རིམ་གྱིས་ལས་མི་སྐྱེ་བས། བླ་མ་ལ་གསོལ་བའདེབས་པ་དང༌། མོས་གུས་ཡེངས་བ་མེད་པར་བསྒོམ་པ་གལ་ཆེ། རབ་འདིར། འབྲིང་འཆི་ཁའམ་བར་དོ་ཚུན་ཆད་ལ་ངོ་བོ་རྟོགས་པའི་ཡེ་ཤེས་འཆར་གསུང༌། དེ་ཡང་ཞི་གནས་ཚན་ཅན་ལས་འཆར་ཏེ། སྐད་ཅིག་མ་གསལ་བའི་ལྷག་མཐོང་ལས་འཆར་བ་ཡིན་གསུང༌། འོ་ན་རྟོག་པ་བསྐྱེས་ནས་བསྒོམ་འཚལ་ལམ་མི་འཚལ་ཞུས་པས། བསྒོམ་མེད་ཀྱི་རྟོགས་པ་སྐྱེས་ནས་སེམས་དྲན་པས་འཛིན་པའི་ཆ་ནས་བསྒོམ་མི་དགོས་ཏེ། སངས་རྒྱས་ནས་སེམས་ཅན་དུ་ལྡོག་མི་སྲིད། བསྒོམ་རྒྱུ་མེད་དེ་རྟོགས་པའི་ཆོས་ཉིད་དེ་རང་ལ་གོམས་ཤིང་བློ་སྦྱངས་པས་མངོན་པར་ཤེས་པ་དྲུག་དང༌། སྤྱན་ལྔ་དངཡེ་ཤེས་ལྔ་དང༌། ཕྱི་ལུས་ཀྱི་བཀོད་པ་དང་རྫུ་འཕྲུལ་དང༌། ཇི་སྙེད་པ་མཁྱེན་པའི་ཡོན་ཏན་ཡར་ལྡན་དུ་རྟོགས་པའི་འབྲས་བུར་འཆར་དགོས་ཏེ། དེ་ཡང་ཆོས་ཉིད་ཀྱི་རྩལ་སྦྱངས་པས་ཤེས་པ་ལ་རང་དབང་ཐོབ་པ་ཞིག་འོང༌། དེ་ལ་ཤེས་བྱའི་ཆ་ཐམས་ ༡༦༑ ༤༩ ༡༧༑ །ཅད་འཕྲལ་ལ་དངས་སིང་འཆར་བ་ལ་ཐམས་ཅད་མཁྱེན་པའི་ཡོན་ཏན་ཟེར་བ་ཡིན། བྱ་རྒྱུ་མེད་ཟེར་ནས་རྟོག་པ་རང་ཡན་དུ་བཞག་པས་ཕན་གནོད་ཀྱི་འབྲས་བུ་འབྱིན་མ་ནུས་པས་ཐམས་ཅད་མཁྱེན་པ་མི་འབྱུང་གསུང༌། འོ་ན་ངོ་བོ་གང་གིས་རྙེད་པ་ལགས་ཞུས། བླ་མའི་བྱིན་རླབས་དང༌། རང་གི་མོས་གུས་དང༌། བརྩོན་འགྲུས་ཀྱིས་བསྒོམས་བའི་སྟོབས་ལས་རྙེད་ཀྱི། དེ་ལས་གཞན་དུ་མི་རྙེད་དོ། དེ་ཡང་དགྱེས་བ་རྡོ་རྗེ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བརྟེན་པ་དང༌། །རང་གི་བསོད་ནམས་ལས་ཤེས་བྱ། །ཞེས་སོ། །འདི་མཁས་པ་པཎྜི་ཏས་ཀྱང་མི་ཤེས། ཤེས་རབ་་ཀྱིས་མི་རྟོགས། རྟོག་གེ་བའི་སྤྱོད་ཡུལ་མ་ཡིན། དོན་རྒྱུད་ལ་སྐྱེས་པ་ལ་བླ་མ་རྟོགས་ལྔན་ཞིག་ལ་སློབ་མས་མོས་གུས་བྱས་པས་བྱིན་རླབས་ཀྱི་སྟོབས་ཀྱིས་ཚིག་དང་བྲལ་བབློའི་ཡུལ་ལས་འདས་བ་རང་ལས་འཆར་ཏེ། ངོ་འཕགས་པ་ཀླུ་གྲུབ་ལ་སོགས་བ་མཁས་བ་རྣམས་ཀྱང་ཁས་ལེན་དང་བྲལ་བ་ཡིན་ཏེ། དགྱེས་པའི་ ༡༨༑ ༥༠ ཕཟད རྡོ་རྗེ་ལས། སྒོམ་པ་བོ་མེད་བསྒོམ་བྱ་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །བསྒོམ་པར་བྱ་བ་ཅུང་ཟད་མེད། །སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །ཞེས་པ་དང༌། །འཇམ་དཔལ་ལས་ཀྱང༌། དུས་གསུམ་དུས་མེད་རྟོགས་པ་བོ། །སེམས་ཅན་ཀུན་གྱི་དོན་ཀུན་རིག །ཅེས་གསུངས་པས། དེ་སྐྱེས་བའི་དུས་ན། དཀར་པོ་ཆིག་ཐུབ་གཅིག་ཤེས་ཀུན་གྲོལ་དུ་སོང་བས། སངས་རྒྱས་རང་ལ་རྙེད། །དེས་འཁོར་བར་འཛིན་པའི་སྒྲོག་རང་བརྡོལ་དུ་འགྲོ་བས་རང་སེམས་བདེ་བ་ཆེན་པོའི་ས་ནོན་བྱ་བ་ཡིན་གསུང༌། འོ་ན་ཕྱག་རྒྱ་ཆེན་པོ་དང་ལྷན་ཅིག་སྐྱེས་སྦྱོར་གཉིས་ལ་ཁྱད་བདོག་གམ་མི་བདོག་ཞུས་པས། ཕྱག་རྒྱ་ཆེན་པོ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐཾས་ཅད་ཡེ་ནས་ལྷུན་གྱིས་གྲུབ་པ། ཆོས་ཉིད་ནམ་མཁའ་ལྟ་བུ་དུས་ཐམས་ཅད་བའི་ཡེ་ཤེས། གཉིས་མེད་ཅིག་ཡིན་ཏེ་རྒྱུན་ཆད་མེད་པ་ཡིན། ལྷན་ཅིག་སྐྱེས་སྦྱོར་ནི་རྟོག་པ་གང་སྐྱེས་སྐུ་བཞིར་སྦྱོར་བ་ཡིན་པས་དུས་ཐམས་ཅད་བར་མི་འདོད་དེ་རྒྱུན་ཆད་ཡོད་གསུང༌། འོ་ན་ཉམས་ ༢༠༑ ༥༡ ༢༡༑ །དང་རྟོགས་པ་གཉིས་ལ་ཁྱད་ཅི་ཙམ་བདོག་ཞུས་པས། ཉམས་ནི་བློའི་་ཆ་ལས་མ་འདས་པ་ཡིན་ཏེ། དཔེར་ན་སྤྲིན་གསེབ་ཀྱི་ཉི་མ་དང་འདྲ། བདེགས་ལ་མི་རྟོག་པ་གསུམ། རེས་མཐོ་རེས་དམའ་ལ་གནས་པ་འོང་བ་ཡིན་བས། འདི་ལ་བཞེན་པར་བསྐྱངས་པས་བློའི་དྲི་མ་དྭངས་ནས་རྟོགས་པ་གདོད་འཆང་གསུང། རྟོགས་པ་ནི་སྣང་སེམས་གཉིས་མེད་དུ་བློ་ཡི་སྟེང་ནས་རྟོགས་པ་འོད་གསལ་ངང་ནས་རྒྱུན་ཆད་མེད་པས་བསྒོམ་བྱ་སྒོམ་བྱེད་དང་བྲལ་བའི་དུས་སུ་རྟོགས་ཐོབ་དུས་མཉམ་དུ་འཆར་བ་ལ་ཟེར་བ་ཡིན་གསུང༌། འོ་ན་མཐོང་ལམ་དང་ཁྱད་ཅི་མཆིས་ཞུས་པས། མཐོང་ལམ་དང་བསྟུན་དུ་ཡོད་པ་མ་ཡིན་ཏེ། སེམས་ཀྱི་ངོ་བོ་བག་ཙམ་མཐོང་བ་ནི། ཉན་ཐོས་ཀྱི་མཐོང་ལམ་ཡིན། དེ་བས་ཀྱང་ཕྱག་རྒྱ་ཆེན་པོ་བག་ཙམ་ཞིག་མཐོང་བ་ནི་འཕགས་པ་དྲག་བཅོམ་པའི་མཐོང་ལམ་ཡིན་ཆོས་ཉིད་ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟ་བུར་མཐོང་བ་ནི་བྱང་ཆུབ་སེམས་དཔའི་མཐོང་ལམ་ཡིན། འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ ༢༢༑ ༥༢ བམད ཅད་གཉིས་སུ་མེད་པའི་རང་བཞིན་མཉམ་པ་ཉིད་དུ་མཐོང་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཐོང་ལ་མ་ཡིན། དེ་ཡང་ཤེས་རབ་སྙིང་བོ་ནས། གཟུགས་སྟོང་པའོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །ཞེས་སོ། །རྣལ་འབྱོར་བའི་དབང་དུ་བྱས་ན། སེམས་ཀྱི་ངོ་བོ་བག་ཙམ་ཞིག་མཐོང་བ་ནི་རྣལ་འབྱོར་པ་ཐ་མའི་མཐོག་ལམ་ཡིན། ངོ་བོ་སྤྲོས་བྲལ་ཙམ་དུ་མཐོང་བ་ནི་རྣལ་འབྱོར་པ་འབྲིང་གི་མཐོང་ལམ་ཡིན། སེམས་ཀྱི་ངོ་བོ་སྐྱེ་འགག་གནས་གསུམ་དང་བྲལ་བར་མཐོང་ནས་དེ་ལ་རྒྱུན་ཆད་མེད་པ་དེ་ རྣལ་འབྱོར་པ་རབ་ཀྱི་མཐོང་ལམ་ཡིན། འོ་ན་སྣང་བ་འདི་ལ་སེམས་ཅན་དང་འཕགས་པ་དང་རྣལ་འབྱོར་པ་དང་སངས་རྒྱས་ལ་ཁྱད་ཅི་ཙམ་མཆིས་ཞུས་པས། སེམས་ཅན་གྱི་དུས་ན་དངོས་འཛིན་གྱི་སྣང་བ་བྱ་བ་ཡིན། འཕགས་པ་ལ་སྒྱུ་མའི་སྣང་བ་བྱ་བ་ཡིན། རྣལ་འབྱོར་པ་ལ་ཉམས་ཀྱི་སྣང་བ་བྱ་བ་ཡིན། སངས་རྒྱས་ལ་འོད་གསལ་གྱི་སྣང་བའམ། ཟུང་འཇུག་གི་སྣང་བ་བྱ་བ་ཡིན་གསུང༌། འོ་ན་སྒྱུ་ལས་དང་འོད་གསལ་དང་ཟུང་འཇུག་དང་ཕྱག་རྒྱ་ཆེབ ༢༤༑ ༥༣ ༢༥༑ །པོ་ལ་ཁྱད་ཅི་མཆིས་ཞུས་པས། སྒྱུ་ལུས་ལ་དག་པའི་སྒྱུ་ལུས་ཐ་མལ་དུ་འཛིན་པ་ཡིན། དག་པའི་སྒྱུ་ལུས་སངས་རྒྱས་ཀྱི་སྐྲ་ཡི་སྣང་བ་ཡིན། འོད་གསལ་ལ་ཡང་སློབ་པའི་འོད་གསལ་ཏིང་ངེ་འཛིན་གྱི་ཆ་ཡིན་ཏེ། རྣལ་འབྱོར་བའི་དུས་ཡིན། མི་སློབ་པའི་འོད་གསལ་ནི་སངས་རྒྱས་ཀྱི་དུས་ལ་ཟེར་་བ་ཡིན། ཟུང་འཇུག་ཀྱང་བསྐྱེད་རྫོགས་གཉིས་སློབ་པའི་ཟུང་འཇུག་ནི། རྣལ་འབྱོར་པའི་ཟུང་འཇུག་ལམ་ལ་གནས་པ་ཡིན། མི་སློབ་པའི་ཟུང་འཇུག་ནི་ཆོས་ཀྱི་སྐུ་དང་གཟུགས་སྐུ་གཉིས་དབྱེར་མེད་པ་སངས་རྒྱས་ཀྱི་དུས་ལ་ཟེར་་བ་ཡིན། ཕྱག་རྒྱ་ཆེན་པོ་ལ་ཡང་ལམ་ལ་གནས་པའི་དུས་ན། ལམ་ཕྱག་རྒྱ་ཆེན་པོ་ཟེར་བ་ཡིན། འཁོར་འདས་གནིས་སུ་མེད་པའི་ཡེ་ཤེས་ཆེན་པོར་རྟོགས་ནས་བླང་དོར་དང་བྲལ་བའི་དུས། མཐར་ཐུག་གི་ཕྱག་རྒྱ་ཆེན་པོ་བྱ་བ་ཡིན། དེ་དུས་གསུམ་གྱི་སངས་རྒྱས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་དེ་ཡིན་སངས་རྒྱས་ལོགས་ནས་བཙལ་དུ་མི་རྙེད་དེ། དེ་གོང་མའི་དུས་སུ་གནས་ན་ལམ་གྱི་རྣལ་འབྱོར་ལ་ ༢༦༑ ༥༤ བཝད གནས་པ་ཡིན། འོག་མའི་དུས་སུ་གནས་ན་སངས་རྒྱས་ཟིན་བྱང་ཆུབ་ཟིན། དེ་ལས་ལྷག་པའམ་གོང་ན་སངས་རྒྱས་པ་གཅིག་མེད་པས་ན་བདེ་བར་གཤེགས་པ་ཟེར་བ་ཡིན་གསུང༌། འོ་ན་གཞན་དོན་བྱེད་པའི་དུས་ནམ་ལགས་ཞུས་པས། རོ་གཅིག་ཆེན་པོའི་རྟོགས་པ་རྒྱུད་ལ་སྐྱེས་ནས་སློབ་མ་འཁྲིད་དུ་ཉན་པ་ཡིན་ཏེ། འོན་ཀྱང་སྒོམ་མེད་ཀྱི་རྟོགས་པ་གཤའ་མ་དེ་བ་སྐྱེས་པར། མངོན་ཤེས་མིའོང༌། མངོན་པར་ཤེས་པ་དེ་མེད་པར། གཞན་གྱི་བློ་ཚོད་མཐོ་དམ་འདུས་ལ་བབ་མ་བབ་མི་ཤེས་སྒོམ་མེད་ཀྱི་རྟོག་པ་སྐྱེས་ན། སྙིང་རྗེ་ཆེན་པོས་གཞན་དོན་ལ་བློ་འགྲོ་བ་དང༌། རང་ཚེ་འདི་ཉིད་ལས་བློ་སྔོག་བ་དང༌། ཚེ་འདིའི་ལྟོས་ཐག་རྦད་ཆོད་ནས་ཐུགས་རྗེ་ཆེན་པོ་རྒྱུན་ཆད་མེ་དཔར་ཤར་བའི་དུས་ན་གཞན་དོན་བུན་དུམ་ཚོགས་པ་འབྱུང་བ་ཡིན་གསུང་སོ། །འོ་ན་བླ་མ་རིན་པོ་ཆེའི་ཐུགས་ལ་འཁྲུངས་པ་འདི་གཏུམ་མོ་བསྒོམས་པ་ལས་བྱུང་བ་ལགས་སམ། ཕྱག་རྒྱ་ཆེན་པོ་བསྒོམས་པ་ལས་བྱུང་བ་ལགས་ཞུས་པས། ངའི་ཡོན་ཏན་རྒྱུད་ལ་སྐྱེས་པའདི་གདམས་ངག་ ༢༨༑ ༥༥ ༢༩༑ །བསྒོམས་པ་ཡང་ཡིན། དེ་བས་ཀྱང་བླ་མ་མིལི་ཅཱི་གསུང་བཀའ་བཞིན་བསྒྲུབས་ཤིང་མོས་གུས་བྱས་པའི་བྱིན་རླབས་ཀྱིས་བྱུང་བ་ཡིན། བླ་མ་ནཱ་རོ་པས་ཀྱང་བླ་མའི་བཀའ་བཞིན་དུ་མཛད་པས་མཆོག་ཐུན་མོང་གི་དངོས་གྲུབ་དུས་གཅིག་ཏུ་ཐོབ་པ་ཡིན་གསུང༌། འོ་ན་སྔོན་བས་ད་ལྟ་ངོ་བོ་རྒྱུད་་ལ་སྐྱེ་བ་སླ་བར་གདའ་བས་རྒྱུ་ཅིལགས་ཞུས་པས། དེ་སྔོན་ལ་སྐྱེས་པའི་རྣ་བ་བས། ཕྱི་ནས་སྐྱེས་པའི་རྭ་རིང་བ་ཡིན་པས་བླ་མའི་བྱིན་རླབས་དང་རྟོགས་པ་མཐོར་སོང༌། སློབ་མ་མོས་གུས་ཆེར་སོང་བའི་སྟོབས་ཀྱིས་རྒྱུད་ལ་སྐྱེ་སླབ་ཡིན་གསུང༌། ཇོ་བོ་ཁམས་བསྟོན་པ་ཁྱོད་འདྲ་བའི་ཆོས་དྲི་མཁས་པ་མ་བྱུང་་གསུང༌། འདི་ན་ཡང་རྟོག་པ་མཐོ་བ་དང་དགེ་སྦྱོར་བཟང་བ་མང་དུ་ཡོད་དེ་གསུང་ངོ༌། །སྒམ་པོ་ཟངས་ལུང་ཡང་དགོན་དུ། །རྗེ་རིན་པོ་ཆེ་སྙི་བ་ཆེན་པོ་ལ། །མདོ་འགག་རིན་ཆེན་ཕྲེང་བ་འདི། །ཞུས་པས་འགྲོ་རྣམས་མ་ལུས་པ། །གཉིས་མེད་ཡེ་ཤེས་རྒྱས་བར་ཤོག །ཚེ་འདིར་འཇའ་ལུས་ཆོས་སྐུ་ཐོབ་པ་ལ། ༣༠༑ ༥༦ མཕད ཚེ་འདིའི་ཟང་ཟིང་ལྟོས་ཐག་རབ་སྤངས་ཤིང༌། །དབེན་པའི་གནས་སུ་བླ་མ་ཡི་དམ་བརྟེན་ཚུལ་གྱིས། །རླུང་སེམས་གནིས་མེད་ཕྱག་རྒྱ་ཆེ་ལ་སྦྱར་བར་བྱ། །དཔེ་དང་ཐ་སྙད་མརང་པོས་འདི་ལ་དགོས་པ་མེད། །བླ་མ་རིན་པོ་ཆེ་ལན་་མོ། །བླ་མར་ཏྣ་བདག་གིས་འཁོར་འདས་གཉིས་རྩད་གཅོད་ཅིང༌། ཆོས་ཉིད་ངོ་སྤྲོད་པ་གཅིགཞུབྱས་པས། བླ་མའི་ཞལ་ནས་འོ་ཅག་འཁོར་འདས་གཉིས་ཟེར་བ་དང༌། སངས་རྒྱས་དང་སེམས་ཅན་གཉིས་ཟེར་བསྟེ་དེ་དོན་ཅི་ཡིན་ན། སེམས་ལ་རིག་པ་དང་མ་རིག་པ་གཉིས། རིག་པ་ངོ་ཤེས་མ་ཤེས་གཉིས་སུ་འདུག །རིག་པ་ངོ་ཤེས་ན་སངས་རྒྱས་ཟེར་བ་ཡིན་པས་རིག་པ་ཆོས་ཉིང་དུ་ངོ་སྤྲོད་་པར་བྱ་སྟེ། རི་ཁྲོད་ལ་སོགས་སྐྱོ་བ་སྐྱེ་ཞིང་ཉམས་འཕེལ་བ་ཡིད་དང་མཐུན་པའི་གནས་སུ་ཕྱིན་ལ། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱའོ་སྟམ་དུ་སེམས་བསྐྱེད་ལ། ལུས་ལྟར་བསྒོམ། བླ་མ་སྤྱི་བོར་སྒོམ། རང་གི་སེམས་རྣམ་རྟོག་གང་གིས་ཀྱང་མ་སླད་པ། ཅི་ཡང་མ་ཡིན་པས་སེམས་གར་ ༣༢༑ ༥༧ ༣༣༑ །ཡང་མ་བཅོས་པ། གསལ་སིང་ངེ་ཡེ་རེས་ལེ་ཧྲིག་གེ་བཞག །དེ་ལྟར་བཞག་པས་ལ་ལ་ན་རེ། བསྒོམ་པའི་དུས་སུ་གསལ་སིང་ངེ་བཞིག་འདུག་སྟེ། དེ་སྒོམ་ཡིན་ནམ་མི་ན་ཟེར་བ་འབྱུང་སཏེ། དེ་ཁོ་ན་རྩེ་གཅིག་གི་རྣལ་འབྱོར་བྱ་བ་ཡིན་ཏེ། དེ་ལ་བརྩོན་འགྲུས་བསྐྱེད་ནས་བསྒོམས་པས་དང་པོར་སེམས་འཕྲོ་བ་ཙུག་འདུག་ཀྱང༌། རྟོག་པའི་བག་ཆགས་ཇེ་ཆུང་དུ་འགྲོ་བ་ཡིན། རྟོག་པ་ཆུག་དུ་སོང་བས་སེམས་ཉིད་ཇེ་དངས་ཇེ་དངས་ལ་འགྲོ་བ་ཡིན། དེས་སྒྲིབས་ཐམས་ཅད་འཛད་པ་ཡིན། དུས་དེ་ཙམ་ན་བྱ་བ་ཐམས་ཅད་བཏད་ལ་བླ་མ་དང༌། ཡི་དམ་ལ་སོགས་པ་ལ་གསོལ་བ་འདེབས་པ་དང༌། མོས་གུས་དྲག་པོ་བྱེད་པ་དང། བྱ་བ་བཏང་ནས་བསྒོམ་པ་ལ་བརྩོན་པ་སྐོམ་པ་ཆུ་འཐུང་བ་འདྲ་བ་ཞིག་དགོས་པ་ཡིན་ནོ། །དུས་དེ་ཙམ་ན་པ་བསྒོ་མ་མི་འོང་སྙམ་པ་ཀུན་ལ་ཡང༌། ནན་ཏན་བྱས་པས་འོང་གིན་འདུག །དང་པོ་ནས་བཏང་སྙོམས་སུ་ལྟེང་སིང་ངེ་བ་དེས་བག་མི་ཡོང་བར་འདུག །དེ་ལྟར་གསལ་སིང་ངེ་བ་བསྐོམས་པས་སྡིག་ ༣༤༑ ༥༨ མཚད པ་ ཟད་ནས་རྩེ་གཅིག་གི་རྣལ་འབྱོར་གཤའ་མ་ཞིག་ནང་ནས་རྒྱུད་ལ་སྐྱེ་སྟེ། ཤེས་པ་རྟེན་མེད་པ་གང་ལ་ཡང་མི་རེད་པར། སྤྲོས་བ་ཐམས་ཅད་དང་བྲལ་བ་རིག་པའི་ངོ་བོ་ཤུན་པ་བཤུས་པ་འདྲ་བའམ། ངོ་བོ་ལ་སྙིང་པོ་བཅུག་བལྟ་བུ་ཞིག་འོང་སྟེ། དེ་ཙམ་ན་མརྙེད་པ་རྙེད་ངོམ་ཤེས་པ་ཤེས། དབུལ་པོའི་ལག་ཏུ་གཏེར་རྙེད་བ་ལྟ་བུར་ཟག་པ་མེད། པའི་དགའ་བ་རྒྱས་བའོང་སྟེ། སེམས་སྤྲོ་སིང་ངེ་དགའ་སེང་ངེ་བཞིག་ཡོང་བ་ཡིན་ནོ། །དེ་ལ་ནན་ཏན་བསྐྱེད་ནས་བསྒོམས་པས་འཁྲུལ་པའི་རྟོག་པ་རྣམས་སངས། རྩོལ་་སྒྲུབ་ཀྱི་ཉམས་ལེན་དང་བྲལ་ནས། རིག་པ་སྦྲོས་མེད་དུ་སོང་བས་སྤྲོས་བྲལ་གྱི་རྣལ་འབྱོར་ཞེས་བྱ་སྟེ། །སྣང་བ་ལ་བློ་བཏང་ཡང་མི་འགྲོ་བར་སྣང་བ་དགག་སྒྲུབ་དང་བྲལ་བ་སྟེ། སྣང་བ་ཐམས་ཅད་ལུང་མ་བསྟན་དུ་འགྲོ་བ་ཡིན་ནོ། །དེ་ལ་བསྒོམས་པས་ཡུན་རིང་དུ་གནས་པས་དུམ་རོ་གཅིག་གི་རྣལ་འབྱོར་ཞེས་བྱ་བ་ནང་ནས་འཆར་ཏེ། རྣམ་རྟོག་གི་སྣང་བ་ལ་རིག་པས་སྒྲོ་འདོགས་གཅོད་མི་དགོས་པར། ཐམས་ཅད་སེམས་སུ་ཐག་ཆོད་པ་ཞིག་འོང་བ་ཡིན་ནོ། །དེ་ཙམ་ན་རང་རྐྱ་ཐུབ་པ་ཞིག་འོང་བ་ཡིན། དེ་ མཛད ༣༧༑ ༥༩ ༣༨༑ །ཡང་བློ་ཡར་ལྡན་དུའོང་སྟེ། སྣང་བ་འདི་སེམས་ཀྱི་རྣམ་འཕྲུལ་ཡིན་པར་ཤེས་པ་ཞིག་སྐྱེ་སྟེ། བསྒོམ་མི་དགོས་པར་སྣང་བ་འདི་རེས་སྒྱུ་མར་མཐོང༌། རེས་སྟོང་པར་མཐོང༌། རེས་རྟོག་པ་འཕྲོ་བཙུག་བྱེད། རིག་པ་དང་སྟོང་པ་ངོ་སྤྲད་བའི་གནད་ཀས་ངོ་བོ་ལ་བློ་ལྷན་གྱིས་བཞག་ཙ་ན། རྟོག་པ་ཐམས་ཅད་གར་སོང་ཆ་མེད་ལ་འགྲོ་པ་ཡིན༌། དེ་ལ་ཡུལ་རིང་དུ་སིང་ངེ་གནས་པས་བསྒོམ་དུ་མེང་པའི་རྣལ་འབྱོར་ཞེས་བྱ་བསྐྱེ་སྟེ། སྣང་བ་ཐམས་ཅད་ཆོས་ཉིད་འོད་གསལ་དུ་འཆར་རོ། །འདོད་ཆགས་་ལ་སོགས་པ་ཉོན་མོངས་པ་དང་རྣམ་རྟོག་སྐྱེས་པ་དང༌། ཆོས་ཉིད་འོད་གསལ་དུ་ལྷག་གིས་ཤར་བ་དང་གཉིས་དུས་གཅིག་ཏུ་ལྷངས་ལྷངས་ཤར་བ་ཡིན་ནོ། །དེཅིའི་ཕྱིར་ཞེ་ན། སྣང་བ་དང་རྟོག་པ་ཆོས་ཉིད་རང་ཡིན་པའི་ཕྱིར་རོ། །རིག་པ་དང་ཆོས་སྐུ་རྔོ་རུས་ཕྲད་པའི་གནད་ཀས། བསྒོམ་མི་དགོས་པར་ཆོས་སྐུར་ལྷངས་ལྷངས་འཆར་རོ། །དེ་ཙན་ན་མཉམ་གཞག་དང་རྗེས་ཐོབ་མེད་པ་ཡིན་ཏེ། བསྒོམས་ཀྱང་འོང་ལ་མ་བསྒོམ་ཀྱང་འོང་བའོ། །འགྲོ་འཆག་ཉལ་འདུག་ཅི་བྱས་ཀྱང་ཆོས་ ༣༩༑ ༦༠ ཙཔད ཉིང་འོད་གསལ་རྒྱུན་ཆད་མེད་པར་གནས་སོ། །དེའི་དུས་རིག་སྟོང་གི་ངོ་བོ་ལ་ངེས་པའི་ཤེས་པས་ནང་དུ་བལྟས་པའི་དུས་སུ། ངོ་བོའི་ན་དོན་དེ་ལ་གང་གིས་ཀྱང་མ་ཕོག་པ་ཡིན། ཕ་རོལ་ཏུ་ཕྱིན་པའི་སྨྲ་བསམ་བརྗོད་མེད་ཀྱིས་ཀྱང་མ་པོང༌། །དབུ་མ་པའི་ངོ་བོ་ཉིད་ཀྱིས་སྐྱེ་མ་མྱོང་བྱས་པས་ཀྱང་མ་ཕོག །མ་ཧཱ་མུ་ཏྲས་བློ་ལས་འདས་པ་ཡིན་བྱས་པས་ཀྱང་མ་ཕོག །སེམས་ཙམ་པའི་ལྟ་བ་རང་རིག་རང་གསལ་ཡིན་བྱས་པས་ཀྱང་མ་ཕོག །ངའི་ཚིག་གིས་བརྗོད་པ་དེ་རྣམས་ཀྱིས་ཀྱང་ཡེ་མི་ཕོག །དེ་ངེས་པའི་ཤེས་པ་ཁ་ཕྱིར་བལྟས་པའི་དུས་སུ་ཚིག་ཙམ་དུ་མཚོན་ན་དེ་རྣམས་གང་དང་ཡང་མི་འགལ་བ་ཡིན། དེ་ཅིའི་ཕྱིར་ཞེ་ན། རིག་བ་དང་སྣང་བ་བཀག་པས་མི་ཁེགས། དེ་ཉིད་ཀྱི་དོན་སྟོང་པ་ཉིད་དེ་བསྒྲུབས་པས་མི་འགྲུབ། དེ་ཙམ་ནི་ཚིག་དང་ཐ་སྙད་རྟོག་པའི་སྤྱོད་ཡུལ་མིན། ཕྱོགས་རེ་ནས་མཚོན་ན་གང་དང་ཡང་མཐུན། དེའི་དུས་སུ་མཉམ་གཞག་ཆེན་པོའི་རྣལ་འབྱོར་ཞེས་ཀྱང་བྱའོ། །བླ་མ་རིན་པོ་ཆེའི་ཐུགས་ཉམས་ལས་འཁྲུངས་པའི་ཆོས་ཡིན། ཉམས་སྐྱེས་པ་རྣམས་ལ་ངོ་སྤྲོད་པར་བྱེ་དང༌། ཐེ་ཚོམ་ཟ་བར་་༦༡ ༤༡༑ །བྱེད་པ་རྣམས་གྱི་ཞུག་ཏུགས་བྱེད་པད་ང༌། གེགས་སེལ་བར་བྱེད་པ༌། ངོ་བོ་རྣལ་མ་སྐྱེས་པ་རྣམས་ཀྱི་ཉམས་དང་སྲེ་བར་བྱེད་པ་རྫོགས་སོ། །བླ་མ་རིན་པོ་ཆ་སྒམ་པོ་པ་ལ་རྗེ་རིན་པོ་ཆེ་ཕག་མོ་གྲུ་པས་ཞུས་ལན་གྱི་ཚུལ་དུ་ཞུས་པའོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་རིན་པོ་་ཆེ་ལ་ཁོ་བོས་ཕྱིས་ཆོས་ཞིག་ཞུས་པ་ནི། རིག་པ་ཤེས་པའི་སྒོ་ནས་ཆོས་ཐམས་ཅད་ཀྱི་སྤྱི་དང་རང་གི་མཚན་ཉིད་གཏན་ལ་ཕབ་སྟེ། རྟོག་པ་བཟང་བོ་སྐྱེས་ཀྱང་རྟོག་པའི་ཕྲེང་བར་གདའ། ཐབས་ལམ་ཟབ་མོ་བསྒོམས་ཀྱང་རྣམ་རྟོག་ཉིད་ལ་ཉིད་བ་ཀལ་དུ་འདུག་སྟེ། བདེ་གསལ་མི་རྟོག་པའི་ཉམས་བཟང་པོ་སྐྱེས་ཀྱང༌། བླ་མ་བྱིན་རླབས་ཅན་དང༌། གསང་སྔགས་ཀྱི་ཐབས་ལམ་ཟབ་་མོ་ཁྱད་པར་ཅན་དང༌། རང་གི་མོས་གུས་དང༌། དཀའ་ཐུབ་འཛོམ་པའི་དུས་བཟང་པོར་སོང་བ་ཙུག་འདུག་ཀྱང༌། སྐྱེས་བུ་ཆང་གིས་བཟི་བའི་དུས་ན་བསམ་བརྗོད་བྲལ་བའི་ཉམས་སྐྱེས་པའམ༌། གཞོན་ནུས་བདེ་བ་མྱོང་བའི་དུས་སུ་སྨྲ་བསམ་བརྗོད་མེད་ཀྱི་ཉམས་སྐྱེས་པའམ། བདེ་བ་ཐོབ་པ་དང་འདྲ་བར། ཞེསྡང་དྲག་བོ་ལ་སོགས ༤༢༑ ༦༢ ཙམད པ་ རེན་དྲག་པོ་སྐྱེས་པའི་སྟོབས་ཀྱིས་རྐྱེན་མི་བཟློག་པའི་དུས་སུ། རྣལ་འབྱོར་པ་གྲོང་དུ་འཁྱམས་པས་འདོད་ཡོན་གྱིསམགོ་འཁོར་བའི་དུས་སུ། ཉམས་བཟང་པོ་ཐམས་ཅད་ཀྱང༌། བཟི་སངས་པ་བཞིན་དུ་འགྲོ་བར་འདུག་པས་དེ་ཙམ་ན་ཆོས་ཀྱི་དོན་ལ་ངེས་པའི་ཤེས་པ་མ་སྐྱེས་ན། ཅིས་ཀྱང་མི་ཕན་པར་གདའ་བས། རྣལ་འབྱོར་རྣམ་པ་བཞིའི་རྩེ་གཅིག་གི་རྣལ་འབྱོར་གཤའ་མ་ཞིག་སྐྱེས་དུས་སུ། ངེས་པའི་ཤེས་པ་ཅི་འདྲ་བཞིག་སྐྱེབ་ལགས། དེ་ནས་སྤྲོས་བྲལ་གྱི་རྣལ་འབྱོར་མནོར་བ་ཞིག་སྐྱེས་པའི་དུས་སུ་ངེས་ཤེས་ཅི་འདྲ་བ་ཞིག་སྐྱེ་བ་ལགས། དེ་ནས་དུ་མ་རོ་གཅིག་གི་རྣལ་འབྱོར་མ་ནོར་བཞིག་སྐྱེས་པའི་དུས་སུ་ངེས་པའི་ཤེས་པ་ཅི་འདྲ་བ་ཞིག་སྐྱེ་བ་ལགས། དེ་ནས་བསྒོམ་དུ་མེད་པའི་རྣལ་འབྱོར་མ་ནོར་བཞིག་སྐྱེས་པའི་དུས་སུ་ངེས་སུ་ངེས་པའི་ཤེས་པ་ཅི་འདྲ་བ་་ཞིག་སྐྱེ་བ་ལགས་ཞེས་ཞུས་པས་ཞལ་འཛུམ་མཛད་ནས། འོ་དགེ་བའི་བཤེས་གཉེན་གྱིས་ཆོས་གོ་བར་འདུག་གསུང་ནས། ངས་ནི་བླ་མ་དམ་པའི་དྲིན་གྱིས་བླ་མའི་ཡོན་ཏན་བ་སྤུ་ཉག་མ་བརྒྱ་ར་བཤགས་ ཙཙད ༤༥༑ ༦༣ ༤༦༑ །པ་ཙམ་ཞིག་གོས་ཏེ། ངེས་པའི་ཤེས་པ་བག་ཙམ་ཞིག་སྐྱེས་བདེ། འགྲོ་བ་ལ་ཕན་པའི་བསམ་པས་ངོ་བོ་རྗེན་པར་བཤད་ནས། རིག་པ་དང་སྟོང་པ་ངོ་སྤྲད་ཀྱང༌། སྟོན་པ་ཀུན་དང་སྒོམ་ཆེན་མང་པོ་བྱོན་པ་རྣམས། ངེས་པའི་ཤེས་པ་མི་སྐྱེ་བར། ལོ་མ་དང་ཡལ་ག་འདྲ་བའི་ཚིག་ན་ཡ་མང་པོ་དང༌། ཐབས་ལམ་ཞུ་ཟེར་བ་མང་པོ་འོང་བར་འདུག །དགེ་བའི་བཤེས་གཉེན་གྱིས་གོ་བར་འདུག་པས་འདི་ལྟར་ཡིན་པ་ལ། ཐུགས་ལ་ཟུང་ཞིག་གསུངས་ནས་གནང་བ་ནི། དེལ་དང་པོ་རྩེ་གཅིག་གི་རྣལ་འབྱོར་མ་ནོར་པ་ཞིག་སྐྱེས་པའི་དུས། རང་གི་རིག་པ་འདི་རྣམ་རྟོག་གིས་མ་བསྐྱོད་པར་ཅིར་ཡང་མ་བཅོས་གང་ལ་ཡང་མི་སེམས་བར་གཞག་པ་སྟེ། ཏིང་ངེ་འཛིན་གྱི་རྒྱལ་པོ་ཡིན་པས་ངེས་པའི་ཤེས་པ་སྐྱེ་དགོས། ཁཅིག་དེ་ལྟར་སྐྱེས་ཀྱང༌། ཡིན་པར་མ་ཤེས་པས། སྒོམ་དེ་དམིགས་གཏད་ཅན་ནམ། ཉམས་མྱོང་ཅན་ནམ། ཡང་ན་རྣམ་རྟོག་འགགས་སྣང་བ་ནུབ་ནས་རོ་བཞིན་དུ་འདོད་འཇུག་སྟེ། དེ་མིན་གསུང༌། དེ་ནས་སྤྲོས་བྲལ་གྱི་རྣལ་འབྱོར་མ་ནོར་བཞིག་སྐྱེས་བའི་དུས་སུ། ༤༧༑ ༦༤ ཙཞད གསལ་སྟོང་ལ་བློ་འབྱོངས་པས་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སེམས་ཀྱི་རྣམ་འཕྲུལ་ཡིན་ཏེ། སེམས་ཉིད་སྐྱེ་བ་མེད་བརྩད་ཆོད་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སར་དག་པའི་ངེས་པའི་ཤེས་པ་ལྷངས་ཀྱིས་སྐྱེ་དགོས། དེ་ལྟར་མཁའ་འགྲོ་མ་གུར་ལས། སེམས་བསྒོམས་བས་ནི་སངས་རྒྱས་ཏེ། །རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་སོ། །དེ་ནས་དུ་མ་རོ་གཅིག་གི་རྣལ་འབྱོར་མ་ནོར་པ་ཞིག་སྐྱེས་པའི་དུས་སུ། སེམས་ཀྱི་སྣང་བ་རིག་པའི་རྩལ་རྣམ་ཏོག་སྣ་ཚོགས་སུ་འགྱུས་ཀྱང་གཉེན་པོ་གཞན་རྟེན་མི་དགོས་པར་སེམས་ཀྱི་རྣམ་རྟོག་ཉིད་ལ་བདེན་པ་དང་རྟག་པར་མ་གྲུབ་བར་ངོ་བོ་ཉིད་ཀྱིས་མ་སྐྱེས་ཏེ། ཆོས་ཉིད་དུ་ངེས་པའི་ཤེས་བ་ཁྷངས་ཀྱིས་སྐྱེ་དགོས། ད་ནས་ཐ་མ་བསྒོམ་དུ་མེད་པའི་རྣལ་འབྱོར་མ་ནོར་བ་ཞིག་སྐྱེས་པའི་དུས་སུ། །སེམས་ཀྱི་རྣམ་རྟོག་དང་བསྒོམས་པའི་ཉམས་དང་རྟོགས་པའི་ཤེས་རབ་རྣམས་ངོ་བོ་མཐོང་བའི་མཐུས་དབྱིངས་སུ་ཡལ་ཏེ། ཐ་མལ་གྱི་ཤེས་པ་མ་བཅོས་པ་ཆོས་ཉིད་དུ་ངོས་འཛིན་ ༤༩༑ ༦༥ ༥༠༑ །པ་ངེས་བའི་ཤེས་བ་ལྷངས་ཀྱིས་སྐྱེ་དགོས། དེ་ཡང་དང་པོར་རྩེ་གཅིག་གི་རྣལ་འབྱོར་བསྒོམ་པའི་དུས་སུ། བྱ་བ་ཐམས་ཅད་བློས་བཏང་ལ་ལུས་་སེམས་ཁོང་གློད་ལ་སེམས་ནམ་མཁའ་ལྟར་འཕངས་བསྟོང༌། ས་གཞི་ལྟར་རྒྱ་བསྐྱེད། རི་བོ་ལྟར་ལྷུན་དབབ། མར་མེ་ལྟར་གསལ་བསྟོད། མན་ཤེལ་ལྟར་དྲིམ་སྤངས་ཏེ། གསལ་སྡོང་རྟོག་པ་དང་བྲལ་བའི་སེང་ངེ་ཡེ་རེ་གཞན །དེའི་དུས་སུ་ཁམས་དང་འབྱུང་བའི་སྟོབས་ཀྱིས་རེས་གསལ་སིང་ངེ་བའི་ཉམས་སྐྱེ། རེས་སྟོང་སིང་ངེ་བ་སྐྱེ། རེས་རྟོག་བ་འཕྲོ། རེས་རྟོག་གེ་བ་ཡང་ཡོང༌། རེས་ང་ལ་སྒོམ་མེད་སྙམ་པའི་ཡི་མུག་པའང་འོང༌། ཇི་ལྟར་གྱུར་ཡང་སེམས་ཉིད་གསལ་སྟོང་དུ་མ་བཅོས་པར་སིང་ངེ་བ་ཁོ་ན་ལ་ནན་ཏན་དུ་བསྒོམ་མོ། དེ་ཅི་ཞི་གཙན་རྩེ་གཅིག་རྣལ་འབྱོར་གཤའ་མ་དེ་ནམ་སྐྱེས་ཆ་མེད་པར་འཆར་ཏེ། དེ་ལ་ཉམས་ནི་ཤེས་པ་སྤྲོ་སིང་ངེ་་དགའ་སིང་ངེ་བ། སྣང་བ་ལ་སྤྲོས་པ་བཏང་ཡང་མི་འགྲོ་བར་གསལ་སིང་ངེ་གནས་པ་ཞིག་འབྱུང་ངོ༌། དེའི་དུས་སུ་ངེས་པའི་ཤེས་པ་ཞིག་སྐྱེ་སྟེ་ཆུ་མ་རྙོགས་ ༥༡༑ ༦༦ ཚབད པར་བཞག་བ་ལྟ་བུའམ། མེ་ཏོག་བཞིན་དངས་སིང་ངེ་ས་ལེ་འབྱུང་སྟེ། རིག་པ་མ་བཅོས་པར་ཆོས་ཉིད་དུ་ངོ་འཕྲོད་པས་རེ་དོགས་ཐམས་ཅད་དང་བྲལ་ལོ། །དེ་ནིད་སྤྲོས་བྲལ་གྱི་རྣལ་འབྱོར་ཡིན་ཏེ། དེ་ལ་བསྒོམས་པས་ཉམས་ནི་སྤྲོས་པའི་མཐའ་ཐམས་ཅད་རིག་བ་རང་གི་ཆོ་འཕྲུལ་ཡིན་པས། རིག་པ་གསལ་སྟོང་དུ་དག་ཙ་ན། རིག་པ་ལྷང་ངེ་ལྷན་ནེ་རྗེན་ནེ་ཅེ་རེ་བ་ཞིག་འབྱུང༌། དེའི་དུས་སུ་ངེས་པའི་ཤེས་པ་ཞིག་སྐྱེ་སྟེ། སྐྱུ་རུ་ར་རློན་པ་ལག་མཐིལ་དུ་བཞག་པའམ། མན་ཤེལ་ཕྱིས་ནས་དག་པ་མཁར་གཞོང་དུ་བཞག་པ་བཞིན། སྤྲོས་བའི་མཐའ་ཐམས་ཅད་རིག་པའི་རྣམ་འཕྲུལ་ཡིན་ཏེ། རིག་པ་ངོ་ཤེས་པས་གསལ་དངས་སུ་ངག་ཙ་ན། རིག་སྟོང་གསལ་དངས་སུ་ལྷག་གེ་བཞིག་འབྱུང་ངོ༌། །དེ་ལ་ཡུན་རིང་དུ་བསྒོམ་པས་དུ་མ་རོ་གཅིག་གི་རྣལ་འབྱོར་བྱ་བ་འཆར་ཏེ། དེ་ལ་ཉམས་ཤིག་འཆར་བ་ནི་བསྒོམ་པའི་བློ་བཏང་མི་དགོས་པར་ངོ་བོ་རང་གསལ་དུ་ཧྲིག་གེ་གནས། གཉེན་པོ་རྟེན་མི་དགོས་པར་རྟོག་པ་མི་འབྱུང༌། སྒྲོ་འདོག་བཅད་མི་དགོས་པར་སེམས་གསལ་ ༥༣༑ ༦༧ ༥༤༑ །སྟོང་དུ་དག་པས། རྟོག་དཔྱོད་ཀྱི་བློ་མི་འཆར་དོ། དེའི་དུས་སུ་ངེས་པའི་ཤེས་པ་ཞིག་སྐྱེ་སྟེ། ཉི་མ་ཤར་ཙ་ན་མུན་པ་རང་སར་དག་པ་བཞིན་དུ། རིག་པ་གསལ་སྟོང་དུ་དག་ཙ་ན། རྣམ་རྟོག་བཙལ་ཡང་མི་རྙེད་བར་དག་སིང་ངེ་འགྲོ་བའོ། །དེའི་དུས་ཤེས་པ་ཁ་ནང་དུ་བལྟས་པས། ངོ་བོ་གསལ་དག་ཆོས་ཉིད་ཀྱི་བདེ་བར་གསལ་སིང་ངེ་བདེ་མཉམ་བཞག་ཡིན་ལ། ཤེས་པ་ཕྱིར་བལྟས་པས་སྣང་བ་ལུང་མ་བསྟན་དུ་ལྟ་པ་དེ་རྗེས་ཐོབ་ཡིན། ལར་མཉམ་རྗེས་མེད་པ་ཡིན། དེའི་དུས་བསྒོམ་དུ་མེད་པའི་སྒོམ་པ། བསམ་དུ་མེད་པའི་བསམ་གཏན། ཆུ་བོ་རྒྱུན་གྱི་རྣལ་འབྱོར་ཞེས་བྱའོ། དེ་ཡང་ཡུན་རིང་དུ་བསྒོམས་པས་བསྒོམ་དུ་མེད་པའི་རྣལ་འབྱོར་ཞེས་པ་སྐྱེ་སྟེ། དེ་ལ་ཉམས་མི་སྟོན་ཀའི་ཉི་མ་གུང་གི་ནམ་མཁའི་དཀྱིལ་བཞིན་དུ། ཅིར་ཡང་མ་གྲུབ། གར་ཡང་མ་འགགས་པ། ཅི་ལ་ཡང་མི་གནས་་གང་དང་ཡང་མཐུན། འདུ་འབྲལ་མེད་པར་སིང་ངེ་གནས་པའོ། །དེའི་དུས་སུ་ངེས་བའི་ཤེས་པ་ཞིག་སྐྱེ་སྟེ། ཐ་མ་ལ་པའི་ཤེས་པ་མ་བཅོས་པ་འདི་གྲྭ་མཆག། ༥༥༑ ༦༨ ཚུཛུདུ ཟུར་མཉམས། རྒྱ་མཞིག་པ། ཞི་ཆམ་ཆམ། བདེ་ལམ་ལམ། མབ་ཅོས་མ་བསླད་པ། མ་བསྣ་ན་བྲི་བར་ཆོས་ཉིད་དུ་ལྷངས་ཀྱིས་ཤར་བའོ། །དེའི་དུས་སུ་སྣང་བ་དང་རིག་པ་བཀག་པས་མི་ཁེགས་པ་སྟེ། སེམས་ཉིད་ཀྱི་རྩལ་དུ་རང་སྣང་རང་ཤར་བའི་གནད་ཀས་སོ། །རྟོག་པ་དང་འཁྲུལ་པ་བཙལ་ཀྱང་མརྙེད་དེ། །དེ་ཉིད་ཀྱི་ངོ་བོ་རང་སྟོང་རང་དག་པའི་གནད་ཀས་སོ། །ཆོས་ཉིད་བསྒྲུབས་པས་མི་འགྲུབ་བ་སྟེ། བསྒོམ་དུ་མེད་ཅིང་རང་བཞིན་སྐྱེ་མ་མྱོང་བའི་གནད་ཀས་སོ། །གནས་པ་ལ་བཞག་པའི་ཐབས་མེད་དེ། བསྒོམས་ཚད་འཁྲུལ་བ་ཡིན་པའི་གནད་ཀས་སོ། །ཡང་ན་སྟོང་ཉིད་ངོ་བོ་བསྒོམ་དུ་མི་བཏུབ་པའི་གནད་ཀའོ། །མཉམ་གཞག་དང་རྗེས་ཐོབ་མེད་དེ་ཆོས་ཉིད་དེ་སྤང་ཐོབ་དང་བྲལ་བའི་ཕྱིར་རོ། །དེ་ལྟར་ཡང་ཧེ་བཛྲལས། ངོ་བོ་གཟུགས་མེད་མཐོང་བ་པོ་ཡང་མེད། །སྒྲ་མེད་ཐོས་པ་པོ་ཡང་མེད། །དྲི་མེད་སྣོམ་པ་པོ་ཡང་མེད། །རོ་མེད་མྱོང་བ་པོ་ཡང་མེད། །རེག་མེད་རེག་པ་བོ་ཡང་མེད། །སེམས་མེད་སེམས་ལས་བྱུང་བ་མེད། །ཅེས་བས་སོ། །ཡང་ཧེ་ ༥༧༑ ༦༩ ༥༨༑ །བཛྲལས། སེམས་ཅན་སངས་རྒྱས་ཡིན་མོད་ཀྱང༌། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དྲི་མ་དེ་བསལ་སངས་རྒྱས་ཉིད། །ཅེས་སོ། །གང་ཞིག་ཡིད་ཀྱིས་མ་བསྒོམས་པར། །འགྲོ་བ་ཐམས་ཅད་བསྒོམ་པར་བྱ། །ཞེས་སོ། །ལར་དང་པོ་རྩེ་གཅིག་གི་རྣལ་འབྱོར་གྱི་དུས་སུ། འདུ་འཛི་སྤངས་ཤིང་བརྩོན་འགྲུས་་བསྐྱེད་པ་གལ་ཆེ། དེ་ནས་སྤྲོས་བྲལ་གྱི་རྣལ་འབྱོར་གྱི་དུས་སུ་བཏང་སྙོམས་ལ་མ་ལུས་པར་ཤེས་པ་ངར་དང་བཅས་པ་གལ་ཆེ། དུ་མ་རོ་གཅིག་གི་རྣལ་འབྱོར་གྱི་དུས་སུ་གོ་ཡུལ་སྤྱིའི་རྣམ་པ་དང་མ་འདྲེས་པར་ནང་དུ་ཉམས་སུ་མྱོང་བགལ་ཆེ། བསྒོམ་དུ་མེད་པའི་རྣལ་འབྱོར་གྱི་དུས་སུ་ཉམས་མྱོང་གི་རྩི་ལམ་འབྱར་བ་གལ་ཆེ་གསུང་ངོ༌། །ཉམས་ལ་མཞེན་པ་ཞིག་དགོས་གསུང༌། བླ་མ་རིན་པོ་ཆེའི་ཐུགས་ལས་འཁྲུངས་པའི་རྣལ་འབྱོར་ཆོས་བཞི་ཕྲ་རྒྱས་རང་བཅས་པ་ཁོ་བོས་ཞུས་ལན་གྱི་ཚུལ་དུ་ཞུས་པའོ། །ན་མོ་རཏྣ་གུ་རུ། མཉམ་མེད་རིན་པོ་ཆེ་ལ་འདུད། །དང་པོ་ཞི་གནས་སྐྱེ་བར་བྱེད་པའི་རྒྱུ་བཞི། བླ་མའི་བྱིན་རླབས་ ༥༩༑ ༧༠ ཛཔད ཀྱིས་སྐྱེ་བ་དང༌། རྟེན་འབྲེལ་ལས་སྐྱེ་བ་དང༌། ཚོགས་བསགས་པ་ལས་སྐྱེ་བ་དང༌། སྡིག་པ་སྦྱངས་པ་ལས་སྐྱེབ་དང་བཞིའོ། །སེམས་ཀྱི་ངོ་བོ་མ་བཅོས་པ་མ་བསླད་བ་རྣལ་མ་གསལ་ལ་དག་བདུས་ཐམས་ཅད་པ་རྒྱུན་ཆད་མེད་པ་ཞིག་ཡིན་ཏེ། དེ་ལ་ཡང་གནིས། སྣང་ལ་ངེས་པ་དང་སྣང་ལ་མ་ངེས་བའོ། །སྟོན་ཀའི་ནམ་མཁའ་ལྟ་བུ་དང༌། སེམས་གཉིས་སུ་མེད་པར་རྟོགས་བདེ་སྣང་ལ་ངེས་པ་ཡིན། ཡར་སངས་རྒྱས་ལ་མི་རེ། མར་འཁོར་བ་ལ་མི་དོགས། གཞན་གྱིས་བསྒྱུར་ཡང་མི་འགྱུར་བདེ་སྣང་ལ་མ་ངེས་པ་ཡིན་ནོ། །མ་ངེས་པའི་ཉམས་མྱོང་ལ་བཞི་སྟེ། ཞི་གནས་ཀྱི་བདེ་གསལ་མི་རྟོག་པའོ། །ཉམས་ལ་རེས་ཡོད་སྙམ་ལ་རས་མེད་དམ་སྙམ་མོ། །མི་རྟོག་པས་རྒྱུ་བྱས་ནས་མར་སྡོག་ཉེན་ཡོད། ཁམས་གསུམ་དང་འཁོར་བའི་རྒྱུར་ཡང་འགྲོ་ཉེན་ཡོད། །དང་པོ་སློབ་བའི་དུས་སུ་རིག་བ་གསལ་སིང་ང་དེལ་སློབ། དེ་ཡང་ཤེས་བམ་ཡེངས་པ་ལ་སློབ། དེ་ཡང་རིག་བའི་ངོ་བོ་མ་ཡེངས་པ་ལ་སློབ་བར་བྱའོ། །དེལ་གོམས་ཙན་རང་ལ་ ༦༡༑ ༧༡ ༦༢༑ །ངེས་ཤེས་སྐྱེ་བ་ཡིན་གསུང༌། སེམས་ཉིད་ཀྱི་ངོ་བ་དེམ་ཤོར་བར་བྱས་ནས། རྣམ་རྟོག་སྟེ་ཅི་ཙམ་ཡང་འཕྲོ་བ་ཡིན་གསུང༌། དཔེར་ནམ་མཁའ་ནིརང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང༌། སྤྲིན་དང་ན་བུན་དང་ཁུག་སྣ་ལ་སོགས་པ་ཅི་ཙམ་ཡང་འོང་བ་ཡིན་གསུང༌། ནམ་མཁའ་རང་ལ་དེངས་ནས་འགྲོ་བ་དང་འདྲའོ། །དེ་ཡང་རྣམ་རྟོག་གྲོགས་སུ་འགྲོ་བ་བྱ་བ་ཡིན། རྣམ་རྟོག་འཕྲོ་རུ་མ་བཏུབ་ན་སླར་ལ་ཐུབ་ཡིན་གསུང༌། གཟུགས་མེད་དུ་སྐྱེ་ཉེན་ཡོད་གསུང༌། ཡི་དམ་སྐད་ཅིག་གིས་རྫོགས་པར་བསྒོམ་དགོས་གསུང༌། སྐད་ཅིག་དྲན་རྫོགས་ཀྱིས་འོད་གསལ་འབའ་ཞིག་བསྒོམ་བའོ། །དེ་ཡང་གསལ་སིང་ངེ་བདེ་ཉམས་མྱོང་ཡིན། དེ་ལ་མ་ཡེངསཔ་དེ་གནས་པ་ཡིན། ཤེས་རབ་ཀྱིས་བལྟས་བས་ཅིའི་ངོ་བོཏ་ཡང་མ་གྲུབ་པ་དེ་རྟོགས་པ་ཡིན། བླ་མ་རྟོགས་ལྡན་གྱིས་སློབ་མ་སྐལ་ལྡན་ཚེ་འདི་ཉིད་བློས་བཏང་པ་ཅིག་དང་ཕྲད་ན། བླ་མ་དེས་མ་སྨིན་པ་སྨིན་པར་བྱེད་བའི་དབང་བཞིན་བསྐུར་ནས། སྨིན་པ་གྲོལ་བར་བྱེད་པའི་ལམ་བསྐྱེད་རྫོགས་གཉིས་ལ་སློབ་པ་ཡིན་ ༦༣༑ ༧༢ ཛཙད གསུང༌། བསྐྱེད་རིམ་ནི་ལྷྭ་འི་སྐུ་སྒྱ་མ་ལྟར་བསྒོམས་པ་དང༌། རྩ་རླུང་དང་སྤྲོས་པ་དང་བཅས་པའི་རྫོགས་རིམ་ཡང་དེ་ཡིན་གསུང༌། རྫོགས་རིམ་ནི་འོད་གསལ་སྟོང་ཉིད་མངོན་སུམ་དུ་གཟིགས་པ་དེའོ། །དེ་ལྟར་བསྐྱེད་རྫོགས་གཉིས་བསྒོམས་པས་ཡོན་ཏན་འབྱུང་སཏེ། དེ་ཡང་དབེན་པར་བསྒོམས་པ་ལས་འབྱུང་ངོ༌། །ལུས་སེམས་བདེ་བ་འོང་སྟེ། ནང་དུ་རྟགས་ལྔ་འཆར། ཕྱིར་ཡང་ཡོན་ཏན་བརྒྱད་འབྱུང་སྟེ་ནང་ན་རྟགས་དང་ཡོན་ཏན་དུ་བ་ལྟ་བུ་བྱུང་ཙན་རླུང་གི་སྣང་བ་འགགས་ཏེ་རླུང་ངྷུ་ཏིར་ཚུད་པ་ཡིན་གསུང༌། རྟགས་གཉིས་པ་ཤར་ཙམ་ན་སྣང་བ་ཐཾས་ཅད་ཉམས་སུ་མྱོང་བའདི་ལྟ་བུ་འབྱུང༌། སྣང་གྲགས་ཀྱི་ཆོས་སུན་དབྱུང་བགྲོགས་པོ་མཛའ༌།།།།བློ་བསླུས་པ་ལྟ་བུ་འབྱུང༌། འཇིག་རྟེན་པའི་བདེ་བ་ལ་ཡིད་མི་རྟོག་ང་མཁས་པས་འཇའ་ཚོན་མཐོང་བ་ལྟ་བུ་འབྱུང༌། ཅིང་སྣང་བ་ཐམས་ཅད་ཆོས་ཉིད་དུ་སྣང་བས། གསེར་གྱིང་ནས་ར་གན་བཙལ་ཀྱང་མི་རྙེད་པ་ལྟ་བུ་འབྱུང༌། སྣང་གྲགས་ཐམས་ཅད་ཉཾས་ལ་ཐིམ་པས། ལན་ཚྭཆུལ་ཐུམ་པ་ལྟ་བུའི་ཉམས་འབྱུང༌། ཟབ་མོའི་ཆོས་ལ་ ༦༥༑ ༧༣ ༦༦༑ །དངུལ་དངུས་བྱེད་པ་བུ་དང་ཕ་རིང་དུ་མ་ཕྲད་པ་ལྟ་བུ་འབྱུང༌། རང་གིས་ཤེས་པ་ངོ་མཚར་སྐྱེས་ནས་དབུལ་བོས་གཏེར་རྙེད་པ་ལྟ་བུ་འབྱུང༌། ཟབ་མོའི་ཆོས་མ་ལུས་པ་ཇི་བཞིན་ཤེས་པ་ཀ་ལི་ཀའི་ཕྲུག་གུ་ལྟ་བུ་འབྱུང༌། མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ཆེན་པོ་ལྷག་པར་སྐྱེ་བ་འདོད་ཆགས་ཅན་གྱིས་བུད་མེང་གཟུགས་མཛེས་པ་མཐོང་བ་ལྟ་བུ་འབྱུང༌། དེའི་ཡོན་ཏན་ཉམས་སུ་བླངས་ཤིང་བསྒོམས་པ་དང༌། མཆོག་གི་རྣལ་འབྱོར་བཞེས་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་མངོན་དུ་འགྱུར་རོ། །དེ་ནས་སེམས་་ཅན་གྱི་དོན་དུ་གཟུགས་སྐུ་གཉིས་འབྱུང་བར་འགྱུར་རོ། །གཉུག་མའི་སྙིང་པོ་འབྱུང་བཞེས་བྱ་བ་རྫོགས་སོ། །ན་མོ་གུ་རུ། སེམས་ཉིད་འགྱུར་བ་མེད་པ། རྒྱུན་ཆད་མེད་པ། དུས་ཐམས་ཅད་པ་ཞེས་བྱ་སྟེ། འགྱུར་བ་མེད་པ་ནི་དབྱིབས་དང་ཁ་ངོག་ཏུ་མ་གྲུབ་པས་འགྱུར་བ་མེད་པའོ། །རྒྱུན་ཆད་མེད་པ་ནི་རིག་པ་རྒྱུན་ཆད་མེད་པའོ། །དུས་ཐམས་ཅད་པ་ནི་དུས་འདི་ནས་ཡོད་ནས་མེད་བྱ་བ་མེད་དེ། མ་སྐྱེས་ཤིང་མི་འགག་པའི་ཕྱིར་དུས་ཐམས་ཅད་པའོ། །སེམས་ཅན་གྲུབ་མཐས་བློ་མ་འགྱུར་བ་རྣམས་ ༦༧༑ ༧༤ ཛཞད ལ་རྟོག་པ། གྲུབ་མཐས་བློ་བསྒྱུར་བ་རྣམས་ལ་རིག་པས་རྟོགས་པའི་དུས་སུ་ཡེ་ཤེས་སོ། །རང་རིག་གཞན་རིག་གཉིས་ནི། རང་རིག་ནི་རང་གིས་རང་ངོ་ཤེས་པའོ། གཞན་རིག་ནི་སྣང་བ་སྣ་ཚོགས་དཀར་དམ་དུ་སྣང་བ་ཐམས་ཅད་གཞན་ནས་མ་བྱུང་སྟེ། རང་གི་སེམས་སུ་ཤེས་པའོ། །ཡང་རྟོགས་ན་ཡེ་ཤེས་མ་རྟོགས་ན་མོ་ཧ། གོ་ན་རང་སེམས། མ་གོ་ན་གདོང་ཐོབ། བྱེད་ན་འབད་རྩོལ། མི་བྱེད་ན་ཤུགས་འབྱུང༌། འདོད་ན་སྒྲུབ་དགོས། མི་འདོད་ན་རེ་དོགས་མེད་པ་འབྲས་བུའི་མཆོག་གོ། །གུ་རུ་ན་མོ། བླ་མ་རིན་པོ་ཆེལ། ཕྱག་རྒྱ་ཆེན་པོའི་གཞུང་རྣམས་ཀྱིས། ཆོས་ཉིད་དང་སེམས་ཉིད་གང་གཏན་ལ་འབེབས་པ་ལེགས་ཞུས་པས། བླ་མའི་ཞལ་ནས། དོ་ཧ་དང༌། གསར་མ་སྐོར་གསུམ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་སྟོན་པའི་གཞུང་འདི་ཚོ། ཆོས་བཤད་པའི་བཤད་པ་པོ་རྣམས་ཀྱིས་ཀྱང༌། ངོ་བོ་རྟོགས་པས་ངོ་བོའི་ཐོག་ཏུ་བཤད། གཞི་རྟོགས་པས་གཞི་ཐོག་ཏུ་བཤད། ངོ་བོ་རྟོགས་པས་ངོ་བོའི་ཐོག་ཏུ་གོ །གཞི་རྟོགས་པས་གཞི་ཐོག་ཏུ་གོ། ༦༩༑ ༧༥ ༧༠༑ །དོན་ལ་སེམས་ཉིད་ཀྱི་ངོ་བོ་སྟོང་པ་ཡིན་པ་ལ། གང་ཟག་གི་བློ་ཡི་དབང་གིས་སོ་སོར་གོ་བ་ཡིན་གསུང༌། སྣང་སེམས་གཉིས་གཅིག་གམ་ཐ་དང་ཞུས་པས། སྣང་སེམས་གནིས་གཅིག་ཡིན། སེམས་ལས་མ་གཏོགས་པའི་སྣང་བ་ལོགས་ན་མེད་གསུང༌། སྣང་བ་ནི་སེམས་ཀྱི་འོད་དམ་སེམས་ཀྱི་ཆོས་ཉིད་ཡིན་པས། སེམས་རྟོགས་པའི་དུས་སུ་སྣང་བ་སྒྲོག་རང་བརྡལ་དུ་འགྲོ་གསུང༌། སེམས་ཉིད་དང་ཆོས་ཉིད་གཅིག་གམ་ཐ་དད་ཞུས་པས། སེམས་ཉིད་དང་ཆོས་ཉིད་གཉིས་གཅིག་ཡིན་ཏེ། སེམས་ཀྱི་འོད་ཆོས་ཉིད་ཡིན་པས། སེམས་ཉིད་རྟོགས་པས་ཆོས་ཉིད་སྒྲོག་རངབརྡལ་དུ་འགྲོ་སྟེ། དཔེར་ན་ཉི་མ་སོང་ནས་འོད་ཕྱིར་ཆད་དག་པས་སྣང་བ་རང་ཤུགས་ལ་དག །དེས་ན་སྣང་བ་དང་སེམས་ཉིད་ལ་སོགས་པ་རང་སོར་བཞག་ལ། སེམས་ཀྱི་ངོ་བོ་འབའ་ཞིག་བསྒོམས་པྶ་་ཆོག་གསུང༌། ༧༡༑ ༧༦ ཁྭསྣྲསྦྱ སྣང་བ་དང་ཆོས་ཉིད་ཡུལ་དང་ཡུལ་ཅན་བོར་ནས། སེམས་ཉིད་ངོ་བོའི་ཐོག་ཏུ་བསྒོམ་ལ་གསས་མ་ཞུས་པས། བསྒོམ་པའི་དུས་སུ་ཆོས་དང་ཆོས་ཉིད་བློས་བཞག་ནས་སེམས་ངོ་བོའི་ཐོག་ཏུ་ཡེར་གྱིས་རྒན་མོ་མཛུབ་ཙུག་ཏུ་བསྒོམ་གསུང༌། ཡང་ན་ཕྱི་ནང་སྣོད་བཅུད་ཐམས་ཅད་སེམས་ཉིད་དུ་གཏན་ལ་ལྦལ་བ་ཅིག་ཕབ་ནས། དེ་ནས་ངོ་བོའི་ཐོག་ཏུ་བསྒོམ། དེ་གཉིས་འདྲ། ཆོས་ཉིད་གཞིའི་ཐོག་ཏུ་བསྒོམས་ནས་ངོ་བོ་མ་རྙེད་པར་བསྒོམས་ཀྱང་སངས་མི་རྒྱ་གསུང༌། རླུང་སེམས་གཉིས་གཅིག་གམ་ཐ་དད་ཞུས་པས། རླུང་སེམས་གཉིས་གཅིག་ཡིན། རླུང་གིས་གཡོས་པས་སེམས་ཀྱི་རྣམ་རྟོག་སྣ་ཚོགས་སུ་འཆར་བ་ཡིན། དེ་གཉིས་དེ་དངགཞན་དུ་བརྗོད་དུ་མེད་བར་གནས་ཏེ། སེམས་རྟོགས་པའི་དུས་སུ་རླུང་རང་སར་དག་འགྲོ། གཉིས་མེད་རིག་སྟོང་ལྷན་ཅིག་སྐྱེས་པ་ཡིན་གསུང༌། འཁོར་བ་ལ་ཐོག་མཐའ་ཡོད་དམ་མེད་ཞུས་པས། ཐོག་མཐའ་མེད་ཅིང་གཏིང་མཐའ་མེད་དེ། ཁམས་གསུམ་སྤྱི་བཙན་དང་གང་ཟག་སྒོས་བཙན་གཉིས་ག་ལ་འཁོར་བའི་ནང་དུ་མ་འཁྲུལ་ ༧༣༑ ༧༧ ༧༤༑ །བྱ་བ་འདི་ཡིན་མེད། འོན་ཀྱང་གང་ཟག་དགོས་བ་ཅན་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་ཟིན་ཅིང་རྩོགས་ནས་སངས་རྒྱས་བའི་ཚེ་ན། མཐའ་ནི་ཡོད། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་མ་ཟིན་བར་དུ། འཁོར་བ་ལ་ཐོག་མཐའ་མེད་པ་ཡིན་པ་ལ། ལྷན་ཅིག་སྐྱེས་པ་དེ་གནས་པ་ནི་འཁོར་འདས་གཉིས་ཀ་ལ་ཁྱད་མེད་པར་གནས་པ་ཡིན་པས། དེ་ངོས་ཟིན་མ་ཟིན་གྱི་ཁྱད་ལས་མེད། སངས་རྒྱས་དང་སེམས་ཅན་ལ་ཁྱད་པར་གང་ཡང་མེད་གསུང༌། འོ་ན་བསྒོམ་པའི་དུས་སུ་ལུས་ཀྱིས་སྤྱོད་ལམ་ཇི་ལྟར་བགྱི་ཞུས་པས། སྤྱོད་ལམ་འདི་ལྟར་ཡིན་བྱ་བ་མེད་དེ། གང་བདེར་བསྒོམ་པ་ཡིན། སྤྱོད་ལམ་རྣམ་བཞི་གང་བྱེད་ཀྱང༌། མཉམ་བཞག་རྗེས་ཐིབ་མེད་པར་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་བསྒོམ་གསུང༌། འོ་ན་གཉིད་ཀྱི་བར་དུ་རྒྱུན་གྱི་རྣལ་འབྱོར་དུ་འགྲོ་འམ་ཞུས་པས། གཉིད་ཆུ་བོ་རྒྱུན་གྱི་བར་ཆད་དུ་མི་འགྲོ་སྟེ། ཧེ་བཛྲ་ལས། གཉིད་ནི་སྤང་བར་མི་བྱའོ། །ཞེས་གསུངས་པ་ཡིན་མོད། གཉིད་རྟོག་མེད་འོད་གསལ་ཆོས་སྐུ་ཡིན་ལ། གཉིད་མཐུག་པོའི་དུས་སུ་གསལ་ཆ་མེད་པ་ཙམ་ལས། གཞན་རྣམ་ ༧༥༑ ༧༨ ཝཛད རྟོག་མེད་པ་གཉིད་ཆོས་སྐུ་ཡིན། ལྷན་ཅིག་སྐྱེས་བ་མེད་པ་མ་ཡིན་ཏེ། མིརཏོག་པ་དེ་ཀ་ཆོས་སྐུ་ཡིན། གཉིད་སྲབ་པའི་དུས་སུ་རྨི་ལས་སྣ་ཚོགས་རྨིབདེ། སྒྱུ་མ་ལྟ་བུའི་གཟུཌ་སྐུ་རྣམ་གཉིས་ཡིན། གཉིད་མལོག་ཙན་བསྒོམ་བའི་དུས་དང་གཉིད་ཀྱི་དུས་སུ་འོད་གསལ་ཁྱད་མེད་པའང་འོང༌། དེ་ལྟ་བུ་བྱུང་ན་གཉིད་མ་ལོག་པ་དང་ཁྱད་ཅི་ཡོད་དེས་ན་གཉིད་ཀྱིས་བར་ཆང་དུ་འགྲོ་བ་མིན་གསུང༌། སྔོན་དུ་ཚད་མེད་པ་བཞི་བསྒོམ་འཚལ་ཞུས་པས། ངོ་བོ་སྐྱེས་པའི་ཉམས་དེ་རྒྱུན་མ་ཆད་པར་གནས་པ་ལ། ཚད་མེད་པ་བསྒོམ་མི་དགོས་ཏེ། སྟོང་ཉིད་བཏང་སྙོམས་ཆེན་པོ་བྱ་བ་ཡིན་པས། ཡོན་ཏན་ཡར་ལྔན་ཡིན་གསུང་ངོ༌། །ངོ་བོ་རྟོགས་པའི་དུས་ན་ཟག་བཅས་ཀྱི་སྔོམ་པ་འཚལ་ལམ་མི་འཚལ་ཞུས་པས། བསླབ་བ་གསུམ་མམ་སྡོམ་པ་གསུམ་ལོགས་པ་མི་དགོས། ཟག་མེད་ཀྱི་གཤིས་ལ་ཡར་ལྡན་དུ་ཚང་བ་ཡིན་གསུང༌། སྟོང་ཉིད་སྙིང་རྗེ་ཅན་དུ་བསྒོམ་འཚལ་ལམ་མི་འཚལ་ཞུས་པས། དམིགས་པ་མེད་པའི་སྙིང་རྗེ་ཡང་ལྡན་དུ་ཡོད་པས། ཆོས་ལ་དམིགས་པ་དང་སམས་ཅན་ལ་དམིགས་པ་གཉིས་་ ༧༧༑ ༧༩ ༧༨༑ །ལོགས་གསུ་མི་དགོས་ཏེ། དེ་གཉིས་ཀྱི་དོན་ཚང་བ་དང་དེ་གཉིས་བསྒོམ་བའི་ཡུལ་མི་དམིགས་པས། བསྒོམ་དུ་མེད་གསུང༌། བྱང་ཆུབ་ཀྱི་སེམས་རྣམ་གཉིས་བསྒོམ་འཚལ་ལམ་མི་འཚལ་ཞུས་པས། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལོགས་སུ་བསྒོམ་མི་དགོས། དོན་དམ་བྱང་ཆུབ་ཀྱི་སེམས་རང་བྱུང་ལྷན་ཅིག་སྐྱེས་པ་ཡིན་པས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མི་དགོས། དེ་ལ་ཇོ་བོ་པཀའ་གདམས་པ་ཀུན་གྱི་ཞལ་ནས། སྟོང་པ་ཉིད་བསྒོམ་སྔས་ན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མ་འབྱོངས་པར་སྟོང་པ་ཉིད་དུ་བསྒོམས་པས་ཉན་ཐོས་སུ་གོལ་ནས། ཐམས་ཅད་མཁྱེན་པའི་ལམ་དུ་མི་འགྲོ་་གསུང་སྟེམ ཉན་ཐོས་ལ་སྟོང་བའི་རྣམ་གྲངས་མ་ཡིན་པའི་དོན་དམ་པ་མེད་པས་ཉན་ཐོས་སུ་མ་མི་འགྲོ། ཡང་ཁོང་གི་ཞལ་ནས། སངས་རྒྱས་ཀྱི་ཉན་ཐོས་ལ་སྟོང་པ་རྒྱ་ཆེན་པོར་གསུངས་པ་ཡོད་དེ་དེ་ནི་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་སྟེང་དུ་གནས་པས། སྦྱལ་པའི་ཉན་ཐོས་རྣམས་ལ་གསུངས་པ་ཡིན་གྱིས། ཉན་ཐོས་ར་ཁ་མ་ལ་སྟོང་པ་རྒྱ་ཆེན་པོར་གསུངས་པ་མེད། རྣམ་གྲངས་ཀྱི་སྟོང་པ་ ༧༩༑ ༨༠ ཞཔད དོན་དམ་པ་ལས་མི་རྟོགས། དེས་ན་དོན་དམ་གྱི་སྟེང་ན་གནས་པའི་དུས་སུ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ཀུན་རྫོབ་ཙམ་བྱས་པའི་ཆོས་ཡིན་པས་དྲན་ཡུལ་དང་དམིགས་ཡུལ་དུ་བྱར་མི་རིང་སྟེ། བྱས་ན་སླར་ཡང་འཆིང་བ་ཡིན་པས། ཡིད་ལ་མི་བྱ་གསུང༌། ཚོགས་རྣམ་པ་གཉིས་རྟག་ཏུ་་བསག་འཚལ་ལམ་མི་འཚལ་ཞུས་པས། ངོ་བོ་རྙེད་པའི་རྒྱུན་གྱི་རྣལ་འབྱོར་ལ་གནས་པའི་དུས་སུ། ལུས་ངག་གི་དགེ་བ་དང་བསོད་ནམས་ཀྱི་ཚོགས་འདུས་བྱས་ཀྱི་དགེ་བའི་རྩ་བ་བྱ་མི་དགོས། ཇོ་བོའི་ཞལ་ནས། སྤྱིར་ནི་མཉམ་གཞག་སེམས་བརྟན་ན། །ལུས་ངག་དགེ་བ་གཙོར་མི་བྱ། །ཞེས་གསུངས་པ་དེ་ཡིན། གླང་བོ་རྙེད་ནས་རྗེས་མི་བཙལ། བརྩས་མ་བྱས་ནས་ཞིང་མི་བསྲུང༌། འོ་ན་བསོད་ནམས་ཀྱི་ཚོགས་དེ་གཟུགས་སྐུ་གཉིས་ཀྱི་རྒྱུ་མ་ལགས་སམ། དེ་བཞག་པས་ཅང་མཆིའམ་ཞུས་པས། གཟུགས་སྐུ་གཉིས་ཐོབ་པར་བྱེད་པ་ལ་སྔར་གྱི་ཚོགས་བསགས་པ་དེས་ཆོག །སྔར་མ་བསགས་ན་བྱང་ཆུབ་ཀྱི་སེམས་སྐྱེར་མི་བཏུབ༌། དོན་དམ་སྐྱེས་པ་དེའི་སྔོན་དུ་༨༡ ༨༡༑ །བསོད་ནམས་སོང་བར་གསལ་བས་ངེས་མཆི་གསུང༌། བསྐྱེད་རྫོགས་གཉིས་སྤེལ་འཚལ་ལལམ་མི་འཚལ་ཞུས་པས། ངོ་བོ་རྒྱུན་ཆགས་ཀྱི་ཏིང་ངེ་འཛིན་བསྒོམས་པས། བསྐྱེད་རྫོགས་རིམ་གྱིས་པ་མི་དགོས་པ་ཡིན་མོད་ཀྱི། འོན་ཀྱང་རྣམ་སྨིན་ཛ་ཁྲག་གི་ལུས་མ་ཟད་བར་དུ། བསྐྱེད་རིམ་ལྷའི་རྣལ་འབྱོར་སྐད་ཅིག་གིས་སྒྱུ་མ་ལྟ་བུར་ལྦལ་ཙམ་རེ་བསྒོམ་གསུང༌། འོ་ན་བར་དོའི་ཆོས་ལོགས་སུ་བསྒོམ་འཚལ་ལམ་མི་འཚལ་ཞུས་པས། ངོ་བོའི་ཐོག་ཏུ་བསྒོམ་པ་ལས་བར་དོ་ལོ་ལོགས་སུ་བསྒོམ་མི་དགོས། ངོ་བོ་དང་བར་དོའི་འོད་གསལ་ཐ་དད་མེད་པས། ད་ལྟར་དང་འཆི་ཀ་གཉིས་བར་དོ་ལོགས་སུ་བསྒོམ་མི་དགོས་གསུང༌། འོ་ན་ད་ལྟ་ནས་སངས་རྒྱས་པའམ། ཡེ་ནས་སངས་རྒྱས་པ་ལགས། བཀྲེས་སྐོམ་ན་ཚལ་སོགས་པ་འོང་བཙུག་ལགས་བྱས་པས། སེམས་སངས་རྒྱས་ཡིན་ཡང་ན་ཚ་ནང་གྲང་དྲོ་བཀྲེས་སྐོམ་ལ་སོགས་པས་སྡུག་བསྔལ་འོང་བ་དེ། ང་ལ་སེམས་རྣམ་སྨིན་གྱི་ལུས་ཀྱི་གོར་ཆུད་པས་ལན་པ་ཡིན། སངས་རྒྱས་ལུས་ཀྱི་གོ་རར་ ༨༢༑ ༨༢ ཞུམུདུ ཚུད་པ་ཡིན་ཏེ། དཔེར་ན་ཁྱུང་སྒོ་ངར་ཚུད་པའམ་སེང་གེ་མངའ་རྒྱར་ཆུད་པ་དང་འདྲ་གསུང༌། ཚེ་གཅིག་གིས་སངས་རྒྱས་ན་ད་ལྟ་ལམ་རྟགས་མི་གདའ་བཅུག་ལགས་ཞུས་པས། བ་ར་དོར་སངས་རྒྱས་པ་དེ་བཙན་ཐབས་སུ་སངས་རྒྱས་བ་ཡིན། ལམ་མ་བགྲོད་བར་ལ་མ་རྟགས་མི་འོང་གསུང༌། ཡེ་ཤེས་རྒྱུན་ཆད་དམ་མཆད་ཞུས་པས། ཡེ་ཤེས་རྒྱུན་མཆད། གཟུགས་སྐུ་རྣམ་པ་གཉིས་དང་ཡེ་ཤེས་ལྔ་ལ་སོགས་བ་ཡོད་པས། གཞན་དོན་དེ་ལས་འབྱུང་བ་ཡིན་གསུང༌། ཆོས་སྐུ་ལས་གཟུགས་སྐུ་འཆར་བའི་དཔེ་དོན་ཆོས་གཞུང་ནས་མང་དུ་བཤད་མོད་ཀྱིས། འོན་ཀྱང་སེམས་ཀྱི་དབང་དུ་བྱས་ན། ད་ལྟའི་སེམས་གསལ་ལ་རྟོག་པ་མེད་པ་ཆོས་ཀྱི་སྐུ་དེ་ལས་སེམས་སྣ་ཚོགས་སུ་འཆར་བ་དེ་གཟུགས་སྐུ་ཡིན་གསུང༌། འོ་ན་ངོ་བོ་བསྒོམས་པ་གཅིག་པུས་འོང་ལགས་སམ་ཞུས་པས། དོན་ཧྲིལ་གྱིས་དྲིལ་བ་ལ་ངོ་བོ་སྐྱེས་བའི་རྟོགས་ལྡན་གྱི་གང་ཟག་དེས་སེམས་མ་བཅོས་པའི་ངང་ལས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་བསྒོམ་པ་ལས། གཞན་གང་ལ་ཡང་འཇུག་ ༨༤༑ ༨༣ ༨༥༑ །པར་མི་བྱ་གསུང༌། རིན་པོ་ཆེས་གསུངས་པ་ལས་མ་ཕྲི་མ་བསྣན་བ་ཞུས་ལན་གནད་ཀྱི་ན་ནང་གཅེས་བྱ་བ། ཤཱཀྱའི་བནྡྷེ་རྡོར་རྒྱལ་གྱིས་ཞུས་པའོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཆོས་རྗེ་སྒམ་པོ་པ་ལ་རྣམ་འབྱོར་ཆོས་གཡུང་གིས་ངོ་བོའི་གདར་ཞུས་བའི་ཞུས་ལན་ནས། སྔར་བྱས་བའི་སྡིག་བ་རྣམས་སྟོབས་བཞིའི་སྒོ་ནས་བཤགས་པ་དང༌། ངོ་བོ་ཡུད་ཙམ་ཞིག་བསྒོམས་པ་གཉིས་འདག་འོལ་གང་ཆེ་ཞུས་པས། ངོ་ངོ་བོ་ཡུད་ཙམ་ཞིག་བསྒོམས་པ་འདག་འོལ་ཆེ་གསུང་འཇིག་རྟེན་བློས་བཏང་ནས་ཏི་ཁྲོད་འགྲིམ་པ་ལ་ལྟོགོས་དགོས་ན། ཀ་ཅ་བག་རེ་ཉ་ར་བྱའམ། བཅུད་ལེན་བྱའམ། ནོར་སྒྲུབ་སླ་བ་འདྲ་བྱའམ། ཐམས་ཅད་མི་བྱ་བར་་ཤི་ན་ཡང་ཤི། བསྒོམ་ལགས་སམ་ཞུས་པས། དེ་ལ་བླ་མ་མི་ལའི་ཞལ་ནས། ཀ་ཅ་མེད་ན་སྤྲང་བའམ་གཞན་ལ་རེ་ན་སྒོམ་མི་འོང་གསུང༌། རང་གི་འཚོ་བ་བག་ཙམ་ཉ་ར་བྱ་གསུངས་ཏེ། ཐམས་ཅད་བཞག་ནས་བསྒོམས་པ་རང་གིས་ཆོག འཚོ་བ་མཁའ་འགྲོ་ཐམས་ཅད་ཀྱིས་འཚོག་སྦྱོར་བ་ཡིན། བཅུད་ལེན་ཡེ་མ་བྱེད་གྲུབ་བ་ ༨༦༑ ༨༤ ཞཝད མེད༌། ནད་ལ་ཕན་པའི་དོན་དུ་ཅོང་ཞི་ཨེན་ཙམ་རེ་མ་གཏོགས་གཞན་མི་བྱ། ནོར་སྒྲུབ་སླ་བ་འདྲ་བག་ཙམ་བྱས་ཀྱང་འགལ་བ་མེད་གསུང༌། གནས་གྲུབ་པ་ཐོབ་པའི་གནས་སུ་བསྒོམ་མམ། རི་སྟོང་བྲག་སྟོང་དུ་བསྒོམ་མམ། ལུང་ཞིག་ཞུ་ཞུས་པས། གནས་གར་བདེ་ར་བསྒོམ། རང་དགའ་ན་རི་ལུང་མེད། མི་བདེ་བ་བྱུང་ན་ཡུན་ཐུང་དུ་བསྒོམ་གསུང༌། ལུས་ངག་གི་དགེ་སྦྱོར་བྱེད་སྙིང་མི་འདོད་ན། ངོ་བོ་གཅིག་པུ་བསྒོམས་ན་ཙུག་མཆིས་ཞུས་པས། བླ་མ་མི་ལའི་ཞལ་ནས། ལུས་ངག་གི་དགེ་བ་མི་བྱ་དགོས་སྙམ་ན་དགོས་བདོ་བ་ཡིན། དགོས་སྙམ་པ་དང་མི་དགོས་སྙམ་པ་དང་བྲལ་ནམ་དགོས་པ་ཡིན་གསུང༌། གཞན་དོན་རྒྱུན་བཅད་ནས་བསྒོམས་ན་ཞུས་པས་་བསམ་པས་སེམས་ཅན་མ་སྤངས་་པས་གཞན་སྣང་ལ་གཟུགས་སྐུ་རྣམ་གཉིས་འགྲུབ། སྦྱོར་བས་སྤངས་པས་ཆོག་གསུང༌། ངོ་བོའི་ནང་དུ་སྐྱབས་སུ་འགྲོ་ན་ཆོས་ཉིད་ཐོབ་པའི་སྐྱབས་འགྲོ། སྡོམ་པ་ན་ཟག་མེད། སྙིང་རྗེ་ན་དམིགས་མེད། སེམས་བསྐྱེད་ན་དོན་དམ། དམ་ཚིག་ན་ལེ་བསྲུངས་ཆེན་པོ་ཡར་ལྡན་ཡིན། གདམས་ ༨༨༑ ༨༥ ༨༩༑ །ངག་གཅིག་ཏུ་བསྡུས་ནས་བསྒོམ་གསུང༌། ཀུན་གཞིའི་རྣཾ་པར་ཤེས་པདང་ངོ་བོའི་ཁྱད་པར་ཅི་ལགས། གཞན་མཚོ་མི་དགོས་སམ་ཞུས་པས། གཞན་མཚོ་བྱས་ཀྱང་བརྫུན་བྱེད་པ་ཡིན། ཀུན་གཞིའི་རྣམ་ཤེས་ཀྱི་རང་བཞིན་ངོ་བོ་ཡིན། མ་རིག་པ་དང་ལྷན་ཅིག་སྐྱེས་བའི་ཡེ་ཤེས་གཉིས་ལག་པའི་ལྟོ་རྒྱབ་དང་འདྲ། མ་རྟོགས་ཀྱི་བར་དུ་མ་རིག་པ་འཁོར་བའི་རྩ་བ་ཡིན། རྟོགས་པ་དང་ཡེ་ཤེས་དང་སངས་རྒྱས་ཀྱི་རྩ་བ་ཡིན་གསུང༌། ངོ་བོ་རྩེ་གཅིག་ཏུ་ཡེ་རེ་བ་དང༌། རིག་པ་གྱུ་གྱུབ་གཉིས་གང་ཡིན་ཞུས་བས། དེ་གཉིས་ཀ་ཡིན། སེམས་ཅན་ཐམས་ཅད་ལ་ངོ་བོ་འདི་ཡིན་འདི་མིན་བྱ་བ་མེད། སྣང་བ་ཐམས་ཅད་སེམས། སེམས་ཐམས་ཅད་རིག་པ། རིག་བ་ཐམས་ཅད་ངོ་བོ་ཡིན་གསུང༌། ངོ་བོ་བསྒོམ་པ་ལ་སྤྱོད་ལམ་ཅི་ཙུག་བསྒོམ། མིག་བཙུམས་པ་དང་མ་བཙུམས་བ་གཉིས་གང་ལགས་ཞུས་པས། སྤྱོད་ལམ་རྣམ་བཞི་གང་བྱེད་ཀྱང་བསྒོམས་པས་ཆོག །སྤྱོད་ལམ་ལ་ངེས་པ་མེད། །མིག་བཙུམས་པ་དང་མ་བཙུམས་པ་འདྲ། དང་པོ་མ་བཙུམས་བས་བདེ་བ། ༩༠༑ ༨༦ ཟཕད འབྱོངསཙན་བཙུམ་པ་བདེ་བ་གསུང༌། ང་བདག་འཛིན་བློས་བཏང་ཟིན། ཚེ་གཞུག་འདི་ལ་རི་ཁྲོད་འགྲིམ་ངོ་བོ་བསྒོམ་པ་ཡིན། དེ་ལ་འདི་དགོས་བྱ་བའི་གདམས་ངག་ཡོད་ན་ཞུ། རྒྱ་ལ་གཉན་སར་བསྒོམས་པའམ། ལུང་སྟོང་དང་རི་སྟོང་དུ་འདྲེ་རྒོད་དང་འཕྲད་བའམ། བདུད་རིགས་དང་ཡི་དྭགས་ཀྱིས་བར་ཆད་བྱུང་ན། ཅི་ལྟར་བབྱི་ཞུས་པས། རི་ཁྲོད་དུ་ལྟ་བའི་གདེངས། སྒོམ་པའི་གདེངས། ཡི་དམ་ལྷའི་སྙིང་པོའི་གདེངས་གསུམ་དང་ལྡན་པར་བྱ། དེ་ལས་ཅི་ཡང་མེད་ན། གཉན་སར་འདྲེ་རྒོད་ཀྱིས་བར་ཆད་རྩོམཔབྱུང་ན། གནོད་པ་དེ་གང་ན་གནས་པ་ལ་གཏོར་མ་བྱིན་ལ། གནོད་པ་མ་བྱེད་བྱ། ཆོས་སྐྱོང་ལ་གཏོར་མ་བྱིན། བླ་མ་དང་དཀོན་མཆོག་དང་མཁའ་འགྲོ་ལ་གསོལ་བ་གདབ། སྙིང་པོ་མང་དུ་བཟླས་པས་བར་ཆད་མི་འོང༌། སངས་རྒྱས་དང་འོ་སྐོལ་གྱི་བར་ན་གྲུབ་ཐོབ་མི་བཞི་ལས་མེད། དེ་རྣམས་ཀྱི་མཁའ་འགྲོ་མ་ཐམས་ཅད་སྒོམ་པའི་ཕྱི་ན་ཕར་ལ་ཁྱི་བཞིན་དུ་འགྲོ་ཞིང་འདུག་པས། སློབ་མ་སྒོམ་པ་ཅན་ལ་བར་ཆད་བྱུང་བ་མེད་གསུང༌། ལྷ་འདྲེའི་གནོད་ ༩༢༑ ༨༧ ༩༣༑ །པ་བྱུང་ན་ངོ་བོ་བསྒོམ་པ་དང་སྟོང་པ་སྟོད་ཉམས་ཅན་བསྒོམ་པ་གང་དགའ་ཞུས་པས། ངོ་བོའི་སྒོམ་ཁོན་བསྒོམ་པའི་སྟེང་དུ་ལྷ་རྣམས་ཀྱང་མི་འགྲོ་བ་ཡིན་པས། འདྲེ་གདོན་ལ་སོགས་པས་མི་ཚུགས་ལ། སྟོང་བ་ནི་ལྷ་འདྲེས་ཀྱང་བསྒོམ་ཤེས། སྤྲུལ་པ་སྣ་ཚོགས་འགྱེད་ཤེས། ངོ་བོ་རྟོགས་མ་མྱོང་བས། ངོ་བོ་མི་ཤེས་པས་སྒོམ་མི་ཤེས་ཏེ། ངོ་བོ་ལྷ་འདྲེའི་ཡུལ་དུ་མ་གྱུར་པས། ངོ་བོ་རང་བསྒོམ་པ་ཁོ་ན་དགའ་གསུང་ངོ། །ངོ་བོ་བསྒོམས་པ་ལ་ཉམས་མྱོང་འོང་ངམ་མི་འོང་ཞུས་པས། འོང་སྟེ་ཉམས་མྱོང་གིས་ང་རྒྱལ་ཚགས་པ་ཡིན། འཇིག་རྟེན་གྱི་ཞེན་པ་ལོངས་ལ་ཐོངས་ནས་འོང་བ་ཡིན། ཆོས་གཞན་ཐམས་ཅད་ལ་དགོས་པ་མེད་པར་ཕྱི་ཤུན་དུ་འགྲོ་བ་ཡིན། རང་ལ་ཡིད་ཆེས་ཤིང་བློ་བདེ་ལྷན་གྱིས་འགྲོ་བ་ཡིན། ངོ་བོ་སྐྱེས་པའི་ཉམས་རྟོགས་དེ་ཚོ་འོང་བ་ཡིན་གསུང༌། མཁྱེན་པ་གཉིས་དང་ཡེ་ཤེས་ལྔ་པོ་སངས་རྒྱས་པའི་དུས་ན་ཇི་ལྟར་མངའ་ཞུས་བས། དེ་ཚོའི་བཤད་པ་ཐམས་ཅད་བློས་བྱ་པའི་ཡོན་ཏན་ཡིན། འོ་སྐོལ་གྱིས་ཀྱང་བློས་བྱས་ ༩༤༑ ༨༨ ཟཚད ནས་འབྲུ་མནན་ན་ཆོས་སྐུ་དང་གཟུགས་སྐུ་གཉིས་ཀ་ལ་སྦྱར་དུ་བཏུབ་སྟེ། དོན་ལ་སངས་རྒྱས་བྱ་བ་བློ་ལས་འདས་པ་ཡིན་གཟུགས་སྐུ་གཉིས་གཞན་ཁོང་རང་བླས་བྱས་པའི་ངོར་ཡོན་ཏན་དེ་ཚོ་སྣང་གསུང༌། གཙོ་བོར་ཙོག་པུར་བྱས་ནས་ཕྱག་རྒྱ་མ་བྱས་པར་རླུང་བསྒོམས་ན་འོང་ངམ་མི་འོང་ཞུས་པས། དེ་ཡང་འོང་བ་འོང་སྟེ། སྨན་དཔྱད་ཀུན་ནས་དུས་རྟག་ཏུ་ཙོག་པུར་བསྡད་ན། རྒྱུམ་རུལ་ནས་འགྲོ་བར་བཤད། སྐྱིལ་མོ་ཀྲུང་ལ་ཡོན་ཏན་མང་པོ་ཡོད་པར་བཤད་པས། དེ་དགའ་བ་ཡིན་གསུང༌། ངོ་བོ་རྟོགས་ཟེར་ཡང་མི་དགེ་བ་ལ་འཇུག་ཅིང༌། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཆུང་བར་འདུག་ན། ངོ་བོ་མ་སྐྱེས་པ་ཡིན་བྱ་བ་བླ་མ་མི་ལས་གསུང་བས་དེ་ལྟར་ཡིན་གསུང༌། །གུ་རུ་ན་མོ། །ཕག་མོ་གྲུབ་པས། བླ་མ་མང་པོ་ལ་གཏུག་པའི་མཐར་གྱིས་ཆོས་ཐམས་ཅད་ཉམས་སུ་བླངས་ནས། ཕྱིས་རྗེ་སྒམ་བོ་པ་དང་གླེང་སློང་བྱས་པས། ཁྱེད་ཀྱི་དེ་ཡང་རྟོག་པ་ཡིན། དེ་ཡང་རྟོག་བཅས་ཡིན་བྱ་བ་ལན་མང་དུ་གསུང་སྐད། འོ་ན་ཕྱག་རྒྱ་ཆེན་པོ་དེ་ཇི་ལྟ་བུ་ ༩༦༑ ༨༩ ༩༧༑ །ཞིག་ལགས་ཞེས་ཞུས་པས། ཁམས་སྟོན་ཡང་དག་པར་ན་ཆོས་ཕྱག་རྒྱ་ཆེན་པོ་དེ་འདི་ཡིན་གསུངས་ནས། ཕྱི་རྣམ་པར་རྟོག་པའི་ཡུལ་ལ་མི་འཕྲོ་བ༌། ནང་ཤེས་པ་བྱིང་རྨུག་ཏུ་མ་སོང་བ། རིག་བའི་གོ་མ་འགགས་པ། ངོ་བོ་ཉིད་ཀྱི་རིག་སྟོང་རྩ་བྲལ་དུ་དྭངས་སིང་ངེ་བ་རྟོགས་པ་འདི་གསུངས་པས། བླ་མ་ཕག་མོ་གྲུབ་པས་ཆོས་འདི་ཡིན་བྱ་བ་འམ། འདི་མིན་བྱ་བའི་བརྡ་ཐམས་ཅད་དང་བྲལ་བཞིག་ཏུ་རྟོགས་པས་ལངས་མ་ནུས་པ་ལ། བླ་མའི་ཞལ་ནས་ལངས་ནས་འོང་གསུང་དེ་གོང་གི་བླ་མ་ཀུན་ཅི་རེད་ན་བྱ་བ་ལན་འགའ་གསུང་སྐད། རྗེའི་ཞལ་ནས་ཕྱག་རྒྱ་ཆེན་པོ་བློ་ལས་འདས་པ་བྱ་བ་ཡང་དེ་རང་ཡིན་ནོ། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །བྱ་བ་དེ་ཀ་ཡིན། ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད་བྱ་བ་དེ་ཀ་ཡིན། མཐར་ཐུག་གི་དོན་ལ་དམིགས་གཏད་མེད་བྱ་བ་འང་དེ་ཡིན། རིག་པའི་ངོ་བོ་སྒོམ་དུ་སོང་ནས་དྲན་པ་ལ་བློ་གཏད་མི་དགོས་བར་འདུག །སྒོམ་བྱ་བ་ཕར་བློས་གཏད་བསྒོམ་མི་དགོས་པར་གདའ། སྒོམ་ཁོ་རང་གིས་ཚུར་སྐུལ་ནས་ ༩༨༑ ༩༠ ཟཟད འོང་བར་འདུག་སྐད། བླ་མ་ཕག་མོ་གྲུ་པས་ཞལ་ནས། ནམ་མཁའ་ལ་མཐའ་དབུས་མེད། བེང་ཀ་ལ་མོག་མཇུག་མེད། ལྷམ་སྒྲོག་བཅིངས་ནས་སྐྱས་གཞུས་རྫོགས། བློ་འདས་ཀྱི་རྣལ་འབྱོར་པ་དེང་ལ་འོང་བར་འདུག །བློ་ལ་ལྷག་མ་མེད་པའི་དགེ་བའི་རྩ་བ་དེ་ཕྱག་རྒྱ་ཆེན་པོ་རྟོགས་པ་ལ་ཟེར་བར་འདུག །སེམས་ཉིད་ལ་རང་བྱན་ཚུད་ཙ་ན་གཞན་དོན་ཡོང་བ་ཡིན་པར་འདུག །དང་ཁམས་སུ་འགྲོ་དོན་མི་འདུག་གསུང་སྐད། །བླ་མ་རྗེ་བཙུན་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཚེལ་ལོང་མེད་མྱུར་དུ་འཆི་བས། འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་མ་ཆགས་པ་ཞིག་དགོས། འགྲོ་བ་རིག་དྲུག་གར་སྐྱེས་སྐྱིད་མེད་ཅིང༌། སྡུག་བསྔལ་གྱི་ཕུང་པོར་ཤེས་པས། འཁོར་བ་མཐའ་དག་ལ་མ་ཆགས་པ་ཞིག་དགོས། ཆོས་ཐམས་ཅད་ཀྱི་རྩ་བ་སྙིང་རྗེ་ཡིན་པས། དུས་ཐམས་ཅད་དུ་སེམས་ཅན་བློས་མི་གཏོང་བ་ཞིག་དགོས། ཆོས་ཐམས་ཅད་མ་སྐྱེས་ཤིང་སྐྱེ་བ་མེད་པར་ཤེས་པས། གང་ལ་ཡང་དངོས་པོ་དང་མཚན་མར་མི་འཛིན་པ་ཞིག་དགོས་གསུང༌། དེ་རྣམས་རྒྱུད་ ༡༠༠༑ ༩༡ ༡༠༡༑ །ལ་སྐྱེ་བ་ལ་བླ་མ་དང༌། ཇོ་བོདཀོན་མཆོག་གསུམ་ལ་དད་པད་དགུས་པའི་སྒོ་ནས་མཆོད་པ་དང༌། གསོལ་བ་འདེབས་པ་རྒྱུན་མཆད་པར་བྱེད་དགོས་གསུངས་པས་ན། དེ་ཡང་རང་ལ་ཡོད་བ་རང་གིས་མྱོང་བར་བྱ་དགོས་པ་དང༌། རང་ལ་ཡོད་པ་རང་གིས་རྟོགས་པར་བྱ་དགོས་པ་དང༌། རང་ལ་ཡོད་པ་རང་གིས་ཐོབ་པར་བྱ་དགོས། དེའི་ངོ་བོ་ནི་སེམས་མ་བཅོས་པ་གཉུག་མའི་དོན་ཡིན་ཏེ། རང་བྱུང་མ་བཅོས་བ་དེ་ལ་ངེས་བ་ཐོབ་ནས། དེ་ཡང་སོ་མར་བཞག །རྟེན་མི་བཅའ་བར་བཞག །རང་དགར་བཞག །ལྷུག་པར་བཞག །བླང་དོར་མེད་པར་བཞག །དམིགས་གཏད་མེད་པར་མི་བཅའ་བར་བཞག །སིང་ངེ་བཞག །ལྷང་ངེ་ལྷན་ནེ་བཞག །བཅས་བཅོས་མི་བྱ་བར་རང་ཤུགས་སུ་བཞག་གོ། །ཐབས་ནི་སཀྱིལ་ཀྲུང་ལེགས་པར་བཅའ། མིག་སྣ་ཙེར་ལེགས་པར་དབབ། ལྕེ་སྐན་ལ་སྦྱར། མགྲིན་བ་ཨེན་ཙམ་དགུག་སྟེ། ཤེས་བ་སྔ་མ་ནི་འདས། ཕྱི་མ་ནིམ་སྐྱེས། ད་ལྟ་བ་ལ་ངོས་བཟུང་མེད་པར་བྱ། དེ་ཡ་སེམས་དང་སེམས་ལས་བྱུང་བ་གཉིས། ཕྲ་བ་དང༌། ༡༠༢༑ ༩༢ ཕཔམད རགས་པའོ། །ཕྲ་མོ་ནི་དགེ་མི་དགེ་ལུང་དུ་མ་བསྟན་པའོ། །སེམས་ནི་རིག་པ་མ་བཅོས་པ་དེ་ཡིན། དེ་དང་པོར་གང་ནས་བྱུང༌། ངོ་བོ་ཅིར་འདུག །ཐ་མར་གར་འགག་ལྟོས་དང༌། དང་པོ་གང་ནས་ཀྱང་འོང་བ་མེད། བར་དུ་དབྱིབས་དང་ཁ་དོག་ཏུ་གྲུབ་པ་མེད། ཐ་མ་གང་དུ་ཡང་འགག་པ་མེད་པས། དེ་ལྟར་ཡང་དང་ཡང་དུ་བསྒོམ་མོ། །དེ་ལྟར་བསྒོམས་པས་སྣང་བ་སེམས་སུ་འཆར། སེམས་ཉིད་སངས་རྒྱས་སུ་འཆར་གསུངས། སྣང་བ་སེམས་སུ་ཤེས་པས་གཉིས་སྣང་དུ་མ་སོང༌། སེམཉིད་རིག་པར་ཤེས་པས་བེམ་པོར་མ་སོང༌། རིག་བ་སྟོང་པར་ཤེས་པས་མཚན་མར་མ་སོང༌། སྟོང་པ་བདེ་བར་ཤེས་པས་སྡུག་བསྔེཾལ་དུ་མ་སོང༌། བདེ་བ་རང་སེམས་ཡིན་པས་གཞན་སྣང་དུ་མ་སོང༌། སེམས་ལ་ངོས་བཟུང་མེད་པས་དམིགས་པ་དང་མ་དམིགས་པ་མེད་པས་ཕྱག་རྒྱ་ཆེན་པོ་ཡིན། །རྗེ་བཙུན་གྱི་གསུང་ཡིན་ནོ། །རྗེ་ཕག་མོ་གྲུ་བའི་ཞུས་ལན་རྫོགས་སོ། །རྒྱལ་བས་ལུང་བསྔགས་ཆོས་རྗེ་སྒ་མ་པོ་བར། །རྡོ་རྗེ་རྒྱལ་པོས་འཁོར་འདས་ལམ་གསུམ་སོགས། །སྙིང་བོ་དོན་གྱི་གནད་འགག་ ༡༠༤༑ ༩༣ ༡༠༥༑ །ཞུས་ལན་འདི། །སྒྲུབ་བརྒྱུད་སྙིང་བོའི་བསྟན་ལ་རབ་གུས་པའི། །ལ་དྭགས་སྒྲུབ་གཟུགས་པདྨ་ཆོས་རྒྱལ་གྱིས། །དངུལ་སྲང་ཉིས་བརྒྱ་རེ་བདུན་་ཞོ་བརྒྱད་ཀྱིས། །བསྐྲུན་པའི་དགེ་བས་རིས་མེད་གདུལ་བྱ་ཡི། །ནེམ་ནུར་དྲ་བའི་སྨག་རུམ་བུན་བཅོས་སྟེ། །ཇི་ལྟ་ཇི་སྙེད་མཁྱེན་གཉིས་རབ་རྒྱས་ཤིང༌། །སྙིང་པོའི་བསྟན་པ་སྤེལ་བའི་མཐུ་ལྡན་ཤོག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །པར་འདི་རྒྱལ་གྱི་ཤྲཱི་ནེའུ་སྟེང་དུ་བཞུགས། ། ༡༠༦༑ ༩༤ ༡༠༧༑ ༩༥ ༡༠༨༑ །དུས་གསུམ་མཁྱེན་པའི་ཞུས་ལན་བཞུགས་སོ། ༡༠༩༑ ༩༦ ༡༡༠༑ །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་རིན་པོ་ཆེ་ལ་ཕྱིས་ཁོ་བོས་གདམས་ངག་ཅིག་ཞུས་ནས། བསྒོམས་པས་ཞག་འགའ་ལོན་པ་དང་གང་ནས་བྱུང་ཆ་མེད་པའི་གསལ་སིང་ངེ་བའི་ཉམས་ཤིག་བྱུང་ཞུས་པས། རིན་པོ་ཆེའི་ཞལ་ནས། དེ་དཀར་པོ་ཅིག་ཐུབ་བྱ་བ་ཡིན་པས། སང་གནངས་དང་ཕྱིས་རྟག་ཏུ་དེ་ཙུག་འོང་་ཡིན་པས་རྒྱབ་ཡོལ་དྲོ་བར་གྱིས། གོས་སྲབ་པར་གྱིས་ ༡༡༡༑ ༩༧ ༡༡༢༑ །ལ་སྒོམས་དང༌། ཤེས་པ་བཀོལ་དུ་བཏུབ་པར་འདུག་གིས་གསུངས། དེ་ནས་བཟའ་མེད་ནས་བཟའ་ཚོལ་དུ་ཕྱིན་པས། ཟླ་བ་གསུམ་དུ་མ་མཇལ། དེ་ནས་འོལ་ཀ་སྲུབ་ན་བཞུགས་ནས་འདུག་དེར་ཕྱིན་ནས་ཞག་འགའ་བསྒོམས་པས་བདེ་གསལ་མི་རྟོག་པའི་ཉམས་གཤའ་མ་ཞིག་བྱུང་ནས། ཞུས་པས། ཧུ་རེ་མཛད་ནས་ད་ལྟ་སྒོམ་བཟང་བར་འདུག་སྟེ། དེ་རྩ་བ་གང་ནས་བྱུང་གསུང༌། མ་ཤེས་བྱ་ ༡༡༣༑ ༩༨ ཕཕཙད པས་འོ་ན་ད་རུང་དེ་ཀ་ཙུག་བསྒོམ་དགོས་པ་ཡིན་གསུང༌། ཡང་ཞག་འགའ་བསྒོམ་པས་བདེ་གསལ་དེ་འགྲོ་བའི་ལམ་ཀུན་ཏུ་ཡང་དེ་སེམས་ཡིན་སྙམ་པ་ཞིག་བྱུང༌། རྣམ་རྟོག་ཀྱང་སེམས་སུ་ཤེས་པ་བག་རེ་ཡོང་བར་འདུག་ཞུས་པས། རིན་པོ་ཆེའི་ཞལ་ནས། བདེ་གསལ་དང་དྲོད་ལ་སོགས་པ་ཅི་བྱུང་ཡང་ཡུན་མི་རིང་བར་ཡང་ཡང་བསྒོམ་པ་ཡིན་གསུང༌། ཡང་ཞག་འགའ་རེ་བསྒོམས་པས། ལྟེ་བའི་འོག་ཏུ་ཚ་བ་མི་བཟོད་པ་ཞིག་བྱུང་ཞུས་པས། རིན་པོ་ཆེའི་ཞལ་ནས་རླུང་བག་རེ་ཚུད་པར་འདུག་སྟེ། རྩ་ནང་དུ་རླུང་བྱུང་བས་དེར་རྣམ་རྟོག་ཞུགས་པ་ཡིན་པས་ཞག་འགའ་གཏུམ་མོ་རང་མ་བསྒོམ་གསུང༌། མ་བསྒོམས་ ༡༡༥༑ ༩༩ ༡༡༦༑ །ཀྱང་གཏུམ་མོ་དང་དྲན་པ་ཙམ་གྱིས་ཀྱང་དེ་ཙུག་བྱུང་ཞུས་པས། རིན་པོ་ཆེའི་ཞལ་ནས་དེ་ཐམས་ཅད་རྣམ་རྟོག་ཡིན་པས་ལྟེ་བ་མན་ཆད་དུ་འཇམ་རླུང་བཟུང་ལ། ཕྱག་རྒྱ་ཆེན་པོ་རང་སྒོམས། རླུང་རང་འགྲོར་ཐོང་གསུངས། ཡང་ཐེབས་གཅིག་བསྒོམ་བྱ་སྒོམ་བྱེད་ཀྱི་སྣང་གྲགས་འདི། ཅི་ཡང་མ་མཐོང་བར་རིག་བ་གསལ་སིང་ངེ་བ་ཞིག་བྱུང་ཞུས་པས། རིན་པོ་ཆེའི་ཞལ་ནས། ལྐུག་པས་རྨི་ལམ་རྨིས་པ་དང༌། གཞོནུ་མའི་བདེབ་ལྟ་བུ་ཟེར་བསྟེ། བཤད་པས་མི་ཤེས་བ་ཡོད། ཁྱོད་རང་བསྒོམ་ཞིག་ཅི་ཤེས་པ་བྱེད་པ་ཡིན་པས། དྲི་རྒྱུ་མ་བདེ་བཅི་བྱུང་ཡང་མཚམས་དམ་ཡང་ཤོག་གསུང༌། ཡང་ནུབ་གཅིག་རྨི་ལམ་ ༡༡༧༑ ༡༠༠ ཕཕཞད ན༌། དགེ་སློང་གཅིག་གིས་སྔར་མ་ཐོས་བའི་ཆོས་ཤིག་བཤད་པ་རྨིས། དེ་གསལ་བ་ཞིག་བྱུང་ཞུས་པས། རིན་པོ་ཆེའི་ཞལ་ནས༌། དེ་ལ་ཁྱོད་དགའ་བར་འདགུ་གམ་གསུངས། འདུག་བྱས་པས་བཀའ་སྐྱོན་དྲག་པོ་ཞིག་མཛད་ནས། ཁོ་དེ་་མངོན་སུམ་དུ་ཡང་ཆོ་འཕྲུལ་སྣ་ཚོགས་བྱུང་བ་ལས། དེ་ཐམས་ཅད་སྒྱུ་མར་ཤེས་ན་ལམ་དུ་འགྲོ་བ་ཡིན། བདེན་ནབར་བཟུང་ན་བར་ཆད་ཡིན་པས། སེམས་ལ་ཅི་བྱུང་བ་ཐམས་ཅད་བཟང་ཡང་དང་དུ་མི་བླང༌། ངན་པ་བྱུང་ཡང་མི་སྤང༌། དེ་ཐམས་ཅད་གཉིས་མེད་དུ་ཤེས་པར་བྱེད་པ་ཡིན། དེ་ལྟར་མ་ཤེས་ན་མི་འདོད་བ་ཞིག་བྱུང་བའི་དུས་སུ། དེ་བར་ཆད་དུ་འགྲོ་བ་ཡིན་གསུངས། ཡང་གཏུམ་༡༠༡ ༡༡༩༑ །མོ་བསྒོམས་པས་དྲོད་སྐྱེས་པའི་དུས་སུ། ཉོན་མོངས་པའི་འཆིང་བར་སོང་ཞུས་པས། རིན་པོ་ཆེའི་ཞལ་ནས། དེ་བྱང་སེམས་རྒྱས་པ་ཡིན་པས། དེ་བདེ་བར་འཁྱེར་བ་ཡིན། རྡོ་རྗེ་ནོར་བུ་ནས་ཡར་བཀྲམ་ནས། སྤྱི་བོ་མན་ཆད་བདེ་ལྟེམ་ལྟོམ་སོང་བར་བསྒོམ་པ་ཡིན། དེ་ནས་མར་ལ་ཐིག་ལེ་འཆོར་འཆོར་འདྲ་ན། རང་གི་སྤྱི་བོར་མ་དམར་སེར་ཞིག་བསམ། རང་གི་མིག་གཉིས་ལྟེ་བར་བསམས་ནས། དེ་ལ་ཡར་བལྟ་བར་བསམ་པ་ཡིན་དེ་ལ་ཡང་ཤེས་པ་མ་ཡེངས་བདེ་གསལ་དུ་འདུག་པ་ལ། རྣམ་རྟོག་རེ་བྱུང་ཡང་སེམས་སུ་ཤེས་པ་འབྱུང་བས། རྣམ་རྟོག་དེ་འཕྲོར་མ་བཏུབ། སྣང་གྲགས་སེམས་སུ་ཤེས་ཏེ་ཡང་འཕྲོར་མ་བཏུབ་ཞུས་པས། རིན་པོ་ཆེའི་ཞལ་ནས་རྣལ་འབྱོར་མ་ག་གཱ་ངྷ་རས། རྣལ་འབྱོར་པ་བཛྲ་ཤྲཱི་ལ། རིགས་ཀྱི་བུ་ཡུལ་ལ་མ་བལྟ་སེམས་ལ་ལྟོས། བྱ་བ་མ་མང་ཞེ་འདོད་ཀུན་དང་ཕྲོལ༌། །ཉམ་ང་མ་བྱེད་དོགས་པས་བདག་མ་འཆིང༌། སེམས་ནི་གང་དགའ་ཉིད་དུ་ཐོང་ལས་ ༡༢༠༑ ༡༠༢ ཕབཕད ཐོང་ཞེས་གསུངས་པས། བཛྲ་ཤྲཱིས་གྲུབ་པ་ཐོབ་སྐད། གཉིས་མེད་ཤེས་པ་ཆུ་དང་འོ་མ་འདྲེས་པ་འདྲ། །ཉམས་མྱོང་སྤྲིན་ལྟར་ཇི་ལྟར་འགྱུར་ཡང་རུང༌། །རྣལ་འབྱོར་ཤེས་པ་གླང་བོ་ལྟ་བུར་གང་རྟོགས །ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ་པ་ཡིན། །རིག་པ་རྣམ་རྟོག་ཕྱིར་འབྲང་མ་ཤོར་བར། །རྣམ་རྟོག་ཅི་བྱུང་སེམས་སུ་ཤེས་པར་གྱིས། །བྱ་བ་ཡིན་པས་རིག་པ་གསལ་སིང་ངེ་བ། ནམ་མཁའ་བཞིན་དུ་སེམས་སུ་ཤེས་དགོས་པ་ཡིན། ཐམས་ཅད་སེམས་སུ་ཤེས་པ་བྱུང་བ་ལ། མཛོ་ཕོ་བྱང་དུ་སོང་ཡང་སྣ་ཐག་ལག་པར་ཡོད་བྱ་བ་ཡིན། རྣ་རྟོག་སྤྲིན་དང་འདྲ་བ་ཡིན། རེས་ཅི་ཙུག་ཡོད། རེས་གང་འདྲ་ཡོང་མ་ངེས། དེ་ཐམས་ཅད་ཉམས་བྱ་བ་ཡིན། ཅི་བྱུང་ཡང་ཐམས་ཅད་སེམས་སུ་ཤེས་པར་གྱིས་ལ་སྒོམས་གསུངས། ཡང་ངའི་རིག་པ་གསལ་སིང་ངེ་འདུག་བ་སྟེ། རེས་སྲིད་པའི་རྩེ་མོ་མན་ཆད་རླུང་གི་དཀྱིལ་འཁོར་ཡན་ཆད་པ་ཐམས་ཅད་རང་གི་སེམས་མ་ཡིན་པ་ཅི་ཡང་མི་འདུག་སྙམ་ཞིག་བྱུང་ཞུས་པས། ཀྱཻ་རྡོ་རྗེ་ལས་ངོ་བོ། གཟུགས་ ༡༢༢༑ ༡༠༣ ༡༢༣༑ །མེད་མཐོང་བ་པོ་ཡང་མེད། །སྒྲ་མེད་ཐོས་པ་པོ་ཡང་མེད། དྲི་མེད་སྣོམ་པ་པོ་ཡང་མེད། །རོ་མེད་མྱོང་བ་པོ་ཡངམེད། །ཅེས་པ་དགྱེས་པ་རྡོ་རྗེའི་ལུང་ལས་གསུངས་པས། ཇི་ལྟར་ཆུ་ལ་ཆུ་བཞག་དང༌། །ཇི་ལྟར་མར་ལ་མར་བཞག་བཞིན། །བྱ་བ་ཡིན་པས་ལུས་སེམས་ཁོང་གློད་ལ་ཞོག །སྲིད་པ་གསུམ་མན་ཆད་རླུང་གི་དཀྱིལ་འཁོར་ཡན་ཆད་རང་རིག་པ་སེམས་ཡིན། རང་བཞིན་གྲུབ་པ་མེད་གསུངས། ཡང་འོད་གསལ་བྱ་བ་དེ་ཆོས་ཐམས་ཅད་སེམས་སུ་ཤེས་བ་ལ་ཟེར་བ་ལགས་སམ་ཞུས་པས་ཀུན་དེ་ཙུག་ཡིན། གོ་ཙ་ན་འོསྐོལ་ལ་རང་གི་རིག་པ་དེ་གསལ་ལ་མ་འགགས་པ། སྐྱེ་འགགས་མེད་པ་དེ་འོད་གསལ་བྱ་བ་ཡིན་གསུངས། ཡང་གཅིག་པོར་སྡོད་དུས་སུ་དགོད་སྙིང་ཁ་ནས་འདོད། གཉིད་གུང་དུ་དགོད་པ་འོང་བས་མིའི་རྩར་ཉལ་མི་བཏུབ་པར་འདུག་ཞུས་པས། དེ་བདེ་བརྒྱས་པ་ཡིན་པས་བཟང་བ་ཡིན་གསུངས། ཡང་ཉིན་གཅིག་ཐབས་ལམ་ཞུ་བྱས་པས། དེ་ཀོ་ཀུན་ཏུ་བཤད་པ་དེས་ཆོག །མ་བསྒོམས་ན་བར་དོ་གདམས་ངག་ཤེས་ཀྱང་མི་ཕན། ཁྱེད་རང་ཡང་ ༡༢༤༑ ༡༠༤ ཕབཚད ད་རུང་བསྒོམ་ནུས་ན་དེ་བསྐྱངས་བས་ཆོག་པར་འདུག །བར་དོའི་དུས་ཚོད་དུ་ཡང་བསྒོ་མ་འོདགསལ་དེའི་རྗེས་སུ་འབྲང༌། རང་བཞིན་གྱི་འོད་གསལ་གྱིས་སྡུད་བསུ་བ་ཡིན་གསུངས། བསྒོམ་ནུས་ན་དེས་ཆོག་གམ་ཞུས་པས། རིན་པོ་ཆེའི་ཞལ་ནས་དཀར་པོ་གཅིག་ཐུབ་དེ་ལ་བྱེད་བ་ཡིན། ང་ལ་ཡང་དེ་ལས་མེད་གསུངས། འོ་ན་ངའི་བདེ་བ་གསལ་སིང་ངེ་་བདུག་པ་དེ། རེས་ཡེངས་ཐབས་སུ་བྱུང༌། ཉིན་ལ་གསལ་མཚན་ལ་མི་གསལ་ཞུས་པས། རིན་པོ་ཆེའི་ཞལ་ནས་ཁྱོད་ལ་དུང་སྐྱོན་གཅིག་འདུག་པ། གསལ་ན་དགའ་མི་གསལན་མི་དགའ་བའི་སྐྱོན་གཅིག་འདུག །དེ་ཙུག་བྱེད་པ་མིན། རང་གི་རིག་པ་དེ་གསལ་སིང་ངེ་བཞག་ནས་རྣམ་རྟོག་གི་ཕྱིར་མི་འབྲང་རྣམ་རྟོག་ཅི་བྱུང་ཡངསེམས་སུ་ཤེས། སེམས་སྐྱེ་མེད་ཤེས་བར་བྱེད་པ་ཡིན། སེམས་ལ་ཅི་བྱུང་ཡང་གཉིས་མེད་དུ་ཤེས་དགོས་པ་ཡིན། ཉིན་ལ་གསལ་བ་དེ་རིག་པ་དང་སྣང་བ་འདྲེས་པ་ཡིན། ནུབ་མོ་ཡང་ཅི་ཡང་མ་ཡིན་པའི་བདེ་སིང་ངེ་བ་ཞིག་ཡོད་པ་ཡིན། མི་མང་སར་ཁ་རོག་སྡོད་ལ་སྒོམས། འགྲོ་བའི་ལམ་ཀུན་དུ་ཡང་ ༡༢༦༑ ༡༠༥ ༡༢༧༑ །བསྒོམ་བྱུང་དམ་ལྟོས་གསུངས། དེ་གཉིས་ཀ་ལ་ཁྱད་མེད་པ་འོང་བར་འདུག་ཞུས་པས། འོ་དེ་ཡིན་གསུངས། སྔར་རས་སྡིག་པ་བག་ཙམ་ཕྲབ་ཞིག་བྱས་ལས་འབྲས་བསྒོམ་པའི་དུས་སུ་དེ་དྲན་ཙམ་གྱིས་སྡུག་བསྔལ་ཆེ་བར་བྱུང་ཞུས་པས། རིན་པོ་ཆེའི་ཞལ་ནས་དེ་ཀུན་ཐམས་ཅད་སྟོང་ཉིད་ཐུན་གཅིག་གིས་འདག་པ་ཡིན༌། དཔེར་ན་སོག་མ་ཕུང་པོ་ཞིག་ལ་མེ་སྟག་གཅིག་བཏབ་བས་ན་ཐམས་ཅད་དངོས་མེད་ལ་འགྲོ། དེ་བཞིན་དུ་སྔ་མའི་སྡིག་པ་བྱས་པ་ཕྲ་མོ་དེ་རྣམ་རྟོག་ཡིན། སེམས་ཡིན་སེམས་དེ་སྐྱེ་མེད་དུ་བྱས་པས་འདག་པ་ཡིན་གསུངས། ཡང་སྣང་གྲགས་ཐམས་ཅད་སེམས་ཡིན་པར་འདུག །གཞན་ལོགས་ན་མེད་སྙེཾམ་པ་ཞིག་བྱུང༌། སེམས་ཀྱི་ངོ་བོ་དེ་ལ་བལྟས་བས་ཐུག་བ་མི་འདུག། །ནམ་མཁའ་ལ་མདུང་སྐོར་བ་བཞིན་དུ་བྱུང་ཞུས་པས། རིན་པོཆེའི་ཞལ་ནས། སེམས་འདི་རྣམ་རྟོག་གི་ཕྱིར་མ་འབྲང་བར་བཅས་བཅོས་མ་བྱེད་པར་རང་དག་རང་གསལ་དུ་ཞོག་ལ། རྣམ་རྟོག་ལ་མི་འཐད་བཅི་བྱུང་ཡང༌། མི་དགའ་བ་མ་བྱེད་པར་དེ་རང་ལ་ལྟོས་དང༌། དེ་ལ་ཁ་དོག་མེད། ༡༢༨༑ ༡༠༦ ཕབཟད