འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལ་བརྟེན་ནས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ལམ་སྲོལ་འཆད་ཚུལ་དང་ཟིན་བྲིས་སྐོར་སྣ་ཚོགས།
༄༅། །མ ཉྫ ཤྲཱི མཱ ཡཱ ཀུ རྦ ཎ ཛ ཡ སྱ ཏ མཱ སཱ ༴ བི དྷི པ རཾ པ རྨ ཨ ཀྵ ར ཐ སྱ བཱ ཊ མ ཏཾ བྱ ཀྵ སྲོ ཀཱ སྱ བ ཎྜ བི ཤཱ སྟི །
༄༅། །འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལ་བརྟེན་ནས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ལམ་སྲོལ་འཆད་ཚུལ་དང་ཟིན་བྲིས་སྐོར་སྣ་ཚོགས་བཞུགས་སོ། །
ཨོཾ་སྭསྟི། འཇམ་དཔལ་མཚན་བརྗོད་ཀྱི་ངེས་གསང་ལ་བརྟེན་ནས་གྲུབ་པའི་ལམ་སྲོལ་ཇི་ལྟར་འཆད་པའི་ཚུལ་ལ། ༼༡༽ རྫོགས་པ་ཆེན་པོ་མན་ངག་སྡེའི་དགོངས་པ་ནི། ༈ །གཞི་ཀ་དག་ནམ་མཁའ་ལྟ་བུ་དང་དེ་ལས་བྱུང་བའི་གཞི་སྣང་ལྷུན་གྲུབ་དབྱེར་མེད་འདུས་མ་བྱས་པ་རང་བྱུང་བ། ༈ །ལམ་ཁྲེགས་ཆོད་ཤེས་རབ་ཐོད་རྒལ་ཡེ་ཤེས་ཟུང་དུ་འཇུག་པའི་མེ་བོ་ཆེ། །དབྱིངས་རིག་དབྱེར་མེད་འོད་ཆེན་པོ་ཆོས་ཉིད་མངོན་སུམ། དེ་ཉིད་གོང་ནས་གོང་དུ་རྣམ་པར་འཕེལ་ཞིང་སྣང་བར་བྱེད་པ་ཉམས་སྣང་གོང་འཕེལ། སྐུ་དང་ཡེ་ཤེས་ཀྱི་ལམ་གྱི་སྣང་བ་མཐར་ཕྱིན་པ་རིག་པ་ཚད་ཕེབས། དེ་ཉིད་ནང་གསལ་དུ་ཐིམ་པ་ལམ་མེ་བ་ཆོས་ཉིད་ཟད་པ། ༈ །འབྲས་བུ་འགྲོ་བའི་ཆེད་དུ་གྲུབ་པའི་
མར་མེ་ལྟ་བུ་ནང་གསལ་ཆོས་སྐུས་མཚོན་པའི་རྟེན་སྐུ་ལྔ། བརྟེན་པ་ཡེ་ཤེས་ལྔ། མཛད་པ་ཕྲིན་ལས་སྒྲོན་མེ་ལྟ་བུ་དང་བཅས་པའོ། །༢༽ བྱང་ཆུབ་ལམ་གྱི་རིམ་པ་ནི། ཇོ་བོའི་ལམ་སྒྲོན་ལས། ཆུང་ངུ་འབྲིང་དང་ཆེ་ཞེས་པའི། །སྐྱེས་བུ་དེ་ནི་གསུམ་ཞེས་བྱ། །ཞེས་པ་ནི། ༈ །སྐྱེས་བུ་ཆུང་ངུ་། ལྷའི་ཐེག་པ། ཚངས་པའི་ཐེག་པ་སོགས་མངོན་མཐོའི་ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོག་པ་པོ། ༈ །སྐྱེས་བུ་འབྲིང་མྱང་འདས་ཀྱི་ཐེག་པ་གསུམ་གྱི་ནང་ཚན་ཉན་རང་དང་ཐུན་མོང་བའི་ལམ་བདེན་བཞི་དང་། རྟེན་འབྲེལ་སོགས་ལ་བརྟེན་རང་རང་གི་ངེས་འབྱུང་ལ། ༈ །མཐར་ཐུག་སྐྱེས་བུ་ཆེན་པོའི་ལམ་ཐེག་པ་གཅིག་གི་འབྲས་བུར་གནས། ༼༣༽ །
གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ། བླ་མ་ས་སྐྱ་པ་ཆེན་པོས། སྣང་བ་གསུམ་གྱིས་ལམ་གྱི་གཞི་བཅས་ཏེ། །ཉམས་བླངས་མ་ལུས་རྒྱུད་གསུམ་དག་གིས་ཤེས། །ཞེས་པ་ནི། མ་དག་པའི་སྣང་བ་རྣམ་པར་༡)ཤེས་པའི་ཉམས་ཀྱི་སྣང་བ་ཆོས་ཉིད་དག་པའི་སྣང་བ་འདས༣༽། །ཀུན་གཞི་རྒྱུ་རྒྱུད་ཡེ་ཤེས་༡༽འཁོར་འདས་གཉིས་མེད་ལམ་ཐབས་རྒྱུད་ཚུལ་༢དེ་འཆང་ཤཱི་ལའི་སྒྲ་ལས་ཚུལ་དང་སྡོམ་པ་དོན་གཅིག་པས་བུམ་དབང་གི་ལམ་བསྐྱེད་པའི་རིམ་པས་ཐ་ལམ་གྱི་སྣང་ཞེན་ལྷར་བསྡོམ་པ་སོགས་པ། །ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་ཆོས་སྐུ་རྣམ་པར་༣ རྟོག་མེད་གཟུགས་སྐུ་ལྷུན་གྱིས་གྲུབ། ༼༤༥༽ །མངའ་བདག་མར་པ་དང་། མཁས་གྲུབ་ཁྱུང་པོའི་བཀའ་བརྒྱུད་ལས་བྱུང་བའི་ཕྱག་ཆེན་དང་། ཆོས་དྲུག་ནི། ༈ །དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་པ་ལས་གཞི་སེམས་དངོས་པོའི་གནས་ལུགས་ཕྱག་རྒྱ་ཆེན་པོ་དང་། སྦས་དོན་དུ་ལུས་དངོས་པོའི་གནས་ལུགས་བསྟན་པ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། ༈ །གྲོལ་ལམ་ཆོས་དྲུག་གི་དང་པོ་གཏུམ་མོ། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད་༡ེ། །གཉིས་པ་སྒྱུ་ལུས། མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་
དགྲ་ཆེ་བ་༢ཏེ། །གསུམ་པ་འོད་གསལ། །མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ་༣)། །བཞི་པ་རྨི་ལམ། མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་བ་ཆེན་པོ་དགྲ་ཆེ་བ་༤༽། །ཞེས་རྩ་བའི་ཆོས་བཞི་དངོས་སུ་བསྟན་ཅིང་། ཡན་ལག་འཕོ་༥བ་བར་དོ་༦ཤུགས་ལ་བསྟན། ཐབས་ལམ། མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། ༈ །འབྲས་བུ་སྐྱེ་བའི་རིམ་པ། བདེ་བ་ཆེན་པོའི་སྐུ། འདོད་པ་ཆེན་པོ་བདེ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་༡ཆེ། །ལོངས་སྐུ། གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །ཁ་དོག་ཆེ་ཞིང་ལུས་བོང་ཆེ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ། །དཀྱིལ་འཁོར་ཆེན་པོ་ཡངས་པ་༢༽ཡིན། །ཆོས་སྐུ། ཤེས་རབ་མཚོན་ཆེན་འཆང་བ་སྟེ། །ཉོན་མོངས་ལྕགས་ཀྱུ་ཆེ་བའི་༣༽མཆོག །སྤྲུལ་སྐུ། གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །སྣང་བ་ཆེན་པོ་གསལ་བ་ཆེ། །མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། །སྒྱུ་འཕྲུལ་ཆེན་པོ་དོན་སྒྲུབ་པ། །སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ། །སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་༤ དེ་ཅན། ༼༦༨༽ །དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་དང་། རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ནི། །ལམ་གྱི་གནད་དང་ཐ་སྙད་གཅིག་པས། །སངས་རྒྱས་ཐམས་ཅད་སྐྱེད་པ་པོ། །ཞེས་སོགས་གོང་འོག་འཁྲུགས་པ་སྡེབས་པ་གུད་དུ་གསལ་བ་དང་། ༼༧༽ །དམ་ཆོས་སྡུག་བསྔལ་ཞི་བྱེད་ནི། །རྣལ་འབྱོར་གསུམ་གྱི་གཞི་ལམ་འབྲས་གསུམ་མཚོན་
པ་སྟེ། བྱ་བ་གཞི་སྡུག་༡ེབསྔལ་གསུམ་གྱི་བྱེད་པའི་ལམ་སྡུག་བསྔལ་༢ཞི། །གསུམ་སེལ་མཐའ་ཡས་གཅིག་ཅར། ཐོད་རྒལ། རིམ་འཇུག་གིས་གྲོལ་བ་གསུམ་ཐོབ། །བྱ་བྲལ་འབྲས་བུའི་རྣལ་འབྱོར། །ཉོན་མོངས། ཤེས་བྱ། སྙོམས་ འཇུག་གི་སྒྲིབ་པ་༢༽ཀུན་ལས་ངེས་པར་གྲོལ། བ་ཞི་བའི་སྐུ། མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཞེས་པ་རྣམས་ཀྱིས་རིམ་པར་བསྟན་ཏོ།། ༈ །།སྔ་འགྱུར་གཏེར་མའི་ཕྱོགས་རྣམས་ལས་ལུང་དྲངས་པ་ལྟར། ཨོ་རྒྱན་རིན་པོ་ཆེ་སྐུ་གསུམ་གྱི་རྣམ་པར་ཐར་པ་ནི། དཔལ་ལྡན་ཆོས་སྐུ་གསང་འདུས། སངས་རྒྱས་ལོངས་སྐུ་ཐོད་ཕྲེང་ལྔ། པདྨ་༡༽སྐྱེས། །སྤྲུལ་སྐུ་པད་༢༽འབྱུང་། ཀུན་༢༽མཁྱེན་བློ་ལྡན་མཆོག་སྲེད། ཡེ་ཤེས་མཛོད་འཛིན་པ། །པདྨ་༣༽སཾ་བྷ། པདྨ་རྒྱལ་༤ ༽པོ་སྒྱུ་འཕྲུལ་༥༽སྣ་ཚོགས་འཆང་། །ཉི་མ་འོད་༥༽ཟེར། ཆེ་བ་སངས་༦)རྒྱས་གཉིས་པ་༦༽ཤཱཀྱ་སེང་གེ་རིག་སྔགས་༧༽འཆང་༨༽། །རྒྱུ་རིག་སྔགས་འཛིན་པ་སེང་གེ་སྒྲ་༧༽སྒྲོག །འབྲས་བུ་བརྟུལ་ཞུགས་འཆོལ་བའི་རྩལ་འཆང་བ་རྡོ་རྗེ་གྲོ་ལོད། ཞེས་པས་བསྟན་ཚུལ་རྩ་བར་བྱས་ནས། གཏེར་བྱོན་རྣམ་ཐར་རྣམས་དང་གུང་སྤྲོས་ཏེ་རྒྱ་ཆེར་འཆད་དུ་ཡོད་དོ། །ཞེས་པའང་མཉྫ་གྷོ་ཥས་གནའ་བོའི་དུས་ཀྱི་མཁས་ཤིང་དངོས་གྲུབ་བརྙེས་པ་རྣམས་ཀྱི་རྡོ་རྗེའི་གསུང་དང་། རང་གི་རྟོག་པ་ལ་ཤར་བ་ལྟར་བྲིས་པའོ། །མངྒ་ལཾ།། ༈ །།རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི། བརྟན་མེད་ཐོགས་མེད་དེ། དེ་ལུས་ངག་གི་སྦྱོར་བ་ལས་
རྗེས་སུ་དཔགས་ཏེ་ནང་གི་སེམས་ཀྱི་ངོ་བོ་རིག་པར་མི་རུང་བས་ན་དེ་སྐད་དུ་བྱ། ཅིའི་ཕྱིར་གཟུགས་སུ་བཞག་ན་བཞག་ཅིང་གནོད་པ་བྱར་རུང་བས་ཏེ། ངོ་བོ་དངོས་ལ་དེ་ལྟར་མི་རུང་ཡང་། ཤིང་བཅད་ན་གྲིབ་མ་མེད་པ་བཞིན། འབྱུང་བ་ཆེན་པོ་བཞི་ཉམས་པར་བྱས་པ་ན་དེ་ཡང་ཉམས་པར་འགྱུར་ཏེ་བརྟེན་པའི་མིང་རྟེན་ལ་བཏགས་པ་སྟེ་འགལ་བ་མེད་དོ། །སྡོམ་པ་ལའང་། མཛོད་ལས། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །སྡོམ་དང་། ཞེས་པས་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སུ་བཞག་པ་དང་། དྲིན་ལན་བསབས་པའི་མདོ་ལས། ཐོག་མའི་སེམས་སྐད་ཅིག་མ་དང་པོའི་ཚུལ་ཁྲིམས་ཀྱི་རྣམ་པར་རིག་བྱེད་ཀྱི་གཟུགས་ནི་ལས་ཞེས་ཀྱང་བྱ། ལས་ཀྱི་ལམ་ཞེས་ཀྱང་བྱ། ཞེས་སོགས་ཀྱིས་རྣམ་པར་རིག་བྱེད་ཀྱི་གཟུགས་སུ་བསྟན་པ་དང་། ཞིབ་ཏུ་ཕྱེ་ན། མཛོད་འགྲེལ་ལས། དང་པོར་རྣམ་རིག་རྣམ་རིག་མིན། །སོ་སོར་ཐར་དང་བྱ་བའི་ལམ། །ཞེས་སོགས་ཀྱི་དོན། ལས་བརྗོད་པ་གསུམ་གྱི་ཐ་མ་ལ་རྣམ་པར་རིག་བྱེད་ཀྱི་གཟུགས་དང་། དེའི་སྐད་ཅིག་གི་རྣམ་པར་རིག་བྱེད་མ་ཡིན་པ་གང་ཡིན་པ་དེ་ལས་སམ་དངོས་གཞིར་འདོད་པས་གཉིས་ཀ་ཡོད་པར་བཤད་ལ། གཞན་ཡང་མཛོད་འགྲེལ་ལས། སྲོག་གཅོད་པ་ལྟ་བུ་དཔེར་མཚོན་ན། མཚོན་བསྣུན་པ་གང་ཞིག་རྣམ་པར་རིག་བྱེད་དང་། དེའི་རྗེས་སུ་སྐད་ཅིག་
མར་རིག་བྱེད་མ་ཡིན་པ་འབྱུང་བས་ལས་ལམ་དངོས་གཉི་ག་ཡོད་པར་བཤད་པས་མཚོན་ཏེ། སོ་སོར་ཐར་པའི་སྡོམ་པར་གཟུགས་གཉིས་ཀ་ཡོད་པ་གསལ་ཀྱང་། སྤྱི་ལྡོག་ནས་རྣམ་རིག་བྱེད་མིན་གྱི་གཟུགས་མ་པར་རིག་བྱེད་གཟུགས་ཡོད་ཀྱང་འཇོག་ཚེ་རིག་མིན་གྱི་ལྡོག་པ་གཙོ་ཆེ་བར་འཇོག་སྟེ། དཔེར་ན་རྡུལ་ཕྲ་རབ་དབང་ཤེས་ཀྱི་ཡུལ་ཡིན་ཡང་། དེ་མི་སྣང་། ཚུབས་ཡུལ་དུ་མི་འཇོག་པ་བཞིན་ནོ། །བྱེ་སྨྲས་རྣམ་པར་རིག་བྱེད་ཀྱི་གཟུགས་ཡོད་པར་འདོད་དེ། རྣམ་རིག་མིན་གྱི་གཟུགས་མེད་ན་སོར་སྡོམ་ཀྱང་མེད་པར་འགྱུར་ཏེ། དེ་སྤོང་བ་ནི་འཆལ་ཚུལ་གྱི་གེགས་བྱེད་པའི་ཆུ་ལོན་ལྟ་བུར་གསུངས་པའི་ཕྱིར་རོ། །ཞེས་འདོད་ལ། ཐེག་ཆེན་པ་དག་རྣམ་རིག་བྱེད་མིན་མེད་དེ་ཚད་མས་ཡུལ་དུ་མ་གྲུབ་པའི་ཕྱིར། སོར་སྡོམ་ཡོད་དེ། ཁས་བླངས་པའི་སེམས་དེས་ལུས་ངག་གི་ ལས་བཀག་པའི་སྡོམ་སེམས་དེས་མ་འོངས་པ་ན་དེ་དང་དེ་ཅི་རིགས་སུ་བསྐྱེད་དེ་ཀུན་གཞིའི་རྣམ་ཤེས་ལ་ས་བོན་བཏབ་ནས། དེའི་འོག་ཏུ་བདག་གི་སྲོག་གཅོད་སྤངས་པའོ། །ཞེས་ཡང་དག་པར་བླངས་པའི་དྲན་པ་འབྱུང་སྟེ། དེས་འཛེམ་པའི་བསླབ་པ་དང་མི་འབྲལ་བའི་ཕྱིར། ཡང་དག་བླངས་པའི་སེམས་ཀྱི་ས་བོན་རྒྱུན་ཆགས་དང་བཅས་པ་ནི་སྡོམ་པའོ། །ཞེས་བཤད་དོ། །རྒྱུ་མཚན་དེས་ན་བྱེ་སྨྲ་བས་སྡོམ་པ་
གཙོ་བོར་རྣམ་པར་རིག་མིན་གྱི་གཟུགས་སུ་འདོད། རིག་མིན་གྱི་གཟུགས་དེ་ཡང་འབྱུང་བ་ཆེན་པོར་བརྟེན་པའི་ཕྱིར་ཡོད་པར་འདོད། དེ་འདོད་པས་རྟེན་ལུས་བོར་པའི་ཚེ་བརྟེན་པ་སྡོམ་པའང་འཇིག་པར་བཤད་དེ། འབྲི་གུང་པ་སོགས་སྡོམ་པ་གཟུགས་ཅན་དུ་འདོད་པ་བཞིན་དུ་ཤི་བའི་ཚེ་ཡང་རྗེས་སུ་འབྲང་བ་གཉིས་ཀ་འདོད་པ་འགལ་ཏེ། སློབ་དཔོན་དབྱིག་གཉེན་གྱིས་བྱེ་སྨྲ་བས་དགེ་བ་གཟུགས་ཅན་དུ་འདོད་པ་འགོག་པ་ན། དེ་གཟུགས་ཅན་དུ་འདོད་བཞིན་ཤི་ནས་འབྲས་བུ་བདེ་བ་བསྐྱེད་པར་འདོད་པ་ཡང་འགལ་ཏེ། འཇིག་པའི་ཕྱིར་རོ། །ཞེས་སུན་འབྱིན་མཛད་པ་དང་ཚུལ་མཐུན་པར་བཤད་པས་གྲུབ་བོ། །བྱེ་སྨྲ་བས་བསྙེན་གནས་དགེ་སློང་ལས་བླང་བའི་ཚུལ་ནི། བྱེ་སྨྲ་བའི་ལུགས་དྲིན་ལན་བསབས་པའི་མདོར། སོ་ཐར་རིས་བདུན་གྱི་ནང་གི་དགེ་བསྙེན་གྱི་སྡོམ་པར་བསྡུས་ཏེ་བཤད་པ་དང་། ཉིན་ཞག་གཅིག་གི་ཁྲིམས་ཡོད་ཅིང་ཇི་སྲིད་འཚོ་བའི་ཁྲིམས་མེད་པ་གང་ཟག་བར་མ་ཞེས་བཤད་པ་དང་། སོ་ཐར་རིས་བརྒྱད་ཀྱི་བརྒྱད་པར་བཤད་པ་སྟེ་གསུམ་ལས། སྔ་མ་དང་ཕྱི་མ་ལྟར་ན། མཛོད་འགྲེལ་ལས། དགེ་སློང་སོགས་ལྔ་དགེ་འདུན་དང་། ལྷག་མ་གསུམ་གང་ཟག་སྟེ་དགེ་སློང་ལས་ལེན་པར་བཤད་པས་གྲུབ་ལ། རིག་རལ་གྱིས་མགོན་མེད་ཟས་སྦྱིན་གྱིས་བསྙེན་གནས་ཕོག་པར་འདུལ་ལུང་ལས་བཤད་པར་
གསུངས་ཀྱང་དེར་མི་སྣང་ལ། ལས་བརྒྱ་པར་བཤད་ཀྱང་དེ་ནི་བར་མ་ཙམ་ལ་དགོངས་པའམ། མདོ་སྡེ་པའི་ལུགས་ཡིན་པའི་ཕྱིར་མ་ཁྱབ་བོ། འདུལ་བའི་ལུགས་ཀྱི་བསྙེན་གནས་ཀྱི་ཆོ་ག་ནི། སྤྱིར་ཡན་ལག་བརྒྱད་དང་ལྡན་པའི་ཆོ་ག་ཙམ་ནི་རིགས་བྱེད་ཀྱི་གཞུང་རྣམས་ལས་ཀྱང་འབྱུང་བར་རྒྱ་ཆེར་རོལ་པར་བཤད་ལ། བྱེ་བྲག་ཏུ་ཉན་ཐོས་བྱེ་སྨྲ་བའི་ལུགས་ལྟར་ན། སྐྱབས་འགྲོ་སྔོན་དུ་འགྲོ་བས་གོ་མཱིའི་དགེ་བསྙེན་དུ་ཁས་བླངས་པས་སྡོམ་པ་བརྒྱད་དང་ལྡན་པར་བྱས་པའི་གསོ་སྦྱོང་འབོགས་པའི་ཆོ་ག་རྣམས་ཡིན་ལ། དེའང་འགྲེལ་བཤད་དང་། སྟན་པའི་ནོར་རྫས་དང་། སྡོམ་བརྒྱད་དང་། ཀུན་ཏུ་རྒྱུ་སེན་རིང་གིས་ཞུས་པ་རྣམས་ལས་ཆོ་ག་གསལ་བར་བཤད་ལ། འོན་ཀྱང་བྱེ་སྨྲ་དང་མདོ་སྡེ་བ་གཉིས་ཀ་བླང་ཡུལ་དང་། རྟེན་གྱི་ཁྱད་པར་མ་གཏོགས་ཆོ་ག་དངོས་གཞི་ལ་ཁྱད་པར་མེད་དོ། །དེས་ན་འདུལ་བའི་ལུང་ནས་ཆོ་ག་དེ་གསལ་པོར་མ་གསུངས་ཀྱང་། མདོ་སྡེ་ལ་གསུངས་པའི་ཆོ་ག་དེར་ཡང་སྦྱོར་བར་བཤད་པའི་ཕྱིར་རོ། །མདོ་སྡེ་པའི་ལུགས་ཇི་ལྟར་འདོད་ཚེ་ལེན་པའི་ཆོ་ག་ཇི་ལྟར་ཞེ་ན། ཇོ་བོ་རྗེས་མངའ་རིས་སུ་བཞུགས་པའི་ཚེ་འདི་ལྟ་བུ་ཞིག་གནང་ནས་མདོ་སྡེ་པའི་ལུགས་ཡིན་པར་གསུངས་པའི་རྗེས་སུ་འབྲངས་ནས་ཞང་ཞུང་རྒྱལ་བའི་ཤེས་རབ་ཀྱིས་འདུལ་བའི་ལག་ལེན་དུ་བྲིས་པ་ཡིན་ནོ། །དེས་ན་འདིའི་ལུགས་ལ་སྔོན་སློབ་
དཔོན་ལ་བླངས་ནས། སྔར་གྱི་སྤང་སེམས་དྲན་པ་ཙམ་གྱིས་ཕྱིས་ནམ་འདོད་པའི་དུས་སུ་རྟེན་གྱི་དྲུང་དུ་བླངས་ཏེ་ཉིན་ཞག་གཅིག་རྫོགས་པར་བསྲུང་བ་ཇི་ལྟར་འདོད་པའི་ཚེ་བླང་བ་ཡིན་ལ། བྱེ་སྨྲ་བའི་ལུགས་སུ་གཞན་ལ་ནོད་དགོས་པར་དོན་གྱིས་ཤེས། དམིགས་བསལ་ཟས་ཟོས་ཀྱང་བླངས་པས་ཆོག་པར་འཕགས་པ་དྲིན་ལན་བསབས་པ་ལས་གསུངས་པ་ནི་ཉིན་ཞག་ཚང་བ་ལེན་མི་དགོས་པའི་ཁྱད་ཡོད། ཞག་གསུམ་སོགས་སྦྲེལ་མར་བྱས་པའི་བསྙེན་གནས་ཆོ་ག་གཅིག་གིས་ལེན་པ་ནི་གཏན་ནས་མི་རུང་། མདོར་ན་གོ་མཱིའི་སྡོམ་པ་འབོགས་ཚུལ་གཅིག་དང་། ཇི་ལྟར་འདོད་ཚེ་ལེན་པའི་ཕྱག་ལེན་གཉིས་ལས་ཕྱི་མ་འཕགས་པས་མཛད་པ་སོགས་ཡིན། བྱེ་སྨྲ་བའི་ལུགས་ཀྱིས་ཀུན་ཏུ་རྒྱུ་སེན་རིང་གིས་ཞུས་པའི་མདོར་ཇི་སྲིད་འཚོའི་བར་དུ་ཡན་ལག་བརྒྱད་པའི་སྡོམ་པ་ལེན་པ་དང་། དེ་གོ་མཱིའི་སྡོམ་པ་ཞེས་མིང་འདོགས། ཆོ་ག་འདི་ཉིན་ཞག་གཅིག་པར་ཁས་བླངས་པ་ནི་བྱེ་སྨྲའི་རང་ལུགས་ཀྱི་སྡོམ་པ་ཡིན་པར་གསལ་ལོ། །དེས་ན་སྡོམ་གསུམ་ལས་མདོ་སྡེ་པའི་ལུགས་སུ་བོད་ན་གྲགས་པ་ལྟར། ཇི་ལྟར་འདོད་ཚེ་ལེན་ནའང་ཉིན་ཞག་གི་མཐར་འབུལ་མི་དགོས་པར་གཏོང་སྟེ། དམ་བཅའ་རྫོགས་པའི་ཕྱིར་རོ། །ཞེས་པ་ལས་དེ་གཏན་ནས་དགག་པའམ། མདོ་སྡེ་པའི་ལུགས་སུ་གྲགས་པ་དེ་མདོ་སྡེ་པའི་ལུགས་ཁས་ལེན་པའི་
ཁྱབ་མཐའ་འཆའ་བ་ནི་མ་ཡིན་ནོ། །དེ་ལ་ཁོ་ན་རེ། སྡོམ་བརྒྱད་དང་། དོན་ཞགས་ནས་གསུངས་པའི་ཆོ་ག་ཚང་བར་དགེ་བསྙེན་མན་ཆད་ཀྱིས་ནོད་དུ་མི་རུང་སྟེ། ཇི་སྲིད་འཚོའི་མཐའ་ཅན་གྱི་སྡོམ་པ་ལ་གནས་བཞིན་དུ་ཉིན་ཞག་གཅིག་གི་སྡོམ་པ་བླང་བ་ལ་དགོས་པ་མེད་པའི་ཕྱིར་དང་། སྔ་མའི་འཇིག་རྒྱུ་ཡིན་པའི་ཕྱིར། དེས་ན་བསྙེན་གནས་པར་ཁས་བླངས་ནས། ལྷག་མ་སྲུང་བ་ཙམ་གྱིས་ཆོ་ག་ཡང་མི་འཆད་ཅིང་། གསོ་སྦྱོང་ལ་གནས་པར་འགྱུར་རོ། །ཞེས་བཞེད་དེ། དེ་ནི་མི་འཐད་དོ། །དོན་ཞགས་པའི་ཆོ་གར། དགེ་སློང་ཕའམ། ཞེས་སོགས་གསུངས་ཤིང་། དེའི་གཟུངས་འོག་ཏུ། འདི་རབ་ཏུ་བྱུང་བའི་ཕྱོགས་ལ་ཡང་བླངས་དགོས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང་། ཞེས་སོགས་ཐེག་ཆེན་གྱི་ལུགས་ཡིན་པའི་ཕྱིར་རོ། །ཞེས་རྗེ་བཙུན་གྱིས་གསུངས་པ་དང་འགལ་ཞིང་། འཇིག་རྒྱུར་འགྲོ་ན། ཁྱིམ་པའི་གསོ་སྦྱོང་དང་། བསྙེན་གནས་ཀྱི་སྡོམ་པ་ལ་མུ་བཞིར་བརྩི་བའི་སྐབས་ཀྱི་གཉིས་ཀ་མ་ཡིན་པའི་མུ་ལ་ཡོངས་རྫོགས་དགེ་བསྙེན་གྱིས་ཉིན་ཞག་གཅིག་གི་གསོ་སྦྱོང་བླངས་པ་ལྟ་བུ་དཔེར་མཛད་པ་དེས་ཀྱང་འཇིག་པར་འགྱུར་བའི་ཕྱིར་དང་། མདོ་རྩར་གསུངས་པ་ནི། རྟེན་མཆོག་ལ་གནས་བཞིན་དུ་དམན་པར་ཁས་བླངས་པ་སྡོམ་པ་སྔ་མའི་འཇིག་རྒྱུར་སོང་བ་ལ་དགོངས་ཕྱིར་མི་འགལ་ལོ། །ཕར་ཕྱིན་ལས་
གཏན་ལ་དབབ་པ་བསྡུ་བར་བཤད་པ་དང་། རྒྱུད་སྡེ་འོག་མ་གསུམ་ལས་རྟོག་པའི་ཆོ་གའི་སྔོན་འགྲོར་བཤད་པ་དང་འདྲ། ལོ་ཆེན་རིན་བཟང་གི་སྔགས་ལོག་སུན་འབྱིན་གྱི་གཞུང་ལས་བླ་མེད་ཀྱི་རྒྱུད་ལས་ཀྱང་བཤད་པར་གསུངས་པས་ན། གསོ་སྦྱོང་ཡན་ལག་བརྒྱད་པ་ནི་ཉན་ཐོས་བྱེ་སྨྲ་བ་ནས། བླ་མེད་ཀྱི་བར་ཐམས་ཅད་ལས་བཤད་པ་ཡིན་ནོ། །ཆོས་དབྱིངས་ནི་དགེ་བ་མ་ཡིན་ཏེ། དེ་དགེ་དང་མི་དགེའི་ཟླས་དྲངས་པའི་མི་དགེ་བ་མེད་པས་ན་དགེ་བར་ཡང་མ་གྲུབ་བོ། །སྦྱོར་རུང་གི་མི་དགེ་བ་མ་ཡིན་པས་དངོས་མ་ཡིན་ལ། མིང་གི་ཐ་སྙད་ཙམ་ནི་མི་འགོག་སྟེ། དོན་ལ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་ཕྱིར་དགེ་སྡིག་ཏུ་གཟིགས་པ་མེད་དོ། །ངེས་པའི་དོན་ལ་ཆོས་ཀྱི་དབྱིངས་ནི་ཤེས་བྱར་སྒྲོ་བཏགས་པས་བརྗོད་པར་བྱ་བ་མ་ཡིན་པས་བདེ་གཤེགས་སྙིང་པོ་ཉིད་དུའང་མི་འཇོག་ཅིང་། ཐ་སྙད་དུ་ནི་ཆོས་ཅན་སྣ་ཚོགས་པ་མིང་གིས་བསྟན་པའི་ཕྱིར་སྒྲས་བརྗོད་པ་ཙམ་ལ་འགལ་བ་ཡོད་པ་མ་ཡིན་ལ། དངོས་པོའི་སྒྲས་སྟོན་པའང་འདུས་མ་བྱས་ཡིན་པར་ལང་གཤེགས་ལས་གསུངས་ཕྱིར། དེ་ཁོ་ནས་ཀྱང་བདག་དང་། རྟག་པ་སོགས་ཐམས་ཅད་སྒྲ་ཙམ་གྱི་ངོར་དྲངས་པའི་དོན་ཡིན་པར་ཤེས་པར་བྱ་བ་འདི་ནི་འཇམ་དབྱངས་བླ་མའི་དགོངས་པ་འཁྲུལ་མེད་ལགས་སོ། །འདུལ་བའི་སྡེ་པ་བཅོ་བརྒྱད་ལ་འདུལ་བ་
མི་འདྲ་བ་བཅོ་བརྒྱད་ཡོད་པར་བཤད་པ་ནི་ས་པཎ་ཁོ་ནའི་བཞེད་པ་ཟུར་པ་མིན་ཏེ། རྟོག་གེ་འབར་བ་སོགས་ལས་གྱེས་ཚུལ་དང་གྲུབ་མཐའ་ཕྲ་མོ་ཚུན་ཆད་གསལ་བར་བཤད་པའི་ཕྱིར་དང་། སྡེ་པ་བཞི་དང་། རྒྱུད་སྡེ་ནས་གསུངས་ཕྱིར། སངས་རྒྱས་ཉིད་ཀྱི་གསུང་གཅིག་གིས་སྡེ་པ་བཞི་ཀ་སོ་སོར་བསྟན་པ། གང་ཟག་སོ་སོའི་རང་རང་གི་འདུལ་བ་སོ་སོར་གོ་ཞིང་། སངས་རྒྱས་མྱ་ངན་ལས་འདས་ནས་བསྡུ་བ་གསུམ་པ་མ་བྱུང་བར། དགྲ་བཅོམ་སོ་སོའི་ཐུགས་ལ་ཡོད་པའི་འདུལ་བའི་ཐོག་ནས་འདུལ་བའི་ལག་ལེན་སོ་སོར་མཛད་པའི་ལུགས་སྲོལ་ཡོད་ལ། སྟོན་པ་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ཙམ་ལོན་པ་ན། །རང་རང་གི་འདུལ་བ་འདི་ཁོ་ན་ཡིན་གྱི། གཞན་རྣམས་ནི་མ་ཡིན་ནོ། །ཞེས་རྩོད་པ་བྱུང་བ་ཀྲྀཀའི་ལུང་བསྟན་གྱི་མདོ་ལ་བརྟེན་ནས་སྡེ་བ་ཐམས་ཅད་འདུལ་བའི་བསྟན་པ་ཡིན་པར་གཅིག་ཏུ་བསྡུས་ཤིང་། སྐད་རིགས་སོ་སོར་ཡི་གེར་བྲིས་ཏེ་འབུམ་ཕྲག་རེ་རེ་བ་བཞིར་བྱས་ནས། འདུལ་ལུང་སྡེ་བཞི་ཞེས་དེ་ཕྱིན་ཆད་གྲགས་པར་བྱས་པས། ད་ལྟ་བོད་ན་བཞུགས་པ་འདི་ཐམས་ཅད་ཡོད་པར་སྨྲ་བའི་ལུང་གི་དུམ་བུ་བཞི་པ་ཡིན་ནོ། །ཞེས་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ་སོགས་དང་། ཆོས་རྗེ་ལོ་འཕགས་པ་རིན་པོ་ཆེའི་སྡོམ་གསུམ་གྱི་གསུང་སྒྲོས་ལས་བཤད། ཙཱ་བ་འཇམ་པའི་དབྱངས་མཁན་སློབ་ཀྱི་གཏམ་སྟེ། ལྷོ་པ་ཀུན་མཁྱེན་རིན་ཆེན་དཔལ་
གྱིས་ཀྱང་། གངས་ཅན་གྱི་འདུལ་བ་འཛིན་པ་དག་ཞུ་བ་དང་། རྣམ་འབྱེད་ལ་སོགས་པ་ལུང་སྡེ་བཞིར་འཆད་པ་ནི་འཁྲུལ་ཏེ། རྒྱུ་མཚན་དང་བཅས་ཏེ་བཤད་པར་བྱའོ། །ཞེས་གསུངས། གྱེས་ཚུལ་ནི་རང་ལུགས་རྟོག་གེ་འབར་བའི་རྗེས་སུ་འབྲངས་ལ། བཅས་པ་མི་འདྲ་བ་སོ་སོར་ཡོད་ཚུལ་ནི། དབུ་མ་སྤྱན་རས་གཟིགས་བརྟུལ་ཞུགས་ལས། གཞན་ཡང་སྡེ་པ་ཐམས་ཅད་ཀྱི་སྡེ་སྣོད་གསུམ་པོ་གཅིག་གིས་གཅིག་ལ་གནོད་དེ། འདི་ལྟར་ཁ་ཅིག་དགེ་སློང་ནད་པར་དུས་མ་ཡིན་པའི་ཟས་གནང་བ་ལ། ཁ་ཅིག་ལ་མི་གནང་བ་དང་། ཁ་ཅིག་ལ་དུས་མིན་པར་བུ་རམ་ཟ་བ་གནང་ལ། ཁ་ཅིག་ལ་མི་གནང་བ་དང་། ཁ་ཅིག་ལ་མཚན་མོ་བསྙེན་པར་མ་རྫོགས་པ་དང་གནས་གཅིག་ཏུ་ལྷན་ཅིག་ཉལ་བར་གནང་ལ། ཁ་ཅིག་ལ་མི་གནང་བ་དེ་དག་ཇི་ལྟར་སངས་རྒྱས་ཀྱི་བཀའ་མ་ཡིན་པར་འགྱུར། ཞེས་སོགས་དང་། ལྟ་བ་ཐ་དད་དུ་ཡོད་ཚུལ་ནི་གཞུང་ལུགས་བྱེ་བྲག་བཀོད་པའི་འཁོར་ལོ་ལས་ཤེས་ཏེ། དེའི་སླད། འཇམ་དབྱངས་བླ་མས། ཁྱོད་ཀྱི་འདུལ་བའི་སྡེ་སྣོད་ལ། །སྡུད་མཛད་ཕྱི་མས་སྡེ་པ་བཞི། །སྐད་རིགས་རྣམ་པ་བཞི་དག་གིས། །འདུལ་བ་ལུང་རྣམས་སྡེ་བར་བསྡུས། །ཞེས་གསུངས་པས་གྲུབ་ཅིང་། སྡུད་མཛད་ཕྱི་མ་ཞེས་པ་ནི་གསུམ་པ་ཉིད་ལ་ངོས་འཛིན་ཏོ། ༈ །གསང་སྔགས་ཀྱི་ལུགས་ལ་དོན་དམ་སེམས་བསྐྱེད་ཆོ་
གས་ཐོབ་པ་ཡོད་དེ། དབང་བསྐུར་བཞི་པ་བཞིན་ནོ། །ཞེས་བུ་སྟོན་གསུངས་ཀྱང་། དབང་བསྐུར་བཞི་པ་ཚིག་གི་བརྡ་ཙམ་སྤྲད་ནས་ཐོས་པ་གྱུར་བའི་རྟོགས་པ་བསྐྱེད་པ་ཙམ་ཡིན་གྱི་ཆོ་གས་མི་ཐོབ་པས་སོ། །ཕྱག་རྒྱ་བཞི་པ་འགོས་ལོས་ཀླུ་སྒྲུབ་ཀྱིས་མ་མཛད་པར་བཤད་པ་དེ་ནི་ཚིགས་བཅད་མ་དེ་ཡིན་ལ། ཨ་མ་ན་སེའི་ཆོས་སྐོར་དུ་བཞུགས་པ་ཚིག་ལྷུག་ཅན་འདི་ནི་ཀླུ་སྒྲུབ་ཀྱིས་མཛད་དེ། དབང་བསྐུར་ངེས་བསྟན་@གྱི་འགྲེལ་པ་སློབ་དཔོན་དགའ་བ་སྐྱོང་གིས་མཛད་པར་ལུང་དྲངས་པའི་ཕྱིར་རོ། ༈ །དྲག་པོ་འཁོར་ལོ་ཅན་ཕྱག་རྡོར་གྱི་སྤྲུལ་པར་གསུངས་པ་ནི། རྒྱུད་ནས་བཤད་ན། རིགས་ལྡན་དྲག་པོ་འཇམ་དཔལ་གྲགས་པའི་སྤྲུལ་པ་ཡིན་ཞིང་། དེ་ཟླ་བ་བཟང་པོའི་སྤྲུལ་པ་ཡིན་ལ། དེ་ཉིད་ཕྱག་རྡོར་གྱི་སྤྲུལ་པ་ཡིན་པར་རྩ་རྒྱུད་ཀྱི་ལུང་གིས་གྲུབ་པའི་ཕྱིར་རོ། །དངོས་སུ་བཤད་ན། དུས་ཀྱི་འཁོར་ལོའི་རྒྱུད་གསུངས་པའི་སྐབས་འདིར་ཕྱག་ན་རྡོ་རྗེའམ། དུས་ཀྱི་འཁོར་ལོ་ཉིད་ཀྱིས་ཆོས་རྒྱལ་དང་རིགས་ལྡན་ཐམས་ཅད་སྤྲུལ་པ་ཡིན་པས། སྐབས་འདིའི་སྤྲུལ་བྱེད་ཀྱི་གཙོ་བོ་ནི་ཕྱག་ན་རྡོ་རྗེ་སྟེ། རྒྱུད་ལས། འཁོར་ལོ་ཅན་ནི་རང་གི་ལུས་ལ་རྡོ་རྗེ་ཅན་ཏེ་ལྷ་མཆོག་བདག་རྣམས་ཡན་ལག་བཅུ་གཉིས་འགོག །ཅེས་གསུངས་པ་ལྟར་དང་། འཇམ་དབྱངས་བྱང་རྩེས་རིགས་ལྡན་ཉེར་ལྔ་དང་། བླ་མ་དམ་པས་སེང་གེ་རྣམ་མཐོན་ཐ་
དད་དུ་བྱས་ཏེ། ཉེར་དྲུག་དང་། བུ་དོ་ལ་སོགས་ཀྱིས་ཉེར་ལྔ་དང་། རང་ལུགས་སྤྲུལ་པའི་ཆོས་རྒྱལ་བདུན་དང་། རིགས་ལྡན་ཉེར་བདུན་ཏེ་བཞེད་པ་༣༤ སོགས་ཡོད་དོ། ༈ །སྟོན་པ་ལོངས་སྐུ་སངས་རྒྱས་པའི་གནས་འོག་མིན་ནི། ཁམས་གསུམ་ལས་འདས་པའི་སྤྱོད་ཡུལ་ཅན་གྱི་འོག་མིན་ཆེན་པོ་དང་། སྤྲུལ་སྐུ་སངས་རྒྱས་ཀྱི་གནས་ནི། འཛམ་བུའི་གླིང་རྡོ་རྗེའི་གདན་ནོ། །བུ་སྟོན་གྱིས་གསང་སྔགས་བྱུང་ཚུལ་ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པ་ན་མི་སྣང་ངོ་། །ཞེས་དགག་པ་བྱེད་པ་ནི། གྲུབ་པ་ཐོབ་པའི་རྒྱལ་པོ་རྣམས་ཇི་ལྟར་བྱུང་བའི་ཚུལ་གཞུང་དེ་ལས་བཤད་ཅེས་པའི་དགོངས་གཞི་མ་ལོན་པར་སྣང་སྟེ། ཨོ་རྒྱན་དུ་སངས་རྒྱས་དངོས་ཀྱི་སློབ་མ་ཨིནྡྲ་བྷཱུ་ཏི་ཆེ་བ་དང་། བར་དུ་ཕྱག་ན་རྡོ་རྗེས་སྨིན་པར་བྱས་པའི་ཨིནྡྲ་བྷཱུ་ཏི་འབྲིང་པོ་ཡེ་ཤེས་གྲུབ་པ་མཛད་པ་པོ་དང་། ཐ་མ་ལྷན་ཅིག་སྐྱེས་གྲུབ་མཛད་པའི་ཨིནྡྲ་བྷཱུ་ཏི་ཆུང་བ་རྣམས་ཀྱང་རིམ་གྱིས་བྱུང་སྟེ། ཡུལ་དེའི་གྲུབ་པའི་རྒྱལ་པོ་རྣམས་བྱུང་ཚུལ་གྱི་གཏམ་ནི་ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པར་གསལ་ལོ། །ཞེས་པའི་དོན་ཏོ། །རེད་མདའ་བས་འོག་མིན་གྱི་ངེས་འཛིན་འདི་ཚིག་དོན་གཉིས་ཀ་མ་དག་ཅིང་། ཕལ་ཆེན་ལས་གཞི་སྙིང་པོ་མེ་ཏོག་བརྒྱན་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་ཐ་སྙད་མི་འབྱུང་ལ། ཕལ་ཆེན་དུ་བཤད་པའི་འོག་མིན་ཡང་སྤྲུལ་སྐུའི་ཞིང་ཁམས་
ཡིན་ནོ་ཟེར་བ་ནི་མདོ་དངོས་སུམ་མཐོང་ཞིང་། འོག་མིན་གྱི་ནང་ཚན་ལ་སྤྲུལ་སྐུའི་ཞིང་ཁམས་མང་དུ་བཤད་པ་དང་འོག་མིན་གྱི་ཁྱད་པར་མ་ཕྱེད་ལ། འདུས་པ་རིན་པོ་ཆེ་ལས། ཁམས་གསུམ་ལས་འདས་པའི་སྤྱོད་ཡུལ་ཅེས་འོག་མིན་འཇིག་རྟེན་གྱི་ཁམས་མ་ཡིན་པར་གསུངས་པའི་དོན་མ་གོ་བར་ཟད་དོ། །རྣལ་འབྱོར་རྒྱུད་ཀྱི་མངོན་རྟོགས་ཐམས་ཅད་བསྡུ་ན། རྒྱུ་རྒྱུད། ཐབས་རྒྱུད། འབྲས་རྒྱུད་གསུམ་དུ་འདུའོ། །སཾ་བུ་ཊ་ད་ལྟ་དངོས་སུ་ཕན་འདོགས་པའི་རྒྱུད་བཅུ་དྲུག་གམ་བཅུ་བདུན་ཡོད་དེ། ཕ་རྒྱུད་གསང་འདུས། རྡོར་ཕྲེང་། ལྷ་མོ་བཞི་ཞུས། རྟོགས་བདུན། དགྲ་ནག་སྟེ་ལྔ། མ་རྒྱུད་གུར། རྟག ། ཕྱག་ཐིག །བདེ་མཆོག་རྩ་རྒྱུད། མངོན་བརྗོད། རྡོ་རྗེ་མཁའ་འགྲོ། ཧེ་རུ་ཀ་མངོན་འབྱུང་། ཀུན་སྤྱོད། རྣམ་སྣང་སྒྱུ་དྲ། གདན་བཞི་སྟེ་བཅུ། རྩེ་མོ་དང་། དེ་ཉིད་འདུས་པ་སྟེ་ཡོ་གའི་རྒྱུད་གཉིས་སོ། །དག་ལྡན་ལས་གནོད་སྦྱིན་ཁརྦ་ར་ནི་མིའུ་ཐུང་སྟེ། རྟོག་གེ་འབར་བར་བཤད་པའི་འཇིགས་སྡེའི་བུ་བུམ་རྣ་ཞེས་པ་དེའོ། །ཞེས་གསུངས།། ༈ །ཡང་དགོངས་གསལ་ལས། མུ་སྟེགས་བྱེད་ལ་ལྟ་ལོག་བསམ་གྱིས་མི་ཁྱབ་ཀྱང་བསྡུ་ན་རྟག་ཆད་གཉིས་སུ་འདུའོ། །དེ་ལ་རྟག་པར་སྨྲ་བ་ནི་བཞི་སྟེ། རིག་བྱེད་པ། གྲངས་ཅན་པ། བྱེ་བྲག་པ། ཟད་བྱེད་པའོ། །ཆད་པར་སྨྲ་བ་ནི་ཚུ་རོལ་མཛེས་པ་གཅིག་ཁོ་ན་གྲགས་
སོ། །འདི་དག་ལ་བོད་ཀྱི་དགེ་བའི་བཤེས་གཉེན་དག་གིས་རྣམ་དབྱེ་བྱས་པ་མང་པོ་སྣང་སྟེ་དེ་དག་འཁྲུལ་པར་སྣང་ངོ་། །འདི་དག་ཀྱང་རྒྱུ་བདག་འཛིན་གྱིས་བསྐྱེད། རྐྱེན་མི་དགེ་བའི་བཤེས་གཉེན་གྱིས་བཟུང་། ངོ་བོ་རྟག་ཆད་གཉིས་སུ་འདོད་དེ། དེའང་རྟག་ལྟ་བཞི་པོ་བདག་རྟག་པ་དེ་ལས་དང་ཉོན་མོངས་པས་བཅིངས་པའི་ཚེ་འཁོར་བ། གྲོལ་བའི་ཚེ་ཐར་བར་འདོད་དོ། །ཆད་པར་ལྟ་བ་ནི་བདག་ཡོད་པ་དེ་ཤི་བའི་ཚེ་བཅིངས་པའི་འཁོར་བ་དང་གྲོལ་བའི་ཐར་པ་གཉིས་ཀ་མི་འདོད་དེ། འདི་དག་སུན་ཕྱུང་མདོར་བསྡུ་ན། གང་ཟག་དང་ཆོས་ཀྱི་བདག་ཆོད་དེ་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པ་ཉིད་ཀྱིས་རྟག་ཆད་ལས་གྲོལ་བར་གསལ་ལོ།། ༈ །།ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དགེ་ཚུལ་གྱི་བསླབ་བྱ་ནི་རགས་སྡོམ་བཅུ་སྟེ། ཇི་སྐད་དུ། གང་ཞིག་སྲོག་གཅོད་གཞན་གྱི་ནོར་འཕྲོག་དང་། །མི་ཚངས་སྤྱོད་རྫུན་བཅོས་མའི་ཆང་ལ་སོགས། །གར་སོགས་ཕྲེང་སོགས་མལ་ཆེན་མཐོ་བ་དང་། །ཕྱི་དྲོའི་ཁ་ཟས་གསེར་དངུལ་ལེན་པ་སྤང་། །ཞེས་པ་ལྟར་རོ། །དེ་ལ་དང་པོ་སྲོག་གཅོད་པ་ནི། གཞི་བསམ་པ་སྦྱོར་བ་མཐར་ཐུག་པའི་ཡན་ལག་བཞི་ཚང་ན་ཕམ་པ་སྟེ། དེ་ལ་གཞི་ནི། མིའམ་མིར་ཆགས་པ། བསམ་པ་མ་འཁྲུལ་ཞིང་གསོད་འདོད་པ། སྦྱོར་བ་དུག །མཚོན། མཐུ། གཡོ་
སྒྱུས་འཆི་བར་གཏོང་བ། གཞན་གྱིས་གསོད་པར་ཞུ་བ་གནང་བ། གནོད་སེམས་ཀྱིས་གསོད་འོས་སུ་སྟོན་པ་སོགས་རང་ངམ་བསྒོས་པའི་མིས་མི་འགྱོད་པར་བསད་པའོ། །མཐར་ཐུག་རྐྱེན་དེ་རྣམས་ཀྱིས་ཤི་ནའོ། །གཉིས་པ་མ་བྱིན་ལེན་ལ། གཞིའི་ཡན་ལག །ཐབས་སྣ་ཚོགས་ཀྱིས་རང་ངམ་གཞན་ལ་བརྐུར་འཇུག་པར་བརྩམས་པ། མིའི་ཡིན་པ། རང་ལ་ནོར་ཐ་དད་པའི་རྫས། རིན་ཐང་ཚང་བ་སྟེ། །བོད་དུ་དངུལ་སྐྱ་ཞོ་གང་གི་བརྒྱད་ཆ་བརྐུས་ན་རིན་ཐང་ཚང་ངོ་། །བསམ་པའི་ཡན་ལག །གཞན་གྱི་ནོར་ཡིན་པར་ཤེས་པ། རང་གི་ཆེད་དུ་ཐོབ་འདོད་རྒྱུན་མི་འཆད་པ། སྦྱོར་བའི་ཡན་ལག་ཐབས་སྣ་ཚོགས་ཀྱིས་རང་ངམ་གཞན་བརྐུར་འཇུག་པ་བརྩམས་པ། མཐར་ཐུག་གི་ཡན་ལག་བརྐུས་ནས་ཐོབ་བློ་སྐྱེས་པའོ། །གསུམ་པ་མི་ཚངས་སྤྱོད་ལ། གཞིའི་ཡན་ལག །བུད་མེད་ཀྱི་ཁ། གཤང་ལམ། ཟག་བྱེད་དེ་སྒོ་གསུམ་དུ་ནོར་བུ་ལས་སུ་རུང་བས་བརྩམས་པ། བསམ་པའི་ཡན་ལག་འདུ་ཤེས་འཁྲུལ་མ་འཁྲུལ་འདྲ་ཞིང་། གཉིས་སྦྱོར་བདག་གིར་བྱེད་འདོད་རྒྱུན་མི་འཆད་པ། སྦྱོར་བའི་ཡན་ལག །མི་ཚངས་པར་སྤྱོད་པ་བྱེད་པར་བརྩམས་པ། མཐར་ཐུག་པའི་ཡན་ལག །གཅུགས་ཤིང་ཉམས་སུ་མྱོང་བའོ། །བཞི་པ་རྫུན་ནི། གཞི་སྨྲ་བའི་ཡུལ་མི་ཡིན་པ། སྨྲ་ཤེས་དོན་གོ་བ། ཤེས་པ་རང་བཞིན་དུ་གནས་པ།
མ་ནིང་དང་མཚན་གཉིས་པ་མ་ཡིན་པ་ལ། ཟག་མེད་ཀྱི་ཡོན་ཏན་བཟང་པོ་ཡོད་པར་ཤེས་པའི་ཚིག་གོ །བསམ་པ། འདུ་ཤེས་མ་འཁྲུལ་བ། སྦྱོར་བ། རང་གི་མི་ཆོས་བླ་མ་རང་གིས་ཐོབ་པར་སྨྲ་བར་བརྩམས་པ། མཐར་ཐུག་སྨྲས་ཤིང་ཡུལ་དེས་གོ་བའོ། །ལྔ་པ་ཆང་སོགས་ནི། ཕབ་བཏབ་པ་འབྲུའི་ཆང་དང་། མ་བཏབ་པ་བུ་རམ་དང་། རྒུན་ཆང་ལ་སོགས་པ་མྱོས་པར་འགྱུར་པའི་ཆང་ཧུབ་གཅིག་ཡན་མིད་ན་ལྟུང་བར་འགྱུར་རོ། །དྲུག་པ་གར་སོགས་ནི། རྒོད་པའི་བསམ་པས་གླུ་དང་། གར་དང་། རོལ་མོ་སྣ་ཚོགས་དགོས་མེད་དུ་བྱེད་པའོ། །བདུན་པ་ཕྲེང་སོགས་ནི། སོར་གདུབ་དང་། གོས་ཁྲ་བོ་དང་། དགོས་མེད་དུ་ལི་ཁྲི་སོགས་བྱུགས་པ། སྤོས་ལུས་ལ་བྱུགས་པ། མེ་ཏོག་གི་ཕྲེང་བས་ཐོད་བཅིངས་པ་རྣམས་སོ། །བརྒྱད་པ་མལ་ཆེན་མཐོ་བ་ནི། རིན་པོ་ཆེ་དང་། བ་སོ་ལ་སོགས་པའི་ཁྲི་ཁྲུ་གང་ལས་ལྷག་པར་འདུག་པ་དང་། ཉལ་བ་དང་། དེ་བཞིན་དུ་སྟན་ཁྲུ་གང་ལས་ལྷག་པར་དགོས་པ་མེད་པར་འདུག་པ་དང་། ཉལ་བའོ། །དགུ་པ་ཕྱི་དྲོའི་ཁ་ཟས་ནི། གླིང་པའི་ཉི་མ་ཕྱེད་ཡོལ་ནས། སང་སྐྱ་རེངས་དང་པོ་མ་ཤར་བར་ལ་ནད་ལ་སོགས་པའི་རྐྱེན་མེད་པར་ཕྱེ་དང་ཐུད་ལ་སོགས་པ་དུས་རུང་གི་སྨན་བཟའ་བའོ། །བཅུ་པ་གསེར་དངུལ་ལེན་པ་ནི། གསེར་དང་དངུལ་ལ་སོགས་པའི་རིན་པོ་ཆེ། ཆོས་
ལྡན་གྱི་རྐྱེན་མེད་བཞིན་དུ་བདག་ཏུ་བཟུང་ནའོ། །འདི་རྣམས་ལ་རྩ་བ་བཞི་ཉམས་ན་སླར་གསོ་རྒྱུ་མེད། ལྷག་མ་དྲུག་ཉམས་ན། སྡོམ་པ་དང་ལྡན་པའི་དྲུང་དུ་བཤགས་ལ་ཉེས་པས་མ་གོས་པར་བྱའོ། ། དགེ་ཚུལ་གྱི་བསླབ་བྱ་མདོར་བསྡུས་པ་སྟེ། རྒྱས་པར་འོད་ལྡན་དུ་ཤེས་པར་བྱའོ། །མངྒ་ལཾ་བྷ་ཝ་ཏུ།། ༈ །།སྤྱོད་པ་སྤྱིར་སོ་ཐར་འདུལ་བ། བྱང་སེམས་མདོ་སྡེ། གསང་སྔགས་རྒྱུད་སྡེ་དང་མཐུན་པ་ཞིག་དགོས། བྱེ་བྲག་སྔགས་པ་ལ་ཁྱིམ་པ་དང་། རབ་བྱུང་རྡོར་འཛིན་གཉིས་ལས། དང་པོས་ཀྱང་རྟགས་དང་ཆོ་ག་ཙམ་མ་གཏོགས་སོ་ཐར་བཞིན་དུ་ཉམས་སུ་བླང་བར་གསུངས། ཕྱི་མས་རྩྭ་གཅོད་པ་དང་། ས་བརྐོ་བ་སོགས་སོ་ཐར་དང་འགལ་བའི་ལྟུང་བ་ཕྲ་མོ་བྱུང་བ་ཀུན་སློང་ཁྱད་གསོད་ཀྱི་བློ་ཡོད་ན་རྩ་ལྟུང་གཉིས་པ་དང་། མེད་ན་སྤྱད་ཙམ་གྱིས་ཡན་ལག་གི་ལྟུང་བར་འགྱུར། དེ་གཉིས་གང་ཡིན་ཀྱང་རུང་སྟེ། བྱང་སྡོམ་ནི་རིགས་སྔགས་སྤྱིའི་བསྡུས་པའི་དམ་ཚིག་ཡིན་པས་ངེས་པར་གསུངས།། ༈ །།གང་ཟག་ལས་དང་པོ་པའི་དུས་སུ་སོ་ཐར་གཙོ་བོར་བྱ། བརྟན་པ་ཅུང་ཟད་ཐོབ་ནས་བྱང་སེམས་གཙོ་བོར་བྱ། བརྟན་པ་ཆེར་ཐོབ་སྟེ་རྣམ་ཤེས་དང་ཡེ་ཤེས་ཀྱི་ལས་མཉམ་ན་རྣལ་འབྱོར་པར་གྱུར་པའི་ཚེ། གསང་སྔགས་ཀྱི་སྤྱོད་པ་གཙོ་བོར་བྱ། མདོར་ན་བསྟན་པ་རིན་པོ་ཆེ་ལ་གང་ཕན་དང་། རང་གི་རྒྱུད་ཚོད་དང་བསྟུན་པའི་
སྤྱོད་པ་གཅིག་བྱ་དགོས་ཀྱི། འདི་གཙོ་མཐའ་གཅིག་ཏུ་ངེས་པ་མེད་ཅེས་གསུངས།། ༈ །།དགེ་བཤེས་གྲོ་ལུང་པའི་བསྟན་རིམ། ཕྱ་པའི་རྒྱལ་སྲས་འཇུག་ངོགས། ས་པཎ་རྒྱལ་སྲས་ལམ་བཟང་། །གྲགས་པའི་ལྗོན་ཤིང་། འགོས་ཀྱི་གསང་འདུས་སྟོང་ཐུན། འབྲོམ་གྱི་དུས་འཁོར་འོད་ཟེར་གྱི་ཕྲེང་བ། ཞལ་ལུང་འགྲེལ་སོགས་ལ་བལྟའོ།། ༈ །།ལྟ་བ་ཡུལ་སྤྲོས་བྲལ། ཡུལ་ཅན། སྒོམ་པ་མཚན་བཅས་མཚན་མེད་དམ་བསྐྱེད་རྫོགས་འཁོར་བཅས། སྤྱོད་པ་སྡོམ་པ་གསུམ་ལྡན། གཞི་རང་བཞིན་རྣམ་དག་གི་སངས་རྒྱས། ལམ་གློ་བུར་གྱི་དྲི་མ་སྦྱོང་བའི་ཐབས། འབྲས་བུ་གློ་བུར་གྱི་དྲི་མ་ཡོན་ཏན་དུ་གནས་ འགྱུར་ནས་སྐུ་བཞི་མངོན་དུ་གྱུར་པའོ། །རྣལ་འབྱོར་གྱི་བློའི་ཐབས་ཁྱད་པར་དུ་ཆེ་བ་ལགས།། ༈ །།འདུལ་བའི་ལས་ཆོག་གི་སྐབས། ལོ་བཅོ་ལྔ་མ་ལོན་པ་སྤྱིར་རབ་བྱུང་བཀག་ཅིང་། བྱེ་བྲག་ཏུ་ལོ་བཅོ་ལྔ་ལོན་ནའང་དགེ་འདུན་གྱི་གནས་མལ་གྱི་ས་ནས་བྱ་རོག་སྐྲོད་མ་ནུས་པའི་ལུས་ཉམ་ཆུང་བ་ཅན་དང་། བྱ་རོག་སྐྲོད་ནུས་ཀྱང་ལོ་བདུན་ལས་མ་ལོན་ན་ཚ་གྲང་གི་གནོད་པ་མི་བཟོད་ཅིང་། ཡོན་ཏན་ཁྱད་པར་ཅན་ཐོབ་པར་མི་འགྱུར་བ་དང་། སྒྲུབ་པར་མི་ནུས་པའི་ཕྱིར་བཀག་གོ །དགེ་སློང་མ་སུན་དབྱུང་བ་ནི། དེ་ལ་མི་མཚམས་པར་སྤྱོད་པའོ། །རྐུ་ཐབས་སུ་གནས་པ་ནི་རང་ལ་བསྙེན་རྫོགས་མ་ཆགས་པར་ཤེས་
པའམ་ཆགས་ཀྱང་ཉམས་པས་དགེ་འདུན་གྱི་ལས་ལན་གཉིས་སུ་མྱོང་བ་ཡིན་ལ། གསོ་སྦྱོང་ལ་གསུངས་པ་མཚོན་པ་ཙམ་མོ། །ཐ་དད་དུ་གནས་པ་ནི། །གནས་ནས་དབྱུང་བའི་ལས་བྱས་པའམ། ལྷས་སྦྱིན་ཆོས་མིན་ལ་དམིགས་པའི་ཕྱོགས་དང་ལྡན་པའོ། །གནས་པར་མི་བྱ་བ་ནི་ཉམས་པའོ། །ཟ་མ་ནི་རླིག་པ་ཕྱུང་བས་མཐུ་ཉམས་པའམ། །ས་བོན་མེད་པར་བཤད་ལ། དབང་པོ་ལས་སུ་མི་རུང་བ་དང་། ཕོའི་དབང་པོ་མེད་བ་དང་། རང་བཞིན་གྱིས་ཕོ་མོའི་དབང་པོ་མེད་པ་ལ་བཤད། མ་ནིང་ནི། སྐྱེ་དུས་ནས་མཚན་གཉིས་ཡོད་པ་སྐྱེ་གནས་མ་ནིང་། ཟླ་བའི་སྟོད་སྨད་ལ་ཕོ་མོའི་འདོད་ཆགས་སྐྱེ་བ་ཟླ་བ་ཕྱེད་ པ། འཁྱུད་ནས་ལྡང་བ་འཁྱུད་ལྡང་། ཕྲག་དོག་ཅན་དང་། ཉམས་པའི་མ་ནིང་དང་ལྔ། དེ་བཞིན་དུ་ཟླ་བ་དང་པོའི་མ་ནིང་ཡང་ངོ་། །རྒྱུ་ལས་བཟློག་པ་ནི་འཐབ་ཀྲོལ་སོགས་ཏེ། སྡིག་པ་དང་ནན་ཏུར་སོགས་བྱས་ན་དེ་དག་ཁས་མི་ལེན་པ་ནི་ཆད་པ་ཁས་མི་ལེན་པའོ། །སྣམ་ཕྲན་དང་གླེགས་བུ་དུ་མ་སྦྱར་བས་སྣམ་སྦྱར། བླ་སྟེ་སྟོད་སྐྱབས་པ་དང་། མཐར་དེ་མཐའ་འམ་སྨད་སྐྱབས་གྱི་གོས་ཡིན་པས་ན་བླ་གོས་དང་། མཐང་གོས་སོ། །བར་ཆད་དྲི་བའི་ཚེ། རང་གིས་མགོ་བོ་བཅག་པའི་ཚུལ་གྱིས་དྲི་སྒྲུབ་བྱས། མགོ་བོ་དུད་པའི་ཚུལ་གྱིས་ལན་བཏབ་བོ། །རྐུས་པ་ནི་གཞན་གྱི་རྒྱལ་སྲིད་ལས་གྱ་ཚོམ་གྱི་མཐུས་
བཀུག་པ། རྙེད་བརྩོན་ནི་གཏའི་ཚུལ་གྱིས་ཕྱིན་པའོ། །རྩོད་པ་ཅན་ནི་སྐྱིན་པ་སོགས་བླངས་ནས་ཕྱིས་འཚོབ་བར་མི་ནུས་པས་བྲན་ཉིད་དུ་བསྐོས་པའོ། །འབྲས་ནི་འབྲུམ་བུ་ཆེན་པོ་ཡོད་པ། ཕོལ་ མིག་ནི་འབྲུམ་བུ་ཕྲ་མོ་ཡོད་པ། འབྲུམ་ཕྲན་ནི་འབྲུམ་བུ་ཕྲ་མོ་མང་པོ་ཡོད་པའི་བར་རྡོལ་ཞིང་རྨ་བྱུང་བ། ཤ་བཀྲ་ནི་ཁྲ་ཁྲ་བོ་སྟེ་གཟི་བུ། ཁྱི་རྡོ་ནི་གཡན་པ་རྣག་འཛག་པ། གཡའ་བ་ནི་དེ་མི་འཛག་པ། གློག་པ་g ནི་གཡའ་བ་ནས་གློག་པ་ལྡང་པ། ཀོང་བུ་ནི་མེ་དབལ། སྐེམས་ནད་ནི་ཁོང་སྐེམས། སྐེམས་པ་ནི་སྐེམས་པ་དངོས། རྗེད་བྱེད་ནི་དྲན་པ་ཉམས་པའི་གདོན། བཀྲེས་རྔབས་ནི་བཀྲེས་པ། ལྡང་དུ་བ་ནི་ཡང་ ཡང་བསྐྱར་བ། གསུད་པ་ནི་མ་ཞུ་བ། གསོལ་བ་མངོན་དུ་གྱུར་པ་ནི། ཨཱཉྫ་སྟི་སྟེ་གོ་བར་བྱེད་པའོ། །སྤྱོད་ལམ་བསྟུན་པ་ནི། མི་འགྲེང་བ་སོགས། ཐུགས་དགོངས་གསུམ་ནི། བསྟན་པ་དང་བསྒྲུབ་བྱ་དེ་ལ་ཕན་པའི་སེམས་དང་། བསམ་པ་ཐག་པས་རང་གི་ལས་བྱེད་པ་འདོད་པ་དང་། མྱང་འདས་ཀྱིས་བསམ་པས་ཟིན་པའོ། །སྤྱོད་ལམ་བསྟུན་པ་ནི། ཐམས་ཅད་ཕྲག་པ་གོས་ཀྱིས་མ་བསྒྲིབ་པར་བྱས། ཐལ་མོ་བསྣོལ་ཏེ་བཅངས། ལུས་བརླ་དང་བྱིན་པ་གཅིག་གཏན་ལ་ཕབ་པའི་སྟེང་དུ་གཅིག་བཞག་པའི་ཚུལ་གྱིས་པུས་མོ་མངོན་དུ་ཕྱོགས་པར་འདུད་པའི་ཚུལ་གྱིས་འདུག་ལ། སེམས་མ་ཡེངས་པར་ཆོ་ག་
གཏོང་བ་ཡིན་ཞེས་བུ་སྟོན་རིན་པོ་ཆེས་བཞེད་དོ། །དུས་བསྒོའི་ཉི་མ་བརྒྱད་ཆ་ཤར་བ་ནི་ཉི་མ་ཤར་ནས་ནུབ་པའི་བར་གྱི་ཆ་བརྒྱད་དུ་བགོས་པའི་ཆ་གཅིག་ཤར་བའོ། །མཁྱེན་ཅིང་གཟིགས་པ་ཞེས་པའི་མཁྱེན་པ་ནི། ཟག་བཅས་འཇིག་རྟེན་པའི་ཡེ་ཤེས་ཀྱིས་མཁྱེན་པ་དང་། གཟིགས་པ་ཟག་མེད་མྱང་འདས་པའི་ཡེ་ཤེས་ཀྱིས་གཟིགས་པའོ། །དར་རས་ཡུག་ཆེན་ནི། དར་གྱི་སྲིན་བུ་ལས་བྱུང་བའི་རས་ཡུག་ཁྱིམ་རིང་བ། བེའུ་རས་ནི་དེ་སྤུ་ཅན། དར་ལ་ནི་དར་སྲབ་མོ་རྒྱུ་སྤུན་སང་བག་ཅན་ནོ། །ཉམས་པ་ནི། འཕགས་ལམ་ཐོབ་པའི་སྐལ་བ་མེད་པ། བཅོམ་པ་ནི་ཚེ་དེ་ལ་ཉོན་མོངས་བཟློག་མི་ནུས་པ་དང་། ཕམ་པ་ནི་གཉེན་པོའི་ཕྱོགས་འཇོམས་པར་བྱས་པས་སོ། །འདོད་པ་ནི། འདོད་ཡོན་ལྔ་ལ་ཡོན་ཏན་དུ་འཛིན་ཅིང་བདག་གིར་བྱེད་པའི་ཆགས་པ། འདོད་པ་ལ་ཞེན་པ་ནི་དེ་ཉེས་པར་ཤེས་བཞིན་བདག་གིར་བྱེད་པ། འདོད་པ་ལ་འཚུན་པ་ནི། དེ་ལ་སེམས་འཚུབ་ཅིང་གསལ་བ། འདོད་པ་ལྷག་པར་ཞེན་པ་ནི་ཡུལ་གཞན་ཀུན་ལས་བཟློག་ནས་དེ་ལ་ལྷག་པར་ཆགས་པའོ། །འཕགས་པ་ནི་ཟག་མེད་ཀྱི་ལམ་ཁོང་དུ་ཆུད་པ། བྱེ་བྲག་ཐོབ་པ་ནི་དགེ་སྦྱོང་གི་འབྲས་བུ་བཞི་ཐོབ་པ། ཤེས་པ་ནི་བདེན་བཞི་ཤེས་པ། མཐོང་པ་ནི་དེ་མཐོང་བ། རེག་པ་ནི། བསམ་གཏན་གཞི་ལ་བདེ་བར་གནས་པ། ལྟོ་འཕྱེ་ཆེན་པོ་ནི་ཀླུ་ཆེན་པོ། སྲུལ་
པོ་ནི་ཡི་དྭགས་ཀྱི་བྱེ་བྲག །ཡུལ་སྲུལ་པོ་ནི་རེ་སྡེ་གྱོན་པ་ཐུང་དུ་དྲི་ང་བ། དུར་ཁྲོད་ཀྱི་ཤ་ཟ་ནི་ཕྱགས་དར་ཁྲོད་དམ་རྡུལ་འཚུབས་ཀྱི་དཀྱིལ་ན་འདུག་པའི་འདྲེའོ། །ལྷན་ཅིག་གཏམ་འདྲེ་བ་ནི་ཚུར་ཤོག་སོགས་དང་། ཕེབས་པར་སྨྲ་བ་ནི་ཡིད་འདྲེས་པའི་ཚིག །བཀླགས་པ་ནི་བློར་འཛིན་པ་དང་། ཁ་ཏོན་ནི་དེ་བརྗེད་དུ་མི་འཇུག་པ། མ་ཐོབ་པ་ཐོབ་པ་སོགས་གསུམ་ནི། ཚུལ་ཏིང་ཤེར་གསུམ་གྱི་ཕུང་པོ་ལ་སྦྱར། གཏམ་འདྲེས་པ་ནི། ཚུར་འོང་བ་ལེགས་སོ་ཟེར་བ་ལྟ་བུ། ཕེབས་པར་སྨྲ་བ་ནི་ཡིད་གཅུགས་པར་སྨྲ་བ། སྨོན་འདྲིན་ནི་ངོ་ཤེས་ཤིང་མིང་རུས་སོགས་འཛིན་པས་སྙིང་དུ་སྡུག་པ། འགྲོགས་བཤེས་ནི། ལམ་གཅིག་ཏུ་འགྲོ་བ་སོགས་བྱ་བ་ཅུང་ཟད་སྐྱེས་པའོ། །ཤེས་རབ་མཆོག་ནི་སྟོན་པ་སངས་རྒྱས། རིགས་དྲུག་སོགས་ལ་སྐྱོན་ཆགས་པ་མེད་པས་མཛེས་པ། ཕ་མ་བསད་པ་སོགས་བར་ཆད་ཀྱི་ ཆོས་ཡོངས་སུ་དག་པ་བསྙེན་པར་རྫོགས་པའི་དོན་ཏོ། །ཀུན་མཁྱེན་བུས། མཁན་པོ་ཉིད་དུ་ཕྱོགས་པ་དེ་ལ་ཕྱག་གསུམ་བཙལ་དུ་བཅུག་ནས། མདུན་དུ་ཕ་གུ་སོགས་ཏེ། བསྙེན་རྫོགས་བྱེད་པ་ནི། ཆོས་གོས་དང་ལྷུང་བཟེད་བྱིན་གྱིས་བརླབས། གསང་སྟེ་སྟོན་པའི་སྐབས་མ་གཏོགས་མཁན་པོར་གསོལ་བ་དང་། བསྙེན་པར་རྫོགས་པ་དང་ལས་ཀྱི་སློབ་དཔོན་གྱིས་བར་ཆད་དྲི་བ་ཉན་པ་དང་། དེའི་ལན་གདབ་
པ་དང་། བསྙེན་པར་རྫོགས་པ་དངོས་གཞི་ལ་སོགས་པའི་སྐབས་ཐམས་ཅད་དུ་བསྒྲུབ་བྱ་དེ་ཡུན་རིང་པོར་ཙོག་ཙོག་པུར་འདུག་པས་སྡུག་བསྔལ་བ་འདི་ལ་ཕ་གུ་གནང་སྟེ། ཕ་གུ་ཞེས་བྱ་བ་ནི་བོང་བ་ཡིན་པར་ཤེས་པར་བྱའོ། །འདི་ལ་བདག་གི་བླ་མ་ལོ་ཙཱ་བ་ཆེན་པོའི་ཞལ་ནས། རྒྱ་གར་དང་བལ་པོ་གཉིས་ཀྱི་ཕྱག་ལེན་ལ། ཕ་གུ་སོ་བཏང་བ་རི་མོ་བྲིས་པ་ལ་བྱེད་གསུངས། འགྲེལ་པ་ཤེས་རབ་བྱེད་པས་ཀྱང་སོ་ཕག་བཏིང་བ་ཞེས་བཤད་དོ། །སྐད་དོད་ལ་ཡང་སོ་ཕག་གི་སྐད་དོད་ཡོད་དོ། །དེའི་སྟེང་དུ་རྩྭ་བཏིང་བ་ཆོས་གོས་མ་རུངས་པར་འགྱུར་བ་ཡོངས་སུ་སྤང་བའི་ཕྱིར་རོ། །ཞེས་འདུལ་བ་འཛིན་པ་དག་གིས་མན་ངག་ལས་ཁོང་དུ་ཆུད་པར་བྱའོ། །ཞེས་བཤད། ཤུ་བྷཾ།། ༈ །།དགེ་ཚུལ་གྱི་ཀཱ་རི་ཀཱ་ལྔ་བཅུ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་༤མཛད་པའི་འགྲེལ་པ་ཀཱ་མ་ལ་ཤཱི་ལས་༢༧མཛད་པར། དཔེར་ན་ས་གཞི་ལས་ས་བོན་བཏབ་ནས་མྱུ་གུ། མྱུ་གུ་ལ་བརྟེན་ནས་འདབ་མ། འདབ་མ་ལ་བརྟེན་ནས་སྡོང་བུ། སྡོང་བུལ་བརྟེན་ནས་མེ་ཏོག །མེ་ཏོག་ལ་བརྟེན་ནས་འབྲས་བུ་འབྱུང་བ་དེ་བཞིན་དུ། ཚུལ་ཁྲིམས་ས་གཞི་དང་འདྲ་བ་ལ་བརྟེན་ནས་མྱུ་གུ་ལ་སོགས་པ་ལྟ་བུའི་ཏིང་ངེ་འཛིན་གྱི་ཕུང་པོ་འབྱུང་ངོ་། །ཏིང་ངེ་འཛིན་གྱི་ཕུང་པོ་བྱུང་ནས་དེའི་འོག་ཏུ་མེ་ཏོག་ལྟ་བུའི་ཤེས་རབ་ཀྱི་ཕུང་པོ་འབྱུང་ངོ་། །ཤེས་རབ་ཀྱི་ཕུང་པོ་བྱུང་ནས་དེའི་
འོག་ཏུ་རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་ཕུང་པོ་འབྲས་བུ་ལྟ་བུ་འབྱུང་ངོ་། །ཞེས་དང་། དེ་ལ་འདོད་ཆགས་ལ་སྤྱོད་པའི་གང་ཟག་གིས་ནི་མི་གཙང་བ་བསྒོམ་མོ། །ཞེ་སྡང་ལ་སྤྱོད་པའི་གང་ཟག་གིས་ནི་སེམས་ཅན་ཐམས་ཅད་ལ་གཉེན་དང་ཉེ་དུ་བཞིན་དུ་སྡུག་པ་དང་ཕངས་པར་བསྒོམ་མོ། །གཏི་མུག་ལ་སྤྱོད་པའི་གང་ཟག་གིས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་བཞིན་འབྱུང་བ་དང་ལུགས་ལས་བཟློག་པའི་མཚན་ཉིད་བསྒོམ་མོ། །རྣམ་པར་རྟོག་པ་ལ་སྤྱོད་པའི་གང་ཟག་གིས་ནི་དབུགས་ཕྱི་ནང་དུ་རྒྱུ་བ་བསྒོམ་མོ། །སྒོམ་པ་འདི་དག་ནི་བདུད་རྩིའི་སྒོ་ཞེས་བྱ་སྟེ་མྱ་ངན་ལས་འདས་པ་འཐོབ་པའི་རྒྱུ་ཡིན་ནོ། །ཞེས་དང་། ཀོ་ལྤགས་བཅང་དུ་གནང་བ་ཡང་གཞན་གྱི་གནང་གི །བ་གླང་དང་སྟག་དང་སེང་གེ་དང་དོམ་དང་དྲེད་དང་རྟ་དང་བྱི་ལའི་པགས་པ་འདི་བདུན་བཀྲ་མི་ཤིས་ཙ ཤིང་། འཇིག་རྟེན་པ་རྣམས་ཀྱིས་སྨད་ཅིང་དཀོན་པ་ཡིན་པས་སྤྱོད་ཅིང་འདུག་ཏུ་མི་གནང་ངོ་། །ཞེས་དང་། ཡང་དེའི་ཊི་ཀ་༢༨མཛད་པ་པོ་མ་ངེས་༤༥པ་ཞིག་ཏུ། ཐམས་ཅད་ཡོད་པར་སྨྲ་བ་ཞེས་བྱ་བ་ནི་དུས་གསུམ་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་། འདུས་མ་བྱས་བཞི་དང་། ཁ་དོག་བཅུ་གཉིས་དང་། དབྱིབས་བརྒྱད་དང་། འདི་དག་ལ་སོགས་པ་རྫས་སུ་ཡོད་པར་འདོད་ཅིང་། དོན་
དམ་པར་ཡང་དེ་བཞིན་དུ་ལྟ་བས་ན་ཐམས་ཅད་ཡོད་པར་སྨྲ་བ་ཞེས་བྱའོ། །ཞེས་དང་། ཆང་འཐུངས་པས་མྱོས་པ་ཙམ་དུ་མ་ཟད་ཉེས་པ་གཞན་ཡང་འཕེལ་བར་འགྱུར་གྱི། རྩྭ་མཆོག་ཙམ་ཡང་མི་བཏུང་ངོ་། །དེ་བས་ན་རྩྭའི་ཐོར་ཏོ་ལ་ཆགས་པ་ཙམ་ཡང་མི་བཏུང་ན་མང་དུ་འཐུང་བ་ལྟ་ཅི་སྨོས། ཞེས་དང་། དགེ་༡༥ཚུལ་གྱི་བསླབ་པའི་གཞིའི་མདོ་༥༧ཀ་ལྱཱ་ཎ་མི་ཏྲས་མཛད་པར། དགོན་པར་གནས་པས་ནི་སྒྲ་སོར་གཉིས་ལས་ལྷག་པར་བཞག་པ་མི་བྱའོ། །ཞེས་དང་། ཚོན་རྩི་གསུམ་པོ་དག་གིས་ཁ་བསྒྱུར་བར་བྱས་ནས་འཆང་དུ་རུང་སྟེ། ཚོན་རྩི་གསུམ་ནི་ངུར་སྨྲིག་དང་། ན་ལི་ཀ་དང་། དམར་པོ་དག་ཡིན་ནོ། །ཚོན་ཆེན་པོ་བརྒྱད་དག་ནི་མི་རུང་སྟེ། མཚལ་དང་། རྒྱ་སྐྱེགས་དང་། བཙོད་དང་། གུར་གུམ་དང་། མཐིང་ཤིང་དང་། ལི་ཁྲི་དང་། རྨ་ཤིང་དང་། ལེ་བརྒན་ཞེས་བྱ་བ་དེ་དག་ནི་ཚོན་ཆེན་པོ་དག་ཡིན་ནོ། །ཞེས་དང་། སྔ་མ་ནི་ཇི་སྲིད་དབྱར་ཟླ་ཐ་ཆུང་གི་ཟླ་བའི་ཚེས་གཅིག་ནས། སྟོན་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་དགག་དབྱེ་བར་དེ་སྲིད་དུ་དབྱར་འདྲལ་བར་མི་བྱའོ། །ཕྱི་མ་ནི་ཇི་སྲིད་སྟོན་ཟླ་ར་བའི་ཚེས་གཅིག་ནས་སྟོན་ཟླ་ཐ་ཆུང་གི་ཡར་ངོའི་ཚེས་བཅོ་ལྔའི་བར་དེ་སྲིད་དུ་དབྱར་འདྲལ་བར་མི་བྱའོ། །ཞེས་སོ། །བར་འདིར་གླིང་གཞི་དང་གང་ཟག་བསྡུས་༦༤པའི་ཚིག་ལེའུར་བྱས་༧༠པ་ཁ་ཆེའི་པཎྜི་ཏ་འདུལ་འཛིན་ཤྲཱི་
བྷ་དྲས་མཛད་པ། ཇོ་བོ་དང་གཞོན་ནུ་མཆོག་གིས་བསྒྱུར་བ་ཡོད། དགེ་ཚུལ་དང་དགེ་སློང་གི་ལོ་དྲི་བ་དཱི་པཾ་ཀ་༧༠རས་བསྒྱུར་བ། འདུལ་བ་དྲི་བའི་ཚིག་ལེའུར་བྱས་པ་སློབ་དཔོན་ཀ་ལྱཱཎ་མི་ཏྲས་མཛད་པ་ལེའུ་ལྔ་པའི་རྒྱ་ཆེར་འགྲེལ་དེ་ཉིད་ཀྱིས་མཛད་པར། གསོལ་བ་ནི་བྱེད་པར་འགྱུར་བའི་ལས་གོ་བར་བྱེད་པའོ། །གསོལ་བ་ཉིད་ལས་ཡིན་པས་ན་གསོལ་བའི་ལས་སོ། །ཞེས་དང་། དེ་བཞིན་དུ་འདིར་གཞུང་ནི། ལས་དུ་ཞིག་གིས་ལས་ཐམས་ཅད་བསྡུས་པ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསུམ་གྱིས་ཏེ། གསོལ་བའི་ལས་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་ཡཱ བཞིས་སོ། །བཙུན་པ་བཅོམ་ལྡན་འདས་ལས་བརྒྱ་རྩ་གཅིག་བཀའ་སྩལ་པ་གང་ལགས་པ། དེ་ལ་གསོལ་བའི་ལས་ནི་དུ་ཞིག་གིས་བསྡུས་ལ། གསོལ་བ་དང་གཉིས་ཀྱི་ལས་ནི་དུ་ཞིག་གིས་བསྡུས། གསོལ་བ་དང་བཞིའི་ལས་ནི་དུ་ཞིག་གིས་བསྡུས་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསོལ་བའི་ལས་ནི་ཉི་ཤུ་རྩ་བཞིའོ། །གསོལ་བ་དང་གཉིས་ཀྱི་ལས་ནི་བཞི་བཅུ་རྩ་བདུན་ནོ། །གསོལ་བ་དང་བཞིའི་ལས་ནི་སུམ་ཅུའོ་ཞེས་བྱ་བ་ཡིན་ནོ། །འདི་དག་གི་རྣམ་པར་དབྱེ་བ་ཡང་མདོ་བྱེད་པས་བཤད་དེ། གསང་དང་ནང་དུ་དྲི་ཕྱིར་དང་། །གསོ་སྦྱོང་དེ་ལ་ལྟུང་བཅས་དང་། །དེ་ལ་དགེ་འདུན་ཡིད་གཉིས་དང་། །
རྩོད་དང་ངེས་ཉིད་མ་ཡིན་དང་། །དེ་ཡི་དོན་དུ་ལྔ་པོ་དག །ཐམས་ཅད་དགག་དབྱེར་གཏོགས་པ་ཡིན། །དབྱར་གནས་ཁས་བླངས་ཉིད་དང་ནི། །ཤི་བའི་རྫས་དང་ནོར་འདྲ་དང་། །ཆོས་གོས་སྦྱིན་པར་བྱ་བ་དང་། །གནས་ངན་ལེན་ནི་བརྗོད་པ་དང་། །གྲོང་དུ་གཞུག་པ་བཞི་དག་དང་། །ཁྱིམ་ནི་སྡོམ་དང་དེ་གཞིག་དང་། །ལྷུང་བཟེད་ཁ་བུབ་བྱ་བ་དང་། །དེ་ཉིད་བཟློག་པར་བྱ་བ་དག །གསོལ་བ་འབའ་ཞིག་ལས་ཡིན་ནོ། །གནས་དང་མཚམས་ནི་གཉིས་པོ་དང་། །མི་འབྲལ་སྨྱོས་དང་དགག་དབྱེ་དང་། །གནས་མལ་སྟོབ་པར་བྱེད་པ་དང་། །རུང་བའི་ས་གཞི་བརྐོ་བ་དང་། །སྲ་བརྐྱངས་དང་ནི་དེ་གདིངས་དང་། །སྤོང་དང་ལག་གི་གླ་དང་ནི། །གནས་ཁང་བརྐོ་ལ་སོགས་པ་དང་། །གཟུ་དང་གསལ་དང་སྦེད་པ་དང་། །ཚུལ་ཤིང་འབྲིམ་པར་བྱེད་པ་དང་། །ཁང་པ་ཁང་ཆེན་བསྟན་པ་དང་། །གླེང་དང་འབྲལ་བར་མི་འགྱུར་དང་། །སྟན་དང་ལྷུང་བཟེད་འབྲིམ་པ་དང་། །མ་དད་གོ་བར་བྱ་བ་དང་། །སྟོན་པ་དང་ནི་ནགས་ཉུལ་དང་། །ཕྱག་མི་བྱ་དང་མང་ཕྱིར་དང་། །འཁར་བ་དྲ་བའི་ཕྱིར་དང་ནི། །རྙེད་པ་གཅིག་ཏུ་བྱ་ཕྱིར་དང་། །བསླབ་པ་སྦྱིན་དང་ཉེར་གནས་དང་། །བུ་དང་ཉེ་དུ་ཕྱིར་འགྲོ་དག །གསོལ་དང་གཉིས་ཀྱི་ལས་ཡིན་ནོ། །བསྙེན་པར་རྫོགས་པར་བྱ་བ་དང་། །མུ་སྟེགས་གནས་དང་མཚམས་དགྲོལ་དང་། །
མཐུན་ཞི་གསོ་སྦྱོང་བདུན་པོ་དང་། །བརྒྱད་དང་དྲན་དང་མ་སྨྱོས་དང་། །དེ་ཉིད་ཚོལ་དུ་གཞུག་པ་དང་། །བསྒོ་བར་བྱ་བ་རྣམས་དང་ནི། །ཉམས་པ་སྦྱིན་པར་བྱ་བ་དག །གསོལ་དང་བཞི་ཡི་ལས་ཡིན་ནོ། །འདི་ཉིད་ལ་བརྒལ་བ་དང་ལན་དུ་བཅས་པའི་ཚིག་ལེའུར་བྱས་པ་དག་གཅིག་ཀྱང་ཡོད་དོ། །ཁོ་བོས་བྱས་པའི་ལས་བརྒྱ་རྩ་གཅིག་རྣམ་པར་དབྱེ་བ་ཡོད་པས་དེ་ཡང་བལྟ་བར་བྱའོ། །གཞུང་མང་གིས་དོགས་ནས་འདིར་ནི་ཉེ་བར་མ་བཀོད་དོ། །ཞེས་དང་། སློབ་༡༣༡དཔོན་ཆོས་ཀྱི་ཚོང་དཔོན་གྱིས་༡༣༤མཛད་པའི་འདུལ་བའི་བསྟོད་པའི་ཊིཀ་༡ ༣༧སློབ་དཔོན་དུལ་བའི་ལྷས་མཛད་༡༤༡པར། རྒྱལ་བ་སྟོན་པ་སོགས་ཀྱི་ཐད་ཀར། འདི་ལྟར་རྒྱལ་བ་བཅོམ་ལྡན་འདས་ནི་སྟོན་པ་ཡིན་ཏེ། བསྟན་པ་ཐམས་ཅད་འཛུགས་པར་མཛད་པའི་ཕྱིར་རོ། །སྟོན་པ་དེའི་བསྟན་བཅོས་དག་ནི་མདོ་སྡེ་དང་ཆོས་མངོན་པ་དག་ནི་ཞེས་བྱ་བ་གཞུང་དངོས་ཡིན་པ་དེ་གཉིས་ཡིན་པར་གསུངས། དེ་གཉིས་ཀྱིས་ཡོངས་སུ་སྨིན་པ་དང་རྣམ་པར་གྲོལ་བར་མཛད་པའི་ཕྱིར་རོ། །འདུལ་བ་ནི་དངོས་སུ་སྟོན་པ་ཡང་ཡིན་ཏེ། དེ་བཞིན་ གཤེགས་པ་དང་འདྲ་བར་རྟག་ཏུ་གྲོལ་བ་དང་། རྣམ་པར་མ་གྲོལ་བ་རྣམས་རྗེས་སུ་སྟོན་པའི་ཕྱིར་རོ། །བསྟན་བཅོས་དངོས་ཀྱང་ཡིན་ཏེ། གཞུང་གི་རང་བཞིན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འདུལ་བ་འདི་
ནི་ངོ་བོ་ཉིད་གཅིག་ལས་གཉིས་སུ་གྱུར་པ་ཡིན་ཏེ། སྟོན་པ་དང་བསྟན་བཅོས་ཀྱི་ངོ་བོ་ཉིད་དུ་གྱུར་པ་ཡིན་པས་འདུལ་བ་འདི་ནི་ཕྱག་བྱ་བའི་འོས་ཡིན་ཏེ། འདི་ལ་ངེས་པ་ཁོ་ནར་ཕྱག་བྱའོ། །ཅི་ཞིག་དང་འདྲ་བར་གཉིས་སུ་གྱུར་པ་ཡིན་ཞེ་ན། ཆོས་མཐུན་པའི་དཔེ་བསྟན་པའི་ཕྱིར་སངས་རྒྱས་ཆོས་གཅིག་བཞིན། ཞེས་བྱ་བའི་དཔེ་གསུངས། དཔེར་ན་སངས་རྒྱས་བཅོམ་ལྡན་འདས་དང་ཆོས་ནི་ངོ་བོ་ཉིད་ཐ་དད་པ་ མ་ཡིན་ཏེ། ཐམས་ཅད་མཁྱེན་པ་ཉིད་ཡིན་པའི་ཕྱིར། དེ་སངས་རྒྱས་བཅོམ་ལྡན་འདས་ཡིན་ལ། མྱ་ངན་ལས་འདས་པ་ཐོབ་པར་མཛད་པའི་ཕྱིར་སྟོན་པ་ཡང་ཡིན་ལ། གཞུང་གི་རང་བཞིན་ཡིན་པས་བསྟན་བཅོས་ཡིན་པས་དེའི་ཕྱིར་སྟོན་པ་དང་། བསྟན་བཅོས་ཀྱི་ངོ་བོ་ཉིད་དུ་གྱུར་པ་དེ་ནི་ཕྱག་བྱ་བའི་འོས་ཁོ་ན་ཡིན་ནོ། །ཞེས་དང་། བཅོམ་ལྡན་འདས་འོད་སྲུངས་ཀྱི་དགེ་སློང་སྤོང་བ་པ་དེས་འཆག་པའི་ཚེ་མགོ་བོའི་སྟེང་དུ་ཤིང་ཨེ་ལའི་འདབ་མས་རེག་པ་ན་བཅོམ་ལྡན་འདས་ཀྱི་བཀའ་ཁྱད་དུ་བསད་དེ། ཤིང་ཨེ་ལའི་འདབ་མ་དེ་བཅད་པས་གཞི་དེས་དགེ་སློང་དེ་ཀླུ་ཨེ་ལའི་འདབ་མ་ཞེས་བྱ་བར་སྐྱེས་ཏེ་མགོ་ལ་ཤིང་ཨེ་ལའི་འདབ་དྲུང་གཅིག་སྐྱེས་ཤིང་དེ་འགུལ་བ་ན་སྡུག་བསྔལ་གྱི་ཚོར་བ་མི་བཟད་པ་རྩུབ་པ་ཚ་བ་ཉམས་སུ་མྱོང་སྟེ། དེ་ནས་རྣག་ཁྲག་འབབ་པས་ཟས་སུ་ཟ་བར་གྱུར་པ་ལྟ་བུ་དང་དེ་དང་འདྲ་བར་གཞན་དག་
ཏུ་ཡང་འགྲོ་བར་འགྱུར་རོ། །ཞེས་དང་། གཞུང་༡༤༡ལུགས་བྱེ་བྲག་ཏུ་བཀོད་པའི་འཁོར་ལོ་ཞེས་བཙུན་པ་བ་སུ་མི་ཏྲས་མཛད་པ་༡༤ ༧ལས། སྡེ་པ་ཐ་དད་༡༤ ༧པར་བྱེད་པ་རྣམ་པར་བཤད་པ་སློབ་ དཔོན་བྷ་བྱས་མཛད་༡༥༤པར་དེ་ལ་དགེ་འདུན་ཡང་ཡིན་ལ། ཕལ་ཆེན་པ་ཡང་ཡིན་པས་དགེ་འདུན་ཕལ་ཆེན་ཏེ། དེ་ཉེ་བར་སྟོན་པར་བྱེད་པ་ནི་དགེ་འདུན་ཕལ་ཆེན་༡པའོ། །ཁ་ཅིག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་དུས་གཅིག་རྣམ་པར་མཁྱེན་ཅིང་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཡོངས་སུ་མཁྱེན་ཏོ་ཞེས་ཐ་སྙད་འདོགས་ཏེ། དེས་ན་ཐ་སྙད་། ༢ གཅིག་པ་ཞེས་བྱའོ། །འཇིག་རྟེན་ཐམས་ཅད་ཀྱི་འཇིག་རྟེན་པ་ལས་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་འདས་པར་གྱུར་པས་དེ་བཞིན་གཤེགས་པ་ལ་འཇིག་རྟེན་པའི་ཆོས་མི་མངའོ་ཞེས་སྨྲ་བ་ནི་འཇིག་རྟེན་ལས་༼༣༽འདས་པར་སྨྲ་བའོ། །མང་དུ་ཐོས་པའི་སློབ་དཔོན་གྱི་རྗེས་སུ་སྟོན་པར་བྱེད་པས་ན་མང་དུ་ཐོས་པར་༼༤༽སྨྲ་བའོ། །འདུས་བྱས་རྣམས་ཕན་ཚུན་བཏགས་པ་ཉིད་ཀྱིས་སྡུག་བསྔལ་བ་ཡིན་ནོ་ཞེས་སྨྲ་བའི་ ཕྱིར་བཏགས་པར་སྨྲ་༼༥༽བའོ། །མཆོད་རྟེན་གྱི་རི་ལ་གནས་བཅས་པ་ཉིད་ནི་མཆོད་རྟེན་/༦༽པའོ། །ཤར་གྱི་རི་དང་ནུབ་ཀྱི་རི་ལ་གནས་བཅས་པ་ཉིད་ནི། ཤར་གྱི་རི་བོ་པ་༼༧༽དང་། ནུབ་ཀྱི་རི་བོ་པའོ། །
གནས་བརྟན་འཕགས་པའི་རིགས་ཡིན་པར་སྟོན་པ་ནི་གནས་བརྟན་པའོ། །དེ་ཉིད་ལ་གངས་རི་བཞེས་ཀྱང་ཟེར་ཏེ། གངས་ཀྱི་རི་ལ་བརྟེན་ནས་གནས་པའི་ཕྱིར་རོ། །གང་ཅུང་ཞིག་འདས་པ་དང་། མ་འོངས་པ་དང་། ད་ལྟ་བར་བྱུང་བ་ཡོད་དོ་ཞེས་སྨྲ་བའི་ཕྱིར། ཐམས་ཅད་ཡོད་པར་སྨྲ་༡༠བའོ། །དེ་དག་ལས་འགའ་ཞིག་ནི་ཡོད་དེ། འདས་པའི་ལས་དང་འབྲས་བུ་མ་བྱུང་བ་གང་ཡིན་པའོ། །ལ་ལ་ནི་མེད་དེ། གང་འབྲས་བུ་མྱོང་ཟིན་པ་དང་། མ་ཡེངས་པ་དག་གོ །ཞེས་རྣམ་པར་ཕྱེ་ནས་སྨྲ་བར་བྱེད་པའི་ཕྱིར། དེ་ཉིད་ལ་རྣམ་པར་ཕྱེ་སྟེ་སྨྲ་༼༡༡༽བ་ཞེས་བྱའོ། །དེ་དག་ཉིད་ལས་གང་ཅུང་ཞིག་བྱུང་བ་དང་། འབྱུང་བ་དང་། འབྱུང་བར་འགྱུར་བ་དེ་ཐམས་ཅད་ནི་རྒྱུ་དང་བཅས་པའོ་ཞེས་སྨྲ་བས་རྒྱུར་༼༡༢༽སྨྲ་བའོ། །དེ་རྣམས་ཉིད་ལས་ཁ་ཅིག་མུ་རུནྟའི་རི་ལ་གནས་པའི་ཕྱིར་མུ་རུན་བ་ཀ་ཞེས་བྱའོ། །གནས་པའི་རིགས་ཉིད་ཀྱི་བུད་མེད་ནི་གནས་མ་ཡིན་ལ། དེ་ལས་སྐྱེས་པའི་བུ་ནི་གནས་མའི་བུ་སྟེ། དེའི་རིགས་ཡིན་པར་སྟོན་པ་ནི་གནས་(༡ ༣༽མའི་བུ་ལའོ། །སློབ་དཔོན་ཆོས་མཆོག་གི་རྗེས་སུ་སྟོན་པར་བྱེད་པ་ནི་ཆོས་༡༤མཆོག་པའོ། །བཟང་པོའི་ལམ་པའི་སློབ་མ་ནི་བཟང་པོའི་(༡༥༽ལམ་པའོ། །ཀུན་གྱིས་བཀུར་བའི་སློབ་དཔོན་གྱི་ལུགས་སྟོན་པར་བྱེད་པ་ནི་ཀུན་གྱིས་བཀུར་(༡༦༽བ་པའོ། །དེ་ཉིད་ཨ་པནྟའི་གྲོང་
ཁྱེར་དུ་ཡང་དག་པར་བསྡུ་བ་བྱས་པའི་ཕྱིར་ཨ་པནྟ་ཀ་པའོ། །ཁ་ཅིག་ཀུ་རུ་ཀུལླེའི་རི་ལ་གནས་པའི་ཕྱིར་ཀུ་རུ་ཀུལླེ་པའོ། །ཤཱ་སུའི་སྐད་ཀྱི་བྱིངས་ལས་རྗེས་སུ་སྟོན་དུ་བསྒྱུར་ཏེ། སྐྱེ་བོའི་ཚོགས་ཆེན་པོ་ལ་སྲིད་མི་འབྱུང་བར་རྗེས་སུ་སྟོན་པར་བྱེད་པ་ནི་མང་སྟོན་པའོ། །སློབ་དཔོན་ཆོས་སྦས་ཀྱི་ཡིན་པར་སྨྲ་བ་ནི་ཆོས་སྦས་པའོ། །རབ་ཏུ་བསྔགས་པའི་དམིགས་པའི་ཆར་འབེབས་པར་བྱེད་པས་ན་ཆར་བཟང་འབེབས་པའོ། །དེ་ཉིད་སློབ་དཔོན་འོད་སྲུངས་ཀྱི་ཡིན་པར་སྨྲ་བ་ནི་འོད་སྲུངས་༡༧པའོ། །དེ་བཞིན་དུ་བླ་མ་ཡིན་པར་སྨྲ་བ་ནི་བླ་མ་པའོ། །དེ་ཉིད་ལས་ཁ་ཅིག་ན་རེ། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་གང་ཟག་འཕོ་བར་འགྱུར་རོ་ཞེས་བྱ་བ་ནི་འཕོ་བར་༡སྨྲ་བའོ། །དེ་རྣམས་ལས་སྔར་བསྟན་པའི་དགེ་འདུན་ཕལ་ཆེན་ལ་སོགས་པ་བརྒྱད་དང་། ཕྱིས་བསྟན་པའི་ཕྱིར་གནས་བརྟན་པ་དང་། ཐམས་ཅད་ཡོད་པར་སྨྲ་བ་དང་། མང་སྟོན་པ་དང་། ཆོས་མཆོག་པ་དང་། འོད་སྲུངས་པ་རྣམས་ནི་བདག་མེད་པར་སྨྲ་བ་ཡིན་ཏེ། མུ་སྟེགས་པའི་ཅི་འདོད་པས་བརྟགས་པའི་བདག་དང་བདག་གི་སྟོང་པ་ཡིན་པ་དང་། ཆོས་ཐམས་ཅད་ནི་བདག་མེད་པ་ཡང་ཡིན་པར་སྨྲ་བ་ཡིན་ནོ། །ལྷག་མ་གནས་མའི་བུ་ལ་སོགས་པ་སྡེ་པ་ལྔ་ནི་གང་ཟག་ཏུ་སྨྲ་བ་ཡིན་ཏེ། གང་ཟག་ནི་ཕུང་པོ་དག་ལས་དེ་ཉིད་དུ་གཞན་དུ་བརྗོད་དུ་མེད་པ་
རྣམ་པར་ཤེས་པ་དྲུག་གིས་ཤེས་པར་བྱ་བ་འཁོར་བར་འགྱུར་བ་ཡོངས་སུ་གསལ་བར་གྱུར་པ་ཡིན་ནོ། །ཞེས་ཟེར་རོ། །དེ་དག་ནི་སྡེ་བ་བཅོ་བརྒྱད་ཀྱི་དབྱེ་བ་ཡིན་ནོ། །ཞེས་བཤད། གཞན་ཡང་༡༥༤སྡེ་པ་ཐ་། དད་དུ་བསྡུས་པ་ཞེས་སློབ་དཔོན་དུལ་བའི་ལྷས་མཛད་༡༥༦་པར་སོ་སོའི་གྲུབ་པའི་མཐའ་གསལ་བར་སྣང་ངོ་། །བར་༡༥༦འདིར་དགེ་བསྙེན་གྱི་སྡོམ་བརྒྱད་རྩ་འགྲེལ་སློབ་དཔོན་སུ་ན་ཡ་ཤྲཱིས་མཛད་པ་༡༦༡ཡོད། རྣམ་པར་གྲོལ་བའི་ལམ་ལས་སྦྱངས་པའི་ཡོན་ཏན་བསྟན་པ་ཞེས་སློབ་དཔོན་གང་གིས་མཛད་མི་གསལ་༡༧༢བར། ད་ལྟར་ཚུལ་ཁྲིམས་རྣམ་པར་དག་པའི་རྣལ་འབྱོར་པ་སྤྱོད་པ་བསྒྲུབ་པར་འདོད་པ། ཡོན་ཏན་དོན་དུ་གཉེར་བས་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་ཏེ་འཇུག་པར་བྱའོ། །ཞེས་དང་། དེ་ལ་༡ཕྱགས་དར་ཁྲོད་པ་ཉིད་ནི་ཁྱིམ་བདག་གི་གོས་སྤོང་བ་ཡིན་ནོ། །བསོད་༢སྙོམས་པ་ཉིད་ནི་མགྲོན་དུ་འགྲོ་བ་སྤོང་བ་ཡིན་ནོ། །ཆོས་གོས་གསུམ་༣པ་ཉིད་ནི་གོས་བཞི་པ་སྤོང་བ་ཡིན་ནོ། །མཐར་ཆགས་སུ་རྒྱུ་གྲོང་ཐམས་ཅད་དུ་རྒྱུ་བ་ལ་ལས་གཅིག་ཏུ་མི་རྙོགས་པ། བ་ཉིད་ནི་རྟོགས་པར་རྒྱུ་བ་སྤོང་བ་ཡིན་ནོ། །སྟན་གཅིག་ལན་མང་པོ་ལང་འདུག་བྱེད་ནས་མི་ཟ་བ། པ་ཉིད་ནི་ལན་གཉིས་སུ་འདུག་པ་སྤོང་བ་ཡིན་ནོ། །ཟས་མཆོག་པ་ཉིད་ནི་ཟས་མང་པོ་སྤོང་བ་ཡིན་ནོ། །ཟས་ཕྱིས་མི་ལེན་པ་ཉིད་ནི་ཟས་ལྷག་པ་སྤོང་བ་ཡིན་ནོ། །
དགོན་པ་ཉིད་ནི་གྲོང་མཐའ་གནས་པ་སྤོང་བ་ཡིན་ནོ། །ཤིང་དྲུང་པ་ཉིད་ནི་གཡོགས་པར་གནས་པ་སྤོང་བ་ཡིན་ནོ། །བླ་གབ་མེད་པ་ནི་གཡོགས་པ་དང་ཤིང་དྲུང་དུ་གནས་པ་སྤོང་བ་ཡིན་ནོ། །དུར་ཁྲོད་པ་ཉིད་ནི་གཞན་དུ་གནས་པ་སྤོང་བ་ཡིན་ནོ། །ཙོག་པུ་པ་ཉིད་ནི་ཉལ་བ་སྤོང་བ་ཡིན་ནོ། །ཞེས་སོགས་དང་། དེ་དག་གི་རྣམ་པ་དུ་ཡིན་པ་དང་། ངོ་བོ་གང་ཡིན་པ་དང་། གང་གིས་འཇིག་པ་སོགས་རྒྱས་པར་བཤད་སྣང་ངོ་། །གནས་བརྟན་༡༧ཀུན་དགའ་རྒྱ་མཚོའི་ཨ་བ་དཱ་ན། དུས་སུ་བྱུང་བའི་གཞོན་ནུ་གསེར་མདོག་གི་རྟོགས་པ་བརྗོད་པར། རྒྱལ་པོ་ཆེན་པོ་དེ་བས་ན་བདག་སྡུག་བསྔལ་མི་འདོད་པས་ཐ་ན་སེམས་ཀྱིས་སྨད་པ་ཙམ་ཡང་མི་བྱའོ། །གྲགས་པ་མེད་པས་འཇིགས་པས་གཞན་དག་ལ་གྲགས་པ་མ་ཡིན་པ་བསྒྲགས་པར་མི་བྱའོ། །བདག་ཉིད་བདེ་བར་འདོད་ན་གཞན་རྣམས་ཀྱི་བདེ་བ་དབྲོག་པར་མི་བྱའོ། །ཞེས་སོགས་གསུངས། དེ་ཡང་རྒྱལ་པོ་མ་སྐྱེས་དགྲའི་བློན་པོ་རབ་གཏུམ་གྱིས་ཚོང་དཔོན་ཉི་མའི་བུ་གཞོན་ནུ་གསེར་མདོག་ལ་ བུ་མོ་ཀཱ་ཤི་མཛེས་དགའ་མ་བསད་པའི་དྲིལ ་བསྒྲགས་ཏེ་གསལ་ཤིང་དུ་བསྐྱོན་པར་བརྩམས་པ་ན་འཕགས་པ་ཀུན་དགའ་བོས་རྫུ་འཕྲུལ་གྱི་མཐུས་བཏུལ་བའི་ཚུལ་རྒྱས་པར་སྣང་ངོ་། །ཀུན་ལའི་རྟོགས་པ་བརྗོད་པར། འདི་ལྟར་རྒྱལ་པོ་ཨ་ཤོ་ཀ་ན་ཚོད་གསུམ་གྱི་ཚད་དུ་གྱུར་པ་ལ།
དེ་ལ་ན་ཚོད་དང་པོ་ལ་ནི་འདོད་པའི་ཨ་ཤོ་ཀར་གྱུར་ཏོ། །ན་ཚོད་གཉིས་པ་ལ་ནི་གཏུམ་པའི་ཨ་ཤོ་ཀར་གྱུར་ཏེ། གང་གིས་བཙོན་ར་བཟང་པོ་བྱས་ནས་སྐྱེ་བོ་བྱེ་བའི་སྲོག་བརླག་པར་གྱུར་ཏོ། །ན་ཚོད་གསུམ་པ་ལ་ནི་ཆོས་ཀྱི་ཨ་ཤོ་ཀར་གྱུར་ཏེ། གང་གིས་ཆོས་ཀྱི་རྒྱལ་པོ་ལ་བརྒྱད་ཁྲི་བཞི་སྟོང་རབ་ཏུ་གནས་ཤིང་སྤྱན་ཕྱེའོ། །ཞེས་དང་། དེའི་སྲས་བྱ་ཀུ་ན་ཤིན་ཏུ་མཛེས་ལའི་མིག་དང་འདྲ་བས་དེ་ལྟར་གྲགས་པ་སྐར་རྒྱལ་སྲུང་མ་དང་འཁོན་པའི་དབང་གིས་ཡུལ་གཞན་དུ་ཕྱིན་པ་རྒྱལ་པོའི་ཡི་གེར་བརྫུས་པ་བཏང་ནས་མིག་གཉིས་འབྱིན་པར་བྱས་པ་དང་། གནས་བརྟན་གྲགས་པས་དེའི་རྒྱུ་རི་དྭགས་སྔ་ཕྱི་མིག་ཕྱུང་བ་དང་། སླར་ཡང་བདེན་ཚིག་གིས་མིག་སྔོན་བཞིན་དུ་གྱུར་པ། སྔོན་གྱི་སྐྱེ་བར་བྱིས་བའི་དུས་སངས་རྒྱས་ཀྱི་སྤྱན་ཕྱུང་བ། སླར་འགྱོད་དེ་ཨིནྡྲ་ནཱི་ལའི་སྤྱན་བཅུག་པས་མཛེས་པ་དང་། སླར་སོས་པ་སོགས་ཀྱི་རྒྱུ་རྒྱས་པར་བསྟན་སྣང་ངོ་། །སངས་༢༤༠རྒྱས་འདས་ནས་ལོ་བརྒྱད་བརྒྱ་ལོན་པ་ན་ཡུལ་ཤི་བི་ཀ་ཞེས་བྱ་༢༤༤བར་འཕགས་པ་དགའ་བའི་བཤེས་གཉེན་ཞེས་བྱ་བ་བྱུང་སྟེ། དེ་མྱ་ངན་ལས་འདས་པའི་ཚེ་འཁོར་རྣམས་ལ་གདམས་པའི་རྟོགས་བརྗོད་དུ་གནས་བརྟན་ཆེན་པོ་རྣམས་ཀྱི་མཚན་དང་། བསྟན་པ་གནས་ཚད་སོགས་སྣང་ངོ་། །རྒྱལ་པོ་ཀྲྀ་ཀཱའི་དུས་ཀྱི་གཞོན་ནུ་མ་བདུན་གྱི་རྟོགས་༢༤༤བརྗོད་སློབ་དཔོན་
གསང་བ་བྱིན་གྱིས་མཛད་པ་༢༥༢དང་། བསླབ་པ་བཅུའི་ཆོ་ག་ནཱ་གཱ་རྫུ་ནས་མཛད་༢༥༣པ་དང་། ཡེ་དྷརྨཱའི་འགྲེལ་པ་སློབ་དཔོན་རྟག་པའི་རྡོ་རྗེས་༢༥༤མཛད་པ་རྣམས་ཀྱང་ཡོད་དོ།། ༈ །།བསྲོ་ཁང་བྱ་བའི་གྲམ་པ་ནི། རྡོ་གྲམ་པ་ཡོད་པའི་ས་ཕྱོགས། མི་རྨ་བ་ནི་མེའི་དུགས་ཀྱིས་ལུས་རྒྱ་བ་སྟེ་ཉམ་ཆུང་བར་འགྱུར་བས་ན། དེ་མི་འབྱུང་བའི་ཕྱིར་ནང་གོས་སོགས་ཀྱིས་ལུས་དཀྲིས་ནས་བསྡད་པ་མེ་ཧ་ཅང་ཚ་བས་བརྒྱལ་གྲབ་ལྟ་བུ་ནི་འབོགས་པ་མི་འབྱུང་བའི་ཕྱིར་ཕྱེ་དང་ཡུངས་མ་དག་མེར་བླུག་གོ །ཁྱེའུ་སུས་ནི་ཐུར་མ་སྟེ་ཉམས་དམན་ན་ཟས་ཐུར་མས་བསྟོད་དེ་སྦྱིན་པའོ།། ༈ །།ལག་སོར་ཟླུམ་པོར་འཇས་པ་ནི། ལག་སོར་སྦྲུལ་མགོའི་གདེངས་ཀ་ལྟ་བུར་ཟླུམ་པོར་འཇས་པ་དང་། མཆུ་མེད་ནི། མཆུ་གཉིས་མེད་པའོ། །རྨ་མཚན་ཅན་ནི། ལུས་ལ་ཁབ་ལ་སོགས་པས་བཙགས་ཏེ་སྣག་ཚ་ལ་སོགས་པས་ཁྱི་རྗེས་ལ་སོགས་པའི་མངོན་མཚན་བཏབ་པའི་རྣམ་པ་ཅན་ནོ། །སྨད་འཆལ་ནི། བརླའི་ཕྱོགས་རླུང་གིས་ཉམས་པ་དང་། རྟེན་ཕྱེ་ནི། ལག་པ་གཉིས་ལག་རྟེན་ལ་བརྟེན་ནས་གཟུགས་བཞིས་འཕྱེ་བ་དང་། ཡ་ཟ་མ་ལུག་ནི་ཟོས་པ་ཐམས་ཅད་མ་ཞུ་བར་ཐུར་དུ་འབྱུང་བ་དང་། གཏའ་གམ་ནི། ལང་ཚོ་མ་བབ་པར་རྒས་ཉམས་བཞིན་དུ་གྱུར་པའོ།། ༈ །།འདུལ་བའི་ཚིག་ལེའུར་བྱས་པ་ལས། དེ་ནས་རབ་གུས་
བསྐྱེད་པ་ཡིས། །བླ་མ་ལ་ནི་ཕྱག་བྱ་སྟེ། །ཞེས་དང་། བསམ་གཏན་ཀློག་པའི་ལས་དག་གིས། །ལུས་ལ་སྙིང་པོ་བླང་བར་བྱ། །ངུར་སྨིག་གྱོན་ཙམ་གྱིས་ཆོག་པའི། །བསམ་པ་ནམ་ཡང་མི་བྱའོ། །ཞེས་དང་། སྡོམ་པ་ལྷག་མ་མེད་གཅོད་དང་། །དགེ་འདུན་ལྷག་མས་དེ་ལྡང་དང་། །དེ་བཞིན་གང་ཟག་ལྷག་མ་ཅན། །ལྟུང་བ་རྣམ་པ་གསུམ་དུ་གྲགས། །དང་པོར་ཕས་ཕམ་གསུངས་པ་ནི། །བཞི་ཡིན་ཤིན་ཏུ་ལྕི་བའི་ཕྱིར། །འདི་དག་གང་རུང་བྱུང་ན་ནི། །དགེ་སློང་རྣམ་པར་ཉམས་པ་ཡིན། །ཞེས་དང་། སྒྲ་དབྱངས་ཆུང་ངུས་སྟོན་པ་ཡི། །ཡོན་ཏན་བརྗོད་བྱ་དམ་ཆོས་ཀྱི། །དབྱངས་ནི་མངོན་པར་མི་ཤེས་ན། །དབེན་ པར་སློབ་པ་བཀག་པ་མེད། །སྟོན་པའི་དམ་ཆོས་མཛེས་ཕྱིར་ཏེ། །ཉོན་མོངས་བཅས་པའི་སེམས་ཀྱིས་མིན། །ཞེས་དང་། བསླབ་པ་རྗེས་བསྲུང་བརྩེ་ལྡན་གྱིས། །ཤིག་རྣམས་དལ་གྱིས་བཟུང་ནས་ནི། །བསྡུས་ནས་རྩིག་པ་ལ་སོགས་པའི། །བུ་གར་སྙིང་རྗེ་ཅན་གྱིས་གཞུག །ཅེས་དང་། ཁྲིམས་ལྡན་ནད་གཡོག་བྱེད་པ་དང་། །ཆོས་དང་ཟང་ཟིང་སེར་སྣ་མེད། །དུས་སུ་འདོམས་པའི་བླ་མ་ནི། །བླ་མའི་ཡོན་ཏན་ཡང་དག་ལྡན། །གནས་པའི་ཚུལ་ལྡན་ཤེས་རབ་ཅན། །དུལ་ཞིང་བཟོད་དང་ལྡན་པ་དང་། །བླ་མ་ལ་ནི་རྟག་ཏུ་གུས། །ཞེས་དང་། དགེ་སློང་མདོ་སོགས་མཁས་པ་ལས། །ལམ་ཕྱེད་འོངས་པ་ཐོས་པ་ནས། །
ཇི་སྲིད་དཔག་ཚད་ཕྱེད་དང་གསུམ། །བ་དན་བསྒྲེངས་སོགས་སྔོན་འགྲོ་བས། །གཎྜི་བརྡུངས་ཏེ་དགེ་འདུན་གྱིས། །རང་གི་ནུས་པས་བསུ་བར་བྱ། །འོངས་ནས་དགའ་བས་རྙེད་པ་ཡང་། །དེར་དབུལ་ཚོགས་ཀྱིས་ཀྱང་ནི་ཐོབ། །གནས་ཁང་འདུག་སྟན་མལ་སྟན་རྣམས། །དེ་དག་གུས་པས་རྟག་ཏུ་དབུལ། །ཞེས་དང་། སྐུ་གཟུགས་མཆོད་རྟེན་བདེ་གཤེགས་ཀྱི། །བཀའ་ཡང་མངོན་པར་བྲི་བ་སྟེ། །རྙིངས་སམ་བརླག་ན་དགེ་སློང་གིས། །སླར་ནི་གསོ་བར་འོས་པ་ཡིན། །ཞེས་དང་། མཆོད་རྟེན་སྐུ་གཟུགས་གྲིབ་མ་དང་། །མཎྜལ་ཡང་ནི་འགོམ་མི་བྱ། །དགོས་པ་ཆེད་དུ་བདེ་གཤེགས་ཀྱི། །ཚིགས་བཅད་སྔོན་དུ་ བྱས་ཏེ་འགོམ། །ཞེས་དང་། དེ་རྗེས་མི་རྟག་རྣམ་པའི་ཚུལ། །སྟོན་བྱེད་ཆོས་ཉན་སྦྱིན་བྱ་སྟེ། །འདི་དག་སྐྱོ་བ་བསྐྱེད་བ་དང་། །མྱ་ངན་དག་ཀྱང་བསལ་ཕྱིར་རོ། །གང་ཕྱིར་འདུས་བྱས་ཐམས་ཅད་ནི། །རྐྱེན་གྱིས་གཞན་དུ་འགྱུར་བ་སྟེ། །རྩྭ་རྩེ་རླུང་གིས་བསྐྱོད་པ་ཡི། །ཟིལ་པ་བཞིན་དུ་མི་རྟག་གོ །ཞེས་དང་། ཁང་བཟང་དག་གི་ངོས་དག་ཏུ། །ཐུབ་པའི་སྔོན་གྱི་སྐྱེས་རབས་བྲི། །དཔེར་ན་ཐམས་ཅད་ སྒྲོལ་དང་ནི། །ཟླ་འོད་བཟོད་པར་སྨྲ་ལ་སོགས། །གཙུག་ལག་ཁང་སོགས་འདུལ་བ་ལས། །འཇིག་རྟེན་མངོན་པར་དད་འཕེལ་ཕྱིར། །རི་མོའི་ཆོ་ག་བརྗོད་པ་འདི། །ཐུགས་རྗེ་ཅན་གྱིས་ལེགས་པར་
གནང་། །ཞེས་དང་། བདེ་གཤེགས་སྲས་ཀྱི་ལྷུན་པོའི་ཚད། །སྐུ་གཟུགས་མཆོད་རྟེན་རྒྱལ་བར་མོས། །ཟུར་བཞི་ལོགས་མཉམ་མཛེས་བྱས་ནས། །བང་རིམ་ལ་སོགས་གཞན་རིམ་བཞིན། །དེ་ཡང་གཉིས་གསུམ་བཞི་དང་ལྔ། །འབྲས་བུའི་རིམ་པ་གདུགས་ཀྱི་ཚད། །མཆོད་རྟེན་བྱི་བོ་ཡོན་ཏན་ཅན། །སོ་སོའི་སྐྱེ་བོ་རྣམས་ལ་འོས། །འདི་ཡི་མཐར་ནི་སྟོན་པ་ཡི། །གདུགས་ཀྱི་ཚད་ལ་ངེས་པ་མེད། །བརྒྱ་ལྷག་རི་བ་བྱེ་བ་སྙེད། །མཆོད་རྟེན་ཡང་ནི་བྱ་བར་འོས། །དམན་པ་བསེ་རུའི་སྤྱོད་པ་ལས། །གདུགས་ནི་རིམ་པ་བཅུ་གསུམ་སྟེ། །དེ་ལ་ཆར་ཁེབས་མེད་པ་དག །བྱི་བོ་ཞེས་ནི་ཐོས་པ་ཡིན། །ལོགས་དག་ཏུ་ནི་སློབ་མ་ཟུང་། །སྟོན་པའི་མཆོད་རྟེན་དབུས་སུ་སྟེ། །ལྷག་མ་རྣམས་ནི་གྲལ་རིམ་བཞིན། །ཅེས་སོ།། ༈ །།འདུལ་བའི་བསྟོད་པའི་ས་བཅད་ལ་ཀླད་དང་། གཞུང་དང་། མཇུག་གི་དོན་ནོ། །དང་པོ་ལ་མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བ། ཁེངས་པས་བསྐྱུང་བ། གཉིས་པ་ལ། ཡོན་ཏན་ཀུན་གྱི་རྟེན་དུ་གྱུར་པས་བསྟོད་པ། བསྲུང་བ་ཉིད་ཀྱིས་བསྟོད་ཇི་ལྟར་ཆུ་ལོན་པ། བྱང་ཆུབ་གསུམ་གྱི་ཚོགས་ཉིད་སངས་རྒྱས་ཀྱི་ཕྱིར་བསྟོད་པ། བསྟན་པའི་རྒྱུ་ཉིད་ཇི་སྲིད་ཀྱིས་བསྟོད་པ། དཀོན་པར་བྱེད་པའི་སྒོ་ནས་བསྟོད་སངས་རྒྱལ་མི་བཞུགས་པ། དཔེའི་སྒོ་ནས་བསྟོད་པ་འཇོག་བྲལ། སྟོན་པ་དང་འདྲ་བ་ཉིད་
ཀྱིས་རྒྱལ་བ་བསྟོད་པ། དེ་བཞིན་གཤེགས་པ་བས་ཀྱང་བླ་མ་ཡིན་པའི་ཕྱིར་འདི་ལ་ཕྱག་བྱ་བ་ཉིད་དུ་བསྟན་གང་ལ་པ། མཆོད་པའི་རྒྱུ་ཉིད་ཀྱིས་གུས་པ་བསྐྱེད་པའི་ཆེད་དུ་བསྟོད་གང་ཞིག་པ། ཁྱད་པར་གསོད་དང་བཅས་པའི་ཁ་ན་མ་ཐོ་བ་དང་བཅས་པ་ལས་འདས་པའི་ཉེས་པ་བརྗོད་འདི་ན་པ། ད་ནི་སོ་སོར་ཐར་པའི་རྣམ་པར་བཤད་པ་ཉིད་ཀྱིས་འདུལ་སོ་སོར་ཐར་པ་བ་ལ་བསྟོད་པ་སྟེ་བཅུའོ། །འདིའི་སྐབས་ཀྱི་བཅས་པའི་ཁ་ན་མ་ཐོ་བ་སྤང་བ། སྨིགས་མའི་ཚལ་ལྟ་བུ་དེ་ལས་འདས་ཤིང་རང་བཞིན་ཀྱི་ཁ་ན་མ་ཐོ་བ་སྤང་བ། ཨ་མྲའི་ཚལ་ལྟ་བུ་དེ་ཉམས་པ་ན་རྒྱལ་པོ་ཁྲོས་པ་ལ་སོགས་པ་ལྟ་བུའི་རྒྱལ་བའི་བཀའ་ཁྱད་དུ་བསད་ཅིང་། བསླབ་པ་དྲལ་བ་དེས། དེ་ལས་རྒྱལ་པོའི་ཆད་པའི་སྡུག་བསྔལ་གྱི་གཞན་དབང་ལྟ་བུ་གནོད་པའི་སྡུག་བསྔལ་དུ་མ་ཉམས་སུ་མྱོང་བས་ན། བཅས་པ་ཕྲ་མོའང་བག་ཡངས་སུ་མི་བྱའོ།། ༈ །།གང་གིས་ཉིད་ཀྱི་དབུ་ཡང་རིན་ཆེན་འོད་འཕྲོ་ལྟ་བུ་དང་། །རབ་རྒྱས་པདྨ་གསེར་མདོག་དང་འདྲའི་བཙུན་མོ་རྣམས་ཀྱང་བྱིན། །མ་ལུས་དོན་གཉེར་རབ་དགར་མཛད་ནས་བྱང་ཆུབ་མཆོག་བརྙེས་པ། །ཆོས་འདུལ་ཞི་པའི་དོན་དུ་སྟོན་མཛད་དེ་ལ་ཕྱག་འཚལ་ལོ། །གང་ཐོས་ངན་འགྲོའི་འཇིགས་པ་རྣམས་ལས་ངེས་པར་སྒྲོལ་འགྱུར་ཞིང་། །སྲིད་པའི་འཆིང་བ་མཐའ་དག་བཅད་ནས་མྱ་ངན་འདས་གྱུར་པ། །འཁོར་བའི་རྒྱ་
མཚོ་གཏིང་མཐའ་མེད་པ་ཀུན་ལས་སྒྲོལ་བ་ཡི། །གཟིངས་གྱུར་གཅིག་བུ་བདེ་གཤེགས་རྣམས་ཀྱི་བསྟན་བཅོས་དེ་ལ་འདུད། །གང་ཡང་ཡོན་ཏན་ཀུན་ལྡན་ཡོན་གནས་དམ་པར་གང་གྱུར་པ། །ཅུང་ཟད་ཕུལ་ཡང་འབྲས་བུ་རྒྱ་ཆེན་ཤིན་ཏུ་འཕེལ་འགྱུར་བ། །བདག་ཉིད་ཀུན་གྱིས་ཕྱག་འོས་བདེ་གཤེགས་སྲས་ལ་རབ་ཏུ་བསྔགས། །གང་ཟག་བརྒྱད་མཆོག་ལེགས་སྤྱོད་ཀྱིས་བརྒྱན་འཕགས་ཚོགས་རྣམས་ལ་འདུད། །ཅེས་གསུངས།། ༈ །།ཚིག་གསུམ་བར་མ་ཆད་དུ་བསྒྲུབ་པའི་སྐབས། གོང་མའི་ལས་ཆོག་གི་མཐའ་དཔྱོད་རྣམ་རྒྱལ་གསེར་མདོག་ལས། གཞུང་ལུགས་འབུམ་ཕྲག་བརྒྱ་པ་དངོས་གྲུབ་དཔལ་འབར་གྱི་ལས་ཆོག་ཏུ། དགེ་བསྙེན་ཙམ་དུ་བསྒྲུབས་ན་འདིར་བསླབ་པ་དང་དུས་གོ་བརྗོད་ཚིགས་ཕྱི་མ་སྦྲགས་ནས་བསྒྲུབས་ན་འདིར་བརྗོད་མི་དགོས་ཏེ། ཚིག་ཕྱི་མ་ཕྱི་མའི་ཁོངས་སུ་སྔ་མ་སྔ་མའི་བསླབ་བྱ་དང་། དུས་བསྒོ་འདུ་བའི་ཕྱིར་རོ། །ཞེས་འབྱུང་བས་དེང་སང་ཞྭ་ལུ་དང་ངོར་སོགས་ན་ཚིག་གསུམ་རིམ་གྱིས་འབོགས་པའི་ཚེ་དགེ་བསྙེན་གྱི་བསླབ་པ་བརྒྱད་པ་དང་། དགེ་ཚུལ་ལ་དུས་གོ་བསླབ་བརྗོད་གཉིས་ཀ་མཛད་པའང་ཚིག་ཚོགས་ཆེ་བ་ལས་དགོས་པ་ལྷག་པོ་མ་མཐོང་ངོ་། །ཞེས་སྣང་བ། སྤྱིར་ཚིག་སྔ་མ་མེད་པ་ཉིད་ལ་ནི་ཉེས་བྱས་ཙམ་དུ་ཟད་དོ། །ཞེས་ཚིག་སྔ་མ་གཉིས་གཏན་ནས་མ་སོང་ཡང་བསྙེན་རྫོགས་ཀྱི་སྡོམ་
པ་སྐྱེ་བར་གསུངས་མོད། འདིར་ཉེས་མེད་ཕུན་ཚོགས་ཀྱི་དབང་དུ་བྱས་ཏེ། བསྟན་པ་ལ་རིམ་གྱིས་སློབ་པ་མཚོན་པའི་ཕྱིར་དགེ་བསྙེན་ནས་བརྩམས་ཏེ་སྡོམ་པའི་དངོས་གཞི་སོ་སོར་སྦྱིན་ན། དེའི་བསླབ་བྱ་མཇུག་ཆོག་བརྗོད་མི་རུང་བའི་རྒྱུ་མཚན་མེད་ཅིང་། ཅིས་ཀྱང་མི་རུང་ན་དངོས་གཞི་ལའང་མཚུངས་སོ། །དེས་ན་འཕགས་པ་རིན་པོ་ཆེའི་ལས་ཆོག་ཏུ། དགེ་ཚུལ་གྱི་ཆོ་ག་ཚང་བར་གསུངས་པའི་དེ་མ་ཐག་པར། དེ་ནས་དགེ་སློང་དུ་ཉེ་བར་བསྒྲུབ་པའི་ཕྱིར་དུས་དེ་ཉིད་དམ་གཞན་དུའང་རུང་སྟེ། ཞེས་གསུངས་ཀྱི། དུས་དེ་ཉིད་དུ་བསྒྲུབས་ན་མཇུག་ཆོག་མི་དགོས་པར་མ་གསུངས་པའི་ཕྱིར་དང་། བསླབ་བྱ་འདུ་བ་ཙམ་གྱིས་མི་དགོས་ན་སྡོམ་པའང་འདུ་བས་ཅིའི་ཕྱིར་དགོས། དུས་གོ་ནི་དུས་ཚིགས་སྔ་ཕྱི་ཤེས་པ་ཙམ་གྱི་ཆེད་ཡིན་པས་འདུ་བའི་རྣམ་གཞག་བྱར་མེད། ཡོད་ན་ཉི་དྲོས་ཉི་ཤར་དུ་འདུ་སྟེ། དེར་ཐལ། དེའི་ཕྱིར། དེས་ན་གནད་ཀྱི་དོན་ནི། ཕྱག་ལེན་རྒྱས་བསྡུས་ཙམ་ཡིན་ཀྱང་། ཨེ་ཝཾ་ཆོས་ལྡན་དུས་ཆོས་ཀྱི་སྐབས་ལྟ་བུར་ནི། དགེ་ཚུལ་བསྒྲུབས་ནས་ཞག་གཉིས་གསུམ་གྱི་མཚམས་སུ་བསྙེན་རྫོགས་བསྒྲུབ་པའི་ཕྱིར། དེ་བར་གྱི་ངོ་སྐལ་བསླབ་བྱ་ཤེས་པའི་ཕྱིར་བསླབ་བརྗོད་ཅིས་ཀྱང་འཐད་ལ། དུས་གོ་ནི་གསུམ་ཚན་དུ་བཅད་པ་དེ་ཚོགས་འདུ་སོགས་ལ་འགྲོ་སྲོལ་མེད་ཕྱིར་མི་དགོས་པ་ཡིན་ནོ། །གཞན་ཡང་བུ་
སྟོན་རིན་པོ་ཆེའི་ལས་བརྒྱའི་འགྲེལ་བར། འདིར་དེ་མ་ཐག་རབ་བྱུང་བྱེད་པའི་དབང་དུ་བྱས་ནས་གྲིབ་ཚོད་རིག་པར་བྱ་བ་མ་གསུངས་ཀྱི་དགེ་བསྙེན་ཉིད་དུ་སྡོད་ན་བྱ་དགོས་སོ། །གསུངས་ཏེ་འདུལ་བའི་བཀའ་དང་བསྟན་བཅོས་རྣམས་ལ་མི་སྣང་ནའང་དོན་ལ་ཐོབ་པ་འདྲའོ། །ཞེས་གསུངས་ཤིང་། དོན་ལའང་འཐད་དེ་དགེ་བསྙེན་ལའང་བསླབ་གྲལ་བྱེད་པའི་ཕྱིར་རོ། །བསླབ་བརྗོད་མི་དགོས་པ་ནི་མ་གསུངས་སོ། ༈ ། བུ་རིན་པོ་ཆེའི་དུས་གོ་ལས། ཀྱེ་མ་གངས་རིའི་ཁྲོད་འདི་ན། །མཁན་སློབ་ཁྱིམ་པས་བྱེད་པ་དང་། །སྡོམ་པ་གཏོར་མས་ལེན་པ་དང་། །དུས་གོ་ཧོར་ཟླས་བྱེད་པ་མང་། །ཞེས་པའི་དུས་གོ་ཧོར་ཟླས་བྱེད་པ་ནི། འདུལ་བ་རང་གི་དུས་ཚིགས་ལྔ་སོགས་ཀྱི་རྣམ་གཞག་དོར་ནས་ཧོར་ཟླ་ཁོ་ན་དང་། ཡར་ངོ་སྔོན་འགྲོས་བྱེད་མཁན་ཁ་ཅིག་ལ་དགོས་ཀྱི། སྤྱིར་ཧོར་ཟླ་བརྒྱད་མི་རུང་བ་ཙམ་ནི་ག་ལ་ཡིན་ཏེ། ད་ལྟ་བདག་གི་བླ་མ་རྣམས་ཧོར་ལུགས་ཀྱི་ཟླ་བ་བརྒྱད་པའི་ཚེས་བཅུ་དྲུག་ནས་ལོ་མགོར་བཞེད་ཅིང་སོགས་དང་། ལས་བརྒྱའི་འགྲེལ་པར། ཁ་ཅིག་བྱི་བ་ལོ་སོགས་རྒྱ་ནག་གི་ལུགས་ཡིན་པས་མི་འཐད་ཟེར་མོད་ཀྱི། རྒྱ་གར་ན་བྱི་བ་ལོ་སོགས་ཀྱི་ཐ་སྙད་མ་མཛད་ཀྱི། རྒྱལ་པོའི་ལོ་རྩིས་ཀྱི་རྗེས་ལ་འབྲངས་པས་དེའི་ལོ་ཚིགས་གོ་དགོས་ཏེ། སོགས་དཔེར་བརྗོད་དང་བཅས་དངོས་སུ་གསུངས་ཤིང་། བོད་ལ་དེ་འདྲ་མེད་པས་
རྒྱ་ནག་དང་མཐུན་པའི་ལོ་སྐོར་བཅུ་གཉིས་ཀྱིས་ངོ་སྤྲོད་པར་ཤུགས་ལ་བསྟན་པའི་ཕྱིར་དང་། དུས་གོ་ལས། དུས་ཀྱི་ཕྱི་མོ་ཡིན་པས་ད་ལོསྒྲེའི་ལོ་ཡིན། ཞེས་གསུངས་པའི་ཕྱིར། དེས་ན་ལོ་རྒྱ་ནག་དང་སྦྱར་ཏེ་རུང་ན། ཟླ་བ་ཧོར་ཟླ་བཞིར་བཞག་ནས་འདུལ་པའི་དུས་ཚིགས་ཁྱད་པར་དུ་བརྗོད་པ་ཅིའི་ཕྱིར་མི་རུང་། སྟག་ཚང་ལོ་ཙཱ་བས། ཧོར་ནི་ཆོ་འཕྲུལ་ཆེན་པོའི་རྟ་ཟླ་ནས་ལོ་མགོ་འཛིན་པས་དེ་ལ་ཧོར་ཟླ་དང་པོ་བྱེད་ཅིང་། དེང་སང་བོད་ན་ཧོར་ཟླ་འདི་གྲགས་ཆེ་བས་འདི་གཞིར་བྱས་ནས་བཤད་པར་བྱའོ། །ཞེས་སོགས་མཁས་པ་རྣམས་མགྲིན་གཅིག་ཏུ་གསུངས་པའི་ཕྱིར། སྡོམ་པ་གཏོར་མས་ལེན་པ་ཞེས་པ་འདི་ལ། ལྔ་པ་རིན་པོ་ཆེའི། སྔགས་རྙིང་མ་ཁ་ཅིག །མདོ་དབང་གི་ཉན་ཐོས་སྐབས་ལ་ཟུར་ཟ་བར་འཆད་ཅིང་དེ་མིན་ཚུལ་གྱི་རྩོད་སྤང་མང་དུ་བྱུང་ཡང་དགོས་པ་མི་སྣང་སྟེ། མདོ་དབང་གི་དེར་གཏོར་མས་ལེན་པར་བཤད་པ་གང་དུའང་མེད་པའི་ཕྱིར། གལ་ཏེ་དེར་ཟུར་ཟ་བ་ཡིན་ན་སྡོམ་པ་དབང་གིས་ལེན་པ་ཞེས་ཅིའི་ཕྱིར་མི་གསུངས། དེས་ན་ཐུགས་སྲས་ལོ་ཙཱ་བས། ཁྱིམ་པ་རྣམས་ཀྱིས་མཁན་སློབ་བྱེད་ཅིང་ཧོར་འདྲས་ཁ་སྐོང་སྡོམ་པ་གཏོར་མས་ལེན་པར་བྱེད་ཅིང་བསྒྲུབ་བྱ་ཐག་རྒྱས་འཇལ་བར་བྱེད་སོགས་གསུངས་པའི་དགོངས་པ་ནི་འདུལ་བའི་ཕྱོགས་ལ་ཞལ་འདྲིས་ཆུང་བའི་དྭགས་ཤངས་ཞི་གཅོད་པ་ཁ་ཅིག་
དང་། ས་དགེ་ལུགས་འཛིན་གྱི་བླ་མ་དང་འབུལ་སྡུད་པ་ཐོས་པ་ཆུང་ཞིང་སྙིང་ཁམ་ཆེ་བ་འགའ་ཞིག་གིས་ཁམས་སོགས་མོན་ཀོང་སོགས་ཀྱི་དབང་རྟུལ་འདྲ་བར་ཆོས་གོས་གསུམ་དང་ལྷུང་བཟེད་གདིང་བ་ཊྛ གཏད་རྗེས་སོ་སོའི་ཆོས་སྐྱོང་གང་ཡིན་གྱི་གཏོར་མ་མགོ་ཐོག་ཏུ་བཞག་ནས་བཀའ་བསྒོས་པའི་རྗེས་སུ་ཁྱོད་ཆོས་སྐྱོང་ཆེ་གེ་མོ་འདིའི་སྒོ་ནས་བསྙེན་པར་རྫོགས་སོ་ཞེས་བརྡ་སྤྲད་པའི་གཏམ་རྣ་ཐོས་སུ་མ་ཟད། །ཕྱིས་ཀྱང་ཐོར་བུ་བྱུང་བ་མིག་མཐོང་ལག་ཟིན་གྱི་ངག་རྒྱུན་སྣང་བ་སྔ་དུས་ཀྱང་བསྟན་པ་ལ་དབང་ཟ་བར་བྱུང་བར་བུ་སྟོན་ཡབ་སྲས་ཐུགས་མ་རངས་པའི་ཟུར་མདའ་འཕེན་པར་ཐལ་མོ་སྦྱོར་བ་ལས་ཞུ་ལན་འབུལ་ཅི་འཚལ། །ཞེས་གསུངས་པ་དང་། ཕྱིས་སུའང་ཡིད་སྲུབས་བདག་པོའི་ཕྲིན་ལས་པ་འགའ་ཞིག་གིས་ཀྱང་དེ་འདྲ་མང་དུ་བྱས་པ་ལྟ་བུའོ།། ༈ །།འདུལ་བའི་སྐོར་གྱི་ཟིན་བྲིས་ནི། སྡོམ་པ་གསུམ་གྱི་རྒྱན་ཅེས་བྱ་བའི་རྒྱ་ཆེར་འགྲེལ་བའི་ལེའུ་དང་པོ་ལས། །ཁ་སྐོང་གི་ཆོས་བཅུ་བཞི་ནི། མི་འདུག་པར་འགྲེངས་མ་ཡིན། གང་ལ་བྱ་བ་མ་ཡིན། འདུན་པ་དང་ཡོངས་སུ་དག་པ་ཕུལ་བ་མ་ཡིན། བསྙེན་པར་མ་རྫོགས་པ་མ་ཡིན། ཉམས་པ་མ་ཡིན། མཚམས་མེད་བྱས་པ་མ་ཡིན། ས་གཞན་ན་གནས་པ་མ་ཡིན། ཐ་དད་དུ་གནས་པ་མ་ཡིན། འཁྲུལ་བཅས་མ་ཡིན། མཚམས་གཞན་ན་གནས་པ་མ་ཡིན།
དཀོན་མཆོག་གཞན་མ་ཡིན། རང་བཞིན་དུ་མི་གནས་པ་མ་ཡིན། མཚན་མི་མཐུན་པ་མ་ཡིན་པ་སྟེ་བཅུ་བཞི་ལས། ཆོས་ཕྱོགས་པས་ལས་བྱེད་ན་ཐ་དད་དུ་གནས་པ་མ་གཏོགས་ས་གཞན་བཅུ་གསུམ། ཆོས་མིན་ཕྱོགས་པས་ལས་བྱེད་ན་སྡིག་ལྟ་ཅན་མ་ཡིན་པའི་གཞན་བཅུ་གསུམ་ཚང་དགོས་ལ། འདིར་ཆོས་ཕྱོགས་པ་ཡིན་ནོ། །དེ་ཡང་གང་ལ་བྱ་བ་མ་ཡིན་པ་ནི། དཔེར་ན་གང་ཟག་གཅིག་ལ་བསྐྲད་ལས་བྱེད་ན་བསྐྲད་བྱ་དེ་ལྟ་བུའོ། །དེ་བཞིན་དུ་འདུན་པ་དང་ཡང་དག་འབུལ་མཁན་དེ་ཡང་མི་རུང་སྟེ་ལས་ཀྱི་ནང་དུ་འདུས་དགོས་པ་དང་། ལྟ་བ་གང་རུང་དང་ལྡན་པ་སྡིག་ལྟ་ཅན། ས་གཞན་ན་གནས་པ་ནི་ཉེར་གཉིས་ཏེ། སྤོ་སྤྱོད་མགུ༣། མགུ་སྤྱོད་སྤོ༣། སྤོ་ལྡན་༣མགུ་ལྡན༣། ངོ་བོ་ཉིད་ཚོལ་བ་དང་། མཐུན་པ་སྦྱིན་པ། བསླབ་པ་སྦྱིན་པ། བསྡིགས། སྨད། བསྐྲད། ཕྱིར་འགྱེད་པ་གནས་དབྱུང་གསུམ་མོ། །ཆོས་དང་མཐུན་པའི་ཕྱོགས་ཁས་བླངས་བ་དེ་ཆོས་དང་མི་མཐུན་པའི་ཕྱོགས་དང་ཐ་དད་པར་གནས་པ་དང་། བཤགས་བྱ་བསྡམ་བྱའི་ཉེས་བྱས་ཚུན་ཆོད་ཀྱིས་མ་གོས་པ་ནི་འཁྲུལ་བཅས་མ་ཡིན་པ་སྟེ། ལྟུང་མཐུན་བྱིན་རླབས་སོགས་ཀྱིས་དག་པར་བྱས་པ། རང་བཞིན་དུ་གནས་པ་མ་ཡིན་པ་ནི་ལྟུང་བ་ཕྱིར་མི་བཅོས་པ་མ་ཡིན་པའོ། ༈ །མི་མཐུན་པ་གཉིས་དང་བྲལ་བ་ཞེས། དང་པོ་མ་འདུས་
པའི་མི་མཐུན་པ་ནི། མཚམས་ནང་དེའི་དགེ་སློང་ཁ་བསྐང་བར་འོས་པས། ལུས་སམ་འདུན་པས་མ་འདུས་པ། སྨྱོན་པའི་གནང་བ་སྦྱིན་པ་མ་ཡིན་པ་བཞིན་གནས་པས་ངེས་པ་ཤེས་སམ་འཁྲིགས་པ། དེ་ལ་མི་མཐུན་པའི་ལས་བྱེད་པ་མ་ཡིན་པ། གསོལ་བ་ཙམ་ཡང་མ་ཐོས་པ་ཡིན་པའོ། །དེ་དང་མ་བྲལ་ན་ལས་མི་ཆགས་པས་མ་འདུས་པ་དང་འདུ་བར་འོས་པ་ཐམས་ཅད་འདུས་པ་དགོས་སོ། །གཉིས་པ་འདུས་པ་ཕྱིར་ཟློག་གི་མི་མཐུན་པ་ནི། ལས་དེའི་མཚམས་ཀྱི་ཁོངས་སུ་གཏོགས་ཤིང་། ཁ་སྐོང་བར་འོས་པ། སྤྱོད་ལམ་མ་ཉམས་པ། རང་བཞིན་དུ་གནས་པ། དག་ཡང་དག་པར་བསྡམས་པ་འདུལ་བ་མངོན་པར་ཤེས་པ། ནང་ཞེ་འགྲས་པ་དང་བཅས་པ་མ་ཡིན་པ་སྟེ། ཆོས་དྲུག་ལྡན་གྱི་དགེ་སློང་གིས་ལས་འདི་བྱ་བར་མི་འོས་སོ་ཞེས་བཟློག་ན་ལས་མི་ཆགས་མོད་ཀྱི། དེ་དང་བྲལ་བ་ཐམས་ཅད་ཀྱང་མི་གསུངས་པའི་ཚུལ་གྱིས་གནང་བ་ཐོབ་ཅིང་བཟློག་པ་ཡང་མེད་དོ། ༈ །གྲངས་ཚང་བ་ནི། དགེ་འདུན་དུ་མ་གྱུར་པས་ལས་མི་བྱའོ། །ཞེས་དང་། ས་གའི་ལྷས། ཡུལ་དབུས་སུ་ནི་དགེ་སློང་རྣམས། །བཅུ་ལས་ཉུང་དུ་མི་རུང་སྟེ། མཐའ་འཁོབ་ཏུ་ནི་བསྙེན་རྫོགས་ཕྱིར། །ལྔ་ལ་སོགས་པས་འདོད་པ་ཡིན། །ཞེས་པས་མཐའ་འཁོབ་ཏུ་འདུལ་བ་འཛིན་པ་བསྣན་པས་ལྔ་ཡན་ཆད་དུ་ཚང་བ་ཞིག་དགོས་ཤིང་། གལ་ཏེ་བཞི་
ནི་ལས་བརྗོད་མཁས། །ཚུལ་ཁྲིམས་ལྡན་པར་གྱུར་པ་ནི། །བསྙེན་རྫོགས་མ་སྨད་གྱུར་པ་སྟེ། །ལྷ་ཡིས་ཀྱང་ནི་ཕྱག་བྱར་འོས། །ཞེས་སོ། །དབུས་མའི་མཚམས། མདོར། ཤར་དུ་ནི་ལི་ཁ་ར་ཤིང་འཕེལ་གྱི་མདུན་གྱི་ནགས་ཀྱི་ཁར་ཤིང་ཚང་ཚིང་ཅན་ཞེས་བྱའོ། །ལྷོར་ནི་འདམ་བུ་ཅན་གྱི་ལྷོ་ན་ཆུ་ཀླུང་དེ་ཞེས་བྱའོ། །ནུབ་ཏུ་ནི་བྲམ་ཟེའི་གྲོང་ཀ་བ་དང་ཉེ་བའི་ཀ་བ་ཞེས་བྱ་བ་གཉིས་སོ། །བྱང་དུ་ཨུ་ཤི་རིའི་རི་ཞེས་བྱ་བའོ། །ཞེས་སོ།། ༈ །།སློབ་དཔོན་ནི། གསང་སྟོན་དང་། ལས་བྱེད་པ་དང་། གནས་སྦྱིན་པ་དང་། ཀློག་པ་སྟེ་བཞི་ལས་འདིར་སྔ་མ་གཉིས་སོ། ༈ །ལྷན་ཅིག་ཏུ་སྦྱར་པ་ལྔ་ཕྲུགས་ཉེར་གཅིག་གི་སྡོམ་ནི། ལོ་བཅུ་ལོན་དང་མཁས་པ་དང་། །རིགས་དང་གསལ་དང་འཛིན་འཇུག་དང་། །སློབ་དང་སློབ་འཇུག་རྣམ་གཉིས་དང་། །ཕུན་སུམ་ཚོགས་གཉིས་རྣམ་པ་གསུམ། །སློབ་དང་མི་སློབ་བྱུང་ཤེས་དང་། །གནས་འཆའ་འཆར་འཇུག་ལྟུང་བ་ཤེས། །ལྷོ་ལི་རི་ལ་རྒྱུ་བ་ཡི། །སྡེ་ཚན་ཡང་དག་བསྡུས་པ་ཡིན། །ལོ་བཅུ་ལོན་པ་དང་། ནད་གཡོག་དང་། འགྱོད་པ་བསལ་བ་དང་། སྡིག་པ་ཅན་གྱི་ ལྟ་བའི་རྣམ་པ་སྤོང་བ་དང་། གནས་མངོན་པར་མི་དགའ་བ་འདོར་བ་རང་གིས་བྱེད་པའམ། གཞན་བྱེད་དུ་འཇུག་ནུས་པ་ལོ་བཅུ་ལོན་གྱི་ལྔ་ཚན་ལྔ་ནི་དང་པོའོ། །སྙིང་རྗེ་དང་ལྡན་པ། སྡུག་བསྔལ་ཇི་མི་
སྙམ་པ་གཉིས་ཡོད་དེ་ནི་སློབ་མ་དང་ཉེ་གནས་ན་བའི་གཡོག་བྱེད་དམ། བྱེད་དུ་གཞུག་པའི་མཐུ་ཡོད་པ་ཞེས་བྱའོ། །བྱ་བ་འདིས་བདག་ལྟུང་བ་དང་བཅས་པར་འགྱུར་རམ་འོན་ཏེ་མ་ཡིན་ཞེས་པའི་འགྱོད་པར་འགྱུར་བ་སྟེ། ལྟུང་བ་དང་ལྟུང་མིན་མངོན་པར་ཤེས་ཤིང་། དེ་ལས་བསླངས་པ་ཡང་མངོན་པར་ཤེས་པ་དེ་ནི་དེ་དག་གི་འགྱོད་པ་དེ་སེལ་བར་ནུས་པ་ཡིན་ནོ། །དེ་བས་ཡན་ལག་འདིས་འདུལ་བ་ལ་གནས་པའི་དོན་ཉིད་བསྟན་ཏོ། །སྡིག་པ་ཅན་གྱི་ལྟ་བ་རྣམ་པ་ཞེས་སོགས་ཀྱིས་ཆོས་མངོན་ལ་མཁས་པ་ཉིད་བསྟན་ཅིང་། གནས་ལ་མངོན་པར་མི་དགའ་བ་ཞེས་བྱ་བ་ལ་སོགས་པས་ནི་བསམ་པས་ཤེས་པ་ཉིད་བསྟན། གང་ལ་ཡན་ལག་བཞི་པོ་དེ་ནི་རང་ལ་མེད་ན་གཞན་ལ་བྱེད་དུ་གཞུག་པས་ནི་མི་རུང་སྟེ། གཞན་ལ་བྱེད་དུ་གཞུག་པ་ནི་བསྒོ་བས་སོ། །འདུལ་བ་དང་། མདོ་སྡེ་དང་། མངོན་པ་གསུམ་འཛིན་པ་དང་། མང་དུ་ཐོས་པ་དང་། ཚུལ་ཁྲིམས་དང་ལྡན་པ་ནི་ལྔ་ཚན་གཉིས་པའོ། །སྡེ་སྣོད་གསུམ་ལ་མཁས་པ་དང་། མང་ཐོས། ཚུལ་ལྡན་ནི་ལྔ་ཚན་གསུམ་པའོ། །དེ་ལ་གཟུང་བ་ནི་མི་བརྗེད་པར་འཛིན་པ་དང་། སྡེ་སྣོད་གསུམ་མ་འདྲེས་པར་འབྱེད་པར་ནུས་པ་ནི་མཁས་པའོ། །སྡེ་གསུམ་རིག་པ་དང་ཐོས་ཚུལ་བསྣན་པ་ནི་ལྔ་ཚན་བཞི་པའོ། །ཚད་མ་གཉིས་དང་། ལུང་གི་མདོ་སྡེ་ལ་སོགས་པ་སྦྱོར་བ་ནི་རིག་
པའོ། །སྡེ་གསུམ་གསལ་བ་དང་། ཐོས་ཚུལ་བཅས་ལྔ་ཚན་ལྔ་པའོ། །ལུང་རིགས་གཉིས་ཀྱིས་མདོ་སྡེ་ལ་སོགས་པ་སྦྱར་ཏེ་གཞན་ལ་གོ་བར་བྱེད་ནུས་པ་གང་ཡིན་པ་དེ་ནི་གསལ་བའོ། །སྡེ་སྣོད་གསུམ་འཛིན་འཇུག་ནུས་པ་དང་ཐོས་ཚུལ་བཅས་ལྔ་ཚན་དྲུག་པའོ། །སྡེ་སྣོད་མངོན་པར་ཤེས་པའི་གང་ཟག་ཉིད་ཀྱིས་གཞན་ལ་གོ་བར་བྱེད་ནུས་པ་གང་ཡིན་པ་དེ་ནི་འཛིན་དུ་འཇུག་ནུས་པ་ཉིད་དོ། །ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་སོགས་གསུམ་དང་ཐོས་ཚུལ་བཅས་ལྔ་ཚན་བདུན་པའོ། །དེའང་འདུལ་བར་གཏོགས་པའི་བསླབ་གཞི་ཐམས་ཅད་དང་། བསམ་གཏན་བཞི་པོ་དང་། ཟག་པ་མེད་པའི་ལམ་སྟེ། དེ་གསུམ་ཀ་ཡང་ལྷག་པ་སྟེ་མྱ་ངན་ལས་འདས་པའི་དབང་དུ་བྱས་པའོ། །བསླབ་པ་གསུམ་པོ་དེར་སློབ་ཏུ་འཇུག་པ་ཐོས་ཚུལ་ལྔ་ཚན་བརྒྱད་པའོ། །རང་ཉིད་ཀྱིས་བསླབས་ནས་གཞན་སློབ་ཏུ་འཇུག་ནུས་པ་ནི་སློབ་ཏུ་འཇུག་པ་ཉིད་དོ། །ལྷག་པའི་སྤྱོད་པ་དང་། འདུལ་བ་དང་། སོ་ཐར་ལ་སློབ་པ་གསུམ། ཐོས་ཚུལ་བཅས་ལྔ་ཚན་དགུ་པའོ། །དང་པོ་ནི། འདུལ་བ་ལས་འགྲོ་བ་དང་འོང་བ་ལ་སོགས་པ་ཡིན་པར་གསུངས་ཏེ། རྟག་ཏུ་ལྷག་པར་སྤྱད་པར་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། སོ་སོར་ཐར་པའི་གཞི་རྣམ་པར་བཤད་པར་གྱུར་པ་རྣམ་འབྱེད་དང་། ཕྲན་ཚེགས་དང་། གཞི་ལ་སོགས་པའོ། །གསུམ་པ་
ནི། སོ་སོར་ཐར་པར་གཏོགས་པའི་བསླབ་གཞི་རྣམས་སོ། །དེ་གསུམ་ལ་སློབ་ཏུ་འཇུག་པར་ཐོས་ཚུལ་བསྣན་པ་ནི་བཅུ་པའོ། །གང་ལ་ཚུལ་ཁྲིམས་འཆལ་བའི་སྐབས་མེད་པ་དེ་ནི་ཚུལ་ལྡན་དང་། བསྟན་བཅོས་མང་པོ་ཤེས་པ་ནི་མང་དུ་ཐོས་པའོ། །དད་པ། ཚུལ་ཁྲིམས། ཐོས་པ། གཏོང་བ། ཤེས་རབ་ཕུན་སུམ་ཚོགས་པའི་ལྔ་ཚན་ནི་བཅུ་གཅིག་པའོ། །དེ་ཡང་དཀོན་མཆོག་གསུམ་སོགས་ལ་སེམས་དང་བ་དང་། རང་བཞིན་དང་བཅས་པའི་ཁ་ན་མཐོ་བ་སྤང་བའི་མཚན་ཉིད་ཅན་དང་འདུལ་བ་ཐོས་པ་དང་། མ་ཆགས་པའི་ངོ་བོ་ཉིད་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །དེའི་དངོས་པོ་ནི་ཕུན་སུམ་ཚོགས་པ་ཉིད་དོ། །ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། དེ་ཤེས་མཐོང་ཕུན་སུམ་ཚོགས་པའི་ལྔ་ཚན་ཏེ་བཅུ་གཉིས་པའོ། །ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ནི་འདུལ་བ་མངོན་པར་ཤེས་པ་ཉིད་དང་། རྣམ་པར་གྲོལ་བ་ནི་མི་སློབ་པའི་རྣམ་པར་གྲོལ་བ་ལ་བྱའོ། །དེ་ཤེས་པ་ནི་རྣམ་གྲོལ་ཤེས་པ་སྟེ་ཟད་པ་དང་མི་སྐྱེ་བ་ཤེས་པའོ། །མཐོང་བ་ནི་མི་སློབ་པའི་ལྟ་བའོ། །དྲན་པ་ལྡན་པ་དང་། མང་ཐོས་ཚུལ་ལྡན། བརྩོན་འགྲུས་བརྩམས་པ། ཤེས་རབ་དང་ལྡན་པ་རྣམ་པ་གསུམ་གྱི་ལྔ་ཚན་དང་པོ་སྟེ་བཅུ་གསུམ་པའོ། །དང་པོ་ནི། ཉེ་བར་བཞག་པ་བཞིའོ། །བཞི་པ་ནི། ཡང་དག་སྤོང་བཞིའི་ངོ་
བོར་གྱུར་པའོ། །ནང་དུ་ཡང་དག་པར་བཞག་པ་དང་ལྡན་པ་དང་། མང་ཐོས་དང་། ཚུལ་ལྡན། བརྩོན་འགྲུས་བརྩམས་པ། ཤེས་རབ་དང་ལྡན་པ་ནི་རྣམ་པ་གསུམ་གྱི་ལྔ་ཚན་བར་པ་སྟེ་བཅུ་བཞི་པའོ། །དང་པོ་ནི། ལུས་འདུ་འཛི་དང་སེམས་རྣམ་གཡེང་ལས་དབེན་པའོ། །མཉམ་པར་བཞག་པ་དང་ལྡན་པ་དང་། མང་ཐོས། ཚུལ་ལྡན། བརྩོན་འགྲུས། ཤེས་རབ་ནི་རྣམ་པ་གསུམ་ལྔ་ཚན་ཐ་དད་དང་ལྡན་པ་སྟེ་བཅོ་ལྔ་པའོ། །བྱིང་རྒོད་དང་བྲལ་གྱི་སྒོ་ནས་སེམས་མཉམ་པར་བཞག་པ་ནི་དང་པོའོ། །ཐམས་ཅད་དུ་མང་ཐོས་ཉིད་ཅེས་སྨོས་པ་ནི་འདུལ་བ་ལ་གནས་པར་སྟོན་ནོ། །སློབ་པའི་ཟག་པ་མེད་པའི་ཚུལ། ཏིང་འཛིན་ཤེས་རབ་རྣམ་པར་གྲོལ་བ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་ལྡན་པའི་ལྔ་ཚན་ནི་བཅུ་དྲུག་པའོ། །ཟག་མེད་ཀྱི་ལམ་གྱིས་ཉོན་མོངས་སྤོང་བའི་ཕྱིར་སློབ་པའི་ངང་ཚུལ་ཅན་ཡིན་པས་ན་སློབ་པ་སྟེ་གང་ཟག་བདུན་གང་རུང་ངོ་། །ཆོས་བཟོད་དང་། སྒོམ་པའི་བར་ཆད་མེད་ལམ་རྣམས་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་ཞེས་བྱའོ། །མི་སློབ་པའི་རྒྱུད་ཀྱི་ཟག་མེད་ཀྱི་ཕུང་པོ་ལྔའི་ལྔ་ཚན་ནི་བཅུ་བདུན་པའོ། །ཉོན་མོངས་པ་སྤོང་བའི་མི་སློབ་པ་སྟེ་དགྲ་བཅོམ་པའོ། །ལྔ་པ་ནི། འདི་གཉིས་ཀྱང་འདུལ་བར་གནས་པ་ཤུགས་ཀྱིས་བསྟན་ཏེ་དེ་གཉིས་ནི་འཕགས་པ་ཡིན་
ཕྱིར་ལོ་བཅུ་པོ་དག་ལ་འདུལ་བ་གདོན་མི་ཟ་བར་འབད་པར་བྱ་བ་ཡིན་པའི་ཕྱིར་རོ། །བྱུང་བ་ཤེས་པ་དང་། བཅས་པ་རྗེས་སུ་བཅས་པ་གནང་བ་བཀག་པ་ཤེས་པའི་ལྔ་ཚན་ནི་བཅོ་བརྒྱད་པའོ། །གླེང་གཞི་དང་། བྱེད་རྒྱུ་དང་། རྒྱུ་མཚན་ཤེས་པ་ནི་དང་པོའོ། །འདི་ལ་བྱུང་ལ་བཅས་པ་དང་། མ་བཅས་པའི་དབྱེ་བ་གཉིས། དེ་ལས་བསླབ་པའི་གཞི་རྣམས་རྣམ་པར་བཞག་པ་ནི་བཅས་པའོ། འདི་ལ་ནི་དགག་ སྒྲུབ་གནང་བའི་བཅས་པ་གསུམ། སྔར་གནང་བའི་གཞི་ལ་བཀག་པ་དང་། བཀག་པར་གནང་བ་གང་ཡིན་པ་ནི་རྗེས་བཅས་སོ། །འདི་ལ་དགག་པའི་རྗེས་སུ་དགག་པ། སྒྲུབ་པའི་རྗེས་སུ་བསྒྲུབ་པ་གནང་བའི་རྗེས་སུ་གནང་བཅས་ཏེ་བཅས་རིགས་ཀྱི་མཚན་ཉིད་མི་འདོར་བའི་མུ་གསུམ། དགག་པའི་རྗེས་སུ་གནང་པ་བཅས་པ་སོགས་དྲུག་ནི་བཅས་རིགས་ཀྱི་མཚན་ཉིད་འདོར་བའི་མུ་དྲུག་སྟེ་དགུའོ། །ཅི་དགར་སྤྱད་པའི་ཡུལ་ལ་བྱ་བ་གང་ཡང་རུང་བ་ཞིག་བྱེད་ན་ལྟུང་བ་མེད་པར་གནང་བ་ནི་གནང་བའོ། །སྲོག་ལ་བབ་ཀྱང་གཞི་ལྟ་བུ་རྣམ་པ་ཐམས་ཅད་དུ་མི་བྱའོ་གསུངས་པ་ལྟ་བུ་ནི་བཀག་པའོ། །བར་དུ་གཅོད་པའི་ཆོས་ཤེས་པ་དང་། མི་གཅོད་པའི་ཆོས་ཤེས་པ་དང་། སྨྲ་བ་པོ་དང་། རྗེས་སུ་སྟོན་པ་དང་། མཁན་པོ་ཡུལ་གཞན་དུ་འགྲོ་བ་ན། གནས་འཆར་འཇུག་ནུས་པའི་ལྔ་ཚན་ནི་བཅུ་དགུ་པའོ། །འདུལ་བ་ལས།
སྲོག་གཅོད་པ་ལ་སོགས་པའི་བྱ་བ་མ་ཡིན་པ་གང་ཡིན་པ་དེ་ནི་བར་དུ་གཅོད་པར་ནུས་པའི་ཕྱིར་བར་དུ་གཅོད་པའོ། །བྱ་བ་གང་ཡིན་པ་དེ་ནི་བར་དུ་གཅོད་པ་མ་ཡིན་ནོ། །ཡན་ལག་གཉིས་པོ་གཞན་ལ་སྟོན་ནུས་པ་གང་ཡིན་པ་དེ་ནི་སྨྲ་བ་པོ་ཉིད་དོ། །སློབ་མ་ལ་སོགས་པ་དག་བྱ་བ་མ་ཡིན་པ་ལས་ལེགས་པར་འཇོག་པ་དང་། རྗེས་སུ་མཐུན་པ་དང་། རྣམ་པར་བཟློག་པ་དང་། རྗེས་སུ་མཐུན་པར་སྨྲ་བ་ཉིད་དང་། བྱ་བ་དག་ལ་རྗེས་སུ་སྒྲུབ་པ་ལ་རྗེས་སུ་འཇུག་པ་དང་། རྗེས་སུ་མཐུན་པར་སྨྲ་བ་ཉིད་ནི་རྗེས་སུ་སྟོན་པའོ། །གནས་དང་བྱ་བ་ལ་རང་དབང་ཡོད་པ་ནི་གནས་འཆར་འཇུག་ནུས་པའོ། །སྔ་མ་བཞིའི་སྟེང་། རེ་ཞིག་གནས་འཆར་འཇུག་ནུས་པའི་ལྔ་ཚན་ནི་ཉི་ཤུ་པའོ། །རེ་ཞིག་པའི་བསམ་པས་གནས་དང་བྱ་བ་ལ་རང་དབང་ཡོད་པ་ནི་རེ་ཞིག་པའི་གནས་འཆར་འཇུག་ནུས་པའོ། །ལྟུང་བ་དང་ལྟུང་བ་མ་ཡིན་པ་ཤེས་དང་། ཡང་པ་དང་། ལྕི་བ་མངོན་པར་ཤེས་པ་དང་། སོ་སོར་ཐར་པ་རྒྱས་པར་ཐོབ་པ་ནི་ལྔ་ཚན་ཉེར་གཅིག་པའོ། །ཕྱི་མ་ནི་འདུལ་བ་མཐའ་དག་ཤེས་པའོ། །འདུལ་བ་ཤེས་པའི་སྟེང་དུ་སྡེ་སྣོད་གཞན་ཤེས་པའི་ཡོན་ཏན་དང་ལྡན་པ་རྣམས་ནི་ཁྱད་པར་ཅན་གྱི་ལྔ་ཚན་ནོ། །འདུལ་བ་རྐྱང་པ་ཤེས་པའི་དབང་དུ་བྱས་པ་ནི་ཁྱད་པར་ཅན་མ་ཡིན་པའོ། །གཞན་ཡང་ལྔ་ཚན་དེ་རྒྱུད་ལ་ལྡན་པ་ལྔ་ཚན་
གཞན་སྔོན་དུ་འགྲོ་དགོས་པ་ནི་སྡེ་སྣོད་འཛིན་པ་དང་ཕུན་སུམ་ཚོགས་པའི་ལྔ་ཚན་ལྟ་བུ་ལྔ་པ་རང་དབང་ཅན་ཞེས་བྱའོ། །ལྔ་པ་གཞན་སྔོན་དུ་འགྲོ་དགོས་པ་ནི་རང་དབང་ཅན་མ་ཡིན་པ་སྟེ། འཛིན་འཇུག་དང་། སློབ་འཇུག་ལྟ་བུའོ། །རང་ཉིད་ཀྱི་ལྔ་པའི་གཞི་མ་བྱེད་ཅིང་། ལྔ་པ་གཞན་བྱ་ཁ་སྐོང་དུ་འགྲོ་མི་དགོས་པ་ནི་ཡན་ལག་རང་དབང་ཅན་ཏེ། ནང་དུ་ཡང་དག་པར་གཞག་པ་ལྟ་བུ། རང་ཉིད་ཀྱིས་ལྔ་ཚན་གྱི་གཞི་མ་མི་བྱེད་ཅིང་གཞན་གྱི་ཁ་སྐོང་དུ་འགྲོ་དགོས་པ་ཡན་ལག་རང་དབང་ཅན་མིན་པ་མང་ཐོས་ལྟ་བུ། བརྟན་མཁས་གཉིས་དང་ལྡན་པ་གང་ཟག་ལ་རང་དབང་དང་། གཅིག་ཤོས་རང་དབང་ཅན་མ་ཡིན་པ་ཞེས་བྱའོ། །དེ་ཡང་ལོ་བཅུ་ལོན་པ་ཆོས་ལྔ་དང་ལྡན་པས་རབ་ཏུ་བྱུང་བ་ལ་སོགས་པ་བྱ་སྟེ། ཞེས་གསུངས་པས་བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པར་དེ་སྲིད་དུ་སློབ་མ་བཟུང་བ་དང་། གནས་སྦྱིན་པ་དང་། །རང་ཡང་མི་གནས་པར་འདུག་པར་མི་བྱའོ། །ལོ་བཅུ་ལོན་པ་ཐམས་ཅད་ཀྱིས་དེ་གསུམ་བྱ་བ་ཡིན་ནམ་ཞེ་ནམ་ཡིན་ཏེ། ལྔ་ཕྲུགས་སུ་སྦྱར་བ་ཉེར་གཅིག་ལས་གང་ཡང་རུང་བ་དང་ལྡན་པའོ། །དེའི་ཕྱིར་ལོ་བཅུ་ལོན་པ་དང་འདུལ་བ་ལ་གནས་པ་ཉིད་ནི་འདའ་བར་བྱ་བ་མ་ཡིན་པའི་ཡན་ལག་གོ །ལོ་བཅུ་ལོན་ཞིང་འདུལ་བའི་སྡེ་སྣོད་ཡང་ཤེས་པ་ནི་གནས་བརྟན་མཁས་པ་དང་། བཅུ་ལོན་ཀྱང་མི་ཤེས་པ་ནི་བྱིས་པའོ། །
ཞེས་སོ། ༈ །ཡོངས་སུ་དག་པ་མངོན་གྱུར་གྱི་སྐབས་ལས། སྐྱེ་བའི་བར་ཆད་ནི། སྤྲུལ་པ་དང་། སྐྱེ་གནས། ཟླ་བ་ཕྱེད་པ། འཁྱུད་ནས་ལྡང་བ། ཕྲག་དོག་ཅན། ཉམས་པ་མ་ནིང་སྟེ་ལྔ་སོགས་དང་། ཟས་འདི་པ་དང་ལྟ་བ་མུ་སྟེགས་ཅན་ནི་མུ་སྟེགས་ཅན་ཞུགས་པ་སོགས་སོ། །གནས་པའི་བར་ཆད་སྐབས། ཤཱཀྱ་དང་མེ་པ་རལ་ཅན་མ་གཏོགས་པའི་སེམས་མགུ་བར་མ་གྱུར་པའི་མུ་སྟེགས་ཅན་༡ར ཏོ། །དེ་ཡང་སེམས་མགུ་བ་ནི་དཀོན་མཆོག་གི་བསྔགས་པ་བརྗོད་ཅིང་། མུ་སྟེགས་ཅན་ལ་བསྔགས་པ་མ་ཡིན་པ་བརྗོད་ནའོ། །དེའི་དོན་གྱིས་དགེ་བསྙེན་བསྒྲུབས་ནས་དགེ་འདུན་གྱི་ལས་ཀྱིས་ཟླ་བ་བཞིར་གནས་པ་ཕྱིན་ནོ། །ལོ་བཅོ་ལྔ་དང་བདུན་མ་ལོན་པ་སོགས་ཁྱད་པར་དུ་འགྱུར་བ་དང་། རིགས་དང་ལུས་ལ་སྐྱོན་ཆགས་པ་ལ་སོགས་མཛེས་པའི་བར་དུ་གཅོད་པའོ། །རྒྱུད་ཚོགས་སུ་མ་འོས་པ་ཞེས་པ་བཞི་མི་རུང་སྟེ། དེ་ཡང་དཀྱིལ་འཁོར་གཅིག་གི་དབང་དུ་བྱས་ཀྱི་མཚམས་ཐ་དད་པས་ནི་མ་ཡིན་ཏེ། ལུང་ཞུ་བར། བཙུན་པ་གསོལ་བ་གཅིག་དང་། ལས་གཅིག་གིས་གང་ཟག་བཞི་བསྙེན་པར་རྫོགས་པར་བགྱིས་ན་ལས་ཀྱང་བགྱིས་ལ། དགེ་སློང་དེ་དག་འདས་པ་དང་བཅས་པར་མི་འགྱུར་བར་མཆིས་སམ། ཨུ་པ་ལཱི། ཡོད་དེ། ལས་བྱེད་པའི་དགེ་སློང་གིས་མཚམས་མནན་ཏེ་འདུག་ལ། གཉིས་ནི་མཚམས་
ཀྱི་ནང་དུ་བཞག །གཉིས་ནི་མཚམས་ཀྱི་ཕྱི་རོལ་དུ་བཞག་སྟེ། ལས་བྱས་ནས་སོ། །ཞེས་པ་ནས་བཅུ་གཉིས་ཀྱི་བར་དུ་རྒྱས་པར་གསུངས་པས་སོ། །ཞེས་བཤད། བྱེ་སྨྲ་བས་ལུས་ངག་ཡིད་གསུམ་གྱི་རྣམ་པར་རིག་བྱེད་གཟུགས་ཀྱིས་སྡོམ་པ་སྐད་ཅིག་མ་དང་པོ་ལ་ཐོབ་ཅིང་། དེ་ཕན་ཆད་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སུ་གནས་པར་འདོད་དོ། ༈ །བཞི་པ་ཇི་ལྟར་བསྲུང་བའི་ཚུལ་ནི། ཚུལ་ཁྲིམས་ཕུན་སུམ་ཚོགས་པར་བྱ་བའི་ཕྱིར་གནས་བཅས་པ་བསྟན་པ། མི་མཐུན་པར་ངོ་ཤེས་པར་བྱ་བའི་ཕྱིར་དགག་པའི་བསླབ་བྱ་བསྟན་པ། བསླབ་པ་ཡོངས་སུ་སྦྱོང་བའི་ཕྱིར་བསྒྲུབ་པའི་བསླབ་བྱ་བསྟན་པ། ཉམས་པ་དག་པར་བྱ་བའི་ཕྱིར་ཕྱིར་བཅོས་པའི་ཆོ་ག་བསྟན་པ། ཆོས་རྣམ་པར་གཏན་ལ་དབབ་པའི་ཕྱིར་གནས་མལ་གྱི་གཞི་བསྟན་པ། ཞར་ལ་ནན་བཀག་གི་ཁྱད་པར་བསྟན་པའི་ཕྱིར་ཐེག་ཆེན་སོ་ཐར་གྱི་བསླབ་པ་ཤེས་པར་བྱ་བ་དང་དྲུག་གོ། །ཞེས་སོ། ༈ །གནས་པ་སློབ་མའི་ཁྲིམས་ལ། གཤང་གཅི་སོ་ཤིང་དོར་བ་ཉེན་ཀོར་དང་བཅས་པའི་གཙུག་ལག་ཁང་ལ་ཕྱག་བགྱིད་པ་བཞི་ནི་ཞུ་བར་མི་བྱའོ། །ལྷག་མ་མ་ཕུལ་སར་མི་བྱའོ། །གཙུག་ལག་ཁང་ནི་གཉིས་ཏེ་ར་བས་བསྐོར་བ་དང་མ་བསྐོར་བའོ། ༈ །གཅུགས་པའི་གཏམ་དག་གིས་དགའ་བར་སྤྱོད་པ་ནི་གཏམ་འདྲེས་པའོ། །གང་དང་ལྷན་ཅིག་བག་ཕེབ་
པར་གྱུར་ཅིང་ཡུན་དུ་སྨྲ་བར་བྱེད་པ་ནི་ཕེབ་པར་སྨྲ་བའོ། །གང་དུ་ལྷན་ཅིག་གནས་གཅིག་ཏུ་འདུག་པ་དང་། ལམ་གཅིག་ཏུ་འགྲོ་བ་ལ་སོགས་པ་འདྲིས་པར་བྱེད་པ་དང་ངོ་ཤེས་པར་བྱ་བ་ནི་སྨོན་ འདྲིན་ནོ། །གང་གིས་གང་མཐོང་མ་ཐག་ཏུ་རྗེས་སུ་མཐུན་པ་མེད་ཀྱང་དགའ་བ་ཡོད་པ་ནི་འགྲོགས་པ་ཤེས་སོ། །ཞེས་བཤད། ༈ །ཕས་ཞེས་པ་ནི་ཕ་རོལ་གཉེན་པོའི་ཆུ་ལོན། ཕམ་པར་བྱེད་པ་ནི་སྤང་བྱ་དེ་སྤྱད་པའི་ཟིལ་གྱིས་མནན་པས་གཉེན་པོ་ཕམ་པར་གྱུར་ན་ཕས་ཕམ་མོ། ༈ །ལུང་ཞུ་བའི་འགྲེལ་པར། ཀརྨ་པ་ཎ་ནི་ཟོང་གི་ཁྱད་པར་ཏེ། དངུལ་ལས་བྱས་པ་གཟུགས་སུ་དོད་པ་བཙོང་དུ་རུང་བའོ། ། ཞེས་དང་། གཞི་འགྲེལ་ལས། ཀན་པ་ཎའི་བྱེ་བྲག་སྟེ། མངོན་མཚན་ཅན་ཡིན་ན་ནི་དངུལ་གྱིས་བྱས་པའོ། །ཞེས་དང་། རྣམ་འབྱེད་ཀྱི་འགྲེལ་པར། དབྱིག་ཅེས་བྱ་བ་ནི་གསེར་རམ་དངུལ་ལས་མངོན་མཚན་ཅན་དུ་བྱས་པའི་རྫས་སོ། །མངོན་མཚན་ཅན་ཞེས་བྱ་བ་ནི་ཐ་སྙད་དུ་བྱས་པའི་མཚན་མ་ཅན་ཏེ། ཟླུམ་པོ་ལ་སོགས་པ་བྱས་པའི་དབྱིབས་ལ་མི་ལ་སོགས་པའི་རྟགས་བྱས་པའོ། །ཞེས་པ་གསེར་དངུལ་ ཟངས་ལྕགས་ལས་བྱས་པ་བཞི་ལས། གསེར་དངུལ་ལ་གཙོ་བོར་བརྩི་ལ། དེའི་དབྱིབས་ཀྱང་དེང་སང་རྒྱ་གར་ནས་མ་ཏྲ་ཞེས་ཐོན་འོང་པ་འདི་ལྟ་བུའོ། ༈ །མི་ཡི་ཆོས་ནི་ཆོས་འདུལ་བ་འདི་ལས་སྒྲིབ་པ་ལྔ་
ལ་གསུངས་པ་ཡིན་ལ། བསམ་གཏན་ལ་སོགས་པ་དེ་དག་ལས་བླ་མར་གྱུར་པ་སྟེ་སྒྲིབ་པ་ལྔ་སྤངས་པས་ཐོབ་པའི་ཕྱིར་ན་མི་ཆོས་བླ་མ་ཞེས་བྱའོ། །ཞེས་སོ། །དགེ་སློང་མ་ལ་ཁྲིམས་སུམ་བརྒྱ་དང་དྲུག་ཅུ་རྩ་བཞིར་བཤད་པའི་ཕམ་པ་ལ་བརྒྱད་ལས། རེག་པ་ནི། གཞི་འདོད་ལྡན་ལ་བརྟེན་པ་དང་ཚིམ་བདེ་དང་ལྡན་པའི་དོན་ཡོངས་སུ་ཤེས་པའི་མཐུ་ཡོད་པའི་སྐྱེས་པ་ལ། བསམ་པ་འཁྲིག་འདོད། སྦྱོར་བ་པུས་མོ་@ནས་མིག་མན་ཆད་ཀུན་ཏུ་སྤྲད་པའམ་ནོམ་པའམ་ཉུག་པར་བྱེད་པ། མཐར་ཐུག་རེག་པ་དང་བདག་གིར་བྱེད་ན་ཕམ་པར་འགྱུར་ཏེ། རྣམ་འབྱེད་ལས། ཆགས་པར་གྱུར་པས་སྐྱེས་པ་མ་ཆགས་པའི་པུས་མོ་ཡན་ཆད་མིག་མན་ཆད། ནོམ་པར་བྱེད། ཉུག་པར་བྱེད། བདག་གིར་བྱེད་ན་ཕམ་པར་འགྱུར་རོ། །ཞེས་སོ། །ལུས་བཀན་པ་ནི། གཞི་སྤྲད་དུ་རུང་བའི་སྐྱེས་པ་ལ་ཆགས་པ་དང་ལྷན་ཅིག །བསམ་པ་ཆགས་སེམས་ཀྱིས་སྦྱོར་བ་གང་དུ་སྐྱེས་པས་བུད་མེད་ལ་བསྒྲོད་དུ་རུང་བ་དེ་ལྟ་བུའི་ཕྱོགས་ཕྱིར་ཟློག་ཏུ་མེད་པའི་གནས་སུ། མཐར་ཐུག་ལུས་ཉལ་བའི་དོན། བཀན་པའོ། །འཆབ་པ་ནི། གཞི་དགེ་སློང་མ་གཞན་ལ་ཕམ་པ་བརྒྱད་པོ་གང་རུང་། བསམ་པ་བྱུང་བ་ཤེས་བཞིན། སྦྱོར་བ་འཆབ་པ་མཐར་ཐུག་ཉིན་མཚན་གྱི་མཐའ་སྟེ་སྐྱ་རེངས་ཤར་བའི་ཚེ་ཕམ་པར་འགྱུར་རོ། །བཟློག་པ་ནི། གཞི་དགེ་སློང་གནས་
ནས་བྱུང་བ་བཟོད་པར་གསོལ་བར་ངེས་པ་དགེ་སློང་མས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱིན་པ་ལ། བསམ་པ་དེ་དག་ཐམས་ཅད་དེ་ཤེས་པར་གྱུར་པ། སྦྱོར་བ་དགེ་སློང་དེ་བཟོད་པར་གསོལ་བར་བྱེད་པ་ལས་བཟློག་པ། མཐར་ཐུག་གཞམས་བསྒོ་དང་གསོལ་བཞིའི་ལས་གསུམ་པ་ལ་བསྒོ་བས་མི་གཏོང་ན་ཟློག་པའི་ཕམ་པར་འགྱུར་རོ། །གཉིས་པ་ལྷག་མ་ཉི་ཤུ་ལས། ཐུན་མོང་མ་ཡིན་པ། དགེ་སློང་མ་འཁྲིག་པའི་འདོད་ཆགས་ཀྱིས་ཆགས་པ་སྐྱེས་པ་ཆགས་པ་ལ་ཅི་ཡང་རུང་བ་ལེན་པ་བདག་གིར་བྱེད་པ་དང་། དགེ་སློང་མ་གཞན་ལ་ཁྱོད་མ་ཆགས་པར་གྱིས་ལ། སྐྱེས་པ་ཆགས་པ་ལས་ཅི་ཡང་རུང་བ་ལེན་པ་ལ་བདག་གིར་བྱེད་པ་ལ་ཉེས་པ་མེད་དོ། །ཞེས་གོ་བར་བྱེད་པ་དང་། མཚན་མོ་དབྱར་ཁང་ལས་ཕྱི་རོལ་དུ་བྲལ་བར་གྱུར་པ་དང་། ཉིན་དབྱར་ཁང་ལས་བྲལ་བ་དང་། རྒྱང་གྲགས་རེའི་ལམ་དུ་འཇུག་པ་དང་། ཡུལ་ཕྲན་མིན་པའི་ཆུ་བརྒལ་བ་སྟེ། འདི་བཞི་དགེ་སློང་མའི་གྲོགས་གཞན་མེད་པར་འགྲོ་ན་འགྱུར་རོ། །བསད་པའི་ཕྱིར་ཚོགས་པ་ཡིད་མཐུན་པ། བདག་པོས་ཡོངས་སུ་བཏང་བ། རྒྱལ་པོས་རྗེས་སུ་གནང་བའི་བུད་མེད་དེ་དེ་ལྟ་བུར་ཤེས་བཞིན་དུ་རབ་ཏུ་འབྱིན་པའི་མཁན་མོར་བྱེད་ན་མཁན་མོ་ལ་དང་། གང་གི་ཚེ་ནོར་གྱི་བདག་པོ་ཤི་བ་དེའི་རིགས་བརྒྱུད་མེད་པ་ལ་ཚེགས་ཆུང་ངུས་ཐོབ་པའི་
དགེ་འདུན་གྱིས་དབང་བའི་ནོར་མ་ཡིན་པ། རང་གི་དོན་དུ་ལན་ནམ་དེད་ཀྱང་རུང་བ་དང་། དགེ་སློང་མའི་དགེ་འདུན་མས་དགེ་སློང་མ་གནས་ནས་དབྱུང་བ་ཤེས་བཞིན་དུ་དེ་ལས་མཚམས་ཀྱི་ཕྱི་རོལ་དུ་གང་ཡང་རུང་བས་བཟོད་པར་གསོལ་དུ་འཇུག་པ་དང་། དཀོན་མཆོག་གཏོང་ངོ་ཞེས་སམ། འདི་དང་མཚུངས་པ་ཉིད་ཀྱི་དགེ་སྦྱོང་གཞན་དག་ཀྱང་ཡོད་ཀྱིས། དེ་དག་ལས་ཚངས་པར་སྤྱོད་པ་ཉིད་སྤྱད་དོ་ཞེས་པའི་ཚིག་དེ་ལ་བཞུགས་པ་གཞམས་བསྒོ་གསལ་བརྗོད་ཀྱིས་ལན་གསུམ་པ་ལ་མི་གཏོང་ན་དང་། དགེ་སློང་མ་འཐབ་ཀྲོལ་ཅན་དང་། མཚངས་འབྲུ་བ་དང་། རྩོད་པ་འགྱིད་པར་བྱེད་པ་དགེ་སློང་མ་རྣམས་ཀྱིས་ཆོས་བཞིན་དུ་ཕྱིར་བཟློག་པ་ན། དགེ་སློང་མ་རྣམས་ལ་འདུན་པ་ལ་སོགས་པས་འགྲོ་བ་རྗེས་སུ་སྦྱོར་བ་ལ་གཞམས་ཏེ་བསྒོ་བ་དང་། གསོལ་བརྗོད་ལན་གསུམ་ལ་དངོས་པོ་དེ་མི་གཏོང་ན་འཐབ་ཀྲོལ་བྱེད་པའི་ལྷག་མར་འགྱུར་རོ། །དགེ་སློང་མ་དང་། ཁྱིམ་པ་མོ་དང་། མུ་སྟེགས་ཅན་མོ་དང་། དགེ་ཚུལ་མ་དང་། དགེ་སློང་མ་ལྷན་ཅིག་ཏུ་བསྡེབས་ཤིང་འགྲེ་བར་གནས་པ་དང་། རྒོད་པ་དང་། རྩེ་བ་དང་། ལུས་ཀྱི་རྩབ་ཧྲལ་གྱི་རྒྱུར་གྱུར་པས་གནས་པ་ལ། དགེ་སློང་མ་རྣམས་ཀྱི་ཧ་ཅང་འདྲེ་ཞིང་གནས་པར་མ་བྱེད་ཅིག །ཅེས་བསྒོ་བས་མི་ཉན་པ་ལ། གཞམས་བསྒོ་གསོལ་བཞིའི་ལན་གསུམ་པར་མི་གཏོང་བ་དེ་
བུད་མེད་དང་བརྟེན་པའི་ལྷག་མའོ། །དགེ་སློང་མ་བུད་མེད་དང་བསྡེབས་ཤིང་བཏང་ནས་ཐ་དད་དུ་གནས་པ་ལ། དེར་ཤེས་བཞིན་དུ་དགེ་སློང་མ་གང་གིས་འདི་སྐད་ཅེས། ཕོ་ནུ་མོ་ཁྱེད་གཉིས་ཐ་དད་དུ་གནས་པར་མ་བྱེད་ཅིག །ཁྱེད་གཉིས་ཐ་དད་དུ་གནས་ན་དགེ་བའི་ཆོས་རྣམས་འབྲི་བ་ཉིད་དུ་བྱའི། འཕེལ་བ་ཉིད་དུ་ནི་མ་ཡིན་ནོ། །ཁྱེད་གཉིས་བསྡེབས་ཤིང་གནས་པར་གྱིས་ཤིག དེ་ལྟར་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ཉིད་དུ་ཤེས་པར་བྱའི། འབྲི་བ་མ་ཡིན་ནོ། །བསྡེབས་པ་ཡང་དག་པར་འཛིན་དུ་འཇུག་པ་ལ་དགེ་འདུན་མས་གཞམས་ཏེ་བསྒོ་བ་དང་། གསོལ་པ་དང་བཞིའི་ལས་ཀྱིས་ལན་གསུམ་དུ་བསྒོ་ཡང་མི་གཏོང་ན་བུད་མེད་དུ་བརྟེན་དུ་འཇུག་པའི་དགེ་འདུན་ལྷག་མར་འགྱུར་རོ། །སྤང་ལྟུང་སོ་གསུམ་ལ་ཐུན་མོང་བཅུ་དགུ་དང་། ཐུན་མིན་བཅུ་བཞི་སྟེ། ཕྱི་མ་ལ། ལྷུང་བཟེད་ལྷག་མ་ཞག་གཅིག་ལས་འདས་པར་འཆང་བ་༡། ཆོས་གོས་བྱིན་བརླབ་ཏུ་རུང་བ་ལྔ་པོ་དག་ལས་གང་རུང་མི་བདོག་པ་ཉིད་ཀྱིས་གང་གི་ཚེ་རྙེད་པར་གྱུར་པའི་ཉི་མ་དང་པོ་དེ་ཉིད་ལ་ཆོས་གོས་དེ་བྱིན་གྱིས་མ་བརླབས་པར་གླུ། ཞག་གཅིག་གི་སྐྱ་རེངས་འཆར་བ་༢། དཔྱིད་རའི་མདུན་རོལ་དུས་གང་ཡང་རུང་བར་སྲ་བརྐྱང་འབྱིན་ན་འབྱིན་པར་ཚོགས་པའི་དགེ་སློང་མ་རྣམས་ལ་དང་༣། ཆོས་གོས་གཏན་པ་འབྱུང་བའི་དུས་དཔྱིད་རའི་
ཉ་ལ་དགེ་འདུན་མ་ཆོས་གོས་གཏན་པ་འབྱིན་པར་ཚོགས་པ་མི་བྱེད་པ། རིན་པོ་ཆེ་དབྱར་ཁང་གིས་དགོས་དབང་གིས་མིན་པར་སློང་བ་སྔོན་དུ་བཏང་སྟེ་བསླངས་པ།། གླེགས་བམ་བྲི་བ་ལ་སོགས་པའི་དོན་དུ་རྙེད་པ་ལྟ་བུ་ཟས་ལས་གཞན་པའི་གོས་ཟས་སུ་བསྒྱུར་ཞིང་ཟ་བར་བྱའོ། །ཞེས་དེའི་ཕྱིར་འཇོག་པར་བྱེད་པ༦། གོས་དང་༧། མལ་ཆ་དང་། དབྱར་༧ཁང་གི་རྒྱུ་ཡི་ཆེད་དུ་ཡོ་བྱད་གང་ཡང་རུང་བ་རྙེད་པ་ཟས་སུ་བྱས་ཏེ་བཟའ་བའི་ཕྱིར་འཇོག་པ། དགེ་སློང་མ་གྲངས་སུ་ཆད་པའི་ཚོགས་ཀྱི་ཕྱིར་སྦྱོར་དུ་བཅུག་པ་དེ་བདག་ཉིད་ལ་སྒྱུར་བར་བྱེད་པ་སྐྱེ་བོ་མང་པོ་ལ་བསྔོས་པའི་ཕྱིར་འཇོག་པར་བྱེད་པ༡༠་གྲངས་ཆད་པ་མེད་ཀྱི་ཚོགས་ཀྱིས་ཕྱིར་སྦྱོར་དུ་བཅུག་པ་བདག་གཅིག་པུར་བསྒྱུར་༡༡བ་དགེ་འདུན་ལ་བོགས་འདོན་བྱིན་གྱིས་རློབས་པའི་ཕྱིར་འཇོག་པར་བྱེད་པ། འཁྲིག་པའི་རོས་ཉེ་བར་འཚོ་བའི་ཆེད་དུ་ཚིག་ཉན་གཞུག་པའི་ཕྱིར་བརྟེན་པའི་མཐུ་ཡོད་པའི་སྐྱེས་པ། རྫས་ཀྱི་ཐུམ་བུ་ལ་སོགས་པ་བཅིངས་པ་འགྲོལ་དུ་འཇུག་པ༡༠། སྲང་བརྒྱད་ལས་ལྕིད་ཀྱིས་ལྕི་བ་དང་། ཀརྨ་པ་༢༠ཎ་རི་པ་མན་རིན་ཐང་གིས་ལྕི་བ་སྟེ། དེ་བརྗེ་བའི་ཕྱིར་མ་ཡིན་པར་བདག་གི་ཕྱེད་པ་ལྕི་བ་བརྟེན་པའི་ཕྱིར་འཇོག་པར་བྱེད་པ༡༣། གོས་ཀྱི་ལྕི་ཡང་སྲང་ལྔ་ཡན་བརྗེ་བའི་ཕྱིར་མ་ཡིན་པར་བདག་གིར་བྱེད་ན་གོས་ཡང་བར་བརྟེན་པའི་སྤང་ལྟུང་
