Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

2 occurrences of ལྷག་པའི་ལྷ་མཆོག་རྡོ་རྗེ་གཞོན་ནུ་ལ་བསྟོད་པ་བདུད་དཔུང་འདུལ་བའི་གད་རྒྱང་ཞེས་བྱ་བ།
[Clear Hits]


  
  
  
  
  
  
  
collapse section
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
བཅོམ་ལྡན་རྟ་མཆོག་རོལ་པ་ལ་བསྟོད་པ་གྲུབ་གཉིས་རོལ་མོ།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 expand section
  
  
  


2 occurrences of ལྷག་པའི་ལྷ་མཆོག་རྡོ་རྗེ་གཞོན་ནུ་ལ་བསྟོད་པ་བདུད་དཔུང་འདུལ་བའི་གད་རྒྱང་ཞེས་བྱ་བ།
[Clear Hits]

 
previousབཅོམ་ལྡན་རྟ་མཆོག་རོལ་པ་ལ་བསྟོད་པ་གྲུབ་གཉིས་རོལ་མོ།next

བཅོམ་ལྡན་རྟ་མཆོག་རོལ་པ་ལ་བསྟོད་པ་གྲུབ་གཉིས་རོལ་མོ།


JKT001_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་རྟ་མཆོག་རོལ་པ་ལ་བསྟོད་པ་གྲུབ་གཉིས་རོལ་མོ་ཞེས་བྱ་བ་བཞུགས་སོ། །གང་ཞིག་བསམ་གྱིས་མི་ཁྱབ་ཆོས་ཉིད་ནི། །གཟུང་འཛིན་ཡུལ་དང་མཛའ་བ་མ་ཡིན་ཀྱང་། །སྣ་ཚོགས་རྟོག་པའི་རྗེས་མཐུན་སྒྱུ་འཕྲུལ་གར། །འདི་ན་དྲག་ཤུལ་ཆོ་གའི་བྱེད་པོར་དབྱེ། ༡ །རབ་འབར་ཉི་གཞོན་འཆར་ཀའི་ལང་ཚོ་ལ། །གར་དགུའི་ཕྱག་རྒྱས་དཔའ་བའི་ཡེ་ཤེས་སེམས། །མཚན་དཔེའི་སྣང་བརྙན་མཐོང་བའི་དགའ་སྟོན་གྱིས། །གྲུབ་གཉིས་བདུད་རྩིའི་དཔལ་སྟེར་ཁྱོད་ལས་སུ། ༢ །གཙུག་ཏོར་ནོར་བུའི་འཁྲི་ཤིང་ལ་མཚན་པའི། །མགྱོགས་འགྲོའི་བཞད་ཞལ་གཡོ་བའི་བརྟུལ་ཞུགས་དང་། །རབ་འགྲོགས་ཧ་ཧིའི་གད་རྒྱང་སྒྲོག་པ་ཡིས། །ཚར་གཅོད་རྗེས་འཛིན་ཕྲིན་ལས་དུས་གཅིག་སྦྱིན། ༣ །གདོད་ནས་ཀུན་རྟོག་ཚུལ་ལས་རིང་འདས་པའི། །རྣམ་ཐར་གསུམ་ལྡན་སྟོང་ཉིད་མཛའ་ན་མོ། །རབ་འབར་སྙིང་རྗེའི་ལང་ཚོ་ལ་ཆགས་ན། །ཕན་བདེའི་སྣང་བ་འགུགས་པའི་བྱེད་པོར་གྲུབ། ༤ །བྱང་སེམས་ཤར་གྱི་ཐིག་ལེས་དཀྲིས་པའི་འོད། །ཀུན་ཏུ་ཞི་བའི་དཔལ་གྱི་དུམ་བུ་ཡང་། །དབང་དྲག་བྱིན་ཟས་འཁྱུད་པའི་མངོན་རྟོགས་ཀྱིས། །ལོག་འདྲེན་ཚོགས་ཀུན་བསྲེགས་པ་འདི་ཅི་ཞིག ༥ །ཤིན་ཏུ་དཔག་དཀའི་ཡོན་ཏན་ཀུན་གསལ་མཐའ། །གསེར་གྱི་མངལ་ཅན་བློས་ཀྱང་


JKT001_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

འཆིང་ནུས་ཀྱི། །གོ་སྐབས་གཞན་དུ་གྱུར་པའི་གནས་མཐོང་ན། །གྱི་ནའི་རྟོག་པས་གཞལ་བར་སྨོས་ཅི་འཚལ། ༦ །གང་ཞིག་སྣ་ཚོགས་འཁྲུལ་པའི་རླབས་ཕྲེང་ནི། །བསམ་གྱིས་མི་ཁྱབ་གཡོ་བའི་རོལ་མཚོ་ཆེར། །སྡུག་བསྔལ་གསུམ་གྱི་ཆུ་སྲིན་གྱིས་བཅིངས་པ། །ཁྱོད་མཚན་ནོར་བུའི་གདེངས་ཀས་ཡོངས་སུ་བཅིལ། ༧ །དེ་ན་ཁྱེད་ཤེས་དད་པའི་དྲི་བཞོན་གྱིས། །རྣམ་པར་རྩེན་པའི་ཐུགས་རྗེའི་ཆུ་ཁུར་ལས། །མཆོག་ཐུན་ཟླ་བའི་བདུད་རྩི་ཞུ་བ་ཡིས། །གཟུང་འཛིན་མེ་ལྕེའི་དོ་ཤལ་མནལ་གྱུར་ཅིག ༨ །ཅེས་ལྷག་པའི་ལྷ་མཆོག་གར་གྱི་དབང་ཕྱུག་ལ་བསྔགས་པའི་མེ་ཏོག་ཕྲ་མོ་འདིའང་གཞོན་ནུ་ཨ་བྷཱ་ཡས་རང་ལོ་བཅུ་བཞི་པར་འཐོར་བ་ཛ་ཡནྟུ།། ༈ །།བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་བསྟོད་པ་ཀུནྡའི་དོ་ཤལ་ཅེས་བྱ་བ། ན་མོ་བཛྲ་སཏྭཱ་ཡ། གང་སྐུ་ཟླ་བའི་རྡུལ་གྱིས་བྱུགས་པ་ལྟའི། །མཚན་གྱི་སྤྲིང་ཡིག་འཛུམ་ཟེར་ལྷུང་ཙམ་གྱིས། །སྒྲིབ་གཉིས་མུན་པ་བཟའ་བའི་དཔལ་ཡོན་ཅན། །བཅོམ་ལྡན་རྡོ་རྗེ་སེམས་ལ་ཕྱག་འཚལ་ལོ། ༡ །ཁྱོད་གསུང་ཐབས་ཤེས་ཨཱ་ལི་ཀཱ་ལིའི་སྒྲ། །ལོངས་སྤྱོད་ཡོངས་རྫོགས་འཁོར་ལོར་འདུས་པ་ལས། །གསང་སྔགས་ཡི་གེ་བརྒྱ་པའི་རླབས་ཕྲེང་ཅན། །ལས་ཉོན་རྒྱུར་བཅས་འཁྲུད་ལ་ཕྱག་འཚལ་ལོ། ༢ །ཁྱོད་ཐུགས་གཟུང་འཛིན་སྒྲ་གཅན་ལས་གྲོལ་ཀྱང་། །སྙིང་རྗེས་ཞི་ལ་མི་གནས་ཉིན་མོར་བྱེད། རྟག་པར་གཟུགས་སྐུའི་མཁའ་དབྱིངས་


JKT001_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རོལ་པས། མཁྱེན་བརྩེའི་འོད་ཟེར་སྟུག་པོ་སྤྲོ་ལ་འདུད། ༣ །གསང་གསུམ་མི་ཟད་རྒྱན་གྱི་འཁོར་ལོ་ཆེ། །རབ་འབྱམས་སྒྱུ་འཕྲུལ་དྲྭ་བའི་རོལ་མོ་རུ། །ཁ་སྦྱོར་ཡན་ལག་བདུན་ལྡན་དཀྱིལ་འཁོར་གཙོ། །རྣམ་པ་ཀུན་གྱི་མཆོག་དང་ལྡན་ལ་འདུད། ༤ །གཙུག་ཏོར་ནོར་བུའི་གདེངས་ཀ་གཡོ་བའི་འོད། །གང་ལ་རེག་ན་སྒྲིབ་པའི་མུན་འཕྲོག་ནས། །ཕན་བདེའི་འབྱོར་པའི་དཔལ་གྱིས་ཕྱུག་མཛད་ཕྱིར། །སངས་རྒྱས་ཀུན་གྱིས་བསྔགས་པ་ཁྱོད་ལ་འདུད། ༥ །གང་ཡང་ལན་གཅིག་དྲན་པའི་མདུན་ས་རུ། །སྡིག་ཏོའི་གཡུལ་གྱི་ཕྲུ་མ་མི་གནས་ན། །ཤིན་ཏུ་གུས་པའི་གསོལ་འདེབས་ལྕགས་ཀྱུ་ཡིས། །ཕན་བདེའི་དགེ་མཚན་འགུགས་ལ་སོམ་ཉི་ཅི། ༦ །དེ་ཕྱིར་མཆོག་ཏུ་དད་པའི་ཆུ་རྡུལ་གྱིས། །རབ་བརླན་བྱང་ཆུབ་སྤྱོད་པའི་སྟེང་འཐུང་དཀར། །ཐར་པའི་ཕྱོགས་སུ་གྲོལ་བའི་འཛུམ་ཕྲེང་དེས། །ཀུན་ཡིད་དགའ་བའི་སིམ་པ་ཐོབ་གྱུར་ཅིག ༧ ། དཀར་མིན་ལས་ཀྱིས་འཁོར་བར་དམ་བཅིངས་པའི། །སྡུག་བསྔལ་གསུམ་གྱི་ཞགས་པས་མནར་བ་ཀུན། །ཐུགས་རྗེའི་ཕྱག་གིས་དཀྲོལ་ནས་མངོན་མཐོ་དང་། ། ངེས་ལེགས་ཐེམ་སྐས་མཆོག་ལ་འཛེགས་གྱུར་ཅིག ༨ །ཁྱད་པར་བསླབ་གསུམ་ཉིན་མོའི་རྡུལ་ཕྲེང་གིས། །རིག་གྲོལ་ཨུཏྤལ་འདབ་བརྒྱ་འབྱེད་པའི་མོད། །ཁ་ན་མ་ཐོའི་མུན་པ་ལས་རྒྱལ་ཏེ། །ཡང་དག་


JKT001_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་གྱི་སྦྲང་རྩིས་འཁྱུད་པར་ཤོག ༩ །དེ་ལྟར་བདག་གི་བཅོམ་ལྡན་རྡོ་རྗེ་སེམས། །རབ་ཏུ་གུས་པས་བསྟོད་པའི་ཟླ་ཤེལ་གྱིས། །ཉོན་ཡིད་ཤེས་བྱའི་བག་ཆགས་མུན་བཅོམ་སྟེ། །སྐུ་བཞིའི་ཀུནྡའི་ཕྲེང་བ་བཞད་གྱུར་ཅིག ༡༠ །ཅེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་བསྟོད་པ་ཉུང་དུ་འདིའང་གཞོན་ནུ་ཨབྷཱ་ཡས་ལྷག་པའི་ལྷ་འདི་ཉིད་ཀྱི་ཉམས་ལེན་ལ་བརྩོན་སྐབས་གསོལ་བ་བཏབ་པ་ཛ་ཡནྟུ།། ༈ །། ལྷགཔའིལྷམཆོགརྡོརྗེགཞོནནུབསྟོདབདུདདཔུངའདུལབའིགདརྒྱངཞེསབྱ next hit། རྒྱ་གར་སྐད་དུ། བྷ་ག་ཝ་ཏེ་བཛྲ་ཀུ་མཱ་ར་སྟོཏྟཾ་ནཱ་མ། །བོད་སྐད་དུ། བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ལ་བསྟོད་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །གང་གི་རང་བཞིན་གདོད་ནས་སྤྲོས་བྲལ་ནམ་མཁའི་རྡོ་རྗེའི་རོལ་མོ་ནི། །རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་གར་དགུས་དཔའ་བའི་ཡེ་ཤེས་སྐུ། །ལན་གཅིག་སྣང་ཆར་འཛུམ་པའི་མོད་ནས་གྲུབ་པ་གཉིས་ཀྱི་དཔལ་སྟེར་བའི། །ཧེ་རུ་ཀ་དཔལ་རྡོ་རྗེ་ཁྲོས་པ་དེ་རིང་བདག་ལ་རྩེ་དགས་སྐྱོངས། ༡ །ཨེ་དབྱིངས་འགྱུར་མེད་བདེ་བ་ཆེན་པོའི་འཇོ་སྒེག་གཡོ་བའི་དཀྱིལ་འཁོར་དེར། །ཝཾ་ཡིག་སྤྲོས་པའི་མཐའ་དང་མི་མཛའ་རྡོ་རྗེ་བཙུན་མོས་འཁྱུད་པ་ལས། །ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་ལྡན་སྣང་སྟོང་མཚན་དཔེར་ཤར་བའི་གཟུགས། །བདུད་ཀྱི་དགྲར་གྱུར་རྣལ་འབྱོར་ལ་བརྩེ་རབ་འབར་ཐུགས་རྗེའི་


JKT001_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལ་བསྟོད། ༢ །གང་དུ་འཇུག་ན་ཐར་པ་ཆེན་པོའི་གཞལ་ཡས་ཀུན་གསལ་བཞུ་བའི་རྒྱུན། །མངོན་པར་བགོས་ལྟའི་འཇིགས་རུང་སྲིན་པོའི་གྲོང་ཁྱེར་གཅིག་ཏུ་འཁྱིལ་བའི་དབུས། །སྲབ་འཇམ་མཉེན་ལྕུག་ཀུན་ནས་ཡིད་འོང་ཨུཏྤལ་འཛུམ་དཀར་གཡོ་བའི་རྩེར། །སྲིད་གསུམ་གནོན་པའི་སྤྲིང་ཡིག་སྤྲོ་ཕྱིར་སྣང་བྱེད་ཟུང་གི་གེ་སར་མཛེས། ༣ །དེ་ན་ཞབས་མཐིལ་འཁོར་ལོ་བཀོད་པའི་ཡེ་ཤེས་སྐུ་ཅན་ཁྲོ་བོའི་རྒྱལ། །ཆེ་བའི་ཆེ་མཆོག་རིན་ཆེན་མཐོན་ཀའི་ལྷུན་པོ་ཇི་བཞིན་བརྗིད་པའི་སྐུ། །མ་ཟླུམ་འོད་ཟེར་སྟོང་ཕྲག་གིས་འཁྱུད་གྲོང་ཁྱེར་གསུམ་གྱི་ཐོར་ཚུགས་རྩེའི། །འབབས་སྟེགས་གྱུར་ལ་ངོ་མཚར་ཅི་ཞིག་སྲིད་ཞིའི་སྤྱི་དཔལ་དེ་ལ་འདུད། ༤ །རྩ་བའི་ཞལ་ནི་ཨིནྡྲ་ནཱི་ལའི་ཕུང་པོ་ཇི་བཞིན་དཔའ་བའི་གཟུགས། །གཡས་པ་ཟླ་ཤེལ་གསར་པའི་མདོག་མཚུངས་ཀུན་ཏུ་འཇོ་སྒེག་ཚུལ་དང་ལྡན། །གཅིག་ཤོས་པདྨ་རཱ་གའི་འོད་ལྟར་འཇིགས་སུ་རུང་བའི་སྣང་བྱེད་ཅན། །གང་གིས་མཐོང་ན་གྲུབ་གཉིས་དཔལ་སྟེར་ནོར་བུའི་འཁྲི་ཤིང་ཁྱོད་ལ་བསྟོད། ༥ །ཕྱག་གི་དཀྱིལ་འཁོར་དྲུག་གི་གཡས་པར་ཐེག་དགུ་ཡོངས་རྫོགས་རྡོ་རྗེ་དང་། །དེ་བཞིན་རྒྱུད་ལྔའི་འགྲོ་རྣམས་སྒྲོལ་མཛད་ཡེ་ཤེས་མཆོག་གི་རྭ་ལྡན་པ། །གཞན་དུ་དུག་གསུམ་རྟོག་ཚོགས་སྲེག་མཛད་རྣམ་ཐར་གསུམ་ལྡན་མཚོན་ཆའི་དབལ། །མཐའ་གཉིས་གཟུང་


JKT001_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་འཁྲུལ་པའི་སྙིང་འབིགས་ཀཱི་ལ་ཡ་ཡིས་མཚན་ལ་འདུད། ༦ །བིནྡྷ་ར་ལྟར་དམར་བའི་སྤྱན་གསུམ་གཡོན་དུ་གཡོ་བས་གཟིགས་པའི་མོད། །ཡེ་ཤེས་མེ་དང་མཉམ་པར་སྦྱོར་དེས་ཉམས་པའི་བདུད་དགྲ་སྲེག་མཛད་ཅིང་། །ཆར་སྤྲིན་སྟུག་པོ་རབ་ཏུ་གནག་བཞིན་ཀུན་ནས་སྒེག་པའི་སྨིན་མ་ལས། །སྣ་ཚོགས་འོད་ཟེར་ཞགས་པ་འཕྲོ་བས་སྲིད་ཞིའི་དཔལ་ཡོན་སྡུད་ལ་འདུད། ༧ །གང་ཞིག་ནགས་ཚལ་བསྲེག་ཟས་འཁྱུད་ལས་རབ་གཡོ་མིག་སྨན་མདོངས་འཛིན་པ། །སྤྲིན་གྱི་བཞོན་པས་མཁའ་དབྱིངས་ཁེངས་ལྟར་གྱེན་དུ་བསྒྲེང༨ པའི་རལ་པ་ནི། །ས་བླའི་ལྷ་ཡང་བསྲེག་པ་བཞིན་བྱེད་ཐུར་དུ་འཁྱིལ་བའི་འོད་ཟེར་དཔལ། །ཤིན་ཏུ་འབར་འཁྲུགས་ལོག་འདྲེན་སྟོབས་འཕྲོག་འབར་བའི་སྐུ་ཅན་དེ་ལ་འདུད། ༨ །གང་དེ་ལག་འགྲོའི་ཞགས་པས་འཆིང་བའི་ཟུར་ཕུད་རབ་གཡོའི་རྩེ་མོ་རུ། །ཀུནྡའི་འདབ་རྡུལ་རྣམ་པར་བྱུགས་ལྟའི་བྷན་ཁ་སྦྱོར་གཞལ་ཡས་དབུས། །རིགས་ཀྱི་བདག་པོ་སྟངས་དཔྱལ་མཉམ་སྦྱོར་བདེ་སྟོང་ལང་ཚོའི་འཇོ་སྒེག་ཅན། །མཆོག་གི་གྲུབ་པའི་དགའ་སྟོན་སྦྱིན་ཕྱིར་ནོར་བུའི་གདེངས་ཀས་མཚན་ལ་འདུད། ༩ །གཏི་མུག་མཁྱེན་པའི་སྟོབས་ཀྱིས་བཅོམ་ཕྱིར་གཉིས་འཐུང་སྟོད་གཡོགས་སར་པས་མཛེས། །ལས་ཀྱི་ཞེ་སྡང་ཡེ་ཤེས་ཀྱིས་འཕྲོག་ཤརྒྱུ་ལ་ཡི་ཤམ་ཐབས་དང་། །འདོད་ཆགས་བདེ་ཆེན་ལང་ཚོ་རབ་འཇོམས་ཞིང་


JKT001_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པགས་པའི་བླ་གོས་ཅན། །འདུ་བྱེད་ལྔ་བཅུའི་མགོ་བོའི་ཕྲེང་བ་རྣམ་ལྔའི་སྦྲུལ་གྱིས་སྤུད་ལ་འདུད། ༡༠ །དཔྲལ་བར་ཐལ་ཆེན་ཚོམ་བུ་གཡོ་ཞིང་སྨིན་དཔྲག་རཀྟའི་ཐིག་ལེས་བརྒྱན། །ཨོས་ཀོར་ཞག་གི་ཟོ་རིས་ཀྱིས་མཛེས་རྣམ་པར་ཐར་པའི་སྤྱན་གསུམ་འབར། །སྐྱེ་བ་རྣམ་བཞི་རྩད་ནས་གཅོད་བྱེད་གངས་རིའི་དཔལ་ལྟར་སྣང་བའི་ཚེམས། །སྣ་ཚོགས་རུས་པའི་རྒྱན་ཆས་རབ་སྒེག་དར་གྱི་འཕྱང་འཕྲུལ་དཔྱོངས་ལ་འདུད། ༡༡ །བསྐལ་པ་འཇིག་པའི་དུས་ཀྱི་འཁྱོག་འགྲོ་ཀུན་ཏུ་གཡོ་བའི་ཕུང་པོ་ལས། །གདུག་པ་ཅན་རྣམས་ཚར་གཅོད་རྗེས་བཟུང་ཕྲིན་ལས་མཆོག་གིས་ལྷག་གྱུར་ཅིང་། །ཡེ་ཤེས་ལྔ་དང་མཉམ་པར་སྦྱོར་བའི་ཚོན་རིས་སྟུག་པོས་བཀྲ་བའི་དབུས། །འགྱིང་བཅས་ཚུལ་གྱིས་གཟུགས་སྐུ་རོལ་པས་མཐོང་ན་སྐྲག་མཛད་ཁྱོད་ལ་འདུད། ༡༢ །འདི་ན་ཐོག་མེད་འཁོར་བའི་དུས་ནས་གཟུང་འཛིན་དྲྭ་བས་བཅིངས་པ་ལས། །སླར་ཡང་མངོན་པའི་ང་རྒྱལ་གྱིས་འཁྱུད་འབར་ཞིང་རྩུབ་པའི་སྣང་ཚུལ་ནི། །མི་སྡུག་ཁྲོས་པའི་བདུད་དགྲའི་སྡེ་ཚོགས་ཁྱོད་མཚན་ལན་གཅིག་ཐོས་པས་ཀྱང་། །སྲོག་གི་རྒྱུ་བ་ཉེ་བར་འགགས་ཏེ་ཞབས་མཐིལ་སོར་མོ་བསྟེན་པ་བཞིན། ༡༣ །རྗེས་སུ་ཆགས་པའི་ཡེ་ཤེས་ཀྱིས་རོལ་རྡོ་རྗེ་སྙེམས་མ་བདེ་བའི་བདག །མཐོན་མཐིང་ལྟར་གནག་ཆགས་བྲལ་པདྨ་དགའ་བཞིའི་བདེ་སྐྱོང་ལ་འཁྱུད་


JKT001_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

པས། །ཁྱོད་ཀྱི་སྐུ་ལ་བདེ་བར་འཁྲིལ་ཞིང་ཕྱིན་དྲུག་རུས་པའི་རྒྱན་ཆ་དང་། །བྱེ་རུའི་ཐིག་ལེའི་མཆོག་མ་གཡོ་བའི་སྨད་དཀྲིས་གསར་པས་མཛེས་དེར་འདུད། ༡༤ །གཞན་ཡང་གང་གི་གསང་གསུམ་ངོ་བོ་རྡུལ་གྱི་ཐིག་ལེའི་འཇོ་སྒེག་ལས། །གྲངས་མེད་མོས་པའི་ཆུ་གཏེར་རྙོག་བྲལ་ཐ་དད་ཀུན་ཏུ་འཛིན་པའི་གཟུགས། །སྣ་ཚོགས་སྒྱུ་འཕྲུལ་དཔག་ཡས་རོལ་གར་རིགས་ལྔ་ཧེ་རུ་ཀ་དཔལ་བཅུ། །འཆོལ་བའི་འཇིགས་གཟུགས་ཕྲིན་ལས་སྣ་ཚོགས་བསམ་མི་ཁྱབ་པ་དེ་ལ་འདུད། ༡༥ །དབྱིངས་ནས་ཞི་བའི་ཡེ་ཤེས་ཆེན་པོ་དཔལ་གྱི་དུམ་བུའི་བསིལ་ངད་ལྟར། །ཁྲོ་བ་མེད་ཀྱང་རྗེས་ཆགས་སྙིང་རྗེའི་མེ་ལྕེ་གཡོ་བས་འཁྱུད་པ་ལས། །དེང་འདིར་རྡོ་རྗེ་སྲིན་པོའི་སྐུར་བསྟན་བརླང་པོར་སྤྱོད་ལ་གདུང་བའི་ཚུལ། །བསམ་གྱིས་མི་ཁྱབ་སྒྱུ་འཕྲུལ་དྲྭ་བའི་རོལ་གར་རྣམ་པར་སྟོན་ལ་འདུད། ༡༦ །གཟུང་འཛིན་ཡུལ་དང་མཛའ་བ་མ་ཡིན་ཟབ་ཞི་སྤྲོས་བྲལ་ཆོས་ཀྱི་སྐུ། །ཁ་སྦྱོར་བཞི་ལྡན་སྣང་སྟོང་ཟུང་འཇུག་བདེ་བ་ཆེན་པོ་ལོངས་སྤྱོད་རྫོགས། །གང་འདུལ་མོས་པའི་རྗེས་འགྲོའི་སྐུར་སྣང་སྣ་ཚོགས་སྤྲུལ་པའི་སྒྱུ་འཕྲུལ་གར། །སྐུ་གསུམ་དབྱེར་མེད་ཁྱབ་བདག་རྡོ་རྗེ་ཁྲོས་པའི་དཔལ་ལ་སྙིང་ནས་འདུད། ༡༧ །ཁྱོད་ཀྱི་ཡོན་ཏན་རྗེས་སུ་སྒྲུབ་པའི་རྣལ་འབྱོར་ཅན་ལ་དངོས་གྲུབ་སྟེར། །རྣམ་པར་འགལ་བའི་མ་རུངས་ཐམས་ཅད་འགུགས་ཤིང་


JKT001_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

འཐག་གཅོད་རོལ་པར་མཛད། །ཕྱོགས་ལྷུང་བྲལ་བའི་ཐུགས་རྗེ་ཉིད་ནི་ཅིར་ཡང་བསྒྱུར་བའི་མངའ་བདག་ཅན། །ཡིད་བཞིན་རོལ་པར་སྣང་བར་མཛད་པའི་ཁྲོ་བོའི་རྒྱལ་པོར་བདག་འདུད་དོ། ༡༨ ། དེ་ལྟར་ཕྱི་ནང་གཞན་གསུམ་ངོ་བོ་དག་པའི་བདག་ཉིད་བཅོམ་ལྡན་འདས། །རྟེན་དང་བརྟེན་པའི་དཀྱིལ་འཁོར་འཁོར་ལོར་གུས་པའི་བསྔགས་བརྗོད་མནྡཱ་ར། །དོན་ལྡན་ཚིག་གི་སྲད་བུར་སྤེལ་བ་གང་ཞིག་འཐོབ་བའི་སྐལ་བཟང་རྣམས། །ཐུན་མོང་མཆོག་གི་འཇོ་སྒེག་ལ་རོལ་དོན་གཉིས་ལྷུན་གྱིས་འགྲུབ་པར་མཛོད། ༡༩ །གནས་སྐབས་ཀུན་ཏུ་གདུང་བའི་དཔལ་སྟེར་ཤ་ཟ་ཁྲོས་པའི་གདོང་པ་ལྟར། །མཐོང་བས་ཡིད་ཀྱི་སྐྱེས་བུ་འཆིང་བྱེད་བརྒྱད་གཉིས་འཇིགས་པའི་ཆུ་གཏེར་ལས། །གང་གི་ཐུགས་རྗེའི་རིན་ཆེན་གྲུ་བོའི་ཕ་མཐར་བརྒལ་དང་ཆབས་གཅིག་པར། །མཐོ་རིས་ཡོན་ཏན་བདུན་གྱི་འབྱོར་བས་རེ་བའི་ཤིང་རྟ་འགེངས་གྱུར་ཅིག ༢༠ །དུས་རྣམས་ཀུན་ཏུ་བདག་ཅག་གུས་པས་ཁྱོད་སྐུ་ཕྱག་རྒྱ་བཞིར་བསྒོམས་ཤིང་། །འགྲོ་འོང་དྲི་ཡི་བཞོན་པ་མ་ལུས་རིག་པའི་གསང་སྔགས་ལ་སྦྱར་ཏེ། །རྩེ་གཅིག་ཟབ་མོའི་ཏིང་འཛིན་མཆོག་ལ་མངོན་སུམ་རྟག་ཏུ་གཞོལ་བའི་མཐུས། །ཐུགས་རྗེ་ཆེན་པོའི་འཁྱུད་རྒྱས་བསྐྱངས་ནས་འགལ་བའི་རྐྱེན་རྣམས་གཞོམ་པར་མཛོད། ༢༡ །རྟོག་ཚོགས་བདེ་སྟོང་དྲྭ་བར་བསྡོམས་པའི་གདན་


JKT001_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དབྱེར་མེད་ཧེ་རུ་ཀ །ཨིནྡྲ་ནཱི་ལའི་ཞལ་བཟང་གཡོ་ཞིང་ཉིན་མོར་བྱེད་པའི་གཟི་བྱིན་ཅན། །མངོན་སུམ་མིག་གི་ཨུཏྤལ་གཞོན་ནུའི་བཏུང་བར་འཇོ་དང་ལྷན་ཅིག་ཏུ། །གསུང་གི་རྡུལ་ཕྲེང་རྣ་བར་སོན་ལས་ཕན་བདེའི་ལང་ཚོ་བཞད་གྱུར་ཅིག ༢༢ །ཁྱད་པར་ལྔ་བརྒྱའི་ཐ་མར་སྐྱེས་པས་རྣལ་འབྱོར་ལ་བརྩོན་དཔག་བསམ་དབང་། །བར་ཆད་རྐྱེན་གྱི་འཐོར་རླུང་གིས་བསྐྱོད་རྣལ་དུ་གནས་མིན་དེ་ཡི་ཚེ། །ཚད་མེད་ཐུགས་རྗེའི་ར་བར་བཟླུམས་ལས་སྒྲུབ་པའི་གྲོག་མཁར་གཡོ་མེད་དུ། །ཚུགས་པའི་མོད་ནས་ཕན་དང་བདེ་བའི་འབྲས་བུའི་ཁུར་གྱིས་ལྕི་བར་ཤོག ༢༣ །སྣང་སྟོང་ཁ་སྦྱོར་མཚན་དཔེའི་ལང་ཚོ་སྐུ་ཡི་རྡོ་རྗེར་མངོན་འགྲུབ་ཅིང་། །གྲགས་སྟོང་བདེ་ཆེན་ཡི་གེའི་རོལ་མོ་ངག་གི་དབྱིངས་སུ་སིམ་པ་དང་། །རིག་སྟོང་ལྷན་སྐྱེས་གཉུག་མར་རོལ་པས་གློ་བུར་འཁྲུལ་རྟོག་ཀུན་བསྡོམས་ཏེ། །བདེ་སྟོང་དཔྱིད་དང་ཐིག་ལེ་རོ་གཅིག་རྣམ་ཀུན་མཆོག་ལྡན་འགྲུབ་པར་ཤོག ༢༤ །དེ་ལྟར་དུག་གསུམ་དྲྭ་བ་གཅོད་མཛད་ཡེ་ཤེས་ཆེན་པོའི་འཁོར་ལོ་ཅན། །ཨེ་ཝཾ་མཱ་ཡཱ་གཉིས་མེད་རོལ་པའི་ཧེ་རུ་ཀ་དཔལ་ལ་བསྟོད་མཐུས། །གནས་ཡུལ་གྲོང་དུ་སྤྲུལ་པའི་གར་བསྒྱུར་རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན། །ལྷན་ཅིག་བདེ་སྟོང་མཆོག་གི་གར་རོལ་འོག་མིན་ཞིང་དུ་འགྲོད་གྱུར་ཅིག ༢༥ །དེ་ལྟར་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ཕྲིན་ལས་ཀྱི་བདག་ཉིད་previous hit ལྷགཔའིལྷམཆོག


JKT001_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

རྡོརྗེགཞོནནུབསྟོདབདུདདཔུངའདུལབའིགདརྒྱངཞེསབྱ ་འདི་ནི། གསང་སྔགས་ལ་མོས་པར་སྤྱོད་པ་ཀུན་གྱི་གྲལ་མཐར་སོན་པའི་གཞོན་ནུ་ཨ་བྷཱ་ཡ་ཞེས་བགྱི་བས་གང་ཤར་གསོལ་བ་བཏབ་པ་བདག་དང་འགྲོ་བ་ཐམས་ཅད་བར་ཆད་ཀྱི་བདུད་དགྲ་ལས་རྒྱལ་ཏེ་གྲུབ་པ་གཉིས་ཀྱི་དགའ་སྟོན་ལ་ལོངས་སུ་སྤྱོད་པའི་རྒྱུར་གྱུར་ཅིག།


previousབཅོམ་ལྡན་རྟ་མཆོག་རོལ་པ་ལ་བསྟོད་པ་གྲུབ་གཉིས་རོལ་མོ།next