དབྱིབས་མེད། ངོས་བཟུང་མེད། དེ་རིག་པ་རང་གི་ངོ་བོ་ཡིན་པས། གསལ་ལ་མ་འགག་པ་དེ་རང་ཡིན་གསུངས༌། འོ་ན་བདེ་གསལ་མི་རྟོག་བའི་དུས་སུ་ཡུན་མི་རིང་གསུང་བཞུས་པས། རིན་པོ་ཆེའི་ཞལ་ནས་དེ་མ་ཡིན་བྱས་པ་ལ། ད་རེས་འདི་གསལ་མི་ཟེར་ལུས་བདེ་བ་ཆེ་ལ་གསལ་ལ་མི་རྟོག་པའི་དུས་སུ་དེར་ཡུན་རིང་ན། ཤེས་པ་ལུས་ཀྱི་བདེ་བ་ལ་ཡེངས་ནས། རླུང་བ་སྤུའི་བུ་ག་ནས་ཕར་ཤོར་ནས། ཕྱིས་གྲང་བ་ཅན་དུ་འགྲོ་བ་ཡིན། དགེ་བཤེས་སྤྱན་སྔ་བའི་ལོ་རྒྱུས་ཀྱང་གསུངས། ཡང་ངལ་བདེ་གསལ་མི་རྟོག་པ་གསུམ་ལས་གསལ་བ་ཤས་ཆེ། སྐབས་སུ་ངའི་ཤེས་པ་དེ་ཡེངས་ན་དངོས་པོ་ཕྱི་ནང་འདྲེས་ནས། ནམ་ཕྱེད་ཅི་ཡང་མི་དྲན་པ་ཞིག་བྱུང་ཞུས་པས། རིན་པོ་ཆེའི་ཞལ་ནས་རིག་པ་གསལ་སིང་ངེ་འདུག་པ་དེ། རྩ་བ་སེམས་ཡིན་པས་དེ་མ་ཤོར་བར་གྱིས་ལ། དྲན་ཚད་ཅི་བྱུང་ཡང་རྩ་བ་སེམས་སུ་གྱིས། བཅས་བཅོས་མ་བྱེད་རྟོག་དཔྱོད་ན་བྱེད་པར། ལུས་སེམས་ཁོང་གླིད་ལ་གླེན་སྒོམ་རང་གྱིས་དང༌། དེ་ཡང་ཆུ་མ་རྙོག་ན་དངས་པའི་རང་བཞིན། སེམས་ ༡༣༠༑ ༡༠༧ ༡༣༡༑ །མ་བསླད་ན་གསལ་བའི་རང་བཞིན་བྱ་བ་ཡིན་པས། རྟོག་དཔྱོད་བྱས་བཅས་བཅོས་བྱས། ཆགས་སྡང་བྱས་ན་མི་གསལ་དུ་འགྲོ་བ་ཡིན་གསུངས༌། ཡང་ཐེངས་གཅིག་ངའི་བདེ་བ་དེ་ཆུང་དུ་སོང༌། གསལ་བ་དང་མི་རྟོག་བ་མཉམ་པར་འདུག་ཞུས་པས། ཅི་ཡང་མི་ཉེས་སྔར་བདེ་བ་ཆེ་དུས་སུ། བསྒོམ་ཡུན་རིངས་པས་ཡལ་བ་ཡིན་གསུངས། ཡང་ཐེངས་གཅིག་གཉིད་ཐུང་གཅིག་གི་ནང་དུ་ཡང་ཐམས་ཅད་བཙིར་བཏུབ་པ་ཞིག་བྱུང༌། དེའི་དུས་སུ་ཡི་དྭགས་ཀྱི་སྡུག་བསྔལ་་དཔག་ཏུ་མེད་པ་བྱུང་ཞུས་པས། རིན་པོ་ཆེའི་ཞལ་ནས་དེ་རླུང་སྐྱོན་ཡིན་ཏེ་འོང༌། སྐྱོན་ཐམས་ཅད་འདིས་སེལ་བ་ཡིན་གསུངས་ནས། འཁྲུལ་འཁོར་་ཟབ་པ་ཞིག་བསྟན་པ་དེས་སེལ། ནང་གིཅ་སྤྱན་སྔར་འབོད་དུ་བྱུང་ནས་ཕྱིན་པ་དང༌། རིན་པོ་ཆེའི་ཞལ་ནས་འོ་སྐོལ་གཉིས་རླུང་གིས་ཁྱེར་བས། ཁྱོད་ཀྱིས་ཆོས་ཉན་ནས་བཤད་་པ་ལ་གང་གིས་ཀྱང་དེ་མ་ཤེས། ཁྱོད་ཀྱིས་ཆོས་གཤའ་མ་ཞིག་དགཟོང་རྙེད་པ་ཡིན་གསུངས། སྔར་གྱི་ཡི་དྭགས་ཀྱི་སྣང་བ་བྱུང་པ་དེ་འདོད་པ་ཡིན་ཏེ། གཞན་ ༡༣༢༑ ༡༠༨ ཕམམད གང་ནས་ཀྱང་མ་བྱུང་རང་གི་སེམས་ལས་བྱུང་བ་ཡིན། རང་སེམས་དེ་སྐྱེ་མེད་ཆོས་སྐུ་ཡིན་པས་དེ་བཞིན་དུ་སྒོམས་གསུངས། ཡང་འོད་གསལ་ངོ་ཤེས་པ་དེ་ཞབས་སུ་ཏིམ་ཏིམ་འགྲོ་བ་འདྲ་བ་ཞིག་བྱུང༌། དེའི་དུས་སུ་རྟོག་པ་གཅིག་ཀཡང་མི་འཕྲོ་བ་འདྲ་བ་ཞིག་བྱུང་ཞུས་པས། རླུང་བག་རེ་ཨ་བ་ངྷུ་ཏཱིར་ཚུད་བ་ཡིན་གཏན་དུ་དེ་མི་འོང་གསུངས། ཡང་ཐེངས་གཅིག་སའི་གཏིང་དུ་འཛུག་བ་ཞིག་རྨིས། ཉམས་རང་ཡང་དེ་ཙུག་བྱུང་ཞུས་པས། རིན་པོ་ཆེའི་ཞལ་ནས། འོ་ཅག་རྣམ་རྟོག་ལམ་དུ་འཁྱེར་བ་ལ། རྣམ་རྟོག་ཆུང་ཆུང་སེམས་སུ་ཤེས་བས་མི་འོང༌། འོ་ན་ངན་སོང་གསུམ་གྱི་་སྡུག་བསྔལ་ལམ། མེར་འཆོངས་བའམ། ཆུར་འཆོངས་པའམ་སྡུག་བསྔལ་་ཆེན་པོ་ཞིག་ཉམས་སུ་མྱོང་བ་ཞིག་རྨིས་བའམ། ཉམས་སུ་མྱོང་བ་ཞིག་བྱུང་ན། དེ་ལ་འདོད་ཐོག་ཏུ་བྱེད་ལམ་དུ་བྱེད་པ་ཡིན། ཆོས་གཤའ་མ་ཞིག་གཟོད་ཡོང་བ་ཡིན། དེ་ལ་ནན་ཆགས་ཆེར་གྱིས་ལ། ད་ལྟའིསདུག་བསྔལ་དེ་ལ་བལྟས་པས་ཁ་དོག་མེད་དབྱིབས་མེད། དེ་ཐམས་ཅད་རང་སེམས་ལས་མ་འདས། ཐམས་ཅད་ ༡༣༤༑ ༡༠༩ ༡༣༥༑ །སེམས་ཡིན་སེམས་སྐྱེ་མེད་ཡིན་པས་དེ་ཙུག་སྒོམ་དགོས་པ་ཡིན། ཡང་ཞག་འགའ་བསྒོམ་སཔས་ཉམས་ལ་དམྱལ་བའི་སྣང་བ་བྱུང་སྟེ། སེམས་སུ་ཤེས་པ་བྱུང་ཞུས་པས། རིན་པོ་ཆེའི་ཞལ་ནས། སྤྱིར་ཐེག་པ་ཆེན་པོ་གསང་སྔགས་འདི་བདེན་པ་ཟབ་པ་ཡིན། དམྱལ་མཉམ་ཐོས་པ་ལྟར་བདེན་བཞིན་པ་མེད། །དེའི་་ཡུལ་མེད་སེམས་ཀྱི་འཁྲུལ་སྣང་ཡིན་པས། རྣམ་རྟོག་ལམ་དུ་འཁྱེར་བ་འདི་ལས་ཟབ་བ་མེད་པས། ད་རུང་དམྱལ་བའི་ཉམས་བྱུང་བ་དང༌། དེ་སེམས་སུ་ཤེས་པར་གྱིས་ལ་སེམས་སྐྱེ་མེད་དུ་ཤས་པར་གྱིས། དེ་ལ་གོམ་པས་སང་གནངས་ཕྱིས་བར་དོར་དམྱལ་བའི་སྣང་བ་བྱུང་ཡང་སེམས་སུ་ཤེས་པས་དར་གྱི་ཕོ་ལོང་བརྡབས་པ་ཙམ་ཞིག་བྱུང༌། སློབ་དཔོན་རྟོག་རྩེ་བའི་ཞལ་ནས། ཤེས་བ་འདིལ་བ་རྟེན་ནས་ནི། །བག་ཆགས་ངན་བའི་སྣསང་བ་ཡིས། །དམྱལ་བ་དག་ཏུ་སྐྱེ་སྲིད་ཀྱང༌། །དམྱལ་བ་རང་ཡང་བདེ་བ་ཅན། །བྱ་བའི་དོན་ཡང་དེ་ཡིན་གསུངས། །ཡང་སྐབས་ཤིག་ན་སྔོན་རྩ་གསུམ་འདུས་པའི་སར་ནད་ཅིག་བྱུང༌། ད་ལྟ་དེའི་ཐད་སོར་སྐྲངས་ནས་ ༡༣༦༑ ༡༡༠ ཕམཝད འདུག །ཚངས་བུག་ཀྱང་སྐྲངས། ཟས་ཀྱང་མི་འདོད་བཞིག་བྱུང་ཞུས་པས། རིན་བོ་ཆེའི་ཞལ་ནས། འབྱུང་བའི་ནད་ཀྱང་བག་རེ་ཡིན། སྒོམ་ཆེན་པའི་ནད་ཕལ་ཆེར་ཆོས་བསམ་པ་དང་སྒོམ་པ་་མ་ལགས་པ་རྣམ་རྟོག་ནད་དུ་སོང་བ་ཡིན། གཉིས་མེད་བསྒོམས་པས་གཉིས་སུ་ཤོར་བྱ་བ་ཡིན་གསུངས། ནད་ཐམས་ཅད་རེ་དོགས་རང་ཡིན། རེ་བས་འཕུང་དོགས་པས་འགག་བྱ་བ་ཡིན་པས་ནད་དེ་རང་ལ་ལྟོས་དང༌། ཁ་དོག་མེད་དབྱིབས་མེད་ཐམས་ཅད་སེམས་ཡིན་པས། ནར་སོང་གིས་དོགས་པའི་དོག་པ་མ་བྱེད། སོས་སུ་རེ་བ་མ་བྱེད། འདིས་གོ་བཅད་པ་ཡིན་སྙམ་དུ་བྱ་གསུངས། ཡང་མཉམ་གཞན་ལ་གསལ་སིང་ངེ་འདུག །དེའི་དུས་སུ་ཉིན་གཅིག་བྲག་ཁ་ཞིག་ན་ཕར་སོང་བ་ལ་རྨི་ལམ་ཡིན་སྙམ་ནས་གཡང་དེ་ལ་དེའུ་སོང་ཞུས་པས། རིན་པོ་ཆེའི་ཞལ་ནས། དང་པོའི་སྣང་བ་དེ་པན་བུན་དུ་སོང་བ་ཡིན། གཉིས་བ་དེ་འོད་གསལ་གྱིས་ཁྱབ་པ་ཡིན། གསུམ་པ་དེ་སེམས་ནང་དུ་གནས་པ་ཡིན། དེ་ཀུན་ལ་བཅོས་རྒྱུ་མེད་གསུངས། ཡང་ཐངས་ཅིག་རིག་པ་རང་གསལ་ཅི་ཡང་མ་རྡུག་པ་ཞིག་བྱུང་ ༡༣༨༑ ༡༡༡ ༡༣༩༑ །གཞན་ཅི་ཡང་མཐོང་བ་མེད་པ་རེ་རེ་ཙམ་བྱུང༌། དེ་ལ་གོམས་པར་བྱས་ན་འབྱུང་བ་རིམ་གྱིས་བསྡུས་ནས། ལུས་འདི་དོར་ནས་རིག་པའི་ངོ་བོ་དེ་ཆོས་ཀྱི་སྐུ་ཡིན་ནམ་ཞུས་པས་ཅི་ཡང་ལུས་སེམས་གཉིས་སུ་བྱས་ཀྱང་གཉིས་སུ་མ་སོང༌། ཐམས་ཅད་འོད་གསལ་དུ་སོང་ནས་དངོས་པོ་དང་མཚན་མ་མེད་པ་ཞིག་ལ་སངས་རྒྱས་ཟེར་བ་ཡིན་གསུངས། ཡང་ཐངས་ཅིག་དྲོ་སྐད་རེ་རེ་ཙམ་དུ་དྲན་པ་མེད་པར་སོང་བཞིག་བྱུང་ཞུས་པས། རིན་པོ་ཆེའི་ཞལ་ནས། འོ་དེ་མི་འདོད་ཤོས་་གཅིག་པོ་དེ་ཡིན། སྔོན་ཡང་དེ་འདྲ་པ་ཞིག་གིས་མགོ་སྐོར་མང་དུ་བྱུང་གསུངས། ཞི་གནས་རབ་ཅིག་ལྷ་མིའི་རྒྱུ་ཙམ་ཡིན། ད་ལྟ་བསྒོམ་བཟང་བ་དེ་སང་གནངས་ཡལ་ནས་འགྲོ་བ་ཡིན། རིག་པ་འདི་རྣམ་རྟོག་གི་ཕྱིར་བྲེང་བྲེང་མ་བཏང་བར། རྣམ་རྟོག་གཅིག་བྱུང་སེམས་སུ་ཤེས་པར་གྱིས། གཉིས་བྱུང་སེམས་སུ་ཤེས་པར་གྱིས་རྣམ་རྟོག་ཅི་ཅམ་མང་བ་ཡིན་ན། རྣམ་རྟོག་མི་འདོད་པ་རེ་རེ་བྱུང་བའི་དུས་སུ། རིག་པ་དེ་ལ་གཏོད་ལ་སེམས་སུ་ཤེས་པར་གྱིས། ཡང་མ་ནུས་ན་གློད་ལ་ཞོག། ༡༤༠༑ ༡༡༢ ཕཙཕད གསུངས། ཡང་བསྒོམས་པས་མགོ་དང་རོ་སྟོད་ན་བ་ཞིག་བྱུང་སྟེ་སེམས་སུ་ཤེས་པ་རང་གིས་ཕན་ནམ་ཞུས་པས། དེ་ལ་གནོད་ཅིག་ཡོད། ན་བ་དེ་རང་གི་སེམས་སུ་ཤེས་པར་བྱས་ལ་དེ་ནས་ནད་དེ་སོས་པར་བྱ་སྙམ་པ་ཅི་བྱུང་ན། དེ་སྟོང་པ་ཉིད་ཉོན་མོངས་པའི་གཉེན་པོར་ཤོར་བྱ་བ་ཡིན། ནད་དེ་རང་ལ་བལྟས་བས་ཁ་དོག་དང་དབྱིབས་གང་གིས་ཀྱང་ངོ་བོར་མ་གྲུབ་པ་དེ་ཡང་སེམས་ཀྱི་རང་བཞིན་དུ་ཤེས་པས། ནད་ཞི་བ་ཆོས་ཉིད་ཡིན་གསུངས། ཡང་ཐངས་ཅིག་སྔར་དང་མི་འདྲ་བ་ཞིག་བྱུང༌། གནས་པ་དེ་ཡང་ཆུད་དུ་སོང༌། རིག་བ་སིང་ངེ་གཏད་པའི་དུས་སུ་རྣམ་རྟོག་ཅི་བྱུང་དེའི་དང་དུ་སོང༌། རྣམ་རྟོག་རེ་རེ་བྱུང་ཉམས་དེ་བས་བཟང་དུ་སོང༌། དེར་རིག་པ་ལྷོད་དེ་བྱས་པའི་དུས་སུ་ནང་དུ་ཡང་གསལ་སྟོང་གི་ཉམས་ཅི་ཡིན་ཆ་མེད་པ་ཞིག་བྱུང༌། རྗེས་ཐོབ་ལ་འབྲས་བུ་སེམས་སུ་འདུག །སེམས་ལས་ཕྱི་རོལ་གང་མང་གྲུབ་པ་མེད་པར་འདུག་ཞུས་པས། རིན་པོ་ཆེའི་ཞལ་ནས། འོ་ན་དེ་རང་ཡིན། སྤྱོད་འཇུག་ལས་གཉའ་ཤིང་གང་ལ་བལྟ་ཞེས་བཤད་དེ་ཤེས་པ་རྒོད་པར་འདུག་པས། ཁྲུ་གང་ ༡༤༢༑ ༡༡༣ ༡༤༣༑ །ཙམ་དུ་དངོས་པོ་ཆུང་བ་ཞིག་ལ་ཏིག་བ་ལྟན་ནེ་བཏང་ནས་རྣམ་རྟོག་གང་མི་འདོད་པ་ཅི་བྱུང་ཡང་དེ་ལ་རིག་པ་གཏོང་བ་ཡིན། བྱིང་བ་འདྲན་ཡང་གཏོད་པ་ཡིན། དེ་ནས་ཤེས་པ་རུང་དུ་སོང་ནས་ཐག་རིང་དུ་ཡང་གཏད་བས་ཆོག །ཞི་གནས་དང་སེམས་ཉིད་ཀྱི་དོན་ལ་གནས་པ་གཉིས་མི་གཅིག །ཞི་གནས་ནི་ཅི་ཡང་དྲན་བ་དེ་ཡིན། སེམས་ཉིད་ཀྱི་དོན་ལ་གནས་པ་རིག་པ་གཏད་པའི་དུས་སུ། རྣམ་རྟོག་ཅི་བྱུང་གསལ་སྟོང་གི་ཉམས་སུ་སོང་བ་དེ་ལ། བག་ཡུལ་རིང་ཡང་མི་སྟོ། དེ་རིག་པ་སྒོར་ཏོན་བཏོན་བ་བྱ་བ་ཡིན། ལར་རིག་པ་ཀུན་ཁྱབ་པ་བྱ་བ་ཡིན་གསུངས། ཡང་འཇམ་རླུང་མནན་བའི་དུས་སུ་་གཤའ་མ་མནན་རྒྱུ་ནི་མེད། དྲོད་ནི་ཆེ་བ་འདུག་ཞུས་པས། རིན་པོ་ཆེའི་ཞལ་ནས། རླུང་དག་བར་འབྱོངས་བྱ་བ་ཡིན། བཟང་དེ་ཀ་བཞིན་བསྒོམས་པས་ཆོག །དེ་བས་ཀྱང་རིག་པ་རང་མ་ཡེངས། ཚན་གཅིག་ནད་རེས་ང་ལ་ཅིས་ཀྱང་མི་གནོད་པས་བསྡད་པ་བས་འགྲོ་བ་རང་འཕེལ་ཟེར་ཏེ། དེ་ཙན་གནོད་བོད་བ་ཡིན་ནོ། །འོ་ན་ད་རུང་འོ་སྐོལ་གཉིས་གཏམ་བས་སྡུག་ ༡༤༤༑ ༡༡༤ ཕཙཚད པར་འདུག་སྟེ་ཡང་གོམས་པས་ཡིན་གསུངས། འོ་ན་རིག་པ་གཏད་པའི་དུས་སུ་དངོས་པོ་གང་ལ་མཐོང་བ་མེད་པར་གསལ་སྟོད་དེལ་ཡུན་རིང་ཡང་སྐྱོན་ཅང་འོང་ངམ་ཞུས་པས། རིན་པོ་ཆེའི་ཞལ་ནས། དེ་ལ་ཡུན་རིང་དྲགས་ན་ཡང་ལྟེངས་པ་དང༌། རྨུགས་བའི་ཞད་ཅིག་ཡོད་པས། ཤིགས་ཀྱིས་བཤིགས། ལྷོད་ཀྱིས་གློད་ནས། ཕྱི་ནང་མེད་པར་གསལ་སྟོང་གི་ཉམས་འབྱུང་བ་ཡིན་པས། ཡང་ཡང་བསྒོམ་པ་ཡིན་གསུངས། དེའི་དུས་སུ་གསལ་སྟོང་གི་ཉམས་ཅི་ཡིན་ཆ་མེད་པ་ཞིག་བྱུང་ཞུས་པས། །དེ་སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བྱ་བ་ཡིན། འོ་སྐོལ་གྱིས་དེ་ག་ནས་ཤེས་གསུངས། ཡང་ཐེངས་ཅིག་གསལ་ཡང་གཏད་པ་མེད་བ་དེ་གཞི་མེད་དུ་འགྲོ་བར་འདུག་ཞུས་པས། དེ་དོན་དམ་གཉུག་མ་རང་གི་ངོ་བོ་བྱ་བ་ཡིན། དེ་བཞིན་དུ་ནད་ཀྱིས་དངོས་པ་ཅི་བྱུང་ཡང༌། དེ་ལ་རིག་པ་གཏད་པས་གཞི་མེད་དུ་འགྲོ་བ་ཆོས་ཉིད་ཡིན། དེ་བཞིན་དུ་གདོན་དང་ཆོ་འཕྲུལ་ལ་སོགས་པ་གང་ཅི་བྱུང་ཡང༌། དེ་རང་ལ་རིག་པ་གཏོད་བ་ཡིན་གསུངས། ཡང་དངོས་པོ་ལ་སོགས་པ་རིག་པ་གཏོད་པ་དེ་ལ། ཐག་ ༡༤༦༑ ༡༡༥ ༡༤༧༑ །ཉེ་རིང་ལ་ཁྱད་ཅི་ཡོད་ཞུས་པས། ཤེས་པ་རྒོད་པ་ལ་ཐག་་ཉེ་བ་དངོས་པོ་ཆུང་བ་ལ་ཤེས་བ་གཏོད་པ་ཡིན། བྱིང་ན་ལག་མཐོན་པོའི་དངོས་པོ་ཆུང་བ་ལ་ཤེས་པ་གཏོད་དགོས་པ་ཡིན། ཡང་ཐངས་ཅིག་སྒོམ་བའི་དུས་སུ། བརྗེད་ཐབས་ལ་དངོས་པོ་ཅི་ཡང་མེད་བས་སྟོང་བ་ཙམ་ཙམ་བ་རེ་བྱུང་ཞུས་པས་དེ་ཀུན་ཐམས་ཅད་ཉམས་ཀྱི་ཁྱད་པར་ཡིན། སྟོན་བ་རྣམས་ཀྱི་དབུ་མའམ། སེམས་ཙམ་པ་རོལ་ཕྱིན་པའམ། སྔགས་སམ་གྲུབ་མཐའ་མི་འདྲ་བ་རེ་རེ་འདོད་པར་འདུག་སྟེ། བསམ་ཕུགས་གཅིག་ཡིན། ཆོས་ཐམས་ཅད་སེམས་སུ་མ་འདུས་པ་གཅིག་ཀྱང་མེད། མ་བསམ་པས་བདེ་གསལ་དུ་སིང་ངེ་འདུག་པ་དེ་གཅིག་པོ་བསྐྱངཤ་པས་ཀྱང་ལྷར་སྐྱེ་ངེས་སྙམ་པ་ཞིག་བྱུང་ནས། འོ་སྐོལ་རང་གི་ལྷན་ཅིག་སྐྱེས་སྦྱོར་འདི་གདམས་ངག་ཟབ་པར་འདུག །རྣམ་རྟོག་བྱུང་བ་གང་བྱུང༌། གང་མི་འདོད་པ་ཅི་བྱུང་ཡང་སེམས་སུ་ཤེས་པར་བྱེད། ཅི་དང་ཅི་བྱེད་པ་ཐམས་ཅད་རྨི་ལམ་སྒྱུ་མ་ཙམས་ལ་སེམས་སྦྱོང་བ་ཡིན་ནོ་གསུངས། ཡང་ཐངས་ཅིག་དངོས་པོ་རེ་རེ་ལ་རིག་པ་དྭངས་ཏེ་ཧྲིག་གེ་ ༡༤༨༑ ༡༡༦ ཕཙཟད གཏད་པའི་རྗེས་ལ། ལྷོད་ཀྱིས་གླིད་ནས་བཞག་པས། དངོས་པོ་གང་ཡང་མེད་པར་གསལ་སྟོང་ངང་དུ་ཆམ་ཆམ་འདུག །དེའི་དུས་སུ་གང་འདོད་པའི་སར་སོང་ཡོང༌། རྩིག་པ་དང་རིལ་ཡང་རྡུགས་རྡུགས་མི་འདྲ་བ་ན་ཞུས་པས། འོ་དེ་ཁྱོད་ཀྱི་དེ་ཉམས་བཟང་པོ་དཔེ་མེད་ཅིག་ཡིན། ལྟ་བ་ནི་དངོས་བོའི་རིག་པ་གསལ་སིང་ངེ་བ་དེ་ཡིན། དེ་སངས་རྒྱས་ཀུན་གྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོ་ཡིན་ཏེ། དེ་ལ་བརྟེན་ནས་བསྒོམས་པས་ད་རུང་འགྲོ་བའི་སྐས་ཀྱི་་རིམ་པ་བཞིན་དུ་འོང་བ་ཡིན། ད་དུང་དེ་འདྲ་བ་བརྒྱ་དང་སྟོང་འོང་གསུངས། རིན་པོ་ཆེ་སྒམ་པོ་བ་དང༌། རིན་པོ་ཆེ་མཚུར་ཕུ་བ་གཉིས་ཀྱི་ཞུ་བ་ཞུས་ལམ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །བྱིན་རླབས་ཅན་བྱི་རླན་གྱི་དགོན་པ་རུ། །བདག་ཉིད་དབུ་མའི་གནས་སུ་རླུག་ཚུད་པས། །མི་རྟོག་བདེ་གསུམ་དབྱེར་མེད་དོན་མཐོང་ནས། །དེ་ཡི་དོན་རྟོགས་བླ་མ་རྗེ་ལ་ཞུས། །ཞུས་ལན་བརྗེད་འཇིགས་ཅུང་ཟད་ཡི་གེར་བྲིས། །བདག་གིས་བསྒོམས་པས་རྣམ་རྟོག་ཐམས་ཅད་དང་བྲལ་བ། རང་བཞིན་གྱིས་འདོ་གསལ་བ། ངོ་བོ་བདེ་བ་དེ་གསུམ་ ༡༥༠༑ ༡༡༧ ༡༥༡༑ །དབྱེར་མེད་པ། །བརྗོད་དུ་མ་བཏུབ་པ་ཞིག་བྱུང་བའི་དུས་སུ། ནམ་མཁའ་ལ་བྱང་ཆུབ་སེམས་དཔའ་མང་པོའི་གཟུགས་རོལ་མོའི་སྒྲ་སྒྲོགས་ཤིང༌། བི་རི་ཏི་རི་གསུང་གིན་གདའ་ན། དེ་ཅི་ལགས་ཞུས་པས། རྗེ་བཙུན་གྱི་ཞལ་ནས་རླུང་དབུ་མར་ཚུད་བ་ཡིན། ཅུང་རང་རླུང་བཅུན་དྲགས་པས། རྩུབ་རླུང་དུ་སོང་བ་ཡིན། རྩུབ་རླུང་དང་འཇམ་རླུང་གི་ཁྱད་ཅི་ལགས་ཞུས་པས། རྩུབ་རླུང་ནི་སྟེང་འོག་གི་རླུང་གཉིས་ཀ་ཟུག་དངབཅས་ནས་ཐུབ་ཚང་དུ་འཛིན་པ་ཡིན་ཏེ། དཔེར་ན་ཡུར་བ་ཆུས་བརྒྱངས་ནས་འབོ་ཞིང་འདྲལ་བ་དང་འདྲ་བར། ལོག་པ་མང་པོ་འོང་བས། མཛེ་ལ་སོགས་པ་སྐྱོན་ཅན་དུ་འགྲོ་ཉེན་ཡོས་གསུངས། འཇམ་རླུང་གི་སྟེང་རླུང་སུམ་ཆ། འོག་རླུང་སུམ་གཉིས་བཟུང་ནས་ལྟེ་བའི་བར་དུ་འཛིན། ཟུག་རྡུ་བྱུང་ཙ་ན་དལ་གྱིས་གཏོང་བ་ཡིན་ཏེ་ལོག་པ་མི་ཡོང་བས་དེ་ལེགས་པ་ཡིན་གསུངས། དེ་གཉིས་ཀྱི་དམིགས་པ་གཏད་ལུགས་ཞུས་པས་འདྲ་གསུངས། འོ་ན་རླུང་དབུ་མར་ཚུད་པ་ལ་དུས་དུ་ཡོད་ཞུས་པས། རང་བཞིན་གྱིས་ཚུད་པ་ལ་བཞིའམ་བརྒྱད་ཡོད་དེ། བཞི་ ༡༥༢༑ ༡༡༨ ཕཚམད ནི་དང་པོར་སངས་རྒྱས་པའི་དུས་ཚུད། ར་རོ་པ་དང་བརྒྱལ་བ་དང༌། ཕོ་མོའི་སྙོམས་འཇུགདུས་སུ་ཚུད། བརྒྱད་ནི་དེའི་འཁོར་ཡིན། རླུང་གཡས་གཡོན་དུ་འཕོ་བ་དང༌། ཞེ་སྔང་དྲག་པོ་སྐྱེས་པ་དང༌། གཉིད་མཐུག་པོ་དང༌། མིག་གིས་གཟུགས་མཐོང་ནས་འཛིན་པ་མེད་པའི་དུས་དང་བརྒྱད་ལ་འཇུག་སྟེ་ཇི་ལྟར་བའི་དོན་མ་རྟོགས་པས་ཡེ་ཤེས་བྱི་བོ་བྱ་བ་ཡིན། འདིར་བླ་མའི་གདམས་ངག་གིས་ལྷན་ཅིག་སྐྱེས་པའི་རྐྱེན་བྱས་ནས་དུས་གསུམ་དུ་འཇུག་སྟེ། བུམ་པའི་དབང་གིས་དུས་དང༌། རྨི་ལམ་འོད་གསལ་ལ་ཟིན་པ་དང༌། །རླུང་ལ་སོག་སཔ་བསྒོམ་པའི་སཏོབས་ཀྱིས་ཚུད་པའི་དུས་སུ། ཇི་ལྟ་བུའི་དོན་མ་བཅོས་པ་དེ་རྟོགས་པ་ཡིན་གསུངས། འོན་ཙནྜ་ལཱི་ལ་དམིགས་ནས་རླུང་བཅུན་པ་དང༌། མི་རྟོག་པ་བསྒོམས་ནས་རླུང་བཅུན་པ་སྟོབས་གང་ཆེ་ཞུས་པས། ཙནྜ་ལཱི་ཆེ་སྟེ་ཙནྜ་ལཱི་ལ་དམིགས་པ་རྣོན་པོས་མ་ཡེངས་པར་བཟུང་ན། དང་བོ་དྲོད་འུར་གྱིས་སྐྱེ། དེ་ནས་བདེ་བསྐྱེ། དེ་ནས་མི་རྟོག་པ་ཤུགས་འབྱུང་དུ་འོང་བས་ན། ཙནྜ་ལཱི་བོགས་ཆེ་བ་ཡིན་གསུངས། དང་པོར་དྲོད་སྐྱེས་པར་ཤེས་ནས༌། ༡༥༤༑ ༡༡༩ ༡༥༥༑ །བདེ་བ་དང་མི་རྟོག་པའི་གོ་བ་ཇི་ཙམ་ཞིག་ལ་འཇོག་པ་ལགས་ཞུས་པས། ཚད་བཟུང་དུ་མི་བཏུབ་དཔེ་དཔྱིད་ཀྱི་དུས་སུ་ཆུ་དྲོས་པས། འཁྱག་པ་ཀུན་ཞུ་ནས་མྱུག་གུ་སྐྱེ། དེ་ལས་ལོ་མ་དང༌། སྡོང་བུ་དང༌། མེ་ཏོག་དང་འབྲས་བུ་སྨིན་པ་ལྟར། རླུང་དང་ཙནྜ་ལཱི་ལས་དྲོད་སྐྱོ། དེ་ནས་བདེ་བ་ཟུག་རྡུ་དང་བཅས་པ་ལྟེ་བར་ཅག་གིས་འོང༌། དེའི་དུས་སུ་བདེ་བ་དེ་འཁོར་ལོ་བཞི་རུ་སེམས་བཟུང་ནས། སྡོད་པའི་བདེ་བ་ལུས་ཐམས་ཅད་ལ་ཁྱབ་ནས། རྟོགས་པ་ཐམས་ཅད་ཤུགས་ཀྱིས་འགགས་ནས། ཟག་པ་མེད་པའི་བདེ་བ་ཆེན་པོ་ཞེས་བྱ་སྟེ། འོག་མ་འོག་མ་ནི་རྣམ་རྟོག་གོང་མ་གོང་མའི་ཤུགས་ལས་འབྱུང་བ་ལས། འདི་ལྟ་བུ་ཡིན་ཞེས་བསྟན་དུ་མི་བཏུབ། བསྟན་པས་རླུང་དབུ་མར་ཚུད་པ་དེ་རང་ཡིན་གསུངས། འོ་ན་རླུང་བཅུན་པའི་མི་རྟོག་པ་དང༌། རླུང་མ་བཅུན་བའི་མི་རྟོག་པ་འདྲའམ་ཞུས་་པས། མི་འདྲ། རླུང་མ་བཅུན་པའི་མི་རྟོག་པ་དེ་ཚོར་བ་བཏང་སྙོམས། མི་རྟོག་བ་ལྟེགས་པོ་བྱ་བ་ཡིན། རླུང་གིས་བྱིང་རྒོད་ལ་སོགས་པའི་སྐྱོན་བསལ་ནས། ༡༥༦༑ ༡༢༠ ཕཚཝད མི་རྟོག་པ་རང་གི་མཚན་ཉིད་མངོན་སུམ་དུ་སྐྱེ་བ་ཡིན་གསུངས། འོན་ཚོག་དྲུག་བཀག་ནས་ནང་དུ་མི་འཇུག་པ་དང༌། ཚོགས་དྲུག་མ་བཀག་པར་འཛིན་མེད་དུ་ལྷུག་པར་འཇོགཔ་གཉིས། གང་ལགས་ཞུས་པས། ནང་དུ་འཇོག་པ་དེ་ཀུན་བཞི་དྲན་པའི་ས་བོན་ལ་བསྡུས་ནས། མི་རྟོག་པར་འཇོག་བ་ཡིན༌། ཡང་དག་པ་མ་ཡིན། དེ་ཉན་ཐོས་དང༌། མུ་སྟེགས་ལ་སོགས་པ་ལ་ཡང་ཡོད། ཚོགས་དྲུག་འཛིན་མེད་ལྷུག་པར་འཇོག་པ་ཡིན་གསུངས། འོ་ན་ཆོས་ཐམས་ཅད་ཀྱི་འབྲས་བུ་འཆི་བའི་དུས་སུ་དགོས་པ་ཡིན་ལགས་པས། སྒོམ་ཆེན་པ་འཆི་བའི་ཚེ། གནང་གཅོད་ཀྱི་སྡུག་བསྔལ་ལམ། ཤེས་པ་མ་རྙོགས་པའི་གོང་དུ་འཕོ་ན། འཕོ་བ་གང་རྣོ། ཧིཀ་ཉི་ཤུ་་རྩ་བརྒྱད་དང་བསམ་དུ་མི་རུང་བའི་འཕོ་བ་བྱ་གསུངས། དེ་གཉིས་ཅི་ལྟར་བགྱི་་ཞུས་པས། གཞི་སཾ་བྷུ་ཊི་ནས་བཤད་པ་ལྟར། སྒལ་ཚིགས་ནང་ན་ཡར་པོདྨ་འདབ་མ་བཞི་པ་ཉི་ཤུ་རྩ་བདུན་བརྩེགས་པའི་ལྟེ་བར། པདྨ་ཀུན་ལ་རང་གི་ཤེས་པ་ཨས་འཁྲིས་ནས་ཡོད་པར་བསམས་ལ། དཔའ་བོའི་གོ་ཆས་སྨད་ཀྱི་༡༢༡ ༡༥༨༑ །སྲིན་པོ་ལ་སོགས་པའི་སྒོ་བཀག །དཔའ་མོའི་གོ་ཆས་ཁ་ལ་སོགས་པ་སྟོད་ཀྱི་སྒོ་བཀག་ལ། རླུང་ཧིག་དྲག་ཏུ་དྲངས་ལ། ཧིཀ་ཀ་ཞེས་བརྗོད་པས། དེ་ལྟེ་བའི་ཨ་དེ་སྐུད་པ་ལ་འཁྲིས་ནས། པདྨ་རེ་རེའི་ནང་དུ་ཐོན་པར་བསམ་པ་ལ་འཕོ་བ་སྦྱོང་དུས། བཅུན་བྱས་ལ། ཡང་ཀ་ཧིཀ་ཅེས། སེཏང་རླུང་ཡང་་ནང་དུ་དྲངས། ཨ་ཡང་ཐུར་ལ་དབབ་པོ། །རྒས་ནས་འཕོ་བ་ནི་མ་ནུས། ཉེར་གཅིག་གི་ཧི་ཀས་གྱེན་ལ་དྲངས་ལ། ཀ་ཧིཀ་གིས་མར་མི་དབབ་པར་ཡང་དང་ཡང་དུ་བྱ། འཕོ་བའི་ཚེ་ཉ་ཤུ་རྩ་བརྒྱད་ཀྱིས་དྲངས་ལ། ཤེས་པ་རང་གང་འདོད་ཀྱི་གནས་སུ་བཏང་གསུངས། དེ་ཕར་འཕོའམ་ཞུས་པས། དེས་ཅུང་མི་འོང་སྙིང་འགུལ་བས་སྙིང་འདར་དུ་འོང༌། དེའི་རྗེས་ལ་བསམ་དུ་མི་རུང་བའི་འཕོ་བ་བྱ། དེས་ཐེ་ཚོམ་མེད་པར་འོད་གསུངས། འོ་ན་མི་རྟོག་པ་བསྒོམ་པའི་སྒོམ་ཆེན་ཡིན་ན༌། དེ་ལྟར་བགྱི་འམ་ཞུས་པས། ངའི་བླ་མ་ཆེན་པོའི་ཞལ་ནས། འཆི་བའི་དུས་སུ་གནད་གཅོད་ཀྱི་སྡུག་བསྔལ་གྱིས་འཚེར་ན། གོང་དུ་ཕོ་བ་ཡིན་ཏེ། ༡༥༩༑ ༡༢༢ ཕཛཔད དེ་མི་དགའ་བར་འདུག་གསུངས། འོ་ན་ཇོ་ལྟར་བགྱི་ཞུས་པས། འཆི་བའི་དུས་སུ་སེང་གེའི་ཉལ་སྟབས་སུ་གཞོགས་གཡས་པ་འོག་ཏུ་བཅུག་ལ་བློས་ཉལ་ཏེ། ལུས་དང་སེམས་ཕྲལ་ལ་སེམས་དགའ་ལྡན་ལ་སོགས་པར་རང་གང་འདོད་ཀྱི་གནས་སུ་བཏང་སྟེ། དེར་མི་རྟོག་པར་བཞག་པ་རང་དགའ་བ་ཡིན་གསུངས། དེས་འཕོའམ་ཞུས་པས་དགུན་གྱི་མེ་ཏོག་བསྡུས་པ་བྱ་བ། སྟོན་ཀ་སྨིན་བའི་མེ་ཏོག་ལ་རེག་པས་སྤུངས་ཀྱིས་འགྲོ་བ་དང་འདྲ་བར། འཆི་ཀའི་དུས་སུ། འབྱུང་བ་བསྡུས་པའི་གནད་ཀས་ལུས་སེམས་འབྲེལ་བས། གནད་གཅོག་ཀྱིས་སྡུག་བསྔལ་ཡང་མི་ཡོང་བར་མྱུར་དུ་འཕོ་བ་ཡིན་གསུངས། འོ་ན་བཙན་་ཐབས་ཀྱི་འཕོ་བ་དང༌། སྤྱངས་ཏེ་འཕོ་བའི་གོ་བ་ཅི་ཙུག་ལགས་ཞུས་པས་བཙན་ཐབས་སྡིག་པོ་ཆེའམ། མི་ཐ་མལ་པའི་ལུས་སེམས་དབྱུག་པ་ལ་འགྱེལ་བ་ལ་སོགས་པ་ཡིན། སྦྱངས་ཏེ་འཕོ་་བ་སྒོམ་ཆེན་པས་ཧི་ཀ་ཀ་བཅུ་བདུན་བའམ། འཁྲུལ་འཁོར་དྲུག་པའམ། བསྲེ་པ་གོང་ནས་སྦྱོང་བ་དེ་ཡིན་མོད་གསུངས། འོ་ན་འཕོ་བར་དོ་ཇི་ལྟར༌། ༡༦༡༑ ༡༢༣ ༡༦༢༑ །འབྱུང་ཞུས་པས། བར་དོ་ལ་རྣམ་བ་གསུམ་ཡོད་དེ། ད་ལྟར་རང་སྐྱེ་ཤི་བར་དོ་བྱ་བ་བར་དོ་རང་ཡིན། རྨི་ལམ་དང་འདྲ་མོད། རྨིལམ་བར་དོའི་གདམས་ངག་ད་ལྟ་བསྒོམ་བས་རྨི་ལཾ་དུའོད་གསལ་ཟིན། དེ་ལམ་ཡིན། སྲིད་པ་བར་དོར་འབྲས་བུའི་འོད་གསལ་དངབསྲེ་བ་ཡིན་གསུངས། རྨི་ལམ་ཟིན་ནས་རྗེས་སད་བའི་དུས་སུ། ཇི་ལྟར་བསྒོམ་ཞུས་བས་རྗེས་སད་པའི་དུས་སུ། མདང་གི་རྨི་ལམ་དང་ད་ལྟའི་སྣང་བ་འདི་ཁྱད་ཅི་ཡོད་སྙམ་དུ་བསྒོམ་སྟེ། ཁྱད་མེད་པ་རང་ཡིན་གསུངས། འོ་ན་རྡོག་ཇོ་སྲས་པས། གཉིད་ལ་ཆོས་སྐུ་ར་བསྒོམ། རྨི་ལམ་ལ་ལོངས་སྐུར་བསྒོམ་གསུངས་པ་དེ་ལགས་སམ་ཞུས་པས། གཉིད་མ་རིག་པ་ཡིན་པས་ཆོས་སྐུར་བསྒོམ་དུག་ལ་བཏུབ། བསྒོམས་ཉམས་མེད་པར་བཤད་པའི་ཆོས་བྱ་བ་ཡིན། རྨི་ལམ་ཟིན་ནས་ཆོས་སྐུ་འོད་གསལ་ངོས་བཟུང་ནས་བསྒོམ་པ་ཡིན་མོད། དེའི་དུས་སུ་རྨི་ལམ་དང་སྒྱུ་ལུས་དང་འབྲས་བུ་འོད་གསལ་བསྲེ་བ་ན་བསྲེབ་ཡིན་མོད། འོན་འཆི་བའི་དུས་སུ་འབྱུང་བའི་སྡུད་ལུགས་སམ། །སྣང་བ་དང༌། ༡༦༣༑ ༡༢༤ ཕཛཙད མཆེད་པ་དང༌། ཐོབ་པ་དང༌། འོད་གསལ་གྱི་རྟགས་ཇི་ལྟར་འོང་ཞུས་པས། འཆི་བའི་དུས་སུ་ས་ཆུ་ལ་ཐིབ་པས་ལུས་མི་ཐེག །ཆུ་མེ་ལ་ཐིམ་པས་ཁ་སྣ་སྐམས། དེའི་དུས་་སུ་སྣང་བའི་རྟགས་ཕྱི་རྟགས་ཟླ་བ་ཤར་བ་ལྟ་བུ། ནངརཏག་སྲིན་བུ་མེ་ཁྱེར་ལྟ་བུ་འབྱུང༌། རྣམ་རྟོག་བརྒྱད་ཅུ་ལས་ཞེས་སྡང་ལས་གྱུར་པ་སུམ་ཅུ་རྩ་གསུམ་འགག །མེ་རླུང་ལ་ཐིམས་པའི་དུས་སུ། ལུས་ཀྱི་དྲོད་སྡུད། སྣང་བ་མཆེད་པ་ལ་ཐིམ་པའི་རྟོགས། ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ། ནང་རྟགས་མར་མེ་ལྟ་བུ། འདོད་ཆགས་ལས་གྱུར་པ་བཞི་བཅུ་ཐམ་པ་འགག །སྒོམ་ཆེན་པ་ལ་མཁའ་སྤྱོད་ནས་བསུ་བ་འོང༌། སྡིག་ཅན་ལ་གཤིན་རྗེའི་ཕོ་ཉ་འོང༌། རླུང་གི་འཁོར་་བ་ཞིག་ཙམ། ཕྱི་དབུགས་རིང་ནང་དབུགས་ཐུང་ལ་གཅོད། སྣང་བ་ཐོབ་པའི་ཕྱི་རྟགས་སུམ་པ་ལྟ་བུ། ནང་རྟགས་མར་མེ་ལྟ་བུ། གཏི་མུག་ལས་གྱུར་བ་བདུན་འགག། དེར་ནང་དུ་དབུགས་ཙམ་ལ་གནས་པའི་དུས་སུ། སྤྱི་པོའི་ཕ་ལས་ཐོབ་པའི་ཧཾ་སྡིབ། ལྟེ་བའི་མ་ལས་ཐོབ་པའི་གཏུམ་མོའི་རང་བཞིན་དང་ཨ་ཤད། ཐབས་ཤེས་རང་ཀྱི་ ༡༦༥༑ ༡༢༥ ༡༦༦༑ །ཡི་གེ་གཉིས་སྙིང་གར་བྲད་པས་རོ་མ་དངས་ས་ལ་ལེ་ཞག་གཅིག་གམ་གཉིས་སམ་གསུམ་མམ་བཞིའམ་ལྡ་དྲུག་ཏུ་འོང༌། དེའི་རྗེས་ལ་འབྲས་བུའི་འོད་གསལ་ཕྱི་རྟགས་སྐྱེ་རེགས་ཤར་བ་ལྟ་བུའམ། ནང་རྟགས་ནམ་མཁའ་སྤྲིན་དེངས་པ་ལྟ་བུ་འབྱུང་ །དེར་ལམ་གྱི་འོད་གསལ་དང༌། ཕཛཝད བྲས་བུའི་འོད་གསལ་འདྲེས་པས། འོད་གསལ་དེ་ཡང་རང་བཞིན་གྱིས་གསལ་བ། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ། ཟག་པ་མེད་པའི་བདེ་བས་གང་བ་སྟེ། སྣང་བ་ཡང་བདེ་བའི་རང་བཞིན་དུ་འཆར་བ་ཡིན། །དམྱལ་བ་ལ་སྣང་བས་གནོད་པ་མ་བསྐྱལ་ཏེ། སྣང་བ་སྡུག་བསྔལ་དུ་མཐོང་བས་བཅིངས། སངས་རྒྱས་ལ་སྣང་བས་ཕན་མ་བཏགས་ཏེ་སྣང་བ་བདེ་བར་ཤར་བས་གྲོལ་གསུངས། འོ་ན་ད་ལྟའི་ལམ་གྱི་འོད་གསལ་དང༌། རླུང་དབུ་མར་ཚུད་པའམ། དབང་གསུམ་པའི་དུས་སམ། རྨི་ལམ་འོད་གསལ་ལམ་དེ་རྣམས་དང༌། འབྲས་བུའི་འོད་གསལ། ངོ་བོ་འདྲའམ། འབྲས་བུའི་འོད་གསལ་དེ་ཡུན་ཇི་ཙམ་མཆིས་ཞུས་པས། ངོ་བོ་འདྲ། ད་ལྟ་ཡང་ལམ་དང་འབྲས་བུ་རླུང་དུ་མར་ཚུད་པའི་དུས་སུ་འདྲ་སྟེ་ཡུན་ཐུང༌། ༡༦༨༑ ༡༢༦ ཕཛཟད དཔེ་ཚེས་གཅིག་གི་ཟླ་བ་ལྟ་བུ་འོང༌། འབྲས་བུའི་འོད་གསལ་དང་འདྲེས་ཙ་ན་ཡུན་རིང་སྟེ། ཐ་མ་ཞག་ཕྱེད་དང་བཞི་འོང༌། དཔེ་ཉའི་ཟླ་བ་ལྟ་བུ་ཡིན་གསུངས། དེའི་དུས་སུ་གདམས་པ་ཅན་ལ་བདེ་བ་ལོངས་སྐུ། གསལ་བ་སྤྲུལ་སྐུ། མི་རྟོག་པ་ཆོས་སྐུ། དེ་གསུམ་དབྱེར་མེད་པ་ངོ་བོ་ཉིད་ཀྱི་སྐུ་དང་བཞི་ཚང་བས། ཡོན་ཏན་ཐམས་ཅད་རྫོགས་པའི་བར་དོ་བྱ་བ་ཡིན་ཏེ། མཚན་རྗོད་ལས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །ཅེས་པ་དང༌། དོ་ཧ་ལས། མཁྱེན་པའི་སྐད་ཅིག་གཅིག་ཉིད་ལ། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ལྟར། །རྣམ་རྟོག་མི་མངའ་ཅི་ཡངས་ལེ་མཁྱེན། །ཞེས་པ་དེ་ཡིན་གསུངས། འོན་དེ་ལ་གཟུགས་སྐུ་གཉིས་ཀྱི་འགྲོ་དོན་ཇི་ལྟར་འབྱུང་ཞུས་པས། བྱ་བ་དང་བྱེད་པའི་བསམ་པ་མི་མངའ་ཡང༌། ལས་དག་པའི་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་རྣམ་སྣང་མཚན་དཔེས་བརྒྱན་བར་སྣང༌། འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱ་ལ་སོགས་བར་ཐུབ་པ་དྲུག་ཏུ་ཏུ་སྣང་བས་དོན་བྱེད་པར་ཡིན་གསུངས། དེ་རྣམས་སློབ་དཔོན་གང་གིས་ ༡༧༠༑ ༡༢༧ ༡༧༡༑ །བཞེད་བ་ལགས་ཞུས་པས། ནཱ་རོ་པའི་རྒྱུད་པ། བླ་མ་ཏི་ཕུ་པ། བླ་མ་ཨ་དུལ་བཛྲ་དང༌། ངའི་འོདད་པ་ལ་ཡང་ད་ལྟའི་ལམ་གྱི་འོད་གསལ་དང༌། བར་་དོར་ལམ་དང་འབྲས་བུ་བསྲེ་བར་འདོད་པ་ཡིན། བླ་མ་བལ་བསོ་ད་ལྟ་རང་འབྲས་བུ་ཡིན་གསུངས་པས། དེའི་ཕྱིར་ཉིན་གྱི་རིངས་ལ་ང་དང་གཉིས་རྩོད་པ་ཡང་ཡང་བྱས་པའི་ལོ་རྒྱུས་གསུངས། འོ་ན་འབྲས་བུའི་འོད་གསལ་དེ་ལ་མ་ཟིན་ན་ཇི་ལྟར་མཆིས་ཞུས་པས། བླ་མའི་ལྷན་ཅིག་བྱེད་པའི་གདམས་ངག་གིས། ད་ལྟར་རླུང་དབུ་མར་ཚུད་པའི་དུས་སུ། ལམ་གྱི་འོད་གསལ་ངོ་ཤེས་པས། འབྲས་བུའི་འོད་གསལ་མི་ཟོན་མི་སྲིད། གདམས་ངག་མེད་པ་རྣམས་འོད་གསལ་ལ་བྱེད་ནས། ལུས་ཀྱི་ཚང་འཚོལ་བས་འཁོར་བར་འཁྱམས་པ་ཡིན། གལ་ཏེ་འོད་གསལ་མ་ཟིན་ན། འབྲས་བུའི་འོད་གསལ་ལས་དག་པའི་སྒྱུ་ལུས་བྱ་བ་ཡི་དམ་གྱི་ལྷ་མཚན་དཔེས་བརྒྱན་པར་སྡང༌། མཚུར་སཏོན་དབང་དེ་ན་རེ། སྡུག་པ་སྙིང་རེ་རྗེ། གཞན་ཀུན་སེམས་ལ་རྟེན་མི་འདོད། ངའི་ལྷ་རྗེ་མར་པ་སེམས་ལ་རྟེན་འདོད། བར་དོ་རུ་སེམས་ཉིད་འདི། ༡༧༢༑ ༡༢༨ ཕཝམད ངོ་བོ་ལྷ། ཉམས་མྱོང་བ་དེ་བ། དོན་སྐྱེ་མེད་བྱ་བ་འབྲས་བུའི་མཐར་ཐུག་ཡིན། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་བདུན་ལྔན་གྱིས་ཟེར། མཐར་ཐུག་གི་འབྲས་བུ་སངས་རྒྱས་གཟུགས་སུ་འདོད། །དེ་ལ་བདག་དང་རྩོད་བ་ཡང་བྱས་ཏེ་དེ་མིན། དེ་དག་པའི་སྒྱུ་ལུས་བྱ་བ་ཡིན་ཏེ། དེས་ཕྱོགས་བཅུའི་བྱང་ཆུབ་སེམས་དབའ་བརྒྱ་སྟོང་ལ་དབང་བསྐུར་བ་དང༌། ཆོས་ཞུས་ནས་མཐར་ཐུག་ས་བཅུའི་བྱང་ཆུབ་སེམས་དཔའ་ཐོབ་པ་ཡིན་གསུངས། འོ་ན་འཕོ་བའི་འབྲས་བུ་དུ་བདོག་ཞུས་པས། སྡིག་པོ་ཆེ་མཚམས་་མེད་པ་ལྔ་བྱེད་པ་ལ་བཙན་ཐབས་སུ་འཕོས་ནས་གཟུགས་མེད་དུ་སྐྱེ་བ་དང་གཅིག། །ལྷ་དང་མིའི་འཁོར་ལོས་སྒྱུར་བའི་མངའ་བདམས་ནས་འཕོ་བ་དང་གཉིས། སྦྱངས་ཏེ་འཕོས་པས་འབྲས་བུ་འོད་གསལ་ངོས་བཟུང་ནས་སངས་རྒྱས་པ་དང་གསུམ། འོད་གསལ་ཟིན་པ་དག་པའི་སྒྱུ་ལུས་སུ་ལངས་ནས་འབྲས་བུ་ས་བཅུའི་བྱང་ཆུབ་སེམས་དཔའ་ཐོབ་པ་དང་བཞི་ཡིན་གསུངས་སོ། །འོ་ན་འོད་གསལ་ལས་རིག་དྲུག་ཏུ་ཇི་ལྟར་འཁྱམས་ལགས་ཞུས་པས། གདམས་ངག་མེད་པ་རྣམས་འོད་གསལ་ལ་བྲེད་ནས་ ༡༧༤༑ ༡༢༩ ༡༧༥༑ །ལུས་འཚོལ་ཏེ། སྲིད་པ་བར་དོར་ཡིད་ཀྱི་ལུས་ལེན། དེ་ལ་མ་དག་པའི་སྒྱུ་ལུས་ཞེས་བྱ་སྟེ། དེའི་མཚན་ཉིད་ནིམ། སྔོན་བྱུང་སྲིད་པའི་ཤ་གཟུགས་ཅན་ཞེས་གསུངས་པས། འབྲས་བུའི་འོད་གསལ་ལས་སྔར་གྱི་ཡིད་ཀྱི་ལུས་སུ་ལྡང༌། གཞན་གྱིས་གང་ལེན་གྱིས་ལྡང་བར་འདོད་པ་ཡང་ཡོད། དབང་པོ་ཀུན་ཚང་ཐོགས་མེང་ལྡན། །ཞེས་གསུངས་པས། སྔར་བས་ཚོར་བ་རགས་བ། ཐོགས་པ་མེད་པ་ནི་ཆོས་ཀྱི་དབྱིངས་དང༌། མ་ཡི་མངལ་མིན་པ་གཞན་ལ་མི་ཐོགས། གཞན་ལ་རྡུགས་ཟེར་ཏེ་མི་རྡུགས། རིགས་མཐུན་ལྷ་མིག་དག་པས་མཐོང༌། །ཞེས་གསུངས་པས། བར་དོ་ནང་དང་ལྷས་མཐོང༌། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །ཞེས་གསུངས་པས་ཡེ་ཤེས་ཀྱི་རྫུ་འཕྲུལ་མིན། སྲིད་པ་བར་དོར་ཚེ་ཇི་ཙམ་ཐུབ་ན། ཞག་བདུན་ནམ་བཅུ་བཞི་འམ། ཉི་ཤུ་རྩ་གཅིག་གམ། རྩ་བརྒྱད་དམ༌། སོ་ལྔའམ། ཞེ་གཉིས་སམ། མཐར་ཐུག་ན་ཞེ་དགུ་ཐུབ། དེ་ནས་ཚེ་འཕོ་བའི་རྐྱེན་ཕ་མ་ལ་འདོད་ཆག་ཤིང་མངའ་དུ་འཇུག་པས་ཞེ་སྡང་ངོ༌། །འོ་ན་བར་དོར་གསང་སྔགས་གསེ་པ་ལམ་གྱི་ ཕཝཛད ༡༧༧༑ ༡༣༠ ཕཝཞད གདམས་ངག་བགྱི་བ་བ་དོག་སྐད་པ་དེ་གང་ལགས་ཞུས་པས། སྲིད་པ་པར་དོལ་རང་སེམས་མ་ཡེངས་པར་བྱ་བ་དང་གཅིག། །ཕ་མའི་མངའ་དུ་མི་འགྲོ་བར་བྱའོ་སྙམ་པས་མངའ་དུ་མི་འགྲོ་བ་དང་གཉིས། འབྲས་བུའི་འོད་གསལ་ངོ་ཤེས་པར་བྱས་ནས། བདེ་བལ་གནས་པ་དང་གསུམ་ཡིན་གསུངས༌། ཞུས་ལན་ཨྀཐི།།།། །བླ་མ་དམ་བ་རྣམས་ལ་ཕྱག་འཚལ་ལོ། །སློབ་དཔོན་རིན་པོ་ཆེ་ལགས། དང་པོར་ཆོས་ཇི་ལྟར་གསན་པ་དང༌། བར་དུ་ཇི་ལྟར་གྲུབ་པ་དང༌། ཐ་མར་ཐུགས་རྒྱུད་ལ་ཇི་ལྟར་འཁྲུངས་པ་དང༌། དང་པོ་ནས་ད་ལྟར་ཡན་ཆད་དུ་སྐུ་ཉམས་ལ་ཁུད་ཅིག་གདའ། རྟོགས་པ་ལ་ཁྱད་ཅི་གདའ། ཕྱིའི་སྣང་པ་འདི་ཇི་ལྟར་གཟིགས། ཐམས་ཅད་སྦ་གསང་མི་མངའ་བ་ཞིག་གསུང་བར་ཞུ་ཞུས་པས། རྗེ་མཉམ་པ་མེད་པའི་ཞལ་ནས་སྤྱིར་ནི་གསང་བར་བཤད་བ་ཡིན། གནས་པའི་ཉམས་སྨྲས་པས་གནོད་ཀྱིན་འདུང་ངོ་བོ་སྐྱེས་ནས་བཟླར་རུང་ནི་མི་རུང་བར་འདུག་སྟེ། གནོད་ནི་མི་གནོད་པར་འདུག །ངས་ནི་ཕན་དུ་རེ་ནས་དེ་སྔ་ཡང་མ་གསངས། ཚོགས་སུ་ཡང་བཟླས། ད་ཡང་ཁྱེད་ལ་ ༡༧༩༑ ༡༣༡ ༡༨༠༑ །བཤད་་ན་དང་བོར་སྨན་བསླབས། དེ་ནས་མངའ་རིས་པ་ལ་སྔགས་མང་དུ་ཉན། དེ་ནས་ངའི་གྲོགས་པོ་འགོངས་སྟོབ་བྱ་བ་ན་རེ། སློབ་དཔོན་བྱང་ཆུབ་སེམས་དཔའ་ལ་བླ་མ་མི་ལའི་གདམས་ངག་ཡོད་པར་འདུག །མི་ལ་གྲུབ་ཐོབ་ཡིན་གསུངས། འོ་ཅག་སློབ་དཔོན་ལ་ཞུ་ཟེར་བ་ལ། ཅང་གནང་ངམ་བྱས་པ་ལ། ཞུ་དད་གཞན་ཞོར་ལ་འོང་གིས་ཟེར་ནས་ཞུས་པས། ང་ལ་ཞག་བདུན་གནས་བ་བཟང་པོ་བྱུང་ནས་དྲིས་པས། སྒོམ་ཡིན་གསུངས་ནས། སློབ་དཔོན་དང་གཉིས་ཀས་བསྒོམ་དུ་བྱས། འགོང་སྟོན་ན་རེ་ཁྱེད་ལ་གཅིག་བྱུང་བྱུང་འདྲ་ན་ང་ལ་བཟློས་དང་ཟེར། ང་ལ་སྒོམ་ཞིག་བྱུང་བྱས་པ་ལ། ཁོ་ན་རེ་ང་ལ་ཡང་ན་སྒོམ་ཞིག་བྱུང་བའམ། ཡང་ན་མལ་འདི་་ཉིད་དུ་ཤི་བཞི་ལས་མེད་ཟེར་ནས་བསྒོམ་པས་ཁོང་ལ་ཡང་གནས་པ་བྱུང་ནས་མལ་ནས་ཡི་གེ་བྲིས་ནས། འགོང་སྟོན་གྱི་འཁོར་བ་དེར་ཟད་དོ་ཟེར་ནས་འདུག། དེ་ནས་མངའ་རིས་པ་ལ་མཁན་པོ་ཞུས་ནས་ལོ་ཤུ་རྩ་དྲུག་ལ་ཆིག་རྫོགས་རབ་ཏུ་བྱུང༌། ལོ་ཉི་ཤུ་རྩ་བརྒྱད་ལ་འགོང་སྟོན་དང་གཉིས་དབུ་རུང་ཕྱིན། དགེ་བཤེས་ ༡༨༡༑ ༡༣༢ ཕུཞུབུདུ སྙུག་རུམ་པ་ལ་བཀའ་གདམས་ངག་ཞུས། སེམས་བསྐྱེད་ཀྱང་ཞུས། དུས་ད་ལྟ་ཕན་ཆད་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དང་འབྲལ་མ་མྱོང༌། དེར་མི་མང་པའི་གསེབ་ཏུ་བསྡད་བས་སྔར་གྱི་སྒོམ་ངན་དུ་སོང་བས། བློ་མ་བདེ་ནས་རྒྱ་ཡོན་བདག་ཅན་དུ་བསྒོམ་ཟེར་ནས་དེར་ཕྱིན། དེ་ན་མི་ཉུང་བ་ས་གནས་པ་ལ་སྐྱེད་བྱུང༌། དེར་ལམ་རིམ་གྱི་ཁྲིད་ནས་མི་རྟག་པ་དང་ལས་འབྲས་འཁོར་བའི་ཉེས་དམིགས་བསྒོམས་པས་སྔར་གྱི་ཉམས་འགྱུར། སྔར་བདེ་སྟོང་གི་ཉམས་ཡོད་པ་ལ་ཕྱིས་བློ་སྣ་ཐུང་་དུ་སོང༌། སྐྱོ་བ་ཡིད་འབྱུང་བ་ཤས་ཆེ་བར་བྱུང༌། འགོང་སྟོན་ན་རེ་ཅི་ལྟར་བྱུང་ཟེར། ང་ལ་དེ་ལྟར་བྱུང་བྱས་བ་ལས། ང་ལ་ཡང་འདི་ལྟར་བྱུང་བཀའ་གདམས་འདི་ཀུན་ཅིག་གཅིག་ཡོད་ཡོད་འདྲ་ཟེར། དེར་ལོ་གསུམ་སྡད་ཙ་ན་བླ་མ་མི་ལ་དེགྲུབ་ཐོབ་ཡིན་པར་འདུག། ད་ལྟ་ཞལ་བཞུགས་པ་ལ་ཡུད་ཅིག་མ་སྐོར་ན་ཕྱིས་འགྱོད་ཡོང་བསམ་ནས། འགོང་སྟོན་དང་གཉིས་ཡར་་འགྲོ་བའི་ཞུ་བ་བྱས་པ་ལ། འདིར་བསྡད་ན་ཐབས་ལམ་གྱི་སྟེང་དུ་སྐྱེལ་བ་ཡིན་ཏེ། ཁྱོད་འགྲོ་ན་ཡས་མ་རང་ཅན་དུ་ཤོག་་ ༡༨༣༑ ༡༣༣ ༡༨༤༑ །ཅིག་གསུངས་ནས། དེ་ནས་ཕྱིན་པས་མགུར་མོར་སླེབ་དུས། འགོང་སྟོན་ན། ཁོའི་རོགས་བྱས། ཨེ་ན་མགོ་ཐེག་པ་རང་བཞག་ནས་ཕྱིན། བླ་མ་དང་དེ་རིང་མཇལ་ཏེ་འོང་བའིད་ནང༌། བླ་མའི་ཞལ་ནས་དེ་རིང་ངའི་འདིར་དབུས་པ་སྟོན་པ་གཅིག་འོང་བ་འགྲོ་བ་ལ་ཕན་ཐོགས་བ་ཞིག་འོང་བར་འདུག་གསུངས༌། ནག་པོ་ཆར་དུ་བྱས་པའི་ཁ་ཡར་འདུག་བཞིག་ཏུ་ཕྱིན་ནས། ང་ཐག་རིང་བས་ལུས་སེམས་དུབ་ནས་འདུག་ཙ་ན། ཁོང་ན་རེ་ཨརེ་སྐྱིད་ཟེར། སྐྱིད་བ་ཇི་ལྟར་ཡིན་བྱས་བས་ན་ནང་བླ་མས་འདི་སྐད་གསུངས་བྱས་པ་ལ། སྔར་གྱི་དུབ་པ་ཀུན་སིང་གིས་སོང༌། དེ་ན་འདུག་ཙན་བླ་མའི་ཉེ་གནས་སེ་བན་སྟོན་ཆུང་བྱ་བ་གཅིག་བྱོན། ཡས་ཀྱི་ཆོས་ཞུ་རོག་ངས་བྱེད་པ་ཡིན། བླ་མའི་སྤྱན་་སྔེཾར་ལོ་སུམ་ཅུ་རྩ་གཅིག་ལ་གཤེགས་ཟེར་ནས་ཕྱིན། ཕྱག་མང་པོ་ཡང་དག་བར་འཚལ་ནས། ཟླ་བ་བཞིའི་ལམ་ནས་ཡོང་བས་ཐུགས་ལ་བཏགས་པར་ཞུ་བྱས་པ་ལ། ཁྱོད་ཀྱི་ཟླ་བ་བཞི་བས་ངའི་གན་དུ་རྒྱ་གར་ནས་ཀྱང་འོང་གསུངས། ངེད་གཉིས་འོངས་ནས་ཟླ་བོ་གཅིག་ན་ནས་ལུས་བྱས་ ༡༨༥༑ ༡༣༤ ཕཞཛད པ་ ལ། ང་དང་ལས་འབྲེལ་མེད་པ་ཞིག་འདུག་གསུངས། བཀའ་གདམས་བའི་དགེ་བཤེས་ཀུན་ཐུགས་ལ་འདོགས་ར་འདུག་བ་ལ་མ་ཆགས་པར་མདའ་བཏང་བ་བཞིན་བླ་མའི་སྤྱན་སྔར་ཕྱིན། ལས་འབྲེལ་ཚན་ཆེན་པོ་ཡོད་པར་འདུག །དེར་གདམས་ངག་ཞུས་ཙ་ན། བླ་མ་བྱང་ཆུབ་སེམས་དཔའི་གདམས་ངག་ཡགས་པར་མ་ཐོབ་བར་འདུག །བླ་མ་ལ་སྔར་གྱི་བསྒོམས་སྟང་ཕུལ་བས་ཡགས་པར་འདུག་སྟེ་དེ་ཚོད་ཙམ་ཡིན་གསུངས། ལན་ཅིག་ཆོས་འདྲིམ་ཡགས་པ་ཞིག་ལ་ལྟེང་ལྟེང་པོ་དེ་འདྲ་མ་བསྒོམས་པར་སྲོག་སྩོལ་སྒོམས་གསུངས། ལན་ཅིག་ཙན་སེ་བ་ན་སྟོན་ཆུང་དང༌། བླ་མ་ཆོས་གཏམ་ཤོར་བས། ངས་སེ་བན་སྟོན་ཆུང་གི་ཞོར་བཀྱགས་པས། ཁྱོད་རང་ཡང་སྒོམ་འབུལ་བའི་ལུགས་འདི་སྐད་ཟེར་བ་ཡིན། ད་ཁྱོད་་ལྟར་བསྒོམ་ཙ་ན་ཅིག་གནང་བ་གསུང༌། བླ་མ་དེ་ལ་བསྒོམ་དུམི་བྱེད་པར་འདུག་སྙམ། ངས་ཆོས་དྲི་མ་མཁས་པས། བླ་མའི་ཞལ་ནས་གྲེན་པ་ཁྱོད་ལས་ཀྱང་འདྲི་མང་བ་མ་བྱུང་གསུངས། དགུན་སྨད་ཙ་ན་ཁྱོད་སྒོམ་རེམ་པོ་འདུག་པས། རས་ཐུབ་ཏུ་ཏུང་བ་ཡིན་ ཕཞཝད ༡༨༨༑ ༡༣༥ ༡༨༩༑ །ཏེ་གསུངས༌། རས་ཤིག་གོན་ནས་བསྒོམས་པ་ལ་ཡགས་རབ་ཏུ་འདུག་པ་ལ། གཉིད་ཐུན་གཅིག་ལོག་ནས་སད་ཙ་ན་ལུས་བོ་རྡོ་བ་བཞིན་དུ་སོང་ནས་མི་ཡོང་བར་འདུག །དབྱར་དེ་བསྒོམས་པས་སྟོན་དྲོད་དེ་དུས་གཅིག་ཏུ་བྱུང་ནས། ལུང་པ་གསུམ་ཤོར་གྲོང་མོ་ཞིག་གི་མདོར་བསྐྱས། དེར་རས་ཧྲུལ་པོ་ཞིག་གོན་ནས་འདུག་ཙ་ན། བླ་མ་བྱོན་ནས་དེས་དྲོས་སམ་གསུངས། ད་ལྟ་དྲོ་བར་གདའ་སྟེ། དགུན་ཅང་དྲོས་སམ་ཞུས་བས། དེ་ནས་དྲོར་འགྲོ་བ་ཡིན། ད་ལྟང་བས་ཁྱོད་བཟང་བར་འདུག་གསུངས། ལོ་སུམ་ཅུ་རྩ་གཉིས་ལ་མར་ཡོངས། ལར་ཟླབ་བཅུ་གསུམ་ལས་མ་བསྔད། མར་འོངས་ཙ་ན་བར་ཆད་ལ་གཟོབས་ཤིག་གསུངས་པ་ལ། སྐབས་སུ་ཡི་དྭགས་ཀྱིས་གཙེས་ནས་བཟླས་པ་མང་བར་བྱས། བླ་མ་མཁྱེན་གདའ། དེ་ནས་རྒྱ་ཡོན་བདག་ཅན་དུ་ཕྱིན་པས་ཁྱོད་དེ་ཙམ་དུ་གདའ། དེ་ཚོད་རང་བླ་མའི་སྤྱན་སྔེཾར་སྡོད་པ་ཡིན་པ་ལ་སྙམ་པ། སྲོག་མཐའ་ཡིན་བ་ནས་མ་རྙེད་ནས་སྦྱངས། ནད་པ་གཅིག་བསོས་བ་ལ་ནས་ཁལ་ཕྱེད་དང་གཉིས་བྱིན་པ། ངེད་གཉིས་ ༡༩༠༑ ༡༣༦ ཕཟཕད ལ་ཡོད་པས་ཚགས་མ་བྱུང། དེ་ནས་འོལ་ཀར་འོངས་པས་ཀྱང་ནས་མ་རྙེད། དྭགས་པོར་ཕྱིན་པས་ཞེད་པའི་འཕྲོ་ལ་གསར་བྱུང༌། བྲོད་ཀྱང་རེས་བཟང་རེས་ངན་པ་ལས་མ་བྱུང༌། སྔར་སྒོམ་བཟང་པོ་ཡོད་པ་ཡང་བཀའ་གདམས་པའི་གྲྭ་སར་མི་མང་པོའི་གསེབ་ཏུ་བསྔད་པས་ཤོར། དབེན་པར་བསྡད་དགོས་བྱ་བ་ཡང་དེ་ལྟར་་ཡིན༌། དཀའ་ཐུབ་བྱས་པས་ལུས་སྐམས། ཏིང་ངེ་འཛིན་ཤོར། བླ་མའི་ཞལ་ནས་བྱེ་མ་ལ་མར་མི་འོང༌། ཡུངས་ཀར་ལ་མར་ཡོད་པ་ཡིན། ལུས་བཅུད་མེད་པ་ལ་ཏིང་ངེ་འཛིན་མི་འོང་གསུངས། བླ་མའི་ཞལ་ནས་ངའི་གཏུམ་མོ་འདི་མ་བཞག་ཅིག། གསུངས་པ་དྲན་ནས་བསྒོམས་པ་དང༌། སེ་བ་ལུང་དུ་བཟའ་ཡང་ཆེ་བར་བྱུང་ནས། ཡང་ཏིང་ངེ་འཛིན་བྱུང་སྒོམ་པ་ལ་ཡང་བཟའ་ཆེར་དགོས་བར་གདའ། བླ་མའི་སྤྱན་སྔ་ནས་ལོག་ནས་ལོ་གསུམ་ན་དྲོད་ཀླུངས་སུ་ཚུད། དབྱར་དེ་ཙམ་མ་བསྒོམས་ཀྱང་འོང་ཡིན་འདུག །ན་མོ་ཤོད་ན་་འདུག་ཙ་ན། ཏིང་ངེ་འཛིན་ལ་ཇི་ཙམ་བཏང་བཏང་འོང་བ་བྱུང༌། རླུང་སེམས་ནང་དུ་བཟུང་བ་ཙམ་གྱིས་འོང་བ་ཡིན། གཉིད་ཐུན་གཅིག་མིན་པ་རྒྱུན་ ༡༩༢༑ ༡༣༧ ༡༩༣༑ །མ་ཆད་པར་བྱུང༌། ཅི་ཙམ་འོང་བལྟས་པས་ཞག་བཅུ་གསུམ་དུ་རྒྱུན་མ་ཆད་པར་བྱུང༌། དེ་ནས་བག་ངན་དུ་སོང༌། རྩ་གུད་པ་འདྲ། ཉོན་མོངས་པ་ཐམས་ཅད་མགོ་བོ་ནོན་ནས་ངོས་མི་ཟིན་པ་ཡང་བྱུང༌། ཏིང་ངེ་འཛིན་གྱི་བདེ་བས་བློ་ཕྲོགས་ནས་འདོད་པའི་ཡོན་ཏན་ལྔ་ཡིད་ལ་མི་འགྱུ་བ་ཡང་བྱུང༌། སྤྲང་སྟོན་ན་རེ་ཁྱོད་ལ་ཅི་ཙུག་བྱུང་ཟེར། ང་ལ་ནི་འདོད་པ་འདི་ཁོ་ན་ཐུ་བར་བྱུང་ཟེར་བ་ལ། ང་ལ་འདོད་བའི་ཡོན་ཏན་ངོས་མ་ཟིན་པ་བྱུང༌། ཡས་ལ་ཇི་ལྟར་བྱུང་བྱས་པས། ང་ལ་བུད་མེད་ལ་བདེ་བ་ཡོད་སྙམ་དེས་བརྟེན་ནས་ཆགས་པ་སྐྱེ་ཡིན་འདུག་ཟེར། དེ་ཁོ་ཙུག་སྙམ་བའི་འཕྲོ་ལ་ཡང་ཡིད་ལ་འགྱུ་བ་ངོ་མི་ཤེས་པ་བྱུང༌། དགེ་བཤེས་སྒྲེ་བའི་ཞལ་ནས། ཁྱེད་ཏིང་ངེ་འཛིན་བཟང་ཟེར་བ་ཇི་ལྟར་ཡོད་ཟེར་བ་ལ། ནེའུ་ཐང་བ་དེ་མོ་ལ་གོམ་པ་འདོར་བ་དང༌། ངའི་རྒྱུད་ཀྱི་ཏིང་ངེ་འཛིན་སྐྲུན་པ་ལ་ཁྱད་མེད། ཐང་ལ་བསྡད་སྐྱིལ་་མོ་ཀྲུང་བྱས། མཉམ་གཞག་གི་ཕྱག་རྒྱ་བྱས་རུང་ནེམས་བྱས་པས། རླུང་ནང་དུ་པུར་གྱིས་སོང་ནས་བདེ་བ་མི་རྟོག་པ་འོང་བ་ལ་དཀའ་སླ་མེད། བླ་མའི་སྤྱན་སྔ་ནས་ ༡༩༤༑ ༡༣༨ ཕཟཚད འོངས་ནས་ལོ་བདུན་ན་སེ་བ་ལུང་དུ་སེམས་ཀྱི་ངོ་བོ་ཨེན་ཙམ་མཐོང༌། དེང་ལ་ནི་སྐྱེད་དཀའ་བར་བྱུང༌། ད་ལྟར་ཁྱེད་ལ་ནི་ཚེགས་མེད་དུ་སྐྱེ་ཡིན་འདུག །ང་ལ་ནི་རྨི་ལམ་་བཟང་བ་ཞིག་རྨིས་པ་དང་གདོད་དགེ་སྦྱོར་སྐྱེས། གསེར་བརྐོས་བས་གཞོང་པ་གང་རྙེད། ད་ཡོང་བརྒྱད་སྟོང་པ་གཅིག་འབྲི་དགོས་སྙམ་པ་ཞིག་རྨིས། དེ་ནས་ཆེར་མ་ལོན་པར་ངེས་ཤེས་ཤིག་སྐྱེས། དང་པོ་ནི་སེམས་ས་ཆོད་པ་ཞིག་བྱུང༌། ལྷན་ཅིག་སྐྱེས་སྦྱོར་མིན་པ་ན། བསྒོམ་པ་གཏུམ་མོ་ཁོ་ན་བསྒོམས། ཐམས་ཅད་རྟོག་བར་འདུག། རྟོག་པ་གློ་བུར་བར་འདུག །དེ་ཐམས་ཅད་སེམས་སུ་འདུག་སྙམ་པ་ཞིག་ནང་ནས་ཤུགས་འབྱུང་དུ་བྱུང༌། དེ་ནས་ཤེས་པའི་ངོ་བོ་དེ་ལ་སྡར་འདྲིས་ཀྱི་མི་དང་འཕྲད་བ་འདྲ་བ་ཞིག་བྱུང༌། རང་གི་ངོ་བོ་དེ་ཡེར་གྱིས་མཐོང༌། སྔ་མའི་བསྒོམ་དེ་དང་མི་འདྲ་བར་སིང་ངེ་ཡེར་རེ་བ་ཁ་ན་ཡེ་རེ་བ་ཞིག་བྱུང༌། དེ་ནས་སྔེཾར་གྱི་ཆོས་ཀུན་དང་བླ་མའི་མགུར་ཀུན་དང༌། ཡོ་བློ་ལ་བཅུག་པ་བཞིན་བཀྲལམ་གྱི་བྱུང༌། རེས་ཀ་ནི་སྣང་བ་ཡང་སྒྱུ་མ་ལྟ་བུར་ལྦལ་ལྦལ་བྱུང༌། རེས་ནི་ཅོག་གེ་བ་ལྟ་བུ་ཡང་བྱུང་་ ༡༩༦༑ ༡༣༩ ༡༩༧༑ །རེས་ནི་ཤེས་པ་རང་གི་ངོ་བོ་གཅིག་པུར་སོང༌། དེ་རང་བསྒོམ་དུ་སོང་ནས་བསྒོམ་རྒྱུ་མི་འདུག །བསྒོམ་དུ་སོང་ནས་བསྒོམ་མི་འདུག །སྒོམ་མཁན་མི་འདུག་སྔར་གྱི་ཆོས་ཐམས་ཅད་ཕྱི་ཤུན་དུ་སོང་ནས། རིག་བའི་ངོ་བོ་རྟེན་མེད་དུ་སོང་ནས་སྣང་བལ་བློ་གཏད་མ་དགོས་པ་ཞིག་བྱུང༌། རེས་ནི་སྟོང་པ་རེས་ནི་སྒྱུམ་ལྟར་འཆར་ཡིན་འདུག །སྣང་བ་ལ་རྟོག་དཔྱོད་བྱ་མ་དགོས། རེས་ནི་ཉམས་ལ་རྒྱངས་རྒྱངས་སོང་བ་སྙམས་བྱེད་བ་སྟེ། དེ་ཉམས་རང་དུ་འདུག །རྟོགས་པ་བརྟན་དུ་སོང་བ་ལས། བོགས་འདོན་རྒྱུ་ཆེར་མི་གདའ། བར་སྐབས་སུ་རོང་ཕུའི་་གནས་བརྟན་མཁར་བུར་ནི། རྟོགས་པ་ལ་བོགས་ཤིག་བྱུང༌། ཇི་ལྟར་ན་སྡར་ཀུན་གྱི་རྟོག་པ་བན་བུན་བྱུང་ཙན། མེད་ན་དགའ་སྙམ་བྱེད་པ་བྱུང་བ་ལ། དེ་ནས་རྟོག་བ་འོད་གསལ་འབའ་ཞིག་ཏུ་སོང་ནས། དེར་རྟོག་པས་མི་གནོད་པ་ཞིག་བྱུང༌། ད་ཡོང་གང་གིས་ཀྱང་མི་གནོད་སྙམ་པ་ཞིག་བྱུང༌། དེ་ནས་འོད་གསལ་འབའ་ཞིག་ཏུ་སོང་ནས། དུས་་ད་ལྟ་ཡན་ཆད་དུ་རྒྱུན་ཆད་མེད། དེ་ནས་ཉིན་མཚན་མེད་པར་རྒྱུན་མ་ ༡༩༨༑ ༡༤༠ ཕཟཟད ཆད། རྣལ་འབྱོར་པ་ལ་ཤི་མ་ཤི་མེད། བར་དོ་མེད་སྙམ་བ་ཞིག་བྱུང༌། ཕྱིས་ནི་སྐྱིད་དུ་ཚོར་བ་ཞིག་བྱུང༌། སྔོན་ཙན་བཟླས་པ་མང་པོ་བྱས་ཀྱང་འདྲེ་ཆུར་གནོད་ད་ལྟ་བཟླས་པ་རྡོག་གཅིག་མ་བྱས་ཀྱང་འདྲེས་གནོད་བ་གཅིག་ཀྱང་མི་ནུས་པར་འདུག །སྔོན་ཆོས་མཁན་དགེ་བཤེས་ཀུན་དང་འཕྲད་ཙ་ན། ཉམ་ང་བ་སེམས་བྱེད། ་ད་ལྟ་ནི་སངས་རྒྱས་བྱོན་ཀྱང་ཉམ་མིང༌། ད་ལྟ་ཇི་ལྟར་མཁས་པ་ཞིག་དང་སླའོ་ཟེར་ཡང་ཤེས་རབ་ཀྱི་གོ་ཕྱེ་ནས་ཉམས་པ་མེད། རྨི་ལམ་ན་བ་སེའི་གའུ་གཅིག་རྙེད་པ་ལ། བསྒོམ་པ་བཀྲས་་གཡུང་ན་རེ། ང་ལ་སྟོན་ཟེར་བ་ལ། མི་སྟོན་འདི་ན་ཇོ་བོ་རྗེའི་གདུང་རིང་སྲེལ་དང་བཀའ་གདམས་ཀྱི་མན་ངག་ཡོད་པ་ཡིན་བྱས་བ་ལ། །ཁོ་ནན་ཆེ་བས་ཁ་ཕྱེ་བ་ཞིག་རྨིས་ཏེ། ད་ལྟ་མི་ལ་བག་རེ་ཕན་ནཔ་འདི་བཀའ་གདམས་ལ་བརྟེན་ནས་ཕན་ཐོགས་པ་ཡིན། ནཱ་རོའི་གདམས་ངག་བཤད་བ་མང་སྟེ། བཀའ་གདམས་དང་མ་འབྲེལ་པར་ཕན་པ་བག་ཉུང༌། ནུབ་གཅིག་གི་རྨི་ལམ་ན་མི་གཉིས་ལ་ཟངས་དུང་གཏང་ནས། འབུད་དུ་བཅུག་་པ་ལ་སྤོམ་ཕྲ་གདུང་མ་ཙམ༌།དུ་འདུག་ནས། ད་ལྟ་ཡོངས་དབུས་གཙ་ང་གི་རྒྱལ་ཁམས་ན་ཟངས་དུང་འདི་ཙམ་ཡོད་དེ་མི་ཡོང་བྱས་བ་ཞིག་རྨིས་ཏེ་དེ་ཁོ་བ་བཞིན་དུ་བྱུང༌། འོལ་ཀ་བསྲུབས་ན་བཞུགས་ཙ་ན་མི་གན་པོ་གཅིག་བསད་པ་ཞིག་རྨིས། ང་ཡང་བདུད་ལ་སོགས་པའི་བར་ཆད་ཀྱིས་མི་ཚུགས་སྙམ་པ་ལ་དེ་ཁོ་ན་བྱུང༌། ནུབ་གཅིག་རྨི་ལམ་དུ་བུ་གཅིག་ཡོང་བས་མགོ་བཅད་པ་ཞིག་རྨིས། འཇིག་རྟེན་ན་བུལས་གཅེས་པ་མེད་པ་སྟེ། དེ་ལ་ཡང་མ་ཆགས་པ་ཡིན་ནམ་སྙམ་པ་ལ། དེ་ཁོ་ན་བཞིན་བྱུང༌། དེ་ཚུན་ཆད་རྒྱབ་པ་དང་བསད་བ་རྨི་མ་མྱོང༌། བཀའ་གདམས་བ་ཀུན་གྱི་ཞལ་ནས། སྟོང་བ་ཉིད་རྟོགས་ན་ལས་འབྲས་ལ་འཛེམ་དུ་འགྲོ་གསུངས་པ་ལ། དེ་མེད་པར་འདུག། ་ད་ལྟ་ཉམས་སུ་བབས། བཀའ་གདམས་པ་ལ་ཆོས་ཀྱི་བབས་ཤིག་འདུག་གསུངས་སོ། །ན་མོ་གུ་རུ། བྱ་ལོའི་དབྱར་ཟླ་འབྲིང་པོ་ཡི། །བཅུ་བཞི་ནུབ་མོབག་ཙམ་སྙུང༌། ང་ནི་ད་སྨན་མི་ཟ་གསུངས༌། རྐྱེན་ནི་བག་ཙམ་ལ་རྟེན་ནས། །ཡང་ཡང་དུ་ནི་བཞད་པར་མཛད། །བཅོ་ལྔའི་ཉིམ་རྩེ་ལ་འདས། །མཆོད་ཁང་ཆེན་ ༢༠༠༑ ༡༤༢ བཔཕད པོར་སྤུར་མཆོད་བྱས། །བཅོ་བརྒྱད་ནང་པར་སྤུང་སྦྱངས་ཚེ། །གུང་ཐང་རྩེ་མོར་འོད་ཕུང་མཐོང༌། །གཉལ་བ་གཅིག་གིས་འཇའ་མདུང་མཐོང༌། འཇའ་ཚོན་མི་འདྲ་ལན་མང་བྱོན། །ཐུགས་ནི་མ་ཚིག་ངོ་མཚར་སྐྱེས། །རྫེ་འོད་གསལ་གྱི་ཐུགས་ལ་ཕྱག་འཚལ་ལོ། །བླ་མ་རིན་པོ་ཆེའི་ཞལ་ནས། ངས་དང་གོལོ་བཅུ་དྲུག་ལོན་ནས། དགེ་བཤེས་ཟངས་དཀར་བའི་དྲུང་དུ་ཕྱིན་ནས། ཡོ་ག་དང་བདེ་མཆོག་ལ་སོགས་པའི་རྒྱུད་སྡེ་རྣམས་ཤེས་བར་བསླབས། ལོ་ཉི་ཤུ་་རྩ་ལུག་ལོ་ལ་འཁྲུགས། དྲུག་ལ་དགྲོང་ཁྱི་ལོ་ལ། དཀར་རབ་ཏུ་བྱུང་ནས་ཆིག་རྫོགས་བྱས། བླ་མ་མར་ཡུལ་བ་དང་བྱང་ཆུབ་སེམས་དཔའ་གཉིས་ལ་གསངསྔགས་ཀྱི་དབང་སྤྲེའུ་ལོ་ལ། མང་དུ་ཞུས་ནས་བསྒོམས་པས། ཞི་གནས་གྱི་ཉམས་བཟང་པོ་བྱུང༌། སནང་བ་བན་བུན་འཇའ་ཚོན་ལྟ་བུར་ཤར། མི་རྟོག་པ་ཉིན་མཚན་དོ་མི་ཤེས་པ་བྱུང༌། ཇི་ཙམ་འོང་བལྟས་པས་ཉིན་ཞག་བཅུ་གསུམ་དུ་བར་མ་ཆད་པར་བྱུང༌། དེ་ནསས་སྒོམ་ནིང་རང་བཟང༌། དབུ་རུ་བྱང་བཀའ་གདམས་པའི་དགེ་བཤེས་རྣམས་ ༢༠༢༑ ༡༤༣ ༢༠༣༑ །ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་གྲོས་བལྟ་སྙམ་ནས། དགེ་བཤེས་་སྙུག་རུམ་བ་དང་རྒྱ་ཡོན་བདག་གཉིས་ཀྱི་སྤྱན་སྔེཾར་ཕ་རོལ་ཏུ་ཕྱིན་བའི་ལམ་རིམ་ཉན། མཐར་ཕྱིན་མཁྱེན། སྐུ་ཉམས་སུ་བཞོས་པས། བྱང་ཆུབ་ཀྱི་སེམས་ཐུགས་རྒྱུད་ལ་མངའ་བ་དེ་གཉིས་ཀྱི་བཀའ་དྲིན་ཡིན་གསུངས། དེ་ནས་བླ་མ་མི་ལའི་མཚན་ཐོས་ནས་སེམས་ཤིན་ཏུ་དད་པར་གྱུར་ནས། དགེ་བཤེས་པ་ལ་ཞུ་བ་བྱས། གཙང་དུ་ཉི་མ་བཞི་བཅུའི་ལམ་ལ་ཕྱིན། ལོ་སུམ་ཅུ་རྩ་གཅིག་ལ་བླ་མ་མི་ལ་དང༌། མཇལ༌། སྔར་གྱི་སྒོམ་ཉམས་ཕུལ་བས། ཁྱོད་ཀྱི་དེ་སྒོམ་ཡིན། སངས་རྒྱ་བའི་ལམ་མིན་གསུངས། ཡང་དུས་གཅིག་གི་ཚེ་ན། ལྟེང་གླང་ལོ། ལྟེང་པོ་དེ་འདྲ་བ་མ་བསྒོམ་པར་སྲོག་རྩོལ་སྒོམས་གསུངས། ལོ་གཅིག་ཏུ་སྲོག་རྩོལ་བསྒོམས་པས་རླུང་གི་ཡོན་ཏན་ཐམས་ཅད་རྫོགས་བར་བྱུང༌། བདེ་དྲོད་དང་ཏིང་ངེ་འཛིན་རྒྱུད་ལ་སྐུན་པ་ལ་ཚེགས་མེད་སྙམ་པ་བྱུང་གསུངས། ཟླ་བ་བཅུ་གསུམ་བླ་མའི་སྤྱན་སྔར་བསྡད་ནས་མར་བྱོན། སྟག་ལོ་ལ༌། ཀར་གཏོར་མ་ཆེན་པོ་ཞིག་དབུ་ཐོག་ཏུ་བཞག་ནས། ༢༠༤༑ ༡༤༤ བཔཚད མཁའ་འགྲོ་དང་ཆོས་སྐྱོང་གི་དབང་བསྐུར། ཁྱོད་ཀྱིསེམས་ཅན་གྱི་དོན་མང་བོ་འོང་བར་འདུག་གི་གསུངས། ཅི་ཙུག་གདའ་ཞུས་པས། ཁྱོད་འོང་ཀར་སེམས་ཅན་གྱི་དོན་ཡོང་བའི་མཚན་མ་ཞིག་བྱུང༌། འདིན་བཞུགས་ཙན་ང་དང་ཁྱེད་གཉིས་བང་འགྲན་པས། ཁྱོད་སྔོན་ལ་སོང༌། སེམས་ཅན་གྱི་དོན་ང་བས་ཁྱོད་ཆེབ་འོང་བར་འདུག་བྱས་པ་ཞིག་རྨིས། ཡང་དུས་གཅིག་ན་ཕ་འོང་སྦྲ་བས་ཆེ་བ་གཅིག་ཡུལ་གཞན་ན་ཕར་བསྐྱུར་བ་དང༌། ཕྱག་གཉིས་ཀྱིས་ཕ་འོང་བརྡབས་པས་རྡུལ་ཕྲ་རབ་ཏུ་སྤུངས་ཀྱིས་འགྲོ་ཡིན་འདུག །སྐུ་ལུས་ཀྱང་བཟང་ན་ནུས་པ་ལ་ཚེགས་མི་འདུག །ཕྱི་རོལ་ཡུལ་གྱི་འཇིགས་པ་དང་བྲལ་བ་ཞིག་འདུག་བྱས་པ་ཞིག་རྨིས་གསུང། དེ་ནས་མར་བྱོན་ནས་དགེ་བཤེས་སྒྲེ་བ་དང༌། ལྕགས་རིབ་དང༌། བྱ་ཡུལ་བ་ལ་སོགས་པ་ལ། དཔལ་མར་མེ་མཛད་ཀྱི་གདམས་ངག་རྣམས་ཤིན་ཏི་ཞིབ་པར་གསན་གསུངས། དེ་ནས་གྲྭ་པ་རྣམས་ཀྱིས་ཐུགས་ལ་འཁྲུངས་ལུགས་ཤིག་གསུང་བར་ཞུ་ཞུས་པས། གནས་པའི་ཉམས་ནི་བདེ་བ་དང་གསལ་བ་དང་མི་རྟོག་པ་གསུམ་བསྒོམས་ ༢༠༦༑ ༡༤༥ ༢༠༧༑ །ཙ་ན་འོད་ལམ་བསྒོམས་ཙ་ན་མི་འོང༌། རྩེ་གཅིག་གི་ཉམས་ནི་སྤྱོད་ལམ་རྣམ་བཞི་ལ་ཁྱད་ཡོད། གསལ་སིང་བ་ནམ་དྲན་དྲན་གྱིས་འོང༌། འདི་ཡང་ཡིན་སྙམ་པའི་དང་བ་འདྲེན་ནུས། རེས་འགའ་ནི་ཤེས་པ་རླན་དང་བྲལ་ནས་སྒོམ་ཡེ་མེད་དམ་སྙམ་པ་འོང༌། རེས་འགའ་ནིམ་བསྒོམས་ཀྱང་འོང༌། རེས་འགའ་ནི་བསྒོམས་ཀྱང་མི་འོང༌། རྟོགས་པ་མ་ཐོབ་སྟེ། དེས་ཤེས་པ་བག་ཙམ་སྐྱེས། རྩ་བ་སེམས་མིན་པས་ཚེས་གཅིག་གི་ཟླ་བ་དང་འདྲའོ། །ཡེ་ཤེས་ཀྱི་མགོ་ཚུགས་པས་་ལམ་སྣ་ཟིན་པ་ཡིན་ནོ། །དེ་ནས་ཡེ་ཤེས་གཤའ་མ་འཆར་ཏེ། ང་ལ་རྨི་ལམ་བཟང་བོ་ཞིག་རྨིས་ནས། དེ་ནས་ཆེར་མ་ལོན་བར་ཏིག་བ་རང་གི་ངོ་བོ་ཡེར་གྱིས་མཐོང་སྔར་འདྲིས་པའི་མི་དང་འཕྲད་བ་འཕྲད་བ་འདྲ་བ་ཞིག་བྱུང༌། ཤེས་པ་རང་སྒོམ་དུ་སོང་ནས་བསྒོམ་རྒྱུ་མི་འདུག །བསྒོམ་མཁན་མི་འདུག །སེམས་རྟེན་མེད་གསལ་སྟོང་ཞིག་ཏུ་་ཤར། འདི་དང་པོ་ནས་ངོ་ཤེས་སུ་ཐང་པ་ཞིག་འདུག་པ་ལ་སྙམ༌། ཆོས་ཐམས་ཅད་ཕྱི་ཤུན་དུ་སོང༌། འོན་ཀྱང་རྣམ་རྟོག་བྱུང་ན་མི་དགའ། རྟོག་བ་འདི་མདེན་རུང་ ༢༠༨༑ ༡༤༦ བཔཟད བ་ལ་སྙམ། རྣམ་རཏོག་མེད་ན་གསལ་སྟོང་རྒྱུན་ཆད་མེད། འོ་དེ་བྱུང་སྙམ། དེ་ཚོ་གཉལ་གྱི་སེ་བ་ལུང་དུ་ཤོར། དབྲོང་ཕུར་བསྐྱས་ནས་རྟོག་པ་ལ་སྐྱེད་ཅིག་བྱུང༌། སྔར་ནི་རྣམ་རྟོག་བྱུང་རྩན་མི་དགའ། རྟོག་པ་མ་བྱུང་ཙན་དགའ་བ་དེ། དབྲོང་ཕུང་རྣམ་རྟོག་འོད་གསལ་དུ་ཤར་ནས། རྟོག་པ་བྱུང་བའི་ཚེ་འོད་གསལ་འོད་ཆད་པ་བཞིན་དུ་སོང༌། གསང་སྔགས་ཀྱི་རྣམ་འབྱོར་པ་ལ་ཤི་མ་ཤི་མེད་སྙམ་བཞིག་བྱུང༌། བར་དོའི་སྣང་བ་ཡང་མི་འཆར། བླ་མ་རྗེ་བཙུན་གྱི་ཞལ་ནས། འོད་གསལ་བར་ཡང་རྒྱུན་བར་གནས། བར་དོའི་གྲོང་ཁྱེར་དེས་མི་མཐོང་གསུངས་པ་དེ་ང་ལ་ཤར་བསམ། རྣམ་རྟོག་གིས་མ་གནོད་པས་འོད་གསལ་ལ་གང་གིས་ཀྱང་མི་ཆོད་པར་འདུག་འདོ་གསལ་གྱི་རྒྱུན་འཁྲིགས་ནས། གསལ་སྟོང་དེ་ལ་ཆུ་བོའི་རྒྱུན་བཞིན་དུ་བྱུང༌། ཕྱིས་བྱར་ལྐོག་ཏུ་བསྐྱལ་ནས། འོད་གསལ་གྱི་འཛིན་པ་དང་བྲལ་བློའི་བྱེད་བས་ཅུང་ཟད་ཀྱང་མགོས། སེམས་ཉིད་ཆོས་སྐུར་སོང༌། ཕྱིས་ཟངས་ལུང་དུ་བསྐྱལ་ནས་འདའ་བའི་ལོ་ལ་བདུན་ཅུ་རྩ་ལྔ། སྐུ་གསུམ་གྱི་འཆར་ལུགས་ངོ་ཤེས་གསུངས་སོ། ༢༡༠༑ ༡༤༧ ༢༡༡༑ །རྡོ་རྗེ་འཆང་གིས། ཇི་ལྟར་ཆུ་ལ་ཆུ་བཞག་དང༌། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གིས་རང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཏི་་ལོ་པས། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་བློ་འདས་ཡིད་ཀྱི་སྤྱོད་ཡུལ་མེན། །དེ་བཞིན་ཁོན་ཉིད་ཀྱི་ཡེ་ཤེས་ནི། །ཏེ་ལོ་ང་ཡིས་ཅི་ཡང་བསྟན་དུ་མེད། །ནཱ་རོ་པས། སྣང་བའི་མཚན་ཉིད་སྐྱེ་བ་མེད། །འཁོར་བའི་མཚན་ཉིད་གཞི་རྩ་བྲལ། །སེམས་ཀྱི་མཚན་ཉིད་ཟུང་དུ་འཇུག །བླ་མའི་མཚན་ཉིད་བརྒྱད་པར་ལྡན། །མར་པས། ལྟ་བ་རླུང་སེམས་གཉིས་སུ་མེད། །མི་ལས། ཕྱོགས་ནི་གང་དུའང་མ་ལྷུང་བྱབ་ལ་རྩོལ་དང༌། །སྲོག་རྩོལ་གནད་དུ་ཆུད་པས་དགོས་དགུ་རང་ལ་འཆར། །ཁ་དོག་དབྱིབས་དང་བྲལ་བས་དབང་པོའི་ཡུལ་ལས་འདས། །ཚིག་དང་ཐ་སྙང་མེད་པས་བརྗོད་པའི་སྒྲ་ལས་འདས། །ཞེས་པ་དང༌། ཡང༌། བསྐུར་ཐོབ་མེད་པའི་དོན་རྟོགས་ན། །དབང་གི་མཆོག་ནི་དེ་ལབྱ། །འདུ་འབྲལ་མེད་བའི་དོན་རྟོགས་ན། །གྲོགས་ཀྱི་མཆོག་ནི་དེ་ལ་བྱ། ། ༢༡༢༑ ༡༤༨ སྣྲསྒྲསྤྲསྦྱ སྐྱེ་ཤི་མེད་པའི་དོན་རྟོགས་ན། །ཚེ་ཡི་མཆོག་ནི་དེ་ལ་བྱ། །གཉིས་སུ་མེད་པའི་དོན་རྟོགས་ན། །ལྟ་བའི་མཆོག་ནི་དེ་ལ་བྱ། །གསུངས་སོ། །རྗེ་སྒམ་པོ་པས། རང་སེམས་ལ་བལྟ་ན་ལྟ་བ་ཡིན། ཆོས་རྣམས་སེམས་སུ་རྟོགས་ན་རྟོགས་པ་ཡིན། །དེ་ལ་གོམས་པར་བྱེད་པ་སྒོམ་བ་མིན། །ངོ་བོ་ཉམས་སུ་མྱོང་ན་ཉམས་མྱོང་ཡིན། །དེའི་ངང་ལ་རྒྱུན་མི་ཆད་པ་སྤྱོད་པ་ཡིན། །མངོན་དུ་ག་ཡུར་ན་འབྲས་བུ་ཡིན། །གཞན་ལ་སྟོན་ན་འཕྲིན་ལས་ཡིན། །གསུངས་སོ། །བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་ཆོས་ལ་བྱེད་ལུགས་གཉིས་ཡིན་ཏེ། མཚན་ཉིང་ཤེས་པར་བྱེད་པ་དང༌། །རྟོགས་པ་ཐོབ་པར་བྱེད་པ་གཉིས་ཡིན། ཐོས་བསམ་བྱེད་པ་ཡང་ཐབས་ཡིན། ཉོན་མོངས་བའི་གྲོགས་སུ་མ་སོང་བ་ཞིག་དགོས། ཤེས་པའི་འབྲས་བུ་འཆད་པ་ཡིན་ཏེ། གཏིང་ནས་ཕན་པར་མི་འདུག་གསུངས། ཐོས་བསམ་གྱི་ཤེས་རབ་ཀྱིས་ལམ་མ་སྦྱགས་ཀྱང་བླ་མ་དམ་པ་གཅིག་དང་ཕྲང་ནས། དེའི་གདམས་ངག་སྒྲུབ་པ་ཡིན། རྒྱུད་ལ་རྟོགས་པ་བསྐྱེད་བར་ནུས་པ་ཡིན། སྒྲུབ་པ་བྱེད་པའི་དུས་སུ། འཇིག་རྟེན་པའི་རྟོག་ ༢༡༤༑ ༡༤༩ ༢༡༥༑ །པ་སྤོང་བ་དག་ཨ་ཅང་ཆེས་ཏེ། བསྟན་བཅོས་ཀྱི་ཐ་སྙད་ཐམས་ཅད་ཀྱང་བརྗེད་དགོས་པ་ཡིན། ཐོས་པ་རྒྱ་ཆེ་བ་ཡང་ཚིག་ལ་རྣོ་སྟེ། དོན་ལ་བརྟུལ་་བ་ཡིན། ཡོན་ཏན་སྐྱོན་དུ་འགྱུར་བ་ཡིན། སྒྲུབ་པ་རྣལ་མར་བྱེད་ན། ཆོས་ལྔ་ལ་གནས་དགོས་པ་ཡིན་ཏེ། ཟླ་མའི་བྱིན་རླབས་ཞུགས་པ་དང༌། འཇིག་རྟེན་འདིལ་གདོས་ཐག་བཅད་པ་དང༌། འགྲོ་བ་རིགས་དྲུག་གར་སྐྱེས་ཀྱང་སྡུག་བསྔལ་དུ་ཤེས་བ་དང༌། སེམས་ཅན་ཐམས་ཅད་ཕ་མར་ཤེས་པས་བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བཞིག་དགོས་པ་ཡིན་གསུངས། ཞི་གནས་དང་ལྷག་མཐོང་གི་ལམ་རྒྱུད་ལ་སྐྱེ་དགོས། དེ་ལ་ཡང་མདུང་བྱི་ཁུང་དུ་འཇུག་པ་དང༌། ནམ་མཁའ་ལ་བསྐོར་པའི་དུས་གཉིས་ཡིན། །སྒྲུབ་བའི་ལུང་ཞུས་བའི་བླ་མ་དེ་དང་མཉེས་ཤིང་ཐུགས་ཡིད་འདྲེས་པ་ཞིག་དགོས་པ་ཡིན། བཀའ་བརྒྱུད་འདིནི་ཟབ་པས་བཀའ་རྒྱཡོད་པ་ཡིན། བསྒྲུབ་མི་ནུས་པ་ལ་མི་སྦྱིན་གསུངས་བ་ཡིན། དམ་ཚིག་ཉམས་ན་མཁའ་འགྲོའི་ཆད་པ་འོང་བ་ཡིན། དེ་པས་བླ་མ་མཉེས་པར་བྱས་ ༢༡༦༑ ༡༥༠ བཕཝད ནས་དམ་ཚིགམ་ཉམས་ན། གདམས་ངག་ཚིག་ཏུ་མ་གསུངས་ཀྱང༌། བྱིན་རླབས་ཀྱིས་རྟོགས་པ་ནང་ནས་འཆར་བ་ཡིན། བླ་མ་དང་ནི་རྡོ་རྗེ་འཛིན། །གང་གིས་ཐ་དད་མེད་པར་མཐོང༌། །དེ་ལ་དངོས་གྲུབ་འབྱུང་བ་ཡིན། །གསུངས་སོ། །བཀའ་གདམས་ཀྱི་ལམ་རིམ་སྐྱེས་བུ་གསུམ་ལ་བློ་སྦྱོརབ་འདི་རྩིས་སུཆེ། འདི་མེང་ན་གཉུག་མར་བ་རིབ་སྐྱེས་ཀྱང་ཉེ་དུ་འབྲེལ་བ་ཡུལ་ནོར་རྫས་ལ་ཆགས་ནས་མར་ལ་འགྲོ་བ་ལས་ཡར་ལ་མི་འགྲོ། དེ་བས་ན་ཚེ་འདི་བློས་བཏང༌། སྣང་གྲགས་ཀྱི་ཆོས་་ཐམས་ཅད་ལ་རྨི་ལམ་སྒྱུ་མ་ལྟ་བུར་ངེས་པར་བྱ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱངས་ན། གཉུག་མ་མེད་ཀྱང༌། ཁོ་ཡར་འགྲོ་བ་ལས་མར་མི་འགྲོ་་གསུངས། གཉུག་མ་རྣལ་མ་ཞིག་རྒྱུད་ལ་སྐྱེས་ན་དེ་གཅིག་པུས་ཆོག །དེ་ལ་ལྔ་སྟེ། གཉུག་མའི་ངོ་བོ་ནི་མེད་པ་མ་ཡིན་པའི་དོན་སྐྱེ་འགག་དང་བྲལ་བ་དེ་ཡིན། མཚན་ཉིད་ནི་རྒྱུ་རྐྱེན་གྱིས་མ་བསྐྱེད། སངས་རྒྱས་ཀྱིས་མ་མཛད་སེམས་ཅན་གྱིས་མ་བཅོས་པ་དེའོ། །འབྲས་བུ་ནི་སྐྱེ་འགག་དང་བྲལ་བ་དེ་ཉིད་ཆོས་སྐུ་ཡིན། དེའི་ ༢༡༨༑ ༡༥༡ ༢༡༩༑ །བྱིན་རླབས་དང་བསོད་ནམས་བསགས་པ་ལས། གཟུགས་སྐུ་གཉིས་ཀྱི་སྣང་བ་འབྱུང༌། ཉམས་མྱོང་ནི་བདེ་བ་དང་གསལ་བ་མི་རྟོག་པ་དཔེས་མཚོན་དུ་མེད་པ་འབྱུང༌། རྒྱུ་ནི་ཉམས་མྱོང་དེ་གཏུམ་མོ་ལས་འབྱུང་བས། གཉུག་མ་འབྱུང་བའི་རྒྱུ་གཏུམ་མོ་ཡིན། གཉུག་མ་སྐྱེས་ཀྱང་གཏུམ་མོ་མེད་པར་ཤེས་རབ་རྐྱང་བ་ཡིན། བོགས་ཆུང༌། གཏུམ་མོ་ཡོད་ན་ཐབས་ཤེས་རབ་ཡ་མ་བྲལ་བ་ཡིན་གསུངས། རྣལ་འབྱོར་བཞི་ལ། རྩེ་གཅིག་གི་རྣལ་འབྱོར་ནི་གསལ་ལམ་འགགས་པ་སྐད་ཅིག་མའི་ཤེས་པ་དེ་ཡིན། སྤྲོས་བྲལ་གྱི་རྣལ་འབྱོར་ནི་རིག་བའི་ངོ་བོ་སྐྱེ་མེད་དུ་མཐོང་བས། ཡར་སངས་རྒྱས་ལ་མི་རེ། མར་འཁོར་བ་ལ་མི་དོགས། བར་དུ་སྣང་བ་ལ་མི་འཛིན་གཞན་གྱིས་སྒྱུར་དུ་མི་བཏུབ་པའོ། །རོ་གཅིག་གི་རྣལ་འབྱོར་ནི། སྣང་སྟོང་དབྱེར་མེད་དུ་རྟོགས་པའོ། །བསྒོམ་དུ་མེད་པའི་རྣལ་འབྱོར་ནི། ཅི་སྣང་ཅི་སྐྱེས་ངོ་བོ་གཅིག་ཏུ༌། །ཤར་བས་དྲན་པའི་དུས་ན་ཐམས་ཅད་བསྒོམ་དུ་འོང་བའོ། །བར་དོ་ནི། དབང་པོ་རབ་ལ་བར་དོ་མེད། འབྲིང་བར་དོ་ལམ་དུ་བྱེད། ཐ་མ་སྐྱེ་བ་ལེན་པ་ཡིན། རབ་ནི་རྟོགས བབཔད ༡༥༢ བབཕད པ་ རྣལ་མར་ཤར་བ་སྟེ། ལུས་སེམས་ཅན་ཡིན་ཀྱང་སེམས་སངས་རྒྱས་ཡིན། །དེ་ཡི་ཡོན་ཏན་མི་སྣང་ཞེ་ན། མེད་ཀྱང་ཡིན་ཏེ་ཚེས་གཅིག་གི་ཟླ་བ་ལྟ་བུའོ། །ཡོན་ཏན་ཐམས་ཅད་ནམ་མངོན་དུ་བྱེད་ཅེ་ན། ལུས་རྒྱ་དང་བྲལ་བའི་དུས་སུའོ། །འབྲིང་བར་དོ་ལམ་དུ་ཇི་ལྟར་བྱེད་ཅེ་ན། ད་ལྟའི་ཤེས་པ་དང༌། རྨི་ལམ་གྱི་ཤེས་པ་དང༌། འཆི་ཁའི་ཤེས་པ་ངང་གསུམ་བར་དོ་དང་བསྲེས་པའོ། །སེམས་ཀྱི་ངོ་བོ་མཐོང་ན་རང་རིག་བའི་ཡེ་ཤེས་ཞེས་བྱ། བདེན་བ་མཐོང་བ་ཞེས་བྱ། ལུས་སེམས་ཅན། སེམས་སངས་རྒྱས་ཡིན་པར་གསུངས་ཏེ། ཐམས་ཅད་གཉིས་མེད་རྟོགས་གྱུར་ན། །ས་དང་ལམ་གྱི་ཁྱད་པར་ཡང༌། །རིམ་པར་དབྱེ་ཞིང་འབྱེད་དུ་མེད། དུག་གསུམ་དང་ནིམ་བྲལ་བར། །མྱ་ངན་འདས་པའི་ས་ལ་གནས། །སྒྲིབ་བ་རྣམ་པར་མ་དག་པར། །ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ། །ཅེས་སོ། འོ་ན་སངས་རྒྱས་དང་ཁྱད་བར་ཅི་ཡོད་ཅེ་ན། །ཟླ་བ་ཚེས་པ་དང་ཟླ་བ་ཉ་བ་གཉིས་ཟླ་བར་གིཅག་ཀྱང༌། ཡོན་ཏན་མི་མཉམ་པ་བཞིན་དུ། ཆོས་ཉིད་རྟོགས་བའི་ཕྱིར་སངས་རྒྱས་ཡིན་པར་འདྲ་ཡང༌། ཡོན་ཏན་མི་ བབབད ༢༢༣༑ ༡༥༣ ༢༢༤༑ །མཉམ་སྟེ། རྣལ་འབྱོར་བས་ད་རུང་དུ་རྣམ་རྟོག་མ་སྤངས་ཏེ། དེས་བསྐྱེད་པའི་བདག་ཏུ་འཛིན་པ་དང༌། ཉོན་མོངས་པ་དང༌། བདེ་སྡུག་ལ་སོགས་པ་ཡོད་པས་སངས་རྒྱས་ཀྱི་ཡོན་ཏན་གང་ཡང་མངོན་དུ་མ་གྱུར་རོ། །སེམས་དེ་མཉམ་གཞག་ལ་སྣང་བ་ཙམ་མོ། །འོན་བསྐལ་པ་གྲངས་མེད་པ་གསུམ་གྱིས་སངས་རྒྱས་པ་ཅིའི་ཕྱིར་ཞེན། རྟོགས་པར་ནི་སླའི། རྣལ་མར་རྟོགས་པ་འབྱོར་བ་ཤིན་ཏུ་དཀའོ། །རྣམ་རྟོག་དང་སྒྲིབ་བ་རིམ་པས་སྦྱངས་སམ་ཅིག་ཅར་སྦྱངས་ཤེསན། མདོ་དང་བསྟན་ཅོས་ཕལ་ཆེ་ལས། གྲངས་མེད་པ་གསུམ་གྱིས་སྦྱངས་ཞེས་བྱའོ། །ཅིག་ཅར་དུ་དག་པ་ཡང་ཡོད་དོ། །གང་ཟག་བསགས་པ་རྒྱ་ཆེ་བ། སྐལ་པ་དང་ལྡན་པ། ཤེས་རབ་ཆེ་གཟགཅིང་རྒྱ་ཆེབ་ལ་མོས་བ་ནི། མཚན་མ་མེད་པའི་ཏིང་འཛིན་བསྒོམས་པས་ཅིག་ཅར་དུ་སྦྱངས་་ཏེ། ཆོས་དང་གང་ཟག་བདག་མེད་དང༌། །ཁྱོད་ཀྱི་ཉོན་མོངས་ཤེས་བྱ་རྣམས་མཚན་མ་མེད་བས་རྟག་ཏུ་དག །ཅེས་པ་དང༌། སྒྲོན་མེ་ཆུང་དུས་མུན་པ་ཆེན་པོ་དུས་གཅིག་ལ་སེལ་བ་བཞིན་དུ། བསྐལ་པ་མང་པོར་བསགས་པའི་ལས་དང་ཉོན་ ༢༢༥༑ ༡༥༤ བབཛད མོངས་པ་ཡང་རྟོགས་པ་གཅིག་གིས་སེལ་ལོ། །ཞེས་པ་དང༌། དགེ་བསྙེན་བཙུན་བ་ང་ལུས་མ་རབས་ཀྱང༌། སེམས་སངས་རྒྱས་སོ། །གནས་དན་ལེན་གྱི་སྒྲིབ་པ་ནི། བསྐལ་བ་གྲངས་མེད་པ་གཅིག་གམ། ཚེ་གཅིག་གམ། ལོ་གཅིག་གམ། ཟླ་བའམ། ཞག་གམ། ཐོ་རངས་སམ། ཐུན་གཅིག་གམ། སྐད་ཅིག །ཐངས་གཅིག་གིས་སྦྱངས་ཞེས་གསུངས་སོ། །བླ་མ་རྟོག་ལྔན་ཞིག་གིས་སློབ་མ་སྐལ་ལྡན་ཚེ་འདི་བློས་བཏང་བ་གཅིག་འཁྲིད་ནས། དང་པོར་དབང་གིས་སྨིན་པར་བྱེད། དེ་ནས་སྨིན་པ་གྲོལ་བར་བྱེད་པའི་ཐབས་བསྐྱེད་རྫོགས་གཉིས་ལ་སློབ་བ་ཡིན་ཏེ། བསྐྱེད་རིམ་ནི་ལྷའི་སྒྱུ་མ་ལྟ་བུ་བསྒོམ་པ་ཡིན། རྫོགས་རིམ་ནི་སྤྲོས་བཅས་རྩ་རླུང་ཡིན། སྤྲོས་མེད་ནི་འོད་གསལ་བའི་སེམས་སྟོང་པ་ཉིད་ཡིན། དེ་ལ་མ་ཡེངས་པར་བསྒོམས་པས་རང་ལ་ངེས་ཤེས་སྐྱེས། སེམས་ཀྱི་ངོ་བོ་མ་ཤོར་ན་རྣམ་རྟོག་ཕྲ་མོ་བྱུང་ཡང་མི་ལྟོ། །ནམ་མཁའི་སྤྲིན་ལྟར་རང་ཞིར་འགྲོ། གནས་པ་ཡུན་རིང་བ་ལ་ཡོན་ཏན་དུ་མི་བལྟ། གཟུགས་མེད་དུ་སྐྱེ་ཉེན་ཡོད། དེ་ལྟར་དབེན་ཕར་བསྐྱེད་རྫོགས་གཉིས་བསྒོམས་པས་ཡོན་ཏན༌། ༢༢༧༑ ༡༥༥ ༢༢༨༑ །བརྒྱད་འབྱུང་སྟེ། རྟགས་སུ་བ་ལྟ་བུ་བྱུང་ན། རླུང་དང་སྣང་བའགགས་ནས་རླུང་ངྷུ་ཏཱིར་ཚུད་པ་ཡིན། ལུས་ཐམས་ཅད་བདེ་བ་དང་སེམས་དགའ་བ་འབྱུང༌། ལུས་ཁོལ་བུར་བདེ་བ་དང༌། གཞོག་ཕྱེང་བདེ་བ་དང༌། བདེ་བ་མི་སྙོམས་པ་ནི་རྩ་གནས་གཞན་དུ་རླུང་ཟིན་པ་ཡིན། རྟགས་གཉིས་པ་ཤར་ན། སྣང་བ་ཉམས་སུ་མྱོང་བ་འོང་སཏེ། ཕྱིར་སྣང་བ་འདི་ལ་མི་ཟེར། སེམས་ཉིད་ཉམས་སུ་མྱོང་བ་ཡིན། རྟགས་གསུམ་པ་བྱུང་ན་གསལ་ལ་མི་རྟོག་པ་འོང་སྟེ། རླུང་སེམས་སུ་ཆུད་བ་ཡིན། རྟགས་བཞི་པ་ཤར་ན། ལྟ་བ་འདི་དོན་དང་ཆོས་ཐམས་ཅད་རིག་ཅིང་གསལ་བ་དང༌། ཕྲིན་ལས་བཞི་འགྲུབ། ལྟ་བའི་དོན་ནི་སེམས་ཉིད་ལ་བློ་ངེས་པའོ། །རིག་ཅིང་གསལ་བ་འཁོར་འདས་ཐམས་ཅད་འོད་གསལ་དུ་འཆར་བའོ། །ཕྲིན་ལས་བཞིའགྲུབ་པ་ནི། བསྙེན་པ་བྱ་མི་དགོས་པར་ཚེགས་མེད་དུ་འགྲུབ་པའོ། །བཞཞི་པ་ཞི་གནས་མཐར་ཕྱིན་པ་སྟེ། རླུང་འོད་གསལ་དུ་ཚུད་པའོ། །ལྔལ་བྱུང་ན་ལྷག་མཐོང་གི་ཤེས་རབ་སྐྱེས་པ་ཡིན་ཏེ། ཡེ་ཤེས་ཀྱི་རྟགས་ལུས་འཇའ་ཚོན་ནམ། འོད་ཀྱི་ ༢༢༩༑ ༡༥༦ བམཔད གོང་བུར་མཐོང་བའམ། བལྟ་བྱ་དང་ལྟ་བྱེད་མེད་པར་སྟོང་པར་འོང་བའོ། །སྤྱོར་ཐེག་པ་ཆེན་པོནི་ཕ་རོལ་ཏུ་ཕྱིན་པ་དང༌། །གསང་སྔགས་གཉིས་ཡིན། ཕ་རོལ་ཏུ་ཕྱིན་པའི་ལམ་ནི། ད་པོར་སྐྱབས་སུ་འགྲོ་བ་ཐུན་མོངས་པ་བླངས་ནས། བསླབ་བྱ་བརྒྱད་ལ་སློབ། དེ་ནས་སྐྱབས་འགྲོ་ཁྱད་པར་ཅན་སྔོན་དུ་སོང་བས། སྨོན་པ་བྱང་ཆུབ་མཆོག་་ཏུ་སེམས་བསྐྱེད་ནས། བསླབ་བྱ་ལྔ་ལ་སློབ་སྨོན་པ་སྒྲུབ་ཐབས་སུ་བྱས་ནས། ཡན་ལག་བདུན་གྱི་སྒོ་ནས་སྦྱོང་བ་ཡིན། དེ་ནས་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་་དོ། །བསླབ་བྱ་ཚུལ་ཁྲིམས་གསུམ་ལ་སློག་སེམས་དྲུག་གི་་སྒོ་ནས་བསླབ་བྱ་རྣམ་པ་གསུམ་སྦྱོང་བ་ཡིན། དེ་ལྟར་བསླབ་པ་གསུམ་པ་བསླབས་པས་རྣམ་སྨིན་དང༌། རྒྱུ་མཐུན་བརྒྱུད་ནས་འགྲོབ་ཡིན་ཏེ། ཚོགས་ལ་མ་དང་སྦྱོར་ལམ་དུ། །རྣམ་སྨིན་གྱི་འབྲས་བུས་དལ་འབྱོར་གྱི་ལུས་བརྒྱུད། མཐོང་ལམ་འཛམ་བུ་གླིང་གི་བདག་པོར་འགྱུར། སྒོམ་ལམ་ནས་ལྷའི་ལུས་བརྒྱུད། ས་བཅུ་པར་དབང་ཕྱུག་ཆེན་པོར་སྐྱེ། གཞན་སྣང་ཡིན། བྲལ་བའི་འབྲས་བུ་ཚོགས་ལལམ་དུ་འཇིག་རྟེན་ཆོས་བརྒྱད་ ༢༣༡༑ ༡༥༧ ༢༣༢༑ །དང་འབྲལ། སྦྱོར་ལམ་དུ་གཟུང་འཛིན་གཉིས་དངའབྲལ༌། མོང་ལམ་དུ་མཐོང་སྤང་དང་འབྲལ། སྒོམ་ལམ་དུ་བསྒོམས་སྦང་དང་འབྲལ། ས་བཅུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་ནས། ལས་སྲིད་པའི་ས་བོན་ཀུན་གཞི་རྣམ་ཤེས་ལ་འགགས་ནས། སྐད་ཅིག་མ་གཉིས་ལ་བཅུ་གཅིག་ཀུན་དུ་འོད་ཀྱི་ས་ལ་བདེ་བ་ཆེན་བོ་ཆོས་ཀྱི་སྐུ་དུས་ཐམས་ཅད་དུ་ཆད་པ་མེད་པ། ནམ་མཁའ་ལྟར་ཐམས་ཅད་ལ་ཁྱབ་པ་མངོན་དུ་གྱུར། སྨོན་ལམ་གྱི་དབང་གིས་གདུལ་བྱ་ལས་དག་པ་ལ་གཟུགས་སྐུའི་སྣང་བ་འཆར་རོ། །གཉིས་པ། གསང་སྔགས་ཀྱི་ལ་མདེ་ཇི་འདྲ་ཡིན་ཞེ་ན། དང་པོར་མ་སྨིན་པ་སྨིན་པར་བྱེད་པ་ལ་དབང་བསྐུར་ཏེ། བུམ་པའི་དབང་གིས་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་སུ་བསྐྱེད། ཉོན་མོངས་པ་ལྔ་ཡེ་ཤེས་རྣམ་པ་ལྔར་བསྐྱེད། ལུས་དབེན་པ་བསྒྲུབ། གསང་བའི་དབང་གིས་ངང་ལ་ཡོད་པའི་བདེ་བ་བསྐྱེད་བར་བྱེད། ངག་དབེན་པར་བསྒྲུབ། ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཟག་པ་མེད་པའི་བདེ་བ་བསྐྱེད་པར་བྱེད། སེམས་དབེན་བར་བསྒུབ༌། བཞི་བ་རིན་བོ་ཆེ་ཚིག་དབང་གིས་སེམས་ཀྱི་སྟོང་ཉིད་ཆོས་སྒུ་ ༢༣༣༑ ༡༥༨ སྣྲསྤྲསྦྲསྦྱ སྤྲོས་པའི་དྲ་བ་མཐའ་དག་དང་བྲལ་བ། བདེ་བ་ཆེན་པོའི་སྐུ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ངོ་སྤྲོང་པར་བྱེད་པ་ཡིན་དེ་ནས་རྩ་ལྟུང་དང་བླ་མ་ལྔ་བཅུ་པ་ཉན༌། དེ་ནས་གྲོལ་བར་བྱེད་པའི་ལམ་དང་པོ་བསྐྱེད་རིམ་སྟོན། དེ་ནས་རྫོགས་རིམ་སྤྲོས་བཅས་རྩ་རླུང་ལ་སོགས་པ་སྟོན། དེ་ནས་རྫོགས་རིམ་སྤྲོས་མེད་མཐར་ཐུག་སྟོན། དེ་བསྒོམས་པས་ཏིང་ངེ་འཛིན་འབྱུང༌། ནང་རྟགས་བཞི་འཆར་ལ། ཞི་གནས་མཐར་ཕྱིན་པའི་འཇིག་རྟེན་པའི་བསམ་གཏན་ཡིན། རྟགས་ལྔ་པ་ཤར་བས་ཞི་གནས་དང་ལྷག་མཐོང་ཟུང་འཇུག་ཏུ་འབྲེལ་བ་ཡིན། དྲོད་རྟགས་གསུམ་འབྱུང་སཏེ། ཕྱིའི་དྲོད་ལུས་ཡོད་པ་མི་ཚོར་བ་དང༌། ནང་གི་དྲོད་དབུགས་ཕྱི་ནང་དུ་རྒྱུབ་མི་ཚོ་རབ་དང༌། གསང་བའི་་དྲོད་རྟོག་མེད་ཀྱི་བདེ་བ་འབྱུང་བའོ། །དེ་བསྒོམ་པའི་འོད་གསལ་ཡིན། འཆི་ཁར་བར་དོ་འཛིན་པའི་གདམས་ངག་ལ་བརྟེན་ནས། བསམ་གཏན་གྱི་འོད་གསལ་དང༌། རང་བཞིན་གྱིའོད་གསལ་བསྲེས་ཏེ། བདེ་བ་ཆེན་པོའི་སྐུ་མངོན་དུ་བྱེད་པ་ཡིན་གསུངས། ཆོས་དང་ཆོས་ཉིད་དང་བློའི་དོན་ཅི་ཞེ་ན། ཆོས་ཇི་ལྟ་བནི་རང་གི་རིག་པ་བྱད་ ༢༣༥༑ ༡༥༩ ༢༣༦༑ །ཆུབ་ཀྱི་སེམས་སོ། །ཆོས་ཉིད་ཇི་ལྟ་བ་ནི་དེ་ཐོག་མ་རྒྱུས་མ་བསྐྱེད། ཐ་མ་རྐྱེན་གྱིས་མི་འཇིག་པ། ཡེ་ནས་རྣམ་པར་དག་བ། མ་བཅོས་རང་བྱུང་ཡེ་ཤེས་སོ། །བློ་ཇོ་ལྟ་བ་ནི། ལྟ་བ་ཇི་་ལྟ་བར་རྟོགས་པ་བཞིན་དུ། གང་དུ་ཡང་མི་སེམས་མི་རྟོག་པར། མཉམ་པ་ཆེན་པོའི་ངང་དུ་མ་བཅོས་པར་བཞག། །བཅོས་ཤིང་བསྒོམ་དུ་མེད། ཡེ་ཤེས་རང་ལ་གནས་པའོ། །དེ་ལས་མཚན་མའི་ཆོ་འཕྲུལ་ཅི་བྱུང་ཡང༌། དོན་ལ་གཡོས་བ་དང་འགྱུར་བ་མེད་པས། དགག་སྒྲུབ་མི་བྱེད། རང་བྱུང་དུ་ཤེས་པ་མ་ཡེངས་པར་གནས་པར་བསྒོམ་པའོ། །བྱིང་རྒོད་བྱུང་ན་ཡང་མཉམ་ཉིད་དང་དུ་ཚོར་བའོ། །ནམ་ཞིག་དོན་ལ་རིག་གྱུར་ན། །རང་རིག་ཁོ་ན་ཙམ་དུ་ཟད། །རང་རིག་དེ་ཡང་འདི་སྙམ་དུ། །གཞན་ལ་བསྟན་ཅིང་བརྗོད་དུ་མེད། །ཅེས་སོ། །ངོ་སྤྲོད་ལྔ་སྟེ། གཉིད་དང་རྨི་ལམ་གྱི་དཔེས་སྣང་བ་སེམས་སུ་ངོ་སྤྲད། ཆུ་དང་ཆབ་རོམ་གྱི་དཔེས་སྣང་སྟོང་དབྱེར་མེད་དུ་ངོ་སྤྲད། ནམ་མཁའ་སྟོང་པའི་དཔེས་སེམས་ཉིད་སཏོང་བར་ངོ་སྤྲད། བུ་རམ་རིལ་བུའི་དཔེས་དུ་་མ་རོ་གཅིག་ཏུ་ ༢༣༧༑ ༡༦༠ བམཞད ངོ་སྤྲང༌། ཆུ་བོ་རྒྱུན་ཆགས་ཀྱི་དཔེས་ཆོས་སྐུ་རྒྱུན་ཆགས་བར་ངོ་སྤྲད་དོ། །སངས་རྒྱས་ཀྱི་དགོངས་བ་ཡང་ལྔ་ལ། །རྟོགས་པ་ཡེ་ཤེས་སུ་ལྡང་བའི་དགོ་ངས་པ་ནགས་མེ་མཆེད་་པ་ལྟ་བུ། མཚན་མ་རང་སར་གྲོལ་བའི་དགོངས་པ་མཚོ་་འཁྱག་པ་ཞུ་བ་ལྟ་བུ། སྣང་སྟོང་དབྱཻར་མེད་ཀྱི་དགོངས་པ་སྡར་འདྲིས་ཀྱི་མི་དང་ཕད་པ་ལྟ་བུ། ཡེ་ཤེས་སྤྱི་སྤུངས་ཀྱི་དགོངས་པ་ཉི་མའི་སྙིང་བོ་ལྟ་བུ། ཏིང་ངེ་འཛིན་ལྔང་འཇུག་མེད་པའི་དགོངསབ་རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་ལྟ་བུའོ། །ཇོ་བོ་རྗེའི་བཀའ་བརྒྱུད་འཛིན་པ་རྣམས། གསལ་བ། མི་རྟོག་བ། ཕྲབ། ཞིབ་དངབཞི་ལྡན་ལ་རྩིས་ཚེ། བདེ་བ་ལ་རྩིས་ཆུང༌། ཞེན་གྱིས་དོགས་སོ། །གསང་སྔགས་པ་ཐབས་ཀྱིས་བདེ་བ་བསྒྲུབ། དེ་ལས་མི་རྟོག་བ་སྐྱེ། རྩ་དང་རླུང་ལ་སྦྱངས་ན་ཤེས་པ་ལ་དབང་ཐོབ། ཕྲིན་བསྣན་བཏུབ་པའོ། །བདེ་བ་གསལ་བ་མི་རྟོག་པ་འུང༌། རྗེ་བཙུན་མི་ལ་ལ་དྲིས་པས། དེ་ཙུག་འོང་བ་ཡིན། རྩ་རླུང་བསྒོམ་པ་ཁོང་གསུངས་པ་དེ་ལ་དེས་ཀྱང་ཉོན་མོངས་བ་མགོ་ནོན་ཙམ་འོང་སཏེ། དེས་ལམ་མི་ཆོད་གསུངས། དེ་ལ་རྩིས་སུ་༡༦༡ ༢༣༩༑ །མི་མཛད། སེམས་ཉིད་ཀྱི་ངོ་བོ་ངེས་པ་ལ་རྩི་ས་ཆེ། །སེམས་ཀྱི་ངོ་བོ་བདེབ་གསལ་བ་མི་རྟོག་གསྟོང་བ། འགྱུར་བ་མེད་པ། རྒྱུན་ཆད་བ་མེད་པར་ཤེས་ན་སྣང་ལ་ངེས་པ་ཡིན། སེམས་སུམ་ཤེས་ན་སྣང་ལ་མངེས་བ་འཇིག་རྟེན་པའི་ལྟ་བ་ཡིན། གལ་ཏེ་ཡིད་དུ་འོང་ངོ་སྙམ་པའི་སེམས། །སྙིང་ལ་འཕང་བ་གཅེས་པར་བྱས་པ་ཡི། །ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྡུས་ཀྱང༌། །འགྲོ་རྣམས་སྡུག་བསྔལ་འབའ་ཞིག་སྐྱེད་པར་ཟད། །ཅེས་གསུངས། བདེ་བ་ལ་མཆོག་ཏུ་བཟུང་ནས་རྒྱུན་བསྲིངས་ན་འདོད་ཁམས་ཀྱི་ལྟར་སྐྱེ། གསལ་བལ་ཆགས་ན་གཟུགས་ཁམས་སུ་སྐྱེ། མི་རྟོག་པ་ལྟེངས་་པོས་གཟུགས་མེད་དུ་སྐྱེ། ཉན་ཐོས་པ་དེ་ལ་གཞི་བྱས་་ཏེ༌། མཚན་མ་ཉམས་མྱོང་གི་ཆོས་ཡིན། མཆོག་འཛིན་མི་བྱེད་སྟོང་པར་བལྟ། བྱང་ཆུབ་སེམས་དཔའ་དེ་ལ་གཞི་བྱས། ཏིང་ངེ་འཛིན་གྱི་རྩལ་སྦྱོང༌། ཉམས་སུ་མྱོང་བདེ་རྣམ་པར་རྟོག་པ་ཡིན། །རྣམ་རཏོག་རང་གི་སེམས་ཡེ་ཤེས་སུ་འཁྱེར་བ་ཡིན། གནས་བ་རྐྱང་པས་ལམ་མི་ཆོད། དེ་ནི་བརྒྱལ་བ་དང་ཆང་གིས་ར་རོ་བ་ ༢༤༠༑ ༡༦༢ བཙཕད ལ་ཡང་ཡོད་དེ། །རྟོག་པ་དཀར་དམར་སྣ་ཚོགས་ཅི་སྣང་ཡང༌། རིག་པ་ཡིན། གསལ་བར་ཉམས་སུ་མྱོང་བ་ཡིན། རང་གི་རིག་པ་རང་བཞིན་གྱིས་མ་གྲུབ་པར་ངེས་ན་རྟོགས་པའོ། །གནས་པ་བྱུང་ན་བསྒོམ་པ་ཡང་རྟོག་མེད་དུ་རྒྱུན་བསྲིང་བ་ཡིན། ངོ་བོ་མཐོང་ནས་དེའི་རྒྱུན་བསྲིངས་ན་ཆོད་མཆོད་གནད་མགོ་བ་ཡིན། གདོད་མ་ནས་རྒྱུན་ཆད་མ་མྱོང་བ་ཡིན༌། རྟོགས་པ་དང་ལྡན་པའི་ཚུལ་སྣང་བ་སེམས་སུ་ཤེས་པ་དང༌། སེམས་ནི་ངོས་བཟུང་དང་བྲལ་བ་ནམ་མཁའི་དཀྱིལ་ལྟར་ཕྱམ་མེ་བའི་ཉམས་ལ་བརྟེན་ནས་བརྟན་པར་བྱེད། དེ་ནས་མཚན་བཅས་བསྒོམ་མི་དགོས། སེམས་སྐྱི་གླང་པོ་རྙེད་ཕྱིར་རོ། །འཁོར་་འདས་ཀྱི་རྩད་དེ་གང་དུ་ཆོད་ཅེ་ན། རྟོགས་ལྔན་གྱི་བླ་མ་དམ་པས། སྐལ་ལྔན་གྱི་སློབ་མ་ལ་རིག་པ་དང་མི་རིག་པ་གཉིས་སུ་ངོ་སྦྲོད་པ་ཡིན་ཏེ། དེ་བསྒོམས་པས་ཉམསུ་མྱོང་བའི་དོན་ལ་རྟོགས་བསྐྱེའོ། །ཉམས་སུ་མྱོང་བ་ནི་རིག་པ་སྤྲོས་བྲལ་དུ་་ཤར་བ། ཟག་པ་མེད་པའི་བདེ་བ་དང་ལྡན་པ་འབྱུང་བའོ། །དོགས་པ་ནི་སེམས་ཅན་ལམ་རིག་པ་ཉིད་ངེས་པ་ཐོབ་བའོ། །སེམས་ཀྱི་སྒྱུམ་ ༢༤༢༑ ༡༦༣ ༢༤༣༑ །མཐོང་བ་དེ་ཡོད་པ་མ་ཡིན་ཏེ། དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་མ་གཟིགས། མེད་པ་མ་ཡིན་ཏེ། ཉམས་སུ་མྱོང་བ་དེ་སངས་རྒྱས་ཀྱིས་ཀྱང་མི་ཁགས་པའོ། །མཚན་ཉིད་དང༌། རང་བཞིན། དོ་བོ་གསུམ་ནི། མཚན་ཉིད་སྣ་ཚོགས་སུ་སྣང་བའོ། །རང་བཞིན་རིག་པ་གསལ་ལམ་འགགས་པའོ། །ངོ་བོ་ནི་དེའི་དོན་ཉམས་སུ་མྱོང་བའི་ཡེ་ཤེས་སོ། །རྒྱུད་ཚན་གཅིག་ནས་ཐབས་གཙོ་ཆེར་བཤད། ཚན་གཅིག་ནས་ཤེས་རབ་གཙོ་ཆེར་བཤད་དེ། བློ་དམན་པའི་དུས་་སུ་ཐབས་གཙོ་ཆེ་བ་མན་ངག་ཡིནཏེ། བློ་ཡར་སོང་ནས་ཤེས་རབ་གཙོ་ཆེ་བ་ཡིན། དེ་ཡང་ཐབས་ལ་བརྟེན་ནས་ཤེས་རབ་གཙོ་ཆེ་བར་ཤགས་ཀྱིས་འགྲོ། སྣང་བ་དང་རྣམ་རྟོག་མ་བཅད་པར་རང་ཤུགས་ཀྱིས་འགགས་ནས་འགྲོ། བཀའ་གདམས་པ་ལྟ་བ་ལ་རྩིས་ཆེ་སྟེ། གྲུབ་མཐའི་ལྟ་བ་འདི་ལྟར་ལགས་ཟེར་བ་དེ་ལ་རྩིས་མི་ཆེ། ལྟ་བས་བལྟས་པས་སྟོང་པར་མཐོང་བ་ལ་རྩིས་ཆེ། བླ་མ་མི་ལ་ཡང་ལྟ་བ་གྲུབ་མཐའ་འདི་ལྟར་ལགས་ཟེར་བ་ལ་རྩིས་མི་ཆེ། རང་ཤར་ལ་རྩིས་ཆེ། ༢༤༤༑ ༡༦༤ བཙཚད སྒོམ་པ་ལས་མ་བྱུང་བའི་ལྟ་བ་དཀའ་གསུངས། ལྟ་བ་གཏན་ལ་དབབ་ཐབས་ནི། རྩ་རླུང་འཁོར་ལོ་རྩིས་སུ་ཆེ་གསུངས། ཆོས་ཐམས་ཅད་ནང་ནས་ཉམས་ཐོབ་ནས་སྨྲ་བ་ཞིག་དགོས་གསུངས། ནང་ཉམས་ཐོག་ནས་བལྟས་ན་གྲུབ་མཐའ་གང་གིས་ཀྱང་མ་ཕོག །སེམས་ཙམ་པ་རང་རིག་རང་གསལ་དུ་འདོད་པ་དང༌། །དབུམ་པའི་སྐྱེ་མེད་དང། སྔགས་ཀྱི་སྟོང་པ་ཉིད་ཀྱིས་ཀྱང་མ་ཕོག། ཕྱི་ནས་བལྟས་ནས་ངག་ཏུ་བརྗོད་ན། གྲུབ་ཐོབ་ཀྱིས་གསུངས་པའི་གྲུབ་པ་སྡེ་བདུན་དང༌། རྡོ་རྗེ་འཆང་གིས་གསུངས་པའི་རྒྱུད་དང་མི་འགའ་བ་ཡིན། རྒྱུ་ལམ་འབྲས་བུ་གསུམ་གྱི་དོན་ནི། བསྐྱེད་དང་འཕེལ་བྱེད་རྫོགས་པ་སྟེ། རིག་པ་བྱང་ཆུབ་སེམས་དང་བསྐྱེད་རྫོགས་དང་སྐུ་གསུམ་ཡིན་ནོ། །མརིག་པ་དང་སྡིག་པའི་ལས་དང༌། ངན་སོང་གསུམ་ཡིན་གསུངས། རྣམ་པར་རྟོག་པ་ལ་ཕྲ་པ་དང་རགས་པ་གཉིས་ཡིན་ཏེ། རགས་པ་ནི་སནོད་བཅུད་ཨ་འཐས་སུ་འཛིན་པ་ཡིན། ཕྲ་བ་སྐད་ཅིག་སྣ་ཚོགས་སུ་འགྱུར་བའོ། །དེ་ཉིད་ངོ་བོ་གཅིག་ལ་མཚན་ཉིད་བཞི་སྟེ། ཡིད་དང་ ༢༤༦༑ ༡༦༥ ༢༤༧༑ །རིག་པ། སེམས། རླུང་དང་བཞི་ཡིན། ཡུལ་འཛིན་པས་ན་ཡིད། དེ་གོ་ཞིང་རྟོགས་པར་བྱེད་པས་ན་རིག་པ། དེའི་དོན་གསལ་ལམ་འགགས་པས་སེམས། རྩ་རླུང་ལ་རྟེན་ཅིང་སྡུད་བས་ན་རླུང་ཡིན། སྤྱིར་གསང་སྔགས་ཟབ་མོ་འདི་གདམས་ངག་ཉམས་སུ་བླངས་པ། ཉམས་མྱོང༌། རྣལ་འབྱིར་པའི་ལུས་གསུམ་པོ་དའི་སྦ་ས་ན་ལོགས་པ་ཡིན། གསང་སྔགས་གསང་བར་བཤད་པ་ཡིན། མ་གསང་ན་དངོས་གྲུབ་འཆོར་བ་ཡིན། ཉམས་མྱོང་ཡང་བླ་མ་ལ་སྨྲ་བ་ཡིན༌། གྲོགས་བློ་འདྲེས་པ་དམ་ཚིག་གཙང་མ་ལ་སྨྲས་ཀྱང་མི་སྟོ་བ་ཡིན་གསུངས། ཡང་རིན་པོ་ཆེའི་ཞལ་ནས། ངས་ནི་དེ་སྔ་ཡང་མ་གསངས། ད་ཡང་མི་གསང༌། ངེས་པའི་ཤེས་པ་ཨེན་ཙམ་པ་འདི་གཅིག་ཀྱང་འཆར་འཆོར་མི་འདྲ། ཉམས་མྱོང་འཚོར་ཡང་མི་སྲིད་དེ། ཁྱོད་རང་གར་འགྲོ་བསོད་གསུངས། བླ་མ་རྣམས་ཀྱིས་སྐུ་ཉམས་སུ་བསྟར་ནས་གསུངས་པ་དང༌། བླ་མའི་བྱིན་རླབས་ཀྱིས་རང་ལ་ངེས་པའི་ཤེས་པ་ཨེན་ཙམ་པ། བླ་མའི་ཡོན་ཏན་བ་སྤུབརྒྱར་བཤགས་ ༢༤༨༑ ༡༦༦ བཙཟད པའི་ཚོད་ཙམ་པ་དེ་ལ་བརྟེན་ནས། ཁྱེད་ལ་ཤེས་པ་ངོ་སྤྲོད་པ་ཡིན། འོ་ཅག་འཁོར་འདས་དང་སངས་རྒྱས་སེམས་ཅན་ཁོ་ན་ཟེར་བ་དེ། རིག་པ་ངོ་ཤེས་མ་ཤེས་ཡིན། སངས་རྒྱས་ལྔ་འདྲིལ་གང་ཡིན་ལག་པའི་ལྟོ་རྒྱབ་ཡིན། དེ་བསན་ནང་དུ་བལྟས་པས་དང་པོར་རིག་པ་གསལ་སིང་ངེ་བ་འབྱུང༌། དེ་རྩེ་་གཅིག་གི་རྣལ་འབྱོར་ཡིན། དེ་བླ་མ་ལ་གསོལ་བ་དྲག་ཏུ་བཏབ་ཅིང་བསྒོམས་པས། སྡིག་པ་ཟད་ནས་རིག་པ་སྤྲོས་བྲལ་དུ་འཆར་ཏེ། དགའ་རྒྱུ་མེད་པར་དགའ་བ་ཡིན། སྔོན་མརྙེད་པ་རྙེད། དབུལ་པོས་གཏེར་རྙེད་བ་དང་འདྲ། བློ་མ་བཏང་བར་སྣང་བ་སེམས་སུ་་ཆོད་པའོ། །སྣང་བ་དགག་སྒྲུབ་དང་་བྲལ་བ་ལུང་མ་བསྟན་དུ་འགྲོ། སྣང་བ་ལ་རྗེས་ཐེར་བ་མིན་པ་ཉམས་ལ་རྒྱུན་ཆད་མེད། བསྒོམས་ཀྱང་འོང༌། མ་བསྒོམས་ཀྱང་འོང༌། དོན་ལ་མཉམ་གཞག་དང་རྗེས་ཐོབ་མེད་པ་ཡིན། ཨེན་ཙམ་་བརྟན་པ་ཐོབ་ནས། སྣང་བ་རེས་སྟོང་པ། རེས་སྒྱུ་མར་འཆར་རེས་འགག། རྟོག་པ་སྤྲ་སྤྲོ་འོང་སྟེ། དྲན་པ་རང་གར་སོང་ཆ་མེད་དུ་འགྲོ་གསུངས་སོ། །མར་ཡུལ་ ༢༥༠༑ ༡༦༧ ༢༥༡༑ །པ་ལ་ཕ་རོལ་ཏུ་ཕྱིན་པའི་ལམ་དང༌། གསང་སྔགས་ཀྱི་ལམ་ཐམས་ཅད་ཇི་ལྟར་མཆིས་ཞུས་པས། ཕ་རོལ་ཏུ་ཕྱིན་པའི་རྣམ་ཏར་ཚོགས་ལམ་་ཟང་པར་སྦྱོར་ལམ། ཟིལ་གནོན་མཐོང་ལམ། དེ་དང་གསང་སྔགས་ཀྱི་ལམ་བསྟོན་པ་རབ་འབྲིང་ཐ་མ་རྣམ་པ་གསུམ་ཐད་སོ་ཡིན། རྒྱལ་པོ་གཞོན་ནུའི་སྤྱོད་པ་རྣམ་སྨིན་ལ་འཛེམ། ཞི་བ་དུལ་བ། སྤྱོད་ལམ་མཛེས་པ། གཞན་ཅི་དང་ཅི་བྱེད་པ་དང་ཚོགས་ལམ་ཐད་སོ་ཡིན། དེ་ནས་བསྐྱེད་རིམ་ལ་བརྟན་པ་ཅུང་ཟང་ཐོབ་ནས། གསང་བ་སྔགས་ཀྱི་སྤྱོད་པ་བྱེད་བ་དྲོད་ཅུང་ཟད་ཐོབ་པ་ན། དེའི་ཚེ་གསང་བའི་སྤྱོད་པ་བྱ། དེའི་ཚོགས་དང་དགོན་པ་བོགས་གང་ཐོན་ལྟ་བ་རེས་འཇོག་སྤྱོད་པ་བྱེད་པ་ཡིན། ཚོགས་སུ་འགྲོ་བའི་ཚེ་མིང་ལ་སོགས་པ་གསང་ནས་བྱེད་པ་སྟེ། གསང་སྤྱོད་དང་སྦྱོར་ལམ་ཐད་སོ་ཡིན། རང་རིག་གཞན་རིག་གཉིས་སུ་མེང་པར་རིག་པ་འཇིག་རྟེན་པའི་རྣམ་རྟོག་བརྟུལ་ས། གཞན་དོན་དུ་འགྱུར་ན་བསད་གསོ་དང༌། འགུགས་བྱེད་མཁའ་ལ་འགྲོ་ཏིག་བ་བརྟུལ་ ༢༥༢༑ ༡༦༨ བུཚུམུདུ ཞུགས་ཀྱི་སྤྱོད་པ་བྱེད་པ་ནི། ས་དང་པོའི་ཐད་སོ་ཡིན། མཉམ་གཞན་ཆེན་པོའི་སྤྱོད་པ་དང༌། མཐོང་ལམ་ཐད་སོ་ཡིན་གསུངས་སོ། །བྱང་ཆུབ་སེམས་དཔའི་ལམ་དང་ཐད་སོར་ལྟས་རྩི་ཞུས་པས། བསྒོམས་པའི་དོན་ཕུལ་ཞིག་གསུངས། དབེན་པར་སེམས་རྩེ་གཅིག་པ་ལ་དཀའ་བ་མེད་ན་ཚོགས་ལམ་ཐད་སོར་ཡིན། ཚོགས་ཀྱི་ནང་དུ་སེམས་རྩེ་གཅིག་པ་ལ་དཀའ་བ་མེད་ན་སྦྱོར་ལམ་ཐད་སོ་ཡིན། མཉམ་གཞག་དང་རྗེས་ལ་ཁྱད་མེད་ན་ས་དང་པོའི་ཐད་དུ་ཉེ་བ་ཡིན་གསུངས། ཕ་རོལ་་ཏུ་ཕྱིན་པ་དང་གསང་སྔགས་ཀྱི་ཁྱད་ཅི་ཞེ་ན། ཕ་རོལ་ཏུ་ཕྱིན་པ་དོན་སྤྱིའི་རྣམ་པ་ཡུལ་དུ་བྱེད་པ་ཡིན། ཆོས་ཐམས་ཅད་གཏན་ཚིགས་ཀྱིས་གཞིགས་ན་ས་མ་གྲུབ་པར་བྱེད། ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟར་སྟོང་པར་བྱས་དེ་ལ་བློ་འཇོག་པ་ཡིན། གསང་སྔགས་པ་ནི་དོན་དངོས་ལམ་དུ་བྱེད་པ་ཡིན་ཏེ། ཐབས་ལམ་དྲག་ཏུ་བཅུན་པས་རླུང་ངྷཱུ་ཏཱིར་ཚུད་པ་འོང༌། རླུང་སེམས་གཉིས་སུ་མེད་པའི་གནད་ཀས། དེའི་དུས་སུ་གསལ་ལ་མི་རྟོག་བ་བདེ་བ་འབྱུང༌། དེ་ ༢༥༤༑ ༡༦༩ ༢༥༥༑ །ཙན་བླ་མས་ཁྱོད་ཀྱི་ཤེས་པ་འདི་རང་སེམས་རང་རིག་པ་སྟོང་པ་ཉིད་རང་འདི་ཡིན་ནོ་ཞེས་ངོ་སྦྲད་པས། སློབ་མས་ཀྱང་དེ་ལྟར་བསྒོམས་པས་སྔ་མའི་ཉམས་མྱོང་ལ་མཆོག་འཛིན་དང་བྲལ་ཏེ། དེས་རང་གི་སེམས་གཉུག་མར་ངས་པ་འོང༌། རིག་པ་གསལ་བ་བདེ་སྟོང་ཡིན་ལ། དེ་ལས་མ་ཡེངས་པ་དེ་ཏིང་ངེ་འཛིན་ཡིན༌། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མཐར་ཕྱིན་པ་ནི་ཆོས་ཀྱི་སྐུའོ། །ཡང་ཕ་རོལ་ཏུ་ཕྱིན་པ་ནི་སྒྲོ་འདོགས་གཅོད་པ་སྟེ། ཕྱི་གཟུང་བའི་ཡུལ་གཅིག་དང་དུ་བྲལ་གྱིས་གཞིགས་ནས་སྟོང་པར་བྱེད། གཟུང་བ་མེདན་དེར་འཛིན་མེད་ཟེར་ནས། གཟུང་བའི་ཡུལ་རྩད་ཆོད་ནས་འཛིན་པ་སྒྲོག་རངབརྡལ་དུ་འགྲོ་ཟེར་ནས། ནང་འཛིན་པ་སེམས་ལ་རྟོག་དཔྱོད་མི་གཏོང་ངོ༌། །གསང་སྔགས་པས་སྒྲོ་འདོགས་ནང་ནས་གཅོད་བསྟེ། ཡུལ་ལ་རྟོག་དཔྱོད་མི་གཏོང༌། རྒྱས་འདིབས་བྱེད་པའོ། །ནང་འཛིན་པའི་སེམས་ལ་བལྟ། དེ་བལྟས་པས་དང་པོར་མ་སྐྱེས། ཐམར་མི་འཇིག །ད་ལྟར་གངན་ཡང་མི་གནས། རང་བཞིན་ཅིར་ཡང་མ་གྲུབ་པར་ངེས་པ་འོང༌། ༢༥༦༑ ༡༧༠ བཚཝད དེ་ཡང་ཡེ་ཤེས་ཀྱི་ཡུལ་ཡང་མ་ཡིན་ན། རྣམ་རྟོག་གི་བློས་ག་ལ་མཐོང༌། དོན་གསལ་སིང་ངེ་བ་བློའི་གཏིང་ནས་ཤར་བ་ནི་ཉམས་མྱོང༌། དེ་ལས་མ་ཡེངས་པ་གནས་པ། དེ་དང་པོ་ནས་མི་སྐྱེ་བའི་ངོ་བོར་ཤེས་པ་རྟོགས་པ་ཡིན། བླ་མས་ངོ་མ་སྤྲད་ན་ཉམས་དེ་རྒྱུན་བསྲིངས་པས་སྟོང་ཕྱམ་ཕྱམ་ལ་འགྲོ་སྟེ། སྟོང་པ་ཧད་པོ་ཡེ་ཤེས་ཕྱལ་པོ་ཡིན་པས་ལམ་དུ་མི་འགྲོ། ཞེན་པ་འབྲལ་བ་ལ་དུམ་རེ་ཙམ་ཕན་པ་ཙམ་འོང༌། དེ་བསན་ཐར་བའི་ལམ་དུ་འཁྲིད་པ་དེ་ལ། བླ་མ་ཉམས་རྟོགས་ཅན་དགོས་པ་ཡིན་གསུངས༌། ཕ་རོལ་ཏུ་ཕྱིན་ཕ་མོས་པ་ལམ་དུ་བྱེད། གསང་སྔགས་པས་བྱིན་རླབས་ལམ་དུ་བྱེད། གཟུང་བའི་ཡུལ་ལ་མི་བལྟ། ནང་འཛིན་པའི་སེམས་རྩད་གཅོད་པ་ཡིན། དེ་ཡང་བླ་མས་ངོ་སྤྲང་ན་སྒྱུ་མ་དང༌། གཟུགས་བརྙན་ལ་སོགས་པ་ཡུལ་བཞི་དང་བྲལ་བ་བཞིན་དུ། རང་ལ་ཡེ་ནས་ཡོད་པའི་སེམས་ཉིད་ཡོད་མེད་ཐམས་ཅད་དང་བྲལ་བར་ངོ་སྤྲད་ནས། རང་གིས་བསྒོམས་པས་ངེས་པའི་ཤེས་པ་སྐྱེ། དེའི་དོན་ལ་རྒྱུན་བསྲིངས་པས་ ༢༥༨༑ ༡༧༡ ༢༥༩༑ །སེམས་ཀྱི་སྟོང་པ་ཉིད་མཐོང་བ་ཡིན། ངེས་པ་དང་མ་ངེས་པ་གཉིས་ཡིན། རྟོགས་པ་བརྟན་ན་དེ་རྣལ་འབྱོར་གྱི་དབང་ཕྱུག་རྡོ་རྗེ་ཡེ་ཤེས་ཡིན། དེ་ནི་རྡོ་རྗེ་སློབ་དཔོན་ཡིན་ཏེ་མི་སླུ་བ་ཡིན། མཆོག་ཏུ་གྱུར་པའི་དོན་རྙེད་པས་གྲུབ་མཐའི་ཆོས་ལ་འདོད་པ་མི་འོང༌། ཡིད་བཞིན་གྱི་ནོར་བུ་རྙེད་པས་བན་ངལ་འདོད་པ་་མི་ཡོང་བ་དང༌། འཁོར་བའི་གཞི་རྩ་ཆོད་པ་ཡིན། མ་རིག་པ་རང་སར་གྲོལ་བས་འདུ་བྱེད་ལ་སོགས་པ་ཐམས་ཅད་འགག་པ་ཡིན་ནོ། །སྤྱིར་ལམ་གསུམ་ལ་རྗེས་དཔག་ལམ་དུ་བྱེད་པ་ནི། ཆོས་ཐམས་ཅད་གཅིག་དང་དུ་འབྲལ་གྱིས་གཞིགས་ནས། རང་བཞིན་མེད་པར་བྱས་ནས་འགྲོ་ས་འདི་ལས་མེད་ཟེར་ནས་དེ་བསྒོམ་པའོ། །བྱིན་རླབས་ལམ་དུ་བྱེད་པ་ནི་ལྷའི་སྐུ་བསྐྱེད་པའི་རིམ་པ་ལ་བརྟེན་ནས། རྩ་རླུང་ལ་སོགས་པ་སྦྱངས་པའོ། །མངོན་སུམ་ལམ་དུ་བྱེད་པ་གཉུག་མ་ཕྱག་རྒྱ་ཆེན་པོའོ། །ཡང་ལམ་གསུམ་ལ། གཞི་སྤོང་པའི་ལམ་ནི། ཕ་རོལ་ཏུ་ཕྱིན་པ་སྟེ་སྤང་བྱ་དང་གཉེན་པོ་ཐ་དད་དུ་བྱས་ནས་སྤོང་བ་ཡིན། གཞི་སྒྱུར་པའི་ལམ་ ༢༦༠༑ ༡༧༢ བཛཕད ནི་གསང་སྔགས་པ་སྟེ། རྟེན་སྒྱུར་བ་ལུས་ལྷར་བསྐྱེད། བརྟེན་པ་སྒྱུར་བ་དབང་པོ་རྡོ་རྗེ་དང་པདྨར་བྱེད། ཆོས་ཐམས་ཅད་སྒྱུར་བ་ཉོན་མོངས་པ་ལམ་དུ་བྱེད། རྟོག་པ་ཡེ་ཤེས་སུ་བྱེད། དྲི་མས་དྲི་མ་འཁྲུད། རྟོག་པས་རྟོག་པ་གཅོད་པའོ། །གཞི་ཤེས་པའི་ལམ་པ་ནི་ཕྱག་རྒྱ་ཆེན་པོ་སྟེ། སྤང་བྱ་མེད་གཉེན་པོ་མེད་བསྒྱུར་དུ་མེད། སྒྱུར་བྱེད་མེད། དེ་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན་ལ། སེམས་ཉིད་གདོད་མ་ནས་སྐྱེ་བ་མེད་པའི་དོན། ཆོས་སྐུ་རག་ཆས་སུ་ཡོད་པ་ངོ་ཤེས་མཐོང་བ་གོམས་པར་བྱེད་པས་སངས་རྒྱས་པའོ། །ཡང་གསུམ་སྟེ་དབང་པོ་རྟུལ་པོ་དད་པ་ཅན་ཚིགས་ཀྱི་ལམ་དུ་འཇུག་པ་ནི་ཕ་རོལ་ཏུ་ཕྱིན་པའོ། །འབྲིང་རྟོག་པ་དང་ཉོན་མོངས་པ་ཅན་ཐབས་ཀྱི་ལམ་དུ་འཇུག་པ་ནི་གསང་སྔགས་སོ། །དབང་པོ་རྣོན་པོ་ཤེས་རབ་ཅན་དེ་ཁོ་ན་ཉིད་ལ་འཇུག་པ་ནི་ཕྱག་རྒྱ་ཆེན་པོའོ། །ཞི་གནས་དང་ལྷག་་མཐོང་ནི། ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་གསུངས་བས། དེ་གཉིས་ལ་དོན་ལྔ་སྟེ། རྒྱུ་དང༌། ལས་དང། གེགས་དང༌། སྒྲིུབ་པ་དང༌། ལམ་ཡོངས་སུ་དག་པའོ། ༢༦༢༑ ༡༧༣ ༢༦༣༑ །ཞི་གནས་ཀྱི་རྒྱུ་ཚུལ་ཁྲིམས་རྣམ་པར་དག་པ། ལྷག་མཐོང་གི་རྒྱུ་ཐོས་བསམ་གྱི་ཤེས་རབ་བོ། །ཞི་གནས་ཀྱི་ལམ་ནི་མཚན་མའི་འཆིང་བ་ལས་གྲོལ་པར་བྱེད་པ༌། ལྷག་མཐོང་གི་ལམ་ནི་གནས་ངན་ལེན་གྱི་འཆིང་བ་ལས་གྲོལ་བར་བྱེད་པའོ། །ཞི་གནས་ཀྱི་གེགས་ནི་ལུས་དང་ལོངས་སྤྱོད་ལ་བལྟ་བའོ། །ལྷག་མཐོང་གི་གེགས་ནི་འཕགས་པའི་གཏམ་གྱིས་ཚིམ་པ་མ་ཐོབ་པའོ། །འདུ་འཛིར་གནས་པ་དང་ཅུང་ཟད་ཙམ་གྱིས་ཆོག་པར་འཛིན་པ་ནི་གཉིས་ཀའི་གེགས་སོ། །སྒྲིབ་པ་ནི། རྒོད་པ་དང་འགྱོད་པ་དང༌། ཐེ་ཚོམ་གྱིས་ཞི་གནས་ལ་སྒིབམ གཉིད་དང་རྨུགས་པས་ལྷག་མཐོང་ལ་སྒྲིཔ། འདོད་འདུན་དང་གནོད་སེམས་ཀྱིས་གཉིས་ཀ་ལ་སྒྲིབ་པའོ། །རྨུགས་པ་དང་གཉིད་ལེགས་པར་ཆོམས་པ་ནི་ཞི་གནས་ཀྱི་ལམ་ཡང་དག་པའོ། །རྒོད་འགྱོད་ལེགས་པར་ཆོམས་པ་ནི་ལྷག་མཐོང་གི་ལམ་ཡོངས་སུ་དག་པའོ། །དེ་གཉིས་ཀྱིས་སྒྲིབ་པ་གཉིས་ལེགས་པར་ཆོམས་པས་འབྲས་བུ་ཆོས་ཀྱི་སྐུ་རྣམ་དག་ཐོབ་པའོ། ། ༢༦༤༑ ༡༧༤ སྣྲཀྭསྨྲསྦྱ སྟོང་པ་ཉིད་བསྒོམ་སྔས་པའི་སྐྱོན་ལྔ་ལ། ཟབ་མོའི་ཆོས་སྤྱོད་སྤོང་བ་དང༌། ཚིག་གི་ལྟ་བ་ལ་བརྟེན་ནས་ལས་རྒྱུ་འབྲས་ཁྱད་དུ་གསོད་བ་དང༌། སྟོང་པ་ཧད་པོས་ང་རྒྱལ་དང་ཁྱད་གསོད་སྐྱེ་བ་དང༌། ཐབས་དང་བྲལ་བས་ཉན་ཐོས་ཀྱི་ལམ་དུ་འགྱུར་བས། དོ་ཧ་ལས། སཉིང་རྗེ་དང་བྲལ་སྟོང་པ་ཉིད་ཞུགས་གང༌། །དེ་ཡིས་ལམ་མཆོག་རྙེད་པ་མ་ཡིན་ནོ། །ཞེས་གསུངས། སྟོང་པ་ཉིད་བསྒོམ་ཕྱིས་པའི་སྐྱོན་ནི་འཁོར་བའི་གཞི་རྩ་མི་ཆོད་པས། འབྲོས་པའི་ས་མི་རྙེད། དོ་ཧ་ལས། འོན་ཏེ་སྙིང་རྗེ་འབའ་ཞིག་བསྒོམ་ན་ཡང༌། །འཁོར་བ་ལ་གནས་ཐར་པ་ཐོབ་མི་འགྱུར། །ཞེས་དང༌། ལྷ་ལ་མཆོད་པ་ཁྲི་ཕྲག་ཕུལ་བྱས་ཀྱང༌། དེ་ཡིས་བདག་ཉིད་འཆིང་འགྱུར་ཅི་ཞིག་བྱ། །དེ་འདྲས་འཁོར་་བ་འདི་ནི་ཆད་མིན་ཏེ། །ཞེས་པའོ། །བསྒོམ་པའི་དུས་ཚོད་མི་ཤེས་པའི་སྐྱོན་ནི། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་་ཚད་དུ་ཕྱིན་ནས། དོན་དམ་བྱང་ཆུབ་ཀྱི་སེམས་མ་བསྒོམས་ན། ས་བོན་མ་བཏབ་པའི་ཆོས་སྐུ་ཡེ་ཤེས་མི་འཆར་བ་ཡིན༌། སྟོང་པ་ཉིད་བསྒོམ་པ་མ་ཤེས་པའི་སྐྱོན་ ༢༦༦༑ ༡༧༥ ༢༦༧༑ །རྒྱས་འདེབས་སུ་ཤོར་བ་ལ་སོགས་པ་ཡིན། སྟོང་པ་ཉིད་ཀྱི་གོལ་ས་མ་ཤེས་པའི་སྐྱོན། ལྟ་བའི་གོལ་ས་དང་སྒོམ་པའི་གོ་ལས་ལ་སོགས་བའོ་རྗེ་བཙུན་མིལའི་ཞལ་ནས། ལྟ་བ་དྲིས་པས་ང་ལ་ལྟ་བ་མེད་གསུངས༌། ཁྱེད་ལྟ་བའི་ཕྱིར་མ་འབྲང་ཉམས་སུ་ལེན་པའི་ཕྱིར་འབྲོངས། སྟོང་པ་ལ་ནོར་ས་ཡོད་བ་ཡིན་གསུང༌། ནོར་ས་ལྔ་ལས་སྟོང་པ་ཉིད་རྒྱས་འདེབས་སུ་ཤོར་བ་ནི། ཆོས་ཐམས་ཅད་ཕྱག་རྒྱ་ཆེན་པོ་ཉིད་དུ་ཤོར་བས་དང་པོ་ནས་ཟུང་འཇུག་ཏུ་མི་བྱེད་བར། དང་པོར་ཡོད་པར་བཟུང་ནས་ཆོས་སྦྱོད་ཉམས་སུ་ལེན། དེ་ནས་སྟོང་པས་རྒྱས་འདེབས་པ་རྟག་ཆད་དོ། །གཉེན་པོར་ཤོར་བནི། ཉོན་མོངས་པ་སྐྱེས་པའི་དུས་སུ༌། དེ་རང་སྐྱེ་མེད་དུ་ཤེས་པ་གཉེན་པོ་ཡིན་པ་ལ། དེ་ལྟར་མི་བྱེད་བར་ཉོན་མོངས་པ་སྤང་བྱར་བྱས་ནསམ། དེའི་གཉེན་པོར་སྟོང་པ་ཉིད་བསྒོམ་པའོ། །ལམ་དུ་ཤོར་བ་ནི། རིག་པ་སྟོང་པ་སྐྱེ་མེད་ཆོས་སྐུ་རང་ཆས་སུ་ཡོད་པ་བཞག་ནས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པས་ཆོས་སྐུ་ཐོབ་པར་འདོད་བའོ། ། ༢༦༨༑ ༡༧༦ བཛཟད ཤེས་བྱའི་གཤིས་ལ་ཤོར་བ་ནི། ཆོས་ཐམས་ཅད་རང་སེམས་ཡིན། སེམས་ལ་བལྟས་པས་ཆོག་པ་དེ་ལ་མི་བལྟ་བར། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡེ་དག་ཡེ་གྲོལ་ཡེ་སངས་རྒྱས་བ་ཡིན། བསྒོམ་རྒྱུ་ཅི་ཡང་མེད་ཟེར་ནས་སྟོང་པ་ཉིད་ལ་བློ་ཕྱལ་གྱིས་འཇོག་པའོ། །སྟོང་པ་ཉིད་བློས་བྱས་སུ་ཤོར་བ་ནི། སེམས་སྐྱེ་མེད་ཀྱི་ངང་ལམ་བཅོས་པར་བཞག་པས་ཆོག་པལ། དེ་མ་ཤེས་པར་ཆོས་ཐམས་ཅད་རིག་པས་གཞིགས་ནས། ནམ་མཁའི་དཀྱིལ་ལྟར་བྱས་ནས་དེ་ལ་སྟོང་པར་བློ་འཇོག་པ་ཡིན་ཏེ། ཤེས་པ་སྟོང་ཕྱམ་པལ་བློ་འཇོག་པ་ཡིན་གསུངས། འོ་ན་སྟོང་པ་ཉིད་མ་ནོར་བ་རྣལ་མ་དེ་གང་ཡིན་ན༌། སེམས་ཉིད་གཉུག་མ་མ་བཅོས་པ། རྟེན་གང་ཡང་མ་བཅས་པ། སྒོ་གར་ཡང་མ་འགགས་པ༌། མཐའ་གར་ཡང་མ་ལྷུང་བ། ཕུགས་གར་ཡང་མ་གཏད་པ༌། དམིགས་ཡུལ་མེད་པས་རེ་དོགས་མེད་པ། ཞེ་འདོད་དང་བྲལ་བ་སྟེ། དཔེ་གང་གིས་མཚོན་དུ་མེད། བརྗོད་པ་གང་གིས་ཀྱང་ཐོག་ཏུ་མི་ཕེབས། ༢༧༠༑ ༡༧༧ ༢༧༡༑ །སངས་རྒྱས་ལ་གསལ་བར་སྣང༌། རྣལ་་འབྱོར་པ་ལ་ཐབས་དཔག་ཏུ་མེད་པ་ལ་བརྟེན་ནས་རང་བཞིན་གྱིས་བྱུང་སྟེ། དེའི་ཚེ་རྟོག་པ་རང་ཤུགས་ཀྱིས་ཆོད། ཉོན་མོངས་པ་ངང་གིས་འགག །ཡེ་ཤེས་ཤུགས་ཀྱིས་འཆར། ལྟ་བ་རང་ཤུགས་ཀྱིས་རྟོགས། ཐ་སྙད་གང་དུ་ཡང་མི་ཐོགས། སེམས་ལ་ཉམས་སུ་མྱོང་བ་ལས་ངག་ཏུ་བརྗོད་དུ་མ་བཏུབ་སྟེ། གཞོན་ནུ་མའི་བདེ་བ་མྱོང་བའམ། ལྐུག་པའི་རྨི་ལམ་ལྟ་བུའོ། །སེམས་ཉིད་ལྷན་ཅིག་སྐྱེས་པ་ཡི། །ཡེ་ཤེས་སེམས་ཅན་ཀུན་ལ་ཡོད། །དབུལ་པོའི་གཏེར་བཞིན་ཕན་མ་ཐོགས། །རྟོགས་པར་སླ་སྟེ་དྲུང་ན་འདུག །དཀའ་སྟེ་ངོས་བཟུང་ཐམས་ཅད་བྲལ། །བསམ་པའི་ཡུལ་ལས་འདས་པས་སོ། །རྟོགས་པའི་ཐབས་ནི་གང་ཞེན། །ཚོགས་བསགས་གསོལ་བ་གདབ་པའོ། །ན་མོ་གུ་རུ། སེམས་དང་སེམས་ཀྱི་འོད་གཉིས་མི་གདའ་ན་ཞུས་པས། དེ་ལྟར་ཡིན། སྣང་བ་སེམས་སུ་འདུས་ཙ་ན། སེམས་གཅིག་པུ་ལས་གཞན་ཅི་མེད་པ་ཡིན་གསུངས། ཆོས་སྐུ་དང་ཆོས་སྐུའི་འོད་གཉིས་སུ་མེ་ ༢༧༢༑ ༡༧༨ བཝམད གདའ། ཆོས་སྐུ་གཅིག་པུ་ལས་མི་གདའ་ན་ཞུས་པས། དེ་ལྟར་ཡིན་ཆོས་སྐུ་གཅིག་ཆོད་ལ་སོང་བའི་དུས་སུ་ཆོས་སྐུ་གཅིག་བུ་ལས་མེད་པ་ཡིན་གསུངས། སྤྲུལ་སྐུ་སངས་རྒྱས་ཤཱཀ་ཐུབ་ལྟ་བུ་དེ་རྣམ་སྨིན་གྱི་ཀུས་ལྷག་མ་ཡོད་པ་དོན་གཅིག་ཆོད་ལ་སོང་བ་ཡིན་ནམ་ཞུས་པས། དེ་ལྟར་ཡིན། སྐུ་མྱ་ངན་ལས་འདས་ནས་སྐྱེ་བ་དག་པས་རང་སྣང་ལ་མེད་གཞན་སྣང་ལ་གཟུགས་སྐུ་འབྱུང་བ་ཡིན་གསུངས། གཟུགས་སྐུ་གཉིས་རང་སྣང་ལ་མེད་པ་སྟེ། རང་སྣང་ལ་གཞན་དོན་བྱེད་བཞིན། དུ་བྱེད་པའི་རྣམ་རྟོག་མེད་པ་ལ་ཟེརའམ། འོན་ཏེ་རང་སྣང་ལ་གཏན་མེད་པ་ཡིན་ཞུས་པས། དེ་ལ་ལུགས་གཉིས་ཡིན། དགེ་བཤེས་བཀའ་གདམས་པ་རྣམས་སྔ་མ་ལྟར་འདོད་པ་ཡིན། འོ་སྐོལ་གྱི་བླ་མ་ཕྱི་མ་ལྟར་དའདོད་པ་ཡིན། གཞན་སྣང་ལ་སྣང་བ་དེ་ཡོ་མཐུན་པར་འདོད་པ་ཡིན་གསུངས། དོན་ཐོག་ནས་མཚོར་བར་ཡེངས་ནས་ཕྱིས་དྲན་པ་རྙེད་ཙན། དོན་རྙེད་པ་དེའི་བར་དུ་ཡེངས་པའི་རྗེས་ལ་བལྟས་པས་ཆོས་སྐུར་འགྲོ་འདུག་ན། དེས་ཆོག་གམ་མི་ཆོག །བར་དེར་བསྒྲིབ་པར་ནུས་ ༢༧༤༑ ༡༧༩ ༢༧༥༑ །སམ་མི་ནུས། རྟག་ཏུ་མ་ཡེངས་པར་བསྒོམ་མམ་མི་བསྒོམ་ཞུས་པས། རྗེས་ལ་བལྟས་པས་ཆོས་སྐུ་ཆོས་སྐུར་འགྲོན་དེས་ཆོག །བར་གྱི་རྣམ་རྟོག་གིས་བསྒིབ་པར་མ་ནུས། གཏན་དུ་མ་ཡེངས་པ་མི་དགོས། ཡེངས་པ་བྱ་བ་མེད་པ་ཡིན། གནས་ལུགས་ལ་ཡེངས་མ་ཡེངས་མེད་པ་ཡིན་གསུངས༌། བླ་མ་རྗེ་བཙུན་དང་སངས་རྒྱས་ཀྱི་དགོགས་པ་འདི་ཡིན། འདི་ལས་འཕུལས་འམ་བོགས་འདོན་རྒྱུ་མེད་པར་འགྲོ་བས། འོ་ན་བྱས་པ་ལ། ཤེས་རབ་ཀྱི་ནི་མིག་གིས་དེ་མཐོང་འགྱུར་བྱ་བ་ཡིན། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། རིག་པ་དང་པོར་ངོས་ཟིན་པ་ནི། ཉམས་སུ་བླ་ང་བའི་ཐབས། སོ་མ་ལྷུག་པ་མ་བཅོས་པར་བཞག་པ་དང༌། །དེ་ནས་ཉམས་སུ་མྱོང་བ་ནི། རྣམ་རྟོག་ཆོས་ཉིད་དུ་རོ་གཅིག་ཏུ་མྱོང་བ་དང༌། དེ་ནས་རྟོགས་པ་ནི། ཁྱབ་བདག་རྡོ་རྗེའི་སྐུ་ཉིད་དང༌། །མི་འགྱུར་དུས་ནི་ཐམས་ཅད་པའོ། །ཞེས་གསུངས་པས། ཁྱབ་པ་ནམ་མཁའ་དངའདྲ་སྟེ། སྐྱེ་མེད་ཀྱིས་ཕྱི་ནང་སྣོད་བཅུད་ཡོ་ལ་ཁྱབ། རྡོ་རྗེའི་སྐུ་ནི་མི་འཇིག་པ་ཡིན། མི་འགྱུར་བ་ནི་གདོང༌། ༢༧༦༑ ༡༨༠ བཝཝད མ་ནས་རང་བཞིན་གྱིས་ལྷུན་གྲུབ་ཡིན་པས༌། སྐྱེ་འགག་མེད་པའོ། །དུས་ཐམས་ཅད་བ་ནི་འདས་པ་དང༌། མའོངས་པ། ད་ལྟར་བ་ལྟ་བུ་མ་ཡིན་ཏེ། རྒྱུན་ཆད་པ་མེད་པའོ། །རྟོགས་པ་ནམ་མཁའ་ལྟ་བུར་ཅིར་ཡང་ཁྱབ། ཉམས་མྱོང་སྤྲེའུ་དང་འདྲ་སྟེ་གར་ཡང་འགྱུར། གཉིས་མེད་ཤེས་པ་ཆུ་དང་འོམ་འདྲ། རང་བཞིན་རྣལ་མ་གླང་པོ་ལྟ་བུར་བསྒོམ། །ངོ་བོ་ཉིད་ལ། འགྱུར་བ་མེད་པ་ཡིན། ཞེས་གསུངས། དང་པོར་རྟོགས་པ༌། མ་ཡེངས་པ། བར་དུ་འདྲིས། ཡེ་ཤེས་ཉིད། ཐ་མར་དེ་ཀློང་དུ་གྱུར་ནས་་སངས་རྒྱས་པ་ཡིན་གསུངས། གཉིས་མེད་དུ་རྦད་ཀྱིས་ཆོད་པའི་དུས་སུ། རྩེ་གཅིག་ལ་སོགས་པ་ཡིན། མ་རིག་པ་ལ་སོགས་པ་གཅིག་ཡིན་གསུངས། བསྒོམ་དུ་ཡོད་བྱས་ཀྱང་འགལ་བ་མེད། ཐམས་ཅད་གཅིག་ཏུ། ངོ་བོ་རྒྱུན་ཆད་མེད། བསྒོམ་དུ་མེད་བྱས་ཀྱང་འགལ་བ་མེད། ངོ་བོར་གྲུབ་པ་མེད། ལར་ནང་གི་རྟེན་འབྲེལ་གྱིས་ཕྱིའི་སྣང་བ་འཇིག་དགོས་པ་ཡིན། འགྲོ་དྲུག་གི་སེམས་ཅན་གྱི་ངོ་བོ་དང༌། འཕགས་པ་གསུམ་གྱི་ཡེ་ཤེས་དང༌། སངས་རྒྱས་ཀྱི་ཐུགས་གསུམ་གཅིག་ཡིན། དེ་ལ་༡༨༡ ༢༧༨༑ །རྟོགས་ན་སེམས་ཅན་དང་འཕགས་པ་གསུམ་གནས་གྱུར་བ་ཡིན། ངོ་བོ་ལྷན་ཅིག་སྐྱེས་པའི་ཉམས་མ་གཏོགས་པ། ཉམས་མྱོང་ཐམས་ཅད་འཇིག་པ་ཡིན། འདི་དང་ཕྱིམཁར་་དོ་གསུམ་མཉམ་པ་ཉིད་དུ་ཤེས་ན། བར་དོའི་གདམས་ངག་མི་དགོས། འོད་གསལ་པ་ནི་རྒྱུན་བར་གནས། བར་དོའི་གྲོང་ཁྱེར་དེས་མི་མཐོང༌། ཞེས་གསུངས་པས། སངས་རྒྱས་སེམས་ཅན་གཉིས་མེད་དུ་རྟོགས་ན་འཕགས་པ་སྡུད་པའི་དེ་ཡིན། སྙིང་རྗེ་ཆེན་པོ་བསྐྱེད་ཀྱང་སེམས་ཅན་འདུ་ཤེས་མེད། ངོ་བོའི་ཉམས་རྒྱུན་ཆད་མེད་པ་འདི་ཀུན་རྫོབ་ཡིན་ན། འཇིག་པའི་སྐྱོན་ཡོད། དོན་དམ་ཡིན་ན་བདེན་པ་མཐོང་བའི་སྐྱོན་ཡོད། རྗེ་བཙུན་དོན་དམ་དུ་བཞེད། བདེ་བ་ཆེན་པོ་དབྱེར་མེད་དུ་བཞེད། བྱ་ཡུལ་བས་ཀུན་རྫོབ་ཏུ་བཞེད། བཞེད་ཀྱང་དེ་ལས་ལོགས་ནས་དོན་དམ་མི་འཚོལ་བས། དོན་མཐུན་དུ་འདུག །རྒྱུ་འབྲས་གཅིག་ཡིན་པའིགནད་ཀས། རྒྱུ་ཡོད་པ་ཞིག་ལ་འབྲས་བུ་མེད་པ་ཞིག་འདོད་ན་ཆད་ལྟ་ཡིན། མུ་སྟེགས་རྟག་ཆད་གཉིས་དང་ཁྱད་མེད། གསང་སྔགས་ཚེ་གཅིག་ལུས་གཅིག་ ༢༧༩༑ ༡༨༢ བཞཔད གི་ས་འཚང་རྒྱ་བ་ཡིན། རྟེན་ལ་བཟང་ངན་མེད་སྡིག་ལ་ཆེ་ཆུང་མི་རྩི། ངོ་བོ་མ་ཤར་ན་སྡིག་པ་སྦྱང་དགོས། སེམས་ལ་སྡིག་པ་ཡོང་བ་ཡིན། ངོ་བོ་ཤར་བ་ལ་སྡིག་པ་མེད་པ་ཡིན། སེམས་ཙམ་རིག་པ་རྟོག་གེའི་ཡུལ་ལས་འདས་པ་གསལ་བལ་འཛིན་པ་ཡོད་པར་འདོད་པ་ཡིན༌། སྔགས་པ་རིག་པ་སྐྱེ་མེད་དུ་འདོད་པ་དང༌། གསལ་ལ་འཛིན་པ་མེད་པ་ཡིན། ངོ་བོ་དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་མ་གཟིགས། གཟིགས་པར་མི་འགྱུར། མཐོང་བ་མེད། དངོས་པོ་དང་མཚན་མའི་ངོས་ནས་ངོ་བོ་སྐྱེ་འགག་དང་བྲལ་བ། རྒྱུན་ཆད་པ་མེད་པ། གསལ་ལ་རྟོག་པ་མེད་པ། བདེ་བ་ཆེན་པོ་ནི་གཟུགས་ཤིག་ཡིན་ན་ནམཁའི་ཁམས་སུ་མི་ཤོང་བ་ཡིན༌། ལན་གཅིག་དབུགས་ཆད་ནས་ལུས་བོར་བའི་དུས་ན། མི་རྣམས་ཤི་ཟེར་ཡང་རང་ཅག་ངོ་བོ་དང་མ་བྲལ་བས། ཤི་བ་མེད་པ་ཡིན་གསུངས། ཉམས་ཀྱི་ཕྱིར་ངོ་བོ་ཤོར་ནས་བདེགསལ་བྱུང་ན་དགའ། མ་བྱུང་ན་མི་དགའ་ན། ཉམས་ཕྱིར་ཤོར་བ་ཡིན། ཉམས་ངན་ཡང་ངོ་བོ་མ་འགགས་ན་ཉམས་ཏེ་རྟོགས་པས་ ༢༨༡༑ ༡༨༢ བཞབད ཐོབ་པ་ཡིན། གཉིད་ལོག་ཙ་ན་ཡང་ངོ་བོ་རྒྱུན་ཆད་མེད། རྟོག་པ་འཕྲོ་བ་ཡིན། ཉམས་རྒྱུན་ཆད་ཀྱང་་ངོ་བོ་ལ་རྒྱུན་ཆད་མེད་པ་ཡིན། སྣང་གྲགས་ཐམས་ཅད་གཅིག་ཏུ་ཤར་ནས། དེའི་ངང་ལས་མ་ཡེངས་པར་བསྒོམས་པ་ཡང་ངོ་བོ་ཡིན། ཡེངས་མ་ཡེངས་མི་རྩི། ཆོད་ཆེ་ཤོས་ཡིན། མཉམ་པ་ཉིད་ཡིན་གསུངས། ལྷན་ཅིག་སྐྱེས་པའི་ངོ་བོ་གཞི་གཅིག་པའི་ངོས་ནས་ཐམས་ཅད་ལ་ཁྱབ་པ་ཞིག་འདུག །ངོ་བོ་ཡོད་མེད་གཉིས་ལས་འདས་པའི་ངོས་ནས་ཁྱབ་བྱ་ཁྱབ་བྱེད་མེད་པ་ཞིག་འདུག །དེ་གཉིས་ཀ་ཡིན་གསུངས། སྐྱེ་མེད་ཀྱིས་ཐམས་ཅད་ལ་ཁྱབ་པ་ཞིག་འདུག་གསུངས༌། ངོ་བོ་མཐོང་བ་མེད་བས་ཁྱབ་པ་མེད་པ་ཡིན་གསུངས། རང་གསལ་རྒྱུན་ཆད་མེད་པ་འདི། རྣམ་སྨིན་གྱི་ལུས་སྤངས་ནས་གསལ་བ་དག་པ་རྒྱ་ཆེར་འགྲོ་བ་ཡིན། ད་ལྟ་རྣལ་འབྱིར་བ་ལུས་རྒྱ་མ་ཚིག་པ་ཡིན། ཞི་གནས་ད་ལྟ་བས་་བརྒྱ་ལོག་གིས་གསལ་ལ་རྒྱ་ཆེར་འགྲོ་བ་ཡིན། ཕ་རོལ་དུ་ཕྱིན་པ་དང༌། མྱོང་བ་མི་འདོད། གསང་སྡགས། ཉམས་མྱོང་འདོད། གཉིས་ཀྱི་ཁྱད་ཅི་ཡོད་ན། ལམ་ཐམས་ཅད་ ༢༨༣༑ ༡༨༤ བཞཙད ཀྱི་ཁྱད་ཕྱེད་པ་ཡིན། ཉེ་རིང་ལ་ཁྱད་ཡོད། ནཱ་རོ་པའི་ལུགས་ཀྱི་བསྒོམ་ཡོད་ཡིན། མེ་ཏྲི་པའི་ལུགས་ཀྱི་་བསྒོམ་མེད་ཡིན། ལམ་གྱི་དུས་ན་བསྒོམ་ཡོད་ཡིན། འབྲས་བུའི་དུས་སུ་བསྒོམ་མི་བསྒེམ་གྱི་རྩི་ས་གདབ་མེད། ཆོས་ཐམས་ཅད་གཅིག་ཡིན། ཉམས་དང་རྟོགས་བ་གཞིག་ཏུ་འདོད་པ་ཡིན། ཡོད་པ་བཞིན་དུ་མེད། མེད་པ་ཙམ་དུ་མེད་པ་ཡིན། སོ་སོ་རང་ལ་ངེས་ཤེས་ཡོད་ཀྱང་རྟོགས་བ་ཅན་ལ་དྲིས་པས། ནམ་མཁའ་དང་འདྲ་བར་སྟོང་པ་ཞིག་འོང་བ་ཡིན། སེམས་ཀྱི་ངོ་བོའི་དོན་རྟོགས་ན་ལུས་་བོར་མ་བོར་མེད་པར་མཆོག་གི་དངོས་གྲུབ་ཐོབ་པ་ཡིན། ལུས་བོར་བས་བཟང་དུ་མི་འགྲོ་བ་ཡིན། གསང་སྔགས་པ་ལམ་རྩི་བ་མེད་པ་ཡིན། གཟུགས་སྐུ་གཉིས་ཀྱི་རྟོགས་པ་རྒུན་མ་ཆད་ཀྱི་རིང་ལ། སྐད་ཅིག་གིས་རང་ཡིདམ་ལྷར་བསྐྱེད་པ་དེ་ལས་འབྱུང༌། རྟོགས་པ་རང་གིས་ཀྱང་འོང་བ་ཡིན་གསུངས༌། དགེ་པ་ཡང་བྱར་མེད། སྡིག་པ་ཡང་ཤུགས་ཀྱིས་མི་བྱེད་པ་ཡིན། ད་ལྟའི་ལུས་དང་པེའི་མ་རྟོགས་ཙ་ནའི་ལུས་ཡིན་པས། །སོད་ནམས་ཚོགས་གསོག་དགོས་པ་ཡིན་ ༢༨༥༑ ༡༨༥ ༢༨༦༑ །བྱམས་པ་སྙིང་རྗེ་བློས་སྐུལ་དགོས་རིགས་བསྒོམ་མཉམ་ཉིད་པར་ལས་མ་ཡེངས་པ་ལམ་ཡིན། འབྲས་བུ་ལ་ཡེངས་མ་ཡེངས་ཀྱི་རྟོག་དཔྱོད་མེད་པ་ཡིན། ལས་དང་པོ་པ་ལ་སྣང་བ་དགྲར་འཆར་པ་ཡིན། སྒོམ་ཆེན་འབྲིང་ལ་སྡང་བགྲོགས་སུ་འཆར་བ་ཡིན། སྒོམ་ཆེན་རབ་ལསྣང་མི་སྣང་གི་རྩིས་གདབ་མེད་པ་ཡིན། དབུ་མརིག་པས་སྒྲུབ་བ་བྱ་བ་སྣང་སེམས་གཅིག་ཏུ་འདོད་པ་ཡིན་ཏེ། ཡུག་རྫོབ་ཡོད་མེད་གཉིས་དང་བྲལ་བའི་སྣང་བ་ཙམ། མིང་ཙམ་དེ་ཉིད་ཉམས་སུ་ལེན་པ་ཡིན། དེ་ནས་རྒྱུན་ཆད་ན་འཚང་རྒྱ་བར་འདོད། དེ་བས་བླ་མའི་མཐོ་འདུག་གསུངས། མཐུན་སྣང་གི་སྐབས་སུ་སྒྱུ་་མ་ཙམ། མིང་་ཙམ་ཡ་རྩི་བ་ཡིན་བས་ཡ་ཀི་ལོངས་སྤྱོད་རྫོགས་པའི་སྐུལ་བདེ་་བ་ཅི་ཡོད་པ་དང༌། མ་ཀི་དམྱལ་བའི་སྡུག་བསྔལ་གཉིས་མཉམ་པ་མིནནམ་བྱས་པ་ལ་ཡིན་ཟེར། འོན་ཡར་ཚོགས་གཉིས་གསོག་གམ་མི་གསོགས། མར་སྒྲིབ་གཉིས་སྦྱོང་ངམ་མི་སྦྱོང་བྱས་པས་ལན་མ་ཐེབས། སྒྲིབ་གཉིས་སྦྱོང་ན་ཁྱད་བྱུང་བ་ཡིན། ད་ཅིའི་མཉམ་པའི་དམ་བཅའ་ ༢༨༧༑ ༡༨༦ བཞཞད ཞིག་པ་ཡིན། ལོངས་སྐུ་ཡང་མིང་ཙམ་ཡིན། དམྱལ་བ་ཡང་མིང་ཙམ། ཡར་ཚོགས་གཉིས་གསོག་པ་དང༌། མར་སྒྲིབ་གཉིས་ཀྱང་མིང་ཙམ་ཡིན། རང་གི་སེམས་ཀྱི་སྣང་བ་ཙམ་ཡིན། དེ་ཙམ་དུ་མཉམ་གསུངས། སྔགས་ཀྱི་དབང་དུ་བྱས་ན་ཕྱག་རྒྱ་ཆེན་བོ་རྟོགས་བ་དང་གཅིག །ཕ་རོལ་ཏུ་་ཕྱིན་བའི་དབང་དུ་བྱས་ན་མཐོང་ལམ་སྐྱེས་པ་ལས་ཡར་སྐྱེད་པ་དོན་རྒྱུ་མེད། ཡར་ལ་འཕུལ་ན་ཇི་འདྲ་བ་ཞིག་གིས་འཕུལ། ཐབས་ཅི་འདྲ་བཞིག་གིས་འཕུལ་རྒྱུ་མེད་ན་གནད་ཀ་ཅི་འདྲ་མ་ཞིག་གིས་མེད༌། དབང་པོ་ཡང་རབ་ལ་གསང་སྔགས། ཕ་རོལ་ཏུ་ཕྱིན་པ་གང་ལ་ཡང་རྟེན་མེད་ཡིན། རྣལ་འབྱོར་བ་ཡང་རབ་ཞིག་ལ་རྟོགས་པ་སངས་རྒྱས་དང་ཁྱད་མེད་པ་ཡིན་ཀྱང༌། ཡོན་ཏན་ལ་ཁྱད་ཡོད་པ་ཡིན། དབུ་མ་དང་ཕྱག་རྒྱ་ཆེན་པོ་མན་ཆད་ནས། མུ་སྟེགས་ཡན་ཆོད་ཅིག་ཆོད་དུ་སོང་བ་ཞིག་ལ་དགག་སྒྲུབ་མེད་པ་ཡིན། ངོ་བོ་ཡོད་པ་ཞིག་ལ་ཅིས་ཀྱང་བར་དུ་མི་ཆོད་པ་ཡིན། རང་གི་འཛིན་སྟངས་མ་གཏོགས་པ་ཕ་རོལ་དུ་ཕྱིན་པའི་ལམ་རྟགས་བཤད་ཀྱང་ ༢༨༩༑ ༡༨༧ ༢༩༠༑ །བྱུང་བ་མེད་པས་དྲང་དོན་ཡིན་གསུངས། བསྐྱེད་རིམ་མཆོག་དང་ཐུན་མོངས་གཉིས་ཀའི་རྟེན་ཡིན་གསུངས། གཉིད་རྨི་ལམ་ཐབས་ཤེས། འོད་གསལ་ཤེས་རབ་ཡིན། སྣང་བ་ཐབས་ཡིན། ངོ་བོ་བསྒོམས་བས་བསམ་གྱིས་མི་ཁྱབ་བའི་སྙིང་རྗེར་འགྲོ་བ་ཡིན། སྣང་བ་རིག་བ་བྱང་ཆུབ་ཀྱི་སེམས་ཤར་བ་ཡིན་པས། རང་སྣང་དུ་ངོ་ཤེས་བས་ཆོག །ཅང་བྱི་མ་དགོས། དམ་ཚིག་ཧྲིལ་གྱིས་དྲིལ་ན་རྟོགས་པ་ཅིག་པུར་འདུས་པ་ཡིན། །གདོད་མ་ནས་གནས་པའི་ཆོས་ཉིད་འགྱུར་བ་མེད་པ་ཡིན༌། ངོ་བོ་ཆོས་སྐུ་ཡིན། སངས་རྒྱས་པས་བཟང་དུ་མི་འགྲོ་བ་ཡིན། དམྱལ་བར་སོང་བས་ངན་དུ་མི་འགྲོ་བ་ཡིན། །ངོ་བོ་རྣལ་མར་སྐྱེས་པའི་ཤུགས་ལགས་ལ་ལ་མི་ཁེགས་པ་ཡིན། བར་དུ་མི་ཆོད་པ་ཡིན། ངོ་བོ་སྐྱེས་པ་ལ་ཉམས་ཡོད་པ་ཡིན། མྱོང་བྱེད་འགག་པ་ཡིན། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ན་བསམ་བརྗོད་ལས་འདས་པ་ཡིན། སྡོམ་པ་དང་དམ་ཚིག་ཐམས་ཅད་སེམས་སུ་འདུས་པ་ཡིན། སྤོང་བའི་ལམ། སྤྱོད་པའི་ལམ། སྒྱུར་བའི་ལམ། གཞི་ཤེས་ ༢༩༡༑ ༡༨༨ བཟབད པའི་ལམ་མོ། །སྒྲེ་པའི་ཞལ་ནས། ལས་རྒྱས་སྔོམ་པ་ཤོར་བ་མེད། སྡིག་པ་སྦྱོང་དགོས་སོ། །བླ་མའི་ཞལ་ནས་བྲེའི་ནང་དུ་ཕུལ་བཅུག་པ་དང་འདྲ༌། བླ་མ་མར་པའི་ལུགས་ཀྱིས་སྡོམ་བ་གཅིག་ཡིན། རིན་པོ་ཆེའི་ཞལ་ནས། ས་ངང་པོའི་བདེན་པ་མཐོང་ནས་ཟག་མེད་ཀྱི་སྡོམ་པ་བྱ་བ་ཡིན། དགེ་མི་དགེ་བྱེད་་མཁན་རང་གཅིག་པུ་ཡིན། ངོ་བོ་རྟོག་མེད་རང་གསལ་ཡིན། མི་འགག་པ་ཡིན། གདོད་ནས་ཞི་ཞིང་མ་སྐྱེས་དང་ཤེས་རབ་སྙིང་པོའི་ཟབ་མོ་རྣམ་བརྒྱད་ཀྱིས་ཕོབ། པ་ཡིན། ངོ་བོ་རྟོག་མེད་དེས་ཐམས་ཅད་ལ་ཁྱབ་པ་ཡིན་མ། གཉིད་ལོག་པའི་དུས་དང༌། ར་རོ་བའི་དུས་དང༌། བརྒྱལ་བའི་དུས་དང༌། འཆི་བའི་དུས་ན་ཡང་རྒྱུན་ཆད་མེད་པ་ཡིན། སྔགས་ནས་གཉིད་ཆོས་སྐུར་བ་ཤད། རྨི་ལམ་སྤྲུལ་སྐུརང་ཤད། གཉིད་མ་ལོག་བ་ལོངས་སྐུར་བཤད་ཀྱང༌། དོ་ན་ལ་རྨི་ལམ་རྣམས་རྟོག་བ་ཡིན་རྟོགས་ནས་གཏུམ་མོ་ལ་སོགས་པ་བསྒོམས་པས་ངོ་བོ་རང་ཡིན། ངོ་བོ་མ་རྟོགས་བར་དུ་གང་བསྒོམས་ཀྱང་རྟོག་པ་ཡིན། ཉམས་ཐོག་ཏུ་ངོ་བོ་ཤོར་བ་སྐྱོན་ཆུང་ཤོས་ ༢༩༣༑ ༡༨༩ ༢༩༤༑ །ཡིན། །དེ་ལྟར་སྦྱངས་པས་ངེས་ཤེས་སྐྱེས་ནས་གྲོལ། རྟོགས་པའི་ཐོག་ཏུ་ཉམས་ཤོར་བསྐྱོན་ཆེ་ཤེས་ཡིན། སོ་སོར་ཐར་བའི་རྩབ་བཞི་བྱུང་ཡང་གསང་སྔགས་ཀྱི་དམ་ཚིག་ལ་ཤོར་བ་མེད། གལ་ཏེ་ལས་ཀྱི་དབང་གིས་འཆི་གྱུར་ན། རང་བྱུང་ཡེ་ཤེས་ཡོད་ས་ཡིན། ས་ཆུ་ལ་ཐིམ་པས་དུ་བལྟ་བུ་ཟླ་བ་ཤར་བ་ལ་སོགས་པ་བསྒོམ་མི་དགོས། སྣང་བ་གསལ་ལ་མཆེད་པ་ཐོབ་པ་ངོ་བོ་རང་ཡིན། རྟོག་པ་ཐམས་ཅད་འུབ་ཀྱིས་འདུས་བ་ཡིན། དྲན་རིག་རྒྱུན་ཆད་ནས་འགྲོ་བ་ཡིན་ནོ། །ན་མོ་རཏྣ་གུ་རུ། བར་དོརབ་འོད་གསལ་གྱིས་འཚང་རྒྱ་བ་ཡིན། འབྲིང་སྒྱུ་ལུས་ཀྱིས་འཚང་རྒྱ་བ་ཡིན། ཐ་མ་མངལ་སྒོ་བཀག་ནས་འཚང་རྒྱ་བ་ཡིན། འགེགས་པ་ལ་ཐ་མས་མང་ཡང་འུབས་ཀྱིས་བསྡུས་ན་བསྐྱེད་རྫོགས་གཉིས་ཡིན། ཡང་ན་དག་པའི་སྒྱུ་ལུས་དང་མ་དག་པའི་སྒྱུ་ལུས་ཀྱི་སྒོ་ནས་བར་དོ་ངོས་བཟུང་མངལ་སྐྱེས། རྫུས་སྐྱེས། སྒོང་སྐྱེས་དྲོད་གཤེར་ལས་སྐྱེ་བ་རྣམས་བསྐྱེད་རིམས་ལྷ་་བསྒོམས་པས། ལུས་གཞན་མི་ལེན་ནོ། །འོད་གསལ་ཆོས་སྐུ་སེམས་ཅན་ཐམས་ ༢༩༥༑ ༡༩༠ བཟཛད ཅད་ལ། འཆི་བའི་དུས་སུ་ཡང་ཡོད་དེ། ངོ་མ་ཤེས་ན་འཁོར་བ་ལུགས་དང་མཐུན་པར་འབྱུང་ངོ། །འོད་གསལ་ལ་སྣང་བ། སྣང་བ་ལས་མཆེད་པ། མཆེད་པ་ལས་རྣམ་རྟོག་སྤྲ་ལས་འབྱུང་བ་དེ་ལ་འཁོར་བ་ཞེས་བྱ། རིགས་དྲུག་ཏུ་མི་འཁོར་བའི་ཐབས་ནི། བདག་འཆི་བ་ཡིན་བས་འོད་གསལ་ཆོས་སྐུ་ལ་ལོ་བརྒྱའམ། སྟོང་དུ་བསྒོམ། འོད་གསལ་ཆོས་སྐུ་ངོ་ཤེས་ན་འཁོར་བར་མི་འཇུག །གཉིས་མེད་ཀྱི་ངང་ལས་མ་ཡེངས་པས། བར་དོར་ལུས་གསུམ་དག་ནས་འོད་གསལ་འབའ་ཞིག་ཏུ་འགྲོ་པ་ཡིན། འཁོར་བ་ལ་སྲིད་པ་མེད་པས་ལེན་པ་མེད་དོ། །འཁོར་བ་ལུགས་ཀྱི་བར་དོ། སྐྱེ་ཤི་བར་དོར། འདོད་ཆགས་འཁོར་བ་ཡིན་པས་བདེ་བ་དང་བསྲེ། སྲིད་པ་བར་དོར་ཕ་མ་ཡབ་ཡུམ་འཁོར་བ་ཡིན་པས་བླ་མ་ཡབ་ཡུམ་དུ་བསྒྱུར། ཡོན་ཏན་ཐམས་ཅད་རྫོགས་པའི་བར་དོར་མ་དང་བུར་བསྲེ་བས། ནམ་མཁའ་དད་སེམས་སུ་བསྲེ་བ། སེམས་ཉིད་ཆོས་ཉིད་དུ་བསྲེ་བ་འདི་ལམ་ཡིན། འབྲས་བུལ་བསྲེ་བྱདང་སྲེ་བྱེ་ལས་འདས་པ་ཡིན་གསུངས། །བླ་མ་དམ་པའི་ ༢༩༧༑ ༡༩༡ ༢༩༨༑ །ཞལ་ནས། དལ་འབྱོར་རྙེད་དཀའ་བ་ནས་མགོ་ཚུགས་ནས། སྟོང་པ་ཉིད་རྣལ་མར་སྟོན་པའི་དགེ་བའི་བཤེས་གཉེན་གཅིག་འཚོལ་པ་གལ་ཆེ། ཆོས་བྱ་རྒྱུ་བས་གས་སྦྱངས་གཉིས་ལས་མེད། སྡིག་པ་སྦྱང༌། བསོད་ནམས་བསགས། བསོད་ནམས་བསགས་པས་སྡིག་པ་སྦྱང༌། སེམས་ཉིད་ལྷན་ཅིག་སྐྱེས་པ་འོད་གསལ་བ་འདི་རྒུ་ལས་མ་བྱུང་སྟེ། ལམ་རིམ་ལ་བརྟེན་ནས་བསོད་ནམས་བསང༌། །བྱང་ཆུབ་ཀྱི་སེམས་བསྒོམས་པས་འདི་མཐོང་སྟེ་འོངབས། རྒྱུ་ལས་བྱུང་བར་ཡང་འདུག །འདི་རྐྱེན་ལས་མ་བྱུང་སྟེ། ཚོགས་གཉིས་བསགས་པས་འདི་མཐོང་སྟེ་་འོང་བས་རྐྱེན་ལས་བྱུང་བའི་ཚུལ་དུ་ཡང་འདུག །འདི་ཐབས་ལས་མ་བྱུང་སྟེ། བསགས་སྦྱངས་རྣམ་པ་གཉིས་ལ་བརྟེན་ནས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམས་པས་འདི་མཐོང་སྟེ་འོང་བས། འདི་ཐབས་ལས་བྱུང་བའི་ཚུལ་དུ་ཡང་འདུག་ ༢༩༩༑ ༡༩༢ ༣༠༠༑ །ཐབས་བསྒོམ་དབང་གིས་བདག་ཉིད་ཀྱིས། །གང་ཞིག་ཤེས་རབ་རྣམས་བསྒོམས་ན། དེས་ནི་བྱང་ཆུབ་མྱུར་དུ་ཐོབ། །བདག་མེད་གཅིག་པོར་བསྒོམས་པས་མིན། །ཞེས་པས་དེ་བས་ན་བསོད་ནམས་གསགས་པ་གལ་ཆེ། བསོད་ནམས་གསོག་པ་ལ་བོགས་གང་ཆེ་ན། བླ་མ་ལ་བསྙེན་བཀུར་བྱེད་པ་བོགས་ཆེ་གསུངས། པོ་ཏོ་བ་དང་སྤྱན་སྔ་བ་དང། རྗེ་བཙུན་གསུམ་གསུང་སྒྲོས་རེ་རེ་གདའ་སྟེ། རྗེ་བཙུན་ནི་སྒྲུབ་པའི་མཆོད་པ་བསོད་ནམས་ཆེ་གསུངས་པར་གདའ། དང་པོ་ཞི་གནས་སྐྱེ་བའི་རྒྱུ་བཞི་ལ། བླ་མའི་བྱིན་རླབས་ཀྱིས་སྐྱེ་བ་དང༌། རྟེན་འབྲེལ་གྱིས་སྐྱེ་བ་དང༌། ཚོགས་བསགས་པ་ལས་སྐྱེབ་དང༌། སྔིག་པ་སྦྱངས་བ་ལས་སྐྱེ་བ་འོ། །སེམས་ཉིད་ཀྱི་ངོ་བོ་མ་བཅོས་མ་བསླད་པ་རྣལ་མ་དེ་གསལ་ལ་དག་པ། དུས་ཐམས་ཅད་དུ་རྒྱུན་ཆད་མེད་པ་དེ་ཡིན་ཏེ༌། དེ་ལ་ཡང་གཉིས་ལས། སྣང་ལ་ངེས་པ་དང་སྣང་ལ་མ་ངེས་པའོ། །སྟོན་ཀའི་ནམ་མཁའ་ལྟ་བུ་དང་སེམས་ཉིད་གཉིས་སུ་མེད་པར་རྟོགས་པ་དེ་སྣང་ལ་ ༣༠༡༑ ༡༩༣ ༣༠༢༑ །ངེས་པ་ཡིན་ཏེ། ཡར་སངས་རྒྱས་ལ་མི་རེ། མར་འཁོར་བར་སོང་གིས་དོགས་པ་མེད། གཞན་གྱིས་བསྒྱུར་ཡང་མི་འགྱུར་བ་དེ་སྣང་ལ་ངེས་་པ་ཡིན། མ་ངེས་པ་ལ་ཡང་ཉམས་མྱོང་འོང་སྟེ། ཞི་གནས་ཀྱིས་བདེ་བ་དང་མི་རྟོག་པ་འོང་ཡང༌། ཉམས་ལ་རེས་ཡིན་ནམ་སྙམ། རེས་མིན་ནམ་སྙམ་པ་དེ་མི་རྟོག་པས་རྒྱུ་བྱས་ནས་མར་ལ་ལྡོག་པའི་ཉེན་ཡོད། གཟུགས་ཁམས་སམ། གཟུགས་མེད་དམ་འགོག་པའི་རྒྱུར་ཡར་འགྲོ་ཉེན་ཡོད་གསུངས་སོ། །དང་པོར་སློབ་པའི་དུས་སུ་རིག་པ་གསལ་སིང་ངེ་བ་ལ་བསླབ། དེ་ཡང་རིག་བའི་ངོ་བོ་མ་ཡེངས་པ་ལ་བསླབ། དེ་ལ་གོམས་ཙ་ན་རང་ལ་ངེས་ཤེས་སྐྱེ་བ་ཡིན་གསུངས། སེམས་ཉིད་ཀྱི་ངོ་བོ་དེ་མ་ཤོར་བར་བྱས་ནས། རྣམ་རྟོག་ཅི་ཙམ་འཕྲོ་བ་ཡིན། རྣམ་རྟོག་ཡང་ཆོས་སྐུ་ཡིན། དཔེར་ན་ནམ་མཁའ་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང༌། སྤྲིན་དང་ན་བུན་དང༌། ཁུག་སྣ་ལ་སོགས་པ་ཅི་ཙམ་འོང་ཡང༌། ནམ་མཁའ་རང་ལ་དེངས་ནས་འགྲོ་བ་དང་འདྲ། དེ་ཡང་རྣམ་རྟོག་གྲོགས་སུ་འགྲོ་བ་ཡང་ཡིན་གསུངས། རྣམ་ ༣༠༣༑ ༡༩༤ མཔཙད རྟོག་འཕྲོར་མི་བཏུབ་ན་སླར་ཐུབ་ཡིན། གཟུགས་མེད་དུ་སྐྱེ་ཉེན་ཡོད། ཡི་དམ་ལྷའི་བསྐྱེད་རིམ་རྫོགས་པར་ཡང་རེས་འགའ་སྒོམས་གསུངས། སྐད་ཅིག་དྲན་རྫོགས་ཀྱིས་ཡི་དམ་གྱི་ལྷར་བསྐྱེད་ནས། འོད་གསལ་འབའ་ཞིག་བསྒོམ་བ་ཡིན་གསུངས། དེ་ཡང་གསལ་སིང་ངེ་བ་དེ་ཉམས་མྱོང་ཡིན། དེ་ལ་མ་ཡེང་པ་དེ་གནས་པ་ཡིན། ཤེས་རབ་་ཀྱིས་བལྟས་པས་ཅིའི་ངོ་བོར་ཡང་མ་གྲུབ་བདེ་རྟོགས་པ་ཡིན་གསུངས། འཁོར་བའི་མཚན་ཉིད་མྱ་ངན་འདས། །སེམས་ཉིད་ཡོངས་སུ་ཤེས་པ་སྟེ། །འཁོར་བ་ཡོངས་སུ་ཤེས་གྱུར་ན། །དེ་ནི་མྱ་ངན་འདས་པ་ཡིན། །འཁོར་བའི་རྩ་བ་མ་རིག་པ་ཡིན་པས་དེ་ངོ་ཤེས་ན་མྱ་ངན་ལས་འདས་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་གི་ཞལ་ནས། བསྒོམ་མེད་སྒོམ་པ་པོ་ཡང་མེད། །གསུངས། རྣལ་འབྱོར་པ་ན་རེ། ང་སངས་རྒྱས་ལ་མི་ཉན་སྒོམ་པ་པོ་ཡོད། ཇོ་ལྟར་་ཡོད་ན་རིག་པ་ང་རང་ཡིན། ངའི་ངོ་བོ་གསལ་ལ་གོ་མ་འགགས་པ། རྒྱུན་ཆད་པ་མེད་བ་འདི་སྒོམ་པ་པོ་ཡིན། ངའི་ངོ་བོ་འདི་སངས་རྒྱས་ཀྱིས་གཅོད་པར་མི་ནུས་་ ༣༠༥༑ ༡༩༥ ༣༠༦༑ །བསྒོམ་པ་ཡང་ང་རང་ཡིན། བསྒོམ་པར་བྱ་བ་ཡང་ཡོད༌། ང་ལ་ཉམས་སུ་མྱོང་བ་ཨེན་ཙམ་ཡོད། འོ་ན་ཡང་སངས་རྒྱས་བདེན། ང་སངས་རྒྱས་ཀྱི་རྗེས་སུ་འབྲང༌། སྒོམ་པ་པོ་མེད། ཇི་ལྟར་མེད་ནང་ངོས་བཟུང་མཐའ་དག་དང་བྲལ་བས། དེ་དཔེ་དང་ཚིག་གང་གིས་ཀྱང་མཚོན་དུ་མེད། མཚན་མའི་ངོས་ནས་དུས་གསུམ་སངས་རྒྱས་ཀྱིས་ཀྱང་གཟིགས་པར་མི་འགྱུར། དེའི་ངོ་བོ་ལ་བསྒོམ་པར་བྱ་བའི་ཡུལ་མེད། འདི་ལྟར་ཉམས་སུ་མྱོང་བྱ་བ་མེད་པས། བསྒོམ་པར་བྱ་བ་ཅུང་ཟད་མེད། ང་བདེ་གསལ་མི་རྟོག་གསུམ་ཀ་མི་འདོད། དེ་ལྟར་འདོད་པ་ཟུག་རྡུ་ཡིན། དབེ་གང་གིས་ཀྱང་མཚོན་དུ་མེད། ཚིག་གང་གིས་ཀྱང་ཐོག་ཏུ་མི་ཕེབས། ང་བཅས་བཅོས་མི་བྱེད་རང་གར་འཇོག་གསུངས་སོ། །གསང་སྔགས་ཀྱི་ལམ་ནི་བསྐྱེད་རྫོགས་གཉིས་ཡིན་ཏེ། དེ་ཡང་བསྐྱེད་རིམ་རབ་ཀྱིས་ཟུང་འཇུག་གི་རྟོགས་བ་བསྒྲབ། འབྲིང་དང་ཐ་མ་གཉིས་ཀྱིས་ཐ་མལ་པའི་ཞེན་པ་བཟློག །ཡང་ན་རབ་ཀྱིས་རང་ཡི་དམ་གྱི་ལྷར་མཐོང༌། འབྲིང་གིས་སྒྱུར་མར་ངེས། ཐ་མས་མོས་པ་བྱེད་ ༣༠༧༑ ༡༩༦ མཔཞད རྫོགས་རིམ་རབ་ཀྱིས་རང་ཡིད་སངས་རྒྱས་སུ་མཐོང༌། སྣང་བ་རེས་སྒྱུ་མ། རེས་སྟོང་པ། རེས་རང་ལས་སྣང་བ་ལོགས་སུམ་མཐོང་སཏེ། རོ་གཅིག་གི་རྣལ་འབྱོར་ཞེས་བྱ། འབྲིང་གིས་ངོ་བོ་སྐྱེ་མེད་དུ་རྟོགས། སྣང་བ་རང་སར་བཀྲ་ལམ་མེ་བ་སྟེ། དེ་སྤྲོས་བྲལ་གྱི་རྣལ་འབྱོར་ཞེས་བྱ། ཐ་མས་སྤྲོས་བཅས་ལ་བརྟེན་ནས་རྩེ་གཅིག་སྦྱོང༌། གསལ་ལ་མ་འགགས་པའི་སྐད་ཅིག་མའི་ཤེས་བ། རྩེ་གཅིག་ཅེས་བྱའོ། །བློ་ལ་མ་ངེས་ན་ཆོས་གང་བཤད་ཀྱང་མི་ཟབ། བློ་ངེསནས་ཆོས་གང་བཤད་ཀྱང་ཟབ། བཀའ་གདམས་་པ་དེ་རྣམས་ཀྱིས་གསང་སྔགས་མང་དུ་མཁྱེན་ཀྱང༌། སྐྱེ་བུ་གསུམ་ལ་བློ་ངེས་པས་སངས་རྒྱས་ཀྱི་བསྟན་པ་ཁོང་གིས་བཟུང༌། སྐྱེས་བུ་གསུམ་ལ་བློ་ངེས་ནས་བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་མན་ངག་ཏུ་གོ་ནས། ཉམས་སུ་བླངས་་པ་ལས་བྱུང་བ་ཡིན། དེ་བས་ན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་རང་བས་གཞན་གཅེས་པ་འདིགལ་ཆེ། འདི་དང་པོར་མཁོ་སྟེ། འདི་མེད་ན་ཐེག་པ་ཆེན་པོའི་ལམ་དུ་མི་ཆུད། བར་དུ་མཁོ་སྟེ་འདི་མེད་ན་ཉན་ཐོས་པར་ལྟུང༌། ཐ་མར་མཁོ་སྟེ་ ༣༠༩༑ ༡༩༧ ༣༡༠༑ །འདི་མེད་ན་གཞན་དོན་སྐུ་གཉིས་མི་འབྱུང༌། དེ་བཞིན་དུ་རྟག་པ་བསྒོམ་པ་འདི། དང་པོར་མཁོ་སྟེ་འདི་མེད་ན་ཚེ་འདི་ལས་བློ་མི་སྡོག །བར་དུ་མཁོ་སྟེ་་འདི་མེད་ན་རྟག་པར་བཟུང་བས་ཉན་ཐོས་ལ་སོགས་པར་གོལ། ཐ་མར་མཁོ་སྟེ་མི་རྟག་པ་དང་སྟོང་པ་དོན་གཅིག་ཡིན། ལས་དང་འབྲས་བུ་འདི་ཡང་དང་པོར་མཁོ་སྟེ། ཚུལ་ཁྲིམས་རྣམ་དག་ངན་འགྲོ་འགེགས་བྱེད་ཡིན། པར་དུ་མཁོ་སྟེ་སྒྱུ་མ་རྨི་ལམ་ཚོགས་གཉིས་རྫོགས་བྱེད་ཡིན། ཐ་མར་མཁོ་སྟེ་ཀུན་རྫོབ་་མཐར་ཕྱིན་གཟུགས་སྐུ་རྣམ་གཉིས་ཡིན། དེས་ན་ལམ་རིམ་རྩིས་སུ་ཆེ། དེ་ཚོ་རྒྱུད་ལམ་སྐྱེས་ན་གཉུག་མ་རབ་རིབ་ཅིག་སྐྱེས་ཀྱང། ཡུལ་དང་ཉེ་འབྲེལ་དང་རྫས་ཡོ་བྱད་ལ་ཆགས་ནས་གཉུག་མ་དེས་མི་ཕན། མར་ལ་འགྲོ་བ་ལས་ཡར་ལ་མི་འགྲོ། དེ་བས་ན་ཚེ་འདི་ལ་ཆགས་པར་མི་བྱེད། སྣང་གྲགས་ཀྱི་ཆོས་འདི་སྒྱུ་མ་རྨི་ལམ་ལྟ་བུར་བློ་ངེས་སུ་ཆུག། བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོངས། དེ་ལྟར་ངེས་ན་གཉུག་མ་མེད་ཀྱང༌། ཁོ་ཡང་ལ་འགྲོ་བ་ལ། མར་ལ་མི་འགྲོ། ༣༡༡༑ ༡༩༨ མཕབད གཉུག་མ་རྣལ་མ་ཞིག་རྒྱུད་ལ་སྐྱེས་ན། གཉུག་མའི་ངོ་བོ། གཉུག་མའི་འབྲས་བུ། གཉུག་མའི་རྒྱུ་གསུམ། ངོ་བོ་ནི་མེད་པ་མ་ཡིན་པའི་དོན་སྐྱེ་འགགས་ཐམས་ཅད་དང་བྲལ་བ་དེ་ཡིན། གཉུག་མའི་འབྲས་བུ་ནི་སྐྱེ་འགག་མེད་པ་དེ་ཉིད་ཆོས་ཀྱི་སྐུ་ཡིན། དེ་ལས་གཟུགས་སྐུ་གཉིས་འབྱུང༌། དེ་ཡང་གཉུག་མའི་ཉམས་མྱོང་བདེ་བ་གསལ་བ་མི་རྟོག་པ་གསུམ་ལས་བྱུང་བའི་སྐུ་གསུམ་གཉུག་མའི་འབྲས་བུ་ཡིན། བདེ་བ་གསལ་བ། མི་རྟོག་པ་དེ། གཏུམ་མོ་ལས་འབྱུང་བསན་གཉུག་མའི་རྒྱུ་ཡིན། གཉུག་མ་སྐྱེས་ཀྱང༌། གཏུམ་མོ་མེད་ན་ཤེས་རབ་རྐྱང་པ་ཡིན། གཏུམ་མོ་ཡོད་ན་ཐབས་ཤེས་རབ་ཡ་མ་བྲལ་བ་ཡིན༌། བླ་མ་མི་ལའི་ཞལ་ནས་བསྒོམས་ལས་མ་བྱུང་གི་ལྟ་བ་དཀའ། གསུངས་པས་གཏུམ་མོ་ལ་འབད་པ་གལ་ཆེ་གསུངས། ཡེ་ཤེས་རྣམ་པ་གསུམ་ནི། འདི་ཀ་ལྟར་བསྒོམས་པས་ཞི་གནས་འོང༌། དེའི་དུས་སུ་ནང་རྟགས་དུ་བ་ལྟ་བུའམ། སྲིན་བུ་མེ་ཁྱེར་ལྟ་བུ་འོང༌། དེ་ཡེ་ཤེས་ཅུང་ཟད་ལ་དབང་བར་བྱ་བ་ཡིན། དེ་ནས་ཞི་གནས་ལྷག་མཐོང་ ༣༡༣༑ ༡༩༩ མུཕུཙུདུ ཟུང་དུ་འབྲེལ་བ་འོང་སྟེ། ཞིགནས་མཐར་ཕྱིན་པའི་དུས་ནང་རྟགས་མར་མེ་ལྟ་བུ་འོང་སྟེ། ཡེ་ཤེས་ལ་དབང་བ་བྱ་བ་ཡིན། དེ་ནས་སྤྲིན་མེད་པའི་ནམ་མཁའི་དཀྱིལ་ལྟ་བུ་བྱུང་ཙ་ན། ལྷག་མཐོང་གི་ཤེས་རབ་ཅེས་བྱ་སྟེ། ཡང་དག་པའི་ཡེ་ཤེས་ལ་དབང་བ་ཡིན། ལུས་དཔག་བསམ་གྱི་ཤིང་ལ་རྩ་ཨ་བ་ངྷུ་ཏིར་གནས་དེ་ལ་འཁོར་ལོ་རྣམ་བཞི་ཡོད་པའི་ལྟེ་བ་སྤྲུལ་པའི་འཁོར་ལོན་ཡེ་ཤེས་ཀྱི་རྩ་འདབ་མ་དྲུག་ཅུ་རྩ་གཉིས་ཡོད། དེའི་གྲོང་ཁྱེར་ན་སེམས་ཀྱི་རྒྱལ་བོ་ཏི་ལ་ཀ་བྱ་བ་བཞུགས་འོང༌། མཐོང་ན་ཐུན་མོང་གི་དངོས་གྲུབ་དང་མཆོག་གི་དངོས་གྲུབ་གཉིས་ཀ་འདུག །སྙིང་ག་ཆོས་ཀྱི་འཁོར་ལོ་ན་རྩ་འདབ་མ་བརྒྱད་ཡོད། དེ་ལ་སེམས་ཀྱི་རྒྱལ་པོ་བ་སནྟ་བཞུགས། གཞན་གོང་མས་འགྲེ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ནོན། རྩ་འདབ་མ་བཅུ་དྲུག་ཡོད། དེ་ན་ཡིད་ཀྱི་ཐིག་ལེ་བཞུགས། སྤྱི་བོ་བདེ་བ་ཆེན་པོའི་ ༣༡༥༑ ༢༠༠ མཕཛད འཁོར་ལོན། རྩ་འདབ་མ་སུམ་དུ་རྩ་གཉིས་ཡོད། དེ་ན་ཡེ་ཤེས་ཀྱི་ཐེག་ལེ་བཞུགས། འཁོར་ལོ་བཞི་ལ་ག་ནད་བཞི་་ཡོད། ལྟེ་བ་གཏུམ་མོའི་གནད། སྙིང་ག་གཉིད་ཀྱི་གནད། མགྲིན་པ་རྨི་ལམ་གྱི་གནད། སྤྱི་བོ་སྙོམས་འཇུག་གི་གནད། རྡོ་རྗེ་ནོར་བུ་དང་སྨིན་མཚམས་གཉིས་ཏེ་དྲུག་གོ །དེ་རྣམས་གནད་དུ་འོང་བ་ཅི་སྟེ་ཞེན། དེ་ལ་ཤེས་་བའི་རྟེན་ཡོད་པས་གནད་ཡིན། དམིགས་པ་གཏད་ཐབས་ནི། ལྟེ་བའི་མེ་ལ་ཤེས་པ་གཏད་པས། རླུང་སེམས་གཉིས་སུ་མེད་པའི་གནད་ཀས། རླུང་གིས་དཀྲུགས་པས་རྩ་སྒོ་ཕྱེ་་བས་རླུང་ཨ་བངྷཱུ་ཏཱིར་ཚུད། རླུང་ངྷཱུ་ཏཱིར་ཚུད་པས་རྟོག་མེད་ཀྱི་ཡེ་ཤེས་འབར། དེ་ཡང་ཡུལ་ལ་དམིགས་པ་ནི་ཤེས་རབ་ལ། རླུང་གིས་རྩ་སྒོ་ཕྱེད་པ་ནི། ཤེས་རབ་ཀྱིས་རྣམ་རྟོག་གི་ལྕགས་ཕེད་པ་ཡིན། རྟོག་མེད་ཀྱི་ཡེ་ཤེས་འཆར་བ་ནི། སེམས་ཞལ་མཐོང་བའོ། །སྙིང་རྗེ་རྣམ་པ་གསུམ་ནི། སེམས་ཅན་ལ་དམིགས་པ་དང༌། ཆོས་ལ་དམིགས་པ་དང༌། དམིགས་པ་མེད་པའོ། །སེམས་ཅན་ལ་དམིགས་པ་འི་སྙིང་རྗེ་ནི། སོ་སོ་སྐྱེ་བོ་རྣམས་ཀྱི་སྡུག་བསྔལ་མ་བཟོད་ནས། དེ་རྣམས་ཀྱི་༢༠༡ ༣༡༧༑ །དོན་དུ་བདག་སངས་རྒྱས་ཐོབ་པར་འདོད་པའོ། །ཆོས་ལ་དམིགས་པ་ནི། ས་དང་པོ་ཡན་ཆད་ཡི་བྱང་ཆུབ་སེམས་དཔའ་གཟུང་འཛིན་གཉིས་མེད་དུ་རྟོགས་པའོ། །དམིགས་པ་མེད་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་སྐུ་ཐོབ་པའོ། །དེ་ཕྱིའི་རྣམ་པ་ཡིན། རང་ལ་འཆར་བའི་དུས་སུ་་ལས་དང་པོར་སེམས་ཅན་གྱི་སྡུག་བསྔལ་མ་བཟོད་པ་ནི་སེམས་ཅན་ལ་སམིགས་པའོ། །དེ་ནས་ཡང་དག་པའི་ཀུན་རྫོབ་་རྨི་ལམ་དུ་ཆོད་ནས། ཆོས་འདི་ལྟར་ཡིན་པ་ལ་འདི་ལྟར་མ་རྟོགས་པ་དང༌། དངོས་པོ་དང་མཚན་མར་འཛིན་པ་སྙིང་རེ་རྗེ་སྙམ་བ་ནི་ཆོས་ལ་སམིགས་པའོ། །དེ་ནས་རང་གི་སེམས་ཀྱི་དེ་ཁོ་ན་ཉིད་མཐོང་ནས། སྨོན་ལམ་གྱི་སྟོབས་ཀྱི་ཤུགས་ཀྱིས་སེམས་ཅན་གྱི་དོན་འབྱུང་བ་ནི་དམིགས་པ་མེད་པའོ། །སྟོང་པ་སྙིང་རྗེའི་སྙིང་པོ་ཅན་ནི། དང་པོར་སྟོང་པ་བསྒོམས་ནས་དེ་འཕྲོ་ལ་སྙིང་རྗེ་བསྒོམས་བས། སྟོང་པ་བྱི་ལམ་ལུས་སམ་ཞེ་ན། མ་ལུས་ཏེ། སྟོང་པ་སྒོམ་མཁན་ཡང་རིག་པ་ཡིན། སྙིང་རྗེ་སྒོམ་མཁན་་ཡང་རིག་པ་ཡིན་པས་ཐ་དད་མེད་པའོ། །དང་པོར་ ༣༡༨༑ ༢༠༢ སྤྲསྒྲགྲྭསྦྱ སྟོང་པ་བསྒོམས་ནས། དེ་ནས་སྙིང་རྗེ་བསྒོམས་བས། སྟོང་བ་སྙིང་རྗེའི་སྙིང་པོ་ཅན་ཞེས་བྱའོ། །དང་པོ་སྙིང་རྗེ་བསྒོམས་ནས་དེ་འཕྲོ་ལ་སྟོང་པ་བསྒོམ་པ། སྙིང་རྗེ་སྟོང་་པའི་སྙིང་པོ་ཅན་ནོ། །ཐ་དད་མེད་པ་གོང་དང་འདྲའོ། །དངོས་བོ། ངོ་བཔ། མཚན་ཉིད་གསུམ་ནི། དངོས་པོ་གཟུགས་སུ་གྲུབ་པ་ཐམས་ཅད་དོ། །ངོ་བོ་ནི་དེའི་རང་བཞིན་སྟོང་པའོ། །མཚན་ཉིད་ནི་དབྱིབས་དང་ཁ་དོག་ལ་སོགས་པའོ། །ཡང་སྣང་ལ་ངེས་པ་དང་མ་ངེས་པའོ། །སྣང་བ་ནི། བདེ་བ། གསལ་བ། མི་རྟོག་པ་སེམས་ཀྱི་ངོ་བོ་ཡིན་ཏེ། སྣང་བ་ཞེས་བྱ་དེ་ཉིད་སེམས་ཀྱི་ངོ་བོ་རྒྱུན་མ་ཆད་པར་ཤེས་པ་ནི་སྣང་ལ་ངེས་པའོ། །བདེ་བ་གས་ལ་བ་མི་རྟོག་པ་སྣད་ཡང་དེ་ཉིད་སེམས་སུ་མ་ཤེས་ན་མ་ངེས་པའོ། །མ་ངེས་པ་དེ་འཇིག་རྟེན་གྱི་མཐར་ཐུག་གི་ལྟ་བ་ཡིན་ཏེ། བདེ་གསལ་མི་རྟོག་པ་གསུམ་ལ་མཆོག་འཛིན་བྱས་པས། ཁམས་གསུམ་དུ་གོལ། ཉན་ཐོས་ཀྱིས་གཞི་དེ་ལ་བྱས་ནས། དེ་མཚན་མ་ཡིན་པས་དེ་ཉམས་མྱོང་ཡིན་པས། མཆོག་འཛིན་དུ་མི་ལྟ་བར་སྟོང་པ་ཉིད་དུ་འདོད། །བྱང་ཆྀཾབ་སེམས་དཔའ་དེ་ལ་གཞི་ ༣༢༠༑ ༢༠༣ ༣༢༡༑ །བྱས་ནས་ཏིང་ངེ་འཛིན་གྱི་རྩལ་སྦྱོང་བ་ཡིན། དེ་ལ་མ་ཞེན་བར་འདོད་ཁམས་ཀྱི་རྟོག་པ་ཡར་བླངས་ནས། རྣམ་རྟོག་དེ་ཉིད་རིག་པར་ཁྱེར། རིག་པ་དེ་སེམས་སུ་འཁྱེར་བ་ནི་ཏིང་ངེ་འཛིན་གྱི་རྩལ་སྤྱོང་བའོ། །ཐ་མལ་གྱི་ཤེས་པ། མ་བཅོས་པ། གཉུག་མ་གསུམ་གང་ཞེན། ཐ་མལ་གྱི་ཤེས་པ་ནི། དང་པོའི་ཤེས་པ་གྲུབ་མཐའ་གཞན་གྱིས་བློས་མ་བསྒྱུར་བའོ། །མ་བཅོས་པ་ནི་བཅས་བཅོས་མི་བྱ་བར་རང་གར་གཏོང་བའོ། །གཉུག་མ་ནི་དེའི་དོན་མ་སྐྱེས་ཤིང་མི་འགག་ལ་རྒྱུན་ཆད་པ་མེང་བསན་གཉུག་མའོ། །ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པའི་སྐྱེ་བོ་རྣམས་ལ་ངས་མ་བསྟན། །ཟབ་པ་ནི་གཏིང་དཔག་དཀའ་བས་ན་ཟབ། ཡང་ན་རྒྱུ་འདི་ལས་འབྲས་བུ་འདི་འབྱུང་གི་ལས་འབྲས་ཤིན་ཏུ་་ཕྲ་བསན་ཐམས་ཅད་མཁྱེན་བས་མཁྱེན་པ་ལས་གཞན་གྱིས་མི་ཤེས་པས་ན་ཟབ། ཕྲ་བ་ནི་མི་མཐོང་བའོ། །ས་བོན་ཆུ་བོ་བཞིན་དུ་འབབ་པ་ནི། བག་ཆགས་ཀྱི་ས་བོན་ ༣༢༢༑ ༢༠༤ མབམད རྣམས་དང་པོ་གང་ལས་བྱུང་ན། རྣམ་པར་ཤེས་པ་ལས་བྱུང༌། ཡུལ་གར་བཏབ་ན་རྣམ་པར་ཤེས་པ་ལ་བཏབ། འབྲས་བུ་གར་སྨིན་ན་རྣམ་པར་ཤེས་པ་ལ་སྨིན། ཇི་ལྟར་གནས་ན་དཔེར་ན་གྲོ་ག་ལ་ར་དཀར་མོའི་འོ་མས་ཡི་གེ་བྲིས་ན་གྲོ་ག་དང་ཡི་་གེ་ཐ་དད་མེད། རྐྱེན་དང་ཕྲད་ན་ཡི་གེ་ལམ་གྱིས་འོང་བ་བཞིན་དུ། བག་ཆགས་ཀྱི་ས་བོན་རྣམ་པར་ཤེས་པ་ལ་བཏབ་ན། རྣམ་ཤེས་དང་བག་ཆགས་ཐ་དད་མེད། དགེ་སྡིག་གི་རྐྱེན་དང་ཕྲད་པའི་དུས་སུ་སྔར་གྱི་བག་ཆགས་ལངས་ཏེ་འབྲས་བུ་བདེ་སྡུག་འོང་ངོ༌། །དེ་ཡང་འཁྲུལ་པའོ། །དབྱིངས་དང་ཡེ་ཤེས་གཉིས་གང་ཞེ་ན། དབྱིངས་ཞེས་བྱ་བ་ནི་འཁོར་འདས་ཐམས་ཅད་ཀྱི་མཚན་ཉིད་དོ། །ཡེ་ཤེས་ཞེས་བྱ་བ་ནི་སེམས་ཉིད་རྣམ་པར་དག་པ་འོད་གསལ་བའོ། །ཆོས་ཆོས་ཅན་ཆོས་ཉིད་གསུམ་ནི། ཆོས་ནི་འཁོར་བའི་བློའི་ཡུལ་དུ་གྱུར་པའོ། །ཆོས་ཅན་ནི་ངེར་འཛིན་་པའི་ཤེས་པའོ། །ཆོས་ཉིད་ནི་གདོད་མ་ནས་མ་གྲུབ་པའི་རྣམ་པར་དག་པའོ། །རིན་པོ་ཆེའི་ཞལ་ནས། དད་པ་གལ་ཆེ་གསུངས། དགེ་བའི་བཤེས་གཉེན་ ༣༢༤༑ ༢༠༥ ༣༢༥༑ །འཚོལ་བ་ཡང་དད་བ་ཡིས། དད་པ་ལ་རྣམ་པ་གསུམ་ཡིན་ཏེ། རབ་ཀྱིས་ཡིད་ཆེས་པའི་དད་པ་བསྒོམ། འབྲིང་གིས་འདོད་པའི་དད་པ་བསྒོམ། ཐམས་དང་བའི་དད་པ་བསྒོམ་གསུངས། ཡིད་ཆེས་པའི་དད་པ་ནི། རྒྱུ་འབྲས་ལ་ཡིད་ཆེས་པའོ། །འདོད་པའི་དད་བ་ནི། བདེན་པ་བཞི་ལ་བརྟེན་ནས་སྐྱེ། དང་བའི་དད་པ་ནི། ཡུལ་ཁྱད་པར་ཅན་ལ་བརྟེན་ནས་སྐྱེ། དད་པ་བརྟེན་པར་བྱེད་པ་ཡང་དགེ་བའི་བཤེས་གཉེན་ཡིན་གསུངས། དགེ་བའི་བཤེས་གཉེན་མེད་ན་དད་པས་སྡིག་པའི་གྲོགས་པོ་དང་འཕྲད་པ་ཡིན། དེ་བས་དགེ་བའི་བཤེས་གཉེན་གལ་ཆེ་བའི་ཚུལ་དུ་འདུག །ཡང་དག་པར་རྗོགས་པའི་སངས་རྒྱས་རྒྱུད་དཀྲུགས། ལུང་བཅུགས། མན་ངག་ཐུགས་ལ་གབ་པ། རྒྱུད་ཀྱི་ནང་ན་མར་དང་པོ་བརྗོད་བྱ་བསྟན་ནས། དེ་ནས་བསྐྱེ་རིམ་འཆད། དེ་ནས་རྫོགས་རིམ་འཆད། དེ་ནས་ཡན་ལག་བདུན་པ་འཆད་དེ། རྒྱུད་དཀྲུགས་པ་བྱ་བ་ཡིན། སློབ་དཔོན་མཁས་པ་རྣམས་ཀྱིས་ལུང་བསྡུ་བའི་བསྟན་བཅོས་དང༌། ལུང་བགྲོལ་བའི་བསྟན་བཅོས་བྱ་བ་གསུངས་ཏེ། ལུང་བཀྲོལ་བའི་ ༣༢༦༑ ༢༠༦ མབཝད བསྟན་བཅོས་བྱ་བ་འགྲེལ་པ་དང༌། ཊཱི་ཀ་ལ་སོགས་པ་ཡིན། ལུང་བསྡུ་བའི་བསྟན་བཅོས་བྱ་བསྒུབ་ཐབས་ཡིན་ཏེ། སྒྲུབ་ཐབས་ཀྱང་མན་ངག་གབ་པ་ཡིན་གསུངས༌། སངས་རྒྱས་ཀྱིས་ཇི་སྐད་གསུངས་པ་བཞིན་ཉམས་སུ་བླངས་ཀྱང་བླ་མ་མེད་ན་བྱིན་རླབས་མི་འབྱུང་གསུངས། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མ་ལ་ཡང་ཕྱག་འཚལ་་ལོ། །ཕྱག་ཀྱང་སྔོན་དུ་བླ་མ་ལ་འཚལ། མཆོད་པ་ཡང་སྔོན་ལ་བླ་མ་ལ་འབུལ། བླ་མ་དང་སངས་རྒྱས་ཐ་དད་པ་མ་ཡིན་ཏེ། བླ་མ་དང་ནི་རྡོ་རྗེ་འཛིན། ཐ་དད་པར་ཡང་་མི་བརྟག་གོ། དེ་ཡང་ཆོས་ཐམས་ཅད་བསྡུ་ན། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གལ་ཆེ་གསུངས༌། དེ་ཡང་གོམས་པ་ལས་སྐྱེ་བ་དང༌། བསྒོམས་པ་ལས་སྐྱེ་བ་དང༌། རྟོགས་པ་ལས་སྐྱེ་བ་གསུམ་ཡིན་གསུངས༌། གོམས་པ་ལས་ཀྶེ་བ་བྱ་བ་ཚེ་སྔ་་མ་ཕན་ཆད་སྦྱངས་པ་ལས་སྐྱེ་བ་ཡིན། བསྒོམས་པ་ལས་སྐྱེ་བ་དང༌། རྟོགས་པ་་ལས་སྐྱེ་བ་གཉིས་འདྲ་གསུངས༌། རྟོགས་པ་ལས་སྐྱེ་བ་བྱ་བ་སྦྱངས་པ་ཅན་གྱི་གང་ཟག་ལ། ས་ཧ་ཛ་འོད་གསལ་བ། ཟག་མེད་ཀྱི་སྟོང་ཉིད་མངོན་སུམ་དུ་མཐོང་བྱ་བ་ ༣༢༨༑ ༢༠༧ ༣༢༩༑ །ཡིན་གསུངས་ཏེ། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཕན་ཚུན་ལྟོས་པའི་ཆོས་ཅན་ཡིན་གསུང༌། དགེ་་བཤེས་རྒྱ་ཡོན་བདག་གི་ཞལ་ནས། བོད་ན་ནོམ་བུ་་ཁན་མངར་བའི་ཆོས་པ་མང་བོ་ཞིག་ཡོད་དེ། རྫོགས་པ་ཆེན་པོ་བ་ཟེར་བ་གཅིག །ནང་རྟོགས་ན་ནང་འཚང་རྒྱ། །ནུབ་རྟོགས་ན་ནུབ་འཚང་རྒྱ་ཟེར་བ་ཚན་གཅིག་ཡོད་མཚན་ཉིད་པ་ཟེར་བ་གཅིག་ཡོད། གཅིག་དང་དུ་བྲལ་གྱིས་གཞིགས་ནས་ངའི་འདིས་འཚང་རྒྱ་ཟེར་བ་ཚན་གཅིག་ཡོད། ཕ་རོལ་དུ་ཕྱིན་པ་ཟེར་བ་ཐམས་དང་ཤེས་རབ་ལ་བརྟེན་ནས་ངའི་འདིས་འཚང་རྒྱ་ཟེར་བ་ཚན་གཅིག་ཡོད། །སྔགས་པ་ཟེར་བའི་རྩ་རླུང་ཐིག་ལེ་དང༌། བསྐྱེད་རྫོགས་ལ་བརྟེན་ནས་ངའི་འདིས་འཚང་རྒྱ་ཟེར་བ་ཚན་གཅིག་ཡོད། བཀའ་གདམས་པ་ཟེར་བའི་སྐྱེས་བུ་རབ་འབྲིང་རྣམ་པ་གསུམ་ལ་བརྟེན་པའི་གདམས་ངག་ངའི་འདིས་འཚང་རྒྱ་ཟེར་བ་ཚན་གཅིག་ཡོད་དེ། དེ་ཚོ་ཡོ་ལོག་ནས་ཅི་བྱེད་ང་ལ་ཟློས་དང་གསུངས། དེ་ཚོ་ཡོ་ལོག་ནས་མི་དགེ་བ་བཅུ་དགེ་བ་བཅུར་བསྒྱུར་བ་ལས་གཞན་མེད་གསུངས། བློ་ཆེ་བ་རྣམས་ཀྱིས་ ༣༣༠༑ ༢༠༨ མམཕད ཟག་བཅས་ཀྱི་དགེ་བ་ཟག་མེད་དུ་བསྒྱུར་བ་ཡིད་གསུངས། མི་དགེ་བ་བཅུས་ང་ལ་མི་གོས་ཟེར་བ་ཚན་གཅིག་ཡོད་དེ། དེ་སྡིག་པའི་གྲོགས་པོ་ཡིན་གསུངས་སོ། །ཆོས་་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་ཀྱང༌། འུབ་ཀྱིས་བསྡུས་ན་ལུསངག་ཡིད་གསུམ་དུ་འདུས། དེ་ཡང་ལུས་ངག་གཉིས་ཀྱང་འཁོར་ཡིན། གཙོ་བོ་སེམས་ཡིན་གསུངས། མི་དགེ་བ་སྐད་ཅིག་ཀྱང་མི་རྒྱུ་བར་བྱ། གཉེན་པོའི་སྒོ་ནས་ལུང་མ་བསྟན་དུ་ཡང་མ་ཤོར་བར་བྱ་གསུངས་སོ། །རིན་པོ་ཆེའི་ཞལ་ནས་ལམ་རྣམ་པ་གསུམ་དུ་འགྲོ་དགོས་གསུངས་སོ། །རྗེས་དཔག་ལམ་དུ་བྱེད་པ་དང༌། བྱིན་རླབས་ལམ་དུ་བྱེད་པ་དང༌། མངོན་སུམ་ལམ་དུ་བྱེད་པ་གསུམ་ཡིན་གསུངས། མཚན་ཉིད་་དམ་ཕ་རོལ་ཏུ་ཕྱིན་པ་ནི་རྗེས་དཔག་ལམ་དུ་བྱེད་པ་བྱ་བ་ཡིན། ཐེག་པ་ཆེན་པོ་གསང་སྔགས་ནི་བསྐྱེད་རྫོགས་གཉིས་ལ་བརྟེན་ནས་བྱིན་རླབས་ལམ་དུ་བྱེད་པ་ཡིན། མངོན་སུམ་ལམ་དུ་བྱེད་པ་ནི་ལྷན་ཅིག་སྐྱེས་འོད་གསལ་བྱ་བ་ཡིན་གསུངས༌། ལམ་གསུམ་ལ་འཇུག་པའི་གང་ཟག་ནི་གཉིལ་ཏེ། རིམ་གྱི་པ་དང༌། ༣༣༢༑ ༢༠༩ ༣༣༣༑ །ཅིག་ཆར་པའོ། །ཅིག་ཆར་པ་ནི་ཉོན་མོངས་བའི་བག་ཆགས་སྲབ་པ། ཆོས་ཀྱི་བག་ཆགས་འཐུག་པའི་སྦྱངས་པ་ཅན་གྱི་གང་ཟག་ལ་ཟེར་བ་ཡིན་ཏེ། ཤིན་ཏུ་དཀའ་བ་ཡིན་གསུངས། བླ་མའི་ཞལ་ནས་ང་ནིརིམ་གྱིས་པར་འདོད་པ་ཡིན་གསུངས། ངས་བླ་མ་མི་ལའི་དྲུང་དུ་མི་མང་རབ་ཅིག་ཡོད་པའི་དུས་སུ། རྫོགས་ཆེན་འདིཅི་ཙུག་ལགས་ཞུས་པས། བླ་མ་མར་པའི་ཞལ་ནས་ཆོས་མིན་པ་སྐད་ཟེར་ཏེ། ཆོས་མིན་པར་མི་འདུག །ས་དྲུག་པ་བདུན་པ་ཡན་ཆོད་ཀྱི་ཆོས་སུ་འདུག་གསུངས། དེ་ནས་བྱིས་པ་ལོ་ལྔ་ཙ་མ་ལོན་པ་ཞིག་ལ་མཛུབ་མོ་བཙུགས་ནས། རྫོགས་ཆེན་པ་རྣམས་འདི་དང་འདྲ་བ་ཡིན་ཏེ། བྱིས་བ་འདིན་རེ་ང་ལ་སྐྱེས་བུལོ་ཉི་ཤུ་རྩ་ལྔ་ལོན་པའི་ནུས་པ་ཡོད་ཟེར་བ་དང་འདྲ་བ་ཡིན། རྫོགས་ཆེན་པ་རྣམས་ཀྱང་ད་ལྟ་སངས་རྒྱས་བསྐད་ཟེར་ཏེ། དོན་དང་མི་ལྡན་གསུངས། འཁོར་བ་ལས་ཐར་བར་འདོད་ན། དོན་དམ་པ་བྱང་ཆུབ་ཀྱི་སེམས་ཤིག་མེད་ན་ཐར་པའི་ཐབས་མེད་གསུངས། དོན་དམ་པ་བྱང་ཆུབ་ཀྱི་སེམས་ནི་ཤིན་ཏུ་དཀའ། རང་ ༣༣༤༑ ༢༡༠ མམཚད ཅག་ལ་འཁྲིས་མེད་ན་སླ་བ་ཡིན་ཏེ། དགེ་བཤེས་ཡོན་བདག་གི་ཞལ་ནས། སངས་རྒྱས་དང་སྔ་འདྲིས་གང་ན་ཡོད། སངས་རྒྱས་ལག་པའི་ལྟོ་རྒྱབ་དང་འདྲ་བ་ཞིག་ཡིན་ཏེ་གསུངས། འོ་ཅག་བཞིན་དུ་ཕར་འཁྲིས་ཚུར་འཁྲིས་པ་ལ། དོན་དམ་བྱང་ཆུབ་སེམས་ག་ན་མཆི། འཁྲིས་དེ་ཉིད་འཁོར་་བ་ཡིན་པའི་གནད་ཀས་གསུངས། སྤྱིར་ཆོས་གཤའ་མར་བྱེད་པ་ལ། ཡིན་པ་དང་མ་ཡིན་པ་དང༌། ལེགས་པ་དང་ཉེས་པ་དག་བརྩིས་པས་ག་ན་མཆི། དེ་ཀུན་གང་ལ་ཡང་མི་ལྟ་བར་རང་གི་ཤེས་པ་སྐད་ཅིག་མ་ལ་བལྟ་་བ་ལགས། འཇིག་རྟེན་པ་དང་འཛོལ་ལེ་བཞིག་དགོས་པ་ཡིན། འཇིག་རྟེན་པ་རྣམས་འཕྱས་སེ་བ་ཞིག་དགོས་པ་ཡིན། དེ་ལྟར་ལེགས་ཚུལ་དུ་གདའ། རང་ཅག་ཀྱང་དེ་ལྟར་བགྱི་འཚལ༌། ཚེ་འདིའི་སོ་ནམ་ཟུང་བཞི་ཡ་བབརྒྱད་བྱེད་ཀྱང༌། མི་བྱེད་དགུ་བྱེད་བྱས་པས་འཁོར་བ་འབྲེལ་ཐག་ཆོད་པ་གར་མཆིས། དགོངས་མཛོད་དང༌། མ་བསྒྲལ་བ་རྣམས་བསྒྲལ་བར་བྱའོ། །ཟེར་བ་ནི་སོ་སོའི་སྐྱེ་བོ་ལ་ཟེར་བ་ཡིན། མ་གྲོལ་བ་རྣམས་གྲོལ་བར་བྱའོ། །བྱ་བ་ནི། ཉན་ཐོས་དང་རང་སངཤ་ ༣༣༦༑ ༢༡༡ ༣༣༧༑ །རྒྱས་རྣམས་ལ་ཟེར་བ་ཡིན། ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བྱའོ་བྱ་བ་ནི། ས་དང་པོ་ནས་བཅུ་པ་མན་ཆོད་ལ་ཟེར་བ་ཡིན། ཁས་ནི་དེ་ཙམ་བླངས་ཏེ་གསུངས་སོ། རྗེ་སྒམ་པོ་པས་གསུངས་པའོ། །རྫོགས་སོ། །བླ་མ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །ཕ་རོལ་ཏུ་ཕྱིན་པའི་ལུགས་ཀྱིས། བྱང་ཆུབ་ཀྱི་སེམས་དང། སྒྱུ་མ་ལྟ་བུ་དང༌། སྟོང་པ་གསུམ་ལ་བརྟེན་ནས་རྟོགས་པ་རྒྱུང་ལ་འཁྲུངས། སྔགས་ཀྱི་ལུགས་ཀྱིས་ལུས་ལྷ། ངག་བཟླས་པ། ཡིད་ཆོས་ཉིད་གསུམ་ལ་བརྟེན་ནས་རྟོགས་པ་རྒྱུད་ལ་འཁྲུངས། མ་རྟོགས་ན་འཚང་མི་རྒྱ། ཡུ་བུའི་ལུགས་ཀྱིས། ཆོས་ཀྱི་འཁྱེར་ལུགས་འདིས། ཡར་ལ་འགྲོ་བ་ལས་མར་ལ་མི་འགྲོ་བ་ཡིན། དབང་པོ་རབ་འཚང་རྒྱ་བ་ཡིན། འབྲིང་འཕགས་པའི་གནས་ལྔར་སྐྱེ་བ་ཡིན། ཐ་མ་ཡང་ལྟར་སྐྱེ་གསུངས། བདེན་པ་གཉིས་ཀྱི་དབང་དུ་བྱས་ན་དྲན་རིག་སྣ་ཚོགས་ཀུན་རྫོབ་ཡིན། སེམས་ཀྱི་ངོ་བོ་དོན་དམ་ཡིན། ད་ལྟ་ཡོད་པའི་ངོ་བོའི་ཉམས་འདི་སངས་རྒྱས་ནས་ཀྱང་ཡོད་པ་ཡིན། ཤེས་པ་ ༣༣༨༑ ༢༡༢ སྤྲསྤྲགྲྭསྦྱ སྣ་ཚཽགས་སུ་ཤར་ཡང་ལོངས་སྤྱད་དུ་བཏུབ་པ། ཆབ་རོམ་ལ་ཆུ་འབྱུང་བ་བཞིན་ནོ། །སྟོང་པ་སྙིང་རྗེ་དབྱེར་མི་བྱེད་པ་ནི་འོད་ལས་འོད་ཆད་པ་བཞིན་དུ་འདོད། རྟོག་པ་ཐམས་ཅད་འོད་ལས་འོད་ཆད་པ་བཞིན་དུ་འདོད། གཉིད་ཆེ་ཡང་མི་སྟོ། ངོ་བོ་སྐྱེ་འཇིག་དང་བྲལ་བར་རྟོགས་ནས་མི་འཇིག་པས་ཆོག་པ་ཡིན། ཆོས་ཐམས་ཅད་ཧྲིལ་གྱིས་དྲིལ་ན་རྟོག་པ་དང༌། རྟོག་མེད་གཉིས་སུ་འདུས། རྟོག་པ་རང་ཡང་ཆོས་ཀྱི་སྐུ་ཡིན། གཅིག་ཏུ་རྟོགས་པས་ཐམས་ཅད་ཚུར་ཐོབ་ནས་འོང་བ་ཡིན། ཁྱེད་ཅག་ལ་བཤད་རྒྱུ་ཡང་མེད་དེ། འོན་ཀྱང་དོན་དམ་དེ་བླ་མའི་གསུང་གིས་ཀྱང་ཐོག་ཏུ་མི་ཕེབས། རྟོག་གེའི་ཡུལ་ལས་འདས་པ་ཡིན། རྟོག་གེ་བས་མཐོང་ན་ཀུན་རྫོབ་ཀྱིས་དོན་དམ་མཐོང་བས། དོན་དམ་ཡང་འཇིག་པར་འགྱུར། དོན་དམ་གྱིས་མཐོང་ན་རྟོག་པ་དང་བཅས་པ་འདི་ཡིན་བྱ་བ་གཅིག་པུས་རང་གི་སེམས་ཉིད་འོད་གསལ་བ་དེ་ནམ་མཁའི་མཐའ་དང་མཉམ་པར་བསྒོམས་ན་ཡང་དེ་ལྟར་སྐྱེ་ཞིང་འདུག །འཕགས་པའི་གནས་གཞན་དུ་བསྒོམས་ནའང་འོང་ཞིང་འདུག། ༣༤༠༑ ༢༡༣ ༣༤༡༑ །འདུག་ས་ཡང་འདི་རང་དུ་བསྒོམས་ན་ཡང་འོང་ཞིང་འདུག །འོད་གསལ་དེ་སུ་ཡི་ཡིན་ན་རང་གི་ཡིན༌། རྟོགས་པ་དང་མ་རྟོགས་པས་ཐམས་ཅད་ལ་ཁྱབ། རང་གིས་རང་རིག །རང་གསལ་གསལ་ལ་མ་འགགས། སྟོང་འོག་མེད་པར་འོད་གསལ། མཐའ་དབུས་མེད་པར་འོད་གསལ། རྣམ་རྟོག་ཡོད་མེད་མེད་པར་འོད་གསལ་དུ་འདུག་ལ། དེའི་ངང་ལ་གནས་པ་དེ་འཇིག་རྟེན་ལས་འདས་པ་བྱ་བ་ཡིན། དེ་ལ་བོགས་འདོན་རྒྱུ་མེད། དེ་ལས་རྟོགས་པ་བོགས་འདོན་ན་འདོན་པ་རང་སྐྱོན་ཅན་ཡིན། དེ་ལས་བོགས་སམ་རྟགས་སམ་དེ་ཡས་འཕུལ་ས་བྱུང་ན། དེ་རང་སྐྱོན་ཅན་ཡིན་གསུངས་སོ། །ངོ་བོ་སྐྱེས་ནས་ཡུན་རིངས་བསྒོམས་པའི་རྒད་པོ་ཀུན་ལ་བོགས་སམ། དྲི་རྒྱུ་འོང་ཞིང་འདུག་གམམི་འདུག་ཞུས་པས། དྲི་རྒྱུ་ཡང་མེད། བོགས་འོདན་རྒྱུ་ཡང་་མེད། ངའི་དྲུང་དུ་འོངས་ཀྱིན་བླའོ་འདྲ་དེ་བཏང་འགྲོ་ཡིན་འདུག་གསུངས༌། ངོ་བོ་གཅིག་ཆོད་དུ་སོང་བ་ལ་ཡང་རྨི་ལམ་དུ་ངོ་བོ་མི་ཟིན་པར་འདུག །བར་དོ་ཟིན་ནམ་མི་ཟིན་ཞུས་པས། བླ་མ་ཀུན་ན་རེ་ ༣༤༢༑ ༢༡༤ མཙམད རྨི་ལམ་དུ་ཟིན་དགོས་གསུངས་ཏེ། ངས་བལྟས་པས་རྨི་ལམ་དུ་མ་ཟིན་ཡང༌། བར་དོར་ཟིན་འོང༌། ད་ལྟ་བསྒོམ་པ་བས་རྨི་ལམ་མི་གསལ་དུ་འགྲོ་བས་མི་ཟིན། བར་དོར་ད་ལྟ་བས་ཀྱང་གསལ་དུ་འགྲོ་བས་ཟིན་འོང་གསུངས། ད་ལྟ་ངོ་བོ་ལྔང་འཇུག་པ་ཞིག་ཤིན། བར་དོར་ལྡང་འཇུག་འོང་ངམ། གཅིག་ཆོད་ལ་འགྲོ་ཞུས་པས། ད་ལྟ་ངོ་བོ་རྒྱུན་ཆད་མེད་པར་ཡོད་ན་བར་དོར་ཡང་ཅིག་ཆོད་ལ་འགྲོ། ལྡང་འཇུག་བ་དེ་བར་དོར་ཡང་ལྡང་འཇུག་འོང་སྟེ། དེར་བསྒོམས་བས་འདི་བས་བོགས་ཆེ་བས་ཅིག་ཆོད་ལ་འགྲོ་གསུངས། དོན་དམ་བྱང་ཆུབ་སེམས་གྱུན་དུ་རྟོགས་ནས་གནས་པས། ཀུན་རྫོབ་བྱང་སེམས་བསྒོམ་དགོས་སམ་མི་དགོས་ཞུས་པས། གོམས་པ་ལས་བྱུང་བ་དང༌། བསྒོམས་པ་ལས་བྱུང་པ་དང༌། རྟོགས་པ་ལས་བྱུང་བ་གསུམ་ཡིན། གོམས་པ་ལས་བྱུང་བ་ནི་ཚེ་སྔ་མ་ཕན་ཆད་བསྒོམས་པས། འདི་རང་ལ་བསྒོམ་མི་དགོས་པར་བྱ་ཆུབ་ཀྱི་སེམས་འོང་བ་ཡིན། བསྒོམས་པ་ལས་བྱུང་བ་ནི་ཚེ་འདི་ལ་བསྒོམ་ལ་སོང་བ་ཡིན། ༣༤༤༑ ༢༡༥ ༣༤༥༑ །རྟོགས་པ་ལས་བྱུང་བ་ནི། དོན་རྟོགས་པས་མ་རྟོགས་པའི་སེམས་ཅན་ལ་ཤུགས་ཀྱིས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་འབྱུང་བ་ཡིན། ལོགས་སུ་ཀུན་རྫོབ་བྱང་ཆུབ་སེམས་དང༌། དོན་དམ་གཉིས་་བསྒོམ་མི་དགོས། དོན་དན་རྟོགས་ན་བྱམས་སྙིང་རྗེ་གཞན་དོན་དུ་འབྱུང་བ་རྒྱུ་་འབྲས་ཡིན། ཉོན་མོངས་པ་ཤུགས་ཀྱིས་ལྡོག་པ་ཡིན། ངོ་བོ་རྟོགས་ཟེར་ཡང་མི་དགེ་བ་ལ་འཇུག །བྱམས་སྙིང་རྗེ་བྱང་ཆུབ་སེམས་ཆུང་བར་འདུག་ན། ངོ་བོ་མ་སྐྱེས་པ་ཡིན། བླ་མ་རྗེ་བཙུན་གསུངས་པ་དེ་ཡིན་གསུངས་སོ། །རྗེ་བཙུན་སྙུང་བའི་དུས་སུ་ཐུགས་མི་བདེ་བ་འོང་ཡིན་གདའ་འམ། མི་གདའ་ཞུས་པས། ན་དུས་སུ་ཡང་སེམས་མི་བདེ་བ་དང་གནོད་པ་ཅད་མི་ཡོད་བར་འདུག །གང་ན་སར་འོད་གསལ་དུ་བསྒོམས་པས། འོད་གསལ་དུ་ཕྲིལེ་འོང་ཞིང་མི་གནོད་པར་འདུག །འདྲེས་ན་བའི་མི་ལ་སྔགས་བཏབ་པ་ལས། གང་ན་སར་དམིགས་་པ་གཏད་ནས་འོད་གསལ་བསྒོམས་ན་ཕན་པ་འདུག་གསུངས། ངོ་བོ་དང་མཉམ་གཞག་འདྲེས་པ་བྱ་བ་ཅི་ལ་ཟེར་བ་ལགས་ ༣༤༦༑ ༢༡༦ མུཙུཝུདུ ཞུས་པས། བསྒོམ་པ་ཞེས་པ་ནང་སྤྱོད་ལམ་རྣམ་བཞིག་དབྱེ་ཀྱང༌། འོད་གསལ་དངམ་བྲལ་བར་དུས་རྟག་དུ་ངོ་བོར་སོང་ན་འདྲེས་པ་ཡིན་གསུངས། རེས་འགའ་དྲན་པ་ཤོར་ནས་རྣམ་རྟོག་ཐོག་ཏུ་འགྲོ། །དྲན་པ་རྙེད་ནས་ངོ་བོར་འོང་བ་དེ་མ་འདྲེས་པ་ཡིན་ནམ་ཞུས་པས། དེ་མ་འདྲེས་པ་ཡིན་་གསུངས། འོ་ན་ངོ་པོ་དེ་ཆ་གཅིག་མ་རྟོགས་པ་ཡིན་ནམ། བསྒོམ་ཡུན་ཐུངས་ནས་མ་གོམས་པ་ཡིན་ཞུས་པས། དེ་ངོ་བོ་མཐའ་དག་མ་རྟོགས་པ་ཡིན། མ་གོམས་པ་ཡང་ཡིན་ཏེ། དོན་ལ་བསྒོམ་ཡུན་ཐུངས་པ་ཡིན་གསུང༌། འོན་རྣམ་སྨིན་གྱི་ལུས་པོ་འདི་ཡོད་ཀྱི་བར་དུ། མཉམ་གཞག་དངརྗེས་ཐོབ་མེད་པར་མི་འགྲོ་བ་ཅང་ལགས་སམ་ཞུས་པས། དེ་མིན། རྣམ་སྨིན་གྱི་ལུས་ཡོད་ཀྱང༌། ཡུན་རིང་དུ་བསྒོམས་པས་མཉམ་གཞག་དང་རྗེས་ཐོབ་མེད་པར་འཕྲལ་ལ་ཚེ་འདི་རང་ལ་འགྲོ་བ་ཡིན་གསུངས། འོ་ན་དྲན་པ་ཤོར་མ་ཐག་ཏུ་བག་ཆགས་རང་ག་མར་འགྲོ་བ་འདི་ཅིས་ལན་ཞུས་པས། འདི་གཟུང་འཛིན་མ་དག་པས་ལན། ཡུན་རིང་དུ་བསྒོམས་པས་གཟུང་འཛིན་དག་ནས་དྲན་པས་བཟུང་རྒྱུ་མད༌། ༣༤༨༑ ༢༡༧ ༣༤༩༑ །པར་མཉམ་རྗེས་མེད་པར་འགྲོ་གསུངས། འོན་ངོ་བོ་སྐྱེས་ནས་མཉམ་རྗེས་མ་འདྲེས་པར་ཤིན། བར་དོར་སྐྱེ་བ་འདག་གམ་མི་འདག་ཞུས་པས། དེ་འདག་པ་ཡིན་ཐེ་ཚོམ་མེད་པ་ཡིན་གསུངས། འོན་ད་ལྟ་དྲན་བས་མ་ཟིན་པའི་རྣམ་རྟོག་དེ་སྒྲིབ་པར་མི་འགྱུར་རམ་ཞུས་པས། དེ་སྒྲིབ་པར་མི་འགྲོ། རྣམ་རྟོག་དེ་རྣམས་ཀྱིས་ལས་གསོག་པར་མི་ནུས་ཏེ། ནམ་མཁའ་ལས་བོན་བཏབ་པ་དང་འདྲ། འབྲས་བུ་འབྱིན་པའི་གནས་མེད། ཐམས་ཅད་སྐྱེ་མེད་དུ་རྟོགས་པའི་གནད་ཀས། གསུངས། འོན་གཉིད་མཐུག་པོའམ་རྨི་ལམ་གྱི་དུས་སུ་ངོ་བོ་མ་ཟིན་པར་འདུག་ན། བར་དོར་ངོ་བོ་ཟིན་ནམ་མི་ཟིན་ཞུས་པས། དེ་གཉིད་དང་རྨི་ལམ་གྱི་དུས་སུ་ངོ་བོ་མ་ཟིན་ཀྱང༌། བར་དོར་ཟིན་པ་ཡིན། གཉིད་དང་རྨི་ལམ་དུས་སུ་ད་ལྟ་བས་མི་གསལ་དུ་འགྲོ་བ་ཡིན། བར་དོར་ད་ལྟ་བས་གསལ་དུ་འགྲོ་བ་ཡིན། ད་ལྟ་བས་བཟུང་སླ་བ་ཡིན་གསུངས། འོན་དྲན་པས་མ་ཟིན་ན་ངོ་བོ་མི་འོང་བར་རྣམ་རྟོག་རང་ག་མ་དེ་དྲན་པས་ཟིན་པ་དང༌། སྔར་གྱི་རྣམ་རྟོག་དེ་ཚོ་འདག་གམ་མི་འདག། དྲན་པས༌། ༣༥༠༑ ༢༡༨ མཚཕད ཤིམ་ཤི་མེད་པར་འཛིན་དགོས་སམ་མི་དགོས་ཞུས་པས། དྲན་པས་མི་ཟིན་པའི་རྣམ་རྟོག་རང་གམ་རྣམས་དྲན་པས་ཟིན་མཐག་ཏུ་ཀུསངས་ལ་འདག །དྲན་པས་ཤིམ་ཤི་མེད་པར་བཟུང་མི་དགོས། འོན་ཡང་དྲན་པས་མ་ཡེངས་པར་བྱས་ན། མཉམ་རྗེས་འདྲེས་སྐྱེན་པ་ལ་ཕན། དྲན་པས་མ་ཟིན་ཀྱང་རྣམ་རྟོག་གིས་གནོད་པ་དང༌། སྒྲིབ་པ་དང་བར་དུ་གཅོད་པ་གཏན་མེད་གསུངས། འོ་ན་དྲན་པས་བཟུང་ཞིང་མ་ཡེངས་པར་བྱ་བ་ལས་གཞན་ཉམས་སུ་བླང་རྒྱུ་མེད་དམ་ཞུས་པས། དྲན་པས་བསྐུལ་བ་ཙམ་ལས་གཞན་ཉམས་སུ་བླང་རྒྱུ་ཅི་ཡང་མེད་པ་ཡིན་གསུངས། ངོ་བོ་འབའ་ཞིག་བསྒོམ་པ་ལས་བསྐྱེད་རིམ་དངབཟླས་པ་དགོས་སམ་མི་དགོས་ཞུས་པས། སྔགས་བག་རེ་་བཟླས་ན། ངག་བྱིན་གྱིས་རློབ་བ་འབྱུང་བས། སྔགས་བཟླས། ལྷ་བསྒོམ་མི་དགོས། འོད་གསལ་གྱི་ངང་ནས་བཟློས་པ་ཡིན་གསུངས་སོ། །ཞུས་ལམ། །ཡང་བླ་མ་རིན་པོ་ཆེའི་ཞལ་ནས། ཆོས་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་བ། འཁྲུལ་པ་ཡེ་ཤེས་སུ་འཆར་བའོ། །ཆོས་ནི། ༣༥༢༑ ༢༡༩ ༣༥༣༑ །ལས་འབྲས་ལ་ཡིད་ཆེས་ནས་ཉེ་པ་ཕྲབ་ལ་འཛེམ་པའོ། །ཆོས་སུ་འགྲོ་བ་ནི། དགེ་བ་ཅི་བྱེད་ཚེ་འདིས་མགོས་པའོ། །ཆོས་ལམ་དུ་འགྲོ་བ་ནི། བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་ནས། དགེ་བ་ཅི་ངང་ཅི་བྱེད་པ་ཐམས་ཅད་གཞན་དོན་དུ་བསྔོ་བའོ། །ལམ་འཁྲུལ་པ་སེལ་བ་ནི། བྱང་ཆུབ་ཀྱི་སེམས་་གཉིས་བསྒོམས་པས་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་རྟོགས་པའོ། །འཁྲུལ་པ་ཡེ་ཤེས་སུ་འཆར་བ་ནི། གཞན་དོན་དེ་ཉིད་ཀྱང་འཁྲུལ་བ་ཡིན་ཏེ། ངར་འཛིན་རྟོག་པ་ངང་བྲལ་བའི་ངོ་བོ་ངེ་རྟོགས་ན་འཁྲུལ་པ་ཡེ་ཤེས་སུ་འཆར་རོ། །འཁྲུལ་པ་སེལ་མཁན་ལོགས་ན་མེད། ངོ་བོ་ཉིད་ཡིན་པས་ན། ལམ་གྱི་འཁྲུལ་པ་སེལ་བའོ་རྫོགས་སོ། །བླ་མ་རིན་པོ་ཆེའི་ཞལ་ནས། ལྟོ་ཕར་ཚུར། གོས་ཕར་ཚུར་ལ་བརྟེན་ལ་བློ་མ་ལོག་ན་ཆོས་མི་འོང་གསུང༌། སྒྲུབ་དང༌། བརྩོན་འགྲུས་འབར་བའི་སྟོབསལེ་ལོ་ཅན་གྱིས་མི་འོང༌། ཀྱིས་བསྒྲུབས་ན། ངང་བོར་ནང་གི་སློབ་དཔོན། སེམས་ཉིད་སློབ་དཔོན་དུ་འཆར། དེ་ནས་པོ་བླམས་མ་ཟིན། །ཏི་གང་བལྟས་སློབ་དཔོན་དུ་འཆར། དེ་ནས་སྣང་ ༣༥༤༑ ༢༢༠ མཚཚད གྲགས་ཀྱི་ཆོས་ཐམས་ཅད་སློབ་དཔོན་དུ་ཤར་ །གྱིའི་བླ་མ། ཆོས་ཐམས་ཅད་གཉིས་མེད་དུ་འཆར༌། དེ་ཙམ་ན་སྤོང་ལེན་མེད་པའི་སྒོམ་ཆེན་བྱ་བའམ། མི་བསྒོམ་པའི་སྒོམ་ཆེན་བྱ་བ་ཡིན། བསམ་གཏན་མེད་ཅིང་རྟོགས་བས་སགས་རྒྱ་ཕྱག་རྒྱ་ཆེན་པོ་ནས། བའོ། །ཟེར་བ་དེ་ཡོང་བ་ཡིན། ཆོས་ཐམས་ཅད་གཅིག་ཏུ་འཆར་བ་ཡིན། བཅོས་མ་ཐམས་ཅད་དང་བྲལ་དུས་གསུམ་སྤྲོས་བྲལ་དུ། གམ་བཅོས་པ། ཤུགས་འབྱུང་རྒྱུན་ཆད་མེད་བ། སྤྲོས་པ་མཐའ་དག་དང་བྲལ་གངོས་བཟུང་མཐའ་དག་དང་བྲལ་བ། རིག་པ་འདི་ཉིད་་འཛིན་པ་མཐའ་དག་དང་བྲལ་བ། གཟུང་འཛིན་གཉིས་མེད། ཅིའི་ངོ་བོར་ཡང་མ་གྲུབ་པ། བསྒོམ་པའི་བློ་དང་བྲལ་བ། འབད་རྩོལ་མེད་པ། མི་བསྒོམ་དུས་གསུམ་སྤྲོས་བྲལ་དུ། པ་ཡང་མ་ཡིན་པས། དུས་ཐམས་ངད་དུ་མ་བྲལ་གཡེ་གདོད་མ་ནས་དག་པ། དང་པོ་ནས་རྟོགས་སུ་དཀའ་བལ་སྙམ་པ། འདུ་འབྲལ་མེད་པ་དང་པོ་རང་ནས་སངས་རྒྱས། སླ་སླ་འདྲ་བས་ཟིན་པར་འདུག་སྙམ་པ། རྟོགས་པའི་ཡེ་ཤེས་དེ་ལ་འགྱུར་བ་མེད་པ། རྒྱུན་ཆད་པ་མེད་པ། དང་པོ་ནས་རྒྱུན་ཆད་མ་མྱོང་བས། དུས་ཐམས་ཅད་པ། གསལ་ལ་གསལ་སྟོང་ཟུང་༢༢༡ ༣༥༦༑ །འཇུག་ངོས་བཟུང་མེད་པ། བདེ་ལ་ཟག་པ་མེད་པ། དེ་ཟག་མེད་སེམས་ཀྱི་སྟོང་པ་ཉིད། ཉམས་ང་ཐམས་ཅད་དང་བྲལ་བ། སྐྱེ་མེད་གཞི་བྲལ་ཆེན་པོའི་ནང་ནས་འཆར་རོ། །བླ་མ་རྟོགས་བླ་མ་ལ་བྱིན་རླབས་ཞུས་ན་ཕུགས་འཁྲུལ་བ་མི་འོང་བས། ལྡན་ཞིག་གིས། སློབ་མ་མཚན་ལྡན་ཞིག་ལ་བྱིན་རླབས་གཤའ་མ་ཞིག་ཞུས་ནས། ཡོན་ཏན་ཐམས་ཅད་དུས་གཅིག་ཏུ་སྤུངས་བ་བཞིན་འབྱུང་བ་ཆོས་ཉིད་ཡིན། དུས་གསུམ་གྱི་བླ་མ་ཐམས་ཅད་ཀྱི་བྱིན་རླབས་འཇུག །བཀའ་སྡེ་སྣོད་ཐམས་ཅད་ཀྱི་བྱིན་རླབས་འཇུག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་འཇུག །མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ཀྱང་དེ་ལ་འདུ་བ་ཡིན། སྤྱིར་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཐེག་བ་ཞེན་པོའི་ཆོས་ཐམས་ཅད་ཡང་དག་བའི་དགེ་བའི་བཤེས་གཉེན་ལ་རག་ལུས་པས་གསུངས། བྱིན་རླབས་ལས་འབྱུང༌། དེའི་ནང་ནས་གསང་སྔགས་ཀྱི་ཆོས་ཐམས་ཅད་བྱིན་རླབས་ལས་འབྱུང༌། ཁྱད་པར་དུ་ནཱ་རོའི་ཆོས་བཀའ་བརྒྱུད་པ་བྱིན་རླབས་ལས་འབྱུང་བ་ཡིན། ངའོ་བརྒྱུད་པ་འདི་གྲུབ་པ་ཐོབ་པ་རྒྱུན་མ་ཆད་པ་ ༣༥༧༑ ༢༢༢ མཚཞད བྱིན་རླབས་ཀྱི་བཀའ་བབས་བ། བཀའ་བརྒྱུད་ཀྱི་དར་ཆགས་པས། གོང་མ་གོང་མསམ།འོག་མ་འོག་མ་སྨིན་པ་དང་གྲོལ་བར་མཛད་པ། འོག་མ་འོག་མས། གོང་མ་གོང་མ་ལ་གཙུག་གི་ནོར་བུའམ། མིག་གི་འབྲས་བུ་བཞིན་དུ་གཅེས་པར་འཛིན་པ་ཤི་འཇུས་བྱས་པ་ཡིན། བཀའ་བརྒྱུད་ཡི་གདམས་ངག་ཟབ་མོ་འདི་རྣམས་ནི་གསང་སྔགས་ཀྱི་སྙིང་ཕྱུང་བའམ། རྒྱུད་སྡེ་བཞི་ཡི་བཅུད་ཉིང་ཁུ་ལྟ་བུ་ཡིན། ཆོས་འདི་རྣམས་མཁའ་འགྲོའི་ལག་ན་ཡོད་པ་ཡིན་པས། ཤིན་ཏུ་ཟབ་པའམ་གཉན་པར་འདུག །བླ་མ་རྗེ་བཙུན་གྱི་ཞལ་ནས། རང་གི་སློབ་དཔོན་དང་གྲོགས་པོ་ལའང་མ་བྱིན་ཞིག་གསུངས༌། མིན་ན་རང་གར་འགྲོའི་ཕྱིར་འབྲང་བ། རང་ལ་མི་བདོག་ཀྱང་ལ་ཅ་ཡོ་ཕུལ་ནས་སྒྲུབ་བ་པའབ་ཞིག་བྱེད་པ་ལ་སྦྱིན་གསུངས། ཡང་ན་རྣལ་འབྱོར་པའི་ལུས་དང༌། གསང་སྔགས་ཟབ་མོའི་གདམས་ངག་དང༌། ཉམས་སུ་མྱོང་བའི་གདམས་པར་གསུས་སྦས་ན་ལེགས་གསུངས། སྦེད་པ་ཡང་ཁོ་རང་ལས་མི་འབྱུང་གསུངས། རིན་པོ་ཆེའི་ཞལ་ནས་ངས་བླ་མ་མིལའི་བཀའ་བཅག་གསུངས༌། ༣༥༩༑ ༢༢༣ ༣༦༠༑ །དེ་ག་ཙུག་ལགས་ཞུས་པས། ངས་ཆོས་ཐམས་ཅད་མིལ་བཤད་པས་གསུངས། ཡང་དུས་གཅིག་ཙ་ན། ངས་བླ་མའི་བཀའ་བཞིན་བསྒྲུབ་གསུངས་དེ་གཙུག་ལགས་ཞུས་པས། ངས་མི་ཚེ་ཟང་མར་སྒྲུབ་པ་བྱས་པས་གསུངས་སོ། །རྗེ་སྒམ་པོ་པའི་གསུང་སྒྲོས། །རིན་པོ་ཆེའི་ཞལ་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་ལ་བརྟེན་་པའི་བསྟན་བཅོས་དང༌། སློབདཔོན་མཁས་པ་རྣམས་ཀྱིས་ལུང་བཀྲོལ་བའི་བསྟན་བཅོས་དང༌། ལུང་བསྡུ་བའི་བསཏན་བཅོས་ལ་སོགས་པ་བརྩམས་པ་དང༌། གྲུབ་པ་ཐོབ་པའི་རྣལ་འབྱོར་པ་ལ་ནང་ནས་ཤར་བས། གང་ལ་ཡང་མ་བརྟེན་པར་མཛད་པའི་བསྟན་བཅོས་དང༌། སངས་རྒྱས་ཀྱི་བཀའ་དངོས་དང༌། བླ་མ་རྣམས་ཀྱི་གསུང་སྒྲོས་དང༌། རང་གི་རྒྱུད་ལ་སྐྱེས་པའི་ཉམས་རྣམས་མཐུན་པ་ཡིན། མ་མཐུན་རང་གིས་ཆོས་མ་ཤེས་པ་ཡིན་གསུངས། སྤྱིར་ཆོས་གཤའ་མར་བྱེད་ན་རྩིས་སུ་ཆེ་བ་ཡིན། གཤའ་མར་མི་ནུས་ན་གཞི་གཅིག་་བཟུང་ནས་བྱེད་པ་ཡིན། གཤའ་མར་བྱེད་ན་རི་བོང་གི་རྣམ་ཐར་ ༣༦༡༑ ༢༢༤ མཛབད བྱེད་པ་ཡིན། ཡུལ་གཅིག་ཏུ་མི་བསྡད། ཡོན་བདག་གཅིག་་ལ་མི་བྱ། གྲོགས་པོ་གཅིག་དང་མི་འགྲོགས། གྲོགས་པོ་དང་ཧ་ཅང་ཡང་མཛའ་ཆེས་པ་ཉོན་མོངས་བའི་རྩ་བ་ཡིན། བླ་མ་དང་ཧ་ཅང་ཡང་ཉེ་བ་མིན། རིང་བ་མིན་གསུངས། མེ་དང་འདྲ་བ་ཡིན། ཉེ་ན་འཚིག །རིང་ན་མི་དྲོས། ཡང་ན་མཁས་པས་འཐབ་པའམ། ཡང་ན་ལེགས་པར་འབྲོས་པས་ཡོང་བ་ཡིན་ཏེ། མཁས་པ་འཐབ་པ་བྱ་བ། མི་མཁོ་བ་དེ་ཉིད་འདོད་ཐོག་ཏུ་བྱེད་བ་ཡིན་ཏེ། དཀའ་བ་ཡིན། མི་མཁས་པ་འབྲོས་བ་བྱ་བ། ཉོན་མོངས་པ་ལ་སོགས་པས་མི་གོས་པར། དེ་ལས་འབྲོས་བ་ཡིན། འཁོར་བ་ལས་ཐར་བར་འདོད་ན་འཇིག་རྟེན་པ་དང་གནིས་འཛོལ་ལེ་བཞིག་དགོས་པ་ཡིན། ཆོ་ མཛམད མཛཙད དིའི་སོ་ནམས་ཟུང་བཞི་ཡ་བརྒྱད་བྱེད་ཅིང༌། མི་བྱེད་དགུ་བྱེད་བྱེད་པས་འཁོརབ་དངའབྲེལ་ཐག་ཆོད་པ་ག་ན་མཆི། དགོངས་མཛོད་དང༌། ཐམས་ཅད་ལྟོགས་ཀྱིས་དོགས་ཏེ། ལྟོགས་ན་ངས་བསྲུས་པ་ཡིན་ནོ་གསུངས། རིན་པོ་ཆེའི་ཞལ་ནས། ཕྱག་རྒྱ་ཆེན་པོ་ལམ་ལྡ་དང་སྦྱར་ནས་སྟན་ཐོག་གིཅག་ཏུ་བསྒོམ་ན་སྦྱོར་བ་ ༣༦༥༑ ༢༢༥ ༣༦༦༑ །བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་ནས། དངོས་གཞི་རྨི་ལམ་སྒྱུ་མ་བཞིན་དུ་བསྒོམ་པ་ཚོགས་ལམ་ཡིན། སྟོང་བ་ཉིད་དུ་མོས་བའི་ཚུལ་དུ་བསྒོམ་བ་སྦྱོར་ལམ་ཡིན། ཕྱག་རྒྱ་ཆེན་བོ་རྒྱུད་ལ་སྐྱེས་པ་མཐོང་ལམ། དེ་ཉིད་གོམསོ་པར་བྱེད་པ་སྒོམ་ལམ་ཡིན། དེ་ལྟར་ཡང༌། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །མཐོང་བ་གོམས་ཕྱིར་སྒོམ་པའི་ལམ༌། །ཞེས་གསུངས། དེ་ཉིད་མངོན་དུ་གྱུར་ཙན། རེ་དོགས་གཟའ་གཏད་གཟུང་འཛིན་མཐའ་དག་དང་བྲལ་བ་དེ་མཐར་པྱིན་པའི་ལམ་མོ། །འོ་ན་མཐོང་ལམ་གྱི་གནས་སྐབས་སུ་ཡང༌། སྤྲུལ་པའི་སྐུ་བརྒྱ་ལ་ཆོས་ཉན་པ་ལ་སོགས་བ་ལ། རེ་རེ་ལ་ཡོན་ཏན་དཔག་ཏུ་མེད་པ་བཤད་པ་ཡོད་སྙམ་ན། རྣམ་པ་དོན་དམ་ལ་བཤད་པ་དང༌། རྣམ་པ་ཀུན་རྫོབ་ལ་བཤད་་བ་གཉིས་ཡིན། དང་པོ་རྟགས་དེ་ལྟ་བུ་མེད་ཀྱང་འགལ་བ་མེད། རྟགས་དེ་རྣམས་ཀུན་རྫོབ་ལ་བཤད་པ་ལ་འོང་བ་ཡིན། སངས་རྒྱས་སྐད་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། རང་རྒྱུད་པར་གྲུབ་པ་མེད། སེམས་ཉིད་ངོ་བོ་ཅིར་ཡང་ ༣༦༧༑ ༢༢༦ མཛཞད མ་གྲུབ་པ་འདི་རང་སངས་རྒྱས་ཡིན་གསུང༌། དེ་ཡང་འོད་སྲུངས་ཀྱིས་ཞུས་བ་ལས། སེམས་ནི་འདས་པའོ་སངས་རྒྱས་ཀྱིས་ཀྱང་མ་གཟིགས་མི་གཟིགས། གཟིགས་་པར་མདོ་དགོགས་འདུས་ལས་མསེམས་དེ་ཉིད་སངས་རྒྱས་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །ཞེས་གསུངས། མི་འགྱུར་ཞེས་བཤད་དོ། །སེམས་ཀྱི་གནས་ལུགས་དེ་ལྟ་བུ་ཞིག་རྟོགས་ན་སྲུང་བ་རྣམས་ཀྱི་ནང་ན་ཡང་མཆོག་ཡིན་ཏེ། སྟོང་པ་ཉིད་ན་བསྒོམ་པ་ནི། འཆི་བདག་གིས་ནི་མི་མཐོང་ཞིང༌། །རང་བཞིན་དག་པ་ཡོངས་སུ་མཐོང༌། །ཞེས་གསུངས་སོ། །མཆོད་པ་རྣམས་ཀྱི་ནང་ན་ཡང་མཆོག་ཡིན་ཏེ། མཆོད་བྱ་མཆོད་བྱེད་མཆོད་པ་རྣམས། དེ་ཚེ་རྣལ་འབྱིར་བས་མ་མཐོང༌། །དེ་ཉིད་མཆོད་པའི་མཆོག་ཡིན་པས། །མཁས་པས་བྱང་ཆུབ་སེམས་བསྒོམ་བྱ། །ཞེས་གསུངས། ཉམས་གྲིབ་ལ་སོགས་པ་བཤགས་པའི་མཆོག་ཏུ་གྱུར་པ་ཡིན་ཏེ། བཤགས་བྱ་བཤགས་བྱེད་བཤགས་པ་རྣམས། །གང་ཚེ་རྣལ་འབྱོར་བས་མ་མཐོང༌། །རང་བཞིན་དག་པ་ཡོངས་སུ་མཐོང༌། །དེ་ནི་བཤགས་པའི་མཆོག་ཡིན་ནོ། ༣༦༩༑ ༢༢༧ ༣༧༠༑ །ཞེས་གསུངས་སོ། ཕྱག་རྒྱ་ཆེན་པོའི་དོན་དེ་བདུད་བཞི་དངབྲལ་བ་ཡང་ཡིན་ཏེ། སེམས་འདི་ལ་སྐྱེ་ཤི་མེད་པས་འཆི་བདག་གི་བདུད་དང་བྲལ། ཉོན་མོངས་པ་མེད་པས་ཉོན་མོངས་བདུད་དང་བྲལ། གཟུགས་སུ་གྲུབ་པ་མེད་པས་ཕུང་པོའི་བདུད་དང་བྲལ། ཞེན་པ་མེད་བས་ལྷའི་བུའི་བདུད་དང་བྲལ་བའོ། །ཕྱག་རྒྱ་ཆེན་པོའི་གནས་ལུགས་དེ་རྟོགས་ན། ཐབས་རྣམས་ཀྱི་ནང་ནས་ཀྱང་མཆོག་ཡིན་ཏེ། འོད་གསལ་བ་ལ་རྒྱུན་ཆད་མེད། །བར་དོའི་གྲོང་ཁྱེར་དེས་མི་མཐོང༌། །ཞེས་པ་དང༌། དེ་ཉིད་ཀྱིས་འཕོ་བ་ཡང་དེ་རང་ཡིན་གསུངས། །ཡང་རིན་པོ་ཆེའི་ཞལ་ནས། སྒོམ་ཆེན་པ་ལ་གདེང་བཞི་དགོས་པ་ཡིན། ལྟ་བའི་གདེང་བྱ་བ་ཆོས་ཐམས་ཅད་ཀྱི་གནས་ལུགས་ཀྱི་དོན་ནང་དུ་ཤར་བས བློའི་ཡུལ་དུ་ཅི་སྣང་བ་ཐམས་ཅད་དེའི་ངང་དུ་ཤེས་པ་ཞིག་དགོས། གསང་སྔགས་ཀྱི་ནུས་བའི་གདེང་བྱ་བ༌། རང་གི་ཡི་དམ་ལྷའི་བསྙེན་བ་བྱས་བས་ཡི་དྭགས་ཀྱི་བར་ཆད་ལ་སོགས་པ་ཅི་བྱུང་ཡང་ཕཊ་བྱས་པས་ཆོག་སྙམ་པ་ཞིག་དགོས། བླ་མའི་མན་ངག་གི་ ༣༧༡༑ ༢༢༨ མཝབད གདེང་བྱ་བ་ཞི་རྒྱས་དབང་དྲག་ལ་སོགས་པ་གང་དངགང་བྱེད་པ་ཤེས་པ་ཞིག་དགོས་གསུངས་སོ། །ན་མོ་གུ་རུ། ཚེ་འདི་ལ་བློ་ལོག་པའི་མི་ཞིག་གིས་དབེན་བའི་གནས་སུ་ཕྱིན་ནས་བླ་མའི་མན་ངག་ཆུན་པ་གསུམ་ཡིན་ཏེ། རྩ་ཆུན་པས་འབྱུང་བ་རོ་སྙོམས་པ་འབྱུང༌། རླུང་ཆུན་པས་ཤིང་རྩེ་ལ་བསྒོམ་ནུས་པ་འབྱུང༌། སེམས་ཆུན་པས་ཉོན་མོངས་བས་མ་གོས་ཤིང་ཉམས་སུ་མྱོང་བ་ནང་ནས་འཆར་བ་འབྱུང་ངོ། རིག་པ་ངོ་ཤེས་པ་དང༌། རྟོགས་པ་ཉམས་སུ་མྱོང་བ་གཉིས་གལ་ཆེ་གསུངས་་ངོ་ཤེས་པ་རིག་པ་ངོས་བཟུང་མེད་པ། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། རྒྱུན་ཆད་བ་མེད་པར་རྟོགས་པ་དེ་ཡིན། མ་རིག་པ་ཡང་རིག་པར་ངོ་ཤེས་ཤིང་ཐེ་ཚོམ་མེད་པར་རྟོགས་པ་དེ་ཡིན་གསུངས་སོ། །མ་རིག་པའི་གྲོགས་དུག་ལྔ་ཡིན་ཏེ། དེ་ཡེ་ཤེས་ལྔར་འཆར་བདེ་སུས་ཀྱང་མི་ཁེགས་པ་ཡིན་ཏེ། སེམས་དེ་འདྲ་འཆར་བ་ནི་དོན་གྲུབ་པ་ཡིན་ནོ། །དེ་ལྟ་བུ་རྒྱུད་ལ་འཆར་བ་ལས་གཅིག་ཏུ་སྤུངས་པས་མི་འོང་གསུངས་སོ། །བླ་མ་ཆེན་པོ་ནཱ་རོ་པས། གསང་སྔགསང་རྒྱལ་ ༣༧༣༑ ༡༢༩ ༣༧༤༑ །པོ་ཡི་གེ་བདུན༌། །འབུམ་ཕྲག་གཅིག་ཏུ་བཟླས་པ་ཡིན། །ས་རྣམས་གཡོས་ཤིང་ལུང་བསྟན་ཐོབ། །ཤར་ཕྱོགས་དངོས་སུ་ཏེ་ལོ་པའོ། །ཞེས་སྔར་གདམས་ངག་མནོས་པ་ནི། །དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །དངོས་པོའི་གནས་ལུགས་གཉིས་ཡིན་ཏེ། །ལུས་དང་སེམས་སུ་ཤེས་པར་བྱ། །དེ་ལ་ལུས་དངོས་བོའི་གནས་ལུགས་རྩ་འཁོར་ལོའི་བདག་ཉིད་དུ་གནས་པ་དང༌། སེམས་དངོས་པོའི་གནས་ལུགས་རིག་པ་དང་སྟོང་པ་དབྱེར་མེད་དུ་གནས་པའོ། །ལམ་ལ་གནིས་ཏེ། མ་སྨིན་པ་སྨིན་པར་བྱེད་བ་དབང་གི་ལམ་དང༌། སྨིན་པ་གྲོལ་བར་བྱེད་པ་ཐབས་བསྐྱེད་རྫོགས་གཉིས་སོ། །དབང་ལ་བཞི་སྟེ། བུམ་པའི་དབང་དང༌། གསང་བའི་དབང་དང༌། ཤེས་རབ་ཡེ་ཤེས་ཀྱི་དབང་དང༌། ཚིག་དབང་རིན་པོ་ཆེ་དང་བཞིའོ། །བསྐྱེད་པའི་རིམ་་པ་ལ་ཡང་ཀུ་སུ་ལུ་པའི་ལུགས་ཀྱིས། སྐད་ཅིག་གཅིག་གིས་དྲན་རྫོགས་སོ། །དེ་ཡང་རྣམ་པ་ལྷ། རང་བཞིན་སྟོང་པ། ངོ་བོ་གསལ་སྟོང་དབྱེར་མེད་དོ། །རྫོགས་རིམ་ལ་མཚན་བཅས་ ༣༧༥༑ ༢༣༠ མཝཛད དང༌། མཚན་མེད་གང་བསྒོམ་ཡང༌། ལུས་ཀྱི་གནད་དང༌། །རྩའི་གནད་དང༌། ཡུལ་གྱི་གནད་དང༌། དུས་ཀྱི་གནད་དང་བཞི་ལས། ཡེ་ཤེས་འཆར་པར་བཞེད་དོ། །ལུས་ཀྱི་གནད་ལ་གནིས་ཏེ། ལུས་གནད་དངོས་དང༌། ལུས་དེ་ལ་བརྟེན་པའི་རླུང་གིས་སྦྱོར་བའོ། །ལུས་གནད་དངོས་ལ་བདུན་ཏེ། རྐང་པ་རེའུ་མིག་བཞིན་སྣོལ་བ་དང༌། སྒལ་པ་ཆུ་ཤིང་བཞིན་དུ་བསྲང་བ་དང༌། །མཉམ་གཞག་རྒྱ་ཡི་བཙིར་བ་དང༌། ལྕགས་ཀྱུ་བཞིན་དུ་དགུག་པ་དང༌། །འཕེལ་ཀ་བཞིན་དུ་བསྐྱེད་པ་དང༌། །ལི་ཁྲི་བཞིན་དུ་བསྒྲིམ་པ་དང༌། །མིག་ནི་སྣ་རྩེར་དབབ་པའོ། །དེ་ལ་དགོས་པ་བདུན་ཡོད་དེ། །རེའུ་མིག་ལྟར་བསྣོལ་བས་དྲོད་སྐྱེ། ཆུ་ཤིང་ལྟར་བསྲངས་པས་རླུང་རང་གནས་ཚུད། མཉམ་གཞག་རྒྱ་ཡིས་བདེ་བ་བསྐྱེད། ལྕགས་ཀྱུ་ལྟར་བཀུག་པས་རྟོག་པ་འགག །འཕེལ་ཀ་བསྐྱེད་པས་རླུང་གནད་ཆུན། །ལི་ཁྲི་བཞིན་དུ་བསྒྲིམས་པས་དྲོད་སྐྱེ་མྱུར་་མིག་སྣ་རྩེར་ཕབ་པས་སེམས་གསལ་ལོ། །ན་མོ་གུ་རུ། རིན་པོ་ཆེའི་ཞལ་ནས། འཁོར་བར་འཁྱམས་པ་ཅིས་ལན། མ་རིག་པས་ལན། མ་རིག་བ་ཅི་ཙུག་ ༣༧༧༑ ༢༣༡ ༣༧༨༑ །ཏུ་འདུག །མ་རིག་པ་སྟོང་བ་ཉིད་དུ་འདུག །མ་རིག་བ་ལུང་མ་བསྟན་དུ་འདུག་པ་ལ། རྐྱེན་དགེ་བ་དང་འཕྲད་ན་དགེ་བའི་གྲོགས་བྱེད། མི་དགེ་བ་དང་འཕྲད་ན་མི་དགེ་བར་འགྱུར་བ་ལ། འདུ་བྱེད་བྱུང་བས་མ་རིག་པ་དེ་འདུ་བྱེད་ཀྱི་ངོ་བོར་ཤར་བས། འདུ་བྱེད་དེ་དགེ་མི་དགེ་གཉིས་ལ་གཡོ། དེར་འདུཤེས་བྱུང་བས། དགེ་མི་དགེ་གཉིས་སུ་བཟུང་བས་ཉོན་མོངས་བ་ལ་འཇུག །དེར་རྣམ་བར་ཤེས་པ་བྱུང་བས། རྣམ་པར་ཤེས་པ་ལ་བག་ཆགས་ཀྱིས་བོན་བཏབ་བས་འཁོར་བར་འཁོར། འོན་འཁོར་བ་ལས་ཐར་བའི་ཐབས་གང་ཡིན་ན། བླ་མ་དམ་བའི་གདམས་ངག་ལ་བརྟེན་ནས་མ་རིག་བ་རིག་པར་རོ་སྤྲད་པས། རྣམ་པར་ཤེས་པ་འོད་གསལ་དུ་ཤར་བས། བག་ཆགས་ཀྱིས་བོན་གདབ་པའིས་མེད། འདུ་བྱེད་ཀྱང་འོང་གསལ་དུ་ཤར་བས་རྒྱུ་འབྲས་ལས་གྲོལ་བའོ། །རྒྱུའི་དུས་ན་འབྲས་བུར་རྟོགས་བས་རྒྱུ་དང་འབྲས་བུ་དུས་མཚུངས་བྱ་བ་ཡིན་གསུངས། །ན་མོ་གུ་རུ། རིན་པོ་ཆེའི་ཞལ་ནས། སྤྱིར་ཡང་ཀུན་ལ་ཟས་ཀྱི་རྣལ་འབྱོར་མེད་ཐབས་མེད་དེ། དེས་ན་སྡགས་ཀྱི་ ༣༧༩༑ ༢༣༢ མཞཔད རྣལ་འབྱོར་པ་ལ་ཟས་ཀྱི་རྣམ་འབྱོར་དང༌། སྦྱོད་ལམ་གྱི་རྣལ་འབྱོར་ཡང་ཤེས་པར་བྱ། །བཟའ་བ་དངབཅའ་བ་ཐམས་ཅད་ལ་ཨོཾ་ཨཱ་ཧཱུཾ་གིས་བྱིན་གྱིས་བརླབས་ནས། རང་ཡི་དམ་གྱི་ལྷར་བསམས་ནས་མཆོད་པ་བྱེད་བ་ནི་ཟས་ཀྱི་རྣལ་འབྱོར་རོ། །སྤྱོད་ལམ་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་བྱེད་བ་ནི་སྤྱོད་ལམ་གྱི་རྣལ་འབྱོར་རོ། །སྔགས་ཀྱི་རྣལ་འབྱོར་པ་དེས་ནི། ཟས་འདི་མི་བཟའ་བྱ་བ་མེད། སྤྱོད་པ་འདི་མི་བྱ་བ་མེད། གོས་ལ་འདི་མི་གོན་བྱ་བ་མེད། ཀུན་ལ་ཉམ་ང་མེད་པས་དཔའ་བོ་སེང་་གེ་ལྟ་བུར་སྤྱོད། སྡགས་ཀྱི་ལམ་དུ་ཞུགས་ནས་དམ་ཚིག་ལ་གནས་དགོས་ཏེ། དེ་ལ་བསྲུང་བའི་དམ་ཚིག་དང༌། སྤྱད་པའི་དམ་ཚིག་གཉིས་ལས་སྤྱད་་བའི་དམ་ཚིག་ནི་ལུས་ལྷའིང་རྒྱལ་དང་མི་འབྲལ་བ་དེ་ནི་སྐུའི་དམ་ཚིག །ངག་བཟླས་པ་དང་མི་འབྲལ་བ་ནི་གསུང་གི་དམ་ཚིག །ཡིད་སྐྱེ་མེད་དང་མི་འབྲལ་བ་ནི་ཐུགས་ཀྱི་དམ་ཚིག་སྟེ། དེ་ནི་སྤྱད་པའི་དམ་ཚིག་གོ། །བསྲུང་བའི་དམ་ཚིག་ནི། རྩ་བའི་ལྟུང་བ་བཅུ་བཞི་དང༌། མི་དགེ་བ་བཅུ་་སྤོང་བ་ཡིན་གསུངས། ལུས་ཀྱི་གསུམ་ནི་སྐུའི་ ༣༨༡༑ ༢༣༣ ༣༨༢༑ །འོ༌། །ངག་གི་བཞི་ནི་གསུང་གིའོ། །ཡིད་ཀྱི་གསུམ་ནི་ཐུགས་ཀྱི་དམ་ཚིག་གོ །རིག་པ་འཛིན་པའི་དུས་གཅིག་ན་འདི་སྐད་ཀྱང་གསུངས། རང་ལྷ་་ཡིན་གཞན་ཡང་ལྷ་ཡིན་པས། ལྷས་ལྷ་གསོད་པའམ། བརྡེག་པའམ་ཁྲི་བའམ། བརྫུན་ཟེར་བ་གན་མཆིས། དེ་ལྟར་ཡང་བསམ་འཚལ་གསུངས། སྦྱིར་སྔགས་ནས་ནི་གསང་བར་བཤད་པ་ཡིན་ལ། མ་གསངས་ན་དངོས་གྲུབ་ཀྱི་སྒོ་འཆོར་བ་ཡིན་གསུངས། །ན་མོ་གུ་རུ། བླ་མ་རིན་པོ་ཆེའི་ཞལ་ནས། བླ་མ་མཚན་ལྡན་ཞིག་དང༌། སློབ་མ་མཚན་ལྡན་འཕྲད་ནས། བློ་སྣ་ཁྲིད་ན་ལམ་གཅོད་པ་ལ་ཚེགས་མེད། དགེ་བའི་བཤེས་གཉེན་ལ་རག་ལས་པས། དེ་མིན་ན་ལམ་ལ་རྙེད་པའི་དུས་མི་འོང་གསུངས༌། བླ་མ་ནི་ཤེས་རབ་ཀྱི་མིག་ཅན་དང༌། ཆོས་ཀྱི་མིག་ཅན་གཉིས་ཡིན་ཏེ། ཤེས་རབ་ཀྱི་མིག་ཤེས་བྱ་གཏན་ལ་འབེབས་པས། ཅན་ནི་ཆོས་སྤྱི་དང་རང་གི་མཚན་ཉིད་ལ་མཁས་པས། ཆོས་ཀྱི་དོན་ཕྱིན་ཅིམ་ལོག་པ་མ་འདྲེས་བར་དོན་སྤྱི་མ་ནོར་ག་སྟོན་པའོ། །ཆོས་ཀྱི་མིག་ཅན་ནི་ཆོས་ཀྱི་དོན་མ་ནོར་བར་ལྷག་གིས་རྟོགས་པ། ༣༨༣༑ ༢༣༤ མཞཙད དོན་དང་གི་ངོ་བོ་ཉམས་སུ་མྱོང་བ། ཤེས་པ་རྣལ་མར་ནང་ནས་ཤར་བ། དེ་གཤིས་ལམ་ཤོར་བར། ཤར་ནས་ཀྱང་ངང་གི་ཁྱབ་འབྲེལ་སློབ་མ་གྲོལ་བར་ནུས་པའོ། གཞན་ལ་སྐྲུན་པར་ནུས་པའོ། །ཡང་ན་བླ་མའི་མཚན་ཉིད་ནི་བཞི་སྟེ། དཀོན་མཆོག་གསུམ་ལ་ཐུན་མོང་མ་ཡིན་པ་ཡོད་པའོ། །དད་པའི་བདག་ཐོབ་བ། སེམས་ཅན་ལ་སྙིང་རྗེ་བའི་བདག་ཐོབ་པ། སྙིང་རྗེས་སེམས་ཅན་ཐམས་ཅད་བློ་ཕུགས་སུ་འཇུག་པ། ཟབ་མོའི་ཆོས་ལ་ངེས་བའི་བདག་ཐོབ་པ། ཆོས་ཐམས་ཅད་ཀྱི་གནས་ལུགས་རྟོགས་ཤིང་ངེས་ཤེས་སྐྱེས་པའོ། ཟང་རང་འཁྲེས་མེད། ཟིང་མེད་པར་འགྲོ་གཞན་་ཕན། ལ་ཆོས་སྟོན་ཆོས་དེ་དང་ལྡན་ན་གཞན་འདྲེན་པར་ནུས་པ་ཡིན་གསུངས་སོ། ནུས་པའོ། །ཁོང་སྟོན་པ་རྣམས་ནི་སྒྲོ་འདོགས་ཕྱི་ནས་བཅད་ནས་ཆོས་ཉིད་རྟོགས་པར་འདོད་པའོ། །ཆོས་མང་པོ་ཐོས་པར་འདོན། མང་པོ་མ་ཐོས་པ་ལ་བསམ་བ་མེད། མ་བསྒོམས་བླ་མའི་ཞལ་ནས་་འཛིན་པའི་སེམས་གཏན་ལ་ཕབ་ན། གཟུང་བའི་སྒྲོག་རང་རྡལ་དུ་འགྲོ་བས་དེ་ཙུག་་བྱུང༌། ངའི་འདིན་ཡང་དེ་ཙུག་བྱུང་བར། སློབ་དཔོན་ཤེས་རབ་བཟང་པོའི་ཞལ་ནས། གཟུང་བ་གཏན་ཕེབས་ན། ༣༨༥༑ ༢༣༥ ༣༨༦༑ །འཛིན་པ་སྒྲོག་རང་གྲོལ་ལ་འགྲོ་གསུངས། པལ་བསྒོམ་པ་མེད་ཟེར། སྟོན་པ་རྣམས་ཀྱི་ལུགས་ཡིན་ཏེ། རྣམ་རྟོག་མ་ཟད་ན། ཐ་སྙད་ཀྱི་ཚིགལ་ཟད་པ་མེད། ཚིག་མ་གྲུབ་བཞིན་དུ་བཏགས་པ་ཡིན་ནོ། །སྒྲུབ་པ་པོ་རྣམས་ནི་སྒྲོ་འདོགས་ནང་དུ་བཅད་ནས་ཆོས་ཉིད་རྟོགས་པར་འདོད། གཅིག་ཤེས་ཀུན་ལ་མཁས་པ་བྱ་བ་ཡིན་ཏེ། བླ་མ་མི་ལའི་ཞལ་ནས། སྒྲུབ་བརྒྱུད་ཀྱི་གདམས་ངག་ལ་བརྟེན་ནས་ཐམས་ཅད་རྡོས་ཐག་ཆོད་བར་འདུག །བསླབས་པའི་ཆོས་ཐམས་ཅད་ནི་བརྗེད། མ་བསླབས་པའི་ཆོས་ཐམས་ཅད་ནི་འཆར་ཞིང་འདུག །ངས་འབུམ་ཚར་གཅིག་ཙམ་གྱི་ཆོས་བཤད་ཀྱང་ཟད་པ་མེད། བླ་མ་མར་རྡོག་གཉིས་དེང་སང་ཡོད་ན་ཕར་་ལ་ཆོས་འཆད་བ་ཡིན་པ་ལ་གསུངས། མ་བསླབས་པར་ཡང་ཤེས་བར་འགྱུར། །ཤེས་བ་དོན་དང་ལྡན་པར་འགྱུར་གསུངས། དགོན་པ་བའི་ཞལ་ནས། གླུ་ཆུང་སོའི་བར་ནས་ལེན། ཁ་་འུག་པོ་ཞིག་ལ་ཅི་ཆ་ཡོད། །གདམས་ངག་ཉམས་མྱོང་སྟེང་ནས་བཤད། །ཉམས་མྱོང་མེད་ལ་ཅི་བྱ་ཡོད། །གསུངས་སྐད། དེ་དངའདྲ་སྟེ། ང་བསྒོམ་པ་ལ་ཆཡོད་ ༣༨༧༑ ༢༣༦ མཞཞད པ་ ཡིན། བཀའ་བློ་བྱས་འབའ་ཞིག་ཡིན། གདམས་པའི་དགེ་བཤེས་རྣམས་དང༌། མཚན་ཉིད་པའི་སྟོན་བ་རྣམས་དང༌། སྔགས་པ་ལ་སོགས་ཁྱེད་ཅག་ཅི་བསྒོམ་པལ་ཆ་ཡོད། ང་ཅི་བསྒོམ་ཁྱེད་བློ་དང་བྲལ་བའི་ཉམས་མྱོང༌། ཅག་ལ་ཆ་མེད། བོ་ཏོ་བའི་ཞལ་ནས། ཁྱེད་ཅག་ཆོས་ཤེས་བར་འདོད་ན་སྒོམས་དང་གསུངས་སོ། །སྒྲེ་བའི་ཞལ་ནས། ཁྱོད་ལོ་གསུམ་ཉན་པ་བས། ལོ་གཅིག་བསྒོམས་ན་ཏིང་ངེ་འཛིན་དང་ཨ་ཅང་ཆེས་ཏེ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཀྱང་དེ་ཆེ་འོང་གསུངས་སོ། །དེལ་ཉན་ནས། དགེ་བའི་བཤེས་གཉེན་རི་བོ་ལྟ་བུ་དེ་ལ་བརྟེན་ནས་དོན་འགྲུབ་གསུངས། རང་ཅག་གིས་ཀྱང་སྡམ་ཡང༌། འདིམ་སྤྱང་བྱ་བ་མེད་དེ། དངོས་པོ་ང་མཚན་མར་སྤྱད་བཟུང་བས། །འཁོར་བ་ལས་འཕགས་མ་ནུས། མཁས་པ་པཎྜི་ཏ་དང༌། གཞཉ་གྱི་མཁན་པོ་དང༌། སློབ་དབོན་དང༌། སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པ་འདི་མ་བྱས་བྱ་བ་མེད་དེ། སྲིད་པའི་རྩེ་མོ་མན་ཆད་ལས། ཐར་པའི་རྒྱུར་འགྲོ་མ་མྱོང༌། མཁས་པར་གྱུར་པ་སྡེ་སྣོད་གསུམ་ཁ་ཏོག་དུ་ཤེས་པ་དང༌། རྟོགས་ མཞཟད ༣༩༠༑ ༢༣༧ ༣༩༡༑ །པ་རྒྱུད་ལ་མ་ཁེལ། གནས་པའི་ཉམས་ཀྱི་སྲིད་པའི་རྩེ་མོསན་ཆད་ཀྱི་ཉམས་ཡིད། ལམ་ཡིན། བཙུན་བོ་སོག་མ་བཅག་མི་འཆོར་བ་དང༌། སྒོ་མ་ཉིད་མཚན་ངོ་མི་ཤེས་པ་ལ་སོགས་པ་ཡོད་ཀྱང༌། རང་སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་སྐུར་རྟོགས་ན་འབྲས་བུ་ཡིག་གསུངས། གི་སེམས་མ་རྟོགས་ན་འཚང་མི་རྒྱ། ང་ནི་སྒོམ་བཟང་བ་བས་ཀྱང་སེམས་རྟོགས་པ་ལ་རྩིས་ཆེ་གསུངས། སྒོམ་ཆེན་བ་སྒོམ་བཞག་ནས་གནས་གཞིའི་ཚིས་བྱེད་པ་དང༌། ཕན་སེམས་ཆེ་ཆེ་ལྟར་གཞན་ལ་ཆོས་འཆད་པ་དང༌། སྲུང་་སྐྱོབ་ལ་སོགས་པ་བྱེད་པ་དང༌། ཆོས་དངོས་བཞག་ནས་གཟུགས་བརྙན་་ལ་སྤྱོད་པ་ཡིན། སྒོམ་ཆེན་པ་ལ་གནས་བརྟན་དང༌། གཙོ་བོ་དང༌། གྲོས་དང༌། འདུན་མ་ལ་སོགས་པ་གཅིག་ཀྱང་མ་བཅོལ། འོ་ན་བྱས་པ་ལ་སྒོམ་པ་བཅོལ་བ་ཡིན། ད་ནི་རང་ཅག་ཤ་བ་སྨས་མ་བཞིན་དུ་ཐཾད་ལ་འབྲོས་དགོས་པ་ཡིན། ཅིས་ཀྱང་བྱར་མེད་ཀྱི་བློ་ཞིག་སྐྱེ་དགོས། གནོད་བསྐྱེལ་བ་དང་ཨ་ཅང་ཆེས་ཏེ། ཕན་འདོགས་པ་ལ་ཡང་འབྲོས་དགོས་པ་ཡིན། མ་བྲོས་ན་ངོ་བསྲུང་དགོས། ངོས་བསྲུགས་ངན་ངོན་བརྟན་ ༣༩༢༑ ༢༣༨ མཟམད དགོས་པ་ཡིན་ནོ། བྱས་ན་དགེ་སྦྱོར་མིའོང་གསུགས། སྒྲུབ་པ་བྱེད་པའི་གང་ཟག་ལ། མཐའ་ཆོད་པ་དང༌། སོ་ཐུབ་པ་བྱ་བ་གཉིས་ཡིན། མཐའ་ཆོས་པ་བྱ་བ་ནི། ཆོས་སྤྱིའི་གཡོ་ཡུལ་དང༌། རྣམ་གཞག་ཆེ་བ། ལྟ་བའི་དོན་ལ་མཁས་པ། ཆོས་ཐམས་ཅད་ཀྱི་ཡིན་ལུགས་དང་འགྲོ་ས་ཤེས་བའོ། །ཚུགས་ཐུབ་པ་ནིཅི་ལ་ཡང་མི་བལྟ་བར་ཐམས་ཅད་བཞག་ནས་སྒྲུབ་བརྒྱུད་ཀྱི་གདམས་ངག་ཟབ་མོ་འདི་རྣམས་སྙིང་ཕུགས་སུ་བཅུག་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྒྲུབ་པ་བྱེད་པ་ཡིན། ཁ་ཕྱི་རུམི་བལྟ་ནང་དུ་བལྟས་ནས། རང་གི་འཁྲིས་གང་ན་འདུག་རྩ་དག་གཅོད་པ་ཡིན། འཇིག་རྟེན་པ་ཐམས་ཅད་དང་བར་རེ་ཚུར་རེ་ལ་བློ་འདྲེས་་འོང༌། མི་མཐུན་པ་ཞིག་དགོས་པ་ཡིན། འཇིག་རྟེན་པ་ནི་ཤེས་པ་ཕྱིན་ཅི་ལོག་པ་ཡིན། རང་ཅག་དེ་ལས་བཟློག་པར་འདོད་བ་ཡིན། རྒྱ་གར་ན་པུ་རུ་་ཥ་བྱ་བ་སྟོབས་དང་ལྡན་པའི་ཐ་ཚིག །དེ་བཞིན་དུ་གཞོན་ནུ་སྟོབས་དང་ལྡན་པའི་དུས་སྒྲུབ་དགོས་པ་ཡིན། མ་བསྒྲུབས་པར་འཚང་རྒྱ་བ་མི་མཆི། བླ་མ་མི་ ༣༩༤༑ ༢༣༩ ༣༩༥༑ །ལའི་ཞལ་ནས། སྒྲུབ་པ་མ་བྱས་པར་རྣལ་འབྱོར་པ་ཡིན། རྣལ་འབྱོར་པ་ཆོས་ཉིད་མ་མཐོང་བལ་ཟེར་བ་ཡིན། ཟེར་བ་འདུག་ན། དེ་ཅི་ལས་བྱུང་བ་ཡིན་ནམ་གསུངས། ཡང་བླ་མའི་ཞལ་ནས། བྲག་ཕུགས་དགོན་པར་ཡུན་བསྲིངས་ནས། བལྟས་ནི་ང་གི་སེམས་ལ་བལྟས། སློབ་མ་རྣམས་ཀྱང་སེམས་ལ་ལྟོས་གསུངས་དགོན་པ་བའི་ཞལ་ནས། ཁྱེད་ང་ལ་སྒོམ་ཞུན། སྔར་ཕན་ཕ་བསླབས་པའི་ཆོས་ཆོ་དུང་ཕྱིས་པ་བཞིན་ཐོང༌། དེ་ནས་ངལ་ཐར་པའི་རྒྱུར་འགྲོ་བ་བྱ་བ། ཕྱིན་ཅི་ལོག་གི་ཤེས་པ་ལས་ལོག་ནས་ཆོས་ལམ་དུ་འགྲོ་བ་ཞིག་དགོས་པ་ཡིན། བླ་མའི་མན་ངག་ལ་བརྟེན་ནས་གྲུབ་མཐའ་དང་བློ་མ་འདྲེས་པ་ཞིག་དགོས་པ་ཡིན། སྒོམ་བསླབ་ཀྱི་གསུགས་ནས། སློབ་དཔོན་ཡོན་བདག་ལ། ཐིག་ལེ་ཞིག་ལ་སེམས་གཏང་འཛིན་དུ་བཅུག་པས་སེམས་ཡེ་མ་ཟིན། དགེ་བཤེས་པ་འདྲབ་ལ་ཉན་པས་ཕན་པར་བྱུང༌། ཨེན་རེ་ཙམ་ཉན་པར་ཞུ་བྱས་པས། མི་རྒན་ང་ལ་ཉན་ན་སྒོམས་ཤིག་གསུགས། དེ་ནས་ཟླ་བ་དགུ་ལོན་ནས། སྒོམ་བྱུང་ནས་བླ་མ་ལ་དྲིས་པས། བླ་མའི་ཞལ་ནས་མདུང་བྱི་ཁུང་དུ་འཛུལ་ ༣༩༦༑ ༢༤༠ མཟཝད པ་ བྱ་བ་ཡིན། ད་གདོད་ཀྱིས་མདུང་ནམ་མཁའ་ལ་བསྐོར་་བ་བྱ་བ་འོང་བ་ཡིན། ད་ནི་ཐུན་རེ་ཉན་ཀྱང་ཕན། ཐུན་རེ་བལྟས་ཀྱང་ཕན། ངའི་ཆོས་རྣམས་གཞན་དང་མ་འདྲེས་པར་སྒོམས་ཤིག་གསུགས། དེ་ནས་ཉན་སྙིང་ཡང་མ་འདོད། བལྟ་སྙིང་ཡང་མ་འདོད་པ། སྒོམ་གཅིག་པུ་ལ་སྦོ་སོང་ནས་བསྒོམས་པས། ཕྱིས་ཏིང་ངེ་འཛིན་ཀློང་དུ་གྱུར་ནས། བླ་མ་ལ་དྲིས་པས། དེ་ནི་མདུང་ནམ་མཁའ་ལ་བསྐོར་བ་བྱ་བ་ཡིན་གསུངས་སྐད། དེ་ནས་སློབ་དཔོན་ཡོན་བདག་གིས། དགོན་པ་བལ། སློབ་དབོན་་གྱི་ཆོས་ཚོ་ང་རང་ཉམས་སུ་ལེན། དགེ་བཤེས་པ་ལ་གཞན་ནས་བསླབས་ནས་བཤད་དམ་ཞུས་པས། དགོན་པའི་ཞལ་ནས། ལུང་པ་ཞིག་ན་མར་ལ། ཆུ་གཙང་མ་གཅིག་དང༌། མི་གཙང་་བ་གཅིག་གཉིས་ཡོད་ན་འདྲ་ནས་འགྲོ་བ་ཡིན། ཉན་ཡང་མ་ཉན། བཤད་ཀྱང་མ་བཤད། སྒོམ་གཅིག་པུ་གྱིས་ཤིག་གསུངས་ནས་སྒྲུབ་པ་འབའ་་ཞིག་མཛད་པས། ཕྱིས་ནི་ཡོན་ཏན་མང་པོ་མངའ་བའི་སྐྱེསུ་བུ་དེ་ལ་ཡོད་ཚུལ་དུ་འདུག་གསུངས་སོ། །སློབ་མའི་བློ་ཚོད་བླ་མ་མཁས་པས་འཁྲིད་ཀྱིན་པ་ཞིག་དོགས་༢༤༡ ༣༩༨༑ །པ་ཡིན། སློབ་མས་ཀྱང་ཅི་དྲན་དྲན་དྲིས། བླ་མས་ཀྱང་ཅི་དྲན་དྲན་བཤད་པས། བག་མེད་པའི་སྤྱོད་པ་བྱ་བ་ཡིན། ཆོས་ལམ་དུ་མི་འགྲོ་གསུངས་སོ། །བླ་མ་རིན་པོ་ཆེའི་ཞལ་ནས། སྤྱིར་གང་ཟག་དབང་པོ་རབ་འབྲིང་ཐ་མ་གསུམ་དུ་ཕྱེ་བ་ཡིན་ཏེ། གང་ཟག་དབང་པོ་རབ་དེ་དཀའ་བ་ཡིན། མི་འོང་བ་ཡིན་གསུངས༌། དེ་ཇི་ལྟར་དཀའ་ཞུས་པ་ལ། དཔང་པོ་རབ་ཅིག་གིས་ཆོས་ཉིད་སྐྱེ་བ་མེད་པའི་དོན་ལྷངས་ཀྱིས་རྟོགས་པའི་དུས་སུ། ཕྱི་སྣོད་ཀྱི་་འཇིག་རྟེན་ས་རྡོ་དང་རི་བྲག །ངམ་་གྲོག་དང་གཡངས། གཅོད་རོང་དང༌། བྱ་སྐྱིབས་དང། རྩིག་པ་དང་རེ་ལྡེ་ལ་སོགས་པ་ཐམས་ཅད་ཆོས་ཀྱི་སྐུར་འཁྱེར་ཤེས་པ། ནང་བཅུད་ཀྱི་སེམས་ཅན་སྐྱེས་པ་དང་བུད་མེད། རྟ་དངགླང་པོ་ལ་སོགས་བ་ཐམས་ཅད་མི་རྟག་པར་ཤེས། རྨི་ལམ་སྒྱུམ་ཙམ་དུ་ཤེས། སྣང་བ་འདི་ཐམས་ཅད་བན་བུན་དུ་སོང༌། དེ་ཙ་ན་དོན་དམ་བར་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལས་འོས་མི་འདུག་སྙམ་པར་ཤེས་བའི་དུས་སུ། ཐམས་ཅད་ལ་བཟང་ངན་མེད། ཆེ་ཆུང་མེད། ཡིན་མིན་མེད། གསེར་དང་བོང་བ། ༣༩༩༑ ༢༤༢ དགྲ་དང་བུར་མཉམ་པ། འཁོར་བའདིའི་ཞེན་པ་ལོག །ཆོས་ཐམས་ཅད་སྤྲོས་པའི་མཐའ་དང་བྲལ་བ་ཞིག་ལ། གང་ཟག་དབང་པོ་རབ་ཟེར་བ་ཡིན་ཏེ། དཀའ་བ་ཡིན་མི་འོང་བ་ཡིན་གསུངས། དེ་བས་དབང་པོ་འབྲིང་ཡང་དཀའ་བ་ཡིན་གསུངས། དེ་ཇི་ལྟར་དཀའ་ཞུས་པས། གང་ཟག་དབང་པོ་འབྲིང་ཞིག་ལ་བར་དོའི་ཤེས་བ་འོང་བས། རྨི་ལམ་བར་དོ་ཟིན་བ་ཞིག་སྦྱོང་དགོས་བ་ཡིན་གསུངས། རྨི་ལམ་བར་དོ་ངོས་ཟིན་པ་ལ་དགོས་བ་ཅི་ཡོད་ཞུས་པས། གཉིད་ལོག་པ་དང་ཤི་བ་འདྲ་བ་ཡིན། རྨི་ལམ་དང་བར་དོ་འདྲ་བ་ཡིན་གསུངས། དེ་ཇི་ལྟར་འདྲ་ཞུས་པ་ལ། གཉིད་ལོག་པའི་དུས་སུ། ལུས་ཤ་ཁྲག་གི་བརྡོས་པ་ཅན་འདི། མལ་ན་རོ་དང་འདྲ་བར་ཡོད་པ་ལ། སེམས་་ཀྱི་རྣམ་པར་རྟོག་པ་དེས་གར་ཡང་རྟོལ། ཅི་ཡང་བྱེད། དཔེ་དེ་དང་འདྲ་བ་ཞིག་བར་དོའི་ཤེས་བ་ལ་ཡང་འབྱུང་བས། རྨི་ལམ་བར་དོ་ངོས་ཟིན་བ་ཞིག་སྦྱོང་དགོས་པ་ཡིན་གསུངས། ལར་དབང་བོ་འབྲིང་ཞིག་གིས། ཆོས་ཉིད་སྐྱེ་བ་མེད་བའི་དོན་གཅིག་པུ་བསྒོམས་པས་ཀྱང་མི་འོང༌། རྒྱུ་བསོད་ནམས་ཀྱི་ཚོགས་བསགས་ནས། ༤༠༡༑ ༢༤༣ ༤༠༢༑ །འབྲས་བུ་ཡེ་ཤེས་ཀྱི་ཚོགས་ལམ་དུ་འཁྱེར་དགོས་པ་ཡིན་གསུངས། རྒྱུ་བསོད་ནམས་ཀྱི་ཚོགས་བསགས་པ་ལ། ཇི་ལྟར་བགྱི་ཞུས་པས། དགེ་བ་ཆེ་བས་ཀྱང་མི་ལང༌། ཆུང་བས་ཀྱང་་མི་ལང་བས། ཆེ་ཆུང་ཕྱོགས་མཐའ་དག་ནས་བར་མཆད་པར་གསོག་དགོས་པ་ཡིན་གསུངས། འབྲས་བུ་ཡེ་ཤེས་ཀྱི་ཚོགས་ལམ་དུ་འཁྱེར་བ་ལ་ཇི་ལྟར་བགྱི་ཞུས་པས། བསྐྱེད་པའི་རིམ་བ་དང་རྫོགས་པའི་རིམ་བ་གཉིས་ཀ་ལམ་དུ་ཁྱེར་དགོས་གསུངས། ཆེ་གཅིག་གིས་ཆོག་མོད་གཉིས་ཀཅི་་དགོས་བྱས་བ་ལ། གང་ཟག་དབང་པོ་འབྲིང་ལ་རེས་འཇོག་འོང་བས། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་ཟུང་འཇུག་ཏུ་བསྒོམས་པས་ཤི་བའི་དུས་སུ་བར་དོ་དང་པོའི་བྱང་་ཆུབ་མ་ཐོབ་ཀྱང༌། བསྐྱེད་པའི་རིམ་པས་སེམས་མ་ཟིན་ཀྱང་རྫོགས་པའི་རིམ་པས་སེམས་ཟིན། དེ་གཉིས་ཀས་མ་ཟིན་ཀྱང་རྒྱུ་བསོད་ནམས་ཀྱི་་ཚོགས་ཀྱིས་ངན་སོང་དུ་མི་ལྟུང༌། མི་ལུས་རིན་པོ་ཆེ་ཐོབ་ནས། སྔར་བསྒོམས་པའི་ལས་འཕྲོས་ད་ནས། འབྲས་བུ་ཆོས་ཀྱི་སྐུ་ཐོབ་སྟེ་སངས་རྒྱས་བྱ་བ་ཡིན་གསུངས། ༤༠༣༑ ༢༤༤ དེ་གཉིས་གང་དཀའ་གང་སླ་ཞུས་པ། གང་ཟག་དབང་པོ་ཐ་མའི་སྤྱོད་བསླ་བས། དེའི་སྤྱོད་པ་ཉམས་སུ་བླང་གསུངས། དེ་ཇི་ལྟར་བླང་ཞུས་པས། སོ་ཐར་བའི་སྡོམ་པ་་མ་ཉམས་པ་ལེགས་པར་བཟུང༌། མི་དགེ་བ་བཅུ་སྤང༌། དགེ་བ་བཅུ་དང་དུ་བླང༌། རྒྱུ་བསོད་ནམས་ཀྱི་ཚོགས་མཐའ་དག་བསག །དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ། །ཐེག་བ་ཆེན་པོའི་ཆོས་ལ་སྨོན་ལམ་གདབ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད། མཐར་སེམས་ཅན་གྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་གསུངས། །གུ་རུ་ན་མོ། སློབ་དབོན་རིན་པོ་ཆེའི་ཞལ་ནས། ཆོས་རང་གཤའ་མར་བྱེད་ཅིང་སྙིང་ནས་ཉམས་སུ་ལེན་ན། དང་པོར་ཚེ་འདིལ་བློ་ལོག་དགོས། དེའི་གོ་བ་ཡང་རྙེད་བ་དང༌། བཀུར་སྟི། གྲགས་པ་དང༌། སྙན་པ་ལ་སོགས། འཇིག་རྟེན་ཆོས་བརྒྱད་དོན་དུ་གཉེར་ན་བློ་མ་ལོག་པ་ཡིན། མཁས་པས་ཀྱང་མི་ཕན། བཙུན་པ་ལ་སོགས་པ་ཡོན་ཏེན་ཡོད་ཀྱང་མི་ཕན་པས། འཆི་བ་དང་མི་རྟག་པ་བསྒོམས་ནས། ཚེ་འདི་ལས་བློ་ལོག་པ་ཞིག་མེད་པའི་ཐབས་མེད་པ་ ༤༠༥༑ ༢༤༥ ༤༠༦༑ །ཡིན་གསུངས། ཤི་བའི་རྟིང་་ལ་མེད་ནས་མི་འགྲོ། ཡང་ལས་ཀྱིས་སྐྱེ་བར་འདུག་པས། ལས་འབྲས་ལ་ཡིད་ཆེས་བཞིག་ཅིས་ཀྱང་དགོས། མི་དགེ་བ་ཆེན་པོ་རྣམས་དང་ཨ་ཅང་་ཡང་ཆེས་ཏེ། ཕྲ་མོས་ཀྱང་ངན་སོང་དུ་སྐྱེ་བར་གསུངས་པས། སྡིག་པ་ཕྲ་ཞིང་ཕྲ་བ་ཡང་གཉེན་བོའི་སྒོ་ནས་སྤང༌། སོ་སོར་ཐར་བའི་སྡོམ་པ་བྱ་བ་ཡང་དེ་རང་ཡིན། ཡང་ལྷ་དང་མི་ཐོབ་པར་འདོད་པས། དགེ་བ་སྤྱད་པས་མཐོ་རིས་ཐོབ་སྟེ། བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ན་མིར་སྐྱེས་ཀྱངགྲོགས་མེད། ད་ལྟ་དང་ཁྱད་མེད། འཁོར་བའི་སྡུག་བསྔལ་ལས་མི་ཐར། ཐམས་ཅད་མི་རྟག་པ་ཡིན་པས་བདེ་བ་མེད། སྡུག་བསྔལ་གྱི་བདེན་པའི་མཚན་ཉིད་མི་རྟག་པ་ཡིན། དེས་ན་འཁོར་བ་ལ་སྐྱུག་ལག་པ་གལ་ཆེ། དེ་ལྟར་འཁོར་བའི་སྡུག་བསྔལ་ལས་ཡིད་བྱུང་ནས། རང་གིཅ་བུ་ཞི་བདེ་བསམ་བས་གང་ཟག་གི་བདག་མེད་རྟོགས་ན། འཕགས་པ་ཉན་ཐོས་ཀྱི་མྱ་ངན་ལས་འདས་བར་གསུངས་པ་ཡིན། ཉི་ཚེ་ཕྱོགས་གཅིག་གི་སྟོང་བ་དེ་ལ་ཡང་སངས་རྒྱས་ཀྱི་འཕྲིན་ལས་སེམས་ཅན་གྱི་ ༤༠༧༑ ༢༤༦ དོན་ལས་མེད་བས། ལམ་ཐེག་པ་ཆེན་པོ་རང་མཆོག་ཡིན། འཇིག་རྟེན་པའི་དབང་དུ་བྱས་ན་བོད་རིགས་ངན་ཡིན་ཀྱང༌། གཞན་དོན་འབའ་ཞིག་ལ་བློ་སྦྱོང་བས་བོད་ཐེག་པ་ཆེན་པོའི་རིགས་ཅན་དུ་བྱེད། ཐེག་པ་ཆེན་པོ་ཐེག་པ་ཆེན་པོ་ཟེར་ཡང། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་འབྲེལ་བ་ཅན་དུ་བསྒོམས་ནས། ཅི་བྱེད་སེམས་ཅན་གྱི་དོན་དུ་བྱེད་ན་ཐེག་པ་ཆེན་པོ་ཡིན་གསུངས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་གསང་སྔགས་ནས་ཚད་མེད་བ་བཞི་ལ་སོགས་པ་གསུངས། ཇོ་བོ་རྗེའི་ཞལ་ནས་སྡར་གྱི་གསུམ་པོ་འབྲེལ་བ་ཅན་དུ་བསྒོམས་ན། དེར་འདུས་གསུངས་པ་ཡིན་པར་འདུག །དེ་ཡང་སེམས་ཅན་ཐམས་ཅད་ཀྱིསའོ་སྐོལ་གྱི་ཕ་དང་མར་མ་བྱས་པ་མེད། ལམ་གྲངས་དཔག་ཏུ་མེད་པ་བྱས་བས་གསུངས། འཁོར་བ་ལ་ཐོག་མཐའ་མེད་པའི་གནད་ཀས་གསུངས། ཕ་མ་བྱས་པའི་དུས་ན་ཐམས་ཅད་དྲིན་ཅན་ཡིན་པས་འདི་རྣམས་ལ་བདག་གིས་ཕན་པར་བྱ། བདེ་བར་བྱ་སྙམ་བ་དེ་བྱམས་པ། རང་སྡུག་བསྔལ་མི་འདོད་པ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་སྡུག་ ༤༠༩༑ ༢༤༧ ༤༡༠༑ །བསྔལ་མི་འདོད་བར་མཉམ། རང་བདེབ་འདོད་པ་བཞིན་དུ་ཐམས་ཅད་བདེ་བར་འདོད་བར་མཉམ་པས། སེམས་ཅན་སྡུག་བསྔལ་དང་བྲལ་བར་བྱའོ་སྙམ་པ་དེ་སྙིང་རྗེ། རང་གཞན་དུ་སྣང་བ་འདི་སེམས་ཡིན་པས་སྣང་བ་ཙམ་དུ་མཉམ་བ་ཡིན། དོན་ལ་བདག་ཏུ་སྣང་བ་སེམས། སེམས་རང་ལ་བལྟས་པས་དངོས་པོ་ངོས་བཟུང་དང་བྲལ་བས། བདག་གི་དོན་རང་བྱ་རྒྱུ་མགྲུབ་བ་ཡིན་པས། འོ་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་རྫོགས་བའི་སངས་རྒྱས་ཐོབ་པར་བྱའོ་སྙམ་པ་དེ་བྱང་ཆུབ་ཀྱི་སེམས་ཡིན། བློདེལ་སྨོན་འཇུག་གཉིས་རིམ་གྱིས་སྦྱོང་བ་ཡིན་གསུངས། མཐར་ཕྱིན་པའི་དགོངས་པའོ། །དོན་དམ་བྱང་ཆུབ་ཀྱི་སེམས་འདིས། འཁོར་འདས་ཐམས་ཅད་ལ་ཁྱབབ་ཡིན། འདི་ལ་ཆོས་ཉིད་ཟེར་བ་ཡིན། ཆོས་ཉིད་ཀྱི་དོན་གོ་ཡང་ཕ་རོལ་ཏུ་ཕྱིན་པ་ཀུན་ནས་ཕྱི་རོལ་ཡུལ་ལ་རང་བཞིན་གྱིས་ཁྱབ་པས། རིག་པས་གཞིགས་ནས་ཡུལ་སྟོང་པར་མོས་པས་བསྒོམས་པས་ཆོས་ཉིད་མངོན་དུ་གྱུར་པར་གསུངས་ ༤༡༡༑ ༢༤༨ ལམ་གཅིག་ཡིན། དངོས་པོ་ལ་མངོན་པར་ཞེན་པ་དང་འབྲལ་བ་ལ་ཕན། འོ་སྐོལ་ལྟབ་དང་སྒོམ་བ་གཉིས་སུ་བྱེད། ལྟ་བ་ཡང་ཆོས་ཉིད་ཕྱི་ནས་མི་འཚོལ། རང་གི་སེམས་རིག་པ་གསལ་ལ་ངོས་བཟུང་མེད་པ་འདི་རང་ཆོས་ཉིད་ཡིན། འདུས་མ་བྱས་ཟེར་བ་ཡིན། རིག་མཁན་རང་ལ་རང་བཞིན་མི་འདུག་བས། ཆོས་ཀྱི་དབྱིངས་་ཟེརབ་ཡིན། དེ་བཞིན་ཉིད། ཡང་དག་པའི་མཐའ། དོན་དམ་པའི་བདེན་པ་ཟེར་ཏེ། ལྟ་བ་ཡིན། སྒོམ་པ་ཉམས་སུ་ལེན་པ་དེས་ཕྱག་རྒྱ་ཆེན་པོའི་དབང་དུ་བྱས་ནས། དང་པོར་རྩོལ་སྒྲུབ་དང་བྲལ་བས་ལུས་སེམས་་ཁོང་གློད་བ་ལ་སོགས་བ་གསུངས་པས། གནས་དབེན་པར་གདན་བདེ་བའི་སྟེང་དུ། དེ་བཞིན་གཤེགས་པའི་བཞུགས་མིག་འབྲས་མི་འགུལ་བར་ཐད་ཀརབ་ལྟ་ལུགས་དང་གཟིགས་ལུགས་སུ་བྱ། བྱང་ཆུབ་ཀྱི་སེམས་བསྒོམ། རང་ལུས་ལྷར་གསལ་བའི་སྤྱི་བོར་བླ་མ་བསྒོམས་ལ། རང་གི་ཇི་ལྟར་འདུག་པ། དེ་རང་གི་ཐད་ཀར་མ་བཅོས་པར་རང་ལུགས་སུ་ལྷན་གྱིས་བཞག །བཅོས་ན་རྟོག་པ་ཡིན་བས་མ་བཅོས་པ་གལ་ཆེ། དེའི་ངང་ལས་རྟོག་པ་ ༤༡༣༑ ༢༤༩ ༤༡༤༑ །བྱུང་ན་མི་སྤང༌། རང་ཤར་ཡིན་པས་ཐད་ཀར་རང་དུ་མ་བཅོས་པར་རང་ལུགས་སུ་ཙེན་གྱིས་བཞག །གཉིས་སུ་མི་བྱ། ཕྱག་རྒྱ་ཆེན་པོ་གཉིས་སུ་མེད་པ་ཡིན། གཉིས་སུ་སྣང་བ་ཐམས་ཅད་མ་རིག་བས་རྒྱུ་བྱས་ནས་འཁྲུལ་པ་སྣ་ཚོགས་སུ་བྱུང་བ་ཡིན། མདོར་ན་ཕྱག་རྒྱ་ཆེན་པོ་བློའི་དྲི་མ་དང་བྲལ་བར་སྒོམས་གསུངས། ལས་དང་པོ་པ་ཐུན་ཆུང་ལ་གྲངས་མང་བར་བྱ། དེ་ལྟར་རྒྱུན་དུ་མ་ཡེངས་པར་བསྒོམས་པས། ཉམས་རྣལ་འོར་བཞི་ཡང་རིམ་གྱིས་འཆར་སྣང་སེམས་གཉིས་སུ་མེད་བ་ཡིས་རྐྱེན་གྱིས་མི་གནོད་ཅིང༌། འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་རང་ལ་ཚང་བར་ཡོད་གསུངས། གསང་སྔགས་ཀྱི་སྒོར་ཞུགས་བ་རྣམས་ཀྱིས། རླུང་གནད་དུ་བསྣུན་པ་ཡང་གལ་ཆེ། རླུང་བཟུང་ན་སེམས་ཟིན་ནས་འོང༌། སེམས་ཀྱི་བཞོན་པ་རླུང་ཡིན་པར་རྒྱུད་ལས་གསུངས། རླུང་སེམས་་གཉིས་སུ་མེད་བ་ཡིན་ནོ། །བླ་མའི་གསུང་སྒྲོས་འདི་བྲིས་བས། འདི་བཞིན་ཉམས་སུ་བླངས་ནས་ནི། །རང་གཞན་དོན་རྣམས་འགྲུབ་པར་ཤོག །བླ་མའི་ཐུགས་དགོངས་ ༤༡༥༑ ༢༥༠ ཙཕཛད རྫོགས་བར་ཤོག། །བླ་མ་རིན་པོ་ཆེའི་ཞལ་ནས། གཉུག་མ་དང་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྱད་གང་ཞེན། ལྷན་ཅིག་སྐྱེས་སྦྱོར་ནི་རྟོག་པ་ལམ་དུ་འཁྱེར་ཏེ། རྟོག་བ་ལ་གཉིས། བཟང་རྟོག་དང་ངན་རྟོག་གོ །གང་བྱུང་ཡང་སྐུ་དྲིན་དུ་ཤེས་བས་རྟོག་བ་ལམ་དུ་བྱེད་པས། འཁོར་བར་འཁྱམས་པ་ནི་རྣམ་པར་རྟོག་པ་ངོ་་མ་ཤེས་པས་འཁྱམས་ཏེ། དེ་ནི་རྟོག་པ་ལམ་དུ་བྱེད་པས་འཁོར་བ་ལ་ཉམ་ང་མེད་དོ། །གཉུག་མ་ན་རེ། ཁྱོད་ཀྱིས་རྟོག་བ་ལམ་དུ་ཁྱེར་བས། བཅད་བྱ་དང་གཅོད་བྱེད་གཉིས་སུ་བཟུང་ནས་རྟོག་པ་ལ་ཟད་པ་མེད་དེ། རྟོག་བ་གཅིག་བྱུང་བ་དེ་ངོ་ཤེས་པར་བྱས། ཡང་གིཅག་བྱུང་བ་དེ་ཡང་ངོ་ཤེས་པར་བྱས་ཀྱང༌། ངོ་བོ་མ་མཐོང་ན་དེས་གོ་མ་ཆོད། མཐོང་རྒྱུ་ཞིག་བྱུང་ན་དེ་རང་ཡིན། གཞན་མཐོང་རྒྱུ་མེད། ང་མ་མཐོང་ན་རྟོག་བལ་ཟད་པ་མེད་པས་ཁོད་ཀྱི་་དེ་ལ་ཐུག་པ་མེད་པའི་སྐྱོན་ཡོད། ང་ནི་དང་པོ་སྐྱེ་བམེད་པ་ཡིན། བར་དུ་གནས་པ་མེད་པ་ཡིན། ཐ་མ་འགག་པ་མེད་པ་ཡིན། ངོ་བོ་ངོས་བཟུང་དངབྲལ་བ་ཡིན། རང་བཞིན་རྒྱུན་ཆད་མེད་པ་ཡིན། མཚན་ཉིད་ ༤༡༧༑ ༢༥༡ ༤༡༨༑ །བློ་ལས་འདས་པ་ཡིན། ང་ནི་གསང་སྔགས་ཀྱི་དབང་དུ་བྱས་ནས་མཚན་མའི་ངོས་ནས་བལྟས་ན། དུས་གསུམ་གྱི་སངས་རྒྱས་ཀྱིས་ཀྱང་གཟིགས་པར་མི་འགྱུར། མཚན་མེད་ཀྱི་ངོས་ནས་བལྟས་ན་དུས་ཐམས་ཅད་དུ་རྒྱུན་ཆད་མེད་པ་ཡིན། ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ན། ང་ལ་བསལ་བྱ་ཅི་ཡང་མེད༌། །བསྣན་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །དེ་ལ་ཡང་དག་ནི་ངའོ། །ཡང་སྔགས་ཀྱི་ངོ་བོ་ངེས་ཚིག་དབྱེ་་བ་གསུམ་མོ། །དེ་ལ་ངོ་བོ་ནི་སྐྱེ་བ་མེད་བས་སངས་རྒྱས་ཀྱི་ཐུགས་ཡིན་ཏེ། དེ་ཡང་ཅིས་ཤེས་ན། སཾ་བཱུ་ཊི་ལས། སྐྱེ་མེད་རང་བཞིན་སྔགས་ཡིན་ཏེ། །སྔགས་ཀྱི་ངེས་པ་ཅི་ཡང་མེད། །ཅེས་པའོ། །ངེས་ཚིག་ནི་ཡིད་སྐྱོབ་པ་སྟེ། དེ་ཡང་གསང་བ་འདུས་པ་ལས། མ་ན་ཡིད་ཏྲཱ་ཡ་སྐྱོབ་པའོ། །དབྱེ་བ་ནི། རྟོག་བའི་སྔགས་་དང༌། རང་རིག་པའི་སྔགས་དང༌། བརྡའི་སྔགས་སོ། །དང་པོ་རྟོག་པའི་སྔགས་ནི་ཀུན་བཏགས་ཁོང་གི་རླུང་དང༌། གཞན་དབང་ངག་ཏུ་སྨྲ་བ་འབྱུང་བའོ། ། ༤༡༩༑ ༢༥༢ ཙབཔད གཉིས་པ་རང་རིག་པའི་སྔགས་ནིསྐྱེ་མཆེད་འོད་གསལ་ལོ། །གསུམ་པ་བརྡའི་སྔགས་ནི། གཟུངས་སྔགས་མཐའ་དག་དང། བསྐྱེད་རིམ་མཐའ་དག་གོ །དེ་ལ་མགོ་ཅན་དང༌། མཐའ་ཅན་དང༌། སྦྲུལ་ལྟ་བུ་དང༌། ཡི་གེ་བསྡུས་པའོ། །དེ་ཡང་གསངབ་འདུས་པ་ལས། ཐོག་མར་ཨོཾ་བསྟན་ཐ་མར་སྭཱཧཱ་མེད་པ་ནི། ཡི་གེ་མགོ་ཅན་ཞེས་བཤད་དོ། །ཐོག་མར་ཨོཾ་མེད་ཐ་མར་སྭཱཧཱ་ལྡན་པ་ནི། ཡི་གེ་མཐའ་ཅན་ཞེས་བཤད་དོ། །ཐོག་མར་ཨོཾ་མེད་ཐ་མར་སྭཱཧཱ་མེད་པ་ནེ་ཡི་གེ་བསྡུས་བཞེས་བཤད་་དོ། །ཐོག་མར་ཨོཾ་ཡོད་ཐམར་་སྭཱཧཱ་ཡོད་བ་ནི། སྤྲུལ་ཏེ་ཞི་བའི་ལས་ཅན་ནོ། །ཞེས་སོ། །ཡང་རིན་པོ་ཆེའི་ཞལ་ནས། སྒྲུབ་པ་པོ་གཅིག་གིས་བསྒྲུབས་པས། རང་གི་རྒྱུད་ལ་ཡོན་ཏན་བྱུང་བའི་སྟོབས་ཀྱིས། སློབམ་དད་བ་ཅན་དངའཕྲད་་ནས་དེ་ལ་ཆོས་བཤད་པས། སྒྲུབ་པ་པོ་དེ་ལར་རང་ཚེ་འདི་ཉིད་ལ་སངས་རྒྱས་རྒྱུ་དེ་ཕྱིར་ནུར་ནས་འགྲོ་བ་ཡིན་ཏེ། དེ་ལ་ནི་དངོས་གྲུབ་ཀྱི་སྒོ་ཡལ་ཟེར་བ་ཡིན། དེ་བས་ན་བཀའ་གདམས་པའམ་ཁ་ཅིག་གིས། ལྐོགས་རྒྱུགས་བྱས་ཟེར་ཙམ་ན། མིས་མཚོར་ ༤༢༡༑ ༢༥༣ ༤༢༢༑ །བར་དོན་གྲུབ་པ་ཡོད་བའམ། ཡང་རང་ལ་ནུས་པ་ཡོད་ན། སློབ་མ་སྐལ་བ་དང་ལྡན་པ་ནི་རང་གི་སྲོག་ལ་བབ་ཀྱང་སྐྱོང་དགོས་པར་བཤད་དོ། །ཡང་སྒྲུབ་པ་པོ་ལ་རླངས་པ་ཕྱིར་ལ་ཤོར་བྱ་བ་ཡོད་དེ། དེནི་སྒྲུབ་པ་པོ་རང་་ལ་ཡོན་ཏན་ཞིག་སྐྱེ་བས་ཏེ། ཕྱི་ཟང་ཟིང་གི་འདུ་འཛི་རུ་སོང་ནས། སྒྲུབ་པའི་བར་ཆད་དུ་འགྱུར་བ་ཡོད། སྤྱིར་ཡང་བསོད་ནམས་ཟེར་བའི་འདུ་འཛི་འདི་ཡང་བདུད་ཀྱི་ལས་སུ་བཤད་པ་ཡིན་གསུངས་སོ། །ཡང་རིན་པོ་ཆེའི་ཞལ་ནས། སྤྱིར་བསྒོམ་པ་ལ་གོལ་ས་མང་ཡང༌། ཁམས་གསུམ་དང་བསམ་གཏན་བཞི་དང༌། སྐྱེ་མཆེད་མུ་བཞིལ་སོགས་པ་གོལ་སར་བཤད་པ་ནི། འཛིན་པ་བག་ཙམ་ལ་བརྟེན་ནས་གོལ་བ་ཡིན། ཉན་ཐོས་སུ་གོལ་བ་དེ་བཅད་པའི་སྟོང་པ་ལ་གནས་པས་གོལ་བ་ཡིན། ངོ་བོ་འཛིན་མེད་དུ་གནས་ནས་དེས་ན་གང་དུ་ཡང་གོལ་ས་མེད་གསུངས། ཉམས་དང་རྟོགས་པ་གཉིས་སུ་ཤོར་བ་ཡང༌། ཉམས་ནི་བདེ་གསལ་ལ་མཆོག་འཛིན་དུ་སོང་བས་ཤོར་བ་ཡིན། རྟོགས་པ་ནི་ཉམས་ཀྱི་རྒྱུན་ལ་ཆད་པར་འཛིན་བས་ནོར་བ་ཡིན་ཏེ། ཤོར་ས་གཉིས་ ༤༢༣༑ ༢༥༤ ཙབཙད ཡིན་གསུངས། །མི་རྟོག་པ་དང་ཡེ་ཤེས་དང་སྟོང་པ་དང་གསུམ་ནི། མི་རྟོག་པ་ནི་རྟོག་པ་དང་བྲལ་བ་ལ་བྱ། ཡེ་ཤེས་ནི་སེམས་ཉིད་ལྷན་ཅིག་སྐྱེས་པ་འོད་གསལ་བ། ཡེ་ནས་ཡོད་པ་ངོ་ཤེས་པའོ། །སྟོང་པ་ནི་དེ་ཉིད་ངོས་བཟུང་དང་བྲལ་བའོ། །ཤེས་པ་ཤེས་བྱ་ཤེས་རབ་གསུམ་ནི། ཤེས་པ་ནི་རང་རིག་པའི་ངོ་བོ། །ཤེས་བྱ་ནི་བློའི་ཡུལ་དུ་གྱུར་པའི་ཆོས་ཐམས་ཅད། ཤེས་རབ་ནི་དེ་ནིད་རྟོགས་བར་བྱེད་པའོ། །མི་དམིགས་བ། སྟོང་པ། མཚན་མ། གསུམ་ནི། སྟོང་བ་ཉམས་སུ་མྱོང་བའམ། མཚན་མ་ལ་གང་ཡང་མི་དམིགས་པ་ནི་མི་དམིགས་པའོ། །ཕྱི་གཟུང་བའི་ཡུལ་ཡང་གཞི་རྩ་མ་གྲུབ། ནང་འཛིན་པའི་སེམས་ཀྱང་གཞི་རྩ་་མ་གྲུབ་བནི་སྟོང་བའོ། །གཟུང་བ་དང་འཛིན་པར་བཅས་པ་ནི་མཚན་མའོ། །ཆོས་ཟབ་པ་དང༌། མི་ཟབ་པ་འབྲིང་པོ་གསུམ་ནི། མི་ཟབ་པ་ནི་རྒྱུ་དགེ་མི་དགེ་་ཡོད་བར་བཟུང་བ་ལས། འབྲས་བུ་བདེ་བ་དང་སྡུག་བསྔལ་ཡོད་པར་མྱོང་ནས། ལས་འབྲས་ལ་ཡིད་ཆེས་བ་ནི་མི་ཟབ་པའོ། །འཁོར་བ་དང་མྱ་ངན་ལས་་འདས་བའི་ཆོས་ཐམས་ཅད་ཡོད་མ་བྱོང༌། ༤༢༥༑ ༢༥༥ ༤༢༦༑ །རེ་ཞིག་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པ་ནི་འབྲིང་པོའོ། །ཟབ་པ་ནི་གཉུག་མ་སྟེ། རྒྱ་མཚོ་དང་འདྲ་གཏིང་མི་རྙེད་པས་ཟབ་པའོ། །སེམས་དང་སེམས་ཅན་སེམས་ཉིད་གསུམ་ནི། སེམས་ནི་ངར་འཛིན་གྱི་རིག་བའོ། །སེམས་ཅན་ནི་སེམས་ཅན་ཐམས་ཅད་དོ། །སེམས་ཉིད་ནི་རྒྱུན་ཆད་་མེ་དང་པའི་ཆོས་སྐུའོ། །རྒྱུ་ལམ་འབྲས་བུ་གསུམ་ནི། སྐྱེད་པར་བྱེད་པས་ན་རྒྱུ། འཕེལ་བར་བྱེད་བས་ན་ལམ། རྫོགས་པར་བྱེད་པས་ན་འབྲས་བུའོ། །དེ་ཡང་མར་གྱི་དབང་དུ་བྱས་ན། རྒྱུ་མ་རིག་པ་ལས་སྡིག་པ༌། སྡིག་པ་ཆུང་དུ་ལས་ཆེན་པོར་འཕེལ་བས་འབྲས་བུ་ངན་སོང་གསུམ་མོ། །ཡར་གྱི་དབང་དུ་བྱས་ན། ཕ་རོལ་ཏུ་ཕྱིན་པ་ནི་རྒྱུ་རིག་པ་བྱང་ཆུབ་ཀྱི་སེམས། ལམ་ཕ་རོལ་ཏུ་ཕྱིན་པ་དྲུག །ཡང་ན་ལམ་བསླབ་པ་གསུམ། འབྲས་བུ་སྐུ་གསུམ། གསང་སྔགས་ནི་རྒྱུ་རིག་པ་བྱང་ཆུབ་ཀྱི་སེམས། ལམ་བསྐྱེད་རྫོགས་གཉིས། འབྲས་བུ་སྐུ་གསུམ་མོ། །འཆིབ་བསྒོམས་པས་ཚེ་འདིའི་དོན་མི་བྱེད། འཁོར་བའི་ཉེས་དམིགས་བསྒོམས་པས་འཁོར་བར་མི་སྐྱེ། ལས་དང་འབྲས་བུ་བསྒོམས ༤༢༧༑ ༢༥༦ ཙབཞད པས་ངན་སོང་དུ་མི་སྐྱེ། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་ཉན་ཐོས་དང་རང་རྒྱལ་ར་མི་སྐྱེ། ཆོས་ཟབ་མོ་སྟོང་བ་ཉིད་བསྒོམས་པས་གཟུགས་མེད་ཀྱི་ཁམས་སུ་མི་སྐྱེ། འཆི་བ་བསྒོམས་པ་ཕན་ཡོན་གསུམ། ཡོན་ཏན་ལྔ་ཡོད་དེ། སྐྱོ་བ་སྐྱེ་བ་ཡིན། དད་པ་གསོ་བ་ཡིན། བརྩོན་འགྲུས་ཀྱི་ལྕག་ཏུ་གྱུར་པ་ཡིན། །འཇིག་རྟེན་པ་ལ་མི་ཆགས་པ་ཡིན། མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པ་ཡིན། འཆི་བ་བསྒོམ་པ་ལ་རབ་འབྲིང་གསུམ་ཡོད་དེ། རབ་ཀྱིས་དངོས་པོ་ཞག་ཏུ་མི་འཛིན། འབྲིང་ཟླ་བར་མི་འཛིན། ཐམས་ལོར་མི་འཛིན་པའོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སེམས་ཉིད་ལྷན་ཅིག་སྐྱེས་བ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་བ་ཆོས་སྐུའི་འོད། སེམས་ཉིད་ལྷན་ཅིག་སྐྱེས་བ་ནི། སེམས་ཀྱི་རང་བཞིན་ནམ་ངོ་བོ་དེ་ཡིན། སྣང་བ་ལྷན་ཅིག་སྐྱེས་པ་ནི། དེ་ལས་བྱུང་བའི་རྣམ་པར་རྟོག་པ་དེ་ཡིན། དེ་ཡང་ཉི་མ་དང་ཉི་མའི་འོད་བཞིན་ནམ། ཅིན་དན་དང་ཙན་དན་གྱི་དྲི་ལྟ་བུ་ཡིན། དེ་ལ་རྟོགས་པར་བྱ་བའི་ཆོས་གསུམ་དང༌། ཉམས་སུ་བླང་ ༤༢༩༑ ༢༥༧ ༤༣༠༑ །པའི་ཆོས་གསུམ་ནི། སྣང་བ་ལྷན་ཅིག་སྐྱེས་པ་ཅི་ཡང་མ་ཡིན་པ་ལ་སྣང་བ་སྣ་ཚོགས་ཤར་བ་རྟོགས་པར་བྱ་བ་དང༌། སྣ་ཚོགས་སུ་ཤར་ཡང་དོན་ལ་ཅི་ཡང་མ་ཡིན་པར་རྟོགས་པར་བྱ་བ་དང༌། གཉིས་སུ་མེད་བ་སྨྲར་མི་བཏུབ་པར་ཤེས་པར་བྱའོ། །དེ་ལ་ཉམས་སུ་བླང་བའི་ཆོས་གསུམ་ནི། དང་པོ་སེམས་ཉིད་ལྷན་ཅིག་སྐྱེས་པ་དེ་ལ་རྩོལ་སྒྲུབ་དང་བྲལ་བས་ལུས་སེམས་གློད་པ་དང༌། བར་དུ་ཐེ་ཚོམ་མེད་པར་སེམས་མ་བཅོས་པ་སོ་མར་བཞག་པ་དང༌། ཐ་མར་བྱུང་ཚོར་ཐམས་ཅད་སྐྱེ་མེད་དུ་ཤེས་པར་བྱའོ། །ལྟ་སྒོམ་སྤྱོད་པ་གསུམ་ནི། ལྟ་བ་མ་བཅོས་བ་གཉུག་མའི་ཤེས་བ། སྒོམ་བ་མི་རྟོག་པ་ཐ་མལ་གྱི་ཤེས་པ། སྤྱོད་པ་མ་ཞེན་པ་ཚོགས་དྲུག་རྒྱ་ཡན་ལྷུག་པ། ཐབས་མ་ཡེངས་པ་དྲན་རྟོག་རྒྱུན་ཆགས་སོ། །དེ་ཡང་སངས་རྒྱས་དང་སེམས་ཅན་རྒྱུ་གཅིག །སྣང་བ་དང་སེམས་ཉིད་ཐ་མི་དད། གཉུག་མའི་རང་བཞིན་དེ་ཁོན་ཉིད་དེ། བྱིས་པས་མ་ཤེས་སྙིང་པོའི་དོན་ལ་འཁྲུལ། བླ་མ་རིན་པོ་ཆེའི་གསུང་སྒྲོས་དམ་པ། སློབ་དབོན་སྒོམ་ཆུང་ལ་གདམས་ ༤༣༡༑ ༢༥༨ བའོ། །ནད་ཞི་བར་བྱ་བའི་ཐབས་ལ། བློ་བཅོས་པའི་ཐབས་ལ་གཉིས་ཏེ། རྗེས་སུ་བཟུང་བ་དང་ཚར་བཅད་པ་གཉིས་སོ། །རྗེས་སུ་བཟུང་བའི་ཐབས་ལ་གཉིས། ནད་ཉིད་ཐབས་སུ་འཁྱེར་བ་དང༌། ཤེས་རབ་ཀྱིས་ཤེས་པ་གཞན་དུ་འཁྲིད་པའོ། །ནད་ཐབས་སུ་འཁྱེར་བ་ནི། ཀུན་དུ་བཏགས་བའི་ནད་ནི། ཆོས་སམ་སྒོམ་མ་ཡགས་པས་ནད་དུ་སོང་སྟེ། ཁྱེད་ཀྱིས་ནི་ནད་མེད་པ་ལ་ནད་དུ་བཟུང་སྟེ། ནད་དེལ་བརྟེན་ནས་ཆོས་མ་ནོར་བ་ཞིག་དང་འཕྲད་པའི་ཐབས་ཡིན། ཆོས་མནོར་བར་རྒྱུད་ལ་སྐྱེ་བར་བྱེད་པའི་ཐབས་ཀྱང་དེ་ཡིན། འབྲས་བུ་མྱུར་དུ་ཐོབ་པར་བྱེད་བའི་ཐབས་ཀྱང་དེ་ཡིན་ནོ། །ཁོ་ལ་དེ་ལྟར་བསྟན་པས་ཁོས་ནད་སྐྱོན་དུ་མི་བལྟ་བར། ཡོན་ཏན་འབྱུང་སྙམ་ནས་ནད་ལ་དད་པས་རང་ཞིར་འགྲོ། ནད་མི་སོས་པའི་རྩ་བ་རེ་དོགས་གཉིས་ཡིན་ཏེ། རེ་བས་འགགས། དོགས་པས་བསུ་བ་ལ། ཁོས་ནད་དེ་ཉིད་ཐབས་སུ་ཤེས་བས། ན་ཡི་དོགས་པ་དང༌། སོས་སུ་རེ་བ་མེད་པར་ཞེན་པས་འཛིན་པ་བཏང་བས། ནད་ར་བཞིར་ཞི། འདྲེའི་གནོད་པ་ལ་ཡང་དེ་ལྟར་བྱ། རྗེས་ནི ༤༣༣༑ ༢༥༩ ༤༣༤༑ །རྗེས་སུ་བཟུང་བའི་ཚུལ་དུ་བཅོས་པའོ། །རྗེས་སུ་བཟུང་བ་ལ་ཀྷའི་བྱིན་རླབས་ཚུལ་དུ་ཡང་འཁྱེར། ཤེས་རབ་ཀྱིས་བློ་གཞན་དུ་འཁྲིད་པའི་ཚུལ་དུ་བློ་སྦྱང་བ་ནི། བློ་ནད་ལ་མི་གནས་པར་ཁོའི་ཤེས་པ་གང་འཇུག་འཇུག་ན་ཕར་འཁྲིད། བློ་གཞན་དུ་ཡེངས་པས་ནང་དུ་འཛིན་པའི་ཤེས་པ་ཉིད་ཤེས་རབ་ཏུ་ངོ་ཤེས་ནས། བློ་གར་སྒྱུར་སྒྱུར་དུ་བཏུབ་པ་ཆོས་ཉིད་ཡིན། ཡང་ན་བློ་ཚར་བཅད་པའི་སྒོ་ནས་ནད་ཞི་བར་བྱ་བ་ཡིན་ཏེ། ནད་དེ་རང་གི་ཐོག་ཏུ་ནད་རྩི་ཚི་བ་བློ་གར་འགྲོ་འགྲོ་་བསམས་པས། སྔར་གྱི་ནད་ཞི་བར་འགྱུར་བ་ཆོས་ཉིད་ཡིན། ཡང་ན་ནད་ཉིད་གང་ནས་བྱུང་རྩད་བཅད་པ་དང༌། ཁ་དོག་དང་དབྱིབས་ལ་བརྟགས་པས་ནད་ཀྱང་མེད་དེ་ཞི་ནས་འགྲོ་བ་ཆོས་ཉིད་ཡིན་ནོ། །དང་པོ་དམིགས་པ་དང་རྩོལ་བས་མི་འཇུག །བར་དུ་མི་གནས། ཐ་མར་མི་འཛིན་པའོ། །ལམ་འདི་དངའབྲེལ་བའི་གང་ཟག་ནི་བཞི་སྟེ། བྱང་ཆུབ་སེམས་དཔའ་སེམས་ཆེན་པོའི་རིགས་ལ། ཉན་ཐོས་ཀྱི་དུས་དང༌། རང་གིས་མ་རྟོགས་པ་བླ་མ་ལ་ཞུ་དགོས་བའི་རིགས་ལ་རང་རྒྱལ་ ༤༣༥༑ ༢༦༠ བའི་དུས་དང༌། གཞན་པས་ཀྱང་རང་གིས་ལྟར་རྟོགས་དགོས་པའི་རིགས་ལ་བྱང་ཆུབ་སེམས་དཔའི་དུས་དང༌། བདག་གཞན་གཉིས་ཀའི་དོན་བྱུང་ན། བྱང་ཆུབ་སེམས་དཔའི་རིགས་བདག་དང་གཞཉ་རྒྱུད་བསྲེ་ནུས་ན། ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་དུས་སོ། །ཚོར་བ་གཟུགས་ཁམས། བདེ་བ། ཚོར་བསྡུག་འདོད་ཁམས། བསྔལ་བ༌། ཚོར་བ་གཟུགས་མེད་ཁམས་ལ་ཆགས་ནའོ། །སྐྱེས་སྦྱོར་ཆུང་བའོ། །བཏང་སྙོམས་སོ། །བླ་མ་རིན་པོ་ཆེའི་གསུང་སྒྲོས་སློབ་དཔོན་སྒོམ་ཚུལ་གྱིས་ལྷ་སར་་བཞུགས་དུས་སུ། ཡོལ་བ་ཕྱི་གཏམ་ཡང་གསན་ནོ། །སློབ་དཔོན་ཚུལ་ཁྲིམས་ཡེ་ཤེས་ལ་གདམས་བ། དེས་བདག་ལ། །གུ་རུ་ན་མོ། བླ་མ་སངས་རྒྱས་ལ་གསོལ་བ་འདེབས་པ་འདི་ཐབས་ཀྱི་མཆོག་ཡིན་པས། སྙིང་དང༌། ཁྲག་དང༌། རུས་པའི་གཏིང་ནས། མོས་གུས་དྲག་པོ་བྱས་ལ། ཇི་ལྟར་འདོད་པའི་དོན་ལ་གསོལ་བ་འདེབས་དགོས། འདིས་ནི་དམ་ཚིག་ལ་སེལ་ཡོད་པའི་དགོས་པ་ཡང་སྐོངས། འདོད་པའི་དོན་ཐམས་ཅད་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ཡིན། ཀྱང་༢༦༡ ༤༣༧༑ །འགྲུབ་པའོ། །འདུས་བྱས་ཀྱི་དགེ་བ་ལ་བླ་མ་ལ་ཁྱད་པར་དུ་གདམས་པ་བཀའ་བཞིན་དུ་སྒྲུབ་པ་ནི་བསྙེན་བཀུར་གྱི་་མཆོག་ཏུ་གསུངས། སངས་རྒྱས་སུ་མཐོང་ནས་གསཔལ་བ་འདེབས་པ་ལས་བོགས་ཆེ་བའི་ཆོས་གཞན་མེད། བླ་མ་རིན་པོ་ཆེའི་གསུངས་སོ། །རང་ཁོ་ན་གཅེས་པར་བཟུང་ནས། རྐྱེན་ངན་པ་ལ་སོགས་པའོ། །ཨེན་ཙམ་རེ་ཡང་མི་བཟོད་པར་རྨ་ཁའི་ཤའུ་འཐོག་པ་འདྲ། རྟག་ཏུ་ཡུས་ཆེ་བ་ཉོན་མོངས་པ་ཐམས་ཅད་ལ་ངར་འདོགས་པ་འདི་ཡིན། རྒྱུད་ལ་བདུད་ལ་འདི་ལས་ཆེ་བ་ཡེ་མེད་་པས༌། འདི་ནིརཀྴ་གླང་མགོ་དངོས་ཡིན། ངའི་བསམ་པ་ཁོ་ནས་འབུང་བ་ཡིན་གསུངས་སོ། །ཡོན་ཏན་སྐྱེར་མི་སྟེར་བའི་གེགས་ཆེན་པོ་ཡིན། རང་གི་ནང་དུ་རླུང་འཚུབས་པས་བདེ་བ་ཐམས་ཅད་འཇོམས་པའི་ཐོ་བར་ཡང་འདུག །མཐོ་སྔོན་ཆད་སྤྱོད་པ་འདི་འབའ་ཞིག་ལ་བསྐྱལ་བས་རང་མགོ་འདིས་མནན་ནས་ཐར་བ་ཐོབ་ཏུ་མ་སྟེར། བླ་མ་དགེ་བའི་བཤེས་གཉེན་གཉའ་གཅག །དམའ་གྲོག་མ་སྦུར་བུ་ཡན་ཆད་ཕྱོགས་སུ་བཅད་ནས། རང་ཁོ་ནའི་ཁ་བཟུང་བས་འཁོར་བ་ལས་ཐར་རམ་མི་ཐར་བསམ་དགོས། རྒྱུད་ ༤༣༨༑ ༢༦༢ སྦྱངས་པ་དང༌། བསྒོམས་བའི་དགོས་བ་ནི། བདག་དང་གཞན་གྱི་དོན་ཕུན་སུམཚོགས་པ་ཡིན། ཕྱི་ནང་གི་འདོད་པ་ལ་སྐོམ་པ་ཆུས་གདུངས་བ་ལྟ་བུ་བདུད་ཀྱི་ལས་་བླ་མ་ལ་གུས་པར་མི་འགྱུར་བ་བདུད་ཀྱི་ལས། གདམས་པ་ལ་ཡིད་ཆེས་མེད་ཅིང་རྩིས་མེད་པ་བདུད་ཀྱི་ལས། ཏིང་འཛིན་ལ་གནས་པར་མི་བྱེད་ཅིང་རྟག་ཏུ་སེམས་་གཡེངས་བ་བདུད་ཀྱི་ལས། ང་འོ་སེམས་ཤིང་རང་ལ་གཅེས་པར་འཛིན་པ་བདུད་ཀྱི་ལས། ཚེ་འདི་ལ་ཞེན་ཅིང་བློ་མ་ལོག་པ་བདུད་ཀྱི་ལས་ཁྱོད་ཀྱི་བྱད་ཀྱི་དཀྱིལ་ན་ནག་པོ་ཞིག་འདུག་བྱས་ཀྱང་མི་དགའ་བ་ཡིན་གསུངས། སྔོན་ཆད་ཀྱང་འདི་ཁོ་ནས་འཁོར་བར་བཅིངས་པ་ཡིན་པར་གོ་དགོས། ཆེན་པོའོ། །དེ་ལས་ཟློག་པའི་ཐབས་ལ་འབད་པ་ནི། ནང་གི་འདོད་པའི་སྙིང་པོ་ནི། ལྕགས་ཀྱི་ཤལ་མ་ལི་འཛེག་པའམ། འབྲས་བུ་འཕྲ་སྐམ་གྱིས་འདོན་ལ། མདོ་ནས་གསུངས། དུག་ཧ་ལ་ཧ་ལ་པ་བཞིན་དུ་བསྒོམ་དགོས། ཕྱིའི་འདོད་པ་ལ་ནི། སངས་རྒྱས་དང་ཀུན་དགའ་བོའི་གསུང་བཞིན་དུ་བསྒོམ་ ༤༤༠༑ ༢༦༣ ༤༤༡༑ །དགོས་སྐད། བླ་མ་ལ་མི་གུས་པའི་གཉེན་པོར་ནི། བླ་མ་ཆོས་ཀྱི་བླ་མ་ལྔ་བཅུ་པ་ནས་འབྱུང་བ་བཞིན་སྐྱོན་ལ་མི་བརྟག་ཡོན་ཏན་ལ་བལྟ། སྐུར་བསམ་ཞིང་སྙིང་ཐག་པ་རུས་པའི་གཏིང་་ནས་གསོལ་བ་གདབ་པོ། །གདམས་ངག་ལ་ཡིད་མི་ཆེས་པའི་གཉེན་པོར། གདམས་ངག་བདུད་རྩིར་བསམ་ཞིང་རང་ནད་པར་བསམས་ལ། གདམས་ངག་གི་ཡོན་ཏན་ཤེས་བར་བྱའོ། །རང་ཡུས་ཀྱིས་རྒྱལ་བའི་གཉེན་པོར་འཁོར་བའི་ནད་སེལ་བར་ཤེས་དགོས། རང་ལ་ཡོན་ཏན་ཅི་འདུག་བལྟ། ཐམས་ཅད་ཀྱིས་ཁྱོད་ལ་གཅེས་པར་བྱེད་པར་འཆད་པ་ལ། དེ་བཞིན་དུ་མ་བྱུང་བ་ཡིན་ནམ་ཡང་བསམ། ཏིང་ངེ་འཛིན་ལ་མི་གནས་ཤིང་གཡེངས་པའི་གཉེན་པོར། ཏིང་ངེ་འཛིན་ནི་བླ་མ་ཡིན། ཏིང་ངེ་འཛིན་ནི་ཡིད་བཞིན་ནོར་བུ་རིན་པོ་ཆེ་ཡིན་པས། མ་ཡེངས་པ་སངས་རྒྱས་ཀུན་གྱི་ལམ། ཉིན་མཚན་དུ་ཡེངས་་པའི་ཐབས་མེད་པ་ཡིན་པས་ཆུ་བོའི་རྒྱུན་བཞིན་དུ་བསྒོམ། བློ་ལོག་པའི་གཉེན་པོར་ནི། །བློ་ལོག་མ་ལོག་པ་ནི་ལ་གནད་ཆེ་བར་མཛ། འཁོར་བའི་སེམས་ཅན་ལ་བདེ་སྐྱིད་ཅི་འདུག་བལྟ་ཉུལ་ཐོང༌། གཏན་ཡུལ་ངན་ ༤༤༢༑ ༢༦༤ སོང་གསུམ་ལ་བྱས་མཐོ་རིས་སུ་འགྲོ་བདོན་གཉེར་བ་ཙམ་ཞིག་ལས་མ་མྱོང་གསུངས་རང་གིས་སྔོན་ཆད་སྐྱིད་སྡུག་ཅི་བྱས་བསམ། རིན་པོ་ཆེའི་ཇི་སྐད་གསུངས་ཀྱང་བསམ་འཚལ་ལོ། །ལར་སྙིང་རྗེ་ཞིག་མེདན་ཆོས་དུས་སུ་མི་རང་བཅེས་པ་རའཛིན་པ་ནི་ཐམས་ཅད་ལ་ཡོད། ཆོས་ཐམས་ཅད་ཀྱི་རྡོར་རམ་ལན་ཚྭ་ལྟ་བུ་ཡིན། ཐོན་པར་ཤེས་པས། བྱང་ཆུབ་ཀྱི་སེམས་སྟོང་ཉིད་དངབཅས་པ་ལ་འབད་འཚལ་བར་གདའ་འོ། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱག་རྒྱ་ཆེན་པོ་རྟོགས་པར་འདོད་པའི་གང་ཟག་གིས། འདི་ལྟར་བསྒོམ་པར་བྱ་སྟེ། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། འཁོར་འདས་ཆོས་རྣམས་རང་བཞིན་མཉམ་པར་བསྒོམ། །ནམ་མཁའ་ལྟ་བུའི་ཆོས་འདི་རྟོགས་ན་ཡིན། །སེམས་ཉིད་ཡི་ངོ་བོ་དེ་འདས་པའི་རྗེས་མི་བཅད། མ་འོངས་པའི་མདུན་མི་བསུ། ད་ལྟ་བ་གང་དུ་ཡང་དམིགས་བ་མེད་པར་བཞགོ། །དེ་ལྟར་བཞག་པས་སེམས་ཉིད་ཀྱི་ངོ་བོ་གསལ་ལ་རྟོག་པ་མེད་པ་ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟ་བུ་འབྱུངོ༌། །དེ་ཡང་ཡུན་རིང་བལ་ཡོན་ཏན་དུ་མི་བལྟ། ཐུང་བལ་སྒྱོན་ ༤༤༤༑ ༢༦༥ ༤༤༥༑ །དུ་མི་བལྟ། དུས་ཐམས་ཅད་དུ་དེ་ཉིད་ངང་དུ་མ་ཡེངས་བར་བཞགོ། སྐྱེ་མེད་དོན་ལ་དེ་ལྟར་བསྒོམས་གྱུར་ན། །ཆོས་རྣམས་ཐམས་ཅད་གཉུག་མའི་ངང་དུ་འཆར། །ཆོས་རྣམས་རོ་མཉམ་དུས་གསུམ་རྒྱུན་བར་རྟོགས། །དེ་ལྟར་དོན་ལ་མ་ཡེངས་རྒྱུན་བར་ཞོག །ཕྱག་རྒྱ་ཆེན་པོའི་དོན་ད་ཁོ་ན་ཉིད་རྣལ་དུ་མཚོན་པའི་མན་ངག །དུས་གསུམ་ཀུན་གྱི་སངས་དགོངས་པ་འདི། །བླ་མ་གྲུབ་ཐོབ་རྣམས་ཀྱིས་རྟོགས་གྱུར་ཏེ། །འགྲོ་བ་སེམས་ཅན་འཁོར་་བའི་འདམ་ལས་སྒྲོལ་གྱུར་ཅིག །བདག་ཀྱང་ཕྲིན་ལས་བླ་མ་དང་མཚུངས་ཤོག། ཅེས་གསུངས་པའོ། །ཕྱག་རྒྱ་ཆེན་པོའི་མན་ངག་རིན་པོ་ཆེའི་སྒྲོན་མེ། ཁུ་དབོན་དགསུམ་གྱི་གསུང་་སྒྲོས། སློབ་དབོན་སྒོམ་ཆུང་གིས་སློབ་དཔོན་སྟོད་ལུང་བ་ལ་གདམས། དེས་བདག་ལ་གནང་ངོ། །དགེ་ངག་རྡོར་བརྒྱུད་བལ་ཡུལ་ཡེ་རང་ཟོག་བདག་རེ་ཟུང་ནས་ཕྱི་སྒོར༡༥༠ཡང་གོར་ཊཾལྔ་བཅུ་སོན། པདྨ་ཆོས་རྒྱལ་རང་ནས་སྲས༌།།།།།བཅས་ཡོན་སྦྱར་བསྐྲུན་་པའི་དགེ་བས་འགྲོ་ཀུན་གྱི། །ཐོག་མའི་མ་རིག་མུན་ཆེན་རང་དེངས་ནས། །རང་གནས་ཆོས་དབྱིངས་ཡེ་ཤེས་མངོན་གྱུར་ཤོག །དགེའོ། དགེའོ། བར་འདི་ཤྲཱི་ནེའུ་སྟེང་དུ་བཞུགས༌། ༤༤༦༑ ༢༦༦


no previous།རྗེ་དྭགས་པོའི་ཞལ་གདམས་དག་རྗེ་སྒོམ་ཚུལ་གྱི་ཞུས་ལན་བཞུགས་སོ། no next