ངོ་། ལྟུང་བྱེད་བརྒྱ་དང་བརྒྱད་ཅུ་ལ་ཐུན་མོང་དང་༤ ༢། ཐུན་མིན་བརྒྱ་བརྒྱད་ཅུ་ལས། ཕྱི་མ་ནི། དགེ་སློང་མ་རང་ཉིད་བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་མ་ལོན་པས་རབ་ཏུ་འབྱིན་པ་དང་རྫོགས་པར་བྱེད་ན་མ་ལོན་པས་ཉེ་བར་འཇོག་པའི་ལྟུང་བྱེད༡། གནང་བ་མ་ཐོབ་པར་རབ་ཏུ་འབྱིན་པ་དང་། རྫོགས་པར་བསྙེན་པ་དང་། དགེ་སློབ་མར་བྱེད་པ་དང་། གནས་སྦྱིན་པ་ཞེས་རྣམ་པ་བཞིའི་འཁོར་ཉེ་བར་འཇོག་པར་བྱེད་ན་འཁོར་ཉེ་བར་འཇོག་པའི་ལྟུང་བྱེད༢། འཁོར་ཉེ་བར་འཇོག་ནུས་པ། ལོ་བཅུ་གཉིས་ལོན་པ་ལ་དགེ་སློང་མའི་དགེ་འདུན་གྱིས་འཁོར་ཉེ་བར་འཇོག་པའི་གནང་བ་སྦྱིན་ནོ། །དེ་བཞིན་འཁོར་མང་པོ་ཉེ་བར་འཇོག་ནུས་པར་༣ཡང་ཤེས་པར་བྱའོ། །ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་དང་། ཁྱིམ་སོ་མ་བཟུང་བ་ལོ་ཉི་ཤུའི་མདུན་རོལ་དུ་བསྙེན་(པར་རྫོགས་ན་མཁན་མོ་ལ་དེ་དང་༦དེའི་ལྟུང་བྱེད། དེ་གཉིས་ལ་དགེ་སློབ་མའི་སྡོམ་པ་མ་བྱིན་པར་ཚིག་ལས་འདས་ཏེ་ཐལ་བྱུང་དུ་རྫོགས་ན་ཚིག་ལས་འདས་པའི་ལྟུང་བྱེད་༧གཉིས། དགེ་སློབ་ཀྱི་བསླབ་པ་བྱིན་ཀྱང་དེ་ལོ་གཉིས་སུ་མ་སྤྱད་པ་ཉིད་ རྫོགས་པར་བྱེད་ན་བསླབ་པ་མ་བསླབས་པར་རྫོགས་པར་བྱེད་པའི་ལྟུང་༩བྱེད། ལོ་གཉིས་སུ་བསླབས་པ་དེར་བསླབས་ཟིན་པ་དེ་རྐྱེན་ཚང་བཞིན་དུ་རྫོགས་པར་མི་བྱེད་ན་བསླབས་པ་ལ་བསླབ་པ་རྫོགས་པར་
མི་བྱེད་པའི་ལྟུང་བྱེད༡༠། གལ་ཏེ་ཁོ་མོར་གོས་སྦྱིན་པར་བལྟ་ན། དེའི་ཕྱིར་རྣལ་འབྱོར་ལ་བསྙེན་པར་རྫོགས་པར་བྱའོ་ཞེས་རྫོགས་འདོད་ལ་ཟེར་ན་ཆོས་འཚོང་བའི་ལྟུང་བྱེད༡༡། རབ་ཏུ་བྱུང་བའི་མཐུན་པའི་རྒྱུ་བསྟན་པ་དེས་ཁྱིམ་རྒྱས་པ་དཔང་དུ་བཙུགས་ནས་དེ་རབ་ཏུ་མི་འབྱིན་འཁྲིད་པའི་ལྟུང་བྱེད༡༢། ལོ་གང་ལ་གཅིག་རབ་ཏུ་བྱུང་ནས་གཅིག་རབ་ཏུ་འབྱིན་པར་ཕྱི་སེམས་ཀྱི་ལོར་ཕྱིན་ན་འཁོར་མང་པོ་གསོག་པའི་ལྟུང་བྱེད༡༣། ཆུང་མ་ཁྱིམ་བདག་གིས་མ་གནང་བ་འབྱིན་ན་མ་གནང་བ་སྡུད་པའི་ལྟུང་བྱེད༡༤། འཁྲུལ་པ་མོ་དང་༡༥། སྦྲུམ་མ་དང་༡༦། མྱ་ངན་གྱིས་གཟིར་བ་དང་༡༧། རྩ་བཀྲོལ་ཅན་༡༨རབ་ཏུ་འབྱིན་པ་སྟེ། སྐྱོན་ཅན་སྡུད་པའི་ལྟུང་བྱེད་བཞི། ཕན་མི་འདོགས་པའི་ལྟུང་བྱེད༡༩། བར་ཆད་ཀྱི་གནས་མཐོང་ན་བར་ཆད་མེད་པའི་གནས་སུ་མི་འདྲེན་པའི་ལྟུང་བྱེད༢༠། དགེ་སློང་མའི་བསླབ་པ་མི་སློང་བའི་ལྟུང་བྱེད༢༡། ན་བ་དག་ལ་ནད་གཡོག་མི་བྱེད་པའི་ལྟུང་བྱེད་དེ༢༢། ཡལ་བར་འདོར་བ་ལས་གྱུར་བའི་ལྟུང་བྱེད་བཞི་ལ་མཁན་ཉིད་ཀྱིས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་ཡིན་ལ། དེ་ཉིད་ཀྱིས་ཡལ་བར་དོར་བ་དགོས་སོ། །བཀྲུ་བའི་ཆེད་མ་ཡིན་པར་རང་གི་མོ་མཚན་དུ་རྒྱ་སྐྱེགས་ཀྱི་ཆང་བུ་ལ་སོགས་པ་འཇུག་པ་འདོད་པ་བརྟེན་པའི་ལྟུང་བྱེད༢༣། རང་གི་སོར་མོའི་ཚིག་གཉིས་ལས་ལྷག་
པས་མོ་མཚན་གྱི་ནང་དུ་འཁྲུ་བ་འདོད་པ་བརྟེན་པ་ལྟར་བཅོས་པའི་ལྟུང་བྱེད༢༤། དེར་ཐལ་ལྕག་བསྣུན་ན་འདོད་པ་བརྟེན་པ་ལྟར་གནོད་པའི་ལྟུང་བྱེད༢།། རྨོང་བུའི་སྤུ་རང་གིས་ཕལ་ཆེར་བྲེག་གམ། འཐོག་གམ་གཞན་བྱེད་དུ་འཇུག་ན་བརྟེན་པ་ལྟར་བཅོས་པའི་ལྟུང་བྱེད༢༦། ཁྱིམ་པ་བརྟེན་པའི་མཐུ་ཡོད་པ་དང་དབེན་པ་སྐྱབས་ཡོད་ཀྱི་འདོམ་གང་ཚུན་ཆོད་ན་དགེ་སློང་མ་གཅིག་བུར་འདུག་པ་དང་འགྲེང་བ༢༧། དེ་བཞིན་དུ་དགེ་སློང་གྲོགས་༢༨མེད་པ་ལའང་སྟེ་འདུག་པ་འགྲེང་བའི་ལྟུང་བྱེད༢༩། བླ་གབ་མེད་པར་ཁྱིམ་པ་བརྟེན་རུང་དང་ལྷན་ཅིག་འདུག་འགྲེང་དང་། དགེ་སློང་གྲོགས་མེད་པ་ལའང་ཉེ་འདུག་བྱེད་པའི་ལྟུང་བྱེད༣༠། ཁྱིམ་པའི་རྣར་ཤུབ་ཅིང་སྨྲ་བ་དང་ཁྱིམ་པ་ལས་རྣར་ཤུབ་ཅིང་ཉན་པ་སྟེ་གཉིས་དང་། དེ་བཞིན་དགེ་སློང་ལའང་སྦྱར་བས་རྣར་ཤུབ་ཅིང་སྨྲ་བ་དང་། ཉན་པའི་ལྟུང་བྱེད༣༤། ཁྱིམ་པ་ལས་རིག་པ་གང་ཡང་རུང་བ་ལེན་པའི་ལྟུང་བྱེད ༣༥། ཁྱིམ་པ་དེ་ལས་རིག་པ་ཀློག་པའི་ལྟུང་བྱེད ༣༦། སྒྱུ་ཐབས་ཀྱིས་ལུས་ཀྱིས་མ་དཀྲིས་སྐྱེས་པ་ལ་འགྲོལ་དུ་འཇུག་པའི་ལྟུང་བྱེད ༣༧། ཉེ་རེག་པར་བྱ་བ་མ་ཡིན་པ་དང་བརྟེན་པ་ལས་གྱུར་པའི་བཅུ་གཅིག །རང་གི་བུ་མིན་པའི་ཁྱེའུ་ཕོ་མོ་པང་དུ་འཚོ་ན་པང་དུ་འཚོ་བའི་ལྟུང་བྱེད༣༨། ཁྱིམ་བདག་བུད་མེད་རགས་ལས་མ་ཡིན་པའི་ཁྱིམ་མམ། ཕྱུགས་ལྷས་སམ།
མགྲོན་ཁང་ལ་སོགས་པའི་ཁྱིམ་དུ་མཚན་མོའི་མཐའ་སྙེད་གཅིག་ཚུན་མ་དྲིས་པར་ཉལ་ཞིང་འདས་པའི་ལྟུང་བྱེད༣༩། མཚན་མོའི་མཐའ་ཚུན་མ་བརྟགས་པར་སྐྱབས་ཡོད་པར་འདའ་བའི་ལྟུང་བྱེད༤༠། རྐྱེན་དབང་གིས་མ་ཡིན་པར་གནས་ཁང་དུ་དགེ་སློང་མ་གཞན་མེད་པར་མཚན་མོའི་མཐའ་ཚུན་འདའ་བའི་ལྟུང་བྱེད༤༡། དེ་གནོད་པར་གྱུར་བའི་སྒོ་སྤངས་པའི་ལྟུང་བྱེད་གསུམ་མོ། །དགེ་སློང་མ་དང་གཏུར་བུ་ལ་#སོགས་པས་བར་ཆོད་པ་མ་ཡིན་པར་ཁྲི་གཅིག་ཏུ་ཤ་རེག་པ་དང་བཅས་པས་མཚན་མོར་ཉལ་ན་ལོངས་སྤྱོད་ཅིང་གནས་པ་གཏོང་བའི་ལྟུང་བྱེད༤ ༢། དགེ་སློང་མ་དང་། དགེ་སློབ་མ། དགེ་ཚུལ་མ། ཁྱིམ་པ་མོ། མུ་སྟེགས་ཅན་མོས་རང་གི་ལུས་ལ་དྲིལ་ཕྱིས་བྱེད་དུ་འཇུག་པའི་ལྟུང་བྱེད༤༧། བུད་མེད་ཀྱིས་རང་གི་ལུས་ཆུ་འབའ་ཞིག་གིས་བཀྲུ་བཤལ་བྱེད་དུ་འཇུག་པའི་ལྟུང་བྱེད། རྫས་དྲི་ཞིམ་པོས་རང་གི་ལུས་སྐུད་པར་བྱེད་པའི་ལྟུང་བྱེད། འབྲུ་མར་ཚིག་མས་ལུས་སྐུད་པར་བྱེད་པའི་ལྟུང་བྱེད། དེ་བྱི་དོར་ལས་གྱུར་པའི་ལྟུང་བྱེད་བརྒྱད༥༠། བུད་མེད་དང་ལྷན་ཅིག་ལག་སྦྲེལ་ཁྲུས་བྱེད་ན་ལྟེ་བར་སླེབས་ཚེ་ཆུ་ལ་སྤྱོད་པའི་ལྟུང་བྱེད། པུ་ཤེལ་རྩེས་སྐྲ་ཤད་པའི་ལྟུང་བྱེད། སོ་མངས་ཀྱིས་ལྟུང་བྱེད། སྨིག་ཤད་ཀྱིས་ལྟུང་བྱེད། དེ་གསུམ་ཆར་གྱིས་སྐྲ་ཤད་པའི་ལྟུང་བྱེད། སྐུ་ཚབ་ཐོགས་པའི་ལྟུང་བྱེད། ཁྱིམ་པའི་རྒྱན་ཐོགས་
པའི་ལྟུང་བྱེད། དེ་འཆོས་པ་ལས་བྱུང་བའི་དྲུག༥༧ །རང་གི་ཡན་ལག་རྣམ་པ་གང་ཡང་རུང་བས་བྲོ་བརྡུངས་པའི་ལྟུང་བྱེད། རང་གི་མགྲིན་པའི་འགྱུར་གང་རུང་གིས་གླུ་ལེན་པའི་ལྟུང་བྱེད། རང་གི་པི་ཝཾ་ལ་སོགས་པའི་རོལ་མོ་བྱེད་པའི་ལྟུང་བྱེད། དེ་རྒྱགས་པ་ལས་གྱུར་པ་གསུམ༦༠། ལོངས་སྤྱོད་དུ་གདུགས་ཐོགས་པའི་ལྟུང་བྱེད། དབྱར་ཁང་དང་མལ་སྟན་ལ་བག་བྱ་བའི་ཕྱིར་མ་ཡིན་པར་མཆིལ་ལྷམ་གྱོན་པའི་ལྟུང་བྱེད། རང་ལ་ཁྲིའུས་བསྙེན་བཀུར་དུ་བྱེད་དུ་འཛུད་ན་དེ་ཉམས་སུ་མྱང་བའི་ཚེ་ཁྲིའུས་ལྟུང་བྱེད། དེ་ལོངས་སྤྱོད་ཀྱི་འཆོས་པ་ཉིད་ལས་གྱུར་པའི་གསུམ༦༣། གང་གི་ཁྱིམ་གཞན་དུ་བདག་པོས་མ་བསྒོ་བར་དེར་སྟན་ལ་འདུག་པ་ཐུག་ཐུབ་སྟེ་བཙན་ཐབས་སུ་ཕྱིས་གནོན་བྱེད་ན་ཕྱིས་གནོན་བྱེད་པའི་ལྟུང་བྱེད། ཆོས་ཉན་དུས་ཞུགས་པའི་ཚེ་ཁྱིམ་པའི་སྟན་ལོངས་སུ་སྤྱོད་པ་ལ་ཁྱིམ་པ་ལ་མ་སྦྲན་པར་ཁོ པོར་ཏེ་སྙིང་ནས་ལོག་ཐབས་ཀྱིས་ཉེན་ཀོར་ལས་འདས་པར་ཕྱིན་ན་ཁྱིམ་ལས་ལོག་ཐབས་བྱེད་པའི་ལྟུང་བྱེད། རྒྱ་ཅང་ལྕག་བོད་ལ་སོགས་པ་ནི་སྐ་རགས་ཀྱི་རྣམ་པ་སྟེ་དེའི་ཆེད་དུ་ཆོས་ལྡན་དང་དགོས་དབང་གིས་མ་ཡིན་པར་རྒྱུད་ཀྱི་རང་བཞིན་གང་ཡང་བསྒྲུབ་པར་བྱས་ན་སྐུད་པ་འཁལ་བའི་ལྟུང་བྱེད། དགེ་སློང་མའི་ཚོགས་ཀྱི་ཆོས་བདག་ཁོ་ན་བདག་གིར་བྱེད་ན་དགེ་སློང་གི་ཚོགས་ཀྱི་ཆོས་བདག་གིར་ལྟུང་བྱེད།
ཟས་ཅི་ཡང་རུང་བ་བཙོང་ཟིན་པའི་ཚེ་ཟས་འཚོང་བའི་ལྟུང་བྱེད། ཁྱིམ་པའི་འཕྲལ་གྱི་བྱ་བ་དང་ཆང་གི་ལས་བྱེད་ན་ཁྱིམ་གྱི་བྱ་བ་བྱེད་པའི་ལྟུང་བྱེད། སུམ་ཆ་མ་བངས་པའི་རྗེན་པ་འཚོད་པའི་ལྟུང་བྱེད། ཟས་ཀྱི་བྱ་བ་ཟིན་པ་སྟན་ལས་ལངས་ཏེ་གཏང་བའི་འོག་ཏུ་ཡང་ཟ་ན་ལྟོ་གདུང་པ་དང་བརྐམ་ཆགས་ཆེ་བའི་དོན། འདུན་ལས་གྱུར་པའི་ལྟུང་བྱེད། སྒོག་སྐྱ་ཟ་བ་ཚོགས་པར་དབྱུང་བ་མ་ཡིན་པ་བརྟེན་པའི་ལྟུང་བྱེད། ཟླ་མཚན་འཛག་དུས་མངལ་སྒོར་སྨེ་འགབ་ཅེས་བྱ་བའི་གོས་ངན་མི་འདོགས་ན། སྨེ་འགབ་མི་འཆང་བའི་ལྟུང་བྱེད། ཁྲུས་དང་ཆར་ཆུས་ལུས་གཤེར་བར་བྱེད་ན་དེའི་ཚེ་ཆུ་གོས་མི་འཆང་བའི་ལྟུང་བྱེད། གོས་རྙིང་པ་བཀྲུ་བར་འོས་པ་ཆོས་གོས་དང་འདིང་བ་དག་བཀྲུ་བཤལ་བ་ལ་འཁྲུར་འཇུག་ན་འཁྲུར་འཇུག་པའི་ལྟུང་བྱེད། དེ་སུ་བེལ་ལས་གྱུར་པའི་གསུམ་མོ། །སུ་བེལ་ཞེས་བྱ་བ་ནི་གོས་མ་རུངས་པར་གྱུར་པའོ༧༥། །རྗེས་སུ་མ་གནང་བར་ཁྱིམ་པར་དགེ་སྦྱོང་གི་གོས་ལྔ་གང་རུང་བསྐོན་ན་ཆོས་ཀྱི་རྒྱལ་མཚན་ལ་མི་གུས་པའི་ལྟུང་བྱེད། རང་གི་བཟང་བ་དང་ངན་པ་བརྗེ་བ་མ་གཏོགས་པའི་དགེ་སློང་ལ་སྣམ་སྦྱར་ལེན་ནམ་སྙམ་པས་བརྗེ་ན་རྒྱལ་མཚན་བརྗེ་པའི་ལྟུང་བྱེད། དགེ་སློང་མ་གཞན་དག་གི་བསྔགས་པ་བརྗོད་པ་ན་ལུས་ངག་གི་རྣམ་པར་འགྱུར་བ་མི་མཐུན་པས་སེར་སྣ་བྱེད་ན་བསྔགས་པ་ལ་སེར་སྣ་བྱེད་པའི་ལྟུང་བྱེད། དེ་
བཞིན་དུ་ཁྱིམ་ལ་སེར་སྣ་བྱེད་པའི་ལྟུང་བྱེད། གནས་ལ་སེར་སྣ་བྱེད་པའི་ལྟུང་བྱེད། ཆོས་ལ་སེར་སྣ་བྱེད་པའི་ལྟུང་བྱེད། དེ་སེར་སྣ་བྱེད་༨༢པའི་ལྔའོ། །རང་གི་ལུས་ངག་གིའམ་གཞན་ལ་བཅོལ་བའི་རྣམ་པ་གང་ཡང་རུང་བས་དབྱར་ཁང་ནས་དགེ་སློང་མ་བསྐྱོད་པའི་ལྟུང་བྱེད། ཁྱིམ་པའི་ཁྱིམ་གཞན་ན་དགེ་སློང་མ་སྔ་ནས་གནས་པ་ཐབས་གང་ཡང་རུང་བས་སྐྱོད་ན་ཁྱིམ་གཞན་ནས་སྐྱོད་པའི་ལྟུང་བྱེད། དེ་སྐྱོད་པའི་ལྟུང་བྱེད་གཉིས། མཐོང་ཐོས་དོག་གསུམ་མེད་པའི་དགེ་སློང་མར་ལྟུང་བྱེད་མན་ཆད་ཀྱི་ལྟུང་བ་གང་རུང་གླེང་ན་མཐོ་འཚམས་ལས་གྱུར་པའི་ལྟུང་བྱེད། གཞན་ཡིད་ཆེས་པར་བྱ་ཕྱིར་མནའ་དོར་ན་ལོག་པར་སྟོན་པའི་ལྟུང་བྱེད། ཁྲོ་བས་བདག་ཉིད་ལ་བརྡེགས་པ་སོགས་གནོད་པ་བྱེད་ན་མི་བརྟན་པས་རྣམ་པར་འགྱུར་པའི་ལྟུང་བྱེད། དགེ་སློང་མའི་དགེ་འདུན་ལ་བརྙས་ཐབས་བྱེད་ན་དགེ་སློང་མའི་ཚོགས་ལ་བརྙས་ཐབས་བྱེད་པའི་ལྟུང་བྱེད། དགེ་སློང་མའི་དགེ་འདུན་ལ་སྤྲོ་ན་དགེ་སློང་མའི་ཚོགས་ཀྱི་ལྟུང་བྱེད། འཁོར་གྱི་གཙོ་བོ་དགེ་སློང་ལ་ཕན་པའི་ཆེད་མ་ཡིན་པར་ཆུ་འཐོར་ན་འཁོར་གྱི་གཙོ་བོ་ལ་ཆུ་འཐོར་བའི་ལྟུང་བྱེད། དེ་བླ་མར་གྱུར་པ་ལ་བརྙས་ཐབས་བྱེད་པའི་གསུམ་༩བ། དགེ་སློང་མ་རྣམས་ཀྱི་རྩོད་པ་མཐུ་ཡོད་བཞིན་དུ་ཉེ་བར་ཞི་བར་མི་བགྱིད་ན་འཁྲུགས་ལོང་ཡལ་བར་འདོར་བའི་ལྟུང་བྱེད། ཉི་མ་སྔ་
མ་གཞན་ལ་འདུན་པ་ཕུལ་བ་དེ་ཉིད་ད་དུང་ཡང་ཡོད་པས་འདུན་པ་དེ་ཁོ་མོས་ཕྱིར་མ་བླངས་པས་དེ་རིང་ཡང་གཟོད་འདུན་པ་འབུལ་ཅི་དགོས་ཟེར་ཞིང་འདུན་པ་ཕྱི་མ་མི་སྟེར་ན་བློ་མཐུན་པར་མི་བྱེད་པའི་ལྟུང་བྱེད། ཟླ་བ་ཕྱེད་ཕྱེད་དགེ་སློང་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་ཉན་པར་མི་བྱེད་པའི་ལྟུང་བྱེད། དགེ་སློང་མེད་པའི་གནས་སུ་དབྱར་གནས་ཁས་ལེན་པའི་ལྟུང་བྱེད། གཉིས་ཀའི་དགེ་འདུན་ལ་དགག་དབྱེ་མི་བྱེད་པའི་ལྟུང་བྱེད། དེལྕི་བའི་ཆོས་ལས་འདས་པའི་གསུམ༩༥། དགེ་སློང་མེད་པར་གསོ་སྦྱོང་བྱེད་པ་ནི་ལྕི་ཆོས་དང་འབྲེལ་པའི་ཆོས་ལས་འདས་པའི་ལྟུང་བྱེད། དབུལ་པོ་ལ་རྙེད་པའམ། བསོད་སྙོམས་སམ། གཉིས་ཀའི་དོན་དུ་སྲ་བརྐྱང་སྦྱོར་དུ་བཅུག་ན་དབུལ་པོ་སྲ་བརྐྱང་སྦྱོར་དུ་ལྟུང་བྱེད། གློ་བུར་དུ་ཆོས་གོས་གཏན་པ་དབྱུང་བའི་ཕྱིར་བག་ཡངས་སུ་བྱ་བའི་ཚོགས་པ་མི་སྦྱིན་ན་ཆོས་གོས་གཏན་པ་དབྱུང་བའི་ཕྱིར་ཚོགས་པ་མི་སྦྱིན་པའི་ལྟུང་བྱེད། ཆོས་ལྡན་གྱི་རྙེད་བགོ་ཕྱིར་ཚོགས་པ་མི་སྦྱིན་པ་གོས་འགྱེད་པའི་ཕྱིར་ཚོགས་ལ་མི་སྦྱིན་པའི་ལྟུང་བྱེད། དེ་གཞན་གནོད་པར་སྤྱོད་པ་ལས་གྱུར་པའི་གསུམ༩༩། དབྱར་ཁང་དེའི་ལྡེའུ་མིག་ལ་སོགས་པ་ཁྱིམ་པ་ཡན་ཆད་ལ་མ་གཏད་མ་བཅོལ་བར་གཞན་དུ་འགྲོ་ན་དབྱར་ཁང་ཡལ་བར་དོར་བ་ལས་གྱུར་པའི་ལྟུང་བྱེད། བར་ཆད་བརྒྱད་མེད་ཅིང་དབྱར་གྱི་ནང་
ལོགས་སུ་བྱིན་གྱིས་མ་བརླབས་པར་རྒྱང་གྲགས་སུ་འགྲོ་ན་དབྱར་གྱི་ནང་དུ་ལྗོངས་རྒྱུ་ཞིང་འགྲོ་བའི་ལྟུང་བྱེད། དབྱར་གནས་ཁས་བླངས་ནས་དགག་དབྱེ་བྱས་པའི་འོག་ཏུ་ཚེས་བཅུ་དྲུག་ལ་ལྗོངས་རྒྱུར་འཇིགས་པ་མེད་བཞིན་སྒྲུག་སྡོད་བྱ་མི་དགོས་པར་མི་འགྲོ་ན་དབྱར་གནས་པའི་འོག་ཏུ་མི་འགྲོ་བའི་ལྟུང་བྱེད། ཡུལ་འཁོར་ཆོམ་རྐུན་དང་བཅས་པའི་དོགས་པ་ཡོད་སར་ལྗོངས་རྒྱུར་འགྲོ་ན་དོགས་པ་དང་བཅས་པར་འགྲོ་བའི་ལྟུང་བྱེད། ཕྱོགས་འདིར་སུ་ཡང་འགྲོ་བར་མི་བྱ། སུ་འགྲོ་བ་དེ་བསོད་ཅེས་སོགས་འགྲོ་བ་དགག་པའི་ཁྲིམས་སུ་བཅའ་བ་ཡོད་པ་མི་མཐུན་པའི་ཕྱོགས་དེར་འགྲོ་ན་མི་མཐུན་པ་དང་བཅས་པར་འགྲོ་བའི་ལྟུང་བྱེད། དེ་འགྲོ་བ་དང་མི་འགྲོ་བ་ལས་གྱུར་པའི་གཞིའོ། །ལྷའི་གནས་དེར་མུ་སྟེགས་གྱི་གནས་སོགས་སུ་སོང་སྟེ་རྩོད་པ་བྱེད་པའི་ཚིག་གི་དོན་གཅིག་བརྡ་འཕྲོད་པའི་དུས་ན་གཞན་གྱི་གནས་སུ་འཐབ་ཀྲོལ་བྱེད་པའི་ལྟུང་བྱེད། གང་ལ་དགེ་སློང་ལ་སོགས་པའི་ཚིག་གིས་སྐབས་མ་ཕྱེ་བར་དྲི་བ་དྲི་ན་སྐབས་མ་བྱེ་བར་དྲི་བའི་ལྟུང་བྱེད། དེ་སྨྲ་བ་ལས་གྱུར་བ་གཉིས་སོ། །དབྱར་ཀར་ཉེན་ཀོར་འདོམ་ གང་ལས་ལོགས་ཤིག་ཏུ་ཆབ་ཁུངས་ས་རྗེན་ཕག་ཏུ་འདུག་པ་དེར་གཅིག་པུར་འགྲོ་ན་ཕྱི་སར་གཅིག་པུར་འགྲོ་བའི་ལྟུང་བྱེད། ཐམས་ཅད་ཁྱབ་པ་མ་ཡིན་པའི་རྩ་སྔོན་སྟེང་དུ་བཤང་གཅི་འདོར་ན་རྩ་སྔོན་མི་
གཙང་འདོར་བའི་ལྟུང་བྱེད། ར་བའི་ཕྱི་རོལ་གྱི་རྩིག་པར་པུ་ཤུ་མ་བཏང་བ་ལ་རྩིག་པའི་ཕག་ཏུ་མ་བལྟས་པར་བཤང་གཅི་དོར་ན་རྩིག་པའི་ཕག་ཏུ་མ་བལྟས་པར་བཤང་གཅི་དོར་བའི་ལྟུང་བྱེད། དེ་བཤང་བ་ལས་གྱུར་པའི་གསུམ་༡༠༨མོ། །སོར་བཤགས་བཅུ་གཅིག་ལས། ཐུན་མོང་མ་ཡིན་པ་བཅུ་སྟེ། འོ་ཞོ་མར་ཞུན་འབྲུ་མར་སྦྲང་རྩི་བུ་རམ་གྱི་དབུ་བ་ཉ་ཤ་ཤ་སྐམ་རྣམས་ཉེ་དུ་མ་ཡིན་པའི་ཁྱིམ་ནས་ནད་མེད་པར་བདག་གི་དོན་དུ་བསླངས་ཤིང་འཐུང་བ་དང་ཟོས་ནའོ། །ཉེས་བྱས་བརྒྱ་བཅུ་གཉིས་ལས་ཐུན་མིན་གཉིས་ཏེ། ཤམ་ཐབས་རྐེད་པའི་ཕྱོགས་སྣང་བར་བགོ་བ་དང་། འཁྲིག་པའི་འདོད་ཆགས་ཀྱིས་ཆགས་བཞིན་ཁྱིམ་གཞན་དུ་འགྲོ་བའི་ཉེས་བྱས་སོ། །འདི་རྣམས་གླེང་གཞི་དང་སྦྱར་བ་ཉིད་ཞིབ་ཏུ་རྟོགས་པར་འདོད་ན་དགེ་སློང་མའི་རྣམ་འབྱེད་དུ་བལྟ་བར་བྱའོ། ༈ །སྤངས་པའི་དོན་དུ་འཁར་བའི་ལ་བའམ་གཎྜི་ཆུང་ངུའོ། །འདུས་པ་ཆེན་པོའི་ཚེ་གཎྜི་བརྡུང་བས་གོ་བར་མི་འགྱུར་བར་ལྟ་ན་དུང་བསྒྲིལ་ཏེ་འབུད་པའམ་རྔ་བོ་ཆེ་བརྡུང་ངོ་། ༈ །དང་པོ་དགེ་སློང་གནས་པ་དང་གཉུག་མར་གནས་བ་རྣམས་ཀྱིས་འདི་ལས་ལྷག་པའི་ལས་མི་ཆགས་པས་དཔག་ཚད་ཕྱེད་དང་གསུམ་གྱི་མཐའ་ཚུན་ཆོད་དུ་མཚམས་པོ་ཆེ་ཕྱོགས་བཞིའི་མཚན་མ་ཕ་ཝང་ངམ། རྩིག་པའམ། ཀ་བ་སོགས་བརྟན་པོ་བཙུགས་ལ། གསོ་སྦྱོང་དང་། དགག་
དབྱེ་དང་། གསོལ་བ་གསུམ་གྱི་ལས་བྱའོ། །གལ་ཏེ་དགེ་སློང་བཞི་དང་ལྔ་དང་བཅུ་སོགས་ཀྱི་ཚེ་མཚམས་བུ་ཆེ་མི་མཁོ་ན་དེ་ཉིད་བཀྲོལ་ལ་མཚམས་བུ་ཆུང་བཅད་པར་བྱའོ། །མཚམས་མ་བཅད་པའི་གནས་སུ་ནི་ལས་ལ་རྩིག་པ་བསྐོར་བ་ཡིན་ན་རྩིག་པ་མཚམས་ཡིན་ལ། མ་བསྐོར་ན་ཝ་ཀ་ཆུ་འཛག་གང་དུ་འབབ་པ་ཚུན་ཆད་མཚམས་ཡིན་ནོ། །གྲོང་ལ་ནི་ཉེན་ཀོར་གྱི་མཐའ་ཚུན་ཆད་དོ། །དགོན་པ་ལ་ནི་ཕྱོགས་ཕྱོགས་སུ་རྒྱང་གྲགས་ཀྱི་མཐའ་ཚུན་ཆད་དོ། །མཚམས་བུ་ཆུང་ནང་དུ་འཁོད་པ་རྣམས་ཀྱིས་ནི་གསོ་སྦྱོང་དང་དགག་དབྱེ་ཙམ་དུ་མ་ཟད་འདུ་བར་བྱ་བའི་ལས་ཐམས་ཅད་ལ་འདུ་དགོས་ལ། མི་མཐུན་པར་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། ༈ །གནས་ཁང་མང་པོ་ཞིག་ལ་གང་ཟག་གཅིག་གིས་ཐམས་ཅད་ཡོངས་སུ་སྤྱད་པར་ཡང་རུང་སྟེ། ལ་ལར་ཀློག་པ་དང་། ཁ་ཏོན་དང་། འདུག་པ་དང་། བཅག་པ་དག་ལས་གང་ཡང་རུང་བར་བྱ། །ལ་ལར་ལྷུང་བཟེད་སོགས་བཞག །ལ་ལར་མཚན་མོ་ཉལ་བ་སོགས་བྱ་བའི་ཕྱིར་རོ། ༈ །སྲ་བརྐྱང་ཞེས་པ་ནི་ཀ་ཐིན་ཞེས་གཏན་པ་དང་སྲ་བརྐྱང་གཉིས་ཀ་ལ་འཇུག་སྟེ། འདི་ན་གོས་སྲ་བའི་ཕྱིར་གོས་འདིང་བ་དང་། སྐྱོང་བ་མི་འཁུམས་པར་བྱེད་པའི་ཆོས་ཅན་ཤིང་ལས་བྱས་པའི་ཡང་སྤང་ལེབ་ལ་གཏན་པ་ཞེས་སོ། །སྲ་བརྐྱང་གི་ནི་ཆོས་གོས་ཏེ། གཏན་པ་དེ་དང་
འདྲ་བའི་ཕྱིར་རོ། །ཇི་ལྟར་ན། སྤང་ལེབ་དེས་ཆོས་གོས་མི་འཁུམ་པར་གཏན་པ་གཅིག་ལ་སྐྱོང་བར་བྱེད་པ་བཞིན་ཆོས་གོས་འདིས་ཀྱང་དགེ་འདུན་སྲ་བརྐྱང་ལ་བློ་མཐུན་པས་དབྱེར་མེད་པ་དང་། ཆོས་གོས་བྱེད་པའི་བསམ་པ་གཅིག་པས་རོ་གཅིག་པ་དང་། བརྐྱང་པའི་མཚན་ཉིད་ཀྱིས་བྱ་བ་གཅིག་པ་དང་། རྙེད་པ་དང་ཕན་ཡོན་འདྲ་བའི་སྒོ་ནས་གཏན་པ་གཅིག་ལ་འཇོག་པར་བྱེད་པ་དང་། ལྟུང་བ་བཅུ་བག་@ ཡངས་སུ་འགྱུར་བས་དགེ་སློང་རྣམས་བག་མ་འཁུམས་པར་བརྐྱངས་པའི་མཚན་ཉིད་ཀྱི་བྱ་བ་ལ་སྦྱོར་བ་དང་། བྱ་བ་གཅིག་པ་ཉིད་ཀྱིས་ཆོས་གོས་ཀྱིས་དགེ་འདུན་མཐའ་དག་ལ་ཁྱབ་པས་སོ། །དངོས་གཞི་དབྱར་སྔ་མའི་དུས་ཀྱི་དགག་དབྱེའི་བར་གྱི་རྒྱུ་ལས་བྱུང་བ། སྲ་བརྐྱང་འདིང་བའི་ཉིན་མོའི་མཐའ་ཚུན་ཆད་གྲུབ་པར་བྱས་པའོ། །བརྐོས་པ་དེས་ཀྱང་སེམས་རྣམ་པ་གསུམ་བསྐྱེད་ཅེས་པ། བཀྲུ་བ། དྲུབ་པ། ཁ་བསྒྱུར་བ་གང་ཡང་མ་གྲུབ་པ་ཉིད་དང་། གསུམ་ཀར་མ་གྲུབ་ན་གསུམ་ཀ་རྗེས་སུ་བསྒྲུབ། ཟིན་པ་ཞིག་ན་རང་གིས་ཁབ་སྲུབ་གཉིས་སམ་གསུམ་བསྒྲུབས་ནས་པང་འདིང་བར་འགྱུར་རོ། །ཞེས་གོ་བར་བྱའོ། ༈ །སྣམ་ཕྲན་དུ་དྲས་ཏེ་སྦྱར་བས་ན་སྣམ་སྦྱར། བླ་ནི་སྟོད་དེས་དེ་སྐྱོབ་པར་བྱེད་པའི་ཕྱིར་བླ་གོས། མཐང་ནི་མཐའ་སྟེ་སྨད་ཡིན་ལ། དེ་སྐྱོབ་པའི་གོས་ཡིན་པས་མཐང་གོས་སོ། །སར་མིག་གི་ཡུལ་
ནས་བྱུང་བའི་ལ་བ་དང་། བེའུ་རས་ཀྱི་རིགས་སྤུ་ཤིན་ཏུ་རིང་བ་མེ་ཏོག་གི་རྣམ་པ་ལྟ་བུའི་རི་མོ་སྣང་བ། པར་ཐང་ཁྲ་བོ་འདི་ནི་ཧ་ཅང་བཀྲ་པའི་ཕྱིར་དགག་པ་མཛད་དོ། །ཤམ་ཐབས་དང་། ཤམ་ཐབས་ཀྱི་གཟན་གཉིས་ནི་ལུས་ལ་གྱོན་ནས་གཤང་གཅི་ལ་སོགས་བྱ་བ་མཐའ་དག་བྱེད་རུང་ལ། བླ་གོས་གྱོན་ནས་ས་ཕྱོགས་གཙང་མར་ནི་ལས་ཡོངས་སུ་བྱེད་པ་ལ་བཀག་པ་མེད་དོ། །སྣམ་སྦྱར་ནི་དགེ་སློང་རྣམས་ལས་ཀྱི་ཆོ་ག་ལ་འདུས་པ་དང་། ཟས་ཀྱི་གྲལ་ལ་འདུག་པ་དང་། མཆོད་རྟེན་དང་མཁན་སློབ་སོགས་ལ་ཕྱག་བྱེད་པ་དང་། སྤྱོད་ཡུལ་གྱི་གྲོང་དང་མུ་སྟེགས་ཀྱི་འདུག་གནས་སོགས་སུ་འཇུག་པ་ལ་བགོ་བར་གྱིས། དེ་ལས་གནས་སྐབས་གཞན་དག་གི་སྣམ་སྦྱར་གྱོན་པ་བཀག་པ་ཡིན་ནོ། །གཞན་གདིང་བ་མེད་ན་བླ་གོས་བཞི་བལྟབ་ཏུ་བྱས་ཏེ་བཏིང་བས་དྲན་པ་དང་ལྡན་པས་མྱུར་དུ་ལྡང་བའི་སེམས་ཀྱིས་ཉལ་ལོ། །གནས་གཞན་དུ་ཆོས་གོས་མ་ཁྱེར་བར་ཞག་གཅིག་གནས་ན་གོས་དཀར་པོ་སོགས་ཆོས་གོས་ཀྱི་རྒྱུར་བྱིན་གྱིས་བརླབས་ཏེ་བགོ་བར་བྱའོ། །མི་ན་བར་བླ་གོས་མེད་པར་མཐང་གོས་ཙམ་ཀྱི་གོས་གཅིག་པས་ཟས་ཟ་བ་དང་ཁྲུས་བྱེད་པ་བཀག་གོ །སྐ་རགས་ལས་ཤུབ་བུ་ཞེས་བྱ་བ་ནི་སྐུད་པ་མང་པོ་ལ་བཏགས་པ་སྲབ་མོ་ཞེང་ཆེ་བའོ། །ལྕག་པོད་ནི་ལྷས་མ་གྲུ་བཞིར་འདུག་པ། རྒྱ་ཅང་ཞེས་བྱ་བ་སྐུད་པ་མང་པོ་ལས་
བཏགས་པ། དབུས་ཁོང་སྟོང་། ཤུར་བུ་ཕྲེའུ་ཞེས་སྐུད་པ་མང་པོ་ལས་བཏགས་ལ། མདོ་མདོར་བུ་གུ་ལྔའམ་དྲུག་རིམ་དུ་བྱས་པ་བཏོད་པའོ། ༈ །མི་དང་། སྟག །རྟ། ཀླུ། དྲེའུ། རྨིག་གཅིག་པ། ཝ། སྤྲེའུ བྱ་ཤིང་རྟ་མོ། བྱ་རོག །བྱ་རྒོད། ཆུ་སྐྱར། ཁྲ། བྱིའུ་ཁྲ། འུག་པ། དེ་དག་ལས་གཞན་པའི་བྱ་མི་རོ་ཟ་བ་དང་། བྱ་དཀར། ཕ་ཝང་། སྐྱིན་གོར། སྲེན་པོ། སྲིན་མོ་རྣམས་ཀྱི་ཤ་མི་ཟའོ། །བཟའ་རུང་བ་ནི་དགེ་བསྙེན་དད་པ་ཅན་ནམ། ཤན་པ་དང་། རི་བྱ་གསོད་པ་དང་། ཕག་གསོད་པ་དང་། ཁྱིམ་བྱ་གསོད་པ་དང་། རི་དྭགས་གསོད་པ་ལྔ་ལས་བསླང་བར་གནང་ངོ་། ༈ །དུས་མིན་དུ་བཏུང་དུ་རུང་བ་ནི། དར་བ་དང་། ཆུར་ཁུ་སྟེ་ཞོའི་ཆུ་དང་། འབྲས་དང་ཁྲེ་སོགས་བཙོས་པའི་ཁུ་བ་རྩི་མེད་པར་མནན་པའི་རྩང་ཤུ་ནི་རྩབ་མོ་ཡིན་ལ། བཅོས་པའི་ཆང་ལ་རྫས་སྦྱར་བ་ལས་སྐྱུར་པོར་གྱུར་ཅིང་ཉེས་པར་སྦྱར་པའི་ཚ་དང་། འབྲུའི་ཆང་ལ་རྫས་སྦྱར་བས་སྐྱུར་པོར་གྱུར་པས་ཉམས་པ་འབྲུའི་ཚྭ་དང་། དར་བའི་དྭངས་མ་ཕྲུམ་ཁུ་སྟེ་ལྔའོ། ༈ །ཟས་ཟ་བའི་ཚུལ་ལ། མི་འཕྲོ་བར་བསྒྲུབ་པར་བྱ་བ་ནི། རྣམ་པར་མི་གཡེང་ཞིང་མི་འཕྲོ་བར་བསོད་སྙོམས་བཟའ་བར་བྱའོ། །འཚོ་བ་ཙམ་དུ་བསྒྲུབ་པ་ནི་ལུས་འཚོ་བ་ཙམ་དུ་བསོད་སྙོམས་བཟའི། འཕྱར་གཡེང་ལ་སོགས་པའི་ཕྱིར་མ་ཡིན་ནོ། །མ་འདྲེས་པར་བསྒྲུབ་ཞེ་གཉིས་
པར་བྱ་བ་ནི། བསོད་སྙོམས་ཏེ་མ་འདྲེས་མ་བསླད་པར་བཟའོ། །མི་དཀྲུགས་པར་བསྒྲུབ་པར་བྱ་བ་ནི། ཐམས་ཅད་སྣོད་གཅིག་ཏུ་བླུགས་ཏེ་དཀྲུག་ཤིང་མི་བཟའོ། །ཤིན་ཏུ་དབེན་པར་བསྒྲུབ་པར་བྱ་བ་ནི། གནས་དབེན་པར་བྱའི་ལམ་པོ་ཆེ་སོགས་སུ་མི་ཟའོ། །དུས་ལས་མ་ཡོལ་བར་བསྒྲུབ་པར་བྱ་བ་ནི། དུས་མ་ཡོལ་བར་བཟའ་ཡི་ཕྱེད་ཡོལ་ཕན་ཆད་མ་ཡིན་ནོ། །བཀྲེས་སྐོམ་ནི་ནད་ཡིན་ལ། བདག་ལ་ནད་དེ་ཡོད་པས་བདག་ཉིད་ལ་ནད་པ། དེ་ཟས་ཀྱིས་འཚོ་བས་ཟས་ལ་སྨན་གྱི་འདུ་ཤེས་བཞག་སྟེ་ཟའོ། །འབྱུང་བ་ལ་སོགས་པ་རྣམ་བཅུ་ཡང་དྲན་པར་བྱ་སྟེ། ཟས་འདི་མི་གཙང་པ་དང་ལུད་པ་ས་འབྱུང་བའོ། ༡ །བྱེ་ནི་རུས་ཕྱེ་ལ་སོགས་པ་དང་འདྲའོ། ༢ །ཟས་ཟོས་ནས་བད་ཀན་དང་། སྣབས་དང་། རྣག་ཁྲག་སོགས་སུ་འགྱུར་བའོ། ༣ །ཟས་ཀྱི་ཕྱི་ཕྱིར་རྒོལ་རྣམས་དང་རྗེས་སུ་འབྲེལ་བ་སྟེ། ཟས་ཀྱི་རྒྱུ་ལས་མ་ནི་བུ་དང་། བུ་ནི་མ་དང་འཐབ་པར་བྱེད་པའོ། ༤ །ཟས་ནི་བཤང་གཅི་སོགས་ཤིན་ཏུ་སྨད་པ་དང་རྒྱུ་མཐུན་པའོ། ༥ །ཟས་འདི་ཞིང་སོགས་ལ་བརྟེན་ཏེ་བྱུང་བ་དེ་དག་ལ་བརྟེན་ནས་སྲེད་པ་སོགས་ཀུན་ནས་ཉོན་མོངས་པ་དག་འབྱུང་བའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའོ། ༦ །དེ་ཚེགས་ཆེན་པོས་བསྒྲུབ་དགོས་པའོ། ༧ །ཚེགས་ཆེན་པོས་འབྲུ་སོགས་
འགྲུབ་ཀྱང་དེ་གཡོ་བ་ལ་སོགས་པ་མེད་ན་མི་ལྡན་པའི་ཕྱིར་གཞན་ལ་རགས་ལས་པའོ། ༨ །ཟས་ལོག་པར་ཞུ་བས་རིམ་སོགས་ནད་མང་པོ་དག་འབྱུང་ངོ་། ༩ །ཟས་ནི་རྣམ་པ་བཞིར་འགྲོ་སྟེ། ཆ་གཅིག་ལུས་ཊྛ ཀྱི་མེས་བསྲེག །གཉིས་པ་ནི་གཤང་གཅིར་འགྱུར། གསུམ་པ་ནི་སྲིན་བུ་དག་གིས་བཟའ་བར་འགྱུར། བཞི་པ་ནི་ལུས་བརྟན་པར་བྱེད་པའོ། ༡༠ །ཞེས་པའི་སྡོམ་ནི། འབྱུང་བ་འདྲ་བར་འགྱུར་བ་དང་། །ཕྱིར་རྒོལ་བ་ཉིད་རྒྱུ་མཐུན་པ། །བརྟེན་པའི་རྣམ་པ་བཙལ་བ་དང་། །གཞན་ལ་རགས་ལས་ནས་དང་བཅས། །སོ་སོར་འགྲོ་བ་ཞེས་ཏེ་བཅུ། །ཟས་ཀྱི་བྱ་བ་བྱེད་པའི་དང་པོར་ཟས་ཀྱི་ཁམ་ཆང་གཅིག་སེམས་ཅན་ཐམས་ཅད་ལ་དམིགས་ཏེ་བཞག །གཉིས་པ་ལྷ་མོ་འཕྲོག་མ་དང་། གསུམ་པ་གཉུག་མར་གནས་པའི་གཏོར་མའི་ཆེད་དུ་བཞག་གོ ༈ །ལས་སྤྱི་ལ་དགོས་པར། བརྗོད་པ་མེད་པའི་ཕྱིར་གསོལ་བ་འབའ་ཞིག་པའི་ལས་ལ་ཆོ་ག་ཉི་ཤུ་རྩ་བཞི་ཡོད་དེ། གསང་དང་ནང་དུ་དྲི་ཕྱིར་དང་། །གསོ་སྦྱོང་དེ་ལ་ཉུང་བཅས་དང་། །དེ་ལ་དགེ་འདུན་ཡིད་གཉིས་དང་། །རྩོད་དང་ངེས་ཉིད་མ་ཡིན་དང་། །དེ་ཡི་དོན་དུ་ལྔ་པོ་དག །ཐམས་ཅད་དགག་དབྱེར་གཏོགས་པ་ཡིན། །དབྱར་གནས་ཁས་བླངས་ཉིད་དང་ནི། །ཤི་བའི་རྫས་དང་ནོར་འདྲ་དང་། །ཆོས་གོས་སྲ་བརྐྱང་གཏད་པ་དང་། །ཆོས་གོས་སྦྱིན་པར་བྱ་བ་དང་། །
གནས་ངན་ལེན་ནི་བརྗོད་པ་དང་། །གྲངས་སུ་གཞུག་པ་བཞི་དག་དང་། །ལྷུང་བཟེད་ཁ་སྦུབས་བྱ་བ་དང་། །དེ་ཉིད་བཟློག་པར་བྱ་བ་དག །གསོལ་བ་འབའ་ཞིག་ལས་ཡིན་ནོ། །གསོལ་བ་དང་ལས་བརྗོད་པ་གཅིག་སྟེ། གསོལ་བ་དང་གཉིས་ཀྱི་ལས་ཞེས་བྱ་བ་བདུན་ཡོད་དེ། གནས་དང་མཚན་ནི་གཉིས་པོ་དང་། །མི་འབྲལ་མྱོས་དང་དགག་དབྱེ་དང་། །གནས་མལ་སྟོན་པར་བྱེད་པ་དང་། །རུང་བའི་ས་གཞི་བརྐོ་བ་དང་། །སྲ་བརྐྱང་དེ་ནི་དེ་འདིང་དང་། །སྤོང་དང་ལག་གི་བླ་དང་ནི། །གནས་ཁང་བརྐོ་ལ་སོགས་པ་དང་། །གཟུ་དང་གསལ་དང་སྦེད་པ་དང་། །ཚུལ་ཤིང་བྲིམ་པར་བྱེད་པ་དང་། །ཁང་པ་ཁང་ཆེན་བསྟན་པ་དང་། །གླེང་དང་འབྲལ་བར་མི་འགྱུར་དང་། །སྟན་དང་ལྷུང་བཟེད་འབྲིམ་པ་དང་། །མ་ཟད་གོ་བར་བྱ་བ་དང་། །སྟོན་པ་དང་ནི་ནགས་ཤུལ་དང་། །འཁར་བ་དྲྭ་བའི་ཕྱིར་དང་ནི། །རྙེད་པ་གཅིག་ཏུ་བྱ་ཕྱིར་དང་། །བསླབ་པ་སྦྱིན་དང་ཉེར་གནས་དང་། །དུ་དང་ཉེ་དུའི་ཕྱིར་འགྲོ་བ། །གསོལ་དང་གཉིས་ཀྱི་ལས་ཡིན་ནོ། །གསོལ་བ་དང་ལས་བརྗོད་པ་གསུམ་མཇུག་སྡུད་དང་བཅས་པ་སྟེ་གསོལ་བ་དང་བཞིའི་ལས་ནི་སུམ་ཅུ་ཐམ་པ་ཡོད་དེ། བསྙེན་པར་རྫོགས་པར་བྱ་བ་དང་། །མུ་སྟེགས་གནས་དང་མཚམས་གྲོལ་དང་། །མཐུན་སྦྱིན་གསོ་སྦྱོང་བདུན་པོ་དང་། །བརྒྱད་དང་དྲན་པ་མ་མྱོས་དང་། །
དེ་ཉིད་ཚོལ་དུ་གཞུག་པ་དང་། །བསྒོ་བར་བྱ་བ་རྣམས་དང་ནི། །ཉམས་པ་སྦྱིན་པར་བྱ་བ་དག །གསོལ་བ་བཞིའི་ལས་ཡིན་ནོ། །ཞེས་ཏེ་བརྒྱ་རྩ་གཅིག་ཏུ་གསུངས་སོ། །དེ་དག་ལས་དགེ་འདུན་དང་འབྲེལ་བའི་གང་ཟག་གི་ལས་ནི། དྲིས་ལན་ཞུས་དང་གསོལ་བ་བཏབ། །བྱིན་རླབས་བརྗོད་དང་གཞམས་ཏེ་བསྒོ། །འབུལ་དང་ལེགས་དང་མཐོལ་དང་བཤགས། །དབྱར་གནས་ཁས་བླངས་དགག་དབྱེ་ལ། །གསོ་@སྦྱོང་གོ་བྱ་སྲ་བརྐྱང་གདིང་། །སྡིགས་དང་གཟེངས་བསྟོད་གཏོང་དང་ལེན། །ཁྲིམས་དང་བསྟབས་དང་བཅུ་དྲུག་གོ །གང་ཟག་རྐྱང་པའི་ལས་ནི། དྲིས་ལན་བྱིན་བླངས་ཞུ་ལན་དང་། །གསོལ་གདབ་བྱིན་རླབས་བརྗོད་དང་བསྒོ། །དབུལ་བ་ལེན་དང་མཐོལ་དང་བཤགས། །དབྱར་གནས་ཁས་བླངས་བཟོད་གསོལ་དང་། །གོ་རྒྱ་འདོན་དང་བཅུ་གསུམ་མོ། །ཞེས་སོ། །ལྷག་མ་ནི་དགེ་འདུན་གྱི་ལས་སོ། །སློབ་དཔོན་དུལ་པའི་ལྷས་དེ་དག་བཅུ་གསུམ་དུ་བསྡུས་ཏེ་འཆད་པ་དང་། བསྒོ་བ་དང་། རྩོད་པ་ཞི་བར་བྱ་བ་དང་། ས་གོང་མར་སྤོ་བ་དང་། དགེ་འདུན་ལ་མཁོ་བ་རྣམ་པར་བཞག་པ་དབྱུང་བ་དང་བཅས་པ་དང་། བསྐོ་བ་དང་། རབ་བྱུང་ལ་མཁོ་བ་རྣམ་པར་བཞག་པ་དང་། རྗེས་སུ་གནང་བ་དང་། དགེ་འདུན་གྱི་བསླབ་པ་དང་། བསྐྱིན་པ་དང་། རང་གི་དོན་ལ་སྦྱར་བ་དང་། བགྲང་བ། ཁྱིམ་པའི་དོན་
རྣམ་པར་བཞག་པ་དབྱུང་བ་དང་བཅས་པའོ། །འཕགས་པ་ཐོགས་མེད་ཀྱིས་གཞི་བསྡུ་བར། གཞི་སེམས་ཅན་དང་། གཞི་སེམས་ཅན་མ་ཡིན་པ་ལ་བྱ་བ་གཉིས་སུ་བསྡུ་བའོ་གསུངས། དེ་དག་ལས་བཅུ་མིན་པ་ཐམས་ཅད་ནི་མངོན་སུམ་དུ་གྱུར་བ་ལ་བྱ་བ་ཡིན་ལ། ཐོས་པར་བྱ་བ་མིན་པར་ལྟ་བའི་ཉེན་ཀོར་དུ་བཞག་པ་མངོན་སུམ་དུ་བྱ་བའི་ཚུལ་གཅིག་ཡིན་ནོ། །རྗེས་སུ་བསྒྲག་པར་བྱ་བ་ནི། ཐོས་པར་བྱ་བ་མ་ཡིན་པའི་གང་ཟག་ལྟ་བའི་ཉེན་ཀོར་དུ་ཡང་མི་བཞག་པར་ལས་གང་བྱས་པ་དེ། དེ་ཟིན་པའི་འོག་ཏུ་ཁྱོད་ལ་གསོལ་བ་དང་བཞིའི་ལས་བྱ་བ་ལས་གསོལ་བ་ནི་ཟིན་ཏེ། ཞེས་དང་། དེ་བཞིན་དུ་ལས་ནི་བྱས་ཟིན་ཏོ། །ཞེས་རྗེས་སུ་བསྒྲགས་ཏེ་གོ་བར་བྱ་བས་སོ། །དེ་ཡང་རྣམ་པ་བཅུ་སྟེ། མ་མོ་ལས། མངོན་སུམ་དུ་མ་གྱུར་པར་བྱ་བའི་ལས་བཅུ་གང་ཞེ་ན། ལྷུང་བཟེད་ཁ་སྦུབས་པ་དང་། ལྷུང་བཟེད་ཁ་སྦུབས་པ་བག་ཡངས་སུ་བྱ་བ་དང་བསླབ་པའི་སྡོམ་པ་དང་། བསླབ་པའི་སྡོམ་པ་བག་ཡངས་སུ་བྱ་བ་དང་། དགེ་ཚུལ་གྱི་སྡོམ་པ་དང་། སྨྱོན་པས་གནང་བ་དང་། ཕྱག་མི་བྱ་བའི་སྡོམ་པ་དང་། མི་སྨྲ་བའི་སྡོམ་པ་དང་། ལོངས་མི་སྤྱོད་པའི་སྡོམ་པ་དང་། གཙུག་ལག་ཁང་གི་སྡོམ་པའོ། །ཞེས་གསུངས་པ་ཡིན་ནོ། །དགེ་འདུན་ཚང་བ་དང་། ལས་བརྗོད་པ། ལས་བྱེད་པ། ཆོ་ག་བཞིན་བགྱིད་པ་ནི་ལས་ཀྱི་
གཞིའོ། །དང་པོ་ནི། དགེ་སློང་མའི་དགག་དབྱེ་ལ་དགེ་སློང་ལྔ་དང་། ཕམ་སྦོམ་ལ་མཚམས་ཀྱི་ནང་གི་དགེ་འདུན་དྲུག་ཡན་ཆད་དང་། ལྷག་མ་དབྱུང་བ་ལ་གྲངས་ཉི་ཤུ་དགོས་པ། ལྷག་མའི་སྦོམ་པོ་ལ་ལྔ། དགེ་སློང་མ་དང་། ཚངས་སྤྱོད་མ་ཉེར་གནས་ཀྱི་སྡོམ་པ་སྦྱིན་པ་དང་། འཁོར་བར་འཇོག་པ་དང་། འཁོར་མང་པོ་ཉེ་བར་འཇོག་པའི་གནང་བ་སྦྱིན་པ་དང་། གཉིས་ཀའི་དགེ་འདུན་ལས་བསྙེན་པར་རྫོགས་པ་ ལྔ་ལ། ཡུལ་དབུས་སུ་དགེ་སློང་མ་བཅུ་གཉིས་དང་། མཐའ་འཁོབ་ཏུ་དྲུག་ངེས་པར་དགོས་ལ། དགེ་སློང་མ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བའི་མགུ་བ་དང་དབྱུང་པའི་ལས་ལ་ནི་མཚམས་གཉིས་ཀའི་དགེ་སློང་དང་དགེ་སློང་མའི་དགེ་འདུན་ཐམས་ཅད་ཚོགས་པར་དགོས་སོ། །དེ་ལྟར་དམིགས་བསལ་མ་གཏོགས་དགེ་འདུན་གྱི་ལས་སམ་དགེ་འདུན་དང་འབྲེལ་བའི་ལས་ཐམས་ཅད་ལ་གྲངས་བཞི་ཚང་ན་བྱར་རུང་ངོ་། །མ་ཚང་ན་ལས་མི་ཆགས་ལ། ལས་བརྩམས་ནས་དགེ་སློང་གཅིག་སོང་བའི་ཤུལ་དུ་གྲངས་དེ་མ་ཚང་ན་ལས་འཁྲུགས་པ་སྟེ། མ་བྱས་པར་འགྱུར་རོ། །དགེ་འདུན་ཀྱང་མི་མཐུན་པ་གཉིས་དང་བྲལ་བ་དང་། ཁ་སྐོང་གི་ཆོས་བཅུ་གསུམ་དང་ལྡན་པ་ཞིག་དགོས་ཏེ་སྔར་སྨོས་ཟིན། གང་ལ་ལས་བརྗོད་པ་ལྷག་པར་བྱེད་པ་དེ་ནི་མི་ཆགས་པ་མ་ཡིན་ལ། ཉམས་པ་སྟེ་ཆང་ན་མི་ཆགས་སོ། །ཚིག་གི་ཕྲད་སྔ་ཕྱི་འཁྲུགས་
པས་གོ་བར་བྱེད་པ་མིན་ནོ་དང་། ལས་བྱེད་པ་ན་ཆོས་མིན་པས་མི་བྱ་སྟེ། ཆོས་མིན་པ་ཞེས་བྱ་བ་ནི། དཔེར་ན་གླེང་དྲན་མ་བྱས་པར་མཐུས་མངོན་སུམ་དུ་མ་བྱུང་པ་ལ་ཆད་པའི་ལས་བྱེད་དུ་འཇུག་པ་ལྟ་བུའོ། །དགེ་ཚུལ་མའམ་དགེ་སློང་མ་བདག་ལ་བསླབ་པ་མ་བྱིན་ཅིག །བདག་བསྙེན་པར་མ་རྫོགས་ཞེས་སྨྲ་བ་ལྟ་བུ་མི་ནོད་པ་ལས་བྱེད་པ་དང་། གཞམས་བསྒོ་མ་བྱས་པར་གནས་དབྱུང་སོགས་བྱས་ན་མི་ཆགས་པས་ཆོ་ག་ལས་མ་འདས་པར་བྱ་ལ། གང་ལ་བཙན་པོ་བྱ་བའི་སྐབས་ཡོད་བཞིན་དུ་བག་ཡངས་ལ་བརྟེན་ན་འགལ་ཚབ་ཅན་དུ་འགྱུར་རོ། ༈ །ལྷག་མ་འཆབ་བཅས་ཕྱིར་བཅོས་སྤོ་མགུ་དབྱུང་གསུམ་སྦྱར་ཏེ། དེ་ལ་ཞག་གྲངས་ཇི་སྲིད་དུ་བཅས་པ་དེ་དག་ཕྱིར། དུས་དེ་སྲིད་དུ་གསོལ་བཞིའི་ལས་ཀྱིས་སྤོ་བ་སྦྱིན། སྤོ་བ་དེ་སྤྱོད་བཞིན་པར་ལྷག་མ་རིས་འདྲ་གཉིས་པ་ཞིག་བྱུང་ན་གཞི་ནས་སྤྲོ་བ་སྦྱིན། དེ་ཡང་ཁྱད་པར་ཅན་གྱི་གནས་ནས་དམན་པའི་གནས་སུ་སྤོ་བའི་ཕྱིར་དང་། ངོ་བོ་ནི། དམན་པའི་སྤྱོད་པ་རྣམས་དང་དུ་ལེན་ཅིང་ཁྱད་པར་གྱི་སྤྱོད་པ་རྣམས་སྤོང་བ་ལ་སློབ་བོ། །ལྷག་མ་འཆབ་མེད་ལ་མགུ་བ་ཞག་དྲུག་དང་། དེ་སྤྱོད་བཞིན་པར་བྱུང་ན་གཞི་ནས་མགུ་བ་སྦྱིན། དེ་ཡང་དགེ་འདུན་ཐུགས་མགུ་བར་བྱེད་པའི་ཐབས་ཡིན་པས་མགུ་བ། ངོ་བོ་ནི། དམན་པའི་སྤྱོད་པ་རྣམས་དང་དུ་ལེན་ཅིང་། ཁྱད་པར་
གྱི་སྤྱོད་པ་རྣམས་སྤོང་བར་སློབ་བོ། །དེ་ལྟར་མགུ་བ་སྤྱད་ནས་དབྱུང་ལ་དགེ་སློང་༢༠དབྱུང་བའི་ཆོ་ག་བྱའོ། །ཅིའི་ཕྱིར་དབྱུང་བ་བྱ་ཞེ་ན། ས་གཞན་ན་གནས་པ་ལས་ས་རང་བཞིན་དུ་གནས་པར་འབྱུང་བའི་ཕྱིར་དེ་སྐད་དོ། །དེ་ཡང་སྤོ་བ་སྤྱད་ལ་དབྱུང་བ་མ་བྱས་པ་སྤོ་ལྡན། མགུ་བ་བྱས་ནས་དབྱུང་བ་མ་བྱས་པ་མགུ་ལྡན། དེ་བཞིན་གཞི་ནས་སྤོ་ལྡན་སོགས་ཀྱང་ཤེས་པར་བྱའོ། ༈ །མི་སྤྲོ་བ་ནན་ཏུར་གྱིས་བཅོས་པའི་སྐབས། ཁྱིམ་པ་ལ་མཐོ་འཚམས་པ་ནི་ཁྱིམ་པ་ལ་བརྙས་ཐབས་བྱེད་པ་སྟེ། དེ་ལ་གསོལ་བཞིའི་ལས་ཀྱི་ཕྱིར་འགྱེད་པར་བྱའོ། །ཕྱིར་འགྱེད་པ་ཞེས་བྱ་བ་ནི། ཁྱིམ་པ་ཡི་ཆད་བསལ་བའི་ཕྱིར། དགེ་སློང་དེ་ལ་ཇི་སྲིད་དུ་ཁྱོད་ཀྱི་ལས་ཀྱི་མཐའ་འདི་མ་བཏང་གི་བར་དུ་ཁྱོད་ཀྱི་ཡུལ་ལ། ངེད་ཀྱི་མཛའ་གཅུགས་ཀྱི་དངོས་པོ་དང་དགའ་བའི་དངོས་པོ་ཕྱིར་བསྡུ་ཞིང་ངེད་ཕྱིར་འགྱེད་པར་བྱའོ་ཞེས་བྱའོ། །མ་མཐོང་བ་གནས་དབྱུང་ཞེས་བྱ་བ་ནི། །མ་མཐོང་ངོ་ཞེས་ཕྱིར་བཅོས་པ་རྗེས་སུ་བསྒྲུབ་པར་མ་འདོད་པ་ལ་ནི་མ་མཐོང་བས་གསོལ་བཞིའི་གནས་ནས་དབྱུང་། ༈ །ལྟུང་བ་གླེང་པའི་སྐབས་མིན་པས་ཕྱིར་མི་བཅོས་ན་ཐབས་གྲོལ་བྱེད་པ་ལ་གསོལ་བཞིའི་ལས་ཀྱིས་བསྡིགས་པའི་ལས་བྱའོ། ༈ །སྐབས་ཕྱི་ཡང་གལ་ཏེ་བསྙེན་པ་ཉིད་དུ་མི་འགྱུར་ན། ཕུར་པ་དང་བཅས་པ་བྱ་སྟེ། གནས་འདིའམ་གཞན་དུའམ་གཞི་འདིའམ།
གང་ཡང་རུང་བ་ཞེས་འདོད་པ་སྨྲས་པས། ལྟུང་བ་བཀལ་ཞིང་ཉེས་པ་བསྟན་ཏེ་བཏང་བས་སོ། །རྟ་དམུ་རྒོད་ཕུར་བ་དང་བཅས་པ་ལྟར། འདི་ཡང་དྲི་མ་དང་བཅས་ཏེ་ཕུར་པ་དང་བཅས་པ་ཞེས་བྱའོ། ༈ །དགེ་སློང་དག་ལ་གཤེའམ་སྤྱི་བ་དང་། གཞི་མེད་ཕམ་བའི་སྐུར་འདེབས་ཀྱི་ཁྱིམ་པ་གཉིས་ལ། ཁྱིམ་གྱི་ཕྱོགས་དེར་དགེ་འདུན་གྱི་གསོལ་བ་འབའ་ཞིག་པའི་ལས་ཀྱིས་ལྷུང་བཟེད་ཁ་སྦུབས་པར་བྱའོ། །གང་ལ་ལྷུང་བཟེད་ཁ་སྦུབས་པ་ཞེ་ན། ཁྲིམས་སུ་བཅའ་བ་རྣམ་པར་བཞག་པ་ཡིན་གྱི། དབྱིབས་ནི་མ་ཡིན་ནོ། །ཁྲིམས་སུ་བཅས་པ་གང་ཞེ་ན། ལྷུང་བཟེད་ཁ་སྦུབས་ཀྱི་ཁྱིམ་དུ་འགྲོ་བར་མི་བྱ། སྟན་ལ་འདུག་པར་མི་བྱ། བསོད་སྙོམས་བླང་བར་མི་བྱ་བ་ལ་སོགས་པའོ། །དེ་ཡང་དགེ་སློང་འགའ་ཞིག་གིས་ཁྱིམ་པ་ལ་དོན་དེ་གོ་བར་བྱ་ཞིང་། གལ་ཏེ་བཟོད་པ་གསོལ་ན་གསོལ་བའི་སྔགས་ལན་གསུམ་བརྗོད་པས་ཕྱིར་བཟློག་གོ ༈ །ངོ་བོ་ཉིད་ཚོལ་དུ་གཞུག་པ་ཞེས་བྱ་བ་ནི་སྨྲ་དབབ་པའི་ཆད་ལས་སོ། ༈ །འཁོར་ལོའི་དབྱེན་དེ་ཡང་དུས་དྲུག་ཏུ་མི་འགྱུར་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་ནས་རིང་པོར་མ་ལོན་པ་དང་། སྟོན་པ་མྱ་ངན་ལས་འདའ་བའི་ཚེ་གནས་སྐབས་དེ་གཉིས་སུ་དགེ་འདུན་ཤ་གཅིག་ལས་དང་། ལོ་བཅུ་གཉིས་ཡན་ཆད་བསྟན་པ་ལ་ཚུལ་ཁྲིམས་དང་ལྟ་བ་ལ་སྐྱོན་མ་བྱུང་བས་དང་། མཆོག་ཟུང་མ་
བྱུང་བར་འབྱུང་བར་མི་འགྱུར་ཏེ། བྱེ་བ་མི་གཉིས་བ་དེ་གཉིས་ཀྱིས་བཟླུམས་པའི་ཕྱིར་དང་། ཐུབ་པ་མྱ་ངན་ལས་འདས་ནས་ཀྱང་མི་འབྱུང་སྟེ། འགྲན་ཟླ་མེད་པའི་ཕྱིར་དང་། མཚམས་གཅིག་གི་ནང་དུ་ཕྱོགས་གཅིག་ཏུ་བྱེ་དགོས་པའི་ཕྱིར་མཚམས་མ་བཅད་པར་མི་འབྱུང་ངོ་། ༈ །གཞི་བཅུ་བདུན་ལས། ལས་དབྱེ་བའི་གཞི་ནི། ཀོའུ་ཤམྦྷི་དང་ཡངས་པ་ཅན་གྱི་དགེ་སློང་ལས་བྱེ་བས་རྩོད་པ་ཆེན་པོར་གྱུར་པས་《ལས་བྱེ་བ་དང་ཕྱིར་བཅོས་པའི་གཞི། དམར་སེར་ཅན་འཐབ་ཀྲོལ་བྱེད་པ་ལ་བསྡིག་པ་སོགས་ནན་ཏུར་བྱས་པས་ཕྱིར་བཅོས་པའི་ཕྱིར་དང་། དུས་དང་དུས་མ་ཡིན་པ་བསྡུས་པ་འབྱུང་བའི་གཞི་ནི། གང་ཟག་གི་ལྟུང་བ་བཅབ་མ་བཅབས་ཀྱི་རྣམ་དབྱེ་སྟོན་པའི་ཕྱིར་དང་། ས་གཞན་ན་གནས་པ་སྤྱོད་པའི་གཞི་ནི་སྤོ་བ་སྤྱོད་པ་སོགས་མིན་པའི་ཕྱིར་དང་། ཡོངས་སུ་སྦྱངས་པའི་གཞི་ནི། གསོ་སྦྱོང་དང་། དགག་དབྱེ་དང་། གདམས་ངག་བཞག་པར་བྱ་བའི་ཕྱིར། ཀོ་ཤལྕི་བ་དང་། དམར་སེར་ཅན་དང་། གང་ཟག་དང་། སྤོ་བ་དང་། གསོ་སྦྱོང་བཞག་པ་ཞེས་རིམ་པ་བཞིན་གྱིས་མིང་དུ་བཞག་གོ །དེ་དག་དང་། རྩོད་པའི་གཞི་དང་། དབྱེན་གྱི་གཞི་སྟེ་བདུན་པོ་ནི་ཕྱིར་བཅོས་ཀྱིས་བསྡུས་སོ། ༈ །སྔོན་ཆོག་ཏུ་བསྡུ་བའི་གྲལ་ལས་འཕྲིན་གྱིས་བསྙེན་པར་རྫོགས་པ་ནི་དེང་སང་ཡང་རུང་སྟེ། མདོ་མཛད་པས། སྐལ་པ་ཐ
དང་ལྡན་པའི་རང་བཞིན་ཅན་ལ་མངགས་པ་དང་འདྲ་བས་རབ་ཏུ་སྦྱིན་དུ་གཞུག་པ་ནི་ཆོ་ག་མ་ཡིན་པ་མ་ཡིན་ནོ། །ཞེས་གསུངས་ཤིང་། ལྔ་དང་བཅུས་བསྙེན་པར་རྫོགས་པ་ཡང་སྟེ། ད་ཆོག་བཅས་ནས་ཐ་སྙད་དེ་གསུམ་འབྱུང་བའི་ཕྱིར་རོ། ༈ །མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །སོགས་ཀྱི་དོན། སངས་རྒྱས་སུ་བྱེད་པའི་ཆོས་མི་སློབ་པའི་ལམ་བདེན། ཆོས་མྱ་ངན་ལས་འདས་པ་འགོག་བདེན་དང་། དགེ་འདུན་དུ་བྱེད་པའི་ཆོས་སློབ་མི་སློབ་ཀྱི་ལམ་བདེན་རྣམས་སོ། །འགྲོ་བ་བཞིའི། འདུན་པ་ཞེ་སྡང་གཏི་མུག་བཏང་སྙོམས་འགྲོ། །ཞེས་སོ། ༈ །མཚན་ཉིད་གསུམ་དང་ལྡན་པ་ཞེས་གྲངས་ཚང་པ་དང་། ཁ་སྐོང་གི་ཆོས་དང་ལྡན་པ། མི་མཐུན་པ་གཉིས་དང་བྲལ་བའོ། །དེ་ལ་ནང་གསེས་སུ་མང་དུ་དབྱེར་ཡོད་པ་སྔར་སྨོས་པ་ལྟར་རོ། ༈ །སྨྱན་བྱེད་པའི་ལྟུང་བྱེད་ལ། ཁྱིམ་པ་གང་ཞིག ། བཙུན་པ་ཁྱོད་ཀྱིས་ཁྱིམ་པ་ཆེ་གེ་མོ་ལ་འདི་སྐད་ཅེས། ཁྱིམ་བདག་འདིའི་ཆུང་མའམ། མཛའ་ན་མོའམ། སྨོན་འདྲིན་གྱིས་ཤིག་ཅེས་སྨྲ་ནུས་སམ་ཞེས་ཟེར་བ་ལྟ་བུ་ལ། ད་ལྟ་སྤྲིངས་པ་དེ་ནམས་ཏེ་ཕ་རོལ་ལ་སྐྱེལ་བར་བྱེད་ཅིང་། ཚུར་ལ་ལན་གློན་པའང་སྐྱེལ་བར་བྱེད་པ་ལྟ་བུ་དང་། དེ་ལ་འཇུག་པ་བར་མ། འཕྲིན་སྔ་མ་སྤྲད་པའི་དུས་སུ་སྔ་མ་ཤོས་ཀྱིས་ཐོས་པ་ན་འཕྲིན་ཚུར་མ་བསྐྱལ་ཡང་སྔ་མ་ལ་བརྗོད་པར་
སོང་བས་སྔ་མ་དང་འདྲའོ། །དེ་ལྟར་འཕྲིན་ནོད་པ་དང་། གོ་བར་བྱེད་པ་དང་། བརྗོད་པ་ཞེས་བྱ་བ་གསུམ་གྱིས་བྱ་བ་རྗེས་སུ་བསྒྲུབ་པ་ནི་སྦྱོར་པ་ཐ་དད་པ་ཡིན་ཏེ། གསུམ་པ་དེ་དག་གི་བྱ་བ་ཉིད་ནི་ཐ་དད་#པ་ཉིད་དོ། །ཞེས་པས་སོ། །དབྱེན་དང་། དེའི་རྗེས་ཕྱོགས་དང་། ཁྱིམ་སུན་འབྱིན་པ་དང་། བཀའ་བློ་མི་བདེ་བ་བཞི་ཀ་ལ། དང་པོར་དགེ་སློང་གཙུགས་པ་དག་གིས་གཞམས་ཏེ་བསྒོ་ལ། དེས་གཞི་དེ་གཏོང་ན་ལེགས། མི་གཏོང་བར་གཞི་དེ་ཉིད་ལ་ནན་ཏན་མཆོག་ཏུ་བཟང་ཞིང་མངོན་པར་ཞེན་ནས། འདི་ནི་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་ཐ་སྙད་འདོགས་པར་བྱེད་པ་ན་གནས་མལ་བཤམས་པར་བྱས་ན། །གཎྜི་བརྡུངས་ཏེ་དྲིས་པའི་ཚིག་གིས་བསྒོ་བས་དགེ་འདུན་ཐམས་ཅད་འདུག་ཅིང་མཐུན་པར་གྱུར་པ་དང་། དགེ་སློང་གཅིག་གིས་གསོལ་བ་དང་བཞིའི་ལས་བརྗོད་པ་དང་པོ་བྱའོ། །དེ་ལ་གཏོང་ན་ལེགས། མི་གཏོང་ན་ལན་གཉིས་པ་བྱའོ། །དེས་མི་གཏོང་ན་གསུམ་པ་མཇུག་སྡུད་དང་བཅས་པ་གདོན་མི་ཟ་བར་བྱའོ། །གསུམ་པའི་མཐར་གཞི་དེ་མི་གཏོང་ན་དངོས་གཞིར་འགྱུར་རོ། ༈ །སྐྱོ་སྔོགས་ནི། འགྲེལ་པར། སྐྱོ་སྔོགས་བྱེད་པ་ལ་ཞེས་བྱ་བ་ནི་འཁྲུགས་ལོང་བྱེད་པ་སྟེ་ལེགས་པར་བྱེད་པ་ཉིད་མ་ཡིན་ཅིང་། ཆོས་ཀྱིས་ཉེ་བར་ཞི་བ་བྱ་བ་ཉིད་མ་ཡིན་ནོ། །ཞེས་སོ། ༈ །ཁྱིམ་པ་ཉེ་དུ་མ་ཡིན་པ་ལས་ཁྲུ་གང་ཡན་ཆད་
ཀྱི་གོས་རྙེད་པ་མེད་པའི་སོགས་ཀྱི་དོན། །སྟོན་པ་ཡངས་པ་ཅན་དུ་བཞུགས་པའི་ཚེ་ཁྱིམ་བདག་ཞིག་གིས་ཚེས་བརྒྱད་བཅུ་བཞི་ལ་བསྙེན་གནས་བྱེད་པ་སོང་ནས། དགེ་འདུན་བཀྲལ་བའི་ཟས་མི་ཟ་བར་དུ་བདག་ཉིད་ཟས་མི་ཟ་བ་ཞིག་ཡོད་པ་དེས། དགེ་འདུན་སྤྱན་འདྲེན་དུ་བཏང་བས། གཙུག་ལག་ཁང་ན་དགེ་འདུན་མེད་ནས་ལོག་པས། གོང་དུ་སྤྱན་དྲངས་པ་ནས་དྲོངས་ཤིག །དེས་དྲངས་པ་དང་། ཟས་ཟོས་ཟིན་ནོ། །གདུགས་ཚོད་གསོལ་དང་རས་ཡུག་ཆེན་འབུལ་ལོ། །ཞེས་བྱོས་ཤིག །དེ་སྐད་སྨྲས་དང་དགེ་སློང་རྣམས་ཁོ་བོ་ཅག་གིས་སྤངས་སོ། །དེས་ཁྱིམ་བདག་དེ་ཟན་བཅད་དོ། །ཁྱིམ་མཚེས་དག་དགེ་སློང་གོས་སྦྱིན་ཡང་ལོངས་སྤྱོད་དུ་མི་བཏུབ་པར་ཁྱིམ་བདག་གིས་ཟན་བཅད་དོ། །ཟེར་བའི་སྐབས་དེ་གསོལ་པས། གོས་སྦྱིན་པའི་སྐབས་མ་གཏོགས་སོ། །དེ་རྣམས་བསླབ་པ་ལ་གུས་པའི་བསྔགས་པ་བརྗོད་ནས་སྔ་མ་ནི་བཅས་པ་ཡིན་ལ། འདི་ནི་རྗེས་སུ་གནང་བའོ། །ཞེས་སོ། །ལྷག་པར་མ་བྱས་པ་ནི་གཞན་གྱིས་མ་ཟོས་ཏེ་དེ་ཟོས་ཞེས་སྟོབ་པའོ། ༈ །ཆུ་ཚགས་ལྔ་ལས། རིལ་ཚགས་ནི་ཟླུམ་པོ་ཁ་གཉིས་པའོ། །གྲུ་གསུམ་ནི་གྲུ་ཡོད་པའོ། །དབྱངས་ཚགས་ཞེས་བྱ་བ་ནི་ཆུ་ཚགས་ཡུ་བ་ཡོད་པའོ། །རིལ་བ་ཞབས་ཚགས་ཅན་ནི་རིལ་བའི་ཞབས་སུ་ཚགས་བྱས་པའོ། །བསལ་ཚགས་ནི་གོས་ཀྱི་དུམ་བུའོ། །
མིང་གསུམ་པ་ནི་གོས་ཀྱི་ཐ་མ་ཞེས་བྱ་སྟེ། གོས་ཀྱི་ཐ་མ་ཉིད་ཀྱིས་བུམ་ཚགས་གཅེས་སུ་ཡང་བསྟན་པར་རིགས་པར་བྱའོ། །མདོར་ན་ཁྲོན་པ་ནི་བརྟགས་པས་གཙང་བ་དང་། ཆུ་ཚགས་ནི་སྲོག་ཆགས་འཛིན་པ་དང་། དགེ་སློང་དང་དགེ་འདུན་གྱིས་རུང་བའི་ཆུ་མ་གཏོགས་མི་སྤྱོད་པའི་ཕྱིར་དང་། ཆུ་མིག་དང་རྒྱུན་གད་སྲོག་ཆགས་མེད་པར་ཡིད་ཆེས་པ་སྟེ་ལྔའོ། ༈ །དགེ་ཚུལ་བསྙིལ་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ ཀྱི་བར་དུ་གཅོད་པའི་ཆོས་སུ་གསུངས་པ་ཞེས་བྱ་བ་ལ་སོགས་པ་ཟེར་བ་ལ་གཞམས་བསྒོ་བྱས། དེས་མི་གཏོང་ན་དགེ་ཚུལ་དགེ་འདུན་གྱི་ལས་ལ་མི་དབང་། མ་ཐོས་པའི་ཉན་ཀོར་ནས་བཀར། མཐོང་བའི་སར་བཞག་ནས་དགེ་འདུན་གྱི་གསོལ་བ་བྱ། དགེ་སློང་གཅིག་གིས་དེ་ལ་གསོལ་བ་བྱས་སོ། །སྡིག་པ་ཅན་ལྟ་བའི་རྣམ་པ་འདི་ལྟ་བུ་ཐོངས་ཤིག་ཅེས་གོ་བར་བྱ། དེས་མི་གཏོང་ན་བརྗོད་པ་དང་པོ། དེས་མི་གཏོང་ན་བརྗོད་པ་གཉིས་པ། དེས་མི་གཏོང་ཞིང་གཞི་དེ་ཉིད་ལ་མངོན་པར་ཞེན་པས་རྗེས་སུ་ཕྱོགས་པར་བྱེད་ན། བསྙིལ་བའི་གཞིའི་ལས་ཀྱི་བརྗོད་པ་གསུམ་པ་ཚུན་ཆད་སྔར་ལྟར་གོ་བར་བྱ་ལ། དེས་ཀྱང་མི་གཏོང་ན་མཇུག་སྡུད་པར་བྱ་སྟེ། དེ་རྫོགས་པ་ན་བསྙིལ་བ་ཡིན་ནོ། ༈ །མཉན་ཡོད་དུ་མོའུ་གལ་གྱི་བུས་ཉེ་བར་འཁོར་ལ་སོགས་པ་བཅུ་བདུན་སྡེ་བསྙེན་པར་རྫོགས་པར་བྱས་པས། ཐོ་རངས་བཀྲེས་ནས་
ངུའོ། །དེ་གསན་ནས་ཀུན་དགའ་བོ་ལ་རྨོད་པས་རྒྱས་པར་གསོལ་ཏོ། །ཀུན་དགའ་བོ་ཉི་ཤུ་མ་ལོན་པ་ནི་ཚ་གྲང་གི་རེག་པ་དང་། གཞན་གྱི་ཚིག་ངན་པར་སྨྲས་པ་དང་། སྡུག་བསྔལ་མི་བཟོད་ཅིང་། ཟག་པ་དག་ལ་ཇི་ལྟར་སྙམ་པ་མི་ནུས་པ་མི་ནུས་པ་ཡིན་ལ། ཉི་ཤུ་ལོན་ནས་ནུས་པས་བྱུང་བ་འདི་ལས་བཅས་སོ། ༈ །མདོ་སོགས་འདོན་ལ་གདོད་ཤེས་ཟེར་བ་ནི་གཞི་གསོ་སྦྱོང་དུས་སོ་ཐར་མདོ་འདོན་ཚེ། བསམ་པ་རྨོངས་པས་མ་ཡིན་པ། སྦྱོར་བ་མདོ་གདོན་པ་ལན་གཉིས་ཉམས་སུ་མྱོང་བཞིན། འདི་ལ་ཆོས་ཉིད་ཡོད་པ་བདག་གིས་གཟོད་ཤེས་སོ་ཞེས་མ་གུས་པའམ་བཞད་གད་ཀྱིས་ཟེར་བ་མཐར་ཐུག་བསླབ་གཞིའི་དངོས་པོ་ལ་ལོག་པར་བསྒྲུབ་པ་སྟེ། བསླབ་པའི་གཞིའི་དངོས་པོ་ཁྱད་དུ་གསོད་པའི་ལྟུང་བྱེད་དུ་འགྱུར་རོ། ༈ །མུ་ནི་ཁ་ལོགས་ཀྱི་མུ་སྟེ། ཅི་ནས་ཀྱང་མུ་དང་ཁད་བཅད་དུ་གང་བར་འགྱུར་བ་དེ་ལྟ་བུར་བླངས་བའོ། ༈ །ཚོད་མ་ནི་བྱ་སྣ་ཐམས་ཅད་ཀྱི་དཔེ་ཙམ་སྟེ། རང་ཇི་ཙམ་གྱིས་འཚོ་བར་གྱུར་པའི་ཚོད་མ་དང་བཟའ་བ་མཉམ་པ་མ་ཡིན་པ་དེ་ལས་ལྷག་པར་ལེན་ཏམ། ཟན་ཐ་ན་ཁམ་གཅིག་ཙམ་ཡིན་དུ་ཟིན་ཀྱང་དད་པས་སྦྱིན་པར་བྱ་བ་ཆུད་ཟ་བར་བརྗོད་པར་བྱའོ། ༈ །ཁམ་འཕྲོ་བཅད་དེ་ཟ་བ་ནི། ཁམ་ཕྱེད་མར་བཅད་དེ་ཕྱེད་ཁར་འཇུག །ཕྱེད་ལྷུང་བཟེད་དུ་འཇོག་པའོ། །རི་དོ་ཆད་ནི་བྱིན་གྱིས་གཞོལ་
བའོ། ༈ །དབྱར་ཟླ་གསུམ་དང་། དགུན་ཟླ་ཐ་ཆུང་གི་ར་བ་དང་། ཐ་ཆུང་མར་གྱི་ངོས་བཅོ་ལྔ་མི་ཐུབ་པས། ར་བ་དང་ཐ་ཆུང་གི་གནམ་སྟོང་བཞི་གསོ་སྦྱོང་བཅུ་བཞི་པ་ཡིན་ལ། སྟོན་ཟླ་གསུམ་དང་དཔྱིད་ཟླ་གསུམ་གྱི་འབྲིང་པོའི་མར་གྱི་ངོ་བཅོ་ལྔ་མི་ཐུབ་པས། འབྲིང་པོའི་གནམ་སྟོང་གཉིས་གསོ་སྦྱོང་བཅུ་བཞི་པ་ཡིན་ནོ། །ལྷག་མ་བཅུ་བདུན་ནི་གསོ་སྦྱོང་བཅོ་ལྔ་པའོ། །ཟླ་བ་བཅུ་གཉིས་ལ་གསོ་སྦྱོང་ཉེར་བཞི་ལས་གཅིག་ནི་དགག་དབྱེར་ཟད་དེ་དངོས་ཉེར་གསུམ་མོ། །ཟླ་བཤོལ་འདོན་ལུགས་ནི་རྒྱལ་པོ་དང་། རྒྱུ་སྐར་ནི་སྐར་མཁན་གྱི་རྗེས་སུ་འབྲངས་ལ། དགེ་འདུན་གྱི་གནས་བརྟན་ནས་ཟླ་བ་རེ་རེ་བཞིན་སྨུག་མའི་ཐུར་མ་བཅོ་ལྔ་ལ་སྐུད་པ་བརྒྱུས་པ་ཉིན་རེ་རེ་བགྲང་ཞིང་། དགེ་བསྐོས་ཀྱིས་གནས་བརྟན་ལ་བརྟགས་ཏེ་དགེ་འདུན་ལ་ཉི་མ་རེ་རེ་ཞིང་བརྗོད་པར་བྱའོ། །གལ་ཏེ་གཉུག་མར་གནས་པའི་ཚེས་བཅོ་ལྔ་ཡིན་ལ། གློ་བུར་དུ་ལྷག་པའི་བཅུ་བཞི་ཡིན་ན་དགེ་སློང་མང་ཤོས་ཀྱི་རྗེས་སུ་འབྲང་ཞིང་། གྲངས་མཉམ་ན་གཉུག་མ་བཙན་པར་བྱའོ། ༈ །དབྱར་གནས་ཟླ་བ་གསུམ་པའི་མཐའི་ཞག་དྲུག་ལ་འདས་པའི་ཚེ་ནི་མི་འཆགས་ཏེ། དུས་ཧ་ཅང་ཐུང་ངུ་ལས་འདས་པའི་ཕྱིར་རོ། །ཞེས་སོ། །དེ་ལ་བྱ་འདུལ་གྱིས་བདུན་ཉིད་མི་འཆགས་ཀྱི་གཅིག་སོགས་བྱིན་གྱིས་བརླབས་རུང་བར་བཞེད། ༈ །ཕྱགས་དར་ཁྲོད་ཀྱི་གོས་དེའང་ལྔ་སྟེ།
རྡུལ་གྱིས་སྦགས་པ་སྟེ་ལམ་པོ་ཆེའི་གོས་དང་། དགོན་པར་བོར་བ། སྲང་དུ་བོར་བ་དང་། མེས་ཚིག་པ་དང་། མི་གཙང་བ་དག་གིས་གོས་པའོ། ༈ །ལུས་ཁྲུ་ནི་ལུས་ཉིད་ཆ་བདུན་དུ་བགོས་པའི་ཆ་གཉིས་ཏེ་འདིར་དེ་བཟུང་ངོ་། །རྡུལ་ཁྲུ་བསྐུམ་པ་དང་། ལག་ཁྲུ་བརྐྱང་པའོ། ༈ །ཞག་བདུན་པར་རུང་བའི་ཧྲག་ནི་བུ་རམ་གྱི་དབུ་བའོ། །ཉ་དང་། ཤུ་ཤུ་ཀ་དང་། ཆུ་སྲིན་གྱིས་ས་གསོད་དང་དྲེད་མོ་དང་། ཕག་སྟེང་ཞག་ལྔའོ། ༈ །ཤན་གྱི་རྣམ་པར་བཞག་པ་ཡོན་ཏན་ཏེ། ཤན་དང་། ཤུགས་དང་། རང་ཞུགས་དང་། རྗེས་ཞུགས་ཞེས་བྱ་བ་རྣམ་གྲངས་ཡིན་ལ། དེ་གང་ལས་འབྱུང་བའི་གཞི་རང་གི་ཡིན་ནོ་སྙམ་པའི་རྒྱུན་རྗེས་སུ་འབྲེལ་བ་དང་ལྡན་པའི་གོས་དང་། ལྷུང་བཟེད་དང་སྨན་ལའོ། །ཤན་རང་གི་དབྱེ་བ་ནི། གཞི་ལས་དབྱེ་བ། ཞག་བཅུ་དང་། ཟླ་བ་དང་། ཞག་བདུན་དང་འབྲེལ་བའི་ཤན་གསུམ། ངོ་བོའི་སྒོ་ནས་གོས་སྔ་མ་བྱིན་རླབས་མ་བྱས་པར་ཞག་ལྔ་ལོན་ན་ཕྱི་མས་དེ་ཉིད་ཀྱི་ཉིན་མོ་ཞག་ལྔ་ལོན་པར་སོང་བལྟ་བུ་ཞག་ཤན། སྔ་མས་བཅུ་གཅིག་ལོན་པའི་སྤངས་ལྟུང་བསྐྱེད་པས་ཕྱི་མ་རྙེད་པ་དེ་ཉིད་ཀྱི་ཉིན་པར་བཅུ་གཅིག་ལོན་པའི་སྤང་ལྟུང་དུ་འགྱུར་བ་ལྟུང་ཤན། སྤང་ལྟུང་སུམ་ཅུ་གང་རུང་རྒྱུད་ལ་ཡོད་པས་རྫས་རིགས་མི་མཐུན་པའི་ཡོ་བྱད་སྤང་དགོས་པ་ལྟ་བུ་སྤང་བའི་ཤན་ཏེ་དབྱེ་བ་གསུམ་མོ། །
ཇི་ལྟར་ཤན་བརྡེག་པའི་ཚུལ་ལས། ཞག་བཅུ་དང་འབྲེལ་བའི་ཤན་བརྡེག་ཚུལ་ནི། ཚེས་གཅིག་ལ་གོས་ལྷག་པོ་ཚད་དང་ལྡན་པ་རྙེད་པ། ཚེས་ལྔའི་བར་དུ་བྱིན་གྱིས་མ་བརླབས་ལ། ཚེས་ལྔའི་ཉིན་གོས་རུང་། །བ་ཞིག་རྙེད་ན། སྔ་མའི་ཤན་གྱིས་ཕྱི་མ་ཡང་དེ་ཉིད་རང་ཞག་ལྔ་ལོན་པར་འགྱུར་ཞིང་། སྔ་མས་ཞག་བཅུ་གཅིག་ལོན་ནས་སྤང་ལྟུང་བསྐྱེད་པའི་ཚེ། ཕྱི་མས་ཀྱང་ཞག་བཅུ་གཅིག་ལོན་པའི་སྤང་ལྟུང་བསྐྱེད་དོ།། །།དེ་ལྟ་བུ་ནི་བྱིན་གྱིས་མ་བརླབས་པ་ལ་བྱིན་གྱིས་མ་བརླབས་པས་ཤན་བརྡེག་པའོ། །ཡང་གོས་སྔ་མ་བྱིན་མ་བརླབས་ལ། ཕྱི་མའི་གོས་བྱིན་གྱིས་བརླབས་ཀྱང་སྔ་མ་སྤང་ལྟུང་བསྐྱེད་པའི་ཚེ་ཕྱི་མའང་ཤན་གྱིས་སྤང་ལྟུང་བསྐྱེད་པར་འགྱུར་ཏེ། ཕྱི་མའི་བྱིན་རླབས་ཀྱིས་སྔ་མའི་ལྟུང་བ་སྐྱོབ་མི་ནུས་པའི་ཕྱིར། བྱིན་གྱིས་མ་བརླབས་པས་བྱིན་གྱིས་བརླབས་པ་ལ་ཤན་བརྡེག་ཅེས་བྱའོ། །གོས་སྔ་མ་བྱིན་གྱིས་བརླབས་ན་༢ ཕྱི་མ་ལ་ཤན་གྱིས་མི་ཕོག་པས། ཕྱི་མ་བྱིན་གྱིས་མ་བརླབས་ན་རང་སྟོབས་ཀྱིས་ཞག་བཅུ་གཅིག་ལོན་ཚེ་སྤང་ལྟུང་དུ་འགྱུར་རོ། །གལ་ཏེ་སྔ་ཕྱི་གཉིས་ཀ་ཞག་བཅུའི་སྔ་རོལ་ལམ། དེ་ཉིད་ཀྱི་ཉིན་པར་བྱིན་གྱིས་བརླབས་ན་ལྟུང་བར་མི་འགྱུར་རོ། །གོས་ཚད་དུ་མ་ལོངས་པ་ཁྲུ་གང་ཙམ་མམ། དེ་ལས་ཆུང་བ་ཁ་བསྣོན་གྱི་རེ་བ་མེད་པ་དང་། གདོང་ཕྱིས། ཆུ་ཚགས། སྟན་འཇམ། དྲེའུ་རྡོག་ལ་སོགས་པའི་ཡོ་བྱད་བྱིན་ག
གྱིས་མ་བརླབ་པ་དེ་དག་ཀྱང་ཁ་བསྐང་བ་ལ་རེ་བ་མེད་པ་ཉིད་ཡིན་པས་ཞག་བཅུའི་སྤང་བར་གཏོགས་པ་དེ་ཁོ་ན་ཉིད་དོ། །ལྷུང་བཟེད་ཀྱི་ཤན་བརྡེག་པ་ཡང་དེ་བཞིན་དུ་སྦྱར་རོ། །ཟླ་བ་དང་འབྲེལ་བའི་ཤན་བརྡེག་ཚུལ་ལ་མུ་བཞི། གོས་ཅུང་ཟད་མི་ལྡང་བ་ལ་ཁ་བསྣོན་ལ་རེ་བ་དང་བཅས་པས་ཞག་བཅུའི་ནང་དུ་ཁ་སྣོན་པས་ཁ་སྣོན་ལ་རེ་བ་མེད་པའི་ཕྱིར་རིགས་ལོག་ལ་ཕྱིས་རྙེད་པ་ལ་སྔར་གྱི་ཤན་འབྱུང་བ་ནི་རིགས་ལོག་ལ་ཤན་འབྱུང་བའོ། ༡༽ །ཁ་སྣོན་ལ་རེ་བ་དང་བཅས་པ་ཁ་དོག་རིས་མི་མཐུན་པ་རྙེད་ཅིང་ཟླ་བ་འདས་པ་ན་རིགས་མ་ལོག་སྟེ། གཉིས་ཀ་བསྡམས་པས་གོས་བྱར་མི་རུང་བའི་ཕྱིར་ཤན་འབྱུང་ལ་རིགས་མ་ལོག་པའོ། །དཀར་པོ་ཡིན་ན་གང་དུ་ཡང་བསྒྱུར་བས་རྙེད་པ་དང་འདྲའོ། །ཕྱིས་རྙེད་པ་ལ་སྔར་གྱི་ཤན་ནི་འབྱུང་ངོ་། ༼༢༽ །གོས་སྔ་མ་གཞན་ཡང་མེད་ཅིང་ཟླ་བ་གཅིག་གི་ནང་དུ་ཁ་སྣོན་ལ་རེ་བ་ཆད་པ་ནི་རིགས་ལོག་ལ་ཤན་མ་འབྱུང་བའོ། །ཁ་སྣོན་ལ་རེ་བ་དང་བཅས་པས་ཟླ་བ་འདས་ཤིང་གོས་གཞན་འཁོར་གསུམ་ཁེབས་པའི་ཚད་ཙམ་ཡང་མ་རྙེད་པ་ནི་རིགས་ཀྱང་ལོག་ལ་ཤན་ཀྱང་མི་འབྱུང་བ་སྟེ། ཞག་བཅུ་གསུམ་པའི་ནང་དུ་ཁ་སྣོན་རྙེད་ཀྱང་གང་རྙེད་པའི་ཞག་བཅུ་པ་དེའི་རིགས་སུ་བསླན་ནོ། །ཞག་བདུན་པ་དང་འབྲེལ་བའི་ཤན་བརྡེག་ཚུལ་ནི། མར་ལྟ་བུའི་ཤན་ཕྱིས་རྙེད་པའི་མར་
ཁོ་ན་ལ་འབྱུང་གི །འབྲུ་མར་ལྟ་བུ་ལ་ནི་མ་ཡིན་ཏེ། ཞག་བདུན་པ་ལ་ནི་རིགས་མི་མཐུན་པས་སོ། །ཞེས་པས་སོ། །དེ་བས་ན་ཞག་བདུན་པའི་སྨན་གྱི་ཤན་ལ། མ་བརླབས་པས་མ་བརླབས་པ་ལ་བརྡེག་པ། །བརླབ་པས་མ་བརླབས་པ་ལ་བརྡེག་པ། མ་བརླབས་པས་བརླབས་པ་ལ་བརྡེག་པ། བརླབས་པས་བརླབས་པ་ལ་བརྡེག་པ་བཞི་ཡོད། །ཅེས་སོ།། ༈ །།དགེ་འདུན་སྤྱན་དྲངས་པ་ལས། ཚེ་དང་ལྡན་པ་རྣམས་དང་པོ་རེ་ཞིག་གནས་བརྟན་བྷ་ར་དྷ་ཛ་པཎོལ་བྷ་ར་དྷྭ་ཛ་བསོད་སྙོམས་ལེན་ཞེས་བྱ་བ། དགྲ་བཅོམ་པ་སྟོང་དང་ཐབས་གཅིག་ཏུ་ནུབ་ཀྱི་བ་ལང་སྤྱོད་ན་བཞུགས་སོ། །གནས་བརྟན་གསེར་བེའུ་ཀ་ན་ཀ་བརླ་ཞེས་བྱ་བ་དགྲ་བཅོམ་པ་ལྔ་བརྒྱ་དང་ཐབས་གཅིག་ཏུ་བྱང་ཕྱོགས་ཁ་ཆེའི་ཡུལ་ན་བཞུགས་སོ། །གནས་བརྟན་བྷ་ར་དྷྭ་ཛ་ཞེས་བྱ་བ་དགྲ་བཅོམ་པ་དྲུག་བརྒྱ་དང་ཐབས་གཅིག་ཏུ་ཤར་གྱི་ལུས་འཕགས་གླིང་ལ་བཞུགས་སོ། །གནས་བརྟན་མི་ཕྱེད་པ་ཨ་བྷསྱ། ཞེས་བྱ་བ་དགྲ་བཅོམ་པ་བདུན་བརྒྱ་དང་ཐབས་གཅིག་ཏུ་བྱང་སྒྲ་མི་སྙན་གྱི་གླིང་ན་བཞུགས་སོ། །གནས་བརྟན་བ་ཀུ་ལ་ཞེས་བྱ་བ་དགྲ་བཅོམ་པ་བརྒྱད་བརྒྱ་དང་ཐབས་གཅིག་ཏུ་ཛམ་བུའི་གླིང་ན་བཞུགས་སོ། །གནས་བརྟན་བཟང་པོ་བྷ་དྲ་ཞེས་བྱ་བ་དགྲ་བཅོམ་པ་དགུ་བརྒྱ་དང་ཐབས་གཅིག་ཏུ་ཟངས་གླིང་ན་བཞུགས་སོ། །གནས་བརྟན་ནག་པོ་འཆར་ཀཱ་ལོ་ད་ལཱི་ཀ་
ཞེས་བྱ་བ་དགྲ་བཅོམ་པ་སྟོང་དང་ཐབས་གཅིག་ཏུ་སིངྒ་ལའི་གླིང་ན་བཞུགས་སོ། །གནས་བརྟན་བཀཱི་སུ་ཏྲ་ཞེས་བྱ་བ་དགྲ་བཅོམ་པ་བརྒྱ་ཕྲག་བཅུ་གཅིག་དང་ཐབས་གཅིག་ཏུ་པ་ཎ་བའི་གླིང་ན་བཞུགས་སོ། །གནས་བརྟན་གོ་ས་ཀ་སྦེད་བྱེད་ཅེས་བྱ་བ་དགྲ་བཅོམ་པ་སྟོང་ཕྲག་བཅུ་གཉིས་དང་ཐབས་གཅིག་ཏུ་རི་སྤོས་ངད་ལྡང་ན་བཞུགས་སོ། །གནས་བརྟན་ལམ་བརྟན་པཉྩཀ་ཞེས་བྱ་བ་དགྲ་བཅོམ་པ་བརྒྱ་ཕྲག་བཅུ་གསུམ་དང་ཐབས་གཅིག་ཏུ་སུམ་ཅུ་རྩ་གསུམ་ན་བཞུགས་སོ། །གནས་བརྟན་སྒྲ་གཅན་འཛིན་རཱ་ཧུ་ལ་མ་གྲགས་འཛིན་དང་དགྲ་བཅོམ་པ་སྟོང་ཕྲག་བཅུ་བཞི་དང་ཐབས་གཅིག་ཏུ་རི་ངོས་ཡངས་ལ་བཞུགས་སོ། །ཞེས་དང་། འདི་ཞྭ་ལུའི་འགྱུར་དགྲ་བཅོམ་པ་དགེ་འདུན་འཕེལ་མྱ་ངན་ལས་འདས་ཀར་ལུང་བསྟན་པ་ཡིན། གནས་བརྟན་ནགས་ན་གནས་བ་ན་བཱ་སི་ཞེས་བྱ་བ་དགྲ་བཅོམ་པ་བརྒྱ་ཕྲག་གཅིག་དང་ཐབས་གཅིག་ཏུ་རི་སྐྱ་བོ་ལ་བཞུགས་སོ། །གནས་བརྟན་ཡན་ལག་ཨངྒིར་འབྱུང་ཞེས་བྱ་བ་དགྲ་བཅོམ་པ་བརྒྱ་ཕྲག་བཅུ་གསུམ་པ་དང་ཐབས་གཅིག་ཏུ་རི་ངོས་ཡངས་ལ་བཞུགས་སོ། །གནས་བརྟན་ཀླུའི་སྡེ་ནཱ་ག་སེ་ན་ཞེས་བྱ་བ་དགྲ་བཅོམ་པ་བརྒྱ་ཕྲག་བཅུ་བཞི་དང་ཐབས་གཅིག་ཏུ་ལུས་འཕགས་རི་ལ་བཞུགས་སོ། །གནས་བརྟན་མ་ཕམ་པ་ཨ་ཛི་ཏ་ཞེས་བྱ་བ་དགྲ་བཅོམ་པ་ལྔ་བརྒྱ་དང་ཐབས་གཅིག་ཏུ་བྱ་རྒོད་ཕུང་
པོའི་རི་ལ་བཞུགས་སོ། །གནས་བརྟན་ལམ་ཕྲན་བསྟན་རྩྭ་ཌ་པཎྜཅེས་བྱ་བ་དགྲ་བཅོམ་པ་བརྒྱ་ཕྲག་བཅུ་དྲུག་དང་ཐབས་གཅིག་ཏུ་རི་གཤོལ་མདའ་འཛིན་ལ་བཞུགས་སོ། །གནས་བརྟན་བཅུ་དྲུག་པོ་དེ་རྣམས་ལ་ཤིན་ཏུ་ཆུང་བའི་ཡོན་ཕུལ་ཡང་འབྲས་བུ་ཆེན་པོར་འགྱུར་རོ། །ཞེས་དང་། བཅོམ་ལྡན་འདས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཀྱི་ཚེ། ཉན་ཐོས་ཆེན་པོ་བཅུ་དྲུག་པོ་རྣམས་ཀྱི་ཕྱག་ཏུ་དམ་པའི་ཆོས་གཏད་པར་གྱུར་ཏེ། སྦྱིན་པ་པོ་རྣམས་དང་སྦྱིན་བདག་རྣམས་ལ་རྗེས་སུ་བརྩེ་བའི་ཕྱིར་དང་། ཡོན་ཡོངས་སུ་སྦྱོང་བའི་ཕྱིར་དུའོ། །ཞེས་གསུངས་སོ། ༈ །ན་མོ་བུདྡྷ་བོ་དྷི་ས་ཏྭཱ་ཡ། གཉིས་པ་བྱང་ཆུབ་སེམས་དཔའི་སྡོམ་པའི་ངོ་བོ་ནི། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་བྱའོ་ཞེས་དམ་བཅའ་བའི་སེམས་དཔའ་ས་བོན་དང་བཅས་པ་སྟེ། རྒྱན་ལས། སེམས་བསྐྱེད་པས་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སོ། །དབྱེ་ན། སྨོན་པ་དང་། འཇུག་པ་བྱང་ཆུབ་སེམས་གཉིས་ལས། དང་པོ་ནི། སེམས་ཅན་གྱི་དོན་དུ་སངས་རྒྱས་འདོད་པ་ཙམ་དམ་བཅའ་བ་སྤྱོད་པའི་གྲོགས་དང་མ་འབྲེལ་བ་ཡིན་ནོ། །གཉིས་པ་ནི། སྤྱོད་པའི་གྲོགས་དང་འབྲེལ་བར་ཁས་བླངས་ནས་སྤྱོད་པའོ། །སོ་སོའི་བསླབ་བྱ་ལ་གཉིས་ལས། དང་པོ་སྨོན་པའི་བསླབ་བྱ་ལའང་གསུམ། བསྡུས་པར་
བསླབ་པ་ནི། བསམ་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་སྙམ་པ་ཉིད་དོ། །འབྲིང་པོ་ནི། ཚོགས་གཉིས་བསྒྲུབ་པའི་སངས་རྒྱས་འགྲུབ་དཀའ་སྙམ་ནས་ཞུམ་པ་དང་། དགེ་བ་བྱས་པས་མཐོང་ཆོས་ཀྱི་བདེ་བ་མ་བྱུང་བས་སྒྱིད་ལུག་པ་དང་། འཁོར་བའི་ཉེས་པ་ལ་སྐྲག་པ་སྟེ་གསུམ་གྱིས་སྨོན་པ་བྱང་ཆུབ་ཀྱི་སེམས་འདོར་བའི་གཉེན་པོར། སྤྱོད་འཇུག་ལས། སྦྲང་བུ་བུང་བ་ཤ་སྦྲང་དང་། །ཞེས་སོགས་དང་། བྱང་ཆུབ་སེམས་ཀྱི་རྟར་ཞོན་ནས། །ཞེས་སོགས་དང་། སྒྱུ་མ་ལྟ་བུ་དང་སྙིང་བརྩེ་བ་ཁྱད་པར་ཅན་གྱིས་བཟློག་པར་ནུས་སོ། །རྒྱས་པ་ནི། བྱང་ཆུབ་སེམས་སྐྱེ་བའི་རྒྱུ་རང་གཞན་གྱི་སྡུག་བསྔལ་བྲལ་འདོད་དང་། བདེ་བ་འཕྲད་འདོད་ཀྱི་སྙིང་རྗེ་དང་བྱམས་པ་བསྐྱེད་པ་དང་། འཕེལ་བའི་རྐྱེན་ཡང་དག་པའི་བཤེས་གཉེན་བསྟེན་པ། དཀོན་མཆོག་ལ་དད་པ། བདུད་ཀྱི་ལས་སྤངས་པ། བྱང་སེམས་ཀྱི་ཕན་ཡོན། འཁོར་འདས་ཀྱི་ཉེས་དམིགས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམས་དྲན་པ་དང་། རང་གཞན་གྱི་དོན་ཐམས་ཅད་འགྲུབ་པའི་སྤྲོ་བ་བསྐྱེད་པ་སྟེ་བདུན་དང་། མི་ཉམས་པའི་ཐབས། བླ་མ་དཀོན་མཆོག་ལ་མི་དད་པ། གཞན་གྱི་དཔལ་ལ་མི་བཟོད་པ། རང་ཞི་དོན་དུ་གཉེར་བ། ཐབས་རྒྱ་ཆེན་པོ་ལ་མི་བརྩོན་པ། སངས་རྒྱས་བྱང་སེམས་ཀྱི་ཡོན་ཏན་མི་ཤེས་ཤིང་། །
རང་དེ་ལྟ་བུ་རྩོལ་བ་ལ་མི་མོས་ན་ཉམས་པས། དེ་དག་གི་གཉེན་པོར་མོས་པ་དང་སྤྲོ་བ་སོགས་ཅི་རིགས་བསྒོམ། འཇུག་པའི་བསླབ་བྱ་ལའང་གསུམ་སྟེ། བསྡུས་པ་ནི། སྦྱོར་བ་ཅི་ནུས་ཀྱིས་སྡིག་སྤང་དགེ་སྒྲུབ་ལ་བསླབ། དབང་མེད་ཀྱི་སྡིག་པ་བྱུང་ན་ཉིན་མོར་བྱས་པ་མཚན་མོ་དང་། མཚན་མོར་བྱས་པ་ཉིན་པར་བཤགས་ཤིང་། དགེ་རྩ་ཅུང་ཟད་རེ་བྱས་པ་ཐམས་ཅད་སེམས་ཅན་གྱི་དོན་དུ་སངས་རྒྱས་སུ་བསྔོའོ། །འབྲིང་པོར་དཀར་ནག་ཆོས་བརྒྱད་བླང་དོར་བསྒྲུབ་པའོ། །རྒྱས་པར་རྒྱུ་ནི། སྨོན་སེམས་བློ་ཞུགས་ལ། དེ་འཕེལ་བའི་ཐབས་ཚོལ་ཞིང་ཉམས་པའི་རྒྱུ་སྤོང་བ་དང་། འཁོར་འདས་ཀྱི་ཉེས་དམིགས་བསྒོམ་ཞིང་། སེམས་ཅན་ཐམས་ཅད་བསྒྲལ་བར་འདོད་པའོ། །རྐྱེན་ནི། བླ་མ་དང་དཀོན་མཆོག་ལ་ཡན་ལག་བདུན་པ་ཉིན་བཞིན་དུ་བྱ་བ་དང་། གཞན་ཡང་སྐྱེས་རབས་སོགས་ལས་འབྱུང་བའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཅི་ནུས་སུ་བསླབ་བོ། །མི་ཉམས་པའི་ཐབས་ནི། ནམ་སྙིང་གི་མདོ་ལས་གསུངས་པའི་རྩ་ལྟུང་དང་། དཀོན་མཆོག་བརྩེགས་པ་སོགས་མདོ་གཞན་ནས་འབྱུང་བའི་རྩ་ལྟུང་གི་གཉེན་པོ་བསྐྱེད་དེ་མི་འབྱུང་བར་བྱ་བ་དང་། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་སོགས་སྡིག་ལྟུང་འདག་པའི་ཐབས་སྣ་ཚོགས་ལ་འབད་པར་བྱའོ། །མདོར་ན་དོན་དམ་སེམས་བསྐྱེད་ལ་བརྟེན་ནས་ཤེས་རབ་སྟོང་པ་
ཉིད་བསྒོམ་པའི་ཉེར་ལེན་གྱི་རྒྱུ་དང་། ཐབས་སྙིང་རྗེ་ཆེན་པོས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་ལམ་ལྔ་འགྲུབ། ཀུན་རྫོབ་སེམས་བསྐྱེད་ལ་བརྟེན་ནས་ཐབས་སྙིང་རྗེ་ཉེར་ལེན་གྱི་རྒྱུ་དང་། ཤེས་རབ་སྟོང་པ་ཉིད་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་ནས་ས་བཅུ་ཐོབ། སངས་རྒྱས་པ་ན་ཡང་ལམ་མཐར་ཐུག་ཆོས་སྐུ་དང་། ས་མཐར་ཐུག་གཟུགས་སྐུའོ། །དེའང་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པ་དང་། མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཏེ་ཕུན་སུམ་ཚོགས་པ་གཉིས་དང་ལྡན་པ་སངས་རྒྱས་ཀྱི་མཚན་ཉིད། དེ་ལ་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་སྤང་བྱ་གློ་བུར་གྱི་དྲི་མ་ལས་གྲོལ་བ་དག་པ་གཉིས་དང་ལྡན་པ་ནི་ངོ་བོ་ཉིད་སྐུ། གནས་སྟུག་པོ་བཀོད་པར་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། གསུང་ཐེག་ཆེན་གྱི་ཆོས་འཁོར་རྒྱུན་མི་འཆད་པར་བསྐོར་བ། ཐུགས་ཡེ་ཤེས་བཞིའི་རང་བཞིན་ཅན། འཁོར་བྱང་ཆུབ་སེམས་དཔའ་ས་བཅུ་པ་རྣམས་ཚིམ་པར་མཛད་པ་སྟེ་ལོངས་སྐུ། དེ་གཉིས་ཀྱི་བདག་རྐྱེན་ལས་བྱུང་ཞིང་། ཡུལ་ནམ་མཁའི་མཐའ་དང་མཉམ་པའི་གདུལ་བྱ་གང་ན་གནས་ན། དུས་གསུམ་རྒྱུན་མི་འཆད་པར་ཕྲིན་ལས་སེམས་ཅན་གྱི་དོན་འབའ་ཞིག་མཛད་པ་སྟེ། དེའང་བཟོ་སྐྱེ་མཆོག་གི་སྤྲུལ་པ་གསུམ་ནི་སྤྲུལ་སྐུ། དེ་ལ་ཡེ་ཤེས་ཡོད་མེད་དཔྱད་པ་ནི། གཞན་དག་སྣ་ཚོགས་འདོད་ཀྱང་། རང་ལུགས་ལ།
དོན་དམ་པར་བློ་ཡུལ་ལས་འདས་པའི་ཕྱིར་ཡོད་མེད་ཀྱི་མཐའ་ལས་གྲོལ་ཏེ། འཕགས་པས། ཡོད་དང་མེད་པ་ལ་སོགས་བཞི། །ཞི་བ་འདི་ལ་ཡོད་མ་ཡིན། །ཅེས་སོ། །ཀུན་རྫོབ་ཏུ། སེམས་དང་སེམས་ལས་བྱུང་བ་ལ་ཡེ་ཤེས་སུ་འདོགས་ན། མེད་དེ། འཁྲུལ་པ་ཟད་པའི་ཕྱིར། ཤེས་བྱ་མ་ལུས་པ་མཁྱེན་པ་ལ་བལྟོས་ན་ཡོད་དེ། གནས་འགྱུར་གྱི་སྐུ་བརྙེས་པའི་ཕྱིར་རོ། །གཞན་གྱི་དོན་དུ་རང་གི་ཁ་ན་མ་ཐོ་བ་གཞི་དང་བཅས་པ་སྤངས་བ་ཚུལ་ཁྲིམས། དེ་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་ན་ཕར་ཕྱིན་དུ་འགྱུར་རོ།། ༈ །།ལུས་ངག་གི་འཆལ་ཚུལ་གྱི་གཉེན་པོར་ཚུལ་ཁྲིམས་གསུམ་སྟེ། དང་པོ་ལའང་། སོ་ཐར་དང་། བྱང་སེམས་སོ། །དང་པོ་བྱང་སེམས་ཀྱི་འཁོར་གསུམ་ཡང་དག་གིས་མ་ཟིན་ན་ཉན་ཐོས་ཡིན་ཡང་། དེ་དག་གིས་ཟིན་ཅིང་གཞན་དོན་དུ་སྤྱོད་ན་བྱང་སེམས་སོ་ཐར་དུ་འགྱུར་རོ། །གཉིས་པ་ལ། སྲོལ་གཉིས་ཁོ སོ་སོའི་རྩ་བ་དང་ཡན་ལག་གི་ལྟུང་བ་རྣམས་དང་། ཐུན་མོང་དུ་དཀར་ནག་གི་ཆོས་བརྒྱད་བླང་དོར་ལ་བསླབ་བོ། །གཉིས་པ་ནི། དགེ་བ་བསྒྲུབ་པའི་ཕྱིར། མི་དགེ་བའི་ཆོས་བཞི་དང་བཅས་པ་སྤངས་པའི་སེམས་པ་རྒྱུན་ཆགས་པའོ། །དབྱེ་ན་སྐྱབས་འགྲོ་ནས་སངས་རྒྱས་ཀྱི་ཡོན་ཏན་གྱི་བར་གྱི་དགེ་བའི་ཆོས་སྡུད་པ་ལ་ཅི་རིགས་བསླབ་བོ། །གསུམ་པ་ནི། གཞན་དོན་བསྒྲུབ་པའི་ཕྱིར་དེ་དང་འགལ་བ་གཞི་
བཅས་སྤངས་པའི་སེམས་པ་ས་བོན་དང་བཅས་པ་རྒྱུན་ཆགས་པའོ། །དེས་ན་གཞན་དོན་དུ་འགྱུར་ན་ཕམ་པ་བཞི་ཡང་སྤྱོད་པར་གནང་ངོ་། །ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་རྣམས་ཤེས། །དེ་ཡི་གཉེན་པོ་བསྟེན་ཅིང་དེ་དག་ཀྱང་། །ཕྱིན་ཅི་མ་ལོག་བསྒྲུབ་ལས་གནས་སྐབས་དང་། །མཐར་ཐུག་འབྲས་བུ་མཆོག་ལ་སྦྱོར་བར་ཤོག ༈ །ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱིའི་མཚན་ཉིད་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཕ་རོལ་ཏུ་སྒྲོལ་བའི་ཐབས་སོ། །དབྱེ་ན། དབྱེ་གཞི་ནི། རྫོགས་པའི་སངས་རྒྱས་སྒྲུབ་པའི་ཐབས་ཁྱད་པར་པའོ། །ཇི་ལྟར་དབྱེ་བའི་དོན་ནི། ཕར་ཕྱིན་དྲུག་སོ་སོའམ། དེ་རེ་རེ་ལའང་། ངོ་བོ། རང་བཞིན། ཕན་ཡོན་གསུམ། བར་པ་ལ་མི་མཐུན་པའི་ཕྱོགས་ངོས་བཟུང་བ། གཉེན་པོའི་རང་བཞིན་སོ་སོར་དཔྱད་པ་དེ་དག་ཕྱིན་ཅི་མ་ལོག་པར་བསྒྲུབ་པའོ། །ཕྱི་མ་ལ་གནས་སྐབས་དང་། མཐར་ཐུག་གི་འབྲས་བུ་གཉིས་སོ། །གོ་རིམ་ངེས་པར་བསྒྲུབ་པ་དང་སྒྲ་དོན་རྣམས་ཀྱང་གོ་སླ་སྟེ། སྦྱིན་པའི་ངོ་བོ་ནི། བདོག་པའི་དངོས་པོ་གཞན་ལ་ཕན་པར་སྟེར་བ་སྟེ། དེ་སྦྱོར་དངོས་རྗེས་གསུམ་གྱིས་ཟིན་ ན་ཕར་ཕྱིན་དུ་འགྱུར་རོ། །ངེས་ཚིག་ནི། དཱ་ན་ཞེས་པའི་སྒྲ་ལས་དྲངས་ན། ད་རི་དྭ་ཕོངས་པ་དང་། ན་ས་སེལ་བའོ། །དབྱེ་ན་རབ་ཏུ་བྱུང་བས་གཙོ་བོར་མི་འཇིགས་པ་དང་། ཆོས་དང་། བྱམས་གསུམ་སྦྱིན།
ཁྱིམ་པས་ནོར་སྦྱིན། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བའོ། །ཚུལ་ཁྲིམས་ཀྱི་ངོ་བོ་སོགས་བཤད། ངེས་ཚིག་ནི། ཤཱི་ཏ་བསིལ་བ། ལན་ཐོབ་པ་སྟེ་མྱ་ངན་ལས་འདས་པའི་བསིལ་བ་ཐོབ་པའོ། །བཟོད་པའི་ངོ་བོ་ནི། གཞན་གྱི་གནོད་པ་བྱས་པ་ལ་སེམས་མི་འཁྲུགས་པའོ། །སྒྲ་དོན་ནི། ཀོ་བྷ་འཁྲུགས་པ། ཤཱནྟི་ཞི་བ་སྟེ་སེམས་འཁྲུགས་པ་ཞི་བའོ། །དབྱེ་ན་གསུམ་མོ། །བརྩོན་འགྲུས་ཀྱི་ངོ་བོ་ནི། གཞན་གྱི་དོན་དུ་དགེ་བ་ལ་སྤྲོ་བའོ། །ངེས་ཚིག་ནི། པར་མཆོག །ཡནྡྲ་སྦྱོར་བ་སྟེ། དགེ་བ་མཆོག་ལ་སྦྱོར་བས་བརྩོན་འགྲུས་སོ། །དབྱེ་ན། སྤྱོད་ཡུལ་ཡོངས་སུ་དག་པ་དང་། སྒྲུབ་པ་ཕུན་སུམ་ཚོགས་པའོ། །གཉིས་པ་ནི། ཟང་ཟིང་སྲུང་བ་བརྒྱུད་ནས་དང་། སྟེར་བ་དངོས་སུ་གཞན་དོན། དེས་གནས་སྐབས་སུ་ལོངས་སྤྱོད་སོགས་འདུ་ཞིང་། མཐར་ཐུག་སྦྱིན་པའི་ཕ་རོལ་ཕྱིན་པ་རྫོགས་པས་ཤུགས་ལ་རང་དོན་འགྲུབ་པའོ། །བསམ་གཏན་གྱི་ངོ་བོ་ནི། རྫོགས་པའི་སངས་རྒྱས་ཀྱི་དོན་དུ་སེམས་མཉམ་པར་འཇོག་པ། སྒྲ་དོན་ནི། དྷུ་ར་འཛིན་པ། མ་ན་ཡིད་དེ་ཡིད་འཛིན་པས་བསམ་གཏན། དབྱེ་ན། འཇིག་རྟེན་པ་དང་ཐུན་མོང་པའི་བསམ་གཏན། ཉན་ཐོས་དང་ཐུན་མོང་པའི་བསམ་གཏན། ཐེག་ཆེན་ཐུན་མོང་མ་ཡིན་པའིའོ། །དང་པོ་ནི། བསམ་གཏན་གྱི་
ཉེར་བསྡོགས་བདུན་དང་། དངོས་གཞི་བསམ་གཏན་དང་པོ་ལ་སོགས་པ་བསྒོམ་པའོ། །གཉིས་པ་ནི། མི་རྟག་པ་སོགས་འཁོར་བའི་ཉེས་དམིགས་ནས་མགོ་བཟུང་སྟེ། སྔོན་དུ་འགྲོ་བ་འདོད་ཆགས་ཤས་ཆེ་ན་མི་སྡུག་པ་བསྒོམ་པ་སོགས་སོ། །དངོས་གཞི་ནི་ལམ་ལྔ་དང་བྱང་ཕྱོགས་སོ་བདུན་ནོ། །ཐེག་པ་ཆེན་པོའི་ལུགས་ལ་དབུ་མ་པ་ལྟར་ན། དང་པོ་བརྩེ་བས་སེམས་ཅན་བདེ་བ་དང་འཕྲད་འདོད་བྱམས་པ། སྡུག་བསྔལ་དང་བྲལ་འདོད་སྙིང་རྗེ། དེ་གཉིས་དང་མི་འབྲལ་བར་འདོད་པའི་དགའ་བ་སྟེ་ཕན་བར་དགོངས་པ་གསུམ་དང་། དགྲ་གཉེན་ཆགས་སྡང་ལ་སོགས་པ་ཆོས་བརྒྱད་སྙོམས་པར་འདོད་པ་བཏང་སྙོམས་ཏེ་བདེ་བའི་དགོངས་པའོ། །དེ་ཡང་བསྡུ་ན་བྱམས་སྙིང་རྗེ་གཉིས་སུ་འདུ་བས་ཐོག་མར་དེ་བསྒོམ། དེ་ནས་ཀུན་རྫོབ་དོན་དམ་གྱི་བྱང་ཆུབ་སེམས་བསྒོམ་པར་བྱའོ། །ཤེས་རབ་ཀྱི་མཚན་ཉིད་ནི། ཤེས་བྱའི་གནས་ལུགས་ཇི་ལྟ་བ་བཞིན་དུ་རྟོགས་པའོ། །སྒྲ་དོན་ནི། པ་ར་མ་ཨརྦ་དོན་དམ། ཛྷཱ་ན་ཤེས་པ་སྟེ། དོན་དམ་པ་ཤེས་པར་ཞེས་བྱ་བ་ཡིན་ནོ། །དབྱེ་ན། སྦྱོར་བ་ལྟ་བས་སྤྲོས་པ་བཅད་པ། དངོས་གཞི་སྒོམ་པས་ཉམས་སུ་བླང་བ། རྗེས་སྤྱོད་པས་མཐར་ཕྱིན་པ་བྱ་བའོ། །གསུམ་པ་ནི། གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་བརྟེན་ནས་ཏིང་ངེ་འཛིན་བསྒོམ་པས་ཤེས་རབ་ཀྱི་དབང་པོ་སྐྱེ་བའོ། །བསྡུ་དངོས་
བཞི་ལ། མཚན་ཉིད་ནི། སེམས་ཅན་སྨིན་པར་བྱ་བའི་དོན་དུ་ཐབས་ལ་མཁས་པས་འཁོར་ཡོངས་སུ་བསྐྱང་བའོ། ༈ །དབྱེ་ན་སྦྱིན་སོགས་བཞིའོ། །གྲངས་ངེས་པ་ནི། གདུལ་བྱ་ལ་གནས་སྐབས་དང་མཐར་ཐུག་ཏུ་ཕན་གདགས་པའམ། སྣོད་རུང་། མོས་པར། བསྒྲུབ་པར། མཐར་ཕྱིན་པར་བྱ་བའི་ཕྱིར་བཞིར་གྲངས་ངེས་པའོ། ༈ །སྦྱིན་པའི་གནས་སྐབས་ཀྱི་འབྲས་བུ་འདི་དང་ཕྱི་མར་ལོངས་སྤྱོད་ཕུན་སུམ་ཚོགས་པ་འཐོབ་ཅིང་གཏོང་བ་ལ་སྤྲོ་བ་སོགས་དང་། མཐར་ཐུག་སངས་རྒྱས་པའི་ཚེའང་འཇིག་འདས་ཀྱི་འཁོར་རྒྱ་མཚོ་ལྟ་བུ་འདུ་ཞིང་མཆོད་པ་དང་། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་དབང་བསྒྱུར་བ་སོགས་ཕན་ཡོན་དཔག་ཏུ་མེད་དོ། ༈ །ཚུལ་ཁྲིམས་ཀྱིས་གནས་སྐབས་སུ་ཚེ་འདིར་འགྱོད་པ་མེད་པའི་སྟོབས་ཀྱིས་ཡིད་བདེ་ཞིང་རྣལ་དུ་ཕེབས་པ་དང་ཤེས་རབ་གསུམ་གྱི་རྒྱུར་འགྱུར་བ་སོགས་མཐའ་ཀླས་ཕྱི་མར་མཐོ་རིས་ཀྱི་ཡོན་ཏན་བདུན་རིགས་ལྡན་གཟུགས་བཟང་ལོངས་སྤྱོད་ཆེ། །ཤེས་རབ་ཕུན་ཚོགས་དབང་ཕྱུག་ལྡན། །ནད་མེད་ཤིན་ཏུ་ཚེ་རིང་བས། །མཐོ་རིས་ཡོན་ཏན་བདུན་ཞེས་གསུངས། །མཆན། ལྡན་ཐོབ། སངས་རྒྱས་པའི་ཚེ་ན་སྙན་པའི་གྲགས་པ་ལྷར་བཅས་ཁྱབ་པ་དང་། བསྲུང་བ་མེད་པ་གསུམ་ཐོབ་བོ། ༈ །བཟོད་པས་ཚེ་འདིར་གཞན་གྱི་གནོད་པ་རང་ཞིར་འགྱུར་ཞིང་ལུས་སེམས་བདེ་བ་དང་། ཕྱི་མར་གཟུགས་བཟང་། ཚེ་རིང་།
མི་དང་མི་མ་ཡིན་པའི་དགྲ་མི་འབྱུང་བ་སོགས་དང་། མཐར་ཐུག་སངས་རྒྱས་པའི་ཚེ་རྒྱལ་པོའི་མཚན་དང་དཔེ་བྱད་ཐོབ་ཅིང་སྐྱེ་བོ་ཐམས་ཅད་ཀྱི་ཡིད་འཕྲོག་པའི་སྐུ་དང་གསུང་དུ་འགྱུར་རོ། ༈ ། བརྩོན་འགྲུས་ཀྱིས་གནས་སྐབས་སུ་བྱ་བ་ཐམས་ཅད་འགྲུབ་ཅིང་། དེས་ལོངས་སྤྱོད་དང་ཡོན་ཏན་སོགས་འབྱུང་། འཆི་ཁར་འགྱོད་པ་མེད། ཕྱི་མར་སྐད་ཅིག་རེ་རེ་ལ་མི་དགེ་བ་ཐམས་ཅད་ཟིལ་གྱིས་གནོན། དགེ་རྩ་གོང་དུ་འཕེལ། ཇི་ལྟར་བརྩམས་པ་མྱུར་དུ་འགྲུབ། རྫོགས་བྱང་གི་ཡོན་ཏན་ཐམས་ཅད་འབྱུང་ངོ་། །མཐར་ཐུག་སངས་རྒྱས་པ་ན། སྟོབས་དང་མི་འཇིགས་པ་སོགས་ཡོན་ཏན་ཐམས་ཅད་ལྷུན་གྱིས་ག གྲུབ་པ་དང་། གཞན་དོན་གྱི་ཕྲིན་ལས་ཐོགས་པ་མེད་པར་འབྱུང་བའོ། ༈ །བསམ་གཏན་གྱིས་གནས་སྐབས་སུ། བསམ་གཏན་བསྒོམ་པས་ཞི་གནས་སྐྱེ། དེས་ཉོན་མོངས་གློ་བུར་བ་ལྡོག་ཅིང་། ལུས་སེམས་ཤིན་སྦྱངས་ཀྱི་དགའ་བདེ་ཁྱད་པར་ཅན་ཐོབ་པ་སོགས་དང་། ཕྱི་མར་སྒོ་གསུམ་ལས་སུ་རུང་བས་བསམ་གཏན་བཞི་དང་མངོན་པར་ཤེས་པ་ལྔ་སོགས་ཐོབ། མཐར་ཐུག་རང་གཞན་གྱི་ཕྲིན་ལས་སྒྲུབ་པ་ཡོངས་སུ་དག་པ་བཞི་སོགས་ཐོབ་བོ། ༈ །ཤེས་རབ་ཀྱིས་ཚེ་འདིར་ཤེས་བྱ་མཁས་པའི་བློ་གྲོས་ཐོབ་ཅིང་ཀུན་ལ་མི་འཇིགས་པའི་སྤོབས་པ་ཐོབ་ནས་ཚད་མའི་ཡུལ་དུ་གྱུར་པ་སོགས་དང་། ཕྱི་མར་གང་དུ་སྐྱེ་བ་དེར་
དབང་པོ་རྣོ། ཐོས་པ་འཛིན། སངས་རྒྱས་བྱང་སེམས་རྣམས་ལ་འབེལ་གཏམ་ནུས། རང་གི་ཤེས་སྒྲིབ་སྤོང་། གཞན་ལ་ཆོས་འཁོར་བསྐོར་ནུས། མཐར་ཐུག་མཁྱེན་པ་གཉིས། སོ་སོ་ཡང་དག་པར་རིག་པ་བཞིའི་སྤོབས་པ་ཐོབ། མི་འཇིགས་བཞི་དང་ལྡན་པ་ཕས་རྒོལ་ཚར་གཅོད་པར་འགྱུར་རོ། །དབྱེ་བ་ངེས་པར་བསྒྲུབ་པ་ལ། རང་གཞན་གྱི་དོན་བསྒྲུབ་པ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་སོགས་དྲུག་དགོས་པས་དེ་བསྒྲུབ་པ་དང་། གདུལ་བྱ་ལ་བལྟོས་ནས་བཟོད་སྦྱིན་ཁྱིམ་པ། ཚུལ་བསམ་རབ་བྱུང་། བརྩོན་ཤེར་གཉིས་ཀ་ལ་དགོས་པའོ། །གོ་རིམ་ངེས་པ་ནི། སྔ་མ་ལ་བརྟེན་ནས་ཕྱི་མ་སྐྱེ་བའི། །དམན་མཆོག་གི །རགས་ཕྲའི་རིམ་པ་སྟེ་གསུམ་དུའོ། ༈ །གསུངས་པ། དེས་ན་ཐོས་བསམ་གྱི་སྒྲོ་འདོགས་བཅད་ནས་ཐེ་ཚོམ་མེད་པའི་དོན་བསྒོམ་དགོས། གནས་ལུགས་ཀྱི་དོན་ལ་བསྒོམ་ལུགས་མང་བར་སྣང་། ཉན་ཐོས་བདེན་པ་བཞི་བསྒོམ། སེམས་ཙམ་རྣམ་མེད་སྤྱི་བསྒོམ། སློབ་དཔོན་ཤཱནྟི་པས། རྩེ་གཅིག །སྤྲོས་བྲལ། རོ་གཅིག །སྒོམ་མེད་དེ་རྣལ་འབྱོར་བཞི་ལ་བྱེད་པའང་སྣང་། དབུ་མ་རང་རྒྱུད་པས་ཟུང་འཇུག་རབ་ཏུ་མི་གནས་པ་ལ་བྱེད། ཐལ་འགྱུར་བས་སྟོང་ཉིད་རབ་ཏུ་མི་གནས་པ་ལ་བྱེད། གསང་སྔགས་རྙིང་མ་བས་ཐེག་པ་རིམ་དགུའི་མཐར་ཐུག་ཤིན་ཏུ་རྣལ་འབྱོར་ལ་བྱེད། གསང་སྔགས་
གསར་མ་བས་དབང་བཞི་དང་ལམ་རིམ་པ་གཉིས་ཀྱི་ཡེ་ཤེས་ལ་བྱེད། དེ་རྒྱུད་ཐ་དད་ཀྱི་དགོངས་པས་དོན་གཅིག་ཀྱང་དམིགས་པའི་རིམ་པ་མི་འདྲ་བ་ཡོད། སློབ་དཔོན་མཚོ་སྐྱེས་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་ཅེས་གསུངས། རྣལ་འབྱོར་དབང་ཕྱུག་བིརླ་པས་ཤིན་ཏུ་རྣམ་པར་དག་པའི་དེ་ཁོ་ན་ཉིད་ཅེས་གསུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས་རིམ་པ་ལྔ་པའི་ཟུང་འཇུག་ཅེས་ཀྱང་གསུངས། རིམ་པ་གཉིས་ལ་ཕྱག་རྒྱ་བཞིར་བྱེད་ན། ལས་ཀྱི་ཕྱག་རྒྱ། ཆོས་ཀྱི་ཕྱག་རྒྱ། དམ་ཚིག་གི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོ་ཞེས་གསུངས་དེ་ལ་སོགས་པའི་རིམ་པ་མང་པོ་ཡོད་ཀྱང་། སངས་རྒྱས་དང་གྲུབ་ཐོབ་དགོངས་པ་གཅིག །འདི་ཐམས་ཅད་དབང་བཞི་དང་། ལམ་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་གྱི་བྱེ་བྲག་ཡིན། འདིའི་གནད་ཟབ་མོ་གསང་སྔགས་ཀྱི་སྐབས་སུ་འབྱུང་བས་འདིར་མི་བཤད་དོ། ༈ །ཀུན་རྫོབ་སེམས་བསྐྱེད་གཞན་གྱི་ཆོ་གའི་རྗེས་སུ་བརྗོད་པས་བརྡ་ལས་བྱུང་བའི་སེམས་བསྐྱེད་ཡིན་ལ། དོན་དམ་སེམས་རང་གིས་རྟོགས་པ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེར་བསགས་པ་ན་འཇིག་རྟེན་ཆོས་ མཆོག་གི་རྗེས་སུ་ཆོས་ལ་མི་རྟོག་པའི་ཡེ་ཤེས་མཐོང་ལམ་སྐྱེ་བ་ལ་བཤད་དོ། ༈ །འཁྲུལ་སྤོང་ལས། རྡོ་རྗེ་ཐེག་ལ་དད་ཀྱང་མ་སྨིན་པས། །ཟབ་མོ་བསྒོམས་ཀྱང་འབྲས་བུ་ངན་འགྲོ་ལས། །མཆོག་ཞལ་
མི་འགྲུབ་སངས་རྒྱས་གསུངས་པས་ནི། །བླ་མ་མཆོག་ལ་དབང་བསྐུར་ནོད་པར་མཛོད། །དབང་ཐོབ་གདམས་ངག་ཟབ་མོ་འཚལ་བ་ཡིས། །ས་སྟེང་རྒྱས་པས་ཀུན་ཏུ་བཙལ་བྱས་ཀྱང་། །ཕན་པའི་དོན་སོ་མན་ངག་དམ་ཚིག་སྟེ། །འདི་མེད་འགྲམ་རྩ་ཟད་པའི་ཁང་རུལ་བཞིན། །ལེགས་པར་སྨིན་པས་དམ་ཚིག་བསྲུངས་བྱས་ན། །རིམ་གཉིས་ཟབ་མོའི་མན་ངག་མ་བསྟེན་ཀྱང་། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ་བོ་@ཞེས། །འགྲོ་བའི་རྩ་ལག་ཕན་པར་མཛད་པས་གསུངས། །བདག་ནི་ཐོས་ཉུང་ཤེས་རབ་མིག་བྲལ་ཀྱང་། །དྲི་མེད་རྒྱུད་ལས་ལེགས་གསུངས་མཐོང་བས་ན། །དབང་བླངས་དམ་ཚིག་བསྲུང་བར་མཛོད་ཅིག་ཅེས། །ཀུན་ལ་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས། །ཞེས་སོ། །སེམས་ཙམ་ལུགས་ཀྱི་བསླབ་བྱ་བསྡུ་ན། ཚེ་འདི་ཕྱི་གཉིས་ཀར་ཕན་བདེ་གཉིས་ཀ་འབྱུང་ན་བྱ། མི་ཕན་ཞིང་མི་བདེ་བ་མི་བྱ། མི་ཕན་ཀྱང་བདེ་ན་བྱ། བདེ་ཡང་མི་ཕན་ན་མི་བྱའོ། །ཡང་། བྱང་ཆུབ་སེམས་དཔའི་ལྟུང་བ་མེད་པ་དང་། ལྟུང་བའི་གཟུགས་བརྙན་ནི་དཔྱད་པར་བྱ་ལ། ལྟང་བ་དང་ལྟང་བ་མེ་པའི་གཟུགས་པ བར་བྱ་བ་ཡིན་ནོ། །དེ་དག་ཀྱང་གང་ཡིན་སྙམ་པ་ན། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་འཛོམ་པའི་དུས་སུ་དགེ་བ་ཆོས་སྡུད་གཙོ་བོར་སྤྱད། དེ་དང་སེམས་ཅན་དོན་བྱེད་འཛོམ་
པའི་དུས་སུ་སེམས་ཅན་དོན་བྱེད་གཙོ་བོར་སྤྱད་དེ། དེ་ཡང་སེམས་ཅན་གཞན་མཚམས་མེད་པ་ལ་སོགས་པའི་ཉེས་པ་ཆེན་པོར་འཇུག་པར་མཐོང་ན། དེ་ལས་བཟློག་པའི་ཐབས་གཞན་ནི་མེད་ན། རང་སྡིག་པའང་ངན་འགྲོར་འགྲོ་བའི་སྡིག་པ་ཁྱད་དུ་བསད་ནས་གཞན་སྡིག་པ་ལས་བཟློག་པའི་ཕྱིར་དེ་བསད་ན་དེད་དཔོན་སྙིང་རྗེ་ཆེན་པོ་བཞིན་བསོད་ནམས་འཕེལ་ལོ། །ཐབས་གཞན་ཡོད་བཞིན་དུ་བསད་ན་ནི་ཆོ་ག་བཙན་པོ་ཡོད་བཞིན་དུ་སྦྱོར་བ་བག་ཡངས་ཀྱི་ཉེས་པར་འགྱུར་ལ། ཐབས་མེད་ཀྱང་མ་སྤྱད་ན་ནི་ལྟུང་བ་མེད་པའི་གཟུགས་བརྙན་ཡིན་ལ། སྤྱད་ན་ནི་ལྟུང་བའི་གཟུགས་བརྙན་ཡིན་ནོ། །གཏན་ནས་ཡུལ་མེད་པས་མ་སྤྱད་ན་ནི་ལྟུང་བ་མེད་པ་ཡིན་ལ། ཡུལ་མེད་བཞིན་དུ་བྱས་ན་ནི་ལྟུང་བ་ཉིད་ཡིན་ནོ། །དེ་བཞིན་དུ་འོག་མ་རྣམས་ལའང་ཤེས་པར་བྱའོ། །ཞེས་དང་། གང་ཟག་གཅིག་གི་རྒྱུད་ལ་སོ་སོར་ཐར་པ་དང་། བྱང་ཆུབ་སེམས་དཔའ་དང་། རིག་པ་འཛིན་པའི་སྡོམ་པ་གསུམ་དང་ལྡན་པར་གསུངས་པ་དང་འགལ་ཞེ་ན། དེའི་དོན་ནི་འདི་ཡིན་ཏེ། སྤྱིར་སོ་སོར་ཐར་པ་ཞེས་བྱ་བ་རང་གི་ངོ་བོ་ནི་གཞན་ལ་གནོད་པར་བྱེད་པ་གཞི་དང་བཅས་པ་ལས་ལོག་པ་ཡིན་ལ་དེའི་སྟེང་དུ་ཕན་འདོགས་པར་འདོད་ཅིང་ཞུགས་པ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ཡིན་ཞིང་། རིག་པ་འཛིན་པ་ནི་རིག་པ་འཛིན་པ་ཡིན་ལ། དེ་
ལ་སོ་སོར་ཐར་པ་ལ་གཉིས་ཏེ། ཉན་ཐོས་ཀྱི་སོ་སོར་ཐར་པ་དང་། བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ལས། འདིར་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ནི་སྡོམ་པ་ཐོབ་པ་དང་། གནས་པ་གཉིས་ཀའི་#རྟེན་དུ་རུང་གི །སྔ་མ་ནི་དེ་ལྟར་མ་ཡིན་པས། རྡོ་རྗེ་རྩེ་མོའི་དགོངས་པ་ནི་བྱང་ཆུབ་སེམས་དཔའི་སོ་ཐར་རོ། །བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་དེ་བླང་པའི་ཆོ་ག་གཞན་ཡོད་དམ། སོ་སོར་ཐར་པའི་སྡོམ་པ་བླང་བའི་ཆོ་ག་ཉིད་ཅེ་ན། སྔར་སོ་སོར་ཐར་པ་ཐོབ་ནས་ཕྱིས་བྱང་སེམས་ཐོབ་པའི་དུས་སྔར་གྱི་དེ་བྱང་ཆུབ་སེམས་དཔའི་སྡོམ་པར་འགྱུར་ལ། སྔར་མ་ཐོབ་ན་ནི་བྱང་ཆུབ་སེམས་དཔའི་སྨོན་པའི་སེམས་བསྐྱེད་དུས་ཉིད་དུ་བྱང་ཆུབ་སེམས་དཔའི་སོ་སོར་ཐར་པ་ཐོབ་པ་ཡིན་ནོ། །ཞེས་གསུངས། འདིར་ཀུན་དཀྲིས་ཆེན་པོས་སྤྱད་པའི་ཕམ་པ་བྱུང་ན་སྔར་ཐོབ་པ་བཞིན་དུ་སླར་བླང་བའམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་དྲུང་དུའོ། །ཕམ་པ་ལྟ་བུ་ཟག་པ་འབྲིང་གིས་སྤྱད་ན་ཉེས་བྱས་ཀྱི་ལྟུང་བར་འགྱུར་ཏེ་བླ་མའམ་མཁན་པོ་སོགས་གང་ཡང་རུང་བ་གསུམ་གྱི་དྲུང་དུ་དངོས་པོ་བརྗོད་ནས་བཤགས་སྡོམ་བྱ། ཆུང་ངུ་ནི་གང་ཟག་གཅིག་གི་མདུན་དུ་བཤགས། ཉེས་བྱས་སོ་དྲུག་ནི་ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་མེད་པ་གཉིས་ལས། སྔ་མ་ནི། གང་ཟག་གཅིག་གི་མདུན་དུ་བཤགས་སོ། །
ཕྱི་མ་ནི། རང་གི་སེམས་ཁྲེལ་ཡོད་པ་དང་། ངོ་ཚ་ཤེས་པ་དང་། དུལ་བ་དང་། ཞི་བ་དང་། ཕྱིས་མི་བྱ་བའི་བསམ་པ་ཅན་དུ་བྱའོ། །ཞེས་གསུངས།། ༈ །།སྡོམ་གསུམ་ལས་བཤད་པའི་རི་བོ་གངས་ཅན་དང་མ་དྲོས་པ། རྒྱུད་སྡེ་ནས་གསུངས་པའི་ཕྱིའི་ཡུལ་ཆེན། རྡོ་རྗེ་གདན་ཏེ་གནས་གསུམ་གྱི་རྣམ་གཞག་མ་ཎི་ཛ་ལ་ཀཱན་ལས། དང་པོ་ནི། ཕྱི་རོལ་པའི་ལུགས་ལྟར་ན། གངས་ཅན་གྱིས་ཤར་ནུབ་རྒྱ་མཚོའི་བར་ཐམས་ཅད་ཁྱབ་པར་བཤད་ཅིང་། མ་དྲོས་པའི་ཐ་སྙད་དངོས་སུ་མ་གྲགས་ཀྱང་། དེའི་དོད་གངྒཱ་ལ་འདོད་པར་གསལ་ལ། དེ་ན་རྒྱལ་པོ་བྷ་གི་ར་ཐས་ཕབ་པའི་གངྒཱ་ཉིད་གངས་ཅན་གྱི་སྟེང་དུ་རྒྱ་མཚོར་འཁྱིལ་པ་ལས་གངྒཱ་སོགས་བདུན་དུ་གྱེས་པར་བཤད། གངྒཱ་དེ་སྡིག་པ་སྦྱོང་བའི་ཆ་ནས་མཱ་པཾ་སྟེ་སྡིག་བྲལ་ཅེས་བྱ། དེ་རི་བོ་གངས་ཅན་གྱི་རྩེ་རྒྱ་མཚོར་ཡོད་ལ་ཡོད། ཏི་སེ་ནི་ཧ་ནུ་མཉྫས་འཕངས་པའི་གངས་རི་དུམ་བུ་ཞིག་ཡིན་པར་དྲང་སྲོང་གྲོགས་མཁར་སྨྲ་བས་བཤད། དེས་ན་གངས་ཅན་དངོས་གཞི་མ་ཡིན། དེ་མ་ཡིན་པར་གྲུབ་པས་མཱ་པཾ་ཡང་མ་དྲོས་པར་མི་འཐད། གངས་རིའི་ཡུལ་ནས་འབབ་པར་བཤད་པས་ཀྱང་གནོད་དོ། །འོ་ན་ཏི་སེ་ཡིན་ནམ་ཞེ་ན། དེ་ཡང་མ་ཡིན་ཏེ། ཏི་སེ་ལ། ཀེ་ལ་ཤ་ཞེས་གྲགས་ལ། གངས་འདིའི་མིང་ལ་ཀ་བི་ལ་ཞེས་རྒྱ་གར་ཤར་
ནུབ་ཏུ་གྲགས་པའི་ཕྱིར་དང་། གངས་ཅན་ལ་ཧི་མ་ལ་ཞེས་བཤད་པས་ཐམས་ཅད་ཐ་དད་དོ། །མངོན་པའི་ལུགས་ལྟར་ན། མཛོད་ལས་བཤད་ཚུལ་གཞུང་དུ་བྲིས་པ་དང་། ས་སྡེ་ལས་ཀྱང་རི་ནག་པོ་དགུ་ཞེས་པའི་གསལ་ཁ་མ་བཤད་པ་མ་གཏོགས་སྔ་མ་དང་ཕལ་ཆེར་མཚུངས་ལ། ཕལ་ཆེན་ལས་ཀྱང་དེ་དང་འདྲ་བ་ལས། མཚོ་མ་དྲོས་པ་དང་། ཆུ་བོ་མ་དྲོས་པ་གཉིས་སུ་ཕྱེ་ནས་ཆུ་བོ་བཞི་ཀ་ཡང་མ་དྲོས་པར་བཤད་དོ། །དེ་ལ་རིག་རལ་གྱིས་སྡོམ་གསུམ་རྒྱན་གྱི་མེ་ཏོག་ལས། ད་ལྟའི་ཏི་སེ་དང་མཉན་ཡོད་ཐད་མཉམ་ཡོད་ལ། དེ་དང་གནས་ཀྱི་བར་དུ་རི་ནག་པོ་དགུ་ཡོད་པར་མངོན་སུམ་གྱིས་མཐོང་བའི་ཕྱིར་དང་། ཕལ་པོ་ཆེ་སོགས་ནས་བཤད་པ་ནི་དུས་དབང་གིས་འགྱུར་པ་ཡིན་ལ། བྱ་རྒོད་ཕུང་པོ་ལ་རབ་བརྟགས་དང་། གཅིག་གོས་རྣལ་འབྱོར་མ་ཡིན་པའི་རྒྱུ་མཚན་ཅིའང་མེད་ཅེས། གངྒཱ་དེ་ལས་འབབ་པའི་ཕྱིར། །མ་དྲོས་གཞན་དུ་བཙལ་མི་དགོས། །འདུས་བྱས་རྟག་པ་མེད་པའི་ཕྱིར། །སྔོན་བཞིན་ད་ལྟ་གནས་པ་མེད། །ཅེས་ཟེར་རོ། །དེ་ལ་དང་པོ་ནི་སྒྲུབ་བྱེད་མ་ངེས་ཏེ། མཉན་ཡོད་དང་རྒྱ་མཚོའི་བར་ནའང་ཡོད་པའི་ཕྱིར་རོ། །གཉིས་པ་མི་འཐད་དེ། ཆོས་མངོན་པ་ནི་ཕྱི་ནང་གི་ཤེས་བྱ་རྣམས་ཀྱི་རང་སྤྱིའི་མཚན་ཉིད་སྟོན་བྱེད་ཡིན་པའི་ཕྱིར་རོ། །གསུམ་པ་མི་འཐད་དེ། གངྒཱ་འདིས་མཱ་པཾ་གཤགས་ནས་འགྲོ་བའི་ཕྱིར་རོ། །
གལ་ཏེ་དེར་འབབས་པ་ཡོད་ན། གཞུང་ཚིག་ཀྱང་། དེ་ལ་ཞེས་འདོན་དགོས་ལ། དེའི་ཚེ། ཤར་ཕྱོགས་ཀྱི་རྒྱ་མཚོ་ཆོས་ཅན། མ་དྲོས་པར་ཐལ། གང་ཁྱོད་ལ་འབབ་པའི་ཕྱིར། ཞེས་སོགས་ཐལ་འགྱུར་བསམ་གྱིས་མི་ཁྱབ་པ་སྤྲོར་ཡོད་དོ། །འདུས་བྱས་མི་རྟག་པ་སྒྲུབ་བྱེད་དུ་བཀོད་པ་ནི་སྙིང་རྗེའི་ཡུལ་ལོ། །དེས་ན་སྡོམ་གསུམ་ལས་ཏི་སེ་སོགས་རྒྱུད་སྡེ་ནས་གསུངས་པའི་གནས་ཆེན་དུ་བསམས་ནས་འགྲོ་བ་ཡིན་ན་ནི་མ་ཡིན་ཞིང་། གང་ཟག་དམན་པ་ཕྱིན་ཀྱང་དོན་མེད་པ་དང་། རི་བོ་གངས་ཅན་དང་མ་དྲོས་པར་བསམ་ན་དེ་ཡང་མ་ཡིན་ཏེ། མངོན་པ། དུས་འཁོར་སོགས་ནས་བཤད་པའི་མཚན་ཉིད་མ་ཚང་བའི་ཕྱིར་རོ། །དེས་ན་མངོན་པ་དུས་འཁོར་ནས་བཤད་པའི་གངས་ཅན་ནི་མཐུན་ལ། རྒྱུད་སྡེ་ནས་བཤད་པའི་རི་མ་ལ་ཡ་ནི། རྗེ་བཙུན་གྱིས་བལ་བོར་གཏོགས་པའི་བོད་ཅེས་གསུངས་པས། དོན་དུ་མུ་སྟེགས་རྣམས་ཀྱིས་ནཱི་ལ་ཀརྞ་གནས་ཞེས་ཟེར་བ་དེ་ཉིད་ཡིན་ནོ། །འོན་ཀྱང་རྗེ་མི་ལ་དང་། ལོ་ཆེན་གྱིས་མཱ་པཾ་མ་དྲོས་སུ་བཤད་པ་ནི་རྣལ་འབྱོར་གྱི་ཉམས་སྣང་ངམ། སྙན་དངགས་མཁན་གྱི་ལུགས་ཙམ་སྟེ། རྗེ་བཙུན་གྱིས་ས་སྐྱ་འོག་མིན་དུ་བཤད་པ་དང་མཚུངས་སོ། །དེས་ན་ཕྱི་རོལ་པ་དང་། མངོན་པ། དུས་འཁོར་སོགས་ནས་བཤད་པའི་གངས་ཅན་དང་། མ་དྲོས་པ་ནི་ད་ལྟའི་པུ་ཧྲང་གི་གངས་མཚོ་འདི་གཏན་
མིན་ཅིང་། རྒྱུད་སྡེ་ནས་བཤད་པའི་ཧི་མ་ལ་ཡང་མ་ཡིན་པར་ལུང་རིགས་ཀྱིས་གྲུབ་བོ། །གཉིས་པ་ལ། ཕྱིའི་ཡུལ་ཆེན་ངོས་བཟུང་ལ་གཞུང་སོ་སོའི་ལུགས་བཤད་པ། ཡུལ་ཆེན་པོ་བདུན་བཤད་དེ་དོགས་པ་བསལ་བའོ། །དང་པོ་ལ་བཞི། དང་པོ་འཁོར་ལོ་བདེ་མཆོག་ལས་རྩ་རྒྱུད་ཀྱི་དངོས་བསྟན་ཡུལ་ཉེར་བཞི་གསུངས་པའི། པུལླི་ར་མ་སྟེ་གང་པའི་གནས་ནི། རྡོ་རྗེ་གདན་གྱི་ལྷོ་ནུབ་ན་ཡོད་ཅེས་བླ་མ་དམར་གསུངས། ཁ་ཅིག་ཤར་ཕྱོགས་བྷཾ་ག་ལའི་ལྷོ་མཚོ་མ་ལ་ཡའི་ཆུ་ཀླུང་གི་གནས་ཌ་མི་ཌི་གདུག་པའི་གནས་ན་རྡོའི་ལིངྒ་མགོ་ལྟ་བུའི་མཚན་མ་ཡོད་ཅེས་གསུངས། ཆོས་རྗེ་པས་ཡུལ་འདི་ཉིད་ཀོཝ་གི་རི་དང་གཅིག་ཅེས་གསུངས། དེ་ལྟར་ན་ལྷོ་ནུབ་གོ་ལའི་རི་ན་ཡོད་དོ། །ཛ་ལནྡྷ་ར་སྟེ་དྲྭ་བ་འཛིན་པ་ནི། ནུབ་བྱང་ན་རྡོ་ལ་མེ་འབར་གྱི་གནས་དེ་ཡིན་པར་དམར་བཞེད། རྗེ་བཙུན་གོང་མ་ནི་ཁ་ཆེའི་དགོན་པ་ཛ་ལནྡྷ་རར་གསུངས། བུ་སྟོན་རིན་པོ་ཆེས་གུ་གེའི་ནུབ་བྱང་ཐོ་ལིང་གི་གཙང་པོ་ཤ་བ་རུ། གར་ཤའི་གཙང་པོ་སི་བ་ཤ་ན། ཤཱི་ལ་ཛའི་གཙང་བོ་མི་ར་ཝི་ནང་གསུམ་འདུས་པའི་མདོ་ན་གྲོང་ཁྱེར་ཆེན་པོ་གཅིག་ཡོད། དེའི་ཉེ་ལོགས་ན་རྡོའི་ལིངྒ་ཐོད་པ་སྦུབས་པ་ལྟ་བུ་ཕྱོགས་གཅིག་ན་བུ་ག་དང་བཅས་པ་ཡོད་ལ། དེའི་ཉེ་འཁོར་ན་ཞིང་སྐྱོང་ལྷ་མོ་ཛྭ་ལ་མུ་ཁི་ཞེས་བྱ་བ་རྡོ་ལ་རང་འཁྲུངས་སུ་ཡོད་པ་ཁ་སྦུབས་སུ་ཉལ་བ་
དེ་ལ་གཙུག་ལག་ཁང་བརྩེགས་པ་ཡོད། དེའི་རྒྱང་གྲགས་གཅིག་གི་ཕ་རོལ་ན། སྒྲུབ་ཕུག་བརྒྱ། ཆུ་མིག་བརྒྱ། ཤིང་དྲུང་བརྒྱ་ཡོད་པའི་ཐད་ཀའི་བྲག་དཀྱིལ་ན་ཆུ་འབབ་པ། དེ་ལ་མུ་སྟེགས་པ་རྣམས་ཁྲུས་བྱེད་པ་ཡོད་དོ། །ཞེས་གསུངས། ཨོ་ཌི་ཡཱ་ན་ནི་འཕུར་འགྲོ་སྟེ། རྒྱལ་པོ་ཨིནྡྲ་བྷཱུ་ཏི་བྱོན་པའི་ཡུལ་རྡོའི་ཆོས་འབྱུང་ཡོད་པའི་གནས་སོ། །ཨཆུ་ཏ་ནི་འགྲོ་བའི་ཆུ་བུར་ཏེ། ལྷོ་ཕྱོགས་ན་རི་དབུས་མཐོ། མཐའ་དམའ། འབྲང་རྒྱས་འདྲ་བ། ནགས་ཚལ་འཐུག་པོས་བསྐོང་བ། སྒྲུབ་གནས་ཤིན་ཏུ་ཉམས་དགའ་བ་ཞིག་གོ །ཞེས་བུ་བཞེད། འགའ་ཞིག་གྲོང་ཁྱེར་རྡོ་འཇོག་ལ་འདོད། གོ་དཱ་བཱ་རི་ནི་པའི་མཆོག་སྦྱིན་ཅེས་པ་སྟེ། བལ་ཡུལ་དུ་བ་དཀར་མོ་ཞིག་གི་འོ་མས་མཆོད་སྦྱིན་བྱས་པའི་ཤུལ་དུ་ས་བརྐོས་པས་དབང་ཕྱུག་ལིངྒ་ཞིག་བྱུང་། དེ་རྡོ་རྗེའི་གདན་ནས་ཟླ་བ་ཕྱེད་གཉིས་ཀྱིས་རི་བོ་འབིགས་བྱེད་དང་ཉེ་བར་ཁྱེར་ཏེ་མཆོད་པས་ཁྲུས་ཆུ་བྱུང་བའི་གནས་ལ་གྲགས་སོ་ཞེས་བུ་བཞེད། གོང་མ་དག་ལྷོ་ཕྱོགས་དཔལ་གྱི་རི་ལ་ཆུ་བོ་གོ་དཱ་བ་རི་འབབས་པ་དེའོ་གསུངས། མཁས་འཇུག་ཏུ་བལ་ཡུལ་དུ་ཡོད་པར་བཤད་པ་ནི་དང་པོའི་བྱུང་ཁུངས་ལ་དགོངས་སོ། །རཱ་མེ་ཤྭ་ར་དགའ་བའི་དབང་ཕྱུག་ནི། ཤར་ཕྱོགས་རྒྱལ་པོ་དགའ་བའི་དབང་ཕྱུག་གི་གྲོང་ཁྱེར་ན། སྒྲུབ་གནས་རྡོའི་ལིངྒ་རྟའི་རྔོག་ལྟ་བུས་མཚན་པ་ཡོད་ཅེས་
བུ་གསུངས། ལྷོ་ནུབ་དགའ་བྱེད་དབང་ཕྱུག་གིས་བྱས་པའི་དབང་ཕྱུག་ཆེན་པོའི་རྟེན་ཡོད་པ་དེ་ཡིན་ཞེས་དམར་བཞེད། ཆོས་རྗེས་ཀྱང་ལྷོ་ཕྱོགས་ན་ཡོད་པར་གསུངས། དེ་ཝཱི་ཀོ་ཊ་ནི་ལྷ་མོ་རྫོང་སྟེ་ཤར་ཕྱོགས་བ་རེནྡྲའི་ས་ཕྱོགས་གྲེ་མོའི་ལྷོ་ཐད་ན། གྲོང་ཁྱེར་པཉྩཔ་ཞེས་བྱ་བའི་རྒྱང་གྲགས་བཞིའི་ཕ་རོལ་ན་དེ་ཝཱི་ཀོ་ཊའི་ལྷ་ཁང་ཡོད། མཱ་ལ་བཱ་ནི་ནུབ་ཕྱོགས་ན་ཕྲེང་བ་ཅན་ཞེས་བྱ་བའི་སྒྲུབ་གནས་རི་གཡས་གཡོན་གཉིས་མཐོ་བ་ཕྲག་པ་ལྟ་བུ་ཞིག་ཡོད་དེ་ཞེས་བུ་བཞེད། རྗེ་བཙུན་གོང་མ་ནི་ལྷོ་ནུབ་ཙནྡན་སྐྱེ་བའི་ཡུལ་ན་ཡོད་པ་དེ་ཡིན་གསུངས། ཀཱ་མ་རཱུ་པ་ནི་འདོད་པའི་གཟུགས་ཏེ། གཉལ་གྱི་ལྷོ་ཐད་ན་གྲོང་ཁྱེར་ཆེན་པོ་གཅིག་ཡོད། དེའི་ཕྱོགས་ན་སྒྲུབ་གནས་རྡོའི་ལིངྒ་ཆོས་འབྱུང་མི་གང་ཙམ་གྱིས་མཐོ་བ་ཞིག་ཡོད། ཕྱོགས་དེ་ནས་ཆུ་བོ་ལོ་ཧི་ཏ་ཡང་འབབ་བོ། །ཨོ་ཊེ་ནི་བསམ་ལྡན་ཏེ། ལྷོ་ཕྱོགས་ཀྱི་རྒྱལ་པོ་ཤིང་རྟ་བཅུ་པའི་ཡུལ་ན་རྡོའི་ལིངྒ་ནུ་མ་ལྟ་བུས་མཚན་པའི་སྒྲུབ་གནས་ཡོད། འདི་ཨོ་ཌི་བི་ཤའི་ཡུལ་ཡིན་པར་ཆོས་རྗེས་བཞེད། ཏྲི་ཤ་ཀུ་ན་ནི་དགེ་མཚན་གསུམ་པ་སྟེ། སྟག་གཟིག་གི་ཡུལ་ཆུ་བོ་གངྒཱ་། གནྟི། ས་བཱ་རུ་གསུམ་འདུས་པའི་མདོ་ན། ངང་པ་སོགས་བྱ་སྐད་སྙན་པར་སྒྲོགས་པའི་སྒྲུབ་གནས་རྡོའི་ལིངྒ་ལྟ་བུས་མཚན་པ་གཅིག་ཡོད་ཅེས་བུ་བཞེད། ཆོས་རྗེས་ནི་ཤར་ལྷོ་ན་ཡོད་ཅེས་གསུངས། ཀོ་སཱ་
ལ་དགེ་བ་ཅན་ནམ་མཛོད་ལེན་ནི། རྒྱལ་པོ་གསལ་རྒྱལ་གྱི་ཡུལ་ཏེ། སྔོན་དགེ་བ་ཅན་གྱིས་བརྩིགས་པས་དེ་སྐད་དུ་གྲགས། དེའི་རྒྱང་གྲགས་གཅིག་གི་ཕ་རོལ་ན་རྡོའི་ལིངྒ་སྣ་ལྟ་བུས་མཚན་པ་ཡོད། ཀ་ལིངྐ་། གུ་གེ་ནང་གི་རྒྱབ། རྡོར་གདན་ནས་དཔག་ཚད་བཅུ་གཉིས་ཀྱི་ཚུ་རོལ་ན། གླང་པོ་ཆེ་འཛིན་པའི་ས་ཞེས་སྒྲུབ་གནས་ཡོད་པ་དེ་ཡིན། ཁ་ཅིག་རྡོར་གདན་ནས་ལྷོ་ནུབ་ཏུ་དཔག་ཚད་དྲུག་ཅུ་ཕྱིན་པ་ན། རྒྱལ་པོ་ཐམས་ཅད་སྒྲོལ་གྱི་ཡུལ་ཡོད་པ་དེའོ་གསུངས། ཆོས་རྗེས་ཀྱང་ལྷོ་ཕྱོགས་ན་ཡོད་པར་བཞེད། ལནྡྲ་ཀ་སྟེ་འཕྱང་བ་ཅན་ནི། གར་ལོག་གི་རྒྱབ་བྲག་དང་ཆུ་འཐབ་པའི་སྒྲུབ་གནས་ཤིན་ཏུ་དབེན་པ་ཞིག་ཡོད་ཅེས་བུ་བཞེད། ཁ་ཅིག་ཨོ་རྒྱན་ནས་ཤར་དུ་ཅུང་ཟད་ཕྱིན་པ་ན་ཡོད་པར་བཞེད། ཀཉྩི་ཀ་ནི་གསེར་ལྡན་ཏེ། རྒྱ་གར་ལྷོ་ཕྱོགས་ཆོས་ཀྱི་གྲགས་པའི་ཡུལ་དང་ཉེ་བར། གྲོང་ཁྱེར་མཆོག་ཅེས་གྲགས་པ་དཱ་རི་ཀ་པས་གྲུབ་པ་བརྙེས་པའི་ས་དེ་ན། གསེར་གྱི་ལིངྒ་ལྟ་བུས་མཚན་པའི་སྒྲུབ་ཕུག་ཡོད་པ་དེའོ། །ཡུལ་འདི་ན་མི་ཁྱིམ་འབུམ་ཕྲག་བཅུ་བཞི་ཡོད་ཅེས་ས་སྐྱ་པ་ཆེན་པོས་གསུངས། ཧི་མ་ལ་ཡ་ནི། ཁ་ཅིག་བོད་སྤྱི། ཁ་ཅིག་མངོན་པའི་གངས་ཅན་སོགས་འདོད་པ་ནི་མི་འཐད་དེ། བལ་ཡུལ་གྱི་ནཱི་ལ་ཀཎྜའི་གནས་མཚེའུ་ཆུང་ངུ་མང་པོས་བརྒྱན་པ་ཞེས་པ་དེའོ། །ཕྲེ་ཏ་པུ་རི་ནི་ཡི་དྭགས་ཀྱི་གྲོང་ཁྱེར་ཏེ། ཁ་ཅིག་པུ་
ཧྲང་སྤྱི་དེར་འདོད་ཀྱང་། བྱང་ཕྱོགས་ན་ཡོད་པར་འདོད་པ་དག་གོ །གྲི་ཧ་དེ་ཝ་ཁྱིམ་གྱི་ལྷ་སྟེ། ལི་ཡུལ་ལྕང་ར་སྨུག་པོ་ནི་རྡོའི་ལིངྒ་སྙིང་ལྟ་བུས་མཚན་པའི་སྒྲུབ་གནས་ཡོད་ཅེས་ཟེར། སོ་རཋ་ནི་ཡུལ་འཁོར་བཟང་པོ་ཅན་ཏེ། ནུབ་ཕྱོགས་ན་སོ་མ་ནཱ་ཐ་ཞེས་རྣལ་འབྱོར་དབང་ཕྱུག་གི་སྐུ་བཞུགས་པ་དེའོ། །སུ་བནྡྷ་དཱི་པ་གསེར་གླིང་སྟེ། ཤར་ལྷོའི་ཕྱོགས་ན་མི་ཡོད་པ་དང་། ལྷོ་ཕྱོགས་ན་མི་མེད་པའི་གླིང་སྟེ་གཉིས་ཡོད་པ་དེའོ། །ཞེས་རྗེ་བཙུན་གོང་མ་བཞེད། ནཱ་ག་ར་ནི་གྲོང་ཁྱེར་ཏེ། ཁ་ཅིག་ཁ་ཆེའི་གྲོང་ཁྱེར་ནཱ་ག་ར་ལ་ངོས་འཛིན་ཀྱང་། བླ་མ་གོང་མ་རྣམས་ཡུལ་དབུས་ཀྱི་སཏྟཱ་ག་ར་ཡིན་པར་བཞེད། སིནྡྷ་ནི། ཆུ་བོ་སིནྡྷ་འབབ་པའི་ནུབ་བྱང་གི་མཚམས་ན་ཡོད་ཅེས་ཆོས་རྗེས་གསུངས། མ་རུ་མྱ་ངམ་གྱི་ཡུལ་ནི། ནུབ་བྱང་གི་མཚམས་ཀཤྲཱི་དར་དང་ཉེ་བ་ན་རྡོ་འཁྲུལ་པ་བཏོན་པས་མི་ཐོན་པ་ཡོད་ཟེར། ཀུ་ལུ་ཏཱ་ངན་གཅོད་དེ། གར་ཤའི་རྒྱབ་ཀུང་ཤའི་ཕུག་ན་སྒྲུབ་གནས་ཐུར་དུ་བརྐོས་པའི་རིང་མོ་ཞིག་ན་རྡོའི་ལིངྒ་པུས་མོ་ལྟ་བུ་ཡོད་ཅེས་བུ་བཞེད། ཆོས་ཀྱི་རྗེས་སྟོད་ཕྱོགས་ན་པུས་མོ་ལྟ་བུའི་རྡོ་ཡོད་ཅེས་གསུངས། གཉིས་ པ་ཡུལ་ཉི་ཤུ་རྩ་བརྒྱད་ནི། ཕྱག་ཆེན་ཐིག་ལེར་བཤད། གནས་ལ་སོགས་པ་བཅུ་གཉིས་ཀྱི་དང་པོ་གཉིས་ལ་ཡུལ་བཞི་བཞི་དང་། ཕྱི་མ་གཉིས་ལ་ཡུལ་གཉིས་གཉིས་ཀྱི་རླུང་སེམས་ཐིམ་ཚུལ་གྱི་དབང་དུ་བྱས་།།
ནས་སོ། །གསུམ་པ་ཡུལ་སུམ་ཅུ་རྩ་གཉིས་ནི། རྩ་བའི་རྒྱུད་བརྟག་པ་གཉིས་པའི་དངོས་བསྟན་ཏེ། འདི་ལ་གཞུང་སྒྲ་ཇི་བཞིན་པར་སོ་གཉིས་སུ་འདོད་པ་དང་། འཁྲུགས་པ་སྡེབས་ནས་སུམ་ཅུ་རྩ་གཉིས་སུ་འབྱེད་ཚུལ་གཉིས་ཡོད་དེ་ཊཱི་ཀ་ལས་གསལ་ཞིང་། ཕྱི་མ་འདི་རྗེ་བཙུན་ཆེན་པོ་ཡབ་སྲས་ཀྱི་བཞེད་པ་བླ་ན་མེད་པའོ། །བཞི་པ་ཡུལ་ཞེ་བརྒྱད་དུ་བཤད་པ་ནི། འཁོར་ལོ་སྡོམ་ཆེན་ལས། གཞུ་ལ་སོགས་པ་ལུགས་ལས་བཟློག་པའི་ཚུལ་གྱིས་གནས་སོགས་ཉེར་བཞི་དང་། ཀུན་རྫོབ་ཀྱི་དབྱེ་བས་མ་རིག་པ་དང་། ཆུ་སྲིན་སོགས་ལུགས་འབྱུང་གི་ཚུལ་གྱིས་འཐུང་གཅོད་སོགས་ཉེར་བཞི་སྟེ་ཞེ་བརྒྱད་དུ་གསུངས་སོ། །དེ་དག་ཀྱང་འཛམ་གླིང་ན་ཡུལ་སྟོང་ཕྲག་བདུན་ཅུ་རྩ་བཞིར་མུ་སྟེགས་པའི་ཞིང་སྐྱོང་ཕོ་མོ་དེ་སྙེད་བཞུགས་ཤིང་། དེ་དག་གི་གཉེན་པོར་རྡོ་རྗེ་འཆང་གིས་སྤྲུལ་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་གྲངས་དང་མཐུན་པར་གནས་པས། བདེ་མཆོག་ལས། སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི། །མཁའ་འགྲོ་མས་ནི་ཡོངས་སུ་ཁྱབ། །ཅེས་སོ། །དེ་རེ་རེ་ལའང་འཁོར་བྱེ་བ་ཕྲག་རེ་གནས། དེ་རེ་རེ་ལའང་འཁོར་ ཉི་ཤུ་རྩ་ལྔ་རེ་ཡོད། དེས་ཡུལ་ཐམས་ཅད་ཁྱབ་སྟེ། དེའིའང་གཙོ་མོ་ནི་ཡེ་ཤེས་དང་། འཁོར་འཇིག་རྟེན་པ་སྟེ། འོན་ཀྱང་དམ་ཚིག་བརྟན་པས་བྱང་ཆུབ་སེམས་དཔའི་དགེ་འདུན་ནོ། །དེ་དག་གིས་ཐ་མལ་གྱི་
བུད་མེད་རྣམས་ཀྱང་བརླབས་ཏེ་རྣལ་འབྱོར་པ་རྣམས་ཀྱང་བྱིན་གྱིས་རློབ། དེའང་བསྡུ་ན་སོ་གཉིས། དེའང་ཉེར་བཞི། དེ་བཅུ་གཉིས། དེ་བརྒྱད་དུ་འདུ་བས་ན། གང་ཟག་གི་ཁམས་དང་བསྟུན་པ་སྟེ་འགལ་བ་མེད་དོ་ཞེས་འཇམ་དབྱངས་བསོད་ནམས་རྩེ་མོས་གསུངས་སོ། །གཉིས་པ་ལ། སྔ་རབས་པ་དག་ལས་ལྷ་བཙུན་པས་སོ་གཉིས་ཀྱི་སྟེང་གླེང་གཞི་དང་། བཞི་བོ་གཅིག་ཏུ་བསྡོམས་པ་སྟེ་ལྔ་བསྟན་པར་བཤད། སྤོས་ཁང་པས་སོ་གཉིས་ཀྱི་སྟེང་། ནང་དུ་སྦས་པའི་རྩ་ལྔ་ཕྱི་རོལ་དུ་གླིང་བཞི་རི་རབ་སྟེ་ལྔ་བསྟན་པར་བཞེད། དགའ་གདོང་པས་ཡུལ་ཉེར་བཞིའི་སྟེང་། སྙིང་གའི་པདྨ་འདབ་བརྒྱད་ཕྱི་ནང་གཉིས་ཀྱི་ཕྱི་མ་བརྒྱད་དང་། ནང་མའི་ཕྱོགས་བཞི་དབུས་དང་ལྔའོ་ཞེས་བཞེད་དེ། རྗེ་བཙུན་གོང་མའི་དགོངས་པ་མ་ལོངས་པའོ། །ཕྱིས་གསེར་མདོག་པས། ཀྱེ་རྡོར་གྱི་ལུགས་ལྟར་ན། དབྱེ་གཞི་འདུ་བ་དང་ཉེ་བའི་འདུ་མི་སློབ་པའི་གནས་ཕྱི་རོལ་རྡོ་རྗེའི་གདན་དང་། ནང་དུ་འོག་མིན་ཏེ་ལྟ་བསྣན་པ་དང་། ཡང་ན་དགྱེས་རྡོར་གྱི་དངོས་བསྟན་སོ་གཉིས་སྟེང་། །དེར་མ་བཤད་པའི། རཱ་མེ་ཤཱ་ར། ཨོ་ཊེ། ཏྲི་ཤ་ཀུ་ན། བྲེ་ཏ་པུ་རི། མྲྀ་ཧ་དེ་ཝ་ལྔ་བསྣན་པའོ་ཞེས་བཞེད་ཀྱང་རང་བཟོ་འབའ་ཞིག་གོ །རང་ལུགས་ནི་བཞི་སྟེ། དང་པོ་ཨིནྡྲ་བྷཱུ་ཏིས་དགའ་བ་བཅུ་དྲུག་
མཚོན་པའི་ས་བཅུ་དྲུག་དང་སྦྱར་ཏེ་དགའ་བའི་མེ་ཏོག་ལས་བཤད་པ་ནི། ཨུ་ཌི་ཡཱ་ན༡། འཕུར་བའི་ཐེག་པ། ཛ་ལནྡྷ་ར༢། དྲ་བ་འཛིན་པ། པུལླི་རཱ་མ ༣། སྐྱེས་བུའི་རྟགས་ལ་དགའ་བ། ཀཱ་མ་རཱུ་པ་། འདོད་པའི་གཟུགས། མཱ་ལ་ཝ་ནའདི་རྣམས་ཟུར་ཆགས། ༥། ཕྲེང་ལྡན། སིནྡྷ༦། འཁྱོག་འགྲོ། ནཱ་ག་ར༧། གྲོང་ཁྱེར་མང་པོ། སིངྒ་ལར། སེང་གེས་འཛིན་པ། མུ་རྨུ་ན༩། མཁས་པ་མང་པོ། དེ་བཱ་ཀུ་ཊ༡༠། ལྷ་མོའི་མཁར། ཀུ་མུ་ཏཱ༡༡། ངན་གཅོད། ཨརྱ་ཏ༡༢། ཆུ་མཚམས། ཧ་རི་ཀེ་ལ༡༣། སེང་གེ་རྩེ་བ། གོ་དྷ་བ་ར༡༤། འདོད་པས་སྒྲིབ་པ། ལམྤ་ཀ༡༥། །ཆུ་འབབས་པ། ཀཱནྡྲི༡༦། ཐུག་པ་སྦྱིན་པ། ཀཟླ་བདྨོ་༡༧། ས་རློན་གྱི་ཞལ་བརྒྱས་པ། སུ་བཎ་དཱི་པ༡༨། གསེར་གླིང་། ཀུདྨ་ན་ཀ༡༩། །གསེར་གྱིས། བྷིནྡྷ ༢༠། འབིགས་བྱེད། སྲེ་ཏ་སུརླ ༢༡། ཡི་དྭགས་ཀྱི་དྲི་ངན། ས་མུ་ཏྲ་ཏི་ར༢༢། རྒྱ་མཚོའི་ངོགས་སམ་འགྲམ། ཙཱ་རི་ཏྲ༢༣། སྤྱོད་པ་མང་པོ། ཀུ་མཱ་རི་པཱ་ར༢༤། གཞོན་ནུའི་གྲོང་ཁྱེར། ཀཋི་ར༢༥། གུར་གུམ་གྱི་ཡུལ། ཀེ་ད་ར༢༦། བདེ་བའི་ཞིང་། །ནེ་པཱ་ལ༢༧། ནོར་སྐྱོང་། ཀནྡྷོ་ཛ༢༨། རྣ་བར་སྙན། ཨ་མྲྀ་ཏ་པུ་རི༢༩། འཆི་མེད་གྲོང་ཁྱེར། མ་ནུ་ཤྱ་པཱུ་ར༣༠། མིའི་གྲོང་ཁྱེར། སཱ་ཏཱ་ལ་༣༡། ས་འོག །མེ་རུ་ཤི་ཁཱ་ར ༣༢། རིན་རྩེ། ཧི་མཱ་ལ་
ཡ ༣ ༣། ཁ་བའི་གནས། སོ་རཋས༣༤། ཡུལ་འཁོར་བཟང་པོ། ཀ་ལིངྐ་༣༥། དུས་མཚན། ཀོ་ཤ་ལ་སྱ ༣༦། མཁས་པས་བྱས་པ། བཛྲ་ས་ན༣༧། རྡོ་རྗེའི་གདན་རྣམས་སོ། །དེ་ཡང་བརྟག་གཉིས་ལས་གསུངས་པའི་གནས་ཉེར་དགུ་དང་། དེར་དངོས་སུ་མ་གསུངས་པའི་ཀེ་ད་ར་སོགས་བདུན་དང་། རྩ་བའི་གནས་རྡོ་རྗེའི་གདན་ཏེ་སོ་བདུན་ནོ། །གཉིས་པ་སློབ་དཔོན་རྡོ་རྗེ་གསང་བས་རང་གཞིན་དགའ་བའི་སྒྲོན་མེ་ལས། དཔའ་བོའི་གནས་བཅུ་དྲུག །དཔའ་མོའི་གནས་བཅུ་དྲུག །གསང་བའི་གནས་བཞི། གཙོ་བོའི་གནས་དང་སོ་བདུན་དུ་གསུངས་ཏེ། གྲངས་འདྲེན་ཚུལ་སྔ་མ་དང་མཐུན་ནོ། །གསུམ་པ་རྡོ་རྗེ་སྙིང་པོར་ཉུང་ངུས་རྒྱུད་ཀྱི་བསྡུས་དོན་རྣམ་པར་བཤད་པ་ལས། སྐུ་གསུང་ཐུགས་འཁོར་ལོའི་གནས་བརྒྱད་དེ་ཉེར་བཞི། དེ་སྟེང་ཡེ་ཤེས་འཁོར་ལོའི་གནས་ལྔ་དང་། དུར་ཁྲོད་བརྒྱད་བསྣན་པས་སོ་བདུན་དུ་གསུངས་པ་དང་། བཞི་པ་སློབ་དཔོན་པདྨ་རྡོ་རྗེས་མཁའ་འགྲོ་རྒྱ་མཚོའི་འགྲེལ་པ་གྲུ་གཟིངས་ལས་ཕྱི་རོལ་གྱི་ཡུལ་ཆེན་པོ་སོ་བདུན་འདོད་ཁམས་ལ་སྦྱར་བ་དང་། ཁམས་གསུམ་སྤྱི་ལ་སྦྱར་ཚུལ་གཉིས་ལས། དང་པོ་ནི། ཆུ་གཏེར་༧། རི་གླིང་དམྱལ་བ་བརྒྱད་ཉེར་བཞི། རྡོ་རྗེའི་རི། རྒྱ་མཚོ་ཆེན་པོ། རི་རབ་ཀྱི་འོག་གི་ཆ། གང་དུ་གནས་པའི་གཞི། ནམ་མཁའ། རི་རབ་ཀྱི་རྩེ་མོ་སྟེ་སོ་བདུན་
དང་། གཉིས་པ་ནི། འདོད་ཁམས་༡༠། གཟུགས་ཁམས་༡༦། གཟུགས་མེད། བསམ་གཏན་བཞི་པ་མན་ཆད་ལ། ཆགས་པ། འཇིག་པ། འགྲོ་བ། མི་འགྲོ་བ། འདོད་པ་ཅན་ཏེ་བསྣན་པས་སོ་བདུན་ནོ། །དེ་ལྟར་སྤྱིར་ཡུལ་ཆེན་སོ་སོར་བཤད་པ་དང་། ཁྱད་པར་འཛམ་གླིང་དུ་ཡོད་ཚུལ་དང་པོར་བཤད་པ་འདི་ཁོ་ན་ལ་ཡིད་རྟོན་པར་གྱིས་ཤིག །གསུམ་པ་རྡོ་རྗེ་གདན་གྱི་རྣམ་གཞག །ཐེག་ཆེན་ཐུན་མོང་བར་གྲགས་པ་དང་། ཐུན་མིན་ལ་གྲགས་པ་གཉིས། དང་པོ་ནི། ཡུལ་དབུས་མ་ག་དྷ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་བཞུགས་གནས་རྡོ་རྗེའི་གདན། མེ་ཆུ་རླུང་གསུམ་གྱིས་ཀྱང་ མི་འཇིག་པ། སངས་རྒྱས་ཀྱི་བྱིན་རླབས་ཀྱིས་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་པའི་བར་རིན་ཆེན་སྣ་ཚོགས་ལས་གྲུབ་པ། རྡོ་རྗེ་རྒྱ་གྲམ་དུ་གནས་པའི་ལྟེ་བ་ལས་བྱང་ཆུབ་ཤིང་སྐྱེས་ཤིང་རྡོ་རྗེ་རྩེ་མོ་བཞིའི་ཐད་ཀ་ནས་རྡོ་རྗེ་ཕུར་པའི་མཆོད་རྟེན་བཞི་ཡོད་པར་ཉན་ཐོས་པ་འདོད་ལ། ཐེག་ཆེན་རྣམས་རྡོ་རྗེ་རྩེ་ལྔ་ལངས་ནས་ཡོད་པའི་ཁོང་གསེང་ན་བྱང་ཆུབ་ཀྱི་ཤིང་སྐྱེས། ར་བཞི་ལ་རྡོ་རྗེ་ཕུར་པའི་མཆོད་རྟེན་བཞི་ ཡོད་པར་འདོད། དེ་དག་གི་བར་ན་མདའ་རྒྱང་འབྲིང་ཚད་ཙམ་ཡོད་དེ། དེ་ནི་རྡོ་རྗེ་གདན་གྱི་རྒྱའི་ཚད་དོ་ཞེས་འདོད། དེ་ལྟ་བུ་འཛམ་གླིང་གི་དཀྱིལ་ན་ཡོད་པ་དང་། བྱང་ཆུབ་ཀྱི་ཤིང་དྲུང་དེར་བསྐལ་པ་
བཟང་པོའི་སངས་རྒྱས་ཐམས་ཅད་སངས་རྒྱ་ཚུལ་སྟོན་པ་དང་། འཇིག་པ་མེད་པར་ནི་ཐེག་པ་གཉིས་ཀས་འདོད་དོ། །དེར་བདག་ཅག་གི་སྟོན་པ་སངས་རྒྱས་པའི་ཚེ། བྱང་ཆུབ་ཀྱི་ཤིང་མ་ཡིན་པའི་ཤིང་གཞན་རྣམས་འོད་ཟེར་གྱིས་བསྲེགས་ཏེ། ད་ལྟ་ཡང་བྱང་ཆུབ་ཀྱི་ཤིང་ནས་ཅུང་ཟད་ཤར་དུ་ཕྱིན་པ་ན། སངས་རྒྱས་ཀྱི་སྐུ་ཚད་གཅིག་དང་། དེའི་སྟེང་ན་འོད་ཟེར་བཀྱེ་བའི་གནྡྷོ་ལ་ཞེས་པ་ཡོད། སྲོད་ལ་བདུད་བཏུལ་བའི་ཚེ། འཇམ་དཔལ་གྱིས་རྔའི་སྒྲ་བརྡུངས་པའི་མཚོན་བྱེད་དུ། ལྕགས་རིའི་ནུབ་ན་མཆོད་རྟེན་ཞིག་གི་ནང་འཇམ་དཔལ་གྱི་སྐུ་ཁྲུ་གང་བའི་ཚད་ཙམ་ཞིག་ཡོད། དེ་ནས་སངས་རྒྱས་ནས་བདུན་ཕྲག་གཉིས་པ་ལ་བཞེངས་ཏེ་འཛམ་བུའི་གླིང་བཅགས་ཏེ། རྡོ་རྗེ་གདན་གྱི་བྱང་ཕྱོགས་ན་རྡོ་རྗེའི་ར་བའི་གོང་ན་སངས་རྒྱས་ཀྱིས་གོམ་པ་བཅུ་གཉིས་དོར་བའི་ཤུལ་ན་ཞབས་རྗེས་བཅུ་གཉིས་ཡོད་ཅིང་། མཐའ་གཉིས་ན་མཆོད་རྟེན་རེ་རེ་ཡང་ཡོད། གསུམ་པ་སྟོང་གསུམ་དུ་བཅགས་པའི་མཆོད་རྟེན་ནི། བྱང་ཕྱོགས་ན་མཆོད་རྟེན་གྱི་ཕྲེང་བ་བཅུ་གཉིས་ཡོད། བཞི་པ་སྤྱན་མི་འཛུམ་པར་གཟིགས་པའི་མཆོད་རྟེན་ནི། བྱང་ཕྱོགས་ན་བྱང་ཆུབ་ཀྱི་ཤིང་ལ་གཟིགས་པའི་སྐུ་གནྡྷོ་ལ་དང་བཅས་པ་ཡོད། ལྔ་པ་ཀླུ་བཏང་བཟུང་གི་གནས་ལ་བྱོན་ཏེ། རྡོ་རྗེ་གདན་གྱི་རྒྱང་གྲགས་གཉིས་ན་མཚོ་ཡོད་པའི་ནང་ན། སངས་རྒྱས་ཀྱི་མདུན་རེ་བདུན་
ན་རྡོའི་ཐེམ་སྐས་བྱུང་བ་ཡོད། དྲུག་པ་བྱང་ཕྱོགས་སུ་རྒྱང་གྲགས་གཅིག་བྱོན་པའི་སར། ཀུན་ཏུ་རྒྱུ་བཏུལ་བའི་ཤུལ་དུ། ཤིང་ནྱ་གྲོ་དྷའི་རྩ་བར་མཆོད་རྟེན་ཞིག་ཡོད། བདུན་པ་རྡོ་རྗེ་གདན་གྱི་ཤར་ཕྱོགས་སུ་ཚོང་དཔོན་ཟུང་གིས་སྦྲང་རྩི་ཕུལ་བར། མཆོད་རྟེན་གྱི་ལོགས་སུ་སྟོན་པ་དང་། ཚོང་དཔོན་གྱི་གཟུགས་རི་མོར་བྲིས་པ་ཡོད། དེ་ནས་ལྷོ་ནུབ་ཏུ་ཤིང་ནྱ་གྲོ་དྷའི་རྩ་བར་ཆོས་མི་གསུང་བར་བཞུགས་པ་ན་ཚངས་དབང་གིས་ཆོས་འཁོར་བསྐོར་བར་བསྐུལ་བའི་སར་མཆོད་རྟེན་གྱི་ནང་སངས་རྒྱས་དང་ཚངས་དབང་གི་གཟུགས་བྲིས་པ་ཡོད། དེ་ནས་ཝཱ་ར་ཎཱ་སཱིར་ཆོས་འཁོར་བསྐོར་ཏོ། །གཞན་དུ་རྟེན་གྱི་གཙོ་བོ་བྱང་ཆུབ་ཆེན་པོ་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན་བྲམ་ཟེ་མོ་ཞིག་གི་བུ་མཆེད་གསུམ་གྱི་ཆུང་བས་བཞེངས་ཏེ་གཙུག་ཏོར་ལྟར་མི་མངོན་པ། འོད་འདོམ་གང་ཡོད་པ། སྤྱོད་ལམ་རྣམ་བཞི་བྱེད་པ་མ་གཏོགས་སངས་རྒྱས་དངོས་དང་མཚུངས་པའོ། །གཙུག་ལག་ཁང་ཇི་ལྟར་ཡོད་ན་བྱང་ཆུབ་ཤིང་གི་རྒྱབ་ཏུ་བདུད་བཏུལ་བའི་ལྷ་ཁང་དུ་ཐུབ་པའི་སྐུ་བདུད་འདུལ་བའི་ཕྱག་རྒྱ་མཛད་པ་དང་། །མདུན་ལ་བྱང་ཆུབ་ཆེན་པོའི་སྐུ་བཞུགས་པའི་ལྷ་ཁང་ཡོད། སྐུ་དེ་གཉིས་ཀ་ཡང་བྱང་ཆུབ་ཤིང་ལ་རྒྱབ་བརྟེན་པ། བྱང་ཆུབ་ཤིང་གནྡྷོ་ལའི་རྩེ་མོར་གདུགས་ཕུབ་པ་ལྟར་མཛེས་པ། གཙུག་ལག་ཁང་ལ་ཡང་
ཐོག་རིམ་པ་གཉིས་རེ་ཡོད་ཅིང་། ཏོག་དང་བཅས་པས་བརྒྱན། གཙུག་ལག་ཁང་གི་ཤར་མའི་ནང་སྐོར་ལ་ཁོར་ཡུག་ཏུ་རྡོའི་མཆོད་མེའི་ཀོང་བུ་དང་། ཕྱི་སྐོར་ལ་ཉེ་སྲས་བརྒྱད། ལྷོ་ཕྱོགས་སོགས་གཞན་ལ་ཉན་ཐོས་ཆེན་པོ་རྣམས་ཀྱི་སྐུ་གྲངས་མེད་པ་བཞུགས། དེའི་ཕྱི་རོལ་དུ་འཁོར་ས་རིམ་པ་གཉིས་ཡོད་པར་གྲགས་ཀྱང་། དེང་སང་གཅིག་ལས་མེད། འཁོར་ས་ཕྱི་མ་ལ་སྒོ་བཞི་ཡོད་པའི། ཤར་དུ་ཕྱག་བཞི་པ། བྱང་དུ་གུར་གྱི་མགོན་པོ། ལྷོ་ནུབ་ཀྱི་སྒོ་ན་སིངྒ་ལའི་གླིང་གི་མགོན་པོ་དང་། གནོད་སྦྱིན་གྱི་རྒྱལ་པོ་ཆུ་སྲིན་ལ་ཞོན་པ་སོགས་དངོས་སུ་གསུང་བྱོན་པས་མཚོན་ཤིན་ཏུ་མང་པོ་ཡོད་པར་ཐོས་ཀྱང་བྲིར་མ་ལོངས། རྡོ་རྗེ་གདན་གྱི་ལྷོ་ནུབ་མཚམས་ན། ཨ་གར་བྷོ་དྷི་ཞེས་པ་བྱང་ཆུབ་ཤིང་གི་ཡན་ལག་ཏུ་གྱུར་པའི་ལྗོན་ཤིང་། ལྷོ་ཕྱོགས་ན་སྐུ་ཁྲུས་མཛད་པའི་རྫི་ང་བུ། དེ་དང་ཉེ་བ་དབུ་སྐྲ་བཞར་བའི་མཆོད་རྟེན། རྡོ་རྗེ་གདན་གྱི་ལྷོ་ནུབ་མཚམས་ན་བི་བྷ་ག་ཞེས་པའི་རི་དང་། ནུབ་བྱང་མཚམས་ན་ཨོཾ་ས་གི་ལི་དང་། བྷི་ཏ་ཀོ་ཊི་ཞེས་པའི་རི་གཉིས། བྱང་ཤར་དང་ཉེ་བ་ན་ཙ་ཀྱི་པརྦཏ་ཞེས་པའི་མཆོད་རྟེན་གྱི་རི། དེ་དང་ཉེ་བ་ན་རི་ག་ཡ་གོ་རི། ཡང་རྡོ་རྗེ་གདན་ནས་ཤར་ལྷོ་མཚམས་སུ་ཞག་གཅིག་ཙམ་ན་རཱ་ཛ་གི་རི་ཞེས་པ་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རི། དེ་ནས་ནུབ་ཕྱོགས་སུ་རྡོ་རྗེ་གདན་དང་ཉེ་བ་ན་འབར་བའི་ཕུག །
དེའི་ལྷོ་ཕྱོགས་ན་གྲོང་ཁྱེར་སྒྲ་བཅས། རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཞག་བདུན་ཙམ་ན་ཆོས་འཁོར་གནས་ཝཱ་ར་ཎཱ་སཱི། དེ་གཉིས་ཀྱི་བར་ན་ཡངས་བ་ཅན། ཝཱ་ར་ཎཱ་སཱིའི་ནུབ་ན་ཛ་བོ་ན་སྭ་ར་སྭ་ཏཱི་ཞེས་གངྒཱའི་ཡ་གྱལ་གྱི་ཆུ་བོ་ཞིག་ཡོད། དེའི་ཕ་རོལ་ན་མཉན་ཡོད་ཉེ་ལོགས་སུ་ཆུ་སྲིན་བྱིས་པ་གསོད་ཀྱི་གནས་དང་། གྲོང་ཁྱེར་ཀེ་ལ་ཤ་སོགས། ཡང་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ན་ཀོ་ཤཾ་བྷི་དང་། ཨཊྚ་བི་ཞེས་སྔོན་གནོད་སྦྱིན་འབྲོག་གནས་ཀྱི་ནགས་དང་། གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་སོགས་ཕལ་ཆེ་བ་ཡོད་དེ། སྔོན་སྟོན་པ་འདི་ཉིད་རྡོ་རྗེ་གདན་དུ་བྱང་ཆུབ་ནས་དེ་དག་ཏུ་ཆོས་གསུངས་པ་ཡིན་པས་ཡན་ལག་ཏུ་གཏོགས་སོ། །རྡོ་རྗེ་གདན་གྱི་ནུབ་ཕྱོགས་སུ་སྐུ་འཁྲུངས་པའི་གནས་སེར་སྐྱ་དང་། ས་དཀར་ཅན་ཞེས་པ་ནི། མརྐོ་ཡི་ཞེས་རྡོ་རྗེ་གདན་རང་གི་སའི་ཁ་དོག་ལ་མིང་བཏགས་པ་ཡིན་ཅེས་པཎྜི་ཏ་རྣམས་བཞེད་དོ། །གཉིས་པ་ནི། འོག་མིན་སྟུག་པོ་བཀོད་པ་སྟེ། འདི་ལ་ཁ་ཅིག་གནས་གཙང་ལྔའི་ནང་ཚན་དང་། ལ་ལ་གཟུགས་ཁམས་ཀྱི་འོག་མིན་ལ་ཆེ་ཆུང་གཉིས་ཀྱི་ཆེ་བར་འདོད་པ་ཡོད་མོད་ཀྱི། འདིར་ནི། ལང་གཤེགས་ལས། གཙང་མའི་གནས་དག་སྤངས་པ་ཡི། །འོག་མིན་ཞེས་བྱ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །ཞེས་དང་། རྩེ་མོར། འོག་མིན་སྟུག་པོ་ཉམས་དགའ་འདིར། །
སྟུག་པོའི་ཞིང་ཁམས་འཇིག་མེད་པ། །ཞེས་བཤད་པས། རྗེ་བཙུན་གོང་མ་རྣམས་སྟུག་པོ་བཀོད་པ་ཁམས་གསུམ་གྱི་སྐྱོན་ལས་གྲོལ་ཞིང་རྒྱུན་མི་འཇིག་རྟག་པ་ཡིན་པར་བཤད་ལ། འོན་ཀྱང་། གཟུགས་ ཀྱི་ཁམས་ཀྱི་འོག་མིན་དུ། །འདོད་ཆགས་བྲལ་ཁྱོད་འཚང་རྒྱའོ། །ཞེས་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་ཁ་དོག་དང་དབྱིབས་ཀྱི་རྣམ་པར་གསལ་བས་གཟུགས་ཀྱི་ཁམས་སུ་བཞག་པ་དབུ་མ་པ་ཆོས་ཡྻོ བཤེས་ཀྱིས་བཤད་པ་བཞིན་ནོ། །དེས་ན་སྟུག་པོ་བཀོད་པ་ནི་ཡེ་ཤེས་སྣང་བ་འཇིག་མེད་རྟག་པ་ཡིན་པའི་ཕྱིར། འཇིག་རྟེན་གྱི་ཁམས་མ་ཡིན་ཏེ། སངས་རྒྱས་རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་ཁོ་ན་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་སོ། །ཞེས་པའང་རང་ཉིད་ཀྱི་དྲན་པ་གསོ་བའི་ཕྱིར་དུ་ཟིན་བྲིས་སུ་བཏབ་པ་ཛ་ཡནྟུ།། ཙཱ་རི་ཏྲ་ཞེས་པ་ནི། བོད་ཀྱི་འདི་གཏན་མ་ཡིན་ཏེ། མན་སྙེར། ཧ་རི་ཀེ་ལ་དང་། ཙ་རི་ཏྲ་སོགས་བདུན་ཐག་ཉེར་ཡོད་པར་བཤད་ལ། ཧ་རི་ཀེ་ལའི་ཁྱད་པར་ལན་ཚྭ་རྒྱ་མཚོའི་ནང་སྐྱེས་ཡིན་པར་བཤད་པས་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ན་ཡོད་པར་གྲུབ་སྟེ། དེ་ཡང་ཧ་རི་ཀེ་ལ་ནི་ནམ་མཁའི་ཤིང་ལྡན་ཡིན་ལ། དེ་ཡུལ་དབུས་ནས་ལྷོ་ཕྱོགས་སུ་དཔག་ཚད་སུམ་བརྒྱ་བགྲོད་པར་ཡུལ་ཀོརྐ་ན་ཞེས་སུ་ཡོད་པར་ཞལ་ལུང་གི་འགྲེལ་བར་བཤད་པའི་ཕྱིར་དང་། སམྦུ་ཊིར། ཀ་རཉྫར་གནས་ཙཱ་རི་ཏྲ། །
ཞེས་བཤད་པས། ད་ལྟའི་འདིར་ཀ་རཉྫའི་ཤིང་མེད་ཅིང་། དེ་མེད་པས་དེར་གནས་པའི་ལྷ་མོ་ཞི་བྱེད་མ་ཡང་མེད་ལ། དེ་ཕྱིར་ཙ་རི་ཏྲ་མ་ཡིན་པར་གྲུབ་བོ། །ལ་ལ་དག་དེ་ཝི་ཀོ་ཊ་ཡིན་པར་སྨྲ་སྟེ། དེ་ལ་མིག་གཉིས་དང་སྦྱར་བའི། གཅིག་ཤོས་རྒྱ་གར་ལྷོ་ཕྱོགས་ལྷ་མོའི་མཁར་ན་ཡོད་ཅིང་། གཅིག་པོ་བོད་ཀྱི་འདིར་འདོད་ན། དེར་བྷ་དྲའི་ཤིང་སྟེ། མགུལ་ཆོག་སོ་རྟའི་ཡ་རྐན་འདྲ་ཟེར་བ་དེ་ཡོད་ན་འགལ་བ་མེད་ཀྱང་། དེ་མེད་ན་དེར་གནས་པའི་ལྷ་མོ་དྲག་མོ་ཆེན་མོ་མེད་ལ། དེ་མེད་པས་དེ་ཝཱི་ཀོ་ཊ་མ་ཡིན་པར་གྲུབ་བོ། །བོད་ཡུལ་དུ་ཞིང་སྐྱོང་ལྷན་ཅིག་སྐྱེས་མ་གནས་ཤིང་། དེ་ཝཱི་ཀོ་ཊའི་ཡུལ་དེ་ལྷ་མོ་དྲག་མོ་ཆེན་མོ་བྷ་དྲའི་ཤིང་ལ་བརྟེན་ནས་གནས་སོ། །ཞེས་རྡོ་རྗེ་མཁའ་འགྲོ་མས་གསུངས་པའི་ཕྱིར་རོ། །ལ་ལ་དག །ནཱ་རོ་པས་ཡུལ་ཉེར་བཞི་གྲོང་ཁྱེར་གཅིག་དང་། དུས་འཁོར་ལས་བོད་ལྟ་བུ་རེ་རེ་ལའང་ཚང་བར་གསུངས་པས། ཙ་རི་ཙ་གོང་ཙ་རི་ཏྲ་ཡིན་པར་གྲུབ་བོ། །ཞེས་སྨྲ་བ་ནི། ཡར་ལུང་ཨོ་རྒྱན་ཡིན་པའི་ཤེས་བྱེད་དུ་ལུང་དེ་དག་འགོད་པ་དང་ཁྱད་མེད། སྤྱིར་ཡང་ཡུལ་ཆེན་དེ་དག་འཇིག་རྟེན་གྱི་ ཁམས་གཅིག་ལ་བཞག་པ་དང་། འཛམ་བུའི་གླིང་ལ་བཞག་པ་དང་། ཡུལ་ཕྲན་སོ་སོར་བཞག་པ་དང་། གྲོང་ཁྱེར་གཅིག་ཏུ་བཞག་པ་སོགས་དབང་པོའི་རིམ་པ་དང་རྗེས་སུ་མཐུན་པར་འཆད་པ་ལས།
འཛམ་བུའི་གླིང་གི་དབང་དུ་བྱས་ནས་སྤྱོད་པ་རྒྱུ་བའི་ཡུལ་གྱི་ཙ་རི་ཏྲ་དེ་ཡིན་པར་ལུང་རིག་མན་ངག་གིས་གྲུབ་པ་ཞིག་དགོས་ཀྱི། སྤྱིར་ཙ་རི་ཏྲ་ཞེས་བཤད་པས་མི་འགྲུབ། སྤྱིར་ཨོ་རྒྱན་ཞེས་བཤད་པས། ཡར་ལུང་ཨོ་རྒྱན་དུ་མི་འགྲུབ་པ་བཞིན་ནོ། །དེ་ལྟ་མོད་ཀྱི་དེར་རྒྱུ་བའང་གྲུབ་ཐོབ་དག་གིས་རྒྱུ་བར་རྒྱུད་ནས་གསུངས་པའི་ཕྱིར་ཕལ་པས་རྒྱུ་བ་ནི་བྱ་བ་གཞན་གྱི་ཕྱིར་ཡིན་ན་མ་གཏོགས་དངོས་གྲུབ་སྒྲུབ་པར་བསམས་ནས་རྒྱུ་བ་ནི་ཉེས་དམིགས་ལས་ཕན་ཡོན་ཅི་ཡང་མེད་དོ། །ཙ་རི་ཙ་གོང་གཅིག་ཏུ་གྲགས་པ་སྡོམ་གསུམ་ལས་བཤད་པ་ནི། རྒྱུད་ལས་དེ་ལྟར་བཤད་དོ་སྙམ་ན། དེ་ནི་བོད་ཡུལ་ན་གྲགས་པའི་དབང་དུ་བྱས་ནས། དེ་འགོག་པའི་ཕྱིར་མིང་ཙམ་བརྗོད་པ་ཡིན་གྱི། རྒྱུད་སྡེ་ནས་ཙ་རི་ཙ་གོང་ཞེས་འབྱུང་བའི་ཤེས་བྱེད་བཀོད་པ་མ་ཡིན་པའི་ཕྱིར་སྐྱོན་མེད་ལ། འདོད་ན་ཡར་ལུང་ཨོ་རྒྱན་མ་ཡིན་པའི་ཤེས་བྱེད་འགོད་པའི་ཚེ། རྒྱུད་སྡེ་ནས་བཤད་པའི་ཡར་ལུང་ཞིག་སྔོན་དུ་བཙལ་དགོས་པར་ཐལ་ལོ། །ཡང་པུ་ཧྲང་གི་གངས་མཚོ་ལ་ཏི་སེ་མ་ཕམ་དུ་བཤད་པའང་མི་འཐད་དེ། དེ་ལ་མངོན་པ་དང་། དུས་འཁོར་དང་། གནས་བརྟན་སྤྱན་དྲངས་སོགས་ནས་བཤད་པའི་མཚན་ཉིད་ཟུར་ཙམ་ཡང་མེད་པའི་ཕྱིར་དང་། ཨིནྡྲ་བྷཱུ་ཏིས་བཤད་པའི་གནས་སོ་བདུན་གྱིས་ཀེ་ཏ་ར་ཞེས་ལྷ་མོ་རྨ་བྱའི་སྒྲོ་བཞུགས་པའི་ཏི་སེ་མུ་སྟེགས་ཚུན་ཆོད་
ལ་ཡོངས་སུ་གྲགས་པ་དེ་ཡང་མིན་ལ། ཡུལ་ཉེར་བཞིའི་ནང་ཚན་ཧི་མར་ཡང་མིན་ཅིང་། མདོར་ན་དེ་རྣམས་གང་ཡང་མ་ཡིན་པའི་ཕྱིར་དང་། གཏམ་རྒྱུད་ཚད་མ་ལས། རང་མཆན་ལས། བོད་རྒྱ་གར་གྱི་བར་ན་སྟོད་མངའ་རི་ནས་རྒྱ་ནག་གི་བར་བར་མ་ཆད་པའི་རི་རྒྱུད་གཉིས། བོད་ནས་ཧོར་གྱི་བར་ན་ཆགས་པའི་ནང་རྒྱུད་དེ། དེ་ལྟར་གསུམ། ཆུ་བོ་ཤཱི་ཏའི་བྱང་ནས་རི་རྒྱུད་དྲུག་སྟེ་དགུ་འདས་པའི་ཕ་རོལ་ན་རི་བོ་གངས་ཅན་ཡོད་དོ་ཞེས་བཤད་པའི་ཕྱིར་རོ། །ཀླུ་སྒྲུབ་ཀྱིས་མདོ་ཀུན་བཏུས་ལས་མ་དྲོས་པ་དང་ཉེ་བར་ཨུ་དུམྦུ་རའི་ཚལ་ཡོད་པར་གསུངས་པས་ཀྱང་གནོད་ལ། གཞན་ཡང་རྟོགས་བརྗོད་ནས་བཤད་ཚུལ་སོགས་གནོད་བྱེད་ཆར་བཞིན་དུ་འབབ་པ་ཤ་སྟག་ཡིན་པས། ད་ཀོ་གངས་ཅན་དང་མཚོ་མ་དྲོས་པའམ། ཡོངས་གྲགས་ཀྱི་གདྨ་མི་འབབས་པས་མ་ཕམ་མ་དྲོས་མིན་པར་མི་འགྲུབ་སྟེ། སྡུད་པའི་ལུང་གིས་གནོད་དོ་ཞེ་ན། འོ་ན་ཞིང་གི་ཡུལ་ཆུ་དེ་ཡང་མ་དྲོས་པ་ལས་མ་བྱུང་ན་ལུང་འགལ་འཛིན་དགོས་པས་ཧ་ཅང་ཐལ་ལོ། །ཡུལ་ཉེར་བཞིའི་ནང་ཚན་གྱི་རི་མ་ལའམ། སོ་བདུན་གྱི་ནང་ཚན་ཀེ་ཏ་ར་སོགས་ཡིན་ནོ་སྙམ་པའི་རྟོགས་པ་རིང་དུ་སྤོངས་ཤིག །ཅེས་པའང་དེའི་དགག་སྒྲུབ་ལས་བྲིས་སོ།། ༈ །།ཕར་ཕྱིན་འགྲེལ་པ་དོན་གསལ་ལས་སྐུ་བཞིར་བཤད་ཅིང་མཁས་པ་ཕལ་ཆེར་དེའི་རྗེས་སུ་འབྲངས། རྒྱན་གྱི། ངོ་བོ་ཉིད་ལོངས་རྫོགས་དང་བཅས། དེ་བཞིན་གཞན་
པ་སྤྲུལ་པ་ནི། །ཆོས་སྐུ། ཞེས་དགར་ཚིག་དང་བཅས་ཏེ་གསུངས་པ། གསུམ་པོ་དེ་སྐུའི་གྲངས་ངེས་ཀྱི་དབྱེ་གཞིར་བསྟན་པ་འདྲ། མདོ་རྒྱན་ལས། སྐུ་གསུམ་དག་གིས་སངས་རྒྱས་ཀྱི། སྐུ་བསྡུས་པར་ནི་ཤེས་བྱ་སྟེ། །ཞེས་དང་། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གཞན་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོག །བྱ་བ་གྲུབ་པ་ཁོ་ནའོ། །ཞེས་བཞིར་བཤད། གཞན་དུ་ཆོས་དབྱིངས་ཡེ་ཤེས་བསྣན་པའི་ལྔར་བཤད། བསོད་ནམས་རྩེ་མོའི་རྒྱུད་སྡེ་སྤྱི་རྣམ་དུ་སྐུ་གསུམ་དང་། ཡེ་ཤེས་བཞི་མདོ་ལུགས་སུ་ཐག་བཅད། ཀུན་མཁྱེན་གོ་རམ་ཡང་དེ་ལྟར་བཞེད་སྣང་། དཔྱད་གཞིར་ཡོད། སྔགས་ལུགས་ལ་སྐུ་བཞི་དང་ཡེ་ཤེས་ལྔར་བཞེད། ༈ །དབུས་མཐའ་རྣམ་འབྱེད་ལས། བཏགས་པ་དང་ནི་གཞན་གྱི་དབང་། །ཡོངས་སུ་གྲུབ་པ་ཁོ་ནའོ། །ཞེས་སོ། །ཡོད་པས་མེད་པས་ཡོད་པས་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་པས་གཞན་དབང་རང་གི་མཚན་ཉིད་ཀྱིས་ཡོད་པས་སྐུར་འདེབས་སུ་མ་ལྷུང་། ཀུན་བརྟགས་རང་གི་མཚན་ཉིད་ཀྱིས་མེད་པས་སྒྲོ་འདོགས་སུ་མ་ལྷུང་། ཡོངས་གྲུབ་དོན་དམ་པར་ཡོད་པས་མཐའ་ཐམས་ཅད་ལས་གྲོལ་བའི་དབུ་མའི་ལམ་ཡིན་ཅེས་རང་ལུགས་ཀྱི་དབུ་མ་བསྟན་པར་བཞེད། འགྱུར་མེད་ཡོངས་གྲུབ་ནི་འདུས་མ་བྱས་དང་། ཕྱིན་ཅིམ་ལོག་པ་ནི་གཞན་དབང་དང་དོན་གཅིག་པས་རྒྱུ་
རྐྱེན་ལས་བྱུང་བའི་འཕགས་པའི་ཡེ་ཤེས་ལ་འཇོག །འདི་དོན་དམ་པ་ཡོད་ཀྱང་དོན་དམ་བདེན་པ་མ་ཡིན་ཏེ། འདུས་བྱས་ཡིན་པའི་ཕྱིར། དེས་ན་དོན་དམ་བདེན་པ་དངོས་ནི་འགྱུར་མེད་ཡོངས་གྲུབ་ཁོ་ན་སྟེ། དམ་པའི་དོན་ནི་གཅིག་པུའོ། །ཞེས་གསུངས་པའི་ཕྱིར། མ་དག་གཞན་དབང་ནི་གཟུང་འཛིན་གཉིས་སྣང་གི་ཤེས་པ་ཐམས་ཅད་ལ་འཇོག །ཆོས་གཞན་སྤྱི་མཚན་གྱིས་བསྡུས་པའི་སྒྲོ་– བཏགས་རྣམས་ལ་ཀུན་རྫོབ་བདེན་པར་འཇོག །འདི་དང་མངོན་པ་ཀུན་བཏུས་ཀྱི་སྐབས་རྣམས་སུ་ལུང་གི་རྗེས་འབྲང་གི་སེམས་ཙམ་པ་ཡིན། རིག་པའི་རྗེས་འབྲངས་ནི། ཚད་མ་རྣམ་འགྲེལ་གྱི་ཚད་འབྲས་གཉིས་པ་སོགས་ནས་གསུངས་པ་བཞིན་བྱེད་དགོས། དེ་ལ་མཚན་ཉིད་གསུམ་གྱི་དབྱེ་བ་སོགས་མེད། ཚད་མ་རྣམ་འགྲེལ་དང་རིག་གཏེར་གཉིས་མདོ་སེམས་ཀྱི་སྐབས་ཡིན། གཞན་གཉིས་འདིར་མི་འཆད། དེ་ལས་ཀྱང་མདོ་སྡེ་པ་གཙོ་ཆེ། སེམས་ཙམ་པ་རིག་གཏེར་རྩ་འགྲེལ་དུ་ཚད་འབྲས་ཀྱི་སྐབས་ལས་ཅུང་ཟད་དང་། རྣམ་འགྲེལ་དུ། དོན་རིག་གང་ཡིན་སོ་སོར་རིག །ཅེས་སོགས་མེད་འབྲས་གཉིས་པའི་ཚུ སྐབས་རྣམ་བདེན་དང་། ཚད་འབྲས་བཞི་པར་གཟུང་རྣམ་སྒྲོ་བཏགས་གཞལ་བྱར་བྱེད་པའི་རྣམ་རྫུན་པའི་ལུགས་ཡིན། གཟུང་བ་འཛིན་པ་རིག་པ་དག །ཡོད་པ་མིན་ཡང་གཞལ་བྱ་དང་། །ཞེས་སོགས་ཚད་
འབྲས་བཞི་པའི་སྐབས་ཡིན་ཀྱང་རྣམ་བདེན་པའི་ལུགས་སུ་སྦྱར་བ་རང་འགྲེལ་དུ་གསལ། རིག་པའི་རྗེས་འབྲང་གི་མདོ་སྡེ་པ་ནི་ཐེག་ཆེན་ཡིན་ཏེ། རྣམ་འགྲེལ་གྱི་མཆོད་བརྗོད་ཀྱི་སྐབས་སུ་སྐུ་གསུམ་བསྟན་པས་འབྲས་བུ་སྐུ་གསུམ་དང་། ལེའུ་གཉིས་པར། རྣམ་པ་དུ་མར་ཐབས་མང་པོས། །ཡུན་རིང་དུས་སུ་གོམས་པ་ལས། །ཞེས་གསུངས་པས། གྲངས་མེད་དུ་མར་ཐབས་རྒྱ་ཆེན་གོམས་པ་དང་། འདོད་ཆགས་བྲལ་བའི་གནས་པ་ནི། །བརྩེ་ནམ་ཡང་ན་ལས་ཀྱི་ཡིན། །ཅེས་འདོད་ཆགས་དང་བྲལ་བ་ལ་གཉིས་ལས། ཐེག་དམན་དགྲ་བཅོམ་རེ་ཞིག་རྣམ་སྨིན་གྱི་ཕུང་པོ་མདོར་བ་ནི་ལས་ཀྱི་འཕེན་བ་མ་རྫོགས་པར་འཁོར་བར་གནས་པ་ཡིན། ཐེག་ཆེན་འཕགས་པ་འཁོར་བར་གནས་པ་ནི་སྙིང་རྗེའི་དབང་གིས་གཞན་དོན་བྱེད་པ་ཡིན་པས། ལམ་གྱི་སྐབས་སུ་ས་བཅུ་དང་། བྱང་འཕགས་རྗེས་ཐོབ་པ་འཁོར་བར་གཞན་གྱི་དོན་བྱེད་པ་རྣམས་ཁས་ལེན་པའོ། །སྒྲ་པ་ཤིན་རིན་པས་ཕྱོགས་སྔའི་དོན། མདོ་སྡེ་པ་ཡིན་ན་ཐེག་ཆེན་བ་ཡིན་པས་མ་ཁྱབ་པ་ལ་དགོངས་སམ་དཔྱད། མངོན་པ་འོག་མར་སེམས་བྱུང་༤༦གསུངས་པས་རྫས་ཡོད་ཀྱི་དབང་དུ་བྱས། དོན་ལ་(༡ཡོད། ལྡན་མིན་འདུ་བྱེད་འོག་མར༡༤། གོང་མར༢༣། ཐལ་རང་གཉིས་དོན་དམ་གྱི་ལྟ་བ་རྒྱུད་ལ་སྐྱེད་ཚུལ་ཙམ་ལས། དོན་དམ་རང་གི་ངོ་བོ་འདོད་ཚུལ་ལ་
མི་འདྲ་བའི་ཁྱད་པར་མེད་པས། གཉིས་ཀའང་དབུ་མ་མཚན་ཉིད་པ་ཡིན། ཁྱད་པར་ལ། གཞིའི་སྐབས་སུ། ཀུན་རྫོབ་ཀྱི་བདེན་པ་དང་མི་བསླུ་བའི་གཞི་མཐུན་འདོད་པ་རང་རྒྱུད། དེ་ལས་ལྡོག་པ་ ཐལ་འགྱུར། ས་པཎ་གྱིས། ཐ་སྙད་དུ་ནི་མི་བསླུ་བ། །འདོད་པ་དེ་ནི་ཚད་མའི་ལུགས། །རང་རྒྱུད་དེ་དང་ཆ་མཐུན་ལ། །ཐལ་འགྱུར་བ་དག་ཐ་སྙད་དུ། །བདེན་པར་མི་འདོད་མདོར་བསྡུས་པའོ། །ཞེས་སོ། །དེ་གཙོ་བོ་ཡིན་ཏེ། ལམ་གྱི་སྐབས། ཚད་མ་ལས་མངོན་རྗེས་གཉིས་སུ་འདོད་པ་དང་། ཉན་རང་གིས་ཆོས་ཀྱི་བདག་མེད་མ་རྟོགས་པར་འདོད་པ་རང་རྒྱུད། ཉན་རང་གིས་དེ་རྟོགས་པར་འདོད་པ་དང་། ཚད་མ་ལས་མངོན་རྗེས། དཔེ་ཉེར་འཇལ། ལུང་ཚད་མ་བཞིར་གྲངས་ངེས་སོགས་ཐལ་འགྱུར་ཏེ། དེ་ནི་རིང་དུ་སོང་ན་བློ་ཡང་ལྷག་པར་འགྱུར། །ཞེས་སོ། །འབྲས་བུར་འཕགས་པའི་སར་མཉམ་གཞག་སྣང་བཅས་དང་། སངས་རྒྱས་ཀྱི་སར་མཉམ་རྗེས་ཐ་དད་དུ་འདོད་པ་ནི་རང་རྒྱུད་དེ་ལས་ལྡོག་པ་ནི་ཐལ་འགྱུར། ཐལ་རང་ཞེས་བའི་ངེས་ཚིག་ནི། ལེགས་ལྡན་གྱི་མྱུ་གུ་བདག་ལས་མི་སྐྱེ་བར་སྒྲུབ་པ་སོགས་ལའང་ཚད་མའི་རིག་པ་སྦྱར་ནས་ཡན་ལག་ལྔ་ལྡན་གྱི་སྒྲུབ་ངག་འགོད་པ་སོགས་མཛད་ཅིང་། དེའི་ཚེ་ན་རྟགས་ཆོས་རྩོད་གཞི་དང་གསུམ་ཀ་རྒོལ་ཕྱིར་རྒོལ་གཉིས་ཀའི་ངོར་གྲུབ་དགོས་པས་དཔྱད་གཞི་ཆོས་
ཅན། མྱུ་གུ་ལྟ་བུ་ཞིག་གནས་ལུགས་ལ་དཔྱོད་པའི་རིག་ངོར་ཆོས་ཅན་གྲུབ་པར་བཞེད། སངས་རྒྱས་བསྐྱངས་དང་ཟླ་བས་དེ་མི་འཐད་པར་གཟིགས་ནས། མྱུ་གུ་ཆོས་ཅན། སླར་སྐྱེ་བ་དོན་དམ་དུ་ཐལ། རང་དང་བདག་གཅིག་པའི་རྒྱུ་ལས་སྐྱེས་པའི་ཕྱིར། ཞེས་འགལ་བ་བརྗོད་པའི་ཐལ་འགྱུར་སོགས་ཀྱི་སྒོ་ནས་མྱུ་གུ་བདེན་མེད་དུ་བསྒྲུབས་པར་མཛད། དེའི་ཚེ་ན་ཡང་། དཔྱད་གཞིའི་མྱུ་གུ་ཚད་མས་གྲུབ་པར་ཁས་མི་ལེན་ཏེ། མྱུ་གུ་རང་གི་གནས་ཚུལ་ལ་དཔྱོད་པའི་སྐབས་ཡིན་པའི་ཕྱིར། དེ་སྐད་དུ། ཚིག་གསལ་ལས། དབུ་མ་པ་ཡིན་ནི། ཞེས་སོགས་དང་། ས་པཎ་གྱིས། དེ་ཁས་བླངས་པ་གཏན་མི་འདོད། །དེ་ལ་བརྟགས་ན་གཉིས་སུ་འགྱུར། །སྤྲོས་བྲལ་ཡིན་ཕྱིར་མི་འདོད་ན། །ཤེས་ན་དབུ་མའི་གྲུབ་མཐར་འགྱུར། །ཞེས་སོགས་སོ། །དེས་ན་རང་རྒྱུད་པས་དབུ་མའི་རྟགས་ཆེན་ལྔ་ཚུལ་གསུམ་ཚད་མས་གྲུབ་པའི་རང་རྒྱུད་ཀྱི་གཏན་ཚིགས་དང་། རྩ་ཤེར། བདག་ལས། སོགས་མུ་བཞི་སྐྱེ་འགོག་པའི་དམ་བཅར་འདོད། ཐལ་འགྱུར་བས་དེ་དག་རིག་བཞིན་ཐལ་འགྱུར་བའི་གཏན་ཚིགས་དང་དམ་བཅར་འདོད་པའི་ཁྱད་པར་ཡོད་གསུངས། ཐལ་འགྱུར་བ། པ་ཚབ་བུ་བཞི་ལས་བརྒྱུད། ས་སྐྱ་གོང་མ་དང་བུ་སོགས་ལུགས་འདི་བཞེད། ཀླུ་སྒྲུབ་རྒྱ་མཚོས་རྟེན་འབྲེལ་གྱི་དོན་རྒྱུ་ཞིག་ལ་བརྟེན་ནས་བྱུང་བས་ན་རང་བཞིན་གྱིས་
སྐྱེ་མེད་དུ་སོང་། དེ་བཞིན་དུ་རྭ་གཡས་གཡོན་དང་། དངོས་པོ་དངོས་མེད་དང་། འདུས་བྱས་འདུས་མ་བྱས་སོགས་ཕན་ཚུན་བལྟོས་ནས་གྲུབ་པའི་ཕྱིར་ན་རང་གི་ངོ་བོས་མ་གྲུབ་པར་སོང་སྟེ་རྟག་མཐའ་ལས་གྲོལ། བརྟེན་ནས་བྱུང་བའམ་བལྟོས་ནས་གྲུབ་པའི་ཕྱིར་ཀུན་རྫོབ་ཐ་སྙད་དུ་ཡེ་མེད་མ་ཡིན་པས་ཆད་མཐའ་ལས་གྲོལ་བ་ནི་ཟབ་མོ་དབུ་མའི་ཚུལ་ཡང་དག་པ་སྟེ། ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་s ལས་དེ་ལྟར་ཡང་ཡང་དུ་གསུངས། ཚུལ་དེས་ན་རྟེན་འབྲེལ་གྱི་རྟགས་ལས་མྱུ་གུའམ། ཉེར་ལེན་གྱི་ཕུང་པོ་ལྟ་བུ་གཅིག་བདེན་མེད་དུ་རྟོགས་ན་ཆོས་གཞན་རྣམས་ཀྱང་བདེན་མེད་གཅིག་ཅར་དུ་རྟོགས་ནས་འགྲོ་སྟེ། རྟེན་འབྲེལ་གྱི་གོ་དོན་དེ་ཆོས་ཀུན་ལ་ཚང་བའི་ཕྱིར། ཞེས་གསུངས། ཇོ་ནང་པས། ཆོས་དབྱིངས་འདུས་མ་བྱས་ཙམ་བདེན་གྲུབ་ཏུ་འདོད། པཎ་ཆེན་གྱིས། དེའི་ཡུལ་ཅན་གྱི་ཡེ་ཤེས་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་ཡང་། བདེན་གྲུབ་ཏུ་འདོད་པས་དམན། བཞི་བརྒྱ་པའི་ལུང་། འཇིག་རྟེན་པའི་ཡང་དག་ལྟ་བ། གང་ཟག་དང་། ཆོས་ཀྱི་བདག་མེད་པའི་ལྟ་བ་གསུམ་ལ་རིམ་བཞིན་བྱེད། འཁོར་ལོ་གསུམ་ལ་སྦྱོར་བ་འཁྲུལ་ལོ།། ༈ །།དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། དགེ་སློང་རང་གི་ངོ་བོ་༡སྡོམ་པ་སྟེ། །རྩ་བ་བཞི་སོགས་ཉིས་བརྒྱ་ལྔ་བཅུ་པ། །དབྱེ་བ་༢མིང་གི་དགེ་
སློང་གང་ཡིན་དང་། །རྟགས་ཙམ་འཛིན་དང་ཡང་དག་ལྟར་སྣང་སྟེ། །སྒྲ་འཇུག་༣རྣམ་པར་ཉོན་མོངས་ཟད་ཕྱིར་དང་། །དགེ་བ་སློང་འདུན་པ། དང་ཟས་སློང་དང་། །ཞི་བར་གནས་དང་ལམ་ཐར། ཞུགས་དང་།། །།ལེགས་ཐར་ལམ། པར་འཚོལ་དང་ཆགས་པ་སྤངས། །ཡིད་འོང་ཕྱིར་ན་དགེ་སློང་ངོ་། །ཞེས་སོ།། ༈ །།སློབ་དཔོན་དབྱིག་གཉེན་གྱིས། ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་བ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །ཡོན་ཏན་མདོ་སྡེ་དག་ལས་གསུངས། །ཞེས་དང་། གསོད་སར་ཆུད་པ་ལེགས་བཏང་དང་། །དེ་བཞིན་སྲོག་གི་ཕན་གདགས་ཤིང་། །སྲོག་ཆགས་འཚེ་བ་ལས་ལྡོག་པ། །༼ ཚེ་རིང་བ་ནི་ཐོབ་པར་འགྱུར། །ཞེས་སོ།། ༈ །།བཀྲ་ཤིས་རྫས་བརྒྱད་ཀྱི་རྣམ་པར་བཤད་པ་བཀྲ་ཤིས་དགའ་སྟོན་ལས༡༦། བཀྲ་ཤིས་ཆེན་པོའི་མདོ་ལས། སྔར་བྱས་པ་ཡི་བསོད་ནམས་ཀྱིས། །མཐུན་པའི་ཡུལ་དུ་གནས་པ་དང་། །བདག་ཉིད་མཆོག་གི་སྨོན་ལམ་བྱ། །འདི་ནི་མཆོག་གི་བཀྲ་ཤིས་སོ། །ཞེས་དང་། དཀའ་ཐུབ་དང་ནི་ཚངས་སྤྱོད་བྱ། །འཕགས་པའི་བདེན་པ་མཐོང་བར་བྱ། །མྱ་ངན་འདས་པ་མངོན་སུམ་བྱ། །འདི་ནི་མཆོག་གི་བཀྲ་ཤིས་སོ། །ཞེས་དང་། འཇམ་དཔལ་སྒྱུ་དྲྭ་ལས། ཆོས་ཚོགས་ལམ། ཤེས་བཀྲ་ཤིས་བཀྲ་ཤིས་སྦྱོར་ལམ། འབྱུང་། །བཀྲ་མཐོང་ལམ། ཤིས་ཀུན་གྱི་བཀྲ་ཤིས་སྒོམ་ལམ། པ། །
གྲགས་པའི་བཀྲ་ཤིས་མི་སློབ་ལམ། སྙན་གྲགས་གཞན་དོན། དགེ །ཞེས་སོགས་དྲངས་ནས། དེ་ཡང་རང་དོན་ཕུན་སུམ་ཚོགས་པ་སྟེ། སྤངས་རྟོགས་གྱི་ཡོན་ཏན་ཕུན་སུམ་ཚོགས་པར་བྱེད་པ་མེ་ལོང་། གཞན་དོན་ཕུན་སུམ་ཚོགས་པ་རབ་འབྱམས་ཀྱི་ཕྲིན་ལས་རྣམ་པ་བཞིར་འདུ་བ་ལས། ནད་ཞི་བ་ལ་གིའུ་ཝང་། འདི་ལ་འབྲུག་པ་སངས་རྒྱས་རྡོ་རྗེས་སྲུང་ཞེས་པ་མ་དག་སྟེ། ནོར་སྐྱོང་ཡིན་ཚུལ་སོགས་དེང་སང་ཡོངས་གྲགས་ཀྱི་སྟོང་ཐུན་ཚིག་ལྷུག་འདི་ལ་དགག་པ་བྱས་པའི་ཡི་གེ་དུམ་བུ་ཞིག་སྣང་ནའང་། རང་ཉིད་ཀྱིས་ཕྱོགས་རེ་གོ་བ་རྒྱུ་མཚན་ཏུ་བྱས་ནས་སྨྲ་བ་ལ་དགའ་ཙམ་སྟེ། ནོར་སྐྱོངས་སྲུང་གི་བུ་མ་ཡིན་པའི་ཁྱབ་པ་མེད་པས་མཚོན་ནོ། །ལས་ཉོན་ཞི་བྱེད་ཞོ། འདི་ཡང་ལེགས་སྐྱེས་མས་བ་སྟོང་གི་འོ་མ་ཉིང་ཁུར་བྱས་ཞེས་དེ་ེགས་ཞོར་གོ་ནུས། ཚེ་རྒྱས་པའི་དུརླ་སྟེ། མིང་གི་སྟེང་ནས་དུརྨུར། འཆི་དཀའ་བ། ངོ་བོའི་སྒོ་ནས་མྱུ་གུ་སྐམ་པར་དཀའ་བ་སོགས་ཀྱི་ཕྱིར་རོ། །འདི་མཚམས་ཁྲིད་རྣམས་སུ་དུརྦ་བཀྲམ་བར་བཤད་བས་མཚོན་ཀུ་ཤ་དང་མི་འགལ་པའི་རྒྱུ་མཚན་རྒྱས་པར་ཡོད། བསོད་ནམས་རྒྱས་བྱེད་བིཝ་སྟེ། བྲི་བ་ལསྟེ་དཔལ་གྱི་འབྲས་བུ། དཔལ་དང་བསོད་ནམས་གཅིག །ཚངས་པ་དང་ཤིང་གི་ལྷ་མོ་ཕན་ཚུན་སྤངས་འགལ་མིན་ཅིང་། ཚངས་པས་ཆོས་འཁོར་བསྐོར་བར་གསོལ་བ་བཏབ་པའི་དོན་འགྲུབ་པའི་
ཆེད་དུ་ཕུལ་བ་རང་ལེགས། ཆོས་ཀྱི་དཔལ་འབྱོར་ལུང་རྟོགས་ཀྱི་ཡོན་ཏན་རྒྱས་པར་བྱེད་པ་དུང་དཀར་གཡས་འཁྱིལ། དབང་གི་ཕྲིན་ལས་ཀྱི་རྟེན་འབྲེལ་དུ་ལི་ཁྲི་སྟེ། དོན་སིནྡྷ་རའོ། །འདིའི་ཚིགས་བཅད་ཆོས་རྣམས་མ་ནོར་ཞེས་པ་རང་དག །དྲག་པོའི་ཕྲིན་ལས་ཡུངས་ཀར་ཏེ། ར་བྷ་ཡས། སིདྡྷརླཕོ་ཟས་གཙང་གི །སྲས་དང་ཡུངས་ཀར་ལའང་ངོ་། །ཞེས་བཤད་པས་མཐར་བཞག་པ། སིདྡྷན རྟེན་འབྲེལ་གྱི་ཁྱད་ཆེ་ལ། འདི་ལས་ཐམས་ཅད་བརྟེན་ཅིང་གོང་འཕེལ་དང་བཅས་པ་ལའང་སྦྱར་རུང་ངོ་། །གཞན་ཡང་འཕགས་ལམ་ཡན་ལག་བརྒྱད་ཐོབ་པའི་རྟེན་འབྲེལ་དུ་སྦྱར་ཚུལ་སོགས་མང་ངོ་། །སརྦ་མངྒ་ལཾ།། ༈ །།ཕར་ཕྱིན་འགྲེལ་པ་དོན་གསལ་ལས། སྔོན་སློབ་ལམ་གྱི་དུས་སུ་བླ་མ་བསུ་སྐྱེལ་དང་གཡོག་འཁོར་བྱིན་པ་ལ་སོགས་པ་ལས་ཕྱག་ཞབས་འཁོར་ལོས་མཚན་པ་དང་། སྡོམ་གསུམ་སོགས་ཁས་བླངས་པའི་ཡི་དམ་བརྟན་པར་བྱས་པས་ཞབས་མཐིལ་མཉམ་པ་དང་། བསྡུ་བ་བཞི་བསྟེན་པར་མཛད་པས་སོར་མོ་དྲ་བས་འབྲེལ་བ་དང་། བཟའ་བཅའ་ལ་སོགས་པ་གྱ་ནོམ་པ་བྱིན་པས་ཕྱག་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་དང་། བལྡགས་པ་ལ་སོགས་པ་གྱ་ནོམ་པ་བྱིན་པས་སྐུའི་མདུན་མཐོ་བ་དང་། བསད་པར་བྱ་བའི་གང་ཟག་བཅིངས་པ་སོགས་ལས་ཐར་བར་བྱས་པས་སོར་མོ་རིང་བ་དང་། གཞན་གྱི་སྲོག་བསྲུངས་
ཏེ་འཚོ་ཐབས་ཀྱི་ཕན་བཏགས་པས་རྟིང་བ་ཡངས་པ་དང་། སྲོག་གཅོད་སྤངས་བས་སྐུ་ཆེ་ཞིང་དྲང་བ་དང་། སྦྱིན་སོགས་དགེ་བའི་ཆོས་རང་གིས་ཡང་དག་པར་བླངས་བས་ལོང་བུ་མི་མངོན་པ་དང་། དགེ་བ་ཡང་དག་པར་གཞན་ལ་སྤེལ་བས་བ་སྤུ་གྱེན་དུ་ཕྱོགས་པ་དང་། བཟོ་དང་གསོ་བ་རིག་པ་སོགས་གུས་པས་གཞན་ལ་བྱིན་པས་བྱིན་པ་ཨེ་ན་ཡ་ལྟ་བུ་དང་། སློང་བ་པོའི་སྐྱེ་བོ་ཕྱིར་སྤངས་པར་མ་བྱས་པས་ཕྱག་རིང་ཞིང་མཛེས་པ་དང་། གྲོགས་དང་མཛའ་བཤེས་སོགས་དབྱེ་བ་འདུམ་པར་བྱས་པ་དང་མཛའ་བ་དབྱེ་བར་མ་བྱས་པ་དང་གཞན་གྱི་གསང་ཚིག་བསྲུངས་པས་འདོམ་གྱི་སྦ་བ་སྦུབས་སུ་ནུབ་པ་དང་། གདིང་བ་གྱ་ནོམ་པ་བྱིན་པས་པགས་པའི་མདོག་གསལ་བ་དང་། ཁང་བཟང་སོགས་བྱིན་པས་པགས་པ་འཇམ་པ་དང་། འདུ་འཛི་དང་རྣམ་གཡེངས་སོགས་སྤངས་པས་སྤུ་རེ་རེ་ནས་སྐྱེས་ཤིང་གཡས་ཕྱོགས་སུ་འཁྱིལ་བ་དང་། བླ་མ་དང་ཕ་མ་དང་སྐྱེ་བོ་གོང་མ་ཐམས་ཅད་ལ་ཇི་ལྟ་བ་བཞིན་དུ་བཀུར་བས་མཛོད་སྤུ་དང་། གང་ཟག་ཁ་དྲག་གི་ཚིག་གིས་ཁྱད་དུ་མ་བསད་པས་རོ་སྟོད་སེང་གེ་འདྲ་བ་དང་། གཞན་གྱིས་ལེགས་པར་སྨྲས་པའི་ཚིག་ལ་ཉན་ཏེ་དེ་བཞིན་དུ་བྱས་པས་དཔུང་མགོ་ཟླུམ་པ་དང་། སྨན་དང་སྨན་པ་སོགས་བྱིན་པས་ཐལ་གོང་རྒྱས་པ་དང་། ནད་པའི་གཡོག་དང་རིམ་གྲོ་སོགས་བྱས་པས་རོ་བྲོ་བའི་མཆོག་
དང་། ནགས་ཚལ་དང་སྐྱེད་ཚལ་དང་ཀུན་དགའ་ར་བ་སོགས་བྱས་ནས་གཞན་ཡང་དག་པར་ལན་དུ་བཅུག་པས་ཆུ་ཞེང་གབ་པ་དང་། གཙུག་ལག་ཁང་དང་ཁང་བཟང་སོགས་བྱིན་པས་དབུའི་གཙུག་ཏོར་དང་། ཚིག་འཇམ་པོ་དང་སྙན་ལ་མཉན་པ་སོགས་གསུངས་པས་ལྗགས་རིང་བ་དང་། སེམས་ཅན་རང་རང་གི་སྐད་དང་མཐུན་པར་དམ་པའི་ཆོས་གོ་བར་བྱས་པས་ཚངས་པའི་དབྱངས་དང་། ཚིག་ཀྱལ་པ་སྤངས་པས་འགྲམ་པ་སེང་གེའི་འདྲ་བ་དང་། སྐྱེ་བོ་ཐམས་ཅད་ལ་བཀུར་བ་དང་བསྔགས་པ་སོགས་བྱས་པས་ཚེམས་དཀར་བ་དང་། ལོག་འཚོ་ལྔ་སྤངས་པས་ཚེམས་མཉམ་པ་དང་། བདེན་པའི་ཚིག་ཀུན་ཏུ་སྤྱད་པས་ཚེམས་ཐག་བཟང་བ་དང་། ཕྲ་མ་སྤངས་པས་ཚེམས་བཞི་བཅུ་ཚང་བ་དང་། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་བལྟས་པས་སྤྱན་མཐོན་མཐིང་དང་། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་དང་ཆགས་པ་སོགས་མེད་པར་བལྟས་པས་ཁྱུ་མཆོག་གི་རྫི་མ་ལྟ་བུ་རྣམས་འགྲུབ་པར་གསུངས་པ་ནི་ཡུམ་བར་མའི་རྗེས་སུ་འབྲངས་པ་ཡིན་ཞིང་། ཡུམ་གྱི་མདོར་དངོས་སུ་མ་གུས་པའི་རྒྱུ་མི་འདྲ་བ་གཞན་ཁ་ཤས་ཀྱང་འབྱུང་ལ། རྒྱུའི་དགེ་རྩ་དེ་རྣམས་གྲངས་མེད་གསུམ་གྱི་ཡུན་དུ་གོམས་དགོས་པ་ནི་ཐམས་ཅད་ལ་འདྲའོ།། ༈ །།མདོ་སྡེ་རྒྱན་ཕྱི་ལེའུ་བཅུ་གཉིས་པ་ཡོངས་སུ་ཚོལ་བའི་ལེའུར། རིག་པའི་གནས་ལྔ་ཞེས་སོགས་ཀྱི་
དོན་སློབ་དཔོན་དབྱིག་གཉེན་གྱི་འགྲེལ་བར། ༼༡༧༦པ༽ རིག་པའི་གནས་ཡོངས་སུ་ཚོལ་བའི་ཚིགས་སུ་བཅད་པར། །རིག་པའི་གནས་ལྔ་དག་ལ་བརྩོན་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ། །དེ་ལྟ་བས་ན་གཞན་དག་ཚར་བཅད་རྗེས་བཟུང་དང་། །རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །རིག་པའི་གནས་ནི་རྣམ་པ་ལྔ་སྟེ། ནང་རིག་པ་དང་། གསོ་བ་རིག་པ་དང་། གཏན་ཚིགས་རིག་པ། སྒྲ་རིག་པ། བཟོའི་ལས་ཀྱི་གནས་རིག་པའོ། །དེ་དག་གང་གི་ཕྱིར་བྱང་ཆུབ་སེམས་དཔས་བཙལ་བར་བྱ་བ་དེ་སྟོན་ཏེ། བྱེ་བྲག་མེད་པ་ནི་ཐམས་ཅད་མཁྱེན་། པ་ཐོབ་པར་བྱ་བའི་ཕྱིར། བྱེ་བྲག་ཏུ་ནི་གཏན་ཚིགས་རིག་པ་དང་། སྒྲ་རིག་པ་ནི་གཞན་དེ་དག་ལ་མ་མོས་པ་རྣམས་ཚར་གཅོད་པའི་ཕྱིར་ཡོངས་སུ་ཚོལ་ལོ། །གསོ་བ་རིག་པ་དང་། བཟོའི་ལས་ཀྱི་གནས་རིག་པ་ནི་གཞན་དེ་དག་ལ་མོས་པ་རྣམས་ལ་ཕན་གདགས་པའི་ཕྱིར་ཡོངས་སུ་ཚོལ་ལོ། །ནང་རིག་པ་ནི་བདག་ཉིད་ཀུན་ཤེས་པར་བྱ་བའི་ཕྱིར་ཡོངས་སུ་ཚོལ་ལོ། །ཞེས་གསུངས། དེའི་འགྲེལ་བཤད་སློབ་དཔོན་བློ་གྲོས་བརྟན་པས་མཛད་པར། དེ་བཞིན་གཤེགས་པའི་གསུང་རབས་ཡན་ལག་བཅུ་གཉིས་ལ་མཁས་པ་ནི་ནང་རིག་པ་ཞེས་བྱའོ། །མངོན་སུམ་དང་རྗེས་སུ་དཔག་པ་ཚད་མས་ཟིན་པའི་ཏརྐའི་གཞུང་
ལ་མཁས་པ་ནི་རྒྱུ་རིག་པ་ཞེས་བྱའོ། །སྒྲའི་གཙུག་ལག་བྱཱ་ཀ་ར་ཎ་ལ་མཁས་པ་ནི་སྒྲ་རིག་པ་ཞེས་བྱའོ། །རླུང་དང་བད་ཀན་ལ་སོགས་པ་ནད་གསོ་བའི་གཙུག་ལག་ལ་མཁས་པ་ནི་གསོ་བ་རིག་པ་ཞེས་བྱའོ། །གླུ་དང་གར་དང་སྤོས་ལ་སོགས་པའི་གཙུག་ལག་ལ་མཁས་པ་ནི་བཟོའི་ལས་ཀྱི་གནས་རིག་པ་ཞེས་བྱའོ། །རིག་པའི་གནས་ལྔ་པོ་དག་ལ་ཉན་པ་དང་། བསམ་པ་ལ་སོགས་པའི་སྒོ་ནས་ཤེས་པ་དང་། རྟོགས་པར་མ་བྱས་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཁྱེན་པའི་ཡེ་ཤེས་ག་ལ་ཐོབ་སྟེ། དེ་བས་ན་བྱེ་བྲག་མེད་པར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་རིག་པའི་གནས་ལྔ་ལ་བརྩོན་པར་བྱེད་དོ། །ཞེས་བྱ་བའི་དོན་ཏོ། །དེ་ལ་འཕགས་པའི་ཉན་ཐོས་དང་རང་སངས་རྒྱས་ཏེ། དེ་དག་ལ་སོགས་མཆོག་ཏུ་གྱུར་པས་འཕགས་པའི་བྱང་ཆུབ་སེམས་དཔའོ། །ཇི་ལྟར་ཡོད་པ་མ་ལུས་པ་དང་། ཕྱིན་ཅི་མ་ལོག་པར་ཤེས་པ་ནི་ཐམས་ཅད་མཁྱེན་པ་ཞེས་བྱའོ། །ཞེས་སོ། །འདི་ལྟར་ལེགས་པར་སྨྲས་པ་དང་ཉེས་པར་སྨྲས་པ་རྣམས་ཀྱི་དོན་ཕྱིན་ཅི་མ་ལོག་པར་ཤེས་པར་བྱ་བ་དང་། རྒྱུ་རིག་པའི་གཙུག་ལག་ཤེས་པར་རློམས་པའི་མུ་སྟེགས་པ་དག་ཚར་བཅད་པ་དང་། བསྟན་པ་འདི་ལ་མ་དད་པ་རྣམས་དད་པ་བསྐྱེད་པ་དང་། དད་པ་སྐྱེས་པ་རྣམས་དད་པ་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་བརྩོན་པར་བྱེད་དོ། །སྒྲ་རིག་པ་
བྱང་ཆུབ་སེམས་དཔས་ཚོལ་བར་བྱེད་དེ། བདག་ཉིད་སཾ་སྐྲ་ཏའི་སྐད་མཁས་པའི་སྒོ་ནས་བདག་ལ་མཁས་པ་གཞན་དག་ཡིད་ཆེས་པར་བྱ་བ་དང་། སྒྲའི་གཙུག་ལག་ཤེས་པར་རློམ་པའི་མུ་སྟེགས་པ་དག་ཚར་བཅད་པར་བྱ་བ་དང་། དོན་གཅིག་ལ་ངེས་པའི་ཚིག་མང་པོ་བསྟན་ཅིང་བཤད་པའི་ཆོས་ཐ་སྙད་ལ་མཁས་པར་བྱ་བའི་ཕྱིར་ཚོལ་བར་བྱེད་དོ། །ཞེས་དང་། གསོ་བ་རིག་པ་བྱང་ཆུབ་སེམས་དཔས་ཚོལ་ཀླུ་བར་བྱེད་དོ། །ཅིའི་ཕྱིར་ཞེ་ན། ནད་དང་ནད་ཀྱི་གླེང་གཞི་དང་། ནད་མེད་པ་དང་ནད་མེད་པའི་ཐབས་ཤེས་པར་བྱ་བ་དང་། སེམས་ཅན་གྱི་ནད་རྣམ་པ་སྣ་ཚོགས་ཞི་བར་བྱ་བའི་ཕྱིར་ཚོལ་བར་བྱེད་དོ། །བཟོའི་ལས་ཀྱི་གནས་རིག་པ་བྱང་ཆུབ་སེམས་དཔས་ཚོལ་བར་བྱེད་དོ། །ཅིའི་ཕྱིར་ཞེ་ན། ཚེགས་ཆུང་ངུས་ཤ་ཐང་མེད་པར་ལོངས་སྤྱོད་བསྒྲུབ་པར་བྱ་བ་དང་། ལོངས་སྤྱོད་དང་ལྡན་ཅིང་བཟོའི་གནས་ལ་མཁས་པས་འཇིག་རྟེན་པ་རྣམས་ཀྱིས་བདག་ལ་བཀུར་བར་བྱ་བ་དང་། ལོངས་སྤྱོད་ཀྱི་སྒོ་ནས་འཇིག་རྟེན་པ་རྣམས་ལ་ཕན་པར་བྱ་བའི་ཕྱིར་ཚོལ་བར་བྱེད་དོ། །ཞེས་དང་། ནང་རིག་པ་བྱང་ཆུབ་སེམས་དཔས་ཚོལ་བར་བྱེད་དེ། ཅིའི་ཕྱིར་ཞེ་ན། བདག་ཉིད་ཀྱིས་འཕགས་པའི་ལམ་དང་། དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པས་ཉོན་མོངས་པ་སྤང་བར་བྱ་བ་དང་། བྱས་པ་ཆུད་ཟོས་པ་དང་། མ་བྱས་པ་འོང་བ་མེད་པ་
ཕྱིན་ཅི་མ་ལོག་པར་ཤེས་པར་བྱ་བ་དང་། གཞན་ལའང་མངོན་པར་རྒྱ་ཆེར་བསྟན་པའི་ཕྱིར་ཚོལ་བར་བྱེད་དོ། །ཞེས་གསུངས་སོ།། ༈ །།ཀུན་གཞིའི་རྣམ་ཤེས་ཞེས་པ། ཀུན་མཁྱེན་བསོད་ནམས་སེང་གེ་དང་། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་གཉིས་ཐུགས་བཞེད་གཅིག་པར། ཡིད་ཀྱི་རྣམ་ཤེས་ལ་གནས་སྐབས་གསུམ་དུ་ཕྱེ་བའི། གསལ་ཙམ་རྒྱུན་མི་འཆད་པའི་ཆ་དེ་ལ་ཀུན་གཞི། ངར་འཛིན་པའི་ཆ་ལ་ཉོན་ཡིད། །ཆོས་ལ་དམིགས་པའི་ཆ་ལ་ཡིད་ཤེས། གསལ་ཙམ་རྒྱུན་མི་འཆད་པའི་ཆ་ལ་ཀུན་གཞི། སྟོང་ཆ་ལ་ཆོས་དབྱིངས་ཏེ། དེ་གཉིས་ཟུང་དུ་འཇུག་པ་ཡིན་ཅིང་། གསལ་ཆ་ཀུན་རྫོབ། སྟོང་ཆ་དོན་དམ་བདེན་པ་བཞེད། གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་པས། གསལ་སྟོང་ཕྱོགས་རེ་བ་ལ་དཀོན་མཆོག་གསུམ་དང་སངས་རྒྱས་བརྩིར་མི་བཏུབ་པས། དེ་གཉིས་ཟུང་འཇུག་ལ་ཀུན་གཞིའི་རྣམ་ཤེས་ཡིན་གསུངས་སྣང་།། ༈ །།པཎ་ཆེན་ཤཱཀ་མཆོག་པས། ཀུན་གཞི་ལ་རྣམ་ཤེས་ཀྱི་ཆ་དང་། ཡེ་ཤེས་ཀྱི་ཆ་གཉིས་ཡོད་པས། ཡེ་ཤེས་ཀྱི་ཆ་མྱོང་བ་གསལ་རིག་ངོ་བོ། དེ་ཉིད་དོན་དམ་བདེན་པ་དང་། ཀུན་གཞི་རྒྱུ་རྒྱུད་ཀྱང་ཡིན། དེས་མྱ་ངན་ལས་འདས་པའི་ཡོན་ཏན་རྣམས་བསྐྱེད། འཁོར་བའི་ས་བོན་གཏན་ནས་མི་འཛིན། འདི་ལ་རང་བཞིན་གནས་རིགས་དང་། ཁམས་བདེ་བར་གཤེགས་པའི་སྙིང་པོ་ཡང་བཤད།
རྣམ་ཤེས་ཀྱི་ཆ་ནི་འཁོར་བའི་བག་ཆགས་འཇོག་པའི་གཞི་ཡིན་གསུངས་སྣང་།། ༈ །།བསོད་ནམས་སེང་གེས་ལྡན་མ་ཤེར་སེང་དྲིས་ལན་ལས། ལས་ཀྱི་བག་ཆགས་ཀུན་གཞི་ལ་བརྟེན་པ་ཀླུ་སྒྲུབ་ཀྱིས་སཱ་ལུ་ལྗང་པའི་མདོ་འགྲེལ་དང་། རྗེ་བཙུན་གྱིས་འཁོར་འདས་དབྱེར་མེད་འགྲེལ་པར་ཡང་གསུངས་པས་ངེས་པར་ཁས་ལེན་དགོས། དེར་སེམས་ཙམ་པ་འདོད་པ་ལྟར་གྱི་ཚོགས་བདུན་ལས་རྫས་གཞན་པའི་ཀུན་གཞི་བདེན་གྲུབ་མི་འདོད་ཅིང་། ཡིད་ཀྱི་རྣམ་ཤེས་གཅིག་ཉིད་ལ་གསལ་ཙམ་རྒྱུན་མི་འཆད་པའི་ཆ་དང་། རེས་འགའ་ངར་འཛིན་པའི་ཆ་དང་། རེས་འགའ་ཡུལ་དྲུག་པ་ཆོས་ལ་འཇུག་པའི་ཆ་གསུམ་ཡོད་པ་ལ་རིམ་པ་ལྟར། ཀུན་གཞི་དང་། ཉོན་ཡིད་དང་། དྲུག་པ་ཡིད་ཀྱི་རྣམ་ཤེས་གསུམ་དུ་འཇོག་པའི་སྐབས་ཡིན་པས། དང་པོ་ལ་ལམ་དུ་ཞུགས་པའི་ཚེ་ཐོས་སོགས་ཀྱི་བག་ཆགས་འཇོག་ཏུ་རུང་པ། ལམ་དུ་མ་ཞུགས་པའི་ཚེ་ལས་ཉོན་གྱི་བག་ཆགས་འཇོག་པ་ཡང་འབད་མེད་དུ་གྲུབ་པའི་ཕྱིར། འཇུག་ཤེས་ནི་དཔེར་ན་རྣམ་རིག་པའི་ལུགས་ལ་ཡང་བག་ཆགས་འཇོག་པ་པོ་ཡིན་གྱི། བག་ཆགས་འཇོག་པའི་% གཞི་མ་ཡིན། གསུངས་སྣང་། བར་བསྐལ་ཞེས་པ། ཚེ་ལོ་དཔག་མེད་ཐུབ་པ་ནས། ཚེ་ལོ་བཅུ་བའི་བར་དུ་བར་བསྐལ་གཅིག་སྟེ། ཡ་ཐོག་རིང་མོ་ཟེར། ཡ་ཐོག་རིང་མོའི་མཐའ་ཚེ་ལོ་བཅུ་པའི་ལྷག་མ་རྣམས་
ཀྱིས་དགེ་བ་སྤྱད་པས་ཚེ་ལོ་བརྒྱད་ཁྲི་ཐུབ་པའི་བར་ཡར་འཕེལ་ཞིང་། ཡང་མི་དགེ་བ་སྤྱད་པས་དེ་ཉིད་ནས་ཚེ་ལོ་བཅུ་པའི་བར་མར་འབྲི་བ་བཅས། དེ་གཉིས་ལ་བར་ཁུག་གཅིག་གམ། བར་བསྐལ་གཅིག་ཡིན་པས། དེ་ལྟ་བུ་བཅོ་བརྒྱད་བར་མ་ཆད་འབྱུང་བ་ལ་བར་གྱི་ཁུག་པ་བཅོ་བརྒྱད་གྲགས། ཆགས་འཇིག་གནས་སྟོང་བཞི་ལ། བར་བསྐལ་ཉི་ཤུ་རེ། ཉི་ཤུ་ཕྲག་བཞི་ནི་བརྒྱད་ཅུ་སྟེ། དེ་ལ་བསྐལ་ཆེན་དུ་བཤད། ༈ །གཟུགས་ཁམས། ཚངས་རིས་པའི་ཚེ་ཚད་བསྐལ་པ་ཕྱེད་ཡིན་པ་ནས། འོག་མ་པའི་ཚེ་ཚད་བསྐལ་པ་ཁྲི་དྲུག་སྟོང་གི་བར་དུ་སྦྱར། ༈ །གཟུགས་མེད་ཁམས། ནམ་མཁའ་པའི་ཚེ་ཚད་བསྐལ་པ་ཉི་ཁྲི། རྣམ་ཤེས་པའི་བཞི་ཁྲི། ཅི་ཡང་མེད་པའི་དྲུག་ཁྲི། སྲིད་རྩེ་པའི་བརྒྱད་ཁྲི་ཡིན་ནོ། ༈ །སྐུ་ཞབས་སི་ཏུའི་མངོན་མཛོད་འགྲེལ་པར། བར་དོའི་སྐབས་སྒོམ་པ་ལས་བྱུང་བའི་ལྷ་མིག་དག་པའི་མངོན་ཤེས་ནི། སྐྱོན་བཅུ་གཉིས་དང་བྲལ་བ་སྟེ། ཐེ་ཚོམ་ཡིད་ལ་མི་བྱེད་པ། ལུས་ཀྱི་གནས་ངན་ལེན། རྨུགས་གཉིད། རྒོད་པ། བརྩོན་འགྲུས་བརྩམས་དྲགས་པ། སེམས་ཡ་ཡ་པོ། བག་ཚ་བ། འདུ་ཤེས་སྣ་ཚོགས། སྨྲ་བ་མང་བ། ཧ་ཅང་བསྒོམ་དྲགས་པ་རྣམས་སོ། །སེམས་ཡ་ཡ་པོ་ཞེས་པ། སེམས་ཡུལ་ལ་གཏད་མེད་དུ་དབྱེ་བའི་དོན་ཡིན། ༈ །དེ་ཉིད་ལས་གྲང་དམྱལ་ཆུ་བུར་སོགས་བརྒྱད་ནི།
རིམ་བཞིན། ཆུ་བུར་ཐོན་པ། དེ་བརྡོལ་ནས་འཛག་པ། སོ་ཐམ་ཐམ་པ། ཨ་ཆུ་ཟེར་བ། ཀྱི་ཧུད་ཟེར་བ། སེར་གའི་རྨ་ཆུང་འབྲིང་ཆེན་པོར་གས་པ་རྣམས་ཡིན། ༈ །དེ་ཉིད་ལས། འཛམ་གླིང་། དེའི་དབུས་སུ་སྲིད་མཐའི་བྱང་སེམས་བཞུགས་གནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་མཛད་པའི་གནས་རྡོ་རྗེའི་གདན་ཞེས་བྱ་བ་གསེར་གྱི་རང་བཞིན་གྱི་ས་གཞི་ཡོད་དོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དེ་ནི་། །བྱང་སེམས་ཀྱི་སྐུ་ལུས་ལས་གཞན་པའི་ལུས་དང་། རྡོ་རྗེའི་གདན་ལས་གཞན་པའི་ས་ཕྱོགས་ཀྱིས་བཟོད་བར་མི་ནུས་པའི་ཕྱིར། ༈ །ཐོགས་མེད་ལྡན། མི་ཟློག་ཅེས་པ། བར་སྲིད་དེ་གང་དུ་ལས་ཀྱིས་ འཕངས་པ་དེར་ཐོགས་རྡུགས་མེད་པར་འཇུག་ཅིང་། རྡོ་རྗེ་ལ་སོགས་པས་ཀྱང་བཟློག་པར་མི་ནུས་པའི་ཕྱིར། ༈ །ཏིལ་སྦྱང་ཞེས་པ། བཱ་ཧ་སྟེ། འབྲུ་འཇལ་བའི་ཚད་ཀྱི་བྱེ་བྲག་ཡིན་ཞིང་། གྲངས་ཀྱི་བསྟན་བཅོས་ལས་ཉི་ཤུ་པཱ་ཧ་རུ་བཤད་ཅིང་། ཁལ་ཉི་ཤུ་སྦྱང་གཅིག་ཡིན་པར་བསྒྱུར་བ་སྟེ། འགྱུར་རྙིང་ཡང་ཁུངས་ཆེ་བས་ཁལ་བརྒྱད་ཅུར་བཤད་པའང་འཐད་པ་ཉིད་དུ་ཤེས་པར་བྱའོ། ༈ །ལྕགས་རྡུལ་ནི། ལྕགས་རིགས་ལ་ཡོད་པའི་བསགས་རྡུལ་ཕྲ་ཤོས་དང་། ཆུ་རྡུལ་ནི་རླངས་པ་ལ་མངོན་པ་དང་། རི་བོང་སོགས་གསུམ་ནི་སོ་སོའི་ཤའི་རྡུལ་རགས་ཞིབ་ཀྱིས་གསུངས་པར་མངོན་ནོ། །རྡུལ་ཕྲ་རབ་ནི། གཟུགས་
འགྲིབ་པའི་མཐའ་ནི་རྡུལ་གྱི་ཆུང་ཤོས་ཆ་དབྱེ་བར་མི་ནུས་པའི་རྫས་རྡུལ་ཕྲ་རབ་ཡིན་ཏེ། བསགས་རྡུལ་གྱི་གཟུགས་འགྲིབ་པའི་མཐའ་ཤིན་ཏུ་ཕྲ་བ་དབང་ཤེས་ཀྱི་ཡུལ་མ་ཡིན་པ་དེ་ཡིན་པར་བློ་བརྟན་དང་གང་སྤེལ་གཉིས་ཀས་གསལ་བར་བཤད་དོ། །དེ་བདུན་རྡུལ་ཕྲན། དེ་བདུན་ལྕགས་རྡུལ་སོགས། ༈ །མཛོད་ལས། རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། །དེ་ལས་ཤིག་དང་དེ་བཞིན་ནས། །སོར་ཚིགས་ཞེས་བྱ་གོང་བདུན་འགྱུར། །རྡུལ་ཕྲན་རབ་ནི་ཆ་ཤས་གཏན་མེད་པས། ཟླ་མེད་ཀྱི་རྡུལ་ཞེས་པ་ཤིན་ཏུ་ཕྲ་བ་ཞིག་གོ །རྡུལ་ཕྲན་ནི་རྡུལ་རྫས་བརྒྱད་འདུས་ཏེ་རྫས་རྡུལ་ཞེས་པ་སྔར་ལས་རགས་པ་ཞིག་གོ །ལྕགས་རྡུལ་ནི་ལྕགས་ཕྱིས་པ་ན་གཡའ་ལྟ་བུའི་རྡུལ་ཞིག་དག་འགྲོ་རྒྱུ་ཡོད་པ་དེའོ། །ཆུ་རྡུལ་ནི་ཆུའི་ཁར་རླུང་གིས་བཏབ་པ་ན་རྡུལ་གྱི་དབྱིབས་ཅན་ཕྲ་མོ་ཞིག་འཁྱོར་རྒྱུ་ཡོད་པ་དེའོ། །རི་བོང་ལུག་གླང་གསུམ་ནི་དེ་གསུམ་གྱི་སྤུ་སྟེང་གི་རྡུལ། ༈ །སངས་རྒྱས་པ་རྣམས་དུས་ཀྱི་དང་པོ་དགུན། ཕྱོགས་ཀྱི་དང་པོ་མར་ངོ་བྱེད་ཅིང་། དུས་ཚིགས་ཀྱང་། མགོ་རྒྱལ་མཆུ་དབོའི་ཟླ་བ་བཞི་དགུན་དང་། ནག་པ་ས་ག་སྣོན་ཆུ་སྟོད་བཞི་དཔྱིད་དང་། གྲོ་བཞིན་ཁྲུམས་དབྱུག་སྨིན་བཞི་དབྱར་ཡིན་པས། སྨིན་ཟླའི་བཅུ་དྲུག་ནས་མགོ་ཟླའི་བཅོ་ལྔའི་བར་ཟླ་གཅིག་དང་།
དེའི་མར་ངོའི་རྒྱལ་ཟླའི་གནམ་གང་ཞག་མི་ཐུབ་རྒྱུ་དོར་ནས་ཉེར་དགུ་ལ་གསོ་སྦྱོང་བཅུ་བཞི་པ་འབྱུང་བ་དང་། དེ་བཞིན་སྦྱར་ཏེ་རྒྱལ་ཟླའི་ཕྱེད་ཕྱི་མ་དང་། མཆུ་ཟླ་རིལ་པོ་འདས་པའི་དབོ་ཟླའི་མར་ངོའི་གནམ་སྟོང་དོར་བའི་ཉེར་དགུ་གསོ་སྦྱོང་བཅུ་བཞི་པ་འབྱུང་བ་སོགས་རིགས་འགྲེ་བས། ལོ་གཅིག་ལ་ཞག་མི་ཐུབ་དྲུག་དོར་བས་གསོ་སྦྱོང་བཅུ་བཞི་པའང་དྲུག་འབྱུང་བ་ཡིན་ནོ། ༈ །ཁྲོ་ལོའི་བསྔོ་བར། སྦྱིན་པ་དམ་པ། ཚོགས་ལམ། སྦྱོར་ལམ། སེམས་ཀྱི་རྒྱན། མཐོང་ལམ། སེམས་ཀྱི་ཡོ་བྱད། སྒོམ་ལམ། རྣལ་འབྱོར་གྱི་ཚོགས། དོན་གྱི་མཆོག །མཐར་ཕྱིན་ལམ། ལམ་ལྔའི་ངོ་བོར་བསྒྱུར་བ་སྟེ། ༈ །ལས་བྱང་ཞེས་པ། ཕྲིན་ལས་ཀྱི་བྱང་བུ། མཁྱེན་བརྩེའི་ཕུར་པ་རྒྱུད་ལུགས་ལས་གསུངས། ༈ །ནཱ་རོའི་སློབ་མ་གཉིས་སྐྱེས། མཆོག་གསུམ་ནི། བཞི་སྟེ། གཉིས་སྐྱེས་བྲམ་ཟེའི་རིགས་ཅན་ཡིན་པས་ན་གཉིས་སྐྱེས་ཞེས་བྱ་ལ། རྟེན་དགེ་སློང་ཡིན་ནོ། །མཆོག་གསུམ་ནི། མཱ་ན་ཀ་ཤཱིཛྙཱ་ན་དང་། པྲཛྙཱ་རཀྵི་ཏ་དང་། བལ་པོ་ཕམ་འཐིང་པ་དང་གསུམ་ཡིན་པར་བཤད་དོ། །ཕམ་འཐིང་པ་སྐུ་མཆེད་བཞི་ཡོད་པ། ཆེ་བ་དགེ་ སློང་ཆོས་ཀྱི་བློ་གྲོས། ནཱ་རོའི་མདུན་ལོ་བཅུ་གཉིས་བཞུགས། ཕྱིས་རི་བོ་རྩེ་ལྔར་བྱོན་པ་དེ་ཉིད་མཆོག་གསུམ་གྱི་ཕྱི་མའོ། །གཅུང་དགེ་སློང་འཇིགས་མེད་གྲགས་པ། ནཱ་རོའི་མདུན་ལོ་དགུ་བཞུགས། བོད་དུ་
ཕམ་འཐིང་པར་གྲགས་པ་དེ་ཉིད་ད་ལྟ་བདེ་མཆོག་དང་མཁའ་སྤྱོད་སོགས་ཀྱི་བརྒྱུད་པ་ནང་བཞུགས་པ་འདིའོ། །དེ་ཡི་སློབ་མ་ནི་ཀློག་སྐྱ་ཤེས་རབ་བརྩེགས་སོ། །གཅུང་དུས་འཁོར་བ། ནཱ་རོའི་མདུན་ལོ་ལྔ་བཞུགས། ཆུང་བ་ཐང་ཆུང་བས་ཀྱང་ནཱ་རོའི་མདུན་ནས་གདམས་པ་ཕལ་ཆེར་ཐོབ་པ་ཡིན། ཞེས་གོ་རམ་པས་ལོ་ཧིའི་རྣམ་བཤད་ལས་སོ། ༈ །སངས་ཕུན། ལུང་གི་བེ་བུམ་དགོས་འདོད་ཀུན་འབྱུང་ལས། འགོག་པ་ནི་ཉོན་མོངས་ཟད་པ། ༈ །ལན་ཀན་ནི་རྒྱུ་བའི་དོན་དུ་ལམ་ཁ་ཁྱེར་གྱིས་བསྐོར་བ། ༈ །འཇིག་ཚོགས་ལྟ་བ་ནི། ཉེར་ལེན་ཕུང་པོ་ལྔའི་ཡུལ་ལ། བདག་དང་བདག་གིར་ཤེས་པ། རིའི་རྩེ་མོ་ནི། འཇིགས་ལྟ་དེ་ཉིད་གཞིག་དཀའ་བའི་ཕྱིར་རི་དང་འདྲ་བ། ཉི་ཤུ་ནི། བདག་གཟུགས་ཡིན་ཏེ་བདག་པོ་དང་འདྲ་བ། བདག་གཟུགས་དང་ལྡན་ཏེ་རྒྱན་དང་འདྲ་བ། གཟུགས་བདག་ཡིན་ཏེ་བྲན་དང་འདྲ་བ། གཟུགས་ལ་བདག་གནས་ཏེ་སྣོད་དང་འདྲ་བ། བདག་ཚོར་བ་སོགས། ༈ །འཚོ་ཞིང་ནི། ཉིད་ཀྱི་མཐུས་སྐུ་སྲས་སུ་རུང་བའོ། །གཞེས་ནི། སྨན་གྱི་མཐུས། ༈ །ཚོགས་བདག་ལས། བཅུ་དྲུག་འཛམ། དཔྱིའམ། ཚང་རའི་མདོ་ལ་བཤད། སྐྱེ་ཚེ། མི་རྒན། ཤངས་ཚེ། ཏིལ་བོང་རིགས་སྐྱེ་བའི་ཡུངས་གཞིའི་སྒོང་བུ་ལྟ་བུ། འབྲས་བུ་ཕྲ་ཞིབ་དམར་སེར་ཅན་དེ་ལ། སྒང་ཐོག་པ་ཡང་ཟེར། ༈ །ཚ་བའི་མར་ཁུ།
སྣུམ་ནག་ཡིན་པ་འདྲ། ༈ །ཆགས་མེད་པའི་ས་སློང་སྐབས། སྤུན་དྲུག་ཅེས་པ། ལུག་ལག་གི་བཅད་སུག་མཚམས་ཀྱི་རུས་པ་དུམ་བུ་དྲུག་པ་དེའོ། ༈ །རང་ཡུ་ཞེས་པ། མཆིག །རྒྱ་ཡུ་ཞེས་པ། རྒྱ་མ། ༈ །སྨྱུག་ཚགས་ཁ་སྦྱར། ༈ །ཟེར་རྨོང་གི་སྐྲ་ཞེས་པ། ཛོར་བྱའི་མའི་ཁོག་པའི་ཐང་ཆུ་ཟོས་པ་ནག་པོ་རེད་པ་དེ་ཡིན་ཟེར་བ་སྣང་། ༈ །བོད་དུ་དོ་རྒོད་པ་ཞེས་པ། སྔོ་སྨན་དོ་བ་ཁ་གདངས་སམ། དུ་བ་ཁ་སྐྲངས་ཟེར་བ། མེ་ཏོག་སེར་པོ་ཡུངས་གཞི་ལྟར། མཐོ་གང་ཙམ་སྐྱེ་བ། རྩ་བ་རིལ་མོ་ཁ་ཚ་ཞིང་དཀར་བ་སྲིན་སྨན་བྱེད་པ་དེ་ཡིན། ཁོག་ལ་མི་བཏང་། ༈ །གི་ཝཾ་ཚབ་ལུག་རུ་སེར་པོ་གུ་བྱ། ༈ ། བཞི་མཉམ་ནི། ཙནྡན། གླ་རྩི། གུར་གུམ། གི་ཝཾ་བཞི་སྦྱར་བའོ། །ཞེས་དབྱངས་ཅན་མའི་སྐབས་སུ་ཇོ་ནང་པས་བཤད། །སྐག་ཆོལ་གྱི་རྗེས་གནང་ཞེས་པ་འཁོར་ལོའི་ལས་ཚོགས་ལ་ཉེ་བར་མཁོ་བ་ཡིན་གསུངས། ༈ །ཐུན་མཚམས་སུ་མདོ་སྡེ་མེ་ཏོག་བཀོད་པ་ནས་གསུངས་པའི་གླུ་དབང་རྒྱལ་པོའི་གཟུངས་འདོན། ༈ །བུ་ག་དགུ་དང་དྲུག་མདོར་བྱུག །འཇམ་ནག་སྐབས་སུ་བཤད། ༡ ༈ །རྒྱ་གར་གྱི་རི་མོ་དང་རྒྱ་གཞུང་བཅས་ལ། བྱ་ཁྱུང་མི་ཡི་གཟུགས་ཅན་ལ་བྱ་ཡི་མཆུ་དང་གཤོག་པ་མཇུག་སྒྲོ་སྡེར་མོ་བཅས་ཡོད། རྭ་དང་བྱ་མགོ་ཡོད་པའི་བྱ་ཁྱུང་བལ་པོ་ཚུལ་ཁྲིམས། སྦྲ། དང་བོད་རྒྱ་ནག་གི་ལུགས་ཡིན་
གསུངས། ༈ །ཉི་སྦས་སྒྲོལ་མ་དཀར་མོ་རྣམ་གསུམ་རིང་ལ་ཤིན་ཏུ་དར་ཆེ་གསུངས། ༈ །གཉན་སྒྲོལ་ཡན་ལག་དྲུག་པ། གཙོ་བོ་བསྙེན་པ་དང་། ལས་ཚོགས་ལྔ་བཅས་ལ་ཟེར། ༈ །རལ་པའི་ཐོར་ཚུགས་དང་ཐོར་ཅོག་དོན་གཅིག །ཡི་དམ་གྱི་ལྷ་རྣམས་ལ་དབུ་སྐྲ་གྱེན་དུ་མཐོ་རེའི་ཚད་ཙམ་བསྡོམ་པ་དེ་ལ་ཟེར། ལྷ་མོའི་རིགས་ལ་དཀའ་ཐུབ་ཀྱི་མཛད་པའི་བསྟོད་པ་འདྲ་མ་གཏོགས་གཞན་སྐུ་དཀྱུས་མ་ལ་མེད། བོད་ཡུལ་འདིར་ལྷ་མོའི་སྐུ་ལའང་ཐོར་ཚུགས་འོང་བ་འཁྲུལ་པའི་ལག་ལེན་སྣང་། ཟུར་ཕུད་དང་དོ་ཀེར་མིང་གི་རྣམ་གྲངས། སྔོན་གྱི་འཁོར་ལོས་སྒྱུར་རྒྱལ་རྣམས་དང་། དེང་སང་གཞུང་གི་དྲུང་སྐོར་རྣམས་ཀྱི་སྒྲ་སྤྱི་བོར་བསྡོམ་ལུགས་དེ་ལྟར་ཡིན་ཏེ། སྔ་མ་ལས། ཚད་ཐུང་བས་དེའི་ཕྱེད་དམ་སུམ་ཆ་ཙམ་ཡོད། ༈ །རྣམ་རྒྱལ་སྔོན་པོ་དར་དཔྱངས་ཞེས་པའང་སྤྲུལ་གཟུགས་ཀྱིས་དབུ་སྐྲ་བཅིང་བའི་ལྷག་མ་གཡས་གཡོན་དུ་དར་དཔྱངས་ཀྱི་གཟུགས་སུ་མཛེས་པ་ཞིག་གོ ༈ །ཀླུ་ཤིང་ཞེས་པ་བལ་པོ་ཡོད་པ་འདི་དང་ཅུང་མི་མཐུན་སྙམ། ༈ །དར་ལེ་བརྒན་དམར་སྐྱ་ལ་བཞེད། ནོར་རྒྱུན་དམར་མོའི་སྐབས། ར་བསྲེ་པྲམ་ཞེས་པ་རའི་སྤུ་མདོག་རྒྱ་གོ་རའི་མདོག་ཅན་དམར་ཧྲག་གམ་སེར་ཧྲག་གི་མདོག ༈ །འཇམ་དཔལ་སྨྲ་སེང་ལ་རིལ་བུ་ཡོད་ན་འཇོག །མེད་ན་ཟན་རིལ་གྱིས་ཚབ་བྱ། ཕོ་འཁོར་སོགས་མི་དགོས།
གསར་དུ་བསྒྲུབས་ན་འདོད་འཇོའི་བུམ་བཟང་ལྟར་ཡིན། རྩིབས་དང་འདབ་བརྒྱད་ལ་ཡི་གེ་འབྲི་རྒྱུ་མེད། མོ་འཁོར་ཡིག་མགོ་ནང་བསྟན། ཕོ་འཁོར་ཕྱིར་བསྟན། མོ་འཁོར་འོག་དང་ཕོ་འཁོར་སྟེང་དུ་བྱས་པའི་བར་དུ་ལྷུང་བཟེད་རིལ་བུ་བཞག་ནས་བསྒྲུབ། ༈ །ལྷ་མོ་ཙཎྜིའི་གཡས་བརྒྱད་པའི་ཕྱག་མཚན་ག་ད་ཟེར་བ། དབྱུག་པ་དཀར་པོ་ལ་ཟེར། ༈ །ཞི་སྦས་ལུགས་ཀྱི་ནག་པོ་ཆེན་པོའི་སྐབས། གྲིབ་མའི་བུ་ནི། སྤེན་པ་མཚན་མོར་སྐྱེས་པས་སྤེན་པའི་མིང་ཡིན། སྤེན་པ་དང་གཤིན་རྗེ་གཉིས་གཅིག་པའི་སྐབས་མང་བས། འདིར་གཤིན་རྗེའི་བུ་མོ་སྟེ་ལྷ་མོ་དུད་སོལ་མ་ལ་འཇུག་པ་ཡིན་ནོ། ༈ ། འཛམ་བུ་ཏི་བའི་ཞལ་ཟས། ཤ་སྲན་མ་གཉིས་སྦྱར་བའི་ཟན། འབྲས་ཀྱང་ཕྲན་བུ་བཏབ་པ་ཡིན་ཏེ་ལྷོ་མོན་པ་རྣམས་ཀྱི་ཟས་ཞིག་གོ ༈ །མོན་ཀྲི་ག་ཞ་ཞེས་པ། མོན་དར་རི་མོ་ཅན་ལ་ཟེར། ༈ །གཉན་སྒྲོལ་སྐབས། དབུ་སྐྲ་གཡོན་ཕྱོགས་སུ་བཅིངས་ནས་གཡས་ཕྱོགས་སུ་འཁྱིལ་བ་ནི་ལི་མ་འགའ་ལའང་བྱུང་། མང་ཡུལ་སྐྱིད་གྲོང་ཕྱོགས་ཀྱི་བུད་མེད་རྣམས་ཀྱི་སྐུ་འཆིངས་ལུགས་ལྟར། ༈ །རིག་བྱེད་ཀྱི་ཕུག་ཅེས་པ་ལྷོ་ཕྱོགས་ཀྱི་རྒྱ་མཚོའི་གླིང་ཤེད་ན་ཡོད་པར་བཤད། ༈ །པདྨའི་ཕྲེང་བ་ནི། བལ་པོ་ནས་འབྱུང་བའི་མེ་ཏོག་པདྨ་རང་གི་འབྲས་བུའི་རྩ་བའི་ཕྲེང་བ་དེ་ག་ཡིན་གསུངས། ༈ །ཆོས་གོས་རྣམ་གསུམ། །
མཐང་ཤམ་དང་། སྣམ་སྦྱར། ཆོས་གོས་གསུམ་ཡིན། ༈ །སྒོམ་ལུང་ཞེས་པ། ལྷ་ཡི་མངོན་རྟོག་ཀྱི་དམིགས་པ་འབོགས་པ་ཡིན། ༈ །རུས་པ་དང་པོའི་ཤྭ་ཡིས་ཧལ་ཆུར་ནེམ། །གྲྭ་དོར་ཡང་ནི་དེ་ཡི་སྦྲང་g ལའོ། ༈ །རྒྱབ་ཆོས་ལས། རང་གི་ནོར་གང་ཡོད་རྣམས་སྤེལ་ཞིང་རྒྱས་པར་འདོད་ན། ཨོ་པི་ཤ་ནི་སྭཱ་ཧཱ། ཤམ་བུ་གདགས། གཞན་ནོར་ལོངས་སྤྱོད་རང་གི་དབང་དུ་བསྡུ་བར་འདོད་ན། ཨོ་བ་ཤ་ནི་སྭཱ་ཧཱ། པ་དང་བ་དང་ཝ་གསུམ་གང་བྱས་རུང་གསུངས་སྣང་། ༈ །སྨན་ཚ་བ་གསུམ། ས་སྐྱ། པི་ཕོ་གསུམ། སྔོ་ཚ་བ་གསུམ། སྒ་ཚ། ར་སྲུས་པ། མེ་ཏོག་དཀར་པོ་འབྲས་བུ་བྱ་མཆུ་འདྲ་བ་ཞིང་མུ་སྐྱེ། དབྱི་མང་དཀར་པོ། ༈ །དབང་རིལ་རབ་རིམ་པ་བདུན་བཙན་དུག་དང་བསྙལ་བས། རབ་ཞབས་སུ། འབྲིང་གོས་སུ། ཐ་མ་འཁོར་དུ་བསྐོར། ནམ་མཁར་གཡུགས་པས་བྱིན་རྟེན་ཡང་ལྗང་གུར་འབར། ༈ །རྒྱ་ཡན། ཕྱོགས་མེད་པར་བཞག །ལྷུག་པ། བཅས་བཅོས་མེད་པར་བཞག་པའི་དོན། ༈ །བྱམས་པའི་བསྟོད་པ་ཁྲོ་ཕུ་ལོ་ཙཱ་བས་མཛད་པར། ཐུབ་ཆེན་བླ་མའི་མཆོད་རྟེན་གཙུག་ཏོར་ན། །འཇིག་རྟེན་དོན་སྒྲུབ་ནོར་བུ་འབར་བས་སྤྲས། ༈ །ཉོན་མོངས་དྲག་པོ་སྐྱེས་པའི་ཚེ། །སྐྱེ་མཁན་ངོ་བོ་ཤེས་པར་གཅེས། །སྦྲུལ་གདུག་སྔགས་ཀྱིས་གཅུན་པ་འདྲ། །རང་དབང་ཐོབ་པ་ངོ་མཚར་ཆེ། ༈ །གྲུབ་པ་ཉི་ཤུ་རྩ་བདུན། ཁྲོ་
ཕུ་བརྒྱ་རྩ་ལྡེབ་༣༠༨ནང་ཡོད། ༈ །ཀྱེ་རྡོར་དབང་བཤད་ཆེན་མོ་ལས། རང་བཞིན་བརྒྱད་ཅུའི་རྣམ་གྲངས་སྤྱོད་བསྡུས་ནང་ཡོད་གསུངས།། ༈ །།བྱམས་པ་སེང་གེ་སྒྲའི་མདོ་ལས། འོད་སྲུངས་བྱང་ཆུབ་སེམས་དཔའ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་ཆུའི་ཕུང་པོ་ནས་བཟུང་སྟེ། ཚངས་པའི་འཇིག་རྟེན་གྱི་མཐར་ཐུག་པའི་བར་དུ་འབྲུ་མར་གྱིས་ཡོངས་སུ་བཀང་སྟེ། མར་མེའི་སྙིང་པོ་རི་རབ་ཙམ་བཙུགས་ནས། དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་ཕྱིར་མར་མེ་ཕུལ་བ་བས་ནི། བྱང་ཆུབ་སེམས་དཔས་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས། ཚུལ་ཁྲིམས་ཀྱི་ཕུང་ པོ་ལ་གནས་པ་གཅིག་ཤོས་ཀྱིས་མཁན་པོའམ། སློབ་དཔོན་གྱི་དྲུང་ནས་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ལུང་མནོས་ཏེ། ཁ་ཏོན་བྱེད་ཅིང་གོམ་པ་བདུན་འདོར་བར་བྱེད་པ་གང་ཡིན་པ་དེ། དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་པར་འགྱུར་རོ། །ཞེས་དང་། ད་ལྟར་སངས་རྒྱས་མངོན་སུམ་དུ་བཞུགས་པ་ཏིང་འཛིན་གྱི་མདོ་ལས། གང་གིས་གངྒཱའི་བྱེ་སྙེད་འཇིག་རྟེན་ཁམས། །རིན་པོ་ཆེས་ནི་བཀང་སྟེ་བྱིན་པ་བས། །གང་ཞིག་འདི་ལས་ཚིགས་བཅད་འགའ་ལུང་མནོས། །དེ་ཡི་བསོད་ནམས་ཚད་བཟུང་མི་སླའོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །འབྲོམ་སྟོན་གྱིས། ཁོ་བོས་བླ་མ་ཚམ་ཚོམ་དུ་བསྟེན་མ་
མྱོང་། བསྟེན་ནས་འདོར་མ་མྱོང་། ཞེས་དང་། ཨ་བ་ཏཱ་ར་ལས། ནམ་བཟླས་བརྗོད་དང་བསམ་གཏན་ལ་སོགས་བྱེད་པའི་ཚེ་ཡང་རང་གི་ལྷ་བསྒྲུབ་པར་བྱས་པ་ལ་དྲན་པ་ཉམས་པའམ། འདོད་ཆགས་ལ་སོགས་པའི་ཉོན་མོངས་མང་པོ་བྱུང་ངམ། གཉིད་དམ། སྙོམས་པའམ་ཡུལ་གཞན་འགྲོ་འདོད་པའི་རྣམ་པར་རྟོག་པའི་དབང་གིས་ཕྱག་རྒྱ་ཆེན་པོ་ལ་དམིགས་པ་ལ་སོགས་པའི་ཡུལ་ལ་སེམས་མི་འདུ་བར་གྱུར་། ཚ ཚེ་ཡང་རང་གི་སེམས་དེའི་རང་བཞིན་དུ་གནས་པ་བརྟན་པར་བྱ་བའི་ཕྱིར། ཡི་གེ་བརྒྱ་པའི་སྙིང་པོ་འདི་ཉིད་དཔལ་རྡོ་རྗེ་སེམས་དཔལ་རྡོ་རྗེ་རྣོན་པོ་ལ་སོགས་པའི་ཡེ་ཤེས་ཀྱི་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་བསྐུལ་ནས་སོ། །འདི་ནི་ཡི་གེ་བརྒྱ་པའི་སྙིང་པོའོ། །ༀ་བཛྲ་སཏཱ་སོགས། སཏྭ་ཨཱ༔ འདི་སྐད་བརྗོད་པས་མཚམས་མེད་པ་བྱས་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་བསླུས་པ་དང་། དམ་པའི་ཆོས་སྤོང་བ་དང་། ཉམས་པར་བྱེད་པའི་ལས་ཐམས་ཅད་བྱེད་པ་ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་བསྒྲུབས་པ་ལ་རྡོ་རྗེ་སེམས་དཔའ་བརྟན་པར་གྱུར་ནས། ཚེ་འདི་ཉིད་ལ་འདོད་པའི་དངོས་གྲུབ་ཐམས་ཅད་མྱུར་དུ་ཐོབ་སྟེ། རྡོ་རྗེའི་དངོས་གྲུབ་བམ། རྡོ་རྗེ་སེམས་དཔའི་དངོས་གྲུབ་ནས། དེ་བཞིན་གཤེགས་པའི་དངོས་གྲུབ་མཆོག་གི་བར་དུ་ཐོབ་པར་འགྱུར་རོ། །ཞེས་བཅོམ་ལྡན་འདས་
རྡོ་རྗེ་སེམས་དཔས་གསུངས་སོ།། ༈ །།བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །སྡོམ་འབྱུང་ལས། ཇི་ལྟར་དེ་ཉིད་ལ་རག་ནས། །བསམ་པ་ཐམས་ཅད་བསམ་དུ་མེད། །གང་ཚེ་བསམ་དུ་མེད་སེམས་པ། །དེ་ཚེ་བསམ་གྱིས་མི་ཁྱབ་འབྱུང་། །སེམས་ཅན་ཇི་བཞིན་བསམ་མེད་དེ། །བསམ་མེད་ཇི་བཞིན་རྒྱལ་ཡང་མེད། །གང་ཕྱིར་བསམ་བྲལ་སངས་རྒྱས་ཀྱིས། །བསམ་པ་འདི་ནི་རབ་ཏུ་བཤད། །བསམ་གྱིས་མི་ཁྱབ་སེམས་དེ་ལ། །བསམ་པ་ཀུན་གྱི་བརྗོད་ལས་འདས། །སྣ་ཚོགས་རྟོག་པའི་རྟོག་པ་མེད། །ཆགས་མེད་བདེ་བ་ཆེན་པོ་སྟེ། །རྣམ་པ་ཐམས་ཅད་ཀྱི་ནི་མཆོག །ཅེས་བསམ་གྱིས་མི་ཁྱབ་པར་བསྟན། །ཀྱེ་རྡོར་ལས། འདི་ནི་འཁོར་བ་ཞེས་བྱ་སྟེ། །འདི་ནི་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་འཁོར་འདས་དབྱེར་མེད་དུ་བསྟན། དུས་ཀྱི་འཁོར་ལོ་ལས། ཇི་སྲིད་འགྱུར་བ་ཐོབ་ཀྱི་བར། །རྟེན་དང་བརྟེན་པའི་འབྲེལ་པས་གནས། །སེམས་ཀྱི་འགྱུར་མེད་ཐོབ་ནས་ནི། །རྟེན་དང་བརྟེན་པའི་འབྲེལ་པ་མེད། །ཅེས་འགྱུར་མེད་ཀྱི་བདེ་བ་ཆེན་པོར་གསུངས། ཕྱག་རྒྱ་ཆེན་པོའི་བརྒྱུད་པ་ནི། རྣལ་འབྱོར་གྱི་དབང་ཕྱུག་ཏིལླི་པ་ངེས་པའི་དོན་དུ་རྡོ་རྗེ་འཆང་ཆེན་པོ་དང་གཉིས་སུ་མེད་ཀྱང་། དྲང་བའི་དོན་དུ་བཀའ་བཞི་བརྒྱུད་པའི་བླ་མ་བསྟེན་ནས་སྤྲུལ་པ་པོ་
གཅིག་འདིར་འཚང་རྒྱ་བའི་ཚུལ་བསྟན། དེས་ནཱ་རོ་པས་དཀའ་ཆེན་བཅུ་གཉིས་ཀྱི་མཐར་རྟོགས་པ་གཅིག་ཅར་དུ་འཁྲུངས། དེས་རྗེ་བཙུན་མར་ལོར་དགྱེས་པ་རྡོ་རྗེའི་དབང་བསྐུར་གསན་པའི་དུས་སུ་གསུམ་པའི་རྟེན་ལས་ཕྱག་ཆེན་རྟོགས་པ་རིམ་གྱིས་མཐར་དབྱུང་། ཁ་ཅིག་དེ་དུས་ཀྱིས་རྒྱུ་བྱས། མེ་ཏཱི་པའི་དུས་སུ་ཤར་བར་རློམས་མོད། དེ་ནི་མི་འཐད་དེ། སྔ་མའི་སྐབས་སུ་ཉིད་ཀྱི་མགུར་ལས་རླུང་འཕོ་མེད་དུ་གྱུར་བར་བཤད་པ་གང་ཞིག །དེའི་དུས་སྐད་ཅིག་ཏུ་མི་འགྱུར་བའི་བདེ་བར་དུས་ཀྱི་འཁོར་ལོ་བསྒྲུབ་པའི་ཕྱིར་རོ། །དེས་ན་དེ་ཉིད་དུ་སངས་རྒྱས་པའི་ཚུལ་མ་བསྟན་པར་ཕྱིས་མེ་ཏཱི་པའི་དྲུང་དུ་རྟོགས་པ་བརྟན་པོར་གྱུར་པའོ། །རྗེ་བཙུན་མི་ལས་བྲག་དཀར་རྟ་སོར་མར་པའི་དྲིན་གྱིས་གཏུམ་མོ་ལ་བརྟེན་ནས་དང་། དྭགས་པོས་རྗེ་བཙུན་དང་མཇལ་ནས་ལོ་བཅུ་གཉིས་ན་རྟོགས་པ་ཤར་བར་ལུང་བསྟན་པ་བཞིན་གཉལ་སེ་བ་ཀླུང་དུ་གཟིགས། འོལ་ཁར་མཐར་ཕྱིན། འདི་ཡང་གཏུམ་མོ་ལ་བརྟེན་པ་དང་། ཕག་གྲུ་ས་སྐྱ་པས་མཐོང་ལམ་པར་གསུངས་ཀྱང་། དེས་གོ་མ་ཆོད་པར་དྭགས་པོ་ཆེན་པོའི་ངོ་སྤྲོད་ཀྱི་ཚིག་ལ་བརྟེན་ནས་རྙེད་པས་སྔར་གྱི་བླ་མ་རྣམས་ཅི་རེད་གསུངས་བྱུང་དགོས་པར་གདའ། གླིང་རས་ལོ་གསུམ་ལ་བརྟེན་ནས་རྩ་རླུང་གི་དྲོད་རྟགས་ཐོན། ཕག་གྲུ་མཇལ་བས་རྟོགས་པ་ཕྱི་གྲོལ་ནང་གྲོལ་དུ་སོང་ནས་རྒྱ་གར་གྱི་ཆུ་
བོ་གངྒཱ་ཚུན་ཆོད་དུ་རྟོགས་པ་མཐོ་བར་ལུང་བསྟན། འདི་གཅིག་ཅར་བའི་སྐྱེས་ཚུལ་ལོ། །རྒྱ་རས་པས་གླིང་གི་དྲུང་དུ་ཉམས་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་བྱུང་བས་རྟོགས་པར་རློམས་ཏེ་ཞུས་ པས། རྟོགས་པ་གཤའ་མ་ད་སྟེ་ལོ་ལྔ་ན་འཆར་བར་གསུངས་པ་བཞིན། མཁར་ཆུར་རྐྱེན་ངན་ལམ་དུ་ལོངས་ཤིང་། བླ་མའི་མོས་གུས་ཚད་མེད་པས་རྐྱེན་བྱས་ཏེ་ཤར། ཚལ་པར་བརྟེན་ནས་སྙིང་རྗེའི་ཚན་ཁ་བརྡོལ། འདི་ཐོད་རྒལ་བའི་སྐྱེ་ཚུལ་དུ་བཞེད། རྒོད་ཚང་པ་དམིགས་པ་གཅིག་ལ་བརྟེན་པའི་ཁྲིད་ཞུས་པའི་ཞག་བཅོ་བརྒྱད་ན་རྟོགས་པ་ཤར། འོན་ཀྱང་ཙ་རི། ཏི་སེ། མཐར་རྒོད་ཚང་བྲག་ལ་བཞུགས་ཚུན་བསྐྱངས་པས་བརྟན་པ་ཐོབ། རིམ་གྱིས་པའི་སྐྱེ་ཚུལ་དུ་བཞེད་དོ། །ཕག་གྲུས། ཕྱ་པར་འཁོར་བའི་རྒྱུའི་གཙོ་བོ་དྲིས་པས། གནས་ངན་ལེན་གྱི་དྲི་མ་ཕྲ་ཞིང་ཕྲ་བ་འདིའོ། །དེ་གང་། ཤེས་བྱའི་དྲི་བ མ་སྣོད་ལ་གླ་རྩིའི་དྲི་ཆགས་པ་ལྟ་བུའོ། །དེ་ལས་བཅར་བ་མ་བྱུང་། ས་ཆེན་ལ་ཞུས་པས། རླུང་སེམས་དབུ་མར་མ་ཚུད་པའོ། །ཞེས་གསུངས། ད་དུང་ཉམས་མ་བདེ། དྭགས་པོར་ཞུས་པས། དགེ་བའི་བཤེས་གཉེན། ཐ་མལ་གྱི་ཤེས་པ་ངོམ་ཤེས་པ་ཡིན་མོད་གསུངས་པས་བཅར་ཏེ་ཟིན། དེའི་རྒྱུ་མཚན། སྟོན་པས་འཁོར་འདས་ཀྱི་རྒྱུ་རིག་མ་རིག་གཉིས་སུ་གསུངས་པ་ངོ་འཕྲོད་པར་འདུག་གོ། ༈ །།སྒྲ་གནས་
བརྒྱད་ནི། སྒྲ་དང་། སྐད་དང་། མིང་དང་། མཚན་མ་དང་། བརྡ་དང་། ཐ་སྙད་དང་། ཚིག་དང་། དོན་རྣམས་སོ། །དེ་ལ་དང་པོ་ནི། ཟིན་པའི་སྒྲ་སེམས་ཅན་དུ་སྟོན་པའོ། །གཉིས་པ་ནི། ལེགས་སྦྱར། རང་བཞིན། ཟུར་ཆག །ཤ་ཟའི་སྐད་དང་བཞིའོ། །གསུམ་པ་ནི། ཆོས་མངོན་པའི་ལུགས་ཀྱིས་ཡི་གེ་འདུས་པ་སའི་བདག་ཉིད་ཅན་ལ་བཞག་སྟེ། བརྡ་སྤྲོད་པས་བྱིངས་ལ་རྐྱེན་སྦྱར་ཞིང་རྣམ་དབྱེ་མ་སྦྱར་བ། བུདྡྷ་ལྟ་བུ་ལ་འདོད་དོ། །བཞི་པ་ནི། མིང་དེས་དོན་དེ་མཚོན་པར་བྱེད་པའོ། །ལྔ་པ་ནི། ཐ་སྙད་སྔར་མེད་པ་ལ་གློ་བུར་དུ་འདོད་པས་སྦྱར་བ་སྟེ། དཔེར་ན། ཡལ་ག་དང་ལོ་མ་ལྡན་པའི་མིང་ཅན་ལ། མིང་ཤིང་ཞེས་བཏགས་པས་མིང་མིང་ཅན་འབྲེལ་བར་གོ་བ་ལྟ་བུའོ། །དྲུག་པ་ནི། དེ་ཉིད་འཇུག་ལྡོག་བྱེད་པའི་ཕྱིར་བརྗོད་པ་སྟེ། དཔེར་ན་གདུང་འདེགས་ནུས་པའི་ཤིང་ལ་ཀ་བ་ཞེས་བཏགས་པ་ལྟ་བུའོ། །བདུན་པ་ནི། ཆོས་མངོན་པའི་ལུགས་ཀྱིས་མིང་འདུས་པ་སྟེ། འདུས་བྱས་མི་རྟག །ཅེས་པ་ལྟ་བུ་དང་། བརྡ་སྤྲོད་པས་བྱིང་དང་མིང་ལ་ཏི་དྲ་སུ་པྲ་ཡི་རྐྱེན་སྦྱར་བའོ། །བརྒྱད་པ་ནི། ཆོས་ཐམས་ཅད་ཀྱི་རང་གི་གནས་ལུགས་ཇི་ལྟར་གནས་པ་སྟེ། དཔེར་ན། མེའི་ངོ་བོ་ཚ་བ་ལྟ་བུ་སོགས་སོ། ༈ །དགྱེས་རྡོར་ལ་རྒྱ་གར་དུ་འགྲེལ་བྱེད་བཅུ་གཉིས་སོགས་བྱུང་ཡང་ལམ་སྲོལ་ཡོངས་སུ་རྫོགས་པ།
མཚོ་སྐྱེས། ནག་པོ་དམ་ཚིག་རྡོ་རྗེ། ནཱ་རོ་པ། བིརཱུ་པ། མེ་ཏྲི་པ། ཤནྟི་པ། ཁ་ཆེ་སྙན་གྲགས་བཟང་པོ་སྟེ་བདུན། དེ་ལས་བོད་དུ་ག་ཡ་དྷ་ར་ལ། འབྲོག་མི་ཤཱཀྱ་ཡེ་ཤེས་དང་། །འགོས་ལོ་ཙཱ་བ་བསོད་ནམས་རྩེ་མོ་དང་། གྱི་གྱོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱིས་ཞུས། མར་པས་ནཱ་རོ་དང་། དཔྱལ་ལོ་ཀུན་དགའ་རྡོ་རྗེས་པཎྜི་ཏ་འཇིགས་མེད་གྲགས་པ་རྣམས་ལ་གསན་པ་དང་། རམ་ལྡིང་པ་སངས་རྒྱས་འབྱུང་གནས་རྣམས་ཀྱི་ལུགས་ལས། དང་པོ་གསུམ་ག་ཡ་དྷ་ར་དང་། ཕྱི་མ་གསུམ་ནཱ་རོ་པའི་རྗེས་འབྲངས་ཡིན། ས་སྐྱ་པ་ཀུན་དགའ་སྙིང་པོ་ལ། བིནྡྲའི་རྗེས་འབྲངས་ཌོམྦྷིའི་སྐོར་དང་། དཔའ་བོ་རྡོ་རྗེ་ནས་འགྲེལ་པ་ལུགས་འབྲོག་མི་དང་། ཡན་ལག་མེད་པ་རྡོ་རྗེའི་སྐོར་ག་ཡ་དྷ་ར་ནས་འབྲོག་མི་དང་། ནག་པོ་དམ་ཚིག་རྡོ་རྗེའི་སྐོར་སློབ་དཔོན་དེས་འགོས་ལོ་ཙཱ་བ་དང་། མན་ངག་ལ་བརྟེན་པ་ནི་རྣལ་འབྱོར་དབང་ཕྱུག་ནས་ལམ་འབྲས་དང་ཕྱོགས་གཅིག་བྱུང་ཞིང་། ནཱ་རོ་པ་དང་མེ་ཏྲིའི་ལུགས་ཀྱང་སྔར་བྱུང་བར་གྲགས་ནའང་དེང་སང་ཆད་ལ། དེའི་རྒྱུད་བཤད་ཚུལ་ལ། སྤྱི་དོན། མཚན་དོན། བཤད་ཐབས། མངོན་རྟོགས་ཏེ་ཚུལ་བཞི་སྔོན་དུ་འགྲོ་བས་འཆད་པའོ། །ཀུན་གཞི་དབུ་སེམས་གཉིས་ཀ་ཁས་ལེན་ཀྱང་། སྔ་མས་བདེན་གྲུབ་ཏུ་མི་བཞེད་ཅིང་ཕྱི་མས་བདེན་གྲུབ་ཏུ་བཞེད་ནས་ཁས་ལེན། འོ་ན་སྔ་མས་ཁས་
ལེན་པ་ཙམ་གྱི་དགོས་པ་ཅི་ཞིག་སྙམ་ན། ལས་དང་པོ་པ་དྲང་པའི་ཕྱིར་མིང་ཙམ་ཞིག་ཁས་བླངས་ཏེ། ཕྱིས་ཞིབ་ཏུ་འཆད་པ་ན། གང་ལ་སྟོང་པ་ཉིད་རུང་བ། །སོགས་ཀྱི་རིག་པས་བདེན་གྲུབ་འགོག་པར་བྱེད་དོ། །ཞེས་བཞེད། ༈ །ཀུན་གཞིའི་ངོ་བོ་རྣམ་པར་ཤེས་པ་གསལ་ཙམ་རང་བཞིན་གྱིས་སྟོང་པ་འཁོར་འདས་ཐམས་ཅད་ལ་རྒྱུན་ཆགས་པ་སྟེ། དེ་ལ་འཁོར་འདས་ཀྱི་བྱ་བྱེད་རུང་བའི་ཆ་ནས་ཀུན་གཞིར་འཇོག །དེ་ལ་ངར་འཛིན་པ་ཉོན་ཡིད་དང་། དེ་ཉིད་ཡུལ་དྲུག་གི་ཆོས་ཀྱི་ཕྱོགས་སུ་ཆད་པ་ནི་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པར་འཇོག་ལ། དེ་ཡང་སེམས་ཙམ་པ་ལྟར་བདེན་གྲུབ་ཀྱི་ཆ་ནས་ཀུན་གཞིར་མི་འཇོག་སྟེ། སྟོང་པ་ཉིད་ཀྱི་ཆ་ནས་བྱ་བྱེད་རུང་བའི་ཕྱིར་འཇོག་གོ །དེས་ན་ཀུན་གཞི་ཁས་ལེན་ན་སེམས་ཙམ་དུ་འཇོག་པ་ནི་གོ་བ་དམན་པ་སྟེ། དབུ་མ་ཐལ་འགྱུར་བས་ཀྱང་ཐ་སྙད་ལ་ཀུན་གཞི་ཁས་ལེན་དགོས་ཏེ། སངས་རྒྱས་ཀྱིས་གསུངས་པའི་ཕྱིར་དང་། དེ་ཡང་དོན་དམ་བདེན་པ་རྟོགས་པའི་ཐབས་སུ་གྱུར་པ་ཐ་སྙད་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་སློབ་དཔོན་དག་བཞེད་པའི་ཕྱིར་རོ། །བདེན་གྲུབ་ཏུ་ཁས་མི་ ལེན་ཏེ། དེ་ལྟར་ན་དོན་ལ་ནོར་བ་ཆེན་པོར་འགྱུར་བའི་ཕྱིར་རོ། །མདོར་ན་ཀུན་གཞི་གསལ་སྟོང་ཟུང་འཇུག་ཆོས་ཀྱི་དབྱིངས་མཐའ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་ལ་འཇོག་པ་ནི་མདོ་སྔགས་གཉིས་ཀར་
དགོངས་པ་མཐུན་ནོ། ༈ །སྲོང་བཙན་གྱིས་བྲམ་ཟེ་ཀུ་སཱ་དང་། ཤང་ཀུ་སོགས་སྤྱན་དྲངས། ཁྲི་སྲོང་གིས་ཞི་འཚོ་པད་འབྱུང་པདྨའི་ངང་ཚུལ་སོགས། མངའ་བདག་ཁྲི་སྡེ་གཙུག་བསྟན་གྱིས་དྭ་ན་ཤཱི་ལ་དང་། ཤཱི་ལེནྡྲ་བོ་དྷི་སོགས་སྤྱན་དྲངས། ལྷ་བཙུན་བྱང་ཆུབ་འོད་ཁུ་དབོན་མཆེད་ཀྱིས་ཇོ་བོ་སྤྱན་དྲངས། ཡེ་ཤེས་འོད་ཀྱི་ལོ་ཆེན་བརྒྱུད་ནས་ཤཱནྟུ་སོགས་སྤྱན་དྲངས། ཐོ་ལིང་གསེར་གྱི་ལྷ་ཁང་བཞེངས། འབྲོག་མིས་ག་ཡ་དྷ་ར་གདན་དྲངས། འོད་སྡེས་པུརྱ་ཤྲཱི་དང་། རྩེ་སྡེས་ཁ་པཎ་གདན་དྲངས། པ་ཚབ་ཀྱིས་ཀ་ན་ཀ་གདན་དྲངས་པ་སོགས་མཐའ་ཡས། འབུམ་ལ། གླང་ཁམས་པ་གོ་ཆའི་ཐུགས་འགྱུར་བའམ་རེག་ཟིག་དམར་པོ། ཉང་ཨིནྡྲ་བ་རོ་དང་། སྦས་མཉྫའི་བསྒྱུར་བའི་རེག་ཟིག་སྔོན་པོའམ་བླ་འགྱུར་ཆུང་བ། བེ་རོས་བསྒྱུར་བའི་བླ་འགྱུར་འབྲིང་པོའམ་སྦར་བཀབ་ཅན། ཁྲི་སྡེ་སྲོང་བཙན་དུས་སུ་འཕན་ཡུལ་སྨད་ཀ་བ་ན་མོ་ཆེར་ཞུས་ཆེན་མཛད་པ་བླ་འགྱུར་ཆེན་མོ། ཕྱིས་སུ་རྔོག་ལོས་ཤེས་རབ་སྒྲོན་མ་སོགས་གསུམ་བསྣན་ནས་བསྒྱུར་ཅིང་ཤིན་ཏུ་དག་པར་མཛད། དེ་རྗེས་འགོས་ཆོས་གྲུབ་ཀྱིས་རྒྱ་ནག་གི་དཔེ་ལས་བསྒྱུར་ནས་བྱམས་ཞུས་སོགས་ལེའུ་བཞི་བརྒྱད་སྟོང་ནས་ཁ་བསྐངས་པ་སྟེ། འབུམ་ལ་རྩ་བའི་འགྱུར༦། དེ་ལས་ཀྱང་གྱེས་པ་ཡན་ལག་ལྟ་བུ་དང་༡༤། ཉིད་ལག་ལྟ་བུ་༦(སོགས་མཐའ་ཀླས་སོ།། ༈ །།ལྟ་
བའི་རྣམ་པ་དྲུག་ཅུ་རྩ་གཉིས་ནི། གཟུགས་བདག །གཟུགས་བདག་དང་ལྡན་པ། བདག་གཟུགས། བདག་གཟུགས་དང་ལྡན་པ་ཡིན་པ་གང་ཞིག་ཕུང་པོ་ལྷག་མ་བཞི་ལ་སྦྱར་བས་ཉི་ཤུར་འགྱུར་ལ། དེ་ཉིད་དུས་གསུམ་ལ་སྦྱར་བའི་སྟེང་ལོག་ལྟ་དང་། མཐར་འཛིན་གཉིས་བསྣན་པས་ཏེ་དེ་གཉིས་ནི་ཚེ་སྔ་ཕྱི་དང་། ལས་དགེ་སྡིག་གི་འབྲས་བུ་བདེ་སྡུག་ཡོད་པར་མི་ལྟ་བ་སྟེ། དེས་ན་དུས་གསུམ་ལ་མི་སྦྱར་རོ།། །།ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་རྟགས་སུ་ལུས་ཀྱི་སྲིན་བུ་རྒྱུན་ཆད། དྲན་པ་ཉེར་བཞག་ལས། རླུང་ས་འཛིན་གཡོས་པའམ། ནག་པོ་ལ་དགའ་བའི་ཀླུས་རྒྱ་མཚོ་རླབས་བསྐྱོད་པ་ལས་དང་། སྤྲིན་དང་གློག་ནི་ཀླུའི་སྤྲུལ་པའམ་དབུགས་དང་། འབྲུག་ནི་ཀླུའི་སྐད་དམ་ཚ་གྲང་འཐབ་པའི་སྐད་དང་། ཆར་ནི་དཀར་ཕྱོགས་ལ་དགའ་བའི་ཀླུས་ལྷ་ལ་རིན་པོ་ཆེ་དང་། མི་ལ་ཆུའི་ཆར་ཕབ་པར་བཤད་དོ། །ཁ་ཆེར་དར་གྱི་ཚོན་སྣ་ལྔ་འདུས་པ་ལ་ཟ་འོག་ཟེར།། ༈ །།མི། སྦྲུལ། བ་ལང་། རྟ། བོང་། ཁྱི། སེང་གེ །ཕག །ཝ། སྤྲེའུའི་ཤ་བཅུ་བཟའ་བར་མ་གནང་།། ༈ །།གསང་འདུས་འགྲེལ་བཤད་ཀླུ་སྒྲུབ་ཀྱིས་མཛད་ཟེར་བར། ཨོ་ཞེས་བྱ་བའི་རྣམ་པར་སྣང་མཛད་རྗེས་སུ་དྲན་པའོ། །ཧཱུྃཞེས་བྱ་བ་ནི་སྒྱུ་མའི་ས་བོན་གསུང་གི་ས་བོན་གྱི་རང་བཞིན་ནོ། །ཌུ་ཞེས་བྱ་བ་ནི་རྣམ་པ་ཉིད་ཡིན་པའི་ཕྱིར་ཐུགས་ཀྱི་ས་གྱི་བརྒྱད་
བོན་ཡིན་ནོ། །དེས་ན་སྐུ་དང་གསུང་དང་ཐུགས་ཀྱི་ས་བོན་ཡིན་ནོ། །བི་ཀྲྀ་ཏཱ་ན་ན་ནི་གྲགས་པའི་གདོང་ཅན་ནོ། །ཞེས་གསུངས། མདོ་སྡེ་མིག་བཅུ་གཉིས་པར་རྒྱ་མཚོའི་ཉ་མོ་ཆེ་གཡོ་བས་ས་གཡོ་བར་བཤད། ༈ །ཕྱག་རྡོར་གོས་སྔོན་ཅན་གྱི་སྒྲུབ་ཐབས་སློབ་དཔོན་བཛྲ་པཱ་ཎིས་མཛད་པར། དེ་ནས་ཙནྡྲ་པའི་ཨུ་ཎཱ་དི་སོགས་ཡོད། དེའི་ཏིང་མཐར། ཇི་ལྟར་སྦས་པ་ནི་རིང་པོར་འགྲོ་བ་ཉིད་ཀྱི་བདག་ཉིད་དུ་སྟོན་པར་བྱེད་དེ། དེ་བཞིན་དུ་གང་སྤྱིར་བཏང་བ་ཡིན་པ་དེ་ནི་སྦས་པའི་འགྲོས་ཞེས་བརྗོད་པར་བྱའོ། ༈ །གང་པོ་ལ་སོགས་པའི་རྟོགས་བརྗོད་བརྒྱ་པར། བཅོམ་ལྡན་འདས་ཀྱིས་སེམས་ཅན་བསོད་ནམས་འདོད་པ་རྣམས་ལ་བསོད་ནམས་ཀྱི་གནས་བསྟན་པའི་ཕྱིར། ཉིད་ཀྱི་ཕྱག་བདར་ཏེ་ཕྱགས་མ་བསྣམས་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ལ་ཕྱག་བདར་མཛད་དོ། །ཞེས་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་ལྔ་པོ་འདི་དག་ནི་ཕྱག་བདར་བྱེད་པའི་ཕན་ཡོན་ཡིན་ཏེ། ལྔ་གང་ཞེ་ན། བདག་ཉིད་སེམས་དགའ་བར་འགྱུར་བ་དང་། གཞན་སེམས་དགའ་བར་འགྱུར་བ་དང་། ལྷ་རྣམས་དགའ་བར་འགྱུར་བ་དང་། མཛེས་པར་འགྱུར་བའི་དགེ་བའི་རྩ་བ་སོགས་པར་འགྱུར་བ་དང་། ལུས་དང་བྲལ་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེའོ། །ཞེས་དང་།
གསེར་མདོག་གི་རྟོགས་པ་བརྗོད་པ། གཞི་བརྟག་པ། གོས་བརྟག་པ། རིན་པོ་ཆེ་བརྟག་པ། ཤིང་བརྟག་པ། གླང་པོ་བརྟག་པ། རྟ་བརྟག་པ། གཞོན་ནུ་བརྟག་པ། གཞོན་ནུ་མ་བརྟག་པ་བརྒྱད་གསུངས་སོ། །འདུལ་བ་གཞིར། བསགས་པ་ཀུན་གྱི་མཐའ་འཛད་ཅིང་། །མཐོན་པོ་རྣམས་ཀྱི་མཐའ་རུ་ལྷུང་། །འཕྲད་པའི་མཐའ་ནི་བྲལ་བ་སྟེ། །གསོན་པའི་མཐའ་ནི་འཆི་བ་ཡིན། ཞེས་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སློབ་དཔོན་ནི་ལྔ། མཁན་པོ་ནི་གཉིས་སོ། །སློབ་དཔོན་ལྔ་གང་ཞེ་ན། དགེ་ཚུལ་གྱི་སློབ་དཔོན་དང་། གསང་སྟེ་སྟོན་པ་དང་། ལས་བྱེད་པ་དང་། གནས་སྦྱིན་པ་དང་། ཀློག་པའི་སློབ་དཔོན་ནོ། །ཞེས་དང་། མཁན་པོ་གཉིས་གང་ཞེ་ན། གང་གིས་རབ་ཏུ་འབྱིན་པར་བྱེད་པ་གང་ཡིན་པ་དང་། བསྙེན་པར་རྫོགས་པར་བྱེད་པ་གང་ཡིན་པའོ། །ཞེས་སོ། །ལན་ཀའི་རྒྱུའི་དོན་དུ་ལམ་གྱི་ཁ་ཁྱེར་བསྐོར་བའོ། །དམ་ཆོས་པད་དཀར་ཆེ་བ་ལས། སྙན་ངག་མེ་ལོང་གཙང་མ་གང་། །གྲགས་པའི་གཟུགས་བརྙན་ལ་འཕོས་ཀྱང་། །མཐོ་རིས་བཞུད་ཀྱང་མི་ཉམས་ཉིད། །སྙན་ངག་མཁན་པོ་དེ་བསྔགས་སོ། །སྲུང་བའི་འཁོར་ལོ་ནི། བྱས་པས་བགེགས་མི་འཇུག་པ་ཡིན། སྦྱིན་སྲེག་བྱེད་པའི་ལུས་ལ་སྲུང་བ་བདུན་གྱིས་བསྲུང་བར་བྱ་སྟེ། གསེར་ས་ལེ་སྦྲམ་དང་མུ་ཏིག་ལ་སོགས་མིག་མ་
ཕུག་པ་དང་། གི་ཝཾ་དང་གུར་གུམ་གྱིས་བྲིས་པའི་རྟེན་འབྲེལ་སྙིང་པོ་དང་། རྨ་བྱའི་སྒྲོ་ལ་རྨ་བྱ་ཆེན་མོའི་ཡང་སྙིང་བཟླས་པ། ཡུངས་ཀར་དང་ཡི་གེ་བཏགས་པ་ལུས་ལ་གདགས་པ་དང་། གླ་རྩི་ལ་ གོས་སྔོན་ཅན་གྱི་སྙིང་པོ་བཟླས་པའི་ཆུས་ལུས་ལ་བྱུགས་པ་དང་། བྱ་ཁྱུང་གི་སྔགས་ཡི་གེ་ཀླུ་འབྲུ་གཅིག་པ་གསེར་གྱིས་བྲིས་པ་སྤྱི་བོར་གདགས་པ་དང་། ཡང་ན་འཇམ་པའི་དབྱངས་ཀྱི་སྙིང་པོ་ཡི་གེ་ཧཱུཾ་འབྲུ་གཅིག་པ་དང་། ཕྱག་ན་རྡོ་རྗེའི་སྙིང་པོ་ཀྱི་གསེར་གྱིས་བྲིས་པ་སྤྱི་གཙུག་ཏུ་གདགས་པར་བྱའོ། །ཞེས་བཤད། ཨཱརྱ་དེ་ཝས་བདེན་བཞིའི་སྒྲུབ་ཐབས་སུ། སྡེབ་སྦྱོར་ཚད་མའི་ཚིག་ཕྲད་མེད། །སྒྲ་ཡི་མཚན་ཉིད་རྣམ་སྤངས་པ། །རྣལ་འབྱོར་ཚིག་གིས་རྣལ་འབྱོར་པ། །རྣལ་འབྱོར་བསྟན་བཅོས་ཡིན་པར་བཤད། །ཅེས་སོ། །ཤིང་གེལ་པ་ནི་མེ་འབྲས་རབ་ཏུ་རྒྱས་པ། ༈ །ཡོད་མེད་མཐའ་སོགས་རྣམ་པར་སྤངས། །བློ་ཡི་སྤྱོད་ཡུལ་མ་ཡིན་ཀྱང་། །འགྲོ་ལ་བརྩེ་བ་སྣ་ཚོགས་གཟུང་། །མཁའ་འགྲོ་རྒྱ་མཚོ་ལ་ཕྱག་འཚལ། །ཞེས་དེའི་ཧོ་མ་ཛ་ཡ་སེ་ན་ཀྲྀ་ཏཱ་ཏ། ༈ །གདན་བཞི་ནི། བདག་གི །གཞན་གྱི། སྦྱོར་བའི། གསང་བའི་གདན་ཏེ། དེ་རེ་རེ་ལའང་དུམ་བུ་བཞི་རེ་ཡོད་པས་བཅུ་དྲུག་གོ། ༈ །རྒྱུད་སྡེ་བཞིས་འདོད་ཆགས་བཞི་ལམ་དུ་བྱེད་པས་ཟད་པ་བྱེད་པ་སྟེ། ཤིང་འབུ་ཤིང་ལ་གནས་ནས་ཤིང་ཟ་བར་བྱེད་པ་བཞིན་
ནོ། །དེ་སྐད་དུ་སོ་ཊིར། དགོད་དང་བལྟ་དང་། སོགས་སོ། ༈ །རབ་དབྱེའི་འགྲེལ་བ་སྤོས་ཁང་བ་རིན་ཆེན་རྒྱལ་མཚན། དགའ་གདོང་པ་ཆོས་རྒྱལ་དཔལ་བཟང་། བསམ་ཡས་པ་ལྷ་བཙུན་བསོད་ནམས་ཊྛ དཔལ་ལྡན། ལས་ཆེན་གཞོན་ནུ་སེང་གེས་མཛད་པ་རྣམས་ལ་ཚད་ཐུབ་ཀྱི་འགྲེལ་ཆེན་བཞི་ཟེར། ༈ །སྦྱོང་རྒྱུད་ཊཱི་ཀར་སྡིག་སྦྱོང་སྒོ་དགུ་ནི། བསྙེན་པ་སྔོན་དུ་སོང་ནས་དཀྱིལ་འཁོར་བཞེངས་ཏེ་ཚེ་འདས་དང་ཚེ་ལྡན་ལ་ཀུན་རིག་རྩ་བའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ་སྡིག་པ་སྦྱོང་བ༡། སྲེག་སྦྱོང་སོགས་སྟབས་མ་བདེ་བ་རྣམས་ཀྱིས་ཚེ་འདས་ཀྱི་ཕུང་པོ་ལ་དབང་བསྐུར་ཏེ་མེ་ཏོག་ཕོག་པའི་ལྷའམ། །དཀྱིལ་འཁོར་དངོས་སུ་བསྐྱེད་ལ་ཡེ་ཤེས་པ་བཅུག་སྟེ་མཆོད་བསྟོད་སོགས་བྱས་ན་བྱང་ཆུབ་ཆེན་པོའི་མཆོད་རྟེན་སོགས་ཀྱི་དབུས་སུ་བཞག་སྟེ་རབ་གནས་བྱ་བ་དབང་བསྐུར་ཏེ་མཆོད་རྟེན་གྱི་དབུས་སུ་བཞག་སྟེ་སྡིག་པ་སྦྱོང་བ༢། ཕུང་པོ་ལ་དབང་བསྐུར་ཏེ་ལྷ་ཐམས་ཅད་ཀྱི་སྔགས་སམ་སྙིང་པོ་གསེར་དངུལ་སོགས་ཀྱིས་བྲིས་ཏེ་གུར་གུམ་སོགས་ཀྱིས་བྱུགས། ཕུང་པོའི་སྙིང་གར་བཏགས་པ་ལྷར་བསྐྱེད་ནས་ཡེ་ཤེས་པ་བཅུག ། མཆོད་བསྟོད་སོགས་བྱས་ཏེ་དྲིའི་གཙང་ཁང་གི་ཁྱིམ་ནང་དུ་འཇོག་པ་དབང་བསྐུར་ཏེ་དྲི་གཙང་ཁང་དུ་བཞག་སྟེ་སྡིག་པ་སྦྱོང་བ༣། ཚེ་འདས་ཀྱི་མིང་རྩ་རིག་གི་སརྦ་ཀརྨའི་གོང་དུ་བཅུག་པ་གུར་གུམ་སོགས་
ཀྱིས་བྲིས་པ་འབི་འབིའི་ནང་དུ་བཅུག་པའི་སཱཙྪ་འབུམ་ཕྲག་ཚང་བར་བྱེད་པ་མཆོད་རྟེན་བྱས་ཏེ་སྡིག་པ་སྦྱོང་བ། ཚེ་འདས་ཀྱི་མིང་སྤེལ་བའི་རྩ་རིག་འབུམ་ཕྲག་སོགས་བྱེད་པ་བཟླས་པ་བྱས་ཏེ་སྡིག་པ་སྦྱོང་བ། སྦྱིན་སྲེག་བྱས་ཏེ་སྡིག་པ་སྦྱོང་བ༦། རོ་བསྲེགས་ཏེ་སྡིག་པ་སྦྱོང་བ་ནི་ཡིག་ཆར་གསལ་ལ། གནས་ཡིག་གི་གོ་དོན་སྔགས་རྣམས་གོང་དུ་བསླན་པར་གནས་དེ་དག་ཏུ་སྔགས་རྣམས་ཟླ་བའི་སྟེང་དུ་ཁ་དོག་དཀར་པོ་སྦྲུལ་འཁྱིལ་ལྟ་བུ་རེ་རེ་བྱུང་བའི་འོད་ཟེར་གྱིས་ཚེ་འདས་ཀྱི་སྡིག་པ་དག་པར་བསམ། སྦྱིན་སྲེག་ཚར་ནས་རུས་པ་ཐལ་བར་གྱུར་བ་དང་། རྡོ་རྗེ་བསྡུ་བའི་ཕྱག་རྒྱས། ཨོཾ་བཛྲ་ས་མཱ་ཛ༔ 。 ཛཧཱུྃ་བཾ་ཧོ༔ ཞེས་བརྗོད་པའི་ཚེ། དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་རུས་བུ་ལ་ཐིམ་པར་བསམས་ལ། དེ་ནས་བུམ་ཆུ་སོགས་ཀྱིས་རུས་བུ་བཀྲུ་ཞིང་སཱཙྪ་སོགས་བྱ། རྟེན་མེད་པ་ལ་སྡིག་པ་སྦྱོང་བ་ནི། ཟློག་གི་སྡིག་པ་སྦྱོང་བ་ནི། ཡུངས་ཀར་བྱེ་མ་ལ་སོགས་པའི་སྔགས་ཐམས་ཅད་དམ་གཙུག་དགུའི་སྔགས་ཀྱིས་བྲབས་པའོ། །དམིགས་པ་ནི་སྔགས་ཀྱི་འོད་ཟེར་གྱིས་། ཚེ་འདས་ཀྱི་སྡིག་པ་བསྲེགས་པར་བསམ། ཞེས་མ་ཧཱ་སུནྡྲ་ཛྙཱ་ན་དྷུ་ཛ་སྱ་ཤོ་དྷ་ནཾ་ཏནྟ་བི་བྷཏྟཏྲ། བུལ་ཏོག །རུ་རྟ། དུར་བྱིད། དབྱི་མོང་མེ་ཏོག་བཞིས་བྱུགས་པས་ཤུ་རལོ་སེ། ༈ །མྱང་འདས་ལས།
རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འདི་སྐད་ཅེས་དམ་བཅའ་སྟེ། བདག་གི་ཁར་ལྕགས་ཀྱི་ཐོ་ལུམ་མེད་ཀྱང་བླའི། ཚུལ་ཁྲིམས་ཉམས་པའི་ལུས་ཀྱིས་ནམ་དུའང་སྦྱིན་བདག་གིས་དད་པས་སྦྱིན་པའི་ཟས་མི་བཟའོ། །ཞེས་དང་། རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་འདི་སྐད་ཅེས་དམ་བཅའ་སྟེ། ལྕགས་ཀྱི་ཐུར་མ་ཤིན་ཏུ་ཚ་བས་མིག་གཉིས་བྲུས་ཀྱང་བླའི། འདོད་ཆགས་ཀྱི་སེམས་ཀྱིས་ཕ་རོལ་གྱི་གཟུགས་བཟང་པོ་ལ་མི་བལྟའོ། །རིགས་ཀྱི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྐད་དུ་དམ་བཅའ་སྟེ། ཅི་སྟེ་སྨུག་བུ་མང་པོས་རྣ་བའི་དབང་པོ་བཙག་ཀྱང་བླའི། འདོད་ཆགས་ཀྱི་སེམས་ཀྱིས་སྒྲ་སྙན་པ་མི་ཉན་ནོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྐད་དུ་དམ་བཅའ་སྟེ། གྲི་རྣོན་པོས་སྣ་བཅད་ཀྱང་བླའི། འདོད་ཆགས་ཀྱི་སེམས་ཀྱིས་དྲི་ཞིམ་པོ་མི་སྣོམ་མོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྐད་དུ་དམ་བཅའ་སྟེ། གྲི་རྣོན་པོས་ལྕེ་བཅད་ཀྱང་བླའི། འདོད་ཆགས་ཀྱི་སེམས་ཀྱིས་རོ་ཞིམ་པོ་ལ་མི་ཆགས་སོ། །རིགས་ཀྱི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་སྐད་དུ་དམ་བཅའ་སྟེ། གལ་ཏེ་སྟ་རེ་རྣོན་པོས་བདག་གི་
ལུས་དུམ་བུ་དུམ་བུར་བཏུབ་ཀྱང་བླའི། འདོད་ཆགས་ཀྱི་སེམས་ཀྱིས་རེག་བྱ་མང་པོ་ལ་མི་ཆགས་སོ། །དེ་ཅིའི་ཕྱིར་ཞེ་ན། དེའི་རྒྱུ་དེའི་རྐྱེན་ཀྱིས་རྣལ་འབྱོར་ཅན་དག་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ཞེས་སོ། ༈ །སྟག་ཚང་ལོ་ཙཱ་བའི་རྟེན་གསུམ་བཞེངས་ཐབས་དཔའ་འབྱོར་རྒྱ་མཚོ། ཚ་རོང་པ་འཇམ་དབྱངས་བསོད་ནམས་འོད་ཟེར་གྱི་རྟེན་གསུམ་བཞེངས་པའི་རྣམ་བཞག །འཕགས་པའི་སློབ་མས་རྟེན་གསུམ་བཞེངས་ཐབས་ཡོན་ཏན་འབྱུང་གནས། ༈ །འཕོ་བའི་དུས་ལ་མི་མཐུན་པ་མང་སྟེ་ཁ་ཅིག་ངེས་པའི་འཆི་ལྟས་བྱུང་ནས་དང་། ཕལ་ཆེར་འཆི་རྟགས་བྱུང་ན་འཆི་བསླུ་བྱས་ཀྱང་བཟློག་པ་མི་ནུས་པ་མཐོང་བ་དང་། ལ་ལ་འཆི་རྟགས་མཐོང་ནས་འཆི་བསླུ་བྱས་ཀྱང་མི་བཟློག་པའི་ངེས་པ་མཐོང་ན་ཇི་ལྟར་མོས་པ་ཞིག་གི་མཚམས་སུ་འཕོ་བར་གསུངས་པ་སོགས་མང་ཀྱང་། གདན་གཞི་ལས། དེ་བས་ལུས་ལ་རྟགས་བྱུང་ནས། །བློ་དང་ལྡན་པས་སྦྱོར་བ་བརྩམ། །ཞེས་དང་། ཞལ་ལུང་ལས། འཆི་བར་གྱུར་པའི་དུས་བྱུང་ནས། །ནད་ཀྱིས་ཡང་དག་མ་བཏབ་པར། །འཕོ་བའི་སྦྱོར་བ་ཡང་དག་བཤད། །ཅེས་སོགས་གསུངས་པ་ནི། འཕོ་བ་སྦྱངས་པ་ཉེ་བར་སྦྱོར་པའི་དབང་དུ་བྱས་ཀྱི། གཞན་དུ། དུས་མིན་ལྷ་རྣམས་གསོད་པར་བྱེད།།
ཅེས་པའི་ཉེས་པ་བཟློག་པར་མི་ནུས། དེས་ན་རང་ལུགས་མ་ཤི་གོང་དུ་འཕོས་ན་གང་བྱས་ཀྱང་དུས་མིན་ལྷ་བསད་པའི་སྐྱོན་འོང་བས། རྣམ་ཤེས་འོད་གསལ་ལ་ཐིམ་པའི་ཚེ་སྦྱངས་སྟོབས་འཕོ་དགོས། ཞེས་ པྲ་མཱི་མུཀྟ་གྲས་གསུངས། ཤུ་བྷཾ།། ༈ །།འཇམ་དཔལ་དབྱངས་དངོས་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་པའི་བཀའ་ཡང་དག་པའི་ཚད་མ་ཞེས་ལེའུ་བཅོ་ལྔ་པ་ལས། ཆོས་སོ་ཅོག་དབང་དུ་བགྱིད་པ་རིག་པའི་རྣམ་པ་སྨོས་པས་འཇིག་རྟེན་ན་རྒྱལ་པོ་དག་བདག་གི་རིགས་སུ་ཅི་འདོད་པ་ངག་གི་དབང་གིས་འགྲུབ་པ་བཞིན་དུ། ཆོས་སོ་ཅོག་ལ་བདག་གི་ཕྱོགས་སུ་ཇི་ལྟར་བཟུང་བ་ཡང་རིག་པའི་དབང་གིས་འགྲུབ་སྟེ། །ཆོས་ཐམས་ཅད་ཀྱི་རྒྱལ་པོ་ལྟ་བུ་རིག་པ་ཞེས་བྱ་བ་ཆོས་ཀྱི་རྗེས་གསུངས་པའི་རིག་པ་བཞི་བརྗོད་དོ། །དེ་གང་ཡིན་ཞེ་ན། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས་གསུངས་པ། རིག་པ་དེ་ཡང་རྣམ་པ་བཞི་སྟེ། བལྟོས་པའི་རིག་པ་དང་། བྱ་བ་བྱེད་པའི་རིག་པ་དང་། གཏན་ཚིགས་སྒྲུབ་པའི་རིག་པ་དང་། ཆོས་ཉིད་ཀྱི་རིག་པ་བཞི། ཞེས་གསུངས་སོ། །རིག་པ་བཞིའི་ཕྱོགས་ཙམ་ཞིག་མདོར་བརྗོད་ན། བལྟོས་པའི་རིག་པ་ཞེས་བྱ་བ་ནི་ཆོས་དང་འབྲས་བུའི་རིག་པ་བརྗོད་པ་ཡིན་ཏེ། འདུ་བྱེད་གང་དང་གང་ལ་ཐ་སྙད་དུ་གདགས་པ་དང་། གང་དང་གང་གི་འབྲས་བུ་སྐྱེ་བ་ཡང་དེ་དང་དེའི་རྒྱུ་རྐྱེན་ལ་བལྟོས་
པར་བསྟན་པའོ། །བྱ་བ་བྱེད་པའི་རིག་པ་ཞེས་བྱ་བ་ནི་ལས་དང་རྒྱུའི་སྒོ་ནས་བརྗོད་པ་ཡིན་ཏེ། གང་དང་གང་གི་བྱ་བ་དེ་དང་དེ་ལ་བྱེད་པ་གང་གི་རྒྱུ་དང་རྐྱེན་དུ་ངེས་པ་ནི་དེ་དང་དེའི་འབྲས་བུའི་བྱ་བ་བྱེད་པར་བསྟན་པའོ། །གཏན་ཚིགས་སྒྲུབ་པའི་རིག་པ་ཞེས་བྱ་བ་ནི་ཀུན་ཏུ་འགྲོ་བ་ཡིན་ཏེ། གང་དང་གང་བསྒྲུབ་པའི་ཚད་མའི་མཚན་ཉིད་བསྟན་པའོ། །ཆོས་ཀྱི་རིག་པ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་རང་བཞིན་གྱི་སྒོ་ནས་བརྗོད་པ་ཡིན་ཏེ། ཆོས་རྣམས་ལ་ཀུན་རྫོབ་བདེན་པ་དང་དོན་དམ་པའི་བདེན་པ་གང་དང་གང་གི་རང་བཞིན་ཡོད་པ་དེ་དང་དེ་བསྟན་པའོ། །ཞེས་སོགས་དེ་དག་གི་དོན་ཞིབ་ཏུ་འཆད་པར་སྣང་ངོ་། །དེ་ཡང་གསུམ་པ་གཏན་ཚིགས་སྒྲུབ་པའི་རིག་པའི་སྐབས་སུ། ཡོངས་སུ་དག་པ་དང་། ཡོངས་སུ་མ་དག་པ་གཉིས། ཡོངས་སུ་དག་པ་ལ་རྣམ་པ་ལྔ་སྟེ། མངོན་སུམ། རྗེས་དཔག །དཔེ། གྲགས་པ། ལུང་སྟེ་ལྔར་བཤད། ལེའུ་དགུ་པར། ཚད་མའི་གྲངས་དང་མཚན་ཉིད་ཀྱི་བཀའ་ཐང་ལ། གཏན་ཚིགས་སྒྲུབ་པའི་རིག་པ་དེ་ཡང་། དེ་ལྟར་མངོན་སུམ་གྱི་ཚད་མ་དང་། རྗེས་སུ་དཔག་པའི་ ཚད་མ་དང་། ཡིད་ཆེས་པ་ལུང་གི་ཚད་མ་དང་། མཚན་ཉིད་ལྔས་ཡོངས་སུ་དག་པའོ། །ཞེས་གསུངས་ཏེ། ཚད་མ་འདི་དག་ཅིའི་ཕྱིར་གསུངས་ཞེས་ལྟག་འོག་སྤུན་ཏེ་སྦྱར་ན་འཇིག་རྟེན་གསུམ་གྱི་སེམས་ཅན་
དག་ཚད་མ་མ་ཡིན་པར་ཚད་མར་སྟོན་ཅིང་ཚད་མར་མི་རུང་བ་ལ་ཚད་མར་འཛིན་པར་བྱུང་བ་དང་། འབྱུང་བ་དང་། འབྱུང་བར་འགྱུར་བ་མཁྱེན་ནས། ལོག་པར་ལྟ་བའི་དྲྭ་བ་བསལ་པའི་ཕྱིར་ཚད་མ་འདི་gགསུངས་པ་ཡིན་ནོ། །ཚད་མ་ཞེས་བྱ་བ་ནི་རིང་ཐུང་ལ་སོར་མོ་ལ་སོགས་པས་གཞལ་བ་དང་། མང་ཉུང་ལ་བྲེ་ལ་སོགས་པས་གཞལ་བ་དང་། ལྕི་ཡང་ལ་སྲང་ལ་སོགས་པས་གཞལ་བ་ལྟ་བུ་ཡིན་ཏེ། ཚད་མ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དང་ཡིད་ཆེས་པའི་ལུང་དང་གསུམ་མོ། །ཚད་མ་གསུམ་ནི་དངོས་པོ་བསྒྲིབས་པ་དང་། མ་བསྒྲིབས་པ་དང་། དེ་དག་ལས་ཀྱང་ཤིན་ཏུ་བསྒྲིབས་པའི་ཆོས་དང་གསུམ་ཡོད་པས་ཚང་མ་ཡང་གསུམ་དུ་གསུངས་སོ། །དེ་ལྟ་བས་ན་མངོན་སུམ་གྱི་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ་དང་། ཡིད་ཆེས་པའི་ལུང་གི་ཚད་མ་ཡང་ཞེས་བྱའོ། །ཚད་མ་དེ་དག་གི་མཚན་ཉིད་ནི་དེ་གཅིག་ཀྱང་ལྔ་ལྔར་ཤེས་པར་བྱ་སྟེ། ཡོངས་སུ་དག་པའི་མཚན་ཉིད་ལྔ། །ཞེས་གསུངས་པ་རྣམས་ཡིན་ནོ། །དེ་ལྟ་བས་ན་མཚན་ཉིད་ལྔས་ཡོངས་སུ་དག་གོ །ཞེས་གསུངས་སོ། །ཇི་ལྟར་ཡོངས་སུ་དག་ཅེ་ན། མངོན་སུམ་དང་རྗེས་སུ་དཔག་པས་ནོར་རམ་མ་ནོར་གཏན་ལ་དབབ། རྗེས་སུ་དཔག་པ་ནི་མངོན་སུམ་མྱོང་བས་དོན་ལ་ངེས་པར་བཞག་སྟེ། མངོན་སུམ་དང་རྗེས་སུ་དཔག་པ་དེ་གཉིས་ལ་ཐེ་ཚོམ་ཡོད་པ་ནི་
རང་གི་རིགས་ཀྱི་དཔེས་བསལ་བར་བྱེད་དོ། །དེ་གསུམ་ཚོགས་ནས་འགྲུབ་པ་ལ་གཅིག་ཏུ་ངེས་པས་ཡོངས་སུ་གྲགས་པ་ཡིན་ཏེ། འཇིག་རྟེན་གྱི་ཚད་མའི་གྲངས་སུ་ཆུད་དོ། །ལུང་ནི་མི་ལས་བླ་མར་གྱུར་པའི་ཆོས་ཡོད་པར་མི་ཤེས་པ་དེས་མཚོན་ཅིང་སྟོན། མཚན་ཉིད་འདི་ལྔས་ཡོངས་སུ་དག་པར་འགྱུར་རོ། །ཡང་ནི་འཇིག་རྟེན་གྱི་ཆོས་ཀྱང་རུང་། འཇིག་རྟེན་ལས་འདས་པའི་ཆོས་ཀྱང་རུང་། གང་ལ་དོན་རྟོགས་པར་བྱེད་དོ་ཅོག་ནི་ཡོངས་སུ་དག་པའི་མཚན་ཉིད་རྫོགས་པས་རྟོགས་པར་འགྱུར་ཏེ། འཇིག་རྟེན་ལས་འདས་པའི་ཆོས་དང་། ཤེས་པར་དཀའ་བ་རྣམས་ལ་ནི་མཚན་ཉིད་ལྔ་པོ་རེ་རེ་དང་མཐར་གྱིས་སྦྱར་ཞིངས་རྟགས་དགོས་པས་མཚན་ཉིད་ཀྱི་བྱེ་བྲག་གསལ་བར་མངོན་ནོ། །འཇིག་རྟེན་གྱི་ཆོས་དང་ཤེས་པར་སླ་བ་རྣམས་ནི་མཚན་ཉིད་བཞི་པོ་ཚད་མས་བརྟགས་པར་བྱེད་མོད་ཀྱི། དེ་དག་གི་གཞལ་བྱ་ཡང་འདྲིས་པའི་ཤས་ཆེ་སྟེ། ལན་དུ་མར་བསླབས་མི་དགོས་པས་མཚན་ཉིད་ཀྱི་བྱེ་བྲག་ཀྱང་མྱུར་ཞིང་ཕྲ་སྟེ་གསལ་བར་མི་མངོན་བཞིན་དུ་འབྱུང་ངོ་། །ཞེས་དང་། སྒྲུབ་ཚུལ་ཀྱང་། མངོན་སུམ་གྱི་ཚད་མ་ མཚན་ཉིད་ལྔས་ཡོངས་སུ་དག་པས་མི་རྟག་པ་ལ་སོགས་པ་གཞལ་ཞིང་སྒྲུབ་པ་ནི་སྔར་བཤད་པ་བཞིན་དུ་གང་འདུ་བྱེད་དུ་རྟོགས་པ་ཐམས་ཅད་ཀྱི་འདྲ་བ་དང་མི་འདྲ་བའི་རྒྱུན་ཕྱི་མ་སྐྱེས་ནས་སྔ་མ་འགག་པར་
མི་དམིགས་པ་དང་འདྲ་བ་དང་མི་འདྲ་བ་ཕྱི་མ་མེད་ཅིང་སྔ་མ་གཏོང་བར་དམིགས་པ་དེ་དག་སོ་སོ་རང་གིས་རིག་པ་ནི་མངོན་སུམ་གྱི་མཚན་ཉིད་དོ། །དེ་ལ་འདྲ་བ་དང་མི་འདྲ་བའི་རྒྱུན་གཞན་བྱུང་བའི་ཚེ།། སྔ་མ་འགགས་པའི་ཕྱིར་མི་རྟག་པ་ཉིད་དུ་རྟོགས་པར་ཁོང་དུ་ཆུད་པ་ནི་ཉེ་བར་རྗེས་སུ་དཔག་པའི་མཚན་ཉིད་དོ། །འདུ་བྱེད་རྣམས་ནི་རྟག་པའི་མཚན་ཉིད་དང་ལྡན་པའི་ནང་ནས་ཀྱང་མི་རྟག་པ་མངོན་པ་མེ་ལྕེའི་རྒྱུན་ལ་མེ་ལྕེ་འགགས་ནས་མེ་དག་ལས་ཐལ་བ་དང་སོལ་བར་འགྱུར་བ་བཞིན་ནོ་ཞེས་བྱ་བའི་དཔེས་བསྟན་ཏེ། རིམ་གྱིས་སྲིད་པ་དང་སྦྱར་ཞིང་མི་རྟག་པར་བསྒྲུབས་པ་ནི་རང་གི་རིགས་ཀྱི་དཔེའི་མཚན་ཉིད་དོ། །མཚན་ཉིད་དེ་གསུམ་ཚོགས་པས་འགྲུབ་པ་ལ་གཅིག་ཏུ་ངེས་པ་ནི་ཡོངས་སུ་གྲགས་པའི་མཚན་ཉིད་དོ། །གང་ཐམས་ཅད་མཁྱེན་པས་གསུངས་པ་ཁོང་དུ་ཆུད་པ་ཉེ་བའི་རྗེས་སུ་དཔག་པའི་མཚན་ཉིད་དོ། །འདུ་བྱེད་ཐམས་ཅད་མི་རྟག་ཅེས་འབྱུང་བ་ནི་ལུང་གི་མཚན་ཉིད་དོ། །དེ་ལྟར་ན་མཚན་ཉིད་ལྔས་ཡོངས་སུ་དག་པའི་མངོན་སུམ་གྱིས་མི་རྟག་པར་ཡོངས་སུ་གྲུབ་པའོ། །ཞེས་སོགས་ནས་བདེན་པ་བཞི་ཀར་ཚད་མ་གསུམ་དང་སྦྱར་བའི་རིག་པ་ཞིབ་ཏུ་འབྱུང་ངོ་། །གཞན་ཡང་ཡོངས་སུ་མ་དག་པའི་མཚན་ཉིད་བདུན་གང་ཞེ་ན། དེ་ལས་གཞན་དང་མཐུན་པར་དམིགས་པའི་མཚན་ཉིད་དང་། དེ་ལས་གཞན་
དང་མི་མཐུན་པར་དམིགས་པའི་མཚན་ཉིད་དང་། ཐམས་ཅད་མཐུན་པར་དམིགས་པའི་མཚན་ཉིད་དང་། ཐམས་ཅད་མི་མཐུན་པར་དམིགས་པའི་མཚན་ཉིད་དང་། རང་བཞིན་གྱི་རིགས་དང་མཐུན་པའི་དཔེའི་མཚན་ཉིད་དང་། ཡོངས་སུ་གྲགས་པའི་མཚན་ཉིད་དང་། ལུང་རྣམ་པར་མ་དག་པའི་མཚན་ཉིད་དོ། །ཞེས་དང་། དེ་རྣམས་རྒྱས་པར་བཤད་ཅིང་། མེའི་རྟགས་ནི་དུ་བའོ། །རང་བཞིན་ནི་དྲོ་བའོ། །ལས་ནི་འཚེད་བར་བྱེད་པའོ། །ཆོས་ནི་འབར་བའོ། །རྒྱུ་ནི་སེམས་ཅན་གྱིས་ཚ་བ་རྣམ་པར་རྟོགས་པའོ། །ཞེས་རྟགས་སོགས་དྲུག་གོ། །བཞི་པ་ཆོས་ཉིད་ཀྱི་རིག་པ་ལ་བདེན་པ་བཅུས་ཤེས་པར་བྱ་སྟེ། འཕགས་པ་ཆོས་ཀུན་འགྲོ་བའི་མདོ་ལས། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་བཅུ་གང་ཞེ་ན། འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པ་དང་། མཚན་ཉིད་ཀྱི་བདེན་པ་དང་། རྣམ་པར་དབྱེ་བའི་བདེན་པ་དང་། །ངེས་པར་རྟོགས་པའི་བདེན་པ་དང་། དངོས་པོའི་བདེན་པ་དང་། ནུས་པའི་བདེན་པ་དང་། ཟད་པ་དང་མི་སྐྱེ་བ་ཤེས་པའི་བདེན་པ་དང་། ལམ་ལ་འཇུག་པའི་བདེན་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀུན་འབྱུང་བའི་བདེན་པ་སྟེ། འདི་དག་ནི་བདེན་པ་བཅུའོ། །ཞེས་དང་། དེ་དག་གི་དོན་རྒྱས་པར་བཤད། ཡང་ལེའུ་བཅོ་ལྔ་པ་ཚད་མའི་ཡོན་ཏན་སུ་
བཀོད་པར། མདོར་བསྡུ་ན་རྣམ་པ་གསུམ་སྟེ། ཡོངས་སུ་དག་པའི་ཡོན་ཏན་རྫོགས་པ་ཡིན། ཡོངས་སུ་མ་དག་པའི་སྐྱོན་གྱིས་མ་གོས་པ་ཡིན། ཕན་ཡོན་གྱི་ལེགས་པ་དང་ལྡན་པ་ཡིན་ནོ། །དེ་ལ་ཡོངས་སུ་དག་པའི་ཡོན་ཏན་རྫོགས་པ་གང་ཞེ་ན། རྣམ་པ་ལྔར་ཤེས་པར་བྱ་སྟེ། ཚད་མ་ཡོངས་སུ་དག་པས་འགྲུབ་པ་ལ་གཅིག་ཏུ་ངེས་པ་དང་། གཞལ་བྱ་ཕུན་སུམ་ཚོགས་པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཆུབ་པ་དང་། སྒྲུབ་པ་ཡན་ལག་ཡོངས་སུ་རྫོགས་པ་དང་། ལྟ་བ་རྣམ་པར་དག་པ་དང་། ཚད་མའི་བྱེ་བྲག་རབ་ཏུ་ཤེས་པར་འགྱུར་བ་དང་ལྔའོ། །ཞེས་སོགས་དེའི་དོན་རྒྱས་པ་དང་། ཡོངས་སུ་མ་དག་པའི་སྐྱོན་གྱིས་མ་གོས་པ་གང་ཞེ་ན། རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། འགལ་བ་མེད་པ་ཡིན། མ་ངེས་པ་ཡིན། སོ་སོ་སྐྱེ་བོའི་ནོར་བ་མེད་པ་ཡིན་ནོ། །ཞེས་སོགས་དང་། ཕན་ཡོན་གྱི་ལེགས་པ་དང་ལྡན་པ་གང་ཞེ་ན། རྣམ་པ་གཉིས་ཏེ། ཐམས་ཅད་མཁྱེན་པས་གསུངས་པ་བཞིན་དུ་བྲིས་ཏེ་ཆོས་ལ་བརྟེན་པས་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ཤིང་བསྒྲུབས་པ་ལ་མཐུ་ཆེན་པོ་ཡིན། དཔལ་གྱི་ཞལ་ནས་གསུངས་པ་ནང་གཅིག་གིས་གཅིག་བཀྲོལ་ཏེ། ལྷད་མ་ཞུགས་པའི་གསུང་རབས་ཉིད་ཡིན་པས་གང་གིས་བཀླགས་པ་དང་། ཐོས་པ་དང་། བསམ་པ་ཙམ་གྱིས་ཀྱང་སྡིག་པ་འབྱོང་ཞིང་བསོད་
ནམས་འཕེལ་བ་ཡིན་ནོ། །ཞེས་སོགས་གསུངས་ཤིང་། མདོར་ན་བསྟན་བཅོས་འདི་ནི་རིག་པ་རྣམ་པ་བཞིའི་ཞར་ལ་ཚད་མ་ལྔས་དེ་བཞིན་གཤེགས་པའི་གསུང་ལེགས་པར་བསྒྲུབས་པ་ཁྱད་པར་ཅན་དུ་སྣང་བས་བློ་གསལ་ཞིང་དོན་དུ་གཉེར་བ་རྣམས་ཀྱིས་ནན་ཏན་དུ་རྟོགས་པར་བྱོས་ཤིག། ༈ །།གཞན་ཡང་། མངོན་སུམ་ཡོངས་སུ་དག་པའི་མཚན་ཉིད་ལ། དེ་ལ་འདུ་བྱེད་ཐམས་ཅད་མི་རྟག་པ་ཉིད་དང་། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་ཉིད་དང་། ཆོས་ཐམས་ཅད་བདག་མེད་པ་ཉིད་དུ་གང་འཇིག་རྟེན་ན་མངོན་སུམ་དུ་དམིགས་པའི་མཚན་ཉིད་དོ། །ཞེས་གསུངས་པའི་མཚན་ཉིད་དུ་བཤད་དོ། །མངོན་སུམ་དུ་ཞེས་བྱ་བ་ནི་རྐྱེན་བཞིས་བསྐྱེད་པའི་རྣམ་པར་ཤེས་པའི་སྒྲིབ་པ་དག་གིས་མ་བསྒྲིབས་པས་ཡུལ་ལ་མངོན་སུམ་དུ་དམིགས་པ་ཡིན་ཏེ། ད་ལྟར་བྱུང་བའི་རྣམ་པར་ཤེས་པ་ལྔ་པོ་དག་དང་། དེས་དྲངས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་བཅས་པས་དུས་གཅིག་སྤྱོད་ཡུལ་གཅིག་ཏུ་ད་ལྟར་བྱུང་པའི་ཡུལ་ཐད་ཀར་བབས་པ་ལ་དམིགས་ནས། ཡུལ་དེ་སོ་སོའི་དོན་རང་གིས་རིག་པ་ནི་མངོན་སུམ་པའི་མཚན་ཉིད་ཅེས་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པ་འབའ་ཞིག་གིས་ཆོས་ཀྱི་ཁམས་ལ་དམིགས་པའང་ཆོས་ལ་དམིགས་པའི་མངོན་སུམ་ཞེས་བྱའོ། །ཞེས་དང་། རྗེས་སུ་དཔག་པ་ཡོངས་སུ་དག་པའི་མཚན་ཉིད་ལ།
འདུ་བྱེད་ཐམས་ཅད་སྐད་ཅིག་པ་ཉིད་དང་། འཇིག་རྟེན་ཕ་རོལ་པོ་ཡོད་པ། དགེ་བ་དང་མི་དགེ་བའི་ལས་རྣམ་པར་ཆུད་མི་ཟ་བ་དང་། གང་དེ་ལ་གནས་པའི་མི་རྟག་པ་རགས་པ་མངོན་སུམ་དུ་དམིགས་པ་% དང་། གང་སེམས་ཅན་སྣ་ཚོགས་ལ་གནས་པ་མངོན་སུམ་དུ་དམིགས་པ་དང་། གང་སེམས་ཅན་བདེ་བ་དང་སྡུག་བསྔལ་བ་དགེ་བ་དང་མི་དགེ་བ་ལ་གནས་པ་མངོན་སུམ་དུ་དམིགས་པ་ཡིན་ཏེ། གང་གིས་མངོན་སུམ་དུ་མ་གྱུར་པ་ལ་རྗེས་སུ་དཔག་པར་བྱ་བ་ཡིན་ནོ། །འདི་དང་ཚུལ་འདི་ལྟ་བུ་དག་ནི་དེ་ལ་གནས་པའི་མངོན་སུམ་ལ་དམིགས་པའི་མཚན་ཉིད་དོ་ཞེས་གསུངས་པའི་མཚན་ཉིད་བཤད་དོ། །དེ་ལ་གནས་པའི་མངོན་སུམ་གྱི་དམིགས་པ་ཞེས་བྱ་བ་ནི་གང་རྗེས་སུ་དཔག་པར་བྱ་བ་དེའི་རང་བཞིན་ལྐོག་ན་འདུག་སྟེ། མངོན་སུམ་གྱིས་མ་དམིགས་ཀྱང་དེ་ལ་གནས་པའི་རྟགས་སམ། ལས་སམ། ཆོས་སམ། རྒྱུའམ། འབྲས་བུའམ། དེ་རྣམས་ཀྱི་ནང་ནས་གང་མངོན་སུམ་གྱིས་དམིགས་པའི་རྗེས་སུ་འཇུག་པའི་བློས་རྗེས་སུ་དཔག་སྟེ། དེའི་གནས་དང་རང་བཞིན་ཤེས་པར་བྱའོ། །ཞེས་དང་། རང་གི་རིགས་ཀྱི་དཔེ་དང་སྦྱར་བའི་མཚན་ཉིད་ལ་ནང་དང་ཕྱིའི་འདུ་བྱེད་རྣམས་ཀྱི་འཇིག་པ་དང་། སྐྱེ་བར་དམིགས་པའི་འཇིག་རྟེན་ཐམས་ཅད་ལ་གྲགས་པ་ཉེ་བར་སྦྱར་བ་དང་། སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དམིགས་པས་
ཉེ་བར་སྦྱར་བ་དང་། རང་དབང་མེད་པར་དམིགས་པས་ཉེ་བར་སྦྱར་བ་དང་། ཕྱི་རོལ་གྱི་ཕུན་སུམ་ཚོགས་པ་དང་རྒུད་པ་ཉེ་བར་དམིགས་པས་འཇིག་རྟེན་ཐམས་ཅད་ལ་གྲགས་པ་ཉེ་བར་སྦྱར་བ་འདི་དང་། རྣམ་པ་འདི་ལྟ་བུ་དག་ནི་རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་དུ་ཤེས་པར་བྱའོ། །ཞེས་གསུངས་པ་དེའི་མཚན་ཉིད་བཤད་དོ། །སོ་སོ་སྐྱེ་བོ་རྣམས་ལ་ཐུབ་པ་དག་གིས་གཙུག་ལག་ཏུ་བསྟན་པ་ནི། གང་འཇིག་རྟེན་ལ་མ་གྲུབ་པ་སྒྲུབ་ཅིང་ཁོང་དུ་མ་ཆུད་པ་ཁོང་དུ་གཞུག་པའི་ཕྱིར་སྟོན་པས་ན། མངོན་སུམ་གྱི་དམིགས་པ་ཡང་རུང་། རྗེས་སུ་དཔག་པས་ཤེས་པར་བྱ་བ་ཡང་རུང་། ཐེ་ཚོམ་སེལ་བའི་གྲོགས་སུ་རང་གི་རིགས་ཀྱི་དཔེས་བསྟན་པར་བྱའོ། །ཞེས་དང་། ཡོངས་སུ་གྲགས་པ་ཡོངས་སུ་དག་པའི་མཚན་ཉིད་ལ། གང་འདི་དེ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་། དེ་ལ་གནས པ་མངོན་སུམ་དུ་དམིགས་པའི་མཚན་ཉིད་དང་། རང་གི་རིགས་ཀྱི་དཔེ་ཉེ་བར་སྦྱར་བའི་མཚན་ཉིད་ནི། དེ་འགྲུབ་པར་བྱ་བ་ལ་གཅིག་ཏུ་ངེས་པའི་ཕྱིར་ཡོངས་སུ་གྲགས་པའི་མཚན་ཉིད་དུ་རིག་པར་ཤེས་པར་བྱའོ། །ཞེས་གསུངས་པ་དེའི་མཚན་ཉིད་བཤད་དོ། །ཡོངས་སུ་གྲགས་པ་ཞེས་བྱ་བ་ནི་ཆོས་རྣམས་ལ་མངོན་སུམ་དུ་དམིགས་པ་དང་། རྗེས་སུ་དཔག་པས་རིག་པ་དང་། རང་གི་རིགས་གྱི་དཔེ་ཉེ་བར་སྦྱར་
བ་གསུམ་འཚོགས་ནས་གཅིག་ཏུ་ངེས་པ་འདི་ནི་ཡོངས་སུ་གྲགས་པའི་མཚན་ཉིད་ཅེས་བྱ་སྟེ། མངོན་སུམ་ལ་སོགས་པ་གསུམ་སོ་སོར་སྨོས་པ་ནི་མཚན་ཉིད་ཀྱི་བྱེ་བྲག་གོ །ཞེས་དང་། ཤིན་ཏུ་རྣམ་པར་དག་པའི་ལུང་གཏན་ལ་དབབ་པར་བསྟན་པའི་མཚན་ཉིད་ལ། གང་ཐམས་ཅད་མཁྱེན་པས་བཤད་པ་འདི་ལྟ་སྟེ། མྱ་ངན་ལས་འདས་པ་ནི་ཞི་བའོ། །ཞེས་བྱ་བ་འདི་དང་། རྣམ་པ་འདི་ལྟ་བུ་དག་ནི་ཤིན་ཏུ་རྣམ་པར་དག་པའི་ལུང་གཏན་ལ་དབབ་པར་བསྟན་པའི་མཚན་ཉིད་དུ་ཤེས་པར་བྱའོ། །ཞེས་དང་། ཅིའི་ཕྱིར་ལུང་ཤིན་ཏུ་རྣམ་པར་དག་པ་ཡིན་ཞེ་ན། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱང་ཆོས་དང་མཐུན་པར་སྟོན་པས་ན་ལུང་ཞེས་བྱའོ། །ཆོས་ཀྱིས་ཚད་མར་བྱས་པའི་མཚན་ཉིད་དང་ལྡན་ལ་རང་བཟོའི་ལྷད་མ་ཞུགས་པས་ན་ཤིན་ཏུ་རྣམ་པར་དག་པ་ཞེས་བྱའོ། །ཞེས་སོགས་རྒྱ་ཆེར་བསྟན་སྣང་ངོ་། །ཞེས་དང་། གཞོན་ནུ་གསེར་མདོག་གི་རྟོགས་པ་བརྗོད་པར། བུད་མེད་མཆོག་རྣམས་ལ་ཐུན་མོང་མ་ཡིན་པའི་ཆོས་རྣམ་པ་ལྔ་ཡོད་དེ། ལྔ་གང་ཞེ་ན། སྐྱེས་པ་ཆགས་པར་ཡང་ཤེས་ཤིང་མ་ཆགས་པར་ཡང་ཤེས་པ་དང་། དུས་ཤེས་ཤིང་ས་བོན་ཤེས་པ་དང་། གང་ལས་མངལ་དུ་འཇུག་པ་དེ་ཤེས་པ་དང་། ཁྱེའུར་གྱུར་པ་ཤེས་ཤིང་བུ་མོར་གྱུར་པ་ཤེས་ཏེ། གལ་ཏེ་ཁྱེའུར་གྱུར་ན་ནི་དཀུ་གཡས་པར་བརྟེན་ཅིང་གནས་ལ། གལ་ཏེ་བུ་
མོར་གྱུར་ན་ནི་དཀུ་གཡོན་པར་བརྟེན་ཅིང་གནས་སོ། །ཞེས་དང་། ༈ །འཕགས་པ་དགོངས་པ་ངེས་འགྲེལ་གྱི་ཊིཀ །ཅོ་ཇོ་མཛད་པ་པོ་གང་ཡིན་མི་གསལ་བར་ཕར་ཕྱིན་དྲུག་གི་དབྱེ་བ་བསྡུས་པ། ༈ །ཆོས་ཀྱི་སྦྱིན་པ་ལའང་། གླེགས་བམ་སྦྱིན་པ། གཞུང་བཞིན་འཆད་པ། མཁན་པོར་སྟོན་པའོ། །ཟང་ཟིང་གི་སྦྱིན་པར། ཕྱིའི། ནང་གི །ཕྱི་ནང་གཉིས་ཀའི་ཟང་ཟིང་གི་སྦྱིན་པའོ། །མི་འཇིགས་པར་རྐྱེན་གྱི་སྡུག་བསྔལ། སྲོག་གི་བར་ཆད། འཁོར་བའི་རྒྱུད་ལས་བསྐྱབས་པའོ། །གསུམ་པོའི་འབྲས་བུའང་། འཇིག་རྟེན་ལས་འདས་པ། ལོངས་སྤྱོད་ཆེན་པོ་འཐོབ་པ། ཚེ་ལ་བར་ཆད་ མེད་པར་འགྱུར་རོ། ༈ །མི་དགེ་བ་ལས་ལྡོག་པའི་ཚུལ་ཁྲིམས་ཀྱང་རྣམ་པ་གསུམ་སྟེ། ལུས། ངག །ཡིད་མི་དགེ་བ་ལས་ལྡོག་པའོ། །དགེ་བ་ལ་འཇུག་པའི་ཚུལ་ཁྲིམས་ལ་ཡང་རྣམ་པ་གསུམ་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་རྟོན་པར་འཇུག་པ། བསོད་ནམས་ལ་ཡིད་རྟོན་པར་འཇུག་པ། ཆོས་ཀྱི་དབྱིངས་རྟོགས་པར་འཇུག་པའོ། །སེམས་ཅན་གྱི་དོན་ལ་འཇུག་པའི་ཚུལ་ཁྲིམས་ལའང་། ཡོངས་སུ་མ་སྨིན་པ་སྨིན་པར་བྱ་བ། རྣམ་པར་མ་གྲོལ་བར་གྲོལ་བར་བྱ་བ། ཡོངས་སུ་མྱ་ངན་ལས་མ་འདས་པ་མྱ་ངན་ལས་འདའ་བའོ། །དེ་དག་གི་འབྲས་བུའང་། མཐོ་རིས་སུ་སྐྱེ་བ། བྱང་ཆུབ་ཀྱི་ཚོགས་རྫོགས་པ།
གཞན་དོན་ཕུན་སུམ་ཚོགས་པའོ། ༈ །བཟོད་པ་ལའང་། གནོད་པ་མི་མཇེད་པའི་བཟོད་པར། གཤེ་ཡང་ཕྱིར་མི་གཤེ་བ། བརྡེག་ཀྱང་ཕྱིར་མི་བརྡེག་པ། སྨད་ཀྱང་ཕྱིར་མི་སྨད་པའོ། །སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པར་ཀྱང་། མ་འོངས་པའི་དུས་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བས་མི་སྐྱོ་བའི་བཟོད་པ་དང་། སྤྱོད་ལམ་དམ་ལོག་པར་སྒྲུབ་པའི་སྡུག་བསྔལ་གྱིས་སྤུ་མི་བཀང་བའི་བཟོད་པ་དང་། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཞི་ཞིང་སྤང་བར་བཟོད་པའོ། །ཆོས་ལ་ངེས་པར་རྟོགས་པའི་བཟོད་པ་ལ་ཡང་རྣམ་པ་གསུམ་སྟེ། སྟོད་པས་མི་སྐྲག་པ་དང་། མཐའ་གཉིས་ལ་མི་ཆགས་པ་དང་། དཀའ་བ་སྤྱད་པ་ལ་བརྟན་པར་བཟོད་པའོ། །དེའི་ཡོན་ཏན་ཀྱང་འཁོར་ཕུན་སུམ་ཚོགས་པ། མ་རབས་ཀྱི་སེམས་སྤོང་བ། ཟག་མེད་ཀྱི་ཤེས་རབ་སྐྱེ་བའོ། ༈ །བརྩོན་འགྲུས་ལ་གསུམ་ལས། གོ་ཆའི་བརྩོན་འགྲུས་ལའང་གསུམ་སྟེ། བྱམས་པ་ཆེན་པོའི་གོ་ཆ་བགོ་བ། སྙིང་རྗེ་ཆེན་པོའི་མཐུ་བརྟན་པ། བརྩོན་འགྲུས་ཆེན་པོའི་མཐུ་བརྟན་པའོ། །དགེ་བ་ལ་སྦྱོར་བའི་བརྩོན་འགྲུས་ཀྱང་རྣམ་པ་གསུམ་སྟེ། དད་པ་ཆེན་པོས་དོན་ལ་རྟོན་པ་དང་། སྤྱོད་པ་ཆེན་པོས་དགེ་བ་ལ་འཇུག་པ། བསྔོ་བ་ཆེན་པོས་སེམས་ཅན་ལ་ཁྱབ་པའོ། །སེམས་ཅན་གྱི་དོན་ལ་སྦྱོར་བའི་བརྩོན་འགྲུས་ཀྱང་རྣམ་པ་གསུམ་སྟེ། སྒོམ་པ་དང་པ། །
ཚུལ་ཁྲིམས་ལ་ཁྱད་པར་མེད་བར་བརྩོན་པ་དང་། བསྡུ་བ་རྣམ་བཞིའི་ཐབས་ཀྱིས་ཆོས་ཀྱི་དོན་ལ་འཇོག་པར་བརྩོན་པ་དང་། གཉེན་པོ་ལ་མི་འགོང་བའི་ཤེས་རབ་ཀྱི་ཐབས་སུ་བརྩོན་པའོ། །དེས་བདུད་བཞི་ཐུལ་བ། ས་བཅུ་རྫོགས་པ། འདྲེན་པ་ཆེན་པོའི་ཐབས་དང་ལྡན་པར་འགྱུར་རོ། ༈ །རྣམ་པར་མི་རྟོག་ཅིང་ཞི་ལ་རབ་ཏུ་ཞི་བས་ཉོན་མོངས་པ་དང་སྡུག་བསྔལ་གྱི་གཉེན་པོ་བདེ་བར་གནས་པའི་བསམ་གཏན་ལ་ཡང་རྣམ་པ་གསུམ་སྟེ། སེམས་ཆོས་ལ་མི་རྟོག་པ་དང་། ཆོས་སེམས་ལ་མི་རྟོག་པ་དང་། བཏང་སྙོམས་ཀྱི་སེམས་གཉི་གར་མི་རྟོག་པའོ། །ཡོན་ཏན་མངོན་པར་སྒྲུབ་པའི་བསམ་གཏན་ལ་ཡང་རྣམ་པ་གསུམ་སྟེ། སྐུའི་ཡོན་ཏན་མངོན་པར་སྒྲུབ་པ། ཡེ་ཤེས་ཀྱི་ཡོན་ཏན་མངོན་པར་སྒྲུབ་པ། སྟོབས་ལ་སོགས་པའི་ཡོན་ཏན་མངོན་པར་སྒྲུབ་པའོ། །སེམས་ཅན་གྱི་དོན་མངོན་པར་སྒྲུབ་པའི་བསམ་གཏན་ལ་ཡང་། བསྔོ་བའི་ཏིང་ངེ་འཛིན། ཁྱབ་པའི་ཏིང་ངེ་འཛིན། མི་འགྱུར་པའི་ཏིང་ངེ་འཛིན་ཏོ། །དེ་ལ་འབྲས་བུར། རྣམ་པར་མི་རྟོག་ཅིང་ཞི་ལ་རབ་ཏུ་ཞི་བས་ཉོན་མོངས་པ་དང་སྡུག་བསྔལ་གྱི་གཉེན་པོ་བདེ་བར་གནས་པའི་བསམ་གཏན་གྱིས་ནི་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པར་འགྱུར། ཡོན་ཏན་མངོན་པར་བསྒྲུབ་པའི་བསམ་གཏན་གྱིས་ནི་རྒྱུ་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར། སེམས་ཅན་གྱི་
དོན་སྒྲུབ་པའི་བསམ་གཏན་གྱིས་ནི་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་ལ་སྦྱོར་བར་འགྱུར་རོ། ༈ །ཀུན་རྫོབ་ཀྱི་བདེན་པར་དམིགས་པའི་ཤེས་རབ་ལའང་རྣམ་པ་གསུམ་སྟེ། འདུས་བྱས་ཀྱི་མཚན་ཉིད་དང་། །འཁོར་བའི་རྒྱུད་དང་། འཁོར་བའི་རྒྱུད་ལས་ལྡོག་བ་ལ་མཁས་པའོ། །དོན་དམ་པའི་བདེན་པར་དམིགས་པ་ལ་ཡང་རྣམ་པ་གསུམ་སྟེ། སྟོང་པ་ཉིད་པས་མི་གནས་པ་དང་། མཚན་མ་མེད་པས་མི་རྟོག་པ་དང་།སྨོན་པ་མེད་པས་མི་ཆགས་པའོ། །སེམས་ཅན་གྱི་དོན་ལ་དམིགས་པ་ལ་ཡང་རྣམ་པ་གསུམ་སྟེ། རང་བཞིན་གྱི་སྡུག་བསྔལ་ལ་ཏིང་ངེ་འཛིན་གྱིས་སྦྱོར་བ་དང་། འདུ་བྱེད་ཀྱི་སྡུག་བསྔལ་ལ་གཉེན་པོས་གཅོད་པ་དང་། ཐེ་ཚོམ་གྱི་སྡུག་བསྔལ་ལ་རྒྱས་པར་འགྲེལ་བའི་ཤེས་རབ་བོ། །དེས་ཀྱང་འཁོར་བ་ལ་མི་ཆགས་པ་དང་། འཕགས་པའི་ཤེས་རབ་མངོན་པར་འཐོབ་པ་དང་། སྤྲུལ་པ་མངོན་པར་སྟོན་པར་འགྱུར་རོ། །ཞེས་སོགས་ཕྱིན་དྲུག་གི་རྣམ་དབྱེ་ཤིན་ཏུ་རྒྱས་པར་ཡོད།། ༈ །།ན་མོ་མཉྫགྷོ་ཥཱ་ཡ། སྤྱིར་ཆོས་ཐམས་ཅད་འདུས་བྱས་དང་། འདུས་མ་བྱས་གཉིས་སུ་འདུ་བ་ལས། འདུས་བྱས་ཀྱི་ཆོས་ཐམས་ཅད་ཕུང་པོ་ལྔར་འདུ་སྟེ། རྒྱུད་ལས། གཟུགས་དང་ཚོར་བ་འདུ་ཤེས་དང་། །འདུ་བྱེད་རྣམ་པར་ཤེས་པ་ལ། །ཕུང་པོ་ལྔ་ཞེས་རབ་ཏུ་བརྗོད། །ཅེས་སོ། །དེ་ཡང་གཟུགས་ཞེས་ངོ་བོ་སྟེ། །གཟུགས་སུ་རུང་བ་གཟུགས་
ཀྱི་མཚན་ཉིད། ཕུང་པོ་ཞེས་པ་ཁྱད་ཆོས་ཏེ་སྤུངས་བའི་མིང་། དུ་མ་སྤུངས་བ་ཕུང་པོའི་མཚན་ཉིད་དོ། །དེ་ལ་གཟུགས་སུ་རུང་ཞེས་པ་ནི། སྲ་ཞིང་མཁྲེགས་པ་སའོ་སོགས་རང་རང་གི་མཚན་ཉིད་ འཛིན་པའོ། །དབྱེ་ན་བཅོ་ལྔ་ལས། རྒྱུའི་གཟུགས། ས་སྲ་མཁྲེགས། ཆུ་བརླན་གཤེར། མེ་ཚ་སྲེག །རླུང་ཡང་གཡོ་ཞེས་རྒྱུ་ས་བོན་ལྟ་བུ། འབྲས་བུའི་གཟུགས། མིག་དབང་ཟར་མའི་མེ་ཏོག །རྣ་དབང་གྲོ་ག་གཅུས་པ། སྣ་ཟངས་སྦུབས་གཤིབས་པ། ལྕེ་ཟླ་གམ། གཟུགས་རེག་ན་འཇམ་གྱི་པགས་པ་ལྟ་བུ་སྟེ། འབྲས་བུ་མྱུ་གུ་ལྟ་བུའོ། །དེ་ལྔ་བྱེ་བྲག་མཐོང་ཡུལ་དུ་མིན་པ་དང་། གཞན་ལས་དྭངས་པའི་ཁྱད་པར་རོ། །མིག་ཁྲ་བ། སྣ་དུང་བ་སོགས་ནི་དེ་ཡི་རྟེན་དང་། གཉིད་དང་། བརྒྱལ་བ་ལྟ་བུའི་ཚེ་རྟེན་བརྟེན་པ་མཚུངས་ཞེས་བཏགས་སོ། །སད་པའམ་བརྒྱལ་སངས་ཚེ་རྟེན་བཅས་སོ། །ཡུལ་ནི་ལྔ་སྟེ། གཟུགས་སོགས་སོ། །དབང་པོ་ཞེས་པའི་དོན། སོ་སོར་དབང་མཐོང་ཚོར་སོགས་སྤྱི་མིང་། དེས་ན་མིག་གི་རྣམ་ཤེས་ཡུལ་ཅན། གཟུགས་ནི་ཡུལ་ལམ་ཕྱི་དོན་ནམ་དམིགས་ཡུལ་ལོ། །དེ་ཡང་གཟུགས་༢༠ལ་སྤྱིར་རྣམ་པ་གཉིས། བྱེ་བྲག་ཏུ་ཉི་ཤུའོ། །དང་པོ་ནི། དབྱིབས་དང་ཁ་དོག་གོ །དབྱིབས་གཟུགས་ནི་བརྒྱད་དེ། རིང་ཐུང་། མཐོ་དམན། ཕྱལ་ལེ་བ་སྟེ་མཉམ་པ་དང་། ཕྱལ་ལེ་
བ་མིན་པ། ཟླུམ་པ། ལྡུམ་པ་སྟེ་གྲུ་བཞིའོ། །ཁ་དོག་གི་གཟུགས་ནི་རྩ་བ་དང་། ཡན་ལག་ནི་ཁ་དོག་གཉིས། རྩ་བ་ནི། སྔོ་སེར་དཀར་དམར་རོ། །ཡན་ལག་ནི། སྤྲིན། དུ་བ། རྡུལ། ཁུག་སྣ། སྣང་gབ། མུན་པ། ཉི་འོད། གྲིབ་མ་བརྒྱད་དོ། །དེ་རྣམས་བསྡོམས་པས་བྱེ་བྲག་ཉི་ཤུའོ། །སྒྲ་བརྒྱད་ལ། ཟིན་པ་དང་། མ་ཟིན་པ་གཉིས། ཟིན་པ་ལ་ལུང་སྟོན་པ་དང་། མི་སྟོན་པ་གཉིས། སྔ་མ་ནི་འདིར་སོགས་ལྟ་བུ་སྤྱིར་སྨྲས་པ་དང་། ཕྱི་མ་ནི་དར་དིར་སོགས་དོན་མི་གསལ་བ། མ་ཟིན་པ་ལའང་དོན་སྟོན་པ་ལྷའི་རྔ་བོ་ཆེ་བརྡུངས་པས་ཆོས་ཀྱི་སྡོམ་བཞི་གོ་བ་ལྟ་བུ་ལུང་སྟོན་པ་དང་། འབྱུང་བ་བཞིའི་སྒྲ་ལྟ་བུ་ལུང་དུ་མི་སྟོན་པ་གཉིས། དེ་རེ་རེ་ལའང་སྙན་པ་དང་མི་སྙན་པ་གཉིས་རེར་ཕྱེ་བས་བརྒྱད་དོ། །དྲི་ལ་ཞིམ་པ་དང་། མི་ཞིམ་པ་གཉིས། དེ་ལའང་ལྷན་སྐྱེས་དང་། སྦྱར་བ་གཉིས་སུ་ཕྱེ་བས་བཞིའོ། །རོ་དྲུག་ལ། ཁ། སྐ། ཚ་བ། ལན་ཚ་བ། མངར། སྐྱུར་དྲུག །རེག་བྱ་༡༡ལ་དབྱེ་ན། རྒྱུ་འབྱུང་གི་རེག་བྱ། འཇམ་རྩུབ། ལྕི་ཡང་། བཀྲེས་སྐོམ། གྲང་བ་དང་བདུན། འབྲས་བུ་འབྱུང་བ་བཞིའི་རེག་བྱའོ། །རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ནི་ལས་ཀྱི་ཤུགས་ཀྱིས་ལུས་སྤྱིར་ཁྱབ་པའོ། །སྡོམ་པ་ལ་དབྱེ་ན་སྡོམ་པ་སྡོམ་མི་ན། བར་མའི་རིག་མིན་གྱི་གཟུགས་སོ། །དེ་ལྟར་ན་རེ་ཞིག་གཟུགས་ཀྱི་རྣམ་
གྲངས་བཅོ་ལྔའོ། ༈ །གཉིས་པ་ཚོར་བའི་ཕུང་པོ་ནི། ཉམས་སུ་མྱོང་བའི་མཚན་ཉིད་ཅན་གྱི་ཚོར་བ་བདེ་སྡུག་བར་མ་གསུམ། དེ་ལའང་། མིག་གི་འདུས་ཏེ་རེག་པའི་ཚོར་བ་བདེ་བ་སོགས་ཚོགས་དྲུག་སོ་སོར་སྦྱར་བས་ཚོར་བ་དྲུག་གསུམ་བཅོ་བརྒྱད་དོ། ༈ །གསུམ་པ་འདུ་ཤེས་ཀྱི་ཕུང་པོ་ནི། ཡུལ་ལ་མཚན་མར་འཛིན་པའི་མཚན་ཉིད་ཅན་གྱི་འདུ་ཤེས་རྒྱ་ཆེ་ཆུང་བར་མ་གསུམ་སྟེ། རིམ་བཞིན་རྒྱ་ཆུང་བ་འདོད་ཁམས། ཆེ་བ་གཟུགས་ཁམས། ཚད་མེད་པ་ནི་གཟུགས་མེད་ཀྱི་ཁམས་ལ་དམིགས་པའོ། ༈ །ཕོ་དང་མོ་ལྟ་བུ་རང་གི་རྟགས། གསུམ་པ་འདུ་བྱེད་ཀྱི་ཕུང་པོ་ནི། མངོན་པར་འདུ་བྱེད་པའི་ མཚན་ཉིད་ཅན་གྱི་སེམས་པ་སྟེ། སེམས་བྱུང་གིས་ལས་ཐམས་ཅད་ལ་སེམས་པ། དབྱེ་ན་སེམས་བྱུང་ལྔ་བཅུ་རྩ་གཅིག་ལས། སྡོམ་ནི། ཚོར་འདུ་སེམས་པ་རེག་ཡིད་བྱེད། །འདི་དག་ཀུན་འགྲོ་ལྔ་ཡིན་ནོ། །ཞེས་པས། རྣམ་ཤེས་ཀྱི་འཁོར་དུ་རྣམ་པ་ཀུན་ཏུ་འགྲོ་བའི་སེམས་བྱུང་ལྔ་སྟེ། ཡིད་བྱེད་ཀྱིས་ཤེས་པ་ཡུལ་ལ་གཏད། རེག་པས་ཡུལ་དབང་ཤེས་གསུམ་མཚམས་སྦྱར། འདུ་ཤེས་ཀྱིས་ཡུལ་ལ་མཚན་མར་འཛིན། ཚོར་བས་ཡུལ་ཉམས་སུ་མྱོང་། སེམས་པས་ནང་དུ་སེམས་པར་བྱེད་དོ། །འདུན་མོས་དྲན་ཏིང་ཤེས་རབ་སྟེ། །འདི་དག་ཡུལ་ངེས་ལྔ་ཡིན་ནོ། །ཞེས་པས། ཡུལ་སོ་སོར་ངེས་པར་བྱེད་པ་སྟེ། ཡིད་ཀྱི་རྣམ་ཤེས་
ཀྱི་འཁོར་གཞན་དང་ཐུན་མོང་མ་ཡིན་པའོ། །འདུན་པ་ནི་བསམ་པའི་དངོས་པོ་འདོད་པ། མོས་པ་ནི་ངེས་པའི་དངོས་པོ་ལ་ངེས་པར་འཛིན་པ། དྲན་པ་ནི་འདྲིས་པའི་དངོས་པོ་མ་བརྗེད་པ། ཏིང་ངེ་འཛིན་ནི་ དམིགས་པའི་དངོས་པོ་ལ་སེམས་རྩེ་གཅིག་པ། ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །དད་དང་བག་ཡོད་ཤིན་ཏུ་སྦྱངས། །བཏང་སྙོམས་ངོ་ཚ་ཤེས་ཁྲེལ་ཡོད། །འདོད་ཆགས་ཞེ་སྡང་གཏི་མུག་མེད། །རྣམ་པར་མི་འཚེ་བརྩོན་འགྲུས་ཏེ། །འདི་དག་དགེ་བ་བཅུ་གཅིག་གོ །ཞེས་པས། དད་པ་ནི་སེམས་དྭངས་བ། ངོ་ཚ་ནི་བདག་དང་ཆོས་ཀྱི་དབང་དུ་བྱས་ནས་ཁ་ན་མ་ཐོ་བ་ལ་འཛེམས་པ། ཁྲེལ་ཡོད་པ་ནི་འཇིག་རྟེན་གྱི་དབང་དུ་བྱས་ནས་ཁ་ན་མ་ཐོ་བར་སེམས་པ། འདོད་ཆགས་མེད་པ་ཞེན་ལོག །ཞེ་སྡང་མེད་པ་སྙིང་རྗེ། གཏི་མུག་མེད་བ་སོ་སོར་ཤེས་པ་སྟེ་མདོར་ན་དུག་གསུམ་གྱི་གཉེན་པོའི་ཕྱོགས་སོ། །བརྩོན་འགྲུས་ནི་ལེ་ལོའི་གཉེན་པོ་སྟེ་འབྲས་བུ་ལ་མྱུར་དུ་སྦྱོར་འདོད་པ། བག་ཡོད་ནི་བག་མེད་ཀྱི་གཉེན་པོ་སྟེ་ཉེས་པ་ལ་བག་ཟོན་བྱེད་པ། ཤིན་ཏུ་སྦྱངས་བ་ནི་ལུས་སེམས་ལས་སུ་རུང་བ་སྟེ་རང་དབང་ཐོབ་པ། བཏང་སྙོམས་ནི་འདུ་བྱེད་རྩོལ་བ་ལྷོད་པ། རྣམ་པར་མི་འཚེ་བ་ནི་བྱམས་པའོ། །འདོད་ཆགས་ཁོང་ཁྲོ་ང་རྒྱལ་དང་། །མ་རིག་ཐེ་ཚོམ་ལྟ་བ་སྟེ། །འདི་དག་རྩ་ཉོན་དྲུག་ཡིན་ནོ། །འདོད་ཆགས་ནི་ལུས་
དང་ལོངས་སྤྱོད་ལ་ཆགས་པ། ཁོང་ཁྲོ་ནི་ཕ་རོལ་མནར་སེམས་པ། ང་རྒྱལ་ནི་ཁེངས་པའི་རྣམ་པ་ཅན་ཏེ། དབྱེ་ན། ང་རྒྱལ། ལྷག་པའི་ང་རྒྱལ། ང་རྒྱལ་ལས་ཀྱང་ང་རྒྱལ། ངའོ་སྙམ་པའི་ང་རྒྱལ་ཏེ་བདག་འཛིན། ཡུལ་དེ་དང་ཁྱད་པར་ཆེ་རུང་ཅུང་ཟད་ལས་མེད་སྙམ་པའི་ང་རྒྱལ། ཡོན་ཏན་ལ་རྩིས་དེ་ཙམ་མ་འོས་ཀྱང་། རྩིས་ཆེར་བྱེད་པ་མངོན་པའི་ང་རྒྱལ། ལོག་པའི་ང་རྒྱལ་ཏེ་བདུན་རང་མཐོ་ནོ། །མ་རིག་པ་ནི། དཀོན་མཆོག་གསུམ་དང་། བདེན་པ་བཞི་དང་། ལས་འབྲས་ལ་རྨོངས་པའོ། །བདེན་པ་བཞི་ནི། སྡུག་བདེན་ཆར་ལྟ་བུ། ཀུན་འབྱུང་སྤྲིན་ལྟ་བུ། འགོག་བདེན་ནམ་མཁའ་ལྟ་བུ། ལམ་བདེན་། རླུང་ལྟ་བུའོ། །ཐེ་ཚོམ་ནི་ཡིད་གཉིས་ཀྱི་རྣམ་པ་ཅན་ནོ། །ལྟ་བ་ནི། འཇིག་ཚོགས་ལ་ལྟ་བ་སྟེ་བདག་འཛིན། མཐར་འཛིན་གྱི་ལྟ་བ། ལོག་པར་ལྟ་བ། ལྟ་བ་ལ་མཆོག་ཏུ་འཛིན་པ། ཚུལ་ཁྲིམས་དང་།སོ བརྟུལ་ཞུགས་མཆོག་འཛིན་ཏེ་ལྔའོ། །དེ་ལ་འཇིག་བལྟ་ཉི་ཤུ་ནི། ཕུང་པོ་ལྔ་ལ་བདག་ཏུ་ལྟ་བ་སྟེ། གཟུགས་བདག་ཡིན་སྙམ་པ་སོགས། ལྡན་པར་ལྟ་བ་སྟེ། བདག་གཟུགས་དང་ལྡན་ནོ་སྙམ་པ་སོགས། ཕན་ཚུན་གནས་པར་ལྟ་བ་སྟེ། བདག་ལ་གཟུགས་གནས་སོ་སྙམ་པ་དང་། གཟུགས་ལ་བདག་གནས་སོ་སྙམ་པ་རྣམས་སོ། །མཐར་འཛིན་གྱི་ལྟ་བ་ནི། སྐྱེ་འགགས། རྟག་ཆད། འགྲོ་འོང་། གཅིག་དུ་
མ་སྟེ་བརྒྱད་དམ་ཡོད་མེད་རྟག་ཆད་བཞིའོ། །ལྟ་བ་ལྔ་པོ་ལ། འདོད་ཁྲོ་སོགས་གོང་གི་ལྟ་མིན་ལྔ་བསྡོམས་པས་སྲིད་པའི་ཕྲ་རྒྱས་བཅུའོ། །སེམས་ཁྲོ་དང་སྔོན་མར་མཁོན་འཛིན་འཆབ་གསང་དང་འཚིག ཚིག་པ་ཟ། ཕྲག་དོག ཕྲག་པ་ཡན་ལ་མི་ཤོར་བ་སེར་སྣ་སྒྱུ་དང་གཡོ། །རྒྱགས་ལོང་ཤོར། དང་འཕྱར་གཡེང་ངོ་བདག་དང་ཆོས་ཀྱི་ཚ་མེད། །ཁྲེལ་གཞན་གྱི། མེད་རྨུགས་རྒོད་འདོད་སྲེད། མ་དད་དང་། །ལེ་ལོ་བག་མེད་བརྗེད་ངས་ཚུ དང་། །ཤེས་བཞིན་གཡང་སར་མཆོང་བ་ལྟ་བུ། མ་ཡིན་རྣམ་གཡེང་སྟེ། །འདི་དག་ཉེ་ཉོན་ཉི་ཤུའོ། །ཞེས་རང་ལ་ཉེ་བར་འོང་བའི་ཉེ་ཉོན་ཉི་ཤུ་དང་། གཉིད་འགྱོད་རྟོག་དཔྱོད་གཞན་འགྱུར་བཞི། །ཞེས་གཞན་དབང་ལས་གྱུར་པ་བཞིའོ། །དེ་ལྟར་ལྔ་བཅུ་རྩ་གཅིག་ལས་ཚོར་འདུ་གཉིས་འཕྲི་བའི་ལྷག་མ་ཞེ་དགུ་ནི་འདུ་བྱེད་ཀྱི་ཕུང་པོ་ཡིན་ལ། སེམས་དང་མཚུངས་པར་ལྡན་པ་ཉིད་དོ། །མཚུངས་པར་མི་ལྡན་པའི་འདུ་བྱེད་ནི་བཅུ་བཞི་ཡོད་དེ། ཐོབ་དང་མ་ཐོབ་སྐལ་མཉམ་དང་། །འདུ་ཤེས་མེད་དང་སྙོམས་འཇུག་གཉིས། །སྲོག་དང་སྐྱེ་རྒ་གནས་མི་རྟག །མིང་ཚིག་ཡི་གེའི་ཚོགས་རྣམས་སོ། །ཞེས་སོ། །དེ་ལྟར་ན་འདུ་བྱེད་ཀྱི་ཕུང་པོ་རེ་གསུམ་མོ། ༈ །རྣམ་པར་ཤེས་པའི་ཕུང་པོ་ནི། ཡུལ་ལ་རྣམ་པར་རིག་པའི་མཚན་ཉིད་ཅན་ཏེ། དབྱེ་ན་ཚོགས་དྲུག་གོ །ཐེག་ཆེན་ལྟར་ན་ཚོགས་བརྒྱད་ནི། ཀུན་གཞི་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུ།
འཇུག་ཤེས་དྲུག་ནི་རྦ་རླབས་ལྟ་བུ། ཉོན་ཡིད་ནི་རང་གི་འཁོར་ཐུན་མོང་མ་ཡིན་པ་བཞི་དང་ལྷན་ཅིག་ཏུ་ཀུན་གཞི་ལ་དམིགས་ནས་ཁ་ནང་བསྟན་དུ་པའོ་སྙམ་དུ་འཛིན་པ། བདག་ཏུ་འཛིན་པའོ། །འཁོར་བཞི་ནི། བདག་ཏུ་རྨོངས་པ། བདག་ཅེས་པ་ལས་རྒྱུ་མཚན་ཅི་ཡང་མི་ཤེས་པ། བདག་ཏུ་ལྟ་བ། བདག་ཏུ་ང་རྒྱལ་བ། བདག་ལ་ཆགས་པ་སྟེ་བཞིའོ། །ཚོགས་བརྒྱད་པོ་བསྡུ་ན་སེམས་གསུམ་སྟེ། ཀུན་གཞི་རྣམ་ཤེས་དམིགས་རྣམ་རིས་སུ་མ་ཆད་པར་འཇུག་ཤེས་སྤྱིའི་རྣམ་པ་ཙམ་དུ་དམིགས་པ། ཉོན་ཡིད་ནི་ཡིད། འཇུག་ཤེས་དྲུག་ནི་རྣམ་ཤེས་སོ། ༈ །འདུས་མ་བྱས་ནི་གསུམ་སྟེ། ནམ་མཁའ་དང་། སོ་སོར་བརྟག་ འགོགས་དང་། སོ་སོར་བརྟག་མིན་འགོག་གོ །དེ་ལྟར་ཤེས་བྱ་སྤྱིར་གཏན་ལ་དབབས་ནས། མཁས་པར་བྱ་བའི་གནས་དྲུག་ལ་འཇུག་པར་བྱ་སྟེ། སྡོམ་ནི། ཕུང་ཁམས་སྐྱེ་མཆེད་རྟེན་འབྲེལ་དང་། །གནས་དང་གནས་མིན་རྣམ་པ་དྲུག །ཅེས་པས། ཕུང་པོ་ནི་ལྔའོ། །ཁམས་ནི། མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་སོགས་བཅོ་བརྒྱད་དོ། །སྐྱེ་མཆེད་ནི། མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་སོགས་བཅུ་གཉིས་སོ། །དེ་ཡང་མིག་གི་ཡུལ་དུ་གཟུགས་སྐྱེ་བ་སོགས་རང་རང་གི་མཚན་ཉིད་དོ། །རྟེན་འབྲེལ་ནི་བཅུ་གཉིས་སོ། །གནས་ནི་རྒྱུ་དགེ་བས་
བསོད་ནམས་གནས་ཡིན་པ་དང་། གནས་མིན་ནི་སྡིག་པས་གནས་མ་ཡིན་པ་ལྟ་བའོ། །འདི་དག་གི་སྐབས་སུ་རྒྱུ་འབྲས་རྐྱེན་གསུམ་གྱི་རྣམ་གཞག་ཅུང་ཟད་བཤད་ན། རྒྱུ་ནི། མཛོད་ལས། བྱེད་རྒྱུ་ལྷན་། ཅིག་འབྱུང་བ་དང་། བདག་རྐྱེན་དང་གཅིག །སྐལ་མཉམ་ནས་ལས་ནས་སྐྱེ་བ་ལྟ་བུ། མཚུངས་པར་ལྡན་པ་དང་། ཕན་ཚུན་གཅིག་ལ་གཅིག་བརྟེན་པ། །ཀུན་ཏུ་འགྲོ་དང་རྣམ་སྨིན་ཏེ། །རྒྱུ་ནི་རྣམ་པ་དྲུག་ཏུ་འདོད། །ཅེས་སོ། །འབྲས་བུ་ནི། རྣམ་སྨིན་རྒྱུ་མཐུན་རྗེས་རྟོགས། བདག་པོ་དང་། མཁྲིས་ནད་ཅན་གྱིས་དུང་སེར། སྐྱེས་བུ་རྩོལ་བ་བྱས་པ། བྱེད་དང་བྲལ་འབྲས་ལྔ། ཉི་མ་སྤྲིན་བྲལ་རྐྱེན་ནི་རླུང་ཡིན་པ་ལྟར་རྐྱེན་གྱི་འབྲས་བུའོ། །ཞེས་སོ། །རྐྱེན་ནི། དབུ་མ་རྩ་བ་ལས། རྐྱེན་ནི་རྣམ་བཞི་རྒྱུ་དང་ནི། །དམིགས་པ་དང་ནི་དེ་མ་ཐག །བདག་པོ་ཡང་ནི་དེ་བཞིན་ཏེ། །རྐྱེན་ལྔ་པ་ནི་ཡོད་མ་ཡིན། །ཅེས་སོ། །གཞན་ཡང་ཆོས་ཁམས་ནི་བདུན་ཏེ། ཚོར་བ་འདུ་ཤེས་འདུ་བྱེད་དང་། །འདུས་མ་བྱས་ནི་རིག་མིན་བདུན། །ཞེས་སོ། །རྟེན་འབྲེལ་བཅུ་གཉིས་ཀྱང་བསྡུ་ན་གསུམ་སྟེ། ཀླུ་སྒྲུབ་ཀྱིས། དང་པོ་མ་རིག བརྒྱད་པ་སྲེད་པ། དགུ་ལེན་པ། ཉོན་མོངས། །འདུ་བྱེད་སྲིད་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་རྣམ་སྨིན་ནོ། །རྣམ་ཤེས། མིང་གཟུགས། སྐྱེ་མཆེད། རེག་པ། ཚོར། སྐྱེ རྒ་ཤི། ཞེས་ཉོན་ལས་རྣམ་སྨིན་གྱི་ལམ་གསུམ་མོ། །མཚུངས་པ་ལྔ་མཚུངས་ཀྱི་རྒྱུ་ནི་མཚུངས་ལྡན་ག
གྱི་རྒྱུའི་མཚན་ཉིད་དེ། མཚུངས་པ་ལྔ་ནི། དམིགས་རྣམ་རྫས་རྟེན་དུས་མཚུངས་པའོ། ༈ །དེ་ལྟར་སྡོམ་དྲུག་ཤེས་ནས། གྲུབ་མཐའ་བཞིའི་ལྟ་བ་ལ་བསླབ་པར་བྱ་སྟེ། དེ་ཡང་ཐེག་པ་ནི་གསུམ་སྟེ། ཉན་རང་བྱང་སེམས་ཀྱི་ཐེག་པ་གསུམ་མོ། །གྲུབ་མཐའ་བཞི་སྟེ། བྱེ་མདོ་དབུ་སེམས་བཞིའོ། །སྔ་མ་གཉིས་ནི་ཐེག་དམན་ཏེ་ཉན་རང་དང་། ཕྱི་མ་གཉིས་ནི་ཐེག་ཆེན་བྱང་ཆུབ་སེམས་ལམ་ཞེས་གཙོ་བོའི་དབང་གིས་བཞག་གོ །གཞན་དུ་གྲུབ་མཐའ་བཞི་ཀས་ཐེག་གསུམ་གྱི་ལམ་དང་འབྲས་བུ་འདོད་པར་མཚུངས་སོ། །བྱེ་མདོ་གཉིས་ཀྱིས་ཤེས་བྱ་ནི་བསྡུ་ན་གཞི་ལྔ་སྟེ། སྣང་བ་གཟུགས་དང་གཙོ་བོ་སེམས། །དེ་འཁོར་སེམས་བྱུང་མི་ལྡན་པའི། །འདུ་བྱེད་འདུས་མ་བྱས་པའོ། །ཞེས་སོ། །དེ་རྣམས་ཀྱི་གྲངས་དང་གོ་རིམ་མཚུངས་ཀྱང་། བྱེ་སྨྲ་བས་གཞི་ལྔ་ལ་བདེན་གྲུབ་འདོད། མདོ་སྡེ་པས། འདུས་མ་བྱས་གསུམ་རྒྱ་རྐྱེན་ལས་གྲོལ་བའི་ཕྱིར་དང་། རྫས་སུ་མེད་པ། ལྡན་མིན་འདུ་བྱེད་ནི་གཟུགས་སེམས་སེམས་བྱུང་གི་གནས་སྐབས་ཀྱི་ཆོས་ལ་བཏགས་པའི་བཏགས་ཡོད་ཙམ་དང་། སེམས་བྱུང་རྣམས་གཙོ་སེམས་ལས་རྫས་ཐ་དད་པ་མ་ཡིན་པས། དེས་ན་རྫས་སུ་ཡོད་པ་ནི་གཟུགས་སེམས་ཁོ་ནའོ། །ཞེས་འདོད། འདི་གཉིས་ཀས་ཕྱི་དོན་ཁས་ལེན་པས་དོན་སྨྲ་སྡེ་གཉིས་དང་། སེམས་ཙམ་པས་ཕྱི་དོན་ཁས་མི་ལེན་
ཀྱང་ཡོངས་གྲུབ་ཡོད་པར་འདོད་པས་དེ་གསུམ་ལ་དངོས་པོར་སྨྲ་བ་ཞེས་འཇོག །འདི་གཉིས་ཀྱི་བདེན་གཉིས་འདོད་ཚུལ་ལ། བྱེ་སྨྲ་བས། མཛོད་ལས། གང་ལ་བཅོམ་ཐོ་བ་ལྟ་བུས། དང་བློ་ཡིས་གཞན། །བསལ་ན་དེ་བློ་སྔ་མའི་གཟུགས་ཀྱི། མི་འཇུག་པ། །བུམ་ཆུ་འཐོར་བའི་ཐིགས་པ། བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་དང་། མདོ་སྡེ་པས། རྣམ་འགྲེལ་ལས། དོན་བྱེད་ནུས་པ་ཀ་བ་ལྟ་བུ། གང་ཡིན་པ། །དེ་འདིར་དོན་དམ་ཡོད་པ་ཡིན། ཕྲ་རབ་ཕུང་པོར། །གཞན་ནི་ཀ་བ་ཞེས་པའི་མཚན་ཉིད་ཆད་པའི་ཀུན་བརྟགས་སོ། །ཀུན་རྫོབ་ཡོད་པ་སྟེ། །དེ་དག་རྡུལ་ཕྲ་རབ་དོན་དམ། རང་དང་སྤྱིའི་ཕྲ་རབ་སྤུངས་པའི་ཀ་བ་ཞེས་ཀུན་རྫོབ་བརྟགས་ཡོད་ཀྱི་ཆོས་ནི། མཚན་ཉིད་དུ་བཤད། །ཅེས་སོ། ༈ །འོན་ཀྱང་དེ་ནི་རིགས་པའི་རྗེས་འབྲངས་རྣམས་ཡིན་ལ། ལུང་གི་རྗེས་འབྲངས་རྣམས་ཀྱིས་ནི་བྱེ་སྨྲ་བའི་བདེན་གཉིས་འཇོག་ཚུལ་དང་།སེམས་ཙམ་པའི་གྲུ ནི། ལངྐར་གཤེགས་པ་ལས། ཆོས་ལྔ་དང་ནི་རང་བཞིན་དང་། །རྣམ་ཤེས་བརྒྱད་པོ་ཉིད་དག་དང་། །བདག་མེད་གཉིས་ཀྱི་དངོས་པོར་ནི། །ཐེག་ཆེན་ཐམས་ཅད་འདུས་པ་ཡིན། །ཞེས་ཆོས་ཀྱི་སྡོམ་བཞིའི་བརྗོད་བྱས་བཅིངས་ཏེ། དེ་ལ་ཆོས་ལྔ་ནི། མིང་དང་རྒྱུ་མཚན་རྣམ་རྟོག་དང་། །ཡང་དག་ཡེ་ཤེས་དེ་བཞིན་ཉིད། །ཅེས་པས་མིང་དང་རྒྱུ་མཚན་ནི་ཀུན་བརྟག་
གིས་བསྡུས། རྣམ་པར་རྟོག་པའི་གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཏེ་གཞན་དབང་ཀུན་རྫོབ་བདེན་པ། ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་ནི་གཟུང་འཛིན་གཉིས་མེད་རི་རྭ་ལྟ་བུ། ཀྱི་ཤེས་པ་རང་རིག་རང་གསལ་ཡོངས་གྲུབ་དོན་དམ་པའི་བདེན་པའོ། །མཚན་ཉིད་གསུམ་ནི། ཀུན་བརྟག་གཞན་དབང་། ཡོངས་གྲུབ་བོ། །དེ་ལའང་རྣམ་གྲངས་པ་དང་། མཚན་ཉིད་ཡོངས་སུ་ཆད་པའི་ཀུན་བརྟག་གཉིས། དག་མ་དག་གི་གཞན་དབང་གཉིས། འགྱུར་མེད་དང་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་གཉིས་ཏེ་དྲུག་གོ །ཚོགས་བརྒྱད་ནི་སྔར་སྨོས་པ་ལྟར་རོ། །བདག་མེད་གཉིས་ནི་ཆོས་དང་གང་ཟག་གི་བདག་མེད་གཉིས་སོ། །གཅིག་གམ་ཐ་དད་པའི་ཚུལ་གྱིས་མ་རྙེད་ན་མེད་ངེས་པས་ཁྱབ། གཞི་གྲུབ་ན་གཅིག་དང་ཐ་དད་གང་རུང་ཡིན་པས་ཁྱབ་བོ། །ནང་པ་སངས་རྒྱས་པས་གང་ཟག་གི་བདག་མེད་པར་འདོད་ཀྱང་། ཆོས་ཀྱི་སྟེང་ནས་བདེན་གཉིས་འཇོག་པར་འདོད། དེ་ཡང་གྲུབ་མཐའ་ལ་བལྟོས་མཐུན་པའི་རགས་པ་ཀུན་རྫོབ་དང་ཕྲ་བ་དོན་དམ་དུ་འདོད། དེ་ཡང་བལྟོས་བཞག་ཡིན་པའི་ཕྱིར། རིམ་པ་བཞིན་ཐེག་པ་འོག་མ་རྣམས་ཀྱི་དོན་མཐར་ཐུག་ཏུ་བཞག་པའི་གྲུབ་མཐའ་དེ། གོང་མ་རྣམས་ཀྱི་རིག་པས་ཕྱིས་ནས་དེ་ལས་ཕྲ་བའི་དོན་དམ་གཞན་ཡོད་པར་འདོད་པའོ། །དབུ་མ་པའི་གྲུབ་མཐའ་ནི། གཏན་
ཚིགས་ཆེན་པོ་ལྔས་ཆོས་ཐམས་ཅད་སྐྱེ་མེད་དུ་གཏན་ལ་འབེབས་པའི་ཚུལ་ལ། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེར་རྣོན་པོ་མ་ནི། སྙེ་མ་རང་ལས་སྐྱེ་བ་མ་ཡིན་པ་སོགས་མུ་བཞི། འབྲས་བུ་ལ་དཔྱད་པ་ཡོད་མེད་སྐྱེ་བྲལ་ནི་ས་བོན་འབྲས་བུ་ཡོད་ནས་སྐྱེ་བ་མ་ཡིན་པ་སོགས་དང་། གཉིས་ཀ་ལ་དཔྱད་པ་མུ་བཞི་སྐྱེ་འགོག་ནི། རྒྱུ་གཅིག་ལས་འབྲས་བུ་དུ་མ་སྐྱེ་བ་མ་ཡིན་པ་སོགས་མུ་བཞི། ངོ་བོ་ལ་དཔྱོད་པ། གཅིག་དང་དུ་བྲལ་ནི། གཞི་གྲུབ་ན་གཅིག་དུ་གང་རུང་ཡིན་པས་ཁྱབ་ཅིང་དེ་རིགས་ལ་མེད་པར་གྲུབ་པའོ། །རྟེན་འབྲེལ་ཆེན་པོའི་གཏན་ཚིགས་ནི། རྒྱུ་རྐྱེན་གཞན་ལ་བརྟེན་ནས་བྱུང་བའི་ཕྱིར་རང་གི་ངོ་བོས་མ་སྐྱེས་པའོ། །མདོར་ན་ཕྱི་ནང་གཉིས་གང་ཟག་གི་བདག་ཡོད་མེད་ལ་རྩོད། བྱེ་མདོ་གཉིས་བཞི་གསུམ་བདེན་གྲུབ་ཡིན་མིན་ལ་རྩོད། ཐེག་པ་ཆེ་ཆུང་གཉིས་ཕྱི་དོན་བདེན་གྲུབ་ཡིན་མིན་ལ་རྩོད། དབུ་སེམས་གཉིས་ཡོངས་གྲུབ་བདེན་གྲུབ་ཡིན་མིན་ལ་རྩོད། དེས་ན་ནང་བ་སངས་རྒྱས་པ་ལ་གང་ཟག་གི་བདག་མེད་མི་འདོད་པ་མེད། ཐེག་ཆེན་པ་ཆོས་ཀྱི་བདག་མེད་མི་འདོད་པ་མེད། དབུ་མ་པ་སྤྲོས་བྲལ་མི་འདོད་པ་མེད་དོ། །ཁྱད་པར་ཤེས་རབ་ཀྱི་བསླབ་པའི་སྐབས་སུ། ཡུལ་མེད་པ་རིག་པས་མ་རྙེད་ན་འཛིན་པ་གཞིག་མི་ནུས་ཏེ། དཔེར་ན་ལ་རྒྱབ་ལ་རྐུན་མ་མེད་སྙམ་པས་ད་གཟོད་འཕྲད་ཡོང་དུས་བེད་མེད་པ་
བཞིན་ནོ། །དེས་ན་ལེགས་པར་རྩད་བཅད་ནས་མེད་པར་ཤེས་དགོས་སོ། །གང་ཟག་གི་བདག་མེད་ནི། ངའོ་སྙམ་པའི་བདག་འཛིན་དང་། དེས་ན་མུ་སྟེགས་བྱེད་ཀྱིས་གསར་དུ་བཏགས་པའི་ལོག་ རྟོག་བསམ་གྱིས་མི་ཁྱབ་པ་དང་བཅས་པ་སྟེ་དེ་ནི་ཕུང་པོ་ལྔ་སོགས་གང་ལ་འབད་པས་བཙལ་ཀྱང་བཙལ་མཁན་ལས་ལོགས་སུ་མ་རྙེད། བཙལ་མཁན་གྱི་སེམས་ཁོ་རང་ཡང་དུས་ཀྱི་ཆ་སྐད་ཅིག་མར་ཡལ་བས་ང་མ་རྙེད། ལང་ཡང་ཕུང་པོ་ལྔ་ཚོགས་སྟེང་དུ་ང་ཞེས་མཚན་ཉིད་ཆད་པའི་ཀུན་བཏགས་མིང་ཙམ་ལས་སྒེར་ན་གྲུབ་པའི་ང་མེད་པར་ལ་བཟླའོ། །ཆོས་ཀྱི་བདག་མེད་ནི། རྡུལ་གཅིག་ལ་ཕྱོགས་བཞིའི་རྡུལ་བཀོད། ཡང་དབུས་རྡུལ་དུ་བསིལ་ན་ཆ་མེད་དང་། རྣམ་རྟོག་སྔ་ཕྱི་སྐད་ཅིག་མ་དེ་མ་ཕྲད་ན་སྔ་མས་ཅི་བསམ་རྗེས་མས་མི་ཤེས། ཕྲད་ན་རྣམ་རྟོག་བར་མ་ལ་སྔོན་རྗེས་ཆ་གཉིས་ཡོད་པར་ཐལ། དེ་ཡང་བར་མ་བསིལ་ན་སྐད་ཅིག་ཆ་མེད་པ་ལྟར། ཆོས་བདག་མེད་པས་སྟོང་ངོ་། །དེས་ན་ཤུལ་དུ་ཆོས་སྣང་བ་སོ་སོའི་ལས་ཀྱི་དབང་གི་རྟེན་ནོ། །ཆོས་ནི་ཀུན་རྫོབ་གཟུང་འཛིན་གྱི་སྣང་བ་དང་། དེའི་སྟེང་ན་བདག་མེད་པ་ནི་ཆོས་ཉིད་དོན་དམ་པའོ། །ཀུན་གཞིའི་རྒྱུན་ཡོད་པར་བག་ཆགས་བཞག་པས་དེ་ལས་ཚོགས་དྲུག་དང་། སེམས་སེམས་བྱུང་སོགས་སྐྱེས་པས་ན་སྣང་བ་སེམས་སུ་ངེས་པའོ། །མཉམ་གཞག་
སྟེང་ན་རྣམ་རྟོག་རྩད་བཅད་བཞིན་བདག་མེད་དུ་བསིལ། དེ་ཡང་སྟོང་པར་སྟོང་བཞིན་ཤེས་ཙམ་དྲན་ནས་བཞག་པ་ནི་སེམས་སྟོང་པར་ངེས་པའོ། །དེ་ཡང་བློ་འདས་སྤྲོས་བྲལ་དུ་ཤེས་པ་ནི་སྟོང་པ་རིག་པར་ངེས་པའོ། །མན་ངག་གི་དབང་དུ་ན་སེམས་གནས་བཞིན་དུ་མ་འགགས་པའི་ངང་ནས་ཅི་ཡང་ཤེས་པ་དང་གོ་བ་སོགས་ལྷག་མཐོང་ངོ་མ་དང་། ཤེས་བཞིན་པའི་གསལ་ཆའི་ངང་དུ་ལྷམ་མེར་གནས་སེམས་གནས་ཀྱང་ཟེར། པ་ནི་ཞི་གནས་སོ། །ལམ་བསླབ་པ་གསུམ་གྱི་ཚུལ་ཁྲིམས་ནི་སོ་བྱང་སྔགས་ཀྱི་འདུལ་བ་ལས་ཇི་ལྟར་བཅས་པ་བཞིན་མི་འདའ་བའོ། །ཏིང་ངེ་འཛིན་གྱི་ཞི་གནས་ཏེ། དེ་ལ་སེམས་ཀྱི་འཇོག་ཚུལ་དགུ་ནི། འཇོག་དང་རྒྱུན་འཇོག་སླན་ཏེ་འཇོག །དྲན་པས་ཡེངས་མི་འཇུག་པ་རྟ་ཁ་བསྐོར་བ་ལྟ་བུ། ཉེར་ཡེངས་སོང་བ་བསྡུབ། འཇོག་དུལ་ཕན་ཡོན་དྲན་པས་སྤྲོ་བ། དང་ཞི་བྱིང་རྒོད། བར་བྱེད། །རྣམ་དུག་ལྔའི་རྟོག་པ་གཞན། པར་ཞི་བྱེད་རྩེ་རྩོལ་བས་སྒྲིམ་བཞིན་པ། གཅིག་བྱེད། །མཉམ་བསྒྲིམས་ནས་ལྷོད་པའོ། །པར་འཇོག་པ་རྣམ་དགུའོ། །ཞེས་སོ། ༈ །དེའི་མི་མཐུན་ཕྱོགས་ཉེས་པ་ལྔ་ནི། སྐྱིད་ལུག་དང་བྱ་བ་ངན་ཞེན་ལེ་ལོ་དམིགས་རྟེན་གདམས་ངག་བརྗེད་པ་དང་། །འཛིན་སྟངས་ལྷོད་པ་བྱིང་རྒོད་འདོད་པའི་ཆང་རྒོད་པ་འདུ་མི་བྱེད་མི་བསྒྲིམ་པ། པ་དང་། ཧ་ཅང་བསྒྲིམ་ཆེས་པའོ། །འདུ་བྱེད་རྣམ་པ་ལྔ། ཞེས་སོ། །དེ་སྤོང་བའི་འདུ་བྱེད་བརྒྱད་ནི། ཏིང་འཛིན་ལ་དད་འདུན་
མོས་པ། རྩོལ་དང་ཤིན་དགའ་བ་སྐྱེ་བ། སྦྱངས་དང་། །མ་བརྗེད་པ། དྲན་ཤེས་གཡང་སར་འཛེམ་པ་ལྟ་བུ། སེམས་དང་བཏང་སྙོམས་རྩོལ་བ་དོར་བ། སོ། ཞེས་སོ། །ཤེས་རབ་ཀྱི་བསླབ་པ་ནི་ཆོས་ཐམས་ཅད་རྟེན་འབྲེལ་ཙམ་དུ་ཤེས་པའོ། །དེ་ལ་རྟེན་འབྲེལ་ནི་བཅུ་གཉིས་ཏེ། མ་རིག་པ་ཀུན་ཏུ་རྨོངས་པ། འདུ་བྱེད་སྒོ་གསུམ་གྱི་གསུམ། རྣམ་ཤེས་ཚོགས་དྲུག་གམ་བརྒྱད། ཚོར་བ་བདེ་སྡུག་བར་གསུམ། སྲིད་པ་འདོད་གཟུགས་གཟུགས་མེད་ཀྱི་གསུམ། ལེན་པ་བཞི་སྟེ། འདོད་པ། ལྟ་བ། ཚུལ་ཁྲིམས་དང་བརྟུལ་ཞུགས། བདག་ཏུ་སྨྲ་བ་ཉེ་བར་ལེན་པའོ། །སྲིད་པ་འདོད་གཟུགས་གཟུགས་མེད་གསུམ། སྐྱེ་ མཆེད་བཅུ་གཉིས། སྐྱེ་ལེན་གྱི་རིགས་ཕུང་སོ་སོར་ཐོབ་པ། ཁམས་སོ་སོར་ཐོབ་པ། སྐྱེ་མཆེད་སོ་སོར་ཐོབ་པ། མངོན་པར་གྲུབ་པ་སྲོག་གི་དབང་པོ་རབ་ཏུ་སྐྱེས་པའོ། །རྒ་ཤི། སྒྲ་དཀར། མཉེར་མ། སྐྱི་ཐེར་སོགས་ཤིན་ཏུ་རྙིང་པ་རྣམས་སོ། །འཆི་བ་སྲོག་གི་དབང་པོ་འགགས་པའོ། །མདོར་ན་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པ་ཐམས་ཅད་རྒྱུ་རྐྱེན་ཚོགས་པ་ལས་བྱུང་བ་ཆུ་ཟླ་ལྟ་བུ་དང་། ཆོས་ཉིད་དམ་པའི་བདེན་པ་རྒྱུ་རྐྱེན་སྤྲོས་པ་ལས་གྲོལ་བ་བློ་འདས་ནམ་མཁའ་ལྟ་བུར་ཤེས་པའི་ངང་ནས། ཐ་མལ་གྱི་ཤེས་པ་བཟོ་བཅོས་དང་བྲལ་བའི་ངང་དུ་གཉེན་པོའི་བློ་དང་དྲན་པའི་ཐག་པས་མི་འཆིང་བ་ནི་བདེན་གཉིས་
ཟུང་འཇུག་དབུ་མའི་ལམ་རྨད་དུ་བྱུང་བ་རྟོགས་པར་བྱའོ། །ཞེས་པའང་ཟིན་བྲིས་ལས་བཏུས་སོ། །སརྦ་མངྒ་ལམ།། ༈ །།དབུ་མ་ཐལ་རང་གཉིས་ཀྱི་ཁྱད་པར་བྱ་བ་ཤིན་ཏུ་མང་། རགས་པར། རྩ་ཤེ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ལས་ཀྱང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཅེས་པའི་དོན་འཆད་པ་ན། ཐལ་འགྱུར་བ་རྣམས་ཕྱི་ནང་གི་དངོས་པོ་གང་དག་ཡུལ་དུས་གནས་སྐབས་གང་ནའང་བདག་ལས་སྐྱེ་བ་སོགས་རྣམ་པ་བཞི་ནམ་ཡང་མི་སྲིད་དོ། །ཞེས་པའི་དམ་བཅའ་བཞི་པོ་དེ་ཉིད་བསྟན་ནས། དེའི་ལྡོག་ཕྱོགས་བདག་ལས་སྐྱེ་བ་སོགས་། བློབཞི་ཐལ་འགྱུར་འཕང་པའི་སྒོ་ནས་གཙོ་བོར་བཀག་པས་ཕ་རོལ་པོའི་རྒྱུད་ལ་སྐྱེ་མེད་རྟོགས་པའི་བློ་སྐྱེ་བ་ཡོད་པས། ཕ་རོལ་པའི་རྒྱུད་སྐྱེ་མེད་རྟོགས་པའི་ཚད་མ་སྐྱེ་བར་བྱེད་པ་ལ་ཐལ་འགྱུར་ལས་ལོགས་སུ་རང་རྒྱུད་ཀྱི་རྟགས་འགོད་མི་དགོས་པར་བཞེད། རང་རྒྱུད་པས། དངོས་པོ་རྣམས་བདག་ལས་སྐྱེ་བ་སོགས་ལོག་རྟོག་རྣམ་བཞི་ཐོག་མར་ཐལ་འགྱུར་གྱིས་བཀག་ནས། དེ་རྗེས་དངོས་པོ་སྐྱེ་མེད་དུ་སྒྲུབ་པའི་རྟགས་ངེས་པར་འགོད་དགོས་པར་བཞེད་དོ། །འདི་ནི་དབྱེ་བའི་གཙོ་བོ་དང་། གཞན་ཡང་ཐལ་འགྱུར་བས་ཐ་སྙད་དུའང་གཞན་སྐྱེ་ཁས་མི་ལེན་ཏེ། ཐ་སྙད་དུ་ས་བོན་ལས་མྱུ་གུ་སྐྱེ་ཡང་། ས་བོན་ལས་མྱུ་
གུ་གཞན་མིན་པར་བཞེད་པའི་ཕྱིར་དང་། ས་བོན་གྱི་དུས་སུ་མྱུ་གུ་མ་སྐྱེས། མྱུ་གུའི་དུས་སུ་ས་བོན་འགགས་ནས་མེད་པར་བཞེད་པའི་ཕྱིར་རོ། །རང་རྒྱུད་པས་ཐ་སྙད་དུ་གཞན་སྐྱེ་ཁས་ལེན་ཏེ། ས་བོན་ལས་མྱུ་གུ་སྐྱེ་ཞིང་། ས་བོན་ལས་མྱུ་གུ་གཞན་ཡིན་པར་བཞེད་པའི་ཕྱིར་རོ། །ཡང་། ཐལ་འགྱུར་བས་འདུ་བྱེད་ཐམས་ཅད་བསླུ་ཆོས་ཡིན་པས་ཚད་མའང་བསླ་ཆོས་སུ་བཞེད། རང་རྒྱུད་པས་དེ་ལྟར་མི་འདོད། གྲངས་ངེས་ཀྱང་རང་རྒྱུད་པས་མངོན་རྗེས་གཉིས་ཙམ་དང་། ཐལ་འགྱུར་བས་དེ་སྟེང་དཔེ་ཉེར་འཇལ་དང་། ལུང་ཚད་མ་སྟེ་བཞིར་འདོད། ཐལ་འགྱུར་བས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་འདོད་པ་དང་། མཉམ་གཞག་སྣང་མེད་དུ་འདོད་པ་དང་། སངས་རྒྱས་ཀྱི་སར་སེམས་སེམས་བྱུང་གི་ཟླས་ཕྱེ་བའི་སེམས་བྱུང་མེད་པར་འདོད་པ་དག་རང་རྒྱུད་པས་དེ་ལྟར་མི་འདོད་པ་སོགས་མཐའ་ཀླས་སོ། ༈ །མདོ་སྡེ་པའི་སྐབས་ཀྱི་རང་མཚན་ནི་དོན་བྱེད་ནུས་པའི་དངོས་པོའམ་མི་རྟག་པ་དང་དོན་གཅིག་སྟེ། དོན་དུ་རྒྱུ་རྐྱེན་གྱི་འདུས་བྱས་ཐམས་ཅད་ལ་ཟེར། མཚན་གཞི་ཀ་བུམ་སོགས། སྤྱི་མཚན་ནི་དོན་བྱེད་མི་ནུས་པའི་ཆོས་མི་རྟག་པ་དང་དོན་གཅིག་སྟེ། རྒྱུ་རྐྱེན་ལས་མ་བྱུང་བའི་འདུས་མ་བྱས་ཐམས་ཅད་ལ་ཟེར་མཚན་གཞི་ནི་ནམ་མཁའ་སོགས་སོ།། ༈ །།ཀུན་མཁྱེན་བསོད་ནམས་སེང་
གེའི་དྲིས་ལན་ལས་ཁོལ་བཏུས་བཞུགས་སོ། །བླ་མ་ལ་ཕྱག་འཚལ་ལོ། །རང་རྒྱལ་གྱི་གྲུབ་མཐའ་དབུ་མ་པར་སྡུད་པར་རྗེ་བཙུན་རྩེ་མོས་གསུངས། དེ་ལྟར་ན་བླ་མེད་ཀྱི་བསྐྱེད་ཆོག་དང་སྦྱར་དགོས་པར་འགྱུར་རམ་སྙམ་ན། དེའི་དོན། སྤྱིར་སངས་རྒྱས་པའི་གྲུབ་མཐའ་ལ་བརྗོད་དུ་མེད་པའི་གང་ཟག་གི་བདག་ཁས་ལེན་པ་སོགས་བཞི་ལ་རིམ་བཞིན་སྦྱར་བ་ལས། གྲུབ་མཐའ་བཞི་པོ་དེ་ལས་གང་བཤད་པའི་རྣམ་གཞག་ཐམས་ཅད་དང་སྦྱར་བ་མ་ཡིན་ཏེ། དཔེར་ན་མཛོད་ལས་གསུངས་པའི་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་རྣམ་གཞག་ཐམས་ཅད་སྤྱོད་རྒྱུད་དང་ཇི་ལྟར་འགྲིག ༈ །དཔུང་སྐུད་གཙོ་བོར་ཁམས་དཀར་དམར་གྱི་བར་ཆད་སྲུང་བྱེད་དུ་བཤད། ༈ །གསུང་ངག་གི་ཕོ་བྲང་ལྔའམ་དྲུག་ཅེས་པའི་ལྔ་ནི་རིགས་དྲུག་ལ་སྤྱི་ཁྱབ་ཏུ་གཏོང་བའམ། དྲུག་ནི་སོ་སོར་བྱེ་བའི་ཁྱད་དང་། དེའི་ཚེ་སྤྱི་བོའི་ཕོ་བྲང་རྣམ་སྣང་དང་། སྤྱི་གཙུག་གི་ཕོ་བྲང་རྡོར་སེམས་སུ་གསུངས་སོ། ༈ །བདེ་མཆོག་ལ། རྒྱུད་རྒྱས་པ་བློཀ་སུམ་འབུམ། འབྲིང་བློཀ་ཉིས་འབུམ། བསྡུས་པ་ཆིག་འབུམ་དང་གསུམ་ཡོད་པ་ལས་ཕྱི་མ་དང་། རྒྱུད་རྒྱས་པ་འབུམ་ཕྲག་གསུམ་པ་དང་། བསྡུས་པ་ད་ལྟའི་བདེ་མཆོག་ཉུང་ངུ་ཡིན་ཞེས་པ་གཉིས་ལས་རང་ལུགས་ཕྱི་མ་འདོད། ༈ །ཀྱེ་རྡོར་གཙོ་ཆེའི་ཆོས་སྣ་སོ་དགུའི་གྲངས། མུས་ཆེན་པས། །འགྲེལ་བ་ཀུ་མུ་ཏི། དཀྱིལ་
ཆོག་བཟང་པོ་ཡོངས་བཟུང་། སྒྲུབ་ཐབས་ཡན་ལག་དྲུག་པ། བདག་མེད་མའི་སྒྲུབ་ཐབས། རྡོ་རྗེ་གུར་གྱི་སྒྲུབ་ཐབས། གཏུམ་མོའི་འགྲེལ་ཆུང་། སྦྱིན་སྲེག །ཕྱག་མཚན་གྱི་དག་པ། གཏོར་མ། སྔགས་དོན་གཅིག །ཡང་སྔགས་དོན་གཅིག །བདུད་རྩི་འོད། ལྷན་ཅིག་སྐྱེས་གྲུབ། ལམ་གྱི་ཡན་ལག་ལ་དེ་ཉིད་བཅུ་པ། ཚོགས་ཀྱི་འཁོར་ལོ། དྲན་པ་གཅིག་པ། དཔའ་མོ་གཅིག་པ། ཡང་དཔའ་མོ་གཅིག་པ། རིན་ཆེན་འབར་བ། མན་ངག་གི་རོ་སྲེག་སྟེ། དེ་རྣམས་ཌོམྦྷིའི་སྐོར་འགྲེལ་པ་པདྨ་ཅན། དཀྱིལ་ཆོག་ནས་གླིང་མ། སྒྲུབ་ཐབས་མཚོ་སྐྱེས། ཚོགས་འཁོར་དམ་ཚིག་ལྔ་པ། བསྟོད་པ། དེ་རྣམས་པདྨའི་སྐོར། འགྲེལ་པ་རྣལ་འབྱོར་རིན་པོ་ཆེ་སྦྱོར་བའི་ཕྲེང་བ། དཀྱིལ་འཁོར་གྱི་ཆོ་ག་གཞུང་འགྲེལ། སྒྲུབ་ཐབས་དེ་ཉིད་གསལ་བ། ཕྱག་བཅུ་དྲུག་པ་དཔའ་གཅིག །ཕྱག་གཉིས་པ་དཔའ་གཅིག ། ལམ་གྱི་ཡན་ལག་རབ་ཏུ་གནས་ཚུལ་ཟབ་མོ། སྦྱིན་སྲེག །རོ་སྲེག །ཚོགས་འཁོར། བསྟོད་པ། བདག་མེད་མའི་སྒྲུབ་ཐབས་ཆེ་ཆུང་གཉིས། རྫོགས་རིམ་གྱི་གཞུང་། དེ་རྣམས་ནག་ཆུང་གིས་འགོས་ལུགས་པ་ལ་བརྒྱུད་པའོ། །ཞེས་པ་རྣམས་ལ་སོ་བརྒྱད་དང་། གཅིག་མ་ཚང་བ་ཌོམྦྷིའི་ཚོགས་ཀྱི་འཁོར་ལོའི་བསླབ་བྱ་བསྒྲགས་པ་ཞེས་ཟུར་ན་ཡོད་པ་དེ་ཡིན་ནམ་སྙམ། ཡང་ཁོ་བོའི་རྟོག་པར། ཀྱེ་རྡོར་རྣམ་བཤད་ཀྱི་
དགོངས་པ་འགྲེལ་བ་ལུགས་ཀྱི་ཆོས་སྐོར་མི་ཐུབ་ཟླ་བ་ཡན་ཆད་ཀྱི་གཞུང་༡༤། དམའ་བོ་རྡོ་རྗེའི་རིན་ཆེན་འབར་བ་བསྟན་བཅོས་ཀྱི་ངོས་ནས་གཅིག་ཡིན་ཀྱང་ལེའུ་རེ་རེའི་བརྗོད་བྱའི་ངོས་ནས་གཞུང་གཞན་རྣམས་དང་དོན་མཉམ་དུ་ཡོད་པས་དགུར་བགྲང་འདུག་པ༢༣། མཚོ་སྐྱེས་ལུགས་ལ་བདུན། ནག་པོ་ལུགས་ལ་བཅུ་གཉིས་ཏེ་ཞེ་གཉིས་ཡོད་པ་ལས། ཌོམྦྷིའི་ལྷན་ཅིག་སྐྱེས་གྲུབ། མཚོ་སྐྱེས་ལུགས་ཀྱི་སྒྲུབ་ ཐབས་དང་། མཚོ་སྐྱེས་དང་། མར་མེའི་རྩེ་མོ་ལྟ་བུའི་རྫོགས་རིམ་སྟེ་གསུམ་མོ། །ལམ་སྐོར་དགུ་ནི་ཁྱད་པར་རོ། །ཞེས་པའི་ཁོངས་སུ་གཏོགས་པས་ལྷག་མ་སོ་དགུ་ཡིན་ནམ་སྙམ། ༈ །ལྗོན་ཤིང་དུ་ཀུན་བཏུས་མདོ་སྡེའི་མཚན་གཞིར་འཇོག་པ། དེར་བཤད་པའི་ཕུང་ཁམས་ཀྱི་རྣམ་གཞག་ཕལ་ཆེར་དང་། ཕྱི་དོན། ལམ་ལྔ། ས་བཅུ། སྐུ་གསུམ་སོགས་ཕལ་ཆེར་མདོ་སྡེ་པའི་ལུགས་ཡིན་ཅེས་པའི་དོན་ཡིན་གྱི། དེར་བཤད་ཚད་མདོ་སྡེ་པའི་གྲུབ་མཐར་ཞལ་གྱིས་མི་བཞེས་ཏེ། ཐེག་པ་ཐུན་མོང་གི་སྡོམ་ཞེས་པ་དེ་ཚད་མར་མཛད་འདུག་པའི་ཕྱིར། དེས་ན་ཀུན་གཞི་དང་ཉོན་ཡིད་རང་ལུགས་ལ་ཁས་ལེན་པའི་མདོ་སྡེ་པ་ཡོད་མི་དགོས་སོ། ༈ །སྤྱི་རྣམ་དུ་ཤེས་བྱ་མཁྱེན་ཚུལ་ལ། ཤེས་བྱའི་སྣང་བ་དང་། སངས་རྒྱས་ཀྱི་ཡེ་ཤེས་དང་། གནས་ལུགས་སྟོང་པ་གསུམ་དབྱེར་མེད་མངོན་དུ་གྱུར་པ་ནི་རང་སྣང་གི་ཡེ་ཤེས་ཏེ་ས་བཅུ་
གསུམ་པ་ཁོ་ན་དང་། དེ་མངོན་དུ་མ་གྱུར་པའི་གཞན་སྣང་གི་མཁྱེན་ཚུལ་ཏེ། འདི་རྩེ་མོས། སངས་རྒྱས་ཆུང་ངུ་ཉན་ཐོས། འབྲིང་རང་རྒྱལ། ཆེན་པོ་ཕར་ཕྱིན་གྱི་ས་བཅུ་གཅིག་པའམ་བཅུ་གཉིས་པར་བཤད། ༈ །ཕོ་བྲང་ལྔའི་ལྷ་རྣམས་རྣལ་འབྱོར་པའི་ལུས་ལ་དང་པོ་ནས་གྲུབ་པ་རྡུལ་ཚོན་སོགས་ཀྱིས་མ་བཅོས་པར་བུ་ཚའི་ལུས་གདོད་ནས་གྲུབ་པ་ཙམ་ཉིད་ནས་ལྷའི་ངོ་བོར་གྱུར་པའི་རྩ་ཁམས་གྲུབ་པ་ལ་དགོངས་སོ། ༈ །བྱང་སེམས་ལ་སྲོལ་གཉིས། དང་པོ་དབུ་མ་ལུགས་ནམ་སྙིང་མདོ་དང་། རྩེ་མོ་ལས་རྩ་ལྟུང་བཅུ་བཞི་གསུངས་ཤིང་། དེ་ཉིད་རྟེན་གྱི་སྒོ་ནས་བཅོ་བརྒྱད་དང་། མཚམས་མེད་ལྔ་སོ་སོར་ཕྱེ་ན་ཉེར་གཉིས་སུ་འགྱུར། སྡོམ་པ་ཉི་ཤུ་པར་རྩ་ལྟུང་བཞི་གསུངས། སྤྱིར་རྩ་ལྟུང་དང་གཏོང་རྒྱུ་ཐ་དད་དེ། བསླབ་པ་ཕུལ་པ་སོགས་གཏོང་རྒྱུ་ཡིན་ཡང་རྩ་ལྟུང་མ་ཡིན་པའི་ཕྱིར། ༈ །རྣལ་འབྱོར་རྒྱུད་ལ། སྡོམ་གསུམ་དུ་དེ་ནས་རང་ཉིད་ཐ་མལ་འགྱུར་ཞེས་བཤད་པ་ནི། ཡེ་ཤེས་པ་གཤེགས་ནས་དམ་ཚིག་པ་རྐྱང་པ་ཐ་མལ་པའི་མིང་གིས་བཏགས་པ་ཙམ་སྟེ། གཞན་དུ་སྤྱོད་རྒྱུད་ཡན་ཆད་ལ་མི་རུང་བའི་ཕྱིར་རོ། ༈ ། ཕར་ཕྱིན་ཐེག་པར་བཤད་པའི་ས་བཅུ་གཅིག་དང་། རྡོ་རྗེ་ཐེག་པའི་ས་བཅུ་གསུམ་གཉིས་དོན་གཅིག་པར་བླ་མ་བཞེད། འོན་ཀྱང་དེ་ཕར་ཕྱིན་རང་ལམ་གྱིས་ཐོབ་པར་འདོད་ཀྱང་། བླ་མེད་ལུགས་ལ་ཐོབ་
པར་མི་འདོད། རྒྱ་གར་དུ་ནཱ་རོ་པས་དོན་དམ་པ་དང་༡༡། བིརཱུ་པ་སོགས་དོན་ལ་༡༣འདོད་པའི་ལུགས་གཉིས་ཡོད། ༈ །ལྗོན་ཤིང་ལས་ལོག་རྟོག་དགག་པའི་སྐབས། ཕྱོགས་སྔའི་གཙོ་བོ་ནི། རྔོག་གཞུང་པ་ཡིན་ལ། གཞན་ཕྱག་རྒྱ་བ་རབ་ཏུ་མང་པོ་དག་གོ །དབང་བསྐུར་ངན་པའི་ལུགས་ནི། བྱིན་རླབས་སྨིན་བྱེད་དུ་འདོད་པ་དང་། གཡུང་དྲུང་རིས་དང་། ནས་འདྲ་རིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བར་འདོད་པ་དང་། ཆོ་ག་མེད་བཞིན་བླ་མའི་ལུས་ལས་དབང་བཞི་ལེན་པར་འདོད་པ་རྣམས་སོ། །ཡང་དག་དབང་བསྐུར་མ་ཡིན་པའི་ལུགས་ནི། མོས་པ་ཆོས་སྒོར་འདོད་པ་དང་། དབང་བསྐུར་མུ་བཞིར་འདོད་པ་རྣམས་ཀྱང་ཡིན་མོད། འདིར་ནི་གོ་རིམ་ལ་ལོག་རྟོག་འདོད་པ་ཞིག་དགོས་ཏེ། རླུང་ལ་དབང་མ་ཐོབ་བཞིན་དུ་གྲོལ་ལམ་ལ་བརྟེན་པ་དབང་བསྐུར་མ་ཡིན་པས། དངོས་དབང་བསྐུར་དགོས་ཞེས་སྨྲ་བ་ཞིག་ལ་འཇོག་པར་སྣང་སྟེ། དབང་པོ་གཉིས་སྦྱོར་སོགས་སོ།། ༈ །།སྤྱི་རྣམ་དུ་གྲུབ་མཐའ་བཞི་དང་བསྟུན་པའི་བསྐྱེད་ཆོག་གསུངས་པ་ཡོངས་གྲགས་ལྟར་མ་ཡིན་ཏེ། དེ་ཡང་རིམ་པར་སོ་སོའི་མཚན་གཞི། ཉན་ཐོས་དམན་པ་གནས་མ་བུ་དང་། འབྲིང་ཉི་འོག་པ་གཉིས། ཉན་ཐོས་མཆོག་ཁ་ཆེ་བ་དང་། མདོ་སྡེ་པ་གཉིས། འཕགས་པ་རང་སངས་རྒྱས། དབུ་སེམས་གཉིས་ཏེ་བཞི་ཡིན་ལ། མཚན་ཉིད་ཀྱང་བརྗོད་
དུ་མེད་པའི་བདག་འདོད་པ་སོགས་བཞིའོ། །རང་རྒྱལ་དབུ་མར་བསྡུ་བ་ནི། དབུ་མའི་ལྟ་བ་ཁས་བླངས་ན་གྲུབ་མཐའ་གསུམ་ཆར་དེའི་ནང་དུ་སྡུད་དགོས་པའི་ཕྱིར་རོ། །དེས་གཞན་ལའང་འགྲེ།། ༈ །།ནམ་མཁའ་དང་འགོག་པ་གཉིས་མ་གཏོགས་པའི་ཆོས་ཁམས་ཀྱི་ཕྱོགས་རེ་ཞེས་པ་ནི། དགེ་མི་དགེ་ལུང་མ་བསྟན་གྱི་དེ་བཞིན་ཉིད་གསུམ་དང་། མི་གཡོ་བ་དང་། འདུ་ཤེས་དང་། ཚོར་བ་འགོག་པ་རྣམས་དེ་ཡིན་པའི་ཕྱིར། ༈ །བདེན་གཉིས་ཟུང་འཇུག་ཇི་ལྟ་བ་སངས་རྒྱས་ཀྱིས་ཐུགས་སུ་ཆུད་ནས་དེ་གཞན་ལ་འདོམས་པ་ལ་བསླུ་མི་བསླུ་བ་ལས་བདེན་གཉིས་ཐ་སྙད་ཙམ་དུ་འཇོག་པར་མཛད་དོ། ༈ ། མཁའ་འགྲོ་རྒྱ་མཚོར། ཇི་ལྟར་བསྐལ་བཟང་རྒྱལ་བ་ནི། །བཞི་ཡིས་དམན་པའི་སྟོང་ཕྲག་གཅིག །ཅེས་སོ། ༈ །འབྲོག་མི་ལས་སེ་སྟོན་ཀུན་རིག་གིས་མན་ངག་ལུགས་ཀྱི་བཤད་པ་གསན་ཏེ། དེ་ཡང་འབྲོག་མིའི་གཞུང་དང་མན་ངག་གཉིས་ཀ་མི་བཤད་པར་དམ་བཅས་པ་ནི་ཌོམྦྷིའི་ཕྱོགས་ལ་དགོངས། དེ་ཡང་འབྲོག་མི་ཡན་བརྒྱུད་པ་གཉིས་དང་། དེ་མན་བརྒྱུད་པ་བཞིའི་བླ་མ་འབྱུང་བ་སྟེ། ཌོམྦི་ལུགས་ཀྱི་བརྒྱུད་འཛིན་རྒྱལ་པོ་དང་། སྙིང་པོ་དང་། སྣང་བའི་མཐའ་ཅན་གསུམ། མན་ངག་ལུགས་ཀྱི་བརྒྱུད་འཛིན་རིག་གི་མཐའ་ཅན་ཏེ་བཞིའོ། །བཞི་ཀའང་བཤད་ཀའི་དབང་དུ་བྱས་པའོ། ༈ །དེ་བཞིན་
གཤེགས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ་ཆོས་སྐུ། དགྲ་བཅོམ་པ་ནི་མཉམ་ཉིད་ཡེ་ཤེས་ཏེ་ལོངས་སྐུ། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སོར་རྟོག་སྟེ་ལོངས་སྐུ། སངས་རྒྱས་ནི་བྱ་བ་ནན་ཏན་ཏེ་སྤྲུལ་སྐུའོ། །སྐུ་གསུམ་པོ་དེའི་ཕྲིན་ལས་ནི། རྒྱུད་ངན་པ་ལས་ཉོན་གྱི་དབང་གིས་འབྲས་བུ་ཁམས་གསུམ་དུ་སོང་བས་ན་ངན་སོང་སྟེ་འཁོར་བ་ཐམས་ཅད་ཡོངས་སུ་སྦྱོང་བ། ཇི་ལྟར་ན་རྒྱུ་ཏིང་ངེ་འཛིན་གྱིས་ལས་ཉོན་དང་། འབྲས་བུ་འོད་ཟེར་གྱིས་སྡུག་བསྔལ་སྦྱོང་བས་ན་གཟི་བརྗིད། ཅེས་བཤད། ༈ །བྱང་ཆུབ་སེམས་དཔའ་ནི་སྙིང་རྗེ་དང་། སེམས་དཔའ་ཆེན་པོ་ནི་སྟོང་ཉིད་དེ་དེ་གཉིས་ཟུང་དུ་འཇུག་པའོ། ༈ ། རབ་དབྱེར་པཎ་ཆེན་གྱི་དོགས་གནས་བརྒྱ་རྩ་བརྒྱད་བཀོད་པ་ཀུན་མཁྱེན་གྱི་གཟིགས་ལམ་དུ་ཕེབས་ཚེ། དོགས་པ་ཞུགས་པའི་དྲི་བ་བཞི་འདུག་ཅིང་། དཔྱོད་ལྡན་དག་གིས་དཔྱོད་དགོས་རྒྱུའང་འགའ་ཞིག་སྣང་ལ། ཕལ་ཆེར་ནི་ཚིག་ལ་འཁྲིས་པ་ཙམ་དུ་འདུག་གསུངས་པའི། དང་པོ་ནི། ལས་ཀུན་མི་དགེ་བ་ཡིན་ན། །ཟག་བཅས་དགེ་བ་གཏི་མུག་གི །ཀུན་སློང་དག་ལས་སྐྱེ་དེ་ཅི། །ཞེས་གསུངས། དེའི་ལན། མི་དགེའི་རྩ་བ་གསུམ་གྱི་ནང་ཚན་དུ་གྱུར་པའི་གཏི་མུག་གིས་ཀུན་ནས་བསླངས་ཏེ་བསྐྱེད་པའི་ལས་ཡིན་ན་མི་དགེ་བ་ཡིན་པས་ཁྱབ་པ་གཞུང་གི་དངོས་བསྟན་ཡིན་ལ། སྤྱིར་གཏི་མུག་གིས་ཀུན་ནས་བསླངས་
པའི་ལས་ཡིན་ན་མི་དགེ་བ་ཡིན་པས་མ་ཁྱབ་བོ། །གཉིས་པ། ཉན་ཐོས་རྣམས་ཀྱིས་རྫོགས་བྱང་དུ། །བསྔོ་བ་བྱེད་ན་འཕགས་པ་ཡིས། །ཉན་ཐོས་ཐེག་པ་དེ་ལ་ནི། །སྤྱོད་པ་ཡོངས་བསྔོ་མ་བཤད་དེ། །ཞེས་གསུངས་པ་དེ་ཅི་ལ་དགོངས། །ཐམས་ཅད་སྒྲོལ་གྱི་སྐྱེས་རབས་ལས། །བསྔོ་བ་བཤད་དེ་ཉན་ཐོས་ཀྱི། །བསྔོ་བ་ཡིན་པར་བཞེད་དམ་ཅི། །ཞེས་སོ། །ལན། མི་དམིགས་པའི་ཤེས་རབ་ཁྱད་པར་ཅན་གྱི་རྩིས་ཟིན་པའི་བསྔོ་བ་སོགས་མ་བཤད་པས་སངས་རྒྱས་ཐོབ་པར་མི་ནུས་པར་འཆད་ཀྱི། གཏན་མེད་བར་འཆད་པ་མ་ཡིན་པས་མི་འགལ། གསུམ་པ། དགེ་སློང་སྡོམ་པ་མ་ཐོབ་པར། ། མཁན་སློབ་བྱས་པས་ཆོག་པ་ཞིག །འདུས་པའི་མདོ་དང་ལུང་དག་ཏུ། །གསལ་བར་བཤད་པ་མ་ཡིན་ནམ། །ལན་ནི། དེ་ལྟ་བུ་གསུངས་སྲིད་ཀྱང་ལག་ཏུ་བླངས་ན་རང་དང་བསྟན་པ་ཀུན་ལ་གནོད་པས་སྤང་བྱའི་འོས་སུ་ཆེ་ཕྱིར་ཕྱག་ལེན་དོགས་ཕྱོགས་ནས་འགགས་བསམས་པ་ལགས། །བཞི་པ། རྡུལ་ཚོན་མིན་པར་སྨིན་བྱེད་ཀྱི། །དབང་བསར་དེང་སང་མི་རུང་ན། །འཁོར་ལོ་སྡོམ་པའི་རས་བྲིས་ཀྱི། །དཀྱིལ་འཁོར་དག་ཏུ་དབང་བསྐུར་ནས། །ཕག་མོའི་བྱིན་རླབས་བྱེད་དེ་ཅི། །ཞེས་པའོ། །ལན། འདི་བིར་ལུགས་གཙོ་ཆེ་བས། དེ་ལ་དབང་གི་མངོན་རྟོགས་བདུན་ལྡན་དགོས་པས་དེ་ལྟར་དུ་བཤད་ཀྱི།
སྤྱིར་ནི་མ་ཁྱབ་སྟེ། གང་དུ་དབང་བསྐུར་བའི་དཀྱིལ་འཁོར་བརྒྱད་དམ་དྲུག་སོགས་སུའང་རས་བྲིས་བསྟན་པའི་ཕྱིར་རོ། །དབང་བསྐུར་དུ་བཞི་པའི་འདོད་ན་སྔགས་སྡོམ་སེམས་རྗེས་འབྲངས་པས་གནོད་པ་ནི། སྤྱི་ཙམ་དུ་དེ་ལྟར་ཡིན་དུ་ཆུག་ཀྱང་དེང་སང་ནི་དེ་འདྲའི་གདུལ་བྱ་ཉུང་ཞིང་མངོན་ཤེས་ཅན་མ་གཏོགས་རྟོགས་པར་དཀའ་བས་ཕྱག་ལེན་དོགས་ཕྱོགས་ནས་འགགས་བསྡམས་པས་བསྟན་པའི་རྒྱུན་མི་འཆོལ་བའི་ཕྱིར་རོ། །ཉེར་ལྔ་གྲངས་ངེས་དགོས་པ་ནི། དབང་གོང་མ་གསུམ་གྱི་དངོས་གཞི་རེ་རེ་ནས་བསྐུར་བ་སོགས་ཀྱིས་མཚན་མོའི་ནང་དེར་མ་ཚར་དོགས་པ་དང་། དེ་ལྟར་མ་ཚར་བར་མི་ཤེས་པར་བཤད་པས་ཡིན། དུས་འཁོར་དུ་གསུངས་པ་ནི་དབང་པོ་རབ་ལ་དགོངས་ཏེ་ཐུན་མོང་དུ་སྦྱོར་མི་རུང་། རུང་ན་ཀྱེ་རྡོར་པ་རྣམས་ཀྱང་སྤྲུལ་པའི་དཀྱིལ་འཁོར་དུ་ཅིའི་ཕྱིར་དབང་མི་བསྐུར། ཕྲེང་བ་སོགས་ཀྱང་རུང་ན་ལེགས་ཀྱང་བསྟན་རྒྱུན་ལ་བསམ་པས་ཕྱག་ལེན་ཅུང་ཟད་ཡང་དུ་སོང་བ་འདྲ། གང་ལྟར་ཡང་ས་པཎ་གྱིས་དུས་འཁོར་དང་ཕྲེང་བའི་དབང་མ་བསྐུར་བས་ཁྱབ་པ་མེད། ལར་དུས་འཁོར་འགྲོས་བླ་མེད་སྤྱི་ལ་སྦྱར་མི་རུང་སྟེ། དེ་སྔགས་ཀྱི་སྲོལ་འབྱེད་ཤིང་རྟ་ཆེན་པོ་གཞན་ཡིན་པས་མི་མཐུན་པ་ཆེས་ཆེར་མང་བའི་ཕྱིར། དེ་ལས་རྒྱུད་སྡེ་འོག་མ་ཉིད་སྦྱར་བར་རྒྱུད་བརྟག་གཉིས་ལས། མང་དུ་རབ་ཏུ་བརྗོད་པས་
ཅི། །ཇི་ལྟར་དེ་ཉིད་འདུས་པ་ཡི། །དཀྱིལ་འཁོར་ཆོ་ག་དེ་བཞིན་བྱ། །ཞེས་དང་། སློབ་དཔོན་ཀང་ཀ་ནས། སློབ་མ་དབང་བསྐུར་ཆོ་ག་ནི། །གང་ནས་གཅིག་གིས་རྫོགས་པ་མིན། །དེ་ཕྱིར་མཁས་པས་ཆོ་ག་ནི། །རྒྱུད་ཀུན་ལས་ནི་བསྡུ་བར་བྱ། །ཞེས་གསུངས་ཀྱི། དུས་འཁོར་གྱིས་རྒྱས་བཀབ་པ་རྒྱུད་དང་གྲུབ་པའི་སློབ་དཔོན་རྣམས་ཀྱིས་མ་བཤད་པའི་ཕྱིར་བོད་ཀྱི་མཁས་པ་རྣམས་ཀྱང་དེ་རྗེས་སུ་འབྲང་བའོ། །ཤུ་བྷཾ།། ༈ །།གསང་བདེའི་སྔགས་བཏུ་སྔར་རྒྱུད་བཤད་ཀྱི་ཁོང་དུ་འབྱུང་བས་ཟུར་དུ་མེད། བདེ་མཆོག་གི་སྔགས་བཏུའི་བརྒྱུད་པ་ལ་དཔྱད་གཞི་ཡོད་གསུངས། དགེ་ལྡན་པའི་མི་འཁྲུགས་བཅུ་གསུམ་མ་བུ་ལུགས་དེ་ཀ་ལ་བྱ་རྒྱུད་ཀྱི་ཆིངས་སྦྱར་བར་བཞེད། གསེར་ཆོས་བཅུ་གསུམ་ཤར་རྩེ་པུ་ཌི་གུ་ཎའོ། ༈ །བླ་ཚེ་ཡར་བ་དགུག་པ་དང་། འབྱུང་བཞིའི་བཅུད་བསྡུ་བ་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཅུད་བསྡུ་བ་སྟེ་གསུམ་ཙམ་གྱིས་རུང་། རྫོགས་རིམ་ལ་རྦ་རླབས་ལ་བརྟེན་ནས་ཚེ་བསྲིང་བ་ལ། རྩ་འཁོར་ལོ་བཞི་གསལ་བཏབ་པས་རྩ། བུམ་ཅན་བསྒོམས་པ་རླུང་། ཐིག་ལེ་སྙོམས་འཇུག་བསྒོམས་པས་ཐིག་ལེ་སྣེ་གསུམ་ཀར་འབྲེལ་བ་འདི་གཙོ་བོར་བྱ། རྗེས་སྙིང་གར་ཆེའི་ཕུར་པ་གདབ་པ་སོགས་ངེས་པར་དགོས་གསུངས། ༈ །མངོན་བྱང་ལ་སྦྱིན་སྲེག་ཡོད། བློས་བསླང་ཆ་ཚད་གངས་
དཀར་བ་ཕྲིན་ལས་རྣམ་རྒྱལ་གྱི་ཡོད། ༈ །དམར་ཁྲིད་ཚེམ་བུ་ལུགས་ཀྱི་ཡིག་ཆ་ཕལ་ཆེར་ལས་འབྱུང་། སྨར་ཁྲིད་ཅེས་ཇོ་ལུགས་ཕལ་ཆེར་ལས་འབྱུང་། སོ་སོར་གོ་བ་རེ་ཡོད་པས་མི་འགལ་གསུངས། ༈ ། གསང་འདུས་རིམ་ལྔའི་ཁྲིད་ཀྱི་སྐབས་སུ། ཐོག་མར་འཕགས་བོད་ཡན་ཆིག་བརྒྱུད་ཅེས་པའི་སྐབས། བུ་སྟོན་རིན་པོ་ཆེས་འཕགས་བོད་ལ་གསན་པའི་ལོ་རྒྱུས་གསུངས། རིན་ཆེན་རྒྱལ་པོས་གསན་ཡུལ་དེས་ལུང་ཁྲིད་མཛད། སྐྱབས་ཡུལ་ནམ་མཁར་སྤྲིན་འཁྲིགས་པ་ལྟར་སེང་ཁྲི་པད་ཟླ་སོགས་ཀྱི་གདན་རྫོགས་སྟེང་བཞུགས་པར་བསྒོམས། མཇུག་ཏུ་སྐྱབས་གསོལ་བསྡུ་བསྟིམ་སོགས་སྤྱི་ལྟར་སྦྱར་ཡང་འགལ་བ་རང་མེད། སེམས་བསྐྱེད་ཀྱི་ཚིག་ཚང་མ་བརྗོད་ཀྱང་རུང་། མ་བདེ་ན། དང་པོ་བརྗོད། འོག་མ་རྣམས་བསམས་ཀྱང་རུང་གསུངས། གཙོ་རྐྱང་གི་མངོན་རྟོགས་སྐད་ཅིག་དྲན་རྫོགས་སུ་བསྐྱེད་པ་དང་། ཆོ་ག་གསུམ་དང་ཡན་ལག་བཞི་རྫོགས་སུ་བྱས་ཀྱང་རུང་། བཟླས་པའང་བྱ་རུང་། བཟླ་བྱ་བཛྲ་དྷི་ཀྲ་ཡིན་གསུངས། བླ་མ་བརྒྱུད་པའི་སྐབས་མངོན་རྟོགས་ལམ་ཙམ་གསུངས། མར་པ་དཀར་ཆག་རང་གི་ཡིན་གསུངས། མཎྜལ་བདག་གཞན་ལུས་ངག་ཡིད་གསུམ་སོགས་ལོ་རྒྱུས་གསུངས། ཇོ་འཚོ་བ་འཕགས་བོད་དེ། ས་ཆའི་མིང་། རྡོར་སེམས་སྒོམ་བཟླས་བུ་སྟོན་རིན་པོ་ཆེའི་ཁྲིད་ཡིག་ལྟར་ལམ་རིམ་ལྔ་ཞེས་
འབྲས་བུ་ཟུང་འཇུག་མ་གཏོགས་པ་ཡིན། ལུས་དབེན་སྐབས་གཟུགས་ཀྱི་དགེ་ལྡན་པས་དགག་པ་མཛད། ལུས་དབེན་སོགས་སོ་སོའི་ལམ་རྫོགས་པའི་དབང་དུ་བྱས་པས་འགལ་བ་མེད། བསྒོམ་བྱ་དམིགས་བསལ་མེད་ཀྱང་དེ་དེར་ཤེས་ཤིང་བལྟ་བ་དེ་ཀ་བསྒོམ་པ་ཡིན། དཔེར་ན་བོང་ང་མཐོང་ནས་དུག་ཏུ་ཤེས་པ་དང་འདྲ། དེའང་སྨན་པ་མཁས་པས་སྨན་གྱི་ནགས་ཚལ་དུ་ཕྱིན་པ་ལྟར་ཅིར་སྣང་སྣང་ཙམ་ནས་ལྟར་ཤེས་པ་ཞིག་དགོས་ཀྱི། ཞལ་ཕྱག་སོགས་ཆེད་དུ་གསལ་བཏབ་ན་བསྐྱེད་རིམ་དུ་འགྲོ་མོད། མཁྱེན་བརྩེའི་ཁྲིད་དུ་དེ་ལྟར་བཤད་པ་བསྐྱེད་རིམ་མཐར་མ་ཕྱིན་པའི་ལས་དང་པོ་པར་དགོངས། མཐིང་ཤུན་ནི་མཐིང་གི་བར་ཤུན་ཡིན། རྡོར་བཟླས་སྐབས། ནང་དུ་འཇུག་པ་ཨོ་ཞེས་པའི་སྒྲ་ལྷང་ངེ་བར་དམིགས་ཀྱི། ཁ་དོག་དང་དབྱིབས་སོགས་སུ་བསྒོམ་ན་བསྐྱེད་རིམ་གྱི་རྡོར་བཟླས་སུ་འགྱུར་ཞེས་གསུངས། འདི་ ཕ་རྒྱུད་ཀྱི་ལུགས་ཡིན། འཇམ་དཔལ་ཞལ་ལུང་དང་གྲོལ་ཐིག་ཏུ་ཡོད་གསུངས། ཧ་འདོན་འདི་ལ་བྱེ་བྲག་པའི་མན་ངག་མང་པོ་ཡོད་ཚུལ་གསུངས། རྟ་རྔ་བརྒྱར་གཤག་ཅེས་ཕྱེད་མར་རྒྱལ་བ་ཡིན་གསུངས། རྒྱུན་གྱི་ཉམས་ལེན་ལ། སྐྱབས་སེམས་རྗེས། རང་ཆོ་ག་གསུམ་མམ་སྐད་ཅིག་དྲན་རྫོགས་གཉིས་གསང་འདུས་སུ་བྱེད། སྤྲོ་ན་བཟླས་བ་བྱས། ཐུགས་ཀའི་འོད་ཀྱིས་སྣོད་བཅུད་སྦྱང་། བླ་མའི་རྣལ་འབྱོར་
ནོར་བུ་ལུགས་བསྒོམས། དེ་ནས་ལུས་དབེན་བསྒོམ། ཉམས་ལེན་གྱི་མཐིལ་རྡོར་བཟླས་བྱ། དེ་ནས་སྒྱུ་ལུས་སོགས་ཤར་སྒོམ་གྱི་རྗེས་བསྔོ་སྨོན་བྱ། ལུས་དབེན་ནི་ལྷ་དེ་དང་དེའི་ངོ་བོར་ཤེས། སྒྱུ་ལུས་ནི་ལྷ་སྐུ་སྣང་སྟོང་སྒྱུ་མར་བསྒོམས་ཏེ་ཁྱད་ཡོད་གསུངས། ༈ །གསང་འདུས་རིམ་ལྔའི་ཁྲིད་ཀྱི་ཟིན་བྲིས་ལོ་ཆེན་བྱང་རྩེས་མཛད་པར། དེ་ལ་འདིར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་འགྲོད་པ་གཅིག་པའི་ ལམ་བདེ་བར་གཤེགས་པའི་གསུང་རབ་མདོ་རྒྱུད་ཟབ་མོ་ཐམས་ཅད་ཀྱི་དགོངས་པ་མཐར་ཐུག་པ། རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་དཔལ་གསང་བ་འདུས་པ་རྩ་བའི་རྒྱུད་ཀྱི་དགོངས་པ། བཤད་རྒྱུད་བཞིའམ་བརྒྱད་ཀྱིས་བཀྲལ་བའི་དོན། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ལ་སོགས་པས་གསལ་བར་མཛད་པ་ཟབ་ལམ་རིམ་པ་ལྔའི་འཁྲིད་ཚུལ་འདི་ཉིད་ནི་གང་བཤད་པར་བྱ་བའི་ཆོས་ཡིན་ལ། དེ་འཆད་པར་བྱེད་པ་ལ། ཐོག་མར་ཆོས་གསན་པའི་ཀུན་སློང་ཕུན་སུམ་ཚོགས་པ་ལྔའི་ཏིང་ངེ་འཛིན་གསལ་བཏབ་ནས་གསན་དགོས་ཏེ། དེའང་གནས་ཁང་འདི་ཉིད་གནས་ཕུན་སུམ་ཚོགས་པ་སྟུག་པོ་བཀོད་པ་ལྟ་བུ་ལོངས་སྐུའི་ཞིང་ཁམས། བདག་འཆད་པ་པོ་སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་དངོས། ཁྱེད་རང་ཉན་པ་པོ་རྣམས་འཁོར་ཕུན་སུམ་ཚོགས་པ་ས་བཅུའི་བྱང་ཆུབ་སེམས་དཔའ་ཤ་སྟག །གང་བཤད་བྱའི་
ཆོས་དེའང་ཐོག་མཐའ་བར་གསུམ་དགེ་བ་རྡོ་རྗེ་ཐེག་པ་ཚེ་གཅིག་གིས་སངས་རྒྱ་བའི་ཐབས་མཆོག་ཏུ་གྱུར་པ། དེ་རྣམས་འཛོམ་པ་འདི་ཉིད་དུས་ཕུན་སུམ་ཚོགས་པ་བསམ་གྱིས་མི་ཁྱབ་པའི་དུས་ཏེ་ རྒྱུད་སྡེ་རིན་པོ་ཆེའི་གླེང་གཞི་ཕུན་སུམ་ཚོགས་པ་ལྔའི་ཏིང་ངེ་འཛིན་གསལ་བཏབ་སྟེ་གསན་འཚལ། དེ་ལ་ཐོག་མར་ཡིད་ཆེས་ཤིང་ཁུངས་བཙུན་པར་བསྟན་པ་ལོ་རྒྱུས་དང་། ལོ་རྒྱུས་དེ་ལྡན་གྱི་གདམས་པ་དངོས་གཉིས། ཕྱི་མ་ཁྲིད་ཅེས་ཁྱད་གཞིར་བྱས་ནས། གང་འཁྲིད་ན་སེམས་པ་ཉིད་རྒྱུ་རྒྱུད། གང་གིས་ཁྲིད་ན་ཐབས་སམ་ལམ་རྒྱུད། དེ་ལའང་སྔོན་དངོས་རྗེས་གསུམ། དང་པོ་ལ། ཐུན་མོང་པ་བཞི། དལ་འབྱོར༔ འཆི་བ༔ འཁོར༔ མྱ་ངན་ལས་འདས་པའི་ཕན་ཡོན་བསམ་པ། ལས་འབྲས་ལ་ཡིད་ཆེས་བསྐྱེད་པ། ལམ་ལོག་པ་ལས་ཁྱད་པར་དུ་བྱ་བ་སྐྱབས་འགྲོ༴ ལམ་དམན༴ བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་དང་། ཐུན་མོང་མ་ཡིན་པ་ལ། བླ་མའི་རྣལ་འབྱོར་བསྒོམ་པ། ཚོགས་རྫོགས་པའི་ཕྱིར་ཕྱག་དང་མཎྜལ། བྱིན་རླབས་འཇུག་པར་བྱེད་པ་མོས་གུས་གསོལ་འདེབས། ཉམས་གྲིབ་དག་པར་བྱེད་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས། དང་པོ་ལ་གཅིག་ལ་བསྒོམ་པ་འདི་ཕྱག་ལེན་གཙོ་བོར་མཛད། འདིའི་བསྟིམ་སྐབས་སྟེང་ནས་བྱོན་པ་ཐམས་ཅད་ཁ་བ་བུ་ཡུག་འཚུབས་པ་ལྟ་བུ་གསུངས། ཐོག་མར་
རང་གི་སུམ་ལྡན་གྱི་བླ་མ་ནས་ཆོས་འབྲེལ་ཐོབ་པ་ཡན་དང་། དེ་ནས་བརྒྱུད་པའི་བླ་མ། ཚེ་རབས་གཞན་དུ་མཇལ་བའི་བླ་མ་སོགས། བསྟོད་པའི་སྐབས། ཁོང་སྟོང་ཁྱོད་ཀྱི་སྐུ་ལ་ནི། །སོགས་དང་རིན་པོ་ ཆེའམ། སའམ། རྡོའམ། ཤིང་ལས་གྲུབ་པའི་མཎྜལ་ཁྲུ་གང་ལས་མི་ཆུང་བའི་དབུས་སུ་ལག་པ་གཡས་པ་མེ་ཏོག་དང་བཅས་པས་རེག་ལ། ཨོཾ་བཛྲ ཞེས་བརྗོད་ཅིང་དབང་ཆེན་གསེར་གྱི་ས་གཞིར་བསམ། དྲི་ཞིམ་པོའི་ཆུས་དབུས་ནས་གཡས་བསྐོར་གྱིས་བྱུག་ལ། དེའི་གསང་སྔགས་པ་རྒྱུན་དུ་བདེ་བའི་བརླན་དང་མ་བྲལ་བར་བྱེད་པའི་བརྡའོ། །མཐའ་སྐོར་དུ་ཞུགས་ཏེ། ཨོཾ་བཛྲ་རེ་ཁེ༔ ཞེས་བརྗོད་པས་ཁོར་ཡུག་གསལ་བཏབ་ཅིང་ལག་པ་མ་བཏེག་པར་མེ་ཏོག་ཅིག་བཞག་གོ །དེ་ནས་ལག་པས་ཚོམ་བུ་བདུན་འགོད་ཅིང་། ངག་ཏུ། རིའི་རྒྱལ་པོ་རི་རབ༔ ཟླ་བ་ཉི་མ་ཞེས་བརྗོད། སེམས་ཀྱིས་དེ་དག་བསྒོམ་པ་སུམ་ཕྲུགས་སུ་བྱས་ཏེ་སོགས་གསུངས། གསོལ་འདེབས་ཚར་ནས། བླ་མའི་ཐུགས་ཀའི་འོད་ཟེར་གྱིས་སྣོད་བཅུད་ལྷ་དང་གཞལ་ཡས་ཁང་དུ་གྱུར། འཕགས་པ་མཆོད། དེ་དག་གི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བདུད་རྩིས་རང་ལ་དབང་བསྐུར་བས་སྒྲིབ་པ་དག །དབང་བསྐུར་བའི་སྣོད་རུང་དུ་གྱུར་པར་བསམས་ལ་དབང་བླང་ཞེས་གསུངས། དབང་བཞིའི་སྐབས། བསྐྱེད་རིམ། སྒྱུ་ལུས། འོད་གསལ་
ཟུང་འཇུག་བསྒོམ་པ་ལ་དབང་། རྡོ་རྗེ་བཞིའི་བག་ཆགས་རྒྱུད་ལ་བཞག་པར་བསམ། ཞེས་གསུངས། རྡོར་སེམས་སྐབས་དམིགས་པས་སྐྱོ་ན་ཀློག་པའི་ཚུལ་དུ་བཟླ། འོན་ཀྱང་ཁྲིད་སྐབས་འདིར་དམིགས་པ་གཙོ། ཐུན་མཇུག་བྱང་སེམས་ཀྱི་ལུས་ཁེངས་པར་བསམ། རྗེས་སུ་འཁོར་གསུམ་ཡང་དག་གི་ངང་དུ་བཞག་གསུངས།། ༈ །།སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པའི་གྲོལ་བའི་ཐིག་ལེའི་འགྲེལ་བ་སློབ་དཔོན་ཆེན་པོ་ཧི་ཏ་པཱ་ད་སྟེ་སྨན་ཞབས་ཀྱིས་མཛད་པར། དགའ་བ་རྣམ་པ་གསུམ་གྱི་ཟུག་རྔུའི་ཉེས་པ་ཐམས་ཅད་དང་བྲལ་ཞིང་། །ཚོགས་གཉིས་དག་པའི་ངོ་བོ་རྟོགས་པས་འཇམ་དཔལ་ཏེ། །ཞེས་སོ། །སློབ་དཔོན་ཤཱཀྱ་བཤེས་གཉེན་གྱིས་ཐམས་ཅད་རང་རིག་རྣམ་པར་དག་པའི་རིམ་པ་ལས། ཇི་ལྟར་བསྟོད་ཅིང་ཕྱག་འཚལ་བ། །གང་ལ་ཕྱག་འཚལ་གང་གིས་འདུད། །ཇི་ལྟར་ཆུ་ལ་ཆུ་ཐིམ་དང་། །ཇི་ལྟར་མར་ལ་མར་ཞུ་བཞིན། །རང་གི་རང་རིག་ཡེ་ཤེས་ཆེ། །ལེགས་པར་མཐོང་བ་དེ་འདིར་ཕྱག །འོན་ཀྱང་ཀུན་མཁྱེན་མ་ཐོབ་པར། །དེ་ནི་ཉེ་བར་མི་དམིགས་ཏེ། །མི་ཤེས་མུན་པས་བསྒྲིབས་པ་ན། །དྲིན་གྱི་སྣང་བ་ཡང་དག་སྐྱེ། །ཞེས་དང་། རྡོ་རྗེ་ཐོད་པ་ལས། ར་ཞེས་བྱ་བ་རྡོ་རྗེར་བཤད། །ཧ་ཞེས་བྱ་བ་པདྨར་བཤད། །སྐྱ་ཞེས་བྱ་བ་ས་བོན་ནོ། །ཞེས་རྡོ་རྗེ་དང་པདྨ་ས་བོན་
གསུམ་ལ་ར་ཧ་སྱ་སྟེ་གསང་བའི་སྒྲར་བཤད་དོ། །ཡང་། དེའི་ཟབ་མོ་ཇི་ལྟ་བུ་ཞེ་ན། རྣམ་པར་རྟོག་པ་ཞེས་པ་ལ་སོགས་པའོ། །ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་ཀུན་དང་བྲལ་བས་བསམ་བརྗོད་ཐམས་ཅད་ལས་ཡང་དག་པར་གདོད་མ་ནས་འདས་པ། ནམ་མཁའ་བཞིན་དུ་དངོས་པོ་ཀུན་སྤངས་པས་དྲི་མ་མེད་པ་དེ་ལས་གསལ་བའི་ཡེ་ཤེས་འབྱུང་སྟེ་སོ་སོ་སྐྱེ་བོ་ལ་སོགས་པས་ཀུན་ཏུ་བརྟག་པ་དང་བྲལ་བས་དེ་ལ་གཏིང་མི་དཔོགས་པའི་ཟབ་མོ་ཞེས་བྱའོ། །གསལ་བ་གང་ཞེ་ན། ཕྱག་རྒྱ་ཆེན་པོ་ལ་སོགས་པའོ། །དེའི་ངང་ལས་བྱུང་བའི་རྟགས་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་གཟུགས་འཆང་བ། སྒྱུ་མ་དང་འཇའ་ཚོན་ལྟ་བུར་གསལ་བ་ཉིད་ནི་མ་སྐྱེས་པའི་སྐུ། རང་དང་འགྲོ་བ་གཞན་གྱི་རྒྱུད་ཀྱི་ཉོན་མོངས་རྣམ་པར་སྦྱོང་བ་དེ་ལ་ནི་ཡང་དག་པར་གསལ་བ་ཞེས་བྱའོ། །དེ་ལྟར་ཟབ་མོ་དང་གསལ་བ་དེ་གཉིས་སུ་མེད་པའི་རང་བཞིན་དངོས་པོ་ཐམས་ཅད་ལ་ཁྱབ་པའི་བདག་ཉིད་འཁོར་བའི་ཆོས་ཀྱིས་རབ་ཏུ་མ་ཟིན་པ་དེ་ལ་ནི་ཆོས་ཀྱི་དབྱིངས་ཞེས་བཤད་དོ། །ཞེས་དང་། ཡང་། ནམ་མཁའ་ནམ་མཁའི་སྤྱོད་ཡུལ་ལོ། །ཞེས་པ་ནི། སེམས་ནམ་མཁའ་ལྟ་བུར་མཉམ་པར་བཞག་པས། རང་བཞིན་ནམ་མཁའ་ལྟ་བུ་མཚན་མ་ཐམས་ཅད་དང་བྲལ་བ་ཉམས་པར་འགྱུར་རོ། །དེ་ཡང་ཇི་ཙམ་གྱིས་རྟོགས་ཤེ་ན། གཉིས་སུ་མེད་པ་འདིའི་དོན་
ཤེས་ཤིང་རྣ་བ་ནས་རྣ་བར་བརྒྱུད་པའི་མན་ངག་ཆེན་པོ་དང་ལྡན་པའི་བླ་མ་དམ་པ་དུས་རྟག་ཏུ་བཀུར་བ་དང་ལྡན་པས་ཨུ་དུམྦ་ར་ལྟར་དུས་འགའ་ཞིག་ནི་སྔོན་དུ་བསོད་ནམས་ཀྱི་ཚོགས་བསྐྱེད་པ་དང་། སྐྱེས་བུ་ཡང་དག་པའི་གཞི་ལ་བརྟེན་པའི་བསོད་ནམས་ཅན་འགའ་ཞིག་གི་རྒྱུད་ལ་མི་བསླུ་བའི་དེ་ཁོ་ན་ཉིད་དུ་སྐད་ཅིག་ལ་སྐྱེ་བར་འགྱུར་རོ། །ཞེས་དང་། འོ་ན་ཐམས་ཅད་དཀྱིལ་འཁོར་དེ་ལྟ་བུ་ཡིན་ན་ཇི་ལྟར་སེམས་ཅན་རྣམས་ཀྱིས་མ་རྟོགས་ཤེ་ན། དེ་འདྲའི་རང་རིག་ཅེས་པ་ལ་སོགས་པའོ། །དེའི་དོན་ནི་འདི་ལྟ་སྟེ། དེ་འདྲ་བའི་རང་རིག་པའི་དཀྱིལ་འཁོར་ནམ་མཁའ་ལྟ་བུ་ལས་ཐོག་མ་མེད་པའི་དུས་ནས་ སྤྲིན་གྱི་ཚུལ་དུ་རྟོག་པ་འབྱུང་སྟེ། དེ་ལས་རླུང་། དེ་ལས་མེ། དེ་ལས་ཆུ། དེ་ལས་ས། དེ་དག་འདུས་པ་ལས་ཕྱིན་ཅི་ལོག་ཏུ་སྣང་བའི་ཕུང་པོ་ལ་སོགས་པ་རབ་ཏུ་བསྒྲུབས་པས་གང་གི་ནམ་མཁའི་དཀྱིལ་ཝེ ལྟ་བུའི་དཀྱིལ་འཁོར་དེ་བསྒྲིབས་པར་གྱུར་པས་མ་རྟོགས་ཞེས་སོ། །འོ་ན་ཇི་ཙམ་གྱིས་རྟོགས་ཤེ་ན། སྐྱེས་བུ་གང་ཞིག་ཅེས་པ་ལ་སོགས་པའོ། །དེ་ཡིས་བྱིན་རླབས་ཞེས་པ་ནི་བུམ་པར་སོགས་པའི་རིམ་པས་ཞེས་སོ། །རིམ་པ་དེ་རྟོགས་ནས་སྔ་མའི་རིམ་པས་བསྒྲུབས་པ་ལ་ཤིན་ཏུ་དཔའ་བར་བྱ་བས་མཐོང་བའི་ཆོས་འདི་ཉིད་ལ་བརྟུལ་ཞུགས་ལ་སོགས་པའི་རིམ་པས་གནས་ན། ཕྱིན་ཅི་ལོག་གི་ཕུང་པོ་ལ་སོགས་པ་
རྣམས་རིམ་གྱིས་ལོག་ནས་ཞེས་པ་ནི་ས་ཆུ་ལ་ཐིམ་པ་དང་། ཆུ་མེ་ལ་ཐིམ་པ་དང་། མེ་རླུང་ལ་ཐིམ་པ་དང་། རླུང་རྣམ་པར་ཤེས་པ་ལ་ཐིམ་པའོ། །རྣམ་པར་ཤེས་པའི་ཡེ་ཤེས་དེ་ཡང་གཉིས་སུ་མེད་པའི་ཡེ་ ཤེས་ལ་ཐིམ་པས་སྤྲོས་བྲལ་དཀྱིལ་འཁོར་འབར་བར་གྱུར། ཞེས་སོ། །དེ་བས་ན་དཀྱིལ་འཁོར་འདི་འབའ་ཞིག་བསྒོམ་པར་བྱའོ། །ཞེས་སོ། །ཡང་དག་པ་དང་མ་དག་པའི་ཆོས་ཐམས་ཅད་ཀྱི་དོན་བྱེད་པས་ན་སྤྲུལ་པའི་སྐུའོ། །མཚན་དང་དཔེ་བྱད་ཀྱི་སྐུ་བརྗོད་དུ་མེད་པ་དང་ལྡན་པས་ན་ལོངས་སྤྱོད་རྫོགས་སྐུའོ། །ཡེ་ཤེས་ཀུན་རྟོག་དང་བྲལ་བ་ཐམས་ཅད་བསྡུས་པའི་ཕྱིར་ན་ཆོས་ཀྱི་སྐུའོ། །སྐུ་དེ་ཡང་ཁམས་གསུམ་ཀུན་ལ་འཇུག་ཅིང་གནས་ཏེ། སྐུའི་དཀྱིལ་འཁོར་སྤྲུལ་པའི་སྐུས་དག་པ་དང་། གསུང་གི་དཀྱིལ་འཁོར་ལོངས་སྤྱོད་རྫོགས་པའི་སྐུས་དག་པ་དང་། ཐུགས་ཀྱི་དཀྱིལ་འཁོར་ཆོས་ཀྱི་སྐུས་དག་པ་སྟེ། དེ་ལྟ་བུའི་སྤྲུལ་པ་དཔག་མེད་ཀྱི་སྤྱིའི་གཟུགས་བདག་པོ་རྡོ་རྗེ་འཆང་བ་སྟེ་ཞེས་བྱའོ། །ཞེས་དང་། དགའ་བའི་སྦྱོར་བ་གཉིས་དང་། དགའ་བ་བར་མའི་སྦྱོར་བ་གཉིས་དང་། དགའ་བྲལ་གྱི་སྦྱོར་བ་གཅིག་དང་། གསུམ་གྱི་སྦྱོར་བ་གཉིས་ཏེ་བདུན་རྟོགས་པའོ། །དེ་རྟོགས་ནས་འཁོར་བ་ཇི་སྲིད་ཡོད་པ་དེ་སྲིད་བར་དུ་རོ་མྱོང་བའི་མཚན་ཉིད་བརྒྱད་བརྟག་པ་དང་སོགས་སོ། །ཞེས་དང་། དེ་ལ་སྔགས་ཀྱི་སྐུ་ཞེས་
པ་ནི་བསྐྱེད་པའི་སྐུ་སྟེ། ཧཱུཾ་ལ་སོགས་པ་ལས་བྱུང་བའི་ཕྱིར་ཏེ་མ་དག་པའོ། །ཡེ་ཤེས་ཀྱི་སྐུ་ཞེས་པ་ནི་རྫོགས་པའི་སྐུ་སྟེ་དག་པའོ། །དེ་ཡང་གཉིས་སུ་མེད་པའི་ཡེ་ཤེས་དང་། ཞེས་པ་ནི་སྒྱུ་མ་ལྟ་བུའི་སྐུ་སྟེ། རྣལ་འབྱོར་པ་གསུམ་པས་རྟོགས་པའི་ཡེ་ཤེས་ཅུང་ཟད་དག་པའི་སྐུའོ། །རྣམ་པར་དག་པའི་སྐུ་ཞེས་པ་དང་གཉིས་སོ། །དེ་ལའང་གཉིས་སོ། །མཚན་ཉིད་ཀྱི་ཚུལ་དུ་གནས་པས་ན་མི་བསླུ་བའི་སྐུ་དང་། དེ་ཇི་བཞིན་ལྡེབ་༥༩བར་ཡོད་པའི་འབྲས་བུའི་སྐུའོ། །དེ་གཉིས་ནི་ཡེ་ནས་ཤིན་ཏུ་དག་པའི་སྐུ་སྟེ་སྦྱོར་བ་བདུན་ནོ། །རྫོགས་པའི་རིམ་པའི་རྫོགས་རིམ་ཀྱང་དེའོ། །ཞེས་བཤད་དོ། །འདི་ཉིད་སློབ་ དཔོན་ཆེན་པོ་ཏི་ཏ་པཱ་དས་མཛད་ཚུལ་དང་། །ཀ་མ་ལ་གུ་རྒྱ་དང་། ཡེ་ཤེས་རྒྱལ་མཚན་གྱི་འགྱུར་རོ།། ༈ །།ལྡེབ་༥༩ནས། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་གའི་འགྲེལ་བར་༡༢༡བར། ཆོས་ནི་ལོ རྣམ་པ་གསུམ་སྟེ། ལུང་དང་། རྟོགས་པ་དང་། ཆོས་ཀྱི་དབྱིངས་སོ། །དེ་ལ་ལུང་གི་གསུང་རབས་ཡན་ལག་དགུའོ། །རྟོགས་པ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་སོགས་པ་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པའོ། །ཆོས་ཀྱི་དབྱིངས་ཀྱང་གང་ཞེ་ན། དེ་བཞིན་ཉིད་དང་ཡང་དག་པའི་མཐའ་དང་དོན་དམ་པའོ། །ཞེས་དང་། ཨོཾ་ཞེས་པ་ནི་གླེང་བསླང་བ་ཉིད་དོ། །ཆོས་ཐམས་ཅད་རང་བཞིན་དང་རྒྱུ་དང་
འབྲས་བུ་བྲལ་བ་ནི། ཤུ་ནྱ་ཏཱ་སྟེ་སྟོང་པ་ཉིད་དོ། །དེའི་ཡེ་ཤེས་ནི་ཤུ་ནྱ་ཏཱ་ཛྙཱ་ན་སྟེ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་རོ་གཅིག་པའི་སེམས་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་བཛྲ་སྟེ་མི་མཐུན་པའི་ཕྱོགས་རྣམས་ཀྱིས་མི་ཤིགས་པའི་ཕྱིར་དང་། དེས་འཇོམས་པའི་ཕྱིར་དང་། འཇིགས་པ་མེད་པའི་ཕྱིར་རྡོ་རྗེ་ཞེས་བྱའོ། །དེ་ཡང་རྣམ་པར་དག་པའི་མཐར་ཐུག་པར་ཕྱིན་པ་ཡིན་པའི་ཕྱིར་དེ་ཉིད་དང་པོར་སྭབྷཱ་ཝ་སྟེ། རང་ཡོད་ཅིང་གནས་པའོ། །དེ་ཡང་དེ་བཞིན་ཉིད་ཀྱི་སྐུས་རང་བཞིན་རྣམ་པར་དག་པའི་སེམས་ནི་གློ་བུར་གྱི་སྒྲིབ་པ་དང་བྲལ་བའི་རང་བཞིན་དུ་གནས་པ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་རང་བཞིན་གྱིས་རྣམ་པར་དག་པ་ཉིད་ཡིན་པས་བདེན་པའི་བདག་ཉིད་ཅན་གྱི་རང་གི་ངོ་བོ་ཨཱཏྨཀོ་སྟེ། དེ་ལྟ་བུ་གང་ཡིན་པ་དེ་ནི་བདག་ཡིན་པས་ཨ་ཧ་སྟེ། དེ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གྱི་༧ བདག་ཉིད་ཅན་ནི་བདག་གོ །དེའི་ཕྱིར་བྱང་ཆུབ་ཀྱི་སེམས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒྲས་རང་གི་མཚན་ཉིད་ལ་ལྷག་པར་མོས་པ་ཡིན་ལ། རྡོ་རྗེའི་སྒྲས་ནི་རང་གི་མཐར་ཐུག་པའི་རྣམ་པར་དག་པའོ། །རང་བཞིན་གྱི་སྒྲས་ནི་མཐར་ཐུག་པའི་རྣམ་པར་དག་པའི་དུས་ཡང་ལྷག་མ་མེད་པའོ། །བདག་ཉིད་ཅན་དང་བདག་གི་སྒྲ་གཉིས་ཀྱིས་ནི་དེ་བདག་ཉིད་ལ་རང་བཞིན་གྱིས་གྲུབ་པ་ཉིད་ཡིན་པ་ཉིད་དུ་ལྷག་པར་མོས་པ་སྟེ། ཇི་
ལྟར་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པ་ཡིན་པ་ལྟར་བྱང་ཆུབ་ཀྱི་སེམས་ཀྱང་དེ་དང་འདྲ་སྟེ། དེ་ཁོ་ན་ཉིད་ལ་དམིགས་པ་ཉིད་ཀྱིས་དེ་གཙོ་ཆེར་དེ་བཞིན་ཉིད་ཀྱི་རང་བཞིན་ཅན་ཡིན་པའི་ཕྱིར་རོ། །ཞེས་བཤད་སྣང་ངོ་། །དགང་གཟར་དང་བླུགས་གཟར་གཉིས་སྐྱེས་བུ་ཚད་དང་ལྡན་པའི་མཐེབ་སོར་ཉི་ཤུ་རྩ་བཞི་ནི་ཁྲུ་སྟེ་འདི་གཉིས་ཀྱི་ཡུ་བ་ནི་ཁྲུ་གང་གི་ཚད་དུ་བྱའོ། །འདི་གཉིས་ཀའི་ཡུ་བའི་འོག་ཏུ་རྡོ་རྗེ་དང་རིན་པོ་ཆེ་སོར་དྲུག་པར་བྱའོ། །དེ་ལྟར་ཡུ་བ་ཁྲུ་གང་རྡོ་རྗེ་དང་རིན་པོ་ཆེ་ནི་འདི་གཉིས་ཐུན་མོང་གི་མཚན་ཉིད་ཡིན་ནོ། །ཁྱད་པར་གྱི་མཚན་ཉིད་ནི་དེའི་སྟེང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རེ་ཞིག་དགང་གཟར་གྱི་ཡུ་བའི་སྟེང་དུ་རྒྱུར་སོར་བཞི་ཞེས་པ་མཆུ་དང་རྒྱར་སོར་བཞི་ཡོད་པ་ཟབས་སུ་སོར་གཉིས་གྲུ་བཞི་པ་སྟེ་ཉིད་ཀྱི་ཆར་ཆུ་དང་རྒྱར་དེ་ཙམ་གྱི་དམའ་བར་བརྐོས་པ་དེ་ཉིད་ཀྱི་པདྨའི་འདབ་ཞེ་བརྐོས་པ་དེ་ཉིད་ཀྱི་ནང་དུ་དང་པོའི་རྡོ་རྗེ་གནས་པའོ། །མཐར་ཞེས་བྱ་བ་ཐམས་ཅད་ཀྱི་སྟེང་དུ་རྡོ་རྗེ་རྩེ་གསུམ་པ་དང་སོར་བཞི་ཡོད་པ། བར་དུ་ཞེས་བྱ་བ་རྩེ་གསུམ་པ་དང་ཟུར་བཞི་པའི་བར་དུ་པདྨའི་དབྱིབས་འདྲ་བ་ཡོད་པ། གཤེར་རྫས་འཛག་པའི་བུ་ག་མཐེ་བོའི་ཚད་ཙམ་མམ། མཐེའུ་ཆུང་གི་ཚད་ཙམ་བལྟ་བར་བྱ་སྟེ། ཡུ་བའི་སྟེང་དུ་འདི་ལྟ་བུ་བྱ་བ་ནི་དགང་
གཟར་ཡིན་ནོ། །བླུགས་གཟར་ཇི་ལྟ་བུ་ཞེ་ན། བླུགས་གཟར་སོར་གཉིས་པདྨའི་དབྱིབས། །ཟབས་སུ་སོར་གཅིག་ནང་རྡོ་རྗེ། །ཞེས་བྱ་བ་སྟེ། རྡོ་རྗེ་རྩེ་ལྔ་པ་གནས་པ་པདྨའི་དབྱིབས་འདྲ་བ་སོར་གཉིས་པའི་ཚད་ཟབས་སུ་སོར་གཅིག་བརྐོས་པའོ། །དེའི་ནང་ན་རྡོ་རྗེ་རྩེ་ལྔ་པ་ཞེས་བྱ་བའི་ཐ་ཚིག་གོ །དགང་གཟར་དང་བླུགས་གཟར་ནི་མཆོད་སྦྱིན་གྱི་ཤིང་ངམ། གསེར་དངུལ་ལ་སོགས་པ་ལས་བྱས་པའོ། །གལ་ཏེ་དེ་གཉིས་མ་རྙེད་ན་སོར་མོ་ལྔ་བརྐྱང་པས་ནི་དགང་བླུགས་དབུལ་ལོ། །ཡང་ན་སོར་མོ་གསུམ་བཅང་བས་དབུལ་ལོ། །ཞེས་སོགས་དང་། བཙའ་བ་ནག་པོར་རི་མེད་པ། མ་ཆུ་འཕྱང་བ། མགྲིན་པ་རིང་བ། ལྟོ་བ་ཆེ་བ། མགྲིན་པ་མེ་ཏོག་གི་ཕྲེང་བ་དང་བཅས་པའི་གོས་བཟང་པོས་དཀྲིས་པ། ཡལ་ག་ལོ་འབྲས་བཟང་པོ་ཡོད་པས་ཁ་བརྒྱན་ལ། ཞེས་དང་། འབྲུ་ལྔ་ནི་ཏིལ་དང་། ནས་སོ་བ་དང་། མ་ཤ་དང་། འབྲས་སོ་བ་དང་། གྲོའོ། །སྨན་ལྔ་ནི། པྲྀ་ཧ་ཏི་དང་། ཀཎྜ་ཀ་རི་དང་། ཤ་ཏ་རཀྵ་དང་། དཎོཏཱ་ལ་དང་། གི་རི་ཀརྞཱི་དཀར་པོའོ། །རིན་ཆེན་ལྔ་ནི། མུ་ཏིག་དང་། གསེར་དང་། དངུལ་དང་། བྱི་རུ་དང་། མུ་མེན་ནོ། །དྲི་བཟང་ཆུ་ནི་སྤོས་ཆུ་ཅུང་ཟད་དོ། །ཞེས་དང་། འདི་རྣམས་ཀྱི་ཚོགས་བསྡུས་པར་གྱུར་པ་གང་ཡིན་པར་མེ་ཏོག་གི་ཕྲེང་བ་བཏགས་པའི་རྡོ་རྗེ་སྟེང་དུ་བཞག་པ། ཞེས་སོགས་བཤད་དོ། །
འདི་སློབ་དཔོན་བློ་ཀ་བཞི་བརྒྱ་ལྔ་བཅུའི་ཊཱི་ཀ་སྟེ། རིན་ཆེན་འབྱུང་གནས་ཞི་པའི་ཞབས་ཀྱིས་མཛད་པ་སྟེ། ནཱིརྱ་བྷ་དྲ་དང་། རིན་བཟང་གིས་བསྒྱུར་རོ། ༈ །ཡན་ལག་བཞི་པའི་སྒྲུབ་ཐབས་ཀུན་ཏུ་བཟང་མོའི་རྣམ་བཤད་སློབ་དཔོན་བི་ཏ་པཱ་དས་མཛད་པར་སྟོང་པ་རང་བཞིན་མེད། སོགས་ཀྱི་ཊི་ཀར། ཆོས་གང་དང་གང་གི་མཚན་ཉིད་ཀྱི་ངོ་བོ་རབ་ཏུ་བསྒྲགས་པ་དེ་ཤིན་ཏུ་མི་རིགས་པའི་ཕྱིར་དེ་དང་བྲལ་བའོ། །ཡང་ན་བྱིས་པས་ཀུན་ཏུ་བརྟག་པར་གཟུང་བ་དང་འཛིན་པ་གཅིག་དང་དུ་མ་ལ་སོགས་པ་དང་བྲལ་བའི་ཕྱིར་དངོས་པོ་ཇི་སྙེད་པ་ཐམས་ཅད་སྟོང་པ་ཉིད་དོ། །རྒྱུ་མེད་ན་ཞེས་པ་ནི་མུ་སྟེགས་ལ་སོགས་པས་བརྟགས་པའི་དབང་ཕྱུག་ལ་སོགས་པ་ཡོད་པ་མ་ཡིན་པའི་ཕྱིར་ཆོས་ཐམས་ཅད་མཚན་མ་མེད་པའོ། །ཐ་སྙད་ཙམ་དུ་སྣང་བའི་རྒྱུ་ནི་བཀག་པ་མ་ཡིན་པའོ། །མཚན་མ་མེད་པ་ནི་དངོས་པོ་མེད་པ་སྟེ་མཚན་ཉིད་དངོས་སོ། །ཞེས་གསུངས་སོ། །རྗེས་སུ་དཔག་པ་ཞེས་བྱ་བ་ནི་རྗེས་སུ་དཔྱད་པ་སྟེ་ལྷ་དང་མི་ལ་སོགས་པའི་འགྲོ་བ་བདེ་བ་ལ་སོགས་པ་ནི་རྣམ་པར་དཔྱད་པ་དང་བྲལ་བའི་ཕྱིར་རྗེས་སུ་དཔག་པ་མེད་པ་སྟེ། དེ་བས་ན་སྨོན་པ་དེས་བྲལ་ལོ། །ཞེས་དང་། ཡང་དེ་ལྟར་ཤེས་ནས་སྙིང་རྗེར་ལྡན་པས། སོགས་ཀྱི་ཐད་དུ། དེ་ལྟར་ཤེས་ནས་ཞེས་པ་ནི་དཀྱིལ་འཁོར་གྱི་འཁོར་ལོ་དེ་སྲིད་པའི་སྡུག་བསྔལ་གྱི་གཉེན་པོ་ཡིན་
ཡང་དེ་ཉིད་ཚུལ་གཞན་ལས་ཁྱད་པར་དུ་གྱུར་བ་ཤེས་ནས། ཞེས་སོ། །རྫོགས་ཆེན་ཡེ་ཤེས་ཞེས་པ་ནི་དཔག་ཏུ་མེད་པའི་ཡེ་ཤེས་གཉིས་སུ་མེད་པ་བླ་མ་ལ་བསྙེན་བཀུར་བ་ལས་བྱུང་བ་རྫོགས་པ་ཆེན་པོའི་ཡེ་ཤེས་སོ། །སྐད་ཅིག་གིས་བསྒྲུབ་ཅེས་པ་ནི་དེ་ལྟ་བུའི་ཡེ་ཤེས་དང་ལྡན། སེམས་ཅན་གྱི་རྒྱུད་དང་ཡང་སྐད་ཅིག་ཅེས་པ་སྟེ། ཚེ་འདི་ཉིད་ལ་སངས་རྒྱས་པའི་བར་དུ་འགྱུར་རོ། །ཞེས་པའི་དོན་ཏོ། །དེ་བས་ན་དཔལ་ཀུན་ཏུ་བཟང་པོ་ཞེས་ཏེ། དཔལ་ལྡན་ནི་ཞིང་ཀུན་གྱི་རང་བཞིན་དུ་གྱུར་བས་ན་ཀུན་ཏུ་བཟང་པོ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ། །གཞིའི་དངོས་པོ་ཞེས་པ་ནི་བཅོམ་ལྡན་འདས་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཡིན་ཅིང་། མྱུར་དུ་དཀའ་བ་མེད་པར་སངས་རྒྱས་པར་འགྱུར་བར་བྱེད་པ་དང་འདུས་བྱས་སྨིན་པར་བྱེད་པའི་ཕྱིར་དང་། རང་བཞིན་གྱི་དོན་ཕུན་སུམ་ཚོགས་མར་བྱེད་པ་གཞིའི་དངོས་པོའོ། །དེ་ཉིད་སྙིང་རྗེ་དང་ལྡན་པ་ཞེས་ཏེ་སེམས་ཅན་སྡུག་བསྔལ་དང་བྲལ་བར་འདོད་པས། རང་གི་སེམས་ཇི་ལྟ་བ་བཞིན་དུ་གནས་པའི་བཅོམ་ལྡན་འདས་དེ་གང་བསྒོམ་པར་མི་བྱེད་ཅེས་ཏེ། གཞན་བསྐལ་པ་གྲངས་མེད་པ་གསུམ་ན་བླ་དང་བཅས་པའི་སངས་རྒྱས་འདོད་པ་རྣམས་ཀྱིས་འདི་ལྟ་བུའི་དཔལ་དང་ལྡན་པའི་ཀུན་ནས་བཀྲ་ཤིས་པའི་ངོ་བོ་འདི་གང་དག་
བསྒོམ་པར་མི་བྱེད་དེ་བསྒོམ་པར་བྱ་བ་ཁོ་ན་ཡིན་ནོ་ཞེས་པའི་དོན་ཏོ། །དེ་བས་ན། དཔལ་ལྡན་སངས་རྒྱས་ཀུན་གྱི་བདག །རྡོ་རྗེ་འཆང་བ་ཀུན་གྱི་གནས། །ཆོས་རྣམས་ཀུན་གྱི་ཆོས་ཉིད་དེ། །སངས་རྒྱས་ཀུན་གྱི་ཐབས་བྱ་ཡིན། །ཞེས་ལེའུ་བཅོ་བརྒྱད་པ་ལས་གསུངས་སོ། །ཞེས་སྣང་ངོ་། ༈ །ཡང་དཀྱིལ་འཁོར་གྱི་སྒྲུབ་པའི་ཐབས་༡༧༩ནས་ཀྱི་རྣམ་བཤད་སློབ་༢༡༩བར་དཔོན་བི་ཏ་པཱ་དས་མཛད་པར། དཀྱིལ་འཁོར་ནི་ཡིད་ཀྱིས་སམ་རྡུལ་ཚོན་གྱིས་སོ། །ཞེས་སོ། ༈ །ཡང་སློབ་དཔོན་རཏྣ་ཀ་རས། གང་རགས་པའི་སྐུའི་དཀྱིལ་འཁོར་ནི་ཡུད་ཙམ་གྱིས་མངོན་དུ་བྱེད་པར་ནུས་ལ། ཕྲ་བ་སའི་སྙིང་པོ་ལ་སོགས་པ་དང་། སྐུ་རྡོ་རྗེ་ལ་སོགས་པ་མངོན་དུ་བྱེད་པར་མི་ནུས་པས། སྔགས་ཀྱི་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་ཡང་ལྡན་པ་དག་ནི་མཐུ་ཐོབ་པས། དེའི་ཡེ་ཤེས་ཅུང་ཟད་ལ་དབང་བ་ཞེས་བྱ་སྟེ། ལེགས་ཟློས་དང་པོའི་ལས་ཅན་ཡིན། ༈ །སློབ་དཔོན་རཏྣ་ཀ་རས་བཞི་བརྒྱ་བའི་འགྲེལ་པ་སྔ་མ་ལས། འདིར་གནས་ཀྱི་དབྱེ་བས་རྣལ་འབྱོར་བ་རྣམས་ནི་རྣམ་པ་བཞི་སྟེ། ལས་དང་པོ་པ་དང་། ཡེ་ཤེས་ལ་ཅུང་ཟད་དབང་བ་དང་། ཡེ་ཤེས་ལ་དབང་ཐོབ་པ་དང་། ཡང་དག་པར་ཡེ་ཤེས་ལ་དབང་བའོ། །འདི་རྣམས་གང་གི་བྱ་བ་གང་ཡིན་པ་དེ་གོ་རིམ་ཇི་ལྟ་བ་བཞིན་དུ་ཚིགས་སུ་བཅད་པ་བཞི་སྟོན་ཏོ། །ལྡང་ཚེ་ནི་གཉིད་
སད་པ་ནའོ། །ལྷ་མོའི་གླུ་ནི་སེམས་ཅན་ཐམས་ཅད་གནས་ཀྱི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པའོ། །ལེགས་ཟློས་དང་པོའི་ལས་ཅན་ཡིན། །ཞེས་བྱ་བ་ནི་ལས་དང་པོ་པས་ཆོ་ག་མ་ལུས་པ་ཡང་དག་པར་ཊྛ བཟླ་བར་བྱ་སྟེ། ཏིང་ངེ་འཛིན་གསུམ་རྒྱ་ཆེར་མངོན་དུ་བྱས་ལ་བཟླས་བརྗོད་བྱའོ། །ཞེས་པའི་དོན་ཏོ། །གང་རགས་པའི་སྐུའི་དཀྱིལ་འཁོར་ནི་ཡུད་ཙམ་གྱིས་མངོན་དུ་བྱེད་པར་ནུས་ལ། ཕྲ་བ་ས་ཡི་སྙིང་པོ་ ལ་སོགས་པ་དང་། སྐུ་རྡོ་རྗེ་ལ་སོགས་པ་མངོན་དུ་བྱེད་པར་མི་ནུས་པས། སྔགས་ཀྱི་ཚུལ་ཁྲིམས་་དང་བརྟུལ་ཞུགས་དང་ཡང་ལྡན་པ་དག་ནི་དེའི་མཐུ་ཐོབ་པས། དེ་ནི་ཡེ་ཤེས་ལ་ཅུང་ཟད་དབང་བ་ཞེས་བྱ་སྟེ། དེ་ནི་ཐུན་མཚམས་ཐམས་ཅད་ལ་ཡུད་ཙམ་གྱིས་དཀྱིལ་འཁོར་མངོན་དུ་བྱས་ལ། དེ་ལ་མིག་ལ་སོགས་པ་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབས་ཏེ། རྗེས་སུ་མཉེས་པར་བྱ་བ་དང་། མཆོད་པ་དང་། བསྟོད་པ་ཚོ་དང་། བདུད་རྩི་མྱང་བ་སྔོན་དུ་འགྲོ་བ་དང་། བག་ཡོད་པས་བཟླས་པ་བྱའོ། །གང་རྣམ་པ་ཐམས་ཅད་དུ་རབ་ཏུ་རྫོགས་པར་སྤྲོ་བ་དང་། སྡུད་པར་བྱེད་པའི་སྦྱོར་བས་དཀྱིལ་འཁོར་ཡུད་ཙམ་གྱིས་མངོན་པར་འདུ་བྱེད་ནུས་པ་དེ་ནི་ཡེ་ཤེས་ལ་དབང་ཐོབ་པ་ཞེས་བྱ་སྟེ། འདི་ཡང་ཡེ་ཤེས་བབས་པ་ཐོབ་པ་ཉིད་ལས་འགྱུར་གྱི། མ་ཐོབ་པ་ལས་ནི་མ་ཡིན་ཏེ། དེ་ཉིད་ཀྱིས་ན་ཅུང་ཟད་ཅེས་སྨོས་པ་ཡིན་ནོ། །རྣལ་འབྱོར་
པ་དེས་ནི་འབྲས་བུའི་མཐར་ཐུག་པར་བགྲོད་པར་བྱ་བའི་ཕྱིར་རྣལ་འབྱོར་དེ་ཉིད་དང་མཚན་དུ་བྱའོ། །རང་གི་དོན་གྱི་མཐར་ཐུག་པར་སོན་པའི་རྣལ་འབྱོར་པ་ནི་ཡེ་ཤེས་ལ་ཡང་དག་པར་དབང་ཐོབ་པ་ཡིན་ལ། དེ་ནི་བསམ་གཏན་ཙམ་གྱིས་འགྲོ་བའི་དོན་བྱེད་པར་འོས་པ་ཡིན་ནོ། །གང་གིས་བྱེད་ཅེ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ཕྲ་རབ་ཀྱི་ནང་དུ་ཆུད་པའི་སྐུ་དང་གསུང་དང་ཐུགས་ཀྱི་དཀྱིལ་འཁོར། གཟུགས་བརྙན་དག་ཉིད་གཟུགས་ཀྱིས་ནི། །ཞེས་སྤྲུལ་པའི་རང་གི་གཟུགས་ཞེས་བྱ་བའི་དོན་ཏོ། །ཞེས་སོགས་དང་། ཀུན་ཏུ་བཟང་པོའི་འགྲེལ་བར་ཡང་། དེ་ལྟར་ཏིང་ངེ་འཛིན་གསུམ་ཡན་ལག་དང་བཅས་པ་གོང་མའི་ཆོ་ག་ཉིད་ཀྱིས་བྱ་ཞིང་། ཐུན་མཚམས་གཞན་ལའང་དེ་བཞིན་དུ་བྱའོ་ཞེས་ཏེ། རྩེ་གཅིག་པའི་རྣལ་འབྱོར་པས་སོ། །བྱ་བས་བྲེལ་བའི་རྣལ་འབྱོར་པས་ནི་ཐོ་རངས་དུས་སུ་ཏིང་ངེ་འཛིན་གསུམ་མ་ལུས་པ་བསྒོམས་ནས་དུས་གཞན་ལ་རྗེས་སུ་མཐུན་པའི་གདན་ལ་ལྷའི་ང་རྒྱལ་གྱི་གནས་ཏེ། ཨོ་ཨཱཧཱུྃ་གིས་དཀྱིལ་འཁོར་གྱི་ལྷ་སྤྲོ་བར་བྱས་ཏེ་དབང་བསྐུར་བླངས་ནས་མཆོད་ཅིང་བསྟོད་པ་དང་བདུད་རྩི་མྱོང་བ་ཡང་བྱ་སྟེ་ཐིག་ལེའམ་ཕྲ་མོ་གང་ཡང་རུང་བ་གཅིག་ལ་གནས་ནས་བཟླས་ཏེ་བསྡུ་བ་བྱས་ནས་སྔ་མ་ལྟར་སྤྱད་པར་བྱའོ། །དེ་ལྟར་གཉིས་ཀྱིས་རང་གི་ལས་ཀྱིས་བསྟན་པའི་མཚན་མ་སྔར་
རྙེད་པ་ནི་ལས་དང་པོ་པའི་རྣལ་འབྱོར་རོ། །དེ་ལས་དེ་མ་ཐག་པའི་རྐྱེན་གྱིས་བསྒྱུར་བ་ནི་ཅུང་ཟད་ཡེ་ཤེས་དབང་དུ་གྱུར་པ་སྟེ། དེ་ལྟར་ཐུན་བཞིར་རང་གི་ལྷའི་གཟུགས་དམིགས་པའི་ཕྱིར་མིག་ལ་སོགས་པ་བྱིན་གྱིས་བརླབས་པ་ནས་བརྩམས་ཏེ་ཐིག་ལེ་དང་ཕྲ་མོ་ནི་བརྟན་པའི་ང་རྒྱལ་དང་ལྡན་པས་མི་བྱེད་དེ། གྲུབ་པའི་མཚན་མ་མཐོང་བར་བྱས་པའི་བཟླས་བརྗོད་ཀྱི་ཆོ་ག་བྱས་ནས་བསྡུ་བ་དང་ཡན་ལག་གཞན་#བྱའོ། །དེ་ལས་དེ་མ་ཐག་པའི་རྐྱེན་གྱིས་བསྒྱུར་བ་ནི་ཡེ་ཤེས་ལ་དབང་ཐོབ་པའི་རྣལ་འབྱོར་པ་སྟེ། དེས་དུས་མཚམས་མེད་པར་རང་གི་སེམས་ལ་ཐམས་ཅད་དབྱེར་མེད་པར་རྟོགས་ནས་རྡོ་རྗེའི་བཟླས་པའི་རིམ་པའི་སྤྲོ་བསྡུའི་དཀྱིལ་འཁོར་ལ་སྒྱུ་མ་ལྟ་བུར་གཞན་གྱིས་མཐོང་བའོ། །དེ་ལས་དེ་མ་ཐག་པའི་རྐྱེན་གྱིས་བསྒྱུར་བ་ནི་ཡང་དག་པའི་ཡེ་ཤེས་ལ་དབང་དུ་གྱུར་པ་སྟེ། དེས་སྲིད་པ་ཇི་སྲིད་པ་དེ་སྲིད་ཀྱི་བར་དུ་རོ་མྱང་པའི་མཚན་ཉིད་བརྒྱད་དང་ལྡན་པར་བཞུགས་ཏེ་འགྲོ་བའི་དོན་ཆེན་པོ་བྱེད་པའོ། །དེ་ལྟར་ཏིང་ངེ་འཛིན་གསུམ་ཡན་ལག་དང་པོས་བསྙེན་པའི་ཆོ་ག་ཅི་རིགས་པར་བསྟན་ནས། ད་ནི་བར་མའི་རིམ་གྱིས་དངོས་གྲུབ་བསྒྲུབ་པའི་ཆོ་ག་གསུངས་པ། གྲུབ་པའི་མཚན་མ་ཞེས་པ་ལ་སོགས་པའོ། །དེ་ལ་གྲུབ་པ་ཞེས་པ་ནི་རིག་འཛིན་ལ་སོགས་ཕྱག་རྒྱ་ཆེན་པོའོ། །དེའི་མཚན་མ་ནི་རྟགས་རྙེད་པ་སྟེ། བཀྲ་ཤིས་
པའི་ལྷའི་རྨི་ལམ་དང་། ལྷའི་ལུང་དང་དབབ་པ་དང་ཐ་མལ་པ་ཐམས་ཅད་དོ། །དེ་མཐོང་བ་ནི་གཟུགས་བརྙན་གྱི་མཚན་མའི་བྱ་བ་བྱས་ནས་མཉེས་པས་བཟླས་པ་ལ་གོམས་པས་བར་མའི་དུས་མཐོང་བའོ། །ཞེས་སོ། །དེས་ནི་དེ་ཉིད་གསུམ་གྱི་མཆོད་པ་ཞེས་པ་ནི་འབུམ་པ་ལ་སོགས་པའི་བྱ་བ་བྱས་ནས། གཟུགས་བརྙན་གྱི་དཀྱིལ་འཁོར་བྲིས་ཏེ་བསྒྲུབ་པར་བྱའོ། །ཞེས་སྦྱར་རོ། །ཇི་ལྟ་བུ་ཞིག་གིས་ཞེ་ན། རང་གི་སེམས་གོང་ནས་གསུངས་པའི་དཀྱིལ་འཁོར་འཁོར་ལོ་ལ་གནས་པ་མི་མཐུན་པ་བཅོམ་པ་དེ་ལྟ་བུ་ཞེས་སོ། །འདོད་པའི་དངོས་གྲུབ་ཅེས་ནི་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སོགས་པ་རྒྱུད་ལས་གསུངས་པའི་ལམ་གྱི་རིམ་པ་ལ་གནས་ནས་བསྒྲུབ་པར་བྱའོ། །ཞེས་སོ། །ཡན་ལག་བཞི་པའི་སྒྲུབ་ཐབས་ཀྱི་རྣམ་བཤད་༡ནས་༤༠བར་ས་མནྟ་བྷ་དྲས་མཛད་པར། གནས་ཡིད་དུ་འོང་བར་སེམས་བདེ་བ་ལ ལས་ཏིང་ངེ་འཛིན་འབྱུང་ངོ་། །སེམས་མཉམ་པར་བཞག་པ་ནི་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཤེས་བས་འགྱུར་རོ། །ཡང་དག་པར་ཇི་ལྟ་བ་བཞིན་དུ་ཤེས་པ་ནི་རྣམ་པར་གྲོལ་བར་འགྱུར་རོ། །ཞེས་སོ། །ཡང་དཔལ་གསང་བ་འདུས་པའི་སྒྲུབ་པའི་ཐབས་ཀྱི་རྣམ་བཤད་འཇིག་རྟེན་སྣང་བྱེད་ཅེས་སློབ་དཔོན་བི་ཏ་པཱ་དས་མཛད་པར། ལས་དང་པོ་པ་ཞེས་པ་ནི་འདི་ལས་རྣལ་འབྱོར་པའི་བྱེ་བྲག་གིས་ལས་བཞིར་། །
སྟོན་པ་ལས་དང་པོ་པའི་ལས་དང་ལྡན་པའི་ཕྱིར་རོ། །དེ་ཡང་བསམ་གཏན་དང་བྱ་བས་བསྐལ་པ་སྟེ་རང་རང་གི་ལས་ཀྱིས་བསྟན་པའི་མཚན་མ་མཐོང་ཞིང་རྙེད་པའོ། །དེ་ལས་དེ་མ་ཐག་པའི་རྐྱེན་གྱིས་བསྒྱུར་བ་ནི་ཅུང་ཟད་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་ཏེ། བརྟུལ་ཞུགས་ཞེས་པ་ལ་སོགས་པའོ། །བརྟུལ་ཞུགས་ཞེས་པ་ནི་ཆོས་བརྒྱད་ལ་སོགས་པ་དང་ལྡན་པའོ། །ཚུལ་ཁྲིམས་ཞེས་པ་ནི་རང་གི་རྗེས་སུ་ མཐུན་པའི་དམ་ཚིག་དང་བཟླས་བརྗོད་དང་ཕན་གདགས་པའི་བྱ་བའོ། །སྔགས་ཞེས་པ་ནི་ལྷའི་སྐུར་གྱུར་པའི་ཡེ་ཤེས་ཏེ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། ཞེས་པ་དང་ལྡན་པའོ། །རང་གི་ལས་གསུངས་པ་མིག་ཅེས་པ་ལ་སོགས་པ་སྟེ། ཆེན་པོ་མིག་ལ་སོགས་པ་བྱིན་གྱིས་བརླབས་པ་ལ་སོགས་པ་ཞེས་པའི་དོན་ཏོ། །དེ་གང་གིས་ཤེས་ན་ཅུང་ཟད་ཡེ་ཤེས་དབང་གྱུར་པས། ཞེས་འབེབས་པ་ཐོབ་པ་ཞེས་པའི་དོན་ཏོ། །དུས་བཞི་ཞེས་པ་ནི་ལས་དང་པོ་པ་བཞིན་དུའོ། །འཁྲུལ་མེད་ཅེས་པ་ནི་བརྟན་པ་མ་ཡིན་པས་ཐིག་ལེ་དང་ཕྲ་མོ་ནན་ཏན་དུ་བྱ་བ་མ་ཡིན་ནོ། །བཟླས་བརྗོད་ཅེས་པ་ནི་གྲུབ་པའི་མཚན་མ་ཐོབ་པར་བྱ་བའི་དོན་ཏོ། །དཀྱིལ་འཁོར་ནི་ལས་རྒྱལ་མཆོག་གོ །རྣམ་པ་ཀུན་གྱིས་རྫོགས་བྱས་ཏེ། །ཞེས་པ་ནི་སློབ་མ་གཞུག་པ་དང་། བསྒྲུབ་པའི་དོན་དུ་ཁྱད་པར་མཛད་པའོ། །རང་གི་ལས་གསུངས་པ་སྤྲོ་བ་
སྡུད་པར་བྱེད་པ་ཞེས་ཏེ་ཡི་གེ་གསུམ་གྱིས་སྤྲོ་བ་དང་བསྡུ་བའི་སྒོ་ནས་ཉིན་མཚན་དུ་དཀྱིལ་འཁོར་གྱི་སྦྱོར་བ་ལ་བརྟེན་པས་ཞི་བར་འགྱུར་བའི་མཚན་མ་ཇི་སྐད་གསུངས་པ་རྣམས་འབྱུང་བའོ། །ཡེ་ཤེས་དབང་དུ་གྱུར་པ་ནི་རང་དང་གཞན་གྱིས་དཀྱིལ་འཁོར་མཐོང་བར་མཛད་པའོ། །དེ་ལས་དེ་མ་ཐག་པའི་རྐྱེན་གྱིས་བསྒྱུར་བ་ནི་བཞི་པ་སྟེ་ཡང་དག་ཅེས་པ་ལ་སོགས་པའོ། །ཡང་དག་ཡེ་ཤེས་ཞེས་པ་ནི་མེ་ལོང་ལྟ་བུ་ལ་སོགས་པ་སྟེ། དེ་ཐོབ་པ་ནི་ཕྱག་རྒྱ་ཆེན་པོ་མངོན་དུ་མཛད་པ་ཞེས་སོ། །དེའི་ལས་གསུངས་པ། གཟུགས་བརྙན་ཞེས་པ་ལ་སོགས་པ་སྟེ། དེ་ནི་གཞན་གྱི་དོན་ལ་གོམས་པས་ཁམས་གསུམ་གྱི་ནང་དུ་འོད་གསལ་བར་ལངས་ནས་གཟུགས་བརྙན་ལྟ་བུའི་དམ་པའི་འཁོར་ལོ་གསུམ་གྱིས་སྲིད་པ་ཇི་སྲིད་ཡོད་པ་དེ་སྲིད་ཀྱི་བར་དུ་རོ་མྱོང་བའི་མཚན་ཉིད་བརྒྱད་དང་ལྡན་པར་བཞུགས་ནས་འགྲོ་བའི་དོན་ཆེན་པོ་མཛད་པའོ། །དེ་ལྟར་རང་གི་འཁོར་གནས་སོགས་བསྟན་པ་བྱས་ནས་ཞེས་བྱ་བའི་སྒྲ་ཡི་དོན་བསྟན་ནས། ད་ནི། དཀྱིལ་འཁོར་ཀུན་ཏུ་བྲི་བར་བྱ། །ཞེས་བསྟན་པའི་ཕྱིར། གྲུབ་པའི་མཚན་མ་རྣལ་འབྱོར་པས། །ཞེས་གསུངས་ཏེ། དེ་ལ་གྲུབ་པའི་མཚན་མ་ཞེས་པ་ནི་རྨི་ལམ་ལ་སོགས་པའོ། །རྣལ་འབྱོར་པས་ཞེས་པ་ནི་ཅུང་ཟད་ཡེ་ཤེས་དབང་དུ་གྱུར་ནས་ཞེས་པའི་དོན་ཏོ། །ལན་གྲངས་དུ་མར་ཞེས་པ་ནི་ཡིད་
ལ་བྱེད་པའི་བག་ཆགས་ཀྱི་མཚན་མ་དགར་བའོ། །དེ་ལྟར་མ་ཡིན་ན་ཡང་དག་པར་ནི་ཡང་དང་ཡང་དུ་འབྱུང་བའི་ཕྱིར་རོ། །དེ་གསུམ་ཆོ་ག་བཞིན་བྱས་ལ། །ཞེས་པ་ནི་མཚན་མ་ཐོབ་པ་དེས་དཀྱིལ་འཁོར་བྲི་བའི་དོན་དུ་བཟླས་བརྗོད་བྱའོ། །ཞེས་བསྟན་པའོ། །དཀྱིལ་འཁོར་བྲི་བར་བྱ་ཞེས་པ་ནི་ཅུང་ཟད་ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པས་ཐུན་མོང་གི་ཆེད་དུ་བྲི་བ་དང་། ཡེ་ཤེས་དབང་དུ་གྱུར་པའི་རྣལ་འབྱོར་པས་ཁྱད་པར་མེད་པར་ཐུན་མོང་དང་མཆོག་གི་ཆེད་དུ་བྲི་བའོ་ཞེས་སྒྲུབ་པ་བོ་ཁོ་ནའི་དབང་དུ་གསུངས་པའོ། །ཞེས་སོགས་ཀྱིས་རང་ངམ་གཞན་རྗེས་སུ་བཟུང་བས་དཀྱིལ་འཁོར་བྲི་ཚུལ་དང་། དེ་ཡང་། ཡེ་ཤེས་དབང་དུ་གྱུར་པས་ནི་བསམ་གཏན་ཙམ་གྱིས་རྫོགས་པར་བྱེད་པ་ཡང་འཆད་དོ། །ཞེས་ཀྱང་སྣང་ངོ་། ༈ །གསུང་རབ་ཡན་ལག་དགུ་ནི། མདོ་སྡེ་དབྱངས་བསྙད་ཚིགས་བཅད་ལུང་བསྟན་གླེང་གཞི་དེ་ལྟ་བུ་བྱུང་དང་། སྐྱེས་རབས་ཤིན་ཏུ་རྒྱས་པ་དག་དང་རྨད་བྱུང་ཞེས་ཏེ་ཡན་ལག་དགུ་ཞེས་འཆད་པར་བྱེད་དོ།། ༈ །།ཚུལ་གསུམ་མཛེས་རྒྱན་ལས། དེ་ཡི་གནས་ནི་སྟུག་པོ་བཀོད་པ་སྟེ། །མི་མཇེད་འཇིག་རྟེན་ཁམས་སོགས་དུ་མ་ཞིག །ནང་དུ་ཚུད་པ་མེ་ཏོག་རྒྱན་གྱིས་བརྒྱན། །དེ་འདྲ་དུ་མ་ནང་དུ་ཚུད་པ་ནི། །རྒྱ་མཚོ་ཞེས་བྱ་ལོངས་སྐུའི་ཕྱག་ན་གནས། །དེ་བཞིན་གཤེགས་དེ་འཁོར་གྱི་བྱང་སེམས་བཅས། །
བཞུགས་པའི་གནས་དེ་འོག་མིན་སྟུག་པོ་བཀོད། །ཅེས་སྟོན་པ་ལོངས་སྐུ་རྣམ་སྣང་གང་ཆེན་མཚོའི་ཕྱག་མཐིལ་གྱི་ལྷུང་བཟེད་སྤོས་ཆུས་ཡོངས་སུ་གང་བའི་རྒྱ་མཚོ་ཆེན་པོ་དབུས། པདྨའི་སྡོང་པོ་རྒྱ་ཁྱོན་རབ་ཏུ་ཡངས་པ་སྐྱེས་པ་ལ། མེ་ཏོག་ཉི་ཤུ་རྩ་ལྔ་ཡོད་པའི་མེ་ཏོག་རེ་རེའི་སྟེང་དུ་འཇིག་རྟེན་གྱི་ཁམས་རེ་རེ་ཡོད་པར་གསུངས་པའི་ཡས་མར་གང་ནས་ཀྱང་པདྨ་བཅུ་གཉིས་རེ་བརྩིས་པའི་དབུས་བཅུ་གསུམ་པ། ཐུགས་ཀའི་དཔལ་བེའུའི་ཐད། སྤྲུལ་སྐུ་ཤཱཀྱ་སེང་གེའི་གདུལ་ཞིང་། མི་མཇེད་འཇིག་རྟེན་གྱི་ཁམས་འདི་རི་གླིང་ལྕགས་རི་དང་བཅས་པས་ཡོངས་སུ་བསྐོར་བ་ལས་ཁྱད་པར་དུ་གྱུར་པ་ནི། དུས་འཁོར་བསྡུས་རྒྱུད་ལས། གླིང་ནི་ཟླ་བ་འོད་དཀར་དག་དང་རབ་མཆོག་ཀུ་ཤ་མིའམ་ཅི་དང་ཁྲུང་ཁྲུང་དང་། །དྲག་པོ་ཡང་ནི་ལོངས་སྤྱོད་ས་སྟེ་བདུན་པ་འཛམ་བུ་མི་རྣམས་གནས་པ་དག་ནི་ལས་ཀྱི་ས། །ཞེས་དང་། བདེ་མཆོག་སྡོམ་འབྱུང་ལས། འཛམ་བུ་གླིང་པ་གཙོ་བོ་མཆོག །ཡུལ་དབུས་སུ་ནི་སྐྱེས་པ་སྟེ། །ཞེས་གླིང་གཞན་ལས་ཁྱད་པར་དུ་གྱུར་པ། ལས་སྟོབས་ཆེ་བས་འབྲས་བུ་ཚེ་འདིར་མཐོང་ཆོས་།སུ་སྨིན་ནུས་པའི་ཕྱིར། སྤྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་དགུའི་དོན་ཐམས་ཅད་ཚེགས་མེད་པར་བདེ་བླག་ཏུ་བསྒྲུབ་ནུས་པ་དང་། ཁྱད་པར་ཉན་རང་དགྲ་བཅོམ་དང་། རྡོ་རྗེ་
ཐེག་པའི་ལམ་ལས་དངོས་གྲུབ་བརྙེས་པའི་རྟེན་ཐུན་མོང་མ་ཡིན་པ་འཛམ་བུ་གླིང་པ་ཁམས་དྲུག་ལྡན་གྱི་ལུས་ལ་ལྟོས་དགོས་པས་ན། སངས་རྒྱས་ཐམས་ཅད་ཀྱང་འཛམ་བུའི་གླིང་གི་ཡུལ་དབུས་འགྱུར་ཚལ་རྡོ་རྗེ་གདན་དུ་བྱང་ཆུབ་ཆེན་པོའི་གོ་འཕང་བརྙེས་པའི་ཚུལ་བསྟན་པ་ན་ལས་ཀྱི་སའམ། བསོད་ནམས་ཀྱིས་གཞིར་རབ་ཏུ་གྲགས་པ་ལ་དུམ་བུ་དྲུག་ཏུ་ཕྱེ་བའི་ཡ་གྱལ་གངས་རི་དཔལ་དང་ལྡན་པས་བསྐོར་བའི་ཚུ ལྗོངས། བོད་ཁ་བ་ཅན་ཞེས་ཡོངས་སུ་གྲགས་པ་ནི། འཇམ་དཔལ་རྩ་རྒྱུད་ལས། ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་རྒྱས་པར་འགྱུར། །ཞེས་དང་། ཤེར་ཕྱིན་ལས། མདོ་སྡེ་འདི་བྱང་ཕྱོགས་། ཟླུནས་བྱང་ཕྱོགས་སུ་རྒྱས་པར་འགྱུར་རོ། །ཞེས་སོགས་གསུངས་པ་དང་། དྲི་མེད་འོད་ལས། ཐེག་པ་གསུམ་བོད་དུ་ནི་བོད་ཀྱི་སྐད་ཀྱིས་བསྡུས་ཏེ། ཞེས་སོགས་ལུང་བསྟན་པའི་ཞིང་འདི་ཉིད་ཀྱང་གཞན་ལས་ཁྱད་པར་འཕགས་པའི་ཚུལ་ནི། བོད་ཅེས་བྱ་བ་ཁ་བ་ཅན་གྱི་ཁྲོད། །རི་མཐོ་ས་གཙང་གངས་རི་གཉན་གྱི་ཡུལ། །ཆོས་དང་སྲིད་པའི་ལོངས་སྤྱོད་མ་ཚང་མེད། །འཕགས་པའི་གདུལ་ཞིང་ལྷ་ཡི་ཡུལ་དང་མཚུངས། །ཞེས་དང་། འགོས་ལོ་གཞོན་ནུ་དཔལ་གྱིས། ཐུགས་རྗེའི་དབང་པོས་བྱིན་རླབས་གསེར་གྱི་ས་གཞི་བརྡལ་བ་གངས་རིའི་ཕྲེང་མཛེས་ཁོར་ཡུག་ཅན། །ཉེས་པའི་གདུང་བྲལ་ཚུལ་ཁྲིམས་མ་དྲོས་
ལས་འོངས་འདུས་པའི་རྒྱུན་དག་འཆད་པ་མེད་པར་འབབས། །བཤད་དང་སྒྲུབ་པའི་རིན་ཆེན་གྱིས་གང་མཁས་པའི་རྟ་གདོང་དག་ལས་ཆོས་ཀྱི་སྒྲ་ཆེན་སྒྲོགས། །མཐའ་དག་ལེགས་པའི་འབྱུང་གནས་གངས་ཅན་འདི་ནི་རྒྱ་མཚོ་ཆེ་འདྲ་མཁས་པས་བསྔགས་པར་འོས། །ཞེས་ཡོན་ཏན་རིན་པོ་ཆེ་དུ་མས་ཁྱད་པར་དུ་བྱས་པའི་སའི་ཐིག་ལེར། བླ་མ་མཉམ་མེད་ཆེན་པོས། རྡོ་རྗེའི་རང་བཞིན་རྡོ་རྗེའི་གདན་ལས་བྱང་གི་འདབ་ཆགས་ས་ཡི་སྙིང་པོ་དཔག་ཚད་བཅུ་ཕྲག་བཅུ་བགྲོད་པ། །ཤར་རི་འགྲོ་ལྡན་སྤྱི་གཙུག་ལྟར་མཐོ་ལྷོ་ན་རྟ་མཆོག་རྒྱུག་ལྟའི་ཆུ། །ནུབ་རི་མཚན་མ་རྨ་བྱའི་མདོངས་ལྡན་བྱང་གི་ལྷུན་པོ་འདབ་བཟང་རི། །རི་དྭགས་རྒྱལ་པོ་བཞད་པའི་གདོང་ཅན་དབུས་ཀྱི་ས་འཛིན་དཔལ་ཀུན་འཛིན། །དེ་ཕྱིར་རྒྱལ་བའི་གདན་ས་མཆོག་འདི་བྱང་ཆུབ་སྙིང་པོ་མ་ལགས་གྲང་། །ཞེས་དཔལ་ལྡན་ས་སྐྱ་དང་། འཇིགས་བྲལ་གསུང་རབ་སྦས་པའི་སྡེས། རྡོ་རྗེ་འཆང་ཆེན་ངུར་སྨྲིག་འཛིན་པའི་ཚུལ་སྟོན་པ། །རྒྱལ་བས་ལུང་བསྟན་མཁས་ཀུན་དགའ་མཛད་དཔལ་བཟང་པོ། །གང་དེས་བྱིན་རླབས་ཨེ་ཝཾ་ཡི་གེས་མཚན་པའི་གླིང་། །གྲུབ་རི་འདི་ནི་འོག་མིན་ཆེན་པོའི་ཞིང་ཁམས་དངོས། ཞེས་སོགས་རྒྱ་ཆེར་བསྔགས་སོ། ༈ །ཁྲི་བརྒྱད་སྟོང་པ་ལས། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཕུན་སུམ་
ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཆེན་པོ་དག་ཏུ་སྐྱེ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རིགས་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོ་རིགས་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་དག་དང་། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་དག་ཏུ་སྐྱེ་བ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཆོ་རིགས་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རུས་ཕུན་སུམ་ཚོགས་པ་གང་ཞེ་ན། རིགས་གང་། ལས་སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱུང་བར་གྱུར་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རུས་ཕུན་སུམ་ཚོགས་པ་ཡིན་ནོ།། ༈ །།རྒྱན་ལས། བྱང་ཆུབ་སེམས་དཔའ་རྟག་ཏུ་ནི། །ཁྱིམ་པ་འཁོར་ལོས་སྒྱུར་རྣམས་སུ། །གྱུར་ནས་སྐྱེ་བ་ཐམས་ཅད་དུ། །སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །ཞེས་དང་། རྒྱལ་སྲིད་བདུན། མངོན་འབྱུང་ལས། ལྷ་རྫས་ལས་གྲུབ་སོགས། དང་པོར་ས་ལས་རྣམ་པར་རྒྱལ་གྱུར་བ། །ཞེས་འབྱུང་། དེ་ལ་ཡོན་ཏན་ལྔ། ལྷ་རྫས་འཛམ་བུ་ཆུ་གསེར་ལས་གྲུབ་ཅིང་དཔག་ཚད་ལྔ་བརྒྱ་པ་ཉི་མ་གཉིས་པ་ལྟ་བུའི་གཟི་བརྗིད་དང་ལྡན་པ། ༡ ནམ་མཁའ་
ལ་དཔག་ཚད་འབུམ་དུ་ཉི་མ་གཅིག་གིས་ཐོགས་པ་མེད་པར་འགྲོ་བ། ༢ རྒྱལ་པོ་གླིང་གང་དུ་འགྲོ་བའི་ཚེ་འཁོར་ལོ་དེའང་སྔོན་དུ་ནམ་མཁར་འགྲོ་ཞིང་དཔུང་ཚོགས་ཡན་ལག་བཞིའང་ཕྱི་བཞིན་དུ་། ནམ་མཁར་འགྲོ་བ། ༣ རྒྱལ་པོས་མི་ཐོས་པ་ཐམས་ཅད་དེས་གྲོགས་བྱས་ཏེ་ཐོས་པ། ༤ རྒྱལ་པོ་གཞན་དང་བློན་པོ་སོགས་ཀྱི་རྒྱལ་པོའི་འདོད་པ་བཞིན་འབུལ་བ་ལས་བསྡོ་བ་གང་ཡང་མེད་པའོ། ༥ ། གླང་པོ་རིན་པོ་ཆེ་ལ། ཡན་ལག་བདུན་པ་ལ་ལེགས་པར་གནས་ཤིང་གངས་རིའི་དུམ་བུ་འགྲོ་ཤེས་པ་ལྟ་བུའི་གླང་པོ་རིན་པོ་ཆེ་དེ་ལ་ཡོན་ཏན་བརྒྱད་དེ། ཅང་ཤེས་པ། ༡ བཀའ་བཞིན་ཉན་པ། ༢ སུག་བཞི་མཇུག་མ་རླིག་པ་སྣ་ཞགས་ཏེ་བདུན་པོ་ས་ལ་སྙོགས་པས་ཡན་ལག་ཤིན་ཏུ་གནས་པ། ༣ གླང་པོ་ཆེ་སྟོང་གི་སྟོབས་དང་ལྡན་པས་གཞན་གྱིས་གདུལ་དཀའ་བ་དང་། དེའི་དྲི་ཚོར་བས་ཀྱང་གླང་པོ་ཆེ་གཞན་དེའི་རྩར་འདུག་མི་ནུས་པས་ཕ་རོལ་གྱི་སྡེ་ལས་རྒྱལ་བ། ༤ ཆུ་དང་སྐམ་དང་བར་སྣང་ལ་གཡུལ་འགྱེད་ནུས་པ། ༥ ཉིན་གཅིག་ལ་འཛམ་གླིང་བསྐོར་ནུས་པ། ༦ ཁ་དོག་ཐལ་ཀར་དུ་སྣང་ཞིང་སྐུད་པས་ཀྱང་བཀྲིར་ནུས་པ་དང་། རྒྱལ་པོའི་བསམ་པ་དང་མཐུན་པར་ལམ་དུ་འཇུག་ཤེས་པ། ༧ གཙུག་ན་གསེར་གྱི་རྒྱལ་མཚན་གྱིས་བརྒྱན་ཅིང་གསེར་གྱི་དྲྭ་བས་གཡོགས་པའོ། ༨ །རྟ་མཆོག་རིན་པོ་
ཆེ་ནི། དྲན་ཉེར་ཁ་དོག་ཤིན་ཏུ་མཚར་བ་རྨ་བྱའི་མགྲིན་པ་ལྟ་བུ། ༡ རྔོག་མ་མཛེས་པ་སྟེ་དབྱིབས་ཕུན་སུམ་ཚོགས་པ། ༢ བསྒོས་ན་ཉིན་གཅིག་ལ་འཛམ་གླིང་ལན་གསུམ་བསྐོར་ནུས་པ། ༣ ལུས་ལ་གཅོང་ནད་མེད་པ། ༤ ནོར་བུའི་གཙུག་སོགས་མཚན་མ་བཟང་པོ་ཡོད་པ། ༥ རྫུ་འཕྲུལ་དང་ལྡན་པས་ནམ་མཁར་འགྲོ་བ། ༦ རྒྱལ་པོས་ཞོན་ཚེ་གུས་པར་བྱེད་པ། ༧ རྫུ་འཕྲུལ་གྱི་ཤུགས་དང་ལྡན་པའོ། ༨ ། བུད་མེད་དམ་བཙུན་མོ་རིན་པོ་ཆེ་ལ་རྒྱལ་པོའི་བསམ་པ་དང་མཐུན་པ། ༡ བུ་མང་པོ་བཙའ་བ། ༢ ཕྲག་དོག་དང་མིག་སེར་མེད་པ། ༣ ཚིག་ཅལ་ཅོལ་མེད་ཅིང་རྒྱལ་པོའི་སྲིད་ངང་གིས་མཐོ་བར་འགྱུར་བ། ༤ ལོག་པར་ལྟ་བ་མེད་པའོ། ༥ །ནོར་བུ་རིན་པོ་ཆེ་ལ་ཡོན་ཏན་བརྒྱད་དེ། མཚན་མོ་ཟླ་བ་ལྟར་གསལ་བའི་འོད་དཔག་ཚད་བརྒྱར་འབྱུང་བ། ༡ ཆུ་ཡན་ལག་བརྒྱད་པའི་རྒྱུན་འབེབས་པས་སྐོམ་པ་སེལ་བ། ༢ རྒྱལ་པོའི་གྲོས ལ་པོའི་གྲོས་ཐམས་ཅད་ནོར་བུ་ལས་འབྱུང་བ། ༣ ནོར་བུ་གང་དུ་ཡོད་པའི་དཔག་ཚད་བརྒྱ་ཚུན་དུ་ནད་མེད་ཅིང་འདོད་དོན་འགྲུབ་པ། ༤ རླུང་དང་ཆར་དྲག་པོ་མི་འབེབས་པ། ༥། མྱ་ངན་དང་གཡང་ས་སོགས་མེད་ཅིང་ནགས་ཚལ་སོགས་སྣོད་ཀྱི་དཔལ་བསྐྱེད་པ། ༦ དུས་མ་ཡིན་པའི་འཆི་བ་མི་འབྱུང་བ། ༧ རྒྱལ་པོ་དེ་ལ་དཔའ་ཞིང་བརྟུལ་ཕོད་པའི་བུ་སྟོང་དུ་འཛོམ་པ་འབྱུང་བའོ། ༨ །
ཁྱིམ་བདག་གམ་བློན་པོ་རིན་པོ་ཆེ་ཞེས་དོན་མཛོད་པ་ནི། མངོན་འབྱུང་ལས། གང་ཡང་འདི་ནི་རྒྱལ་ལ་མུ་ཏིག་དང་། །གསེར་སོགས་ཤིན་ཏུ་མང་པོ་ཕུལ་བ་ཡིས། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་པ། །ཁྱིམ་བདག་རིན་ཆེན༔ འདི་ལ་ཡོན་ཏན་བཞི། རྡོ་རྗེ་རིན་པོ་ཆེ་སོགས་ནོར་མང་པོ་རྩོལ་བ་མ་བྱས་ཀྱང་མོད་ལ་ཟད་པ་མེད་པ། ༡ རྒྱལ་པོའི་བཀའ་བཞིན་སྒྲུབ་ཅིང་ཡིད་གཞུངས་པ། ༢ རྒྱལ་པོའི་བསམ་པ་བཞིན་རྟོགས་ནས་མ་བསྒོས་ཀྱང་ལས་བྱེད་པ། ༣ ཉོན་མོངས་དང་ཕྲག་དོག་དང་གནོད་སེམས་མེད་པའོ། ༤ །དམག་དཔོན་ནམ་བློན་པོ་རིན་པོ་ཆེ་ནི། ཡོན་ཏན་བརྒྱད་དེ། རྒྱལ་པོའི་ལས་སྤྱི་དང་དྲག་པོའི་ལས་མཐའ་དག་མ་བསྒོས་ཀྱང་བྱེད་པ། ༡ དཔའ་རྩལ་ཐམས་ཅད་རྫོགས་པ། ༢ རང་དོན་ལ་ཆོས་མིན་སྤངས་པ། ༣ གཞན་གྱི་བརྔན་པ་སོགས་ལ་མ་ཆགས་པར་རྒྱལ་པོའི་བྱ་བ་ཚུལ་བཞིན་དུ་བྱེད་པ། ༤ གླགས་ལྟ་བའི་འགྲོ་བ་ལྡོག་པ་མ་ལུས་པ་འཇོམས་པའི་མཐུ་སྟོབས་དང་ལྡན་པ། ༥ ལས་གང་ཡང་ཤིན་ཏུ་རིགས་པར་སྤྱོད་པ། ༦ ཉོན་མོངས་པ་དུག་གསུམ་སྤངས་པ། ༧ རྒྱལ་པོའི་བྱ་བ་མ་ཡིན་པར་སྐྱེ་བོ་རྣམས་ལ་མི་འཚེ་བའོ། ༨ །མངོན་འབྱུང་གི་མདོ་འགའ་ཞིག་ལས། འོད་ཟེར་གྱིས་སྔོ་རལ་གྲི་པགས་པ་འཇམ། །དགའ་པའི་ནགས་ཚལ་གོས་ནི་ཡི་གར་འོང་། །
མཐུ་ལྡན་མཆིལ་ལྷམ་ཁང་ཁྱིམ་གཞལ་དུ་མེད། །རེག་འཇམ་གཟིམ་ཆ་འདི་ཡིས་ཐོབ་པར་འགྱུར། །ཞེས་སོ། ༈ །མཁས་འཇུག་ལས། བསྟན་བཅོས་བྱེད་པའི་དམ་པ་ཡིས། །སྟོན་པ་ལ་ནི་མཆོད་བརྗོད་བྱ། །བསྟན་པ་སྤེལ་ཕྱིར་དག་པའི་ཚིག །འདི་ལ་འཐད་པ་བཟང་པོ་མཐོང་། །ཞེས་སོ། །དེའང་མཚན་དང་མཆོད་བརྗོད་དམ་བཅའ། དགོས་བསྡུས་ཚིག་དོན། བསྔོ་སྨོན་ཤིས་བརྗོད་སྦྱར་བྱང་སོགས་སོ།། །། འཆད་པ། ཐོག་མར་སྒྲ་ལ་མཁས་པ་ཡིས། །ཚིག་དོན་རྣམ་པར་དབྱེ་སྟེ་བསྟན། །དེ་རྗེས་དོན་ལ་མཁས་པ་ཡིས། །ལྷག་ཆད་འཁྲུལ་པ་མེད་པར་བཤད། །ཅེས་སོ། །མདོ་དོན་སྨྲ་བ་རྣམས་ཀྱིས་ནི། །དགོས་། པ་བསྡུས་པའི་དོན་དང་བཅས། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལན་བཅས་ཏེ་བསྙད་པར་བྱ། །ཞེས་སོ། །འབེལ་བའི་གཏམ་ལ་སྦྱོར་དངོས་རྗེས། །སྦྱོར་བ་རྩོད་པའི་ལམ་བྱང་ནས། །༢ རྒོལ་བ་ཉིད་དང་དཔང་པོ་རྣམས། །ངེས་པར་བྱས་ནས་རྩོད་ལ་འཇུག ༈ །སངས་རྒྱས་ཀྱི་བསྟན་པ་ལྔ་བརྒྱ་ཕྲག་བཅུར་གསུངས་པའི། ལྔ་བརྒྱ་ཕྲག་དང་པོ་ལ་དགྲ་བཅོམ། གཉིས་པར་ཕྱིར་མི་འོང་བ། གསུམ་པར་རྒྱུན་ཞུགས་ཐོབ་པ་མང་བས་ན་འབྲས་བུའི་དུས་གསུམ། བཞི་པར་ཤེས་རབ། ལྔ་བར་ཏིང་འཛིན། དྲུག་པར་ཚུལ་ཁྲིམས་ལ་སྤྱོད་པ་མང་བས་སྒྲུབ་པའི་དུས་གསུམ། བདུན་པ་ལ་མངོན་པ།
བརྒྱད་པར་མདོ་སྡེ། དགུ་པར་འདུལ་བ་སྤྱོད་པ་མང་བས་ན་ལུང་གི་དུས་གསུམ། བཅུ་པར་རྟགས་ཙམ་འཛིན་པ་སྟེ། འདི་ནི་ལྔ་བརྒྱའི་ཐ་མའོ། །ཞེས་འབྱུང་ཞིང་། བསྟན་པ་རྣལ་མ་ལྔ་བརྒྱ་ཕྲག་དགུ་དང་། གཟུགས་བརྙན་གཅིག་གོ ༈ །དོན་དམ་བསྙེན་པ་ལས། ཐུན་མཚམས་རྣམས་སུ་ཤིན་ཏུ་རྣམ་པར་དག་པ་ཡི། །ཁ་དང་ལག་པ་རྐང་པ་དག་ནི་བཀྲུས་བྱས་ཏེ། །མེ་ཏོག་ཡང་དག་བླངས་ནས་བླ་མའི་སྤྱན་སྔ་རུ། །རྒྱལ་བ་རྣམས་ཀྱི་མཎྜལ་ཤིན་ཏུ་ཟླུམ་པར་བྱ། །ཞེས་དང་། བླ་མ་ལྔ་བཅུ་པ་ལས། མཎྜལ་མེ་ཏོག་བཅས་ཐལ་མོས། །བླ་མ་སྟོན་པར་གསོལ་བ་གདབ། །ཅེས་པ་ལྟར་མཎྜལ་ལའང་། །རྗེ་ས་སྐྱ་པཎྜི་ཏས། ཕྱི་ཀུན་རྫོབ་རྫས་ཀྱི་མཎྜལ། ནང་རྡོ་རྗེ་ལུས་ཀྱི་མཎྜལ། གསང་པ་བྱང་ཆུབ་སེམས་ཀྱི་མཎྜལ་ཞེས་གསུངས་པའི་དང་པོ་ལ། ཟླ་བ་སྒྲོན་མེའི་མདོའི་དོན་བསྡུས་ཇོ་བོ་ཆེན་པོའི་གསུང་ཚོམ་བུ་བདུན་མ། དེ་སྟེང་སྒྲ་གཅན་དུས་མེ་བསྣན་པའི་དུས་འཁོར་ལུགས་ཀྱི་ཚོམ་བུ་དགུ་མ། ཡང་ཚོམ་བུ་བདུན་མའི་སྟེང་མེ་ཏོག་སོགས་བཞི་བསྣན་པའི་བཅུ་གཅིག་པ། ཡང་གླིང་བཞི་གླིང་ཕྲན་བརྒྱད་རི་རབ་ཉི་ཟླ་དང་བཅས་པའི་བཅོ་ལྔ། སངས་རྒྱས་གསང་བའི་ལུགས་གླིང་བཞི་གླིང་ཕྲན་རི་རབ་དང་བཅས་པའི་བཅུ་གསུམ་མ། ཛེ་ཏཱ་རིས་ཚོམ་བུ་བཅོ་ལྔ་མར་གདུགས་དང་རྒྱལ་མཚན་བསྣན་པའི་བཅུ་བདུན་མ།
འཇམ་དཔལ་གྲགས་པའི་ལུགས་ཀྱི་བཅུ་གསུམ་མའི་སྟེང་རྒྱལ་སྲིད་བདུན་དང་གཏེར་བུམ་བསྣན་པའི་ཉེར་གསུམ་མ། དེ་སྟེང་སྒྲ་གཅན་དུས་མེ་བསྣན་པའི་དུས་འཁོར་ལུགས་ཀྱི་ཉེར་ལྔ་མ། འཕགས་པ་རིན་པོ་ཆེའི་སོ་བདུན་མ་རྣམས་སོ། ༈ །ཞྭ་ལུ་ལོ་ཆེན་པས། སྐར་རྩིས་སྙན་ངག་སྡེབ་སྦྱོར་དང་། །མངོན་བརྗོད་ཟློས་གར་འདི་ལྔ་ལ། །རིག་གནས་ལྔ་ཞེས་འཕགས་ཡུལ་དུ། །གྲགས་པའི་བ་དན་རླུང་ལྟར་སྒྲོགས། ༈ །འཇམ་དཔལ་རྩ་རྒྱུད་ལས། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གཟའ་རྣམས་ཀྱི་སྤྱོད་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གསུངས་ཏེ། ཟློས་པ་ཐམས་ཅད་ལ་ཕན་པའི་ཕྱིར་དང་སྔགས་ཀྱི་དོན་ཡང་རབ་ཏུ་བསྒྲུབ་པའི་ཕྱིར་ཐམས་ཅད་ཀྱང་ཐམས་ཅད་མཁྱེན་པས་གསུངས་སོ། །ཞེས་སོ། །ཡང་། ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པའི། །རྒྱལ་པོ་མི་ཡི་ལྷ་ཞེས་པ། །ལི་ཙྪ་བཱི་རྣམས་རིགས་སུ་འབྱུང་། །དང་། འཇིག་རྟེན་སྒྲོལ་མ་ཞེས་གྲགས་དང་། ལྷ་མོ་གོས་དཀར་མོ་དང་ནི། །དཀར་མོ་ཆེན་མོ་གཞན་ཕན་བརྩོན། །རྟག་ཏུ་ཡིད་ནི་མི་སྐྱོ་བའོ། །དང་། ཁྱུ་མཆོག་ཁྱུ་མཆོག་བཟང་པོ་དང་། །ས་འོད་དེ་བཞིན་ས་འོད་བཟང་། །དེ་བཞིན་ཕ་རོལ་གནོན་ཉིད་དང་། །རྐང་པའི་འགྲོས་ཞེས་བསྟན་པ་ཡིན། །ས་སྲུངས་དང་ནི་བེའུ་དང་། །འོད་ལྡན་ཉིད་ནི་ཕྱི་མ་ཡིན། །དང་། སྟོན་
པའི་གསུང་རབས་ས་སྟེང་དུ། །དུས་མཐར་འཇིག་རྟེན་ཉམས་པ་ན། །སྡོམ་བརྩོན་རྒྱལ་པོའི་ཚུལ་གྱིས་ནི། །འབྱུང་བར་འགྱུར་བ་ཐེ་ཚོམ་མེད། །དཔེར་ན་མ་ཁོལ་ཞེས་བྱ་དང་། །མེ་ཏོག་ཅེས་བྱ་རྣམ་པར་གྲགས། །ཡི་གེ་མ་ཞེས་གཞོན་ནུ་ཞེས། །དང་པོར་ཐ་མར་ཆོས་ལ་དགའ། །ཡི་གེ་ཨཱ་མིང་བདག་ཉིད་ཆེ། །སྟོན་པའི་བསྟན་པ་གཅེས་འཛིན་བྱེད། །བློ་ལྡན་ཡོན་ཏན་ཀུན་གྱིས་བཀུར། །དང་། ཡི་གེ་དྷ་ཞེས་སྡོམ་བརྩོན་ཉིད། །ལྷོ་ཡི་ཕྱོགས་སུ་རྣམ་པར་བསྒྲགས། །ཕ་རོལ་རྒོལ་བ་བཟློག་ནས་ཀྱང་། །དེ་བཞིན་སྡོམ་བརྩོན་སྔགས་ཀྱང་གྲུབ། །དང་། དེ་ནས་ཡི་གེ་ས་དང་ཀ །དང་པོར་རབ་ཏུ་བརྗོད་པ་དང་། །སོགས་ནས། སྦྱིན་བྱེད་སྦྱིན་པར་བྱེད་པ་དང་། །གཞན་གྱི་གྲུབ་མཐའ་སུན་བྱེད་དང་། །དང་། དེ་བཞིན་འཇིག་རྟེན་སྦྱིན་གནས་འགྱུར། །སྲིད་པ་གསུམ་གྱི་མཐར་ཡང་བྱེད། །སྔགས་དང་རྒྱུད་ལ་མངོན་བརྩོན་པ། །བརྩོན་པ། །གྲགས་པ་འཛིན་པར་ཤེས་པར་བྱ། །ཞེས་སོ། །རྗེ་བཙུན་ས་སྐྱ་པཎྜི་ཏས་བོད་ཡུལ་ལ་བསྔགས་པར། དབུས་ཀྱི་གླིང་ཆེན་པོ་བཞི་པ། བྱེ་བྲག་ཏུ་འཛམ་བུའི་གླིང་། བདེ་བར་གཤེགས་པ་རྒྱ་མཚོའི་རྡུལ་གྱི་རེག་པས་མངོན་པར་མཛེས་པ། བྱང་ཆུབ་སྙིང་པོ་རྡོ་རྗེ་གདན་ལས་བྱང་ཕྱོགས་ཀྱི་རྒྱུད། ཡོངས་སུ་རྫོགས་པའི་ཟླ་བ་དྲི་མ་མེད་པའི་གངས་རི་དཔལ་དང་ལྡན་པས་བརྒྱན་
པའི་ཁྲོད། ལྷ་རྫས་ཀྱི་ནོར་བུ་ཉེ་བར་འབར་བས་འཁྲིགས་པའི་ཕུང་པོ་ལྟར། འགྲོ་བ་མ་ལུས་པའི་རེ་བ་རྫོགས་པར་བྱེད་པའི་རིན་པོ་ཆེ་དུ་མའི་འབྱུང་ཁུངས་སུ་གྱུར་པ། སའི་ཆ་གླང་པོའི་སྤྱི་གཙུག་ལྟར་མཐོ་ ལ་སྐྱེ་རྒུ་མ་ལུས་པའི་སྒྲོན་མེ། ཉི་མའི་དཀྱིལ་འཁོར་གཟའ་ལས་ཐར་བ་ལྟར་རྡུལ་དང་བྲལ་བས་གཙང་བའི་འཇུག་ངོགས་དང་ལྡན་པ། བསིལ་བའི་སྒྲ་དབྱངས་ཉེ་བར་སྒྲོགས་པའི་ཆུ་ཀླུང་དྲི་མ་མེད་པ་འབབས་པ་དང་ལྡན་པའི་འགྲམ་ངོགས། རྒྱལ་བ་སྲས་བཅས་དཔག་ཏུ་མེད་པས་ཉེ་བར་བསྐྱངས་པས་དམ་པའི་ཆོས་ཀྱི་འབྱུང་གནས་སུ་གྱུར་པའི་བོད་ཡུལ་འདིར། ཞེས་སོ། །ཡང་། སྒྲ་པ་ང་ཡིན་རྟོག་གེ་པ་ང་སྨྲ་བ་ངན་འཇོམས་ང་འདྲ་མེད། །སྡེབ་སྦྱོར་ངས་ཤེས་སྙན་ངག་ང་ཉིད་མངོན་བརྗོད་འཆད་ལ་འགྲན་མེད་ང་། །དུས་སྦྱོར་ང་མཁས་ཕྱི་ནང་ཀུན་རིག་རྣམ་དཔྱོད་བློ་གྲོས་མཚུངས་མེད་པ། །དེ་འདྲ་གང་ཡིན་ས་སྐྱ་པ་སྟེ་མཁས་པ་གཞན་དག་གཟུགས་བརྙན་ཡིན། །ཅེས་དང་། རྒྱ་མཚོའི་གོས་ཅན་རྒྱ་མཚོའི་མཐའ་ཀླས་ས་ཆེན་འདི་ན་ལྷ་ཆེན་པོ། །སོགས་ནས། དེ་ལྟའི་རི་དྭགས་རྒྱལ་པོ་དེ། །དཔལ་ལྡན་ས་སྐྱའི་གངས་རིར་གནས། །བློ་གསལ་རྣམས་ཀྱི་རི་དྭགས་སྐྱོང་། །རྒོལ་བ་ངན་པའི་ཝ་ཚོགས་འཇོམས། །ད་དུང་དུ་ཡང་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་བྱས་ནས། །བདེ་བར་གཤེགས་པའི་བསྟན་པའི་ཚུལ། །
ཀུན་དགའི་རྒྱལ་མཚན་འཛིན་པར་ཤོག །ཅེས་སོ། །སློབ་དཔོན་བསོད་ནམས་རྩེ་མོ་འཁྲུངས་པའི་ཚེ། རྒྱ་གར་རྡོ་རྗེ་གདན་གྱི་སྒོའི་ཡ་ཐེམ་ལ། འཇམ་མཉྫཤྲཱི་ནིརྨ་ཀོ་པ་དྷཱ་པུཎཱ་གྲ་བཛྲ་ཡཱ་ན་ས་མ་མྱེ་ཤྭ་ར་སཏུ་བྷུ་མི་པཎྜི་ཛཱ་ཏཾ། དཔལ་གྱི་སྤྲུལ་པ་མཁན་པོ་བསོད་ནམས་རྩེ་མོ་རྡོ་རྗེ་ཐེག་པ་མཐའ་དག་གི་དབང་ཕྱུག་དམ་པ་ས་སྐྱར་སྐྱེས་སོ། །ཞེས་མཁའ་འགྲོ་མ་རྣམས་ཀྱིས་ཡི་གེར་བྲིས་སོ། ༈ །ས་ཆེན་བྱང་ཆུབ་སེམས་དཔའ་སྦྱིན་པ་དཔལ་སྤྱན་རས་གཟིགས་ཀྱི་རྣམ་པས་ཡུམ་གྱི་ལྷུམས་སུ་ཞུགས། འཇམ་དཔལ་དང་བིརླ་པས་རྗེས་སུ་བཟུང་། དུས་གཅིག་ལ་སྐུའི་བཀོད་པ་དྲུག་བསྟན། བདེ་བ་ཅན་སོགས་གཞིར་གཤེགས་པའི་ཚུལ་བསྟན། བསོད་ནམས་རྩེ་མོ་མཁའ་འགྲོ་མས་ལུང་བསྟན་པ་ཀོ་ཤཱམྦྷིའི་པཎྜི་ཏ་དེ་བ་མ་ཏིས་བསྒྲགས། འཁྲུངས་མ་ཐག་ནས་བདག་ནི་བྱིས་པའི་སྤྱོད་པ་ལས་འདས་པའོ། །ལན་གཉིས་གསུངས། །འཇམ་དབྱངས་སོགས་ཀྱིས་རྗེས་སུ་བཟུང་། སྐུའི་བཀོད་པ་གསུམ་བསྟན། སྤྲུལ་པའི་དཀྱིལ་འཁོར་མངོན་སུམ་དུ་བསྟན་ནུས། གངྒཱ་ཚུན་དུ་རྡོ་རྗེ་ཐེག་པ་ལ་མཁས། སྐུ་ལུས་མ་སྤངས་པར་གཤེགས། གྲགས་པ་འཇམ་དཔལ་རྩ་རྒྱུད་ལས་ལུང་བསྟན། མཁས་པའི་རྣམ་དཔྱོད་ཀྱིས། གྲགས་ལྡན་སྡོམ་བརྩོན་སོགས་གསུངས། གྲུབ་པ་རྡོ་རྗེ་ དྲིལ་བུ ་ནམ་མཁའ་ལ་འཇོག་པ་དང་། ཉི་མ་བཟུང་བ་སོགས་སྐྱེ་
བ་གསུམ་ན་མཆོག་གི་དངོས་གྲུབ་མཛད། ས་པཎ། གསུང་བྱེ་བ་ནས་སཾ་སྐྲྀ་ཏའི་སྐད་དང་ཡི་གེ་རང་བརྡོལ། མུ་སྟེགས་བཏུལ། ས་དང་པོ་བརྙེས། དྲུག་ཅུ་རྩ་གསུམ་པར་རྒྱ་ནག་ཏུ་ཕེབས། སྐྱེ་བ་གསུམ་པར་མངོན་དགའི་ཞིང་དུ་དྲི་མ་མེད་པའི་དཔལ་དུ་སངས་རྒྱས། འཕགས་པ། སྤྱན་རས་གཟིགས་ཀྱི་སློབ་མ་ས་སྟོན་རི་པ་བསམས་བཞིན་དུ་སྲིད་པ་བཞེས། ཆུ་མིག་ཆོས་འཁོར་གྱི་ཚེ་གྲུབ་ཆེན་བརྒྱད་ཅུ་དང་གནས་བརྟན་བཅུ་དྲུག་སོགས་དང་ཆོས་ཀྱི་བགྲོ་བ་མཛད། ཟིན་ཤིང་གི་སྟོན་པ་བཅུ་བདུན་བཏུལ། ཡན་ལག་ལྔ་རྒྱལ་བ་རིགས་ལྔར་སྤྲུལ། ༈ །རྒྱལ་པོ་བཀའ་ཐང་དུ། ཐ་ཆུང་མཇིང་ཡོན་མུ་ཏིག་བཙད་པོ་ལ། །རྒྱས་པར་བཤད་ན་ལེགས་པ་ལྔ་དང་ལྡན། །ཐུགས་སྒམ་བཀའ་བཙན་ཁོང་བ་ཡངས་པ་དང་། །ཟུངས་ཐུབ་དཔྱད་པས་མཐུ་སྟོབས་རབ་ཏུ་ཆེ། །རྒྱལ་སྲས་མཇིང་ཡོན་ལེགས་པའི་བློ་གྲོས་ཀྱི། །ཆེ་བའི་ཡོན་ཏན་རྒྱས་པར་འོག་ཏུ་འཆད། །ཅེས་དང་། འཛམ་གླིང་ཆུང་ངུ་འདི་ལ། འཕགས་ཡུལ། བོད། ལི། རྒྱ་ནག །ཀེ་ལ་ཤ །གངས་ལྡན་རེ་ལས་ས་དུམ་བུ་དྲུག་གོ །རང་བཞིན་རྐྱེན་དང་རྣམ་འགྱུར་གསུམ། །བརྡ་སྤྲོད་གཞུང་གི་བརྗོད་བྱ་ཡིན། །ཅེས་དང་། མངོན་སུམ་དང་ནི་རྗེས་སུ་དཔག །ལྟར་སྣང་དང་བཅས་བདག་རིག་བྱེད། །སྒྲུབ་པ་དང་ནི་སུན་འབྱིན་པ། །ལྟར་སྣང་དང་བཅས་གཞན་རིག་བྱེད། །ཅེས་སོ། །
དུས་འཁོར་བསྡུས་རྒྱུད་ཕྱི་མ་ལས། ཕྱོགས་ཀྱི་གླང་པོ་གཞན་ལ་ཕན་པའི་བསམ་པ་བཙུན་པ་ཟླ་བ་པདྨའི་མྱུ་གུ་དང་། །ཞེས་སོ། །རི་ཡི་མཆོག་ནི་རི་རབ་ཡིན། །སྒོ་ང་ལས་སྐྱེས་རྣམས་ཀྱི་ནི། །མཆོག་ནི་ནམ་མཁའ་ལྡིང་ཡིན་ནོ། །མི་ཡི་གཙོ་བོ་ས་བདག་སྟེ། །དེ་བཞིན་རི་མོ་སྒྱུ་རྩལ་གཙོ། །ཞེས་སོ། ༈ །ལུས་དང་བྱིས་པ་མོ་ནད་གདོན། །མཚོན་དུག་རྒས་དང་རོ་ཙ་བ། །གསོ་དཔྱད་གང་ལ་གནས་གྱུར་པ། །ཡན་ལག་བརྒྱད་ཅེས་དེ་ལ་བརྗོད། །ཅེས་ཡན་ལག་ཅན་གསོ་བྱ། གསོ་བྱེད། ཇི་ལྟར་གསོ་དང་། གསོ་བ་པོ་རྣམ་པ་བཞིས་བསྡུས་པ། ཡན་ལག་གསོ་བྱེད་ཀྱི་ཐབས་བརྒྱད་ལ་གནས་སོ། །སྙན་ངག་མངོན་བརྗོད་ཟློས་གར་དང་། །སྡེབ་སྦྱོར་དང་ནི་སྐར་རྩིས་ལ། །རིག་གནས་ལྔ། རྒྱན་ལས། རིག་པའི་གནས་ལྔ༴ ཞེས་དང་། མེ་ལོང་ལས། དེ་རྣམས་ཀྱིས་ནི་སྙན་ངག་གི །ལུས་དང་རྒྱན་ཡང་རབ་ཏུ་བསྟན། །ཅེས་དང་། སྨྲ་སྒོར། འདོད་རྒྱལ་ཐོག་མའི་མིང་གང་ཡིན། །རྗེས་གྲུབ་དེ་ནི་བཏགས་པའོ། །ཞེས་དང་། ༈ །འདུལ་བ་ལུང་ལས། རབ་བྱུང་གསོ་སྦྱོང་གཞི་དང་ནི། །དགག་དབྱེ་བྱར་དང་ཀོ་ལྤགས་དང་། །སྨན་དང་གོས་དང་སྲ་བརྐྱང་དང་། །ཀོ་ཤཱསྟྲཱི་དང་ལས་ཀྱི་གཞི། །དམར་སེར་ཅན་དང་གང་ཟག་དང་། །སྤོ་དང་གསོ་སྦྱོང་གཞག་པ་དང་། །གནས་མལ་དང་ནི་རྩོད་པ་དང་། །དགེ་
འདུན་དབྱེན་རྣམས་བསྡུས་པ་ཡིན། །ཅེས་དང་། མཛོད་ལས།་ལས་མ་གཏོགས་པའི་འདུས་བྱས་ནི། །ཟག་བཅས་གང་ཕྱིར་དེ་དག་ལས། །ཟག་རྣམས་ཀུན་ཏུ་རྒྱས་པར་གྱུར། །ཅེས་དང་། རྒྱན་ལས། རྣམ་ཀུན་མཁྱེན་ཉིད་ལམ་ཤེས་ཉིད། །དེ་ནས་ཐམས་ཅད་ཤེས་པ་ཉིད། །རྣམ་ཀུན་མངོན་རྫོགས་རྟོགས་པ་དང་། །རྩེ་མོར་ཕྱིན་དང་མཐར་གྱིས་པ། །སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ། །ཆོས་ཀྱི་སྐུ་དང་ དེ་རྣམས་བརྒྱད། །ཅེས་དང་། དབུ་མ་རྩ་བ་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ཀ་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ལས་ཀྱང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སོ། ༈ །རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་དང་། བསམ་མེད་གཉིས་ མེད་རྟོག་མེད་དང་། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་དང་། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་སོ། །བཀའ་ནི་རྒྱུད་བླ་མར། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་
མོངས་སྤོང་བྱེད་གསུང་། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་ལྡོག་པ་གཞན། །ཅེས་དང་། གང་ཞིག་རྒྱལ་བ་སྟོན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེངས་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་འབྲེལ་བ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། །ཞེས་སོ། །མངོན་མཛོད་གནས་དང་པོས་ཕུང་ཁམས་སྐྱེ་མཆེད། གཉིས་པས་དབང་པོ། གསུམ་པས་སྣོད་ཀྱི་འཇིག་རྟེན། བཞི་པས་ལས། ལྔ་པས་ཉོན་མོངས། དྲུག་པས་ལམ་དང་གང་ཟག །བདུན་པས་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་ཡེ་ཤེས། བརྒྱད་པས་ཐུན་མོང་པའི་ཡོན་ཏན་བསམ་གཟུགས་སོགས། ༈ །ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་ཉིན་མོར་བྱེད་པའི་སྐུ་སྟེ་པདྨའི་འདབ་མ་རྒྱས་པའི་སྤྱན། །སངས་རྒྱས་སེང་གེའི་ཁྲི་ལ་བཞུགས་པ་ལྷ་མཆོག་རྣམས་ཀྱིས་བཏུད་ལ་རྒྱལ་པོ་ཟླ་བ་བཟང་པོ་ཡིས། །མགོ་བོས་རབ་ཏུ་ཕྱག་འཚལ་ལག་པའི་པདྨ་སྦྱར་བ་ཡན་ལག་མཆོག་ལ་བཞག་ནས་ཞུས་པ་ནི། །རྣལ་འབྱོར་དཔལ་ལྡན་དུས་འཁོར་ཨ་ཕྲེང་ལྡན་པའི་ཀ་འདུས་ལ་སྟེ་མི་རྣམས་དགྲོལ་བའི་དོན་དུའོ། ༡ །དུས་ཀྱིས་སྟོང་པ་རྣམས་ལས་རླུང་དང་འབར་བྱེད་ཆུ་དང་འཛིན་མ་གླིང་དང་རི་བོ་རྒྱ་མཚོ་དང་། །རྒྱུ་སྐར་དང་ནི་ཉི་ཟླ་སྐར་མ་གཟའ་ཡི་ཚོགས་དང་དྲང་སྲོང་ལྷ་དང་འབྱུང་པོ་ཀླུ་རྣམས་དང་། །
དུད་འགྲོ་སྐྱེ་གནས་རྣམ་པ་བཞི་དང་སྣ་ཚོགས་པ་དང་འོག་ཏུ་མི་རྣམས་དང་ནི་དམྱལ་བ་ཡང་། །སྟོང་པའི་དབུས་སུ་ཡང་དག་འབྱུང་སྟེ་ཆུ་ལ་ལན་ཚྭ་དང་ནི་སྒོ་ངའི་དབུས་སུ་སྒོང་སྐྱེས་བཞིན། ༤ །དེ་ལྟར་རྒྱུ་། སྐར་གཟའ་སྟེ་དབྱངས་ཚོགས་ཚེས་རྣམས་དག་ནི་དེ་ཉིད་ལྔ་ཡི་རབ་ཏུ་དབྱེ་བ་མིས། །ཕྱོགས་དང་ཟླ་བ་བགྲོད་པ་དག་དང་ལོ་དང་དྲུག་ཅུའི་ལོ་རྣམས་ལ་ནི་འདིར་ནི་འཆར་བར་འགྱུར། ༧ དབང་ལེར ༩༨ ། དང་པོར་ཡང་དག་བསྟེན་བྱ་བླ་མ་དག་ཀྱང་དམ་ཚིག་ལྡན་ཅིང་རྡོ་རྗེ་ཐེག་ལ་ལྷག་པར་གནས། །དེ་ཉིད་བསྒོམས་ཤིང་མ་ཆགས་དྲི་མ་དག་དང་རྣམ་པར་བྲལ་ཞིང་བཟོད་པའི་ངང་ཚུལ་ལམ་ལ་ཞུགས། །སློབ་མ་རྣམས་ལ་ལམ་ནི་སྦྱིན་བྱེད་དམྱལ་བའི་འཇིགས་པ་འཕྲོག་ཅིང་དེ་ཉིད་ལས་ནི་ཚངས་སྤྱོད་ལྡན། །བདུད་རྣམས་ལ་ནི་རྡོ་རྗེའི་དབྱུག་པ་དེ་ཡང་འཛིན་མའི་གཞི་ལ་རྡོ་རྗེ་སེམས་དཔར་རབ་གྲགས་པའོ། ༢ །ནང་ལེའི་འགྲེལ་བར། གང་ཞིག་ཆེན་པོའི་མི་རྣམས་སྨིན་པར་བྱ་བའི་དོན་དུ་མངལ་ནི་འཛིན་པ་འདི་མཛད་ཅིང་། །སྲིད་པའི་འཆིང་ལས་ངེས་པར་གྲོལ་ཡང་སྲོག་ཆགས་རྣམས་ཀྱི་ལམ་གྱི་སླད་དུ་སྲིད་པ་སྟེ། །སྣ་ཚོགས་སྐྱེས་རབས་ཕྲེང་བ་ཡོན་ཏན་དང་ལྡན་སེམས་ཅན་དོན་གཉེར་རྣམས་ཀྱིས་མཐར་གྱུར་པ། །དང་པོའི་སངས་རྒྱས་རྫུ་འཕྲུལ་ཆེ་ལྡན་སྤྱོད་པ་དག་སྟེ་སྐྱོབ་པ་དེ་ལ་ཕྱག་འཚལ་ལོ། ༈ །སྒྲུབ་ཐུབ་པ་འཁྲུངས་བརྒྱ་སོ་གསུམ་
ནས་ལོ་ཉིས་སྟོང་བརྒྱད་བརྒྱ་ཉེར་བརྒྱད། པའི་དུས་ཀྱི་ལོ་གྲངས་ཆིག་སྟོང་ཉིས་བརྒྱ་སོ་དགུ་འདས་པ། ལྷག་མ་ཉིས་བརྒྱ་ང་གཉིས་དང་། ལུང་གི་དུས་ཡོངས་རྫོགས། རྟགས་ཙམ་འཛིན་པའི་ལྔ་བརྒྱ་ཕྲག་གཅིག་གནས་པ། ཁྱོན་ལོ་ཉིས་སྟོང་ཉིས་བརྒྱ་དང་གཉིས་གནས་པ། རབ་བྱུང་བཅུ་བཞི་པའི་དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོ། དུས་ཚིགས་དྲུག་ཏུ་དབྱེ་བའི་སྟོན་གྱི་དུས། ཧོར་ཟླ་དགུ་པ་དབྱུག་གུ་ཟླ་བའི་དཀར་ཕྱོགས་ཀྱི་བཟང་པོ་གཉིས་པ། རེས་གཟའ་ལྷག་པ་དང་རྒྱུ་སྐར་གྱི་རྒྱལ་པོ།། ༈ །།བདེ་མཆོག་སྙན་བརྒྱུད་དུ་གྲགས་པ་ནི། ངེས་བརྗོད་འབུམ་སྡེ་ལས་ཕྱུང་བའི་བདེ་མཆོག་ཉུང་ངུའི་རྒྱུད་ཀྱི་སྦས་དོན་ཉིད། རྡོ་རྗེ་འཆང་ཆེན་པོའི་༡རྣལ་འབྱོར་མ་ལ་སྙན་བརྒྱུད་རྡོ་རྗེ་རྣལ་འབྱོར་མའི་སྒོ་ནས་འཆད་པར་མཛད་པ་ལས། འདི་མཁའ་འགྲོས་བསྐུལ་ནས་ཨོ་རྒྱན་དུ་རྡོ་རྗེ་རྣལ་འབྱོར་མ་དངོས་ལས་གསན། དེ་ཉིད་རྣལ་འབྱོར་དབང་ཕྱུག་ཏིལླི་པས་འགྲེལ་པ་གཞུང་ཆུང་གིས་གཏན་ལ་ཕབ་ཅིང་ཇོ་བོ་ནཱ་རོ་ཏྟ་པས་དཀའ་ཆེན་བཅུ་གཉིས་སྤྱོད་པའི་དུས་སུ་བརྡ་ཡི་སྒོ་ནས་བསྟན་ཅིང་མཐར་མཆིལ་ལྷམ་དཔྲལ་བར་བརྒྱབས་པས་སློབ་དཔོན་གྱི་དགོངས་པ་པར་གྱིས་བཏབ་པ་བཞིན་འཕོས། དེ་ལ་རྗེ་མར་པ་ལོ་ཙཱ་དང་། དེས་རྗེ་བཙུན་མི་ལ། དེས་རྗེ་བཙུན་འཇའ་ལུས་ཀྱི་སྐུ་ཅན་རས་ཆུང་རྡོ་རྗེ་གྲགས་པ་ལ་གདམས་པར་མཛད་པ། འདིའི་བརྒྱུད་པ་
ལ་རྒྱལ་བ་དགོངས་བརྒྱུད། ལུང་བསྟན་གཏད་རྒྱའི་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུང་གི་བརྒྱུད་པ་སྟེ་བཞི་ལྡན་དུ་མཛད་དོ། །ལམ་གྱི་རིམ་པ་ནི། མཚན་ཉིད་དང་ལྡན་པའི་བླ་མ་དང་། སློབ་མའི་རྟེན་འབྲེལ་འགྲིགས་ནས། བསྟན་བྱ་ཆོས་ཀྱི་གནས་ལུགས་དངོས་ལ། ཕྱི་སྒྲོ་འདོགས་གཅོད་པར་བྱེད་པ་སྤྲུལ་སྐུའི་གདམས་པ་བརྒྱུད་པ་ཡིད་བཞིན་གྱི་ནོར་བུ། ནང་ཉམས་ལེན་ལོངས་སྤྱོད་རྫོགས་པ་སྐུའི་གདམས་པ་སྨིན་ལམ་ཡིད་བཞིན་ནོར་བུ། གསང་བ་ངོ་སྤྲོད་ཆོས་སྐུའི་གདམས་པ་གྲོལ་ལམ་ཡིད་བཞིན་ནོར་བུ་དང་གསུམ་ལས། དང་པོ་ནི། སྔར་སྨོས་པ་ལྟར་རོ། །གཉིས་པ་ནི། ཐབས་ཟླ ལམ་གཙོ་བོར་སྟོན་པ་རྡུལ་ཚོན་ལ་སོགས་པའི་དཀྱིལ་འཁོར་ལ་བརྟེན་ནས་དབང་སྤྱི་ལུགས་སུ་བསྐུར་བ། ཤེས་རབ་གཙོར་སྟོན་སིནྡྷ་རའི་དཀྱིལ་འཁོར་དུ་ཟབ་མོ་བརྡའི་དབང་བསྐུར་བ། དབང་དོན་མདུད་པའི་འགྲོལ་ཚུལ་ལོ། །གསུམ་པ་ནི། བུམ་དབང་དང་འབྲེལ་བ་སྒོམ་པ་གཙོ་བོར་སྟོན་པ་ཐུན་མོང་ཡིད་བཞིན་ནོར་བུ། སྤྱི་དང་འབྲེལ་བར་བསྲུང་བྱ་གཙོ་བོར་སྟོན་པ་དམ་ཚིག་ཡིད་བཞིན་ནོར་བུ། མཆོག་དབང་དང་འབྲེལ་བ་གནས་ལུགས་ཡིད་བཞིན་ནོར་བུ་དང་གསུམ་ལས། དང་པོ་ལ། རྒྱལ་པོ་ཆོས་ཉིད་མི་འགྱུར་པ་བསྐྱེད་པའི་རིམ་པ་དངོས་དང་། བློན་པོ་རིགས་གསུམ་ལས་བྱེད་ཅེས་ཚོགས་ཀྱི་འཁོར་ལོ་
སོགས་དང་། དམ་པ་ཕལ་པ་ཕྲིན་ལས་མཐུན་སྦྱོར་གྱི་གདམས་ངག་ཅེས་ཁ་ཟས་ཀྱི་རྣལ་འབྱོར་ལ་སོགས་པའོ། །གཉིས་པ་ནི། ཟབ་པ་དང་རྒྱ་ཆེ་བ་ཟུང་དུ་འཇུག་པའི་དམ་ཚིག་གསུམ་མོ། །གསུམ་པ་ལ། གསང་དབང་དང་འབྲེལ་པ་རྫོགས་རིམ་རྩ་རླུང་གི་གནད་སྟེང་སྒོ་རྣམ་པར་གྲོལ་བའི་ཆོས་དང་། ཤེར་དབང་དང་འབྲེལ་བ་མཁའ་འགྲོའི་གསང་སྒྲོག་འོག་སྒོ་བདེ་ཆེན་དང་། ཚིག་དབང་དང་འབྲེལ་བ་ཕྱག་རྒྱ་ཆེན་པོ་ཡེ་ཤེས་གསལ་བྱེད། ལམ་བློ་ནས་ཆོད་པའི་བར་དོ་ལམ་ཁྱེར། གཅིག་ཅར་བྱ་སྤྱོད་ཚོགས་སུ་བསྒྱུར་བའི་གདམས་ངག་དང་ལྔ་ལས། དང་པོ་ལ། གཏུམ་མོ་བདེ་དྲོད་རང་འབར། སྒྱུ་ལུས་ཆོས་བརྒྱད་རང་གྲོལ། རྨི་ལམ་འཁྲུལ་བ་རང་སངས། འོད་གསལ་མ་རིག་མུན་བྲལ། འཕོ་བ་གསེར་འགྱུར་གྱི་རྩི། གྲོང་འཇུག་སྦྲུལ་ལྤགས་འདོར་ལེན་དང་དྲུག་གོ །གཉིས་པ་ལ་བསྟེན་བྱ་ཕྱོག་རྒྱའི་རྣམ་དབྱེ། བསྟེན་ཚུལ་མཁའ་འགྲོའི་གསང་སྒྲོག །བསྟེན་འབྲས་བདེ་ཆེན་འཆར་རིམ་བཤད་པའོ། །གསུམ་པ་ལ། སྒོམ་པ་སྤྲུལ་སྐུའི་གནད་ངོས་བཟུང་། སྒོམ་བྱེད་ལོངས་སྤྱོད་རྫོགས་སྐུའི་བྱ་བ་བསྟན། བསྒོམ་བྱ་ཆོས་སྐུ་ཕྱག་རྒྱ་ཆེན་པོའི་དོན་བཤད་པ་གསུམ་མོ། །བཞི་པ་ལ། ནུས་ལྡན་བཞིའི་བར་དོ། ངེས་ཤེས་རྟགས་ཀྱི་བར་དོ། ངོ་སྤྲོད་འབྲས་བུའི་བར་དོ་གསུམ་མོ། །ལྔ་པ་ལ། ལམ་སྤྱིའི་
གེགས་སེལ། བྱ་སྤྱོད་ཚོགས་སུ་བསྒྱུར་བ། འབྲས་བུ་མཆོག་གི་དངོས་གྲུབ་བཤད་པའོ། །ཡང་ཏིལླི་པས་རྡོ་རྗེ་རྣལ་འབྱོར་མ་ལས་སྙན་བརྒྱུད་ཡིད་བཞིན་ནོར་བུ་འདི་བཞེས་ནས་ཤར་ལོགས་སུ་བྱོན་པའི་ལམ་ཟླ དུ་ལུས་མེད་པའི་མཁའ་འགྲོ་མ་དེས་ཆ་ལག་ལམ་ཕྲན་དགུ་བསྟན་པའི་ནང་ནས། ལྔ་མར་པ་དང་། བཞི་རས་ཆུང་པས་སྤྱན་དྲངས་པ་ཡུམ་བཀའི་ཆ་ལག་གོ །འདིའི་འབྲས་བུའི་སྐབས། མ་ཆགས་པདྨའི་ས་སོགས་གསུངས་པར། མཉམ་སྦྱོར་འགྲེལ་པར། སངས་རྒྱས་ཀྱི་ས་ཀུན་ཏུ་འོད་དང་། པདྨོ་ཅན་དང་། ཡི་གེའི་འཁོར་ལོ་ཚོགས་ཆེན་དང་། རྡོ་རྗེ་འཆང་བ་དང་། ཡེ་ཤེས་བླ་མའི་ས་དང་། བདེ་བ་ཆེན་པོའི་ས་རྣམས་རིམ་བཞིན་དུ་སྦྱར་ནས་གཅིག་ཅར་འཐོབ་པའོ། །ཞེས་པའི་པདྨོ་ཅན་དང་དོན་གཅིག །འདིའི་ལུས་རྩ་དག་པ་སྐུ་ཐམས་ཅད་པ་ཡིན་པའི་ཕྱིར། པདྨའི་འདབ་མ་རྒྱས་པའི་སྤྱན་ནོ། །དེ་བཞིན་ངག་དག་པ་གསུང་རྣམ་པ་ཐམས་ཅད་པ་ཉིན་མོར་བྱེད་པ་ཡི་གེའི་འཁོར་ལོ་ཚོགས་ཆེན་གྱིས། ཡིད་ཐིག་ལེ་དག་པ་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་འཆང་བ་དང་། རྣམ་ཤེས་སམ་ཡེ་ཤེས་དག་པས་བདེ་བ་དང་ལྷན་ཅིག་སྐྱེས་པའི་སྐུ། ཡེ་ཤེས་བླ་མ་དང་བདེ་བ་ཆེན་པོའི་ས། རིམ་བཞིན་དུ་སྦྱར་བ་ནི་དབང་བཞིའི་འགྲོས་ལ་སློབ་པ་དང་མངོན་དུ་བྱེད་པ་ནི་གཅིག་ཅར་ཏེ། དེ་ལྔ་རྣམ་པར་མི་ཕྱེད་པས་སོ། །དེ་ལྟ་བུའི་ས་བཅུ་དྲུག་ཏུ་
བཤད་པའང་དགའ་བའི་གྲངས་དང་སྦྱར་བ། གནས་སོགས་ཀྱི་དབྱེ་བས་ས་བཅུ་གཉིས་དང་། རྩ་རྒྱུད་ལས་ས་བཅུ་གཅིག་མདོ་དང་བསྟན་པར་མཛད་དོ། །ཨེ་མ་ཧོ་ཞེས་པ་ནི་ཤིན་ཏུ་རྨད་དུ་བྱུང་བས་གླེང་བསླང་བ་སྟེ། རྩ་བའི་ཨ་ཡིག་དེ་ཉིད་རྟོགས་པར་བྱེད་པ་བདུན་པའི་མཐའ་ཅན་ཨེ་རུ་འགྱུར་ལ། དེའི་གྲོགས་སྟོབས་ཀྱིས་ཨ་ཝཾ་ཡིག་དང་། ཧོ་དེ་གཉིས་སྦྱོར་བ་སྟེ། དོན་དམ་པར་ཨེ་ཝཾ་གཉིས་སུ་མེད་པའི་སྒྲས་བསྟན་ཅིང་བསམ་གྱིས་མི་ཁྱབ་པའི་ཆོས་ཕུང་ཐམས་ཅད་ཀྱི་འབྱུང་གནས་པཱ་དཱའི་དེ་ཁོ་ན་ཉིད་དོ། །བི་རཱ་མ་ཞེས་པ། བི་བྲལ་པའི་དོན་དུ་བྱས་ན། དགའ་བྲལ་དང་། ཁྱད་པར་གྱི་དོན་དུ་བྱས་ན་ཁྱད་པར་དགའ་ཞེས་བསྒྱུར་ཡང་། དོན་ཕྱི་མ་བཟང་བར་གྲགས་སོ། །སཱུ་ཏྲ་ཞེས་པ་དོན་མདོར་བྱས་ནས་སྟོན་པས་མདོ་དང་། མན་ཞེས་པ་དེ་རྒྱས་པར་ཤེས་པའི་དབང་རྣོན་ལ་སྟོན་པས་ན་སྔགས་ཏེ་མདོ་རྒྱན་དུ་བཤད་དོ།། ༈ །།དཔལ་ལྡན་འབྲུག་པའི་ཆོས་སྐོར་ལས། འགྲོ་མགོན་གཙང་པ་རྒྱ་རས་ཀྱི་གསུང་སྒྲོས་ཐོར་བུ་ཐུགས་དམ་དགེ་སྦྱོར་བདུན་པ་ཞེས་འབྲས་མོ་བ་སངས་རྒྱས་འབུམ་ཞེས་གྲགས་པོས་བསྒྲིགས་ པ་དེར། དང་པོར་སེམས་བསྐྱེད་གསོལ་བ་གདབ། དགོས་མེད་བསྒོམ་ཞིང་བཟློག་སྣང་གྲགས་རིགས་གསང་སྤྱོད། བསྒོམ་བྱ། །ཞིང་ཁམས་གསུམ་ལྷ་ཅིར་སྣང་བླ་མའི། སྦྱང་ཞིང་སྙིང་རྗེ་བསྒོམ། །ཆིག་ཕྱག་ཆེན། ཆོག་
བསྒོམ་ཞིང་རྩལ་རྫོགས་དེ་སྤྱོད་ལམ་དང་བསྲེ་བ། བསྒོམ། །ལས་འབྲེལ་གཞན་དོན་ཁོ་ན། བཞག་ཅིང་སྤེལ་དགེ་བ། སྡིག་པ། སྦྱང་བྱ། །དབང་ཏིང་ངེ་འཛིན་གྱི། བཞི་བསྐུར་ཞིང་གདམས་ངག་སྔགས་ཆོག་སྐུར་ཤར་བ་བསྒོམ།། །།རྟེན་འབྲེལ་ལུས་ངག་ཡིད་གསུམ་གྱིས་ཕྱི་ནང་གསང་བའི། བསྒྲིགས་པས་སྐུ་གསུམ་ཐོབ་པར་བྱ་ཤིང་སྨོན་ལམ་ཆེན་པོ་བཅུ་གདབ། །ཅེས་ཟུང་བདུན་ནོ། །སྨོན་ལམ་འབུམ་ཕྲག་བཅུ་པོ་གང་ཡིན་པ་འདིར་འདུས་ཏེ། སངས་རྒྱས་།། ཀུན་མཆོད་ཀུན་གྱི་དམ་ཆོས་འཛིན། །ཀུན་གྱི་དྲུང་འགྲོ་སྤྱོད་པ་རྒྱ་ཆེན་བསྒྲུབ། །སེམས་ཅན་ཡོངས་སྨིན་འཇིག་རྟེན་ཁམས་ཀུན་འཇུག །ཞིང་ཀུན་ཡོངས་སྦྱོང་ཐེག་ཆེན་ལམ་འཇུག་དང་། །སྤྱོད་ཀུན་དོན་ཡོད་ཐེག་ཆེན་བསྒྲུབ་པར་སྨོན། །ཞེས་མདོ་སྡེ་ས་བཅུ་པ་དང་། བྱང་ས་ལས་གསུངས་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་རྣམས་སྡོམ་དུ་མཛད་པ་དང་མཐུན་ལ། དེ་ཡང་བསྡུ་ན། རྒྱལ་བ་ཀུན་གྱི་དམ་པའི་ཆོས་འཛིན་ཅིང་། །ཞེས་བྱ་བ་འདིར་འདུ་བས་བློ་དང་ལྡན་པའི་གང་ཟག་རྣམས་ཀྱིས་འབད་པས་བསྒྲུབ་པར་རིགས་སོ། །ཞེས་གསུངས། ༈ །ཆོས་རྗེ་འབྲུག་པའི་ཁྲིད་སྲོལ་ཆེན་པོ་ལྔ་ཡི་ནང་ཚན་ལམ་ཟབ་བླ་མའི་ རྣལ་འབྱོར་ལ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི། སྔོན་འགྲོ་དམ་ཚིག་གཙང་བ། ཚོགས་བསགས་པ། གསོལ་བ་གདབ་པ་ལ་བསླབ་པ་སྟེ་བསླབ་པ་གསུམ་ལ་བསླབ་པ།
དངོས་གཞི་སྨིན་གྲོལ་གཉིས་ལ། བསླབ་པར་བསྙེན་སྒྲུབ་ལས་གསུམ། དང་པོ་ལའང་ཕྱི་སྒྲུབ་ཕྱག །ནང་སྒྲུབ་གསོལ་འདེབས། གསང་སྒྲུབ་བཟླས་པའི་བསྙེན་པ་གསུམ། གསུམ་པ་ནི། སྣང་གྲགས་རིགས་གསུམ་བླ་མའི་སྐུ་གསུང་ཐུགས་རྡོ་རྗེར་ཤར་བས་སྐུ་གསུམ་དཀོན་མཆོག་གསུམ་གྱི་ངོ་བོར་མོས་གུས་བསམ་གྱིས་མི་ཁྱབ་པའི་ངང་ལ་བཞག་པའོ། །ཕྱི་མ་ལ། སྨིན་བྱེད་དབང་། གྲོལ་བྱེད་སྒྲུབ་ཐབས། གེགས་སྲུང་བར་བྱེད་སྲོག་གཅོད་པ་སོགས་ལྡེམ་དགོངས་ཀྱི་དམ་ཚིག་བཞི། པ་དམ་ཚིག །བོགས་འདོན་སྤྱོད་པ་དང་བཞིའོ། །བྷུ་སུ་ཀུའི། གསང་བའི། རིག་པ་བརྟུལ་ཞུགས་ཀྱི། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་སྟེ་བཞི། གཉིས་པར། བརྟགས་པའི་དཀྱིལ་འཁོར་དུ་བླ་མ་སྤྲུལ་སྐུ་ཆོས་ཉིད་དག་པ་གསུམ་དེ་བཞིན་ཉིད། ཆོས་ཅན་ལྷ་སོ་སོའི། སོ་སོ་རང་རིག་པའི། ལུས་དཀྱིལ་དུ་ལོངས་སྐུར་རྒྱུད་ཀྱི། སྔགས་ཀྱི། ཡེ་ཤེས་ཀྱི། གསང་བའི་རིམ་པ་བཞི། བྷ་གའི་དཀྱིལ་འཁོར་དུ་ཆོས་སྐུར་བདག་གཞན་དུས་ཡེ་ཤེས་ཀྱི་བཟང་པོ་བཞི། བྱང་སེམས་ཀྱི་དཀྱིལ་འཁོར་དུ་ངོ་བོ་ཉིད་སྐུར་བསྒྲུབ་བདག་གཞན་རྣལ་འབྱོར་དེ་ཁོ་ན་ཉིད་ཀྱི་གདན་བཞི། པའོ།། ༈ །།ཚར་གསུམ་ཁུག་པ་ནི། རྒྱུ་དབང་། ལམ་དབང་། འབྲས་བུའི་དབང་གསུམ་མོ། །བྷ་གའི་དཀྱིལ་འཁོར་ནི་རང་ལུས་ཐབས་ལྡན་གྱི་ཚེ་གསང་གནས་རྩ་མདུད་གྲུ་གསུམ་དང་། གཞན་ཕྱག་རྒྱ་མའི་པདྨའོ། །བླ་མ་སྒྲུབ་པའི་རྣམ་བཤད་ལས། སོ་ཐར་གྱི་
བསྙེན་པར་རྫོགས་པ་ལྟ་བུ་སྔར་བྱོས་ཕྱིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དེ་ནས་རྡོ་རྗེ་ཐེག་པ་ལ་ཞུགས་པ་ཞིག་ཡིན་ན། སྡོམ་པ་དེ་གསུམ་གནས་འགྱུར་ངོ་བོ་གཅིག །དེའི་ཚེ་སྲོག་གཅོད་པ་ལྟ་བུ་སོགས་ གསང་སྔགས་ཀྱི་གནང་བ་བསྒྲུབས་ན་སྔ་མ་གཉིས་ལ་ལྟོས་པའི་ལྟུང་བ་མི་འབྱུང་བ་སྟེ། ཉི་ཟླ་སྐར་གསུམ་མཁའ་ལ་གནས་ཀྱང་ཉི་མའི་འོད་ཀྱིས་ཟིལ་མནན་པས་དེ་དག་གི་འོད་ཀྱི་བྱ་བ་མི་སྣང་བ་ལྟ་བུ། དེའི་ཕྱིར་འདི་ལ་དགག་སྒྲུབ། གོང་མ་གཙོ་བོ་ཡིན་ནོ། །ཉི་མ་མེད་ན་ཟླ་འོད་སྣང་བ་བཞིན། སྔགས་ཀྱི་ལམ་ལྟོས་པ་མེད་ན་སྔ་མ་རང་ཉིད་བཞིན་དུ་འདུ་དགོས་ཏེ། འཆང་འབྲལ་ལྟ་བུའོ། །ཞེས་གསུངས། །བླ་མ་རྒྱང་འབོད་ཅེས་པ། སྤྱོད་འཇུག་ལས། སྤྱན་རས་གཟིགས་མགོན་དེ་ལ་ཡང་། །ཉམ་ཐག་ང་རོས་འོ་དོད་འབོད། །གསུངས་པ་ལྟ་བུ་སྟེ། དེ་བླ་མ་སྙན་འོན་བས་མིན། རང་ལ་ཉོན་མོངས་པའམ། རྐྱེན་མི་དགེ་བའི་བཤེས་གཉེན་དུ་སོང་ནས་བླ་མ་དང་ཐུགས་ཡིད་བསྲེ་མ་ཐུག དེས་ན་བླ་མ་དཀོན་མཆོག་མི་མངོན་དབྱིངས་ན་ར་མདར་སྤྲན་པ་སྟེ། ཕལ་སྐད་དུ་འབོད་པ་རྒྱགས་པའོ། །ལམ་ཟབ་བླ་མ་སྒྲུབ་པ་འདིའི་ཁུངས་ནི། གསང་འདུས་རྩ་རྒྱུད་ལེའུ་བཅུ་བདུན་པར། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །
ཞེས་སོགས་ཀྱིས་མངོན་སུམ་ལམ་བྱེད་ཀྱི་གདམས་ངག །བླ་མ་མཆོད་པ་ཕན་ཡོན་དང་བཅས་པ། བླ་མ་རིགས་ཐམས་ཅད་ཀྱི་ཁྱབ་བདག་དང་རྒྱུད་ཐམས་ཅད་ཀྱི་སྟོན་པ་པོ་ཡིན་པར་སྒྲུབ་པ། འདོད་པའི་དངོས་གྲུབ་བླ་མ་ལ་རག་ལས་པ། དངོས་གྲུབ་སྒྲུབ་པའི་མངོན་པར་རྟོགས་པ་དབང་གི་ཆོ་ག་དང་བཅས་པ་གསལ་བར་བསྟན་པ་ལྟར། ས་ར་ཧས་བདག་བྱིན་རླབས་ཞེས་མོས་གུས་ཆིག་ཆོད་དུ་འགྲོ་བ་མོས་གུས་ཕྱག་རྒྱ་ཆེན་པོ་སྟོན་པའི་གཞུང་མཛད། དེ་ལ་ཏིལླི་པས་ཚར་གསུམ་ཁུག་པ་དག་གི་གདམས་ངག་དང་། བྷ་བི་ལྷས་བླ་མ་ལྔ་བཅུ་པ་གླིང་ཊཱི་ཀ་དང་བཅས་པ། ཕྱིས་ཆོས་རྗེས་ཡིག་ཆ་གསུམ་དང་། པཎྜི་ཏ་བི་བྷུ་ཏས་བསྣམས་ནས་རྒོད་ཚང་པ་ལ་གནང་བ་བླ་མ་གསང་གསུམ་གྱི་སྒྲུབ་ཐབས་རྣམས་ལ་གཙོ་བོར་བསྟན་པའོ། ༈ །ཆོས་བརྒྱད་མགོ་སྙོམས་པ་ཙམ་རྩེ་གཅིག་རབ་ལའང་འོང་། དེ་ནི་ནམ་མཁའ་དང་ལག་བི མཐིལ་མཉམ་པ། ཙནྡན་དང་སྟེའུར་མཉམ་པ། གསེར་དང་བོང་བ་འདྲ་བར་ཉན་ཐོས་ཀྱི་ཡོན་ཏན་དུའང་བཤད་པའི་དོན་ལས་སོ། །ཐེག་ཆེན་ངེས་པའི་རིགས་ཅན་རྣམས་ཚོགས་ལམ་དང་། མ་ངེས་པའི་རིགས་ ཅན་རྣམས་སྦྱོར་ལམ་ཐོབ་ནས་ཕྱིར་བཟློག་མི་སྲིད། ཡང་ས་བརྒྱད་པ་ནས་ཕྱིར་མི་ལྡོག་པར་བྱས་པ་ནི། མཚན་འཛིན་གྱི་སྣང་བ་ཅན་དུ་ཕྱིར་མི་ལྡོག་པ་ལ་དགོངས། ཞི་གནས་ཀྱི་འདོད་སེམས་རྩེ་གཅིག་པ་
ནས་ལུས་སེམས་ཤིན་སྦྱོང་གི་བདེ་བ་མ་ཐོབ་ཀྱི་བར་རྩེ་གཅིག །སེམས་ངོ་ཞེས་ཐ་མལ་གྱི་ཤེས་པ་ལྷག་གེར་མཐོང་བས་སྔར་གྱི་སྒོམ་ཉམས་ཀྱི་སྤྲོས་པ་ཐམས་ཅད་ཞིག་པའི་ཚེ་སྤྲོས་བྲལ་ཡིན་ནོ།། ༈ །།དཔལ་ལྡན་འབྲུག་པའི་ཟབ་ཆོས་རྟེན་འབྲེལ་གྱི་སྐོར་ནི། འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ་ལ་དཔལ་ཙཱ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོར་རྫོགས་པའི་སངས་རྒྱས་རབ་བདུན་གྱིས་རྡོ་རྗེ་ནཱ་དའི་དབྱངས་ཀྱིས་མགྲིན་གཅིག་ཏུ་བསྙད་པར་མཛད་པ་སྟེ། དེ་ལ་ཡང་ངོ་སྤྲོད་གཉིས། དབྱེ་བ་གསུམ། སྒོམ་ཐབས་གཉིས། བརྩི་ལུགས་གསུམ། བསྒྲིགས་དུས་བཞི། ལག་ལེན་གསུམ། རྟོགས་པ་གཞིར་བཞག་པ་དང་བདུན་ནོ། །དང་པོ་ནི། ལུགས་འབྱུང་ལུགས་མི་མཐུན་ལས་འཁོར་འདས་ཆོས། །ཞེས་གསུངས་ཏེ། དེ་ཡང་འཁོར་བའི་འཁོར་ལོ་ནི་རྣམ་པར་རྟོག་པའི་བག་ཆགས་ཀྱིས་བསྐྱེད་པ་ཡིན་ལ། དེ་སྔགས་སུ་མ་རིག་པ་ཀུན་འགྲོ་གཞོམ་མེད་ཅེས་སམ། འཕོ་པའི་བག་ཆགས་ཞེས་སམ། བཞི་པའི་གནས་སྐབས་བསྐྱེད་པའི་ཡེ་ཤེས་ཀྱི་ཐིག་ལེ་ཞེས་བཞག་པ་སྟེ། དེ་ནི་རང་གི་སེམས་ཉིད་རང་བཞིན་དུ་འཁྲུལ་པས་ཐོག་མ་མེད་པའི་བག་ཆགས་ཀྱི་རྒྱུན་ཅན་ཏེ། འདི་ཉིད་ལ་མ་རིག་པ་ལྷན་སྐྱེས་དང་། ཤེས་བྱའི་སྒྲིབ་པ་ཞེས་སུའང་བཤད། དེས་བསྐྱེད་པའི་འཁོར་བའི་ཆོས་ཅན་གྱི་ཤེས་པ་ཐམས་ཅད་ལ་རྣམ་པར་རྟོག་པ་དང་།
དེ་ཐམས་ཅད་རིག་པ་ཡེ་ཤེས་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཉིད་ཀྱིས་མ་རིག་པར་བཞག་པའོ། །དེ་ལྟ་བུའི་བདག་མེད་རྟོགས་པའི་སྟོང་ཉིད་ཀྱིས་དངོས་པོ་རྣམས་ལ་མི་རྨོངས་པས་སྤངས་ཏེ། འདི་ལྟར་གཟུགས་ཅན་རྣམས་ཡུལ་དང་། ཤེས་པ་དུས་ཀྱི་ཆས་ཕྱེ་ཞིང་བཙལ་བས་སྙིང་པོ་མ་རྙེད་པའམ། གཅིག་དང་དུ་བྲལ་ལ་སོགས་པའི་རྟོག་གེའི་བློས་ངོ་བོ་ཉིད་མེད་པར་རྗེས་སུ་དཔག་པའི་སྟོབས་ཀྱིས་རྟོགས་པས། གཟོད་སྒོམ་བྱུང་ཤེས་རབ་སྐྱེས་ནས། ཚུལ་དེས་དངོས་པོ་རྣམས་ལ་རྨོངས་པ་མེད་པར་བྱས་པ་ལ་མི་ཆགས། མ་ཆགས་ན་མི་སྡང་། མི་སྡང་ན་ལས་མི་གསོག །ལས་མེད་ན་དངོས་པོ་མི་ལེན། ལེན་པ་མེད་ན་སྲིད་པ་འདུ་མི་བྱེད། སྲིད་པ་མེད་ན་མི་སྐྱེ། མ་སྐྱེས་ན་ལུས་སེམས་ལ་སྡུག་བསྔལ་མི་འབྱུང་། དེ་ལྟར་རྒྱུ་ལྔ་པོ་མ་བསགས་པས་འབྲས་བུ་གཞན་མི་འབྱུང་སྟེ། འདི་ནི་མྱ་ངན་ལས་འདས་པའོ། །གཉིས་པ་ནི། ཤིན་ཏུ་ཕྲ་དང་ཕྲ་བ་རགས་རིམ་ཕྱིར། །ཞེས་བཤད། དེ་ཡང་ལས་ལས་འཇིག་རྟེན་འདི་དག་སྐྱེས་ཤིང་།. དེ་ཡང་ཕྲ་རྒྱས་ཀྱི་དབང་གིས་བསགས་པར་འགྱུར་བ་སྟེ། དེའི་དབྱེ་བ་ནི་ཁམས་གསུམ་གྱི་མཐོང་བས་སྤོང་བ་དང་། སྒོམ་པས་སྤང་བྱ་མཐའ་དག་སྟེ་རྩ་བའི་ཉོན་མོངས་པ་དྲུག་སོགས་སོ། །ཅིའི་ཕྱིར་ཕྲ་རྒྱས་བྱ་ཞེ་ན། རྟོགས་པར་དཀའ་བས་རྒྱུ་བ་རྗེས་སུ་འབྲེལ་བའི་ཕྱིར་དང་། ཐོས་པ་
དང་རྗེས་སུ་འབྲེལ་བ་དང་། དམིགས་པ་དང་མཚུངས་བར་ལྡན་པའི་སྒོ་ནས་རྒྱས་པར་འགྱུར་བ་དང་། སྦྱོར་བ་མེད་པར་དེ་བཟློག་བཞིན་དུ་ཡང་ཡང་དུ་མངོན་དུ་འགྱུར་བས་རྗེས་སུ་འབྲང་བས་ཏེ། འདི་ལའང་བྱེ་སྨྲ་བས་ཆོས་མངོན་པ་ལས་ཕྲ་རྒྱས་ཞེས་བྱ་བའི་སྒྲ་འབྱུང་བ་ནི་ཉོན་མོངས་པ་ཁོ་ནས་མཚན་ཉིད་པ་སྟེ། དེ་ལྟ་བས་ན་ཕྲ་རྒྱས་རྣམས་ནི་མཚུངས་པར་ལྡན་པ་ཁོ་ན་ཡིན་ནོ། །ཞེས་དང་། མདོ་སྡེ་པས། མཚུངས་པར་ལྡན་པའང་མ་ཡིན་ལ། མི་ལྡན་པའང་མ་ཡིན་གྱི་ཉོན་མོངས་པ་ཉལ་བ་ལ་ནི་ཕྲ་རྒྱས་ཞེས་བྱ་ལ། སད་པ་ནི་ཀུན་དཀྲིས་ཞེས་བྱའོ། །ཞེས་འདོད། ཐེག་པ་ཆེན་པོ་རྡོ་རྗེའི་ཐེག་པ་དང་བཅས་པས་ནི། འཁོར་འདས་གཉིས་སུ་མེད་པའི་ཟུང་འཇུག་གི་མཐར་ཐུག་སེམས་ཀྱི་རྡོ་རྗེ་འདི་ཉིད་ཕུང་པོ་སོགས་དང་བྲལ་བའི་མཚན་ཉིད་ཅན་གྱི་མྱ་ངན་ལས་འདས་པའི་གཟུགས་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཡིན་པའི་ཆ་ནས་གསལ་བ་སྟེ། དེས་རྟག་མཐའ་བྲལ། འཁོར་བའི་བདེ་བ་ལས་འདས་པའི་མི་འགྱུར་བའི་ཡེ་ཤེས་སུ་གྱུར་པས་ཟབ་པ་སྟེ། དེས་ཆད་པ་ལས་ངེས་པར་གྲོལ་ལ། བདེ་སྟོང་དེ་དག་གཅིག་པ་ཉིད་ཀྱི་ཕྱིར་དངོས་མེད་ཀྱི་མཐའ་སྤངས་པས་དངོས་པོ་དང་དངོས་པོའི་མཐའ་སྤངས་པས་དངོས་མེད་ཅེས་བྱ་བར་ཡང་བཞག་སྟེ། ཞལ་ལུང་ལས། ཆོས་རྣམས་གཟུགས་ལ་སོགས་པ་རྣམས། །ཀུན་མཁྱེན་པར་
གྱི་རང་བཞིན་ནི། །ནམ་མཁའི་དཀྱིལ་ལྟར་རྣམ་དག་པའི། །ཟབ་གསལ་གཉིས་མེད་ཡེ་ཤེས་སོ། །ཞེས་སོ། །དེ་ནི་འཁོར་འདས་ཐམས་ཅད་ཀྱི་ཁྱབ་བདག་རང་བཞིན་འགྱུར་བ་མེད་པ་གཞིའི་རྒྱུད་ཅེས་བཤད་པས། རང་བཞིན་དེ་ཉིད་ལ་འགྱུར་བ་མེད་ཀྱང་སྣང་བའམ། རྣམ་པ་དང་བཅས་པ་ཉིད་ཀྱིས་མ་དག་པ་ལྟར་སྣང་བའི་སྐབས་སུ་འཁོར་བའི་ཕུང་ཁམས་སྐྱེ་མཆེད་སོགས་ཇི་སྙེད་པའི་གཞིར་གྱུར་པས་ཀུན་གཞི་ཞེས་བྱ་ཞིང་། སྒྲིབ་པའི་ཆ་དག་པ་ན། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་གཞིར་གྱུར་པས་རིགས་སམ། རྣམ་པ་ཐམས་ཅད་པའམ། དབང་པོ་ཐམས་ཅད་པ་ཞེས་བྱ་སྟེ། བག་ཆགས་བགོ་བའི་གཞིར་གྱུར་ཀྱང་རང་གི་ངོ་བོ་ལ་མ་གོས་ཏེ། དཔེར་ན་སྤྲིན་དང་བཅས་པའི་ནམ་མཁའ་བཞིན་ནོ། །དེས་ན་ཀུན་གཞི་ནི་འཁོར་བ་འཇུག་ལྡོག་གཉིས་ཀའི་རྒྱུ་ཡིན་ནོ། །འདི་ལ་ཤིན་ཏུ་ཕྲ་བ་ཞེས་བྱ། དེ་ལས་ཀུན་འགྲོ་ལྔ་སོགས་ཕྲ་བ་དང་། དེ་ལས་ཕྱི་རོལ་གྱི་དུས་དང་། ནང་གི་ཕུང་ཁམས་སོགས་རགས་པ་ཐམས་ཅད་འབྱུང་བ་ཉིད་དོ། །གསུམ་པ་ལ་གཉིས་ཏེ། སྐྱེ་བ་མེད་ པར་ངོས་འཛིན་པ་མཉམ་གཞག་ཡོན་ཏན་སྐྱེ་བའི་རྟེན་འབྲེལ། འགག་པ་མེད་པར་ལམ་དུ་ཁྱེར་བ་རྗེས་ཐོབ་རྩལ་རྫོགས་པའི་རྟེན་འབྲེལ་གཉིས་ལས། དང་པོ་ནི། སྟོང་ཉིད་སྙིང་རྗེ་ཟུང་འཇུག་བསྒོམ་པའི་
ཆུས། །སེམས་ཀྱི་རྡོ་རྗེ་རྣམ་པར་སྦྱངས་ཞེས་གང་གི་ངོ་བོ་སྟོང་པར་རྟོགས་པས་དེ་ལྟར་མ་ཤེས་པར་འཁྲུལ་པའི་འགྲོ་བ་རྣམས་ལ་སྙིང་རྗེ་ཆེན་པོ་རང་ཤུགས་ཀྱིས་སྐྱེ་བས་ཟུང་དུ་འཇུག་པས་སྦྱོང་བྱེད་ཀྱི་ཐབས་ སུ་བྱས་ཏེ། སྦྱང་གཞི་དང་སྦྱངས་འབྲས་དབྱེར་མི་ཕྱེད་པ་སེམས་ཀྱི་རྡོ་རྗེའི་གློ་བུར་འཁྲུལ་པའི་དྲི་མ་སྦྱང་བ་ལ་བརྩོན་པའོ། །དེ་ལ་སྟོང་ཉིད་ཀྱང་ལྡོག་ཆས་ཕྱེ་ན་བཅུ་དྲུག་དང་། བཅོ་བརྒྱད་དང་། ཉི་ཤུ་སོགས་སུ་འགྱུར་ལ། མདོར་བསྡུ་ན་གང་ཟག་ཆོས་ཀྱི་བདག་མེད་རྟོགས་པའི་སྟོང་པ་གཉིས། སྙིང་རྗེ་ལ་འགྲོ་བ་ཐམས་ཅད་འདུ་བྱེད་ཀྱི་སྡུག་བསྔལ་དང་བྲལ་བར་འདོད་པ་སེམས་ཅན་ལ་དམིགས་པ། གང་ཟག་གི་ཟླས་ཕྱེ་བའི་ཕུང་སོགས་སྐད་ཅིག་རེ་རེར་འཇིག་པ་ནི་འཇིག་པའི་སྐུམ་པ་སྟེ། དེ་དང་བྲལ་བར་འདོད་པ་ཆོས་ལ་དམིགས་པ། བདག་དང་སེམས་ཅན་སྟོང་ཉིད་དུ་མངོན་སུམ་དུ་རྟོགས་པས་བདག་གཅེས་འཛིན་གྱི་བློ་ཤུགས་ཀྱིས་འདོར་བ་ལ་དམིགས་པ་མེད་པའི་སྙིང་རྗེའི་སྒྲས་བསྟན་པ་སྟེ། དང་པོ་གཉིས་ནི་ནང་པའི་སོ་སྐྱེ་ལའང་ཡོད་ལ། ཕྱི་མ་ནི་ས་ཐོབ་པ་ཡན་ཆད་ཀྱི་ཁྱད་པར་རོ། །གཞན་ཡང་ས་དང་པོ་ན་འཇིག་ཚོགས་སུ་ལྟ་བ་མེད་ཀྱང་། དེའི་བག་ཆགས་ཀྱིས་བསླད་པའི་བདག་ཏུ་སྣང་བ་ཕྲ་མོ་ཡོད་པའི་ཕྱིར་སེམས་ཅན་དང་། གཉིས་པ་དང་བདུན་པའི་བར་ལ་ནི་རྟོག་དཔྱོད་ལ་ཞུགས་པ་སྟེ། དེ་དག་ཏུ་ཆོས་
གསུང་རབ་དང་འབྲེལ་བའི་སྒྲ་དོན་ཅན་གྱི་རྟོག་པ་ཡོད་པས་ཆོས་དང་། བརྒྱད་པ་ནས་རྟོག་པ་མེད་པའི་ཕྱིར་དམིགས་པ་མེད་པའི་སྙིང་རྗེ་ཞེས་བྱའོ། །གཉིས་པ་ནི། དེས། སྣང་བའི་སྒྱུ་མ་དག་ནི་བཤིག་པར་བྱ། །ཞེས་པ་རྒྱས་པར་དྲན་པ་ཉེར་བཞག་བཞི་ནས་འཕགས་ལམ་ཡན་ལག་བརྒྱད་ཀྱི་མཐར་ཐུག་པའི་བར་གྱི་བྱང་ཕྱོགས་སོ་བདུན་སྒོམ་པའི་རིམ་པ་དང་། བསྡུས་པ་སྲིད་ཞི་མཉམ་ཉིད་དུ་སྦྱོར་། །བའི་རྣལ་འབྱོར་གཉིས་སུ་བཞག་སྟེ། དང་པོ་ནི་མདོ་སྡེ་རིན་པོ་ཆེ་རྣམས་ལས་བཤད་པ་ལྟར་དང་། ཕྱི་མ་ནི་ཅིར་སྣང་སྒྱུ་མའི་རྣམ་རོལ་དུ་མཉམ་པར་རྟོགས་པ་གང་ཡིན་པའོ། །བཞི་པ་ལ་གསུམ་ལས། དངོས་པོར་སྣང་བ་སྤྲུལ་སྐུའི་རྩལ་སྦྱོང་། སྒྱུ་མ་ལྟ་བུའི་རྒྱུ་འབྲས་ལོངས་སྐུའི་རྩལ་སྦྱོང་། ནམ་མཁའ་ལྟ་བུའི་རྒྱུ་འབྲས་ཆོས་སྐུའི་རྩལ་སྦྱོང་གསུམ་ལས། དང་པོ་ནི། ཇི་ལྟར་དངོས་དང་སྒྱུ་མ་མཁའ་འདྲ་བ། །དེ་ལྟར་རྟེན་འབྱུང་ཆོས་ཀྱང་ཤེས་བྱ་སྟེ། །ཞེས་པའི་དོན་ཐེག་པ་ཆུང་འབྲིང་དག་རྒྱུ་དྲུག །རྐྱེན་བཞི། འབྲས་བུ་ལྔའི་རྣམ་པར་བཞག་པ་བྱེད་ལ། ཐེག་པ་ཆེན་པོར། རྒྱུ་བཅུ་ལ་སོགས་པར་རྣམ་པར་བཞག་པའོ། །༼ གཉིས་པ་ནི་ཆོས་ཐམས་ཅད་ཡོད་མིན་སྒྱུ་མ་ལྟ་བུ་དང་། གསུམ་པ་ནི། ནམ་མཁའ་ལས་གཟུགས་བརྙན་ཤར་བ་བཞིན་ཅིར་ཡང་བཏུབ་པ་བཟོད་པ་གནས་པའི་མཚན་ཉིད་ཅན་ནོ། །ལྔ་པ་ནི། གཞི་སྡོམ་པ་
དང་དམ་ཚིག །བླ་མའི་དྲུང་དུ་མོས་གུས་ཀྱི། སྒྲུབ་པའི་དུས་འཇིག་རྟེན་བློས་བཏང་གི །འགྲོ་དོན་གྱི་དུས་གཞན་ཕན་བྱང་སེམས་ཀྱི་རྟེན་འབྲེལ་བསྒྲིགས་པ་དང་བཞིའོ། །དེ་ལྟར་ཡང་། སྡོམ་གནས་བླ་མར་གུས་ལྡན་དེ་དག་གིས། །མ་ཆགས་སྙིང་རྗེའི་ཡ་ལད་བགོས་ནས་སུ། །ཞེས་སོ། །དྲུག་པ་ལ། །སྤྱིར་བསྟན་པ་དང་། བྱེ་བྲག་སོ་སོར་ཕྱེ་སྟེ་བཤད་པ་གཉིས་ལས། དང་པོ་ནི། ཕྱི་ལུས་ངག་གསང་བ་ཡིད་དག་ལ། །སོ་སོར་བརྟག་པའི་འགོག་པ་ལ་སྦྱངས་ན། །ཞེས་ལམ་གྱི་ཆོས་འདི་དག་ཀྱང་མདོ་རྒྱུད་དབང་གི་ངེས་པ་མཐའ་དག་རྒྱུ་རྣམ་པ་གསུམ་གྱིས་བཞག་སྟེ། སྤོང་ལམ་དང་། བསྒྱུར་ལམ་དང་། །དངོས་པོའི་ངོ་བོ་ཉིད་ལམ་དུ་བྱེད་པའི་དབང་དུ་བྱས་པའོ། །གཉིས་པ་ལ། ལུས་སོ་སོར་བརྟགས་ཏེ་འགོག་པ་བེམ་རིག་བསྲེ་བ་ཕྱིའི་རྟེན་འབྲེལ། ངག་སོ་སོར་བརྟགས་ཏེ་འགོག་པ་ཟབ་གསལ་གཉིས་མེད་ནང་གི་རྟེན་འབྲེལ། ཡིད་སོ་སོར་བརྟགས་ཏེ་འགོག་པ་ཁ་སྦྱོར་གྱི་ཏིང་ངེ་འཛིན་གསང་བའི་རྟེན་འབྲེལ་གསུམ་མོ། །བདུན་པ་ནི། རྒྱལ་བ་རྣམས་དང་སྤྱོད་ཡུལ་གཅིག་པར་འགྱུར། །ཞེས་ཕྱིན་ས་ལམ་གྱི་བཅུ་གཅིག་ཀུན་ཏུ་འོད་སངས་རྒྱས་ཀྱི་སར་བཞག་པ། བླ་མེད་ལ་དེ་སྟེང་དབང་བཞིའི་འབྲས་བུ། པདྨ་ཅན། འཁོར་ལོའི་ཚོགས་ཆེན། རྡོ་རྗེ་འཆང་བ། ཡེ་ཤེས་བླ་མ་བཞི་རིམ་གྱིས་སྦྱངས་
ཏེ། ཐམས་ཅད་རོ་མཉམ་བདེ་བ་ཆེན་པོའི་ས་ཐོབ་པས་བཅུ་དྲུག་གི་རྣམ་གཞག་ནི་དགའ་བ་དེ་སྙེད་ཀྱི་ངོ་སྐལ་དང་མཐུན་པར་ལྡོག་ཆས་ཕྱེ་བ་ཙམ་སྟེ། དོན་དུ་བདེ་བ་ཆེན་པོ་ཁ་སྦྱོར་བདུན་ལྡན་གྱི་ཆ་ ཤས་སུ་རིག་པར་བྱའོ། །མདོར། དབྱིངས་ཨེ་ལས་རིག་པ་ཝཾ་འཆར་བའི་ཚུལ་གྱིས་རང་བཞིན་གཞི་ཡི་རྟེན་འབྲེལ། སྐྱེ་མེད་ཨེ་ལས་འགག་མེད་ཝཾ་དུ་འཆར་བའི་རྣམ་པ་ལམ་གྱི་རྟེན་འབྲེལ། ཇི་ལྟ་བ་ཨེ་ལས་ཝཾ་ཇི་སྙེད་པ་མཐར་ཕྱིན་འབྲས་བུའི་རྟེན་འབྲེལ་བཤད་པའི་ཕྱིར་གསུངས་པ་དེ་བས་ན། རྣམ་པ་ཐམས་ཅད་དུ་གཞི་ལམ་འབྲས་གསུམ་ཆོས་ཐམས་ཅད་མི་འཆུགས་པར་སྡོམ་པའི་ཕྱིར་སངས་རྒྱས་རིན་ཆེན་ཟ་མ་ཏོག་ཅེས་བྱའོ། །དེ་དག་ནི་བཤད་པ་ཐོས་བསམ་གྱི་སྒོ་ནས་གཏན་ལ་འབེབས་པ་སྟེ། སྒྲུབ་པ་ཉམས་ལེན་གྱི་སྒོ་ནས་མཉམ་གཞག་ཡོན་ཏན་སྐྱེ་བའི་རྟེན་འབྲེལ་ཞི་ལྷག་ཟུང་འཇུག་དང་། རྗེས་ཐོབ་རྩལ་རྫོགས་པའི་རྟེན་འབྲེལ་སྤྱོད་ཡུལ་ཐམས་ཅད་དང་བསྲེ་ཞིང་། གཏོང་ལེན་གྱི་དམིགས་པས་སྙིང་རྗེ་བསྒོམ་པ་སོགས་སུ་འདུས་པར་རིག་པར་བྱའོ། །ངོ་མཚར་གྲུབ་པ་རྒྱ་མཚོའི་དཔྱིད། །པུཎྜ་རི་ཀའི་ སྙིང་པོ་ལས། །བྱུང་བའི་སྦྲང་རྩི་འདི་ཡིས་ཀྱང་། །བདག་བློའི་བུང་བ་ཚིམ་པར་ཤོག །ཤུབྷཾ།། ༈ །།གྲུབ་ཐོབ་ཨོ་རྒྱན་པའི་ལུགས་ཀྱི་བསྙེན་སྒྲུབ་ཀྱི་ཁྲིད་འཆད་པ་ལ། ཡིད་ཆེས་ཤིང་ཁུངས་བཙུན་པར་
བྱེད་པ་བརྒྱུད་པའི་ལོ་རྒྱུས་དང་། བརྒྱུད་པ་དེ་ལས་བྱུང་བའི་གདམས་ངག་གཉིས། དང་པོ་གཞན་དུ་གསལ། གཉིས་པ་ལ་སྨིན་བྱེད་དང་། གྲོལ་བྱེད་གཉིས་ལས། དང་པོ་དབང་བཞིའོ། །གཉིས་པ་ལ། སྔོན་འགྲོ། དངོས་གཞི་གཉིས་ལས། དང་པོ་ལ། རྒྱུད་སྣོད་རུང་དུ་བྱེད་པ་སྐྱབས་སེམས། སྡིག་སྒྲིབ་སྦྱོང་བར་བྱེད་པ་རྡོར་སེམས། བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར། ཚོགས་གཉིས་རྫོགས་པར་བྱེད་པ་མཎྜལ། ལུས་ངག་ཡིད་གསུམ་རྫོགས་པར་བྱེད་པ་དབེན་པ་གསུམ་བསྟེན་པ་དང་ལྔའོ། །གཉིས་པ་དངོས་གཞི་ལ། བསྙེན་སྒྲུབ་གསུམ་ལ་བརྟེན་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་བགྲོད། ལམ་དེ་བར་ཆད་མེད་པར་བྱ་བའི་ཕྱིར་བསམ་གཏན་གྱི་གེགས་བསལ། གེགས་བསལ་ནས་མཐར་ཐུག་གི་འབྲས་བུ་ཐོབ་པའི་ཚུལ་བསྟན་པའོ། །དང་པོ་ལུས་རྩ་དག་པར་བྱེད་པ་སྐུ་རྡོ་རྗེ་བསྙེན་པའི་ཡན་ལག་རྒྱུ་སོར་སྡུད་དང་། འབྲས་བུ་བསམ་གཏན། ངག་རླུང་། གསུང་རྡོ་རྗེ་སྒྲུབ་པའི་ཡན་ལག་སྲོག་འཛིན། ཡིད་ཐིག་ལེ ཐུགས་རྡོ་རྗེ་སྒྲུབ་ཆེན་གྱི་ཡན་ལག་རྗེས་འཇིག་རྟེན་པ། འཇིག་རྟེན་ལས་འདས་པ། ཏིང་སྟེ་གསུམ་མོ།། ༈ །།རྡོ་རྗེ་གསུམ་གྱི་བསྙེན་རྫོགས་སྒྲུབ་ཆེན་གདན་རྫོགས་ལུགས་སུ་བསྒོམ་པ་ལ། བཤད་པས་གཏན་ལ་ཕབ་པ་དང་། སྒྲུབ་པས་ཉམས་སུ་ལེན་པ་གཉིས། ༈ །
བ་ཆེན་དཔེ་མེད་མཚོའི་ལུགས་ཀྱི་སྦྱོར་དྲུག་ལ་སྔོན་འགྲོ་དང་དངོས་གཞི་གཉིས། དང་པོ་ལ། སྤྱན་རས་གཟིགས་ཀྱི་སྒོམ་བཟླས། རྡོ་རྗེ་སེམས་དཔའི་སྒོམ་བཟླས། དུས་ཀྱི་འཁོར་ལོའི་བསྐྱེད་རིམ། བླ་མའི་རྣལ་འབྱོར། ཚོགས་ཀྱི་འཁོར་ལོའོ། །གཉིས་པ་ནི། སོར་བསམ། སྲོག་འཛིན། རྗེས་ཏིང་དྲུག་གོ། ༈ །།རོ་སྙོམས་སྐོར་རྣམས་རྡོ་རྗེ་འཆང་གིས་ཏེ་ལོ་པར་གསུངས་ཤིང་། དེས་བསྡུས། །དེས་ནཱ་རོ་པ་ལ་གནང་། དེས་ག་ཡ་དྷ་རའི་སྲས་དྲི་མེད་བཤེས་གཉེན་ནམ། ཕྱིས་ཏི་ཕུ་པར་གྲགས་པ་ལ་གནང་། དེས་རས་ཆུང་པ་ལ་གནང་ནས་གཏེར་དུ་སྦ་བར་གདམས། རས་ཆུང་པས་ལྷོ་བྲག་མཁར་ ཆུར་གཏེར་དུ་སྦས་ནས། ཁ་བྱང་སུམ་པ་དང་། དེས་གླིང་། དེས་ཆོས་རྗེ་གཙང་པ་རྒྱ་རས་ལ་གཏད་ནས་འདོན་པར་བསྐུལ། དེས་ལྷོ་བྲག་མཁར་སོ་གསུམ་དུ་སྒྲུབ་པ་སྙིང་པོར་མཛད། སླར་ལོ་གསུམ་དུ་ཁམས་འདུས་ཀྱི་རྐྱེན་བྱས་ནས་བསྙན་པའི་མཐར་བདུད་ལས་རྒྱལ། མཆོག་གི་དངོས་གྲུབ་བརྙེས། འདི་ཉིད་གཏེར་ནས་ཕྱུང་སྟེ་ཧ་པོ་གོང་དུ་ལོ་རྒྱུས་ཙམ་བསྙད་པར་མཛད་དེ་རིམ་གྱིས་བསྟན་པའོ། །དེ་ལ་སྤྱི་དོན་ཅུང་ཟད་འཆད་ན། དང་པོ་ཕྱོགས་གར་གཏོགས་པ་ནི་ཆགས་མེད་ཀྱི་སྤྱོད་པ་ལས་གཉིས་སུ་མེད་པའི་སྤྱོད་པ་ལམ་གྱི་རིམ་པར་སྤྱོད་པས་བོགས་དབྱུང་བའི་ཕྱོགས་སུ་གཏོགས། གཉིས་པ་ཚིག་དོན་གང་།
གིས་བསྡུས་ན། དང་པོ་ནི། རྡོ་རྗེའི་གླུས་གཉིས་སུ་མེད་པའི་སྤྱོད་པ་མདོ་ཙམ་བསྟན། ཏིལླིའི་གསང་ཚིག་ཏུ་སྤྱོད་པ་བཞི་རྒྱས་པར་ཕྱེ། སྤྱོད་པ་ཆོས་ཀྱི་གླུ་ནཱ་རོ་པས་མཛད་པར་གཉིས་སུ་མེད་པའི་སྤྱོད་པ་དབྱེ།། སྤྱོད་པ་བཞི་དབྱེའོ། དེ་རོ་སྙོམས་སྐོར་དྲུག་ཏུ་བསིལ་བ་རྒྱས་བཤད་དོ། །གཉིས་པ་ལ། ཀུན་བཟང་དང་། གསང་སྤྱོད་དང་། བརྟུལ་ཞུགས་དང་། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་བཞིའོ། །མིང་འདོགས་པའི་རྒྱུ་མཚན་ནི། ས་ལ་སོགས་པའི་འབྱུང་བ་རྣམས་ལས་སྐྱེས་པ་ནི་འབྱུང་བ་སྟེ། ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་སོ། །དེ་དག་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་ངོར་དབྱེ་རྒྱུ་མེད་པས་རོ་གཅིག་པ་ཞེས་བཞག་པ་ནི་རོ་སྙོམས་ཏེ། དེའི་ཕྱིར་འབྱུང་བ་རོ་སྙོམས་ཞེས་བྱའོ། །གཞན་སྐྱོན་དུ་བྱེད་པ་ཐམས་ཅད་འདིར་ཡོན་ཏན་དུ་སློང་པར་བྱེད་པས་ཟློག་སྒོམ་སོགས་སུ་གསུངས་སོ། །མངྒ་ལཾ།། ༈ །།བླ་མེད་ཀྱི་རྒྱུད་ལས། བྱེད་ཆིངས་ཀྱི་སྟོབས་ཀྱིས་ལྟེ་བར་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་བཅིངས་པས། ལུགས་ལྡོག་ཏུ་རྒ་ཤི་སོགས་གསུམ་འགགས་པས་རགས་པའི་མཚན་ཉིད་ཅན་གྱི་ཐ་མལ་པའི་ལུས་འགགས། དེ་འགགས་པས་ལེན་པ་སོགས་གསུམ་འགགས་པ་སྲོག་རླུང་གི་མཚན་ཉིད་ཅན་གྱི་ཐ་མལ་པའི་ངག་འགག །དེ་འགགས་པས་རེག་པ་སོགས་གསུམ་འགགས་པས་ཁུ་བའི་མཚན་ཉིད་ཅན་གྱི་
ཐ་མལ་པའི་ཡིད་འགག །དེ་འགགས་པས་རྣམ་ཤེས་སོགས་གསུམ་འགགས་པས་འཛག་པའི་མཚན་ཉིད་ཅན་གྱི་ཐ་མལ་པའི་ཡེ་ཤེས་འགག་པའི་འདུས་བྱས་པའི་འཁོར་བ་རྣམ་པར་དག་པའི་སངས་རྒྱས་ཀྱི་ས་ཐོབ་ཅིང་། དེ་ཉིད་ལ་མཐོང་ལམ་ཞེས་བཤད། དེ་ནས་བདེ་སྟོང་ཟུང་དུ་འཇུག་པའི་ཡེ་ཤེས་སོ་སོ་རང་རིག་པའི་རྟེན་འབྲེལ་གྱི་རྩལ་སྦྱངས་བས། འདུས་མ་བྱས་པའི་འཁོར་བ་དྲུངས་ནས་ཕྱུང་སྟེ་ཤེས་བྱ་མཐའ་དག་ཕྲ་ཕབ་པ་ལྟ་བུའི་རང་བཞིན་ལ་ལོངས་སྤྱོད་ཀྱང་། དམིགས་པ་མེད་པའི་སྙིང་རྗེས་གཞན་གྱི་དོན་འབའ་ཞིག་ལ་འཆེལ་བའི་འབྲས་བུའི་མཆོག་བརྙེས་པར་འདོད་དོ། ༈ །བདག་ཅག་ཁོ་ནའི་སྟོན་པ་བདེན་པར་སྨྲ་བ་དེས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པ་དག་བསྡུ་ན། འདི་ལྟར་དབང་པོ་རྟུལ་འབྲིང་རྣོན་པོའི་ངོ་སྐལ་དུ་ཆོས་འཁོར་དང་པོ་དང་། བར་དང་། ཐ་མར་བཞག་པ་གང་ཞིག །ཐུན་མོང་གི་དབང་དུ་བྱས་ན་བདག་མེད་པ་ལ་སོགས་པ་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཀུན་སྟོང་པ་ཉིད་དུ་གཏན་ལ་ཕབ་པ་དཔྱད་པའི་གནས་སྐབས་ནི་བར་དུ་དང་། འཁོར་གསུམ་ཡོངས་སུ་དག་པའི་ གཏམ་གྱིས་ཆོས་ཐམས་ཅད་ཁས་ལེན་དང་བྲལ་བ་ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མར་གཏན་ལ་འབེབས་པ་ཤིན་ཏུ་དཔྱད་པའི་གནས་སྐབས་ནི་གཅིག་ཤེས་སུ་བསྟན་པའི་ཚུལ། བདག་པོ་སྤྱོད་པའི་གཉེན་པོར་
གསུངས་པ་ནི་མི་མཇེད་འདི་ཁོ་ནའི་དབང་དུ་བྱས་ཞེས་ཀྱང་བཏགས་གྱུར་ལ། །སོགས་དང་། མདོ་སྡེ་དགོངས་པ་ངེས་འགྲེལ་དང་། ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་སོགས་ཀྱིས་བསྟན་ལ། ཁྱད་པར་གྱི་དབང་དུ་བྱས་ན། །ཊྛ སོ་སོར་ཐར་པ་ནི་བདེན་པའི་ཚུལ་ཞེས་དང་པོ། རྒྱུའི་ཐེག་ཆེན་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཞེས་བར་པ། རྡོ་རྗེ་ཐེག་པ་ཐམས་ཅད་ལ་གསང་སྔགས་ཀྱི་ཚུལ་ཞེས་ཐ་མར་བཞག་སྟེ། དེ་ཡང་། སྔ་མ་ནི་དོན་དམ་པ་ལ་འཇུག་པའི་རིམ་གྱིས་ཡིན་ལ། སྟོན་པས་བསྟན་པའི་དུས་ནི་མ་ཡིན་ཞིང་། ཕྱི་མ་ནི། སྟོན་པས་འཆད་པའི་དུས་དང་འཇུག་རིམ་གཉིས་ཀ་ཅིའི་ཕྱིར་མདོ་དང་སྔགས་ཞེས་བརྗོད་ཅེ་ན། ཟབ་པའི་དོན་མདོར་བསྟན་པ་ཙམ་ལས་རྫོགས་པར་མ་སྨོས་པས་མཐར་ཐུག་པའི་ཐེག་པ་ལ་བཀྲི་བའི་ཕྱིར་ན་སཱུ་ཏྲ་སྟེ་མདོ་དང་། དེའི་དོན་རྫོགས་པར་བསྟན་པས་སངས་རྒྱས་ཀྱི་སྤྱོད་ཡུལ་མཐའ་དག་པ་ལ་ཤེས་ནས་བདེ་མྱུར་གྱི་མཐུས་འཁོར་བ་ལས་ངེས་པར་སྐྱོབ་པའི་ཕྱིར་མཆུ་སྟེ་སྔགས་སོ། །ཞེས་བཞེད། ༈ །གཅོད་ཡུལ་གྱི་དོན་ཉམས་སུ་ལེན་པའི་ཚེ། ལྷོང་ཚད། ཚར་ཚད། ལྷོང་ཚད་འདྲ་བའི་ཚར་ཚད། ཚར་ཚད་འདྲ་བའི་ལྷོང་ཚད། གཉིས་ཀ་འདྲ་བའི་ལྷོང་ཚད། གཉིས་ཀ་འདྲ་བའི་བག་ཆགས་ཏེ་ལྔ་ལས། དང་པོ་ལའང་། དངོས། ཉམས། རྨི་ལམ་གསུམ་ལ། ལུས་ཐོག་ཏུ་ལྷོངས་པས། ལྷ་འདྲེས་
གཟུགས་སྟོན་པ་དང་། གཟུགས་མེད་ལག་པ་རྐྱང་པ་དང་། བཤུགས་གླུ་འཚེར་བ་དང་། གློ་བུར་དུ་ན་ཚ་དྲག་པོས་བཏབ་པ་སོགས་འབྱུང་བ་ཡིན་ལ། སེམས་ཐོག་ཏུ་ལྷོངས་བས། བྱིང་རྒོད་རྨུགས་གསུམ་གྱི་སྐྱོན་དང་། དགེ་སྦྱོར་ལ་སྐྱོ་བ་དང་། བླ་མ་ལ་དད་པ་ལྡོག་པ་སོགས་འབྱུང་ངོ་། །གཉིས་པ་ནི། གནས་དེའི་ལྷ་འདྲེ་རྣམས་ཀྱིས་ཕྱག་འཚལ་བ་དང་། ལོངས་སྤྱོད་དབུལ་བ་སོགས་དང་། དེའི་ཤུགས་ཀྱིས་མི་རྣམས་ཀྱང་དེ་ལྟར་དུ་བྱེད་པའོ། །གསུམ་པ་ནི། ལུས་ལ་ན་ཚ་དྲག་པོ་སོགས་བྱུང་ནས་དེ་ལ་དམིགས་ནས་དགེ་སྦྱོར་བྱས་པས་སྔར་ལས་བོགས་ཐོབ་པ་འབྱུང་བ་ལྟ་བུ་དང་། བཞི་པ་ནི། བདུད་ཀྱིས་བླ་མ་དང་ཡི་དམ་གྱི་གཟུགས་སུ་བྱས་ནས་ལུང་སྟོན་པ་ལྟ་བུ་དང་། ལྔ་པ་ནི། ཉིན་མོའི་སྤྱོད་ཡུལ་མཚན་མོ་རྨི་ལམ་དུ་ཤར་བའོ། །མདོར་ན་ཚར་ཚད་བྱུང་ནས་རྗེས་སུ་འཛིན་པ་ནི། རང་ཐུགས་རྗེ་ཆེན་པོར་བསྒོམས་ནས་བདུད་རྩི་སྤེལ་སྦྱོང་གིས་ལྷ་འདྲེའི་ཚོགས་ཚིམས་པར་བྱ་བ་དང་། དམིགས་བཅས་དམིགས་མེད་ཀྱི་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །སརྦ་མངྒ་ལཾ།། ༈ །།དཔྱལ་ལུགས་ཕག་མོའི་ལོ་རྒྱུས་ ལས། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་བུ་མོ་ལྷ་ལྕམ་ལའི་ཀ་ར་ཞེས་བྱ་བ་ཞིག་གིས་ལོ་བཅུ་གཉིས་ལོན་པའི་ཚེ་ཕྱི་ནང་གི་རྟེན་ཡོད་པའི་ལྷ་ཁང་ཀུན་ཏུ་མཆོད་པ་ཆེན་པོ་བྱས་ཤིང་། ཡི་དམ་
གྱི་ལྷ་བཙལ་བས་ཀེང་རུས་མེ་འབར་བའི་དུར་ཁྲོད་ན་ལྷ་ཁང་གཅིག་ཡོད་པ་དེར་ཕྱིན་པས། རྡོ་རྗེ་རྣལ་འབྱོར་མའི་རྟེན་གཙོ་བཞུགས་པ་མཐོང་སྟེ་མོས་པ་སྐྱེས་ཤིང་དགའ་ཆེས་ནས་འདི་ལ་ངའི་ཡི་དམ་བྱ་ཞེས་སྨྲས་སོ། །དེ་ནས་ལྷ་དེའི་ཆོས་ལུགས་ཤེས་པ་སུ་ཡོད་ཅེས་ཡུལ་ཀུན་ཏུ་དྲིས་ཀྱང་ཤེས་པ་མ་བྱུང་ནས། རང་ཉིད་ཀྱིས་མཆོད་པ་ཕུལ་ཞིང་གསོལ་བ་བཏབ་པས་རེ་ཞིག་གི་ཚེ་རྡོ་རྗེ་རྣལ་འབྱོར་མས་དངོས་སུ་བྱིན་གྱིས་བརླབས་ཤིང་དབང་དང་གདམས་ངག་ཐམས་ཅད་གནང་། མཁའ་འགྲོ་མ་དྲྭ་བ་སྡོམ་བ་རྒྱ་མཚོའི་རྒྱུད་བཤད། གྲུབ་པའི་སྤྱོད་པ་རྨད་དུ་བྱུང་བའང་བསྟན། དབུ་བཅད་མའི་སྒྲུབ་ཐབས་ཆུང་བ་མཛད། དེས་བྲམ་ཟེ་བིརླ་པ་རྗེས་སུ་བཟུང་ཞིང་གྲུབ་པ་ཐོབ། རང་གི་སློབ་མ་ཤར་ཕྱོགས་ཨ་ཝ་དྷུ་ཏི་པའི་དོན་དུ་དབུ་བཅད་མའི་སྒྲུབ་ཐབས་ཆེ་བ་མཛད། བྷཾ་ག་ལར་བསྒྲུབས་པས་དངོས་གྲུབ་བརྙེས་ཏེ་མཚན་བསོད་སྙོམས་པ་ཆེ་བར་གྲགས་ཏེ་དོན་ས་ཆུང་བ་མཛད། དེའི་སློབ་མ་མ་ག་ངྷ་བ་ཏིང་འཛིན་རྡོ་རྗེས་ཞལ་གཉིས་མའི་སྒྲུབ་ཐབས་ཆུང་ངུ་ཞིག་མཛད། ལྷོ་ཕྱོགས་བེ་ཏཱའི་ཡུལ་གྱི་རྒྱལ་པོ་ཏིང་འཛིན་བཟང་པོ་རྗེས་སུ་བཟུང་སྟེ། དེའི་དོན་དུ་ཞལ་གཉིས་མའི་སྒྲུབ་ཐབས་ཆུང་ངུ་ཞིག་མཛད་དེ་གནང་། དེ་ནས་རྒྱལ་པོས་དཔལ་གྱི་རིར་སོང་བས་མཆོག་དང་ཐུན་མོང་གི་དངོས་གྲུབ་བརྙེས། ས་དྲུག་པའི་རྟོགས་
པ་མངོན་དུ་གྱུར། དེས་བལ་བོ་མ་ཧཱ་བྷ་རོ་དང་། སློབ་དཔོན་ཧ་དུ་དཀར་པོ། དེ་བ་ཨཱ་ཀ་ར་ཙནྡྲ་གསུམ་རྗེས་སུ་བཟུང་། ཏིང་འཛིན་བཟང་པོའི་ཉེ་གནས་ཁྱབ་ཆེན་སངས་རྒྱས་བྱིན་གྱིས་སྦྱིན་སྲེག་གི་ཡི་གེ་མཛད། པཎྜི་ཏ་དེ་ཝ་ཨཱ་ཀ་ར་ཙནྡྲས་ཀྱང་གྲུབ་པ་ཅུང་ཟད་བརྙེས་ཏེ། ཞལ་གཉིས་མ་དང་། དོན་གྲུབ་མའི་སྒྲུབ་ཐབས་ཆེ་བ་མཛད། བལ་པོ་ག་དུས་ཀྱང་རྣམ་ཤེས་དང་ཡེ་ཤེས་ཆ་མཉམ་པའི་ལས་གྲུབ་ཅིང་། གསང་མཚན་བྷ་ལེནྡྲ་རུ་ཙི་ཞེས་གྲགས། དེ་ལ་བླ་མ་སྨན་ལུང་བ་དཔྱལ་ཀུན་དགའ་རྡོ་རྗེ་བལ་པོར་ལན་གསུམ་བྱོན། ལུས་སྲོག་ལོངས་སྤྱོད་ཀྱི་དཀའ་བ་དཔག་ཏུ་མེད་པས་བླ་མ་མཉེས་པར་བྱས་ཏེ་ཞུས། དེ་ནས་རིམ་པར་བརྒྱུད་ཅིང་ཤིན་ཏུ་ཟབ་པར་མཛད། ཚད་མའི་སྐྱེས་བུ་བུ་སྟོན་རིན་པོ་ཆེས་ཀྱང་དར་རྒྱས་སུ་སྲོལ་བཏོད། འདི་ལ་བདེ་མཆོག་གི་དབང་སྔོན་དུ་སོང་ནས་བྱིན་རླབས་བྱེད། དེ་ཡང་རིམ་དང་གཅིག་ཅར་བ་གང་ཡང་རུང་། དེ་ནས་རྫོགས་རིམ་སྒོམ་པ་དྲུག །དབྱིབས་ལ་བསླབ་པ། རླུང་ལ་བསླབ་པ། ཡིག་འབྲུ་ལ་བསླབ་པ། འོད་ལུས་ལ་བསླབ་པ། འོད་གསལ་ལ་བསླབ་པ། ཟུང་འཇུག་ལ་བསླབ་པ་སྟེ་དྲུག་བསྟན་ནས་འབྲས་བུ་ཕྱག་རྒྱ་ཆེན་པོའི་གོ་འཕང་ལ་སྦྱོར་བའི་ཚུལ་ཤིན་ཏུ་ཟབ་པ་ཡོད། དེའང་སྤྱིར་ཧེ་རུ་ཀའི་རིགས་བདེ་མཆོག་ལ་ཡབ་བཀའ། ཡུམ་བཀའ་གཉིས། ཕྱི་མ་ལ་
དཀྱིལ་འཁོར་ཡོངས་རྫོགས། དཔའ་བོ་གཅིག་མ་གཉིས། དང་པོ་ནི། སྡོམ་འབྱུང་གི་རྒྱུད་དང་། ཕྲེང་བ་སོགས་ནས་བསྟན། ཕྱི་མ་ནི། སློབ་དཔོན་ཀད་བྱིན་གྱི་ཕག་མོ་དཀར་མོ། ཤ་བ་རིའི་སེར་མོ། དམར་མོ་ལ་རྒྱ་གར་པའི་སྒྲུབ་ཐབས་ཤིན་ཏུ་མང་བ་ལས་འདིར་དམར་མོ། དེའང་ཨིནྡྲ་བྷཱུ་ཏིས་བསྐྱེད་རིམ་གཙོ་བོར་སྟོན་པ་ཕག་མོ་ཞལ་གཅིག་མ། ལྕམ་དཔལ་མོས་རྫོགས་རིམ་གཙོ་བོར་སྟོན་པ་དབུ་བཅད་#མ། བིརླ་པ་ཆུང་བས་ལས་ཚོགས་གཙོ་བོར་སྟོན་པ་དོན་གྲུབ་མའི་གཞུང་གསུམ་དང་། སྟོང་ཉིད་ཏིང་འཛིན་རྡོ་རྗེས་སྒྲུབ་ཐབས་ཀྱི་གཞུང་གསུམ་བྱས་པ་དང་དྲུག་གི་ཕྱག་ལེན་བལ་པོ་ཧང་དུའི་ལུགས་བླ་མ་དཔྱལ་བ་རྣམས་ལས་བརྒྱུད། གུང་རུའི་ཐོ་ཡིག་ན། ཞལ་གཉིས་མའི་བདག་བསྐྱེད། བུམ་པ་གསུམ་དུ་ལྷ་སོ་སོའི་བསྐྱེད་བཟླས། མདུན་དུ་ཚོམ་བུ་གསུམ། དེ་སྟེང་གི་བདུད་རྩི་གསུམ་བྱིན་རླབས་སོ་སོ། དེ་སྟེང་སིན་དཀྱིལ་ལྷ་སོ་སོར་བསྐྱེད། མཆོད་བསྟོད་ཐུན་མོང་བྱ། བྱིན་རླབས་ཚེ་ཡེ་ཤེས་དབབ་པར་ཞལ་གཉིས་མར་བསྐྱེད་པས་ཆོག །ལྷ་ངོ་བསྟན་པ་ཡན་ཐུན་མོང་དུ་བྱ། དེ་ནས་བྱིན་རླབས་སོ་སོར་བྱེད་པ་ལ། ཐོག་མར་ཞལ་གཉིས་མའི་བྱིན་རླབས་ཞུ་བའི་ཡོན་དུ་མཎྜལ་ནས། གསོལ་འདེབས། སློབ་མ་སིནྡྷ་རའི་དཀྱིལ་འཁོར་དབུས་སུ་ཞལ་གཉིས་མར་བསྐྱེད། གོ་ཆ་བཀོད། ཡེ་ཤེས་པ་སྤྱན་དྲངས་བསྟིམ། དབང་ལྷ་
སྤྱན་དྲངས། དབང་བཞི་སོ་སོར་བསྐུར། གཙོ་བོའི་ཇི་ལྟ་བར་བྱ། དེ་ནས་སླར་དབུ་བཅད་མའི་བྱིན་རླབས་ཀྱི་དོན་དུ་མཎྜལ་སོགས་དང་། དོན་གྲུབ་མ་ལའང་དེ་བཞིན་བྱ། དེ་ནས་གཙོ་བོའི་མཐའ་རྟེན་དྲུག་ཐུན་མོང་དུ་སྦྱིན། དུང་སོགས་ཀྱང་བཤད། དེ་ནས་ཡང་གཙོ་བོས་ཇི་ལྟར། མཎྜལ་སོགས་བྱའོ་ཞེས་སྣང་།། ༈ །།བུ་སྟོན་གྱིས་མཛད་པའི་བདེ་མཆོག་རྒྱུད་ཀྱི་སྤྱི་དོན་དོན་གསལ་ལས། བུམ་དབང་ཙམ་ཐོབ་པས་ཀྱང་སྔགས་ཀྱི་ལམ་བསྒྲུབ་ཏུ་རུང་བའི་ཕྱིར། ལམ་སྒྲོན་ལས། རྒྱུད་ཀུན་ཉན་དང་འཆད་པ་དང་། །སྦྱིན་སྲེག་མཆོད་སྦྱིན་སོགས་བྱེད་པ། །སློབ་དཔོན་དབང་བསྐུར་རྙེད་འགྱུར་ཞིང་། ཞེས་བཤད་ཅིང་། ནས་གླིང་པས་ཀྱང་དེ་ལྟར་བཤད་པའི་ཕྱིར་རོ་ཞེ་ན། དེ་ནི་བསྐྱེད་རིམ་དང་སྦྱིན་སྲེག་དང་རབ་གནས་སོགས་བུམ་དབང་དང་འབྲེལ་བའི་ལམ་རྣམས་བསྒྲུབ་ཏུ་རུང་བ་ལ་དགོངས་པ་ཡིན་གྱི། དབང་གོང་མ་དང་འབྲེལ་བའི་རྫོགས་རིམ་བསྒོམས་པ་ལ། དབང་གོང་མ་མ་ཐོབ་པར་མི་རུང་སྟེ། སངས་རྒྱས་ཐོད་པའི་རྒྱུད་ལས། དཔེར་ན་བུ་ཚ་མེད་པའི་ཁྱིམ། །ཤི་བ་ཙམ་གྱིས་སྟོང་པ་ཉིད། །དེ་བཞིན་དབང་དང་བྲལ་ན་ནི། །ཡེ་ཤེས་ཀུན་གྱིས་སྟོང་པ་ཉིད། །དཔེར་ན་པི་ཝཾ་སྦྱོར་ཀུན་ཚོགས། །རྒྱུད་དང་བྲལ་ན་བརྡུང་མི་རུང་། །དེ་བཞིན་དབང་དང་བྲལ་ན་ནི། །སྔགས་དང་བསམ་གཏན་འགྲུབ་མི་འགྱུར། །
རྨོངས་པ་གང་ཞིག་དབང་མེད་པར། །བདག་ཉིད་དབང་བསྐུར་ཞེས་སྨྲ་བ། །ཇི་སྲིད་སངས་རྒྱས་བཞུགས་ཀྱི་བར། །སློབ་མར་བཅས་ཏེ་དམྱལ་བར་འགྲོ། །ཞེས་ཚིགས་བཅད་གསུམ་པའི་དོན་དབང་གོང་མ་གསུམ་དང་རིམ་པ་བཞིན་སྦྱར་ནས། ས་ར་ཧས་བཤད་དོ། །ཞེས་དང་། ཡང་དེ་ལས། ངེས་བརྗོད་བླ་མར། རིགས་ནི་དུ་མར་བཤད་པ་རྣམས། མདོར་བསྡུས་ནས་ནི་གསུམ་དང་ལྔ། །རྣལ་འབྱོར་རྣལ་འབྱོར་བླ་མ་ནི། །རིགས་དྲུག་ཏུ་ནི་གྲགས་པའོ། །ཞེས་སོ། །དེ་ལས་ཐབས་རྒྱུད་ལས་གཙོ་ཆེར་རིགས་ལྔ་བཤད་ཀྱང་། རྡོ་རྗེ་འཆང་གི་རིགས་ཀུན་ལ་ཁྱབ་པ་ལ་དགོངས་ཀྱི། རིགས་དྲུག་མི་འདོད་པ་མ་ཡིན་ཏེ། འདུས་པའི་རྒྱུད་ཕྱི་མར། རིགས་རྒྱལ་རྡོ་རྗེ་ཅན་རྣམས་ཀྱི། །འཁོར་ལོས་སྒྱུར་བ་དྲུག་གི་རྒྱ། །ཞེས་འཁོར་ལོས་སྒྱུར་བ་དྲུག་བཤད་པའི་ཕྱིར་རོ། །དེ་ལ་དེ་བཞིན་གཤེགས་པ་དང་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་ཀྱི་རིགས་ཐམས་ཅད་བསྡུས་པའི་ངོ་བོ་ཉིད། རྣམ་སྣང་མི་བསྐྱོད་པ་རིན་འབྱུང་འོད་དཔག་མེད་དོན་གྲུབ་དང་ལྔ། དེ་ཐམས་ཅད་ཀྱི་ཁྱབ་བྱེད་བྱང་ཆུབ་ཀྱི་སེམས་རྡོ་རྗེ་འཆང་དང་དྲུག་པ་རྒྱུད་དུ་བསྟན་ལ། དེ་ཉིད་དང་དོན་གཅིག་ཀྱང་ལྟ་བ་ཕྱིན་ཅི་ལོག་མུ་སྟེགས་བྱེད་ཀྱི་ལྟ་བ་ལ་ཞེན་ཅིང་། སྤྱོད་པ་ཕྱིན་ཅི་ལོག་སྲོག་གི་མཆོད་སྦྱིན་ལ་སོགས་པ་ལ་སྤྱོད་པ་གདུལ་བའི་ཕྱིར། མ་རྒྱུད་ཀྱི་ལྷ་རྣམས་
རབ་ཏུ་ཁྲོས་པའི་ཚུལ་གྱིས་གདུལ་བྱ་དང་ཆ་ལུགས་དང་ཀུན་སྤྱོད་རྣམས་མཐུན་པར་སྟོན་པ་ནི་མ་རྒྱུད་དེ། ཕ་རྒྱུད་ལ་ལྷ་ཁྲོ་བོ་མེད་པ་ཡང་མ་ཡིན། མ་རྒྱུད་ལ་ཞི་བ་མེད་པ་ཡང་མ་ཡིན་མོད་ཀྱི་གཙོ་ཉེ་བར་བཟུང་ནས་བརྗོད་དོ། །འོན་ཀྱང་འདིའི་ཁྱད་པར་འོག་ཏུ་འཆད་པར་འགྱུར་རོ། །དེ་ལ་རྣམ་སྣང་ནི་རྟག་པ། མི་བསྐྱོད་པ་ནི་ཧེ་རུ་ཀ །རིན་འབྱུང་ནི་རྡོ་རྗེ་ཉི་མ། འོད་དཔག་མེད་ནི་པདྨ་གར་དབང་། དོན་གྲུབ་ནི་རྟ་མཆོག །དྲུག་པ་ནི་རྡོ་རྗེ་སེམས་དཔའ་སྟེ། ངེས་བརྗོད་བླ་མར། །ཡང་ན་རྡོ་རྗེ་སེམས་དཔའ་དང་། །རྣམ་སྣང་རྡོ་རྗེ་ཉི་མ་དང་། པདྨ་གར་དབང་རྒྱལ་པོ་དང་། །དབང་ཕྱུག་རྟ་མཆོག་ཧེ་རུ་ཀ ། ཞེས་གསུངས་སོ། །ཞེས་དང་། ཡང་དེ་ལས། སློབ་དཔོན་བྷ་ཝ་བྷ་དྲ་དང་སྐལ་ལྡན་གྲགས་པ་སོགས། བདེ་མཆོག་གི་རྒྱུད་ནི་ཐོག་མ་མེད་པའི་དུས་སུ་ཐུབ་པ་སངས་རྒྱས་ནས་གསུངས་ལ། ཆོས་གཞན་རྣམས་བསྐལ་པ་འཇིག་ཆགས་ཀྱི་དབང་གིས་ནུབ་ཀྱང་། བདེ་མཆོག་ཡུལ་ཉི་ཤུ་རྩ་བཞི་ན་གནས་པའི་དཔའ་བོ་དང་དཔའ་མོས་ཉམས་སུ་བླངས་ཏེ་གནས་པའི་ཕྱིར་མ་ནུབ་པས། ཐུབ་པ་ཟས་གཙང་གི་སྲས་ སུ་གྱུར་ནས་བསྐྱར་ནས་གསུངས་པ་མེད། ཆོས་གཞན་རྣམས་དང་པོ་གསུངས་ཀྱང་། བར་སྐབས་སུ་ནུབ་པའི་ཕྱིར། ཤཱཀ་ཐུབ་ཀྱིས་བསྐྱར་ནས་གསུངས་པར་འདོད་ལ། སློབ་དཔོན་རྡོ་རྗེས་མཛད་པའི་
འགྲེལ་པ་ཚིག་དོན་རབ་གསལ་དུ། གཉིས་ལྡན་གྱི་དུས་སུ་དྲག་པོ་དབང་ཕྱུག་ཆེན་པོ་བཏུལ་བའི་ཚེ་གསུངས་པར་འདོད་ཀྱང་བོད་ཀྱི་བླ་མ་དག་རྩོད་ལྡན་གྱི་དུས་སུ་བཞེད་དེ། དེ་ལ་དབང་ཕྱུག་ཆེན་པོ་ལ་སྐུ་བཞི་ཡོད་དེ། ཞི་བའི་སྐུ་དཀར་པོ་ལག་པ་བཞི་པ་ཆུང་མ་དཀར་མོ་དང་སྙོམས་པར་འཇུག་པ་རི་རབ་ཀྱི་བྱང་ཤར་ན་གནས། རྒྱས་པའི་སྐུ་སེར་པོ་མགོ་བོ་བརྒྱད་ཡོད་པ་ཆུང་མ་རལ་གཅིག་མ་དང་སྙོམས་པར་འཇུག་པ་རི་རབ་ཀྱི་དབུས་ན་གནས། དབང་གི་སྐུ་དམར་པོ་ཆུང་མ་དམར་མོ་དང་སྙོམས་པར་འཇུག་པ་གཞན་འཕྲུལ་དབང་བྱེད་ན་གནས། མངོན་སྤྱོད་ཀྱི་སྐུ་དྲག་པོ་འཇིགས་བྱེད་ནག་པོ་ཆུང་མ་དུས་མཚན་མ་དང་སྙོམས་པར་འཇུག་པ་འཛམ་བུའི་གླིང་གི་དབུས་མ་ག་དྷ་ན་གནས་པའོ། །དེའི་ཚེ་ནམ་མཁའ་ནས་ལྷ་བཞི་དང་དྲི་ཟ་བཞི་བྱུང་ནས། འཛམ་བུའི་གླིང་གི་ཡུལ་ཆེན་པོ་བརྒྱད་བཟུང་སྟེ། པུལླིར་མ་ལ་ཡ་ནི་ཤར་ཕྱོགས་བྷཾ་ག་ལའི་ལྷོ་ན་མཚོ་མ་ཡའི་ཆུ་ཀླུང་གི་གནས་ལ་མི་རྟ་འདུག་པའི་གནས་ན་རྡོའི་ལིངྒ་མགོ་ལྟ་བུས་མཚན་པ་ཡོད་པའོ་གསུངས། ཁ་ཅིག །དེ་ནི་པུཎ་གི་རི་དང་གནས་གཅིག་སྟེ་ཨུ་རྒྱན་གྱི་བྱང་ན་ཡོད་གསུངས། ཛ་ལནྡྷ་ར་ནི་གུ་གེའི་བྱང་ནུབ་མཐོ་ལིང་གི་གཙང་པོ་ཤ་ཝ་རུ། གར་ཤའི་གཙང་པོ་བི་པ་ཤ་ན། ཤཱི་ལ་ཛེའི་གཙང་པོ་མེར་ཝ་དང་གསུམ་འདུས་པའི་མདོ་ན་གྲོང་ཁྱེར་ཆེན་པོ་གཅིག་ཡོད།
དེའི་ཉེ་ལོགས་ན་རྡོའི་ལིངྒ་ཐོད་པ་ཁ་སྦུབ་པ་ལྟ་བུ་ཕྱོགས་གཅིག་ན་བུ་ག་དང་བཅས་པ་ཡོད་ལ། དེའི་ཉེ་འཁོར་ན་ཞིང་སྐྱོང་ལྷ་མོ་ཛྭ་ལ་མུ་ཁ་ཞེས་བྱ་བ་རྡོལ་རང་འཁྲུངས་སུ་ཡོད་པ་ཁ་བུབ་ཏུ་ཉལ་བ། དེ་ལ་གཙུག་ལག་ཁང་བརྩིགས་པ་ཡོད། དེ་ནས་རྒྱང་གྲགས་གཅིག་གི་ཕ་རོལ་ན་སྒྲུབ་པའི་གནས་བྲག་ཕུག་བརྒྱ། ཆུ་མིག་བརྒྱ། ཤིང་དྲུང་བརྒྱ་ཡོད་པའི་ཐད་ཀའི་བྲག་དཀྱིལ་ནས་ཆུ་འབབ་པ་དེ་ལ་མུ་སྟེགས་པ་རྣམས་ཁྲུས་བྱེད་པ་ཡོད་དོ། །ཨོ་ཌི་ཡཱ་ན་ཞེས་རྩ་རྒྱུད་ནས་འབྱུང་། རྡོ་རྗེ་མཁའ་འགྲོ་ནས་ཨོ་ཌི་ཡཱ་ན་ཞེས་འབྱུང་སྟེ། དེ་སྐད་ཟུར་ཆག་ནས་ཨུ་རྒྱན་ཞེས་གྲགས་པ་རྒྱལ་པོ་ཨིནྡྲ་བྷུ་ཏི་བྱོན་པའི་ཡུལ་དེ་ཡིན་ནོ། །ཨརྱ་ཏ་ནི་ལྷོ་ཕྱོགས་ན་རི་དབུས་མཐོ་བ། མཐའ་དམའ་བ། འབྲང་རྒྱས་འདྲ་བ། ནགས་ཚལ་འཐུག་པོས་བསྐོར་བ་སྒྲུབ་པའི་གནས་ཤིན་ཏུ་ཉམས་དགའ་བ་ཡོད་དོ། །གོ་ད་པོ་རི་ནི་བའི་མཆོད་སྦྱིན་ཞེས་བྱ་སྟེ། །བལ་ཡུལ་དུ་བ་དཀར་མོ་ཞིག་གི་འོ་མས་མཆོད་སྦྱིན་བྱས་པའི་ཤུལ་དུ་བརྐོས་པས་དབང་ཕྱུག་ཆེན་པོའི་ལིངྒ་ཞིག་བྱུང་། དེ་རི་འབིགས་བྱེད་དང་ཉེ་བ་རྡོ་རྗེ་གདན་ནས་ཟླ་བ་ཕྱེད་དང་གཉིས་ཕྱིན་པའི་སར་ཁྱེར་ཏེ་མཆོད་པས་གྲུབ་ཆུ་བྱུང་བའི་གནས་ལ་གྲགས་སོ། །རཱ་མེ་ཤྭ་རི་ནི་དགའ་བའི་དབང་ཕྱུག་སྟེ་ཤར་ཕྱོགས་རྒྱལ་པོ་དགའ་བའི་དབང་ཕྱུག་གི་གྲོང་ཁྱེར་ན། སྒྲུབ་གནས་རྡོའི་ལིངྒ་རྟའི་རྔོག་མ་ལྟ་
བུས་མཚན་པ་ཡོད་དོ། །དེ་ཝི་ཀོ་ཊི་ནི་ལྷ་མོའི་རྫོང་སྟེ། ཤར་ཕྱོགས་ཝ་རེནྡྲའི་ས་ཕྱོགས་གྲོ་མོའི་ལྷོ་ཐད་ན་གྲོང་ཁྱེར་པཉྩ་བ་ཞེས་བྱ་བའི་རྒྱང་གྲགས་བཞིའི་ཕ་རོལ་ན་དེ་ཝི་ཀོ་ཊིའི་ལྷ་ཁང་ཡོད་དོ། །མ་ལ་ཝ་ནི་ནུབ་ཕྱོགས་ན་ཕྲེང་བ་ཅན་ཞེས་བྱ་བའི་ཡུལ་ན་སྒྲུབ་གནས་རི་གཡས་གཡོན་གཉིས་མཐོ་བ། ཕྲག་པ་ལྟ་བུས་མཚན་པའི་སྒྲུབ་གནས་ཡོད་དོ། །དེ་རྣམས་ནི་ནམ་མཁའ་ནས་བྱུང་བའི་ལྷ་དང་དྲི་ཟས་བཟུང་བའི་ཕྱིར་མཁའ་སྤྱོད་ཀྱི་གནས་སུ་གྲགས་སོ། །ཀཱ་མ་རཱུ་པ་ནི་འདོད་པའི་གཟུགས་ཏེ། གཉལ་གྱི་ལྷོ་ཐད་ན་གྲོང་ཁྱེར་ཆེན་པོ་ཞིག་ཡོད། དེའི་ཕྱོགས་གཅིག་ན་སྒྲུབ་གནས་རྡོའི་ལིངྒ་མཚན་ཁུང་ལྟ་བུས་མཚན་པའི་ཆོས་འབྱུང་གི་གང་ཙམ་གྱིས་མཐོ་བ་གཅིག་ཡོད་དོ། །ཨོ་ཏྲི་ནི་ལྷོ་ཕྱོགས་ན་རྒྱལ་པོ་ཤིང་རྟ་བཅུ་པའི་ཡུལ་ན་རྡོའི་ལིངྒ་ནུ་མ་ལྟ་བུས་མཚན་པའི་སྒྲུབ་གནས་ཡོད་དོ། །ཏྲི་ཤ་ཀུ་ནི་སྟག་གཟིག་གི་ཡུལ་ན་ཆུ་བོ་གངྒཱ་དང་གནྟི་དང་པ་རུ་པ་གསུམ་འདུས་པའི་མདོ་ན་ངང་པ་ལ་སོགས་པ་བྱ་སྐད་སྙན་པ་སྒྲོག་པའི་སྒྲུབ་གནས་རྡོའི་ལིང་ལྟེ་བ་ལྟ་བུས་མཚན་པའི་སྒྲུབ་གནས་ཡོད་དོ། །ཀོ་ས་ལ་ནི་རྒྱལ་པོ་གསལ་རྒྱལ་གྱི་ཡུལ་ཏེ། སྔོན་དགེ་བ་ཞེས་བྱ་བས་བརྩིགས་པའི་ཕྱིར་དགེ་བ་ཅན་ཞེས་བྱ་སྟེ། དེའི་རྒྱང་གྲགས་གཅིག་གི་ཕ་རོལ་ན་རྡོའི་ལིངྒ་སྣ་ལྟ་བུས་མཚན་པ་ཡོད་དོ། །ཀ་ལིངྐ་ནི་གུ་གེ་ནང་གི་རྒྱབ། རྡོ་རྗེ་གདན་ནས་དཔག་ཚད་
བཅུ་གཉིས་ཀྱི་ཚུ་རོལ་ན། གླང་པོ་ཆེ་འཛིན་པའི་ས་ཞེས་བྱ་བའི་སྒྲུབ་གནས་ཡོད་དོ། །ཁ་ཅིག་རྡོ་རྗེ་གདན་ནས་དཔག་ཚད་དྲུག་ཅུ་ལྷོ་ནུབ་ཏུ་ཕྱིན་པ་ན་ཡོད། ཐམས་ཅད་སྒྲོལ་གྱི་ཡུལ་ཡིན་གསུངས། ལམ་ཀ་ནི་གར་ལོག་གི་རྒྱབ་བྲག་དང་ཆུ་འཐབ་པའི་འགྲམ་ན་སྒྲུབ་གནས་ཤིན་ཏུ་དབེན་པ་ཡོད་དོ། །ཀཱཉྩི་ནི་རྒྱ་གར་ལྷོ་ཕྱོགས་ཆོས་ཀྱི་གྲགས་པའི་ཡུལ་དང་ཉེ་བ་ན། གྲོང་ཁྱེར་གྱི་མཆོག་ཅེས་གྲགས་པ། སྔོན་དཱ་རི་ཀ་པས་གྲུབ་པ་བརྙེས་པའི་ས་ཕྱོགས་ཏེ། དེར་སྒྲུབ་གནས་གསེར་གྱི་ལིང་ལྟ་བུས་མཚན་པ་ཡོད། ཧི་མ་ལ་ཡ་ནི་གངས་ཅན་ཏེ། ཁ་ཅིག་ཏི་སེ་ན་རྡོའི་ལིངྒ་ཁྲུ་གང་ཙམ་ཞིག་ལ་ཆུ་འབབ་པ་དེ་ལ་ངོས་འཛིན། དཔལ་ལྡན་བླ་མ་དམ་པས་གངས་ཅན་ལ་ངོས་འཛིན། ཁ་ཅིག་བོད་སྤྱི་ལ་ངོས་འཛིན། དེ་རྣམས་ས་སྟེང་ནས་བྱུང་བའི་གནོད་སྦྱིན་བཞི་དང་། སྲིན་པོ་བཞིས་རིམ་པ་བཞིན་བཟུང་བའི་ཕྱིར་ས་ལ་སྤྱོད་པའི་གནས་སུ་གྲགས་སོ། །བྲེ་ཏ་པུ་རི་ནི། པུ་ཧྲངས་ན་ལུང་པ་ཞིག་གི་དབུས་ན་རྡོའི་ཕོ་མཚན་མི་གཟུགས་ཆེ་བ་ཙམ། དེའི་དཀྱིལ་ན་ཡར་ཆུ་ཚན་འཕྱུར་ནས་ཡོང་བའི་གནས་དེ་ཡིན་ནོ། །ཁ་ཅིག་རྒྱ་ནག་ན་ཡོད་ ཟེར། གྲོགས་ཧ་དེ་ཝ་ནི། ལི་ཡུལ་ལྕང་ར་སྨུག་པོ་ན་རྡོའི་ལིངྒ་སྙིང་ལྟ་བུས་མཚན་པའི་སྒྲུབ་གནས་ཡོད་དོ། །སོ་རཋ་ནི། ཡུལ་འཁོར་བཟང་པོ་ཅན་ཞེས་པ་སྟེ། ནུབ་ཕྱོགས་སུ་ཟླ་བ་ཕྱེད་དང་གསུམ་ཕྱིན་པ་ན།
སོ་མ་ནཱ་ཐ་ཞེས་བྱ་བ་ཕྱི་པའི་རྟེན་ཡོད་པའོ། །ཁ་ཅིག་མམྨ་ནི་ལ་འདོད། ཁ་ཅིག་ཝཱ་ར་ཎ་སི་ལ་འདོད། སུ་ཝཱཎཱ་དཱི་པ་ནི་གསེར་གླིང་སྟེ། གསེར་གླིང་རྒྱལ་པོའི་གླིང་ཆུང་གཅིག་ཡིན་ནོ། །ནཱ་ག་ར་ནི་ནུབ་ཕྱོགས་ན་ན་ག་རའི་ཡི་གེ་འབྱུང་བའི་ཡུལ་དེ་ཡིན་ནོ། །ལངྐ་པུ་རི་དང་། པུ་ཧྲངས་ལ་འདོད་པ་ནི་མི་འཐད་དོ། །སིནྡྲ་ནི་ཆུ་བོ་ཆེན་པོ་སིནྡྷ་འབབ་པའི་སའི་ཆ། རྒྱ་གར་ལྷོ་ཕྱོགས་ན་ཡོད། མ་རུ་ནི་ཛ་ལནྡྷ་ར་དང་ཉེ་བའི་བྱང་ཕྱོགས་ན་བྲག་ཕུག་ཞིག་ན་རྡོའི་མཚན་མ་རྐང་པའི་མཐེ་བོང་ལྟ་བུ་འཁྲུལ་པ་བཏོན་པས་མི་ཐོན་པ་ཞིག་ཡོད་དེ། གནས་དེ་ནི་ཤིན་ཏུ་འཇིགས་ཟེར་རོ། །ཀུ་ལུ་ཏ་ནི་གར་ཞའི་རྒྱབ། ཧུད་ཏིའི་ཕུག་ན་སྒྲུབ་གནས་ཕུག་ཐུར་དུ་བསྐོག་པའི་རིང་པོ་ཞིག་ན། རྡོའི་ལིངྒ་པུས་མོ་ལྟ་བུས་མཚན་མ་ཡོད་དོ། །དེ་རྣམས་ནི་ས་འོག་ནས་ཀླུ་བཞི་དང་ལྷ་མ་ཡིན་བཞི་བྱུང་ནས་རིམ་པ་བཞིན་བཟུང་བས་ས་འོག་ན་སྤྱོད་པ་ཡིན་ནོ། །མིའམ་ཅི་བཞི་དང་། ཕྲ་མེན་མའི་མ་མོ་བཞི་སྟེ་བརྒྱད་ཀྱིས་གཏུམ་དྲག་ལ་སོགས་པའི་དུར་ཁྲོད་ཆེན་པོ་བརྒྱད་བཟུང་ངོ་། །ཁ་ཅིག་འཐུང་གཅོད་དང་ཉེ་བའི་འཐུང་གཅོད། གྲོང་མཐའ་དང་ཉེ་བའི་གྲོང་མཐའ་བཟུང་ཟེར་རོ། །ཐམས་ཅད་ཀྱང་སྲིད་པ་གསུམ་ལ་དབང་དུ་བྱའམ་བདག་པོ་འདོད་པས། ལྷ་དབང་ཕྱུག་ཆེན་པོ་སྤྱན་དྲངས་ཏེ་མཆོད་པ་བྱེད་པ་ལ་དབང་ཕྱུག་ཆེན་པོ་ཨུ་མ་དང་འཁྱུད་ཅིང་
རོལ་བས་འགྲོར་མི་ཁོམས་ཏེ། དེའི་སྤྲུལ་པ་རྡོའི་ལིངྒ་མགོ་ལྟ་བུ་ལ་སོགས་པ་ཉི་ཤུ་རྩ་བཞི་སྤྲུལ་ནས་ཡུལ་རེ་རེར་རྟེན་རེ་རེ་བཞག་གོ །དེ་རྣམས་ཀྱང་རྟེན་ལ་དམིགས་ནས་མཆོད་ཅིང་ཚོགས་འཁོར་བྱེད་དོ། །ཞེས་གསུངས།། ༈ །ཡང་དེས་མཛད་པའི་དུས་འཁོར་རྒྱུད་ཀྱི་སྤྱི་དོན་ལས། རྒྱ་གར་སྐད་དུ་ཞེས་པ་ནི། ཡུལ་རྒྱ་གར་པའི་མི་རྣམས་ལ་སྐད་རིགས་བཞི་ཡོད་པའི་ནང་ནས། སཾ་སྐྲྀ་ཏ་ལྷའི་སྐད་ལ་ཞེས་པའོ། །བོད་སྐད་དུ་ཞེས་པ་ནི་བོད་ཡུལ་གྱི་མི་རྣམས་ཀྱི་སྐད་ལ་ཞེས་པའོ། །པ་ར་མ་ནི་མཆོག་གི །ཨ་དཱ་ནི་དང་པོ། བུདྡྷ་ནི་སངས་རྒྱས། ཨུཙྪ་ནི་ཕྱུང་བ། ཤྲཱི་ཀཱ་ལ་ཙཀྲ་ནི་དཔལ་དུས་ཀྱི་འཁོར་ལོ། ནཱ་མ་ནི་ཞེས་བྱ་བ། ཏན་ནི་རྒྱུད། རཱ་ཛ་ནི་རྒྱལ་པོའོ། །འགྲེལ་པར་ཡང་། བི་མ་ལ་ནི་དྲི་མ་མེད་པ། པྲ་བྷ་ནི་འོད། ནཱ་མ་ནི་ཞེས་བྱ་བ། མཱུ་ལ་ནི་རྩ་བ། ཏན་ནི་རྒྱུད། ཨ་ནུ་པཱ་རི་ཎི་ནི་རྗེས་སུ་འཇུག ། དྲྭ་ཛ་ཤ་ས་ཧ་སྲི་ཀ་ནི་སྟོང་ཕྲག་བཅུ་གཉིས་པ། ལ་གླུ་ནི་བསྡུས་པ། ཀཱ་ལ་ཙཀྲ་ཏན་ར་ཛ་ནི་སྔར་བཞིན། ཊཱི་ཀ་ནི་འགྲེལ་བཤད་དོ། །ཞེས་གསུངས། དེས་མཛད་པའི་གསང་འདུས་རྒྱུད་ཀྱི་བཤད་ཐབས་ཡན་ལག་ལས། ཡུལ་རྒྱ་གར་པའི་མི་རྣམས་ལ་སྐད་རིགས་བཞི་ལ་སོགས་པ་ཡོད་པའི་ནང་ནས། སཾ་སྐྲྀ་ཏ་ལྷའི་སྐད་དུ་སརྦ་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་ཐམས་ཅད། ཀཱ་ཡ་ཝཱ་ཀ་ཙིཏྟ་སྐུ་དང་གསུང་དང་
ཐུགས། ར་ཧ་སུ་གསང་ཆེན། གུ་རྒྱ་གསང་བ། །ས་མ་ཛའདུས་པ། ནཱ་མ་ཞེས་བྱ་བ། མ་ཧཱ་ཆེན་པོ། ཀལྤ་རཱ་ཛ་རྟོགས་པའི་རྒྱལ་པོའོ། །འགྲེལ་པར། པྲ་དཱི་པོ་བྱོཏ་ན་སྒྲོན་མ་རབ་ཏུ་གསལ་བར་བྱེད་པའི་ཊིཀ་རྒྱ་ཆེར་བཤད་པ་ཞེས། བོད་ཡུལ་བའི་མི་རྣམས་ཀྱི་སྐད་དུ་བསྒྱུར་བའོ། །ཞེས་དང་། རྟོག་པ་ནི་བཅོམ་ལྡན་འདས་ཀྱི་མི་རྟོག་པའི་ཡེ་ཤེས་ལ་སེམས་ཅན་གྱི་དོན་དུ་གང་ལ་གང་མོས་སུ་ཡོངས་སུ་བརྟགས་པས་ན་རྟོག་པ་སྟེ། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་རྟོག་པའི་རྒྱལ་པོ་ལས་གསུངས་ཏེ། རྣམ་པར་མི་ཏོག་ཏིང་འཛིན་གྱིས། །སེམས་ཅན་དོན་ནི་ཡོངས་སུ་བརྟགས། །རྟོག་པ་ཡོངས་སུ་དག་པ་ཡིས། །དེ་ནི་རྟོག་པར་ཡང་དག་བཤད། །ཅེས་སོ། །ཞེས་གསུངས། གསང་སྔགས་རྣམས་གསུངས་ཚུལ་དང་དར་ཚུལ་ནི། གསང་འདུས་ལྟར་ན། སློབ་དཔོན་ཀུན་དགའ་སྙིང་པོ་ནི་གཞན་འཕྲུལ་དབང་བྱེད་དུ་གསང་འདུས་གསུངས་པར་བཞེད། པཎྜི་ཏ་ཨ་ལངྐ་ལ་ཤས་ནི་དགའ་ལྡན་དུ་གསང་འདུས་བསྟན་པར་བཞེད། རབ་ཏུ་སྒྲོན་གསལ་ལས་ཀྱང་། དགའ་ལྡན་དུ་རྒྱུད་སྡེ་ཐམས་ཅད་བསྟན་པར་བཞེད། བོད་དུ་གྲགས་པ་ལ་ཨོ་རྒྱན་དུ། ཐུབ་པས་གསང་འདུས་དཀྱིལ་འཁོར་སྤྲུལ་ནས། ཨིནྡྲ་བྷཱུ་ཏི་སོགས་ལ་དབང་བསྐུར་རྒྱུད་བསྟན་ནས། རྒྱུད་ཐམས་ཅད་རྡོ་རྗེ་ཆོས་ལ་གཏད། ཕྱག་རྡོར་གྱིས་བཅོམ་ལྡན་འདས་
བཞུགས་པའི་དུས་ཉིད་དུ། རྒྱུད་སྡེ་མཐའ་དག་བསྡུས་ནས། ཨིནྡྲ་བྷུ་ཏི་འཁོར་བཅས་ལ་བྱིན་ཏེ། དེ་ཐམས་ཅད་གྲུབ་པ་ཐོབ་སྟེ་དཔའ་བོ་དང་རྣལ་འབྱོར་མར་གྱུར་ཨོ་རྒྱན་ཡུལ་དེ་སྟོངས་ནས་མཚོ་ཆེན་པོ་ཀླུས་གང་བ་གཅིག་ཏུ་གྱུར། དེ་ནས་ཕྱག་རྡོར་གྱིས་རྒྱུད་མཐའ་དག་གླེགས་བམ་ལ་བྲིས་ཏེ། ཀླུ་རྣམས་སྨིན་པར་མཛད་ནས་དེ་རྣམས་ལ་གཏད། ཀླུ་རྣམས་རིམ་ཀྱིས་མིའི་གཟུགས་སུ་བསྒྱུར་ཏེ། མཚོའི་འགྲམ་དུ་གྲོང་པ་བྱས་ནས། རྡོ་རྗེ་ཐེག་པ་ཉམས་སུ་བླངས་པས། ཕལ་ཆེར་གྲུབ་པ་བརྙེས། སྐྱེས་པ་རྣམས་དཔའ་བོ། བུད་མེད་རྣམས་མཁའ་འགྲོ་མར་གྱུར། སྐལ་པ་མེད་པ་རྣམས་གཞན་དུ་དེངས། – མཚོ་དེ་བསྐམས་ནས་དེའི་ཤུལ་དུ་ཧེ་རུ་ཀ་རང་བྱུང་གི་ལྷ་ཁང་ཞེས་བྱ་བ་བྱོན། དེར་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་བཞུགས་ཤིང་། ཕྱག་རྡོར་གྱིས་གསང་འདུས་སོགས་རྒྱུད་རྣམས་རིན་པོ་ཆེ་ཞུན་མས་བྲིས་ཚེ པའི་གླེགས་བམ་དེ་རྣམས་ལ་གཏད། ཡུལ་དེ་ལ་མཁའ་འགྲོ་མའི་གནས་སུ་གྲགས། གྲུབ་པ་མ་ཐོབ་པ་རྣམས་ནི་མིར་འགྱུར་ཏེ། དེའི་རྒྱལ་པོ་རྣམས་ཀྱང་ཆོས་དང་ལྡན་པ་ཤ་སྟག་སྟེ། ཞེས་པ་དེ་རྣམས་ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པ་ལས་འབྱུང་བར་གྲགས་གསུངས། མཉན་ཡོད་ནས་དཔག་ཚད་སུམ་བརྒྱ་ན་ཨོ་རྒྱན་གྱི་ཡུལ་ཡོད་པར་བཤད། ཨོ་རྒྱན་གྱི་ཡུལ་དེ་ནས་རྒྱལ་པོ་བི་སུ་ཀཝས་བླངས་ཏེ་ས་ར་ཧ་ལ་
བཤད་པ་སོགས་འཕགས་ཡུལ་དུ་དར་བར་བཤད། ༈ །།བདེ་མཆོག་གི་ལུགས་ལྟར་ན། སློབ་དཔོན་བྷ་བ་བྷ་ཏྲ་དང་སྐལ་ལྡན་གྲགས་པ་སོགས། བདེ་མཆོག་གི་རྒྱུད་ནི། ཐོག་མ་མེད་པའི་དུས་སུ་ཐུབ་པ་སངས་རྒྱས་ནས་གསུངས་ལ། ཆོས་གཞན་རྣམས་བསྐལ་པ་འཇིག་ཆགས་ཀྱི་དབང་གིས་ནུབ་ཀྱང་། བདེ་མཆོག་ཡུལ་ཉི་ཤུ་རྩ་བཞི་ན་གནས་པའི་དཔའ་བོ་དང་དཔའ་མོས་ཉམས་སུ་བླངས་ཏེ་གནས་པའི་ཕྱིར་ མ་ནུབ་པས། ཐུབ་པ་ཟས་གཙང་གི་སྲས་སུ་གྱུར་ནས། བསྐྱར་ནས་གསུངས་པ་མེད། ཆོས་གཞན་རྣམས་དང་པོར་གསུངས་ཀྱང་། བར་སྐབས་སུ་ནུབ་པའི་ཕྱིར། ཤཱཀ་ཐུབ་ཀྱིས་བསྐྱར་ནས་གསུངས་པར་འདོད། སློབ་དཔོན་རྡོ་རྗེས་གཉིས་ལྡན་དུས་སུ་དྲག་པོ་དབང་ཕྱུག་བཏུལ་ཚེ་གསུངས་པར་འདོད། བོད་ཀྱི་བླ་མ་རྣམས་རྩོད་ལྡན་ཀྱི་དུས་སུ་བཞེད། འཛམ་བུའི་གླིང་དུ་དྲག་པོ་འཇིགས་བྱེད་འཁོར་བཅས་བཏུལ་ནས། རི་རབ་ཀྱི་རྩེར་རྒྱུད་གསུངས། དེ་ཡང་གནས་དེ་ཉིད་དུ་བཞུགས་ཀྱི་གཞན་དུ་འགྲོ་བ་མེད་ལ། ཆོས་ཀྱང་དང་པོར་གསུངས་པ་དེ་ལས། ཕྱིས་ཤཱཀ་ཐུབ་ཏུ་གྱུར་ནས་ཟློས་པ་མེད་པར་འདོད་པ་དང་། ཡང་མཁའ་འགྲོ་རྒྱ་མཚོ་དང་། དེའི་འགྲེལ་པར། ཕྱིས་ཐུབ་པས་ཟློས་ཏེ་གསུངས་པར་བཞེད། ཨིནྡྲ་བྷུ་ཏིས་མཛད་པའི་བདེ་མཆོག་རྩ་རྒྱུད་འགྲེལ་པར་དུས་ཕྱིས་ཤཱཀྱ་ཐུབ་པས་དཔལ་འབྲས་སྤུངས་
སུ་བསྐྱར་ནས་གསུངས་པར་བཞེད། དེ་ཡང་རི་རབ་ཀྱི་རྩེར་སྤྲུལ་བཤད་མཛད་ནས། འཛམ་བུའི་གླིང་པའི་མི་རྣམས་ཀྱི་དོན་གྱི་ཕྱིར་སྟོན་པས་དགའ་ལྡན་དུ་དམ་པ་ཏོག་དཀར་དུ་འཁྲུངས་པ་ལ་སོགས་མཛད་པ་བཅུ་གཉིས་ཀྱིས་སྤྲུལ་སྐུར་སངས་རྒྱ་བའི་ཚུལ་བསྟན་ཏེ་ཐེག་པ་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་ནས་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱི་དོན་དུ་དཔལ་འབྲས་སྤུང་གི་རི་ལ་བཅོམ་ལྡན་འདས་བདེ་མཆོག་འཁོར་ལོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དཀྱིལ་འཁོར་གྱི་འཁོར་ལོར་སྤྲུལ་ཏེ། རྣལ་འབྱོར་མ་བྱེ་བ་ཕྲག་བརྒྱད་ཅུ་ལ་བདེ་མཆོག་འཁོར་ལོའི་རྒྱུད་རྣམས་གསུངས་ཤིང་། དྲག་པོ་འཇིགས་བྱེད་འཁོར་བཅས་འདུལ་བའི་ཚུལ་བསྟན་པར་གསུངས། ཡེ་ཤེས་ཐིག་ལེའི་རྒྱུད་ལས་ལུང་བསྟན་པ་བཞིན་རྒྱལ་པོ་ཨིནྡྲ་བྷཱུ་ཏི་བྱུང་། རྒྱུད་དེ་ལས་ཕྱག་རྡོར་གྱི་སྤྲུལ་པ་ས་བཅུའི་དབང་ཕྱུག་ཏུ་བཤད་པ། དེ་ལ་གསང་འདུས་པ་རྣམས་སངས་རྒྱས་ཀྱིས་དངོས་སུ་དབང་བསྐུར་བར་འཆད་ལ། ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པར། དྲང་སྲོང་འགྲོ་དབུགས་སྦྱིན་པ་ནས་བཟུང་སྟེ། རྣལ་འབྱོར་པ་ཐུགས་ཀྱི་རྡོ་རྗེའི་བར་དུ་བརྒྱུད་པའི་མན་ངག །ལྕམ་དཔལ་མོས་རྒྱལ་པོ་དེ་ལ་བསྟན་པས་རྒྱལ་པོ་རབ་ཏུ་བྱུང་། གྲུབ་པ་བརྙེས་པའི་དུས་སུ་ལ་ཝ་པ་ཞེས་གྲགས་པར་བཤད་ལ། བསམ་མི་ཁྱབ་ནས། རྟ་མཆོག་བཱི་ན་པ་ད་དང་། །
ཨིནྡྲ་བྷཱུ་ཏི་ལཀྱི་བཅས། །ཞེས་བཱི་ན་པའི་སློབ་མར་འཆད་དེ། དེས་བསྐྱངས་པའི་ཡུལ་ཨོ་རྒྱན་དུ་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་དཔག་ཏུ་མེད་པ་བྱུང་། དེ་རྣམས་ཀྱིས་གསང་སྔགས་རྣལ་འབྱོར་བླ་ན་ མེད་པའི་རྒྱུད་སྡེ་མང་པོ་སྐལ་བ་དང་ལྡན་པའི་གང་ཟག་རྣམས་ལ་གནང་བས་ཡུལ་དབུས་ལ་སོགས་པ་འཕེལ་བ་ཡིན་ལ། རྒྱུད་སྡེ་མང་པོའི་མཇུག་ནས་ཀྱང་ཨོ་རྒྱན་གྱི་ཡུལ་ནས་བྱུང་བ་ཞེས་པའི་དོན་ཡིན་པར་གསུངས། རྒྱུད་འདིའི་བཤད་སྲོལ་གྱིས། ཧེ་རུ་ཀའམ་ཡེ་ཤེས་མཁའ་འགྲོ་མ་ལ་ཆོས་དངོས་སུ་ཐོབ་ནས་བརྒྱུད་པ་དེ་ཉིད་ལས་བལྟས་པས་ཆོག་པ་ཉེ་བརྒྱུད་དང་། གོང་མ་རྣམས་འདོད་པ་རིང་བརྒྱུད་དང་གཉིས་ལས། རིང་བརྒྱུད་དུ་བྱེད་ན། ཕྱག་ན་རྡོ་རྗེས་བྲམ་ཟེ་ས་ར་ཧ། དེས་ཀླུ་སྒྲུབ། དེ་ནས་ཤ་བ་རི། དེས་ལཱུ་ཧི་པ་སོགས་ལ་བརྒྱུད་དོ།། ༈ །།དུས་འཁོར་གྱི་ལུགས་ལ། ཐུབ་པས་དཔལ་འབྲས་སྤུང་གི་མཆོད་རྟེན་ནང་། འོག་ཏུ་ཆོས་དབྱིངས་གསུང་དབང་དང་། སྟེང་དུ་དཔལ་ལྡན་རྒྱུ་སྐར་དུས་འཁོར་གྱི་དཀྱིལ་འཁོར་སྤྲུལ་ཏེ། འཁོར་སངས་རྒྱས་བྱང་སེམས་ཁྲོ་བོ་ལྷ་ཀླུ་ལྷ་མོའི་ཚོགས་ཀྱིས་བསྐོར་བ་དང་། ཞུ་བ་པོ། ཤམྦྷ་ལ་ནས་རྫུ་འཕྲུལ་གྱིས་བྱོན་པའི་ཟླ་བཟང་འཁོར་བཅས་ལ་ཆོས་རྩ་བའི་རྒྱུད་ཀློ་ཀ་སྟོང་ཕྲག་བཅུ་གཉིས་པ་གསུངས། ཟླ་བཟང་གིས་དུས་འཁོར་རྩ་རྒྱུད་ལ་སོགས་པའི་རྒྱུད་སྡེ་རྣམས་ལེགས་
པར་བསྡུས་ཤིང་། རྩ་རྒྱུད་ལ་འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་མཛད་ནས། ཤམྦྷ་ལར་དུས་འཁོར་གྱི་དཀྱིལ་འཁོར་བཞེངས། ལྷའི་དབང་ཕྱུག་སྟོན་པ་པོར་བསྐོས་ནས་མྱ་ངན་ལས་འདས། དེ་ནས་ཆོས་རྒྱལ་བདུན། རིགས་ལྡན་འཇམ་དཔལ་གྲགས་པས་བར་དུ་རྩ་འགྲེལ་ལ་འཆད་ཉན་བྱེད། འཇམ་དཔལ་གྲགས་པས་རྩ་རྒྱུད་ལས་བཏུས་ནས་བསྡུས་རྒྱུད་མཛད། གྲགས་པ་པདྨ་དཀར་པོ་ལ་རྒྱུད་སྟོན་ཅིང་། འགྲེལ་བཤད་རྩོམ་པར་བསྐོས་ཤིང་མྱ་ངན་འདས། དེ་ནས་པད་དཀར་གྱིས་འགྲེལ་བཤད་སྟོང་ཕྲག་བཅུ་གཉིས་པ་མཛད་པ་སོགས་ཤམ་བྷ་ལར་དར་ཞིང་རྒྱས་ནས། འཕགས་ཡུལ་དུ་བྱུང་ཚུལ་ནི་འབྲོ་ལུགས་ལ། ཙི་ལུ་པཎྜི་ཏ་དང་། དུས་ཞབས་པ་ཆེ་བ་གཅིག་པར་བཞེད་ཅིང་། དེ་ཉིད་ཤམྦྷ་ལར་བྱོན་པའི་ལམ་དུ་དཔལ་སྐྱོང་ལ་གསན་པ་དང་། སྤྱན་རས་གཟིགས་ཀྱིས་སྤྲུལ་པའི་དགེ་སློང་ཞིག་ལ་གསན་པ་སོགས་ལོ་རྒྱུས་མི་མཐུན་པ་མང་། དེ་ནས་རྒྱ་གར་དུ་འཕེལ། དེས་དུས་ཞབས་ཆུང་བ། ནཱ་ལེནྡྲ་པ། ཁ་ཆེ་ཟླ་བ་མགོན་པོ། དེས་འཕྲོ་ལོ་ཤེས་རབ་གྲགས་སོགས་ལ་བཤད་ནས་བོད་དུ་དར། གླུ འཕན་ཡུལ་བ་བྲག་སྒོམ་དཀོན་མཆོག་སྲུང་། སྒྲོ་སྟོན་གནམ་ལ་བརྩེགས། གྲུབ་ཆེན་ཡུ་མོ་དད་པ་རྒྱལ་པོ་རྣམས་ཀྱིས་རིམ་པར་སྤེལ། ༈ །རྭ་པའི་ལུགས་ལ། ཙི་ལུ་པཎྜི་ཏ་དང་། དུས་ཞབས་པ་མི་གཅིག་པར་
བཞེད་དེ། ཙི་ལུ་པ་ཤམྦྷ་ལར་འགྲོ་བའི་ལམ་དུ་འཇམ་དབྱངས་སྤྲུལ་པ་ལ་ཞུས། དེས་པོ་ཏོ་ཨ་ཙརྨ། དེས་དུས་ཞབས་ཆེ་བ། དེས་དུས་ཞབས་ཆུང་བ། དེ་ནས་མཉྫ་ཀཱིརྟི། པཎྜི་ཏ་ས་མནྟ་ཧཱུཾ། རྭ་ལོ་ཙཱ་བ་ཆོས་རབ། རྭ་ཡེ་ཤེས་སེང་གེ །རྭ་འབུམ་སེང་། གྲྭ་ལོ་རྣམ་རྒྱལ་རྡོ་རྗེ་སོགས་བརྒྱུད་དོ། །བི་བྷཱུ་ཏི་ནས་ཀོ་བྲག་པ་དང་། ཤཱཀྱ་ཤྲཱི་ནས་ས་པཎ་ལ་བརྒྱུད་པ། པཎྜི་ཏ་ནགས་ཀྱི་རིན་ཆེན་ནས། གངས་དཀར་རྡོ་རྗེ་གདན་པ་ལ་བརྒྱུད་པ་སོགས་བོད་དུ་བྱུང་ཚུལ་གཞན་ཡང་ཡོད་ཅིང་། རྒྱ་གར་དུ་དུས་འཁོར་བྱུང་ཚུལ་ལོ་རྒྱུས་མི་མཐུན་པ་ཤིན་ཏུ་མང་ངོ་། ༈ །ཡང་གོང་གི་བདེ་མཆོག་སྤྱི་དོན་ལས། རྒྱུད་ལ་འཇུག་པའི་གང་ཟག་ལྔ་ནི། ཙནྡ་ལྟ་བུ། པད་དཀར། ཨུཏྤལ། པདྨ། རིན་པོ་ཆེ་ལྟ་བུ་དང་ལྔ་སྟེ། རྒྱུད་འདིའི་ལེའུ་ཉི་ཤུ་དྲུག་པ་ནས་གསུམ་དུ་བསྡུས་ཏེ། དང་པོ་ནི། དབང་པོ་ཐ་མ་ཡིན་པས་མ་དག་པ་ཡིན་ལ། འོ བར་པ་གསུམ་པོ་འབྲིང་གི་རབ་འབྲིང་གསུམ་སྟེ། མ་དག་པ་དང་དག་པས་བསྡུས། ཐ་མ་ནི་དབང་པོ་ཡང་རབ་སྟེ་དག་པས་བསྡུས་ཏེ་དྲུག་པའོ། །ཞེས་སོ།། ༈ །།སྒྲུབ་ཁང་དཔལ་གྲུབ་པས་མཛད་པའི་ལྗོན་ཤིང་མཛེས་རྒྱན་གྱི་སྔོན་འགྲོ་རྒྱ་ཆེར་བཤད་པ་བློ་གསལ་རབ་དགའ་ལས། སེང་གེའི་ལྟ་སྟངས་ཀྱིས་ཁྱད་གཞི་བླང་བ། སྦལ་པའི་འཕར་བས་སྐབས་དོན་སོ་སོར་ཕྱེ་བ། རུས་སྦལ་གྱི་འགྲོས་ཀྱིས་ཚིག་དོན་འཇེབ་
པར་བཤད་པ་དང་གསུམ་ལས། དང་པོ་ནི། སེང་གེ་གཟེངས་བསྟོད་པའི་ལྟ་སྟངས་ཀྱིས་འོག་གཞི་ཐམས་ཅད་ངེས་པར་བྱེད་པ་བཞིན་མཆོད་བརྗོད་ཀྱི་ཕྱག་འཚལ་ལོ་ཞེས་པ་ལྟ་བུ་ཞིག་བཤད་པའི་གཞིར་བླངས་ནས་ཐོག་མར་བཀོད། གཉིས་པ་ནི། སྦལ་པ་འཕར་བས་ས་གཞི་དུམ་བུ་དུམ་བུར་གཅོད་པ་ལྟར། མཆོད་བརྗོད་ཀྱི་དོན་རྣམས་སྐབས་སོ་སོར་ཕྱེ་ནས་ངེས་པར་བྱེད་པའོ། །གསུམ་པ་ནི། །རུས་སྦལ་གྱི་འགྲོས་ཞིབ་མོས་རང་གི་ཇི་ལྟར་བགྲོད་པའི་ས་ལ་དུམ་བུ་ཅུང་ཟད་ཀྱང་མ་ལུས་བར་འགྲོ་བ་བཞིན། མཆོད་བརྗོད་ཀྱི་གཞུང་ཚིག་གཅིག་ཀྱང་མ་ལུས་པ་ཞིབ་ཏུ་འཆད་པའོ། །ཞེས་དང་། ཕྱག་བགྱིའོ་ཞེས་བཤད་པའི་གཞི་བཟུང་སྟེ། ཡུལ་གང་ལ་ཞེ་ན། གཉིས་སུ་མེད་པའི་ཆོས་ལྔའི་བདག་ཉིད་ཅན་འཁོར་ལོའི་མགོན་པོ་དང་དབྱེར་མེད་པའི་རྩ་བའི་བླ་མ་ལ་དང་། དེ་ནས་མཐུ་སྟོབས་མགོན་པོ་བརྩེ་ བ་སེང་གེའི་ལྟ་སྟངས་ཀྱིས་ཆེན་པོ། རྡོ་རྗེ་འཆང་བཟང་པོའི་མཐའ་ཅན་རྣམས་དངོས་སུ་སྨོས་ནས། དེ་དག་གིས་མཚོན་པའི་བརྒྱུད་པ་རིན་པོ་ཆེའི་ཕྲེང་བ་བར་མ་ཆད་པའི་བླ་མ་དམ་པའོ། །ཞེས་སྦལ་པའི་ འཕར་བས་ཕྱག་གི་ཡུལ་རྣམས་སོ་སོར་ངེས་པར་བྱས་ནས། དེ་རུས་སྦལ་གྱི་འགྲོས་ལྟར་ཞིབ་ཏུ་བཤད་པ་ནི། འཁོར་ལོའི་མགོན་པོ་དེའི་ཡོན་ཏན་ཇི་ལྟ་དུ་ཞེ་ན། སོགས་གསུངས། རིགས་བརྒྱ་ནི་རིགས་
གང་ལ་གྲངས་ཀྱི་ངེས་པ་བརྒྱ་དང་ལྡན་པའོ། །དེ་ལ་རྒྱུད་སྡེ་རྣམས་ལས་བཤད་ཚུལ་མི་འདྲ་བ་མང་ཡང་རྒྱུད་འདིའི་དགོངས་པ་ནི་གཞི་ལམ་འབྲས་བུའི་རིགས་བརྒྱ་ཕྲག་གསུམ་ལས། འདི་ནི་འབྲས་དུས་ཀྱི་རིགས་བརྒྱའི་དབང་དུ་མཛད་པ་སྟེ། དེ་ལ་ཡེ་ཤེས་ལྔའི་རང་བཞིན་མི་བསྐྱོད་པ་ལ་སོགས་པ་རིགས་ལྔ་ལ། མི་བསྐྱོད་པའི་མི་བསྐྱོད་པ་ནས་མི་བསྐྱོད་པའི་དོན་གྲུབ་ཀྱི་བར་ལྔ་དང་། དེ་བཞིན་དུ་རྣམ་སྣང་ལ་སོགས་ལ་ལྔ་ལྔར་ཕྱེ་པས་ཉེར་ལྔ། དེ་རྣམས་རེ་རེ་ལ་ཚད་མེད་བཞིར་སྦྱར་བས་བྱམས་པ་ཚད་མེད་དང་ལྡན་པ་ཉེར་ལྔ་ནས། བཏང་སྙོམས་ཚད་མེད་དང་ལྡན་པ་ཉེར་ལྔ་སྟེ་བརྒྱའོ། །དེ་ཡང་རྩ་རྒྱུད་ལས། དེ་རྣམས་རིགས་ལ་རིགས་ནི་རྣམ་པ་བརྒྱ། །ཞེས་སོ། །གཙོ་བོ་ནི་དེ་རྣམས་དབྱིངས་ཡེ་ཁྱབ་བྱེད་དུ་གྱུར་པ་ཐུགས་ཀྱི་རིགས་གཅིག་པུ་སྟེ། ཐུགས་ཀྱི་བདག་པོ་རིགས་གཅིག་ཉིད། །ཅེས་དང་། རོ་བརྒྱ་ནི། འདུལ་བར་ཟས་རོ་བརྒྱ་བ་དང་། ཞེས་པའི་རྒྱ་ཆེར་འགྲེལ་དུ། ཟས་གང་ལ་རོའི་རྣམ་པ་བརྒྱ་ཡོད་པ་ནི་ཟས་རོ་བརྒྱ་པའོ། །ཞེས་རོའི་རྣམ་པ་མང་བའི་དཔེ་ཙམ་དུ་བསྟན་ཀྱང་རེ་རེ་ནས་བགྲང་ཚུལ་མ་གསུངས་སོ། །འདིའི་བགྲང་ཚུལ་ནི་གསོ་རིག་ལ་མཁས་པ་དག་འདི་ལྟར་བཞེད་དེ། རང་གི་ངོ་བོའི་སྒོ་ནས་རྩ་བའི་རོ་མངར་སྐྱུར་ལན་ཚྭ་ཁ་ཚྭ་བསྐ་བ་དྲུག་ལ། མངར་གསུམ་དང་མངར་བ་སོགས་དྲུག་ཏུ་དབྱེ་ཞིང་།
དེ་བཞིན་དུ་སྒྱུར་བ་ལ་སོགས་པ་ལའང་དྲུག་དྲུག་ཏུ་ཕྱེ་བས་སོ་དྲུག །དེ་དག་སོ་སོའི་ལྕེ་ཡི་ཡུལ་དུ་གསལ་བར་མྱོང་བ་སོ་དྲུག །ལྟོ་བའི་གནས་སུ་ནུས་པ་སྨིན་པ་སོ་དྲུག་སྟེ་བརྒྱ་དང་བརྒྱད་ཡིན་པ་ལ། །བརྗོད་པ་བདེ་བའི་ཕྱིར་རོ་བརྒྱ་ཞེས་སྨོས་པའོ། །ཞེས་གསུངས་སོ། །པ་ཞེས་པ་ནི་ལྡན་པའི་དོན་ཅན་དང་། ཞེས་སོགས་གསུངས་སོ། ༈ །དེས་མཛད་༤༠པའི་ཀྱེ་རྡོར་ལས་བཞིའི་སྦྱིན་སྲེག་གི་རྣམ་བཤད་ ཡེ་ཤེས་མེ་དཔུང་ཞེས་རྗེ་བཙུན་རིན་པོ་ཆེའི་ཡིག་ཆའི་འགྲེལ་པར། སྦྱིན་སྲེག་གི་སྐད་དོད་ལ་ཧོམ་ཞེས་འབྱུང་ཞིང་། དེ་ལ་ཡི་གེ་ཕྱིས་བསྣན་གྱི་ངེས་ཚིག་ནི། ཧོ་ནི་ཧོ་ཏ་བྱ་སྟེ་བསྲེག་བྱ། མ་ཡིག་ནར་བྱས་པས་དཱ་ན་སྦྱིན་པ་སྟེ། བསྲེག་བྱའི་རྫས་རྣམས་མེ་ལྷའི་ཁར་སྟེར་བས་སྦྱིན་སྲེག་གོ་གསུངས། དེ་ཡང་ཁ་སྦྱོར་ལས། མེ་ཡི་ལྷ་ནི་ཁ་རུ་གསུངས། །སྦྱིན་སྲེག་དེ་ཉིད་རྣམ་པར་གནས། །ཞེས་དང་། དྲིས་ལན་ལས། པགས་པ་བྱང་ཆུབ་ཡན་ལག་བདུན། །ཞེས་པའི་དོན། ཡན་ལག་བརྒྱད་པར། ཁྲག་སྐྱེས་པགས་པ་རིམ་པ་བདུན། །ཞེས་སོགས་བསྟན་པ་བཞིན་ཁྲག་དང་པོར་བྱས་པའི་ཟུང་བདུན་གྱི་སྣོད་དུ་གྱུར་པའི་པགས་པ་རྣམས་དག་བྱར་གསུངས་སོ། །འགྲོ་དང་མི་འགྲོ་བ་ཞེས་པ་ལུས་སེམས་ལ་སྦྱར་ནས་བཤད་དུ་ཡོད་ཀྱང་། འདིར་ནི་དེ་དག་ལས་གཞན་པའི་འགྲོ་ཚུལ་ཏེ། སེམས་ཅན་གང་ཞིག་སྔོན་བྱས་པའི་
ལས་ཀྱི་འབྲས་བུ་ལོངས་སྤྱོད་པའི་གནས་སུ་ཕྱིན་པའམ་སླེབ་པ་ལ་འགྲོ་བ་ཞེས་དང་། མ་སླེབ་པ་ལ་མི་འགྲོ་བ་ཞེས་བྱ་བ་ཡིན་ལ། དེ་ལྟར་ངེས་པར་བྱས་ནས་འདིའི་མི་འགྲོ་བ་ནི་སྲིད་པ་བར་དོ་བ་རྣམས་ཡིན་པ་ཤེས་པར་བྱ་སྟེ། མཛོད་ལས། བགྲོད་པའི་ཡུལ་དུ་མ་ཕྱིན་ཕྱིར། །སྲིད་པ་བར་མ་བྱུང་བ་མིན། །ཞེས་སོ། །ཡང་། ཉན་ཐོས་སནེ་པ་ལ་སོགས་པས། ཐེག་པ་ཆེན་པོ་ནི་ཀླུ་སྒྲུབ་ཟེར་བའི་མི་རྫུན་མ་ཞིག་གིས་བྱས་སོ་ཞེས་ལས་ངན་སོག་པ་དང་། ཐེག་ཆེན་འཛིན་པ་ཁ་ཅིག་གིས། བསེ་རུ་ལྟ་བུ་རྣམས་ལ་ནི། །ཕ་རོལ་ཕྱིན་དྲུག་མིང་ཡང་མེད། །ཅེས་སོགས་ཀྱིས་སྨད་ནས་ཕྱོགས་འཛིན་ཤིན་ཏུ་ཆེ་བས། གཞུང་ཆེན་མང་པོར་ཐེག་པ་ཆེན་པོ་བཀར་བསྒྲུབ་དགོས་བྱུང་། ཞེས་སོ། ༈ །མི་ཉག་པཎྜི་ཏ་གྲགས་པ་རྡོ་རྗེའི་བཀའ་འབུམ་སྐོར་ལས། གསང་སྔགས་ཀྱི་བཤད་པ་དངོས་གྲུབ་གཏེར་མཛོད་ལས། ཨཱནྟི་ཞེས་པ་ནི་རི་ཊི་ལ་བུ་རྒྱུད་ཀྱི་རྐྱེན་བྱིན་པས་ཏེ། དྲང་སྲོང་ལས་བྱུང་བ་ཞེས་འདོད། ཨོ་ལ་རྒྱུད་སྡེ་ནས་གསུངས་པའི་སྒྲུབ་ཚུལ། རྡོ་རྗེ་ཕྲེང་བར། དང་པོའི་ཡི་གེ་ཨ་ཐོག་མར་བྲི། །དབྱངས་ཡིག་ལྔ་པར་ཨུ། ཡན་ལག་ལྡན། །སྡེ་ཚན་མཐའ་མའི་མཱ། མཐའ་ཆར་ལྡན། །སྐུ་ཡི་ས་བོན་ཉིད་དུ་བརྗོད། །ཅེས་གསུངས། དུས་འཁོར་ལས། ཨཱ། རྣམས་བཀོད། ནས་རིམ་པར་སྦྱར། ངེས་པའི་ཚིག་གི་མཚན་ཉིད་ཀྱི་
ཡི་གེ་ཉམས་པ་ཡོད་ཅེས་པས་མའི་སྲོག་གི་ཨཱ་ཕྱིས་པས། ཨོ་གྲུབ་སྟེ་དེའི་དོན། དྲང་བ་ལྟར་ན། ཨ་ཨ་ཡི་གེ་བསྣན་པས། །ཨ་ཛ། ཁྱབ་འཇུག །ཨུ་མཱ་པ་ཏི། དཀའ་ཟློག་བདག །མ་ཧཱ་བྲ་བློ་ཚངས་པ་ཆེན་པོ་ཞེས་དང་། དེའི་དོན་ཡང་། གསང་འདུས་ལས། སྐུ་ཡི་རྡོ་རྗེ་ཚངས་པར་འགྱུར། །གསུང་གི་རྡོ་རྗེ་དབང་ཕྱུག་ཆེ། །ཐུགས་ཀྱི་རྒྱལ་པོ་རྡོ་རྗེ་འཛིན། །དེ་ཉིད་ཁྱབ་འཇུག་རྫུ་འཕྲུལ་ཆེ། །ཞེས་བཤད་ལ། སློབ་དཔོན་འཇམ་དཔལ་གྲགས་པས། རིག་བྱེད་གསུམ་དང་ལྷ་གསུམ་དང་ཡོན་ཏན་གསུམ་སྦྱར་བའི་ཚུལ་བཤད་དེ། བྲམ་ཟེ་ཚངས་པ་ཚངས་པ་ཤེས། །ཞེས་པའི་འགྲེལ་པར། ཚངས་པ་ཤེས་ཞེས་བྱ་བ་དེ་ལ་ཡི་གེ་ཨ་ནི་སྙན་ཚིག་གི་རིག་བྱེད་དོ། །ཡི་གེ་ཨུ་ནི་མཆོད་སྦྱིན་གྱི་རིག་བྱེད་དོ། །ཡི་གེ་མ་ནི་སྲིད་སྲུང་གི་རིག་བྱེད་དོ། །དེ་བཞིན་དུ་ཡི་གེ་ཨ་ནི་ཁྱབ་འཇུག་སྟེ། ཡི་གེ་རྣམས་ལས་ཡི་གེ་ཨ་ནི་ང་ཡིན་ནོ། །ཞེས་བཤད་པས་སོ། །བསྲུང་བས་ན་ཨུ་སྟེ་ལྷ་ཆེན་པོའོ། །མི་རྣམས་སྐྱོང་བས་ན་མ་སྟེ་ཚངས་པའོ། །དེ་བཞིན་དུ་ཡི་གེ་ཨ་ནི་སྙིང་སྟོབས་སོ། །ཡི་གེ་ཨུ་ནི་རྡུལ་ལོ། །ཡི་གེ་མ་ནི་གྲུབ་པ་སྟེ། དེ་དག་སྟོན་པར་བྱེད་པའི་ཡི་གེ་ཨོ་གྱི་སྒྲ་ནི་བྲམ་ཟེའོ། །ཞེས་སོགས་དང་། ངེས་ཚིག་གི་བཤད་པ་གཞན་ཡང་མན་སྙེ་ལས། གདོད་མ་ནས་མ་སྐྱེས་པ་ཉིད་དང་། རྟོག་པ་བྲལ་བ་དང་། སྒྱུ་མ་ལྟ་བུར་
གྱུར་པའི་ཕྱིར་ཞེས་བཤད་པ་ནི། ཨ་ནུཏྤ་ན་མ་སྐྱེས་པ་དང་། ཨུ་ཧ་ར་ཧི་ར་རྟོག་པ་དང་བྲལ་བ་དང་། མཱ་ཡེ་བ་མཱ་སྒྱུ་མ་ལྟ་བུ་ཞེས་པའི་སྐད་དོད་ལ་བསམས་ནས་བཤད་པ་དང་། ཨཱ་ས་ཉེ་བར་སྡོད་པ་ལའོ། །ཊྛ དེ་ལ་རྐྱེན་བྱིན། སི་ཕྱིས་པས། ཨཱགྲུབ། རྡོ་རྗེ་ཕྲེང་བར། ཐོག་མའི་ཡི་གེ་་་ཨ་ཨ་གཉིས་འགྱུར་ལ། །་་་ཨུཥྛ་ཎ་ཡི་ཆ་དང་ལྡན། །མཚུངས་པ་མེད་པའི་སྔགས་བཏུ་བྱ། །གསུང་གི་རྡོ་རྗེའི་སྙིང་པོའོ། །ཞེས་བཤད། དུས་འཁོར་ལས། ཨ་ཐུང་རིང་དང་རྣམ་བཅད་རྣམས་བཀོད་པའོ། །དོན་ནི་ཡི་གེ་གསུམ་པོ་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་ནོ། །རྒྱུ་སྦྱིན་པ་དང་ལེན་པ་ལ། ཨུཎ་སོགས་ཀྱི་རྒྱུ་རྐྱེན་སྦྱིན། ཙནྡྲ་པར་ཨུཏྲ་ཨུད་ངོ་ཞེས་ཨུད་རྐྱེན། གཉིས་ཚིག་ཨོཾ་བྱིན་པར་བཤད། རྡོ་རྗེ་ཕྲེང་བར། ཨུཥྛ་ན་ཧ་ཡི་ཆ་དང་ལྡན། །དབྱངས་ཡིག་དྲུག་པ་ཨུ་ཡང་དག་ལྡན། །སྡེ་ཚན་མཐའ་ཐ་མའི་མཐའ་ཆར་བཅས། །ཐུགས་ཀྱི་རྡོ་རྗེ་གོ་འཕང་གསལ། །ཞེས་སོ། །དུས་འཁོར་ལས་ནི། ཧ། ཨ་ཨཱ་བཀོད་ནས་སྔར་ལྟར་བསྒྲུབས་པས་གྲུབ་པར་བཤད། དེའི་དོན་ཡེ་ཤེས་ལྔར་སྦྱར་ཚུལ་སྨན་ཞབས་པས་བཤད། དབྱིག་གཉེན་གྱི་རྣམ་བཤད་རིག་པ་ལ། ས་མ་ཡ་ནི་འཇིག་རྟེན་སྤྱོད། །གྲུབ་པའི་མཐའ་དང་ཕུན་སུམ་ཚོགས། །ཁྲིམས་བཅའ་གཞན་ཡང་རྒྱས་པར་བསྟན། །བརྡ་དང་དུས་དང་སྐད་རྣམས་སོ། །ཞེས་དོན་བཅུ་
དང་། མན་ངག་སྙེ་མ་དང་རྒྱལ་བས་བྱིན་གྱིས་མཛད་པའི་དཀའ་འགྲེལ་ལས་ལུང་དྲངས་པའི། དཀྱིལ་འཁོར་དང་ནི་ངེས་དང་དུས། །བརྡ་དང་སྔགས་དང་ཕྱག་རྒྱ་དང་། །ལྷ་རྣམས་དང་ནི་གྲུབ་པའི་མཐའ། །རྒྱལ་བ་རྣམས་ཀྱི་དམ་ཚིག་བཤད། །ཅེས་དོན་བརྒྱད་དང་། དེ་ཉིད་དབང་འགྱུར་ལས། དལ་དང་ངེས་པའི་དོན་དང་ནི། །ཞེས་བཤད་པ་ལྟར་དུག་ལ་འཇུག་ཅིང་ཕྱི་མ་ལེགས་པར་བཤད། ༈ ། ཡང་དེའི་ལེགས་བཤད་སྔགས་ཀྱི་བི་བརྟ་ལས། མ་ཧཱ་ཀཱ་ལ་ཀཱ་ལ། ཆེན་པོ་ནག་པོ། བི་ཀཊྚ་ཀ་ར་ལ། མཆེ་བ་གཙིགས་པ་ཅན། ལཾ་བི་ཏ་ཨོཥྛ། མཆུ་འཕྱང་བ་ཅན། ལཾ་བ་ཀ་གེ །ཤུགས་ཆེན་པོ་ཅན། །ལཾ་བ་ཝཱ་ཀ་བཱ་ལྱ། བྱིས་པའི་གཟུགས་ཅན། རཱ་བི་གཎྜ། དྲིལ་བུའི་སྒྲ་ཅན། རུ་དྲ་མཱ་ལ། དྲག་པོའི་ཕྲེང་བ་ཅན། བི་ཧུ་རེ། ཅེ་ད་ཧ་ཀ་ཧ་ལེ་ན་ཧ་ལེ། གཅོད་པ་ལ་དཔའ་བ་ཅན། ཡི་བི་ཛ་ལི། མིང་གི་རྣམ་གྲངས་ཅན། བཱ་མེ་ཀུཎི་དྷ་རི་ཡཾ་མ་ཨེ། གཡོན་ན་བུམ་པ་འཛིན་པ་ཅན། ད་ཧི་ན་ཀཎྜི་པ་རོ་ཌི། གཡས་ན་རལ་གྲི་འཛིན་པ་ཅན། བི་དྷི་བན་དྷ་ཨེ། འཇིགས་སུ་རུང་བ་ལ་མགྱོགས་པ་ཅན། བཱ་ཚུ མེ་པཱུ་ལ་པ་ཎི་ཧ་ར་དོ་ར། ཕྱག་གཡོན་ན་མདུང་ཐུང་ཅན། ན་ར་སི་ར་མཱ་ལ། མི་མགོའི་ཕྲེང་བ་ཅན། པ་ཏ་ལི་ཀཱི་ཀ་ར་ཀ་ལ། ས་འོག་ན་ཀླུ་སྒྲོགས་པ། མ་ཧཱ་པོ་ཏ་ལེ། པོ་ཏ་ལ་ཆེན་པོ་ན། མ་ཧཱ་ཀཱ་ལ།
བི་ཀ་བི་ལཱ་སེ། གང་ཏེ་སེ་ན། ཀྵེ་ཏྲ་པཱ་ལ། ཞིང་སྐྱོང་བར་བྱེད། ཧ་ཧ་ཀ་རེ། ཧ་ཧ་སྒྲོགས་པ། ཧཱུྃ་ཧཱུྃ་ཀ་རེ། ཧཱུཾ་ཧཱུཾ་སྒྲོགས་པ། བུརྦ་བྷ་ཤ་བྷི་ཧཱུཾ། སྔར་གྱི་སྐད་དུ། ཛོ་ཛ་ནི་མཱ་ས། གང་གི་གདོན་ཤ་ཆེན། བྷ་ཏ་ཕུ་ལ། ཟ་ན་མེ་ཏོག །དྷ་པ། བདུག་སྤོས། ཨི་ག་ཧ་བ་ལཾ། གཏོར་མ་འདི་ཁྱེར་ཅིག །ཟོ་ཞིག །ད་ཤ་དཱི་ཀ །ཕྱོགས་བཅུ་དང་། ཨུཏྟ་ར་ཝུ་རི། བྱང་ན་བཞུགས། དྲི་བི་ནཱི། གཡུང་མོ། ཙཎྜ་ལྕི། གཏུམ་མོ། །རཀཱ་སི། སྲིན་མོ། །སིངྒ་ལི་དི་ཝི། སིངྒ་ལི་མ་ལྷ་མོ། ཧ་ན། བསྣུན། བྷནྡྷ། ཆིངས། མཱ་ར། སོད། ད་ཧ། བསྲེག །པ་ཙ། ཚོས། ཀྟི་ཀྵ། ལོ་ཧི་བ་ལཾ། གཏོར་མ་ལོངས་ལ། དེ་ཧི་བི་ཊི། དངོས་གྲུབ་སྩོལ། །ཞེས་པའོ། ༈ །རྣམ་འཇོམས་སྐབས། ཧེ་ཕུལླ་ནི་རུ་ཕུལླཱ། གྲིཉྩ་ཀུ་ལུ། ཀྱེ་ཁྲོ་བ། ངེས་པར་ཁྲོ་བ་ཟུངས། ངན་པ་སྤྱོད། ཙུ་རུ་ཙུ་རུ། མཛེས་མཛེས། དྷ་ར། འཛིན། དྷི་རི། ཟུངས། དྷ་རུ། དྲན་གཉིས། སརྦ་བ་ལཾ་ཨཱ་ཝརྟ། ཐམས་ཅད་སྟོབས་ཀུན་ཏུ། ཀ་ཊ་བེ་ཏ་ཏ་ལེ། ཚོགས་ཀྱི་ཁྲོ་བ་སྤང་མ། མཎྜལ་མཱ་ཡེ། སྒྱུ་མའི་དཀྱིལ་འཁོར། ཙ་ར་ནིཤྩར། ཆོད་ངེས་པར་ཆོད། ཏི་ལི་ཏི་ལི། ཏི་ལ་ཏི་ལ། མ་ཐ། ཆོམས། དྷུ་ན། བསྐྱོད། ཨོ་ཧ་རི་ཏི་སྭཱ་ཧཱ། འཕྲོག་མའི་བུ་ལ། ཨོ་ཧ་རི་ཏི་མ་ཧཱ་ཡཀྵི་ཎི་སྭཱ་ཧཱ། འཕྲོག་མ་གནོད་སྦྱིན་མོ། ཨ་གྲ་པིཎྜ་ཨ་ཤི་བྱུ།
ཕུད་ལ་དབང་བ་ཟ་མ་རྣམས་ཀྱི་ཆེད་དུ། ཨུདྡྷི་ཊ་བ་ལི་ཏ་བྷ་ཀཱ་སཱི་བྷ། ལྷག་མ་ལ་དབང་བའི་ཟ་བ་རྣམས་ཀྱི་ཆེད་དུ། རུ་ལུ་རུ་ལུ། ངོ་མཚར་བ་གཉིས། ཨོཾ་བཛྲ་གནྡྷེ་ར་ཎི་ཏ་པྲ་ར་ཎི་ཏ། རྡོ་རྗེ་ དྲིལ་བུ ་སྒྲོག་པ་རབ་ཏུ་སྒྲོག་པ། སཾ་པྲ་ར་ཎི་ཏ། ཡང་དག་པར་རབ་ཏུ་སྒྲོག་པ། པྲ་ཙ་ལི་ནི། རབ་ཏུ་གཡོ་མ། པྲཛྙཱ་པཱ་ར་མི་ཏཱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། ནཱ་ད་སྭ་བྷཱ་ཝ། རང་བཞིན། བཛྲ་ཧྲི་ད་ཡ། རྡོ་རྗེ་སེམས་དཔའ་སྙིང་པོ། སནྟོ་ཥ་ཎ། ཡང་དག་པར་དགའ་མ། ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨཱ་ཁཾ་སྭཱ་ཧཱ། འདི་སྒྱུ་འཕྲུལ་དྲྭ་བ་ནས་སོ། །ཡང་རྡོ་རྗེ་རྩེ་མོ་ནས་ཀྱང་འདི་དང་རིགས་འདྲ་ཞིག་གསུངས་ཏེ། ཨཱ་ཁི། ། མེད། ཡང་དེས་མཛད་པའི་སྨན་གྱི་ཆོས་འབྱུང་ལས། གལ་ཏེ་རྒྱུད་བཞིར་གྲགས་པ་འདི་བཀའ་དང་བསྟན་བཅོས་གང་ཡིན་ཞེ་ན། ཁ་ཅིག་ན་རེ། བཀའ་མིན་ཏེ། གལ་ཏེ་ཡིན་ན་ཡན་ལག་བརྒྱད་པ་རྩ་ འགྲེལ་སོགས་སུ་འདིའི་ལུང་འདྲེན་ཡང་རིགས་པ་ལ་མེད་པའི་ཕྱིར་ཟེར་བ་ནི་མི་འཐད་དེ། དུས་འཁོར་དང་། རྡོ་རྗེ་མཁའ་འགྲོ་དང་། གསེར་འོད་དམ་པ་དང་། སྨན་གྱི་གཞི་རྣམས་ཀྱང་བཀའ་མ་ཡིན་པར་ མཚུངས་པའི་ཕྱིར་རོ། །ཁ་ཅིག་གཏེར་མ་ཡིན་པས་ཐེ་ཚོམ་ཟ་ཟེར་བའང་མི་འཐད་དེ། དེ་ལྟར་ན་ཐེག་པ་ཆེན་པོའི་རྒྱུད་བླ་མ་ལ་སོགས་པའང་ཐེ་ཚོམ་གྱི་གནས་སུ་འགྱུར་ཏེ། མེ་ཏྲི་པས་གཏེར་ནས་བཏོན་པ་
ཡིན་པའི་ཕྱིར་རོ། །དེའི་རྟགས་གྲུབ་སྟེ། མེ་ཏྲི་པས་མཆོད་རྟེན་གྱི་ནང་ནས་བཏོན། བྱམས་པ་སྤྲིན་གྱི་གསེབས་ནས་ཞལ་གཟིགས་པ་ལ་ལུང་བླངས་ནས་རང་གི་སློབ་མ་ཨཱ་ནནྡ་ཀཱིརྟི་ལ་བཤད། དེས་ཁ་ཆེའི་པཎྜི་ཏ་ཆེན་པོ་སཛྫ་ན་ལ་བཤད། དེས་རྔོག་ལོ་ཆེན་པོ། གཟུ་དགའ་རྡོར། བཙན་ཁ་བོ་རྣམས་ཀྱིས་ཞུས་ཤིང་། བོད་དུ་དར་བ་རྔོག་གཟུ་བཙན་གསུམ་ནས་གཡག་མི་ཕམ་ཆོས་ཀྱི་བླ་མ་དང་། རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་རོང་སྟོན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་བར་དུ་བྱོན་པའི་མཁས་གྲུབ་རྣམས་ལ་གྲགས་ཤིང་གྲུབ་པའི་ཕྱིར་རོ། །དབྱིག་གཉེན། ཁ་ཆེ་བློ་བརྟན། འཕགས་སེང་གཉིས། སངས་རྒྱས་ཡེ་ཤེས་ཞབས། ཤན་པའི་བར་གྱི་བསྟན་བཅོས་རྣམས་སུ་ལུས་ལྟ་བུའི་བསྟན་བཅོས་གསུམ་གྱི་ལུང་འདྲེན་མང་དུ་བྱུང་ཡང་རྒྱུད་བླ་མ་དང་ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་གཉིས་ཀྱི་ལུང་འདྲེན་ཅུང་ཟད་ཀྱང་མི་འབྱུང་བའི་ཕྱིར་དང་། རྒྱལ་བློན་གྱི་རིང་ལ་ལུས་ལྟ་བུའི་བསྟན་བཅོས་གསུམ་འགྲེལ་བ་དང་བཅས་པ་བསྒྱུར་ནས་བཤད་ཉན་གྱིས་ལེགས་པར་གཏན་ལ་ཕབ་ཀྱང་། ཡན་ལག་གི་བསྟན་བཅོས་ལྟ་བུའི་མིང་ཙམ་ཡང་དེའི་དུས་སུ་མ་གྲགས་ལ། ཇོ་བོ་རྗེ་ཡེར་པར་ཕེབས་པའི་ཚེ། སྔོན་བྱང་ཆུབ་འབྱུང་གནས་ཀྱིས་ཞུས་པའི་ངོར་ཇོ་བོ་ཉིད་དང་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ་དེ་བོད་དུ་བསྒྱུར་བའི་
ཐོག་མ་ཡིན་པར་གོང་དུ་བཤད་པ་ལྟར་དོན་ལ་གནས་པ་ཡིན་ནོ། །ཁ་ཅིག་འདི་བཀའ་མ་ཡིན་ཏེ། སྨན་བླས་གསུངས་པར་དེ་ཉིད་ལས་བཤད་པའི་ཕྱིར། ཁྱབ་པ་ཡོད་དེ། བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འབྱུང་བའི་ཕྱིར། ཞེས་ཟེར་བ་ཡང་མི་འགྲིགས་ཏེ། དེ་ལྟར་ན་ཚེ་དཔག་མེད་ཀྱི་མདོ་དེ་ཡང་བཀའ་མ་ཡིན་པར་འགྱུར་ཏེ། བདེ་བ་ཅན་དུ་འོད་དཔག་ཏུ་མེད་པས་གསུངས་པར་བཤད་པའི་ཕྱིར་མཚུངས་ཁོ་ནའོ། །ཞེས་སོ།། ༈ །།མཁྱེན་ལྡན་ཉིད་ལ་ཕྱག་འཚལ་ལོ། །ཤེས་བྱ་ཡི་གེའི་མདོར་བསྟན་གསུམ། །མ་དང་བུ་དང་སྤྱིར་བསྟན་ཡིན། །མ་ཆོས་ཉི་ཤུ་རྩ་གཅིག་སྟེ། །བུ་ལ་ཆོས་ནི་བཅུ་དྲུག་བསྟན། སྤྱི་ཆོས་གསུམ་དང་བཞི་བཅུ་ལ། །ཁོ་བོ་ཁྱུང་པོས་ལེགས་པར་དབྱེ། །མ་ཆོས་ཉི་ཤུ་རྩ་གཅིག་གི །མགོ་བོ་རབ་འབྲིང་ཐ་གསུམ་ལ། །རབ་ནི་ཐག་ཟླུམ་གྲིས་བཅད་འདྲ། །ཀ་ཞུ་འདྲ་བ་འབྲིང་དུ་བཤད། ཚེར་མགོ་བ་ནི་ཐ་མའོ། །དཔུང་པ་རབ་འབྲིང་ཐ་གསུམ་ལ། །རབ་ནི་ཐུགས་ཀར་ཐལ་སྦྱར་འདྲ། །སྐྱེས་པ་མངའ་འཐེན་འབྲིང་དུ་བཤད། །ཐ་མ་ལག་ཆག་འཕྲེད་ལ་ཉལ། །སྤོ་འདེབས་རབ་འབྲིང་ཐ་གསུམ་ལ། །རབ་ནི་ཐག་བཅད་གྲི་ལྟག་འདྲ། །སྦྱ་ཐག་སྒྲིབ་འདྲ་འབྲིང་དུ་བཤད། །ཐ་མ་གྲོག་མའི་སྐེད་པ་འདྲ། །ཟག་མཆུ་རབ་འབྲིང་ཐ་གསུམ་ལ། །རབ་ནི་བསྲེག་སྦྱོང་རྣོ་ལ་ཐུང་། །ཕག་སྣ་འདྲ་བ་འབྲིང་དུ་བཤད། །
གླང་ཆེན་སྣ་འདྲ་ཐ་མའོ། །ཡར་འཕུར་རབ་འབྲིང་ཐ་གསུམ་ལ། །རབ་ནི་རྒྱ་ཁབ་སློང་བ་འདྲ། །ཏོག་ཡུ་སློང་འདྲ་འབྲིང་དུ་བཤད། །ཐ་མ་ལག་མགོ་བཅད་པ་འདྲ། །རྐང་པ་རབ་འབྲིང་ཐ་གསུམ་ལ། ། རབ་ནི་བཙོང་རྨོག་བུས་པ་འདྲ། །ཉི་ཆུང་གཞིབ་འདྲ་འབྲིང་དུ་བཤད། །ཐ་མ་སྡོམ་གྱི་རྐང་པ་འདྲ། །མིག་འདྲིལ་རབ་འབྲིང་ཐ་གསུམ་ལ། །རབ་ནི་ཉ་མིག་བཞིན་དུ་ཟླུམ། །ནས་འདྲ་ཕག་མིག་འབྲིང་དུ་བཤད། །ཐ་མ་ཟུར་གསུམ་ཁྲོ་བོའི་མིག །རབ་ནི་བདུན་དང་འབྲིང་པོ་བདུན། །ཐ་མ་བདུན་པོ་མ་ཆོས་ནི། །བདུན་གསུམ་ཉི་ཤུ་རྩ་གཅིག་ལ། །ཐ་མ་ཤུགས་ལ་སྤང་བར་བྱ། །ད་ནི་བུ་ཆོས་བཅུ་དྲུག་བསྟན། །ནཱ་རོ་གསུམ་གང་འགྲེང་བུ་གཉིས། །ཡ་སྟའི་གསུམ་སྟེ་བཅོ་བརྒྱད་ལ། །རྒྱས་པར་བཤད་པ་འདི་ལྟར་ཡིན། །ནཱ་རོ་ཕྱེད་དང་གཉིས་ཆོས་ལ། །འཛུམ་དང་ལྡན་ཅིང་མཐོ་དམན་མེད། །དེ་ནི་ནཱ་རོའི་ཆོས་གསུམ་ཡིན། །འགྲེང་བུ་བབས་ཀྱིས་གཞོལ་བ་ནི། །སྟོད་སྨད་ཕྱེད་པ་འགྲེང་བུའི་ཆོས། །རྣམ་པ་གཉིས་ནི་དེ་ཉིད་ཡིན། །ཞབས་ཀྱུ་ཟླུམ་ཞིང་འདྲིལ་བ་ལས། །ཤིན་ཏུ་གཅུ་བག་ཆགས་པ་ནི། །ཞབས་ཀྱུ་དག་གི་ཆོས་གསུམ་ཡིན། །རས་ཏ་དྲང་ཞིང་སྟེམས་པ་ལས། །མཐོ་དམན་མེད་པར་ར་སྟའི་ཆོས། །རྣམ་པ་གཉིས་ནི་དེ་ཉིད་ཡིན། །ཡས་ཏ་འཁྱུད་ལ་དཀར་ནག་སྙོམས། །ལྡོག་མཚམས་ཤིན་ཏུ་གཙང་བ་ནི། །ཡས་ཏ་
དག་གི་ཆོས་གསུམ་ཡིན། །བཅུ་དྲུག་པོ་དེ་བུ་ཆོས་ཡིན། །སྤྱི་ཆོས་རྣམ་གསུམ་བསྟན་པ་ནི། །གཟུགས་ཡིག་དཀྱུས་སུ་མ་གོལ་བ། །དཀྱུས་ཡིག་ཚང་ནས་མ་ཡར་བ། །གཟུགས་དཀྱུས་འདྲེས་ལ་ཤན་འབྱེད་པ། །སྤྱི་ཆོས་གསུམ་གྱི་འདོགས་ལུགས་ཡིན། །དེ་ལྟར་རྣམ་གྲངས་གོ་རིམ་ནི། །མ་ཆོས་བུ་ཆོས་སྤྱི་ཆོས་གསུམ། །བཞི་བཅུ་ཁྱུང་པོས་ལེགས་པར་ཕྱེ། །བསྟན་བཅོས་ཕྱོགས་རེ་བསྟན་པ་དང་། །མན་ངག་ཕྱོགས་རེ་མཚམས་བཅད་ནས། འགྲེལ་པ་ཅུང་བསྡུས་བཞི་བཅུ་ཞིག །སྣ་མའི་ལུགས་ལས་ཁྱུང་པོས་ལེགས་པར་སྦྱར་བ་རྫོགས་སོ། །མངྒ་ལཾ།། ༈ །།བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས། རྣལ་འབྱོར་ཐབས་ཀྱིས་མ་ཡིན་ཅིང་། །རྣལ་འབྱོར་ཤེས་རབ་གཅིག་པུས་མིན། །ཐབས་དང་ཤེས་རབ་གཉིས་མེད་པས། །དགེས་རྡོར་འདིར་ནི་ཕྱོགས་གཅིག་མིན། །ཅེས་སོ། ། དྲིལ་བུ ་པས། རི་མོར་བྱ་བའི་ལས་དང་ནི། །ཐིག་ཚོན་དགྱེ་བའི་རིམ་པ་བསྟན། །འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་པས། རྡུལ་ཚོན། རས་བྲིས། ལུས་དཀྱིལ་ལམ། ཏིང་འཛིན་དང་བཞིའོ། །ངོར་ཆེན་གྱིས། སྤང་བྱ་སྡིག་པའི་ཕྱོགས་ལས་རིང་འཕགས་ཤིང་། །ཆོས་སྐུ་མཁའ་ལྟར་མི་རྟོག་མཁའ་མཉམ་འགྲོ། །གཟུགས་སྐུ་རྫུ་འཕྲུལ་བཀོད་པ་མཁར་འགྲོ་ཞིང་། །རྡོ་རྗེ་
དམིགས་པ་མེད་པའི་ཤེས་རབ་དང་། །གུར་ནི་ཕན་ཚུན་ཁྱབ་པའི་ཡེ་ཤེས་ཆེ། །ཞེས་པ་ལྟར། དབྱིངས་ཡེ་ཤེས་གཉིས་སུ་མེད་པས་སྲིད་ཞི་མཉམ་པ་ཉིད་དུ་ཁྱབ་པའི་བདག་ཉིད་མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་ བྱའོ། ༈ །ཡན་ལག་དང་པོས་ཡེ་ཤེས་ཀྱི་རླུང་བཅུ་མངོན་དུ་གྱུར་ནས་ཤའི་མིག་གིས་ཡེ་ཤེས་ཀྱི་རྩ་ཨ་ཝ་དྷུ་ཏཱིར་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་མཐོང་སྟེ་རྡོ་རྗེའི་ཚིག་འགྲུབ། གཉིས་པས་ནི་ནང་གི་དབང་པོའི་མངོན་སུམ་གྱི་ཡུལ་ཡུལ་ཅན་རོ་གཅིག་ཏུ་གྱུར་ནས་ཉན་རང་ལས་འདས་པའི་མངོན་པར་ཤེས་པ་ལྔ་གྲུབ་སྟེ། ཐེག་ཆེན་པའི་ཚོགས་ལམ་ཆེན་པོ་ཐོབ། གསུམ་པས་བུམ་ཅན་གྱི་སྦྱོར་བས་རླུང་བཅུ་དབུ་མར་ཞུགས་ཏེ་ལུས་འོད་ཀྱི་དཀྱིལ་འཁོར་དུ་ཆུད། བྱང་སེམས་རྣམས་ཀྱིས་མཆོད་ཅིང་བསྔགས། སྦྱོར་ལམ་དྲོད་ཐོབ། བཞི་པས་སྲོག་ཐུར་རོ་མཉམ་པའི་རླུང་དབུ་མ་འབའ་ཞིག་ནས་རྒྱུ་བ་འཁོར་ལོ་དྲུག་གི་ཉེ་བར་བཀག་པས་གཙུག་ཏོར་གྱི་ཧ་ལ་ཟིན་པའི་ཡིད་ཀྱིས་མངོན་སུམ་གྲུབ་སྟེ་གཤང་གཅི་ཟད་ཅིང་འཆི་འཕོ་དང་སྐྱེ་བ་ཟད་དེ་རྩེ་མོ་ཐོབ། ལྔ་པས་ནི་ཡེ་ཤེས་ཀྱི་གཏུམ་མོ་འབར་བས་ཁམས་གསུམ་གྱི་སྟོང་གཟུགས་མཐའ་ཡས་པ་སྤྲོ་ནུས་པའི་རྣལ་འབྱོར་གྱིས་མངོན་སུམ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྲུབ་སྟེ་བཟོད་པ་ཐོབ། དྲུག་པས་ནི་གཡོ་བ་དང་བཅས་པའི་ལྷན་ཅིག་སྐྱེས་པ་མི་གཡོ་བར་རང་རིག་པའི་མངོན་སུམ་
གྱིས་འགྱུར་བ་དེ་བསྐད་ཅིག་མ་སྟོང་བརྒྱད་བརྒྱ་རེ་ཐོབས་ན། བདེ་བ་དེ་སྙིགས་མའི་ཕུང་ཁམས་ཆ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་བྱས་པའི་ཆ་སྟོང་བརྒྱད་བརྒྱ་རེ་ཟོས་ནས་དྭངས་ཏེ་ས་དང་པོ་ཐོབ། དེ་ལྟ་བུའི་ཆོས་ཀྱི་མཆོག་ལས་བཅུ་གཉིས་སུ་རྣམ་པར་བཞག་པའི་ས་བཅུ་གཉིས་ཐོབ། དེའི་ཚེ་རྟེན་འབྲེལ་བཅུ་གཉིས་ཀྱི་བདག་ཉིད་འཁོར་བའི་སྒོ་གསུམ་ཟད་ཅིང་འཛག་བདེ་འཕོ་བའི་བག་ཆགས་འགགས་ཏེ། མི་འགྱུར་བའི་བདེ་བའི་ཡེ་ཤེས་སྐད་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས། མཐོང་བའི་ལམ་དང་སློབ་པའི་ཟུང་འཇུག་དང་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་རྡོ་རྗེ་འཛིན་པའི་སྐུ་དང་། འཕགས་པའི་ས་དང་པོ་རབ་ཏུ་དགའ་བ་དང་། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་དང་སྐལ་པ་མཉམ་པའི་ཡེ་ཤེས་ཀྱི་སྐུ་གྲུབ་བོ། །དེའི་མཚན་ཉིད་ནི། ལུས་ནི་དྭངས་ཤིང་རྡུལ་ཕྲན་ཉམས་པ་ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་འགྱུར། །སྣ་ཚོགས་འཇིག་རྟེན་གསུམ་པོ་ཉིད་ནི་དྭངས་ཤིང་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་བཞིན་དུ་སྣང་། །སྐད་ནི་ཀུན་ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གིས་གཞན་གྱི་སྙིང་ལ་འཇུག་པ་སྟེ། །སེམས་ནི་དམ་པའི་བདེ་བས་གང་ཞིང་མི་གཡོ་ཐམས་ཅད་དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་པའོ། །ཞེས་པ་ལྟར་གྱུར་ཏེ། ཐ་མལ་གྱི་སྒོ་གསུམ་དང་བྲལ་བཞིན་དུ་
ཡེ་ཤེས་ཀྱི་སྐུ་གསང་བ་གསུམ་གྱིས་ཆད་པ་མེད་པར་སེམས་ཅན་གྱི་དོན་མཛད་ཅིང་། སྔར་གྱི་ལམ་ཉིད་གོམས་པ་ལྷུར་ལེན་པས་ལམ་གསར་པ་ལ་སློབ་པ་ནམ་ཡང་མེད་པས། གཉིས་པ་དྲི་མ་མེད་པ་ནས་ས་བཅུ་པའི་བར་ཉིན་ཞག་འགའ་ཞིག་ལ་ཡུད་ཀྱིས་གྲུབ་སྟེ། མི་འཕྲོག་པ་འབྲས་བུའི་རྒྱུད་དེ་མངོན་པར་རྫོགས་པར་སངས་རྒྱས་སོ། །སངས་རྒྱས་པའི་ཡུལ་ནི་རྡོ་རྗེ་བཙུན་མོའི་བྷ་ག་སོགས་སོ། ༈ །དབང་ བསྐུར་བའི་སློབ་དཔོན་ནི། དང་པོར་ཡང་དག་བསྟེན་བྱ། སོགས་དང་། སློབ་མ་ནི། ཟབ་ཅིང་རྒྱ་ཆེ་སོགས། དུས་ནི། རབ་རྒྱུད་ལས། དབང་བསྐུར་དང་ནི་རབ་གནས་དག །ཡར་གྱི་དེ་ལ་བརྟག་པར་ བྱ། །གཟའ་དང་སྐར་མ་འཛོམ་གྱུར་ན། །མར་གྱི་ངོ་ལའང་ཉེས་པ་མེད། །སོགས་སོ། །གནས་ནི། དབང་མདོར་བསྟན་ལས། གང་ན་ས་སྐྱོང་ཆོས་ལྡན་ཞིང་། །གང་ཞིག་ཁོ་ནར་སྐྱེ་རྒུ་རྣམས། །བདེར་གནས་ས་འཛིན་རྩོད་མེད་པའི། །གནས་དེར་རྣལ་འབྱོར་བརྩམ་པར་བྱ། །ཞེས་སོ། །མཚོན་བྱ་དོན་གྱི་དཀྱིལ་འཁོར་ནི། རྩ་རྒྱུད་ལས། དཀྱིལ་འཁོར་ཆོས་ཀྱི་དབྱིངས་ཉིད་དོ། །ཞེས་དང་། དེ་མཚོན་བྱེད་ནི། ལུས་ཀྱི་དབང་པོ་བྷ་ག་སེམས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །དཀྱིལ་འཁོར་རྣམ་པ་གསུམ་དུ་འགྱུར། །གཞན་པ་ཚོན་ལྔ་ལྡན་པ་ཡིན། །ཞེས་བཞིར་བཞེད། ངེས་ཚིག་ནི། ཨ་བྷི་ཥེ་ཀ་
ཏ་ཞེས་པའི་སྒྲས། ཀྟ་ནི་བླུགས་པའམ། ཨ་བྷི་ཥིཉྩ་ཞེས་པའི་སྒྲས་གཏོར་བ་ལ་འགྲོ་སྟེ། ས་བོན་ལ་ཆུ་ལུད་ཀྱིས་བཏབ་པ་ལྟར། དབང་བཞི་རིམ་བཞིན་སྤྱི་བོ་དང་། ལྕེ་དང་། དབང་གི་གནས་དང་། རླུང་སེམས་ལ་གཏོར་ཞིང་བླུགས་པ་ལ་བརྟེན་ནས་སྐུ་བཞིའི་མྱུ་གུ་འབྱུང་བས་ན་དབང་ཞེས་བྱ་སྟེ། ཀྱེ་རྡོར་ལས། གཏོར་དང་བླུགས་པ་ཞེས་བྱ་བས། །དེས་ན་དབང་ཞེས་བརྗོད་པར་བྱ། །ཞེས་སོ། ། ཡང་ན་ཥེ་ཀ་ཏ་ལ་དབྱི་བསྣན་གྱིས་བསྒྱུར་བས་སྣ་ཏའམ་སྣ་སི་ཞེས་པ་གཙང་བའམ་འཁྲུད་པ་སྟེ། དབང་བཞི་བསྐུར་པས་སྒོ་གསུམ་རླུང་སེམས་དང་བཅས་པ་ངོ་བོ་ཉིད་ཀྱིས་སྐུ་བཞིར་གནས་པ་ལ་དེ་ལྟར་མ་ཤེས་པའི་དྲི་མ་འཁྲུད་ཅིང་གཙང་བར་བྱེད་པ་ན་དབང་སྟེ། མན་སྙེ་ཆུང་བར། ལུས་ངག་ཡིད་ལས་བྱུང་བ་ཡི། །དྲི་མ་དག་ཕྱིར་དབང་དུ་བརྗོད། །ཡང་ན། ཨ་བྷི་ཥེ་ཀ་ལ་ཡི་གེ་དབྱི་བསྣན་གྱི་དབང་གིས། ཨ་དྷི་ཀ་ར་ཞེས་པ་དབང་བ་ལ་འཇུག་སྟེ། རྒྱུད་བཤད་ཉན་ལམ་བསྒོམ་པ་དང་། དངོས་གྲུབ་བསྒྲུབ་པའི་བྱ་བ་ཐམས་ཅད་ལ་དབང་བས། དཔེར་ན་རྒྱལ་པོར་དབང་བསྐུར་བས་རྒྱལ་སྲིད་ལ་དབང་བ་བཞིན་ནོ། །ཞེས་སོ། །དབྱེ་ན་གཞི་ལམ་འབྲས་གསུམ་མམ། ཁྱད་པར། དང་པོ་དབང་བསྐུར་བདུན་པོ་གང་། །བྱིས་པ་རྣམས་ནི་གཞུག་པའི་ཕྱིར། །རྣམ་གསུམ་འཇིག་རྟེན་ཀུན་རྫོབ་ཀྱི། །དམ་པའི་དོན་གྱི་བརྒྱ་རེ་གཉིས་
བཞི་པའོ། །ཞེས་བྱིས་འཇུག་གི་དབང་བདུན་དང་། དབང་གོང་མ་གཉིས་སུ་གསུངས་ཤིང་། གོང་མ་ལ་ཡང་། ཀུན་རྫོབ་སློབ་མ་གཞུག་པའི་དང་། སློབ་དཔོན་ཆེན་པོར་བྱེད་པའི་དབང་བཞིའོ། །ཕྱི་མ་ ལའང་འཇིག་རྟེན་ཀུན་རྫོབ་ཀྱི་དབང་གསུམ་དང་། འཇིག་རྟེན་ལས་འདས་པ་དོན་དམ་པའི་དབང་གཉིས་སུ་གསུངས་སོ། །ཇི་སྐད་དུ། ཀ་ཡིག་གིས་ནི་རྒྱུ་ཞི་བ། །ལ་ཡིག་འདི་ལ་ཐིམ་པ་ཉིད། །ཙ་ཡིག་གིས་ནི་གཡོ་བའི་སེམས། །ཀྲ་ཡིག་རིམ་པར་བཅིངས་པས་སོ། །ཞེས་སོ། །དུས་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་མཚན་ཉིད་ཅན་གང་གིས་ཕུང་ཁམས་སོགས་སྒྲིབ་མེད་ཀྱི་འཁོར་ལོར་བསྐྱེད་པའི་རིམ་པའོ། །རྡོ་རྗེ་སྙིང་འགྲེལ་ལས། བྱིས་པ་སྐྱེས་པ་མ་ཡིས་ནི། །ཆུ་ཡི་ཁྲུས་བྱེད་དབང་བསྐུར་རོ། །དེ་ཡིས་གཙུག་ཕུད་རབ་བཞག་པ། །དབུ་རྒྱན་དུ་ནི་ཡོངས་སུ་བརྟག །དེ་ཡི་རྣ་བ་འབུགས་ལ་སོགས། །དར་དཔྱང་དབང་དུ་ཤེས་པར་བྱ། །བྱིས་པ་རྒོད་དང་སྨྲ་བ་ཉིད། །རྡོ་རྗེ་དྲིལ་བུའི་དབང་ཉིད་དོ། །ལྔ་པ་ལོངས་སྤྱོད་བརྟུལ་ཞུགས་སོ། །མིང་ནི་མིང་གི་དབང་བསྐུར་རོ། །ཕ་ཡིས་རྟག་ཏུ་ཀློག་ལ་སོགས། །སྟེར་བར་བྱེད་པ་རྗེས་གནང་ཡིན། །རྣམ་པ་བདུན་པོ་འདི་ཉིད་ནི། །དབང་བདུན་དུ་ནི་རབ་ཏུ་བཤད། །ཅེས་སོ། །རྒྱུད་ལས། དབང་བདུན་གྱིས་ནི་མངོན་པར་དབང་བསྐུར་དགེ་བའི་དབང་གིས་ས་བདུན་
གྱི་ནི་དབང་ཕྱུག་ཉིད་དུ་འགྱུར། །ཞེས་སོ། །བུམ་དབང་ས་བརྒྱད་པ། བསྙེན་པ། ཆུ་དབང་། དགེ་བསྙེན། བུམ་དབང་དང་། སྤྲུལ་སྐུ་དང་སྐུ་རྡོ་རྗེའི་ས་བོན་འཇོག །འབྲས་བུ་ས་བརྒྱད་པ་ཐོབ། གསང་སྔགས་ཀྱི་དགེ་ཚུལ་དུ་འགྱུར། རྡོ་རྗེ་སེམས་དཔའི་སྲས། གསང་བས། ཉེར་སྒྲུབ། ས་དགུ། དགེ་སློང་། རྒྱལ་བུ་གཞོན་ནུ། ཤེར་དབང་། སྒྲུབ་པ། ས་བཅུ། གནས་བརྟན་རྒན་པོ། རྡོ་རྗེ་འཆང་གཉིས་པ། བཞི་པས། སྒྲུབ་ཆེན། ས་བཅུ་གཉིས། འདི་ཉིད་སྒྲུབ་པར་བྱེད་པ་ནི། །བསམ་མེད་སྣང་བ་རྣམས་ཀྱིས་བྱ། །བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །ཉི་མ་གཅིག་ནི་ཡོངས་སུ་བརྟག ། ཅེས་དང་། ནམ་མཁར་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུམ། ཞེས་སོ། །དུས་འཁོར་ལས། མངལ་དུ་མངལ་ན་གནས་པའི་སྡུག་བསྔལ་བཙས་པའི་དུས་དང་བྱིས་པ་ལ་ཡང་སྡུག་བསྔལ་ཏེ། །གཞོན་ནུ་དང་ནི་ལང་ཚོ་དག་ལ་བུད་མེད་ནོར་དང་འབྱོར་ཉམས་ཉོན་མོངས་སྡུག་བསྔལ་ཆེན་པོས་གང་། །རྒན་པོ་ཉིད་ལ་འཆི་བའི་སྡུག་བསྔལ་སླར་ཡང་འགྲོ་བ་དྲུག་ཏུ་འཇིགས་ཉེར་དུ་འབོད་ལ་སོགས་ཏེ། །སྒྱུ་མས་རྨོངས་པར་བྱས་པའི་མཐའ་དག་འགྲོ་བ་འདི་ནི་སྡུག་བསྔལ་དག་ལས་འཛིན་པར་བྱེད། །འཁོར་བར་མི་ཉིད་དུ་ནི་འགྱུར་བ་དག་ཀྱང་འགའ་ཞིག་དུ་སྟེ་ཆོས་ཀྱི་བློ་ནི་རེས་འགའ་ན། །དེ་བས་སངས་རྒྱས་
ལ་ནི་རྗེས་ཆགས་དགེ་བའི་དབང་གིས་འགྱུར་ཞིང་དང་པོའི་ཐེག་པར་རབ་ཏུ་འཇུག །དེ་ལས་དཔལ་ལྡན་རྡོ་རྗེ་ཐེག་པ་བསྒོམ་པ་ལ་ནི་བློ་གྲོས་མ་ལུས་བརྒྱ་ལམ་དག་ན་འཇུག །དེ་བས་སངས་རྒྱས་ཉིད་འདོད་མཆོག་གི་བདེ་བའི་གོ་འཕང་དག་ལ་འཇུག་པ་ཨེ་མ་ཤིན་ཏུ་དཀའ། །ཞེས་སོ། །ངོ་བོ་ཉིད་དང་བྲལ་ཕྱིར་སྟོང་པ་སྟེ། །རང་བཞིན་རྒྱུ་དང་བྲལ་བས་མཚན་མ་མེད། །རྟོག་པ་རྣམས་དང་བྲལ་ཕྱིར་དངོས་པོ་ནི། །མ་ལུས་མཚན་མ་ལས་ནི་ངེས་པར་གྲོལ། །ཞེས་སོ། །ཟླ་གསང་ཐིག་ལེར། འདོད་ཆགས་ཞེ་སྡང་གཏི་མུག་གི །རྒྱུད་ཀྱང་རྣམ་པ་གསུམ་དུ་འགྱུར། །ཞེས་པས་གདུལ་བྱ་དེ་གསུམ་ལ་འདུས་པ། གཤེད་སྐོར། རྣམ་སྣང་སྒྱུ་དྲྭ་གསུམ་བསྟན། དེའི་སྔ་མར་ཡང་ལུགས་སྲོལ་གསུམ་ལས། རྩ་རྒྱུད་ལེའུ་བཅུ་བདུན་པ། རྒྱུད་ཕྱི་མ་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ཀྱི་དགོངས་པ། འཇམ་དཔལ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ཞལ་ལུང་དྲི་མེད་ཀྱི་རྗེས་སུ་འབྲངས་ནས་དཔལ་ལྡན་མར་མེ་མཛད་ཀྱིས་བཀྲལ་བའི་གསང་བ་འདུས་པ་སྤྱན་རས་གཟིགས་ལྷ་༡༩དཀྱིལ་འཁོར་ཏེ། ལྷ་བླ་མ་བྱང་ཆུབ་འོད་སོགས་ལས་རིམ་པར་བརྒྱུད་ནས་རྡོ་རྗེ་འཆང་ཡབ་སྲས་ལ་བཀའ་བབས་པ་སོགས་སོ། ༈ །འདུས་པར། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་བདག་མེད་
པར་མཉམ་པ་ཉིད། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནི། །ཞེས་གསུངས། གཙུག་དགུ་ལས། ཡུངས་ཀར་མེ་ཏོག་དང་ལྡན་པས། །གསང་སྔགས་བཟླ་ཞིང་བརྡེག་པར་བྱ། །ཞེས་གསུངས་སོ། །སྤྱོད་རྒྱུད་ལས། དེ་ཡི་མིང་ནས་སྨོས་ནས་ནི། །གུར་གུམ་བཟང་པོའི་སྔགས་བྲིས་ལ། །ཞེས་དང་། མཆོད་རྟེན་གྱི་ནི་ལྷར་བྱས་ལ། །ཞེས་དང་། རིམ་གྱིས་འབུམ་ནི་ཚད་ཙམ་དུ། །མཆོད་རྟེན་ལས་ནི་རབ་ཏུ་འགྱུར། །སྡིག་ཅན་སྡིག་ནི་ཟད་བྱའི་ཕྱིར། །བྱེ་བ་སྙེད་དུ་ཚང་བར་བྱ། །ཞེས་དང་། གཅིག་གམ་གཉིས་སམ་གསུམ་མམ་ལྔ། །ཡང་ན་བརྒྱ་རྩ་བརྒྱད་བར་དུ། །ཞེས་སོགས་ཀྱིས་བསྟན་ཏོ། །འཇིག་རྟེན་ཀུན་གྱི་བླ་མ་ཤཱཀྱའི་རྒྱལ། །འཇིག་རྟེན་ཁམས་གསུམ་མངོན་པར་སངས་རྒྱས་ཚེ། །འཇིག་རྟེན་འདི་ན་ཆེ་བའི་མིག་སྟོང་པས། །འཇིག་རྟེན་མཆོད་པའི་ཐོག་མར་ཆོས་དུང་ཕུལ། །ལྷ་དང་བཅས་པའི་འཇིག་རྟེན་སྟོན་མཆོག་གིས། །བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུང་། །གནམ་གྱིས་བསྐོས་པ་གོང་མ་སེ་ཆེན་གྱི། །བསོད་ནམས་གསེར་གྱི་ལག་པས་བཟུང་སྟེ་གནས། །ཁམས་གསུམ་འགྲོ་བའི་མགོན་པོ་འཕགས་པའི་ཞབས། །ལྷ་དེའི་རལ་པའི་ཅོད་པན་བཅིང་པའི་ཚེ། །གྱ་ནོམ་ཡོན་དབུས་ཀུན་གྱི་ཐོག་མ་རུ། །ཕུལ་པའི་ཆོས་དུང་ད་ལྟ་ས་སྐྱར་བཞུགས། །ཞེས་སོ། །མྱ་ངན་འདའ་
ཚུལ་བསྔགས་པའི་མགོན་པོ་རྣམས། །ཐུགས་བཞེད་འགེངས་པའི་སྤོབས་པ་བདག་ལ་མེད། །འོན་ཏེ་ཐུགས་བསྐྱེད་ཐོག་མའི་གཡར་དམ་ཕྲིན། །ལན་བརྒྱར་བཟླ་ཚེ་སྙན་དབང་རྩུབ་མི་འཚལ། ༈ །རིགས་སྟོབས་འབྱོར་པས་དྲེགས་པའི་ཆེ་དགུ་དང་། །མི་དང་མི་མ་ཡིན་པའི་སྐྱེ་འགྲོ་རྣམས། །རིག་བྱེད་དགའ་མའི་ཨུཏྤལ་མདའ་གཞུ་ཡིས། །རེག་པ་ཇི་བཞིན་འདི་ན་རང་དབང་ཁུག །ཅེས་དང་། སྒོ་གསུམ་འབྱུང་གདོན་འཁྲུགས་པའི་ནད་གདོན་བགེགས། ཕྲག་དོག་སེམས་འཆང་གཞན་གྱི་བསམ་སྦྱོར་ལས། །རྩུབ་མོར་བརྩམས་པའི་བྱད་མནན་གཏད་སོགས་ཀྱི། །ཉེར་འཚེ་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད། །བསོད་ནམས་རིན་ཆེན་བརྩེགས་པའི་ཁང་བཟང་ལ། །འཆི་མེད་ཚེ་ཡི་ཀ་བ་རབ་བརླིང་ཞིང་། །སྡེ་བཞིའི་དཔལ་འབྱོར་མི་ཟད་ལེགས་བྲིས་པའི། །དབང་ཐང་འདི་ན་འཕོས་སྙམ་རྒྱས་པར་མཛོད། ། རིགས་སྟོབས་ཆོས་དང་སྲིད་པའི་དཔལ་འབྱོར་གྱིས། །ཁེངས་ལྡན་སྐྱེ་བོ་ཐམས་ཅད་པདྨའི་ཚལ། །དབང་ཐང་འདི་ན་འཕེལ་སྙམ་རྒྱས་པར་མཛོད། །རྐང་དྲུག་དགའ་བའི་གར་གྱིས་རྩེན་བཞིན་དུ། །བརྟན་པ་རང་དབང་འགུགས་པའི་ཕྲིན་ལས་བསྒྲུབ། །ཞི་ལས་བདུད་རྩིས་མཉེན་པར་མི་ནུས་པའི། །བསམ་སྦྱོར་ངན་པའི་ཚེར་མ་གཟིར་བའི་ནགས། །དྲག་སྦྱོར་བསྐལ་པའི་ཞུགས་ལྕེས་ཡོངས་ཟོས་ནས། །གནོད་བྱ་
གནོད་བྱེད་བདེ་ལ་སྦྱོར་མཛོད་ཅིག །ཅེས་དང་། མཚར་སྡུག་སྤྱན་གྱི་ཟུར་མདའ་འཕང་ཙམ་གྱིས། །སྲིད་ཞིའི་དཔལ་གྱི་ཁེངས་ལྡན་སྐྱེ་བོའི་བློ། །རྩེ་གཅིག་རང་དབང་ཉིད་དུ་འགུགས་པའི་ལྷ། །ཐུགས་རྗེ་མྱུར་མ་རིག་བྱེད་དཔའ་མོའི་སྐུ། །ཞེས་སོ། །མགོན་ཁྱོད་སྐུ་གསུང་ཐུགས་ཀྱི་ཆེ་བའི་འཕྲིན། །ཡིད་ཀྱི་ངོས་བཞིར་དད་གསུམ་སྐྱེ་རྒུའི་རྗེས། །མངོན་པར་བཀོད་ཕྱིར་དད་པའི་ཡོན་ཏན་ལྔས། །འོད་སྲུངས་བྱིན་ལ་གཏུགས་པས་ཕྱག་བགྱིའོ། །སྒོ་གསུམ་རྣམ་པར་ལྷུར་བགྱིས་དགེ་བ་དང་། །བདག་ལུས་ལོངས་སྤྱོད་བཅས་པས་མཆོད་པའི་སྤྲིན། །དཔག་ཡས་སངས་རྒྱས་ཞིང་ཀུན་འགེངས་བཟོད་པའི། །མཆོད་པ་ཀུན་གྱིས་རྟག་ཏུ་ཁྱོད་མཉེས་བགྱི། །ཐོག་མེད་འཁོར་བར་གོམས་པའི་གཉིས་འཐུང་གིས། །མི་དགེའི་འདམ་དུ་དབང་བྲལ་རྐང་བཀོད་པའི། །རང་བཞིན་བཅས་པའི་སྡིག་ལྟུང་མི་འཆབ་པར། །སྟོབས་བཞི་རྫོགས་པའི་ཆོ་གས་མཐོལ་ཚངས་བགྱི། །འཕགས་དང་སོ་སྐྱེར་གཏོགས་པའི་འགྲོ་ཚོགས་ཀྱི། །བསོད་ནམས་དབྱར་སྐྱེས་རྐང་འཐུང་འཁྲིགས་པ་ལ། །ཡི་རངས་སྤྲིན་གྱི་རྔ་ཡབ་ཀྱིས་གཏེར་ཆུས། །སྨྱུདགེ་ལེགས་ལོ་འདབ་ཕང་ཕུང་བསྐྱེད་པར་བགྱི། །ཕྱོགས་བཅུར་འཚོ་གཞེས་བཞུགས་པའི་སྒྲ་མཆོག་རྣམས། །དབང་པོ་རྣོ་རྟུལ་བར་མའི་གདུལ་བྱའི་ངོར། །གང་འཚམས་ཕྱི་ནང་ཐེག་པའི་ཆོས་ལམ་གྱི། །
དགའ་སྟོན་རྒྱུན་ཆགས་འགྱེད་པར་བསྐུལ་མ་གདབ། །ལམ་གསུམ་འགྲོ་རྒྱུད་དྲི་མ་འཁྲུད་ཕྱིར་རུ། །སྣ་ཚོགས་མཛད་པའི་གངྒཱའི་ཕབ་རྒྱུན་ཀྱང་། །སྲིད་པ་མཐའ་ཅན་མ་གྱུར་སྐྱེ་བའི་ཐུགས། །མྱང་འདས་དབེན་པ་མི་འཚོལ་བཞུགས་གསོལ་འདེབས། །དེ་ཚུལ་འབད་པ་ལས་བྱུང་དགེ་བའི་མདས། །སྒྲིབ་གཉིས་བདེན་བྲལ་མགོ་བོ་བྲེགས་ཏེ་སླར། །ཤེས་བྱ་ཀུན་གཟིགས་ཡིད་འཕྲོག་སཱི་ཏ་དེ། །རང་དབང་ཁུགས་པའི་ རྩེ་འཇོར་རོལ་གྱུར་ཅིག ༈ །ཞུ་ཆེན་པའི་བྱང་སྡོམ་ཆོ་གར། གཏོར་མ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། འབྲུ་གསུམ། དང་པོས་བླ་མ་དང་དཀོན་མཆོག །གཉིས་པས་ཆོས་སྲུང་། གསུམ་པས་འཇིག་རྟེན་སྐྱོང་བ། བཞི་པས་གཞི་བདག་ལ་དབུལ། བྱང་ཆུབ་སེམས་མི་ཉམས་ཤིང་འཕེལ་བའི་ཕྲིན་ལས་བཅོལ་བ་འདུག། ༈ །།གཤིན་རྗེ་གཤེད་དམར་ནག་འཇིགས་གསུམ་ལས། འཇིགས་བྱེད་ནི། རྒྱུད་རྒྱས་སྟོང་ཕྲག་བཅོ་བརྒྱད་པའམ། འབུམ་པ་ལས་ཕྱུང་བ། དེའི་བརྟག་པ་ཉེར་གཅིག་པ་རིག་འཛིན་གྲུབ་པའི་རྟོག་པ་སོགས་ནས། ཉེར་གཉིས་པ་འཁོར་ལོ་གསུམ་བཀོད་ཀྱི་རྟོག་པ་སོགས་ལོགས་སུ་ཕྱུང་བར་རྟོགས་བདུན་ཞེས་གྲགས། དེའི་རྟོག་པ་དང་པོར་བརྟེན་ནས། ལ་ལི་ཏ་བཛྲས་མཛད་པའི་ལྷ་ཞེ་དགུ་མའི་སྒྲུབ་ཐབས་ཞི་ཁྲོ་རྣམ་རོལ་གྱི་རྗེས་སུ་འབྲངས་པ་ཞང་ཤེས་རབ་བླ་མ་སོགས་ཞང་ལུགས། གྲུབ་ཆེན་
ཨ་མོ་གྷ་བཛྲས་མཛད་པ་ལྷ་བཅུ་བདུན་མ་སེམས་དཔའ་བསྡུས་པ་སྐྱོ་འོད་འབྱུང་སོགས་ལ་བཀའ་བབས་པ་སྐྱོ་ལུགས། ཡང་དེ་ཉིད་ཀྱི་དངོས་བསྟན་པཎྜི་ཏ་ཤྲཱི་བྷ་དྲས་མཛད་པའི་ལྷ་དགུའི་སྒྲུབ་ཐབས་ས་སྐྱ་པར་བཀའ་བབས་པ་དང་། རྭ་བར་བཀའ་བབས་པ་གཉིས་ལས། དང་པོ་ནི། ནཱ་རོ་པ་ནས་བརྒྱུད་པ་དང་། ཕྱི་མར་རྭ་ལོ་ཙཱ་བས་བཀྲལ་པའི་དངོས་བསྟན་ལྷ་དགུ་མ་དང་། ཡང་དགྲ་ནག་གི་རྒྱུད་ནས་ཁ་བསྐང་བ་མན་ངག་ལུགས་ལྷ་བཅུ་གསུམ་ཚར་བའི་ཕྱོགས་སུ་བཀའ་བབས་པ་སོགས་སོ། །འདིའི་དབང་ཆོག་༼ཆི་པར་ཡོད། ༈ །རྣམ་སྣང་སངས་རྒྱས་ཀྱི་སྐུ་ཡིན་པས་ཡོན་ཏན་གྱི་རྟེན་བྱེད་པ་ལྟར། སྐྱབས་གསུམ་འཛིན་པའི་སྡོམ་པས་ཀྱང་སྡོམ་པ་ཐམས་ཅད་ཀྱི་རྟེན་བྱེད་པའི་ཕྱིར་རོ། །མི་བསྐྱོད་པ་ཐུགས་རྡོ་རྗེ་བྱང་སེམས་ཀྱི་ངོ་བོ་ཡིན་པ་ལྟར། དམ་ཚིག་གསུམ་དང་སློབ་དཔོན་ཡང་བྱང་སེམས་ཀྱིས་འཛིན་པས་སོ། །རིན་འབྱུང་སྦྱིན་པའི་ངོ་བོ་སེར་སྣ་རྣམ་པར་དག་པ་ཡིན་པ་ལྟར། སྦྱིན་པས་དབུལ་བ་འདོར་ཞིང་སེར་སྣའི་གཉེན་པོ་བྱེད་པས་སོ། །འོད་དཔག་མེད་ཤེས་རབ་ཀྱི་ངོ་བོ་གསུང་རྣམ་པར་དག་པ་ཡིན་པ་ལྟར། །ཆོས་ཀྱང་ཤེས་རབ་འཛིན་ཅིང་གསུང་གིས་སྟོན་པས་སོ། །དོན་གྲུབ་བརྩོན་འགྲུས་ཀྱི་ངོ་བོ་ཕྲིན་ལས་ཀྱི་རང་བཞིན་ཡིན་པ་ལྟར། དགེ་ལ་སྤྲོ་བའི་བརྩོན་འགྲུས་ཀྱིས་སྡོམ་པ་འཛིན་པ་དང་སངས་རྒྱས་ལ་མཆོད་
པ་བྱེད་པ་གཉིས་ཀ་སངས་རྒྱས་ཀྱི་ཕྲིན་ལས་རྗེས་སུ་སྐྱོང་བ་ཡིན་པས་སོ། ༈ །དབང་གི་ངོ་སྤྲོད་དུས་དབང་གསུམ་པའི་དུས་སུ་ལྷ་སྐུ་མཚན་རྫོགས་སུ་གསལ་བ་ལོངས་སྤྱོད་རྫོགས་པ། དེ་རང་འོད་ཀྱི་ཡུམ་དང་ཁ་སྦྱོར། ཐུགས་རྒྱུད་འཛག་མེད་ཀྱི་བདེ་བ་ཆེན་པོས་གང་བ། བདེ་བ་དེ་ཡི་ངོ་བོ་ལ་གཟུང་འཛིན་སོགས་ཀྱི་མཐར་མ་ལྷུང་བས་གང་དུ་གྲུབ་པ་མེད་ཕྱིར་རང་བཞིན་མེད་པ། དབྱིངས་ནམ་མཁའ་ལྟ་བུའི་ངང་ལས་དམིགས་མེད་ཀྱི་སྙིང་རྗེས་རྒྱུད་ཡོངས་སུ་གང་བ། དེའི་དབང་གིས་སེམས་ཅན་གྱི་དོན་རྒྱུན་མི་འཆད་པ། རྒྱུན་མི་ཆད་པས་རང་ཉིད་ཞི་བདེར་ཞེན་པའི་འགོགས་པ་མེད་པའོ། །དེ་ཡང་། ཡེ་ཤེས་འདི་ནི་སོགས་ཀྱིས་བསྟན་ཏོ། ༈ །བསྔོ་བའི་རྣམ་བཤད་ལ། ༩༡ ནས། རྣམ་བཤད་སྤྱིར་བཤད་པ་དང་། སོ་སོར་བཤད་པ་དང་། སྐབས་སུ་བབས་པའི་བསྔོ་བ་དངོས་སོ། །དང་པོ་ལའང་། མཚན་ཉིད། སྒྲ་དོན། དགོས་པ་སྟེ་གསུམ། དང་པོ་ནི། ཟག་པ་ཡོད་མེད་ཀྱི་དགེ་རྩ་ཐམས་ཅད་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་བསྒྱུར་པའི་ཐབས་མཁས་ཀྱི་ཁྱད་པར། གཉིས་པ་ནི། པ་རི་ཎཱ་མ་སྟེ་ཡོངས་སུ་བསྒྱུར་བའམ། ཡོངས་སུ་སྤེལ་བ་སྟེ། བྱང་ཆུབ་དམ་པའི་རྒྱུར་དམིགས་མེད་དུ་བསྒྱུར་བའམ། བྱང་ཆུབ་ཀྱི་བར་བསོད་ནམས་རྒྱུན་མི་འཆད་པ་སྤེལ་པའི་ཕྱིར་རོ། །གསུམ་པ་ནི། བསོད་ནམས་བྱས་པའི་དགེ་
ཚོགས་ཐམས་ཅད་ཡོངས་སུ་བསྔོ་བའི་ཕྱག་རྒྱས་གདབ་པ་ནི། མུ་སྟེགས་བྱེད་ཀྱི་རིང་ལུགས་ལས་ཁྱད་པར་དུ་བྱ་བ་དང་། དགེ་རྩ་བར་མ་དོར་ཆུད་མི་ཟ་བ་དང་། བསམ་གྱིས་མི་ཁྱབ་པར་འཕེལ་བ་དང་། བྱང་ཆུབ་མཆོག་གི་རྒྱུར་སྨིན་པ་སོགས་ཀྱི་སླད་དུའོ། །གཉིས་པ་ལ་གསུམ། གང་བསྔོ་བྱ། གང་དུ་བསྔོ་བ། ཇི་ལྟར་བསྔོ་བ་སྟེ་གསུམ་ལས། དང་པོ་ནི། ཆོས་ཀྱི་དབྱིངས་སུ་དགེ་བར་བཏགས་པ་མ་ཡིན་པའི་དུག་གསུམ་ལས་འདས་པའི་དགེ་ཚོགས་སྦྱིན་པ་དང་། ཚུལ་ཁྲིམས་དང་། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གསུམ་མོ། །དང་པོ་ལྟར་ན། ཡོན་ཏན་ཞིང་དང་ཕན་ཡོན་ཞིང་། །སྡུག་བསྔལ་བ་ལས་དགེ་ཆེན་འབྱུང་། །ཞེས་པ་རྣམས་ལ། བསམ་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དངོས་པོ་མཚོན་ཆ་སོགས་སྡིག་དང་མ་འདྲེས་པ་དང་། དུས་སུ་སྦྱིན་དང་འགྱོད་པ་མེད་པ་དང་། །ཡིད་འོང་སྦྱིན་དང་རྣམ་སྨིན་མི་རེ་བ། །ཞེས་སོ། །གཉིས་པ་བསྔོ་ཡུལ་ནི། ཡུམ་ལས། དགེ་བའི་རྩ་བ་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་པར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ ཡོངས་སུ་བསྔོར་མི་འཇུག་གོ །ཞེས་སོ། །གསུམ་པ་ནི། མི་མཐུན་པའི་ཕྱོགས་དམིགས་པའི་དུག་དང་བཅས་པ་སྤངས་ཏེ། མཐུན་ཕྱོགས། དམིགས་པ་བཟང་དང་སྟོན་པ་བཟང་། །ཐབས་བཟང་བ་དང་
ངེས་འབྱུང་དང་། །སྤྱོད་པ་བཟང་པའི་བདག་ཉིད་ཀྱིས། །ཡང་དག་སྨོན་ལམ་ཡིན་པར་བཤད། །ཅེས་པ་ལྟར་ཤེས་རབ་བདག་མེད་པའི་ལྟ་བ་དང་། ཐབས་བྱང་ཆུབ་སེམས་ཀྱིས་ཟིན་པ་གཅེས་ཏེ། དང་པོ་ནི། བྱམས་པས། དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །ཞེས་དང་། གཉིས་པ་ནི། སྤྱོད་འཇུག་ལས། དགེ་བ་གཞན་ཀུན༴ སོགས་སོ། །གསུམ་པ་ནི། དེ་ལྟར་ཐུགས་ལ་བཞག་ནས་ཕུན་སུམ་ཚོགས་པའི་དགེ་འདུན་རྣམས་ཀྱིས་ཀྱང་བསྔོ་བའི་མཐུན་འགྱུར་ཐུགས་ལ་འདོགས་པར་ཞུ། ཕྱོགས་བཅུའི་རབ་འབྱམས་༡༠༥བར། སོགས་སོ། །བཀྲ་ཤིས་ཤོག །བར། ལྡེབ༤༥། ༈ །དཀོན་ལྷུན་སློབ་མ་དྭགས་པོ་པཎྜི་ཏས། ལྷག་པའི་ལྷ་མཆོག་རྡོ་རྗེ་གཞོན་ནུའི་ཞལ། །རྩ་གསུམ་དག་པའི་ཁ་དོག་མཚོན་པའི་མདངས། །ཟླ་ཤེལ་པདྨ་རཱ་གའི་ཕྲ་ཚོམ་ཅན། །ཨིནྡྲ་ནཱི་ལའི་སྒྲོམ་བུ་སྤུངས་པ་བཞིན། །ཅེས་བཤད་དོ། ༈ ལྷ་བསང་ལ། སྐྱབས་སེམས། སྤྱན་འདྲེན། བཞུགས་གསོལ། གསལ་གདབ། བསང་མཆོད་སྤེལ་བ། བསང་མཆོད་སྟོབས་པ། འདོད་གསོལ། ཕྲུ་གཡང་འགུགས་པ། གཤེགས་གསོལ། རྫོགས་ལྡན་སྤྲིན་ཕུང་། ༈ །སྐྱེ་བ་ལྔ་པའི་སྒྲ་དབྱངས་སུ། དངོས་གཞི་བདག་བསྐྱེད་སྤྱན་དྲངས་མཆོད། །ཕྲིན་ལས་ཞུ་ཞིང་ཕྱུ་གཡང་འགུགས། །རྗེས་ནི་བཟོད་
གསོལ་གཤེགས་སུ་གསོལ། །བཀྲ་ཤིས་བསྔོ་བས་རྒྱས་གདབ་བོ། །ཞེས་སྣང་། སྭ་བྷཱ་ཝས་སྐྱོན་སྦྱང་། ན་མསྶ རྒྱས་པར་སྤེལ། ཨ་མྲྀ་ཏས། བདུད་རྩིར་བསྒྱུར། ལོ་ཀི་ཏེས་གང་འདོད་པ་ཐོབ་པར་བྱས། ཛྷཱ་ན་ཨ་བ༔ རང་དབང་ཐོབ་པར་བྱས། ས་མནས་མགྲོན་མཉེས་པའི་མཐུ་དང་ལྡན་པར་བྱས་སོ། །སྤྱི་རྒྱུད་ལས། རྣམ་དཔྱད་དང་པོ་ས་གཞི་བཟུང་། །གཉིས་པ་སྟ་གོན་གནས་བྱ་སྟེ། །ནུབ་གསུམ་པ་ལ་འཇུག་པ་ཤིས། །ཞེས་སོ། །གཤིན་རྗེ་གདོང་དྲུག་ནི། རྩ་རྒྱུད་གཤིན་རྗེ་དགྲ་ནག་དང་། བཤད་རྒྱུད་འཇིགས་བྱེད་རྟོག་བདུན་དང་། གདོང་དྲུག་གི་རྒྱུད་ཡིན་ལ། དེ་ལ་བརྟེན་ནས་སློབ་དཔོན་ཀླུ་བྱང་དང་། དེ་བཱ་ཀ་ར་ཙནྡས་བྷ་ཧ་ར་གཅིག་གི་དཀྱིལ་འཁོར་སྒྲུབ་ཐབས་མཛད་ཅེས་འབྱུང་ངོ་། །ཇི་སྐད་དུ། དོན་དམ་ཆོས་སྐུ་ཞི་བ་ཉིད། །གང་འདིར་ཁམས་གསུམ་རྣམ་རྒྱལ་ཏེ། །གཤིན་རྗེ་དགྲ་ཞེས་གྲགས་པ་ཡིན། །ཞེས་སོ། ༈ །ཐང་སྟོང་ཚེ་སྒྲུབ་ལ། བླ་མ་ཐོ་བརྩེགས་སམ། ཡང་ན་ཁྲོམ་ཚོགས་སུ་སྒོམ་ཚེ། སྤྱི་བོར་སྐྱབས་མཆོག་དྲིན་ཅན་ཆོས་རྗེ་དང་། །དབྱེར་མེད་གྲུབ་པའི་དབང་ཕྱུག་ ཐང་སྟོང་པ། །སྨུག་ནག་ཁྲོ་འཛུམ་མཆོག་སྦྱིན་བུམ་པ་བསྣམས། །དེའི་ཐུགས་ཀར་པད་འབྱུང་། དེའི་ཐུགས་ཀར་ཚེ་དཔག་མེད། མདུན་དུ་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པ། །མཐའ་སྐོར་བརྒྱུད་པའི་བླ་མ་བསྒོམ་པར་
སྣང་།། ༈ །།མཁའ་འགྲོ་རྒྱ་མཚོ་ལ་ཛ་ཡ་སེ་ནས་རིན་ཆེན་སྣ་བདུན་ཞེས་པའི་གཞུང་མཛད་པར་གྲགས་པ་ལས་ཚོགས་འཁོར་རབ་གནས་གཉིས་མ་གཏོགས་བོད་དུ་འགྱུར་ཡོད། ལཱུ་ཧི་པས་རྣལ་འབྱོར་མ་ཀྵ ཀུན་སྐྱོད་དང་། མངོན་བརྗོད་བླ་མ་ལ་བརྟེན་ནས་རིམ་གཉིས་སྤྱོད་པ་དང་བཅས་པའི་སྒྲུབ་ཐབས་མངོན་པར་རྟོགས་པ་ཞེས་བྱ་བ་མཛད། དེའི་འགྲེལ་པ། ཕྱི་རོལ་མཆོད་པ། ལག་མཆོད། གཏོར་ཆོག་བཞི་པྲཛྙཱ་རཀྵི་ཏས་མཛད། ༈ །གཞན་ཡང་བྷཱུ་ཏི་པའི་རྒྱུན་བཤགས། ཁ་ཆེ་རིན་ཆེན་རྡོ་རྗེའི་བཀྲ་ཤིས་སོ། ༈ །སློབ་དཔོན་ དྲིལ་བུ ་པས་རྩ་རྒྱུད། ཨ་བྷི་དྷ་ན། རྡོ་རྗེ་མཁའ་འགྲོ། ཀུན་སྤྱོད། སཾ་ཊ་རྣམས་ལ་བརྟེན་ནས་ལུས་དཀྱིལ། རྩ་རྒྱུད་ལེའུ་གསུམ་པ། བཞི་པ། ཧེ་རུ་ཀ་མངོན་འབྱུང་། ཨ་བྷི་དྷ་ན་རྣམས་ལ་བརྟེན་ནས་དབང་། རྩ་རྒྱུད་དང་བཤད་རྒྱུད་རྡོ་རྗེ་ཕྲེང་བ་སོགས་བླ་མེད་ཀྱི་རྒྱུད་སྡེ་དུ་མ་ཞིག་ལ་བརྟེན་ནས་རིམ་ལྔ་སྟེ་སྐོར་གསུམ་མཛད། དྲིལ་བུ ་ལྷ་ལྔའི་སྒྲུབ་ཐབས་དང་། དྲིལ་བུ ་གཞུང་ཆུང་གཉིས་ནི་པུ་ཧྲང་ལོ་ཆུང་གིས་མཛད་པར་གྲགས། ༈ །སྦྱིན་བྱ་བཞི་སྟོན་པ་དབང་། བསླབ་བྱ་གཉིས་ལས་བསྐྱེད་རིམ་སྟོན་པ་བསྐྱེད་རིམ། ཐུན་མོང་གི་དངོས་གྲུབ་ལ་དགོངས་ནས་འབྲས་བུ་མྱུར་དུ་འགྲུབ་པ་སྦྱིན་སྲེག །རྫོགས་རིམ་སྐོར་གསུམ་སྟེ་དྲུག་མཛད་དོ། ༈ །སྦྱིན་བྱ་དབང་བཞི་སྦྱིན་ཅིང་། གྲོགས་དམ་
ཚིག་ལ་གནས་ནས། བསླབ་བྱ་གཉིས་ལས། དང་པོ་བསྐྱེད་རིམ་ལ། མ་གྲུབ་པ་གྲུབ་པར་བྱེད་པ། གྲུབ་པའི་བར་ཆད་སེལ་བ། གྲུབ་པའི་འབྲས་བུ་མྱུར་དུ་འབྱིན་པ་གསུམ། དང་པོ་ལ་ལྷ་དང་སྔགས་གཉིས། དང་པོ་ནི། མངལ་སྐྱེས་གླུ་ཡི་སྦྱོར་བ་ཡིས། །སྒྲ་དང་སྒྲ་མིན་ཡོངས་སུ་བརྟག །ཞེས་སོགས་དང་། རྩ་རྒྱུད་ལས། གསང་བ་མཆོག་གི་དགེས་པ་ནས། །སོགས་ལ་བརྟེན་ནས་ དྲིལ་བུ ་པ། གཉིས་པ་ནི། །རིན་ཆེན་བཞི་སྟེ། རྩ་སྔགས་གཉིས། སྙིང་པོ་གཉིས། ཉེ་སྙིང་གཉིས། གོ་ཆ་གཉིས་སོ། བར་ཆད་སེལ་བ་ནི་ཞལ་བཞི་པའི་སྔགས་སོ། །འབྲས་བུ་མྱུར་དུ་འགྲུབ་པར་བྱེད་པ་སྦྱིན་སྲེག་དཔྱིད་ཐིག །རྩ་དབུ་མ། རིམ་ལྔ་སོགས་སོ། །འབྲས་བུ་མཆོག་གི་དངོས་གྲུབ་སྐུ་བཞི་ཡེ་ཤེས་ལྔ་དང་། ཐུན་མོང་གྲུབ་པ་བརྒྱད་སོགས་སོ། །བལ་པོ་མ་ཧཱ་བོ་དྷི་ལས་བླ་མ་བསམ་གཏན་འོད་ཟེར་གྱིས་ཞུས་ནས་བསྐྱེད་རྫོགས་ཆགས་མེད་དང་། ཡི་གེ་བདུན་པ་དུང་ཕྱུར་བདུན། མཚན་བརྗོད་རྒྱ་སྐད་དུ་ཁྲི་ཚོ་བརྒྱད་སོང་། འཕྲལ་ངོར་ཕབ་ཚོང་པའི་སྦས་པའི་ཚུལ་ཡོད་པར་བཞུགས། ངོར་ཆེན་གྱིས་དབང་རྒྱུན་ཆད་དུ་ཕོངས་ནས། བྱམས་གླིང་ཆོས་རྗེ་དཔལ་ལྡན་པ། བླ་མ་རྒྱལ་སྲས་པ། གུ་གེ་པཎྜི་ཏ་གསུམ་བརྫངས་ནས་ཆེད་གཏད་ཀྱིས་གསན། དེས་གློ་པོ་མཁན་ཆེན་དང་། ཆོས་རྗེ་ནམ་མཁའ་བརྟན་པ་ལ་གནང་ནས་རྒྱ་
ཆེར་འཕེལ། མགོན་པོ་མངོན་འབྱུང་གི་དབང་བཤད་རོང་པ་ལས་བརྒྱུད་རྟ་མཆོག་པ་ཡོད། ཕུར་པ། ཉི་མ་སྦས་པས་སྒྲོལ་མ་ཉེར་གཅིག་སོ་སོ། སྤྱི་ལུས་ལ་བཀོད་པ། ལྷ་བཅུ་གསུམ་མ། སྦྱིན་སྲེག། ༈ །།བདེ་མཆོག་སྡོམ་འབྱུང་ལས། དུམ་བུ་གཅིག་པ་གནས་ལ་དབང་། །དུམ་བུ་གཉིས་པ་དཀྱིལ་འཁོར་དང་། །དུམ་གསུམ་སྒྲུབ་པོའི་དངོས་གྲུབ་འགྱུར། །དུམ་བུ་བཞི་པ་སྔགས་དངོས་འགྲུབ། །རིམ་པར་ཕྱེ་བ་བཅོ་ལྔ་པ་ལས། ལྔ་པ་ཡིས་ནི་ཞི་དབང་རྒྱས། །དུམ་དྲུག་སློང་མོ་རྙེད་བར་ཤེས། །དུམ་བུ་བདུན་པ་དབང་དུ་བྱེད། །དངོས་གྲུབ་སྒྲུབ་པས་འབྲས་མེད་ཕྱིར། །དེ་ཕྱིར་དུམ་བུ་བརྒྱད་པ་སྤང་། །བུ་ག་གཅིག་པ་བྲམ་ཟེར་འགྱུར། །བུ་ག་གཉིས་པ་རྒྱལ་རིགས་གྱུར། །བུ་ག་གསུམ་པ་རྗེའུ་རིགས་ཤེས། །བུ་ག་བཞི་པ་དམངས་རིགས་རྣམས། །བུ་ག་མང་པོའམ་བུ་ག་མེད། །མཁས་པ་ཡིས་ནི་སྤང་བར་བྱ། །བུད་མེད་ཐོད་པའང་ག མི་བཟུང་སྟེ། །ཞེས་དང་། སྣོད་ནི་རབ་བསྔགས་ཡང་དག་འཐོག །འདོད་པའི་འབྲས་བུ་ཀུན་རབ་སྟེར། །ཞེས་དང་། མཚན་ཉིད་འདི་དག་ཡང་དག་རྫོགས། །བཅངས་ན་དངོས་གྲུབ་འགྲུབ་པར་འགྱུར། །ཞེས་སོ། སྔགས་བཟླས་༡༦དེ་བཞིན་བསམ་གཏན་དང་། །འདོད་པ་ཀུན་གྱི་འབྲས་འབྱུང་ཞིང་། །ལུས་ཀྱི་བཅུད་ཀྱིས་ལེན་དང་པའི། །མཆོག་ཏུ་གྲོལ་བའི་དངོས་གྲུབ་སྟེར། །རྟག་ཏུ་རིལ་བུ་བསྟེན་བྱེད་པ། །
འདོད་པ་ཀུན་གྱི་འབྲས་འབྱུང་ཞིང་། །ལས་རྣམས་ཀུན་ལ་རབ་སྦྱར་ན། །མཁའ་སྤྱོད་གོ་འཕང་ཐོབ་པར་འགྱུར། །ཅེས་སོ།། ༈ །།ན་མོ་བཛྲ་ཙིཏྟཱ་ཡ། འདིར་རྡོ་རྗེ་ཐེག་པའི་མཐར་ཐུག་གི་དོན་སེམས་ཀྱི་དེ་ཁོ་ན་ཉིད་སྟོན་པའི་བསྟན་བཅོས་རྒྱ་ཆེར་མཆིས་པ་ལས། སྙིང་པོ་ལས་ཀྱང་སྙིང་པོར་གྱུར་པའི་ནང་ཚན། ས་གསུམ་ན་འགྲན་ཟླ་དང་བྲལ་བ་འཕགས་པ་ནཱ་གཱ་རྫུ་ནས་བཀྲལ་བའི་བྱང་ཆུབ་སེམས་ཀྱི་འགྲེལ་པ་ལས་ཅུང་ཟད་ཕྱུང་བར་བྱའོ།༼ངི༣༨༽།སངས་རྩག་རྒྱས་རྣམས་ཀྱི་བྱང་ཆུབ་སེམས། །བདག་ཐུགས་མུ་སྟེགས། དང་ཕུང་ཉན་ཐོས། པོ་རྣམ་རིག་སེམས་ཙམ། གི །རྟོག་པ་རྣམས་ཀྱིས་མ་བསྒྲིབས་པ། །རྟག་ཏུ་སྟོང་ཉིད་མཚན་ཉིད་བཞེད། །སྙིང་རྗེས་བརླན་པའི་སེམས་ཀྱིས་ནི། །འབད་པས་བསྒོམ་པར་བྱ་བ་ཡིན། རྗེའི་བདག་ཉིད་སངས་རྒྱས་ཀྱི། །བྱང་ཆུབ་སེམས་འདི་རྟག་ཏུ་བསྒོམ། །ཞེས་པས་མདོར་བསྟན། མུ་སྟེགས་ཅན་གྱིས་གང་བརྟགས་པ། །བདག་དེ་རིགས་པས་རྣམ་དཔྱད་ན། །ཕུང་རྣམས་ཀུན་གྱི་ནང་ནས་ནི། །གང་ཞིག་གནས་ཀྱང་རྙེད་མ་ཡིན། །ཕུང་རྣམས་ཡོད་ཀྱི་དེ་རྟག་མིན། །དེ་ཡང་བདག་གི་ངོ་བོ་མིན། །གང་དག་རྟག་དང་མི་རྟག་གཉིས། །རྟེན་དང་བརྟེན་པའི་དངོས་པོ་མེད། །ཅེས་སོགས་བདག་དགག་པ་དང་། ཕན་པར་བཞེད་པ་རྣམས་ཀྱིས་ནི། །གཟུགས་དང་ཚོར་བ་འདུ་ཤེས་དང་། །
འདུ་བྱེད་རྣམ་ཤེས་ཕུང་པོ་ལྔ། །དེ་ལྟར་ཉན་ཐོས་རྣམས་ལ་གསུངས། །རྐང་གཉིས་མཆོག་གིས་རྟག་ཏུ་ཡང་། །གཟུགས་ནི་དབུ་བ་རྡོས་འདྲར་སྣང་། །ཚོར་པ་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་སྨིག་རྒྱུ་དང་མཚུངས་ཊཤིང་། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །ཕུང་པོ་བསྟན་པ་འདི་ལྟ་བུ། །བྱང་ཆུབ་སེམས་དཔའ་རྣམས་ལ་གསུངས། །དང་། གཟུགས་རྟུལ་དབང་ཤེས་བསྐྱེད་མིན་ཏེ། །དེ་ནི་དབང་པོ་ལས་འདས་ཡིན། །འདུས་པས་དེ་རྣམས་སྐྱེད་བྱེད་ན། །ཚོགས་པ་དེ་ཡང་མི་འདོད་དོ། །ཕྱོགས་ཀྱི་དབྱེ་བས་ཕྱེ་བ་ཡིས། །རྡུལ་ཕྲན་ལ་ཡང་དབྱེ་བ་མཐོང་། །གང་ལ་ཆ་ཤས་ཀྱིས་བརྟགས་པ། །དེར་ནི་རྡུལ་ཕྲན་ཇི་ལྟར་འཐད། །སོགས་ཕུང་པོ་དགག་པ་དང་། སེམས་ཙམ་པོ་ལ་གནས་ནས་ནི། །སྐལ་ཆེན་རྣམས་ཀྱིས་དེ་ཡང་སྤང་། །ཞེས་དང་། འདི་དག་ཐམས་ཅད་སེམས་ཙམ་ཞེས། །ཐུབ་པས་བསྟན་པ་གང་མཛད་དེ། །བྱིས་པ་རྣམས་ཀྱིས་སྐྲག་པ་ནི། །སྤང་བའི་ཕྱིར་ཡིན་དེ་ཉིད་མིན། །ཞེས་དང་། རྣལ་འབྱོར་སྤྱོད་པ་པོ་རྣམས་ཀྱིས། །རང་གི་སེམས་ཀྱི་དབང་བྱས་ཏེ། །གནས་ཡོངས་གྱུར་ནས་དག་པའི་སེམས། །སོ་སོ་རང་རིག་སྤྱོད་ཡུལ་བརྗོད། །འདས་པ་གང་ཡིན་དེ་ནི་མེད། །མ་འོངས་པ་ནི་ཐོབ་པ་མིན། །གནས་ཕྱིར་གནས་ནི་ཡོངས་གྱུར་པ། །ད་ལྟ་བ་ལ་ག་ལ་ཡོད། །སོགས་དང་། དེ་བཞིན་ཀུན་གཞིའི་རྣམ་ཤེས་ནི། །བདེན་མིན་བདེན་
པ་མིན་བཞིན་དུ། །གང་ཚེ་འགྲོ་འོང་གཡོ་བར་འགྱུར། །དེ་ཚེ་སྲིད་པ་འཛིན་པར་བྱེད། །ཅེས་དང་། ཤེས་པས་ཤེས་བྱ་རྟོགས་པ་སྟེ། །ཤེས་བྱ་མེད་པར་ཤེས་པ་མེད། །དེ་ལྟ་ན་ནི་རིག་བྱ་དང་། །རིག་བྱེད་མེད་ཅེས་ཅིས་མི་འདོད། །སེམས་ནི་མིང་ཙམ་ཡིན་པ་སྟེ། །མིང་ལས་གཞན་དུ་འགའ་ཡང་མེད། །མིང་ཙམ་དུ་ནི་རྣམ་རིག་བལྟ། །མིང་ཡང་རང་བཞིན་མེད་པ་ཡིན། །ནང་ངམ་དེ་བཞིན་ཕྱི་རོལ་པའམ། །ཡང་ན་གཉི་གའི་བར་དག་ཏུ། །རྒྱལ་བ་རྣམས་ཀྱིས་སེམས་མ་རྙེད། །དེ་ཕྱིར་སྒྱུ་མའི་རང་བཞིན་སེམས། ཁ་དོག་དབྱིབས་ཀྱི་དབྱེ་བའམ། །གཟུང་བ་དང་ནི་འཛིན་པའམ། །སྐྱེས་པ་བུད་མེད་མ་ནིང་སོགས། །ངོ་བོ་སེམས་ནི་གནས་པ་མིན། །མདོར་ན་སངས་རྒྱས་རྣམས་ཀྱིས་ནི། །གཟིགས་པར་མ་གྱུར་གཟིགས་མི་འགྱུར། །རང་བཞིན་མེད་པའི་རང་བཞིན་ཅན། །ཇི་ལྟ་བུར་ན་གཟིགས་པར་འགྱུར། དངོས་པོ་ཞེས་བྱ་རྣམ་རྟོག་ཡིན། །རྣམ་རྟོག་མེད་པ་སྟོང་པ་ཡིན། །གང་དུ་རྣམ་རྟོག་སྣང་འགྱུར་པ། །དེར་ནི་སྟོང་ཉིད་ག་ལ་ཡོད། །རྟོག་བྱ་རྟོག་བྱེད་རྣམ་པའི་སེམས། །དེ་བཞིན་གཤེགས་རྣམས་ཅིས་མ་གཟིགས། །གང་ན་རྟོག་བྱ་རྟོག་བྱེད་ཡོད། །དེར་ནི་བྱང་ཆུབ་ཡོད་མ་ཡིན། །མཚན་ཉིད་མེད་ཅིང་སྐྱེ་བ་མེད། །ཡན་ལག་བཅུ་གཉིས་འཁོར་ལོ་འདི། །སྲིད་པའི་ལམ་དུ་འཁོར་བ་སྟེ། །དེ་ལས་གཞན་དུ་སེམས་ཅན་
གང་། །ལས་འབྲས་སྤྱོད་པར་འདོད་པ་མེད། །ཇི་ལྟར་མེ་ལོང་ལ་བརྟེན་ནས། །བཞིན་གྱི་དཀྱིལ་འཁོར་སྣང་བར་འགྱུར། །དེར་ནི་དེར་འཕོ་མ་ཡིན་ཞིང་། །དེ་མེད་པར་ཡང་དེ་ཡོད་མིན། །དེ་བཞིན་ཕུང་པོ་ཉིང་མཚམས་སྦྱོར། །སྲིད་པ་གཞན་དུ་སྐྱེ་བ་དང་། །འཕོ་བ་མེད་པར་མཁས་རྣམས་ཀྱིས། །རྟག་ཏུ་ངེས་པར་བྱ་བ་ཡིན། །མདོར་ན་སྟོང་པའི་ཆོས་རྣམས་ལ། །ཆོས་རྣམས་སྟོང་པ་སྐྱེ་བར་འགྱུར། །བྱེད་པོ་ལས་འབྲས་ལོངས་སྤྱོད་པ། །ཀུན་རྫོབ་ཏུ་ནི་རྒྱལ་བས་བསྟན། །ཇི་ལྟར་རྔ་ཡི་སྒྲ་དང་ནི། །དེ་བཞིན་མྱུ་གུ་ཚོགས་པས་སྐྱེད། །ཕྱི་ཡི་རྟེན་ཅིང་འབྲེལ་འབྱུང་བ། །རྨི་ལམ་སྒྱུ་མ་དང་མཚུངས་འདོད། །ཡོད་གྱུར་མ་ཡིན་ངག་ལམ་བྲལ། །མཁའ་དང་བྱང་ཆུབ་སེམས་དང་ནི། །བྱང་ཆུབ་གཉིས་མེད་མཚན་ཉིད་ཅན། །བྱང་ཆུབ་ཆེན་པོ་ལ་བཞུགས་པའི། །བདག་ཉིད་ཆེན་པོ་སངས་རྒྱས་དང་། །བརྩེ་ལྡན་ཀུན་གྱིས་དུས་ཀུན་ཏུ། །སྟོང་པ་མཁའ་དང་མཚུངས་པར་མཁྱེན། །དེ་ཕྱིར་ཆོས་རྣམས་ཀུན་གྱི་གཞི། །ཞི་ཞིང་སྒྱུ་མ་དང་མཚུངས་པར། །གཞི་མེད་སྲིད་པ་འཇིག་བྱེད་པའི། །སྟོང་པ་ཉིད་འདི་རྟག་ཏུ་བསྒོམ། །སྐྱེ་མེད་དང་ནི་སྟོང་ཉིད་དང་། །བདག་མེད་ཅེས་བྱ་སྟོང་པ་ཉིད། །བདག་ཉིད་དམན་པས་གང་བསྒོམས་པ། །དེ་དེ་སྒོམ་པར་བྱེད་པ་མིན། །དགེ་དང་མི་དགེ་རྣམ་རྟོག་གིས། །རྒྱུན་ཆད་པ་ཡི་མཚན་ཉིད་ཅན། །
སྟོང་ཉིད་སངས་རྒྱས་ཀྱིས་གསུངས་གཞན། །དེ་དག་སྟོང་པ་ཉིད་མི་བཞེད། །སེམས་ལ་དམིགས་པ་མེད་པ་ཡི། །གནས་པ་ནམ་མཁའི་མཚན་ཉིད་ཡིན། །དེ་དག་སྟོང་ཉིད་བསྒོམ་པ་ནི། །ནམ་མཁའ་བསྒོམ་པར་བཞེད་པ་ཡིན། །དང་། གང་གི་རྣམ་ཤེས་སྐད་ཅིག་མ། །དེ་ཡི་དེ་ནི་རྟག་མ་ཡིན། །སེམས་ནི་མི་རྟག་ཉིད་ཡིན་ན། །སྟོང་པ་ཉིད་དུ་ཇི་ལྟར་འགལ། །མདོར་ན་སངས་རྒྱས་རྣམས་ཀྱིས་ནི། །སེམས་ནི་མི་རྟག་ཉིད་བཞེད་ན། །དེ་དག་སེམས་ནི་སྟོང་ཉིད་དུ། །ཅི་ཡི་ཕྱིར་ན་བཞེད་མི་འགྱུར། །སོགས་ཀྱིས་རྣམ་རིག་དགག །ཇི་ལྟར་བུ་རམ་མངར་བ་དང་། །མེ་ཡི་རང་བཞིན་ཚ་བ་བཞིན། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་འདོད། །སྟོང་ཉིད་རང་བཞིན་དུ་བརྗོད་པས། །གང་ཞིག་ཆད་པར་སྨྲ་བ་མིན། །དེ་ནི་རྟག་པ་ཉིད་དུ་ཡང་། །འགའ་ཞིག་སྨྲས་པ་མ་ཡིན་ནོ། །མ་རིག་ནས་བརྩམས་རྒ་བ་ཡི། །མཐར་ཐུག་ཡན་ལག་བཅུ་གཉིས་ཀྱི། །བརྟེན་ནས་འབྱུང་བའི་བྱ་བ་ནི། །ཁོ་བོ་རྨི་ལམ་སྒྱུ་འདྲར་འདོད། །དང་། ཆོས་རྣམས་རྒྱུ་ལས་སྐྱེས་པ་ནི། །ནམ་ཡང་འགལ་བར་མི་འགྱུར་ཏེ། །རྒྱུ་ནི་རྒྱུ་ཉིད་ཀྱིས་སྟོང་པས། །སེམས་ནི་སྐྱེ་བ་མེད་པར་རྟོགས། །ཀུན་རྫོབ་ལས་ནི་ཐ་དད་པར། །དེ་ཉིད་དམིགས་པ་མ་ཡིན་ཏེ། །ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་པ་ཁོ་ན་ཀུན་རྫོབ་
ཡིན། །མེད་ན་མི་འབྱུང་ངེས་པའི་ཕྱིར། །བྱས་དང་མི་རྟག་ཇི་བཞིན་ནོ། །ཀུན་རྫོབ་ཉོན་མོངས་ལས་ལས་བྱུང་། །ལས་ནི་སེམས་ལས་བྱུང་བ་ཡིན། །སེམས་ནི་བག་ཆགས་རྣམས་ཀྱིས་བསགས། །བག་ཆགས་བྲལ་ནས་བདེ་བ་སྟེ། །བདེ་བའི་སེམས་ནི་ཞི་བ་ཉིད། །སེམས་ཞི་བས་ནི་རྨོངས་མི་འགྱུར། །རྨོངས་མེད་དེ་ཉིད་རྟོགས་པ་སྟེ། །དེ་ཉིད་རྟོགས་པས་གྲོལ་ཐོབ་འགྱུར། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་ཉིད། །བྱང་ཆུབ་སེམས་མཆོག་དེ་ཉིད་དང་། །སྟོང་པ་ཉིད་དུའང་བཤད་པ་ཡིན། །གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་ཐར་པའི་རྟེན་མ་ཡིན། །འགྲོ་དྲུག་སྲིད་པའི་བཙོན་རར་ནི། །རྨོངས་པ་དེ་དག་འཁོར་བར་འགྱུར། །དེ་ལྟར་སྟོང་པ་ཉིད་འདི་ནི། །རྣལ་འབྱོར་པ་ཡིས་བསྒོམས་བྱས་ན། །གཞན་གྱི་དོན་ལ་ཆགས་པའི་བློ། །འབྱུང་བར་འགྱུར་བ་ཐེ་ཚོམ་མེད། །སོགས་ཀྱིས་སྟོང་ཉིད་དང་སྙིང་རྗེ་བསྟན། ཉན་ཐོས་རྣམས་ནི་ཆགས་བྲལ་བས། །བྱང་ཆུབ་དམན་པ་ཐོབ་མིན་ནམ། །སེམས་ཅན་ཡོངས་སུ་མ་དོར་བ། །རྫོགས་སངས་རྒྱས་ཀྱི་བྱང་ཆུབ་ཐོབ། །དང་། སྙིང་རྗེས་བརྟན་ པའི་རྩ་བ་བརྟན། །བྱང་སེམས་མྱུ་གུ་ལས་བྱུང་བ། །གཞན་དོན་འབྲས་གཅིག་བྱང་ཆུབ་ནི། །རྒྱལ་བའི་སྲས་རྣམས་སྒོམ་པར་བྱེད། །གང་ཞིག་བསྒོམས་པས་བརྟན་པ་ནི། །གཞན་གྱི་སྡུག་བསྔལ་གྱིས་བྲེད་
ནས། །བསམ་གཏན་བདེ་བ་དོར་ནས་ཀྱང་། །མནར་མེད་པར་ཡང་འཇུག་པར་བྱེད། །དང་། །ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བསྟེན་པ་གང་། །དེ་ནི་ངོ་མཚར་བས་ངོ་མཚར། །རྨད་དུ་བྱུང་བས་རྨད་དུ་བྱུང་། །སེམས་ཅན་བསྐྱབས་པའི་བསམ་པ་ཅན། །དེ་དག་སྲིད་པའི་འདམ་སྐྱེས་ཀྱང་། །དེ་བྱུང་ཉེས་པས་མ་གོས་པ། །ཆུ་ཡི་པདྨའི་འདབ་མ་བཞིན། །དང་། ཇི་སྲིད་སངས་རྒྱས་ཀྱིས་མ་བསྐུལ། །དེ་སྲིད་ཡེ་ཤེས་ལུས་དངོས་ཅན། །ཏིང་འཛིན་མྱོས་པས་བརྒྱལ་འགྱུར་བ། །ཉན་ཐོས་དེ་དག་གནས་པར་འགྱུར། །བསྐུལ་ན་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་ཆགས་གྱུར་ཅིང་། །བསོད་ནམས་ཡེ་ཤེས་ཚོགས་བསགས་ནས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །དང་། སྐྱེས་བུ་གང་ཞིག་སྐད་ཅིག་ཙམ། །བྱང་ཆུབ་སེམས་ནི་སྒོམ་བྱེད་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །རྒྱལ་བ་ཡིས་ཀྱང་བགྲང་མི་སྤྱོད། །ཅེས་སོགས་གསུངས་ཤིང་། འདི་ཡང་། གསང་བ་འདུས་པར། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་བའི་དོན་ལས་བརྩམས་ཏེ། །མུ་སྟེགས་པས་བརྟགས་པའི་
བདག་དང་། །ཉན་ཐོས་པས་བརྟགས་པའི་ཕུང་པོ་དང་། སེམས་ཙམ་པས་བརྟགས་པའི་རྣམ་རིག་རྣམས་དགག་ནས། ཆོས་ཀུན་སྟོང་པ་ཉིད་དུ་གཏན་ལ་དབབ་པ་དོན་དམ་གྱི་བདེན་པ་དང་། ཀུན་རྫོབ་སྒྱུ་མ་ལྟ་བུའི་རྟེན་འབྲེལ་ལྟོས་གྲུབ་མི་འགལ་བའི་ཚུལ་གྱིས་ཉམས་སུ་བླངས་པས་སེམས་ཅན་ལ་སྙིང་རྗེ་ཆེན་པོ་ཤུགས་ཀྱིས་སྐྱེ་བ་རྣམས་སྒྲུབ་པར་མཛད་དོ། །ཡང་སེམས་འགྲེལ་ཚིག་ལྷུག་པ་ཞིག་འདུག་པའང་། ༧ གང་གི་འདུས་པའི་ལུང་དོན་ཞིབ་མོར་འཆད་པ་སྟེ། དེ་ཡང་བསྡུ་ན། དངོས་པོ་ནི། བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་ལས་སྐྱེས་དང་། །ཤེད་བུ་དང་། བྱེད་པ་པོ་ལ་སོགས་པའི་རང་བཞིན་ཏེ། དེ་དང་བྲལ་བའོ། །ཕུང་པོ་ལྔ་དང་། ཁམས་བཞི་དང་། སྐྱེ་མཆེད་དྲུག་ལ་སོགས་རང་རང་གི་ངོ་བོ་མ་དམིགས་པས་སྟོང་ཞིང་། གཟུང་བ་ཁ་དོག་དབྱིབས་དང་སྒྲ་ལ་སོགས་པ་དང་། འཛིན་པ་ཕྱི་ནང་བར་གསུམ་གང་དུའང་སེམས་དེ་མ་དམིགས་ཤིང་མི་གནས་པས་སྤངས་པ། ཇི་ལྟར་ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་བདག་མེད་པ་བཞིན་དུ་སེམས་ཀྱང་དེ་དང་མཉམ་པའི་ཕྱིར་བདག་མེད་པ་དང་མཉམ་པ་ཉིད་དུ་གྱུར་པ། དེའི་ཕྱིར་རང་སེམས་ཐོག་མ་ནས་མ་སྐྱེས་ཤིང་། མ་སྐྱེས་པ་དེའི་སྟོང་པ་ཉིད་དེ་ནམ་མཁའི་ངོ་བོ་ཅན་གྱི་ཕྱིར། ནམ་མཁའ་ནི་རང་
བཞིན་མེད་པ་མིང་ཙམ་སྟེ། དེ་ལྟར་སེམས་དེ་ཡང་མ་སྐྱེས་མི་འགགས་པར་ཁོང་དུ་ཆུད་པ་ནི་བྱང་ཆུབ་བོ། །ཞེས་པའང་གཞུང་༤༥དེ་ཉིད་བར། ལས་ཉེ་བར་བསྡུས་པའོ།། ༈ །།གསེར་གདུང་ འཛམ་གླིང་རྒྱན་གཅིག་དཀར་ཆག་ལས་ཁོལ་བཏུས་བཞུགས། །བླ་མ་དང་རྗེ་བཙུན་འཇམ་དབྱངས་ཐ་མི་དད་པའི་ཞབས་ལ་ཕྱག་འཚལ་ལོ། །ཇི་སྐད་དུ། སྡོམ་འབྱུང་ལས། དུལ་ཞིང་བཟོ་རྣམས་ཀུན་ཤེས་ལ། །ཆོ་ག་མཐོང་ཞིང་མཉམ་གཞག་པ། །ཞེས་སོ། །འཕྲོད་ཁ་བ་དཔལ་ལྡན་བློ་གྲོས་བཟང་པོས། གཉིས་པ་གང་གིས་འབྲི་བའི་རི་མོ་མཁན། །ཐོས་མང་བརྩོན་ཅིང་དམ་ཚིག་སྡོམ་གནས་ཤིང་། །མཆོད་དང་སྦྱིན་མོས་བྱང་ཆུབ་སེམས་ལྡན་པ། །བློ་དང་བཟོ་ཡི་གནས་ལ་མཁས་ཤིང་དུལ། །རང་དབང་ཡོད་ཅིང་མཆོད་ཅིང་བཀུར་འོས་པ། །སྔགས་རིག་ལས་ཀུན་ཤེས་ཤིང་འགྲོགས་ན་བདེ། །རྒན་མིན་ནད་ ཀྱིས་གདུང་མིན་བར་ཆད་མིན། །ལུས་བཟང་གཞན་གྱི་དགེ་བའི་གྲོགས་བྱེད་པ། །དངོས་གྲུབ་འདོད་ཅིང་སངས་རྒྱས་ཡིད་ལ་བྱེད། །མཁས་པའི་རྗེས་འཇུག་རང་བཟོ་སྤངས་བས་སོ། །ཞེས་སོ། །ཆོས་སྐུའི་རྟེན་ནི། དུས་འཁོར་ལས། གསང་བའི་ཆུ་སྐྱེས་མཛོད་སྤུ་མཐའ་ཡི་ཆ་ཡིས་མཆོག་གི་རྒྱལ་བའི་བདག་པོའི་མཆོད་རྟེན་གྱི་ནི་དཔངས་ཀྱི་ཚད། །ཅེས་སོགས་ཀྱིས་བསྟན་པའི་ཚོགས་དང་། ཀྲྀ་ཡ་ས་མུ་ཙྪའི་
དཀྱིལ་ཆོག་ཞེ་བརྒྱད་པ་སོགས་ལས་ཐ་དད་དུ་གསུངས་ལ། ལོངས་སྤྲུལ་གྱི་རྟེན། དུས་འཁོར་ཡེ་ཤེས་ལེའུར། རྒྱལ་བའི་བདག་པོ་གཙུག་ཏོར་ནས་ནི་མཛོད་སྤུའི་དབུས་སུ་ཕྱེད་དང་བཅས་པ་ཉི་མའི་སོར་དུ་ འགྱུར། །ཞེས་སོགས་དང་། འགྲེལ་བ་དྲི་མེད་འོད་བཅས་ཀྱིས་བསྟན་པའི་སོར་མོ་བརྒྱ་ཉེར་ལྔ་པ་དང་། མ་རྒྱུད་སྡོམ་འབྱུང་༢༠ལས། རི་མོའི་ལྷ་ཡི་གཟུགས་རྣམས་ཀྱི། །སྐུ་ཡི་ཚད་ཀྱི་མཚན་ཉིད་ནི། །གསང་བ་པོ་ཡི་བདག་པོ་ཉོན། །ཞེས་སོགས་དང་། དེའི་རྒྱ་འགྲེལ་པདྨ་ཅན་སོགས་ཀྱིས་བསྟན་པའི་སངས་རྒྱས་ནས་སོ་སྐྱེའི་བར་གྱི་ཚད་རྣམས་ཏེ། གཞན་ཡང་རྡོ་རྗེ་གདན་བཞིར་ཁྲོ་བོའི་ལུས་ཀྱི་མཚན་ཉིད་བཤད་པ་དང་། ཀྲི་ཡ་ས་མུཙྪ་ལས། སྐུ་གཟུགས་མཚན་ཉིད་ཐམས་ཅད་ནི། །རབ་རྫོགས་བདེ་བ་སྟེར་བའོ། །གང་ཚེ་དེ་ཉིད་རྣམས་ཉམས་འགྱུར། །དེ་ཚེ་སྡུག་བསྔལ་འབྱིན་བར་བྱེད། །ཅེས་སོ། ། མདོར་ན་དེ་བཞིན་གཤེགས་པའི་སྐུ་དུས་འཁོར་དང་ཀྲྀ་ཡ་མཐུན་པར་སོར་མོ་བརྒྱ་ཉེར་ལྔ། སྡོམ་འབྱུང་ལས་བརྒྱ་ཉི་ཤུ་པ་གཉིས་གཙོ་བོར་མཐོང་སྟེ། འོན་ཀྱང་རྒྱ་འགྲེལ་པདྨ་ཅན་དང་དུས་འཁོར་དང་ཡང་མཐུན་པས་སོར་མོ་བརྒྱ་ཉེར་ལྔ་པ་ཉིད་འབུར་དང་། སྡོམ་འབྱུང་རྩ་བར་རགས་པར་གསུངས་པའི་སོར་མོ་བརྒྱ་ཉི་ཤུ་པ་བྲིས་ཆར་བྱས་ན་མཛེས་པར་མངོན་ཏེ། ཅིའི་ཕྱིར་མཛེས་པ་དགོས་ཞེ་ན། དྲང་སྲོང་
ཨསྡུའི་བུས། ལུས་ལ་མཛེས་པར་མ་ཚང་ན། །ཚད་དག་གིས་ནི་ཅི་ཞིག་བྱ། །ཞེས་སོ། །ཐིག་ཆེན་གཉིས་བདེ་ཀྱེ་སོགས་ཐལ་མོ་བཅུ་པ་སྡོམ་འབྱུང་ལས། མཐིལ་ལམ་ཐལ་མོ་བཅུ་གཅིག་གི །ལྷ་ཡི་གཟུགས་ནི་བྲི་བར་བྱ། །ཟབ་མོ་རྡོ་རྗེ་ཅན་གྱི་ལྷ། །ཆ་ནི་བཅུ་གཉིས་མཚན་ཉིད་དོ། །ཞེས་སོ། །གསུམ་པ་ནི། རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཡང་དག་བསྡུས་པ་ཞེས་པཎྜི་ཏ་འགྲོ་བའི་མེ་ལོང་གིས་མཛད་པ་ལས། བྱང་ཆུབ་སེམས་དཔའ་ཉེ་སྲས་སོགས། རྣམས་ཀྱིས་ཡང་སོར་བཅུ་གཉིས་པའི་མཐོ་བཅུ་པ་ཉིད་དོ། །ཞེས་སོ། །བཞི་པ་ནི། སྡོམ་འབྱུང་ལས། ཡིད་དུ་འོང་བའི་གཟུགས་ཀྱིས་ནི། །ཐལ་མོ་དགུ་པ་ མངོན་པར་བྲི། །ཞེས་སྤྱན་སོགས་ལྷ་མོ་རྣམས་སོར་བརྒྱ་དང་བརྒྱད་པའོ། །ལྔ་པ་ནི། ཀྲྀ་ཡ་ལས། ཁོ་བོ་རྣམས་ཀྱི་ཡང་མཐོ་བརྒྱད་པ་སྟེ་སོར་དགུ་བཅུ་རྩ་དྲུག་གོ །ཞེས་ཕུར་འཇིགས་གཤིན་རྗེ་སོགས་ཐལ་མོ་བརྒྱད་པའོ། །དྲུག་པ་ནི། ཀྲྀ་ཡ་ལས། བཱ་དུ་དང་མིའུ་ཐུང་དང་ཚོགས་བདག་རྣམས་ནི་མཐོ་ལྔ་པ་བྱའོ། །ཞེས་མགོན་པོ་སོགས་རྟོགས་པར་བྱའོ། །བདུན་པ་ནི། དྲི་མེད་འོད་ལས། དེ་ཉིད་སེམས་ཅན་%རྣམས་ཀྱི་ཁྲུ་བཞི་སྟེ་མི་རྣམས་ཀྱི་སོར་ཉི་ཤུ་རྩ་དྲུག་གོ །སྟེང་དང་འོག་ཏུ་བརྒྱད་ཅུ་རྩ་བཞི་སྟེ། དེ་ལྟར་མི་རྣམས་མཚན་དང་མི་ལྡན་པའོ། །ཞེས་ཉན་རང་སོགས་སོར་མོ་གོ་དྲུག་པ་འབྲི་བས་ཀྱང་བསྟན་ཏོ། །
བརྒྱད་པ་རྣམ་འགྱུར་ནི། བཞུགས་སྟངས་དང་། གཟིགས་སྟངས་དང་། ཞི་བ་ལ་རྩ་བའི་རྒྱན་བརྒྱད་དམ་བཅུ་གསུམ། ཁྲོ་བོ་ལ་དཔལ་དང་དུར་ཁྲོད་ཀྱི་ཆས་སོ་སོ། གཞན་ཡང་སྤྱི་དང་བྱེ་བྲག་གི་རྒྱན་མཐའ་ཀླས་སོ། །གཞན་ཡང་ཁྲི་ལ། ཁྲི་གདན། ཁྲི་གདོང་། ཁྲི་རྐང་། ཁྲི་རྨང་གཉིས། བ་གམ། ལན་ཀན་ནམ་པུ་ཤུ། འདེགས་བྱེད་ལྔ། ནོར་བུ་ཉི་ཟླ་པད་གདན་དང་། རྒྱབ་ཡོལ་ལ་རྒྱན་དྲུག་ཅེས། ཀླུ་ཕྱག་དྲུག་ཏ་ར་ན་སྦྱིན་པ། རི་དྭགས་ཤར་ན་ཚུལ་ཁྲིམས། གླང་པོ་གུ་རུ་ན་བཟོད་པ། དགེ་སྡིག་བྱར་བ་བརྩོན་འགྲུས། ཆུ་སྲིན་བི་ར་ན་བསམ་གཏན། བྱ་ཁྱུང་ག་རུ་ཊ་ཤེས་རབ་བོ། །དེ་ལྟར་ལེགས་པར་གྲུབ་པས་སྡོམ་འབྱུང་ལས། །ལས་དང་པོ་ཡི་སྔགས་པ་ཡིས། །གཟུགས་བརྙན་ལ་སོགས་བྱ་བ་སྟེ། །ཐང་སྐུ་བསྒྲུབ་བྱ་རྒྱ་ཆེན་གྱིས། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། ཞེས་སོ། །དུས་འཁོར་ཡེ་ལེར། ། དྲིལ་བུ ་དག་ཀྱང་དེ་བཞིན་ཆ་གསུམ་སྟེང་ན་རྡོ་རྗེ་དང་མཚུངས་བ་ལང་ཁ་དང་པདྨའི་གཟུགས། །ཁྱོད་ནི་སུམ་ཆ་དེ་ཡི་ཞལ་དང་བཅས་པའི་ལྟེ་བ་འདབ་མ་དག་ཀྱང་དེ་ཡི་སུམ་ཆ་ལས། །ར་ནི་ཁྱོན་དང་མཚུངས་པ་ཕྱོགས་དང་ཕྱོགས་བྲལ་དུ་སྟེ་རྭ་ཡི་ཟླུམ་པོ་དག་ནི་བཞི་ཆའོ། །ཕྱི་རོལ་རྭ་ཡི་སུམ་ཆ་འོག་སྟེ་སྟེང་དུ་བཱ་ད་ར་ཡི་ཚེར་མའི་རྣམ་པར་སྦྱོར་བའོ། །ཞེས་སོ། །ཡང་སྔ་མའི་དབང་གི་ལེའུར། ཤེལ་དང་མུ་ཏིག་དང་
ནི་མི་དང་བོང་བུའི་སོའམ་རུས་པ་དག་དང་བོ་དྷི་ཙི་དང་ནི། །པདྨ་ཞེས་བྱ་དབང་མིག་ལུང་ཐང་བདེ་གཤེགས་རིགས་ཀྱི་དབང་གི་སྔགས་བཟླས་པ་ལས་ཕྲེང་བར་འགྱུར། དྲི་ཞིམ་མེ་ཏོག་དཀར་པོ་དང་ནི་ཚ་བ་དང་བཅས་ནག་པོ་དང་ནི་དམར་དང་སེར་པོའི་ཆོད། །ཅེས་སོ། །ཡེ་ཤེས་ལེའུར། ནོར་བུ་གཙུག་ཏོར་དཔྲལ་བ་མགྲིན་པ་སྙིང་ག་གསང་བ་ལ་ཡང་རྡོ་རྗེ་ནི། །གཅིག་གཉིས་ཆུ་གཏེར་མདའ་དང་ཀླུ་ཡི་དབང་པོ་དགུ་བཅས་ཉིན་བྱེད་སོར་ནི་རིམ་པས་སོ། །དབུས་དང་སྟེང་འོག་གསུམ་གྱི་ཆ་སྟེ་ཟུམ་པ་དང་ནི་རྣམ་པར་དགྱེས་པ་ཞི་དང་དྲག་པོ་ལ། །ཞེས་སོ། །མྱང་འདས་ལས། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། རྟེན་ཅིང་འབྲེལ་ཏེ་འབྱུང་བའི་ཆོས་ཤིན་ཏུ་ཟབ་མོ་རྟོགས་ཏེ། སྲིད་པ་ཐམས་ཅད་ལའང་རྣམ་པར་གྲོལ་ཏེ། ཉེས་པའི་སྐྱོན་ཐམས་ཅད་དབྲལ་ནས། ལྷ་དང་མིའི་བསོད་ནམས་ཀྱི་ཞིང་དུ་འགྱུར་ཏེ། དེ་བས་ན་མཆོད་རྟེན་ཞེས་བྱ་སྟེ་མཆོད་ན་བསོད་ནམས་མཆོག་ཐོབ་པར་འགྱུར་རོ། །ཞེས་སོ། །འདུས་པར། མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི། །བཞུགས་གནས་ཕོ་བྲང་ཡིན་པར་བཤད། །ཅེས་དང་། གཞལ་ཡས་ཁང་ལ་མཆོད་རྟེན་དུ་བཤད་དོ། །མངོན་རྟོགས་རྒྱན་ལས། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་མཛད་གང་ཡིན་དང་། །འགྲོ་ལ་ཕན་པར་
བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། །གང་དག་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདི་གསུངས་པ། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ། །ཞེས་སོ། །རྗེ་ཙོང་ཁ་པས་མདུན་ལེགས་མར། དེ་ནས་གདུལ་བྱའི་བློ་མུན་སེལ་བའི་མཆོག །འཇམ་པའི་དབྱངས་ལ་ཤུགས་དྲག་རྒྱུན་རིང་གིས། །དད་པ་བརྟན་པས་གཞུང་ལུགས་དམ་པ་རུ། །འཆར་ཕྱིར་གསོལ་བཏབ་རྒྱུ་ཚོགས་ཀུན་ལ་འབད། །ཚུལ་འདི་བསམས་བཞིན་འདུན་མ་ལེགས་ནས་གདའ། །བཀའ་དྲིན་ཆེའོ་རྗེ་བཙུན་མཁྱེན་པའི་གཏེར། །དེ་ལྟར་འདྲེན་པས་ཀླུ་སྒྲུབ་ཐོགས་མེད་ལས། །རིམ་བཞིན་བརྒྱུད་པའི་བྱང་ཆུབ་ལམ་རིམ་ལས། །ཐུན་མོང་མིན་པའི་ངེས་པ་རྙེད་གྱུར་ནས། །ཟབ་མོའི་གཞུང་མཆོག་ཕར་ཕྱིན་གདམས་པར་ཤར། །ཅེས་སོ། །ཀུན་མཁྱེན་ལྔ་པས། ཨེ་དབྱིངས་སྟོང་པའི་རང་མདངས་མནྡཱ་རས། །བདེ་ཆེན་ཝཾ་ཡིག་ཟུང་འཇུག་རྡོ་རྗེ་ཅན། །པདྨ་འབྱུང་གནས་ཞི་དང་ཁྲོ་བོ་ཡིས། །དཀྱིལ་འཁོར་རྒྱ་མཚོའི་གཙོ་བོར་ལྷུན་གྱིས་གྲུབ། །ཅེས་སོ། །ཕྱག་ན་རྡོ་རྗེས། བློ་བཟང་གྲགས་པ་འདི་ཉིད་ནི། །སངས་རྒྱས་ཀུན་གྱི་སྤྲུལ་པ་སྟེ། །པཎ་ཆེན་རྐྱང་གི་ལུས་བཟུང་ནས། །མདོ་དང་སྔགས་ཀྱི་དོན་བཤད་ཅིང་། །ངེས་པར་ཁོ་ན་འཚང་རྒྱའོ། །ཞེས་སོ། །
གྲུབ་ཆེན་ལས་ཀྱི་རྡོ་རྗེས། སྙིགས་དུས་མཐའ་འཁོབ་ཡུལ་དུ་སྐྱེས་པ་ཡི། །སྙོམས་ལས་དགེ་སློང་ནམ་མཁའ་རྒྱལ་མཚན་གྱིས། །སྙིང་ནས་ལྷ་ཆོས་ཚུལ་བཞིན་མ་ནུས་པས། །ཡི་གེར་འབྲི་འོས་རྣམ་ཐར་བདག་ལ་མེད། །ཅེས་དང་། ཙོང་ཁ་པས། རང་གི་དགེ་བ་རྒྱ་ཆེན་སྤེལ་ཕྱིར་དང་། །རྣམ་དཔྱོད་ལྡན་པའི་སྐལ་བཟང་མང་པོ་ལ། །འཇུག་སྒོ་མ་ནོར་ཚུལ་བཞིན་བསྟན་པའི་ཕྱིར། །རང་གི་རྟོགས་པ་བརྗོད་པ་འདི་བྱས་སོ། །ཞེས་སོ། །དུར་ཁྲོད་རྒྱན་གྱི་རྒྱུད་ལས། གཞན་ཡང་ང་ཡིས་གསུངས་པའི་བཀའ། །གསུང་གཅིག་ཉིད་དུ་གསུང་གྱུར་ཀྱང་། །དུ་མ་ཉིད་དུ་སོ་སོར་སྣང་། །ཆོས་ཚུལ་དུ་མའི་བྱེ་བྲག་དང་། །མོས་པ་དུ་མའི་བྱེ་བྲག་དང་། །འདུ་ཤེས་དུ་མའི་བྱེ་བྲག་གིས། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་སོ། ༈ །གཡུང་དྲུང་བོན་གྱི་ལོ་རྒྱུས་ནི། ཞང་ཞུང་འོལ་མོ་ལུང་རིངས་སུ་ཤཱཀྱའི་རྒྱལ་པོ་སྟོན་པ་གཤེན་རབས་ཀྱི་སྐུར་མང་པོ་བཞེངས་ཏེ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བོན་གྱི་འཁོར་ལོ་དུ་མ་ཞིག་བསྐོར་བ་ལ་བརྟེན་གདུང་འཚོབ་མུ་ཆོ་སྡེ་དྲུག་གིས་རིགས་པས་ཕྱེ། དེ་རྗེས་ཏ་ཟིག་ལ་མཁས་པ་མུ་ ཙ་ཏྲ་ཧ་སོ་དང་། ཁྲི་ཐོགས་ཙ་མ། གུ་ཧི་ལི་སྤར་ཡ་གསུམ་ལས། རྫུ་འཕྲུལ་གྱི་རྐང་པ་ཐོབ་པའི་ལོ་ཙཱ་རྒྱ་གར་སྔགས་བདག་ལྷ་དྲོ། རྒྱ་ནག་ལེགས་གཏོང་རྨང་པ། ཁྲོམ་གསེར་ནག་པོ་ལྕེ་འབྱམས་གསུམ་
གྱིས་རང་གི་ཡུལ་དུ་བསྒྱུར་ཞིང་སྤེལ། དེ་ལ་དང་པོ་མཁས་ལྡེམ་གྱི་ན་ཚ་རྨང་དགེ །མེ་ཉག་ལ་མཁས་པ་ལྕེ་ཚ་གར་བུ། གསུམ་པ་ལ་མཁས་པ་མུ་ཀུངས་གསང་གཏང་། ཞང་ཞུང་ན་མཁས་པ་ཤ་རི་འབུ་ཆེན་ཏེ་མཁས་པ་མི་བཞིས་བསྒྱུར་འཆད་མཛད། ལྷ་བཙད་པོ་ཁྲི་སྲོང་ཡན་དར་རྒྱས་སུ་གྱུར་པ་ལ་བོན་སྔ་དར། སླད་མ་དྲང་རྗེ་བཙུན་པ་གསེར་མིག་གིས་གླིང་གི་ལྷོ་ཐག་སྤྱི་རིང་དང་། དུར་ཁྲོད་ཀྱི་ནང་ནས་རྙེད་པ་རིམ་པར་འཕེལ་བ་ལ་བོན་ཕྱི་དར་ཏེ། གཡུང་དྲུང་གི་ཆོས་ཕུང་སྒོ་བཞི་མཛོད་ལྔའི་ནང་ཚན་ཁམས་ཆེན་པོ་བཅུ་དྲུག་གཏན་ལ་ཕབ་པ་སྟོང་ཕྲག་བརྒྱ་པ། མངོན་རྟོགས་རིག་པའི་རྩེ་མོ་སོགས་སྔ་དར། དྲི་མེད་གཟི་བརྗིད་སོགས་ཕྱི་དར་གྱི་བོན་དང་། ཕྱྭ་གཡང་སེལ་གསུམ་ལ་སོགས་པ་འཇིག་རྟེན་བདེ་ལེགས་སུ་འགྱུར་བའི་བོན་གྱི་རིམ་པ་དཔག་ཏུ་མེད་པ་ཡོད་དོ། ༈ །བུ་སྟོན་གྱིས། དེ་ཡི་བསྟན་ལ་བདུད་རྩི་ཐོབ་པ་ཡིས། །སློབ་མ་མཆོག་གིས་བསྟན་པ་རིན་ཆེན་ཚོགས། །སྒྲོ་སྐུར་དྲི་མ་སེལ་བའི་བྱི་དོར་གྱིས། །བསྟན་པ་ནོར་བུའི་ཕུང་པོ་བཏུས་པར་གྱུར། །བསྟན་པས་ལུང་བསྟན་མཁས་གྲུབ་དེད་དཔོན་གྱིས། །བརྟག་པ་གསུམ་གྱིས་ལུང་དོན་ནོར་བུ་སྦྱངས། །ལེགས་བཤད་དགོངས་འགྲེལ་རྒྱལ་མཚན་རྩེ་ལ་བཀོད། །མི་ཤེས་མཚན་མོའི་མུན་པ་སྨག་རུམ་བསལ། །ཞེས་པས་སོ། །རྗེ་བཙུན་ཙོང་ཁ་པའི་བཞེད་གཞུང་
བྱང་ཆུབ་ལམ་གྱི་རིམ་པ་ཞེས། བསྟན་པ་ཐམས་ཅད་འགལ་མེད་རྟོགས། །གསུང་རབས་མ་ལུས་གདམས་ངག་འཆར། །རྒྱལ་བའི་དགོངས་པ་བདེ་བླག་རྙེད། །ཉེས་སྤྱོད་ཆེན་པོ་རང་འགག་པ། །ཞེས་ཆེ་བ་བཞི་དང་ལྡན་པའོ། །དཱི་པཾ་ཀ་ར་དངོས་བྱོན་ཙོང་ཁ་བ་ཆེན་པོ། འབྲོམ་སྟོན་ཟློས་གར་དགེ་འདུན་གྲུབ་པ། ༈ །ཙོང་ཁ་པས། ཆོས་རྗེ་དོན་གྲུབ་རིན་ཆེན། དཔའ་བོ་རྡོ་རྗེའམ་བླ་མ་དབུ་མ་པ། རེད་མདའ་གཞོན་ནུ་བློ་གྲོས། ལྷོ་བྲག་ལས་ཀྱི་རྡོ་རྗེ་བཞི་བླ་མར་བསྟེན། དགེ་བའི་བཤེས་གཉེན་དར་ཡུལ་བ་ལས་སྔ་འགྱུར་གསན། སྲས་ཀྱི་གཙོ་བོ་དགེ་འདུན་གྲུབ་པ་དང་། རྒྱལ་ཚབ་དར་མ་རིན་ཆེན་སོགས་སོ། །འཇམ་དཔལ་རྩ་རྒྱུད་ལས་ལུང་དུ་བསྟན་ཅིང་། བཀའ་གཏེར་ཀུན་ནས་འཇམ་དཔལ་གྱི་སྤྲུལ་པར་བསྔགས། རྗེ་དཔའ་བོས། ཁ་ནས་ཆོས་སྐད་མི་སྨྲའི་སྐྱེ་བོ་མེད། །དམ་ཆོས་ལག་ཏུ་ལེན་པའི་མི་གཅིག་མེད། །སག་ཤའི་བྲོ་དང་དམ་ཆོས་ཁྱད་མེད་པའི། །དུས་ངན་འདི་རུ་བདག་གི་བརྩམས་པས་ཅི། །ཞེས་དང་། ངོ་སྤྲོད་ཐེབས་དང་སྤྲུལ་པར་ཁས་ལེན་པས། །ཡུལ་ཀུན་འདམ་བུའི་ཚལ་བཞིན་རབ་གང་ཡང་། །འཇིག་རྟེན་པ་ཡི་ཡང་དག་ལྟ་བ་ཙམ། །སྣར་གཅིག་སྐྱེས་པའང་ཉིན་སྐར་ལས་དཀོན་གྱུར། །ཅེས་དང་། དེང་སང་ཀུན་ཀྱང་བསྟན་བཅོས་རྩོམ་ལ་འཇུག །དར་བ་དང་ནི་ནུབ་པའང་དུས་
གཅིག་བྱེད། །སྤར་ཙམ་བསྐོས་ནས་བཞག་ན་དར་བར་རློམས། །འདི་འདྲའི་དར་ཚུལ་ལ་ནི་བདག་མི་སྨོན། །ཞེས་སོ།། ༈ །།གཟུངས་གཞུག་ དྲིལ་ལུགས་བུ ་སྟོན་གྱིས་མཇུག་ནས་ཡར་དྲིལ་བ་ཀློག་ལུགས་ལྟར་དང་། ས་སྐྱའི་རྗེ་བཙུན་གོང་མ་དང་ངོར་ཆེན་རྗེས་འབྲངས་དང་བཅས་པས་ཨོ་ནས་སྤྲུལ་འཁྱིལ་བ་ལྟར་དྲིལ་བར་གསུངས་ཤིང་། ལྔ་པ་རིན་པོ་ཆེ་སོགས་རིས་མེད་ཀུན་ཀྱིས་ཀྱང་ཕྱི་མ་ལྟར་བཞེད་འདུག ༈ །བཀའ་གདམས་གླེགས་བམ་ལས། བྱང་ཆུབ་སེམས་ལས་རིང་བསྲེལ་འཛག །བསྐྱེད་རིམ་ཅན་ལ་ལྷ་སྐུ་འབྱུང་། །འཁོར་བ་མི་སྤོང་སེམས་དཔའ་ལ། །ཐུགས་དང་ལྗགས་ནི་འབྱུང་བ་ཡིན། །ཞེས་སོ། །སྐུ་གདུང་འབར་བར། དེ་ལ་སྐུ་དང་གདུང་ཤཱ་རཱི་རམ་སོགས། དང་ནི། །དེ་བཞིན་འོད་དང་སྒྲ་དང་ནི། །ས་ནི་གཡོ་བར་འགྱུར་བའོ། །ཞེས་སོ། །དགོངས་པ་ཟངས་ཐལ་བཏགས་གྲོལ་ལས། རྣལ་འབྱོར་ཕྱིར་མི་ལྡོག་པའི་རྟགས༔ རྡོ་རྗེ་རིན་ཆེན་པདྨ་དང་༔ ལས་དང་དེ་བཞིན་གཤེགས་པའི་གདུང་༔ ཞེས་དང་། ཤ་ཁྲག་རུས་དང་ཡན་ལག་དང་༔ འབྱུང་འདུས་ལྔ་རུ་རྟེན་དུ་འབྱུང་༔ ཤཱ་རཱི་རམ་དང་ཆུ་རི་རམ༔ བ་རི་རམ་དང་ཉ་རི་རམ༔ པཉྩ་རམ་དང་ལྔ་ལྡན་གདུང་༔ རིགས་ལྔའི་གདུང་དང་སྐུ་ཡང་འབྱུང་༔ ཆོས་སྐུ་ཐོབ་པའི་རྟགས་ཡིན་ནོ༔ ཞེས་དང་། ཤ་རི་བ་རི་ཆུ་རི་ཡིསཿ སྐྱེ་མེད་ཡོན་ཏན་
ལོངས་སྐུ་ཐོབ༔ ཉ་རི་པཉྩ་རམ་གྱིས་ནི༔ སྤྲུལ་པའི་སྐུ་ལྔ་ངེས་པར་ཐོབ༔ ཅེས་སོ། །རང་ཤར་ལས། ཤཱ་རི་རམ་གྱིས་སྐྱེ་མེད་ཐོབ། །ཆུ་རི་རམ་གྱིས་དོན་ཡོད་དོ། །བ་རི་རམ་གྱིས་ལོངས་སྐུ་ཐོབ། །ཉ་རི་རམ་གྱིས་སྤྲུལ་སྐུ་ཐོབ༔ པཉྩརམ་གྱིས་རྡོ་རྗེ་ཉིད། །ཅེས་སོ། །སློབ་དཔོན་ངག་དབང་གྲགས་པས། ཨིནྡྲ་ནཱི་ལ་རིན་ཆེན་སོགས། །ནོར་བུ་ཆེན་པོ་གཞན་དག་ཀྱང་། །འཆང་བར་བྱེད་པས་འཆི་བ་ཀུན། །བཟློག་པར་འགྱུར་བ་ཐེ་ཚོམ་མེད། །གང་ཕྱིར་ནོར་བུའི་མཐུ་ལ་ནི། །སོམ་ཉི་བྱ་བར་རིགས་མིན་ཏེ། །ནོར་བུ་བསམ་གྱིས་མི་ཁྱབ་པའི། །མཐུ་དང་ལྡན་པར་ཐམས་ཅད་འདོད། །ཅེས་སོ། །མུ་ཏིག་བཅང་པས་ཚེ་བསྲིང་ཞིང་། །བྱེ་རུའི་ཕྲེང་བས་ཟས་གོས་འཕེལ། །ཕྲ་མེན་གཟའ་ཡི་གནོད་པ་བཟློག །ཤེལ་གྱི་ཕྲེང་བས་ཤེས་རབ་འཕེལ། །ཅེས་སོགས་བསྟན་པ་ལྟར་རོ། །དཔའ་བོ་གཅིག་གྲུབ་ཀྱི་རྒྱུད་ལས། གནོད་སྦྱིན་ཕོ་མོའི་འཁོར་ལོ་བྲིས་ཏེ་ནོར་དང་འབྱོར་པ་བསྒྲུབས་པའི་ཆེད་དུ་མོ་འཁོར་གཉིས་ཁ་སྦྱར་རམ། ཞེས་སོགས་ཀྱིས་བསྟན་པ་ལྟར་རོ། །འཕགས་པ་ཀླུས་གཟུངས་འབུལ་གྱི་རྣམ་གཞག་སྐུ་ཡི་རབ་ཏུ་ བྱེད་པ་ལས། གཟུངས་མེད་ལོ་ཟླར་འདས་གྱུར་ན། །ཡི་དྭགས་ཉིད་ཀྱི་གནས་སུ་འགྱུར། །ཞེས་དང་། མཆོད་རྟེན་གཟུངས་རྣམས་མས་ཡར་གཞུག །སྐུ་དང་གདུང་རྟེན་ཡས་མར་གཞུག །ཅེས་དང་།
རྒྱལ་རྫོང་བྱས་ན་རྒྱལ་པོ་དམངས་སུ་འབེབས། །མགོ་མཇུག་ལོག་ན་ཆོས་གཞུག་བདུད་ཀྱིས་སྡུད། །ལོག་བཏུས་བྱས་ན་ཚེ་ལ་བར་ཆད་འབྱུང་། །གཟུངས་རྣམས་མ་ཚང་དབུལ་པོར་འགྱུར། །དེ་ཡང་སྐུ་གདུང་རྒྱུད་དག་ལས། །དབུ་ཡི་གཟུངས་རྣམས་མ་ཚང་ན། །དབང་པོ་མི་ཚང་ཆེ་ས་འཆོར། །ཞེས་སོགས་གཙུག་ཏོར་ནས་གདན་ཁྲིའི་བར་གཟུངས་མ་ཚང་བ་སོ་སོར་སྐྱོན་རེ་བཤད་ཅིང་། དེ་བཞིན། ཕོ་གཟུངས་སྨད་དུ་ཤོར་བ་ནི། །བར་ཆད་བགེགས་ཀྱི་གཡབ་མོ་ཡིན། །མོ་གཟུངས་སྟོད་དུ་ཤོར་བ་ནི། །མོ་རྒྱུད་འཕེལ་ཞིང་རིགས་རྒྱུད་ཉམས། །ཞེས་འཁྲུགས་པའི་སྐྱོན་དང་། གནོད་སྦྱིན་གཟུངས་རྣམས་མ་ཚང་ན། །བྱས་པ་དོན་མེད་ཆུད་ཟོས་འགྱུར། །ཚང་ན་ཡོན་ཏན་དེ་ལས་ལྡོག །ཅེས་དང་། རྒྱས་བསྡུས་རྟེན་གྱི་ཚད་དང་སྦྱར། །ཅེས་དང་། སྟོད་གཟུངས་སྨད་དུ་ཤོར་བ་དང་། །སྨད་གཟུངས་སྟོད་དུ་ཤོར་བ་ནི། །ཆེ་ཆུང་གཉིས་ཀྱི་བྱེ་བྲག་ཡིན། །ཅེས་ཐེག་པ་གོང་འོག་རིམ་པ་ལྟར་མ་འཁྲུལ་བར་ཡས་མར་དུ་གཞུག་པ་སོགས་བྱ་ཞིང་། ཡང་སྔ་མ་ལས། སྐྱོན་ལྡོག་པ་ནི་ཡོན་ཏན་ཏེ། །གཞུང་བཞིན་མ་ནོར་འབད་བྱས་ན། །རྟེན་རྣམས་གང་དུ་བཞུགས་ཀྱང་ནི། །ཞལ་བྲོ་བཀྲ་ཤིས་ཡོན་ཏན་འཕེལ། །འཁོར་དང་ལོངས་སྤྱོད་སྤྲིན་བཞིན་འདུ། །བུ་ཚ་རིགས་རྒྱུད་ཤིན་ཏུ་འཕེལ། །སྙན་པའི་གྲགས་པ་མཁའ་ལྟར་ཁྱབ། །བསམ་གཏན་ཏིང་
འཛིན་འཕེལ་བ་དང་། །འགྲོ་དོན་མང་པོ་བྱེད་པར་ནུས། །བདེ་གཤེགས་ཉིད་དང་སྤྱོད་ཡུལ་གཅིག །ཡོན་ཏན་བསམ་གྱིས་མི་ཁྱབ་བོ། །ཞེས་སོ། །ཁྲག་འཐུང་གལ་པོ་ལས། གང་ཞིག་སྐུ་གདུང་རིང་བསྲེལ་ནི། །རྣལ་འབྱོར་ཀུན་གྱི་སྒྲུབ་པའི་རྟེན། །དངོས་མེད་མེ་ལ་སྦྱང་བ་ཡིས། །དངོས་ཅན་གདུང་དུ་འབྱུང་བར་འགྱུར། །ཞེས་དང་། ཐལ་བ་བསྡུས་ནས་སྐུ་གདུང་གདབ། །ཆོས་ཉིད་དོན་གྱི་སྐུ་གདུང་ལས། །འབྱུང་བ་རྟགས་ཀྱི་སྐུ་གདུང་ཤར། །ཅེས་སོ། །ཆོས་སྐུའི་རྟེན་བཞེངས་པ་ལ་གཅེས་པ་ཟ་ཧོར་མཁན་པོ་ཤནྟ་རཀྟིའི་ཕྱག་ལེན་ཀུན་མཁྱེན་བུས་གསལ་བར་མཛད་པ་གཙུག་ཏོར་དྲི་མེད་ཀྱི་དཀྱིལ་འཁོར་བུམ་རྟེན་བཞུགས་སུ་གསོལ་བ་དང་། དེ་སྟེང་འོད་ཟེར་དྲི་མེད་ཀྱི་དཀྱིལ་འཁོར་བཞེངས་ཏེ་སྲོག་ཤིང་བརྟན་པའི་ཆོ་ག་བྱ་བ། དེ་དང་རྗེས་འབྲེལ་དུ་དྲི་མེད་ཀྱི་གཟུངས་བཀླག་ཅིང་། སཱཙྪ་དགུ་བཅུ་རྩ་དགུ་གདབ་པའི་སྒོ་རང་གཞན་གྱི་ཚོགས་སྤེལ་ཞིང་། བསྒྲུབ་བྱ་ལ་ཕན་གདགས་པའི་རིམ་པ་སོགས་ཤིན་ཏུ་གཅེས་ཤིང་། སྲོག་ཤིང་ནི་རབ་ཙནྡན་དཀར་པོ། འབྲིང་དམར་པོ། ཐ་མ་ཤུག་པ་སོགས་ཕྱོགས་དང་རྩ་རྩེ་མ་ལོག་པ་རྩེ་མོར་རྣམ་རྒྱལ་མཆོད་རྟེན། འདིར་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་བཅུག །རྩ་བར་རྡོ་རྗེ་ཕྱེད་པ་དང་། སྨད་གྲུ་བཞི་པ་ཇེ་ཕྲར་སོང་ཞིང་གདུགས་ཡན་ཟླུམ་པོ་བྱ། གོང་གི་སྲོག་ཤིང་བརྟན་
པའི་ཆོ་ག་སོགས་སྔོན་བྲམ་ཟེ་སེར་སྐྱའི་དོན་དུ་བསྩལ་བ་དྲི་མེད་རྣམ་དག་འོད་ཀྱི་གཟུངས་ཞེས་སྣང་ཞིང་། གཟུངས་དེ་ཉིད་སྲོག་ཤིང་ནང་དུ་རིང་བསྲེལ་དང་ལྷན་ཅིག་པར་གཞུག་པས་ཡོན་ཏན་བརྗོད་ལས་འདས་པ་ཐོབ་པའི་ཚུལ་གསུངས་ཤིང་། ཆོས་སྐུའི་རིང་བསྲེལ་ནི་གཟུངས་དང་། ཡོན་ཏན་མཚོན་བྱེད་མཆོད་རྟེན་དང་སཱཙྪ། སྐུ་གདུང་རིང་བསྲེལ་བདེ་གཤེགས་ཉན་རང་སོགས་ཀྱི་གདུང་། སྐུ་བལ་ནི་དེ་དག་གི་དབུ་སྐྲ་དང་ཕྱག་སེན་སོགས། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ནི་བདེ་གཤེགས་ཀྱི་གདུང་ཤཱ་རི་རམ་སྟེ། གདུང་ནི་འཇིག་ལ། རིང་བསྲེལ་ནི་མི་འཇིག་པའི་ཁྱད་པར་ཅན་དུ་གསུངས་ཤིང་། ཆོས་སྐུའི་རིང་བསྲེལ་ལ། འོད་ཟེར་དྲི་མེད་ཀྱི་གཟུངས་དགུ་བཅུ་རྩ་དྲུག་ངོས་གཞིར་གཞུག་པ་དང་། གཟུངས་དེ་ཉིད་ཀྱི་གཞུང་རྫོགས་སྲོག་ཤིང་གི་དབུས་སུ་གཞུག་པ་སོགས་དང་། རྩེ་མོ་ནས་བཟུང་། རྣལ་འབྱོར་བླ་མ། རྣལ་འབྱོར་སྤྱོད་པ། བྱ་བ། མངོན་པ། མདོ་སྡེ། འདུལ་བ་དང་། དེ་དག་གི་དགོངས་འགྲེལ། དེ་ནས་རིག་གནས་ཕྱི་མའི་སྐོར་བཅས་གདན་ཁྲིའི་བར་དུ་གཞུག་པ་ལ་ཆོས་ཀྱི་རིང་བསྲེལ་དུ་བཞེད་ཅིང་། གཟུངས་ཀྱང་རྒྱུད་སྡེ་བཞི་དྲུག་གི་གོ་རིམ་དང་བསྟུན་པར་གཞུག་པ་དང་། རྒྱ་བོད་ཀྱི་ཡི་གེ་གང་རུང་གི་གནས་ཡིག་ཨོཾ་ཨཱཧཱུྃ་ཧཱུྃ་བཞི་རིམ་པར་བྲིས་པ། ཨོ་ཐད་བླ་མ་བརྒྱུད་པའི་མཚན་སྔགས། ཨཱཎའི་
ཕྱོགས་བཞིར་དབྱངས་གསལ། ཧཱུཾ་ཐད་བླ་མེད་ཀྱི་རྒྱུད་ཀྱི་སྙིང་པོ། ཧཱུྃ་ཐད་རྣལ་འབྱོར་རྒྱུད་དང་སྤྱོད་རྒྱུད། དེ་འོག་ཏུ་ཁྱད་པར་གྱི་གཟུངས་སྡེ་ལྔ་ཞེས། དྲི་མེད་ཀྱི་གཟུངས་ལྷོ་རིང་ཐུང་ཤར་དུ། ལྷོར་གསང་བ་རིང་ནུབ་བསྲེལ། ནུབ་བྱང་ཆུབ་བྱང་རྒྱན་འབུམ། བྱང་དུ་གཙུག་ཏོར་རྣམ་རྒྱལ། ཤར། ཀུན་ཕྱི་མཐར་རྟེན་འབྲེལ་སྙིང་པོ་འབྲི་བར་གསུངས་སོ། །དེ་ནི་སྲོག་ཤིང་ཁོ་ནའི་གཟུངས་གཞུག་དང་གླུ འབྲི་བྱ་སྟེ་དེ་རྒྱབ་གཟུངས་སྤར་རིམ་བཞིན་དུ་དཀྲི་བ་དང་། དེ་རྒྱབ་གླེགས་བམ་སོགས་བརྩེགས་པ་དང་། བར་མཚམས་སྨན་གྱི་ལྡེ་གུས་ཁྱབ་པར་བྱུག་ཅིང་གསེང་མེད་པ་གཅེས་སོ། །དེ་བཞིན་དུ་བང་རིམ་འོག་མ་དང་། གདན་ཁྲི་དང་སྐྱིལ་ཀྲུང་གི་བར་ལ་ཆོས་སྐྱོང་གི་སྐུ། སྲོག་སྔགས། རྟེན་འཁོར་སོགས་དང་། གནོད་སྦྱིན་བང་མཛོད་དམ་གདན་ཁྲིར་ཛཾ་བྷ་ལའི་སྲོག་འཁོར། བུམ་གཏེར། རིན་པོ་ཆེ་འབྲུ་སྨན་དར་ཟབ་གོ་མཚོན་ས་ཆུ་རྡོ་ཤིང་སོགས་ཡོ་བྱད་ཀྱི་རིགས་ཐམས་ཅད་འདུ་བྱ་བ་དང་། དེ་འོག་གོང་དུ་བཞེངས་པའི་ས་གཞིར་དམ་སྲི་མནན་པ་དང་། དེ་སྟེང་ས་བཅུད་གསོ་བའི་བུམ་གཏེར་སྦ་བ་སོགས་བྱ་བར་བཤད་དོ། ༈ །ཙོང་ཁ་བས། བསྙེན་གནས་དགེ་བསྙེན་ཕ་མ་དང་། །དགེ་ཚུལ་ཕ་མ་དགེ་སློང་མ། །དགེ་སློབ་མ་དང་དགེ་སློང་སྟེ། །སོ་སོར་ཐར་པ་རིགས་བརྒྱད་དོ། །ཞེས་གསུངས་ཤིང་། དེ་
ཡང་། ཁྱིམ་པའི་སྡོམ་པ་དང་པོ་གསུམ། །རབ་བྱུང་སྡོམ་པ་ཐ་མ་ལྔ། །ཞེས་པས་བསྙེན་གནས་དང་། དགེ་བསྙེན་ཕ་མ་ཁྱིམ་པ་དང་། ལྷག་མ་རབ་བྱུང་སྟེ། དེ་ལ་ཡང་དགེ་ཚུལ་གྱི་བསླབ་བྱ། ལུང་རྣམ་འབྱེད་ལས། མཐའ་བརྒྱད་དགེ་འདུན་ལྷག་མ་ཉི་ཤུ་དང་། །དེ་བཞིན་སྤང་བ་སུམ་ཅུ་རྩ་གསུམ་དང་། །གཞན་ཡང་ལྟུང་བྱེད་བརྒྱ་དང་བརྒྱད་ཅུ་དང་། །སོ་སོར་བཤགས་པར་བྱ་བ་བཅུ་གཅིག་ནི། །བསླབ་པ་ཡི་ནི་ཕྲེང་བ་ལྷག་པ་སྟེ། །ཞིབ་པར་བྱེད་པ་དགེ་སློང་ཕ་དང་མཐུན། །ཞེས་དང་། དགེ་སློང་ལ། འདུལ་བ་རྒྱ་མཚོའི་སྙིང་པོར། ཕམ་པ་བཞི་དང་ལྷག་མ་ནི། །བཅུ་གསུམ་སྤང་ལྟུང་སུམ་ཅུ་དང་། །ལྟུང་བྱེད་འབའ་ཞིག་དགུ་བཅུ་དང་། །སོར་བཤགས་བཞི་དང་ཉེས་བྱས་ནི། །བརྒྱ་དང་བཅུ་གཉིས་བསྡོམས་པ་ཡིས། །ཉིས་བརྒྱ་ལྔ་བཅུ་རྩ་གསུམ་རྣམས། །སྤོང་བར་བྱེད་པ་དགེ་འདུན་ནོ། །ཞེས་སོ། །དེ་ལྟར་སོ་ཐར་གྱི་བསླབ་པའི་སྟེང་དུ། བྱང་སྡོམ་དང་། སྔགས་ཀྱི་དམ་ཚིག་ལ་ཉེ་བར་གནས་པ་ནི་སུམ་ལྡན་རྡོ་རྗེ་འཛིན་པ་སྟེ་རབ་ཏུ་གནས་པ་སོགས་གསང་སྔགས་ཀྱི་ལས་གང་ལའང་འཇུག་པ་ལ་ཤིན་ཏུ་གཅེས་པར་གསུངས་སོ། ༈ །སྐུ་གསུང་ཐུགས་རྟེན་གྱི་རིགས་གྲུབ་པ་གང་ལའང་གཅེས་པའི་ཡན་ལག་ནི། ཡེ་ཤེས་པ་ལྷག་པར་གནས་པར་བྱའམ། པྲ་ཏིཥྛ་བི་ཏི་ཞེས་ཀྱི་སྒྲ་ལ་དྲངས་པས་རབ་གནས་ཀྱི་ཆོ་གའམ།
ལྷ་གནས་ཆོ་ག་ཞེས་གྲགས་ཤིང་། ཨ་དྷིཥྛ་ཏེ་བྱིན་གྱིས་བརླབས་པ་དང་། ཡང་ན་སུ་པྲ་ཏིཥྛའི་སྒྲ་ལས་སོ་སོར་གནས་པ་སོགས་སུ་དྲངས་པའི་ངེས་ཚིག་ཅན་གང་ཞིག །རབ་ཏུ་གནས་པ་མདོར་བསྡུས་ཀྱི་རྒྱུད་ཛ་ཡ་རཀཱི་ཏིའི་འགྱུར་ལས། དམ་པའི་དོན་དུ་སྤྱོད་པ་ནི། །གང་ཞིག་གང་གིས་གང་དུ་བརླབས། །གཟོད་མ་ཉིད་ནས་སྐྱེ་མེད་ལ། །ཇི་ལྟར་ཇི་ལྟར་རབ་ཏུ་གནས། །ཞེས་དང་། དཱི་པཾ་ཀ་རས། ཆོས་རྣམས་ཐམས་ཅད་འོད་གསལ་དུ། །རྟོགས་དང་ལྡན་པའི་མཆོད་གནས་ལ། །རབ་ཏུ་གནས་པ་མི་དགོས་ཏེ། །ཡང་ན་སྟོང་ཉིད་མ་རྟོགས་ཀྱང་། །མཆོད་རྟེན་གླེགས་བམ་སྐུ་གཟུགས་སོགས། །སངས་རྒྱས་རྣམས་སྤྲུལ་བྱིན་རླབས་ལས། །བྱུང་བ་མིན་ན་མི་འབྱུང་བར། །རྟོགས་ཏེ་ཤིན་ཏུ་དད་ལྡན་ན། །རབ་ཏུ་གནས་པ་མི་དགོས་སོ། །ཞེས་དང་། རྗེ་བྱམས་པ་གླིང་པས། གཟོད་ནས་རབ་ཞི་སྐྱེ་མེད་ཆོས་ཀྱི་ཚུལ། །མཁའ་ལྟར་དབྱིངས་སུ་རྣམ་པར་དག་པ་ལ། །གང་དུ་གང་ཞིག་ཇི་ལྟར་རབ་ཏུ་གནས། །ཞེས་དོན་དམ་ལྷུན་གྱིས་གྲུབ་པའི་རབ་གནས་སུ་བཤད་ཅིང་། དེ་ལྟར་མ་རྟོགས་པའི་ལས་དང་པོ་པ་ལ། ཇི་སྐད་དུ།ཧེ་རུ་ཀ་གལ་པོ་ལས། སྐུ་དང་ཕྱག་རྒྱ་བཟླས་པ་དང་། །དཀྱིལ་འཁོར་སྤྲོ་བསྡུ་མཆོད་པ་དང་། །སྦྱིན་སྲེག་ལ་སོགས་མང་བཤད་པ། །དང་པོའི་ལས་ཅན་སྦྱང་བ་དང་། །མཚན་མས་དོན་ལ་གཞུག་ཕྱིར་
བསྟན། །ཅེས་སོ། །དེའི་ཕྱིར་ཀུན་རྫོབ་ཆོ་ག་ལ་ངེས་པར་བསྟན་དགོས་པའི་ཚུལ། རབ་རྒྱུད་ལས། འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས། །རབ་ཏུ་གནས་པ་རབ་ཏུ་བརྟག །དང་པོའི་ལས་ཅན་སེམས་ ཅན་གྱི། །རྟོགས་པའི་རྒྱུ་རུ་བཤད་པར་ཟད། །ཅེས་དང་། གང་དག་སྐུ་གཟུགས་རྫོགས་པ་ལ། །བྱིན་མ་བརླབ་པར་རིང་གནས་ན། །དེ་ལ་བཀྲ་མི་ཤིས་འགྱུར་ཞིང་། །དེ་སྲིད་མཆོད་པར་དེ་མི་འོས། །ཞེས་དང་། སློབ་དཔོན་དམ་ཚིག་རྡོ་རྗེས། སྤྲོ་དང་ལྡན་པའི་སྐྱེ་བོ་ལ། །སྔགས་པས་ནོར་ནི་རྙེད་པ་དང་། །སྐྱེ་བོ་རབ་ཏུ་དད་པ་ཡི། །བྱེད་པོ་དགེ་བ་རབ་འཕེལ་བ། །རབ་གནས་བསྟན་བཅོས་ལས་གསུངས་པའོ། །ཞེས་དང་། དུས་ཀྱི་འཁོར་ལོའི་དབང་ལེར། རང་ལུས་ཡེ་ཤེས་རྣམ་པ་དག་ལ་རྡོ་རྗེ་གསུམ་དང་བཅས་པའི་ཕུང་པོ་ཁམས་ལ་སོགས་པ་ཀུན། །ལྷ་རྣམས་ཀྱི་ནི་རང་གི་སྙིང་གའི་པདྨར་ས་བོན་རང་རང་རིམ་པས་འགོད་པར་བྱ། །ས་བོན་བཀོད་ནས་རབ་ཏུ་གནས་པར་འགྱུར་ཏེ་མི་ཡི་བདག་པོ་མཆོད་རྟེན་སྐུ་གཟུགས་དག་ལའང་། །ཞེས་སོ། །རབ་ཏུ་གནས་བྱའི་ཡུལ་ནི། རབ་རྒྱུད་ལས། སྐུ་གཟུགས་མཚན་ཉིད་ལྡན་པ་སྟེ། །ཞི་བ་ལ་སོགས་རོ་ཡིད་ལྡན། །ཚད་ནི་ཚད་ལ་ཕབ་ཀྱིན་བཟང་། །ཡང་ཐོག་མཆོད་རྟེན་རབ་གནས་དང་། །ཁྱིམ་དང་ལྷ་ཡི་གནས་རྣམས་སུ། །ཞེས་དང་། སྣང་བྱེད་ཟླ་བས། སྐུ་གཟུགས་
མཆོད་རྟེན་གཙུག་ལག་ཁང་། །དམ་ཆོས་རས་བྲིས་གླེགས་བམ་རྣམས། །བཟང་པོའི་ཚད་ཀྱིས་མཛེས་པ་དང་། །རྫོགས་པ་བདེ་བའི་རྒྱུ་རྣམས་ལ། །དེ་ཤེས་མཚན་ཉིད་རྟོག་པ་ཡི། །རབ་གནས་བྱ་བར་འོས་པ་སྟེ། །ཞེས་སོ། །གནས་ནི་ཧེ་རུ་ཀ་གལྕོར། གནས་མཆོག་ཕུན་སུམ་ཚོགས་པ་བཙལ། །ཏིང་འཛིན་ཡེ་ཤེས་མཆོག་གི་ས། །བཀྲ་ཤིས་དག་པ་ཆེན་པོའི་གནས། །ཡིད་འོང་གནས་ནི་རྣམ་པར་དགའ། །ཡྻ དེ་ནི་གནས་ཀྱི་མཆོག་ཡིན་ཏེ། །ཡོན་ཏན་མ་ལུས་ཀུན་ལྡན་པ། །ཞེས་དང་། རིན་ཆེན་འབར་བར། གནས་ནི་ཡིད་འོང་འདུ་འཛི་སོགས། །སྐྱོན་མེད་རྣམ་མཛེས་བླ་གབ་ཅན། །ཞེས་སོ། །དུས་ནི། བྷི་བྷུ་ཏ་༼ ཡི་དཀྱིལ་ཆོག་ལས། །དབྱར་དུས་རབ་གནས་གྲུབ་པའོ། །སྟོན་ནི་བདེ་བ་སྟེར་བར་འགྱུར། །དགུན་སྟོད་ཡེ་ཤེས་འཕེལ་བ་སྟེ། །དགུན་སྨད་དབང་ཕྱུག་ཐམས་ཅད་འགྱུར། །དཔྱིད་ཀ་དཔལ་ནི་རབ་ཏུ་སྦྱིན། །སོ་ག་རྒྱལ་དང་ཞི་བ་སྟེར། །ཞེས་དང་། ཀྲྀ་ཡ་ལས། མཆུ་༡དང་དབོ་༢ཡི་ཟླ་བ་དེ་བཞིན་ངེས་པར་ས་༣ག་སྣོན་༤དང་ཆུ་(སྟོད་ཟླ་བ་དང་། །མགོ་༦སྟེ་དེ་སྲིད་འདི་རྣམས་དགེ་བ་གཅིག་པུའི་འབྲས་བུ་སྟེར་ པའི་ཟླ་བ་དྲུག་ཏུ་གསུངས། །ཞེས་དང་། རབ་རྒྱུད་ལས། དཔྱིད་རའམ་ནི་དཔྱིད་ཟླ་འབྲིང་། །དགུན་ཐ་དཔྱིད་ཀྱི་ཐ་ཆུང་ངམ། །དབྱར་ར་དེ་བཞིན་དབྱར་འབྲིང་ངོ་། །ཞེས་སོ། །ཚེས་གྲངས་ནི། ཀྲྀ་ཡ་
ལས། དང་པོར་བཤད་པའི་གཉིས་པ་ལ་ནི་རྗེས་སུ་དག་པའི་འབྲས་བུར་གསུངས་ཏེ་གང་ཞིག་གསུམ་པ་དང་། །དེ་ལས་དཔལ་ལྡན་ལྔ་པར་འགྱུར་བ་གང་དང་ངེས་པར་བཅུ་པ་བདུན་པ་ཟླ་བ་ཉ་བ་དང་། །གང་ཞིག་ཐམས་ཅད་གྲུབ་པ་ལ་ནི་འཐབ་མོ་སྡིག་པ་ཉམས་པར་གསུངས་ཏེ་ཚེས་ཀྱི་གྲངས་རྣམས་བདུན། །ཞེས་སོ། །གཟའ་ནི། ཀྲྀ་ཡ་ལས། གཟའ་ཡི་མཆོག་གྱུར་བཞི་སྟེ་གཟའ་ལྷག་བླ་མ་པ་སངས་ཟླ་བ་རྣམས་དང་ལྡན་གྱུར་ན། །གཟའ་རྣམས་ཐམས་ཅད་བདེ་དང་རྗེས་ཆགས་ནོར་རྣམས་སྟེར་བར་གསུངས་ཏེ་རབ་གནས་དོན་དུའོ། །ཞེས་དང་། རབ་རྒྱུད་ལས། ཕུར་༡བུ་གཟའ་ལྷག་༢པ་ཝ་༣སངས། །ཟླ་༤བའི་གཟའ་རྣམས་ཤེས་བྱ་སྟེ། །རབ་ཏུ་གནས་པ་མཆོག་ཏུ་དགེ །ཞེས་སོ། །སྐར་མ་ནི། རབ་རྒྱུད་ལས། ཐམས་ཅད་དུ་ནི་ཆུ་༡་སྟོད་མ་ཚང་དང་། །སྣར་༢མ་དེ་བཞིན་གྲོ་༣བཞིན་༤དབོ། །ལག་པ་སྒྲོན་༦དང་སྒྲུབས་༧དང་ནི། །རྒྱལ་རདང་ཆུ་༩སྨད་དེ་བཞིན་ནོ། །ཁྲུམས་༡༠སྨད་དག་ཀྱང་དེ་བཞིན་ནོ། །ཞེས་དང་། ཀྲྀ་ཡ་ལས། རྒྱལ་༡དང་མེ་༢བཞི་མ་ཚང་། ལྷ་༣མཚམས་དེ་ཡི་རྗེས་སུ་མགོ་༤དང་སྣར་མ་དག་དང་དབོ་༦དང་ལག་༧རྣམས་དང་། །སྣོན་རདང་སྣུབས་༩དང་རྗེས་མཐུན་གྲོ་༡༠བཞིན་རྐང་པར་ལྡན་པས་ཁྲུམས་༡༢་དང་ཆུ་༡ ༣སྟོད་ཆུ་༡༤སྨད་ཅེས་བྱ་བ། །བུ་ལ་སོགས་པ་འཕེལ་བར་འགྱུར་ཏེ་ངེས་
པར་ཉིད་དུ་དབོ་ལ་འདོད་པའི་དོན་ཀུན་འགྲུབ། །ཅེས་སོགས་སོ་སོའི་བདེན་འབྲས་བཅས་བསྟན་ཅིང་། ག་ལྕོར་ཡང་། དང་པོར་རྒྱལ་ལ་འཇུག་པར་བྱ། །ཞེས་གསུངས། དེ་དག་ཀྱང་། སློབ་དཔོན་མི་ཐུབ་ཟླ་བས། ཟླ་བ་དྲུག་དང་གཟའ་བཞི་དང་། །རྒྱུ་སྐར་བཅུ་བཞི་གང་ཡིན་དང་། །ཚེས་གྲངས་བདུན་གྱི་གྲངས་ཉིད་ལ། །རྒྱལ་བས་རབ་གནས་ལ་སོགས་བསྔགས། །ཞེས་སོ། །རབ་ཏུ་གནས་པ་དངོས་ལ་རྟེན་བསྐྱེད་ཚུལ། དཱི་པཾ་ཀཱ་རས། སྐུ་རིགས་ལྷ་ཁང་མཆོད་རྟེན་གནས། །ཁང་ཁྱིམ་བྷོ་ལས་མཁར་རྣམ་སྣང་། །གསུང་རིགས་དམར་དང་པུསྟི་ལྗང་། །གཎྜི་ཆ་ལང་ དྲིལ་བུ ་སོགས། །ཛེ་ལས་ པདྨ་སྣང་མཐའ་ཡས། །ནག་སྔོ་རྡོ་རྗེ་ཕུར་ཕྲེང་ཐུགས། །ཧཱུཾ་རྡོ་རྗེ་ལས་མི་བསྐྱོད་བསྐྱེད། །སེར་པོ་བང་མཛོད་ཡོན་ཏན་རིགས། །ཨོཾ་ལས་རིན་ཆེན་འབྱུང་ལྡན་བསྐྱེད། །ལས་རིགས་ལྗང་གུ་རྒྱ་གྲམ་བྲིས། །ཁཾ་ལས་རལ་གྲི་དོན་ཡོད་གྲུབ། །ཅེས་སོ། །དེ་ཡང་ཆོ་ག་ཕྱག་ལེན་རྣམ་པར་དག་པ་ཁོ་ན་ལ་བལྟོས་དགོས་པ་ལས། འཆོལ་བར་སྤྱོད་པ་མི་འགྲུབ་པའི་ཚུལ། རབ་རྒྱུད་ལས། ཆོ་ག་དམན་པས་མི་བྱ་སྟེ། ། རབ་གནས་རྟག་པར་བཀྲ་མི་ཤིས། །འཇིག་རྟེན་འདི་ཡང་སྡུག་བསྔལ་ལ། །འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། །ཞེས་སོ། ༈ །ཆུ་ཀླུང་རོལ་བའི་མདོ་ལས། ང་ཡིས་བསྟན་པའི་ཆོས་ཀྱི་གཞུང་། །ཐུགས་
ནས་ཐུགས་ཀྱི་གཏེར་དུ་སྦས། །ཡང་ན་ས་ཡི་སྙིང་པོར་བྱ། །ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད། །ངེས་དོན་དཀྲུགས་པར་འགྱུར་ཏ་རེ། །ཞེས་དང་། བདེ་མཆོག་ཉུང་ངུ་ལས། རྒྱུད་དང་རྒྱུད་ཀྱི་རྒྱལ་པོ་གང་། །ཕྱག་ན་རྡོ་རྗེ་ཁྱོད་ཉིད་ཀྱིས། །གཏེར་ནས་གཏེར་དུ་ཕྱུངས་ཏེ་སྩལ། །ཞེས་སྔ་འགྱུར་ལ་གཏེར་མའི་ཕྱོགས་དང་། བཀའ་མའི་བརྒྱུད་པ་གཉིས་སུ་ཡོད་ཅིང་། ༈ །ཕྱི་འགྱུར་ལ་ཡང་ས་བཀའ་ཇོ་ཞལ་སོགས་རང་རང་གི་གྲུབ་མཐའ་སྣ་ཚོགས་གྱེས་པས་སོ་སོར་བཀྲལ་བའི་རིམ་པ་ཇི་སྙེད་པ་ལས། རབ་ཏུ་གནས་པ་འདི་ནི་མདོ་ལུགས་ལ་རྒྱལ་པོའི་མངའ་དབུལ་ལྟ་བུ་ལས་མཚན་ཉིད་པ་མེད་པར་གསུངས་ལ། སྔགས་ལ་བྱ་སྤྱོད་དུ་པཎ་ཆེན་སུ་མ་ཀཱིརྟིས་བཀྲལ་བ་གྲྭ་ལྔར་བརྟེན་པ་སོགས་ཕྲན་ཚེགས་དང་། རབ་རྒྱུད་རྣལ་འབྱོར་དུ་རྟོགས་པའི་རྗེས་འབྲངས་རབ་འབྱོར་བསྐྱངས། ཀུན་དགའ་སྙིང་པོ། ཤཱཀྱ་བཤེས་གཉེན་སོགས་ཀྱི་གཞུང་དང་། བླ་མ་ཕ་མའི་རྒྱུད་ལ་བརྟེན། དམ་ཚིག་རྡོ་རྗེ། མི་ཐུབ་ཟླ་བ། དཔལ་འཛིན། ཨ་བྱཱ་ཀ་ར་སོགས་ཀྱི་རྒྱ་གཞུང་ལ་བརྟེན། གངས་ཅན་དུ་སྔ་འགྱུར་བཀའ་གཏེར་གྱི་རྗེས་འབྲངས་སོ་སོས་བཀྲལ་བ་དང་། ཕྱི་འགྱུར་རིན་ཆེན་བཟང་པོའི་སྡོམ་ཚིག་ལ་བརྟེན་རྗེ་བཙུན་གྲགས་རྒྱལ་གྱི་རབ་གནས་དོན་གསལ། ཀུན་མཁྱེན་བུས་དུས་ཀྱི་འཁོར་ལོའི་རབ་གནས་སོགས་མང་དུ་བཀྲལ་བ་དེ་དག་གི་གཞུང་ལ་
བརྟེན་པ་གང་ཡིན་པ་ནི་ཆོ་ག་རྣམ་པར་དག་པ་ཞེས་བྱའོ། ༈ །གང་གིས་རབ་གནས་བྱེད་པའི་རྡོ་རྗེ་སློབ་དཔོན་ནི། རབ་རྒྱུད་ལས། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང་། །མཚན་ཉིད་ཀུན་དང་ཡང་དག་ལྡན། །ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། །ལས་རྣམས་ཀུན་ལ་མཁས་པ་སྟེ། །དམ་སྡོམ་བྱང་ཆུབ་སེམས་འབྱོངས་པས། །ཞེས་དང་། སྒྱུ་འཕྲུལ་དྲྭ་བར། དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང་། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན། །ཐེག་པ་ཆེ་ལ་རྟག་དགའ་བ། །དེ་ནི་སློབ་དཔོན་ཡིན་པར་གསུངས། །ཞེས་སོ། །དེ་ལ་དེ་ཉིད་བཅུ་ནི། ཕྱི་ནང་གཉིས་ལས། སྔ་མ་ནི་སློབ་དཔོན་ཟླ་འོད་ཀྱིས། རྒྱུད་དང་སྔགས་དང་ཆོ་ག་ཤེས། །དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟངས་སྟབས་འདུག་སྟངས་སྦྱིན་སྲེག་དང་། །སྔགས་དང་བཟླས་བརྗོད་མཆོད་པའི་ལས། །སྤྲོ་བ་དང་ནི་བསྡུ་བ་སྟེ། །དེ་ཉིད་བཅུ་པོ་ཤེས་པ་ཡིན། །ཞེས་སོ། །གཉིས་པ་ནི། ཌོམྦི་པས། སྲུང་བ་དབང་བསྐུར་གཏོར་མ་བཟླས་དང་དགར། །ཕྱིར་བཟློག་པ་དང་དཀྱིལ་འཁོར་སྒྲུབ་པ་དང་། །སྡིག་སྦྱོར་བ་དང་གཤེགས་སུ་གསོལ་བ་སྟེ། །དེ་ཉིད་བཅུ་ཞེས་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་སྲུང་པ་ནི་བཀའི་འཁོར་ལོས། དབང་ནི་གཉིས་པ་དང་གསུམ་པ། གཏོར་མ་ནི་ཤ་ལྔ་སོགས། བཟླས་པ་ནི་རྡོར་བཟླས་སོགས་རླུང་སྔགས་སུ་གོམས་
ཤིང་ཤེས་པ། དགར་བ་ནི་དྲག་ལས་ཀྱིས་བསྒྲལ་བ། ཕྱིར་ཟློག་བྲི་བ་དང་བསྒོམ་པས་བཟློག་པ། དཀྱིལ་འཁོར་ནི་ལུས་དཀྱིལ་སོགས་དང་། སྒྲུབ་པའི་སེམས་དཔའ་མངལ་འབྱིན་ཐུན་མོང་མ་ཡིན་པ། སྡིག་པ་ནི་མ་གྲུབ་ན་སྤོག་པའི་ཆོ་ག །གཤེགས་པའི་ཉེ་བར་བསྡུ་བའོ། །དེ་ལྟར་གྱི་མཚན་ཉིད་དང་། ཁྱད་པར་རབ་ཏུ་བྱུང་བ་ཉིད་གཅེས་ཏེ། དུས་འཁོར་ལས། དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང་། །གསུམ་ལས་དགེ་སློང་མཆོག་ཡིན་འབྲིང་། །དགེ་ཚུལ་ཞེས་བྱ་དེ་ཉིད་ལས། །ཁྱིམ་ན་གནས་པ་ཐ་མའོ། །ཞེས་དང་། ས་ཐོབ་མ་གཏོགས་ཁྱིམ་པ་ནི། །རྒྱལ་པོའི་བླ་མར་མི་བྱ་སྟེ། །ཞེས་སོགས་ཀྱིས་བསྟན་པ་ལྟར་རོ། །དེ་ཡང་དང་པོ་དུས་གྲངས་རྟགས་བསྙེན་མཐར་ཕྱིན་བསྙེན་པ། རྗེས་ནས་ཁ་གསོ་བ་ཉེ་བསྙེན། དཀྱིལ་འཁོར་བཞེངས་ནས་སྒྲུབ་ཅིང་མཆོད་པ་སྒྲུབ་པ། དེ་ལ་བརྟེན་ནས་ལས་གང་ཡིན་བསྒྲུབ་པ་སྒྲུབ་ཆེན་དུ་འཇོག་ལ། གསར་ལུགས་དག་རང་ལྷར་བསྐྱེད་པ་བསྙེན་པ། གནས་གསུམ་བྱིན་རླབས་ཉེ་བསྙེན། ཡེ་ཤེས་པ་དགུག་གཞུག་སྒྲུབ་པ། དབང་བསྐུར་རྒྱས་གདབ་སྒྲུབ་ཆེན་སོགས་སུ་ངོས་འཛིན་པར་མཛད། དེ་ཡང་སྡོམ་པ་ཀུན་གྱི་རྟེན་སོ་སོར་ཐར་པ་རིགས་བརྒྱད་ཀྱི་སྟེང་། བྱང་ཆུབ་སེམས་དཔའི་སྡོམ་པ་སྲོལ་གཉིས་གང་རུང་དང་། ཁྱད་པར་གསང་བ་སྔགས་ཀྱི་དམ་ཚིག་རྩ་བའི་ལྟུང་བ་བཅུ་བཞི་དང་།
ཡན་ལག་དམ་ཚིག་བརྒྱད་ལ་སོགས་པ་ནི་ཤིན་ཏུ་གཅེས་ཏེ། སྡོམ་འབྱུང་ལས། ཅི་སྟེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་གཏོང་ཀྱང་སླ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །ཞེས་སོ། །དེ་ཡང་རྩ་ལྟུང་ནི། གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས། སློབ་དཔོན་ངེས་པར་མི་སྨད་ཅིང་། །བདེ་གཤེགས་བཀའ་ལ་འདའ་མི་བྱ། །དེ་བཞིན་ཁྲོ་བས་སྤུན་ལ་ནི། །སྐྱོན་ཉིད་རབ་ཏུ་བསྒྲགས་མི་བྱ། །སེམས་ཅན་ཀུན་ལ་བྱམས་པའི་སེམས། །ནམ་ཡང་ཤོར་བར་མི་བྱའོ། །བྱང་སེམས་སྤང་བར་མི་བྱ་ཞིང་། །རང་གཞན་ཆོས་ལ་སྨད་མི་བྱ། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་རབ་ཏུ་བསྒྲགས་མི་བྱ། །བདག་ཉིད་ཕུང་པོ་རྣམས་མི་སྨད། །བཅོམ་ལྡན་ཆོས་རྣམས་སུན་མི་དབྱུང་། །གདུག་པའི་བྱམས་པ་རྟགས་སྤངས་ཤིང་། །ཆོས་ལ་མཚན་ཉིད་མི་བྱའོ། །དད་པའི་སེམས་ཅན་བསླུ་མི་བྱ། །དམ་ཚིག་རྣམས་ནི་རྟག་ཏུ་བསྟེན། །ཤེས་རབ་རང་བཞིན་བུད་མེད་ལ། །སུན་འབྱིན་ལས་དང་སྐྱོན་ཉིད་དོ། །ཞེས་དང་། དུས་འཁོར་དབང་ལེར། དཔལ་ལྡན་བླ་མའི་སེམས་དཀྲུགས་པས་ནི་བུ་རྣམས་རྩ་བའི་ ལྟུང་བ་རི་བོང་འཛིན་པར་འགྱུར། །གྲུབ་མཐའ་ལ་སྨོད་དྲུག་པར་འགྱུར་ཏེ་མ་སྨིན་སེམས་ཅན་གསང་བ་སྟེར་བ་རི། །ལུས་ཉོན་མོངས་པ་ཀླུ་སྟེ་དག་པའི་ཆོས་ལ་མ་དད་པ་ཡང་དགུ་པའོ། །སྒྱུ་ཡི་བྱམས་པ་མིང་
སོགས་དང་བྲལ་བདེ་བ་སྟེར་ལ་རྟོག་པ་ཕྱོགས་དང་གྲགས་པའོ། །དད་པའི་སེམས་ཅན་སྐྱོན་གྱི་ཉི་མ་ཡིན་ཏེ་དམ་ཚིག་ཐོབ་གཏོང་བས་ནི་གཞན་དུ་འགྱུར། །བུད་མེད་ཀུན་ལ་ངེས་པར་བརྡུང་བ་ཤེད་བུར་ཀྵ འགྱུར་ངེས་རྡོ་རྗེའི་ཐེག་ལ་གནས་རྣམས་ལའོ། །ཞེས་དང་། གཞན་ཡང་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དང་། དགྲ་ནག་སོགས་ལས་དེ་མཚུངས་བསྟན་ཅིང་། ཡོངས་སུ་གྲགས་པ་སློབ་དཔོན་བྷ་ལི་པས། གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུང་། །དེ་བས་དེ་ལ་བརྙེས་པ་ནི། །རྩ་བའི་ལྟུང་བ་དང་པོའོ། །བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་གསུངས། ། རྡོ་རྗེ་སྤུན་ལ་ཁྲོས་པ་ནི། །ཉེས་པ་བྱེད་པ་གསུམ་པ་ཡིན། །སེམས་ཅན་རྣམས་ལ་བྱམས་པ་སྤང་། །བཞི་པ་ཡིན་པར་རྒྱལ་བས་གསུངས། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་ཡིན། །རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨད་པ་དྲུག་པ་ཡིན། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོག་པ་བདུན་པ་ཡིན། །ཕུང་པོ་ལྔ་བདག་སངས་རྒྱས་ཉིད། །བརྙས་པར་བྱེད་པ་བརྒྱད་པ་ཡིན། ། རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་བ་ཡིན། །མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེར་རྟོག་པ་ནི་བཅུ་གཅིག་པ། །སེམས་ཅན་དད་དང་ལྡན་པ་ཡི། །སེམས་སུན་འབྱིན་པ་བཅུ་
གཉིས་པ། །དམ་ཚིག་རྫས་ལ་དེ་བཞིན་རྙེད། །མི་བསྟེན་པ་ནི་བཅུ་གསུམ་པ། །ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །ཞེས་སོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལེའུ་བཅུ་གཉིས་པ་ལས་ཀྱང་། ཐུན་མོང་མ་ཡིན་ཕས་ཕམ་པ། །བཅུ་བཞིར་གྲགས་པ་གང་འདི་ནི། །སྔགས་པས་དོན་ཀུན་འགྲུབ་བྱེད་པ། །སྤངས་ཤིང་དོར་བར་མི་བྱེད་དོ། །སློབ་དཔོན་སྙིང་ནས་སྨོད་པ་དང་། །བདེ་གཤེགས་བཀའ་ལས་འདའ་བྱེད་དང་། །ཞེ་སྡང་གིས་ནི་མཆེད་སུན་འབྱིན། །བྱང་ཆུབ་ཆེན་པོ་འདོར་བ་དང་། །བདག་གཞན་གྲུབ་པའི་མཐའ་སྨོད་བྱེད། །སྣོད་མི་རུང་ལ་གསང་བ་བསྟན། །རྒྱལ་བའི་བདག་ཉིད་ཕུང་པོར་སྨོད། །དགའ་བའི་ཆོས་ལ་སོམ་ཉི་བྱེད། །སུམ་ལྡན་ཁྲོ་ལ་བྱམས་ལྡན་ཏེ། །སྟོང་པ་ཐལ་བྱུང་ལ་རྟོག་པ། །དད་ལྡན་སེམས་ནི་སུན་འབྱིན་བྱེད། །དམ་ཚིག་དད་ལྡན་གཙོ་མི་འི བྱེད། །ཤེས་རབ་བུད་མེད་སྨོད་པར་བྱེད། །སྔགས་པས་དེ་དག་ཡོངས་སྤངས་ན། །ངེས་པར་དངོས་གྲུབ་ཐོབ་པར་བྱེད། །ཅེས་དང་། བཤད་རྒྱུད་རྡོ་རྗེ་རྩེ་མོར། དེ་ལས་གཞན་པ་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བཤད། །སྤངས་ཤིང་དོར་བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཞེས་སོ། །གཞན་ཡང་གུར་ལས། སློབ་དཔོན་སྨད་པར་མི་བྱ་སྟེ། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །
ཀུན་ལ་སྨད་པ་ཉིད་མི་བྱ། །སེམས་ཅན་རྣམས་ལ་གདུག་བྱམས་དང་། །སྐལ་མེད་དེ་ཉིད་གཏམ་མི་བྱ། །སྐལ་ལྡན་སེམས་ཅན་སྨད་མི་བྱ། །བདག་གི་ལུས་ལ་དེས་མི་སྨད། །ཆོས་ཉིད་ཚད་ནི་བཟུང་མི་བྱ། །གཞན་གྱི་ཆོས་ལ་སྨད་མི་བྱ། །བུད་མེད་ཉིད་ལའང་སྨོད་མི་བྱ། །ཞེས་རྩ་ལྟུང་བཅུ་དང་། གལྕོ་ལས། རྡོ་རྗེ་སློབ་དཔོན་གཙོ་བོ་པ། །རྡོ་རྗེ་མཆེད་དང་ལྕམ་རྣམས་ལ། །ལུས་དང་སྲོག་ལ་བབ་གྱུར་ཀྱང་། །ཞེ་སྡང་མནར་སེམས་མི་བསྐྱེད་དོ། །འདི་ནི་སྐུ་ཡི་དམ་ཚིག་ཡིན། །ལུང་དང་ལྡན་པའི་སློབ་དཔོན་གྱིས། །སྣོད་དང་ལྡན་པའི་སློབ་མ་ལ། །ཡི་དམ་ལྷ་ཡི་སྔགས་ཕོག་པས། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །འདི་ནི་གསུང་གི་དམ་ཚིག་གོ །བསྐྱེད་དང་རྫོགས་པའི་མན་ངག་ནི། །གནས་པ་རྩ་ཡི་དཀྱིལ་འཁོར་དང་། །གྲུབ་པ་སྔགས་ཀྱི་ཡི་གེ་དང་། །རྟེན་པ་ཁམས་ཀྱི་བདུད་རྩི་དང་། །སྙིང་པོ་རླུང་གི་མན་ངག་རྣམས། །འདི་ནི་ཐུགས་ཀྱི་དམ་ཚིག་སྟེ། །དམ་ཚིག་གསུམ་པོ་མ་འདས་ན། །རྡོ་རྗེ་སེམས་དཔའ་སྙིང་གནས་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ནི། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་སོ།། མཐར་ཐུག་སྲུང་མཚམས་ལས་འདས་པ་ནི་འཁོར་བ་ལས་གྲོལ་བའི་གང་ཟག་གི་སྤྱོད་བྱ་སྟེ། ས་པཎ་གྱིས། །དབང་དང་དམ་ཚིག་སོགས་མི་དགོས། །ཕྱག་རྒྱ་མཆོད་པ་ཀུན་ལས་གྲོལ། །བསམ་གཏན་བསྒོམ་
པ་ཀུན་སྤངས་ཏེ། །ལམ་ཀུན་གཟིངས་བཞིན་དོར་བྱ་ཞེས། །གསུངས་པ་འཁོར་བའི་རྒྱ་མཚོ་ལས། །བརྒལ་བའི་གང་ཟག་རྣམས་ལ་གསུངས། །ཞེས་སོ། །གསང་འདུས་ལས། བསྙེན་པའི་ཆོ་ག་དང་པོ་སྟེ། །ཉེ་བར་བསྒྲུབ་པ་གཉིས་པ་ཡིན། །སྒྲུབ་པ་ཡང་ནི་གསུམ་པ་སྟེ། །སྒྲུབ་པ་ཆེན་པོ་བཞི་པའོ། །ཞེས་སོ། །དེ་ཡང་ཡེ་ཤེས་ཀྱི་སྒོམ་པ་ནས་འོད་གསལ་དུ་སྡུད་པའི་བར་བསྙེན་པ། དེ་ལས་ལུས་དཀྱིལ་དུ་ལྡང་བ་ཉེར་སྒྲུབ། སྒོ་གསུམ་བརླབས་ནས་རིགས་བདག་གི་རྒྱས་གདབ་པ་སྒྲུབ་པ། དཀྱིལ་འཁོར་རྒྱལ་མཆོག་མན་སྒྲུབ་ཆེན་གྱི་ཡན་ལག་ཏུ་འཇོག་སྟེ་བཞིའོ། །དུས་ཀྱི་འཁོར་ལོར་རྒྱལ་འ མཆོག་དང་པོ་སྐུ་རྡོ་རྗེ་བསྙེན་པའི་ཡན་ལག་སྤྲུལ་སྐུ་སྒྲུབ་བྱེད་རྫོགས་རིམ་སོར་བསམ་གྱི་སྨིན་བྱེད་ལུས་ཀྱི་དྲི་མ་རགས་པ་སྦྱང་བའི་ལམ། གསུང་རྡོ་རྗེ་རྒྱལ་མཆོག་ཉེར་སྒྲུབ་ཀྱི་ཡན་ལག་རྒྱལ་མཆོག་རྣམ་པ་ཉི་ཤུའི་བྱང་ཆུབ་པ་ལོངས་སྐུ་སྒྲུབ་པའི་རྫོགས་རིམ་སྲོག་འཛིན་གྱི་སྨིན་བྱེད་ངག་གི་དྲི་མ་རགས་པ་སྦྱང་བའི་ལམ། བསྐྱེད་རིམ་རྣལ་འབྱོར་གསུམ་པ་ཐུགས་རྡོ་རྗེ་སྒྲུབ་པའི་ཡན་ལག་རྫོགས་པ་ཐིག་ལེའི་རྣལ་ འབྱོར་ཡིད་ཀྱི་དྲི་མ་རགས་པ་སྦྱང་བའི་ལམ། ཡེ་ཤེས་རྡོ་རྗེ་སྒྲུབ་ཆེན་གྱི་ཡན་ལག་མས་བརྟན་གྱི་མཐར་ཐུག་འགྱུར་བདེ་སྤང་པའི་ལྷན་སྐྱེས་ཀྱི་སྨིན་བྱེད་རྡོ་རྗེ་བཞིའི་ཐིག་ལེ་འཁོར་ལོ་བཞིར་འབྲས་བུའི་ཚུལ་དུ་བརྒྱ་གྱ་བརྒྱད་
ཕྱག་རྒྱ་དང་བཅས་གོམས་པ་སྟེ། སྒོ་གསུམ་ཡེ་ཤེས་དང་བཅས་པའི་དྲི་མ་རགས་པ་སྦྱོང་ཞིང་། རྫོགས་རིམ་དྲུག་གིས་སྐུ་གསུམ་ཡོངས་སུ་སྒྲུབ་པའི་སྨིན་བྱེད་དུ་འགྲོ་བས་བསྐྱེད་རིམ་དངོས་གཞི་ལ་བསྙེན་སྒྲུབ་བཞིའི་རྣམ་པར་བཞག་པ་སྟེ། དབང་བདུན་བུམ་པའི། ལམ་མཆོག་ས་བདུན་སྤངས་རྟོགས་བསྒྲུབ། །སྔགས་ཀྱི་ཚོགས་ལམ་ཆུང་ངུ་རྟག་སྒོམ་ལམ། །རྫོགས་རིམ་སྨིན་བྱེད་སྒོ་གསུམ་ལམ་གྱིས་སྦྱོང་། །བསྙེན་སྒྲུབ་བཞི་ལྡན་བསྐྱེད་རིམ་མཐར་ཕྱིན་ཤོག །ཅེས་སོ། །སྔ་འགྱུར་ལ། རིམ་གསུམ་ལས། ཡིད་འོང་གནས་སུ་འདུག་ནས་ནི། །བསྙེན་པ་རྣམ་གཉིས་མཐར་ཕྱིན་བྱ། །ཞེས་པ་ལྟར་སྤྱིར་བསྙེན་སྒྲུབ་ལ་དོན་དང་། ཡན་ལག་གི་རྣམ་གྲངས་གཉིས་སུ་ངེས་པ་ལས། དང་པོ་དོན་གྱི་རྣམ་གྲངས་ལའང་ལམ་དང་། སྦྱོར་བ་དང་། སྒྲུབ་པའི་དུས་ཀྱི་དབང་དུ་བྱས་པ་གསུམ་གྱི་དང་པོ་ནི། ཚོགས་ལམ་གྱི་རྣལ་འབྱོར་དང་པོ་གཉིས་བསྙེན་པ། ཕྱི་མ་གཉིས་ཉེ་བསྙེན། སྦྱོར་ལམ་སྒྲུབ་པ། དེ་འབྲས་ཟག་མེད་ཀྱི་ལམ་ལ་སྦྱོར་བ་སྒྲུབ་ཆེན་དུ་བཞག་སྟེ། སངས་རྒྱས་གསང་བས། བྱང་ཆུབ་སེམས་རྟོག་འགྲུས་པ་ནི། །བསྙེན་པ་དམ་པ་ཡིན་པའི་ཕྱིར། །སེམས་ཆས་སྙིང་རྗེ་མན་ཆད་དོ། །ཕྱག་རྒྱ་གསལ་བ་ཉེ་བསྙེན་པ། །དེ་ཕྱིར་གཅིག་དང་སྤྲོས་པའོ། །སྒྲུབ་པ་ཉིད་ནི་བར་ཆད་མེད། །དུས་ཀྱི་ཚོགས་མཐས་སྒྲུབ་ཆེན་
ལེན། །ཞེས་སོ། །གཉིས་པ་ནི། རིག་མ་ཆས་སུ་འཇུག་པ། བྱིན་གྱིས་བརླབ་པ། རོལ་མོ་དབབ་བཟུང་དང་། ལྡོག་དགྲམ་དགོངས་པ་རྣམས་ལ་བསྙེན་སྒྲུབ་ཡན་ལག་བཞིར་བཞག་པ་དང་། །གསུམ་པ་ནི། དཀྱིལ་འཁོར་བཤམ་བཀོད་བསྙེན་པ། དུས་ཀྱི་ཕྱེད་ཡར་བཅད་ཉེ་བསྙེན། ལྷག་མ་ཞག་གཅིག་གིས་མ་ཚང་བ་སྒྲུབ་པ། ནུབ་ཐ་མ་ལ་དངོས་གྲུབ་ལེན་པ་སྒྲུབ་ཆེན་ཏེ། མདོ་ཡི་སྒྲུབ་བྱང་ལས། རིམ་པ་ཤམ་དང་འབྲེལ་བའི་ཕྱིར། །བསྙེན་པ་ཞེས་སུ་བརྗོད་པ་ཡིན། །གསང་སྒོར་ཞུགས་ནས་བྱིན་ལྡན་པ། །ཉེ་པའི་བསྙེན་པ་ཞེས་སུ་བརྗོད། །གང་ཡང་བར་ཆད་མི་གཡེལ་བར། །དམ་པའི་གཞུང་གཉིས་འཛིན་པ་ནི། །སྒྲུབ་པ་ཞེས་སུ་བརྗོད་པ་ཡིན། །རྣལ་འབྱོར་དྲོད་ཀྱི་རྩལ་འཆང་བ། །སྒྲུབ་པ་ཆེན་པོར་དེ་བརྗོད་དོ། །ཞེས་སོ། །ཡན་ལག་གི་རྣམ་གྲངས་ལ་གསུམ། གང་ཟག་གཅིག་སེམས་བསྐྱེད་ནས་སངས་རྒྱས་ཀྱི་བར་དང་། ཆོ་ག་གཅིག་དང་། སྒྲུབ་ཁོངས་གཅིག་ལ་ལྟོས་ནས་བསྙེན་སྒྲུབ་ཡན་ལག་བཞིར་བཞག་པའི་དང་པོ་ནི། བཀའ་བརྒྱད་མ་ཧཱ་ཡོ་གའི་ལྷ་ཁྲིད་ལས། ཟླ་དྲུག་བཅུ་གཉིས་བཅུ་དྲུག་གིས༔ དབང་བསྒྱུར་རིགས་ཀྱི་དམ་པ་ཐོབ༔ ཅེས་བསྙེན་པ་སྦྱོར་བའི་ལམ་དྲོད་སོགས་བཞིས་ལམ་སྦྱངས་ཏེ་རྣམ་སྨིན་རིག་འཛིན་ལ་སྦྱོར་བ་དང་། འཁོར་འདས་བསྙེན་པ་རྫོགས་པ་དང་༔ བསྙེན་པའི་
དུས་བཞིན་བརྩོན་པས་འབད༔ ཅེས་ཡེ་ཤེས་ཀྱི་ལུས་སུ་གྲུབ་པ་སྐྱེ་འཆི་མེད་པའི་སྐུ་ཐོབ་སྟེ་མངོན་ཤེས་ལྔ་དང་ཆོ་འཕྲུལ་བཞི་མངོན་དུ་བྱས་ནས་ཕྱིར་མི་ལྡོག་ཐོབ་ཅིང་སྤྲུལ་སྐུར་ཆོས་ཉན་པ་ཉེ་བསྙེན། མཐོང་ཊྛ པའི་ལམ་དུ་ཚེ་དབང་རིག་འཛིན་ལ་སྦྱོར་བ་དང་། བསྒྲུབས་པས་སྒོམ་པའི་ལམ་ལ་དབང་༔ ལྷ་ཀླུ་འཇའ་ཚོན་ཕྱག་རྒྱ་ཆེ༔ ཞེས་མཉམ་གཞག་ལས་མ་གཡོས་བཞིན་ཆོ་འཕྲུལ་དུ་མ་བཀྱེ་ནས་ལོངས་སྐུ་ལ་ཆོས་ ཉན་པ་བསྒྲུབ་པ་སྒོམ་པའི་ལམ་དུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱོར་བ་དང་། མཚན་མ་བརྟན་པོ་བྱུང་བ་ན༔ སྒྲུབ་པ་ཆེན་པོ་བརྩམ་པར་བྱ༔ ཞེས་པ་སངས་རྒྱས་དང་ཡོན་ཏན་ཕལ་ཆེར་མཉམ་པ་རྒྱལ་ཚབ་རྒྱུད་ཀྱི་སྟོན་པ་བྱེད་ཅིང་ཆོས་སྐུའི་ཞལ་མཇལ། བྱིན་རླབས་ཀྱི་ཆོས་ཉན། ཤེས་བྱའི་སྒྲིབ་པ་ཕྲ་མོ་སྦྱང་བ། སྐུ་གསུམ་པ་ལ་གོམས་པར་བྱ༔ ཞེས་སྒྲུབ་ཆེན་མཐར་ཕྱིན་པའི་ལམ་དུ་ལྷུན་གྲུབ་རིག་འཛིན་ལ་སྦྱོར་བའོ། །གཉིས་པ་སྐྱབས་འགྲོ་སེམས་བསྐྱེད་གཉིས་བསྙེན་པ། ཚོགས་བསགས་ཉེ་བསྙེན། རང་དམ་ཚིག་བསྐྱེད་ནས་བཟླས་པའི་བར་སྒྲུབ་པ། ཆོ་ག་ལྷག་མ་རྣམས་སྒྲུབ་ཆེན། གསུམ་པ་སྒྲུབ་པའི་ཡོ་བྱད་གསོག་པ་ནས། ཕྱི་མཚམས་རྒྱལ་ཐོ་སོགས་ནས་བཟུང་མཆོད་པ་བརླབ་པའི་བར་བསྙེན་པ། ཏིང་འཛིན་རྣམ་གསུམ་ནས་བཟླས་པའི་བར་སྒྲུབ་པ། བཟླས་པར་ཞུགས་ནས་དངོས་གྲུབ་ལེན་རན་ཡན་སྒྲུབ་ཆེན།
དེ་ནས་བཟུང་དངོས་གྲུབ་ལེན་པ་དང་དབང་བསྐུར་བ་སོགས་ལས་ལ་སྦྱོར་བ་སྟེ་སྒྲུབ་ཆེན་དུ་བཤད་པ་དག་གོ །དེ་དག་གི་སྤྱི་དོན། འདོད་པའི་དངོས་གྲུབ་ལ་ཉེ་བ་སྟེ་རྟགས་ཐོན་པ་ཡན་ཆད་བསྙེན་པ། དེ་བརྟན་པར་བྱ་བ་ཉེ་བསྙེན། འདོད་པའི་དངོས་གྲུབ་སྒྲུབ་པའི་སྦྱོར་བ་ནི་སྒྲུབ་པ་སྟེ་མ་གྲུབ་ན་སྤོགས་ཆོག་བཅས། གྲུབ་ནས་དངོས་གྲུབ་ལེན་པ་སྒྲུབ་ཆེན་དུ་བཤད་པ་ཉིད་དུ་རིག་པར་བྱའོ། །གཞན་ཡང་བསྙེན་པ་ལ་སྔོན་དུ་བྱ་བའི་བསྙེན་པ་དང་། བྱ་བ་ལས་ཀྱི་བསྙེན་པ་གཉིས། དང་པོ་ལ་ཡང་རྩ་བསྙེན་དང་ཉེ་བསྙེན་གཉིས། དང་པོ་རྩ་བསྙེན་ནམ་གཞི་ཡི་བསྙེན་པ་ལ་ཡང་ངེས་རྫོགས་ཏེ་མཆོག་གི་དངོས་གྲུབ་དོན་དུ་གཉེར་པས་མཚན་མ་བརྙེས་ཀྱི་བར་དང་། མོས་བསྒོམ་སྟེ་ཐུན་མོང་གི་ལས་སྦྱོར་བསྒྲུབ་ཏུ་རུང་ཕྱིར་དུས་གྲངས་ཀྱི་བསྙེན་པ་གང་རུང་བཟླ་བའོ། །དཀྱིལ་འཁོར་དངོས་གྱི་སྒྲུབ་པ་ཆེན་པོ་ལ་འཇུག་ཚེ། ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་བ། སྟ་གོན་རྣམ་པ་ལྔ་སྔོན་དུ་འགྲོ་སྟེ། དང་པོ་ནི། སྟོན་པ་གནས་འཁོར་དུས་དང་ཡོ་བྱད་དེ་ལྔའོ། །གཉིས་པ་ནི། ས། ལྷ། སློབ་དཔོན། དབང་རྫས། སློབ་མ་ལྔ། སྔ་མ་ནི་ཕུན་སུམ་ཚོགས་པ་གོང་དུ་གནས་དང་སློབ་དཔོན་སོགས་ཀྱི་མཚན་ཉིད་བསྟན་པ་ལྟར་རྟོགས་པར་བྱ་ཞིང་། ས་ལ་ཡང་བརྟག་པ། སྣང་མི་སྣང་ལ་བསླང་བ། རྫས་དང་། སྔགས་དང་།
ཏིང་ངེ་འཛིན་གྱིས་སྦྱང་བ། ས་ལྷ་དབང་དུ་གསོལ་བ་དང་། སྟངས་སྟབས་ཀྱི་གར་གྱིས་བཟུང་བ་སྟེ་སྤྱི་དོན་བཞིའོ། །དེ་ལ་ཕྱག་རྒྱ་གར་གྱི་རིམ་པ་ནི། གསང་འདུས་རྒྱུད་ཆེན་ལས། རྒྱུད་ལུང་མན་ངག་ཀུན་ནས་གསུངས་པ་ཡི༔ དཔལ་གྱི་ཕྱག་རྒྱ་གར་གྱི་འཆམས་འདི་ལ༔ ངོ་བོ་ངེས་ཚིག་དབྱེ་བ་དགོས་ཆེད་དང་༔ དཔེ་ལུང་ལག་ལེན་འབྲས་བུ་བརྒྱད་ཀྱིས་བསྟན༔ ཅེས་པ་ལྟར། ངོ་བོ་རིག་རྩལ་ལྷ་སྐུ། ངེས་ ཚིག་ལྷའི་ཞལ་ཕྱག་དང་མཐུན་པར་ཕྱག་རྒྱ་སོ་སོར་བསྒྱུར་བ། དབྱེ་བ་ཕྱི་སྟངས་སྟབས། ནང་དབལ་ཆས། གསང་བ་གནས་ལུགས་ཀྱི་གདེངས་དང་ལྡན་པ། དགོས་པ་སྦྱང་གཞི་སྒོ་གསུམ། སྦྱང་བྱ་ལུས་ངག་ཡིད་གསུམ་གྱི་དྲི་མ། སྦྱོང་བྱེད་ཕྱག་རྒྱ་གར། གྱེར་ཚིག་སྔགས། འཕྲོ་འདུ་ཏིང་འཛིན་གསུམ། སྦྱངས་འབྲས་སྐུ་གསུམ་མོ། །དཔེ་བཅའ་བ་གཙོ་འཆམས་རྒྱལ་པོ་གདན་ལ་འགྱིང་པ་ལྟ་བུར་དལ་ཞིང་འགྱིང་བག་ཆེ་བ། བསྒྱུར་བ་འཁོར་འཆམས་འབངས་ཀྱི་རོལ་རྩེད་འབུལ་བ་ལྟར་བདེ་ཞིང་འཁྱུགས་པ། སྒྲོལ་བ་ཕོ་ཉའི་འཆམས་དམག་མི་གཡུལ་དུ་ཞུགས་པ་ལྟར་དྲག་ལ་སྡུད་པའོ། །ལུང་ཁུངས། དཔལ་ཆེན་གསང་འདུས་རྒྱུད་ལས། བྲོ་ནི་འབར་བའི་ཕྱག་རྒྱ་སྟེ༔ རྒྱལ་བ་ཀུན་དང་མཉམ་པར་སྦྱོར༔ གར་ནི་ཁྱབ་གདལ་ཆེན་པོའི་གར༔ ཕྱོགས་བཅུའི་འཇིག་རྟེན་ཁྱབ་པར་བྱེད༔ ཕྱག་རྒྱ་སྣ་ཚོགས་ལུ་གུ་རྒྱུད
དུས་གསུམ་རྒྱལ་བ་ཞི་ཁྲོ་བསྐུལ༔ གླུ་བྲོ་གར་གྱི་ཐུགས་དམ་སྟེ༔ རྒྱུན་ཆད་མེད་པར་བསྟན་པར་བྱ༔ ཞེས་དང་། མཚན་བརྗོད་ལས། ནམ་མཁའ་ཁྱབ་པར་གར་བྱེད་པ། །ས་ཡི་དཀྱིལ་འཁོར་གཞི་ཡི་ཁྱོན། །རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །ཞེས་དང་། རྔམས་གློག་ལས། ཕྱག་རྒྱ་བཅང་དང་སྟངས་ཚུལ་རྣམས། །བཅིངས་ཤིང་མཁའ་ལ་རབ་བཀྲོལ་ན། །སྲིད་པ་ཀུན་ལས་རྣམ་གྲོལ་ཞིང་། །སངས་རྒྱས་ཉིད་ཀྱང་ཐོབ་གྱུར་ན། །དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། །ཞེས་དང་། དགོངས་འདུས་ལས། དངོས་པོས་དངོས་པོ་འགྲོལ་བ་དང་། །དུག་གིས་དུག་ནི་སེལ་བ་བཞིན། །ཐབས་མཆོག་དཔག་གིས་མི་ལང་ཡང་། །མཛད་པ་གར་གྱི་ཕྱག་རྒྱར་བརྗོད། །ཅེས་དང་། ཆོས་སྤྱོད་མངོན་རྟོགས་རྒྱུད་ལས། བླ་མ་ལ་དབྱངས་ཡན་ལག་མཉེན། །མ་ནོར་དོན་དང་རྗེས་སུ་མཐུན། །རྒྱུད་མང་ཐོབ་དང་ཕྱིར་མི་ལྡོག །སྔགས་དང་ཕྱག་རྒྱ་ངེས་མཉམ་བྱེད། །དེ་བདུན་ལྡན་པའི་གང་ཟག་ལ། །ཕྱག་རྒྱ་མཁན་ཞེས་ངས་བཤད་དོ། །ཞེས་སོ། །ལག་ལེན་དངོས་བསྟན་ནི། གསར་མ་ལ་རྡོ་རྗེ་གུར་དང་། ཡོ་ག་སོགས་ཀྱི་གར། ཀུན་མཁྱེན་བུ་དང་། རྡོ་རྗེ་གདན་པ་སོགས་ཀྱིས་བཀྲལ་ལ། རྙིང་མར་སློབ་དཔོན་ཆེན་པོས་བསམ་ཡས་ས་
འདུལ་དུས་འདི་ཉིད་ཕྱག་ཏུ་བསྟར་བ་སོགས་ཀྱི་རྒྱུན་རྣམ་དག་ལ་བསྙེན་དགོས་ཤིང་། དེ་ཡང་སྔ་འགྱུར་གྱི་ལུགས་སུ། ཁྲག་འཐུང་གི་འཆམས་ཞེས། ལག་སྟབས་གཙོ་ཆེ་གར། རྐང་སྟབས་གཙོར་འདོན་འཆམས། གཉིས་ཀ་སྟོན་པ་སྟངས་སྟབས་སུ་བཞེད་ཅིང་། དེ་ཡང་ལྟད་མོ་དང་རོལ་རྩེད་ལྟ་བུ་མ་ཡིན་པར། ཁྱུང་ཆེན་མཁའ་ལ་ལྡིང་བ་ལྟར་ཕོད་ཀའི་ཐང་ཤ་བཅད། སེང་གེ་གཡུ་རལ་སྤྲུགས་པ་ལྟར་མེ་རལ་གྱི་འཁྲིལ་གཞིག །རྒྱ་སྟག་ནགས་ཚལ་དུ་འགྱིང་བ་ལྟར་ལས་ཀྱི་འཛུམ་བསྟན། ལུས་སྟོད་ལ་སེང་ཆགས། རྐེད་པར་འཁྲིལ་ཆགས། སྒྱིང་པར་ལྡེམ་ཆགས། ཚིག་བཞིར་འཕྲུལ་ཆགས། རྐང་མགོར་བདེ་ཆགས། བཞག་ཤར་ལྷོད་ཆགས། རྣམ་འགྱུར་ལ་བདེ་ཆགས། འགྱུར་ལ་མེར་ཆགས། སྤྱོད་པ་དལ་ལ་དོད། ཕྱག་རྒྱ་གཡས་སུ་འཕྱང་ཞིང་འགྲོ་ན་གཡོན་དུ་བལྟ། གཡོན་དེ་ལས་ལྡོག །དབུས་ཐད་ཀར་བལྟ་ཞིང་འགྱུར་བས་མཚོན། ངག་སྔགས་བཟླས་རྒྱུན་མ་ཆད་པ། ཡིད་ལྷའི་ང་རྒྱལ་མི་འདའ་བའི་བརྟུལ་ཞུགས་ཀྱི་སྤྱོད་པ་སྟེ། རྒྱུན་ལྡན་ལག་ཁྲིད་དང་། ཁུངས་ལྡན་གྱི་ཡིག་ཆ་ལ་བརྟེན་ནས་ཤེས་དགོས་སོ། །གཉིས་པ་ལྷ་སྟ་གོན་ལ། ཕྱི་མཚམས་རྒྱལ་ཐོ། བར་མཚམས་དམ་སྲི་མནན་ཅིང་སྒོ་བྱང་གདགས་པ། གསང་མཚམས་མ་ཏྲི་བསྒྲལ་པ། ཁྱད་པར་གྱི་མཚམས་བཅད་པ། དཀྱིལ་འཁོར་བཞེངས་ཤིང་བསྙེན་
པ་བྱ་བ་དང་བཞི་སྟེ། དེ་ཡང་མ་ཏྲ་བསྒྲལ་བར་དོན་དྲུག་གིས་བསྟན་པར་རིག་སྟེ་གནས། ངོ་བོ་སྔོན་བྱུང་། རྗེས་འཇུག །བྱིན་རླབས། དགོས་ཆེད་དོ། །དང་པོ་ནི། དུར་ཁྲོད་ལ་གནས་བྱེད་པས། རྟོག་པ་ལྷའི་དུར་ཁྲོད་དབྱིངས་ཡེ་ཤེས། ཀུན་འབྱུང་སེམས་ཀྱི་དུར་ཁྲོད་རྣམ་ཤེས་ཚོགས་བརྒྱད། སྒྲུབ་པ་གནས་ཀྱི་དུར་ཁྲོད་མ་ཏྲ་ཁོག་པ་གནས་བརྒྱད། འཁྲུལ་སྣང་འགྲོ་བའི་དུར་ཁྲོད་མ་རྟོག་གཉིས་སུ་གླུ འཛིན་པའོ། །ངོ་བོ་ནི། མ་ཏྲ་ཀ་རུ་ཏྲ་ཆོས་ཀྱི་བདག་ལུས་ཀྱི་ངར་འཛིན་བཟུང་བ། ཨ་ཀཆ་རུ་ཏྲ་རྒྱུ་འབྲས་ཆད་པར་སྨྲ་བ་ངག་གི་ངར་འཛིན། ཁ་ཊཾ་ཀ་རུ་ཏྲ་གང་ཟག་གི་བདག་ཡིད་ཀྱི་ངར་འཛིན་ནོ། །སྔོན་བྱུང་ དཔལ་ཆེན་པོའི་མ་ཏྲཾ་རུ་ཏྲ་ཁ་ཧཱུྃ་གིས་བསྣུན་པས་གན་རྒྱལ་དུ་བསྒྲལ་ཞིང་ལས་ཉོན་སྦྱངས། ཕུང་པོ་འཛམ་གླིང་དུ་བསྒྱུར་བས་གནས་ཡུལ་དུར་ཁྲོད་དུ་ཆགས་པའི་ལོ་རྒྱུས་ལྟར། རྗེས་འཇུག་གིས་རུ་ཏྲ་རྣམ་ གསུམ་གཟུང་འཛིན་ལས་འདས་བདག་མེད་བདེ་བ་ཆེན་པོ་རྟོགས་པས་དོན་ཆོས་ཉིད་ཀྱིས་འདུལ་བ་དང་། བམ་གཟུགས་བསྐྱེད་པ། དགུག་པ། བསྒྲལ་བ། མགོ་བོ་ལྷོ་ནུབ་དང་། རྐང་པ་བྱང་ཤར་དུ་ཀླུ བཀོད་ནས་བྲོ་བརྡུང་བ་རྟོགས་ཚོགས་འདུལ་བའོ། །དེ་ནས་ཁོག་དུར་ཁྲོད་ཀྱི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་པ། ཧཱུྃ་ཧ་ཧེ་ཕཊ་ཀྱིས་སྒོ་ཕྱེ་ནས་ནང་དུ་འཇུག་པའོ། །དགོས་ཆེད་དེ་ལྟར་དུ་བརླབས་པས་རྒྱ་གོ་གཉིས་
དུར་ཁྲོད་ཀྱི་ཕོ་བྲང་ཡིན་ཕྱིར་བཀྲ་ཤིས་པ་དང་། རཱུ་ཏྲ་བསྒྲལ་བས་བགེགས་གཞན་གྱིས་བར་ཆད་མི་ནུས་པ་དང་། དཔལ་ཆེན་པོས་མཛད་པའི་རྗེས་སུ་ཞུགས་པས་དངོས་གྲུབ་རྣམ་གཉིས་ཐོབ་པར་བྱེད་དོ། ། མཚམས་གཅོད་ཕྱི་ལྟར་ན་མཚམས་ཀྱི་ཁྲོ་བཅུའི་ཕུར་པ་བཀོད་པ། གསང་བ་ལྟར་བདག་མེད་ཀྱི་རྟོག་པས་སྲུང་བའོ། །བཞི་པ་དཀྱིལ་འཁོར་བཞེངས་ཤིང་བསྙེན་པ་བྱ་བར། བཞེངས། རྒྱན་དགྲམ། ཕྲིན་ལས་གྱེར་ཞིང་འཛབ་བཟླ་བ་གསུམ། དང་པོ་ལ། སྦྱང་བ། བརླབ་པ། གདབ་པ། དང་པོ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་སོ། །གཉིས་པ་ཐིག་ཚོན་རིགས་ལྔར་བསྐྱེད་བཟླས། གསུམ་པ་ལ་གནམ་སའི་ཐིག་གདབ་པ་གཉིས་སོ། །རྒྱན་དགྲམ་པ་ནི་སྤྱི་སྒོས་མཆོད་པ་ལྷ་གྲངས་དང་མཉམ་པ་སོགས་སོ། །ཕྲིན་ལས་ཀྱི་གཞུང་བཟླས་པའི་བར་བསྲངས་ནས་ཅུང་ཟད་བཟླས་ཏེ་རྡོ་རྗེ་གཙུག་ཏོར་སྔགས་རྒྱས་ནམ་མཁར་བཏེགས། སློབ་དཔོན་སྟ་གོན་ལ་ས་བཅད་བཞི་དང་། དབང་རྫས་སྟ་གོན་ལ་བུམ་པ། བུམ་རྫས། རྫས་གཞན་གྱི་སྟ་གོན་གསུམ་མོ། །སློབ་མ་སྟ་གོན་ལ་ཁྲུས་བྱ་བ་ནི། བསྔོ་བའི་བར་ཆོས་བཅུ་དྲུག་སྟེ། དེ་དག་རིམ་གྱིས་བྱ་བས་སྟ་གོན་གྱི་ཆོ་ག་རྫོགས་ལ། གསུམ་པ་དངོས་གཞི་དཀྱིལ་འཁོར་འདྲ་འབག་གི་སྒྲུབ་པ་ལ་གསུམ། ཚོན་བཀྱེ་བ་ནི་བྱང་ཤར་ནས་བཟུང་། རྡོ་རྗེ་རྒྱལ་པོས་དང་པོར་འབྲི།
རྫས་དགོད་པ་ལ་ལྔ་སྟེ། བྷན་ཕུར་རལ་གྲི་སོགས་རྒྱལ་མཚན། ཕྱི་མཆོད་སོགས་མཆོད་པ། དབུ་རྒྱན་སོགས་དབང་རྫས། ཚེ་འབྲང་ཚེ་ཆང་སོགས་དངོས་གྲུབ་ཀྱི་རྫས། རྡོ་རྗེ་ཕུར་པ་བྷན་ཐོད་སོགས་ལྷའི་རྟེན་རྫས་ཁྱད་པར་ཅན་བཤམས་ཤིང་བྱིན་གྱིས་བརླབས་ནས་ལྷ་གནས་མ་འཆོལ་བར་འགོད་པ་སྟེ་ལྔའོ། །དེ་ལྟར་གྲུབ་ནས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྐྱེད་པ་ནི། ཆོ་ག་གསུམ་དང་། མངོན་བྱང་ལྔ་སོགས་ཀྱི་བསྐྱེད་པ་གང་ཡིན་ཡང་། རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པ་སོགས་གསུམ་གྱི་སྒོ་ནས་དབང་བསྐུར་སྤྱན་དྲངས་རྒྱས་གདབ་སོགས་ནས་བསྟོད་པའི་བར་རོ། །བཞི་པ་ སློབ་མ་འཇུག་པ་ལ་ཕྱི་ནང་གི་ཆོས་ལྔ་དང་། ལྔ་པ་དངོས་གྲུབ་སྒྲུབ་པ་ལ་འཛབ་བསྙེན་ལ་ཞུགས་ཏེ་དངོས་གྲུབ་སྒྲུབ་པ་བར་ཆད་ཀྱི་བགེགས་དུས་བཅུར་ཉུ་ལེ་བསྒྲལ་ཞིང་། ཀུན་ཐུབ་རྒྱལ་མོ་བསྐུལ་ནས་ཁོའི བསད་པ། དངོས་གྲུབ་ཀྱི་མཚན་མ་བརྟན་པར་བྱ་སྟེ་གསུམ་མོ། །དེ་ལྟར་སྒྲུབ་པ་བདུན་ཕྲག་ལ་སོགས་པ་བྱས་ཤིང་། ཐུན་དྲུག་གསུང་མི་ཆགས་པའི་བརྡ རབ་གནས་སོགས་དང་འབྲེལ་ན། སྒྲུབ་ཞག་ཉིན་གཉིས་མར། ནུབ་དང་པོར་སྟ་གོན་ཡོངས་རྫོགས། ཐིག་ཚོན་བྱིན་རླབས་དང་། བྲི་ཞིང་རྒྱན་དགྲམ་པ། ནུབ་གཉིས་པར་སྔ་དྲོ་དཀྱིལ་འཁོར་སྒྲུབ་མཆོད་དང་། ཕྱི་དྲོ་རབ་གནས་སྟ་གོན།
ཉིན་ཕྱི་མར་རབ་གནས་དངོས་གཞི་བྱ་བ་བསྡུས་པ་དང་། འབྲིང་པོར་སྟ་གོན། དངོས་གཞི། རྗེས་མངའ་དབུལ་སྦྱིན་སྲེག་གསུམ་ལ་ཉི་མ་གསུམ་དང་། སྒྲུབ་མཆོད་ལ་གསུམ་དང་དྲུག་ཏུ་བྱས་པ་རབ་གནས་ཉིན་གསུམ་མ། ཤིན་ཏུ་རྒྱས་པར་གཟུངས་ཁྲུས་ཀྱི་བུམ་པ་སྔོན་དུ་སྒྲུབ་པ་ཞག་གཅིག་བསྣན་པའི་ཉིན་བཞི་མ་སོགས་དང་། ཤིན་ཏུ་བསྡུས་པ་ཉིན་གོང་མ་བདག་བསྐྱེད་བསྡུས་པ་ཞིག་སྔོན་དུ་འགྲོ་བས། རབ་@ གནས་དངོས་ལ་འཇུག་ནས་སྟ་གོན་མེད་པར་བགེགས་བསྐྲད་ནས་དམ་ཚིག་བསྐྱེད་ཅིང་སྤྱན་དྲངས་སོགས་བློ་ནུས་དང་འཚམས་པར་ཐ་དད་པར་ཡོད་ཅིང་། དེ་ཡང་ཁྲིད་རིམ་ནི། ལོ་ཙཱ་བ་རིན་ཆེན་བཟང་པོའི་སྡོམ་ཚིག་སྔོན་དངོས་རྗེས་གསུམ་ལ་ས་བཅད་བཅུ་གསུམ་རེ་མཛད་དེ། ལེགས་བཤམས་བདག་བསྐྱེད་བུམ་པ་བཟླས། །རྟེན་སྦྱོང་བཀྲུ་ཞིང་འཕྱི་བ་དང་། །རྟེན་བསྐྱེད་ཡེ་ཤེས་སྤྱན་དྲངས་ལ། །བགེགས་བསྐྲད་མཆོད་དེ་དགུག་གཞུག་བྱ། །རྒྱས་འདེབས་མཆོད་བསྟོད་གཏོར་མ་བཏང་། །སྙན་གསན་དབབ་ཅིང་མཆོད་བསྟོད་བྱ། །བཟོད་པར་གསོལ་ཞིང་གཤེགས་སུ་གསོལ། །རྟེན་དགབ་བདག་སྲུང་སྟ་གོན་ནོ། །ཐོ་རངས་བདག་བསྐྱེད་མདུན་བསྐྱེད་མཆོད། །རྟེན་སྦྱོང་བཀྲུ་ཞིང་འཕྱི་བ་དང་། །རིང་བསྲེལ་གཞུག་ཅིང་གསོལ་བ་གདབ། །རྟེན་བསྐྱེད་སྤྱན་དྲངས་དགུག་རྒྱས་གདབ། །དབང་བསྐུར་མཆོད་བསྟོད་སྤྱན་
དབྱེ་བྱ། །གསོལ་གདབ་མངའ་དབུལ་རྒྱས་པར་བྱ། །དེ་ཡང་མཆོད་བསྟོད་བྱེ་བྲག་དང་། །སྦྱིན་སྲེག་སྔགས་ཏེ་དངོས་གཞིའོ། །གཏོར་མ་སྦྱིན་ཅིང་ཆོས་སྐྱོང་བསྒོ། །དཀྱིལ་འཁོར་མཆོད་དེ་དངོས་གྲུབ་བླངས། །བཟོད་བར་གསོལ་ཞིང་གཤེགས་སུ་གསོལ། །ཡོན་བདག་བསྒོ་ཞིང་ཤིས་པ་བརྗོད། །རྟེན་མཆོད་བསོད་ནམས་ཡོངས་སུ་བསྔོ། །སློབ་དཔོན་མཆོད་དེ་དགའ་སྟོན་བྱ། །སླར་ཡང་ཤིས་པ་རྒྱས་པར་བརྗོད། །རྗེས་བསྡུ་སྦྱིན་སྲེག་མཇུག་དོན་ནོ། །ཞེས་དང་པོར་ཁྲུས་བུམ་བརྒྱད་དང་མཎྜལ་སོགས་རབ་གནས་ཀྱི་ཡོ་བྱད་ལེགས་པར་བཤམས་པ། གཉིས་པ་བདག་བསྐྱེད་དང་། གསུམ་པ་བུམ་བཟླས། བཞི་པ་རྟེན་སྦྱོང་བའི་ཐོག་མར། བགེགས་སྦྱང་བ་ཞི་བྱེད་དྲག་པོའི་སྦྱོང་བ་དང་། ཞར་བྱུང་དུ་རྒྱས་པར་བྱེད་ན་འདིར་དྲག་པོའི་སྲེག་བླུགས། དེ་བཞིན་སྤྱན་དབྱེ་གོང་དབང་། མཆོད་བསྟོད་མངའ་དབུལ་རྗེས་རྒྱས་པ་ཆད་ལྷག་ཁ་འགེངས་སོགས་ཞི་བའི་སྦྱིན་སྲེག་མཛད་དོ། །ཡོན་མཆོད་རྣམས་ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་གིས་སྡིག་པ་སྦྱང་། ལྔ་པ་བཀྲུ་ཕྱི་ནི། ཐོག་མར་ལས་བུམ་གྱི་ལྷ་ཁྲུས་བགྱིས་པ་དེ་མཆོག་ཁྲུས་དང་དེ་ཉིད་ཕར་བུམ་བརྒྱད་པོར་བླུགས་ལ། བཟོ་བོ་ལ་སོགས་པའི་ཁ་རླངས་སོགས་མི་གཙང་བ་སེལ་བའི་ཕྱིར་བཀྲུ་པ་ཕལ་ཁྲུས་སུ་བཏགས་ལ། བུ་ལུགས་སུ་མཆོག་ཁྲུས་བུམ་དབང་ལ་ངོས་
འཛིན། དེ་ཡང་རྟེན་གཟུགས་མེ་ལོང་ལ་ཤར་བར་གཡས་ཀྱི་ཏིལ་མར་འདག་ཆལ་དུར་པིར་བཅས་བཟུང་། ཕྲག་གཡས་གོས་ཟུང་འཆང་། ཐོག་མར་ཏིལ་མར་དྲི་ལྡན་ཞེས་ཛཱ་ཏིའི་མར་དང་ཏིལ་མར་སྦྱར་བ་། དང་འདག་ཆལ་བྱུག །དུར་པིར་གྱིས་དྲུད། འདི་ནི་ཁྲུས་མཆོག་སོགས་ཀྱིས་བུམ་པ་གོ་རིམ་མ་ནོར་བར་བཀྲུ། རྡུལ་ཕྱིས་བྱ། ཡང་སྔ་མ་ལྟར། ཇི་ལྟར་བལྟམས་པ་དང་། སྦྱིན་པ་སོགས་དྲུག་བཅས་བདུན་གྱིས་བཀྲུ་ལ་ལག་ལེན་ཐོག་མཐའ་ལྟར་སྤེལ། ཆུ་བོ་དྲུག་ནས་དྲི་བུམ་གྱིས་བཀྲུ་ཞིང་། སྐུ་ཕྱི་བ་དང་། དྲི་བྱུག །གོས་ཟུང་དབུལ་བ་རྣམས་བྱའོ། །དྲུག་པ་རྟེན་བསྐྱེད་པ་ནི། སྐུ་གང་རབ་ཏུ་གནས་པ་དེར། །དེ་ལ་དེ་ཡི་དཀྱིལ་འཁོར་བྱ། །ཞེས་གསུངས། ཡང་ན་རང་གི་ལྷག་པའི་ལྷ། །སློབ་དཔོན་རང་གི་གང་ཡིན་པ། །ཞེས་པས་དེ་གཉིས་གང་རུང་། དེ་ལ་དབྱེ་བ་མཐོང་བས་བྱ། །ཞེས་བྱེ་བྲག་ཏུ་རིགས་སོ་སོར་བསྐྱེད་པར་བཤད་ལ། བདུན་པ་སྤྱན་དྲངས་ཤིང་ནམ་མཁར་བཞུགས་པ་ལ་ཕྱིར་འབྲང་གི་བགེགས་བསྐྲད། མཆོད་ཡོན་དབུལ། ཁྲུས་གསོལ། ཉེར་སྤྱོད་དབུལ། སླར་ཕྱག་རྒྱ་བཞིས་རྟེན་ལ་བཅིང་པའོ། །བརྒྱད་པ་རྒྱས་གདབ་སྐུ་གསུང་ཐུགས་རྒྱས་གདབ་ཅིང་། དབང་ལྷ་སྤྱན་དྲངས། དབང་བསྐུར། རིགས་བདག་གིས་དབུ་བརྒྱན། དབང་ལྷ་བསྟིམ། དགུ་པར་མཆོད་བསྟོད་ལས་གཞུང་ལྟར་དང་།
ཆོས་སྐྱོང་གཞི་བདག་སོགས་ལ་གཏོར་མ་བསྔོ། བཅུ་པ་སླར་ཡང་རྟེན་བྱིན་གྱིས་བརླབ་ཕྱིར་འབྱོན་པར་ཞུ་བའི་སྙན་གསན་དབབ་ཅིང་མཆོད་བསྟོད་བྱ། བཅུ་གཅིག་བཟོད་གསོལ་གཤེགས་གསོལ་ཡེ་ཤེས་པ་ནམ་མཁར་བཏེགས། རྡོ་རྗེ་ཤུགས་ཀྱི་སྔགས་རྒྱས་བཏེགས་ལ་མཆོད་བསྟོད་བྱ། བཅུ་གཉིས་པ་རབ་ཏུ་གནས་མ་ཟིན་པས་མཆོད་འོས་མ་ཡིན་པར་སྟོན་ཕྱིར་ནང་རས་སེར་པོས་རྟེན་རྣམས་གཡོགས། བཅུ་གསུམ་པ་བདག་བསྲུང་ཕྱིར་ལས་སྔགས་བརྗོད་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་མཆོད་བསྟོད་དང་། གཏོར་མགྲོན་གྱི་ཡེ་ཤེས་པ་རྟེན་གཞུག་ཤིས་བརྗོད་བྱ་བ་སྟ་གོན་ནོ། །གཉིས་པ་ལ། རྟེན་སྤྱིར་བཀྲུ་ཞིང་ཕྱི་བ་ཡན་ཆད་ཀྱི་ས་བཅད་གསུམ་སྟ་གོན་ལྟར་བྱ། བཞི་པ་རིང་བསྲེལ་བཞུགས་པ་སྐུ་རྒྱབ་ཏུ་བུག་པ་ཡོད་ན་དེང་གཞུག་པར་གསུངས་མོད་ཀྱི་ཕྱག་ལེན་ལ་མི་མཛད། ལྔ་པ་གསོལ་བ་གདབ་པ་མཐའ་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་པས་སེམས་བསྐྱེད་ལེན་པར་བྱ་བ་དང་། དྲུག་པ་རྟེན་བསྐྱེད་དང་། བདུན་པ་སྤྱན་དྲངས། བརྒྱད་པ་རྒྱས་གདབ་རྣམས་སྟ་གོན་ལྟར། དགུ་པ་དབང་བསྐུར་བ་འཇུག་པ་སོགས་དོར་ནས་དབང་བཞི་རྫོགས་པར་བྱ་ཞིང་། དགུ་པ་སྤྱན་དབྱེ་ནི། གསེར་དྲུག་སྣ་མ་ལས་མི་ཆུང་བ་སྤྱན་མའི་རྒྱས་ཐུར་མ་བཟུང་སྟེ་དངུལ་ཀོང་ནས་མར་ལ་སྦྲང་རྩི་སྦྱར་བ་ལུག་མ་སོགས་ཀྱི་སྤྱན་དང་། པོ་ཏིར་
མེ་ལོང་ལ་བསྟན་ནས་ལྷའི་གཟུགས་བརྙན་བསྒོམས་ནས་མིག་སྨན་བྱུག་ཅིང་ཕྱེ་བས་སེམས་ཅན་ལ་གཟིགས་པ་ལྷུར་མཛད་པར་བསམས་ལ་མེ་ལོང་བསྟན། བཅུ་པ་མཆོད་བསྟོད་སྟ་གོན་ལྟར། བཅུ་གཅིག་གསོལ་བ་གདབ་པ་ནི། མཆོད་ཅིང་བསྟོད་པ། རྡོ་རྗེ་དང་བཅས་པའི་ལག་གཡས་ཀྱིས་རྟེན་གྱི་གནས་གསུམ་དུ་རེག་ཅིང་ལྷ་གང་ཡིན་གྱི་སྔགས་ལན་གསུམ་བརྗོད་པས་ལྷ་སོ་སོ་འོད་དུ་ཞུ་ནས་སྐུ་གསུང་ཐུགས་རྟེན་རང་རང་གི་དབྱིབས་དང་ཁ་དོག་རྒྱུན་ཆས་ཇི་ལྟ་བ་སེམས་ཅན་ཐམས་ཅད་ཀྱི་མཆོད་པའི་རྟེན་དུ་གྱུར་པར་བསམས་ལ་ཞལ་བསྒྱུར། མེ་ཏོག་འཐོར་ཞིང་ཇི་སྲིད་བར་བརྟན་བཞུགས་བྱ། འདོད་དོན་སྦྱིན་ པར་གསོལ་བ་གདབ། བཅུ་གསུམ་པ་མངའ་དབུལ་ལ་བཞི་ཡི། དང་པོ་མཆོད་བསྟོད་རྒྱས་པ། གཉིས་པ་བྱེ་བྲག་ཉེར་མཁོའི་མངའ་དབུལ་ལ། མཎྜལ་དང་ཁྲུས་གསོལ། སྐུ་གསུང་ཐུགས་རྟེན་ཀུན་ལ་ན་བཟའ། གདན་ཁྲི་སོགས་དང་། ཁྱད་པར་རབ་བྱུང་སོགས་ལ་དེ་ལ་དགོས་པའི་ཡོ་བྱད་དང་། ཞི་བ་དང་ཁྲོ་བོར་སོ་སོའི་རྒྱན། མཆོད་རྟེན་ལ་སྲོག་ཤིང་། འཁོར་ལོ། གདུགས། མེ་ཏོག་ཕྲེང་བ། ཆོས་ལ་ཁྲི། གླེགས་ཤིང་སོགས་ཉེ་བར་འོས་པའི་ཡོ་བྱད་རྣམས་དབུལ་བ། གསུམ་པ་རྒྱས་པའི་སྦྱིན་སྲེག་དུརླ་དང་། ཟས་མཆོག །གཙོ་བོར་གྱུར་པ་མངའ་དབུལ་བ། བཞི་པ་གཟུངས་ཐག་བཏགས་ལ་རྩ་སྔགས་
བརྒྱ་རྩ་རེ་བཟླས་བསྔགས་ཀྱི་མངའ་དབུལ་བ་སྟེ། མཐར་ཤིས་པ་བརྗོད་པ་དང་བཀྲ་ཤིས་པའི་བྱེ་བྲག་དུང་དང་རོལ་མོ་སོགས་འབུད་དཀྲོལ་གྱི་རིགས་ཇི་སྐད་པ་བྱ་སྟེ། རབ་རྒྱུད་ལས། དུང་དང་རོལ་མོའི་སྒྲ་ལ་སོགས། །བཟང་བའི་གླུ་དང་གར་རྣམས་ཀྱི། །ཉེ་དང་རིགས་བརྒྱུད་འཁོར་རྣམས་ཀྱིས། །རོལ་མོ་ཆེན་པོའི་མཆོད་པ་དབུལ། །ཞེས་སོ། །གསུམ་པ་ནི། དང་པོ་འདས་གཏོར་ནས་གཞི་བདག་བར་བཏང་། གཉིས་པ་ཆོས་སྐྱོང་ལ་དམ་ཚིག་བཀའ་ནན་བཅས་ཏེ་རྟེན་གསུམ་གཉེར་དུ་གཏད། གསུམ་པ་དང་བཞི་པ་ནི་སྒྲུབ་ཆེན་དང་འབྲེལ་ན་དེ་ཡི་རྗེས་ཆོག་སྐབས་སུ་བྱ། ལྔ་པ་ནི་ཡོན་བདག་སྟན་སེར་པོར་གཡུང་དྲུང་བྲིས་པར་འཁོད་ཅིང་། ཁྱོད་ཀྱིས་བསྐུལ་བ་བཞིན་དུ་བདག་གིས་རབ་ཏུ་གནས་པ་གྲུབ་ཟིན་གྱི། རྟེན་ལ་ཞག་བདུན་གྱི་བར་མཆོད་པ་རྒྱ་ཆེན་པོ་དང་། དེ་ནས་ཀྱང་ཅི་འབྱོར་པའི་མཆོད་པ་རྒྱ་ཆེན་པོ་གྱིས་ཤིག་པ་བསྒོ། རྟེན་དང་ཡོན་བདག་དར་ལམ་གྱིས་སྤྲེལ། མཆོད་པ་འབུལ་དུ་གཞུག །དྲུག་པ་ནི། ཡོན་བདག་དཀྱིལ་འཁོར་གཙོ་བོར་བསྐྱེད། བགེགས་བསྐྲད། བཀྲ་ཤིས་རྫས་བརྒྱད་གཏད། སྤྲོ་ན་རྟགས་བརྒྱད་དང་རྒྱལ་སྲིད་སོགས་ཀྱང་གཏད་ཅིང་དེར་འཁོད་ཐམས་ཅད་ཀྱིས་རེག །ཡས་གཏམ་མས་གཏམ་གྱི་རིགས་བྱ། བདུན་པ་རྟེན་ལ་མཆོད་པ་རྒྱ་ཆེར་བྱ། བརྒྱད་པ་བསྔོ་སྨོན་དག་པས་མཚམས་
སྦྱར། དགུ་པ་སློབ་དཔོན་དང་དགེ་འདུན་ལ་བསྙེན་བཀུར། བཅུ་པ་རབ་གནས་མཛད་པ་པོ་བཟོ་བོ་ལས་བྱེད་སོགས་དགའ་སྟོན་ནི། རབ་རྒྱུད་ལས། རབ་གནས་ཡང་དག་རྫོགས་དུས་སུ། །བསྟོད་དང་། བཀྲ་ཤིས་བརྗོད་བྱ་ཞིང་། །མྲྀ་ཏངྒ་སོགས་སིལ་སྙན་སྒྲ། །ཇི་ལྟར་མཉེས་པས་རབ་ཏུ་མཆོད། །ཅེས་དང་། སློབ་དཔོན་ཟླ་འོད་ཀྱིས། ཇི་ལྟར་རང་གི་གུས་པ་བཞིན། །ཉིན་མཚན་དུ་ནི་དགའ་སྟོན་བྱ། །གླུ་དང་གར་སོགས་རོལ་མོ་དང་། །རྩེ་དང་དགོད་དང་དགའ་བས་གནས། །ཞེས་སོགས་གསུངས་བཞིན་དགའ་སྟོན། རྩྭ་རུའི་བཟའ་བ་ལ་རོལ་ཏེ། སྔ་མས། སྔགས་ཀྱིས་གཙང་བྱས་ཞལ་ཟས་འདི། །སློབ་མ་ལ་ཡང་སྦྱིན་པར་བྱས། །ཞེས་སོ། །དེ་དང་རྗེས་འབྲེལ་དུ་རབ་སྟོན་དང་ཡོན་འབུལ་སོགས་བྱའོ་སྟེ། རབ་རྒྱུད་ལས། གླང་པོ་རྟ་དང་ཤིང་རྟ་ནོར། །ཡོན་གྱིས་དམ་པར་དབུལ་བར་བྱ། །དེ་ནས་དེ་ལ་ནན་ཏན་གྱིས། །ལོངས་སྤྱོད་གཡོ་བ་དབུལ་བར་བྱ། །གལ་ཏེ་ལྷ་ཉིད་དགྱེས་འདོད་ན། །བླ་མ་གུས་པས་མཉེས་བྱ་ཞིང་། །དེ་ལྟར་རྣམ་པ་ཐམས་ཅད་དུ། །བླ་མ་ཡང་དག་མཉེས་པར་བྱ། །དེ་ནས་གང་དག་བརྟུལ་ཞུགས་ཅན། །དགེ་སློང་དགེ་བསྙེན་དགེ་སློང་མ། །མཆོག་ཏུ་གུས་པས་མཆོད་བྱས་ལ། །ཇི་ལྟར་འོས་པའི་ཡོ་བྱད་དབུལ། །ཞེས་དང་། དུས་ཀྱི་འཁོར་ལོར། ཅོད་པན་དར་དཔྱངས་དག་དང་དོ་
ཤལ་གདུ་བུ་དང་ནི་དེ་བཞིན་སྐ་རགས་རྣ་ཆ་ལ་སོགས་པ། །སློབ་དཔོན་ལ་ནི་རབ་ཏུ་སྦྱིན་བྱར་གྱུར་ཏེ་མི་ཡི་བདག་པོ་ཡོན་ཡང་བདག་ཉིད་ནུས་པས་སོ། །ཞེས་སོ། །བཅུ་གཉིས་པ་ལས་ཀྱི་རྗེས་བསྡུ་ནས་མི་མངོན་པར་བྱ་བ། བཅུ་གསུམ་ལྷག་ཆད་ཁ་སྐོང་ཞི་བའི་སྦྱིན་སྲེག་བྱ་སྟེ་འདི་གཉིས་ཉིན་རེར་བྱས་ཀྱང་རུང་ངོ་། །དེ་ལྟར་རབ་ཏུ་གནས་པ་ལ་གཅེས་པའི་ཡན་ལག་ནི་སྲེག་བླུགས་ཏེ། ཀྱེ་རྡོར་ལས། དཀྱིལ་འཁོར་སྦྱིན་སྲེག་མ་གཏོགས་པར། །རབ་གནས་གང་དུ་བསྟན་པ་མེད། །ཅེས་དང་། ཀྲྀ་ཡ་ལས། དཀྱིལ་འཁོར་སྦྱིན་སྲེག་དང་བྲལ་བའི། །རབ་གནས་འདིར་ནི་བསྟན་པ་མེད། །དེ་ཕྱིར་སློབ་མར་ཕན་འདོད་པས། །སྦྱིན་སྲེག་ཆོ་ག་ཡང་དག་བྱ། །ཞེས་སོ། །སློབ་དཔོན་ཟླ་འོད་ཀྱི་རབ་གནས་ལས་ཀྱང་། དེ་ཉིད་བཅུ་སོགས་ཤེས་པ་ཡིས། །ཆོ་ག་བཞིན་དུ་སྦྱིན་སྲེག་བྱ། །ཞེས་དང་། ཞི་རྒྱས་ལ་སོགས་ ལས་གསུངས་བཞིན། །ཆོ་ག་ཤེས་པས་མེ་བཅུག་སྟེ། །ཞེས་སོགས་རབ་ཏུ་གནས་པ་ལ་མེད་དུ་མི་རུང་ཞིང་། གཞན་ཡང་བཀའ་བརྒྱད་རྩ་རྒྱུད། དེ་ཡི་ཕྲིན་ལས་འགྲུབ་པའི་ཐབས༔ སྦྱིན་སྲེག་མེ་ཡི་ཆོ་ག་བྱ༔ ཞེས་དང་། མཉམ་སྦྱོར་དཀྱིལ་ཆོག་ལས། སྦྱིན་སྲེག་མ་བྱས་འབྲས་མི་སྟེར། །ལས་རྣམས་ཐམས་ཅད་རབ་བསྒྲུབ་ཕྱིར། །སྦྱིན་སྲེག་ལས་རྣམས་བརྩམ་པར་བྱ། །ཞེས་དང་། ཁ་སྦྱོར་ལས། སྣ་ཚོགས་
ལས་ནི་རབ་བསྒྲུབ་ཕྱིར། །སྦྱིན་སྲེག་ལས་ནི་རབ་བཤད་བྱ། །མེ་ཡི་ལྷ་ནི་ཁ་རུ་གསུངས། །སྦྱིན་སྲེག་དེ་ཉིད་རྣམ་པར་གནས། །སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམ། །ཚིམ་བར་གྱུར་ནས་དངོས་གྲུབ་སྟེར། །གང་ཞིག་བསྙེན་པའི་ལྷག་ཆད་དག །སྦྱིན་སྲེག་དག་གིས་ཡང་དག་སྐོང་། །དེ་ཕྱིར་སྐུ་གསུམ་མཆོག་བརྙེས་པས། །སྦྱིན་སྲེག་ཆོ་ག་རབ་ཏུ་བསྔགས། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་རྟག་ཏུ་ལས་ཀུན་ལ། །སྦྱིན་སྲེག་གིས་ནི་ཀུན་ཏུ་བྱ། །ཞེས་དང་། གུར་ལས། གང་གིས་སྦྱིན་སྲེག་མ་བྱས་པ། །འཇིག་རྟེན་འདིའམ་གཞན་དག་ཏུ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་སོ། །དེ་ཡང་ལས་བཞི་སོ་སོར་ཇི་ལྟར་བྱ་ཚུལ་རྒྱས་པར་རྡོ་རྗེ་རྩེ་མོ་ལས་གསུང་ཡང་། བསྡུ་ན་ཕྲིན་ལས་བཞིར་འདུ་བས། སམྦུ་ཊི་ལས། ཤར་གྱི་ཕྱོགས་སུ་ཞི་བ་སྟེ། །ལྷོ་ཡི་ཕྱོགས་སུ་མངོན་སྤྱོད་ཡིན། །ནུབ་ཏུ་དབང་དང་དགུག་པ་སྟེ། །བྱང་དུ་རྒྱས་པའི་ཐབ་ཁུང་ཉིད། །ཅེས་དང་། མཁའ་འགྲོ་རྒྱ་མཚོར། ཟླུམ་པོ་ཞི་བ་ཡི་ནི་ཐབ། །གྲུ་བཞི་པ་ནི་རྒྱས་པ་ལ། །གྲུ་གསུམ་པ་ནི་དབང་ལས་ལ། །མངོན་སྤྱོད་ལ་ནི་ཟུར་དྲུག་པ། །ཞེས་དང་། སངས་རྒྱས་ཐོད་པར། ཞི་བའི་ཐབ་ཁུང་ཟུར་བཞི་པ། །རྒྱས་པ་ཐབ་ཁུང་ཟླུམ་པོ་སྟེ། །དབང་དུ་ཐབ་ཁུང་གྲུ་གསུམ་པོ། །མངོན་སྤྱོད་ཟླ་བ་ཕྱེད་པའི་ཆ། །ཞེས་དང་། རྣལ་འབྱོར་
རྒྱུད་རྡོར་ཕྲེང་ལས། བྱང་དུ་ཁ་བལྟས་ཞི་བ་ལ། །དེ་བཞིན་རྒྱས་པ་ཤར་དུ་བལྟ། །དྲག་པོའི་ལས་ལ་ལྷོ་ཕྱོགས་སུ། །དབང་གི་ལས་ལ་ནུབ་ཏུ་བལྟ། །ཞེས་དང་། ཞི་བའི་ཁ་དོག་དཀར་པོ་སྟེ། །རྒྱས་པ་ལ་ནི་སེར་པོ་བྱ། །དབང་དང་དགུག་པ་ལ་ནི་དམར། །ཁ་དོག་ནག་པོ་གསོད་པའོ། །ཞེས་སོ། །དེ་ལྟར་ཡང་བདེར་འདུས་རྩ་རྒྱུད་ལས། གདུག་པ་ཚར་ནི་བཅད་པ་དང་༔ སྣང་བ་དབང་དུ་བསྡུ་བ་གླུ དང་༔ ཚེ་དང་དབང་ཐང་བསྐྱེད་བ་དང་༔ མ་རིག་རྟོག་ཚོགས་ཞི་བྱའི་ཕྱིར༔ ཕྲིན་ལས་རྣམ་བཞིའི་སྦྱིན་སྲེག་གྱིས༔ ཞེས་སོ། །ཁྱད་པར་རབ་གནས་ཀྱི་སྐབས་འདིར་ཙཱ་རུ་འོ་ཐུག་སོགས་དགོས་པ་ནི། །རབ་རྒྱུད་ལས། དེ་ནས་དམ་ཚིག་དབང་བསྐུར་བས། །ཁྱོད་ལ་བྱས་ཀྱི་སྲེག་བླུགས་ནི། །སྟོང་ངམ་ཡང་ན་དེ་ཡི་ཕྱེད། །མངར་གསུམ་བ་མར་འབྲུ་རྣམས་ཀྱིས། །འོ་མ་ཅན་གྱི་བུད་ཤིང་ལ། །སྲེག་ཁུང་གྲུ་བཞིར་སྲེག་བླུགས་བྱ། །དེ་ཉིད་མར་དང་འོ་མ་ཡི། །ལྷག་པའི་རྩྭ་རུ་ཕུལ་བྱས་པས། །བདག་དང་སློབ་མ་ཐམས་ཅད་ནི། །ཞི་དང་རྒྱས་པ་འཕེལ་བར་བྱེད། །ཅེས་སོ། །དེ་ལྟར་རབ་ཏུ་གནས་པ་དེ་ཉིད་སྒྲུབ་མཆོད་དང་འབྲེལ་ན། སྒྲུབ་མཆོད་ཉིན་གསུམ་པ་ནི། ཧེ་རུ་ཀ་གལྤར། དང་པོ་ས་ཡི་ཆོ་ག་སྟེ། །གཉིས་པ་ལ་ནི་སྟ་གོན་གནས། །གསུམ་པ་འཇུག་པའི་ཆོ་ག་བྱ། །ཞེས་པ་ལྟར་དེ་ལས་འཇུག་ཆོག་གི་
སྒྲུབ་པ་ཉིན་ཇི་ཙམ་བར་དུ་བྱས་ཀྱང་རུང་ལ། ནུབ་ཐ་མར་དངོས་གྲུབ་ལེན་པའི་ཆོ་ག་སྤྲོས་བཅས་དམིགས་བསལ་དང་། སྤྲོ་ན་བདག་ཉིད་འཇུག་པ་དང་། སློབ་མ་ལ་དབང་བསྐུར་སོགས་བྱ་བ་སྟེ་དེ་ཡིས་བསྙེན་སྒྲུབ་སྤྱི་ཡན་ལག་རྫོགས་པ་ཉིད་དོ། །རབ་གནས་སྐབས་ཙཱ་རུའི་བཟའ་བ་སྣ་ཚོགས་ཀྱི་རྒྱན་ལྡན། རྒྱལ་མཚན་བ་དན་བཙུགས་པའི་མཐར་ཟས་སྣ་ཚོགས་ཀྱིས་བསྐོར་བ། སྦྱིན་སྲེག་གི་སྐབས། སོ་རྩི་ཞུན་མར་ལ་སྟོད་ཇ་དང་གོ་ཡུ་བཏབ་པའོ། །ཕུར་པ་ཕྲིན་ལས་ཀྱི་སྐབས། སྒོས་ཆོས་ཏིང་འཛིན་རྣམ་པ་གསུམ་ལས། སྲིད་པ་ཕུར་བུའི་དོན་བི་ཏོཏྟ་མ་ལའི་རྒྱུད་ལས། དཔའ་ཞི་ངན་སོང་གནས་བཅུ་རྫོགས། །རྒྱ་མདུད་འོག་མ་འདོད་ལྷ་མའི། །བཅུམ་གཞོག་སྨད་ལ་གཟུགས་ཁམས་ཀྱི། །སྲིད་པའི་གནས་རིགས་བཅུ་བདུན་མཚན། །སྟོད་ལ་མུ་བཞི་གཟུགས་མེད་ལྷ། །རྒྱ་མདུད་བདེ་གཤེགས་གཞལ་ཡས་ཁང་། །དཀྱིལ་འཁོར་ཆེན་པོར་རང་བཞིན་གནས། །ཞེས་འཇིག་རྟེན་གྱི་ཁམས་ཕུར་པར་གཉིས་པ་བཤད་པའམ། ཡང་ན་འབྱུང་རིམ་རི་རབ་དང་བཅས་སྟེང་ཕུར་པ་བཏབ་པས་སྲིད་པའི་ཕུར་བུའི་རྒྱ་མདུད་གོང་མའི་ནང་གཞལ་ཡས་ཁང་གི་དབུས་སུ་རང་ཉིད་གཙོ་བོ་ཡབ་ཡུམ་ལུས་དཀྱིལ་དུ་ཁྲོ་བཅུ་ཁྲ་ཕྱག་ཕོ་ཉ་ཐམས་ཅད་རྫོགས་པ་བདག་ཉིད་རྩ་བའི་དཀྱིལ་འཁོར། འཁོར་ལོའི་སྦུབས་སྟོང་རྩིབས་ནང་ཁྲོ་བཅུ་ཁྲ་ཕྱག་
སོགས་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར། རང་དང་རྣམ་རྒྱལ་བར་རྡུལ་ཚོན་གྱི་དཀྱིལ་འཁོར་ཐམས་ཅད་མཚན་མ་རྫས་ཀྱི་དཀྱིལ་འཁོར་ཏེ། དེ་ཡང་ལྷ་ཆེན་ཕོ་མོའི་སྟེང་དཀྱིལ་འཁོར་གཉིས་ཀའི་དབུས་ཧཱུྃ་ཡིག་གཉིས་སུ་ཕྱེད་ནས་ཕབ་པ་ལས་འོད་འཕྲོས། གསུང་གི་བྱིན་རླབས་ཐིམ། རྐྱེན་གྱིས་སྙིང་རྗེ་ཆེན་པོས་བསྒྲལ་བ་ལས་ཞེ་སྡང་གིས་བསད་པ་དང་། གཏི་མུག་གིས་དམན་པར་མ་ཡིན་པར་ཕུང་པོ་ཉོན་རྐྱེན་དུ་མ་འདུས་པར་གཅིག་འཛིན་གཉིས་མེད་ཡེ་ཤེས་རིག་རྩལ་རྡོ་རྗེ་ལས་འོད་འཕྲོས། ཐུགས་དང་སྐུའི་དངོས་གྲུབ་བསྡུས་རྗེས། རྩ་སྔགས་བརྗོད། རྐྱེན་གྱིས་སྐུར་གྱུར་པ་ཆོ་ག་གསུམ་གྱིས་བསྐྱེད་པ་ཡང་འདོན་ཆ་གཅིག་གིས་མེ་ལོང་ལ་གཟུགས་བརྙན་འཆར་བ་ལྟར་སྲས་མཆོག་ཕྱག་མཚན་གྱི་ཕུར་བ་དང་དབྱེར་མེད་མདུན་དུ་བུདྡྷ་ཀཱི་ལ་ཡ་སོགས་ཕྱོགས་བཞི། དམ་ཅན་སྒོ་བ་བཅས་ཚང་བ་བདག་མདུན་ གཉིས་ཀ་དང་བུམ་དཀྱིལ་གཏོར་དབང་སོགས་རིག་རྩལ་གྱིས་རྟེན་དང་བརྟེན་པ་དག་པ་རབ་འབྱམས་ཀྱི་བསྐྱེད་རིམ་ལ་སློབ་པ་ནི་ཐུན་མོང་མ་ཡིན་པའི་གསང་བ་རྨད་དུ་བྱུང་བའོ། །བཀའ་བརྒྱད་ཀྱི་རྒྱུད་ལས། ཡེ་ཤེས་ལྷ་ལ་རང་རྒྱུད་པའི༔ རྩིས་གདབ་ཁྲིགས་སུ་བཅད་པ་མེད༔ གདུལ་བྱའི་བློ་ལ་གང་སྣང་བ༔ དེ་ལྟར་འགྲོ་བ་འདུལ་བར་བྱེད༔ ཅེས་དང་། རྒྱལ་པོའི་མངའ་དབང་ནོར་བུའི་བང་མཛོད་ལས། ང་
ཡི་གསུང་གི་གདུལ་བྱ་ཡིསཿ བོད་ལ་བདེ་སྐྱིད་འབྱུང་འདོད་ན༔ ཡར་ངོའི་ཚེས་བཅུ་ནམ་ཤར་ཚེ༔ ཨོ་རྒྱན་པདྨའི་སྤྲུལ་པ་འབྱུང་༔ དེ་དུས་ང་ལ་མོས་པ་ཡིས༔ རབ་ཀྱིས་བསྐྱེད་རྫོགས་གནས་ལུགས་ལྟོསཕྱི་ནང་གསང་བའི་སྒྲུབ་པ་ཚུགས༔ ཞེས་དང་། དེ་དུས་ང་ཡི་སྨོན་ལམ་གྱིས༔ དགེ་བ་གང་བྱས་སུམ་འགྱུར་འཕེལ༔ ང་ཡི་ཐུགས་རྗེས་རྒྱུན་དུ་སྐྱོང་༔ ཞེས་སོ། །ཀུན་མཁྱེན་ལྔ་པ་རིན་པོ་ཆེས། གསང་ཆེན་གདམས་པའི་ཉིང་ཁུ་གནམ་སྐས་ནས། །ཀླུ་བདུད་ལྟོ་བའི་ཟབ་གཏེར་ཐོད་ཕྲེང་རྩལ། །དངོས་མཇལ་ལུང་སྟོན་བྱེད་ནུས་གསང་བ་འདུས། །འདྲེན་བྱེད་གསུང་སྤྲུལ་ཆོས་ཀྱི་དབང་ཕྱུག་རྒྱལ། །ཞེས་སོ། །གསལ་བཀྲ་ལས། དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་འཁུ་དང་ལོག་པ་དང་། །དམ་དགྲ་ངན་པའི་ངང་ཚུལ་ཅན། །འདུས་པ་ཡོངས་དང་ཡོངས་ལ་གནོད། །ངན་སོང་གསུམ་དང་བཅུ་པོ་འདི། །རྣལ་འབྱོར་ཀུན་གྱིས་དང་དུ་ལོངས། །ཞེས་སོ། ༈ །རྡུལ་ཚོན་ཆུར་གཤེགས་ཀྱི་ཆོ་ག་ནི། རྡུལ་ཚོན་རིན་ཆེན་བུམ་པར་བླུགས་ཏེ་བཀུར་སྟི་དང་བཅས་སྤྱན་དྲངས། བ་བྱུང་དང་དྲི་བཟང་དཀར་པོས་བྱུག་པའི་མཎྜལ་ལ་པད་དཀར་འདབ་བརྒྱད་ལྟེ་བ་སྔོན་པོ་དཀྱིལ་འཁོར་གྱི་གཙོ་བོའི་མཚན་མ་དང་། འདབ་བརྒྱད་ལས་མཚན་མ་དང་ཚོམ་བུ་གང་རུང་བཀོད། མུ་ཁྱུད་གཡས་གཡོན་རྒྱབ་ཏུ་ལྷ་མོ་དང་ལྷ་
མོ་ཆེན་མོ་སོགས་འཁོར་གྱི་ཚོམ་བུ་སོ་སོའི་མདོག་མཚུངས་བཀོད། གཡོན་བསྐོར་དུ་མཆོད་ཡོན་མེ་ཏོག་དཀར་པོ། མར་དཀར་མར་མེ། སྤོས་འོ། འབྲས་ཆན་སོགས་མཐུན་རྫས་བཀོད། སྐྱབས་སེམས་ཚད་མེད་བཞིས་རྒྱུད་སྦྱང་། རང་ཉིད་རྡོར་སེམས་སམ་སེང་གེ་སྒྲའི་བསྟན་གཙོར་བསྐྱེད་པའི་མདུན་དཀྱིལ་བསང་སྦྱང་། ལྟེ་བར་རྡོར་སེམས་སེང་གེ་སྒྲ་གང་རུང་། འདབ་བརྒྱད་ལ་ཀླུ་བརྒྱད། མུ་ཁྱུད་ལ་ལྷ་མོ་སོགས་ཡན་ལག་བཞི་རྫོགས་སུ་བསྐྱེད། མཆོད་བསྟོད། སྔགས་བཟླ། གཏོར་མ་འབུལ། ཕྲིན་ལས་བཅོལ། བཀུར་སྟི་ཆེན་པོའི་ཆེད་ཀླུ་ལ་གཏད་པ་རྒྱ་མཚོར་གཤེགས། དམ་ཚིག་པ་རང་ལ་བསྡུ། ཤིས་པ་བརྗོད། རྣམ་བུམ་ཆུས་བཀང་བ་རོལ་མོ་དང་བཅས་པས་ཁང་པར་ཁུར་བ་བྱིན་རླབས་ཀྱི་རྒྱུན་བརྟན་ཅིང་། ཤིས་བའི་ཕྱིར་བསང་གཏོར་བྱའོ། ༈ །བདེར་འདུས་པྲ་ཁྲིད་ལས། སྟོན་པ་གནས་འཁོར་དུས་དང་ཡོ་བྱད་སོགས༔ ཕུན་སུམ་ཚོགས་པ་ལྔ་དང་ལྡན་པས་བསྒྲུབ༔ ཅེས་སོ། །འབྱེད་ལྡེར། ས་དེ་སྟེང་འོག་བར་སྣང་ལ༔ ཕྱོགས་ཀུན་ལེགས་པར་བརྟག་པ་སྟེ༔ ཞེས་དང་། སྣང་དང་མི་སྣང་མངོན་ མི་མངོན༔ ལེགས་སློང་གནང་བ་ཐོབ་པ་དང་༔ སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན༔ མཉེས་པ་མཆོག་གིས་སྦྱང་བ་སྟེ༔ ཞེས་སོ། །གལྕོ་ལས། ཕྱོགས་བཞིར་ཐོ་བཞི་བཙུགས་ནས་ཀྱང་། །རྒྱལ་པོ་ཆེན་པོ་སྡེ་
བཞི་ལ། །ཕྱི་མཚམས་བཅད་པའི་ཕྲིན་ལས་བཅོལ། ཞེས་དང་། ཀུན་འདུས་ལས། ལོག་སྲིད་དམ་སྲི་མནན་པ་བྱ། ཞེས་དང་། འབྱེད་ལྡེར། མ་རུངས་པ་ཡི་བྱང་བུ་ལ། །ཞེས་སོགས་སྒོ་བྱང་གདགས་པ་ཟླ དང་། པྲ་ཁྲིད་དུ། འུར་ཆུ་གདབ་ཅིང་མཚམས་བཅད་མ་ཏྲ་མནན༔ ཞེས་སོ། །པྲ་ཁྲིད་ལས། བདུད་རྩི་ལྔ་བྱུགས་གཟུང་མ་བྱིན་རླབས་ལ། །ཐིག་གདབས་ཚོན་བྱིན་རླབས་དཀྱིལ་འཁོར་བཞེངས། །ཞེས་སོ། །རབ་ཏུ་གནས་སྐབས། གལྕོར། མེ་ལོང་ངོས་ལ་ཙནྡན་ཆུས། །རྟེན་འབྲེལ་ཡི་གེ་བྲིས་ནས་ནི། བརྒྱ་བརྒྱ་ཚང་ནས་བུམ་པར་བླུགས། །ཞེས་དང་། གཟུགས་སྐུའི་རྟེན་ནི། ལུག་མ་རི་མོ་ལ་སོགས་པ། །སྤྱིར་ནི་རྣམ་པར་སྣང་མཛད་གཞི། །ཡང་ན་རིགས་བདག་གང་ཡིན་ལྷ། །པོ་ཏི་གླེགས་བམ་ལ་སོགས་པ། །མཐའ་ཡས་མཆོག་ཏུ་བསྒོམ་པར་བྱ། །ཡང་ན་ཡི་དམ་རིགས་གང་ཡིན། །རྡོ་རྗེ་ དྲིལ་བུ ་ལ་སོགས་ཀུན། ། མི་བསྐྱོད་རྡོ་རྗེ་འཛིན་པའམ། །གང་ཡིན་རིགས་ཀྱི་ཡི་དམ་ལྷ། །སྐུ་གསུང་ཐུགས་དང་རིགས་ལྔར་འདུས། །ཞེས་དང་། རིག་པའི་དབང་ལྔ་བསྐུར་བར་བྱ། །བུམ་པའི་ཆུ་ནི་མི་བསྐྱོད་དབང་། །ཅོད་པན་རིན་ཆེན་འབྱུང་ལྡན་ལ། །རྡོ་རྗེ་སྣང་བ་མཐའ་ཡས་ཉིད། ། དྲིལ་བུ ་དོན་ཡོད་གྲུབ་པ་སྟེ། །མིང་ནི་རྣམ་པར་སྣང་མཛད་དོ། །སྐུ་ལ་བྱིན་རླབས་གསང་བའི་དབང་། །གསུང་ལ་ཤེས་རབ་ཡེ་ཤེས་ཉིད། །ཐུགས་
ལ་བདེ་བ་ཆེན་པོའི་དབང་། །མི་ཟད་རྒྱན་གྱི་འཁོར་ལོར་འགྱུར། །ཞེས་སོ། །དེ་ལ་འགའ་ཞིག་ལྷ་ལ་རབ་གནས་དང་མི་ལ་དབང་བསྐུར་བ་འདྲ་བར་བཞེད་ནའང་། རོང་ཟོམ་པས་འདི་ལྟ་བུ་ནི་རྒྱུད་ནས་ལུང་བསྟན་པའང་མ་མཐོང་ལ། རིགས་པས་འཐད་པའང་མ་མཐོང་སྟེ། ཞེས་གསུངས་པ་ལྟར་ལྷའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འཇིག་རྟེན་དུ་བཞག་པའི་དམ་ཚིག་པ་ལས། སྔགས་ཕྱག་རྒྱ་ཏིང་ངེ་ འཛིན་གྱིས་ཡེ་ཤེས་པ་ལྷག་པར་གནས་པའམ་རབ་ཏུ་གནས་པའི་ཕྱིར་བྱིན་གྱིས་བརླབས་པ་བརྩམས་ཏེ། མཉམ་སྦྱོར་ལས། རྒྱ་འདི་བཅིངས་པ་ཙམ་གྱིས་ནི། །སངས་རྒྱས་ཐམས་ཅད་བྱིན་གྱིས་རློབས། །ཤིན་ཏུ་བྱིན་གྱིས་བརླབས་ནས་ནི། །སངས་རྒྱས་ཐམས་ཅད་འདུ་བར་འགྱུར། །ཞེས་སོ། །སློབ་མ་ལ་དབང་བསྐུར་བ་ནི་གོ་འཕང་གི་ཆོས་རྒྱུད་ཐེབ་ཅིང་བཀའ་ཐོབ་པའི་མཚན་ཉིད་ཅན་གྱི་ཕྱིར་རོ། ༈ །དུས་འཁོར་ལས། སྦྱིན་བདག་གིས་ནི་བསོད་ནམས་སླད་དུ་མཐའ་དག་ཚོགས་ཀྱི་རིགས་ལ་གཞན་དོན་དུ་ནི་གཉེར་བྱ་སྟེ། །བསོད་ནམས་འདི་ཡིས་རྣམ་གསུམ་སྲིད་པར་གནས་པའི་སེམས་ཅན་རྣམས་ནི་བླ་མ་བྱང་ཆུབ་མཆོག་ཐོབ་ཤོག །ཅེས་སོ། །ཇི་སྐད་དུ། ཇི་ལྟར་འདི་ནི་ཤིང་རྩ་གཙོ་བོ་སྟེ། །རྣམ་པར་འཕེལ་དང་ཀུན་འཛིན་གཉིས་ཀྱི་གཞི། །དེ་ཕྱིར་དམ་ཆོས་ཚོགས་རྣམས་ཀུན་གྱི་ཡང་། །རྒྱུ་དང་རྩ་བ་འདུལ་
བ་ཡིན་པར་གསུངས། །ཞེས་སོ། །བྱང་གཏེར་ཐུགས་སྒྲུབ་ལས། སྔགས་ཀྱི་བྱེ་བྲག་རང་བཞིན་བསམ་འདས་ཀྱང་༔ །སྔགས་ཀྱི་སྙིང་པོ་ཡི་གེ་ཧཱུྃ་ལ་འདུསཿ བདེ་གཤེགས་སྙིང་པོ་མ་འདུས་གང་ཡང་མེད༔ ཅེས་སོ། ༈ །རབ་གནས་སྐབས་རྟེན་བྱིན་རླབས་ཅན་རིང་བསྲེལ་སོགས་མཆོག་ཁྲུས་བྱས་པའི་བུམ་ཆུ་བུམ་པ་བརྒྱད་པོར་བླུགས་པ་དང་ཆབ་གཅིག་ཏུ་ཁྲུས་ཁང་བསྐྱེད་པ་དང་། ཏིལ་མར་དྲི་ལྡན་གྱིས་མཉེ་བ། ཤིང་ཤུན་ལྔ་སོགས་ཀྱི་ཕྱེ་མས་གཙུབ་པར་བྱས་རྗེས། དུས་འཁོར་ལྟར་དྲི་ཆུ་ཚུལ་བཞིན་དུ་བསྒྲུབ་པས་གཞི་བྱས་པ་ལ། རིམ་པར་རང་རང་གི་རྫས། དང་པོ་དྲི་སྣ་ཚོགས། མངར་གསུམ་ཞོ། འབྲས་བུ། འབྲུ། འབྲས་ཡོས། སྨན། རིན་ཆེན་སྣ་ཚོགས་དང་། དེ་བཞིན་མཉེ་ཞིང་རྩུབ་པའི་བུ་སྟོན་གྱིས་གསུངས་པ། རྫས་ཀྱང་། གཉིས་པ་ཕྱི་ཡི་བདུད་རྩི་ལྔ་མཉེ་བ། ཕྱེ་མ་གཙུབ་པ་མངར་གསུམ་གྱི་བུམ་པས་བཀྲུ་ཞིང་ཕྱི་བ་བཞི། དེ་བཞིན་གསུམ་པར་བ་བྱུང་ལྔས་མཉེ་བ། ཕྱེ་མ་གཙུབ་པ་དང་བཀྲུ་ཕྱི། བཞི་བར་དྲི་བཟང་སྣ་ཚོགས་ཀྱིས་མཉེ་ཞིང་གཙུབ་པ་དང་བཀྲུ་ཕྱི། ལྔ་བར་ཏིལ་མར་གྱིས་མཉེ་བ་དང་ཤིང་ཤུན་ལྔའི་ཕྱེ་མས་གཙུབ་པ་དང་བཀྲུ་ཕྱི། དྲུག་པར་ཏིལ་མར་གྱིས་མཉེ་བ་དང་སྐྱུ་རུའི་ཕྱེ་མས་གཙུབ་པ་དང་བཀྲུ་ཕྱི། བདུན་པར་ཡུང་བའི་ཕྱེ་མས་མཉེ་ཞིང་གཙུབ་པ་དང་བཀྲུ་ཕྱི། བརྒྱད་པར་ཏིལ་མར་གྱིས་
མཉེ་བ་དང་དྲི་བཟང་ལྔའི་ཕྱེ་མས་གཙུབ་པ་དང་བཀྲུ་ཕྱི་བྱ་བར་གསུངས་ཤིང་། མཆོག་ཁྲུས་སྟ་གོན་སྐབས་རིགས་བདག་གི་དབང་གི་དུས་ལས་ཀྱི་རྡོ་རྗེའི་གཙུབ་ཕྱིས་སྔོན་དུ་འགྲོ་བས་ལས་བུམ་གྱི་ཆུས་ཁྲུས་དང་། སློབ་དཔོན་གྱིས་རྣམ་བུམ་གྱི་ཆུས་དུང་ཆོས་སུ་བླུགས་པས་དབང་བསྐུར་བའི་ཚུལ་གྱིས་ཁྲུས་བྱ་བ་དང་། དངོས་ནི་དངོས་གཞིའི་དབང་གི་སྐབས་སུ་སློབ་དཔོན་གྱི་རྣམ་བུམ་བཟུང་ནས་མི་བསྐྱོད་པ་ཆུ་དབང་བྱ་བ་དང་ཆབ་གཅིག །ལས་རྡོར་གྱིས་མཉེ་ཕྱི་དང་ལས་བུམ་སྤྱི་ཁྲུས། སྐུ་ཕྱི། ན་བཟའ་རྒྱན་འབུལ་རྣམས་བྱ་བ་ལ་ངོས་འཛིན་ནོ། །རིམ་གསུམ་དུ། སྐུ་གཟུགས་ལ་སོགས་སྤྱན་དྲངས་ལ སྔགས་ཀྱི་བར་ཆད་བསྐྲད་ནས་ཀྱང་༔ ཞེས་དང་། རྒྱུད་ལས། ཚོགས་ཀྱི་འཁོར་ལོ་རབ་བསྐོར་ནས༔ ཞལ་བསོ་ཆེན་པོ་རབ་མཛད་ལ༔ ཞེས་དང་། གལྗོར། འཇིག་རྟེན་མ་སྟོང་བར་དུ་ནི། །སེམས་ཅན་ ལུས་ངག་སྒྲིབ་སྦྱོང་བའི། །དོན་མཛད་ཆོས་ཀྱི་འཁོར་ལོ་བསྐོར། །བཞུགས་པར་གསོལ་བ་གདབ་པར་བྱ། །ཞེས་དང་། འཁོར་ན་གནས་པའི་ཆོས་སྐྱོང་རྣམས། །གསང་སྔགས་སྲུང་མར་གཉེར་གཏད་ནས། །དགྲ་ཡི་འཇིགས་པ་སྲུང་བྱེད་པའི། །དཀོར་སྲུང་བྱེད་པར་བཀའ་ཡང་བསྒོ། །ཞེས་སོ། །རབ་རྒྱུད་དུ། དཀྱིལ་འཁོར་དང་ནི་རབ་གནས་ལ། །ཡར་གྱི་ངོ་ལ་བརྟག་པར་བྱ། །གཟའ་དང་རྒྱུ་སྐར་འཛོམ་གྱུར་
ན། །མར་གྱི་ངོ་ལ་ཉེས་པ་མེད། །གནམ་སྟོང་ལ་ནི་དེ་བཞིན་དུ། །བཅུ་བཞི་པ་༡༩ལ་བྱ་བ་མིན། །ཞེས་གནམ་སྟོང་དང་ཉེར་དགུར་གཏན་ནས་མི་རུང་བར་གསུངས། ཇོ་བོས། བྱང་བགྲོད་ཟླ་དྲུག་ཉིན་མོ་འཕེལ། །དེ་དྲུག་བཞི་ལ་བྱ་བ་སྟེ། །ཞེས་དགེ་བ། གང་ཚེ་གཟའ་དང་རྗེས་མཐུན་ན། །ནག་པོའི་ཕྱོགས་ལ་བརྩམ་པར་བྱ། །ཞེས་གསུངས་པས་ལྷོ་བགྲོད་ལ་ཡང་གཏན་ནས་མི་རུང་བ་མ་ཡིན་ནོ། ༈ །རྗེ་བློ་བཟང་གྲགས་པས་ལམ་རིམ་དུ། བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །གསུང་རབས་མ་ལུས་གདམས་པར་འཆར་བ་དང་། །རྒྱལ་བའི་དགོངས་པ་བདེ་བླག་རྙེད་བ་དང་། །ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་སྲུང་། །ཞེས་དང་། མདུན་ལེགས་མར། རྒྱུད་སྡེ་འོག་མ་རྣམས་ཀྱི་ཚུལ། །མི་ཤེས་དེ་ཡིས་རྣལ་འབྱོར་བླ་མེད་རྒྱུད། །རྒྱུད་སྡེ་ཀུན་གྱི་མཆོག་ཏུ་ཐག་བཅད་ཀྱང་། །དམ་བཅའ་ཙམ་དུ་ཟད་པ་ལེགས་མཐོང་སྟེ། །གསང་བ་སྤྱི་རྒྱུད་ལེགས་པར་གྲུབ་པ་དང་། །དཔུང་བཟང་གིས་ཞུས་སྤྱི་དང་བྱེ་བྲག་གི །རྒྱུད་སྡེ་རྣམས་ལ་རིང་དུ་འདྲིས་པར་བྱས། །རྒྱུད་སྡེ་གཉིས་པ་སྤྱོད་པའི་རྒྱུད་རྣམས་ཀྱི། །གཙོ་བོར་གྱུར་པ་རྣམ་སྣང་མངོན་བྱང་གི །རྒྱུད་ལ་སྦྱངས་བས་སྤྱོད་པའི་རྒྱུད་ཀྱི་ཕྱོགས། །གང་ཡིན་དེ་ཡང་ལེགས་པར་ངེས་པ་བྱས། །རྒྱུད་སྡེ་གསུམ་པ་རྣལ་འབྱོར་རྒྱུད་རྣམས་ཀྱི། །གཙོ་བོ་དཔལ་ལྡན་དེ་
ཉིད་འདུས་པའི་རྒྱུད། །གང་ཡིན་དེ་ཡང་ལེགས་པར་ངེས་པ་བྱས། །བཞི་པ་རྣལ་འབྱོར་བླ་ན་མེད་པ་ལ། །འཕགས་ཡུལ་མཁས་པ་རྣམས་ལ་ཉི་ཟླ་ལྟར། །ཡོངས་སུ་གྲགས་པའི་ཕ་རྒྱུད་འདུས་པ་དང་། །རྣལ་འབྱོར་མ་རྒྱུད་ཀྱེ་རྡོར་བདེ་མཆོག་གི །རྩ་རྒྱུད་བཤད་པའི་རྒྱུད་ལ་སོགས་པ་དང་། །བསྡུས་རྒྱུད་གཞན་དང་བཤད་སྲོལ་མི་འདྲ་བའི། །ཤིང་རྟའི་སྲོལ་འབྱེད་དུས་ཀྱི་འཁོར་ལོའི་རྒྱུད། །གསལ་བྱེད་དྲི་མེད་འོད་ལ་སོགས་པར་སྦྱངས། །ཞེས་སོ། །དེ་ཡང་མཁས་དབང་བུ་སྟོན་གྱིས་དུས་འཁོར་དང་། ས་སྐྱ་པ་ཡབ་སྲས་ཀྱིས་ཀྱེ་རྡོར་ཁོ་ན་གཉིས་མེད་རྒྱུད་དུ་འདོད། འཇམ་མགོན་ཙོང་ཁ་པས་བླ་མེད་ ཀྱི་རྒྱུད་ཐམས་ཅད་གཉིས་མེད་དུ་བཞེད་པ་སོགས་མང་ངོ་། །ལར་ཙོང་ཁ་པས་བཤེས་གཉེན་དར་ཡུལ་བ་ལ་བརྟེན་ནས་སྔ་འགྱུར། ཐེལ་དང་འབྲི་གུང་གི་སྤྱན་སྔར་ཆོས་དྲུག་ལྔ་ལྡན་སོགས་བཞེད་ཀྱང་། མཚན་ཉིད་ས་ལུགས་དང་། སྔགས་བུ་ལུགས་གཙོར་བཏོན་མཛད་དོ། ༈ །ཚར་ཆེན་གྱིས། རྒྱལ་ཡུམ་བདག་མེད་མཁའ་འགྲོ་ལ། །པཎ་གྲུབ་དབང་པོ་བཱི་རུ་པས། །ནོས་པ་ནས་བཟུང་ད་ལྟའི་བར། །རྩ་བའི་བླ་མ་ཡན་ཆད་དུ། །དབང་བཞིའི་ཆུ་བོ་མ་ནུབ་པ། །ཚད་མ་བཞི་ལྡན་དབང་བཞིའི་ལམ། །རྡོ་རྗེ་ཐེག་པའི་སྙིང་པོ་ཡིན། །ཞེས་དང་། འཇམ་དབྱངས་མཁྱེན་བརྩེས། རྗེས་འབྲངས་མཁས་དང་གྲུབ་པར་གྲགས་
རྣམས་ལ། །ཐུན་མོང་གདམས་པའི་དཔལ་འབྱོར་མཐའ་ཡས་མོད། །གསང་ཆེན་སློབ་བཤད་བདུད་རྩིའི་ཐིགས་པ་འདི། །མཁས་རློམ་ཕལ་གྱི་རྣ་བའི་སྤྱོད་ཡུལ་མིན། །ཞེས་པ་ལྟར་སྙན་བརྒྱུད་ཚད་མ་བཞི་ལྡན་ཏེ། དང་པོ་སྙན་བརྒྱད་བཞི་ནི། ཚར་ཆེན་གྱིས། དེ་ཡང་ཐོག་མར་ཚོགས་ཀྱི་འཁོར་ལོ་དང་། །རིན་ཆེན་གསེར་གྱི་མཎྜལ་ལ་སོགས་པས། །སྙན་བརྒྱད་དང་པོའི་རྟེན་སྙན་བརྒྱུད་གཉིས་པ་བྱིན་རླབས་རྗེས་གནང་བྱིན། །སྙན་བརྒྱུད་གསུམ་པ་གདམས་པའི་དངོས་གཞི་འདི། །བཀླག་ལུང་མིན་པར་ལག་ལེན་དམར་ཁྲིད་དུ། །སྦྱིན་པས་སྙན་བརྒྱུད་བཞི་པ་ཤུགས་ལས་འབྱུང་། ཞེས་དང་པོ་བླ་མ་དང་ཆོས་སྐྱོང་ཌཱ་ཀི་མཉེས་པར་བྱས་ཏེ་སྙན་བརྒྱུད་དང་པོའི་རྟེན་འབྲེལ་ཀུན་བསྒྲིག །གཉིས་པ་དབང་བྱིན་རླབས་རྗེས་གནང་སོགས་བཀའ་ཆུ་བོའི་རྒྱུན་མ་ནུབ་པ། གསུམ་པ་མཚན་གསེར་འགྱུར་གྱི་རྩི་འདྲ་བར་གདམས་པའི་ས་རྒ་མ་ལོག་པར་བརྟེན། བཞི་པ་མོས་གུས་གཞོན་ནུ་མའི་བདེ་བ་ལྟ་བུ་ཤུགས་ལས་འབྱུང་བའི་གོ་རིམ་མ་ལོག་པར་མཛད་པའང་ཡོད་ཅིང་། གཞན་དུ་ཡོངས་སུ་གྲགས་པའི་ཚད་མ་བཞི་ལྡན་ཏེ། སཾ་བུ་ཊར། བསྟན་བཅོས་ཚད་མ་སློབ་དཔོན་དང་། །ལུང་གི་རྗེས་འབྲངས་དེ་ཉིད་རིག །གསང་སྟོན་དེ་ཉིད་དངོས་པོ་ཡང་། །གཅིག་ནས་གཅིག་བརྒྱུད་ཤེས་པར་བྱ། །ཞེས་
ཁོག་དབུབ་ལོ་རྒྱུས་ཀྱིས་དད་པ་བསྐྱེད་པ་བླ་མ་ཚད་མ། ཉམས་ཁྲིད་ལ་ལས་སྦྱོར་སོགས་དམར་ཁྲིད་སྟོན་བཞིན་ལག་ཏུ་ཁེལ་བ་ཉམས་མྱོང་ཚད་མ། རྒྱབ་བརྟེན་མན་ངག་དཔེ་བུམ་རྣམས་ཀྱི་བསྟན་བཅོས་ཚད་མ། བཤད་ཁུངས་རྒྱུད་དང་རྒྱུད་གཞུང་རྣམས་ཀྱི་ལུང་ཚད་མ་སྟེ་བཞིའོ། །དེ་ལྟར་ཡང་ཀུན་མཁྱེན་ལྔ་པས། ཚོགས་ལས་ཁྱད་པར་གྱུར་པ་སློབ་བཤད་ཅེས། །ཟབ་པ་ལས་ཟབ་སྙན་བརྒྱུད་ཡིད་བཞིན་ནོར། །ཁའུ་བྲག་རྫོང་བསྟན་པའི་སྲོལ་འབྱེད་མཁན། །རིགས་རྣམས་ཀུན་གྱི་ཁྱབ་བདག་ཚར་པ་རྗེ། །ཞེས་སོ། ༈ །ཕ་རྒྱུད་གསང་འདུས་ནི། གསང་བ་འགྲུབ་པར། དཔལ་ལྡན་འདུས་ལས་མཆོག་གཞན་མེད། །འཇིག་རྟེན་གསུམ་གྱི་རིན་ཆེན་འགྱུར། །སྙིང་པོ་ལས་ནི་སྙིང་པོ་མཆོག །རྒྱུད་རྣམས་ཀུན་གྱི་བླ་མའི་བླ། །ཞེས་ཆེས་ཆེར་བསྔགས་པ་ལྟར་དཔལ་གསང་བ་འདུས་པ་རིགས་དྲུག་དང་། རྒྱ་གར་དུ་འཕགས་སྐོར་དང་། ཡེ་ཤེས་ཞབས་ལུགས་གཉིས། དེ་ཉིད་བོད་ཡུལ་འདིར་སྔ་མར་བཀའ་བབས་བདུན་དང་། ཕྱི་མ་དྲུག་ཏུ་གྱུར། གཞན་ཡང་རིགས་དྲུག་ཏུ་གཏོགས་པ་དམར་ནག་འཇིགས་གསུམ་སོགས་ཤིན་ཏུ་མང་སྟེ་དགེ་ལྡན་པར་དར་རྒྱས་ཆེ། ༈ །མ་རྒྱུད་ལ། ཧེ་རུ་ཀ །རྣམ་སྣང་། རྡོ་རྗེ་ཉི་མ། པདྨ་གར་དབང་། རྟ་མཆོག །རྡོ་རྗེ་འཆང་སྟེ་རིགས་དྲུག །ཆ་མཉམ་སྟེ་རིགས་བདུན་ཡོད་པ། བདེ་མཆོག་
ལ་ལོ་ནག་དྲིལ་གསུམ། དགྱེས་རྡོར་ལ་རྡོ་རྗེ་སྙིང་པོ་སོགས་འགྲེལ་མཛད་བཅུ་གཉིས་སོགས་འཕགས་ཡུལ་དུ་བྱུང་བ་ལས་ལམ་ཡོངས་སུ་རྫོགས་པ་དྲུག་ཏུ་ངེས་ལ། བོད་ཡུལ་འདིར་མར་དང་དཔྱལ་ལོ་སོགས་ ལ་བྱུང་ཡང་ཚང་བར་མ་བཤད། ཡོངས་སུ་རྫོགས་པ་དཔལ་ས་སྐྱ་པར་བཀའ་བབས་གསུམ་ལ། དང་པོ་བིརླ་པ་དང་ཡེ་ཤེས་མཁའ་འགྲོ་མས་དངོས་སུ་བྱིན་རླབས་ཌོམྦི་པས་བཀྲལ་བ་ཌོམྦིའི་ལུགས། སློབ་དཔོན་ཨཾ་ག་ནིའི་རྗེས་སུ་འབྲང་པའི་སློབ་དཔོན་པདྨ་བཛྲ་གྱིས་བཀྲལ་བ་འདི་མཚོ་སྐྱེས་ལུགས། སློབ་དཔོན་དམ་ཚིག་རྡོ་རྗེས་བཀྲལ་བའི་ནག་པོ་ལུགས་དང་གསུམ་ལས། བིནྡྲ་པའི་ལུགས་སམ་མན་ངག་གི་ལུགས་ལྷ་དགུ་པ་ནི་གཙོ་བོ་ཉིད་དོ། ༈ །གཉིས་མེད་དུས་ཀྱི་འཁོར་ལོ་ཞེས་རྒྱུད་སྡེ་གཞན་དང་བཤད་ཚུལ་མི་འདྲ་བ་ནི། གངས་ཅན་འདིར། འཕྲོ་ལུགས། གོ་ལུགས། རྭ་ལུགས། ས་ལུགས། ནག་ལུགས་སོགས་བཀའ་བབས་ཉི་ཤུ་བཅོ་ལྔ་བྱུང་པས། དེང་སང་རྒྱུན་ཡོངས་སུ་གྲགས་པ་ནི་བུ་ལུགས་སོ། ༈ །མཆོད་པ་ཐམས་ཅད་ཀྱང་བླ་ན་ཡོད་མེད་གཉིས་སུ་འདུ་ལ། དེ་ཡང་ཞིང་ནི་སངས་རྒྱས་སོགས་མཆོད་པ་བླ་མ། ཚང་དབང་སོགས་ལ་མཆོད་པ་བླ་ན་ཡོད་པའོ། །བསམ་པའི་ཁྱད་པར་མཐོ་རིས་ལ་དམིགས་པ་བླ་ན་ཡོད་པ་དང་། ཐར་པ་ལ་དམིགས་པ་བླ་མ། རང་བཞིན་མེད་པའི་ཤེས་རབ་ཀྱིས་ཟིན་
པ་བླ་མེད། མ་ཟིན་པ་བླ་ན་ཡོད་པ་སོགས་དབྱེ་བ་མང་ངོ་། །དུས་འཁོར་རྩ་རྒྱུད་ཀྱི་དུམ་བུ་བླ་མའི་དགོངས་པ་ཡོན་ཏན་ཡོངས་སུ་བཟུང་བ་ལས། ཉེ་དུ་འབྲེལ་པ་ཤུལ་ན་གནས་པ་ཡི། །གཤིན་གྱི་དུས་སུ་དགེ་བ་གང་བྱས་པའི། །རྣམ་པར་སྨིན་པ་བས་ཕྱིར་བེའུ་བཞིན། །གང་དུ་སྐྱེས་བ་དེ་ཡི་རྗེས་སུ་འབྲང་། །དེ་བཞིན་མོས་གུས་ལྡན་པའི་སློབ་མ་ཡིས། །བླ་མ་འདས་ནས་གདུང་པས་མཆོད་བྱས་ན། །ཐུགས་ཀྱི་དགོངས་པ་གོང་དུ་ཡོངས་རྫོགས་ཤིང་། །སློབ་མས་བླ་མའི་རྣམ་ཐར་སྙོགས་པར་འགྱུར། །བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་དག །ངེས་པར་བཟུང་སྟེ་མཆོད་པ་བྱས་གྱུར་ན། །བསྐལ་པར་བསགས་པའི་སྡིག་པ་རབ་བཅོམ་ནས། །ཤིན་ཏུ་མི་བཟད་གཤིན་རྗེའི་གྲོང་ལས་ཐར། །སྟོང་གསུམ་སྐྱེ་བོ་མིག་བྲལ་སྲོག་ཉམས་ལ། །མིག་སྲོག་བྱིན་ཀྱང་དེ་ཡི་དཔེར་མི་ཕོད། །དེ་རྙེད་སྐྱེ་བོ་དགྲ་བཅོམ་ལ་བཀོད་ནས། །བསྐལ་བར་གྲངས་མེད་བསགས་པའི་སྒྲིབ་པ་ཡང་། །མུན་པར་ཉི་མ་ཇི་བཞིན་མ་ལུས་སེལ། །ཞེས་སོ། །པཎ་ཆེན་ཤཱཀྱ་ཤྲཱིས། མངོན་བྱང་ཆུབ་དང་ཆོས་འཁོར་བསྐོར། །ལྷ་བབས་ཆོ་འཕྲུལ་ཆེན་པོ་སྟེ། །དད་ལྡན་བསོད་ནམས་གསོག་བྱེད་པས། །ཁྱད་པར་ཅན་གྱི་དུས་ཆེན་ཡིན། །ཞེས་ས་ག །ཆུ་སྟོད། མཆུ། དབྱུག་པ་ཟླ་བ་བཞིའོ། ༈ །དུས་འཁོར་དབང་ལེར། ཟླུམ་པོ་བརྒྱད་གཉིས་སོར་དུ་བརྗོད་དེ་གཉིས་
ཀྱིས་བསྒྱུར་བའི་བཅུ་ཡི་དཔངས་དང་སོར་གཉིས་དག་གི་མཆུ། །དུག་གི་མགྲིན་པ་སོར་བརྒྱད་ཁ་དེར་རི་བོང་འཛིན་པ་ལྟར་དཀར་ཞི་རྒྱས་པའོ་གཞན་ལ་མིན། །ཞེས་ཁྲུས་བུམ་དང་རྣམ་བུམ་སོགས་རྒྱུར་སོར་བཅུ་དྲུག །དཔངས་ལ་ཉི་ཤུ། མགྲིན་པར་དྲུག །ཁ་སོར་བརྒྱད་དུ་བྱས་པའི་གསུམ་ཆ་གཉིས་པ་ལ་བུག་པ་ཡོད་པ། མཆུ་སོར་གཉིས་པ་འཕྱང་བ་རྒྱས་པ་སོགས་ལས་བཞིའི་མཚན་མ་ཡོད་པ་སྟེ་སྔ་ཐོག་ཏུ་རེ་གཉིས་ཡོད་རུང་། འཕགས་པ་རིན་པོ་ཆེ་རྒྱ་ནག་ཏུ་ཕེབས་སྐབས་བྱ་བ་སླ་ཕྱིར་ལྟོ་བར་ངང་པའི་རྐེ་འདྲ་བའི་མཆུ་དང་། མཛེས་བཅོལ་བའི་ཞབས་ར་སོགས་དར་བ་ཡིན་ནོ། ༈ །མདོ་ཕྱོགས་ཀྱི་མཆོད་པ། ཕར་ཕྱིན་བཟང་སྤྱོད་ཡན་ལག་བདུན་པ་སོགས་སུ་བཞི་རེ་དང་། སྤྱོད་འཇུག་མཆོད་པའི་ལེའུར། བདག་པོས་མ་བཟུང་བ་དང་། རང་གི་ལུས་དབུལ་བ་དང་། བློས་སྤྲུལ་པའི་མཆོད་པ་སྟེ་གསུམ། སྔགས་ལ་ཐུན་མོང་དུ་ཆུ་གཉིས་སམ་བཞི་དང་ཉེར་སྤྱོད་ལྔ། བྱ་སྤྱོད་ཐུན་མོང་འོད་ཟེར་དྲི་མེད་ཀྱི་མཆོད་པ་ཉེར་གསུམ། རྣལ་འབྱོར་རྒྱུད་ལ་ཅོད་པན་སོགས་མཆོད་རྫས་ཉེར་ལྔ། སྒེག་སོགས་ལྷ་མོ་བརྒྱད། མཆོད་ཡོན་ཨདྷཾ་པདྡྷཾ། གོང་གི་སྟེང་པཉྩ་མ་ནི་སྔོཀྵ་ནམ་གཉིས་བསྣན་པ། སོགས་ཉེར་གཅིག །རྡོ་རྗེ་ལྷ་མོ་བཅུ་དྲུག་ཐུན་མོང་བ་བླ་མེད་ཕ་རྒྱུད་ལ། ལཱ་ལི་ཏ་བཛྲའི་བཞེད་པ་ལྟར་རྡུལ་གཡབ་སོགས་མཆོད་པ་ཉི་ཤུ་པར་གྲགས་པ།
མ་རྒྱུད་ལ་ཡོངས་སུ་གྲགས་པའི་མཆོད་པ་ཁྱད་པར་གྱི་རིག་མ་བཅུ་དྲུག །བརྟག་གཉིས་ལས་གསུངས་པའི་གསང་བ་དེ་ཁོ་ན་ཉིད་ཀྱི་ལྷ་མོ་བརྒྱད་ཀྱིས་མཆོད་པ། དཀར་མོ་རི་དྭགས་མཚན་མ་འཛིན། །། སོགས་དང་། གཉིས་མེད་ཀྱི་རྒྱུད་དུས་འཁོར་དུ་མཆོད་པ་རྣམ་པ་བཅུ་གསུམ། སྔ་འགྱུར་ལ་རྒྱ་གར་གྱི་སློབ་དཔོན་མ་ཏིས་མཛད་པ་བཛྲ་ལཱ་སྱེ་སོགས་བཅུ་གཉིས། མངའ་བདག་ཆོས་ཀྱི་དབང་ཕྱུག་གི་བླ་མ་ གསང་འདུས་ཀྱི་གར་དག་སྣང་བ་བཀའ་དྲིན་ཅན་མའི་གར་སོགས་སུ་གྲགས་པ་མཐའ་ཡས་སོ། །ཏིང་འཛིན་རྒྱལ་པོར། སྤོས་མཆོག་ཕྲེང་བ་མེ་ཏོག་བདུག་པ་དང་། །རོལ་མོ་སིལ་སྙན་མང་བ་རབ་ཐོགས་ལ། །རྒྱལ་བའི་མཆོད་རྟེན་དག་ལ་མཆོད་པར་བགྱི། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་ཐོབ། །ཅེས་སོ། །བློ་གྲོས་བཟང་པོས་ཞུས་པ་ལས། དུས་སུ་སྦྱིན་དང་འགྱོད་པ་མེད་པ་དང་། །ཡིད་འོང་སྦྱིན་དང་རྣམ་སྨིན་མི་རེ་བ། །དཔའ་བོ་རྣམས་ཀྱིས་ལས་འདི་བྱས་པ་ན། །རྟག་ཏུ་ལོངས་སྤྱོད་ཆེན་པོ་ཐོབ་པ་ཡིན། །ཞེས་སོ། །ཆོས་ཡང་དག་པར་སྡུད་པ་ལས། བྱང་ཆུབ་སེམས་དཔའི་གཏོང་བ་ནི་རྣམ་པ་གསུམ་སྟེ། གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བའོ། །ཞེས་སོ། །ཕར་ཕྱིན་བསྡུས་པ་ལས། ཚེ་དང་སྤོབས་པ་སངས་རྒྱས་སྟོབས་ལ་སོགས། །འགྲོ་བ་ཀུན་ལ་བདག་གིས་བསྒྲུབ་བྱ་ཞིང་། །ཟང་ཟིང་སྦྱིན་པས་
བསྡུས་པའི་སེམས་ཅན་དག །བདག་གི་དམ་ཆོས་སྣོད་དུ་གྱུར་ཏོ་ཞེས། །དེ་ལྟར་བདག་གིས་ཁ་ཟས་སྐོམ་རྣམས་བཏང་། །རང་གི་ཕུན་ཚོགས་བསྒྲུབ་པར་བྱ་ཕྱིར་མིན། །ཞེས་དང་། སྦྱིན་པའི་འབྲས་བུ་མང་པོ་ཐོབ་གྱུར་ནས། །སྲིད་པའི་མུན་ནག་འཐོམ་པའི་སྐྱེ་བོ་ལ། །དམ་པའི་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་གྱིས། །ཞེས་སོ། །དཀོན་མཆོག་ཏ་ལ་ལས། དེ་དག་བསྡུ་བའི་དངོས་པོ་བཞི་བརྩོན་ཅིང་། །གང་དག་བསྡུ་བའི་དངོས་པོ་བཞིར་བརྩོན་པ། །དེ་དག་འགྲོ་བའི་དོན་ནི་མཐའ་ཡས་བྱེད། །ཅེས་དང་། མི་འཇིགས་སྦྱིན་པ་སེམས་ཅན་གང་བསྐྱབས་དང་། །སྲོག་བསད་པ་ལས་ལྡོག་པར་བྱས་པ་དང་། །འཇིགས་པ་སྐྱབས་ཚོལ་རྣམས་ལ་བསྐྱབས་བྱས་པས། །མི་འཇིགས་སྦྱིན་པའི་འོད་ཟེར་དེས་གྲུབ་བོ། །ཞེས་སོ། །རྡོ་རྗེ་རྩེ་མོར། སྙན་ཅིང་བདེན་པར་སྨྲ་བ་ཡིས། །ཞེ་སྡང་འཇོམས་བྱེད་བྱམས་པ་བསྒོམ། །ཞེས་སོ། །རྡོ་རྗེ་གུར་ལས། །གར་དང་གླུ་ལ་རབ་ཞེན་པའི། །སེམས་ཅན་རྣམས་ནི་བསྡུ་བའི་ཕྱིར། །སངས་རྒྱས་གར་མཁན་རོལ་པར་མཛད། །ཅེས་དང་། སངས་རྒྱས་འབྲས་བུ་འདོད་པ་ཡིས། །བདེ་བ་རངས་ཤིང་གར་དང་ནི། །གླུ་དང་རོལ་མོའི་སྒྲ་བྱེད་པ། །དྲི་དང་ཕྲེང་བ་བྱུགས་པ་ཡིས། །རིག་པའི་རྒྱལ་པོ་རབ་ཏུ་འགྲུབ། །ཅེས་སོ། །མདོ་སྡེ་རྒྱན་ལས། རྣམ་དག་སྨིན་ཅིང་ཐོས་སོགས་དྲན་མི་བརྗེད། །དེ་བཞིན་ལེགས་བཤད་ཉེས་
པར་སྨྲས་པ་དག །རབ་ཤེས་བློ་ཆེན་སྐྱེ་བར་རུང་བ་ཉིད། །ཤིན་ཏུ་ཡིད་གཞུང་ཡོངས་སུ་སྨིན་པའི་མཚན། །ཞེས་སོ། །ཇི་སྐད་དུ། ཕན་ཡོན་མཐོང་བའི་ཤེས་རབ་ཅན། །རྩེ་གཅིག་བསམ་པའི་བསམ་གཏན་ཅན། །བརྟན་ཅིང་སྤྲོ་བའི་བརྩོན་འགྲུས་ཅན། །དཀའ་སྤྱད་མི་སྐྱོ་བཟོད་བསྲན་ཅན། །ངང་རིང་ཚིག་འཇམ་ཚུལ་ཁྲིམས་ཅན། །གཡོ་མེད་གཏོང་ཕོད་སྦྱིན་པར་ལྡན། །ལྷ་དང་བཟོ་བོར་དད་གུས་པ། །རིམ་གྱིས་དགའ་བ་བསྒོམ་པའོ། །ཞེས་སོ། །སྨན་དང་དོན་འགྲུབ་པའི་ཆ་ཚད་ཡིད་བཞིན་ནོར་བུར། ཀུན་མཁྱེན་ལྷག་བསམ་རབ་དཀར་ལུས། །ཁྲེལ་ཡོད་ངོ་ཚའི་གོས་རྒྱན་ལྡན། །དད་དང་གཏོང་ཕོད་ཚོགས་མཆོད་ཀྱིས། །ལྷ་དང་བཟོ་བོ་དབྱེར་མེད་མཆོད། །ཅེས་སོ། །ཡོན་ཏན་འབྱང་གནས་ལས། །དད་འདུན་བརྩོན་འགྲུས་སྙིང་རྗེར་ལྡན། །དགེ་ལ་མངོན་སྤྲོ་གཏོང་ཕོད་ཅན། །བརྟན་ཅིང་ངང་རིང་གཡོ་སྒྱུ་མེད། །ལྷ་དང་བཟོ་བོ་ལ་གུས་པའོ། །ཞེས་དང་། སྡིག་ལ་མི་འཛེམ་དད་འདུན་ཆུང་། །ཚེ་འདིའི་འདོད་ཡོན་གྲགས་འདོད་བློ། །ངང་ཆུང་ཐེག་ཆུང་འགྱོད་སེམས་ཅན། །མི་བསྒྲུབ་བསྒྲུབ་འདོད་འཕྲོར་འཇོག་པ། །ཕན་ཡོན་དག་ལ་ཐེ་ཚོམ་དང་། །ལྷ་དང་བཟོ་བོ་སྨོད་པའོ། །ཞེས་སོ། །ཕལ་པོ་ཆེ་ལས། རིག་པས་བརྩོན་པས་དཀོན་མཆོག་རྣམ་གསུམ་ལ། །སྦྱོར་བ་སྐྱོ་བ་མེད་པས་མཆོད་བྱས་ན། །
དེ་དག་བདུད་བཞིའི་ལམ་ལས་རབ་འདས་ཏེ། །བྱང་ཆུབ་བླ་མེད་མྱུར་དུ་རེག་པར་འགྱུར། །ཞེས་སོ། །ཆོས་ཐམས་ཅད་ཀྱི་རྒྱལ་པོ་ལས། ལྷ་དང་བཅས་པའི་འཇིག་རྟེན་ན། །དཀོན་མཆོག་གསུམ་པོ་མ་གཏོགས་པ། །ཡོན་གྱི་གནས་ནི་འགའ་ཡོད་མིན། །ཞེས་དང་། སོར་ཕྲེང་ལ་ཕན་པའི་མདོ་ལས། ཆོས་དང་དགེ་འདུན་གཉིས་ནི་ཐབས་ཀྱི་སྐྱབས་ལགས་ཏེ། །དེ་བཞིན་གཤེགས་པ་སྐྱབས་མེད་སྐྱོབས་Wདང་དོན་དམ་སྐྱབས། །དེ་བཞིན་གཤེགས་པ་ཀུན་གྱི་སྐྱབས་ལགས་ཏེ། །དེ་ཡི་སླད་དུ་དེ་བཞིན་གཤེགས་ལ་སྐྱབས་སུ་མཆི། །ཞེས་སོ། །བུ་མོ་ཟླ་བ་མཆོག་ལུང་བསྟན་པའི་མདོ་ལས། དེ་དག་བདག་གིས་སྒྲ་ཐོས་སངས་རྒྱས་ནི། །འགྲོ་བ་སྒྲོལ་ཕྱིར་ཟང་ཟིང་མེད་སྤྱད་ཅིང་། །འཇིག་རྟེན་བརྩེ་ཕྱིར་ཐུགས་རྗེ་བསྐྱེད་ནས་ནི། སངས་རྒྱས་བསོད་སྙོམས་སླད་དུ་འཇིག་རྟེན་རྒྱན། །གལ་ཏེ་རྒྱལ་བ་དེ་དག་མཆོད་འདོད་ན། །སངས་རྒྱས་ཉིད་ཕྱིར་ཁྱོད་ཀྱིས་སྨོན་ལམ་ཐོབ། །བྱང་ཆུབ་སེམས་བསྐྱེད་བརྟན་གྱུར་གང་ཡིན་པ། །དེ་ལས་ལྷག་མཆོད་སྲིད་པ་གསུམ་ན་མེད། །ཅེས་སྒྲུབ་པའི་བཀུར་སྟི་ནི་ཤིན་ཏུ་མཆོག་སྟེ་བདག་ཉིད་རྫོགས་སངས་རྒྱས་ནས་མཁའ་ཁྱབ་ཀྱི་འགྲོ་བ་སྒྲོལ་བར་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་སྨོན་ལམ་ནན་ཏན་དུ་བྱ་བ་ལ་ནི་ཕན་ཡོན་གཞལ་དུ་མེད་པའོ། །འོན་ཀྱང་འཇིག་རྟེན་ལ་ཐུགས་བརྩེ་བས་དེ་དག་བསོད་
ནམས་གསོག་པའི་སླད་དུ་བསོད་སྙོམས་སོགས་བཞེས་པའི་ཚུལ་བསྟན་པ་ཡིན་ཕྱིར་ཟང་ཟིང་གི་མཆོད་པ་སྐུ་གསུང་ཐུགས་རྟེན་བཞེངས་པ། དེ་དག་ལ་བཀུར་སྟི་བྱས་པས་ཚོགས་དཔག་ཏུ་མེད་པ་འདུམས་ལ། ཁྱད་པར་ཉན་རང་གི་ཞི་བདེའི་བསམ་པ་དང་འཇིག་རྟེན་རྒྱུར་དམིགས་པ་སྤངས་ཏེ། འགྲོ་བ་ཀུན་གྱི་དོན་དུ་བདག་ཉིད་རྫོགས་པའི་སངས་རྒྱས་ཐོབ་སྟེ་ཐམས་ཅད་སྒྲོལ་བའི་སེམས་བསྐྱེད་རླབས་ཀླུ པོ་ཆེའི་ཐབས་མཁས་དང་འབྲེལ་ན་བསོད་ནམས་ཁྱད་པར་དུ་འཕགས་པ་ཡིན་ནོ། ༈ །མཆོད་རྟེན་བཞེངས་པའི་ཕན་ཡོན་ནི། མྱང་འདས་ལས། ལྷ་དང་མི་དང་འཁོར་རྣམ་པ་བཞིས་རིན་ཆེན་སྣ་བདུན་གྱིས་མཆོད་རྟེན་བྱས་ཏེ་རིང་བསྲེལ་ལ་མཆོད་ན་བསོད་ནམས་དཔག་ཏུ་མེད་པ་ཐོབ་ཅིང་། སེམས་ཅན་མཐའ་དག་སྲིད་པ་གསུམ་གྱི་སྡུག་བསྔལ་སྤངས་ཏེ་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་འགྱུར་རོ། །ཞེས་དང་། དེ་བཞིན་པད་དཀར། སྒྲ་ཆེན་པོའི་མདོ། དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ། ཟ་མ་ཏོག་བཀོད་པ། ཆོ་འཕྲུལ་རྣམ་པར་བསྟན་པའི་མདོ། ཆོས་བསམ་གྱིས་མི་ཁྱབ་པར་བསྟན་པ། ལས་ཀྱི་རྣམ་པར་སྨིན་པ་བསྟན་པའི་མདོ། ཁང་བུ་བརྩེགས་པའི་མདོ། ལས་དང་ཕན་ཡོན་བསྟན་པའི་ཆོས་ཀྱི་རྣམ་གྲངས། རྨད་དུ་བྱུང་བའི་ཆོས་ཀྱི་རྣམ་གྲངས་སོགས་ལས་རྒྱ་ཆེར་བསྟན་ལ། དེ་སྐད་དུ་བྱ་
རྒྱུད་གཙུག་ཏོར་དྲི་མེད་སྣང་བར། མཆོད་རྟེན་གྱི་ལས་བྱས་ན་ཚེ་ཟད་པ་ཡང་སླར་ནུར་ཏེ་ཚེ་རིང་བར་བྱེད་དོ། །གལ་ཏེ་ཤི་བོར་ན་ཡང་སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་འཇིག་རྟེན་གྱི་ཁམས་། བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །འཆི་བའི་སྡུག་བསྔལ་མྱོང་བར་མི་འགྱུར་རོ། །ཕྱིན་ཆད་ནམ་ཡང་འཆི་བའི་ཚོར་བ་མཐོང་བར་མི་འགྱུར་རོ། །ཕྱིན་ཆད་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། གཤིན་རྗེའི་འཇིག་རྟེན་དང་། ངན་འགྲོར་འགྲོ་ཞིང་སྐྱེ་བར་མི་འགྱུར་རོ། །ཕྱིན་ཆད་སེམས་ཅན་དམྱལ་བའི་སྒྲ་རྣ་ལམ་དུ་གྲགས་པར་མི་འགྱུར་ན། འབྲས་བུ་རྣམ་པར་སྨིན་པར་འགྱུར་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ། །ཞེས་སོ། །དེ་བཞིན་དུ་སློབ་དཔོན་དཔའ་བོས། བདེ་བར་གཤེགས་པའི་མཆོད་རྟེན་ལ། །དགའ་བས་སྲོག་ཤིང་འཛུགས་བྱེད་ཅིང་། །གདུགས་དང་ དྲིལ་བུ ་རྣམས་དང་ནི། །གདུགས་ཀྱི་ཕྲེང་བ་འབུལ་བྱེད་པ། །དེ་དག་མིར་ནི་རྒྱ་ཆེ་ཞིང་། །དཔལ་ནི་ཕུན་སུམ་ཚོགས་པ་ཐོབ། །ཅེས་སོགས་རྒྱ་ཆེར་བསྟན་ཏོ། །ཏིང་འཛིན་རྒྱལ་པོ་ལས། དེ་བཞིན་གསེར་དག་དང་ནི་དངུལ་དག་དང་། །ཙནྡན་གྱི་ནི་སྐུ་གཟུགས་བཟོ་བ་དག །མཛེས་ཤིང་ཤིན་ཏུ་ལྟ་ན་སྡུག་པ་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་ཐོབ། །ཅེས་དང་། པདྨ་དཀར་པོར། རོ་ཉེ་དང་ནི་ལྕགས་སམ་ས་ཡང་རུང་། །བདེ་བར་གཤེགས་
པ་རྣམས་ཀྱི་གཟུགས་བྱས་ཏེ། །བལྟ་ན་སྡུག་པ་འཇིམ་པ་ལས་བྱེད་བཅུག །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་སོགས་དང་། གཞན་ཡང་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ། སྤྱན་རས་གཟིགས་ཀྱི་མདོ། །དད་པའི་སྟོབས་བསྐྱེད་པའི་མདོ། །སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་མདོ། དེ་བཞིན་གཤེགས་པའི་གཟུགས་བརྙན་བཞག་པའི་ཕན་ཡོན་བརྗོད་པ་སོགས་ལས་རྒྱ་ཆེར་བསྟན་ཅིང་། གསལ་རྒྱལ་གྱིས་ཞུས་པའི་ཚིགས་སུ་བཅད་པར། བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་སོང་བ། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེང་ ངེས་པར་རྒྱལ་སྲིད་ཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན། །ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱོང་ནས། །ཐ་མར་སྐྱེ་དང་རྒ་ལ་སོགས་པ་ཡི། །སྡུག་བསྔལ་མེད་པའི་སངས་རྒྱས་གོ་ འཕང་ཐོབ། །ཅེས་དང་། དཔའ་བོས། བདེ་གཤེགས་སྐུ་གཟུགས་བཞེངས་གསོལ་བ། །མཚན་བཟང་གིས་མཚན་འཁོར་ལོས་སྒྱུར། །སུམ་ཅུ་རྩ་གཉིས་ལུས་མཛེས་ཐོབ། །ཉེས་པའི་དགྲ་ཚོགས་རྒྱལ་བར་འགྱུར། །ཞེས་སོགས་མཐའ་ཡས་སོ། །སྒོ་མཐའ་ཡས་པའི་གཟུངས་ལས། མདོ་སྡེ་ཐོས་ནས་རྗེས་སུ་ཡི་རངས་དང་། །ཡི་གེར་བྲིས་དང་གཟུངས་དང་བཀླག་པ་ཡིས། །བསོད་ནམས་ཆུ་བོ་ཇི་ཙམ་
བསྐྱེད་པ་ནི། །སེམས་ཅན་ཀུན་གྱིས་ཤེས་པ་ཡོང་མི་ནུས། །དེས་ནི་ཚེ་རབས་ཀུན་ཏུ་རྒྱལ་བ་མཐོང་། །དེ་དག་ལ་ཡང་དད་པ་བསམ་ཡས་རྙེད། །མདོ་སྡེ་ཟབ་མོའི་ཚུལ་ཡང་ཤེས་པར་འགྱུར། །དེ་ནི་མྱུར་དུ་བྱང་ཆུབ་རྫོགས་འཚང་རྒྱ། །ཞེས་སོགས་དམ་ཆོས་པད་དཀར། བརྒྱད་སྟོང་པ། སྙིང་རྗེ་པད་དཀར་སོགས་སུ་བསམ་གྱིས་མི་ཁྱབ་པར་བསྟན་ཏོ། ༈ །གཙུག་ལག་ཁང་བཞེངས་པའི་ཕན་ཡོན་ནི། །གསལ་རྒྱལ་གྱི་ཚིགས་སུ་བཅད་པའི་མདོ་ལས། སུ་ཞིག་སངས་རྒྱས་སྐུ་གཟུགས་མཆོད་རྟེན་སྐུ་གཟུགས་ཁང་། །ཚོན་རྩི་སྣ་ཚོགས་རྣམས་ཀྱིས་མཛེས་བྱེད་པ། །དེ་ནི་བདེ་གཤེགས་མངའ་བའི་ཡོན་ཏན་རྣམས། །སྣ་ཚོགས་ལྡན་པ་ཀུན་གྱིས་བརྩེགས་པར་འགྱུར། །ཞེས་དང་། སྤྱན་རས་གཟིགས་ཀྱི་མདོ་སོགས་ལས་རྒྱ་ཆེར་བསྟན་ཏོ། ༈ །སངས་རྒྱས་དངོས་སུ་བཞུགས་པ་དང་། སྐུ་གཟུགས་མཆོད་པ་གཉིས་ཁྱད་པར་ མེད་པར། མྱང་འདས་བམ་པོ་ཞེ་གཉིས་པར། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པ། སྐྱེས་བུ་དེ་གཉིས་ཀྱིས་དེ་ལྟར་དད་པའི་སེམས་ཀྱིས་མཆོད་ན་བསོད་ནམས་ཐོབ་པའི་ཁྱད་པར་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་མྱ་ངན་ལས་འདས་ཀྱང་ཆོས་ཀྱི་སྐུ་ནི་རྟག་པ་ཡིན་པས་དད་པའི་སེམས་ཀྱིས་མཆོད་པ་བསོད་ནམས་འདྲ་སྟེ་ཁྱད་པར་མེད་དོ། །ཞེས་སོ། །བྱང་ཆུབ་སེམས་དཔའི་སྡེ་སྣོད་
ལས། སུ་དག་དཀོན་མཆོག་གསུམ་ལ་མེ་ཏོག་དང་། །འབྲས་བུ་གསར་ཐོབ་བྱུང་བ་འབུལ་བྱེད་པ། །དེ་དག་འགྲོ་བ་རྣམས་སུ་འཁོར་བ་ན། །རོ་མཆོག་ཀུན་ཐོབ་མི་བརྫིའི་སྟོབས་དང་ལྡན། །ཅེས་དང་། དཔའ་བོའི་ཟ་མ་ཏོག་ལྟ་བུའི་གཏམ་ལས། མེ་ཏོག་བཟང་པོས་དགེ་འདུན་ལ། །རབ་ཏུ་འཐོར་ཞིང་མཆོད་བྱེད་པ། །བརྒྱ་བྱིན་ལས་ལྷག་ལོངས་སྤྱོད་ལྡན། །པདྨའི་དབང་པོ་ལྟ་བུར་མཛེས། །མཆོག་ཏུ་གྲགས་པ་དང་ལྡན་ཅིང་། །རྟག་ཏུ་དེ་ནི་སྐད་ཅིག་གིས། །དགྲ་ལས་རྣམ་པར་རྒྱལ་བར་འགྱུར། །ཞེས་སོགས་དཔག་ཏུ་མེད་པར་བསྟན་ཏོ། །སྤྱན་རས་གཟིགས་ཀྱི་མདོ་ལས། མཆོད་རྟེན་ཕྲེང་བ་。 འདིར་ཕུལ་ན། །ཁང་བཟང་དག་དང་ཁང་བརྩེགས་དང་། །ལྷ་ཡི་བུ་མོའི་བསྟེན་པ་རྣམས། །སུམ་ཅུ་རྩ་གསུམ་ལོངས་སྤྱོད་འགྱུར། །ཞེས་རིན་པོ་ཆེའི་ཕྲེང་བ་ལ་སོགས་པ་ཕུལ་བ་ལ་ཕན་ཡོན་མང་དུ་བཤད་དོ། ༈ །བ་དན་ཕུལ་བས་ན། གསལ་རྒྱལ་གྱི་ཚིགས་བཅད་ལས། མི་རྣམས་སུ་དག་སྐུ་གདུང་སྙིང་པོ་ཅན། །དྲི་མེད་བསོད་ནམས་འབྱུང་གནས་གྱུར་པ་ལ། །བ་དན་མཛེས་པ་སྣ་ཚོགས་འདོགས་པ་དག །མཐུ་དང་ལྡན་ཅིང་སྲིད་གསུམ་མཆོད་གནས་འགྱུར། །ཞེས་སོགས་རྒྱ་ཆེར་བསྟན། ༈ །རོལ་མོ་ཕུལ་བས་ནི། སྔ་མར། རྒྱལ་བའི་མཆོད་རྟེན་དག་ལ་ དྲིལ་བུ ་དཔྱོངས། །ཚིག་བཙན་གྲགས་པ་ཆེན་
པོ་དག་དང་ལྡན། །ཚངས་པའི་སྒྲ་དབྱངས་ཡིད་འོད་སྐྱེ་བ་དྲན། །དེ་དག་གིས་ནི་རྒྱན་རྣམས་སྣ་ཚོགས་འཐོབ། །ཅེས་དང་། རྒྱལ་བའི་མཆོད་རྟེན་རོལ་མོའི་སྒྲ་ཕུལ་བ། །ཟབ་ཅིང་རིག་པའི་སྤོབས་པ་ཕུན་སུམ་ཚོགས། །ཡན་ལག་ལྔ་རྫོགས་ཡིད་འོང་ཚིག་དང་ལྡན། །སྒྲ་སྐད་དག་གིས་འཇིག་རྟེན་འགེངས་པར་བྱེད། །སུ་དག་རྒྱལ་བའི་གདུང་རྟེན་སྟོད་བྱེད་པ། །དེ་དག་གླིང་བུའི་སྒྲ་དང་གླུ་སྙན་དང་། །སྒྲ་སྙན་ཡིད་དུ་འོང་བ་འཐོབ་པ་དང་། །སོ་སོ་ཡང་དག་རིག་པའང་ཐོབ་པར་འགྱུར། །ཞེས་དང་། དཔའ་བོས། རྫ་རྔ་པི་ཝཾ་པ་ཏྲ་ཧས། །བདེ་བར་གཤེགས་མཆོག་མཆོད་བྱེད་པ། །མིར་འགྱུར་ནས་ནི་དབྱངས་ལྡན་ལ། །སྒྲ་ནི་ཤིན་ཏུ་སྙན་པར་འོས། །ཡིད་དུ་འོང་བའི་གཟུགས་དང་ལྡན། །ཞེས་སོ། ༈ །སྤོས་དང་བྱུག་པ་ཕུལ་བ་ནི། སྔ་མར། སངས་རྒྱས་མཆོད་རྟེན་དག་ལ་དྲི་ཞིམ་ཕུལ། །བདུག་སྤོས་རྒྱ་ཆེར་མང་པོ་ལྡན་སྦྱར་དང་། །ཨ་ག་རུ་ཡི་བདུག་སྤོས་ཕུལ་བ་ཡིས། །དེ་ཡི་ལུས་ཀུན་སྤོས་དང་ལྡན་པར་འགྱུར། །ཞེས་དང་། མི་རྣམས་གང་དག་ཐུབ་དབང་མཆོད་རྟེན་ལ། །སྤོས་ཆུ་གཙང་ཞིང་དྭང་པས་ཁྲུས་ གསོལ་བ། །དེ་དག་ལུས་ལ་དྲི་མ་མེད་པ་དང་། །གདུང་བ་མེད་ཅིང་མདོག་འཇམ་མྱ་ངན་མེད། །ཅེས་དང་། དཔའ་བོས། འཛམ་བུའི་གསེར་འདྲའི་པདྨའི་གེ་སར་གྱིས། །རྡུལ་རྣམས་གཏོར་བ་ཡིས་ནི་དྲི་
ཞིམ་ལ། །དལ་གྱིས་འབབ་པའི་ནང་དུ་ལྷ་ཡི་ཚོགས། །རྒྱུན་དུ་ཆུ་རྣམས་ལ་ནི་རྩེ་བྱེད་པ། །གང་ཞིག་དགའ་བ་སྣ་ཚོགས་དྲི་ཞིམ་ཆུས། །རྗེ་བཙུན་ཁྲུས་གསོལ་བ་ཡི་འབྲས་དེ་ཡིན། །གླ་རྩི་ག་བུར་ཙནྡན་གུར་གུམ་བགོས། །དྲི་ཞིམ་ཆུ་ནི་ཡིད་འོང་བ། །ཁ་དོག་དཀར་པོར་བྱེ་བྲག་གིས། །ཡིད་འོང་ཐུབ་པ་ཁྲུས་གསོལ་འདིར། །སེམས་ཀྱི་དྲི་མ་སྤངས་ནས་ནི། །དེ་ནི་འགྲོ་བའི་བླ་མར་འགྱུར། །ཚིག་ ཞེས་སོ། ༈ །མར་མེ་ཕུལ་བ་ནི། སྤྱན་རས་གཟིགས་ཀྱི་མདོར། གལ་ཏེ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་ཞིང་། །ཡུངས་འབྲུ་དག་གིས་ཕྱུར་བུར་གང་གྱུར་པ། །བགྲང་བ་དང་ནི་གཞལ་ཞིང་བརྗོད་པར་ནུས། ། བདེར་གཤེགས་མར་མེ་གཅིག་ཕུལ་དེ་ལྟར་མིན། །ཞེས་དང་། བཅོམ་ལྡན་མཆོད་རྟེན་མར་མེ་ཕུལ་བྱས་ན། །དེ་ཡི་ལུས་ཀྱི་མདོག་ནི་ཡོངས་མི་འགྱུར། །གཟུགས་མཆོག་སྲ་ཞིང་ལག་པ་གཟུ་བ་འདྲ། །སྣང་བ་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ། །གལ་ཏེ་རྒྱལ་བ་དམ་པ་བྱུང་གྱུར་ན། །དེ་བཞིན་གཤེགས་པ་རྣམས་དང་ཉེ་བར་འགྱུར། །ཉེ་དུར་འགྱུར་རམ་ཡང་ན་བུར་ཡང་འགྱུར། །དེ་ནི་ཡེ་ཤེས་ཕུང་པོ་མྱུར་དུ་ཐོབ། །ཅེས་དང་། དཔའ་བོས། རི་རྣམས་ཀྱིས་ནི་བསྒྲིབས་པ་དང་། །མཆོག་ཏུ་རིང་ན་གནས་པ་དང་། །ཤིན་ཏུ་ཕྲ་བའི་དངོས་པོ་དང་། །མཚན་མོ་སྨག་གིས་སྒྲིབ་པ་དག །གང་ཚེ་ལག་མཐིལ་གནས་པ་ལྟར། །
དགེ་སློང་མ་འགགས་པ་ཡིས་མཐོང་། །དེ་ནི་བདེ་བར་གཤེགས་པ་ལ། །ཞུན་མར་ཕུལ་བའི་འབྲས་བུ་ཡིན། །ཞེས་སོགས་དང་། གཞན་ཡང་མར་མེ་ཕུལ་བའི་མདོ། ལས་རྣམ་འབྱེད་སོགས་ལས་རྒྱ་ཆེར་བསྟན་ཏོ། ༈ །གདུགས་ཕུལ་བས་ནི། གསལ་རྒྱལ་ལས། བདེ་གཤེགས་མཆོད་རྟེན་དག་ལ་དགའ་བཞིན་དུ། །རྣམ་མང་རྒྱ་ཆེན་གདུགས་ནི་བཏགས་པ་ཡིས། །ལྷ་མིའི་འཇིག་རྟེན་དག་ན་གདུགས་འདྲ་བར། །ལྷ་དང་མི་ཡི་དབང་པོ་ལྟ་བུར་འགྱུར། །ཞེས་དང་། དཔའ་བོས། བུང་བ་ཡིད་འོང་སྒྲ་ཡིས་བསྐྱོད། །མེ་ཏོག་གཡོ་བ་འཁོར་བར་བཀོད། །ཁ་དོག་སྣ་ཚོགས་དྲི་ཞིམ་པའི། །མེ་ཏོག་ཚོགས་ཀྱི་རི་མོར་བྲིས། །གདུགས་མཛེས་སྣ་ཚོགས་དར་གྱིས་མཛེས། །མཆོད་རྟེན་རྣམས་ལ་ཕུལ་བ་ཡིས། །འཁོར་ལོས་སྒྱུར་བ་ས་སྐྱོང་བ། །གླིང་བཞིའི་དབང་ཕྱུག་དེ་ཡིས་ཐོབ། །ཅེས་སོ། ༈ །གོས་ཕུལ་བས་ནི། སྔ་མར། ཝ རྒྱལ་བའི་མཆོད་རྟེན་ལ་ནི་གོས་ཕུལ་བས། །བསོད་ནམས་བྱམས་པ་ངོ་ཚའི་གོས་གྱོན་ཏེ། །དགའ་ཞིང་ཡོན་ཏན་ཀུན་ལྡན་སེར་སྣ་མེད། །མདོག་ཀྱང་འཇམ་ཞིང་ཁ་དོག་གསེར་འདྲར་འགྱུར། །ཞེས་སོ། །སློབ་དཔོན་དཔའ་བོས། གང་ཞིག་སྔོ་སེར་ལྗང་དམར་དཀར། །སྣ་ཚོགས་ཁ་དོག་འོད་བཟང་པས། །མཛེས་གསལ་གོས་ཀྱི་ཕྲེང་བ་ནི། །ཡོན་ཏན་མཆོག་དང་ལྡན་པ་ཡི། །འཇིག་རྟེན་བླ་མ་ལ་ཕུལ་བས། །
བསྔགས་པའི་གོས་མཆོག་ཐོབ་པར་འགྱུར། །ཞེས་སོ། ༈ །སྙན་ཤལ་ཕུལ་བས་ནི། སྤྱན་གཟིགས་མདོར། འཇིག་རྟེན་མགོན་པོ་སྐྱོབ་པ་ལ། །དར་གྱི་དབུལ་བ་ཕུལ་བྱས་ན། །ལྷ་ཡི་དག་དང་མི་རྣམས་ཀྱིས། དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པ་ལ་སོགས་པ་དཔག་ཏུ་མེད་པ་གསུངས་སོ། ༈ །རྒྱལ་མཚན་ཕུལ་བས། སྤྱན་གཟིགས་མདོར། རྡུལ་བསལ་སེམས་ཅན་མཆོག་ལ་རྒྱལ་མཚན་ཕུལ། །རིང་པོར་མི་ཐོགས་ནོར་མང་རྙེད་འགྱུར་ཞིང་། །ཤེས་རབ་མཐའ་ཡས་མཛོད་ནི་མང་ལྡན་འོང་། །ཞེས་སོགས་དཔག་ཏུ་མེད་པ་བསྟན་ཏོ། །མཆོད་རྟེན་བསྐོར་མདོ་ལས། མཁས་པ་གང་ཞིག་ སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་རྒྱལ་མཚན་འཕན་གདུགས་ཐོགས། །གསེར་གྱི་རི་བོ་ལྷུན་པོ་ཚད་འབུམ་ཡང་། །དེ་ནི་དེ་དང་མཚུངས་པ་ཡོད་མ་ཡིན། །ཞེས་སོ། ༈ །མཎྜལ་འབུལ་བས་ནི། དཔའ་བོས། སངས་རྒྱས་ལ་ནི་གང་ཞིག་འདིར། །མཎྜལ་མེ་ཏོག་བཅས་བྱེད་པ། །འགྲོ་བའི་བདག་པོ་ཚེ་རིང་ཞིང་། །སྣ་ཚོགས་ནད་ཀྱི་འཇིགས་ལས་གྲོལ། །གང་ཡིན་དེ་ཡིས་སྐད་ཅིག་འཐོབ། །བདེ་གཤེགས་མཎྜལ་བྱེད་དེ་དག །ཕ་རོལ་ཕྱིན་དྲུག་ཐོབ་གྱུར་ཏེ། །ཆུ་དང་ས་བསྲེས་བཏང་སྦྱིན་པ། །གྲོག་མ་སོགས་སེལ་ཚུལ་ཁྲིམས་ཏེ། །བསྲེས་ནས་ཉེད་པ་བཟོད་པ་ཡིན། །འབད་པར་བྱེད་པ་བརྩོན་
འགྲུས་ཏེ། །སྐད་ཅིག་དེ་ལ་རྩེ་གཅིག་ཏུ། །སེམས་འཛིན་བྱེད་པ་བསམ་གཏན་ཡིན། །ལེགས་པར་གཟོས་པ་ཤེས་རབ་བོ། །སྣ་ཚོགས་བསོད་ནམས་རྣམས་ཀྱིས་བརྒྱན། །ས་གཞི་བྲིས་པ་འབུལ་བྱེད་པ། །ལྷ་ཡི་བདེ་བ་ཐམས་ཅད་དང་། །ལོངས་སྤྱོད་མཆོག་དང་ལྡན་གྱུར་ཅིང་། །མིར་སྐྱེས་གསེར་ལས་ལྷག་པ་ཡི། །ཁ་དོག་དང་ལྡན་མཛེས་པ་དང་། །པདྨའི་མདོག་ལྟར་ཡན་ལག་ཚང་། །མིག་གི་དཀྱུས་ནི་ མཛེས་པར་གསུངས། །ཞེས་སོ། ༈ །ཞལ་ཟས་ཕུལ་བས་ནི། དེ་ཉིད་ལས། རྡོ་རྗེ་གདན་ལ་བཞུགས་ནས་ནི། །འདོད་པའི་དགྲ་དང་བཅས་པ་ཡི། །ཚོགས་ནི་བྱམས་པ་ངེས་ཕམ་མཛད། །གང་ཞིག་མཐར་ཐུག་དཔའ་བའི་ཡུལ། །མཐའ་མེད་པར་ནི་སྤྱོད་འགྱུར་བའི། །ཉོན་མོངས་དཀའ་བའི་དགྲ་ལས་རྒྱལ། །ཕུང་པོའི་བདུད་ཀྱང་རབ་བཅོམ་ནས། །འཆི་བདག་བདུད་ལ་མངའ་བརྙེས་པ། །ཞལ་ཟས་ཕུལ་བར་གྱུར་པ་ཡིན། །ཞེས་མཆོག་དང་། ཐུན་མོང་དུ། ཡང་དག་དཔལ་ཐོབ་མི་དབང་གིས། །རོ་ལྡན་ཁ་ཟས་ལོངས་སྤྱོད་པ། །རྟག་ཏུ་ཟས་མཆོག་སྦྱིན་དེ་ཡིས། །ཞེས་སོགས་གསུངས་སོ། ༈ །ཡོན་ཆབ་སོགས་བཏུང་བ་ཕུལ་བས། སྔ་མར། གཡོ་ཞིང་ཨུཏྤལ་གྱིས་བསྒོས་པ། །དྲི་མེད་པདྨ་རཱ་ག་བཞིན། །ཡིད་འོང་གསེར་གྱི་སྣོད་དུ་བླུགས། །དྲི་ཞིམ་ཙནྡན་གྱིས་བསྒོས་མངར། །ཡིད་དུ་འོང་དང་འབའ་ཞིག་འཐུང་། །
ཅུང་ཟད་མིག་ནི་ཟངས་མདོག་འདྲ། །གླུ་ལེན་སྒྲ་དང་ངེས་ལྡན་པའི། །མི་མཆོག་དེ་དག་སྙོམས་རྣམས་ནི། །མངོན་པར་ཕུལ་བའི་འབྲས་བུ་ཡིན། །ཞེས་དང་། དགེ་འདུན་ལ་ནི་བཏུང་བ་མཆོག ། དུས་ལ་བབས་པར་དྲངས་པ་ཡིས། །འཁོར་བའི་རི་ཁྲོད་གནས་པ་ན། །རྟག་ཏུ་བཏུང་བ་ཞིམ་བཟང་ཐོབ། །ཅེས་པ་སོགས་སོ། ༈ །ཕྱག་འཚལ་བས་ནི། དམ་ཆོས་པདྨ་དཀར་པོར། མཆོད་རྟེན་དེ་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་བའམ་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང་། །དེ་བཞིན་ལན་གཅིག་ལུས་ཀྱང་བཏུད་པ་དང་། །གང་གི་རིང་བསྲེལ་གཉིས་པ་དེ་དག་ལ། །གཡེང་པའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་ཐོབ། །ཅེས་དང་། དཔའ་བོས། དེ་ལྟར་ཡོན་ཏན་ཚོགས་ཤེས་པས། །ལུས་འདི་འཇིག་པར་ཤེས་ནས་ནི། །མཁས་པས་སངས་རྒྱས་ཕྱག་བྱ་ཞིང་། །ལུས་ཀྱི་ལས་ནི་ལེགས་པར་སྤྱད། །ཕྱག་གཅིག་འཚལ་བར་གྱུར་པས་ཀྱང་། །འཁོར་བ་སྤོང་པའི་རྒྱུ་ཐོབ་ཅིང་། །འཁོར་བའི་འཇིགས་ཐར་གུས་པ་ཡིས། །དེ་ལྟར་སུ་ཞིག་ཕྱག་མི་བྱེད། །ཅེས་དང་། སྤྱན་གཟིགས་མདོར། བཅོམ་ལྡན་མཆོད་རྟེན་རྣམས་ལ་པུས་བཙུགས་ཕྱག་བཙལ་ནི། །དེ་ལ་དེ་ཡི་དབང་པོ་ཀུན་ཀྱང་
འདུད་པར་འགྱུར། །གནོད་སྦྱིན་དབང་དང་ལྷ་དང་ཀླུ་ཡི་རྒྱལ་པོ་དང་། །ཚངས་པའི་དབང་པོ་ཐམས་ཅད་རྐང་པས་གཏུག་པར་བྱེད། །ཅེས་སོ། །བསྐོར་བའི་ཕན་ཡོན་ནི། གསལ་རྒྱལ་གྱིས་ཚིགས་སུ་བཅད་པར། སུ་ཞིག་དད་པས་ཐུབ་པའི་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་སྐོར་བ་བྱེད་པ་དེ། །ཕྱི་མའི་ཚེ་ན་དགྲ་ཆེན་རྣམས་ཀྱིས་བཏུད། །བཟོ་ཡི་སྣོད་གྱུར་ཡོན་ཏན་རྣམས་དང་ལྡན། །མི་རྣམས་སུ་དག་དགའ་བཞིའི་གུས་པ་ཡིས། །བླ་མེད་མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །ལུས་ཀྱི་ལས་རྣམས་བྱེད་པ་དེ་དག་ནི། །སྲིད་པ་ཀུན་ཏུ་མཛོད་རྣམས་ཤིན་ཏུ་རྒྱས། །ཞེས་སོ། །སྙིང་རྗེ་པད་དཀར་ལས། སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །སུ་ཞིག་སྐོར་བ་བྱེད་པ་ནི། །ཚེ་རབས་དག་ནི་ཐམས་ཅད་དུ། །བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ། །དྲན་དང་ལྡན་ཅིང་བློ་གྲོས་ལྡན། །བསོད་ནམས་ལྡན་ཅིང་འཇིགས་མེད་འགྱུར། །ཞེས་སོགས་རྒྱ་ཆེར་བསྟན་ཏོ། ༈ །མེ་ཏོག་རྙིང་པ་འཕྱགས་པའི་ཕན་ཡོན་ནི། སྤྱན་གཟིགས་མདོར། དད་པའི་ཤུགས་བསྐྱེད་བཅོམ་ལྡན་མཆོད་རྟེན་ལ། །མེ་ཏོག་སྐམ་པོ་ཉལ་ཉིལ་འཕྱགས་བྱས་ན། །འདོད་པ་སྨད་པ་སྡུག་བསྔལ་བྱེད་པ་སྤོང་། །སྟོབས་བཅུ་མངའ་བའི་དེད་དཔོན་མཉེས་པར་བྱེད། །ཅེས་སོགས་དཔག་ཏུ་མེད་པ་དང་། གསལ་རྒྱལ་ལས།
རྒྱལ་བའི་མཆོད་རྟེན་མེ་ཏོག་རྙིང་བསལ་བས། །འདོད་ཆགས་ཆགས་མེད་ཞེ་སྡང་ལྡང་མི་འགྱུར། །གཏི་མུག་རྨོངས་མེད་ལྟ་ངན་ཆགས་མི་འགྱུར། །མི་རྣམས་རབ་ཏུ་དགའ་ཞིང་སྐྱིད་པར་འགྱུར། །ཞེས་དང་། ཐུབ་དབང་མཆོད་རྟེན་བྱི་དོར་བྱས་པ་ཡིས། །ཤིན་ཏུ་ལྟ་ན་སྡུག་ཅིང་མིག་ཏུ་མཛེས། །བྱད་བཞིན་བཟང་ཞིང་པདྨོའི་མདོག་དང་ལྡན། །སྲེད་པའི་སྐྱོན་རྣམས་དང་ཡང་བྲལ་བར་འགྱུར། །ཞེས་སོ། ༈ །རྙིང་པ་ཞིག་གསོ་སོགས་ཀྱི་ཕན་ཡོན་ནི། སྔ་མར། མི་རྣམས་སུ་དག་མཆོད་རྟེན་རྙིང་པ་རྣམས། །གཞན་གྱི་ངོར་བྱེད་མ་ཡིན་རང་གི་བློས། །རལ་ཚེམ་བྱེད་པའི་སྐྱེ་བོ་དེ་དག་ནི། །ལུས་བཟང་ཡོན་ཏན་དམ་པས་བརྒྱན་པར་འགྱུར། །ཞེས་དང་། སྤྱན་གཟིགས་མདོར། བཅོམ་ལྡན་མཆོད་རྟེན་བ་རྒྱ་སུས་སེལ་བ། །བག་ཡོད་གྱུར་ནས་དེ་ནི་བདུད་རྒྱ་འདྲལ། །དུས་ཀུན་རྣམས་སུ་ངན་སོང་ས་ཡང་སྤོང་། །རྟག་ཏུ་སངས་རྒྱས་རྡུལ་བྲལ་བསྟི་སྟང་བྱེད། །རྟག་ཏུ་སྟོབས་ལྡན་འཁོར་ལོས་སྒྱུར་བར་འགྱུར། །ཞེས་སོགས་མཐའ་ཡས་སོ། ༈ །བླ་བྲེ་ཅོད་པན་དོ་ཤལ་སོགས་ཕུལ་བས་ནི། གསལ་རྒྱལ་མདོར། སུ་དག་ལ་ལ་མཆོད་རྟེན་སྐུ་གཟུགས་ལ། །དད་པའི་སེམས་ཀྱིས་བླ་བྲེ་འབུལ་བྱེད་པ། །དེ་དག་ས་སྟེང་རྒྱ་མཚོའི་མཐའ་ཀླས་པ། །མ་ལུས་གནས་མེད་རྒྱལ་གཅིག་དབང་ཕྱུག་འགྱུར། །ཞེས་དང་།
བདེ་གཤེགས་མཆོད་རྟེན་ཅོད་པན་བཏགས་པ་ཡིས། །མི་དབང་དཔལ་དང་ལྷ་དབང་དཔལ་ཐོབ་ཅིང་། །བདེ་བའི་མཆོག་ཀྱང་ཉམས་སུ་མྱོང་གྱུར་ནས། །རྣམ་པར་གྲོལ་བའི་ཅོད་པན་ཁྱད་པར་འཐོབ། །ཅེས་g དང་། སྟོན་པའི་མཆོད་རྟེན་དག་ལ་རྒྱན་འཕྱང་འདོགས། །དེ་དག་དོ་ཤལ་རྒྱན་ཕྲེང་ནོར་བུ་དང་། །གདུ་བུ་དག་དང་དཔུང་རྒྱན་མཆོག་རྣམས་ཀྱིས། །ལུས་རྒྱན་འཇིག་རྟེན་དག་ན་རྒྱུ་བར་འགྱུར། །ཞེས་དང་།སུ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ། །དགའ་ཞིང་རྔ་ཡབ་རྣམས་ནི་འབུལ་བྱེད་པ། །ཐུགས་དགའ་རྒྱལ་བ་རྣམས་ནི་རྔ་ཡབ་ཐོགས། །ཆེད་དུ་དེ་ལ་ཆེར་ཡང་གཡོབ་བར་བྱེད། །ཅེས་དང་། སྐྱེ་བོ་སུ་དག་འཇིག་རྟེན་མགོན་པོ་ལ། །རིན་ཆེན་འབར་བ་ཡིད་དང་འཐད་པ་རྣམས། །འབུལ་བ་དེ་དག་རིན་ཆེན་བདུན་པོ་དང་། །བྱང་ཆུབ་ཡན་ལག་རིན་ཆེན་དྲི་མེད་ཐོབ། །ཅེས་དང་། སུ་དག་གླང་ཆེན་འདུལ་སྦྱངས་དཔའ་བས་བརྒྱན། །དུལ་བའི་རྟ་དང་སྦྱར་བའི་ཤིང་རྟ་དག །སྟོན་པ་དང་ནི་འཕགས་པའི་ཚོགས་ལ་འབུལ། །དེ་དག་བླ་མེད་ཐེག་ཆེན་ཐོབ་པར་འགྱུར། །ཞེས་སོ། ༈ །ཁྲི་དང་སྟན་སོགས་ཕུལ་བས། དཔའ་བོས། ག་བུར་ཙནྡན་ཨ་ག་རུ། །ལུས་བྱུགས་ས་ཡི་ལྷ་མོ་ནི། །ནུ་མ་ཟུང་ལྡན་ལུས་བརྟེན་ནས། །གོས་མཆོག་འབོལ་སྟན་ལ་རྟག་ཉལ། །དེ་དག་མཆོད་རྟེན་རྣམས་ལ་ནི། །གདུགས་
དང་གོས་ཁྲི་ཕུལ་བ་ཡིན། །ཞེས་སོ། ༈ །ནོར་བུ་ཟ་འོག་དྲྭ་བ་དྲྭ་ཕྱེད་སོགས་ཕུལ་བས། སྤྱན་གཟིགས་མདོར། དགའ་བའི་སེམས་ཀྱིས་མགུ་བའི་ཤུགས་བསྐྱེད་དེ། །བཅོམ་ལྡན་མཆོད་རྟེན་ནོར་བུའི་དྲྭ་བ་ཕུལ། །དེ་ནི་རྒྱལ་པོ་མཚན་གྱི་གོ་ཆ་ཅན། །མཐུ་ཆེན་བླ་མ་འཁོར་ལོས་སྒྱུར་བར་འགྱུར། །ཞེས་སོ། ༈ །དེ་དག་ལ་སྨོན་ལམ་གྱིས་མཚམས་སྦྱོར་དགོས་ཏེ། ཕལ་པོ་ཆེར། ཇི་ལྟར་ནོར་བུ་རིན་ཆེན་བསམ་པ་ཀུན་བཀང་བ། །གང་རྣམས་ཅི་འདོད་དེ་ལ་དེ་དག་ཐམས་ཅད་འབྱིན། །དེ་ནི་བསོད་ནམས་གང་གིས་བྱས་པ་དེས་མཐོང་སྟེ། །རིན་ཆེན་དམ་པ་དེ་ལ་རྣམ་རྟོག་གང་ཡང་མེད། །དེ་ བཞིན་བདེ་གཤེགས་སྐུ་མཆོག་བསམ་པ་ཀུན་བཀང་བ། །མཐོང་ན་སྨོན་ལམ་སུ་འདེབས་དེ་དག་འགྲུབ་པར་འགྱུར། །སྙིང་རིང་དམའ་བའི་སེམས་ལྡན་འགྲོ་བ་ཐུབ་མི་མཐོང་། །བདེ་གཤེགས་རྣམ་རྟོག་མི་ མངའ་སེར་སྣ་མི་མངའོ། །ཞེས་སོ། །སློབ་དཔོན་དཔའ་བོས། །ཡོན་ཏན་རིན་ཆེན་ཐམས་ཅད་ཀྱི། །གཏེར་དུ་གྱུར་པའི་དད་པ་ནི། །རྟག་ཏུ་དེ་ཡིས་བསྐྱེད་པར་བྱ། །དད་པ་ཡིས་ནི་མ་བཞིན་དུ། ། དགེ་བ་རྣམས་ནི་སྐྱེད་པར་བྱེད། །ཅེས་སོ། །འཇམ་དཔལ་རྩ་རྒྱུད་ལས། །དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་ཚྭ་སྒོར་བཏབ་པ་ལ། །མྱུ་གུ་སྐྱེ་བ་མེད་པ་བཞིན། །
ཞེས་དང་། དཀོན་མཆོག་ཏ་ལར། དད་པ་གཏེར་དང་ནོར་དང་རྐང་པ་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཞེས་པ་སོགས་དཔག་ཏུ་མེད་པ་བསྟན། ༈ །མཆོད་རྟེན་བསྐོར་བ་ལས། །བཞུགས་ཀླུ པའི་ཚེ་ནི་གང་གིས་མཆོད། །མྱ་ངན་འདས་འོག་གང་གིས་མཆོད། །སེམས་དགེ་བ་ནི་མཚུངས་གྱུར་ན། །བསོད་ནམས་ལ་ནི་ཁྱད་པར་མེད། །ཅེས་སོ། །རྡོ་རྗེ་ཨ་རལླིའི་རྒྱུད་ལས། གང་གིས་གླུ་ཡིས་མཆོད་བྱེད་ན། །དེ་ནི་རྟག་ཏུ་སྒྲ་སྙན་འགྱུར། །གང་ཕྱིར་གང་ཞིག་མར་མེ་ཕུལ། །དེ་ནི་མིག་དང་ལྡན་པར་འགྱུར། །གང་ཞིག་གར་གྱིས་མཆོད་བྱེད་པ། །དེ་ནི་རིག་འཛིན་ཆེན་པོར་འགྱུར། །གང་ཞིག་ཕྱག་འཚལ་བྱེད་པ་ནི། །དེ་ནི་སྐྱེ་བོས་ཕྱག་འཚལ་འགྱུར། །གང་ཞིག་དྲི་ཞིམ་འབུལ་བ་ནི། །ལུས་ནི་དྲི་དང་ལྡན་པར་འགྱུར། །གང་ཞིག་ཕྲེང་བ་བཟང་འབུལ་བ། །དེ་ནི་གསེར་གྱི་ཕྲེང་ལྡན་འགྱུར། །གང་ཞིག་གོས་ནི་འབུལ་བ་ན། །དེས་ནི་ལྷ་ཡི་གོས་རྙེད་འགྱུར། །གང་ཞིག་མཚན་ཙམ་འདོན་པ་དང་། །དད་པ་ཙམ་ཡང་རབ་བྱེད་པ། །ལྷག་པར་མོས་པ་རབ་ཏུ་བྱེད། །དེ་དག་ཐམས་ཅད་རྣམ་དག་པའི། །སྲིད་པའི་ལོངས་སྤྱོད་རབ་ཏུ་བཟང་། །ཞེས་སོ། །བྱ་རྒྱུད་གཙུག་ཏོར་དྲི་མེད་ལས། ཐ་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་དང་། གཞན་ཡང་སྲོག་ཆགས་ཀྱི་རིགས་གང་དག་མཆོད་རྟེན་གྱི་གམ་དུ་འདོད་
པ་དེ་དག་ཕྱིར་མི་ལྡོག་པར་འགྱུར་རོ། །ཐ་ན་གྲིབ་མས་ཕོག་ན་ཡང་གྲོལ་བར་འགྱུར་ན་བྱ་བ་མང་དུ་བྱེད་པ་དག་ལྟ་སྨོས་ཀྱང་ཅི་དགོས། ཞེས་དང་། འོད་ཟེར་དྲི་མེད་ལས། ཐ་ན་བྱ་དང་སྦྲང་བུ་ལ་སོགས་པ་མཆོད་རྟེན་དེ་ཡི་གྲིབ་མས་ཕོག་ན་ཡང་དེ་བཞིན་གཤེགས་པས་མཁྱེན་ཅིང་དགོངས་པར་མཛད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཕྱིར་མི་ལྡོག་པའི་སར་གནས་པར་འགྱུར་རོ། །གང་ལ་ལ་ཞིག་གིས་མཆོད་རྟེན་འདི་ལྟ་ བུ་རྨི་ལམ་དུ་རྨིས་སམ། །རྒྱང་ནས་མཐོང་ངམ། དྲིལ ་བུའི་སྒྲ་ཐོས་སམ། །མཆོད་རྟེན་བཞེངས་པའི་གཏམ་རྣ་བར་ཐོས་པ་དེ་དག་ཀྱང་མཚམས་མེད་པ་ལྔ་ལ་སོགས་ཏེ་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་སྟེ་རྟག་ཏུ་དེ་བཞིན་གཤེགས་པ་རྣམས་ཀྱིས་སྲུང་བ་དང་རྗེས་སུ་དགོངས་པར་མཛད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ཡོངས་སུ་དག་པ་འཐོབ་པར་འགྱུར་རོ། །ཞེས་སོ། །དེ་ལྟ་བུའི་ཡོན་ཏན་དང་མཆོད་པ་ལ་སོགས་པའི་ཕན་ཡོན་རྒྱས་པར། ཤིན་ཏུ་རྒྱས་པའི་སྡེ། དཀོན་མཆོག་ཏ་ལ། དམ་པའི་ཆོས་པདྨ་དཀར་པོ། སྙིང་རྗེ་པད་དཀར། སྤྱན་རས་གཟིགས་ཀྱི་མདོ། མཆོད་རྟེན་བསྐོར་བའི་མདོ། རྣམ་པར་སྨིན་པ་བསྟན་པ་གསལ་རྒྱལ་གྱིས་ཞུས་པའི་ཚིགས་སུ་བཅད་པ། ལས་རྣམ་འབྱེད། དགེ་སྡིག་རྣམ་འབྱེད། མར་མེ་ཕུལ་བའི་མདོ། ཆོས་
བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ། ཆོ་འཕྲུལ་རྣམ་པར་བསྟན་པའི་མདོ། བྱང་ཆུབ་སེམས་དཔའི་སྡེ་སྣོད། དྲི་མེད་རྣམ་གཉིས་སོགས་མདོ་རྒྱུད་དང་། དཔའ་བོའི་ཟ་མ་ཏོག་སོགས་བསྟན་བཅོས་དག་ལ་རྒྱ་ཆེར་བཤད་ཅིང་། ཁྱད་པར་དཀོན་མཆོག་ཏ་ལ། །ལས་རྣམ་འབྱེད། གསལ་རྒྱལ་མདོ། །སྤྱན་གཟིགས་མདོ་སོགས་ལས་གསལ་ལོ། །དེ་ལྟར་ཡང་ཇི་བཞིན་པའི་འབྲས་བུ་ཐོབ་པ་ལས་རྫུན་གཏམ་སོགས་སྲིད་པ་ལྟ་ག་ལ་སྟེ། ཟླ་བ་སྒྲོན་མེའི་མདོར། ཟླ་བ་སྐར་མར་བཅས་པ་སར་ལྷུང་ཞིང་། །རི་དང་གྲོང་དུ་བཅས་པའི་ས་ཞིག་ལ། །ནམ་མཁའི་ཁམས་ནི་རྣམ་པ་གཞན་གྱུར་ཀྱང་། །ཁྱོད་ནི་མི་བདེན་པ་ཡི་ཚིག་མི་གསུངས། །ཞེས་སོ། །སྨན་གྱི་མདོ་ལས། གདུགས་དང་། དགུང་ཟླ་འདི་ལྟར་རྫུ་འཕྲུལ་ཆེ་བ་འདི་གཉིས་ནི་དོག་ས་ལ་ལྷུང་ཡང་གདལ། རི་ཡི་རྒྱལ་པོ་རི་རབ་ནི་གནས་ནས་འཕོ་ཡང་གདའི། སངས་རྒྱས་ཐམས་ཅད་ཀྱི་བཀའ་ནི་གཞན་དུ་མི་འགྱུར་བ་ལགས་སོ། །ཞེས་སོ། །འདི་རྣམས་སྡེ་སྲིད་རིན་པོ་ཆེའི་གསེར་གདུང་འཛམ་གླིང་རྒྱན་གཅིག་དཀར་ཆག་ལས་སོ།། ༈ །།འཇམ་དཔལ་གཤིན་རྗེའི་རྒྱལ་པོ་ཟླ་གསང་སྡིག་པ་སྟོབས་ཆེན་གྱི་རྒྱུད་ལས། དཀྱིལ་འཁོར་ཡོངས་རྫོགས་ཐིག་ལེ་ཆེ། །འབྱུང་བཞི་ཡེ་ནས་རྣམ་དག་ཀློང་། །ལྷུན་གྱིས་གྲུབ་པའི་གཞལ་མེད་ཁང་། །རྟོག་ཚོགས་ལྷ་ཡི་དཀྱིལ་འཁོར་
རྫོགས། །མ་ལུས་འདུས་པ་ཐིག་ལེ་ཆེ། །སྣང་སྲིད་དབང་གི་དཀྱིལ་འཁོར་དུ། །མ་བསྐུར་བསྐུར་མེད་ཡེ་ནས་བསྐུར། །སྐྱེས་བུ་རིག་པའི་རྩལ་ལྡན་ལ། །དབང་མཆོག་ཆེན་པོ་རྒྱུན་དུ་གནས། །། ཞེས་དང་། གཞི་དང་ལམ་དང་འབྲས་བུའི་རྒྱུད། །ལྟ་སྤྱོད་དཀྱིལ་འཁོར་དམ་ཚིག་དབང་། །ལས་རིམ་སྒྲུབ་པ་གསང་སྔགས་དང་། །ངོ་བོ་འབྲེལ་བཅས་རྒྱུ་དང་རྐྱེན། །རང་བཞིན་གནས་དང་མངོན་བྱེད་པ། །གསང་སྔགས་རྒྱུད་ཀྱི་ངེས་པར་བཤད། །ཅེས་དང་། རྩ་བའི་ལས་ནི་གསུམ་དུ་བཤད། །གསད་པ་མཆོག་གི་སྦྱོར་བ་དང་། །དྲེགས་པ་སྟོབས་ཀྱིས་གཞོམ་པ་དང་། །གདུག་པ་འདུལ་བའི་ལས་སུ་གསུངས། །གསད་པ་མཆོག་གི་སྦྱོར་བ་ལས། །སོགས་དང་། རང་བཞིན་མི་གནས་མཉམ་ཉིད་དང་། །ལྷུན་གྲུབ་ཡེ་ཤེས་གཞལ་མེད་ཁང་། །རིན་ཆེན་དུར་ཁྲོད་བརྟན་པར་གནས། །ཕྱི་ནང་གཉིས་མེད་བདལ་ཁྱབ་གསལ། །ཞེས་སོགས་བསྐྱེད་རིམ་འཆི་བདག་ཟིལ་གནོན་དང་མཐུན་པའི་མཐར། མ་བཅོས་དེ་ཉིད་གཉུག་མར་གནས། །འཁོར་བ་དོང་སྤྲུགས་ཀ་དག་ཀློང་། །སྣང་སྟོང་གཉིས་མེད་ཡེ་ཤེས་སྐུ། །མི་ཟད་རྒྱན་གྱི་འཁོར་ལོར་རྫོགས། །ཞེས་སོགས་གསུངས། རང་བཞིན་སྟོང་པ་སྤྲོས་དང་བྲལ། །སྐྱེ་བ་མེད་པའི་ཡེ་ཤེས་ཡིན། །རྣམ་པའི་གཟུགས་བརྙན་ཡི་གེ་སྟེ། །ངོ་བོ་ལྷ་ཡི་སྐུ་རུ་བཤད། །ཞེས་སོགས་སྔགས་
དང་། བདག་དོན་མ་ཡིན་བསྟན་པའི་དོན། །དཀོན་མཆོག་བླ་མའི་དོན་ཆེད་དུ། །བསྟན་ལ་བར་ཆད་བྱེད་པ་དག །བསྒྲལ་ན་བླ་མེད་བྱང་ཆུབ་འགྱུར། །ཞེས་སོགས་གསོད་པའི་ལས་སྦྱོར་དང་། མཁའ་ལྔ་ཁྱབ་པའི་དོན་བསྡུས་ནས། །གཟུང་འཛིན་ཆོས་ཀྱི་དབྱིངས་སུ་བསྒྲལ། །ཅེས་སོགས་གྱད་གནོན་གྱི་འཁྲུལ་འཁོར་དང་། གཞན་ཡང་། སྲུང་བ། མནན་པ། ཀླུ་ནད་ཞི་བ་སོགས་ཕྲིན་ལས་མང་དུ་@ བཤད་དོ། །འཇམ་དཔལ་ཁ་ཐུན་གྱི་རྒྱུད་ལས། དང་པོ་བླ་མ་མཉེས་པར་བྱ། །ཕྱི་ནང་གསང་བའི་དབང་ཐོབ་ནས། །དམ་ཚིག་དག་དང་ཡང་དག་ལྡན། །ཅེས་སོགས་དང་། འཇམ་དཔལ་ཚེ་བདག་ནག་པོ་དྲག་སྔགས་མངོན་དུ་ཕྱུང་བའི་རྒྱུད་ལས། རང་བྱུང་ཐུགས་ཀྱི་རོལ་པ་ལས། །དྲག་སྔགས་ཡེ་ཤེས་རོལ་པར་ཤར། །ཡེ་ཤེས་བདེ་བའི་ཐིག་ལེ་ལས། །དྲག་སྔགས་ཐུགས་རྗེ་སྤྲུལ་པར་ཤར། །ཆོས་སྐུ་བདེ་བའི་དབྱིངས་ཉིད་ལས། །དྲག་སྔགས་སྤྲུལ་པ་རང་བྱུང་ཤར། །སྐྱེ་མེད་རྣམ་དག་རང་བཞིན་ལས། །དྲག་སྔགས་སྐྱེ་བའི་ཆོ་འཕྲུལ་ཤར། །ཅེས་སོ། །ཆོས་ཉིད་འགྱུར་མེད་རང་བཞིན་ལ། །རང་བྱུང་ཡེ་ཤེས་ཕྱག་རྒྱར་འབར། །ཐམས་ཅད་སྣང་སྟོང་ཡེ་ཤེས་སྐུ། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །ཅེས་དང་། ངན་སྔགས་གཙུག་ལག་གི་རྒྱུད་ལས། ཡེ་ཤེས་ལྷ་ཡི་བསྙེན་སྒྲུབ་དང་། །འཇིག་རྟེན་དྲེགས་པའི་
བསྙེན་སྒྲུབ་གཉིས། །ཉམས་སུ་བླང་བའི་རིམ་པ་ནི། །རྣམ་པ་ལྔ་རུ་ཤེས་པར་བྱ། །ཕྱི་སྒྲུབ་ནང་སྒྲུབ་གསང་སྒྲུབ་དང་། །གསང་ཆེན་སྒྲུབ་པ་དག་དང་ནི། །ཡང་གསང་གཏེར་དུ་སྒྲུབ་པ་ལྔ། །རྡུལ་ཚོན་དཀྱིལ་འཁོར་ཕྱི་སྒྲུབ་བོ། །ལུས་ལ་ལྷ་བཀོད་ནང་སྒྲུབ་བོ། །སྙིང་ལ་ལྷ་བཀོད་གསང་སྒྲུབ་བོ། །རྩ་ལ་ལྷ་བཀོད་གསང་ཆེན་ནོ། །སེམས་ཉིད་ལ་བཀོད་ཡང་གསང་གཏེར། །ཞེས་སོ། །འཇམ་དཔལ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། ཡེ་ནས་མ་སྐྱེས་གཤིན་རྗེ་ཆེན་པོའི་ཚོགས། །དབྱིངས་ཀྱི་རང་བཞིན་རྣམ་པར་དག་པ་ལ། །གཉིས་མེད་འདུས་པའི་སྲས་མཆོག་གཤིན་རྗེའི་གཤེད། །ཐབས་དང་ཤེས་རབ་རྣམ་པར་དག་པ་ཡི། །ཀུན་གྱི་ཡེ་ཤེས་ཐམས་ཅད་འདུས་པ་སྟེ། །ཞེས་དང་། ཞི་བ་གཉིས་མེད་ཆོས་ཀྱི་ངང་ཉིད་ལས། །སྙིང་པོ་གཉིས་མེད་བྱང་ཆུབ་སེམས་དཔའི་དོན། །ཐམས་ཅད་འདུས་བ་བླ་མེད་དམ་པ་སྟེ། །དེ་བཞིན་གཤེགས་པའི་སྙིང་པོ་འདི་བཤད་དོ། །ཞེས་དང་། སྐུ་གསུང་ཐུགས་ཀྱི་འགྲོ་བ་སོ་སོར་འདུལ། །ངང་གིས་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་། །ཕྲིན་ལས་རྣམ་བཞིའི་འགྲོ་བ་སོ་སོར་འདུལ། །དེ་ཕྱིར་མཆོག་གི་རྒྱལ་པོ་འདི་བཤད་དོ། །ཞེས་སོ། ༈ །རྟ་མཆོག་རོལ་པའི་རྒྱུད་ལས། ཐམས་ཅད་སྒྱུ་མ་ལྟ་བུའི་ཚུལ། །ཐམས་ཅད་རང་བཞིན་སྟོང་པ་ན། །ཟུང་དུ་འཇུག་
པའི་ཡེ་ཤེས་ནི། །དེ་ནི་བླ་མེད་མཆོག་དམ་པ། །ཞེས་དང་། མ་སྐྱེས་ཐབས་ཀྱི་ཡེ་ཤེས་ལྡན། །ཐམས་ཅད་མཉམ་པ་ཉིད་ཀྱི་དབྱིངས། །བདེན་གཉིས་དབྱེ་བ་མེད་པ་ཡིས། །ཡང་དག་དོན་མཆོག་སྒྱུ་མའི་སྐུ། །ཀུན་རྫོབ་སྒྱུ་མ་ཐབས་ཀྱི་གསུང་། །ཕྱག་རྒྱ་སྒྱུ་མའི་ཚུལ་ཉིད་དེ། །མེད་པ་མ་ཡིན་མཚན་མེད་དེ། །རྣལ་འབྱོར་གཉིས་དང་ལྡན་ཕྱིར་རོ། །སློབ་པའི་རྣལ་འབྱོར་གཉིས་བསྟེན་ནས། །ལྷུན་གྱིས་གྲུབ་པའི་@ས་གོམས་ནས། །བདེན་གྱུར་བདེན་པ་གཉིས་ལ་གནས། །ཞེས་དང་། དངོས་པོ་ཐམས་ཅད་བྲལ་བ་ཡི། །ཕུང་ཁམས་སྐྱེ་མཆེད་རྣམ་པར་དབེན། །གཟུང་འཛིན་རྟོག་པའི་ཡུལ་བྲལ་བས། །དཔག་མེད་ཡེ་ཤེས་ངོ་བོ་ཉིད། །རྣམ་གསུམ་མཆོག་གི་དོན་ལས་བྱུང་། །འོད་གསལ་ཆེན་པོའི་རང་བཞིན་ནོ། །ཞེས་དང་། བདག་རྟོག་འཁྲུལ་པའི་ཉེས་དམིགས་ཀྱིས། །དུས་རིང་འཁྱམས་གྱུར་འགྲོ་བ་རྣམས། །རང་རྟོག་དངོས་པོའི་ལས་ལ་སྤྱོད། །ལོག་པའི་སེམས་ཀྱིས་ཀུན་བརྟགས་ཀྱང་། །རང་བཞིན་ཉིད་ལས་འགྱུར་བ་མེད། །ཡེ་ནས་དོན་གྱི་སངས་རྒྱས་ལ། །འཁྲུལ་པའི་བདེ་སྡུག་འཁོར་ལོས་འཁྱམས། །ཞེས་དང་། བརྟན་གཡོའི་དངོས་པོ་ཐམས་ཅད་རྣམས། །བདེ་ཆེན་སྐུ་ལས་གཞན་མེད་དོ། །ཞེས་དང་། དེ་བཞིན་ཉིད་དབྱིངས་རྨད་བྱུང་བའི། །བདེ་གཤེགས་ཀུན་གྱི་ཐུགས་གསལ་བ། །བྱིན་རླབས་ཡ་མཚན་སྤྲུལ་
པའི་སྐུ། །དཀྱིལ་འཁོར་སྣ་ཚོགས་ཀུན་གྱི་གནས། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཕུང་པོ་ཆོས་རྣམས་སངས་རྒྱས་ཏེ། །འབྱུང་ལྔ་དབྱིངས་ཕྱུག་ཡུམ་གྱི་མཁའ། །ཁམས་དང་སྐྱེ་མཆེད་སེམས་དཔའ་དང་། །སེམས་མའི་ཚོགས་དང་ཁྲོ་མོའི་སྐུ། །ཕྱི་ནང་གསང་གསུམ་དངོས་སྣང་བའི། །དཀྱིལ་འཁོར་རིགས་ཀྱི་བདག་ཉིད་ཆེ། །ཞེས་དང་། པདྨ་རང་གི་གནས་སུ་བསྒོམ། །འདོད་ཆགས་ཆོས་ཀུན་སྤྱོད་པ་ཡི། །མགོ་བོར་རང་རང་གནས་ན་གསལ། །དྲི་མེད་དག་པའི་ཐིག་ལེ་ལས། །འོད་ཟེར་ལྔ་ཡི་སྣང་བ་བཅས། །རང་གི་གནས་ནས་འཕྲོ་མཛད་ཅིང་། །སོགས་དང་། རྡོ་རྗེ་པདྨོ་མཉམ་སྦྱོར་བས། །རང་རིག་དཀྱིལ་འཁོར་གསལ་བར་མཛད། །སོགས་དང་། རིགས་ཀྱི་བུ་མ་འོངས་པའི་འགྲོ་བ་གསང་སྔགས་ཀྱི་ཐེག་པའི་ལམ་དུ་འཇུག་པར་འདོད་པ་དག་གིས་ནི། རྡོ་རྗེ་སློབ་དཔོན་ལ་བརྟེན་ཏེ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་གཞུག་པར་བྱའོ། །ཞེས་དང་། མཆོག་ཏུ་གསང་བའི་གྲོང་ཁྱེར་འདིར། །གང་གིས་འདོད་དོན་གང་གཉེར་བ། །དེས་ནི་སྒྲིབ་སོགས་ཀུན་སྤངས་ཤིང་། །མཆོག་གནས་ཡེ་ཤེས་གསལ་བར་སྦྱོར། །བདེ་ཆེན་གསང་བའི་ཐེག་པ་ཆེ། །ཚེ་འདི་ཉིད་ལ་འགྲུབ་པར་བྱེད། །ཉོན་མོངས་དགྲ་སོགས་ལས་གྲོལ་བའི། །བདེ་བ་ཆེན་པོའི་གནས་ཐོབ་པའོ། །
ཞེས་དང་། རྒྱལ་བ་ཀུན་གྱི་བདག་ཉིད་ཆེ། །རྣམ་གསུམ་ཕྱག་རྒྱ་ལ་གནས་ནས། །ལས་ཀྱི་དངོས་གྲུབ་བསྒྲུབ་པ་ནི། །གནས་བཟང་དག་ཏུ་བརྩམ་པར་བྱ། །ཞེས་སོ། ༈ །བདུད་རྩི་བམ་བརྒྱད་ལས། སྲིད་གསུམ་ཡེ་ནས་བདུད་རྩི་ལྔ། །མ་བཅོས་ཡེ་ནས་རྫོགས་སངས་རྒྱས། །ཞེས་དང་། སྒྲུབ་དང་བསྒྲུབ་པར་བྱ་བ་དང་། །འབྲས་བུ་ཐོབ་པར་བྱ་བའི་ཕྱིར། །གསང་སྔགས་གསང་བའི་མན་ངག་འདི། །བདུད་རྩི་དམ་པ་མཆོག་གི་ལུང་། །ཞེས་དང་། ལྟ་བ་དང་ནི་སྤྱོད་པ་དང་། །དམ་ཚིག་སྒྲུབ་པ་ཕྲིན་ལས་དང་། །ངེས་པར་སྒྲུབ་པ་བསྒྲུབ་བྱའི་ཕྱིར། །ཟབ་མོ་བསྡུས་པའི་ལུང་འདི་གསུངས། །ཞེས་དང་། སྐྱེ་ཤི་མེད་པའི་དབྱིངས་སུ་གྱུར། །དབྱིངས་གྱུར་རྣམ་དག་ལྷུན་གྲུབ་པས། །ལྟ་བ་འདི་ལ་གནས་པ་ཡི། །རྣལ་འབྱོར་འདི་ནི་སྐལ་བ་བཟང་། །ཅི་སྤྱོད་ཅི་སྒོམ་ཅི་སྒྲུབ་ཀྱང་། །བདུད་རྩི་དེ་ཉིད་སྨན་གྱི་མཆོག ། ཅེས་དང་། རྩ་བ་སྡོང་བུ་ཡལ་ག་དང་། །ལོ་མ་འདབ་མ་མེ་ཏོག་དང་། །ཤུན་ལྤགས་འབྲས་བུ་སྙིང་པོར་བཅས། །རོ་དང་མཐུ་དང་ཁ་དོག་ལས། །རྩ་བ་གཅིག་ལ་ཡན་ལག་བརྒྱད། །ཡན་ལག་བརྒྱད་ལ་ཡོན་ཏན་སྟོང་། །འདི་དག་ཀུན་གྱི་ཡོན་ཏན་ཡང་། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །བདུད་བཞི་ངེས་པར་འཇོམས་པར་བྱེད། །ཅེས་དང་། སྐྱེ་མེད་ཡེ་ཤེས་ཡུམ་གྱི་དབྱིངས། །གཉིས་མེད་བདུད་རྩི་
ཆེན་པོ་སྟེ། །ཡབ་ཡུམ་བདེ་བའི་ངང་དུ་གསལ། །ཡིད་ནི་སྙིང་པོ་བྱང་ཆུབ་སེམས། །བདེར་གཤེགས་ཀུན་གྱིས་བཀའ་སྩལ་ཏོ། །སོགས་དང་། རྣལ་འབྱོར་ཐབས་དང་ལྡན་པས་ནི། །ཆོས་སྐུ་གཅིག་ལས་ཐ་དད་པའི། །རིགས་ལྔའི་ཁ་དོག་འདི་བཤད་དོ། །འདི་ལྟར་རྟོགས་ན་གྲོལ་བར་བཤད། །ཅེས་དང་། ཡེ་ཤེས་སྐུ་ལྔ་བསྟན་པའི་ཕྱིར། །བྱང་ཆུབ་སེམས་ནི་དཀར་བས་ན། །དྲི་མེད་དག་པའི་ཡེ་ཤེས་སྐུ། །རཀྟ་ཆགས་མེད་དམར་བས་ན། །ཆགས་མེད་རྣམ་དག་ཆོས་ཀྱི་སྐུ། །ཚྭ་ས་ཡིད་བཞིན་རིན་ཆེན་སྔོ། །སྣ་ཚོགས་འབྱུང་གནས་མཉམ་ཉིད་སྐུ། །རིན་ཆེན་གསེར་མདོག་སྣང་མཛད་དེ། །མངོན་འབྱུང་། སྤྲུལ་པ་ཆོས་དབྱིངས་སྐུ། །དྲི་ཆུ་དག་བྱེད་ལྗང་གུའི་མདོག །ཀུན་ཏུ་དོན་གྲུབ་ལས་རབ་སྐུ། །སྐུ་ལྔ་ལྷུན་གྲུབ་བདུད་རྩི་འདི། །སོ་སོའི་ལུས་ལ་གནས་པ་ཡིན། །ཞེས་དང་། དེ་བཞིན་དུ་ཆོས་བདུད་རྩི་ཆེན་པོའི་དོན་འདི་ཡང་མ་སྐྱེས་མི་འགགས་མི་རྟོགས་པས། འཁོར་བ་མཚན་མ་དང་། མཚན་མ་མེད་པ་དང་། ཉན་ཐོས། མི་གནས་སངས་རྒྱས་ས་ལ་རྣམ་པར་ཁྱབ་སྟེ་གནས་སོ། །ཞེས་དང་། བདུད་རྩི་ཆེན་པོའི་རང་བཞིན་ནི། །ཁ་དོག་དབྱིབས་དང་མཚན་མ་མེད། །འགོགས་པ་མེད་ཅིང་དབྱེ་བའང་མེད། །རྩ་བ་མེད་ཅིང་བརྟེན་པ་མེད། །བདུད་རྩི་ཆེ་ལ་བརྗོད་པའང་མེད། །ཉོན་མོངས་དུག་དང་བདུད་བཞི་བཅོམ། །དྲི་མེད་
དག་པའི་བྱང་ཆུབ་སེམས། །ངེས་དོན་དེ་ལ་འདུད་པར་བྱོས། །ཞེས་གསུངས་སོ། །ཞེས་དང་། འཇམ་དཔལ་གྱིས་བསྟོད་པ། ནམ་མཁའི་མཚན་ཉིད་སངས་རྒྱས་ཏེ། །མཚན་ཉིད་མེད་པས་ནམ་མཁའ་འདྲ། །བྱ་བ་མེད་པས་གྲོལ་བ་སྟེ། །བདུད་རྩི་མཆོག་ལ་ཕྱག་འཚལ་ལོ། །ཆུ་ཟླ་བཞིན་དུ་དྲི་བྲལ་བ། །ཐམས་ཅད་རྟོག་པ་ཡོངས་སུ་སྤང་། །བདག་ཏུ་འཛིན་མེད་རྣམ་པར་དག །བདུད་རྩིའི་རྒྱལ་ལ་ཕྱག་འཚལ་ལོ། །དུས་གསུམ་ཆོས་ཀྱི་དབྱིངས་དང་མཉམ། །བདུད་དང་ངན་སོང་གསུམ་ལས་ཐར། །ལེན་པ་མེད་ཅིང་བཏང་བའང་མེད། །དྲི་མེད་དག་པའི་བྱང་ཆུབ་སེམས། །བདུད་རྩིའི་མཆོག་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་སྐྱེད་པའི་རྒྱུ། །ཁམས་གསུམ་སེམས་ཅན་འདྲེན་པའི་དཔལ། །འགྲོ་བ་དྲུག་གི་སྒྲིབ་སྦྱོང་བ། །བདུད་རྩིའི་རྒྱལ་ལ་ཕྱག་འཚལ་ལོ། །ཞེས་དང་། མི་སྤོ་ང་བ་དང་དུ་བླང་། །སྤྱོད་པ་དམ་ཚིག་བཅོ་ལྔ་སྲུང་། །ཤེས་པ་ལྔ་དང་སྲུང་བ་གསུམ། །སྟོང་རྩ་བརྒྱད་དུ་བསྲུང་བ་ནི། །རྩ་བརྒྱད་སྟོང་ཞེས་དེ་ལ་བྱའོ། །ཞེས་དང་། །ཁྲུ་ཚད་བཞི་དང་ལྡན་པ་ནི། །ཡོན་ཏན་བཅུ་གཅིག་དང་ཡང་ལྡན། །བཞིན་བཟང་མིག་གི་དཀྱུས་རིང་བ། །སྟོད་སྨད་ཕྱེད་ལ་རྐེད་པ་ཕྲ། །ཚིག་པ་ཟླུམ་ལ་སོར་མོ་ཕྲ། །ཡོན་ཏན་བཅུ་གཅིག་དང་ལྡན་ནོ། །ཡེ་ཤེས་རྟོགས་ཅན་ཡིན་པར་བཤད། སོགས་དང་། བྷ་ག་དེ་ནི་བྱིན་
གྱིས་བརླབས། །སོགས་དང་། བྷ་ག་ཝཱན་ནི་ཉིད་ཀྱི་བཀའ། །ཕྱག་རྒྱ་བཞི་རུ་བདག་གྱུར་པས། །གཉིས་སུ་མེད་པར་མཉམ་སྦྱར་ནས། །ལྷ་ཡི་བདུད་དང་ཕུང་པོའི་བདུད། །ཉོན་མོངས་བདུད་དང་འཆི་བདག་བཅོམ། །ཕྱག་རྒྱ་ཆེན་པོ་བཞི་དང་ལྡན། །མཁའ་ལ་སེམས་སེམས་འཕྲོས་པའི་ཚེ། །བྱང་ཆུབ་འཁོར་བ་མྱ་ངན་འདའ། །གཉིས་སུ་མེད་པའི་ཕར་ཕྱིན་ཏོ། །ཞེས་དང་། སངས་རྒྱས་སེམས་ཅན་ཐམས་ཅད་དང་། །མཚན་མར་བཏགས་པ་ཐམས་ཅད་ཀུན། །བདེ་ཆེན་ཉིད་ལས་གཞན་མ་ཡིན། །བདེ་ཆེན་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་མཁྱེན་ཏོ། །ཞེས་དང་། །བྱང་ཆུབ་སེམས་ཀྱིས་དབང་བསྐུར་ཏེ། །དངོས་གྲུབ་སྒྲུབ་པ་ལ་གཟུད་དོ། །ཞེས་དང་། བསྒྲལ་བའི་དྲི་ཆེན་ཡུངས་ཀར་གསུམ། །ཆ་མཉམ་འཐུང་ན་དུག་རྣམས་ཐུབ། །འཆི་བྱེད་དུག་ནི་ཐུབ་པའི་ཕྱིར། །བདུད་རྩི་ཞེས་ནི་དེ་ལ་བྱའོ། །ཞེས་དང་། དེ་ནས་ཏ་ནའི་ལུང་བཤད་དེ། །ཡེ་ནས་རྒྱུ་ཉིད་དག་པ་ལས། །ང་དང་བདག་ཏུ་འཛིན་པ་ཡིས། །ཁམས་གསུམ་འཁོར་བའི་རྒྱུ་རུ་གྱུར། །ཁམས་གསུམ་དེ་དག་བསྒྲལ་བའི་ཞིང་། འབྲས་བུ་ལྔ་ བསྒྲལ་ཆེན་པོ། ཞེས་དང་། མི་གཡོ་ཕྱག་རྒྱ་ཆེན་པོའི་ངང་། །དབང་ཕྱུག་ཆེན་པོའི་བསྒྲལ་ཐབས་ནི། །འཚོ་བའི་བདག་པོའི་ཚེ་དང་སྲོག །ཐུགས་རྗེ་ཐབས་དང་ཤེས་རབ་དང་། །ཐབས་ལ་མཁས་པའི་བྱིན་
རླབས་ཀྱིས། །འགྲོ་བ་ཐམས་ཅད་སྦྱོང་བར་མཛད། །ཅེས་དང་། མ་ཀྲྀ་དག་གི་རྣམ་ཤེས་དེ། །ངེས་པར་གཟུགས་ལ་ཕབས་ནས་ཀྱང་། །ཊཀི་ལ་ནི་ནུབ་ཏུ་བསྟན། །དབང་དུ་བསྡུ་བའི་ལས་མཛད་ཀྱིས། །སངས་རྒྱས་ཀུན་གྱི་བྱིན་གྱིས་རློབས། །ཁམས་གསུམ་མ་ལུས་བསྒྲལ་བའི་ཞིང་། །སྟ་ན་ཆེན་པོ་བྱ་བའི་ཕྱིར། །བདེ་གཤེགས་མང་པོ་ཀུན་འདུས་ཤིང་། །བྱམས་དང་སྙིང་རྗེ་ལྡན་པ་ཡིས། །ཉོན་མོངས་འཁོར་བའི་རྒྱ་དྲལ་པོ། །ཞེས་དང་། མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བྱང་ཤར་མཚམས་སུ་བརྐྱངས། །ཞེས་དང་། སྐུ་ཡི་སྤྲུལ་པ་ཕྱོགས་བཅུར་བཀྱེ། །གསུང་གིས་སེམས་ཅན་མཐའ་དག་དགྲོལ། །ཐུགས་ནི་ཚད་མེད་བཞི་དང་ལྡན། །ཉི་ཟླ་གསལ་བའི་དཀྱིལ་འཁོར་དུ། །ཚེ་དཔག་མེད་པར་དབང་བསྐུར་ནས། །ཡང་དག་ཉིད་ལ་ཡང་དག་སྒྲོལ། །ཡང་ན་བསྒྲལ་ན་བདེ་ཆེན་ཐོབ། །ཕྱིར་མི་ལྡོག་ལ་ངེས་པར་ཕྱིན། །ཕྱིན་པ་ཙམ་གྱིས་དབང་ཐོབ་ནས། །རྒྱལ་བའི་ཞིང་ཁམས་དབྱིངས་ཉིད་མཐོང་། །རྒྱུད་དྲུག་གནས་སུ་མི་སྐྱེ་ཕྱིར། །དཔའ་བོ་འབྲུ་ལྔས་ལམ་ལྔ་དགག །ཨོཾ་ཨཱཧཱུྃ་སྭཱ་ཧཱ། འོག་མིན་དགའ་ལྡན་ལྷ་ཡུལ་དུ། །ཡེ་ཤེས་རླུང་གིས་བཏེགས་ནས་ནི། །སྦྱོར་བའི་ལྷུམ་དུ་ཕཊ་ཀྱིས་འཕང་། །ཨ་ནི་སུ་ཏྲི་པྲ་དུ། །གང་ཡང་རུང་བའི་རྣམ་ཤེས་དེ། །གསལ་བའི་དབྱིངས་སུ་ཧཱུྃ་གིས་བསྡུ། །སྒྱུར་སྐྱེད་ཡེ་ཤེས་
སྐུར་སྤྲོས་ཏེ། །དབྱིངས་དང་ཡེ་ཤེས་ལྷུན་གྲུབ་པས། །སོགས་དང་། རྒྱུ་དང་དམ་ཚིག་ཐམས་ཅད་ནི། །སངས་རྒྱས་བསྒྲུབ་པའི་རྒྱུ་དང་གཞི། །དམ་ཚིག་དམ་པར་སྲུང་བའི་རྫས། །བྱིན་གྱིས་བརླབ་པར་བྱ་བའོ། །ཞེས་དང་། རི་ནི་ཉམས་དགའ་མདངས་བཟང་བ། །ཡིད་འོང་གནས་སུ་འདུག་ནས་ནི། །བྱིན་རླབས་མཚམས་བཅད་བརྟན་བྱས་ནས། །དཀྱིལ་འཁོར་འདོམ་གང་གྲུ་བཞི་པ། །དྲི་སྣ་ཡིས་ནི་མཎྜལ་བྱ། །སོགས་དང་། དེ་ནས་མཆོད་ཅིང་དངོས་གྲུབ་བླང་། །སློབ་མ་ལ་ཡང་དབང་བསྐུར་རོ། །ཞེས་དང་། དེ་ནས་སྒྲུབ་པའི་ཡོ་བྱད་རྣམས། །འཚོ་བ་ཟས་ཀྱི་ཡོ་བྱད་དང་། །སྒྲུབ་པ་དམ་རྫས་ཡོ་བྱད་དང་། །རྐྱེན་ཟློག་སྨན་གྱི་ཡོ་བྱད་དང་། །དེ་ལྟར་ཕུན་སུམ་ཚོགས་ལྡན་ནས། །ཇི་བཞིན་བདེ་བར་འདུག་ནས་ནི། །ས་གཞི་རབ་ཏུ་སྦྱངས་བྱས་ཏེ། །ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །སྔ་དྲོའི་དུས་སུ་དཀྱིལ་འཁོར་བྱ། །མཎྜལ་འདོམ་གང་ལྔ་ཡང་བྲི། །སྒྲུབ་པ་ཆེན་པོ་བྱ་བའི་ཕྱིར། །དྲི་ཆེན་དྲི་ཆུས་སྐྱངས་ནུལ་བྱའོ། །ཞེས་དང་། ཡང་། ཟག་པ་ཟད་ནས་ནམ་མཁར་འཕུར། །རྡོ་རྗེའི་འགྲོས་ ཀྱིས་ནམ་མཁར་འགྲོ། །རིག་འཛིན་གོ་འཕང་འདིས་ཐོབ་བོ། །ཞེས་སོ། །དེ་ནས་བདུད་རྩིའི་ཕྱག་རྒྱ་ནི། །ལག་པ་གཡོན་པའི་དཔུང་པ་བརྐྱང་། །མཐེ་བོང་སྲིན་ལག་མཐིལ་དུ་དགུག །རྡོ་རྗེ་ཚོན་གང་
བཅས་པ་དང་། །མཛུབ་མོ་གུང་མོ་མཐེའུ་ཆུང་བརྐྱང་། །སྦྱར་ཏེ་ལག་པའི་མཐིལ་གྱིས་ནི། །བདུད་རྩི་སྣོད་ཀྱི་སྟེང་དུ་གནོན། །དེ་ནས་བདུད་རྩི་བྱིན་གྱིས་བརླབ། །ཏིང་འཛིན་མེ་དང་འདྲ་བ་ལ། །། བཟླས་བརྗོད་རླུང་དང་འདྲ་བ་ཡིས། །གླལ་དང་ལུད་པས་བར་མི་གཅོད། །ཅེས་དང་། ཏིང་འཛིན་རྣམ་གསུམ་རིམ་བཞིན་བསྒོམ། །རྒྱུ་ཡི་ཏིང་འཛིན་འབྲས་བུ་ལས། །དེ་ཉིད་བྱང་ཆུབ་སེམས་སུ་འགྱུར། །འབྱུང་ལྔ་ཡུམ་གྱི་དཀྱིལ་འཁོར་དག །བྱང་ཆུབ་སེམས་ལས་རིམ་བཞིན་བསྐྱེད། །ཅེས་དང་། ཞི་བའི་ཚེ་ན་བྱང་དུ་བལྟ། །ག་ཎའི་ཚེ་ན་ནུབ་ཏུ་བལྟ། །སྟ་ན་ཆེན་པོ་ལྟོ་རུ་བལྟ། །རྒྱས་པའི་ཚེ་ན་ཤར་དུ་བལྟ། །ཡང་ན་ཕྲིན་ལས་རྣམ་པ་བཞི། །སོ་སོའི་ཕྱོགས་དག་ནས་བལྟའོ། །སོགས་གསུངས། འདི་ལ་བམ་པོ་བརྒྱད་ཡོད་པའི་དང་པོ་གླེང་གཞི་དང་གླེང་བསླང་སྔོན་དུ་འགྲོ་བས་བྱང་ཆུབ་སེམས་ཁོ་ན་ཉིད་ལྟ་བ་བསྟན་པའི་མན་ངག །གཉིས་པ་སྨན་གྱི་བྱུང་ཁུངས་དང་སྦྱར་ཚུལ་སོགས། གསུམ་པས་དམ་ཚིག་ལ་གནས་པ་སྔོན་དུ་འགྲོ་བས་ལུང་ཨ་ནུ་ཡོ་གའི་སྤྱོད་པ་ལས། ཤེས་རབ་ག་ཎ་སྦྱོར་བའི་ལམ་ལ་སྒྲུབ་པ་ཆེན་པོའི་ ལུང་། གཟུང་མའི་མཚན་ཉིད། སྦྱོར་བའི་མན་ངག །ག་ཎ་བསྲུབ་པའི་ལུང་། བྱང་ཆུབ་སེམས་ཀྱི་ཡོན་ཏན། ཨ་མྲྀ་ཏ་གྲུབ་པའི་ལུང་བསྟན། བཞི་པས་འབྲས་བུ་ལྔ་བསྒྲལ་ཆེན་པོའི་ལུང་། མ་ཀྲྀ་བསྒྲལ་
ཚུལ་སྔོན་བྱུང་གི་ཚུལ་དང་བཅས་ནས་དེས་བདུད་རྩིའི་རྒྱུ་འགྲུབ་པའི་ཚུལ་བསྟན། ལྔ་པས་མ་ཧཱ་ཡོ་གའི་དོན་གྱི་ལུང་དང་། ཇི་ལྟར་སྒྲུབ་པའི་ཚུལ་བསྟན་པ་ལས་བསྙེན་སྒྲུབ་གཉིས་མདོར་བསྟན། དྲུག་པས་འབྲས་བུ་ཆེན་པོ་ལྔ་བསྒྲལ་བའི་ལུང་དང་། དེ་བསྒྲལ་ནས་དེ་སྨན་དུ་སྦྱར་བའི་ཚུལ་ཏེ་སྦྱོར་སྒྲོལ་ཞི་རྒྱས་ཀྱི་ལས་ཀྱིས་སྒྲུབ་པ་ཆེན་པོ་བསྟན། བདུན་པས་སྨན་གྲུབ་པའི་དོན་དང་། སྦྱར་བའི་ཐབས་དང་། ལས་ཀྱི་རིམ་པའི་བསྐུལ་ཚིག་དང་། ཡོ་བྱད་དུ་བྱས་པ་རྣམས་བདུད་རྩི་མཆོག་གི་ལུང་བསྟན་ཏེ་དོན་དུ་བསྒྲུབ་པའི་ལག་ལེན་གྱི་ཕྲིན་ལས་བྱང་བུ་བསྟན། བརྒྱད་པས་སྟོན་པ་ཀུན་ཏུ་བཟང་པོས་སྡུད་པ་། པོ་འཇམ་དཔལ་ལ་གདམས་པ་གཏད་པ་དང་། ཆོས་བདུད་རྩིའི་རང་བཞིན་བསྟན་པའི་སྒོ་ནས་བདུད་རྩིའི་དགོས་འབྲེལ་ལམ་ཡོན་ཏན་ཀྱང་མདོར་བསྡུས་པ་སྟེ། འདི་དག་རྒྱུད་འབྱུང་བའི་གླེང་གཞི་སོགས་ལྔ་དང་སྦྱར་བའི་བཤད་ཚུལ་དང་། འབྲས་བུ་ཡོངས་སུ་ཤེས་པར་བྱ་བ་རྒྱུད་དོན་ལ་ཡང་རྒྱུད་ཡུམ་དང་སྤྱིར་སྦྱར་ཞིང་། རྒྱུད་ཀྱི་དངོས་པོ་བཅུར་བྱེ་བྲག་ཏུ་འདྲེས་ཚུལ། ཞིབ་ཏུ་བཤད་རྒྱུ་ཡོད་མོད་ཀྱི་རེ་ཞིག་བཞག་གོ །ཐམས་ཅད་བདུད་རྩི་ལྔ་ཡི་རང་བཞིན། དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོ་མཆོག་བམ་པོ་ཆེན་པོ་བརྒྱད་པ་ལས་ཞེས་པས་མཚན་བསྟན། དེ་ཡང་ཐམས་ཅད་བདུད་རྩི་ལྔ་ཡི་རང་བཞིན་གྱིས་རྒྱུ།
དངོས་གྲུབ་ཆེན་པོ་ཉེ་བའི་སྙིང་པོའི་ལམ། མཆོག་ཅེས་པས་འབྲས་བུ་བསྟན་ཏོ། །གཞན་དུ། གསང་བ་མཆོག་གི་དཀྱིལ་འཁོར་ན། །སོགས་གླིང་གཞི་ཕུན་སུམ་ཚོགས་པ་ལྔ་བསྟན། དེ་ནས་བདེ་གཤེགས་ཐམས་ཅད་ནི། །སོགས་ཀྱིས་འཁོར་ལ་ཟབ་དབང་བསྐུར་བའི་སྦྱོར་བས་སྟོན་འཁོར་དགོངས་པ་ཐུན་མིན། དབྱེར་མེད་དུ་མཛད་ནས་ཇི་ལྟར་གསུངས་པའི་ཚུལ། ཐུན་མོང་། རྩིས་མགོ་སྡུད་པའི་ཚུལ་གྱིས་གླེང་བསླང་། དེ་ནས། བསམ་གྱིས་མི་ཁྱབ་བསྟན་པ་དང་། །བརྒྱད་ཁྲི་བཞི་སྟོང་རྣམ་གྲངས་ཀྱང་། །ཐེག་པའི་སྒོ་ནི་གསུམ་དུ་གསུངས། །གསང་ཉིད་ཐེག་པར་བསྡུས་དང་བཞི། །སོགས་ཀྱིས་རྒྱུད་ཀྱི་དོན་དངོས་བསྟན། ཐ་མའི་ལེའུ་གཅིག་གིས་གདམས་གཏད་དང་དགོས་འབྲེལ་བསྟན་ཏོ།། ༈ །།རྡོ་རྗེ་ཕུར་པ་ཞེ་སྡང་རྡོ་རྗེ་བཀོད་པའི་རྒྱུད་ལས། དེ་ལ་ཕུར་པའི་དམ་ཚིག་ནི། ལྟ་བ་མཉམ་པར་རྟོགས་པ་དང་། །སྤྱོད་པ་ཅིར་ཡང་མི་སྙོམས་ཤིང་། །ཐབས་ཀྱིས་འགྲོ་ལ་ཕན་བྱེད་པ། །དེ་ནི་དམ་ཚིག་མཆོག་ཏུ་གསུངས། །ཞེས་དང་། གང་ལ་དམིགས་པའི་ངོ་བོ་ལ། །གདབ་པའི་ལས་རྣམས་བྱས་ནས་ནི། །རྣམ་ཤེས་དབྱིངས་སུ་ཡང་དག་སྦྱར། །ལྷག་མ་ལྷ་ལ་བསྟབ་པར་བྱ། །ཞེས་དང་། རང་བྱུང་རིག་པའི་ཡེ་ཤེས་ནི། །བཙལ་ཞིང་བསམ་པས་མ་བཀོད་དེ། །ཆོས་ཀྱི་དབྱིངས་སུ་གཤེགས་པས་ནི། །སྤྱན་དྲངས་དོན་ལས་
ཁྱད་པར་འཕགས། །སྤྲོས་པ་མེད་པའི་ཆོས་ཉིད་དང་། །བཙལ་དུ་མེད་པའི་སེམས་ཉིད་གཉིས། །མཉམ་པའི་ངང་དུ་རྟོགས་པ་ན། །བཞུགས་སུ་གསོལ་ལས་ཁྱད་པར་འཕགས། །ཐམས་ཅད་དབྱེར་མེད་མཉམ་པའི་ངང་། །འདུ་འབྲལ་མེད་པར་རབ་གནས་པས། །ཕྱག་འཚལ་བ་ལས་ཁྱད་པར་འཕགས། །ཆོས་ཉིད་བཙལ་དུ་མེད་པ་ལ། །ཆོས་ཅན་མཆོད་པའི་རྒྱུ་རུ་སྣང་། །སྐྱེ་མཆེད་ཁམས་རྣམས་མཆོད་པར་སྣང་། །ནམ་མཁའ་དམིགས་སུ་མེད་པ་ལས། །འབྱུང་བའི་ཚོགས་རྣམས་མཆོད་པར་སྣང་། །ཐམས་ཅད་ཆོས་ཉིད་རྒྱན་དུ་གསུང་། །མཆོད་པ་ཕུལ་བས་ཁྱད་པར་འཕགས། །ཞེས་དང་། ཕུར་ནི་ཐབས་ཀྱི་རྒྱལ་པོ་ཡིན། །པ་ནི་ཤེས་རབ་ཡུམ་གྱི་དོན། །གཉིས་སུ་མེད་པ་རྡོ་རྗེའི་ངང་། །ཞེས་དང་། རྡོ་རྗེ་འབར་བའི་རྒྱུད་ལས། སངས་རྒྱས་དཀྱིལ་འཁོར་རྣམས་བསྒོམས་ནས། །རྒྱལ་བ་ཐམས་ཅད་མཉེས་མཆོད་དེ། །འགྲོ་བའི་དོན་རྣམས་རྫོགས་པའི་ཕྱིར། །སྦྱིན་སྲེག་ལས་རྣམས་རྫོགས་པར་བྱ། །ཞེས་དང་། འོ་མ་ཅན་དང་མངར་སྐྱུར་བ། །དུག་ཤིང་ཚེར་མ་ཅན་ལ་སོགས། །སོ་སོའི་མཚན་དང་སྦྱར་བ་ཡིན། །ཞེས་དང་། དགང་གཟར་བླུགས་གཟར་སོ་སོའི་དབྱིབས། །ཡུ་བ་གྲུ་གང་ཚད་དུ་བྱ། །དགང་གཟར་སོར་བཞི་ངོས་གཉིས་ཟག །ཁ་རན་སོར་གཅིག་དཀྱིལ་རིན་ཆེན། །ངོས་ལའང་ཡི་གེ་འབར་བ་བསྒོམ། །
བླུགས་གཟར་སོར་གཉིས་སོར་གཅིག་ཟབ། །ཁ་འཁོར་སོར་གཅིག་དཀྱིལ་རྡོ་རྗེ། །ངོས་ལ་ཡི་གེ་རྣམ་པར་བསྒོམ། །ཞེས་སོ། །རྡོ་རྗེ་གསུམ་གྱི་བདག་ཉིད་ཅན། །རྡོ་རྗེ་གསུམ་དུ་རྣམ་བསྒོམས་ཏེ། །ཁ་། དང་ལྕེ་ཡི་དམ་ཚིག་ཀྱང་། །རྡོ་རྗེ་གསུམ་དུ་ལྡན་བྱས་ཏེ། །བདུད་རྩི་ལྔ་ཡི་རང་བཞིན་ལ། །རྡོ་རྗེ་གསུམ་དུ་བྱིན་བརླབས་ཏེ། །ཟོས་ན་རྡོ་རྗེ་གསུམ་ཐོབ་འགྱུར། །ཞེས་སོ། །འབྱུང་བ་ལྔ་ཡི་རང་བཞིན་དང་། །ཁ་དོག་ལྔ་ཡི་རང་བཞིན་གྱི། །གྱེན་དང་ཐུར་དུ་རྒྱུ་བའི་རླུང་། །སྲོག་དང་རྩོལ་བ་ཞེས་བྱ་སྟེ། །རྣམ་པ་བཅུ་པོ་གཉིས་སུ་འགྱུར། །ཞེས་དང་། རྡོ་རྗེ་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ལས། དུར་ཁྲོད་རི་ཡི་བྱ་སྐྱིབས་དང་། །དེ་བཞིན་མི་མེད་གྲོང་ཁྱེར་དང་། །ཡང་ན་དབེན་པ་རྒྱ་མཚོའི་མཐར། །བཟའ་བ་དེ་ནི་རབ་ཏུ་བཟའ། །དེ་ལ་སྟན་དུ་བརྟག་པ་ནི། །རོ་ནི་གཟུགས་ཅན་བཅུ་གཅིག་དང་། །ཡང་ན་སྟག་གི་པགས་པ་དང་། །དུར་ཁྲོད་རས་ནི་དེ་བཞིན་ནོ། །ཞེས་དང་། སྐྱེས་པའི་ཐོད་པ་ཆ་གཅིག་པར། །ཆང་ནི་བཟང་པོས་ཡོངས་བཀང་སྟེ། །བླ་མ་ལ་དབུལ་སྐལ་ཆེན་པོ། །ཕྱག་འཚལ་ནས་ནི་རང་ཡང་བཏུང་། །པདྨའི་ལག་པས་བླང་པ་དང་། །དེ་ཉིད་ཀྱིས་ནི་སླར་ཡང་དབུལ། །ཞེས་དང་། རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ལས། དཀྱིལ་འཁོར་གཙོ་བོས་དཀྱིལ་འཁོར་དུ། །སློབ་མ་རབ་ཏུ་གཞུག་ཏུ་གསོལ། །སེམས་
ཅན་དོན་དུ་བདག་འཚལ་བས། །བཟོད་པར་མཛད་དེ་དགོངས་སུ་གསོལ། །ཞེས་སོ། ༈ །རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ཀྱི་རྒྱལ་པོ་ལས། མ་སྐྱེས་སྤྲོས་དང་བྲལ་བའི་རང་བཞིན་གྱི། །སྐྱེ་བའི་ཆོ་འཕྲུལ་སྣ་ཚོགས་ཡུལ་ཕྱུངས་ནས། །ཡུལ་མེད་རང་གི་རང་བཞིན་ཡིན་ཞེས་བྱ། །ཡུལ་ལ་མི་འཛིན་སྤངས་དང་ལེན་མེད་པས། །མེད་པ་ཕྱལ་བ་གཅིག་པུ་ལྷུན་གྲུབ་སྟེ། །བསྲུང་བར་བྱ་བའི་ཚུལ་ཁྲིམས་ཀུན་དང་བྲལ། །ཀུན་བཟང་ང་ལ་བསྲུང་པའི་དམ་ཚིག་མེད། །རྒྱུ་རྐྱེན་མེད་པས་རྩོལ་ཞིང་བསྒྲུབ་མི་དགོས། །ལྷུན་གྱིས་གྲུབ་པས་སྤྱད་པའི་ལས་མི་དགོས། །ཡེ་ནས་ཡིན་པས་ཤེས་པར་བྱ་མི་དགོས། །རང་བྱུང་ཡིན་པས་རྒྱུ་དང་རྐྱེན་མི་དགོས། །བཟང་ངན་མེད་པས་བླང་དོར་བྱ་མི་དགོས། །དངོས་པོ་མེད་པས་མེད་པ་ཞེས་སུ་བཤད། །དངོས་སུ་མི་སྤོང་ཡེ་ཤེས་མ་འགགས་པས། །དེ་ལ་ཕྱལ་བ་ཞེས་སུ་བཏགས་པ་ཡིན། །སེམས་སུ་ཀུན་གཅིག་གཅིག་པུར་བཏགས་པ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །ཡིད་ཆེས་བྱང་ཆུབ་སེམས་སུ་རྫོགས་པའི་ཕྱིར། །ལྷུན་གྱིས་རྫོགས་པ་ཞེས་སུ་ང་ཡིས་བསྟན། །ཅེས་དང་། ཀུན་བཟང་མ་ངེས་ནམ་མཁའ་འདྲ། །མི་རྟོག་གསལ་བའི་ངང་ལ་བཞག །སྒོ་ལྔ་མ་བཀག་རང་སར་བཞག །མ་བཙལ་རང་ལུགས་ཆེན་པོར་བཞག །མི་གཡོ་མཉམ་པའི་ངང་
ལ་བཞག །མི་རྟོག་སྤྲོས་དང་བྲལ་བར་བཞག །གང་དུའང་ངོས་མི་བཟུང་བར་བཞག །སྣང་བ་མི་དགག་གང་ཤར་བཞག །རྟོག་མེད་གསལ་བའི་ངང་ལ་བཞག །གཉིས་མེད་མཉམ་པའི་ངང་ལ་བཞག ། ཀླུ ལུས་ངག་ཡིད་གསུམ་གློད་དེ་བཞག །དེ་བཞིན་མ་བཅོས་རང་སར་བཞག །མ་ཆགས་ཞེན་དང་བྲལ་བར་བཞག །བསམ་པ་གང་དུའང་མ་ཞུགས་བཞག །ཤེས་པ་བསམ་སྤྱོད་མེད་པར་བཞག །ཅེས་དང་། སེམས་ཉིད་ཀུན་བཟང་ང་ཉིད་ནི། །སྟོན་པ་དང་ནི་བསྟན་པ་འཁོར་དུས་གནས། །ང་ལས་འབྱུང་བས་ཡེ་ནས་ཐིག་ལེ་སྟེ། །ང་ཡི་རང་བཞིན་ཐིག་ལེར་བསྟན་པ་ཡིན། །ཐིག་ལེ་ཡེ་ནས་སྤྲོས་པ་མེད་པའི་དོན། །སྙིང་པོ་མ་སྤྲོས་ཡེ་ནས་ཐིག་ལེ་ཡིན། །ཞེས་དང་། ཡུལ་ལ་རྟོག་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བས་རང་བྱུང་མིན། །ཡུལ་མེད་ཙམ་ན་གསལ་མི་བྱེད། །རང་བྱུང་ཡེ་ཤེས་ཞེས་བྱ་བ། །ཡེ་ཤེས་ཡེ་ནས་ཤེས་པ་ཡིན། །ཞེས་དང་། བྱང་ཆུབ་སེམས་ཀྱི་རང་བཞིན་ནི། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་སྟེ། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །ཀློང་ཆེན་སེམས་ཀྱི་གནས་དེ་ན། །མི་གནས་པ་ནི་གང་ཡང་མེད། །ཅེས་དང་། བྱང་ཆུབ་སེམས་རྨད་དུ་བྱུང་བ་ལས། མ་སྐྱེས་པ་ཡི་ཆོས་རྣམས་ལ། །ངོ་བོ་མེད་དེ་སྒོམ་པའང་མེད། །ནམ་མཁའི་ཚུལ་དུ་རབ་སྦྱོར་བ། །དངོས་
པོ་ཀུན་ཏུ་རབ་ཏུ་གྲགས། །ཆོས་རྣམས་རང་བཞིན་འོད་གསལ་བས། །གདོད་ནས་དག་པས་ནམ་མཁའ་བཞིན། །བྱང་ཆུབ་མེད་ཅིང་སེམས་ཅན་མེད། །བདག་ཏུ་མེད་པའི་ཆོས་ལས་བྱུང་། །ཞེས་དང་། རིན་པོ་ཆེ་འཁོར་ལོ་བརྩེགས་པའི་རྒྱུད་ལས། རིག་པ་གང་ལའང་མ་ཆགས་པར་རང་བྱུང་ཡེ་ཤེས་སུ་ཐལ་བྱུང་བ་ནི་ངོ་བོའི་གཞི་ལ་རིག་པ་ཉིད་ཅིར་ཡང་མི་གནས་པར་ལམ་རྐྱེན་གྱི་ཆོས་གང་ལའང་ ཆགས་པ་མེད་པ་སྟེ། གླང་པོ་ཆེ་སྨྱོན་པ་བཏགས་ན་འབྲོས་ཤིང་གཏོང་ན་འདུག་པ་དང་འདྲ། རང་གི་རིག་པ་བྱང་ཆུབ་ཀྱི་སེམས་ནུས་ན་ངན་འགྲོ། ཡན་པར་བཏང་ན་ལྡོག་པ་སྟེ། རང་བྱུང་རང་ཤར་མི་འགག་པའོ། །རིག་པ་ཅིར་ཡང་གར་ཡང་མི་སྤོང་པ་ཐུག་ཕྲད་པ་ནི་རིག་པ་གཞི་རང་སར་གྲོལ་བ་ལ་རྐྱེན་ཐམས་ཅད་བསྐུལ་མར་ཤེས་ནས་མེ་འབར་བ་ལ་ཤིང་བསྣན་པ་ལྟ་བུ་སྟེ། སྔར་ངོ་ཤེས་པའི་མི་དང་ཕྲད་པ་ཐེ་ཚོམ་ཟ་བ་བཞིན་དུ་དྲན་པ་དང་རིག་པ་ཅི་འགྱུར་བ་ཐམས་ཅད་ཡེ་ཤེས་ཟང་ཐལ་ཆོས་ཉིད་ཐུག་ཕྲད་དེ་དགག་སྒྲུབ་མེད་པའོ། །ཞེས་དང་། རིག་པ་ནམ་མཁའི་རྒྱ་ལམ་དང་འདྲ་སྟེ་བཙལ་བས་རྗེས་མེད་པའོ། །བཙལ་བར་བྱ་བའི་ཡུལ་རང་གི་སེམས་ཉིད་གཞན་ལ་བརྟེན་པ་ལྟར་བྱས་ནས་བཙལ་བ་རྗེས་མེད་པ་ནི། །ཁྱི་རྐུན་གྱིས་ཁང་སྟོང་བཙལ་བས་བཟའ་རྒྱུ་ཅང་མ་རྙེད་པ་བཞིན་དུ། རང་གི་སེམས་ལ་ཤེས་པ་ཁ་ནང་
དུ་ལོག་ནས་བཙལ་བས་ཅི་ཡང་མ་མཐོང་ལ་གདགས་གཞི་དང་བྲལ་བའོ། །ཞེས་སོ། །རྨད་བྱུང་ལས། །དཀྱིལ་འཁོར་འཁོར་ལོ་ཞེས་བྱ་བ། །ཡེ་ཤེས་རྡོ་རྗེའི་ཐུགས་ལ་གནས། །རྡོ་རྗེ་ཡེ་ཤེས་མཆོག་ཉིད་ནི། །བདག་ཉིད་སྦྱོར་བས་བསྟན་པའོ། །ཞེས་དང་། ༈ །བང་མཛོད་འཕྲུལ་གྱི་ལྡེའུ་མིག་ལས། ཉན་ཐོས་ལྟ་བ་རྣམ་པ་གཉིས། །བྱེ་བྲག་པ་དང་མདོ་སྡེའོ། །བྱེ་བྲག་དོན་དམ་རྡུལ་ཕྲན་ཆེ། །ཆ་མེད་ཕྱོགས་དང་བཅས་པར་འདོད། །མདོ་སྡེ་གཡག་རྔ་ནེའུ་གསིང་ཚུལ། །ཀུན་རྫོབ་ཚུལ་དུ་ཡོད་པར་འདོད། །རང་རྒྱལ་ཕྱོགས་གཅིག་དེ་དང་མཐུན། །དེ་ལས་ཁྱད་པར་འཕགས་པ་ནི། །རྣམ་པར་རིགས་གཅིག་མ་ཡིན་པའི། །གཟུགས་ལ་བདག་མེད་ཁྱད་པར་འཕགས། །ནང་ནི་ཤེས་པ་སྐད་ཅིག་མ། །སྐྱེ་འགགས་ཅན་དེ་རྒྱུ་རྐྱེན་མེད། །ཅེས་དང་། མདོ་སྡེའི་ལྟ་བ་རྣམ་གསུམ་སྟེ། །སེམས་ཙམ་སྤྱོད་པའི་དབུ་མ་དང་། །མདོ་སྡེ་སྤྱོད་པའི་དབུ་མ་དང་། །རྣལ་འབྱོར་སྤྱོད་པའི་དབུ་མ་དང་། །སེམས་ཙམ་དབུ་མ་རྣམ་གཉིས་ཏེ། །རྣམ་བཅས་རྣམ་པ་མེད་པའོ། །རྣམ་བཅས་ལ་ཡང་གཉིས་ཡོད་དེ། །རྣམ་པ་བདེན་པར་ལྟ་བ་ནི། །ཕྱི་ཡི་ཡུལ་དང་ནང་གི་སེམས། །དོན་དམ་དུ་ནི་འབྲེལ་མེད་ཀྱང་། །ཀུན་རྫོབ་ཙམ་དུ་འབྲེལ་བར་འདོད། །ནང་གི་ཤེས་པ་སྐད་ཅིག་མ། །སྐད་ཅིག་མ་ཡིས་མི་རྟག་སྟེ། །དེར་ནི་རྒྱུན་གྱིས་
རྟག་པར་འདོད། །སྔ་མ་སྔ་མར་རྒྱུ་བྱས་ནས། །ཕྱི་མ་ཕྱི་མ་འབྲས་བུར་འདོད། །རྣམ་མེད་ལྟ་བའི་རྫུན་པ་ནི། །ཤེས་པ་བདེན་ཏེ་རྣམ་པ་རྫུན། །རྣམ་པར་ཤེས་དང་མགོ་མཉམ་དུ། །ཡང་དག་ཡོད་པ་མ་ཡིན་ཏེ། །དོན་དམ་དུ་ཡང་ཨ་ཅང་ཆེ། །ཀུན་རྫོབ་ཏུ་ཡང་འབྲེལ་མེད་འདོད། །ཤེས་པ་རང་རིག་རང་གསལ་ཙམ། །དེ་ལས་གཞན་པའི་ཆོས་མི་འདོད། །རྣམ་མེད་དག་གི་ལྟ་བ་ནི། །གཉིས་མེད་ཡེ་ཤེས་ལྟ་བུ་ལ། །རང་རིག་གསལ་བའི་ངོ་བོར་འདོད། །མདོ་སྡེ་སྤྱོད་པའི་དབུ་མ་ནི། །ཆོས་རྣམས་ཡུལ་སེམས་གཉིས་ཀ་འདོད། །ཡུལ་གྱི་རྒྱུ་ནི་ཕྲ་རབ་རྡུལ། །ཕྱོགས་བཤིགས་གཅིག་ནི་མ་གྲུབ་གྲུབ། །གཅིག་འགྲུབ་འགྲུབ་པའི་གཏན་ཚིགས་ཀྱིས། །གཅིག་གིས་བསགས་པའི་དུ་མ་ཡང་། །ཡང་དག་ཉིད་དུ་མི་འདོད་དོ། །རང་གི་རང་བཞིན་སྟོང་པར་འདོད། །ནང་གི་ཤེས་པ་སྐད་ཅིག་མ། །སྔ་མ་འགགས་ཤིང་མི་གནས་སྟོང་། །ད་ལྟར་འགགས་པར་གྱུར་པས་སྟོང་། །ཕྱིས་ནི་མ་འོང་མི་གནས་སྟོང་། །དུས་གསུམ་ཆ་ཡིས་སྟོང་པར་འདོད། །རྣལ་འབྱོར་སྤྱོད་པའི་ལྟ་བ་ནི། །ཕྱི་ཡི་ཡུལ་ལྟར་སྣང་བ་ནི། །ཀུན་རྫོབ་སྒྱུ་ མའི་ཚུལ་ཅན་དུ། །འཇའ་ཚོན་སྒྱུ་མའི་ཚུལ་དུ་སྣང་། །སྟོང་ཞིང་སྣང་ལ་སྣང་ཞིང་སྟོང་། །སྣང་སྟོང་འབྱེད་པ་མེད་པར་འདོད། །ཅེས་དང་། གསང་སྔགས་ལྟ་བ་ཐུན་མོང་ནི། །བདེན་པ་གཉིས་ཀྱི་མུ་བཟུང་
སྟེ། །དོན་དམ་སྐྱེ་འགགས་མེད་འདོད་པར། །ཀུན་ཀྱང་ཕྱག་རྒྱའི་དཀྱིལ་འཁོར་འདོད། །ཅུང་ཟད་ཕྱོགས་ཆ་མ་མཐུན་པས། །བྱ་བ་རྒྱུད་ཀྱི་ཐེག་པ་ནི། །ཆོ་ག་ཡན་ལག་བཅུ་གཅིག་གིས། །བྱིན་གྱིས་བརླབས་ནས་ལྷ་རུ་འདོད། །དེ་ཡང་རྗེ་དང་ཁོལ་གྱི་ཚུལ། །གཉིས་ཀའི་རྒྱུད་ནི་སྤུན་གྲོགས་ཚུལ། །རྣལ་འབྱོར་རྒྱུད་ཀྱི་ཐེག་པ་ནི། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་བཞི། །ཡོངས་སུ་བརྟགས་ནས་ལྷ་རུ་འདོད། །དེ་ཡང་སྤུན་དང་གྲོགས་པོའི་ཚུལ། །བསྐྱེད་པ་མ་ཧཱ་ཡོ་ག་ཡིས། །ཏིང་འཛིན་གསུམ་དང་བསྙེན་སྒྲུབ་བཞི། །ཡོངས་སུ་སྦྱངས་ནས་ལྷ་རུ་འདོད། །ཡེ་ཤེས་དམ་ཚིག་ཚུལ་མི་འཛིན། །རྫོགས་པ་ཨ་ནུ་ཡོ་ག་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ། །མ་བསྐྱེད་རྫོགས་པའི་ཚུལ་དུ་འདོད། །ཅེས་དང་། །རྫོགས་ཆེན་ཨ་ཏིའི་ལྟ་བ་ནི། །མ་འདྲེས་ཡོངས་སུ་རྫོགས་པ་ཡིན། །ཀུན་བྲལ་དྲི་མ་སྤངས་པ་ཡིན། །རྒྱ་ཆད་ཕྱོགས་ལྷུང་མེད་པ་ཡིན། །ཡིན་ཚུལ་ངེས་པ་མེད་པ་ལ། །སྣང་ཚུལ་ཅིར་ཡང་སྣང་བ་ཡིན། །རང་བཞིན་གཅིག་ཏུ་མ་ངེས་པས། །ལྟ་བ་ངོས་བཟུང་མེད་པ་ཡིན། །ཞེས་དང་། ཡང་འབྱེད་པ་དྲུག་སྡེ་ལས། ཉན་ཐོས་བདེན་བཞིའི་སྒོ་ནས་འཇུག །རང་རྒྱལ་རྟེན་འབྲེལ་སྒོ་ནས་འཇུག །མདོ་སྡེ་བདེན་གཉིས་སྒོ་ནས་འཇུག །ཀྲི་ཡ་དག་གསུམ་སྒོ་ནས་འཇུག །ཨུ་བྷ་ཡ་ལ་ངེས་པ་མེད། །
ཆོ་ག་དག་གི་འཇུག་སྒོ་ནི། །མངོན་པར་བྱང་ཆུབ་ལྔའི་སྒོ་ནས། །མ་ཧཱ་ཡོ་གའི་འཇུག་སྒོ་ནི། །ཏིང་འཛིན་རྣམ་གསུམ་སྒོ་ནས་འཇུག །རྫོགས་དང་རྫོགས་པ་ཆེན་པོ་ནི། །དམིགས་མེད་དག་པའི་སྒོ་ནས་འཇུག །ཅེས་དང་། དབུ་མའི་ལྟ་བ་མི་མཐུན་ཏེ། །རྣམ་པར་ཤེས་དང་མགོ་མཉམ་དུ། །ལ་ལ་བདེན་པ་གཉིས་སུ་འདོད། །ལ་ལ་རང་རིག་འོད་གསལ་འདོད། །ལ་ལ་དག་གི་ལྟ་བ་ནི། །ཆོས་ཉིད་སྟོང་པ་ནམ་མཁར་འདོད། །ལ་ལ་རབ་ཏུ་མི་གནས་པ། །སེམས་དང་སེམས་ལས་བྱུང་པའི་ཆོས། །ཡེ་ཤེས་རྒྱུན་ཆད་ལྟ་བར་འདོད། །ཅེས་སོ། །ཡང་བང་མཛོད་ལས། དབང་པོ་རབ་ཀྱི་དོན་དུ་ནི། །ནང་གི་བསྐྱེད་རྫོགས་རྣམ་གསུམ་བསྟན། །དབང་པོ་འབྲིང་གི་དོན་དུ་ནི། །ཕྱི་ཡི་ཀྲི་ཡོ་ག་རྣམ་གསུམ་བསྟན། །དབང་པོ་ཐ་མའི་དོན་དུ་ནི། །སྡེ་སྣོད་གསུམ་གྱི་ཐེག་པ་བསྟན། །ཅེས་དང་། མཚན་ཉིད་་རྒྱུ་ཡི་ཐེག་པ་ནི། །དགེ་སྡིག་ལས་ཀྱི་རྒྱུ་བྱས་ནས། །འབྲས་བུ་བདེ་དང་སྡུག་བསྔལ་འདི། །ཆོས་སྤྱོད་དགེ་བས་རྒྱུ་བྱས་ནས། །དེ་ཉིད་ལམ་དུ་ཁྱེར་བའི་ཕྱིར། །རྒྱུ་ཡི་ཐེག་པར་བཏགས་པ་ཡིན། འབྲས་བུ་རྡོ་རྗེ་ཐེག་པ་ནི། །ཕྱག་རྒྱའི་དཀྱིལ་འཁོར་ལམ་བྱས་ནས། །འབྲས་བུ་དེ་ཉིད་ལམ་དུ་ཁྱེར། །རང་གི་ལུས་ངག་ཡིད་གསུམ་ནི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་སྦྱོར། །དེ་རིགས་རྡོ་རྗེའི་ཐེག་པར་བཏགས། །
ཞེས་སོ། །རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་གསལ་བར་སྟོན་པའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཉོན། ཨ་ཏི་ཡོ་གའི་རྒྱུད་འདི་ཉིད་ལ་སོགས་པ་རྣམས་ཀྱི་འོག་མིན་གནས་ཡུམ་གྱི་མཁའ་ཉིད་དུ། ཉིད་ཀྱིས་ཁྱེད་འདུས་པའི་འཁོར་རྣམས་བཤད་དེ། སྡུད་པ་པོ་འཇམ་དཔལ་དང་། སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེས་བསྡུས་ཏེ། ལྷ་གནས་གསུམ་དུ་གྲགས་ཏེ། དེ་ནས་གསེར་གྱི་གླེགས་བམ་ལ་བེཌཱུརྱ་ཞུན་མས་རང་ནན་དུ་བྲིས་ཏེ། འཛམ་བུའི་གླིང་གི་ལྷོ་ཕྱོགས་སུ་སྤྲུལ་པའི་སངས་རྒྱས་འབྱོན་པའི་གནས། རྡོ་རྗེ་གདན་དུ་བབས་ནས་སྤྱོད་པར་འགྱུར་རོ། །དེ་ཡང་མ་ཧཱ་ཡོ་གའི་རྒྱུད་ཐམས་ཅད་ནི་རྒྱལ་པོ་ཛ་ཞེས་བྱ་བའི་ཁང་སྟེང་དུ་འབབ་པར་འགྱུར་ལ། ཨ་ནུ་ཡོ་གའི་རྒྱུད་ཐམས་ཅད་སིངྒ་ལའི་ནགས་ཚལ་དུ་འབབ་པར་འགྱུར་ཏེ། ཨ་ཏི་ཡོ་ག་རྫོགས་པ་ཆེན་པོའི་རྒྱུད་འདི་ཉིད་ལ་སོགས་པ་ཐམས་ཅད་ནི་དྷ་ན་ཀོ་ཥའི་གླིང་དུ་འབྱུང་ཞིང་དར་ནས་རྒྱས་པར་སྤྱོད་པར་འགྱུར་རོ། །གཞན་ཡང་ཕྱག་ན་རྡོ་རྗེ་ལ་སོགས་པས་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ལ་གཏད་ནས། སླད་ནས་ཀྱང་འབྱུང་ཞིང་རྒྱས་པར་འགྱུར་རོ། །དེ་ཉིད་ཀྱི་དུས་སུ་སྔར་བྱུང་བའི་རྒྱུད་སྡེ་རྣམ་གསུམ་ནི། བྱང་ཕྱོགས་འཛམ་བུའི་གླིང་གི་དབུས་ཡིན་པས་དེར་ཁྱད་པར་དུ་དར་བར་འགྱུར་ལ། རྡོ་རྗེ་གདན་གྱི་དྲུང་དུ་མི་སྤྱོད་
པར་བྱང་ཆུབ་ཤིང་དྲུང་དུ་གཏེར་དུ་སྦེད་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འདུལ་བའི་སྣོད་དུ་མ་གྱུར་པའི་ཕྱིར་རོ། །དེ་ཉིད་ཀྱི་དུས་ནི། སླད་ནས་འབྱུང་བ་རྣམས་དང་། བྱང་ཕྱོགས་ཀྱི་གནས་སུ་ནི། སྔར་བྱུང་བའི་རྒྱུད་སྡེ་རྣམ་པ་གསུམ་དང་། སླད་ནས་འབྱུང་རྒྱུད་རྣམས་དང་། གཉི་ག་དར་ཞིང་རྒྱས་པར་འགྱུར་ཏེ། གཞུང་བཞིན་དུ་སྤྱད་པ་རྣམས་ནི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འགྱུར་ལ། དེ་ལོག་པར་སྤྱད་ཅིང་མ་ཉམས་པ་རྣམས་ནི་དེ་ལས་གཞན་དུའང་ཡིན་ནོ། །དེ་ཡང་རྒྱུད་འདི་ཉིད་རྟགས་ཙམ་འཛིན་པའི་དུས་འབྱུང་ཉེ་བ་ན། རྣལ་འབྱོར་སྐལ་བ་དང་ལྡན་ཅིང་ཚོགས་བསགས་པ་རྣམས་ཀྱིས་སྤྱོད་ཅིང་དར་ནས། རིག་པ་སྟོང་གསལ་རྟོགས་ཏེ་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་རོ། །ཞེས་སྣང་ངོ་། ༈ །ཕུར་པ་རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། སྐྱེ་མེད་ཐབས་དབྱིངས་ཕུར་བ་ནི། །མཉམ་ཉིད་སྐྱེ་བ་མེད་པས་ཐེབས། །ཐུགས་རྗེ་སྤྲུལ་པ་ཐུགས་རྗེ་ཡིས། །ལོག་པར་འཁྱམས་པ་རྣམས་ལ་གདབ། །གསང་བ་བྱང་སེམས་ཕུར་པ་འདི། །རྟོག་ཚོགས་བརྡུང་ཕྱིར་ཡུམ་མཁར་གདབ། །འདུས་བྱས་རྫས་ཀྱི་ཕུར་པ་འདིས། །བསྒྲལ་བའི་ཞིང་བཅུར་གྱུར་རྣམས་གདབ། །ཅེས་དང་། ཐུགས་རྗེ་འགྲོ་བའི་བཤད་རྒྱུད་ལས། རྡོ་རྗེ་སེམས་དཔའི་བྱིན་རླབས་ཀྱིས། །སེམས་ཉིད་མཁའ་དང་མཚུངས་པར་ཡོད། །
ཆོས་སྐུ་མངོན་སུམ་རྟོགས་པའི་ཚེ། །མཆོག་གི་དབང་དུ་དེ་ཉིད་དེས། །རྡུལ་ཚོན་ལུས་དང་བྱང་ཆུབ་སེམས། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་མཆོག །བསྟེན་ནས་དབང་རྣམས་ཡང་དག་བསྐུར། །བུམ་པ་གསང་བ་ཤེས་རབ་དང་། །བཞི་པ་མཆོག་གི་དབང་ཆེན་ཡིན། །ཞེས་དང་། ཕུར་བ་རྣམ་པ་བཞི་ཡིན་ཏེ། །ཆོས་ཉིད་དོན་གྱི་ཕུར་བ་དང་། །རིག་པ་ཡེ་ཤེས་ཕུར་བ་དང་། འདུས་བྱས་རྫས་ཀྱི་ཕུར་པ་དང་། །བརྟན་པ་ལུས་ཀྱི་ཕུར་པའོ། །འདུས་བྱས་རྫས་ཀྱི་ཕུར་པ་ནི། །དངུལ་ལམ་འོ་མ་ཅན་གྱི་ཤིང་། །ཟངས་སམ་ཙནྡན་དམར་པོའི་ཤིང་། །ལྕགས་སམ་རྐང་དང་ཚེར་མའི་ཤིང་། །གསེར་རམ་འོ་སེ་སེར་པོའི་ཤིང་། །སོར་བརྒྱད་སོར་དྲུག་བཅུ་གཉིས་དང་། །བཅུ་དྲུག་ཕུར་པའི་ཚད་ཡིན་ནོ། །ཟླུམ་དང་གྲུ་བཞི་ཟླ་གམ་དང་། །ཟུར་གསུམ་དབྱིབས་སུ་ངེས་པ་ཡིན། །ཞེས་དང་། ཚེ་ནི་རྣམ་པ་གསུམ་ཡིན་ཏེ། །མི་འགྱུར་མི་འཕྲོག་རྡོ་རྗེའི་ཚེ། །ཉམས་ཤིང་འཕོ་བ་ཐིག་ལེའི་ཚེ། །འཁྲུལ་ཞིང་རྟོག་པ་སྣང་བའི་ཚེ། །ཞེས་དང་། ཤིང་ལྕགས་གཉིས་ཀྱི་ཚད་དང་དབྱིབས། །སོར་བརྒྱད་ཚད་དུ་རྫོགས་པ་ལ། །དབུ་ཡི་རྒྱ་མདུད་སོར་གཅིག་སྟེ། །ཟུར་གསུམ་བརྒྱད་དང་གྲུ་བཞི་ལྔ། །ཧཱུྃ་མཛད་ཁྲག་འཐུང་ལྔ་རྫོགས་ཏེ། །སོར་གཉིས་ལྟེ་བ་ཡན་ཆད་ལ། །གཅུམས་གཞོག་བརྒྱད་དུ་ཡང་དག་ཤེས། །ཁྲོ་རྒྱལ་མགོ་བརྙན་བཅུ་
དྲུག་རྫོགས། །སོར་གཅིག་ལྟེ་བ་གསུངས་པ་སྟེ། །སྒོ་བཞི་སྒོ་མ་བཞི་དང་ལྡན། །འོག་གི་སྟོབས་ཆེན་དེ་ཉིད་དོ། །སོར་གཅིག་བཙོས་པོ་མཚན་མ་སྟེ། །ཆུ་སྲིན་ཁ་རུ་ཡང་དག་རྫོགས། །དྲག་པོ་ མཁའ་འགྲོའི་དཀྱིལ་འཁོར་ཡིན། །སོར་གསུམ་དཔལ་དང་ལྡན་པ་སྟེ། །ཡུམ་ཆེན་ལྔ་ཡི་དཀྱིལ་འཁོར་ཡིན། །བཅུ་གཉིས་ལྡན་ན་དབུས་དེ་གཙོ། །གཙོ་བོའི། སོར་རེ་ཡིན་ཞིང་སྐུ་སྟོད་ལ། །སོར་གསུམ་ལྡན་པ་རྫོགས་པར་བྱས། །གཞན་དྲུག་དཔལ་དུ་ཤེས་པར་བྱ། །སོར་དྲུག་བརྒྱད་འདྲ་ཆུང་བ་ཉིད། །སོར་ནི་བཅུ་དྲུག་ལྡན་པ་ལ། །སོར་གཉིས་དབུ་ཡིན་སྐུ་སྟོད་བཞི། །ལྟེ་བ་གཉིས་ལ་མཚན་མ་གཉིས། །དྲུག་ནི་དབལ་དུ་རྫོགས་པ་ཡིན། །ཆག་ཚད་ལྡན་པས་རྟགས་མྱུར་རོ། །རབ་གནས་རྩེ་གཅིག་ཡིད་ཀྱིས་རྫོགས། །རང་གི་ལུས་ཉིད་ཕུར་པ་སྟེ། །མགོ་བོ་རྒྱ་མདུད་གོང་མ་ཡིན། །སྐུ་སྟོད་གཅུམ་གཞོག་བརྒྱད་ཡིན་ནོ། །ལྟེ་བ་རྒྱ་མདུད་འོག་མ་ཡིན། །བཙོས་པོ་མཚན་མ་ཆུ་སྲིན་ཁ། །རྐང་པ་གཉིས་ནི་དཔལ་དུ་ཤེས། །ལུས་ཀྱི་ནང་དུ་ལྷ་རྫོགས་པས། །ཕུར་པ་གཅིག་ཏུ་བསྒྲུབས་པ་ཡིན། །ཞེས་དང་། ཕུར་པ་གསང་བའི་རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། ཕུར་པ་རང་བྱུང་ངེས་པ་ལ། །དབྱེ་བ་རྣམ་པ་བཞི་ཡིན་ཏེ། །རང་རིག་ཡེ་ཤེས་ཕུར་པ་ཡིས། །ཡུལ་ཆོས་དབྱིངས་ལ་གདབ་པ་དང་། །ཐུགས་
རྗེ་ཆེན་པོའི་ཕུར་པ་ཡིས། །ཁམས་གསུམ་སེམས་ཅན་ལ་གདབ་དང་། །གསང་བ་བྱང་སེམས་ཕུར་པ་ཡིས། །ཡུམ་གྱི་མཁའ་ལ་གདབ་པ་དང་། །མཚན་མ་རྫས་ཀྱི་ཕུར་པ་ཡིས། །ཉམས་པ་བདུན་ལ་གདབ་པའོ། །ཞེས་དང་། རྡོ་རྗེ་གཉིས་སུ་མེད་པ་སྟེ། །མི་འགྱུར་ཆོས་ཀྱི་སྐུ་རུ་བཤད། །ཕུར་པ་ཡེ་ཤེས་གཉིས་མེད་དོན། །དབྱིངས་དང་ཡེ་ཤེས་འབྲེལ་བར་བཤད། །ཅེས་དང་། སློབ་དཔོན་སྟ་གོན་གནས་པ་དང་། །སློབ་མ་ལྷ་དང་བུམ་པ་རྣམས། །སྟ་གོན་གནས་པར་བཤམ་པར་བྱ། །ཞེས་དང་། རྡོ་རྗེ་ཆོས་དབྱིངས་མི་འགྱུར་བ། །གཞོན་ནུ་གཟུགས་སྐུ་རྣམ་གཉིས་སོ། །ཞེས་དང་། སྲེག་པ་མེ་ཡི་ལས་ལ་བསྒྱུར། །མནན་པ་ས་ཡང་དེ་བཞིན་ཏེ། །འཕང་བ་ཟོར་དུ་ཤེས་པར་བྱ། །ཞེས་སོ། །རྡོ་རྗེ་ཕུར་པ་ཆེན་པོ་བཤད་པའི་རྒྱུད་ཀྱི་ལེའུ་༢༧ནས་སྔགས་བཏུ་ཡོད། ཕུར་པ་ཕྲིན་ལས་ཀྱི་རྒྱུད་ལས། ཆུ་དང་དབུ་རྒྱན་རྡོ་རྗེ་དང་། ། དྲིལ་བུ ་མིང་དང་རྒྱལ་པོ་བྱིན། །ཞེས་དང་། དེ་ནས་གསང་བའི་དབང་བསྐུར་ཏེ། །རྒྱལ་རིགས་རྗེའུ་རིགས་བྲམ་ཟེ་ཡི། །རིགས་ཅན་བུ་མོ་མཚན་ལྡན་མ། །བཅུ་གཉིས་བཅུ་དྲུག་བཅོ་བརྒྱད་ལོན། །སིཧྥ་ག་བུར་ཡོད་པ་ཡིན། །བུ་མོའི་མཚན་མ་འདི་དག་ལྡན། །ཤ་རྩི་དཀར་ཞིང་སོ་ཆགས་དམ། །སྐྲ་ནི་ལྕང་ལོ་གཡས་སུ་འཁྱིལ། །མིག་ནི་དཀྱུས་རིང་ཨུཏྤལ་འདྲ། །སྨིན་མཚམས་བར་ནི་མ་ཆད་ཅིང་། །
བརྟུལ་ཞུགས་སྤྱད་པ་སྤྱོད་ནུས་པ། །ཡང་ན་མཚན་ལྡན་བུ་མོ་ནི། །ཨུཏྤལ་བཞིན་དུ་སྔོ་བསང་མ། །ར་བ་བཞི་ཡི་ཉ་བཞི་ལ། །བཟུང་ཐབས་བཞི་ཡི་འགྱུར་བྱེད་ཅིང་། །རྟོག་མེད་སྙིང་རྗེ་ཆོས་ལ་དད། །དེ་ལྡན་གསང་བའི་དབང་བསྐུར་རོ། །དངོས་གྲུབ་རྟགས་ཀྱི་ཕྱག་རྒྱ་ཡིས། །གསང་བའི་མན་ངག་དེ་དབང་བསྐུར། །དྲོད་གསུམ་དང་ནི་ལྡན་བྱས་པའི། །དབང་གསུམ་དམ་ཚིག་ལྡན་ལ་སྦྱིན། །བདེ་བས་མྱོས་པ་བརྒྱལ་བར་འགྱུར། །མན་ངག་དབང་བསྐུར་དེ་བཞིན་བྱ། །ཤེས་རབ་ཡེ་ཤེས་དབང་བསྐུར་བ། །མཚན་ལྡན་ཤེས་རབ་དག་ལ་ནི། །སྣ་ཚོགས་དྲི་ཡིས་རབ་བརྒྱན་ཅིང་། །བསྲུབས་དང་སྲུབ་བའི་ཐབས་དག་ལ། །མི་རྟོག་པ་ནི་རབ་ཏུ་སྐྱེ། །དགའ་དང་མཆོག་ཏུ་དགའ་བ་དང་། །མངོན་དགའ་རང་བཞིན་དགའ་བ་སྟེ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །བགྲོད་བྱེད་མན་ངག་དག་གིའོ། །ཞེས་དང་། བཞི་པའི་དབང་ནི་བསྐུར་བྱ་སྟེ། །རླུང་གི་རང་བཞིན་ངེས་ཤེས་ཤིང་། །བོ་ལ་ཀཀྐོ་ལ་སྦྱར་ལ། །རང་བཞིན་བདེ་བསྐོར་ཕན་ཚུན་འབྱུང་། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྟོག་པ་ཀུན་དང་བྲལ་བ་ཡི། །རང་བཞིན་འོད་གསལ་དེར་གནས་པ། །ཚིག་སོགས་དབང་གི་རང་བཞིན་བྱིན། །རྟོགས་པའི་བག་ཆགས་འཇོམས་པར་བྱེད། །ཅེས་དང་། ལས་ཀྱི་རླུང་ནི་སྲོག་ཏུ་བཤད། །སེམས་ཅན་གཟུགས་སུ་བྱེད་པ་ཡིན། །
བྱེད་པའི་རླུང་ནི་གཉིས་ཡིན་ཏེ། །རྒྱུ་དང་འབྲས་བུ་རྣམ་གཉིས་སོ། །རྒྱུ་ནི་རྣམ་ལྔར་ཤེས་པར་བྱ། །ཁྱབ་བྱེད་ཐུར་དུ་སེལ་བ་དང་། །མེ་དང་མཉམ་དུ་གནས་པའི་རླུང་། །སྲོག་དང་གྱེན་དུ་འགྲོ་བའི་རླུང་། །རྒྱུ་ཞེས་རབ་ཏུ་བཤད་པ་ཡིན། །འབྲས་བུའི་རླུང་ནི་རྣམ་ལྔ་སྟེ། །རྒྱུ་དང་རྣམ་པར་རྒྱུ་བ་དང་། །ཡང་དག་རྒྱུ་དང་རབ་ཏུ་རྒྱུ། །དེ་བཞིན་ངེས་པར་རྒྱུ་བའོ། །རླུང་ནི་བཅུ་པོ་དེ་དག་གིས། །ལས་ནི་རྣམ་པར་བྱེད་པས་ན། །བྱེད་པའི་རླུང་ཞེས་རབ་ཏུ་བཤད། །རླུང་ནི་བཅུ་པོ་འདི་རྣམས་ཀྱིས། །འཁོར་ལོའི་གནས་ནི་ཐམས་ཅད་དུ། །བྱང་ཆུབ་སེམས་ནི་འཕོ་བར་བྱེད། །བདེ་བའང་དེ་བཞིན་དེར་བསྐྱེད་དེ། །ཟླ། སྟེང་གི་འཕོ་བ་ཞེས་ནི་གྲགས། །འདིའི་ལེའུ་བར་སྔགས་བཏུ་མང་། ཞེས་སོ། །ཚོགས་ཀྱི་ལེའུར༡༣། རྣལ་འབྱོར་ཕོ་མོ་གཡས་དང་གཡོན། །ལུས་ངག་བརྡས་མཚོན་སོ་སོར་མཆོད། །ཅེས་དང་། ཚོགས་ཀྱི་འཁོར་ལོའི་དུས་དག་ཏུ། །རྐང་བ་བརྐྱང་བར་མི་བྱ་ཞིང་། །ཕྱི་རོལ་གཏམ་ཡང་རབ་ཏུ་སྤངས། །མི་དགོད་གསང་བའི་ངག་ལ་གནས། །ལྷ་ཡི་གྲངས་ནི་དེ་བཞིན་དུ། །ཕྱི་ནང་གསང་བའི་མཆོད་པ་ཡང་། །ལྷ་རྣམས་ལ་ནི་རབ་ཏུ་དབུལ། །ཞལ་ཟས་ཚོགས་ལ་ལོངས་སྤྱོད་ཅིང་། །དཔའ་བོ་དཔའ་མོ་མཉམ་འབྱུང་ལ། །བྱང་ཆུབ་སེམས་ཀྱི་བདེ་བས་མཆོད། །ཉོན་མོངས་རྣམ་པར་རྟོག་པ་ཡང་། །དེ་ཡི་འོད་ཟེར་དག་ག
གིས་བསྲེགས། །ཕྱི་རོལ་བར་ཆད་བྱེད་རྣམས་ལ། །འོད་ཟེར་དག་གིས་བསྲེག་པར་བྱ། །བརྟུལ་ཞུགས་ཆེན་པོའི་སྤྱོད་པ་ཡིས། ཚོགས་ཀྱི་འཁོར་ལོ་བྱ་བ་ཡིན། །རྟོག་པ་ཅན་ལ་ཚོགས་འཁོར་གསང་། །དཔའ་བོ་དཔའ་མོ་བརྟུལ་ཞུགས་ལྡན། །དམ་ཚིག་ཅན་གྱིས་ཚོགས་འཁོར་བྱ། །རྡོ་རྗེའི་གླུ་ནི་རབ་ཏུ་བླངས། །མཁའ་འགྲོའི་ཚོགས་ལ་གཏོར་མ་སྦྱིན། །ཅེས་དང་། དམ་ཚིག་ལྡན་པའི་རྣལ་ འབྱོར་པས། །ལས་འདི་ལ་ནི་བརྩོན་པར་བྱ། །ཚོགས་ཀྱི་འཁོར་ལོ་རབ་འབྲིང་གསུམ། །ཕྱི་ནང་གསང་བ་གསུམ་ཞེས་བྱ། །དམ་ཚིག་ཉམས་པ་བསྐང་པའི་ཕྱིར། །ནང་གི་ཚོགས་ཀྱི་འཁོར་ལོར་བྱ། །ཚོགས་མཆོད་བསོད་ནམས་བསྐྱེད་དུས་ཕྱི། །མི་རྟོག་ཡེ་ཤེས་བསྐྱེད་དུས་སུ། །གསང་བའི་ཚོགས་ཀྱི་འཁོར་ལོ་བྱ། །ཚོགས་འཁོར་དེ་གསུམ་གང་གིས་ཀྱང་། །སྒྲིབ་སྦྱོང་རྣམ་གྲོལ་ལམ་ལ་འགོད། །ཅེས་སོ། །ཕུར་པ་ཟ་བྱེད་ཡཀྵ་འབར་བའི་རྒྱུད་ལས། གཏོར་མ་ལས་རབ་ཀུན་གྱི་མཆོག །ལས་རྣམས་ཀུན་གྱི་སྔོན་དུ་འགྲོ། །ཞེས་དང་། བདུད་རྩི་ཡེ་ཤེས་ལྔ་ལྡན་པ། །བྱིན་རླབས་གཞུང་ནས་བྱུང་བའི་རྫས། ། ཕུལ་ནས་དམ་བསྐང་ལས་གཉིས་རྫོགས། །ཞེས་དང་། རཀྟ་ཆགས་པའི་རང་བཞིན་ནི། །དབང་དུ་འདུས་ཤིང་ལས་རྣམས་བྱེད། །རྨད་བྱུང་དམ་རྫས་ཀུན་གྱི་མཆོག །ཅེས་སོ། །ཡང་ཕུར་པ་གསང་བའི་
རྩ་བ་རྣལ་འབྱོར་ཆེན་པོ་ཡང་དག་པའི་རྒྱུད་ལས། གནས་པ་རྩ་ལ་གཡོ་བ་རླུང་། །མི་ཤིགས་བྱང་ཆུབ་སེམས་སུ་བསྟན། །ཅེས་གསུངས། ༈ །རྫོགས་པ་ཆེན་པོ་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། ཕྱི་རོལ་ཡུལ་གྱི་ཐ་སྙད་ལ། །དམ་པར་ཞེན་པའི་རྟོག་པ་ཡིས། །བྱུང་ཚོར་རྗེས་སུ་མ་འབྲེངས་པས། །འཇིག་རྟེན་ཕལ་བར་དེ་མི་གོལ། །རང་རིག་སེམས་ཀྱི་སྙིང་པོ་འདི། །དྲན་རྟོག་བློ་ཡི་རྣམ་པ་ཡིས། །ཡོད་མེད་ཡུལ་དུ་མ་བསྒོམས་པས། །རྟག་ཆད་མཐར་ནི་དེ་མི་གོལ། །ལུང་རིགས་མན་ངག་ལ་བརྟེན་ནས། །ཐོས་བསམ་ལྟ་བས་ཡིད་ཆེས་པས། །ཤེས་རབ་ཟབ་མོའི་དོན་ཟིན་པས། །ལུང་མ་བསྟན་དུ་དེ་མི་ཚོལ། །མི་དམིགས་དོན་ལ་བློ་བརྟན་ཅིང་། །བྱིང་རྒོད་རྣམ་གཉིས་བསལ་བ་ཡིས། །བྱིང་རྒོད་རོ་ལ་མ་ཞེན་པས། །སེམས་འཛིན་བསམ་གཏན་སར་མི་གོལ། །ཕྱི་རོལ་ཡུལ་གྱི་སྣང་བ་ལ། །རང་གི་སེམས་དང་མ་འབྲེལ་ཕྱིར། །སྒོ་ལྔའི་རྣམ་ཤེས་མ་འགགས་པས། །འདུ་ཤེས་མེད་པར་དེ་མི་གོལ། །རང་བྱུང་རང་སྣང་འདི་ཉིད་ལ། །སེམས་ཀྱི་རྩོལ་པའི་གཉེན་པོ་ཡིས། །རྣམ་རྟོག་མ་སྤངས་རང་ཞི་བས། །ཉན་ཐོས་འགོག་པར་དེ་མི་གོལ། །ཕྱི་རོལ་རྟེན་འབྲེལ་བཅུ་གཉིས་ལ། །བརྟེན་ནས་སེམས་ཀྱི་རྒྱུ་བ་ཡི། །རྟོག་བཀག་སྟོང་པར་མི་བསྒོམ་པར། །རང་རྒྱལ་སེམས་སུ་དེ་མི་གོལ། །ཡུལ་རྣམས་སེམས་
སུ་བློས་བསྡུས་ནས། །དོན་དམ་རང་གི་ཤེས་པའི་དོན། །རང་རིག་སྐད་ཅིག་མ་བསྒོམས་པས། །སེམས་ཙམ་ལྟ་བར་དེ༔ ཡུལ་འདི་ཀུན་རྫོབ་བློས་བྱས་ཏེ། །གཏན་ཚིགས་དག་གིས་གཞིག་བྱས་ ནས། །མཚན་མ་སྟོང་པར་མ་བསྒོམས་པས། །དབུ་མ་གཉིས་སུ་དེ་མི་གོལ། །ཞེས་དང་། ཆོས་ཉིད་དག་པའི་ངང་ལས་ནི། །རིགས་གསུམ་དཀྱིལ་འཁོར་ལྷར་མ་བསྐྱེད། དབང་བཞིའི་ཏིང་འཛིན་མ་བསྒོམས་པས། །ཀྲི་ཡའི་ཐེག་པ་དེ༔ ལྟ་བ་ཡོ་གར་བལྟ་བ་དང་། །སྤྱོད་པ་ཀྲྀ་ཡར་འཇུག་པའི་ཕྱིར། །རྣམ་གཉིས་འཛིན་པར་མ་བསྒོམས་པས། །ཨུ་པ་ཡང་ནི་དེ་མི་གོལ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ན། །ཆོ་འཕྲུལ་ལྷ་ཡི་ང་རྒྱལ་གྱིས། །བྱང་ཆུབ་རྣམ་ལྔ་མ་བསྒོམས་པས། །ཡོ་གའི་སེམས་དཔར་དེ་མི་གོལ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས། །རྟོག་ཚོགས་དགྲ་རྣམས་མང་པོ་ཡིས། །རྣམ་རྟོག་ལྷར་ནི་མ་བསྒྱུར་བས། །མ་ཧཱ་ཡོ་གར་དེ་མི་གོལ། །ལས་ཀྱི་ཕྱག་རྒྱ་གཞིར་བཞག་ནས། །རྩ་རླུང་ཐིག་ལེའི་བདེ་བ་ཡིས། །ཐབས་ཀྱིས་ཟིན་པར་མ་བསྒོམས་པས། །ཆགས་པའི་ལམ་དུ་དེ༔ ཀུན་གཞི་དག་པའི་མཁའ་ཀློང་དུ། །བདེ་ཆེན་གཉིས་མེད་རིག་པའི་རྩལ། །འདུ་འབྲལ་མེད་འཇོག་ཡིད་ཆེས་པས། །ཨུ་ནུ་ཡོ་གར་དེ་མི་གོལ། །ཞེས་དང་། དད་པ་མངོན་དུ་དྲན་བྱས་པས། །མི་དམིགས་དག་ལ་མ་བརྟེན་ཀྱང་། །
བྱིང་རྒོད་གཉིས་ཀྱི་སྐྱོན་བྲལ་ནས། །ཞི་གནས་བསམ་གཏན་དེ་ལ་རྫོགས། །ཕྱི་ནང་ཆོས་རྣམས་ཐམས་ཅད་ཀུན། །སོ་སོར་རྟོག་པའི་ཡེ་ཤེས་ཀྱིས། །སྒྱུ་མ་ལྟ་བུར་རབ་ཤེས་པས། །རང་བཞིན་མེད་པའི་ལྷག་མཐོང་རྫོགས། །འཇིག་རྟེན་གོལ་བར་དོན་རྟོགས་པས། །སེར་སྣར་འཛིན་པའི་སེམས་མེད་ཕྱིར། །རེ་བ་མེད་པའི་བསམ་པ་ཡིས། །སྦྱིན་པའི་ཕ་རོལ་ཕྱིན་པ་རྫོགས། །མ་ནོར་ཁྲིམས་ལས་མི་འདའ་ཕྱིར། །ལུས་ངག་ཡིད་ཀྱི་ལས་རྣམས་ཀུན། །མི་དགེ་ཉེས་བྱས་མི་འབྱུང་བས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་རྫོགས། །ཟབ་དང་རྒྱ་ཆེའི་ལྟ་བ་ཡིས། །ཡིན་དང་མིན་པའི་ཆོས་རྣམས་ཀུན། །ཆོས་ཀྱི་དབྱིངས་སུ་ཀུན་ཤོང་བས། །བཟོད་པའི་ཕ་རོལ་ཕྱིན་པ་རྫོགས། །ངོ་བོ་ཉིད་ལས་འབྲལ་མེད་ཕྱིར། །ཆེད་དུ་མ་བསྒོམ་ད་ལྟ་ཉིད། །ལྟ་བའི་དོན་ལ་ཡེངས་མེད་པས། །བརྩོན་འགྲུས་ཕ་རོལ གཞི་གསུམ་དུས་སུ་འབྲལ་མེད་པས། །ཡེ་ཤེས་ཀུན་ཏུ་རྒྱུན་མི་འཆད། །སྙིང་པོའི་དོན་ལས་མ་གཡོས་པས། །བསམ་གཏན་ཕ་རོལ་ཕྱིན༔ དང་པོར་འཁོར་བའི་རྩད་ཚོད་པས། །ཡེ་ཤེས་རིག་པར་ངོས་འཛིན་ཕྱིར། །ཡིད་ཆེས་གདིང་གི་ཐག་ཆོད་པས། །ཤེས་རབ་ཕ་རོལ་ཕྱིན་པ་རྫོགས། །ད་ཡང་འདུས་པའི་འཁོར་རྣམས་ཉོན། །ཕྱི་རོལ་ཡུལ་གྱི་སྣང་བ་ལ། །སྤོང་སྡུད་ཞེན་པ་མེད་པའི་ཕྱིར། །སྣང་བ་གང་ཡང་མི་འགོག་པས། །
ཐབས་ཀྱི་ཕ་རོལ་ཕྱིན༔ ཚེ་རབས་སྔོན་ནས་སྦྱངས་པའི་ཕྱིར། །མི་གནས་བླ་མེད་དོན་རྟོགས་པས། །ད་ལྟ་ཉིད་དུ་རང་གི་སེམས། །སྨོན་ལམ་ཕ་རོལ་ཕྱིན༔ རང་སེམས་སྙིང་པོ་རྟོགས་པའི་ཕྱིར། ། མ་རིག་སྒྲིབ་པ་ཟིལ་གནོན་ནས། །ལུས་ངག་རྩོལ་བ་མི་དགོས་པས། །སྟོབས་ཀྱི་ཕ་རོལ་ཕྱིན༔ འཁོར་འདས་གཉིས་མེད་གོང་རོལ་ཏུ། །སྐྱེ་ཤི་མེད་པར་ཐག་ཆོད་པས། །བྱང་ཆུབ་སེམས་ལ་འགྱུར་བ་མེད། །ཡེ་ཤེས་ཕ་རོལ་ཕྱིན་པ་རྫོགས། །ཞེས་དང་། ལྟ་བ་ངེས་པའི་གདེང་ཟིན་ནས། །མི་རྟོག་ཡེ་ཤེས་བགེགས་བསལ་བ། །རྣམ་པར་རྟོག་པའི་གེགས་མེད་ཕྱིར། །ཕྱི་ནང་མཚམས་གཅོད་དེ་ལ་རྫོགས། །ཡེ་ནས་ངོ་བོ་ཉིད་སྐུའི་དབྱིངས། །བསྒྲུབ་ཏུ་མེད་པའི་ཆོས་ཉིད་ལ། །མ་རིག་རྣམ་རྟོག་སྒྲིབ་པ་མེད། །དོན་གྱི་བཤགས་པ་དེ་ལ་རྫོགས། །སངས་རྒྱས་སེམས་ཅན་གཉིས་མེད་ཕྱིར། །ཡུལ་དང་དབང་པོ་མི་འབྱེད་པ། །གཉིས་མེད་དོན་གྱི་ཀློང་ཁྱབ་པས། །བྱིན་ཆེན་དབབ་པ་དེ་ལ་རྫོགས། །ཞེས་དང་། ངོ་བོ་ཉིད་ཀྱི་སྙིང་པོ་ལ། །སངས་རྒྱས་སེམས་ཅན་རྒྱུ་གཅིག་ཕྱིར། །ཆེད་དུ་བྱ་མེད་རང་རིག་པ། །སྤྱན་དྲངས་རིམ་པ་དེ་ལ་རྫོགས། །ཞེས་དང་། ཐམས་ཅད་འདྲེན་པ་ཆེན་པོ་ལ། །རྣམ་པར་གྲོལ་བ་མཚོན་པའི་ཕྱིར། །རིག་པའི་དོན་འདི་གསལ་ཐེབས་པས། །ནན་ཏན་ཕྱག་རྒྱ་དེ་ལ་རྫོགས། །ལུས་ངག་ལས་ཀྱི་རྣམ་པ་ལ། །
དྲན་པའི་དོན་གྱིས་ཟིན་པའི་ཕྱིར། །བསྒུལ་བསྐྱོད་ཐམས་ཅད་ཡེ་ཤེས་ལ། །ཕྱག་རྒྱའི་མཆོད་པ་དེ་ལ་རྫོགས། །ཞེས་དང་། འཁོར་དང་མྱ་ངན་འདས་པའི་ཆོས། །ཐིག་ལེ་གཅིག་ཏུ་འདུས་པའི་ཕྱིར། །ཅི་སློད་རང་གི་ལུས་ངག་ལ། །དཀྱིལ་འཁོར་བསྡུ་བ་དེ་ལ་རྫོགས། །ཞེས་སོ། ༈ །དཔལ་དུས་ཀྱི་འཁོར་ལོའི་རྒྱད་ལས། རྡུལ་ཚོན་དཀྱིལ་འཁོར་བྲིས་ནས་ནི། །གཤིན་ལ་གསོན་བཞིན་དབང་བསྐྱར་ན། ། ངན་སོང་གསུམ་དུ་སྐྱེས་ན་ཡང་། །དེ་ཉིད་གྲོལ་བར་ཐེ་ཚོམ་མེད། །ཅེས་དང་། གུར་ལས། རྡུལ་ཚོན་དཀྱིལ་འཁོར་བྲིས་ནས་ནི། །གཤིན་ལ་གསོན་བཞིན་དབང་བསྐུར་ན། །ངན་སོང་གསུམ་དུ་སྐྱེས་ན་ཡང་། །དེ་ཉིད་སྐྱེས་ནས་ཐར་བར་འགྱུར། །ཞེས་དང་། སྦྱོང་རྒྱུད་ལས། གང་ཡང་རུང་བའི་ཤི་བའི་ལུས་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་ན། སེམས་ཅན་དམྱལ་བར་སྐྱེས་ན་ཡང་སྐྱེས་མ་ཐག་ཏུ་རྣམ་པར་ཐར་ནས་ལྷའི་རིགས་སུ་སྐྱེ་བར་འགྱུར་རོ། །ཞེས་སོ། ༈ །སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་རྒྱུད་ལས། ལྷ་རྣམས་ཐམས་ཅད་ཚོགས་པ་ན། །སྐྱེ་བོ་མཛའ་བ་ཀུན་ཚོགས་པ། །ཚོགས་ཀྱི་འཁོར་ལོ་དམ་པ་འདི། །མཛའ་བ་ཐམས་ཅད་འདུས་པ་སྟེ། །སངས་རྒྱས་ཀུན་གྱི་བརྡ་དག་གིས། །དེ་བཞིན་མཛའ་བ་འདུས་པར་གསུངས། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་པ། །འཁོར་ལོ་ཐམས་ཅད་ཡིན་པར་བཤད། །
ལྷ་མོ་ཐམས་ཅད་ཀུན་འདུས་པས། །ཐམས་ཅད་སྣ་ཚོགས་སྐལ་བ་བཟང་། །རྡོ་རྗེ་སེམས་དཔའ་དཔལ་སྦྱོར་པ། །རྣམ་པ་ཀུན་མཁྱེན་ཤེས་པའི་ཕྱིར། །ཀུན་གྱི་སློབ་དཔོན་ཡིན་པར་བཤད། །ལྷ་མོ་། ཐམས་ཅད་འདུས་པ་སྟེ། །སངས་རྒྱས་ཀུན་གྱི་བརྡ་དག་གིས། །ཀུན་ཏུ་སྣ་ཚོགས་སྐལ་བཟང་བ། །དེ་ཡིས་སློབ་མར་གྲུབ་པ་ནི། །སྒྲུབ་པ་པོ་ཡི་རྗེས་གྲུབ་པ། །སངས་རྒྱས་བརྡ་ཡིས་གསང་བ་ཡི། །རྒྱལ་ཚབ་ཡིན་པར་རྣམ་པར་བཤད། །དེ་ལས་གཞན་པའི་སློབ་མ་ཀུན། །མཆོག་དང་འབྲིང་དང་ཐ་མ་རྣམས། །སངས་རྒྱས་ཀུན་གྱི་མངའ་བདག་གིས། །བྱང་ཆུབ་སེམས་དཔའ་ཡིན་པར་བཤད། །ཅེས་དང་།། རྗེས་སུ་སྦྱོར་བའི་མཆོད་པ་ནི། །སྦྱོར་བ་ཀུན་གྱི་བདེ་བའི་མཆོག །སངས་རྒྱས་བརྡ་ཡི་ཕྱག་རྒྱ་ཡི། །བདེ་བ་ཆེན་པོ་ཡིན་པར་བཤད། །ཅེས་དང་། ཤ་ནི་སྨན་གྱི་མཆོག་ཡིན་ཏེ། །ཆང་ནི་རྭ་ས་ཡཱ་ནར་བཤད། །ཟན་ནི་ཚེ་ཞེས་བྱ་བར་བཤད། །བཟའ་བ་སྣ་ཚོགས་གྲུབ་པ་ནི། །ཤ་དང་ཆང་དུ་ལྡན་པ་དག །དགའ་བའི་ལོངས་སྤྱོད་སྐལ་བཟང་པོ། །ཚེ་ཡི་དམ་པ་ཡིན་པར་བཤད། །ཅེས་དང་། ཀུན་ཏུ་སྣ་ཚོགས་ཕྱག་རྒྱ་ནི། །ཐམས་ཅད་ནམ་མཁར་འགྲོ་བ་སྟེ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །མཁའ་འགྲོ་མ་ཞེས་རབ་ཏུ་གྲགས། །ཞེས་དང་། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དག །དམ་ཚིག་གསུམ་གྱི་དམ་ཚིག་ཡིན། །
ཞེས་དང་། དྲངས་ཏེ་བཅུག་ནས་བཅིངས་པ་དང་། །ཞུགས་ནས་དབང་དུ་གྱུར་པ་ནི། །ཛཧཱུྃ་བཾ་ཧོབཤད་པ་སྟེ། །སངས་རྒྱས་ཀུན་གྱི་བརྡ་ཡང་ཡིན། །ཞེས་དང་། ཨེ་མ་ཧོ་དགའ་མཆོག་ངོ་མཚར་ནི། །༣ ཨ་ལ་ལ་ཞེས་བཤད་པའོ། །ཞེས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་སྙིང་པོ་འདི་ཕྱུང་ངོ་། །ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛན་དྷ་ཏུ་ཨཱཿ ཞེས་གསུངས་པས་ཞི་བའི་ཆོ་ག་ཐམས་ཅད་རྒྱས་པར་གྱུར་ཏེ། །ཨཱ ཞེས་དང་། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་འདི་ཕྱུང་ངོ་། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ ཞེས་གསུངས་པས་ཁྲོ་བོའི་ཚོགས་ཐམས་ཅད་རྒྱས་པར་གྱུར་ཏོ། །ཞེས་བཤད། ཉམས་དགའ་ཡིད་འོང་བསམ་གཏན་འཕེལ། །པདྨོ་འཁོར་ལོ་གནམ་སའི་དབྱིབས། །སྐྱོན་རྣམས་བྲལ་ཞིང་ཡོན་ཏན་ལྡན། །ཚོམ་བུ་རྒྱས་པ་བསྒྲུབ་པར་ཤིས། །ཤིས་པའི་འཁོར་རྫས་དུས་འཛོམས་ནས། །ཕུན་སུམ་ཚོགས་པ་རབ་ཏུ་གཅེས། །མཐོ་དམན་གསེགས་མ་ཇོ་མོ་དང་། །ཚྭ་སྒོ་ཤིང་དུམ་རོ་ལྔ་བྲལ། །བླང་བརྟག་གཟུང་དང་སྦྱང་པ་དང་། །བསྐྲད་སྲུང་སྦྱོར་བས་ཆོ་ག་རྫོགས། ༈ །ས་ཡི་རི་མོ་བྱ་བ་དང་། །དུར་ཁྲོད་ཐལ་བའི་རི་མོ་བྱ། །དཀྱིལ་འཁོར་སྣ་ཚོགས་དྲིས་བྱུགས་ཏེ། མེ་ཏོག་དྲི་ནི་ལྷ་གྲངས་མཐུན། །མཆོད་སོགས་ལྷ་ཡི་རྣམ་པར་གནས། །སྒྲུབ་པའི་བུམ་པ་ལྷ་གྲངས་མཉམ། །གང་བའི་བུམ་པ་དག་དང་ནི། །
ཐམས་ཅད་ལས་ཀྱི་བུམ་པ་དང་། །རྣམ་པར་རྒྱལ་བའི་བུམ་པའོ། །སྦྱངས་ནས་བསང་སྟེ་གཞལ་ཡས་ཁང་། །བསྐྱེད་དྲངས་བསྟིམ་མཆོད་བསྟོད་པ་དང་། །བསྙེན་པ་ཉེ་པའི་བསྙེན་པ་དང་། །སྒྲུབ་དང་སྒྲུབ་པ་ཆེན་པོ་བཞི། །དཀྱིལ་འཁོར་རབ་ཏུ་བསྒྲུབ་པར་བྱ། །གཙོ་དང་འཁོར་གྱི་བསྙེན་པ་སྐྱེད། །སྦྱིན་སྲེག་བྱ་ཞིང་ལས་སྒྲིབ་བཤགས། །སྐལ་ལྡན་བུ་མཆོག་ལ་སོགས་པ། །རྟགས་གདབ་དམ་ཚིག་བསྲེ་བསྣན་བྱ། །སེམས་བསྐྱེད་སྡོམ་པ་བཟུང་བ་དང་། །བདུན་པོ་རྣམ་དག་སྤྲོ་བ་བསྐྱེད། །སྐུ་གསུང་ཐུགས་སུ་བྱིན་བརླབས་ཤིང་། །རྡོ་རྗེ་ཁུ་ཚུར་གནས་གསུམ་གཏུགས། །སྤྱི་བོ་བདུན་དམིགས་སྙིང་མཆོད་དབུལ། །མཎྜལ་པདྨ་འདབ་བརྒྱད་ལ། །རྣམ་ལྔ་བ་ཀོ་ཙམ་བྱུགས་ཏེ། །ཨུ་དུམ་ཝཱ་ར་ལས་བྱས་པའི། །སྡིག་སྤོང་བཅུ་གཉིས་མེ་ཏོག་ཐོད། །དོར་ཏེ་པྲ་བརྟག་སྲུང་སྐུད་གདགས། །དག་པའི་སྔགས་ཀྱི་ཁྱོར་ཨེ ཆུས་བཀྲུ། །རིགས་སྔགས་ཀུ་ཤ་རྨི་ལམ་བརྟག །ཞི་བ་རྒྱས་པ་དབང་དྲག་དང་། །རྫས་དང་མཆོད་པའི་རིམ་པ་ཡིས། །ངན་པའི་ལྟས་ལ་སྲེག་སྦྱོང་ཤིས། །ནས་ཐིག་གདབ་པ་སོགས་བསྟན་ཏོ། །རང་གི་ལྷ་ ཡི་སྦྱོར་ལྡན་པས། །སྲིན་ལག་མཐེ་བོའི་རྩེ་མོ་ཡིས། །ཞི་བའི་བཏུང་བ་བཞིན་མྱང་ན། །རྟག་པ་ཡི་ནི་དངོས་གྲུབ་ཐོབ། །ཅེས་དང་། རྫོགས་པའི་སངས་རྒྱས་ཉི་ཟླ་རྣམས། །ཤར་བ་རྣམས་ནི་མཐོང་བ་ཡིས། །
སྡིག་པ་ཀུན་ལས་གྲོལ་འགྱུར་ཞིང་། །བསོད་ནམས་ཐམས་ཅད་འགྲུབ་པར་འགྱུར། །རྣལ་འབྱོར་བདེ་ཆེན་དབང་འདོད་པ། །ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ། །རིམ་དང་གཅིག་ཅར་འཇུག་པ་དང་། །ཟླ དེ་ཉིད་ཡང་དག་བསྒོམ་པ་ནི། །རིག་པ་རང་བཞིན་འོད་གསལ་བ། །དངོས་མེད་རྟོག་པའི་བག་ཆགས་དག །སྒྱུ་མ་མེ་ལོང་གཟུགས་བརྙན་འདྲ། །སྒྱུ་མས་སྒྱུ་མ་སྟོང་པ་ན། །རིག་པའི་རང་བཞིན་མི་དམིགས་ཕྱིར། །ཆོས་ཀྱི་སྐུ་འདི་ཤེས་པར་གྱིས། །ཇི་ལྟར་ནམ་མཁའ་དྭངས་པ་ལ། །རང་བཞིན་མེད་ལྟར་རང་སེམས་ཞོག །འོད་གསལ་ཆོས་སྐུ་རྟོག་མེད་ལ། །མ་བསླད་དྲི་མས་གོས་འགྱུར་ཕྱིར། །མ་བསླད་བུ་གཅིག་རང་སར་ཞོག །ཅེས་གསུངས། བླ་མ་མཉེས་པར་གང་བྱས་པ། །དེ་ནི་ཆུང་ཡང་མཆོག་ཡིན་ཏེ། །ཞེས་སོ། །ཞིང་དང་སྔགས་དང་ལས་སྐྱེས་མ། །མཚན་ལྡན་གང་ཡིན་བདེ་བ་སྐྱེ། །དམ་ཚིག་གསང་བ་ཀུན་ཏུ་བསྲུང་། །ཞིང་བཅུ་ཚོགས་ལ་གནས་སྤོང་ཞིང་། །འགལ་བ་དག་ལ་མཚོན་ཆའི་ཆར། །ཕབ་ནས་བདེ་བར་གཤེགས་ལ་འབུལ། །ཞེས་སོ། །འདུག་པའི་འཁོར་ལོ་བསྒོམ་པ་ནི། །དཔྲལ་བ་མགྲིན་པ་སྙིང་ག་སྤྱི། །ལྟེ་བ་ལྐོག་མ་གསང་བ་རུ། །རྣལ་འབྱོར་འཁོར་ལོ་དྲུག་བསྒོམས་ཏེ། །ལག་པ་གཟར་བུ་རྣམ་གཉིས་ཀྱིས། །ལུས་ཀྱི་དཀྱིལ་འཁོར་མཆོད་ནས་ནི། །ཡེ་ཤེས་མེས་ནི་བག་ཆགས་བསྲེག །
ཐལ་བ་གཤང་ལམ་ལས་བྱུང་བ། །ནང་གི་སྦྱིན་སྲེག་མཆོད་པའོ། །ཞེས་དང་། ཡིད་སྐྱོ་གསེང་བའི་འཁོར་ལོ་ནི། །ཡིད་ནི་སྐྱོ་བའི་རྣལ་འབྱོར་པས། །རྒྱུན་དུ་ལྷ་ཡི་རྣལ་འབྱོར་བསྒོམ། །དང་པོའི་ལས་ཀྱི་རྣལ་འབྱོར་པས། །གྲངས་དུས་མཚན་མའི་བསྙེན་པ་སྐྱོལ། །ཡིད་སྐྱོ་གསེང་བའི་མཆོད་པའོ། །ཞེས་དང་། ལེ་ལོ་གཞོམས་པའི་འཁོར་ལོ་ནི། །ལེ་ལོ་ཤས་ཆེའི་རྣལ་འབྱོར་པས། །རྒྱུན་ཆད་མེད་ཟློ པར་ཐུན་བཞི་རུ། །ལྷ་ཡི་འཁོར་ལོ་སྤྲོ་བསྡུ་བསྒོམ། །ལྡང་བ་སྤྲུལ་པའི་སྐུ་ཡིན་ཏེ། །རྨི་ལམ་ལོངས་སྤྱོད་རྫོགས་སྐུར་བསྒོམ། །གཉིད་ལོག་ཆོས་སྐུར་བསྒོམ་པར་བྱ། །ལེ་ལོ་འཇོམས་པའི་མཆོད་པའོ། །ཞེས་དང་། ༈ །རབ་ནི་སྐུ་ལྔ་ལྷུན་གྲུབ་ཐོབ། །འབྲིང་ནི་རིག་འཛིན་རྣམ་བཞིའི་ལུས། །ཐ་མ་ལྷ་མིའི་མཚན་རྫོགས་པ། །འགྲུབ་པར་འགྱུར་བ་གདོན་མི་ཟ། །ཞེས་སོ། །རྒྱུད་ཕྱི་མ་ལས། རྣམ་རྟོག་གཡེང་བའི་སེམས་ལ་ནི། དེ་ཁོ་ན་ཉིད་ངེས་པར་གནས། །སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བ་མཆོག །ཅེས་དང་། ཡང་རྒྱུད་སྔ་མར། སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ། ། མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག །ཆགས་མེད་ཆགས་དང་བྲལ་བའང་མིན། །དབང་བསྐུར་ཡང་ནི་མི་དམིགས་སོ། །ཞེས་དང་། ངོ་མཚར་སྒྱུ་མའི་ཕྱག་རྒྱ་འདི། །མཁའ་འགྲོ་མ་ཞེས་བརྡར་བསྟན་ཏོ། །
དེ་ནི་ནམ་མཁར་འགྲོ་བ་ཞེས། །ཁམས་ལས་མངོན་དུ་བཏགས་པ་སྟེ། །ནམ་མཁའ་ཀུན་གྱི་སྤྱོད་གྲུབ་པས། །མཁའ་འགྲོ་མ་ཞེས་རབ་ཏུ་བརྟག །ཅེས་དང་། ༈ །ཟླ་གསང་ཐིག་ལེར། གསང་བའི་གསང་བ་བདེ་བ་ཆེ། །ཟླ་གསང་ཐིག་ལེ་ལས་བྱུང་བའི། །སྦས་པ་ཆེན་པོ་གསང་བ་སྟོན། །ཉིད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ། །ཞེས་དང་། དེ་ནས་རྣལ་འབྱོར་མ་མཆོག་གི །དཀྱིལ་དུ་མེ་ཏོག་དོར་བྱས་ཏེ། ། མེ་ཏོག་སྤང་ལ་ལྷུང་བ་ཡི། །ལྷ་དེ་ཉིད་ནི་དངོས་གྲུབ་བོ། །ཞེས་དང་། ནང་གི་སྦས་པ་བསྡུ་བ་ཡི། །གསང་བ་སྙོམས་པར་འཇུག་པ་ཡིས། །སྦྱོར་དང་ལྡན་པས་དབང་བསྐུར་བྱ། །ཞེས་དང་། གཟུངས་མ་དེ་ཡི་བདག་ཉིད་ལ། །བླ་མས་བྱིན་གྱིས་བརླབས་ནས་ཀྱང་། །དངོས་གྲུབ་འབྲས་བུ་མྱུར་ཐོབ་ཕྱིར། །སློབ་མ་ལ་ནི་སྦྱིན་པར་བྱ། ཞེས་དང་། དེ་ནས་བློ་ལྡན་རྡོ་རྗེ་ཡིས། །ནན་ཏན་དམ་ཚིག་བསྒྲག་པར་བྱ། །སྔགས་ཀྱི་དངོས་གྲུབ་དོན་འདོད་པས། །དམ་ཚིག་བསྲུང་ལ་བརྩོན་པར་བྱ། །གཞན་དུ་བྱས་ན་སྔགས་མཁན་གྱིས། །སྔགས་ལ་སོགས་པའི་དོན་མི་འགྲུབ། །ཅེས་སོ། །འདུས་པའི་རྒྱུད་ཕྱི་མར། །སྐུ་གསུང་ཐུགས་ཀྱི་རྣམ་པ་གསུམ། །གསང་བ་ཞེས་ནི་བསྟན་པ་ཡིན། །སངས་རྒྱས་ཐམས་ཅད་ཅེས་བྱ་བ། །ཚོགས་པ་འདུས་པ་ཡིན་པར་བཤད། །ལྷག་པའི་ལྷ་ནི་གསང་ཆེན་ཏེ། །དམ་པའི་རིགས་ནི་རྣམ་པ་
བརྒྱ། །ཞེས་དང་། སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། །བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །ཞེས་དང་། རིག་དང་ལྷན་ཅིག་ལྡན་པས་ན། །རིག་བའི་སྐྱེས་བུ་ཞེས་བརྗོད་དོ། །ཞེས་དང་། དེས་ན་སངས་རྒྱས་རྣམས་ཀྱི་ཐབས། །རྡོ་རྗེ་ཐེག་པ་ཞེས་བཤད་དོ། །ཞེས་དང་། སྨྲ་བ་བཟླས་པར་གྲགས་པས་ན། །ངག་ཀུན་སྔགས་སུ་བརྗོད་བྱ་སྟེ། །སྔགས་དང་སྔགས་ཤེས་བཤད་པ་ནི། །དེ་ཉིད་བསྐུལ་བའི་མཆོག་ཡིན་ནོ། །ཞེས་དང་། རྡོ་རྗེ་ཅན་གྱིས་ཆོས་བསྟན་པ། །རིམ་པ་གཉིས་པ་ཡང་དག་བསྟན། །བསྐྱེད་པ་ཡི་ནི་རིམ་པ་དང་། །དེ་བཞིན་རྫོགས་པའི་རིམ་པའོ། །ཞེས་དང་། མི་སྣང་ལ་སོགས་དངོས་གྲུབ་ནི། །ཐ་ལམ་པ་ཞེས་བཤད་པ་ཡིན། །སངས་རྒྱས་ཉིད་བསྒྲུབས་སངས་རྒྱས་ཀྱིས། །དངོས་གྲུབ་མཆོག་ཅེས་གསུངས་པ་ཡིན། །ཐབས་ནི་རྣམ་པ་བཞི་པོ་དག །བྱང་ཆུབ་རྡོ་རྗེ་ཅན་གྱིས་གསུངས། །རྣལ་འབྱོར་རྒྱུད་ནི་ཐམས་ཅད་དུ། །རྣལ་འབྱོར་པ་ཡིས་རྟག་པར་བསྔགས། །བསྙེན་པའི་ཆོ་ག་དང་པོ་སྟེ། །ཉེ་བར་སྒྲུབ་པ་གཉིས་པ་ཡིན། སྒྲུབ་པ་ཡང་ནི་གསུམ་པ་སྟེ། །སྒྲུབ་པ་ཆེན་པོ་བཞི་པའོ། །ཐུན་མོང་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་སུ་འགྱུར། །རྡོ་རྗེ་བཞི་པོ་ཐུན་མོང་སྟེ། །ཡེ་ཤེས་བདུད་རྩི་མཆོག་ཡིན་ནོ། །དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུས་པ་ཡིན། །གསུམ་པ་གཟུགས་
ནི་རྫོགས་པ་སྟེ། །བཞི་པ་ཡི་གེ་དགོད་པའོ། །རྡོ་རྗེ་རྣམ་བཞི་འདི་དག་གིས། །ཐ་མལ་བསྒྲུབ་པ་བསྙེན་པར་བྱ། །མཆོག་ནི་ཡེ་ཤེས་བདུད་རྩི་གཉིས། །སྦྱོར་བ་དྲུག་གིས་བྱ་བ་ཡིན། །ཞེས་སོགས་དང་། ཆོ་ག་ཡང་དག་སྦྱོར་བསྒོམས་པས། །རང་གི་དཀྱིལ་འཁོར་ལ་གནས་ཏེ། །སེམས་དེ་ཡེ་ཤེས་གཟུགས་ཀྱིས་ནི། །སྒོམ་པ་ཉེ་བར་སྒྲུབ་པའོ། །ཞེས་དང་། ཆོ་གའི་སྦྱོར་བ་འདི་ཡིས་ནི། །ཡེ་ཤེས་ལུས་དང་ ལྷན་ཅིག་ཏུ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། །གཉིས་སུ་མེད་པར་བྱེད་བསྒྲུབས་པ། །སྔར་བཤད་པ་ཡི་རིམ་གྱིས་ནི། །རིག་པའི་སྐྱེས་བུ་རྡོ་རྗེ་ཅན། །བདག་དང་འདྲ་བར་དཀྱིལ་འཁོར་བྱུང་། །སྒྲུབ་པ་ཆེན་པོ་ཞེས་བཤད་དོ། །ཞེས་དང་། བསྒྲུབ་བྱ་སྒྲུབ་པར་ཡང་དག་སྦྱོར། །གང་ཡིན་དེ་ནི་བསྙེན་པར་བཤད། །རྡོ་རྗེ་པདྨ་མཉམ་སྦྱོར་བ། །ཉེ་བར་སྒྲུབ་པ་ཞེས་བཤད་དོ། །ཡི་གེ་ཧཱུཾ་དང་ཕཊ་ལྡན་པས། བསྒུལ་བསྐྱོད་བསྒྲུབ་པ་ཞེས་བཤད་དོ། །ངོ་བོ་ཉིད་ཞི་རང་བདེ་བ། །སྒྲུབ་པ་ཆེན་པོ་ཞེས་བཤད་དོ། །ཞེས་སོ། ༈ །ཀརྨ་མཱ་ལེའི་རྒྱུད་ལས། སྐལ་ལྡན་མི་དང་འབྱོར་ལྡན་དང་། །དགའ་ལྡན་ལྷ་ཡི་ཚོགས་ཏེ་རྣམ་གསུམ་མོ། །སྐལ་ལྡན་མི་ཡི་ཚོགས་ལ་བརྒྱད། །མི་ཆུད་པ་ཡི་སྐྱོན་དགུ་༡བསལ། །འདུ་བའི་ཡོན་ཏན་དྲུག་༢ལྡན་བསྡུ། །དེ་ཡི་སྤྱོད་པ་བརྟན་པ་དང་། །འདུས་ལ་རྟག་༤བཞི་སྐྱོན་རྣམས་བསལ། །བདུད་བཞི་
གཞོམ་པར་བྱ་བ་དང་། །ཆོ་ག་ཕུན་༧སུམ་ཚོགས་པ་དང་། །ཤེས་པ་ཕུན་སུམ་ཚོགས་པ་དང་། །མི་འགྲུབ་པ་ཡི་གེགས་བསལ་ཡིན། །ཞེས་དང་། དེ་ནས་བདེ་གཤེགས་སངས་རྒྱས་ཀྱི། །འབྱོར་ལྡན་ཡོ་བྱད་ཚོགས་བཤད་པ། །སྒྲུབ་པའི་ཡོ་བྱད་གསུངས་པ་ཡི། །བརྒྱད་དམ་བཞི་ཡི་བདག་ཉིད་ཅན། །སྒྲུབ་པའི་ཡོ་བྱད་རྣམ་བརྒྱད་དེ། །གོས་རྒྱན་༤བཟའ་བཏུང་གླུ་དང་ཚིག༦ །བྲོ་༧གར་ཎྞཾ སོགས་ཀྱི་སྤྲིན་ཕུང་ལ། །ཧཱུྃ་དུ་ཤེས་པས་རབ་སྤྱད་ནས། །ངོ་མཚར་འབྱུང་བའི་དཀྱིལ་འཁོར་མཉེས། །ཞེས་དང་། དེ་ནས་དགའ་ལྡན་ལྷ་ཡི་ཚོགས། །རྣམ་པ་བདུན་གྱིས་རབ་བཤད་བྱ། །ཞེས་སོགས་ རྒྱས་པར་བཤད་སྣང་ངོ་། །རིག་སྔགས་རྒྱལ་པོ་སྟོབས་བཟང་ནམ་མཁའ་མཛོད་འདི་བཟླས། །ལག་པ་སྤྱི་བོར་ན་མསྶརྦ་ཏ་ཐཱ་ག་ཏ་སོགས། སྦྱར་ནས་པདྨ་ཁ་བྱེ་བ། །ཇི་ལྟར་ཐོགས་མེད་བསམ་པ་བཞིན་དུ་བྱུང་སྟེ་སྤེལ། །ཞེས་བཤད། གཞན་ཡང་ལམ་གསུམ་ཡོད། ༈ །བསྟོད་པ་གླུ་ཡི་མཆོད་པ་ནི། །རོལ་མོ་ཡེ་ཤེས་གླུ་ཡིས་བསྟོད། །ཅེས་དང་། སྟེང་ཡང་རྡོ་རྗེའི་བླ་བྲེ་ལ། །འོག་ཀྱང་རྡོ་རྗེའི་ས་གཞིའོ། །བར་མཚམས་མེད་པར་རྡོ་རྗེས་གཏམས། །རྡོ་རྗེའི་མཚམས་ལས་མ་འདའ་ཞིག །ཅེས་པའོ། ༈ །རྡོ་རྗེ་རྩེ་མོ་ལས། སྲ་ཞིང་སྙིང་པོ་ཁོང་སྟོང་མེད། །བཅད་དང་གཞིག་བར་བྱ་བ་མིན། །བསྲེག་པར་བྱ་མིན་འཇིགས་
མེད་པས། །སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །ཞེས་དང་། སངས་རྒྱས་ཀུན་གྱི་ཡེ་ཤེས་དང་། །བྱང་སེམས་བརྟན་པ་གང་ཡིན་པ། །དེ་ཡི་རྒྱལ་པོ་རྡོ་རྗེ་འཛིན། །དེ་བཞིན་གཤེགས་པ་ཀུན་གྱི་བདག ། ཅེས་དང་། རྟོག་པ་ཐམས་ཅད་དང་བྲལ་ཞིང་། །ཆོས་སུ་འཛིན་པ་རྣམ་པར་སྤང་། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྟོང་པ་ཉིད་ནི་རྡོ་རྗེར་བརྗོད། །ཅེས་དང་། རིགས་ནི་རྣམ་པ་དུ་ཡིན་བརྗོད། །རྟགས་དང་མི་འཁྲུགས་རིན་ཆེན་དབང་། །འོད་དཔག་མེད་པ་དོན་གྲུབ་རྣམས། །རིགས་ནི་རྣམ་པ་བརྒྱད་གསུངས་ཏེ། །མདོ་རུ་བསྡུ་ན་རྣམ་པ་ལྔ། །སངས་རྒྱས་རྡོ་རྗེ་རིན་ཆེན་དང་། །ཆོས་དང་ལས་དང་རྣམ་པ་ལྔ། །ཞེས་དང་། ཆོས་ཀྱི་དེ་ཉིད་རྟོགས་གྱུར་ཅིང་། །འཁོར་བའི་གནས་ནས་སངས་གྱུར་ཏེ། །སེམས་ཅན་རྣམས་ནི་སད་བྱེད་པ། །དེ་ནི་བྱང་ཆུབ་སེམས་དཔའ་བརྗོད། །ཅེས་དང་། རྫོགས་པའི་བྱང་ཆུབ་རྣམ་པ་དུ། །དེ་ལ་བྱང་ཆུབ་རྣམ་གསུམ་སྟེ། །དམན་དང་མཆོག་དང་བར་མའོ། །དམན་པ་ཉན་ཐོས་སེམས་ཡིན་ཏེ། །བར་མ་རང་རྒྱལ་བྱང་ཆུབ་བོ། །མཆོག་ནི་བྱང་ཆུབ་སེམས་ཡིན་ཏེ། །དེ་ནི་མི་འགྱུར་རྡོ་རྗེ་ཡིན། །ཞེས་དང་། བྱང་ཆུབ་མཆོག་གི་ཡེ་ཤེས་གང་། །དེ་ནི་རྡོ་རྗེར་ངེས་པར་བརྗོད། །ཡེ་ཤེས་རྡོ་རྗེ་ལས་བྱུང་བ། །དེ་ནི་རྡོ་རྗེ་སེམས་དཔའ་བརྗོད། ༈ །རྣལ་འབྱོར་ཆེན་པོ་སངས་རྒྱས་ཆོས། །
སངས་རྒྱས་སེམས་ཅན་རྟོགས་བྱེད་པ། །དག་པ་དེ་བཞིན་གཤེགས་སྙིང་པོ། །དེ་ནི་རྡོ་རྗེ་ཆོས་སུ་བརྗོད། །ཅེས་དང་། སེམས་ཅན་ཀུན་གྱི་ཤེས་པ་དང་། །དེ་བཞིན་གཤེགས་པའི་སྙིང་པོ་དང་། །ཆོས་དབྱིངས་རྡོ་རྗེ་ཆེན་པོ་སྟེ། །ཐོག་མ་ཐ་མ་མེད་པར་བཤད། །ཅེས་དང་། བྱང་ཆུབ་སེམས་དཔའི་གནས་ལྡན་པའི། །འགྲོ་བ་སྲིད་པའི་སྐྱེ་གནས་གང་། །དེ་ཀུན་རབ་ཏུ་བཟང་བས་ན། །ཀུན་ཏུ་བཟང་པོར་བརྗོད་པར་བྱ། །ཞེས་དང་། ཆོས་རྣམས་འགའ་ཡང་སྐྱེ་བ་མེད། །ཆོས་རྣམས་འགག་པར་གྱུར་པ་མེད། །རྣམ་པར་རྟོག་པ་ཉེར་ཞི་གང་། །དེ་ཉིད་སངས་རྒྱས་རིགས་ཆེན་ཡིན། །ཞེས་དང་། ཅི་ཕྱིར་སངས་རྒྱས་བརྗོད་པར་བྱ། །དེ་བཞིན་ཉིད་བདེན་ཤིན་ཏུ་བརྟན། །དེ་ཁོ་ན་ཉིད་གང་རྟོགས་ནས། །ཆོས་ཀུན་རྟོགས་པ་ཞེས་བྱ་གང་། །དེ་ནི་རྟོགས་པས་སངས་རྒྱས་བརྗོད། ༈ །ཆོས་ཀྱི་དེ་ཉིད་ཡང་དག་གནས། །སླར་ཡང་གཞན་དུ་མི་འགྱུར་ཞིང་། །དེ་ཉིད་ལམ་ནི་སྟོན་བྱེད་པ། །དེ་ནི་དེ་བཞིན་གཤེགས་ཞེས་བྱ། །ཞེས་དང་། ལས་དང་ཉོན་མོངས་དེ་བཞིན་སྐྱེ། །དེ་བཞིན་ཉོན་མོངས་ཤེས་བྱའི་སྒྲིབ། །མི་མཐུན་ཕྱོགས་ཀྱི་ཆོས་གང་རྣམས། །དེ་བཅོམ་པས་ན་བཅོམ་ཞེས་བརྗོད། ༈ །ཉོན་མོངས་བདུད་སོགས་གཅོད་བྱེད་ཅིང་། །སྐྱེ་རྒུ་མ་ལུས་ཐབས་ཆེན་གྱིས། །ངན་འགྲོའི་སྲིད་ལས་སྐྱོབ་བྱེད་པ། །སྟོན་པའི་སྟོན་པར་བརྗོད་
པ་ཡིན། ༈ །དེ་ཉིད་ཤེས་པས་ཡེ་ཤེས་ཏེ། །སླར་ཡང་ཆོས་སུ་རྟོགས་པ་མིན། །རྟག་དང་ཆད་པ་སྤོང་བྱེད་ཅིང་། །འཆི་མེད་དེ་ནི་ཡེ་ཤེས་བརྗོད། ༈ །རབ་སྦྱོར་སྦྱོར་བ་ཤེས་འགྱུར་ཞིང་། །ཁྱད་པར་དུ་ནི་རྟོགས་པར་བྱེད། །བདེན་པ་དེ་བཞིན་ཉིད་ཤེས་པའི། །ཤེས་རབ་ཤེས་རབ་ཅེས་སུ་བཤད། ༈ །ན་ནི་དགག་པའི་དོན་ཆེན་ཏེ། །དངོས་མེད་དངོས་པོ་མེད་མིན་པས། །གང་དུ་དྲི་མ་མེད་གྱུར་པས། །དེ་ནི་དེ་ཡི་ཚུལ་དུ་བརྗོད། ༈ །དངོས་ཀུན་དངོས་པོ་མེད་ཅེས་པའི། །མཉམ་པ་ཉིད་དུ་རབ་གནས་པའི། །ཤེས་རབ་ཅན་གྱི་ལྷག་པར་བརྟེན། །སེམས་ལ་བསམ་གཏན་དམིགས་པར་བརྗོད་པར་བྱ། ༈ །སངས་རྒྱས་ཀུན་དང་བརྟུལ་ཞུགས་ལྡན། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །རྡོ་རྗེ་འཆང་བ་ཐམས་ཅད་དག །སྤྱོད་ལམ་ཕྱག་རྒྱས་མཚོན་པར་བྱེད། ཅེས་དང་། སྔགས་རྣམས་ཀུན་གྱི་མཚན་ཉིད་ཀྱང་། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། །ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་ཅིང་། །ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །སྔགས་ཀྱི་མཚན་ཉིད་ཡང་དག་ལྡན། །ཅེས་དང་། །འཁོར་བར་མྱོང་བའི་སྡུག་བསྔལ་དང་། །འདོད་ཆགས་ལ་སོགས་ཉེས་པའི་ཚོགས། །རིགས་དང་བཅས་པ་ཞི་བྱེད་པ། །རིག་སྔགས་ཀྱི་ནི་མཚན་ཉིད་བརྗོད། །སངས་རྒྱས་ཆོས་རྣམས་འཛིན་བྱེད་ཅིང་། །ཆོས་རྣམས་འཛིན་པར་བྱེད་པ་དང་། །
དགེ་བ་ཞེས་བྱ་འཛིན་བྱེད་པ། །གཟུངས་སྔགས་ཀྱི་ནི་མཚན་ཉིད་བརྗོད། ༈ །གུང་མོས་རྡོ་རྗེའི་རྣལ་འབྱོར་སྐྱེས། །སྲིན་ལག་སྟེང་དུ་རིན་ཆེན་སྐྱེས། །མཐེའུ་ཆུང་གིས་ནི་པད་ཁ་ཕྱེ། །ལས་ཀྱི་ཕྲེང་བས་ལས་བྱེད་པ། །སོར་མོ་ཀུན་གྱིས་བྱ་བར་བཤད། ༈ །སངས་རྒྱས་ཐམས་ཅད་གཤེགས་གྱུར་ཅིང་། །ཐེག་པ་ཀུན་ལས་ངེས་རྒྱལ་བ། །ཡང་དག་གྱུར་པའི་སེམས་ཅན་ནི། །ཐེག་པ་ཆེན་པོ་ཞེས་སུ་བསྟན། ༈ །འབྱུང་བ་མེད་ཅིང་རྫས་ཀྱང་མེད། །སྐྱེ་བ་མེད་ཅིང་འཆི་བ་མེད། །དུས་གསུམ་དངོས་པོ་དང་བྲལ་མཆོག །ནམ་མཁའ་ཞེས་པའི་སྒྲ་རུ་བསྟན། ༈ །སངས་རྒྱས་རྣལ་འབྱོར་བོ་དྷི་ཙི། །རྡོ་རྗེ་ཅན་ཡ་རུ་རཀཱ། །ཕྱི་རོལ་རྡོར་རིགས་དབང་པོ་སྟེ། །མུ་ཏིག་ནོར་བུའི་རྣལ་འབྱོར་ཅན། །པདྨའི་སྙིང་པོའི་ཕྲེང་བ་ནི། །པདྨའི་རིགས་རྣམས་ཀུན་ལ་བསྔགས། །ཡང་ན་ཀུན་ལས་མཆོག་གྱུར་པ། །བོ་དྷི་ཙིཏྟ་སྲོག་འཛིན་པ། །ལྕགས་ཀྱི་བཟླས་པ་ཉིས་འགྱུར་ཏེ། །ཟངས་ཀྱི་ཡང་ནི་བཞི་འགྱུར་རོ། །རུ་ཤཀཱ་ཡི་བྱེ་བ་གཉིས། །མུ་ཏིག་གིས་ནི་བརྒྱར་འགྱུར་རོ། །དབང་པོས་སྟོང་འགྱུར་རྣལ་འབྱོར་ཏེ། །དངུལ་གྱིས་འབུམ་དུ་འགྱུར་པ་ཡིན། །པདྨས་བྱེ་བ་བརྒྱ་འགྱུར་བརྗོད། །བོ་དྷི་ཙི་ནི་གྲངས་མེད་དོ། །ལག་པ་གཡོན་པས་ཕྱག་རྒྱ་བཅིང་། །གཡས་པ་ཕྲེང་བ་དང་ལྡན་བྱ། །ཇི་ལྟར་སྔར་བཤད་གསང་བ་སོགས། །
རྨད་བྱུང་ཆེན་པོའི་བཟླས་པ་བྱ། །ཅི་ཡི་ཕྱིར་ན་བཟླས་པར་བརྗོད། །དགེ་ལ་བརྩོན་པ་རྒྱས་འགྱུར་ཞིང་། །རྨད་བྱུང་རྣམས་ཀྱང་མཐོང་འགྱུར་ལ། །བྱང་ཆུབ་སྤྱད་པ་རྒྱལ་འགྱུར་ཞིང་། །སངས་རྒྱས་རོལ་པ་མངོན་པར་འབྱུང་། །ཞེས་དང་། སྣ་ཚོགས་གཟུགས་ཅན་རྣལ་འབྱོར་ཆེ། །སེམས་ཅན་སྨིན་བྱ་འབའ་ཞིག་ཕྱིར། །ཉོན་མོངས་གདུག་ལ་བརྩེར་དགོངས་ཤིང་། །ཞི་བའི་དོན་ནི་ཡང་དག་བྱུང་། །ཞེས་དང་། ཉོན་མོངས་གདུག་པ་ཉེས་གཞོམ་ཕྱིར། །བྱང་ཆུབ་སེམས་ཀྱི་རང་བཞིན་བཟང་། །རྡོ་རྗེ་ཕྱག་ན་བསྣམས་མཛད་པ། །དེ་ནི་ཕྱག་ན་རྡོ་རྗེར་བརྗོད། །ཅེས་དང་། བདག་མེད་བྱེད་པ་པོ་ཡང་མེད། །ཆོས་ཀྱང་ཡོད་པ་མ་ཡིན་ཏེ། །དགེ་དང་མི་དགེ་བྱེད་པ་ཡི། །བག་ཆགས་ཀྱིས་ནི་ཀུན་ཏུ་བསྒྲིབས། །ཞེས་དང་། བྱིས་པ་རྣམས་ནི་ཀུན་ཏུ་འབྱུང་། །དེ་བཞིན་ཡང་དང་ཡང་དུ་འཁོར། །ཞེས་དང་། གང་ཞིག་དེ་བཞིན་ཉིད་རྟག་སྟོང་། །བདེ་བཞི་རང་བཞིན་བཟང་པོ་ཉིད། །མཚན་མ་ཉིད་ཀྱང་རྣམ་པར་སྤང་། །ཚིག་དང་སྒྲ་ཡིས་བཟུང་བྱ་མིན། །རྣམ་པར་རྟོག་པ་ཡོད་མ་ཡིན། །དེ་བས་མྱ་ངན་འདས་སྒྲ་རུ། །དེ་ཉིད་ཁོ་ན་རབ་ཤེས་བྱ། །ཞེས་སོ། །རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་ཡིས། །བགེགས་རྣམས་ཐམས་ཅད་དགུག་པར་བྱ། །ཞེས་དང་། ཨོཾ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་སྟེར་དཔལ་དང་གཡང་། །སྐལ་
བཟང་རྣམ་པ་དང་ལྡན་ཅིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཡི་གེ་ཧཱུཾ་ནི་ཅི་ཡིན་བརྗོད། །སྡུག་བསྔལ་འཆོས་ཤིང་འཇོམས་པར་བྱེད། །སྲིད་པའི་ཞགས་པ་གཅོད་བྱེད་ཅིང་། །གདུག་པ་བསྔངས་ཤིང་གསོད་བྱེད་པའི། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། །ཡི་གེ་ཕཊ་ནི་ཅི་ཡིན་བརྗོད། །གདུག་དང་སྡུག་བསྔལ་འཇོམས་བྱེད་ཅིང་། །བདེ་བ་དག་ནི་འགུགས་པར་བྱེད། །ཕཊ་ནི་འཇོམས་བྱེད་སྒྲ་ཡིན་ཏེ། །གྲོགས་དང་བཅས་པ་འཇོམས་པར་བྱེད། །སྭཱ་ཧཱ་ཞེས་པ་ཅི་ཡིན་བརྗོད། །སྡིག་པ་ཐམས་ཅད་ཞི་བྱེད་ཅིང་། །དགེ་བའི་ཚོགས་ནི་འཕེལ་བར་བྱེད། །ཉེས་པར་བྱས་པ་འཕྲོག་བྱེད་ཅིང་། །སྡུག་བསྔལ་ཐམས་ཅད་འཇོམས་པའི་མཆོག །ཅེས་བཤད་དོ། །ཆོས་ཀྱི་དབྱིངས་ནི་སྙིང་པོ་ཆེ། །འདོད་པའི་འདམ་གྱིས་མ་གོས་པ། །གཟོད་ནས་དག་པས་སྐྱེ་བ་མེད། །འཁོར་བའི་རྒྱ་མཚོར་པདྨ་མཚུངས། །ཞེས་སོ། །དྲི་བ། གསང་བའི་སྙིང་པོ་ཞེས་གསུངས་གང་། །དེ་ཉིད་རྣམ་ངེས་ཇི་ལྟ་བུ། །འདི་ལ་བརྗོད་བྱར་གྱུར་པ་གང་། །འདི་ཡི་དགོས་པའང་ཅི་ཞིག་ཡིན། །འདིར་བཤད་པ་རྣམས་ཇི་ལྟར་ འབྲེལ། །རྗོད་པར་བྱེད་པ་གང་ལ་བརྗོད། །ཅི་ཡིས་རྒྱུད་ཅེས་བྱ་བར་བཤད། །འདི་དག་གི་ནི་བསྡུས་དོན་གང་། །ཅིས་ནས་ཀུན་ཏུ་བཟང་པོའི་མཚན། །ཞི་བའི་དཀྱིལ་འཁོར་ཡང་ཅི་ལགས། །ཁྲོ་བོའི་དཀྱིལ་ས་བརྒྱ་ཞེ་གཉིས་
འཁོར་ཞེས་བྱ་གང་། །ཡི་གེའི་དཀྱིལ་འཁོར་གྱུར་པའང་ཅི། །དབང་བསྐུར་བ་ནི་དུ་ཞིག་གསུངས། །ཅི་ཕྱིར་ཏིང་ངེ་འཛིན་དུ་བརྗོད། །བླ་མ་སློབ་མ་ཇི་འདྲ་ལགས། །རེ་ཞིག་དེ་ཁོ་ན་ཉིད་ཅི། །ཅི་ལས་ཀུན་རྫོབ་ཏུ་ནི་བརྗོད། །དམ་ཚིག་སྡོམ་བ་དེ་ནི་ཅི། །ཅི་ཕྱིར་དེ་བཞིན་གཤེགས་པར་འགྱུར། །དེ་བཞིན་གཤེགས་པ་དུ་ཞིག་བཤད། །དེ་བཞིན་རིགས་ཀྱི་རྣམ་པ་དུ། །མཆོད་པ་རྣམས་ཀྱང་ཅི་འདྲར་བཤད། །ཅེས་དང་། བསྐྱེད་པའི་རིམ་པ་ཅི་ཞིག་ཡིན། །དེ་བཞིན་རྫོགས་པ་ཡང་ནི་ཅི། །བསྙེན་པ་ལ་སོགས་བཞི་པོ་གང་། །སྐད་ཅིག་དང་ནི་དགའ་བ་དུ། །ཐིག་ལེ་ནཱ་དའང་གང་ཞིག་ཅི། །ཚོགས་ཀྱི་འཁོར་ལོ་ཅི་འདྲ་དང་། །ཞེས་དང་། ༈ །རྒྱུད་ཕྱི་མ་ལས། །གསང་བ་ཆོས་འབྱུང་ལ་བཤད་དེ། །སྙིང་པོའང་དེ་ཡི་ཐབས་ཅན་ནོ། །གཉིས་པོའང་ཕྱིན་ཅི་མ་ལོག་ཕྱིར། །དེ་ཉིད་དོ་འདིར་རྣམ་ངེས་ཏེ། །རྣམ་པ་ཀུན་དང་དུས་ཀུན་ཏུ། །གང་གིས་བསྒྲུབ་ཅིང་བརྡར་བ་ཡིན། །སྟོང་ཉིད་སྙིང་རྗེའི་སྦྱོར་པ་ནི། །བརྗོད་པར་བྱ་བ་འདིར་བཤད་དོ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི། །དགོས་པའི་གཙོ་བོའི་རང་བཞིན་ཕྱིར། །འཇིག་རྟེན་པ་ཡི་ལམ་གྱུར་པས། །སྣ་ཚོགས་རང་བཞིན་མཐའ་དག་གོ །ཐབས་དང་ཐབས་བྱུང་འབྲེལ་བ་སྟེ། །བླ་མ་སློབ་མ་དག་ཀྱང་ངོ་། །གང་གིས་བརྗོད་བྱ་འཆད་བྱེད་པ། །དེ་ནི་རྗོད་བྱེད་
དུ་བཤད་དོ། །རྒྱུད་ནི་རྒྱུན་ཆགས་ལ་བཤད་དེ། །ཐབས་དང་རྒྱུ་ལས་འབྲས་བུའོ། །ཟབ་དང་རྒྱ་ཆེའི་དབྱེ་བ་ཡིས། །འདིར་དེ་བསྡུས་དོན་གཉིས་སུ་འདོད། །ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་དུ། །མངོན་མཐོ་ངེས་ལེགས་རབ་སྟེར་བ། །ཀུན་ཏུ་བཟང་པོར་བརྗོད་པ་ཡིན། །རང་གཞན་བདག་ཉིད་རྣམ་པ་ཀུན། །ཐམས་ཅད་ཞི་བར་བྱེད་ཉིད་ཕྱིར། །ཞི་བའི་དཀྱིལ་འཁོར་ཞེས་བརྗོད་དེ། །གདུལ་དཀའ་འདུལ་པའི་ཉོན་མོངས་ལ། །ཐུགས་རྗེའི་དབང་གིས་ཁྲོ་བྱེད་ཕྱིར། །ཁྲོ་བོའི་དཀྱིལ་འཁོར་ཞེས་བཤད་དོ། །ངག་གི་སྤྲོས་པ་མ་ལུས་པ། །བརྗོད་པའི་རྟེན་གྱི་རང་བཞིན་ཕྱིར། །ཡི་གེའི་དཀྱིལ་འཁོར་དུ་བཤད་དོ། །སློབ་དཔོན་གསང་བ་ཤེས་རབ་དང་། །དེ་མ་ཐག་པ་བཞི་པ་སྟེ། །རྣམ་རྟོག་དྲི་མ་དག་བྱའི་ཕྱིར། །དབང་བསྐུར་རྣམ་པ་བཞི་ཡིན་ནོ། །གདོད་ནས་ཞི་བའི་རང་བཞིན་ཕྱིར། །ཆོས་ཀུན་སྐྱེ་བ་མེད་པ་སྟེ། །རྣམ་པ་ཀུན་ཏུ་རྟག་པར་ནི། །བདེ་བ་ཆེན་པོ་མྱོང་བའང་དེ། །རང་གི་རྣམ་རྟོག་དབང་གིས་ན། །མ་རིག་སྣ་ཚོགས་ཚུལ་གྱིས་འཁྲུལ། །རང་གཞན་དོན་འབྲས་རབ་སྟེར་བ། །ཀླུ། འདིར་ནི་ཏིང་འཛིན་དུ་བརྗོད་དོ། །ཡེ་ཤེས་ཚོགས་ཀྱིས་རྒྱས་པའོ། །ཀུན་ཏུ་བཟོད་པ་བླ་མར་འདོད། །བསྟན་པར་འོས་པ་སློབ་མ་ཡིན། །གང་ཞིག་རྣམ་རྟོག་དམིགས་མེད་པས། །དངོས་གྲུབ་ཀུན་སྟེར་ཡང་
དག་ལམ། །རྣམ་ཀུན་དེ་ཁོ་ན་ཉིད་བཤད། །རྣམ་པར་རྟོག་པའི་སྣང་བརྙན་ཡང་། །རྣམ་པ་ཀུན་ཏུ་ཀུན་རྫོབ་འདོད། །རྣམ་པ་ཀུན་ཏུ་ལུས་ཀྱང་གཏོང་། བྱ་བར་ངེས་པ་ཉིད་ཀྱིས་ན། །གང་ཞིག་ནན་ཏན་ཀླུ ལས་མི་འགོངས། །རྨི་ལམ་དུ་ཡང་དམ་ཚིག་བརྗོད། །དམ་བཅའ་བ་ནི་སྡོམ་པར་འདོད། །ལུས་ངག་ཡིད་ཀྱིས་བྱས་པའོ། །གང་ཕྱིར་དེ་བཞིན་ཉིད་དུ་གཤེགས། །དེ་བཞིན་གཤེགས་པར་མངོན་པར་བརྗོད། །དེ་དག་མདོར་བསྡུས་ལྔར་བཤད་དེ། །རྒྱས་པར་ན་ནི་གྲངས་མེད་དོ། །རིགས་ནི་རྣམ་པ་བརྒྱར་བརྗོད་དེ། །མདོར་བསྡུས་པས་ནི་རྣམ་པ་ལྔ། །སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས། །ཕྱི་ནས་རྣམ་པ་གསུམ་དུ་འགྱུར། །ཕྱི་དང་ནང་དང་གསང་བ་དང་། །ཡིད་དེ་རྣམ་པ་བཞི་པོ་ནི། །མདོར་བསྡུས་ནས་ནི་མཆོད་པར་བཤད། །གང་དེ་རྣམ་པ་མང་པོར་འདོད། །ཅེས་དང་། རྣམ་ཤེས་ལྔ་པོ་མི་དམིགས་པས། །བདུད་རྩི་ལྔ་ཞེས་བཤད་པ་སྟེ། །ཡེ་ཤེས་ལྔར་ནི་བརྗོད་པ་གང་། །སྒྲོན་མ་ལྔ་ཞེས་རྗོད་པར་བྱེད། །བརྗོད་པའི་རྣམ་པ་དེ་ལྟ་བུས། །དེ་ཉིད་རིག་པས་གཉིས་པོ་བཟའ། །ལས་དང་ཉོན་མོངས་དང་བྲལ་ཕྱིར། །སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས། །དྲི་ཆེན་ལྔ་པོ་བྱིན་གྱིས་རློབས། །བདུད་རྩི་ལྔ་པོ་དག་ཀྱང་སྟེ། །ཡང་ན་བ་ལང་ཤ་ལ་སོགས། །སྒྲོན་མ་ལྔར་བཤད་དག་ཀྱང་ངོ་། །ཞེས་དང་། དངོས་རྣམས་རང་རང་
རྒྱུ་ཡིས་ནི། །བརྟེན་ནས་འབྱུང་བ་ཉིད་ཡིན་ཏེ། །མོས་པ་སྣ་ཚོགས་དཀྲི་བའི་ཕྱིར། །སྣ་ཚོགས་བསྟན་པར་མཛད་པ་ཡིན། །ཞེས་དང་། ལྷ་ཡི་རྣམ་པའི་རྣལ་འབྱོར་ལ། །ཟླ་བ་རྡོ་རྗེ་སོགས་རིམ་པས། །བསྐྱེད་པའི་རིམ་པར་བརྗོད་པའོ། །རང་བཞིན་གྲུབ་པ་རྫོགས་པ་ཡི། །རིམ་པར་བཤད་པ་རྣལ་འབྱོར་རོ། །རྣལ་འབྱོར་རྣལ་འབྱོར་མར་འབྲེལ་བ། །བསྙེན་པ་ཞེས་བྱར་བསྟན་པ་ཡིན། །བོ་ལ་ ཀཀྐོ་ལ་སྦྱོར་བ། །ཉེ་བར་སྒྲུབ་པ་བརྗོད་པ་སྟེ། །རྩ་གཉིས་མངོན་པར་འབྲེལ་བ་ནི། །སྒྲུབ་པ་ཡིན་པར་བསྟན་པའོ། །ལྷན་ཅིག་སྐྱེས་གཉིས་འབྲེལ་བ་ནི། །སྒྲུབ་པ་ཆེན་པོར་བརྗོད་པའོ། །འཁྱུད་པ་ལ་སོགས་སྣ་ཚོགས་པས། །རྣམ་པ་སྣ་ཚོགས་སྐད་ཅིག་བརྗོད། །བདེ་བ་ཆེན་པོ་རྣམ་སྨིན་པ། །རྣམ་པར་སྨིན་པའི་སྐད་ཅིག་ཉིད། །རླུང་གི་དེ་ཉིད་རྟོག་པ་ཡིས། །ཉེས་པས་རྣམ་པར་ཉིད་ལའོ། །རྣམ་པ་ཀུན་ཏུ་མི་འཛིན་པས། །མཚན་ཉིད་བྲལ་བའི་སྐད་ཅིག་མ། །མགྲིན་སྙིང་ལྟེ་བ་གསང་བའི་མཐར། །བྱང་ཆུབ་སེམས་ནི་འགྲོ་དང་འོང་། །དཀར་དང་ནག་པོའི་དབྱེ་བ་ཡིས། །གང་དེར་བདེ་བ་ཆེན་པོར་ འཆར། །ཕྱི་མ་ཕྱི་མའི་དབྱེ་བ་ཡིས། །དགའ་བ་ལ་སོགས་འདི་དག་འདོད། །དགའ་བ་དང་ནི་མཆོག་དགའ་དང་། །བྲལ་བ་ཡི་ནི་དགའ་བ་དང་། །བཞི་པ་ལྷན་ཅིག་སྐྱེས་དགའོ། །ཡུལ་དང་སྲོག་གི་
རྣལ་འབྱོར་པ། །ཡེ་ཤེས་མེ་སྐྱེས་ནཱ་ད་དང་། །ཐིག་ལེ་རྟོགས་པ་ཡིད་ལས་བྱུང་། །གཉི་ག་འདུས་པའི་ཡེ་ཤེས་སོ། །ཞེས་དང་། ཕྱག་རྒྱའི་སྦྱོར་བས་ཐམས་ཅད་དུ། །འདོད་པ་ལྔ་པོ་ཉེར་ལོངས་སྤྱོད། །བཟའ་བ་ཉེ་བར་མི་དམིགས་པ། །ཚོགས་ཀྱི་འཁོར་ལོ་ཞེས་པ་བཤད། །ཅེས་དང་། ངག་གི་བཟླས་པ་སོགས་དབྱེ་བས། །བཟླས་པ་རྣམ་པ་བཞིར་བཤད་དོ། །ཞེས་དང་། ས་དང་ཕ་རོལ་ཕྱིན་པ་ཡང་། །གསང་སྔགས་ངེས་པའི་རིམ་པ་ཡིས། །སྦྱིན་སོགས་དགའ་བ་ལེགས་པར་བརྩམ། །ཞེས་དང་། སྐུ་གསུང་ཐུགས་ཀྱི་དབྱེ་བ་ལས། །དཀྱིལ་འཁོར་རྣམ་པ་གསུམ་འདོད་དེ། །ཡང་ན་བྷ་ག་ཚོགས་དབྱེ་དང་། །ལས་ཀྱི་ཕྱག་རྒྱ་སོགས་དབྱེ་བས། །གང་ཡང་རྣམ་པ་ལྔ་འབོད་དེ། །ཞི་བ་ལ་སོགས་དབྱེ་བ་ལས། །ལས་ནི་རྣམ་པ་བཞིར་བསྡུས་སོ། །སངས་རྒྱས་ཆོས་དང་དགེ་འདུན་རྣམས། །བསམ་པ་ཐམས་ཅད་རྫོགས་བྱེད་ཕྱིར། །གསུམ་པོ་དཀོན་མཆོག་ཅེས་བཤད་དོ། །དེ་ཡང་དམ་པའི་དོན་འདོད་དེ། །ལུས་སོགས་གཅིག་ཏུ་དེ་མཐར་ཐུག །མཐར་ཐུག་དོན་མིན་ཀུན་སྤང་ཕྱིར། །འདོད་པའི་འབྲས་བུ་ཀུན་ཐོབ་པས། །དེ་ནི་སྐྱབས་སུ་བརྗོད་པར་བྱ། །ཞེས་དང་། ཡེ་ཤེས་སེམས་དཔའ་རྣམ་པར་གནས། །རབ་ཏུ་གནས་པ་ཞེས་བྱའོ། །ཞེས་དང་། ལུས་སོགས་དྲན་པ་ཉེར་བཞག་སོགས། །བྱང་ཆུབ་པ་ཡི་ཐབས་
ཡིན་ཕྱིར། །བྱང་ཆུབ་ཕྱོགས་ཞེས་རབ་ཏུ་བརྗོད། །ཅེས་དང་། སྟོན་པ་ལ་སོགས་རབ་དབྱེ་བས། །ཕུན་སུམ་ཚོགས་པ་ལྔར་བརྗོད་དོ། །ཞེས་དང་། ཡང་དག་མ་ཡིན་དོན་སྒྲུབ་ཅིང་། །ཡང་དག་པ་ཡི་བསྒྲིབ་པར་གནས། །མ་རིག་པར་ནི་བརྗོད་པ་སྟེ། །རིག་པར་བཤད་ལས་བཟློག་ཕྱིར་རོ། །ཞེས་དང་། རྣམ་རྟོག་ཅེས་བྱ་འཁྲུལ་པ་སྟེ། །སེམས་ནི་འཁྲུལ་པར་ལྡན་པས་སོ། །ཞེས་སོགས་བཤད་ཅིང་། འདིར་ཐར་ལོའི་འགྱུར་ལ། འགོས་ལོ་དང་། ཁ་ཆེའི་མཁས་པ་ཀུན་དགའ་དཔལ་གྱིས་རིམ་པར་བསབ་པའོ། ༈ །སྒྱུ་འཕྲུལ་དྲྭ་བ་ལས། བདུད་རྩིའི་མཆོག་ནི་མཉམ་པའི་དབྱིངས། །བདུད་རྩིའི་དོན་ ནི་སྐྱེ་ཤི་མེད། །བདུད་རྩིའི་གནས་ནི་བྱང་ཆུབ་སེམས། །བདུད་རྩིའི་ལས་ནི་རྣམ་རྟོག་སྦྱོང་། །ཞེས་དང་། འཐུང་ན་ངན་སོང་སྒྲིབ་པ་སྦྱོང་། །རྟག་བརྟན་དངོས་གྲུབ་མཆོག་ཀྱང་འགྲུབ། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །ལྷ་ལ་རྟག་ཏུ་མཆོད་བྱས་ན། །བདག་དང་གཉིས་སུ་མེད་པར་འགྱུར། །མི་མཐུན་ཕྱོགས་ལ་གཏོར་བྱས་ན། །དྲག་པོ་གཏུམ་པོའང་ལྷན་ནེར་འགྱུར། །གཞན་ཡང་དངོས་གྲུབ་ཐམས་ཅད་ནི། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །ཅེས་སོ། །འདིའི་ལེའུ་དྲུག་ཅུ་རྩ་བརྒྱད་པར་དམ་ཚིག་སུམ་བརྒྱ་དྲུག་ཅུའི་བཤད་པ་ཡོད། ལེའུ་༧༠པར་དམ་ཚིག་རྣམ་པར་སྤྲོས་པ་ཞེས་རྒྱ་ཆེར་ཡོད། རྡོ་རྗེ་སེམས་
དཔའ་བསྒྲུབ་འདོད་པས། །རྟག་ཏུ་མཉམ་པའི་དོན་རྟོགས་ལ། །སྐུ་ནི་འཇའ་ཚོན་ཚུལ་འདྲ་བར། །སྣང་ལ་རང་བཞིན་མེད་པར་བསྒོམ། །འཁོར་རྣམས་ཆུ་ཟླའི་ཚུལ་ཤེས་པར། །གསལ་ལ་རང་བཞིན་མེད་པར་བསྒོམ། །ལྷ་ཡི་སྐུ་ནི་གསལ་བསྒོམས་ན། །བསོད་ནམས་ཚོགས་ཆེན་ཐོབ་པར་འགྱུར། །དེ་ཉིད་གཟུགས་བརྙན་ཚུལ་ཤེས་ན། །ཡེ་ཤེས་ཚོགས་ཆེན་ཐོབ་པར་འགྱུར། །ཞེས་དང་། ཁ་ཅིག་ལྟ་བ་མཉམ་གཞག་ཀྱང་། །སྤྱོད་པ་དག་དང་ཡོང་མི་མཐུན། །ཁ་ཅིག་སྤྱོད་པ་རྫོགས་བྱེད་ཀྱང་། །མཉམ་པའི་ལྟ་བ་ཡོང་མི་ཤེས། །ཁ་ཅིག་ལྟ་སྤྱོད་གཉིས་ཀ་མེད། །ཅེས་དང་། ཐབས་དང་ཤེས་རབ་ལྡན་གྱུར་ཅིང་། །བྱང་ཆུབ་སེམས་དང་མ་ཆགས་པའི། །གཉིས་སུ་མེད་པར་ཐིམ་གྱུར་ན། །ཚོགས་ཆེན་གཉིས་ཀྱང་རྫོགས་པར་འགྱུར། །ཞེས་དང་། ཞི་བ་ལྷ་རྒྱུད་ཆེན་པོར། ཆོས་སྐུ་དྲི་མ་མེད་པ་དང་། །ལོངས་སྐུ་འཁོར་ལོས་སྒྱུར་རྒྱལ་འདྲ། །སྤྲུལ་པས་མཛད་པ་མཐར་ཕྱིན་ཅིང་། །སྐྱེ་འཇིག་བྲལ་བ་རྡོ་རྗེའི་སྐུ། །ཡུལ་མེད་རང་གསལ་མངོན་བྱང་ཉིད། །སྐུ་ལྔ་ལྷུན་གྱིས་གྲུབ་པའོ། །ཆོས་སྐུ་སྐྱེ་མེད་གྱི་གསུང་། ལོངས་སྤྱོད་དགོངས་པ་བརྡ་ཡིས་སྟོན། །སྤྲུལ་པ་ཚངས་པའི་གསུང་དབྱངས་སྙན། །མངོན་བྱང་རིག་པ་བྱིན་གྱིས་རློབས། །འཇིགས་མེད་དབྱེར་མེད་རྡོ་རྗེའི་གསུང་། །གསུང་ལྔ་ཉིད་དུ་ལྷུན་གྱིས་གྲུབ། །སོ་སོར་སྣང་བ་གདུལ་
བྱའི་བློ། །ཐ་དད་བྱ་བ་ག་ལ་ཡོད། །བདེ་བ་ཆེན་པོའི་ཐུགས་དང་ནི། །རྣམ་པར་མི་རྟོག་ཐུགས་ཉིད་དང་། །འགྲོ་བ་ཐམས་ཅད་སྒྲོལ་བ་དང་། །མཉམ་པ་ཆེན་པོའི་མཆོག་གནས་དང་། །དབྱེར་མེད་རྡོ་རྗེའི་ཐུགས་ལྔར་ཤར། །ཐ་དད་འདོད་ན་ཐ་དད་སྣང་། །དབྱེར་མེད་འདོད་ན་དབྱེར་མེད་སྣང་། །ཞིང་ཁམས་དང་ནི་གཞལ་ཡས་ཁང་། །འོད་ཟེར་དང་ནི་གདན་ཁྲི་རྒྱན། །ལོངས་སྤྱོད་ལྔ་ནི་ཡོན་ཏན་ཏེ། །བདེ་བར་གཤེགས་པ་རྩོལ་མེད་སྣང་། །ཞི་རྒྱས་དབང་དང་མངོན་སྤྱོད་དང་། །ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཡིན། །ཞེས་སོ། །རྩ་རྣམས་གཙུག་ཏོར་མཆོག་ཏུ་གྱུར། །སྤྲུལ་པ་སྐུ་ཡི་རང་བཞིན་ཉིད། །། སྔགས་རྣམས་ཧཱུཾ་གི་གཟུགས་སུ་འདུས། །བདེ་ཆེན་ལོངས་སྤྱོད་རྫོགས་པར་གནས། །ཁམས་ཀྱི་དངས་མ་བདུད་རྩི་ཉིད། །ཁམས་སྐུ་འདུས་པ་ཆོས་ཉིད་སྐ། །སྙིང་པོ་རླུང་རྣམས་རང་གདངས་མར། །དབྱེར་མེད་རྡོ་རྗེ་མངོན་བྱང་ཆུབ། །ཅེས་དང་། སངས་རྒྱས་རྣམས་ནི་ཡབ་ཡིན་པས། །རྡོ་རྗེའི་སྐྱིལ་མོ་ཀྲུང་དུ་བཞུགས། །རིགས་མ་གཟུང་མ་ཡུམ་རྣམས་ནི། །པདྨའི་སྐྱིལ་མོ་ཀྲུང་དུ་བཞུགས། །བྱང་ཆུབ་སེམས་དཔའ་ཡབ་ཡུམ་རྣམས། །སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས། །ཐུབ་པ་འགྲོ་བའི་དོན་མཛད་པས། །བཞེངས་ནས་གདུལ་བྱ་མཐུན་པར་བཞུགས། །སྒོ་བ་གདུག་པ་འདུལ་བ་ན། །ཡབ་ཡུམ་བརྐྱང་
བསྐུམ་དོར་སྟབས་བཞུགས། །ཞེས་སོ། །ཁྲོ་བོའི་ལྷ་རྒྱུད་ལས། གནས་ལུགས་རང་བཞིན་ཁྲོ་བོ། ཀ་དག་ལྷུན་གྲུབ་དབྱེར་མེད། དབྱེ་གཞི། རང་རྒྱུད་ཕུང་པོའི་ཁྲོ་བོ། རྩ་རླུང་ཐིག་ལེ། མ་དག་པའི་སྣང་བ། གདུལ་བྱ་སྤྲུལ་པའི་ཁྲོ་བོ། རུ་དྲའི་གཉེན་པོར་ཞལ་ཕྱག་ཏུ་སྣང་བ། ལམ་སྣང་། མཐར་ཕྱིན་འབྲས་བུའི་ཁྲོ་བོ། དག་པའི་སྣང་བ། གཏོར་མའི་རྒྱུད་ལས། ཇི་ལྟར་སྣང་བ་གཏོར་མ་ལ། །གཏོར་མ་ཐབས་དང་ཤེས་རབ་ཀྱིས། །ཐམས་ཅད་སྤྱད་པས་སངས་རྒྱས་རྒྱུ། །འདི་ནི་སྤྱོད་པའི་རྒྱལ་པོའོ། །ཞེས་སོ། །རཀྟའི་ངོ་བོ་ཆགས་པ་ཡིན། །ཐམས་ཅད་རག་པས་རཀྟ་ཡིན། །རཀྟའི་རྣམ་གྲངས་གསུམ་དུ་ངེས། །རཀྟའི་འབྱུང་ཁུངས་གསང་ཡུམ་བཞི། །ཞེས་དང་། རཀྟ་ཞེས་བྱའི་རྣམ་གྲངས་ནི། །གཞི་ཡི་རཀྟ་འབྱུང་བ་ཆུ། །རྒྱུ་ཡི་རཀྟ་པདྨའི་ཁྲག །རིགས་ཀྱི་རཀྟ་སྣང་མཐའ་ཡས། །འབྲས་བུའི་རཀྟ་ཙིཏྟའི་ཁྲག །གྲངས་ཀྱི་རཀྟ་སུམ་ཅུ་ལྔ། །ཞེས་དང་། ཚོགས་དང་གཏོར་མ་ལ་སོགས་པ། །རྣལ་འབྱོར་མཆོག་གི་ལོངས་སྤྱོད་དེ། །མ་ཉམས་ཐབས་ཀྱི་དེ་བརྗོད་པ། །གསང་སྔགས་ཆེ་བའི་རྒྱལ་པོ་ཡིན། །ཞེས་སོ། །ཚོགས་ལའང་རྣམ་པ་གསུམ་སྟེ། སྐལ་ལྡན་མིའི་ཚོགས་དང་། དགའ་ལྡན་ལྷའི་ཚོགས་དང་། འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་སོ། །དེ་ཡང་སྐལ་ལྡན་མིའི་ཚོགས་ནི་ལྟ་སྤྱོད་མཐུན་པར་བསྡེབས་པའོ། །དགའ་ལྡན་ལྷའི་ཚོགས་ནི། ལྟ་བ་དང་།
དམ་ཚིག་དང་། ཏིང་ངེ་འཛིན་དུ་ལྡན་པའོ། །འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་ནི། རྐྱེན་དང་ལོངས་སྤྱོད་རྫས་དང་ཡོ་བྱད་དུ་ལྡན་པའོ། ༈ །གླང་པོ་རབ་འབོགས་ལེའུ་བཅུ་པར། རྒྱན་བདུན་ཡོངས་སུ་རྫོགས་པར་བཤད། །ལྟ་བ་དང་ནི་སྤྱོད་པ་དང་། །དབང་བསྐུར་བ་དང་དམ་ཚིག་བསྲུང་། །དཀྱིལ་འཁོར་བསྐྱེད་པ་མཆོད་པ་འབུལ། །ཕྲིན་ལས་རྣམ་བཞི་བསྙེན་སྒྲུབ་བཞི། །ཏིང་འཛིན་བསྒོམ་དང་གསང་སྔགས་བཟླས། །འདི་བཅུ་རྒྱུད་དོན་རང་བཞིན་ཅན། །ལྡང་ཚད་ཡིན་པ་གསལ་བར་གསུངས། །ཞེས་དང་། ཐབས་དང་ཤེས་རབ་ཐེག་པའི་ལམ། །ཐབས་ལམ་དབང་གིས་ལམ་བགྲོད་རུང་། །བླ་མའི་མན་ངག་གནད་དུ་བསྣུན། །སྒྲོ་འདོགས་ཡོངས་བཅད་བླ་མ་ཡིས། །བུམ་པས་རིགས་ཀྱི་དབང་ལྔ་བསྐུར། །ལུས་གནས་དབྱིབས་ཀྱི་རྩ་རྣམས་ཉིད། །བསྐྱེད་པའི་རིམ་པ་ལྷ་ཡི་སྐུ། །ལུས་ཀྱི་དྲི་མ་དག་པར་བྱེད། །ས་དྲུག་རྫོགས་ནས་སྤྲུལ་སྐུ་ཐོབ། །བླ་མ་རང་བྱུང་ཡེ་ཤེས་སྟོན། །གསང་བའི་དབང་ནི་བསྐུར་བ་ཡིས། །གཏུམ་མོའི་ལམ་དུ་འབར་འཛག་པས། །ངག་གི་དྲི་མ་དག་པར་བྱེད། །ས་དྲུག་རྫོགས་ནས་ལོངས་སྐུ་འགྲུབ། །རྡོ་རྗེ་འཆང་སར་འགྲོ་བའོ། །བླ་མ་ལྷན་སྐྱེས་ཡེ་ཤེས་སྟོན། །ཤེས་རབ་ཡེ་ཤེས་དབང་བསྐུར་བས། །དགའ་བ་མཆོག་དགའ་དགའ་བྲལ་དང་། །ལྷན་ཅིག་སྐྱེས་པའི་དགའ་བ་ཡིས། །ཡིད་ཀྱི་དྲི་མ་
དག་བྱས་ནས། །ཆོས་ཀྱི་སྐུ་ལ་སྦྱོར་བར་བྱེད། །བླ་མ་ཆོས་རྣམས་རྣམ་དག་སྟོན། །ཁམས་དགུ་འདུས་པའི་དྭངས་མ་རྣམས། །སྲོག་ཤིང་གསུམ་ལ་དྲངས་པ་ཡིས། །རྡོ་རྗེའི་རྦ་རླབས་ལམ་སྦྱངས་ཏེ། །ལུས་ངག་ཡིད་གསུམ་སྒྲིབ་དག་པས། །སྙིང་པོའི་རླུང་རྣམས་རང་གྲོལ་བས། །ས་ཕྱེད་ངོ་བོ་ཉིད་སྐུ་ཐོབ། །བཅུ་བཞི་རྡོ་རྗེ་འཛིན་གནས་པས། །ཉོན་མོངས་འཆིང་བའི་ལས་སྤྱོད་པས། །སྐུ་བཞི་ཐོབ་པ་ཐབས་ཀྱི་ལམ། །ཞེས་སོ། །བདུད་རྩི་རོལ་པའི་རྒྱུད་ལས། དེ་ལ་སྨན་གྱི་མཚན་ཉིད་ནི། །རྩ་བ་སྡོང་བུ་ཡལ་ག་དང་། །ལོ་མ་མེ་ཏོག་འབྲས་བུ་དང་། །རྒྱུན་ལྤགས་འབྲས་བུ་སྙིང་པོར་བཅས། །རོ་དྲུག་ནུས་སྟོབས་ཁ་དོག་ལས། །རྩ་བ་གཅིག་ལ་ཡན་ལག་བརྒྱད། །དེ་དག་རྣམ་པར་བྱེ་བའི་གྲངས། །སྣ་ཚོགས་ཡོན་ཏན་སྟོང་དུ་འགྱུར། །ཞེས་དང་། ཀླད་པ་གཞུང་པ་ཆུ་བ་དང་། །བེ་པ་གཞུང་པ་རྒྱུ་བའི་ལམ། །གཤེགས་ཤུལ་ཕོ་བྲང་ཚུལ་དག་གིས། །སྦས་པ་ནང་གི་གནས་སུ་བསྟན། །ཅེས་དང་། བདུད་རྩི་ཆེན་པོ་བརྗོད་དུ་མེད། །ཉོན་མོངས་དུག་བཅས་བདུད་བཞི་འཇོམས། །དྲི་མེད་དག་པའི་བྱང་ཆུབ་སེམས། །སངས་རྒྱས་ཀུན་གྱི་སྤྱོད་ཡུལ་འདི། །ངེས་པའི་དོན་ལ་མཉམ་པར་སྦྱོར། །ཞེས་སོ། །རྟ་མཆོག་རོལ་པའི་རྒྱུད་ལས། ས་ཕྱོགས་དྲི་མེད་ཡིད་འོང་བའི། །གྲོང་ངམ་གྲོང་ཁྱེར་དགོན་པའམ། །རི་ཕུག་ནགས་ཚལ་གང་རུང་བར། །
ཉམས་དགའི་ཡན་ལག་བརྟག་པར་བྱ། །གང་དུ་བཟའ་ཤིང་འབྲས་བུར་བཅས། །ནེའུ་གསིང་མེ་ཏོག་ཆུ་རྒྱུན་དང་། དཔལ་རྫོགས་ཡོན་ཏན་འབྱུང་བའི་གནས། །དེ་ནི་རབ་གུས་བརྟེན་པར་བྱ། །ནམ་མཁའ་འཁོར་ལོ་འདྲ་བ་དང་། །ས་གཞི་པདྨ་འདྲ་བ་ནི། །བཀྲ་ཤིས་ཕུན་སུམ་ཚོགས་པའི་གནས། །བར་ཆད་མེད་པའི་མཚན་ཉིད་ཡིན། །ས་གཞི་གཞོམ་ཞིག་མེད་པ་ཡི། །དབུས་སུ་མཐོ་བ་ཕྱག་རྒྱ་ཆེ། །ཤར་དང་བྱང་དུ་གཞོལ་བ་ནི། །ཕྲིན་ལས་བཞི་ཡི་དངོས་གྲུབ་འགྱུར། །ལྷོ་དང་ནུབ་ཏུ་གཞོལ་བ་ནི། །འཇིག་རྟེན་པ་ཡི་དངོས་གྲུབ་འགྱུར། །ནུབ་དང་བྱང་དུ་གཞོལ་བ་ནི། །ཕྲ་མོའི་ལས་རྣམས་འགྲུབ་པར་འགྱུར། །གང་ཞིག་ཤར་ཕྱོགས་མཐོ་བ་དང་། །དབུས་སུ་དམའ་བ་སྤང་བར་བྱ། །ཞེས་སོགས་རྒྱས་༼༧༽པར་བཤད། །རས་གཙང་དམར་པོའི་རྒྱུ་ལས་བྱུང་། །གནས་གཞན་མ་སྤྱད་མ་ཉམས་པ། །རང་གི་སྔགས་ཀྱིས་བྱིན་བརླབས་ནས། །ལེགས་པར་གདོང་ནི་གཡོགས་པར་བྱ། །ཞེས་དང་། གནས་བཞིར་འབྱུང་བའི་དཀྱིལ་འཁོར་ལ། །རང་སྔགས་ས་བོན་འོད་ཟེར་བཅས། །དབབ་པའི་གསང་སྔགས་ ལན་སྟོང་དུ། །དྲི་ཞིམ་བདུག་སྤོས་དྲིལ་དཀྲོལ་ཞིང་། །ཡེ་ཤེས་སེམས་དཔའ་དགུག་པར་བྱ། །ཞེས་དང་། དེ་ནས་རིགས་ཀྱི་ལྷར་བསྐྱེད་དེ། །བཀྲ་ཤིས་དགའ་བའི་གླུ་བླངས་ཤིང་། །རོལ་མོའི་རྒྱན་ཕྲེང་བཀོད་
བྱས་ནས། །བུམ་པའི་ཆུ་ཡིས་དབང་བསྐུར་བྱ། །ཞེས་དང་། རྡོ་རྗེ་ དྲིལ་བུ ་ཕྱག་རྒྱ་ཆེ། །གནས་གསུམ་བརྟུལ་ཞུགས་ལ་གནས་ཤིང་། །ལུང་བསྟན་རྗེས་གནང་དབུགས་དབྱུང་བའི། །ཆོ་ག་བཟང་པོ་སྤྱད་པར་བྱ། །ཞེས་དང་། ཤེས་རབ་ཡན་ལག་ཕུན་སུམ་ཚོགས། །བཅུ་དྲུག་ཡང་ན་ཉི་ཤུ་བཞི། །རྡོ་རྗེ་བླ་མ་ལ་ཕུལ་ཏེ། །བྱིན་གྱིས་བརླབས་པའི་ཆོ་ག་བྱ། །ཁྲུས་བྱས་དྲི་ཞིམ་རྒྱན་གྱིས་བཀླུབས། །སྣ་ཚོགས་སྔགས་དང་ཕྱག་རྒྱས་སྦྱངས། །རིགས་ཀྱི་ལྷ་དང་ལྡན་བྱས་པས། །དམ་ཚིག་བསྐུལ་བའི་བརྡས་མཚོན་ཏེ། །གཉིས་མེད་ཡེ་ཤེས་སྙོམས་འཇུག་བྱ། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས། །རང་གི་དཀྱིལ་འཁོར་མཆོད་བྱས་ནས། །སློབ་མའི་ཚོགས་ལ་དབང་བསྐུར་བྱ། །ཞེས་དང་། ཤེས་རབ་མཚན་ལྡན་བྱིན་བརླབས་ནས། །སློབ་མའི་ལག་ཏུ་གཏད་པར་བྱ། །རང་བཞིན་བདེ་བའི་ཡེ་ཤེས་ཉིད། །ཟག་མེད་པ་ཡི་དོན་གསལ་འགྱུར། །རྣམ་རྟོག་མེད་པ་སེམས་ཀྱིས་ནི། །རྡོ་རྗེ་སྙིང་པོ་མཁའ་འདྲ་ཞིང་། །རྡུལ་བྲལ་ཐར་པ་ཞི་བའི་ཆོས། །རང་གི་དངོས་པོ་མཐོང་བར་འགྱུར། །ཨེ་མའོ་འགྲོ་བའི་གནས་འདི་དག །དེ་བཞིན་ཉིད་ལ་གཞན་དུ་འཁྲུལ། །དེ་ཉིད་བདེ་ཆེན་ཡེ་ཤེས་ཏེ། །གཞན་དུ་གྱུར་པ་ཅི་ཡང་མེད། །ཡེ་ཤེས་འདི་ནི་ཤིན་ཏུ་ཕྲ། །རྡོ་རྗེ་སྙིང་པོ་མཁའ་འདྲ་ཞིང་། །རྡུལ་བྲལ་ཐར་པ་ཞི་བའི་ཆོས། །རང་གི་རང་བཞིན་
དེ་ཉིད་དོ། །ཞེས་སོ། །དཀྱིལ་འཁོར་ཆེན་པོའི་ཕྱོགས་བཞིའམ། །གཞན་ཡང་གནས་གཞན་ལ་འཐད་པར། །ཞི་རྒྱས་དབང་དང་མངོན་སྤྱོད་པ། །ལས་ཀུན་གྱི་ནི་ཐབ་ཁུང་བརྩམ། །ཟླུམ་པོ་གྲུ་བཞི་ཟླ་གམ་དང་། །གྲུ་གསུམ་ལ་སོགས་དབྱིབས་ཅན་ནོ། །དེ་དག་དཀར་སེར་དམར་དང་ནག །སྣང་བཞི་ཀུན་གྱིས་མཚན་བྱས་པའི། །རྡོ་རྗེ་འཁོར་ལོ་པདྨའི་རྒྱན། །སྣ་ཚོགས་རྡོ་རྗེའི་མཚན་མ་ཅན། ། ཁྲུ་གང་བཞི་དང་གཉིས་པ་དང་། །ཁྲུ་གསུམ་ཟབས་སུ་དེ་ཡི་ཕྱེད། །བུད་ཤིང་ཡམས་ཤིང་སོ་སོ་ཡི། །མཚན་ཉིད་ལོ་འབྲས་ཁ་དོག་རོ། །རྩེ་མོའི་ཆ་ལས་སོར་བཞི་དང་། །སོར་བརྒྱད་བཅུ་དྲུག་ཉི་ཤུའི་ཚད། ། སྦོམ་ལ་སྡོམ་པའི་མར་གྱིས་བྱུགས། །རིགས་བཞི་རྩ་བས་བསྲུངས་པས་ནི། །ཟླུམ་དང་གྲུ་བཞི་ཟླ་གམ་དང་། །གྲུ་གསུམ་ཚད་དུ་བརྩིག་པར་བྱ། །ལྷ་རྣམས་ཀུན་གྱི་ཁང་པ་ཉིད། །མེ་ལྷའི་གནས་སུ་བཞག་བྱ་སྟེ། །སོ་སོའི་ལས་དང་མཐུན་པ་ཡི། །ཨགེ་རཱ་ཛ་འབོད་པར་བྱ། །ཞེས་སོགས་བསྟན་ཏོ། །གླང་པོ་རབ་འབོགས་ལས། དབང་བསྐུར་རྒྱུ་ལམ་འབྲས་བུ་སྟེ། །ཞེས་དང་། རྩ་བ་ཡན་ལག་དམ་ཚིག་རྣམས། །སྲུང་མཚམས་བཅས་བའི་དམ་ཚིག་དང་། །དོན་ལ་མི་འདའ་གནས་པ་སྟེ། །དམ་ཚིག་ཁྱད་པར་རྟོགས་པར་བྱ། །ཞེས་དང་། ཚོགས་ཀྱི་ལམ་ལ་རྣལ་འབྱོར་བཞི། །སྦྱོར་བའི་ལམ་ལ་བསྙེན་སྒྲུབ་
བཞི། །མཐོང་ལམ་རྣམ་སྨིན་ཚེ་དབང་དང་། །སྒོམ་ལམ་ཕྱག་རྒྱའི་རྣལ་འབྱོར་དང་། །མཐར་ཕྱིན་ལྷུན་གྲུབ་རིག་འཛིན་ཡིན། །སྟོང་པ་ཆེན་པོའི་རྣལ་འབྱོར་ནི། །རྣམ་པ་ཀུན་ལྡན་སྟོང་པ་སྟེ། །དཔེ་ནི་ཡིད་བུ་འདྲ། །སྙིང་རྗེ་ཆེན་པོའི་རྣལ་འབྱོར་ནི། །ཡོངས་ལ་ཁྱབ་པའི་སྒྲ་མ་སྟེ། །དཔེ་ནི་ཉི་མའི་སྙིང་པོ་འདྲ། །ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ནི། །ལྟ་ཉིད་ཞི་བ་ཚངས་པ་འདྲ། །ཧཱུྃ་ཉིད་ཁྲོ་བོ་བྲིན་པོའི་ཚུལ། །དཔེ་ནི་ཆུ་ལས་ཉ་ལྡང་འདྲ། །སྤྲོས་པའི་རྣལ་འབྱོར་བསྒོམ་པ་ནི། །རང་གནས་རྩ་ལས་དཀྱིལ་འཁོར་སྤྲོས། །སྔགས་ཀྱི་ཡི་གེ་ཚོམ་བུར་སྤྲོས། །ཁམས་ཀྱི་བདུད་རྩི་ཞལ་ཕྱག་སྤྲོས། །སྙིང་པོ་རླུང་ལས་རྣམ་གྲངས་སྤྲོས། །བསྙེན་པ་ཞི་བའི་བསྙེན་པ་སྟེ། །ཉེ་བསྙེན་ཞི་བའི་སྒྲུབ་པར་གསུངས། །སྒྲུབ་པ་ཁྲོ་བོའི་བསྙེན་པ་ཉིད། །སྒྲུབ་ཆེན་ཁྲོ་བོའི་སྒྲུབ་པ་སྟེ། །སོགས་ཤིན་ཏུ་རྒྱས་པར་བཤད་དོ། །རྣམ་པར་སྨིན་པའི་གི དམ་ཚིག་ནི། །ཡིད་ཀྱི་ཏིང་འཛིན་ལྷ་སྐུར་སྨིན། །ཁྱུང་ཕྲུག་སྒོ་ངའི་ནང་གནས་བཞིན། །བག་ཆགས་ལུས་རྟེན་ལྷ་ཡི་སྐུ། །ཚེ་ལ་དབང་པའི་རིག་འཛིན་ནི། །རང་གི་ཚེ་ལ་དབང་ཐོབ་པས། །འཁོར་བར་བཞུགས་སམ་སངས་རྒྱས་འགྲོ། །སྐྱེ་ཤི་རང་དབང་ཐོབ་པ་ཡིན། །སྒོམ་ལམ་ཕྱག་རྒྱ་ཡི་དམ་ལྷ། །རིགས་ལྔ་གང་བསྒོམ་ཆ་ལུགས་འཛིན། །ས་བརྒྱད་ནོན་པའི་བྱང་སེམས་ཚུལ། །སྒོམ་པ་ཚད་འཛིན་
ཡོད་པར་ཞུགས། །མཐར་ལམ་ས་དགུ་ས་བཅུ་པ། །སྐུ་ལྔ་ལྷུན་གྲུབ་ཆ་ལུགས་འཛིན། །རྒྱལ་ཚབ་མཛད་པས་སངས་རྒྱས་དང་། །མཉམ་པར་བཞག་པས་དགོངས་མཉམ་འགྱུར། །ཐོད་རྒལ་ལམ་ལ་སྦྱོར་བ་ནི། །བར་དུ་ས་ལམ་བོར་ནས་འགྲོ། །ཕྱག་རྒྱ་གཅིག་པའི་ས་ནས་ནི། །མཐོང་ལམ་མཐར་ཐུག་སྦྱོར་བ་དང་། །སྤྲོས་པར་རིག་འཛིན་མཐར་ཐུག་སྦྱོར། །ཚོགས་སྒྲུབ་ཕྱག་རྒྱ་མཐར་ཐུག་སྦྱོར། །ཚེ་དབང་ལས་ནི་སྐུ་ལྔར་སྦྱོར། །ཟག་བཅས་ལམ་གྱི་ཐོད་རྒལ་གཉིས། །ཕྱག་རྒྱ་གཅིག་དང་ཕྱག་རྒྱ་སྤྲོས། །ཟག་མེད་ལམ་གྱི་ཐོད་རྒལ་གཉིས། །ཚེ་དབང་ཕྱག་རྒྱའི་རིག་འཛིན་ནོ། །ཞེས་སོགས་རྒྱས་པར་བཤད། རྒྱུད་འདི་གསང་སྙིང་བཤད་པར་ཤིན་ཏུ་མཁོ་བར་ཡོད། ལངྐའི་བདག་པོ་གཞན་ཡང་གང་། །གསུམ་དུ་ངེས་པར་སྣང་བ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་སྒྱུར་ཐབས་ཀྱི་ཐེག་པའོ། །གང་འདིར་འདྲེན་པ་འདི་ལྟ་སྟེ། །ཡུལ་གསུམ་ངེས་པར་སྣང་བ་ནི། །ཐ་མ་འབྲིང་དང་རབ་ཏུ་སྣང་། །ཐ་མའི་ཡུལ་དུ་གྱུར་པ་ནི། །ཤིན་ཏུ་ཡ་ངའི་ལས་སྤངས་ཏེ། །ཡིད་འོང་འདུལ་བའི་ཚུལ་བཟུང་ནས། །རང་གི་རྩ་བ་དེས་བསྐྲུན་པ། །སོ་སོར་ཐར་པའི་ལམ་དུ་སྣང་། །འབྲིང་གི་ཡུལ་དུ་གྱུར་བ་ནི། །འདི་ཀུན་རྟེན་ཅིང་འབྲེལ་བར་འབྱུང་། །བདག་མེད་ཆོས་གཅིག་མེད་མཐོང་བས། །བརྗོད་མེད་སྤྲུལ་པའི་
ཆོས་རྣམས་སྟོན། །རང་གི་རྩལ་གྱིས་བདེར་གནས་པའོ། །རབ་ཀྱི་ཡུལ་དུ་གྱུར་པ་ནི། །བདག་མེད་བྱམས་སྙོམས་རྟོག་ལས་འདས། །ཡུལ་མེད་མ་སྐྱེས་ཕྱོགས་དང་བྲལ། །ས་དང་རྣམ་ཐར་བདེར་བསྐྲུན་ནས། ། དངོས་མེད་ངོ་བོ་ཉིད་སྐུ་ཐོབ། །ལངྐའི་བདག་པོ་གཞན་ཡང་གང་། །དཀའ་ཐུབ་རིག་བྱེད་ཐེག་པ་ནི། །འདི་ཡི་ཡུལ་གྱིས་གསུམ་ཉིད་དེ། །ཐ་མ་དག་ལ་སྣང་བ་ནི། །དཀའ་ཐུབ་སྡོམ་དང་བརྟུལ་ཞུགས་དང་། །༧ མཉམ་ཉིད་མི་གཡོ་སྐྱེ་མེད་ལ། །བཀུར་འོས་འདུན་པའི་ཚུལ་བཟུང་ནས། །རིགས་ཀྱི་རྡོ་རྗེ་འཛིན་གནས་པའོ། །འབྲིང་ལ་རྣམ་པར་སྣང་བ་ནི། །བྱ་བ་དག་པའི་ལས་སྤྱོད་དེ། །རྣལ་འབྱོར་ཏིང་འཛིན་མ་ལྡན་ན། །མི་གཡོའི་སེམས་པས་མངོན་སུམ་དུ། །རིགས་བཞི་རྡོ་རྗེ་འཆང་གནས་པའོ། །རབ་ལ་ངེས་པར་སྣང་བ་ནི། །སེམས་ཉིད་ཡུལ་ལ་རྩལ་རྫོགས་ཏེ། །ཡུལ་ཉིད་རིག་པ་མངོན་མཐོང་ན། །དེ་ཉིད་དེར་ནི་མངོན་བྱས་ནས། །རྡོ་རྗེའི་རིགས་འཆང་གནས་པའོ། །ལངྐའི་བདག་པོ་གཞན་ཡང་གང་། །དབང་སྒྱུར་ཐབས་ཀྱི་ཐེག་པ་ཡང་། །ཡུལ་གྱིས་རྣམ་པ་གསུམ་སྣང་བ། །བསྐྱེད་དང་རྫོགས་དང་ཡོངས་སུ་རྫོགས། །ཐ་མ་བསྐྱེད་པ་གང་སྣང་བ། །ཐབས་དང་ཤེས་རབ་རྣམ་དག་ལས། །བསྟེན་པ་ལྔ་ལ་སོགས་པའི་ཆོས། །རྒྱལ་བ་ལྔ་ལས་རྫོགས་སངས་རྒྱས། །རྣལ་འབྱོར་རྩལ་ཆེན་རྫོགས་པའི་ས། །འབྲིང་ལ་
རྫོགས་པར་གང་སྣང་བ། །མཉམ་པས་མཉམ་པའི་དོན་མཐོང་ནས། །མཉམ་རྫོགས་ཡུལ་ཤེས་དབྱིངས་ཡེ་ཤེས། །ཀུན་རིགས་ཀུན་རྫོགས་ཀུན་ཏུ་སྣང་། །ཆོས་ཉིད་མི་འགྱུར་བརྡལ་པའི་ས། །རབ་ལ་ཡོངས་སུ་རྫོགས་པ་ནི། །ཡེ་ཤེས་དབྱིངས་ཞེས་བྱ་བའི་དོན། །ཐ་སྙད་ཙམ་དུ་རྟོགས་ཆུད་ནས། །རྩལ་མེད་རྫོགས་བྲལ་བསམ་ཡུལ་འདས། །ཐམས་ཅད་རྫོགས་པའི་སྤྱིར་ཆིབ་པ། ༈ །བཤད་རྒྱུད་། ཐིག་ལེ་ཀུན་གསལ་ལས། མ་རྟོག་ལོག་རྟོག་གཉིས་ལས་ཉན་ཐོས་འཕགས། །དེ་ཡང་ཇི་ལྟར་འཕགས་ཞེ་ན། གང་ཟག་བདག་མེད་རྟོགས་པ་ལྟ་བས་ཁྱད་པར་འཕགས། །དགེ་བཅུ་རང་གི་དོན་དུ་སྤྱོད་པ་ སྤྱོད་པས༴ བདེན་པ་བཞི་ཡི་སྒོ་ནས་བསྒྲུབས་པས་སྒྲུབ་པ= དགྲ་བཅོམ་ཟུང་བཞི་ཡ་བརྒྱད་ཐོབ་པས་འབྲས་བུའི་ཁྱད་པར་འཕགས། །ཉན་ཐོས་དག་ལས་རང་རྒྱལ་ཁྱད་པར་འཕགས་པ་ཡང་། །གཟུགས་ཕུང་ཆོས་ཁམས་ཕྱོགས་གཅིག་བདག་མེད་རྟོགས་པ་ལྟ་བས་ཁྱད་པར་འཕགས། །དགེ་བཅུའི་སྟེང་དུ་རྫུ་འཕྲུལ་ཡ་མ་ཟུང་འགའ་ཡིས། །འགྲོ་དོན་ཤས་ཙམ་མཛད་པ་སྤྱོད་པས་ཁྱད་པར= རྟེན་འབྲེལ་ལུགས་ འབྱུང་ལྡོག་སྒོམ་པས་སྒྲུབ་པ་ཁྱད་པར་འཕགས། ཚོགས་ན་སྤྱོད་དང་བསེ་རུ་ལྟར་བུ་ཐོབ་པས་འབྲས་བུའི༴ རང་རྒྱལ་ལས་བྱང་སེམས་རྣམས་ཁྱད་པར་འཕགས་པ་ཡང་། བདག་མེད་རྣམ་གཉིས་རྟོགས་པ་ལྟ་
བས༔ ཚད་མེད་བསྡུ་བ་རྣམ་བཞིས་འགྲོ་དོན་མཛད་པ་སྤྱོད་པས༴ ཕ་རོལ་ཕྱིན་བཅུ་སྒྲུབ་པས་བསྒྲུབས་པ༴ ཀུན་ཏུ་འོད་ཀྱི་ས་བོན་འབྲས་བུའི་ཁྱད་པར་འཕགས། །བྱང་སེམས་དག་ལས་ཀྲི་ཡ་འཕགས་པ་ཡང་། །དོན་དམ་སྐྱེ་བ་མེད་པར་རབ་རྟོགས་ཤིང་། །ཀུན་རྫོབ་བདག་དང་ཡེ་ཤེས་ལྷ། །རྗེ་འབངས་ལྟ་བུའི་ལྟ་བས་ཁྱད་པར༔ དག་པ་རྣམ་གསུམ་སྤྱོད་པ་སྤྱོད་པས གོམས་དང་བསྒྱུར་དང་བྱིན་རླབས་སྒོ་ནས་བསྒྲུབས་པས་སྒྲུབ་པ༔ རིགས་གསུམ་འབྲས་བུ་ཐོབ་པས༴ ཀྲྀ་ཡ་དག་ལས་ཨུ་པ་འཕགས་པ་ཡང་། །ལྷ་དང་རྗེ་འབངས་ཚུལ་དུ་ལྟ་བ་ལྟ་བས༴ མཚན་མ་ཡོད་མེད་སྒོ་ནས་འགྲོ་དོན་མཛད་པ་སྤྱོད་པས དེ་བཞིན་ཉིད་བཞིའི་སྒོ་ནས་བསྒྲུབས་པས༴ རིགས་བཞིའི་འབྲས་བུ་ཐོབ་བ༴ ཨུ་པ་དག་ལས་ཡོ་ག་ཁྱད་པར་འཕགས་པ་ཡང་། །ཀུན་རྫོབ་ལྷ་དང་གྲོགས་པོར་ལྟ་བས་ལྟ་བ༔ ཕྲིན་ལས་རྣམ་བཞི་སྤྱོད་པས་སྤྱོད་པ= ཕྱག་རྒྱ་རྣམ་བཞི་བསྒྲུབས་པས་སྒྲུབ་པ༔ རིགས་བཞི་སངས་རྒྱས་ཉིད་དུ་འགྲུབ་པ་འབྲས་བུ༔ ཡོ་ག་དག་ལས་མ་ཧཱ་ཡོ་ག་བཞིས་འཕགས་ཏེ། །རང་ལུས་རྒྱལ་བའི་དཀྱིལ་འཁོར་ལྟ་བས༴ སྦྱོར་སྒྲོལ་གཉིས་ཀྱིས་འགྲོ་དོན་མཛད་པས་སྤྱོད་པ༴ ཐབས་དང་ཤེས་རབ་གཉིས་ཀྱི་སྒོ་ནས་བསྒྲུབས་པས་སྒྲུབ་པ༴ བཅུ་བཞི་རྡོ་རྗེ་འཛིན་པའི་ས་ཐོབ་འབྲས་བུ= མ་ཧཱ་དག་ལས་ཨ་ནུ་བཞིས༴ དབྱིངས་དང་ཡེ་
ཤེས་གཉིས་མེད་རྟོགས་པ་ལྟ་བ༔ དབྱིངས་ནི་ཡེ་ཤེས་དག་ལ་སྤྱོད༔ ཡེ་ཤེས་དབྱིངས་ལ་སྤྱོད་པས་སྤྱོད་པ༴ ཕུང་པོ་ལྔ་རིགས་ལྔ་ཡབ་ཡུམ་བསྒྲུབས་པས་སྒྲུབ་པ༔ མ་ཆགས་པདྨ་ཅན་གྱིས་ཐོབ་པས་འབྲས་བུ༴ ཨ་ནུ་དག་ལས་ཨ་ཏི་བཞིས་འཕགས་ཏེ། །སྣང་སྲིད་ཐམས་ཅད་ཆོས་སྐུར་ལྟ་བས་ལྟ་བ༔ ཆོས་སྐུ་བྱིན་རླབས་སྒོ་ནས་དོན་མཛད་སྤྱོད་པ= བྱ་རྩོལ་མེད་པར་བསྒྲུབས་པས་སྒྲུབ་པ༴ བཅུ་དྲུག་འཁོར་ལོ་ཚོགས་ཆེན་ཡན་ཆད་ནས། །ཉི་ཤུ་རྩ་གཅིག་མན་ཆད་ས་ནོན་འབྲས་བུ༔ ཞེས་གསུངས་སོ།། ༈ །།དཔལ་ཡང་དག་ཧེ་རུ་ཀཿ གལྕོའི་རྒྱུད་ལས་ལུང་འདྲེན་ཁོལ་བཏུས་བཞུགས། །ན་མོ་གུ་རུ་ཝེ། མ་ཧཱ་ཡོ་གའི་རྒྱན་བདུན་ཡང་། །གླེང་གཞི་བསླང་དང་སངས་རྒྱའི་ཚུལ། །རྒྱས་བཤད་མཐའ་དང་བཤད་པའི་ཚུལ། །དབྱེ་བའི་རྣམ་པ་གང་ཟག་སྣོད། །བདེན་པའི་དགོངས་པ་ཤེས་པར་བྱ། །ཞེས་སོགས་རྒྱས་པར་དང་། སྣང་སྲིད་ཡེ་ནས་རྒྱས་པ་ལྟ་བའི་ལུང་། །ལྷ་སྐུ་ཕྱག་རྒྱར་གསལ་བ་བསྐྱེད་རིམ་ལུང་། །བཟླས་བརྗོད་བསྙེན་པ་འབུལ་བ་སྔགས་ཀྱི་ལུང་། །ཆོས་ཉིད་ཡུམ་ལ་རོལ་པ་སྦྱོར་བའི་ ལུང་། །ཞིང་བཅུ་རྩད་ནས་གཅོད་པ་སྒྲོལ་བའི་ལུང་། །ཚོགས་ཀྱི་འཁོར་ལོ་ཞལ་ཟས་མཆོད་པའི་ལུང་། །དབང་བསྐུར་དངོས་གྲུབ་ལེན་པ་སྒྲུབ་ཆེན་ལུང་། །ཕྱི་མདོ་ཙམ་དུ་བློ་ཁ་དབྱེ། །བགེགས་ཆེན་བར་
ཆད་སྲུང་བ་མཚམས་ཀྱི་ལུང་། །ལུས་ངག་ཡིད་སྒྲིབ་སྦྱོང་བ་ཚོགས་གསོག་ལུང་། །སྨན་རག་གཏོར་མ་འབུལ་བ་བྱིན་རླབས་ལུང་། །ཞི་ཁྲོ་བསྐྱེད་རྫོགས་རྣམ་པ་རྩ་བའི་ལུང་། །འདོད་ཡོན་ཚོགས་སུ་འབུལ་བ་བཟའ་བའི་ལུང་། །ལྷག་མཆོད་དཀྱིལ་འཁོར་བསྡུ་བ་རྫོགས་རིམ་ལུང་། །རྒྱས་པར་མི་བཤད་ཟུར་ཙམ་བློ་ཁ་དབྱེ། །རྫོགས་པར་འགྱུར་མེད་ཡེ་ནས་སེམས་གཞི། གནས་པ་ནི། །ཆོས་ཉིད་འགྱུར་མེད་ནམ་ མཁའ་ལྟ་བུར་ཆེ། །སྣང་ལམ། བསྐྱོད་གནས་པ་དཀྱིལ་འཁོར། སྲིད་རྣམ་དག་ལྟ་བའི་རྒྱལ་པོ་ནི། །ཁྱུང་ཆེན་གཤོག་རྫོགས་མཁའ་ལ་ལྡིང་བ་ལུང་ཆེན་བདུན་གཉིས་གཅིག་ཏུ་དྲིལ། ཅེས་གསུངས། འདྲ། ཉིད་སྒོམ་པ་ནང་ནས་། རང་གསལ་བ། །རྒྱ་མཚོ་རྫི་ཡིས་མ་ཡིན། །ལུས་ངག་ཡིད་སྤྱོད་རྣམ་རྟོག་ཟིལ་གནོན་པ། །སེང་གེའི་སྐད་ཀྱིས་གཅན་གཟན་སྐྲག་པ་འདྲ། །རྟོགས་པའི་འབྲས་བུ་གནས་སྐབས། དུས་སུ་འབྱུང་བ་ནི། །ཡིད་བཞིན་རིན་ཆེན་རྩེ་ལ་ཁུ་བྱུག་ལྡིང་། །སྣང་སྲིད་ཡེ་སངས་རྒྱས་པ་ཆོས་ཀྱི་སྐུ། །མདོ་ཙམ་བཤད་ནས་བློ་ཁ་དབྱེ་བར་བྱ། །ཞེས་གསུངས། ༈ །དེ་དག་གོམས་ནས་ཉམས་སུ་བླངས། །བསྐྱེད་རིམ་མཉམ་པར་བཞག་བྱས་ནས། །རྗེས་སྤྱོད་ངོ་བོ་ཉིད་གསུམ་བལྟ། །བདུད་རྩི་ལྔ་ཡི་རིལ་བུ་བཟའ། །དམ་ཚིག་ཉི་ཤུ་རྩ་བརྒྱད་བསྲུང་། །རྡོ་རྗེ་ དྲིལ་བུ ་འབྲལ་མི་བྱ། །མཉམ་གཞག་རྩ་རླུང་ཙཎྜ་ལཱི། །རང་བྱུང་ཡེ་ཤེས་རྗེས་ལ་
སྤྱོད། །སྟོང་གསལ་བཟའ་བར་བྱ་བ་ཉིད། །རང་བྱུང་རླུང་དང་འགལ་བ་བསྲུང་། །ཞི་དྲག་རླུང་དང་འབྲལ་མི་བྱ། །དཀྱིལ་འཁོར་འཁོར་ལོ་མཉམ་པར་བཞག །རྗེས་སྤྱོད་ལྷན་ཅིག་སྐྱེས་ལ་བལྟ། །བཟའ་བ་བདེ་བ་ཆེན་པོ་ཉིད། །ཐིག་ལེ་འཛག་པ་དྲུག་ཀྱང་བསྲུང་། །ཡེ་ཤེས་ཕྱག་རྒྱ་དངོས་མི་འབྲལ། །མཉམ་གཞག་ཆ་རླབས་རྣམ་པ་གསུམ། །ཤིན་ཏུ་རྣམ་པར་དག་པ་ཡི། །དེ་ཁོ་ན་ཉིད་སྤྱད་པར་བྱ། །ཟླ བཟའ་བ་བདེ་ཆེན་བདེ་སྟོང་ལ། །སྒྲིབ་པ་གཉིས་ལས་ཤེས་སྒྲིབ་བསྲུང་། །པད་ཅན་ཡེ་ཤེས་དངོས་མི་འབྲལ། །ཞེས་དང་། ཉམས་ན་གསོ་བའི་ཆུབ་སེམས་རྒྱུ་བའི། །རྩ་ནི་སུམ་ཅུ་རྩ་གཉིས་ཏེ། །དེ་དག་ཀུན་རྫོབ་གཟུགས་དང་ནི། །དོན་དམ་གཟུགས་ཀྱི་བདག་ཉིད་དོ། །དེ་ཡི་གཙོ་བོ་རྣམ་པ་གསུམ། ལཱ་ལ་ན་ནི་ཤེས་རབ་ལ། །རཱ་ས་ན་ནི་ཐབས་ཡིན་ཏེ། །ཨ་ཝ་དྷུ་ཏི་གཉིས་མེད་གཟུགས། །དྲི་ཆུ་རྒྱུ་བ་འཆང་ལྡན་མ། །སོགས་༣༢རྒྱས་པར་བཤད་ཅིང་། སྤྱི་གཙུག་རྡོ་རྗེ་འཛིན་ཆེན་མོས། །དགའ་བར་བྱེད་ཕྱིར་ལཱ་ལ་ན། །སྤྱི་བོ་དག་ན་སྤྲོས་པ་དང་། །བྲལ་ཕྱིར་ཨ་ཝ་དྷཱ་ཏིའོ། །སྤྱི་གཙུག་དག་གི་གཡས་པ་ན། །མྱང་བས་དགའ་ཕྱིར་རཱ་ས་ན། །ལྟག་པ་དག་ལ་གནས་པ་ནི། །སྐུ་སོགས་བདག་ཉིད་པཱ་མ་ཎཱ། །སོགས་བྱེད་ལས་བཅས་རྒྱས་པར་བཤད། རྩ་
ནི་སུམ་ཅུ་རྩ་གཉིས་སོ། །བརྒྱད་ཚན་བཞིས། དཀྱིལ་འཁོར་བཞི་ལ་གནས་པ་ན། །སྲོག་ཤིང་གསུམ་དང་ཡང་དག་ལྡན། །ཉི་མ་ཟླ་བ་རཱ་ཧུ་ལ། །ལྟེ་བ་སྤྲུལ་པའི་དཀྱིལ་འཁོར་ན། །འདབ་མ་དྲུག་ཅུ་རྩ་བཞི་ལ། །ཀ་ལི་སུམ་ཅུ་རྩ་གཉིས་སོ། །ལུགས་འབྱུང་ལུགས་ལས་ལྡོག་པས་ནི། །ཡི་གེ་དྲུག་ཅུ་རྩ་བཞིའོ། །རྩ་ཡི་འདབ་མ་བཞི་པོ་སྟེ། །ས་ཡི་ས་སོགས་འབྱུང་བ་བཞི། །སྟོང་པ་བཅུ་དྲུག་ཡི་གེ་ནི། །རྣམ་པར་དག་པས་སངས་རྒྱས་སྤྱན། །སེམས་སོགས་ངོ་བོ་ཡོངས་གྱུར་པ། །ཆོས་ཀྱི་འབྱུང་གནས་དཀྱིལ་འཁོར་ཡིན། །སྙིང་ག་ཆོས་ཀྱི་འཁོར་ལོ་ན། །འདབ་མ་བརྒྱད་པར་གནས་པ་ལ། །སྡེ་ཚན་ཡི་གེ་དང་པོ་བརྒྱད། །། འབྱུང་དང་བཅུ་པ་ལས་གྱུར་པ། །ཕྲ་མོའི་ཕྲ་གཟུགས་བརྒྱད་པ་སྟེ། །འཁོར་འདས་ཆོས་རྣམས་ཆུ་ལྟར་འབབ། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ལ། །འདབ་མ་བཅུ་དྲུག་སྣང་གསལ་མེ། །སྟོང་པ་བཅུ་དྲུག་ཡི་གེར་དག །བཅུ་དྲུག་ཤེས་རབ་ལོངས་སྤྱོད་ཅིང་། །སྤྱི་བོ་བདེ་ཆེན་འཁོར་ལོ་ན། །སུམ་ཅུ་རྩ་གཉིས་ཀཱ་ལིས་བརྒྱན། །སྐྱེས་བུའི་མཚན་རྣམས་རྣམ་པར་དག །རླུང་གི་འབེབས་འདྲེན་གཙུག་ཏོར་འགྲུབ། ༈ །ཨེ་ནི་ཆོས་ཀྱི་འབྱུང་གནས་ལ། །སྟོང་པ་ཉིད་དང་དགའ་བ་དང་། །དབྱིངས་སུ་ལྷ་མོ་སངས་རྒྱས་སྤྱན། །ཝཾ་ནི་ཆུ་དང་མཚན་མ་མེད། །མཆོག་ཏུ་དགའ་བ་མཱ་མ་ཀི །མ་ནི་སྨོན་པ་མེད་
པ་དང་། །དཔའ་བོའི་དགའ་བ་གོས་དཀར་མོ། །ཡ་ནི་རླུང་དང་འདུས་མ་བྱས། །ལྷན་ཅིག་སྐྱེས་དགའ་སྒྲོལ་མ་ཉིད། །ཨེ་ཝཾ་མཱ་ཡཱར་ཀུན་འདུས་སོ། །ཐམས་ཅད་རྩ་བ་ཀུན་གཞི་ཡིན། །དེ་ནི་རྒྱུ་ཡི་རྒྱུད་ཡིན་ལ། །རང་ལུས་ཐབས་ཀྱི་རྒྱུད་འདི་ལ། །གནས་པ་རྩ་ནི་བུམ་པ་ཡིན། །ལུས་ཁམས་བདུད་རྩི་གསང་བར་གནས། །གྲུབ་པའི་སྔགས་ནི་ཤེས་རབ་དབང་། །སྙིང་པོ་རླུང་ནི་བདེ་ཆེན་ཉིད། །སྐུ་གསུང་ཐུགས་ནི་འབྲས་བུའི་རྒྱུད། །ཅེས་སོགས་དང་། བར་འདིར་སྦྱོར་བ་ཡན་ལག་དྲུག་རིམ་ཡང་བསྟན། བསྙེན་པ་ལོ་ཟླར་སེམས་སྦྱངས་ནས། །ཉེ་བའི་བསྙེན་པ་ལྟར་སྦྱངས་ནས། །དེ་བཟོད་ཡུམ་བཟུང་སྒྲུབ་པ་ལ། །བྱང་སེམས་དཀྱིལ་འཁོར་སྒྲུབ་ཆེན་པོ། །བསྙེན་པ་དོན་དམ་བྱང་ཆུབ་སེམས། །ཉེ་བསྙེན་བདག་ཉིད་ལྷར་ཤེས་པ། །སྒྲུབ་པ་ཡུམ་ན་བསྐྱེད་པ་ཡིན། །སྒྲུབ་ཆེན་བྱང་སེམས་དཀྱིལ་འཁོར་འདོད། །དང་པོ་སྟོང་པ་བྱང་ཆུབ་སེམས། །གཉིས་པ་ས་བོན་འབྱུང་བ་སྟེ། །གསུམ་པ་ལ་ནི་གཟུགས་རྫོགས་པ། །བཞི་པ་ལ་ནི་ཡི་གེ་དགོད། །ཐུན་མོང་དངོས་གྲུབ་བསྒྲུབ་པར་གསུངས། །ཀུན་ཀྱང་བསྙེན་སྒྲུབ་རྣམ་བཞིར་གསུངས། །ཞེས་དང་། ༈ །དང་པོ་བག་ཆགས་སྦྱངས་བྱས་ཏེ། །གཉིས་པ་དངོས་གྲུབ་རྫས་ལ་དབབ། །གསུམ་པ་རྒྱལ་བ་སྲས་བཅས་མཆོད། །བཞི་པས་དངོས་གྲུབ་བླང་བར་བྱ། །
ཞེས་དང་། ཕྱག་རྒྱ་བཞི་ཡི་དོན་བསྟན་པ། །མི་འདའ་དམ་ཚིག་ཕྱག་རྒྱ་དང་། །བྱེད་པ་ལས་ཀྱི་ཕྱག་རྒྱ་དང་། །བསམ་པ་ཆོས་ཀྱི་ཕྱག་རྒྱ་དང་། །གསལ་བ་སྐུ་ཡི་ཕྱག་རྒྱ་བཞི། །ཐམས་ཅད་ཀུན་ལ་རྒྱས་བཏབ་པའོ། །དམ་ཚིག་ཕྱག་རྒྱ་རྣམ་པ་བཞི། །སྐུ་ནི་ཕྱག་རྒྱ་ཆེན་པོ་དང་། །གསུང་ནི་ཆོས་ཀྱི་ཕྱག་རྒྱ་དང་། །ཕྲིན་ལས་ལས་ཀྱི་ཕྱག་རྒྱ་དང་། །ཐུགས་ནི་དམ་ཚིག་ཕྱག་རྒྱའོ། །བྱེད་པ་ལས་ཀྱི་ཕྱག་རྒྱ་བཞི། །ཨེ་ཡི་ལས་ཀྱིས་དྲག་པོར་བྱེད། །ཝཾ་གྱི་ལས་ཀྱིས་དབང་དུ་བྱེད། །མ་ཡི་ལས་ཀྱིས་རྒྱས་པར་བྱེད། །ཡ་ཡི་ལས་ཀྱིས་ཞི་བར་བྱེད། །བསམ་པ་ཆོས་ཀྱི་ཕྱག་རྒྱ་བཞི། །ཡུམ་ནི་དམ་ཚིག་ཕྱག་རྒྱ་ལ། །ཡབ་ནི་ཕྱག་རྒྱ་ཆེན་པོ་སྐུ། །མཁའ་གསང་བྱིན་རླབས་ལས་ཀྱི་རྒྱ། །འཁོར་བསྐྱེད་ཆོས་ཉིད་ལས་མི་འདའ། །གསལ་བ་སྐུ་ཡི་ཕྱག་རྒྱ་བཞི། །དམ་ཚིག་ཕྱག་རྒྱ་ཡེ་ཤེས་གསུང་། །ཕྱག་རྒྱ་ཆེན་པོ་ཆོས་ཀྱི་སྐུ། །ལས་ཀྱི་ཕྱག་རྒྱ་སྤྲུལ་པའི་སྐུ། །ཆོས་ཀྱི་ཕྱག་རྒྱ་ལོངས་སྤྱོད་རྫོགས། །ཞེས་གཞི་ལམ་འབྲས་གསུམ་གྱི་སྒོ་ནས་བཤད་སྣང་ངོ་། །བར་འདིར་མ་འདྲེས་བཅོ་བརྒྱད་དང་མཚན་དཔེ་སོགས་སངས་རྒྱས་ཀྱི་ཡོན་ཏན་མང་པོ་ཡོད། ༈ །རུ་དྲ་རྣམ་པ་བཞིར་འདོད་དེ། །གནས་ལུགས་རྒྱུ་ཡི་རུ་དྲ་དང་། །གོལ་རྐྱེན་ལམ་གྱི་རུ་དྲ་དང་། །གོལ་བ་སྔོན་བྱུང་རུ་དྲ་དང་། །གོལ་འགྲོ་རྗེས་འཇུག་རུ་དྲ་ཡིན། །ཞེས་དང་། དེའི་དོན་
རྒྱས་པར་བཤད་མཐར། དེ་ནས་ལུས་ངག་ཡིད་གསུམ་ལ། །བདག་ཏུ་ལྟ་བའི་རུ་དྲ་གཞོམ། དེ་ནས་དུར་ཁྲོད་བདག་པོ་དག །ཅི་རིགས་སུ་ནི་ལས་རྣམས་བྱ། །ལྟ་བས་གཟུང་འཛིན་རྟོག་པ་བཅོམ། །ཡུལ་དུ་སྣང་བ་ཆོས་ཀྱི་དབྱིངས། །སེམས་སུ་སྣང་བ་ཡེ་ཤེས་ཉིད། །ཅེས་སོགས། བདག་འཛིན་བདག་གིར་རྟོག་པ་དེ། །བདག་མེད་སྟོང་པའི་སྟོབས་ཀྱིས་གཞོམ། །ཞེས་དང་། ༈ །དེ་ནས་སངས་རྒྱས་ཐམས་ཅད་ཀྱིས་རིམ་པ་ལྔའི་དགོངས་པ་འདི་གསུངས་སོ། །རྡོ་རྗེའི་བཟླས་དང་སེམས་ལ་དམིགས། །བདག་བྱིན་རླབས་དང་འོད་གསལ་བ། །ཟུང་དུ་འཇུག་པ་འདི་ལྔ་ལ། །རེ་རེ་ལ་ཡང་གསུམ་གསུམ་ཡིན། །ཐ་མལ་དང་ནི་ལམ་དུ་ཁྱེར། །འབྲས་བུར་ཁྱེར་བ་རྣམ་པ་གསུམ། །རེ་རེ་ལ་ཡང་ལྔ་ལྔར་བཤད། །ཅེས་སོགས་རྒྱས་པར་བཤད། བརྟག་པ་བཅུ་གཉིས་པར་རུ་ལུའི་བཟླ་ཚུལ་སོགས་ཤིན་ཏུ་ཞིབ་པར་བཤད་སྣང་ངོ་། ༈ །ཕྱི་ནང་གསང་བའི་མཚམས་བཅད་ནས། །སྲུང་བའི་འཁོར་ལོ་ཡང་དག་གནས། །ལུས་ཁམས་བདུད་རྩི་ཆེན་པོ་ལ། །སྨན་དང་གཏོར་མ་རཀྟ་ཡིན། །ཕྱི་ནང་གསང་བའི་བཤགས་པ་ཡིས། །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུ། །དང་པོར་སྟོང་ཉིད་བསྒོམས་པས་ནི། །རང་ལུས་དཀྱིལ་འཁོར་ཉིད་དུ་འགྱུར། །རྩ་ནི་གཞལ་ཡས་སྤྲུལ་པའི་སྐུ། །ཡི་གེ་སྔགས་ཀྱིས་ལོངས་སྤྱོད་རྫོགས། །ལུས་ཁམས་བདུད་
རྩི་ཆོས་ཀྱི་སྐུ། །ངོ་བོ་ཉིད་སྐུ་སྙིང་པོ་རླུང་། །སྐུ་བཞི་རང་གནས་ལྷ་རུ་རྫོགས། །ལས་ཀྱི་རླུང་ལས་འཇུག་པ་བཞི། །ཉམས་སུ་བླང་བའི་གནད་རྣམས་ནི། །བདུན་ཅུ་ཐམ་པ་མན་ངག་གནས། །གནས་སྦྱོང་ཀླུ བཞི་བཅུ་རྩ་གཉིས་ཡིན། །ཕོ་མོ་མ་ནིང་མཐའ་དག་ལ། །རླུང་ཁམས་འདུས་པ་དང་པོ་པ། །དགུན་རླུང་ལག་ཆ་ཅན་དག་གིས། །རྩ་བྲལ་ལུས་སེམས་རྨི་ལམ་དུ། །ཉམས་ཀྱི་སྣང་བ་འབྱུང་བ་ཡིན། །ཕྱིར་ལྔ་གསུམ་གནས་འཇུག་པ་གསུམ། །ཁོང་གནས་ཁ་སྦྱོར་དབུགས་གཅིག་བདུན། །གཞི་ནི་རྩ་བའི་རླུང་ལ་ལྔ། །ཡན་ལག་ལྔ་སྟེ་རྣམ་དབྱེ་བཅུ། །བཅུ་ལ་མི་གནས་ལས་དང་བཅས། །ཟིན་པའི་ཟུག་དང་ཏིང་ངེ་འཛིན། །རེངས་སྐྱོན་བཅོས་ཐབས་བདུན་འགྱུར་པས། །མན་ངག་གནས་ནི་བདུན་ཅུར་གསུངས། །རླུང་དང་ལུས་ཁམས་བདུད་རྩི་གཉིས། །རྩ་སྔགས་གསུམ་གྱི་ལམ་ཡང་ཁྲིད། །ཁམས་ནི་འདུས་པ་བར་པ་ལ། །ལག་ཆ་བྲི་བའི་རླུང་གིས་བྲལ། །མཐོང་སྣང་རེ་དོགས་བྲལ་བའི་ལམ། །སད་པ་བཞི་དང་དགྲར་ལངས་ཡིན། །ཁམས་འདུས་ཐ་མ་ལག་ཆ་བྲལ། །སྐུ་བཞི་གནས་པར་འགྱུར་བའོ། །དེ་ནས་འཇིག་རྟེན་འདས་པའི་ལམ། །ས་རྣམས་ནོན་པ་རྒྱལ་བས་གསུངས། །ཕྱི་རབས་རྣལ་འབྱོར་ཐམས་ཅད་ལ། །རྡོ་རྗེ་འཆང་གིས་རྒྱས་པར་བཤད། །ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ། །འཁོར་འདས་ཐུན་
མོང་འཆད་དང་འདས། །འཇིག་རྟེན་པ་དང་འཁོར་ལོ་བསྐོར། །འཁོར་འདས་ཐུན་མོང་ལམ་བཤད་ན། །སྣང་བ་གསུམ་དུ་བསྟན་པའི་ལམ། །རྒྱུ་རྒྱུད་ཐབས་རྒྱུད་འབྲས་བུའི་རྒྱུད། །བླ་མ་གྲུབ་པ་བདེ་གཤེགས་དངོས། །མན་ངག་ཉམས་མྱོང་ལུང་འབྲེལ་ཚད། །གདམས་ངག་དྲུག་ཏུ་བསྟན་པ་དང་། །སྙན་བརྒྱུད་བཞི་ཡིས་གཏན་ལ་ཕབ། །རྟེན་ཅིང་འབྲེལ་བར་འབྱུང་བ་ལྔ། །ཞེས་སོགས་བརྟག་པ་བཅུ་གསུམ་པ་འདིར་ལམ་ཤིན་ཏུ་རྒྱས་པར་བསྟན་ཅིང་། །ཡང་བརྟག་པ་བཅུ་བཞི་པར། བུམ་དབང་བསྐྱེད་རིམ་དབྱིབས་ཀྱི་ལམ། །གསང་རྟེན་སྙིང་མགྲིན་སྤྱི་བོ་རུ། །ལས་རིན་རྡོར་ཆོས་རྣམ་སྣང་དང་། །ཡུམ་དང་བཅས་དབྱིབས་བདེ་སྟོང་འཇུག །ངོ་བོ་ཉིད་གསུམ་ལྟ་བ་ནི། །སྣང་དང་སྟོང་དང་ཟུང་དུ་འཇུག །ལོག་བྲལ་ངོ་བོ་གཅིག་པ་དང་། །གྲུབ་མཐའ་འཁོར་འདས་དབྱེ་བ་མེད། །ས་དྲུག་རྟགས་དང་ལྡན་པའོ། །བར་ཆོད་འདའ་ཀ་རྣམ་པ་གསུམ། །སྣང་བ་བསྒྱུར་བའི་འདའ་ཀ་མ། །འོད་ཀྱི་གོང་བུ་འཕོ་བ་དང་། །སྒྲ་ཡིས་འཕོ་བའི་འདའ་ཀ་མ། །འབྲས་བུ་རིག་འཛིན་ཐོབ་པ་དང་། །རང་ལུས་རྩ་ལས་གྲུབ་པས་ན། །རྩ་ཉིད་སྤྲུལ་སྐུར་ལྷུན་གྱིས་གྲུག །གསང་དབང་བདག་བྱིན་བརླབས་པའི་ལམ། །རླུང་གི་གཞུ་ལ་མེ་ཡི་མདའ། །བྱང་སེམས་ཧཾ་གི་འབེན་ལ་བརྡེག །མྱུར་དུ་ཡེ་ཤེས་འཆར་བར་འགྱུར། །བསྐྱར་བའི་
སྦྱོར་བ་སྐྱོན་མེད་པའོ། །ཁ་སྦྱོར་ལམ་སྦྱང་ལྟ་བ་བསྐྱང་། །ཐུན་ནི་གྲངས་ཚད་མེད་པ་ལ། །ཡིད་ཀྱི་འཇུག་ཡུལ་ཁ་མཚོད་བཟུང་། །གཡས་གཡོན་དུ་བ་མུན་སོགས་རྟགས། །ལྟ་བ་རང་བྱུང་ཡེ་ཤེས་བཞི། །ཉོན་མོངས་པ་ནི་རྣམ་པར་རྟོག །སྦྲེལ་བཞི་གསལ་ཞིང་ཡང་པའོ། །གྲུབ་མཐའ་མ་རྙོགས་འདའ་ཀ་མ། །རླུང་ནི་དབུ་མར་ཐིམ་པའོ། །འབྲས་བུ་ལུས་ཀྱི་ཡི་གེ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་གྲུབ་ཐོབ། །ཤེས་རབ་ཡེ་ཤེས་དབང་དོན་བསྒོམ། །དཀྱིལ་འཁོར་འཁོར་ལོ་ཐབས་ཀྱི་ལམ། །ལུས་ངག་འདོད་པ་བྱིན་རླབས་མཉམ། །སོགས་རྒྱས་པར་བཤད་མཐར། །ལྟ་བ་ལྷན་ཅིག་སྐྱེས་དགའ་ནི། །གོ་རིམ་ལྟོས་པའི་དགའ་བ་བཞི། །ཕྱི་དང་ནང་གི་དགའ་བ་བཞི། །བདེ་བས་སྤང་བྱ་སྤོང་བ་བཞི། །རང་གི་ངོ་བོར་ཤར་བའོ། །གྲུབ་མཐའ་བདེ་སྟོང་རྒྱ་ཆུང་ཞིང་། །བཅུ་གཅིག་བཅུ་གཉིས་ས་པའོ། །འདའ་ཀ་རྡོ་རྗེ་སེམས་ འབྱོན་འགྱུར། །ལུས་ཁམས་བདུད་རྩི་ཆོས་སྐུ་ཐོབ། །བདེ་བ་ཆེན་པོའི་དབང་བསྒོམ་ན། །ལམ་ནི་རྡོ་རྗེའི་རྦ་རླབས་ཏེ། །པདྨ་ཅན་ལ་ལུས་ངག་ཡིད། །ཐབས་ཤེས་གཉིས་ཀའི་རྒྱུད་དག་པས། །སྲོག་ཤིང་གསུམ་ལས་རྣམ་ཐར་སྒོ། །ཆོས་རྣམས་ཤིན་ཏུ་རྣམ་དག་པའི། །དེ་ཁོ་ན་ཉིད་ལྟ་བ་ནི། །མས་བརྟན་པ་ཡི་དགའ་བ་བཞི། །རྒྱུ་མཐུན་པས་ནི་སྐྲ་དཀར་འཇོམས། །རྣམ་པར་སྨིན་པས་སྟོབས་སྟེར་བྱེད། །
སྐྱེས་བུ་བྱེད་པས་རྣམ་པར་འཕེལ། །དྲི་མ་མེད་པས་འཆི་མེད་འགྱུར། །གྲུབ་མཐའ་མ་རྟོགས་འདའ་ཀ་མ། །ཕྱག་རྒྱ་ཆེན་པོའི་འཕོ་བ་བྱ། །སོགས་རྒྱས་པར་བཤད་མཐར། འབྲས་བུ་སྐུ་གསུམ་དབྱེར་མེད་པ། །ངོ་བོ་ཉིད་ཀྱི་སྐུ་ཐོབ་སྟེ། །བཅུ་བཞིའི་ས་ལ་རབ་གནས་པ། །རྡོ་རྗེ་འཛིན་པར་གྲུབ་པའོ། །ཞེས་བརྟག་པ་བཅུ་བཞི་པ་ལས་འབྱུང་ཞིང་། བརྟག་པ་འདི་གཉིས་དང་། དྲི་མེད་བཤགས་རྒྱུད་སོགས་སྦྱར་ན་ལམ་འབྲས་ཀྱི་ཆོས་སྐད་མཐིལ་ཕྱིན་པར་སྟོན་པ་ཡོད་ལགས། ༈ །མཆོད་བསྟོད་འདུས་པ་རྩ་བའི་རྒྱུད་ལས། དྲེགས་པའི་འཁོར་ཚོགས་འདི་དག་ནི། །ངོ་བོ་རང་རིག་བྱང་ཆུབ་སེམས། ། མ་སྐྱེས་དབྱིངས་ལས་གཡོས་པ་མེད། །འཇིག་རྟེན་གནས་དང་མཐུན་འཇུག་ཅིང་། །མཆོད་དང་བསྟོད་པས་མཉེས་འགྱུར་པས། །འཇིག་རྟེན་མཆོད་བསྟོད་ཅེས་སུ་བརྗོད། །ཅེས་སོ། ༈ །ཡང་ཧེ་རུ་ཀའི་ཐུགས་ཀྱི་རྒྱུད་གལྦ་ཞེས་པར། གཞལ་མེད་ཁང་ཆེན་ཡེ་ཤེས་ཏེ། །འཁོར་འདས་མཉམ་པ་གྲུ་བཞི་བཞི། །སྒོ་བཞི་དྲན་པ་ཉེར་བཞག་བཞི། །རྣམ་ཐར་བརྒྱད་དང་རྟ་བབས་སོ། །རིན་ཆེན་སྒོ་སྟེགས་ཐུགས་རྗེའི་ངང་། ། རྫུ་འཕྲུལ་རྐང་བཞི་སྒོ་ཁྱམས་དང་། །ཕྲེང་བ་བྱང་ཆུབ་ཡན་ལག་བདུན། །འཕགས་ལམ་བརྒྱད་ཀྱི་ཀ་བས་མཛེས། །ལམ་གྱི་ཡེ་ཤེས་རྔ་ཡབ་དང་། །ཉོན་མོངས་འཆིང་འཇོམས་གྲི་གུག་ཕྲེང་། ། དྲིལ་བུ ་བ་
དན་རླུང་བསྐྱོད་པ། །ཤེས་རབ་ཆོས་ཀྱི་སྒྲ་སྒྲོག་དང་། །ཆེ་བའི་ཡོན་ཏན་འདུས་པའི་རྟགས། །བདུད་བཞི་འཇོམས་པའི་རྒྱལ་མཚན་དང་། །ཐོད་ཕྲེང་སྐུ་གསུམ་ཐོབ་པའི་རྟགས། ༈ །གལ་པོའི་བརྟག་པ་ གསུམ་པར་ཐེག་དགུའི་ལམ་རྒྱས་པར་བཤད་ཡོད།། ༈ །།ལམ་རིམ་ལེའུ་ལྔ་པ་ལས། ཡན་ལག་མ་ཉམས་སྔགས་བཟླས་པའང་། །སྐྱོན་བཅུ་སྤངས་ཏེ་རྣམ་གསུམ་གྱི། །བཟླས་པ་གྲངས་བཞིན་རྫོགས་པར་བྱ། །སྤྲོ་བསྡུ་བདག་དང་གཞན་དོན་རྫོགས། །ཕྱི་ནང་གསང་བ་གང་མོས་སུ། །བཟླས་པ་ཚད་དུ་ཕྱིན་པར་བྱ། །དུབ་ན་ཡེ་ཤེས་ཐིག་ལེ་བལྟ། །ཞེས་གསུངས་པའི་དོན་བཟླས་པ་བྱ་བའི་ཚེ་སྔགས་ཀྱི་ཡན་ལག་མ་ཉམས་པར་བཟླ་དགོས་ཏེ། དེའང་སྐྱོན་བཅུ་སྤང་དགོས། སྐྱོན་བཅུ་ནི། སྒྲ་བག་ཆེ་བ། ཆུང་བ། ཚིག་མགྱོགས་པ། བུལ་བ། སྐད་གསང་དྲག་པ། དལ་བ། ཡིག་འབྲུའི་ཡན་ལག་ཟུར་ཆག་སྟེ་ཉམས་པ། སེམས་གཞན་དུ་ཡེངས་པ། སྨྲ་བཞིན་པ། འགྲུལ་སོགས་ཀྱིས་བར་དུ་ཆོད་པའོ། །དེ་རྣམས་སྤངས་ནས། དགོངས་པ་གསལ་བ། ལྷག་ཆད་མེད་བ། མ་ཡེངས་པར་མང་དུ་བཟླ་པའམ། ཡང་ན་བདག་དམ་ཚིག་སེམས་དཔར་གསལ་བ། ལྷ་ཡེ་ཤེས་སེམས་དཔར་གསལ་བ། བར་ན་སྤྲོ་བསྡུ་གསལ་བ་སྟེ་གསལ་བ་རྣམ་པ་གསུམ་གྱི་སྒོ་ནས་བཟླས་པ། དུས་ཟླ་བ་དྲུག་ལ་སོགས་པ། གྲངས་བཞི་
འབུམ་ལ་སོགས་པ་དང་། མཚན་མ་དངོས་ཉམས་རྨི་ལམ་དུ་འབྱུང་བའི་བར་དུ་རྫོགས་པར་བྱའོ། །དེའི་ཚེ་ཏིང་ངེ་འཛིན་གྱི་ཁྱད་པར་སྤྲོས་པས་མཆོད་པ་དང་། བསྡུས་པས་དངོས་གྲུབ་བླང་བའི་ཚུལ་གྱིས་རང་དོན་དང་། སྤྲོས་པས་འགྲོ་བའི་སྒྲིབ་པ་སྦྱང་བས་གཞན་དོན་རྫོགས་པའོ། །གཞན་ཡང་ཕྱི་དམ་ཚིག་པའམ། ཡེ་ཤེས་པ་གང་མོས་སུ་གསལ་བའི་སྔགས་ཀྱི་འོད་ཟེར་བ་སྤུའི་བུ་ག་ནས་སྤྲོ་བ། ནང་དམ་ཡེ་ཐ་དད་མེད་པར་གསལ་བའི་ཐུགས་ཀ་ནས་སྣ་བུག་ཏུ་སྤྲོ་བའོ། །གསང་བ་བདག་དམ་ཚིག་པའི་མཁའ་གསང་རྡོ་རྗེ་ནས། ཡིག་འབྲུ་བྱང་ཆུབ་སེམས་ཀྱི་འོད་ཟེར་དང་བཅས་པ་འཕྲོས་ཏེ། ཡེ་ཤེས་སེམས་དཔའི་ཞལ་ནས་ཞུགས། ཨ་ཝ་དྷཱུ་ཏིའི་ལམ་བརྒྱུད། གསང་བའི་རྡོ་རྗེ་ནས་བདག་གི་རྡོ་རྗེ་ལ་ཐིམ། དེ་ལྟ་བུའི་ཚུལ་གྱིས་འཁོར་བ་ལ་སེམས་གཏད་དེ་བཟླས་པ་བྱ་བའོ། །ཡང་ན་བདག་དམ་ཚིག་སེམས་དཔའི་དཀྱིལ་འཁོར་དུ་གསལ་བ་ཕྱིའི་རྣལ་འབྱོར། ལྷ་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་དུ་གསལ་བ་ནང་གི་རྣལ་འབྱོར། བར་སྣང་ཡི་གེའི་འཕྲོ་འདུ་གསལ་བ་གསང་བའི་རྣལ་འབྱོར་རམ། ཡང་ན། བདག་གཞན་གྱི་སྒྲིབ་པ་སྦྱང་བ་ཕྱིའི་བཟླས་པ། དེས་དངོས་གྲུབ་གསལ་ཞིང་ཐོབ་པ་ནང་གི་བཟླས་པ། བཟླས་པའི་འོད་ཟེར་ཕར་མི་སྤྲོ་བར་མཚོ་ལ་སེར་ཆེན་བབས་པ་བཞིན་ཚུར་བསྡུ་བ་ནི་གསང་བའི་
བཟླས་པ་སྟེ། དང་པོ་ནི། སྔགས་ཀྱི་འོད་ཟེར་སྤྲོ་བའི་སྒོ་ནས་དང་། གཉིས་པ་ལྷ་བསྒོམ་ལུགས་དང་། གསུམ་པ་སྒྲིབ་པ་སྦྱང་ཞིང་དངོས་གྲུབ་ལེན་པའི་སྒོ་ནས་བཞག་པའོ། །དེ་ལྟ་བུའི་སྒོ་ནས་བཟླས་པ་ཚད་དུ་ཕྱིན་པར་བྱའོ། །གལ་ཏེ་ངག་བཟླས་ཀྱིས་དུབ་ན་ངལ་བསོ་བའི་སླད་ཕྲ་མོ་གསུམ་གྱི་བཟླ་ལུགས་ནི། རྩ་གཡས་རོ་མ་ནས་ཁྲག །གཡོན་རྐྱང་མ་ནས་དྲི་ཆུ། དབུས་ཀུན་འདར་མ་ནས་བྱང་སེམས་འབབས་པ་གསུམ། ལྟེ་འོག་སྦུ་གུའི་ཐད་ཁྲག་གི་ཐིག་ལེ་ལ་མར་སྣ་ཟུག །སྤྱི་བོ་ཚངས་བུག་གི་ཟླ་བའི་ཐིག་ལེ་ཧཾ་ལ་ཡར་སྣ་ཟུག་ནས་ཡོད་པས། སྔགས་དབུས་ཀུན་འདར་མའི་ནང་དུ་ཐིམ་སྟེ་ཡེ་ཤེས་ལྔའི་ཐིག་ལེ་ལ་གནས་པས་སྙིང་གར་ཀུན་འདར་མའི་ནང་དུ་ཡེ་ཤེས་ཀྱི་ཐིག་ལེ་ལ་བལྟས་པས་སེམས་རིག་སྟོང་དུ་འཆར། ལྟེ་བ་ཀུན་ཏུ་བཟང་པོ་ཁྲག་གི་ཐིག་ལེ་ལ་བལྟས་པས་ལུས་བདེ་སྟོང་དུ་འཆར། སྤྱི་བོ་བདེ་བ་ཆེན་པོའི་ཐིག་ལེ་ལ་བལྟས་པས་ཡུལ་སྣང་སྟོང་དུ་འཆར་བའོ། །ཉལ་བས་ནངས་པར་དེ་ཉིད་ལས། །ཧཱུྃ་སོགས་བསྒྱུར་ཏེ་སྐུར་རྫོགས་པས། །སྔོན་བཞིན་བརྩོན་པས་འདྲིས་པར་བྱ། །ཞེས་ནུབ་མོ་ཉལ་བའི་ཚེ་སྙིང་གར་ཡེ་ཤེས་ཐིག་ལེ་ལ་སེམས་བཟུང་སྟེ་བདེ་བ་ཆེན་པོའི་ངང་དུ་ཁམས་གསོ། ནངས་པར་ལྡང་བ་ན་ཐིག་ལེ་ལས་ཧཱུཾ་དང་དེ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དང་། དེ་ལས་དཔལ་ཧེ་རུ་ཀའི་སྐུར་རྫོགས་
པ་སྟེ་ཆོ་ག་གསུམ་ལ་སོགས་པའི་སྒོ་ནས་ལྷ་ཡི་རྣལ་འབྱོར་གསལ་བཏབ་ལ་སྔོན་དུ་ཇི་ལྟར་བཤད་པ་བཞིན་སྐྱོན་བཅུ་སྤངས་ཏེ། གསལ་བ་གསུམ་གྱི་ང་རྒྱལ་དང་མ་བྲལ་བས། ཕྱི་ནང་གསང་གསུམ་དང་ཕྲ་མོ་གསུམ་གྱི་སྒོ་ནས་བཟླས་བརྗོད་ལ་བརྩོན་པར་བྱའོ།། ༈ །།སྤྱི་དོན་ཞལ་ལུང་ལས། བྱ་རྒྱུད་ཀྱི་སྤྱོད་པའི་སྐབས། བྱ་བ་དྲུག་གི་དབྱེ་གཞི་ལ། འཇུག་པའི་དུས་ནི། དཔུང་བཟང་ལས། ཚེས་གྲངས་བཟང་པོ་ལ་འཇུག་སྟེ། །ཁྱད་པར་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །གཟའ་སྐར་ཤིས་པས་བླང་བར་བྱ། །ཞེས་སོ། །བཟའ་བ་ཟས་ཀྱི་བྱ་བ་ནི། དཀར་གསུམ་མངར་གསུམ་ཟ་ ཞིང་། ཤ་ཆང་སྒོག་བཙོང་ལ་སོགས་པ་སྲུང་བའོ། །བགོ་བ་གོས་ཀྱི་བྱ་བ་ནི། རས་ཁ་ཚར་མ་ཉམས་པ་བསྒོ་བའོ། །གཙང་སྦྲ་ཁྲུས་ཀྱི་བྱ་བ་ལ་བཞི་སྟེ། ཉོན་མོངས་པའི་རྒྱུ་རགས་པའི་བག་ཆགས་ལྟ་བས། བག་ཉལ་གྱི་བག་ཆགས་ཏིང་འཛིན་གྱིས། སྤྱོད་ལམ་ཉམས་པའི་དྲི་མ་ལྷ་གཤེགས་དཀྱིལ་འཁོར་བསྡུ་བས། ཐ་མལ་གྱི་དྲི་མ་སྔགས་བཟླས་པའི་ཆུས་བཀྲུ་བའོ། །དམིགས་རྟེན་གྱི་བྱ་བ་ནི། ཡི་དམ་གྱི་སྐུ་ བྲིས་འབུར་གང་རིགས་གཙང་སྦྲ་དང་ལྡན་པས་ཆོ་ག་བཞིན་བཞེངས་པའོ། །བཟླས་བརྗོད་ཀྱི་བྱ་བ་ནི། ལྷ་ཡི། བདག་གི །འཕྲོ་འདུའི་དེ་ཁོ་ན་ཉིད་གསུམ་དང་ལྡན་ཞིང་སྐྱོན་བཅུ་སྤངས་པའི་ཚུལ་གྱིས་བཟླ་
བ་སྟེ། དེ་སྐད་དུ། གསལ་བ་གསུམ་ལྡན་སྐྱོན་བཅུ་སྤངས་ལ་བླང་། །མཚམས་མེད་ལྔ་དང་མི་དགེ་བཅུ་སོགས་པའི། །སྡིག་པ་གང་བྱས་བཟླས་བརྗོད་བགྱིས་པས་སྦྱང་། །ཞེས་སོ། ༈ །ཡེ་ཤེས་བཞི་ནི། ། ཆོས་དབྱིངས་ཡེ་ཤེས་ཀུན་གྱི་ཁྱབ་བྱེད་དུ་གྱུར་པས་ལོགས་སུ་མ་བགྲངས་པའི་ལྷག་མ་བཞིའོ།། ༈ །།འཆད་ཐབས་ཀྱི་སྐྱོན་སྤོང་བའི་སྐབས། རྡོ་རྗེ་ཐེག་པ་ན་བབས་ཀྱི་སྐྱོན་ནི། ཐེག་པ་གོང་མ་འོག་མར་བབས་པའི་སྐྱོན་ནོ། །ཡོ་ག་འབྲོག་འཆོལ་བ་ནི་གོ་རིམ་འཆོལ་བ། རིན་པོ་ཆེ་རྩར་འཆོལ་བའི་སྐྱོན་ནི། རིན་པོ་ཆེ་རྩར་ལ་བརྒྱུད་པའི་དུས་སུ་ལེགས་པར་བསྡེབ་མ་ཤེས་ན། གནས་སྐབས་སུ་བལྟ་བ་ལ་ཡང་མི་མཛེས་ཤིང་། རྒྱལ་ཁྲིམས་ཆེན་པོ་ཡོད་པའི་སར་ཆད་པ་འབྱུང་བ་བཞིན་ནོ། །ཞེས་ལམ་རིམ་གྱི་ཊི་ཀ་ལས་སོ། ༈ །བཤད་ཐབས་འདྲེན་པའི་ཚིག་བཅུའི་སྐབས། ལྡེམས་དགོངས་གསང་བ་བརྒྱད་ཀྱིས་སྦྱར། །ཅེས་པ་ནི། གཞུག་པ། མཚན་ཉིད། གཉེན་པོ། བསྒྱུར་བ་ལྡེམས་དགོངས་ཏེ་བཞི་པོ་རེ་རེ་ལའང་། ཚིག་ལྡེམས་པོ་དང་། དོན་དགོངས་པ་གཉིས་རེ་ཕྱེ་བས་བརྒྱད་དུ་འགྱུར་ཏེ། དེ་ལ་དང་པོ་ནི། དཔེར་ན་གང་ཟག་ཁ་ཅིག་སེམས་ཞུམས་ནས་གསང་སྔགས་ཀྱི་སྒོར་ཞུགས་མི་ནུས་པ་རྣམས་ལ། གསང་སྔགས་ཀྱི་དོན་རྟོགས་པར་སླ་བའི་ཚུལ་གྱིས་ཚིག་ལྡེམས་པོར་བརྗོད་པ་ནི་དོན་གནས་ལུགས་རང་ལ་རང་ཆས་
ལྷུན་གྲུབ་ཏུ་བཞུགས་པ་ལ་དགོངས་པ་སྟེ། དྲང་གི་ཚིག་ཐམས་ཅད་ལ་ངོས་བཟུང་ངོ་། །གཉིས་པ་ནི། དབུ་མས་དབྱིངས་སྤྲོས་བྲལ་དུ་འདོད་པ་དང་མཐུན་པར་གསང་སྔགས་ཀྱང་སྤྲོས་བྲལ་དུ་འདོད་པས་ལྟ་བ་ལ་ཁྱད་པར་མེད་ཅེས་ཚིག་ལྡེམས་པོར་བརྗོད་པ་ནི། དོན་མཐའ་བྲལ་ལྷུན་གྲུབ་ཀྱི་ལྟ་བ་ལ་དགོངས་པ་སྟེ། སྒྲ་མཐུན་དོན་དཔག་གི་གཏན་ཚིགས་ཐམས་ཅད་ལ་ངོས་བཟུང་ངོ་། །གསུམ་པ་ནི། གསང་སྔགས་ས་ཆོས་སུ་མཐོང་ཞིང་དོན་དུ་མི་གཉེར་བ་རྣམས་ལ་ཚིག་གིས་བསྒྲིབས་ནས་དཀའ་བ་ལྟར་བྱེད་ཅིང་ཐབས་ཀྱིས་འཛུད་དགོས་པའི་ཕྱིར། འདི་སྐད་དུ། ཕ་དང་མ་ནི་གསད་བྱ་ཞིང་། །རྒྱལ་པོ་ཡུལ་འཁོར་བཅས་བཅོམ་ན། །མི་དེ་ཐར་པ་ཐོབ་པར་འགྱུར། །ཞེས་པ་ལ་སོགས་པའི་ཚིག་ལྡེམས་པོར་བརྗོད་པ་ནི། དོན་གཟུང་འཛིན་དང་རྣམ་ཤེས་ཚོགས་བརྒྱད་འཁོར་དང་བཅས་པ་གནས་སུ་དག་ནས་ཐར་པ་ཐོབ་པ་ལ་དགོངས་པ་སྟེ། མ་སྤངས་ཤིང་མི་ལྡན་པའི་གཏན་ཚིགས་ཐམས་ཅད་ལ་ངོས་བཟུང་ངོ་། །བཞི་པ་ནི། ཐེག་པ་འོག་མའི་སྒོར་ཞུགས་པའི་གང་ཟག་ཕལ་ཆེར་རང་གི་ཡོན་ཏན་གྱིས་སེམས་ཁེངས་ནས། གསང་སྔགས་ལ་བརྙས་པ་བྱེད་ཅིང་དོན་དུ་མི་གཉེར་བ་རྣམས་ལ། དེ་དང་དེའི་ལམ་གྱིས་འབྲས་བུ་མི་ཐོབ་པས་ཡོན་ཏན་དམན་པའི་ཚུལ་གྱིས་ཚིག་ལྡེམས་པོར་བརྗོད་པ་ནི། དོན་གསང་སྔགས་
ལ་མ་བརྟེན་པར་མཐར་ཐུག་གི་འབྲས་བུ་མི་ཐོབ་པ་ལ་དགོངས་པ་སྟེ། གསང་སྔགས་ཀྱི་ཆེ་ཡོན་ཐམས་ཅད་ལ་ངོས་བཟུང་ངོ་། ༈ །ཁྲེའུར་ཞེས་པ་ནི་མང་པོ་ལས་ལོགས་སུ་བཏུས་པའི་དོན། ༈ །མི་གཉིས་པ་ནི་གཉིས་སུ་མེད་པ། ༈ །སེམས་ལྔ་པོ་དེ་ཐུན་མོང་གི་ཐེག་པ་ལ་སྦྱར་བའི་ཚེ་ཐུན་མོང་དང་། སྔགས་ལ་སྦྱར་བའི་ཚེ་མཆོག་གི་སེམས་ལྔའམ། ཡང་ལམ་སྤྱིར་བརྩི་བ་ཐུན་མོང་དང་། ཐབས་ལམ་གྱི་སྐབས་ཁམས་ཀྱི་འགྲོས་ལ་བརྩི་བར་མཆོག་གི་སེམས་སུ་བཞེད་དོ། ༈ །ལྟ་བའི་སྐབས་ཉམས་སུ་ལེན་བྱེད་ལམ་གྱི་རིམ་པའི་ལྷ་གྲངས་དང་། བླང་བྱ་རྒྱུད་དོན་གྱི་ལྷ་གྲངས་གཉིས་ཀྱི། དང་པོ་ནི། ཁྱབ་བྱེད་ལམ་ཀུན་ཁྱབ་བྱ་ལྟ་བས་ཁྱབ་པའི་ཕྱིར་ལམ་གྱི་ལྟ་གྲངས་དགུ་སྟེ། ལམ་རིམ་ལས། མཉམ་ཉིད་ངང་གིས་མི་སྐྲག་པ། །མངོན་བྱང་ངེས་པའི་ཤེས་རབ་༡དང་། །རྣམ་པ་ཀུན་ལྡན་སྟོང་ཆེན་༢མཐོང་། །རང་རིག་ཡེ་ཤེས་སྙིང་རྗེས་༣གཟིགས། །ཕྱག་རྒྱ་གཅིག་སྐུ་༤འབྲས་བུར་ལྟ། །ཐམས་ཅད་གསལ་བའི་ལྟ་བ་དང་། །བར་ཆད་མེད་པའི་ཚོགས་ཆེན“མཐོང་། །དབང་༧བསྒྱུར་མཉམ་ཉིད་མི་རགཡོ་བ། །ཡེ་ཤེས་ཀུན་མཁྱེན་ལྟ་བ་༩དགུ། །ཞེས་གསུངས་ཏེ། དེའི་དོན་ནི། ཆོས་ཉིད་བདེན་པ་དབྱེར་མེད་པ་མཉམ་པ་ཉིད་ཀྱི་ངང་ལས་མི་སྐྲག་པའི་བཟོད་པ་ཐོབ་པས། རང་རིག་པའི་མངོན་སུམ་སྒྲོ་འདོགས་དང་
བྲལ་བར་གནས་པ་ལ་ཡིད་ཆེས་པའི་ངེས་པ་གཏིང་ཚུགས་པར་རྙེད་པ་ནི་ངེས་པའི་ཤེས་རབ་ཀྱི་ལྟ་༡བ། རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཆེན་པོ་མཐོང་བའི་ངང་ལ་གནས་པ་དེ་བཞིན་ཉིད་ཀྱི་ལྟ་༢བ། ཡུལ་ཡུལ་ཅན་གཉིས་སུ་མེད་པའི་རང་རིག་པའི་སྙིང་རྗེ་ཆེན་པོའི་ཏིང་འཛིན་གྱིས་ཡེ་ཤེས་སྒྱུ་མར་གཟིགས་པ་ཀུན་སྣང་སྙིང་རྗེ་ཆེན་པོའི་ལྟ་༣བ། འབྲས་བུ་དབྱེར་མེད་ཡི་དམ་ལྷ་ཡི་སྐུ་གཅིག་སྣང་སྟོང་ཟུང་འཇུག་ཏུ་གསལ་བར་ལྟ་བ་ཕྱག་༤ རྒྱ་གཅིག་པའི་ལྟ་བ། རྟོག་ཚོགས་ཐམས་ཅད་ལྷའི་དཀྱིལ་འཁོར་ཆེན་པོར་གཉིས་མེད་དུ་གསལ་བར་རྟོགས་པ་ཕྱག་རྒྱ་སྤྲོས་བཅས་ཀྱི་ལྟ་༥བ། སྦྱོར་ལམ་བར་ཆད་མེད་པའི་ ལམ་དུ་ཡོ་བྱད་ཐམས་ཅད་སྣང་ལ་རང་བཞིན་མེད་པར་སྤྱོད་པས་ཚོགས་གཉིས་རྫོགས་པར་མཐོང་བ་སྦྱོར་ལམ་ཚོམ་བུ་ཚོགས་༦སྒྲུབ་ཀྱི་ལྟ་བ། རིག་པ་ལ་རང་དབང་བསྒྱུར་ཞིང་ཟག་མེད་མངོན་དུ་མཐོང་བ་མཐོང་ལམ། རྣམ་སྨིན་ཚེ་དབང་གི་ལྟ་བ་༧། ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་ལས་བློ་མི་གཡོ་བ་སྒོམ་ལམ་ཕྱག་རཆེན་གྱི་ལྟ་བ། མཉམ་གཞག་གི་ངང་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀུན་ཡུལ་མེད་དུ་མཁྱེན་ཅིང་མངའ་བ་ཐར་ལམ་ལྷུན་གྲུབ་རིག་འཛིན་གྱི་ལྟ་བ་དང་དགུའོ། །གཉིས་པ་ནི། རྒྱུད་ཀྱི་དངོས་པོ་ཐམས་ཅད་ལའང་ཁྱབ་བྱེད་ལྟ་བས་ཁྱབ་པའི་ཕྱིར། རྒྱུད་དོན་གྱི་ལྷ་གྲངས་དགུ་སྟེ། སྔ་མར།
རྒྱུད་དོན་གཟུངས་ཀྱིས་ཟིན་པ་ནི། དམ་ཚིག་དམ་ཚིག་ཅེས་བྱ་བ། །རང་གི་ལྟ་བ་དམ་ཚིག་ཡིན། །ཞེས་སོགས་མི་འདའ་བ་དམ་ཚིག །བླང་དོར་མེད་པ་སྤྱོད་པའི། བཀོད་པ་དཀྱིལ་འཁོར་གྱི་རོལ་བ་ཕྲིན་g ལས་ཀྱི། གནས་སུ་སྟོབས་པ་མཆོད་པའི། རིམ་པ་དབང་གི དོན་དུ་གཉེར་བ་སྒྲུབ་པའི། ཉམས་སུ་ལེན་པ་ཏིང་འཛིན་གྱི། འཆིང་གྲོལ་མེད་པ་སྔགས་དང་ཕྱག་རྒྱའི་ལྟ་བ་རྣམས་ཏེ། དེ་དག་ཐམས་ཅད་ལྟ་བ་བདེན་གཉིས་དབྱེར་མེད་ཀྱི་རྒྱས་བཏབ་ནས་བསྒོམ་པའི་ཕྱིར་རོ། ༈ །གོང་འོག་འགར། རུ་ཞེས་སྣང་བ་ནི། གུ་རུའི་སྒྲ་བསྡུས་པས་བླ་མ་ལ་འཇུག་སྟེ། སྔ་འགྱུར་གྱི་སྐབས་འདིར་བླ་མ་ལ་དབང་ཕྱུག་དང་རུ་སོགས་ཀྱི་སྒྲས་སྨོས་པ་མང་ངོ་། ༈ །བརྒྱད་དང་བཞི་ལ་ངེས་པར་ནི། སྟང་དཔྱལ་གཉིས་ཀྱི་དཀྱིལ་འཁོར་ཏེ། ཕྱག་རྒྱ་དགུ་ཡི་མཚན་མས་གདབ། །ཅེས་པའི་ཕྱག་རྒྱ་དགུ་ནི། སྐུ་གསུང་ཐུགས་ཀྱི་ལྷ་གསུམ། ཡེ་ཤེས་སེམས་དཔའ། དབུ་རྒྱན་རིགས་ལྔ་བཅས་སོ། ༈ །གོ་མ་ཡེ་ནི་བ་བྱུང་ལྔ་དང་། སུམ་ཅུ་ནི་བླ་མེད་ཀྱི་བུམ་རྫས་སུམ་ཅུའོ། ༈ །རྒྱུའི་ཡི་གེ་ལ་ཡི་གེ་བཞི་བཅུ་རྩ་གཉིས་ཞེས་པའི། རྒྱུའི་ཡི་གེ་ཨ་དང་། བཞི་བཅུ་རྩ་གཉིས་ནི་ཀ་ནས་ཀྵཡི་བར་གསལ་བྱེད་༣༠དང་། ཨི་ཨཱི་ནས། ཨོ་ཨོ། བར་དབྱངས་བརྒྱད་དེ་ཞེ་གཉིས་སོ། ༈ །ལས་ཚོགས་ནི་རྒྱུད་དོན་གཞན་རྣམས་སྒྲུབ་པའི་ཆ་རྐྱེན་
དུ་འགྱུར་ཏེ། གང་འདོད་པའི་སྤྱོད་ཡུལ་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་འགལ་རྐྱེན་གྱིས་མི་འཕྲོག་པས་ལྟ་བ་རྟོགས་པའམ། སྤྱོད་པ་སྤྱད་པ་སོགས་ལ་ཐོགས་པ་མེད་པའི་ཕྱིར་རོ། ༈ །སྦྱིན་སྲེག་སྐབས། དུག་དང་ཚ་བ་ས་གསུམ་དང་། །ཞེས་པའི་ས་གསུམ་ནི་ཡི་གེ་ཉམས་པ་ལས། དོན་ཏུ་ཚྭ་གསུམ་ཞེས་རྒྱ་ཚྭ། རྒྱམ་ཚྭ། ཁ་རུ་ཚྭ་གསུམ་ཡིན་ནམ་སྙམ། ༈ །མུཏྟའི་ཆན་ནི་སྲན་མའི་ཆན། དན་ཏི་ལི་ཞེས་པ་དནྡྲ་རོག་པོ་སྟེ། བལ་ཡུལ་སོགས་སུ་སྣུམ་ནག་གི་རྒྱུའོ། ༈ །སྟངས་ཀྱི་སེམས་ཞེས་ལས་བཞི་གང་ཡིན་གྱི་དམིགས་པའི་འཛིན་སྟངས་བར་མ་ཆད་པ། ༈ །སྔགས་སྤུ་གྲི་དང་བཅས་པ་ཞེས་སོ། །ལས་བཞི་སོ་སོའི་སྔགས་ཤམ། མཉམ་སྐྱིལ་ནི་བདེ་ལུགས་ཀྱི་སྐྱིལ་ཀྲུང་། པད་སྐྱིལ་ལོང་བུ་བསྣོལ་བ། རུས་སྦལ་གྱི་འདུག་སྟངས་ནི་སྟེགས་ལ་ཧོར་འདུག་བྱེད་པ། ༈ །ཚོགས་ཀྱི་འཁོར་ལོའི་ཡོ་བྱད་ཀྱི་ཁྱད་པར། ཧེ་རུ་ཀ་གལྕོ་ལས། རྡོ་རྗེ་ཚེ་དང་གལ་ཕྱིས་དང་། །ཚེ་ཁྲིད་ཛ་གད་ཛགི་དང་། །བྲན་མོ་ཤམ་མོ་ཀུན་ཏུ་རྒྱུག །བ་ལིང་བདེ་རྒྱས་ལ་སོགས་བཤམ། །ཞེས་པའི་ངོས་འཛིན་སོ་སོའི་མཆན་གྱིས་གསལ་ བ་བཞིན་ནོ། ༈ །ཐུགས་ཐིག་གི་ལུང་། ཡི་གེ་འདུས་པ་གྲུབ་པ་བཞི། །མཐུ་ཅན་རེད་པ་གང་ཡིན་པ། །བཞི་རྫོགས་ཉིད་ལས་མི་འདའ་བ། །གང་ལ་སྣང་བ་དེ་ངོ་བོ། །ཞེས་པའི་དོན། སྔགས་ཀྱི་ངོ་བོ་
ནི། ལུས་དང་ཡན་ལག་གི་ཡི་གེ་འདུས་ནས་ཡི་དམ་གྱི་ལྷ་གང་ཡིན་པ་བསྐྱེད་པ་ན་གྲུབ་པ་བཞི་རང་བཞིན་གྱིས་ལྡན་པ་ཡིན་ཏེ། ཆོས་ཉིད་གཉུག་མའི་ཡེ་ཤེས་གཤོལ་དུ་མེད་བའི་སྔགས་ཀྱི་དེ་ཁོ་ན་ཉིད་རང་ལ་གདོད་ནས་རང་ཆས་སུ་གནས་པ་ནི་ཆོས་ཉིད་རང་བཞིན་གྱིས་གྲུབ་པ། རྩ་རླུང་ཐིག་ལེ་རྟོག་ཚོགས་ཀྱི་རྣམ་པ་ཐམས་ཅད་ཡི་གེ་དང་། སྔགས་དང་། ཕྱག་རྒྱའི་དཀྱིལ་འཁོར་ཆེན་པོར་རང་ཆས་སུ་ཤང་བ་ནི་ཆོས་ཅན་རང་གི་ངོ་བོས་གྲུབ་པ། དེ་ཉིད་སྐྱེ་འགགས་མེད་པའི་ཡེ་ཤེས་སུ་རང་སྣང་བས་སྒྲུབ་པ་པོའི་རྒྱུད་བྱིན་གྱིས་བརླབས་པ་བྱིན་རླབས་ཀྱིས་གྲུབ་པ། སྔགས་ཀྱི་དེ་ཁོ་ན་ཉིད་རྟོགས་ཤིང་གོམས་པའི་སྦྱོར་བས་མཆོག་གི་དངོས་གྲུབ་སྐུ་ལྔ་ལྷུན་གྱིས་གྲུབ་པ་དང་། ཐུན་མོང་གི་དངོས་གྲུབ་ལ་དབང་འབྱོར་བ་མཐུས་གྲུབ་པ་སྟེ། དེ་ལྟ་བུའི་སྔགས་ཀྱི་ནུས་པས་དངོས་གྲུབ་རྣམ་གཉིས་ལ་སྦྱོར་པའི་ཕྱིར་ནུས་མཐུ་ཁྱད་པར་ཅན་དུ་འགྱུར་བ་ནི་སྔགས་ཀྱི་ངོ་བོའོ། །ཕྱག་རྒྱའི་ངོ་བོ་ནི། སྐུ་ཕྱག་ཆེན། གསུང་ཆོས་རྒྱ། ཐུགས་དམ་རྒྱ། འཕྲོ་འདུ་ཕྲིན་ལས་བཞིར་རྫོགས་པ་ཉིད་ལས་མི་འདའ་བས་ཕྱག་རྒྱ་སྟེ། དེ་ལྟ་བུས་རྣལ་འབྱོར་པ་གང་གི་སྒོ་གསུམ་སྤྱོད་ཡུལ་དང་བཅས་པ་ལ་རྒྱས་བཏབ་པར་སྣང་བའོ། ༈ །ཚེ་དབང་རིག་འཛིན་གྱི་སྐབས་སུ། ངོ་བོ་ཐབས་དང་སྨན་རིག་འཛིན། །རྣལ་འབྱོར་སྒྲོལ་མའི་རིག་འཛིན་དང་། །ལམ་
མཆོག་རྫོགས་པའི་རིག་འཛིན་བཞི། །ཞེས་པའི་དོན། འདི་ལྟར་ཚེ་ལ་དབང་བའི་རིག་འཛིན་ནི་སྒྲས་བརྗོད་རིགས་ཀྱི་ཕྱེ་པའི་དབང་དུ་བྱས་ན་རྒྱུ་བཞི་ལས་བྱུང་བ་སྟེ། རྡོ་རྗེའི་ཚེ་སྒྲུབ་པའི་ཐབས་དང་། ཉེ་ཤིང་། ར་མོ་ཤག་དང་། བདུད་རྩི་ལྔ་དང་། གཞན་ཡང་བཅུད་ལེན་གྱི་སྨན་སྦྱོར་ཇི་སྙེད་པ་ལ་བརྟེན་ནས་ཚེ་རིང་བར་གྱུར་པ་དང་། དངོས་ཡིད་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ཐབས་ལམ་སྟེང་སྒོ་དང་འོག་སྒོའི་རྣལ་འབྱོར་གྱིས་ཐིག་ལེ་དབབ་བཟུང་བཟློག་དགྲམ་གྱི་སྦྱོར་བས་དངུལ་ཆུའི་སྦྱོར་པས་ལྕགས་རྣམས་གསེར་དུ་བསྒྱུར་བ་ལྟར་སྙིགས་མ་དྭངས་མའི་ལུས་སུ་གྱུར་ནས་ཚེ་རིང་བར་གྱུར་པ་དང་། སྒྲོལ་མའི་རྣལ་འབྱོར་ནི། སྟེང་འོག་གི་འཁོར་ལོ་དང་། སྟེང་འོག་གི་རླུང་རྡོ་རྗེ་དྷཱ་ཏིའི་དབྱིངས་སུ་ཁ་སྦྱོར་གྱི་ཆོ་གས་བཅིངས་པ་ལས་འགོག་པའི་སྙོམས་འཇུག་ལྟར་ཚེ་བསྐལ་པར་གནས་པ་དང་། ལམ་མཆོག་ཡོངས་སུ་རྫོགས་པ་ནི། དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱིན་ཅི་མ་ལོག་པའི་གོམས་པ་བརྟས་པས་མཐོང་ལམ་ཟག་པ་མེད་པའི་ཡེ་ཤེས་མངོན་སུམ་དུ་གྱུར་པའོ། ༈ །ཕྱག་ཆེན་གྱི་རིག་འཛིན་ལ། ཀྲི་ཡས་རིགས་གསུམ་དབྱེ་བ་ནི། སྤྱིར་བྱ་བའི་རྒྱུད་ཀྱི་བསྒྲུབ་བྱའི་ལྷ་ཐམས་ཅད་རིགས་དྲུག་ཏུ་འདུ་ཞིང་། དེའང་བསྡུ་ན་དེ་བཞིན་གཤེགས་པ་དང་། པདྨ་དང་། རྡོ་རྗེའི་རིགས་གསུམ་དུ་འདུ་པ་ལས། ལམ་དུས་སུ་སྒྲུབ་
པ་པོས་གང་ལ་བསྙེན་པའི་ལྷ་དེ་དང་དེ་ཡི་རྣམ་ཆར་ཤར་བའོ། །ཨུ་བྷ་ཡས་རིགས་བཞིར་སྣང་བ་ནི། མི་བསྐྱོད་པ་མ་གཏོགས་པའི་རིགས་ལྷག་མ་བཞི་དང་། རྣལ་འབྱོར་གྱི་རྒྱུད་དུ་རིགས་ལྔར་སྣང་བ་ནི་སྤྱི་ ལྟར་རོ། །སརྦ་མངྒ་ལཾ།། ༈ །།གཏེར་ཆེན་རིན་པོ་ཆེའི་བཀའ་འབུམ་དྲིས་ལན་སྐོར་ལས། ཡན་ལག་བརྒྱད་པ་ནི། སངས་རྒྱས་གསང་བའི་ལམ་རིམ་དུ། །ཡན་ལག་བརྒྱད་ཀྱི་ཚུལ་བཟུང་ལ། །ཞེས་པའི་དོན་སྒེག་པའི་རྡོ་རྗེས་རྒྱུན་བཤགས་རྩ་བར། རྒྱལ་བ་འཁོར་བཅས་སྤྱན་དྲངས་ཏེ། །བླ་མ་སྙིང་པོར་བཞུགས་པ་ལ། །ཕྱག་སྐྱབས་མཆོད་དང་བཤགས་པ་དང་། །ཡི་རངས་སེམས་བསྐྱེད་ལུས་དབུལ་དང་། །བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ། །ཞེས་དང་། དེའི་ལས་བྱང་དུ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་སོགས་འབྱུང་བ་སྟེ། འདི་ལ་མྱ་ངན་ལས་མི་འདའ་བ་དང་། ཆོས་འཁོར་བསྐུལ་བ་གཉིས་མི་འབྱུང་བ་སྔགས་ཀྱི་སྨོན་པ་ངེས་པ་ལྔ་ལྡན་གྱི་དབང་དུ་བྱས་པའོ། །ཡན་ལག་བཅུ་པ་ནི། བཀའ་བརྒྱུད་ཡོངས་རྫོགས་ཧཱུྃ་སྒྲུབ་ལས། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཞེས་སོགས་གསུངས་པ་ལྟར། སྤྱན་འདྲེན་བཞུགས་གསོལ་སྔོན་དུ་འགྲོ་བའི་ཡན་ལག་བདུན་སྤྱི་ལྟར་ལ། སྨོན་ལམ་ཁྱད་པར་བ་ཟུར་དུ་ཕྱེ་བས་སོ། །འབྲུག་པ་ཐམས་ཅད་མཁྱེན་པའི་བཀའ་ལན་དུ། བཀའ་བརྒྱུད་རང་བཞེད་གནས་ལུགས་
ཕྱག་ཆེན་དབང་ལ་མ་ལྟོས་པ་དང་། བདེ་སྟོང་ཕྱག་ཆེན་ལྟོས་པར་བཞེད་པ་ལ། ས་པཎ་གྱིས་མཐིང་སླད་མཛད་པའི་སྐྱོན་སྤོང་ཁྱད་པར་ཅན་གྱི་སྒྲུབ་བྱེད་འགོས་ལོ་ཡབ་སྲས་རྩལ་བཤད་མཛད་པའི་རྗེས་སུ། བཀའ་བརྒྱུད་ཀྱི་མཁས་པ་ཕལ་ཆེར་འབྲང་ནའང་། ཆོས་གྲགས་རྒྱ་མཚོ་དང་། མི་བསྐྱོད་རྡོ་རྗེ། ཕྱིས་ཀྱི་རྗེ་བཙུན་ཏཱ་ར་ནཱ་ཐ་སོགས་ཀྱིས། དེས་ཀྱང་བཀའ་བརྒྱུད་གོང་མའི་དགོངས་པའི་གནད་ མ་ལོན་པས་འཕྲལ་གྱི་སྐྱོན་སེལ་ཉི་ཚེ་བ་ཙམ་ལས་མིན་ཚུལ་གསུངས་པ་སོགས་དགོངས་པ་མི་མཐུན་པ་མང་བས་སྐྱོང་དཀའ་བ་ལྟ་བུར་འདུག་ཀྱང་། རང་རེ་བཀའ་བརྒྱུད་གོང་མའི་བཞེད་པ་དེ་དོན་ལ་གནས་སམ་སྙམ་པའི་མོས་བློ་ལམ་བྱེད་ལས་སོ་སྐྱེའི་བློ་ལ་ངེས་པ་མཆིས་པ་སོགས། འདི་སྐོར་རྗེ་པད་དཀར་དང་། རྗེ་སངས་རྡོར་བ། བྱ་གཤོང་ཀླུ་སྒྲུབ་པ། ཐུབ་བསྟན་ཆོས་རྣམ་པ་སོགས་ཀྱི་བརྒལ་ལན་རྒྱ་ཆེར་འདུག །དཀར་བརྒྱུད་ཅེས་བྲི་བ་དང་སྒྲ་བཤད་མཛད་པ་ནི་མ་དག་པར་བཞེད་སྣང་། ༈ །གཙུག་ལག་ནི་རྒྱལ་བའི་གསུང་རབས་དང་། དེ་གཙོ་བོར་གྱུར་པའི་རྟེན་གསུམ་གྱི་བཞུགས་གནས་ལ་གཙུག་ལག་ཁང་ངོ་། ༈ །སྐུ་ཡི་བཀོད་པ་སྔ་མ་བསྡུས་ནས་ཕྱི་མ་བཟུང་བར་སྐྱེ་བ་དང་། སྤྲུལ་གཞི་མ་བསྡུས་པར་སྤྲུལ་པ་གཞན་དག་སྟོན་པ་སྤྲུལ་པ་ཞེས་བཞེད། ༈ །ཆོས་ཀྱི་རྒྱལ་པོའི་མདོ་ལས། ལྷ་དང་བཅས་
པའི་འཇིག་རྟེན་ན། །དཀོན་མཆོག་གསུམ་པོ་མ་གཏོགས་པ། །ཡོན་གྱི་གནས་འགའ་ཡོད་མིན་པས། །དངོས་པོ་ཀུན་གྱིས་དེ་ལ་མཆོད། །ཅེས་སོ། ༈ །ཞབས་བརྟན་སོགས་ཀྱི་ཚེ། སྐུ་རྟེན་དུ་ཚེ་དཔག་gམེད་དང་ཐུབ་དབང་། གསུང་རྟེན་དུ་ཆོས་ཀྱི་དུང་དང་གཎྜི་སྟེ། ཆོས་ཀྱི་དུང་ནི་སྒྲ་ཆེན་ལྡན། །ཆོས་ཀྱི་གཎྜི་སྒྲ་བོ་ཆེ། །ཞེས་སོ། །གཞན་ཡང་རྡོ་རྗེ་ དྲིལ་བུ ། གླེགས་བམ། ཐུགས་རྣམ་པར་གྲོལ་བའི་ཡེ་ ཤེས་ལྔ་མཚོན་བྱེད་རིགས་ལྔའི་ཕྱག་རྒྱ་སོགས་ཡོན་ཏན་གྱི་རྟེན་དུ་སྐུ་ཡི་ཉེར་སྤྱད། ཕྲིན་ལས་ཀྱི་རྟེན་དུ་ཕྱག་རྟགས་ཐམ་ཞུ་སོགས། རྗེས་འབྲེལ་རྒྱལ་སྲིད་བདུན་དང་། བཀྲ་ཤིས་རྫས་བརྒྱད་སོགས་འབུལ་ན་ལེགས། ༈ །གསར་མའི་བླ་མ་ལ་ལས། རྒྱལ་བློན་སྔ་དར་གྱི་དུས་སུ་འགྱུར་བའི་སྔགས་རྙིང་མ་ཡིན་ཀྱང་། མདོ་དེ་ལྟར་མ་ཡིན་པའི་དབང་ཆེའི་སྟང་གཅོད་བྱས་པ་འགའ་རེ་གསེར་མདོག་པཎ་ཆེན་སོགས་ཀྱིས་ཡི་གེར་བཀོད་འདུག་ཀྱང་། རྒྱ་གར་ལ་དོན་གྱིས་གསར་རྙིང་གི་ཁྱད་པར་ཡོད་ཀྱང་། ཐ་སྙད་ལ་མེད་པ་དང་། བོད་དུ་འགྱུར་སྔ་ཕྱིའི་བྱེ་བྲག་ལས་དེ་སྐད་དུ་ཐ་སྙད་བཏགས་པས་སྔ་འགྱུར་གྱི་མདོ་སྔགས་ཐམས་ཅད་ལ་རྙིང་མ་ཞེས་བཞེད་པ་རང་འཐད། ༈ །བསྡུས་པ་ཞེས་པའི་སྒྲ་དོན། ཇི་སྐད་དུ། རྒྱལ་བའི་བཀའ་དང་དེ་འགྲེལ་བསྟན་བཅོས་ཀྱི། །དགོངས་དོན་མ་ལུས་ལེགས་པར་བསྡུས་པས་ན། །
བསྡུས་པ་ཞེས་སུ་མཁས་པས་མཚན་དུ་བཏགས། །ཞེས་བ་ལྟར་དང་། གྲྭ་ནི་དེ་ཉིད་སླབ་པའི་སྡེ་ཚན་གྱི་གྲྭ་སྟེ། དཔེར་ན། བཤད་གྲྭ། སྒྲུབ་གྲྭ་ཟེར་བ་ལྟ་བུའོ། །སློབ་དཔོན་ཕྱ་བས་དབུ་མ།། ཕར་ཕྱིན་སོགས་ལའང་བསྡུས་པ་རེ་རེ་མཛད་ཅིང་། ཁྱད་པར་ཚད་མ་བསྡུས་པ་ཡིད་ཀྱི་མུན་སེལ་རྩ་འགྲེལ་མཛད་པ་ནས་ཤིན་ཏུ་དར་རོ། ༈ །བྱིན་འབེབས་ཀྱི་རྫས་བླ་མེད་སྤྱིར་འཇུག་པ། སྐྱེས་བུ་གཙང་ མའི་བྱང་སེམས་དཀར་པོ། བུད་མེད་རིགས་བཟང་གི་ཟླ་མཚན། སྔགས་པ་ནུས་ལྡན་ནམ། དགེ་སློང་ཁྲིམས་ལྡན་ནམ། སྐྱེས་པ་གཞོན་ནུའི་དྲི་ཆེ་ཆུང་། མི་རིམས་ངན་པས་ཤི་བ་མ་ཡིན་པའི་ཀླད་པ་ཤ་ཆེན་གྱི་དྭངས་མ་སྟེ་བདུད་རྩི་ལྔ་ནི་རྩ་བའི་རྫས་དང་། བྱི་ལ་ནག་པོའི་བྲུན། ར་ཡི་རྐང་ལག་གི་ཞྭ་བཞིའི་ཤ །སྒྲུབ་པ་པོའི་སྐྲ་སེན་ཕྲན་བུ། གུ་གུལ་དང་བཅས་པ་རྣམས་ལས། ཕྱག་ལེན་དུ། རྫས་གོང་མ་རྣམས་སྣེ་འཛོམ་ཙམ་ལ། དྲི་ཤུགས་བསྐྱེད་ཕྱིར་ག་བུར། ཛཱ་ཏི། གུར་གུམ་རྣམས་ཆ་ཕྲན་རེ། ཙནྡན་དཀར་དམར། ཨ་ག་རུ། ཁྱད་པར་སྟོད་ཀྱི་ཨར་ནག་དང་། ནