Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

26 occurrences of རང་རིག་
[Clear Hits]


  
 
དཔལ་ལྡན་ས་སྐྱ་པཎྜི་ཏའི་ཞབས་ཀྱི་པདྨོར་ཅུང་ཟད་བསྔགས་པའི་ཀུན་བཟང་འཁོར་ལོའི་རེའུ་མིག་འཇམ་མགོན་བླ་མ་དགྱེས་པའི་རོལ་མོ།
  
  
  
  
 
expand section
15  expand section
  
  
  


26 occurrences of རང་རིག་
[Clear Hits]

 
previousདཔལ་ལྡན་ས་སྐྱ་པཎྜི་ཏའི་ཞབས་ཀྱི་པདྨོར་ཅུང་ཟད་བསྔགས་པའི་ཀུན་བཟང་འཁོར་ལོའི་རེའུ་མིག་འཇམ་མགོན་བླ་མ་དགྱེས་པའི་རོལ་མོ།next

དཔལ་ལྡན་ས་སྐྱ་པཎྜི་ཏའི་ཞབས་ཀྱི་པདྨོར་ཅུང་ཟད་བསྔགས་པའི་ཀུན་བཟང་འཁོར་ལོའི་རེའུ་མིག་འཇམ་མགོན་བླ་མ་དགྱེས་པའི་རོལ་མོ།


JKT001_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

༅། །ས རྦ ཏོ བྷ དྲ ཙ ཀཱ ཎྞཾ རེ ཁཱ མཉྫ ནཱ། ཐགུ རུན རྡ སྱ པཱ ༴ ནཱ མ ཤྲཱི ཨཾ བྷ མི པཱ ཎཱར པ ཎྜི ཏ སྱ པཱ ད པདྨ ཡོ༔ ཀི ཉྩ ནུ ཏི བི ཧ ར ཏི སྨ། ། ༄༅། །དཔལ་ལྡན་ས་སྐྱ་པཎྜི་ཏའི་ཞབས་ཀྱི་པདྨོར་ཅུང་ཟད་བསྔགས་པའི་ཀུན་བཟང་འཁོར་ལོའི་རེའུ་མིག་འཇམ་མགོན་བླ་མ་དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ།


JKT001_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

སྡེབ་སྦྱོར་མཉམ་པའི་བྲྀཏྟ་ཡི་གེ་བཅོ་བརྒྱད་པ་ཤིན་ཏུ་བསྟན་འཛིན་ལ་སྤྱིར་རྣམ་གྲངས་༢༦༢༡༤༤མཆིས་པ་ལས། བྱེ་བྲག་ཨུདྡིཥྚ་༣༧༡༥༧མཚམས་ནས་ཟིན་པ་མེ་ཏོག་གཡོ་བའི་འཁྲི་ཤིང་ཞེས་བྱ་བའི་པྲསྣ་རས་མཛེས་པ་ས་བྱས་པ་ཛ་ཡནྟུ། ། ༄༅། །དྷཾ བ ཛྲ ཏཱི ཀྵྞཾ སུ པི ད ནི དྷི ནཱ ཤྲཱི བྷུ བཱ ན ནྡ ཀྲྀ པྱཾ། དྷཱིཾ ཀོ ཊེ རྦྷཱ བཾ ད རུ ཙི དི ཤོ བཻ ཛ ཡཾ ཤོ བྷ ལ ཀྵྱཻ། ༄༅། །བློ་གཏེར་རྡོ་རྗེ་རྣོན་པོའི་ཡེ་ཤེས་སྲིད་ན་ཀུན་དགའི་སྙིང་རྗེའི་དཔྱིད། །བློ་ལྡན་བྱེ་བའི་རིག་ཚུལ་སྣང་མཛད་ཕྱོགས་ལས་རྣམ་རྒྱལ་དགེ་མཚན་ཅན།


JKT001_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །དྷཾ ཀཱ ཤ མཾ སུ ས ར སི ཤི ཁཾ བ ཐ མཾ ཀ རྨ བྷ དྲྀ ཧཱུྃ རུ ཛྫི ཏྠ ཏྲ བ ད ན ར བ བྷི ༔ པཱ ཧི བེ བོ དྷི ར ནེ། ། ༄༅། །བློ་གསལ་རྒྱ་མཚོའི་གཙུག་ན་ངལ་འཚོ་དཔལ་ལྡན་ཕྲིན་ལས་བཟང་པོའི་ཕུལ། བློ་མཆོག་རྒྱལ་སྲས་སྨྲ་བའི་ཉི་མས་བྱང་ཆུབ་བར་དུ་སྐྱོངས་གྱུར་ཅིག །༡


JKT001_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་མེད་བསོད་ནམས་ཕུང་པོ་རྫོགས་པའི་ཕུལ། །ཕུལ་བྱུང་མཚན་དཔེའི་ཉིན་མོར་བྱེད་པའི་དཔལ། །དཔལ་ལྡན་མཁས་དང་གྲུབ་པའི་ཅོད་པན་མཆོག །མཆོག་ཏུ་བསིལ་ལྗོངས་འགྲོ་བའི་མོས་མཁར་སྣང་། ༢ །དེ་ཚེ་ལུང་གི་ཨུཏྤལ་དར་བབས་པས། །རྟོགས་པའི་ཟིལ་དངར་ཅིར་ཡང་འཇོ་བ་ཡིས། །ས་གསུམ་ཤིས་པ་སྒྲུབ་པའི་གྲགས་དཀར་གྱི། །སྣང་བས་སྲིད་པའི་མུན་སྟུག་བསྙིལ་བར་བྱས། ༣ ། ཕུན་ཚོགས་པདྨ་གསར་པའི་ནགས་ཀྱི་ཀླུང་། །ཕུན་ཚོགས་བདུད་རྩིའི་རླན་གྱིས་ཕྱེ་བ་བཞིན། །ཕུན་ཚོགས་མཁས་པའི་རྣམ་དཔྱོད་རྨད་བྱུང་བ། །ཕུན་ཚོགས་གྲུབ་པའི་དཔལ་གྱིས་མཛེས་པ་སྟེར། ༤ ། རྣམ་དག་ཆགས་བྲལ་བསླབ་ལ་རབ་གནས་གང་། །རྟག་ཆད་ལས་འདས་གསང་བར་མཉམ་བཞག་ནས། །ཟབ་རྒྱས་ལམ་བཟང་གསལ་བར་འཆད་དང་བཅས། ། རང་གཞན་ཕན་པ་མཐའ་ཀླས་སྣང་བར་མཛད། ༥ །རིག next hit་པའི་མིག་གིས་སྲིད་ཞི་ཇི་བཞིན་གཟིགས། །ཕུལ་བྱུང་ནུས་མཐུས་བདུད་དཔུང་ཀུན་ཏུ་བཏུལ། །མཁྱེན་བརྩེ་དཔེ་མེད་ཡེ་ཤེས་རྩེར་འཛེགས་དེས། །ཉོན་མོངས་རྨོངས་ཚོགས་ཡོངས་བཅོམ་བློ་མཆོག་འཇོ། ༦ །དེ་ཕྱིར་འཇམ་མགོན་བླ་མའི་ཡོན་ཏན་མི་ཟད་རྒྱན་གྱི་འཁོར་ལོའི་མཛོད། །དཔལ་དང་གྲགས་པའི་འབྱུང་གནས་གཅིག་གྱུར་འཕགས་རྣམས་གཟིགས་པའི་མཐར་སོན་པ། །བྱིས་བློའི་


JKT001_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པས་མཚོན་ནུས་མིན་ཀྱང་དད་པའི་གཞན་དབང་ལ་འཆེལ་ནས། །གཟུར་གནས་དགྱེས་པའི་ངག་གི་རོལ་མོ་ཅུང་ཟད་འཁྲོལ་བའི་མཆོད་སྤྲིན་སྟོབ། །༧ ། ༄༅། །རབ་འབྱམས་སྲིད་ཞིའི་ཉམས་འགྱུར་ཇི་སྙེད་པ། །རབ་གསལ་མཁྱེན་པའི་ཕྱག་གིས་བསྐྲུན་པ་ན། །རབ་མཛེས་ལྷར་བཅས་ངལ་འཚོའི་མཆོག་སྦྱིན་ཕྱིར། །རབ་མང་ཡིད་འཕྲོག་བཟོ་གནས་ཀུན་མཁས་དཔལ། ། ༅། །མཆོག་ཁྱོད་འཆི་མེད་གྲུབ་པའི་དྲང་སྲོང་བཞིན། །མཆོག་བསྟན་ཡན་ལག་བརྒྱད་ཀྱི་མཐར་སོན་པས། །མཆོག་གྱུར་སྡེ་བཞིའི་ཕུན་ཚོགས་འདུ་བགྱིད་ཕྱིར། །མཆོག་ཏུ་གསོ་previous hit རིག་རྒྱ་མཚོར་འཇུག་མཁས་དཔལ། ། ༅། །ཀུན་ཁྱབ་རང next hit་བཞིན་ཁམས་ཀྱི་དབྱངས་སྙན་པོ། །ཀུན་ཏུ་སྒྱུར་བྱེད་རྐྱེན་དང་རྣམ་འགྱུར་སོགས། །ཀུན་ལ་མཁྱེན་པ་ཟླ་མེད་གྲུབ་པའི་ཕྱིར། །ཀུན་གཟིགས་སྒྲ་དོན་མཐའ་དག་དཔྱད་མཁས་དཔལ། ། ༄༅། །དངོས་པོར་སྨྲ་བའི་བྱེ་མདོ་སེམས་གསུམ་དང་། །དངོས་འཛིན་བྲལ་བ་ངོ་བོ་ཉིད་མེད་སོགས། །དངོས་ཀུན་འགལ་འབྲེལ་གསལ་བྱེད་ཚད་མའི་གཞུང་། །དངོས་སྟོབས་རིག་ལམ་ཡོངས་ལ་ཆེས་མཁས་དཔལ།


JKT001_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

༈ །གྲུབ་པའི་དབང་ཕྱུག་བྱེ་བས་གཤེགས་པའི་ལམ། །གྲུབ་པའི་ཞལ་ལུང་བདུད་རྩིའི་འབྲས་སྨིན་པས། །གྲུབ་གཉིས་ལང་ཚོའི་མཛེས་པ་དར་བབས་ཕྱིར། །གྲུབ་པའི་རིང་ལུགས་མཐའ་དག་འཛིན་མཁན་དཔལ། ། ༈ རབ་འབྱམས་རྒྱལ་བའི་ཡེ་ཤེས་སྒྱུ་འཕྲུལ་མཆོག །ཀུན་མཁྱེན་བླ་མ་འཇམ་དཔལ་གཞོན་ནུ་དངོས། །རྣམ་མང་འཕགས་དང་མཁས་པས་དུས་རྟག་ཏུ། །གཟིགས་པ་སྒྲིབ་པ་མེད་ཅེས་མཁྱེན་སྟོབས་བསྔགས། །ལྷར་བཅས་ཡིད་ལ་དགའ་སྟེར་བཟོ་དང་གསོ། །སྒྲ་ཚད་ཟབ་མོ་ནང་དོན་རིག་པའི་གཞུང་། །སྲིད་ཞིའི་སྙེམས་འཕྲོག་ཁྱོད་ཀྱིས་ཇི་བཞིན་རིག །དོན་གཉིས་གཞིར་གྱུར་ཐར་ལམ་གསལ་བར་མཛད། །ཕྱི་ནང་ཤེས་བྱའི་བཟོ་ཡིས་བློ་གྲོས་རྒྱ། །མཐའ་དག་གཅིག་ཅར་ཡོངས་སུ་དགྲོལ་དང་བཅས། །སྤྲོས་པའི་མཚན་མར་མི་གནས་སྙིང་རྗེའི་མཚོར། །དག་བྱེད་དཔལ་ལ་ས་གསུམ་དབུགས་རབ་འབྱིན། །གཞུང་བརྒྱར་འཇིགས་མེད་སྤོབས་པས་ཀུན་ཏུ་འཇུག །དཔྱད་ན་ཆེས་ཟབ་ལེགས་བཤད་སེང་གེའི་སྒྲས། །ལོག་སྨྲ་གཉིས་འཐུང་བརྟན་པ་འཕྲོག་མཁས་མཁས། །མཁས་མཁས་ཕྱོགས་ལས་རྣམ་རྒྱལ་ས་སྐྱ་པ། །གྲུབ་པའི་རིང་ལུགས་མཐའ་དག་འཛིན་མཁས་དཔལ། །དཔལ་མཁས་མཁྱེན་རབ་མཆོག་བཟང་དོན་དང་ཚིག ། ༈ ཚིག་རྒྱན་སྐར་རྩིས་སྡེབ་ལེགས་སྦྱོར་བ་དང་། །ཚིག་གི་གཏེར་གྱུར་མངོན་བརྗོད་ཟློས་གར་བཅས། །ཚིག་ཙམ་མིན་པར་ཁོང་དུ་ཆུད་པའི་ཕྱིར། །ཚིག་དང་དོན་བཟང་མཆོག་རབ་མཁྱེན་མཁས་དཔལ།།


JKT001_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་འཆང་གིས་སྐལ་བཟང་གདུལ་བྱ་ལ། །རྡོ་རྗེའི་ཚིག་གིས་ལེགས་པར་འདོམས་པའི་གཞུང་། །རྡོ་རྗེའི་ཡེ་ཤེས་སྣང་བས་འབྱེད་མཛད་ཕྱིར། །རྡོ་རྗེ་ཐེག་པའི་ངེས་གསང་ཀུན་མཁས་དཔལ། ། ༈ རྡོ་རྗེ་ཐེག་པའི་ངེས་གསང་ཀུན་མཁས་དཔལ། དཔལ་མཁས་སྣང་བས་གྲོལ་དང་བསླབ་ལ་བསྟན། །ཐོས་བསམ་ཡིད་བཞིན་ཆུ་གཏེར་འཇུག་མཁས་མཁས། །མཁས་སྒོམ་སྤང་དབྱིག་གིས་མཁྱེན་བརྩེ་ནུས། །རིགས་གསུམ་གསང་བའི་གན་མཛོད་འཆང་བར་སྟོན། །རབ་འབྱམས་འཆད་རྩོད་རྩོམ་པའི་འདོད་དགུ་སྦྱིན། །མདོར་ན་འགོག་བདེན་འཆི་མེད་སྒྲུབ་པའི་ཕྱིར། །རིག་སྨྲ་རྣ་བར་རབ་སྙན་བདུད་རྩིའི་དབྱངས། །ལམ་བདེན་ཆོས་ཆར་དྲི་བྲལ་འབེབས་ལས་གཞན་ལུང་རྟོགས། །པད་དཀར་གསལ་བའི་བྱེད་པོར་གྱུར། །དེ་སླད་གང་ཚུལ་རྨད་བྱུང་དཔལ་ཇི་བཞིན། །དོན་བཅས་སྒྲིབ་གསུམ་རྣམ་དག་འཕགས་རྣམས་མཁྱེན། །བྱང་ཆུབ་སྤྱོད་མཆོག་ཕ་རོལ་སོན་པའི་ཚུལ། །སྦས་དོན་ཡོན་ཏན་ཕུང་པོ་མཐའ་ལས་འདས། །རིག་གྲོལ་བསླབ་དང་ཏིང་འཛིན་ཤེས་རབ་རྒྱས། །ལམ་མཆོག་བླ་མེད་ཉེ་རྒྱུས་སྐུ་གསུང་ཐུགས། །རྣམ་ཀུན་མཆོག་ལྡན་ཟུང་འཇུག་བརྙེས་ཕྱིར་ཟབ། །འཕགས་ཆེན་འཇམ་མགོན་བླ་མ་རྟག་ཏུ་རྒྱལ། ། ༄༅། །བསྟན་འཛིན་ཡོངས་ཀྱིས་བསྔགས་པའི་དཔྱིད་གཅིག་པུ། །བསྟན་དང་སྟོན་པ་གཉིས་གྱུར་སྡེ་སྣོད་མཆོག །བསྟན་རྩ་ཆོས་འདུལ་འབུམ་སྡེར་དབང་བསྒྱུར་ཕྱིར། །བསྟན་ལ་བསླབ་དང་གྲོལ་བས་སྣང་མཁས་དཔལ། །


JKT001_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་འདྲེན་སྲས་བཅས་རྒྱལ་བས་བསྔགས་པའི་ཕུལ། །རྣམ་དག་སྡོམ་པ་གསུམ་གྱི་ཉམས་ལེན་གྱིས། །རྣམ་མཁྱེན་ལམ་བཟང་ཇི་བཞིན་གསལ་མཛད་ཕྱིར། །རྣམ་གྲོལ་སྤྱོད་ཚུལ་དྲི་མེད་འཆང་མཁས་དཔལ། ། ༈ ཟབ་མོར་དབུ་མར་སྨྲ་བའི་ཤིང་རྟ་ཆེ། །ཟབ་གསང་གསལ་མཛད་དཔལ་ལྡན་ཀླུ་དབང་ལྟར། །ཟབ་དོན་མཐའ་བྲལ་རིག་པའི་སེང་གེའི་སྒྲས། །ཟབ་རྒྱས་ཚུལ་བཞིན་གཞན་ཕྱིར་སྟོན་མཁས་དཔལ། ། ༈ འཕགས་བཞིའི་ཡུམ་གྱུར་ཕ་རོལ་ཕྱིན་པའི་གཞུང་། །འཕགས་མཆོག་བྱམས་པས་བཀྲལ་བའི་ལམ་གྱི་སྲོལ། །འཕགས་བློས་མངོན་སུམ་ཉིད་དུ་མཛད་པའི་ཕྱིར། །འཕགས་ལམ་སྦས་དོན་ལུང་རིགས་རབ་མཁས་དཔལ། ། ༈ རྒྱལ་བས་ཇི་སྙེད་ཤེས་བྱ་གཏན་འབེབས་གཞུང་། །རྒྱལ་སྲས་ཐོགས་མེད་དབྱིག་གཉེན་དགོངས་པའི་མཐིལ། །རྒྱལ་བསྟན་ཆོས་མངོན་སྨྲ་བའི་རྩེར་འཛེགས་ཕྱིར། །རྒྱལ་གསུང་མཐའ་དག་གསལ་བར་འཆད་མཁས་དཔལ། །


JKT001_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

གངས་ཅན་སྐད་ཀྱི་ཟླ་ཟེར་གྱིས། །འབྱེད་མིན་གསལ་བྱེད་ངེས་པའི་རྒྱན། །ཨུཏྤལ་སྙེ་མ་ལེགས་སྦྱར་གྱི། །ཉིན་མོ་སྣང་བར་ཕྱེས་འདིའོ། ། ༄༅། །སུ ཀཾ བྷཱུ སུ ར སྨཱ རཾ ར སཱ སོ ཀ སཾ བྷ སི ༔ གསའབྱེད།ཀབྷིག སུ ཀཱ རཾ ས རོ བྷཱ རཾ སུ སཾ བྷཱ ས སཾ སཱ རེ། ། ༄༅། །བདེ་ལེགས་ཀུན་གྱི་སྙིང་པོའི་འོད། །ས་འདིར་ཡང་དག་གསལ་ཙམ་གྱིས། ༼ར་༽༼ས་༽བཞིར་ངེས་པ། །བསོད་ནམས་ཆུ་གཏེར་འཕེལ་མཛད་པའི། །སྣང་བ་དམ་པས་འཇིག་རྟེན་མཛེས། ༡། མཁས་པས་མཁས་པའི་བློ་གྲོས་སིམ་སྟེར་ཟླ་བ་ནོར་བུའི་སྙེམས་འཆང་ཞིང་། །གྲུབ་པས་གྲུབ་པའི་པདྨོ་འབྱེད་ལ་ལེགས་བྲིས་བདུད་རྩིས་མཚོན་མིན་པའི། །ཡོན་ཏན་ཡོན་ཏན་བྱེ་བའི་གཞིར་གྱུར་འཇམ་བ


JKT001_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་བླ་མའི་ཞབས་པདྨོར། །བསྔགས་པས་བསྔགས་པའི་ཚིག་གི་རྒྱུད་མང་རྣམ་དཔྱོད་སོར་མོས་ཅུང་ཟད་བརྡུངས། ༢ །ཨེ་མ་ཡེ་ཤེས་མེ་ལོང་གཅིག་ཁོ་ནར། །ཤེས་དང་ཤེས་བྱའི་གཟུགས་བརྙན་འབུམ་འཆར་བ། །ཕུལ་བྱུང་སྨྲ་བའི་ཉི་མ་འཇམ་དཔལ་དབྱངས། །ཚུར་མཐོང་ངུར་སྨྲིག་གར་གྱིས་རྣམ་རོལ་པ། ༣ །དཔལ་ལྡན་ས་གསུམ་སྣང་བའི་ལེགས་བྱས་གཞི། །དྲི་མེད་བསིལ་ཟེར་བྱེད་པ་ལྟར་སྐྱ་བའི། །དགེ་མཚན་ཕུན་སུམ་ཚོགས་པའི་འདུན་ས་ཆེར། །གྲུབ་རིགས་ཐིག་ལེར་འཁྲུངས་པའི་པཎྜིཏ། ༤ །འཕགས་བོད་མཁས་ཀུན་དགའ་བའི་དཔྱིད་གཅིག་པུ། །གྲགས་པའི་རྒྱལ་མཚན་སྲིད་ན་མཚུངས་མེད་པ། །ཕྱོགས་ལས་རྣམ་པར་རྒྱལ་བ་དཔལ་བཟང་པོའི། །རྣམ་ཐར་ཐམས་ཅད་གཟིགས་པའི་སྤྱོད་ཡུལ་ཉིད། ༥ །འོན་ཀྱང་དད་པའི་རླན་གྱིས་སྐྱེད་བསྲིངས་པའི། །བློ་གྲོས་པུཎྜ་རཱི་ཀའི་འཛུམ་རླབས་ནི། །ཆེས་ཆེར་མཚར་སྡུག་རྫོགས་པའི་གཞན་དབང་ལས། །ཚིག་རྒྱན་མེ་ཏོག་ཕྲ་མོའི་མཆོད་སྤྲིན་སྤྲོས། ༦ །དེ་ཚེ་གཉིས་འཛིན་དབུ་མར་བསྙིལ་བ་ཡི། །ཡེ་ཤེས་གཟིགས་པ་དམ་པའི་འབབས་སྟེགས་ཀྱང་། །ག་བསམ་དག་པའི་པདྨོས་མཛེས་སྟེར་བའི། །སྐལ་བ་བཟང་པོའི་ངལ་འཚོ་ཅིར་ཡང་ཐོབ། ༧ །གང་ལས་བྱུང་བའི་ལེགས་བྱས་རྒྱུན་གྱིས་རྨོངས་པའི་དྲི་མ་ཀུན་སྦྱངས་ཏེ། །བློ་དང་རིག་པ་སྙིང་རྗེའི་ས་བོན་ཐར་པའི་ཕྱོགས་སུ་གྲོལ་བ་ལས། །བསོད་ནམས་དཔག་ཡས་ཤེས་རབ་དྲི་མེད་མཐའ་དག་རྫོགས་པའི་འབྲས་འབར་བ། །ཐམས་ཅད་མཁྱེན་པའི་དཔག་བསམ་ལྗོན་པ་ཡིད་ཅན་ཀུན་གྱིས་ཐོབ་གྱུར་ཅིག །ཅེས་དཔལ་ལྡན་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་པདྨོ་ལ་ཐུན་མོང་གི་རྣམ་པར་ཐར་པ་ལས་བརྩམས་ཏེ་ཅུང་ཟད་བསྔགས་པའི་ཀུན་བཟང་འཁོར་ལོའི་རེའུ་མིག་འཇམ་མགོན་བླ་མ་དགྱེས་པའི་རོལ་མོ་ཞེས་བྱ་བ་འདིའང་། རིས་མེད་པའི་བསྟན་པ་ཀུན་ལ་དག་པའི་སྣང་བ་གཅིག་ཏུ་དཀར་བའི་ཤཱཀྱའི་དགེ་སློང་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ། མིང་གཞན་གཙུག་ལག་སྨྲ་བའི་ཉི་མ་ཞེས་ཀྱང་བགྱི་བའི་རྒྱལ་ཁམས་ཀྱི་ད་རི་དྭས་བྲིས་ཏེ་གསོལ་བ་བཏབ་པ་སིདྡྷི་རསྟུ། །


previousདཔལ་ལྡན་ས་སྐྱ་པཎྜི་ཏའི་ཞབས་ཀྱི་པདྨོར་ཅུང་ཟད་བསྔགས་པའི་ཀུན་བཟང་འཁོར་ལོའི་རེའུ་མིག་འཇམ་མགོན་བླ་མ་དགྱེས་པའི་རོལ་མོ།next