Nitartha Digital Library
Tibetan
བསམ་གཏན་ཡེ་ཤེས་གླིང་པའི་གཏེར་ཆོས་སྐོར།

17 occurrences of བདག་མེད་པ་
[Clear Hits]


  
 
ལུས་སྦྱིན་ཡེ་ཤེས་མངོན་གྱུར་པདྨ་དྲག་རྩལ་གླིང་པས་མཛད་པ།
 
  
 
  
  
 
  
  
 
  
  
  
  
  
 
  
  
  
 
  
  
  
  
 
  
 
  
  
  
  
 
  
  
 
  
  
  
  
 
  
  
  
  
 
  
  
  
  
  
  
  
  
  
  
  
  
  


17 occurrences of བདག་མེད་པ་
[Clear Hits]

 
previousལུས་སྦྱིན་ཡེ་ཤེས་མངོན་གྱུར་པདྨ་དྲག་རྩལ་གླིང་པས་མཛད་པ།next

ལུས་སྦྱིན་ཡེ་ཤེས་མངོན་གྱུར་པདྨ་དྲག་རྩལ་གླིང་པས་མཛད་པ།

ཟབ་ཆོས་ལས༔ ལུས་སྦྱིན་ཡེ་ཤེས་མངོན་གྱུར་བཞུགས་སོ༔ ཕཊ༔ རང་སྣང་ བདགམེད་ཀློང་དུ་བསྡུས༔ རང་རིག་ཀ་དག་རྣལ་འབྱོར་མ༔ སྟོང་གསུམ་མཉམ་པའི་ཀ་ next hit་ལ༔ བམ་ཆེན་བདུད་རྩིའི་མཆོད་པ་བཤམས༔ ཨོཾ་ཨཿཧཱུྃ༔ ཕཊ༔ ཕཊ༔ ཕཊ༔ བླ་མ་ཡི་དམ་མཁའ་འགྲོ་དང༔ ཆོས་སྐྱོང་ནོར་ལྷ་སྡེ་བརྒྱད་ཚོགས༔ འགྲོ་བ་རིགས་དྲུག་སེམས་ཅན་དང༔ ཁས་ཞན་ཉམས་ཆུང་མ་ལུས་པ༔ སྟོན་ཆེན་མགྲོན་ལ་གཤེགས་སུ་གསོལ༔ ཕཊ༔ ཕཊ༔ ཕཊ༔ ཡར་མཆོད་དཀོན་མཆོག་མགྲོན་ལ་མཆོད༔ མར་མཆོད་རིགས་དྲུག་ལན་ཆགས་བྱང༔ གནོད་བྱ་དང་གནོད་བྱེད་ལྷ་འདྲེ་ལ༔ མི་ཟད་ཀྱི་འདོད་ཡོན་སྤྲུལ་ཏེ་འབུལ༔ ཕཊ༔ ཕཊ༔ ཕཊ༔ རང་སེམས་ཀྱི་འཁོན་ནས་ལྷ་འདྲེ་ཀུན༔ བདག་མེད་ཀྱི་ཀློང་དུ་འུབ་ཆུབ་རོལ༔ རང་རིག་གི་ངོ་བོ་རྗེན་པར་བུད༔ ཀ་དག་གི་རིག་པའི་གཤིས་སུ་ཨཱ༔ ཕཊ༔ ཕཊ༔ ཕཊ༔ ཅེས་བརྗོད་ས་ལམ་བར་ཆད་སེལ༔ ཚོགས་རྫོགས་སྒྲིབ་སྦྱོང་བདུད་བཞི་འཇོམས༔ ཟབ་པའི་མཐར་ཐུག་ཨེ་མ་ཧོ༔ གང་ནས་བརྗོད་ཀྱང་འགྲན་ཟླ་བྲལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཞེས་པའང་གཅོད་ཀྱི་ཆོས་སྐོར་ལ་དབང་བའི་བླ་མ་དམ་པ་ཆོས་གྲགས་ཀྱི་དུས་རིང་པོ་ནས་བསྐུལ་ངོར༔ བདག་པདྨ་དྲག་རྩལ་གླིང་པས་བྲིས་པས་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག༔


previousལུས་སྦྱིན་ཡེ་ཤེས་མངོན་གྱུར་པདྨ་དྲག་རྩལ་གླིང་པས་མཛད་པ།next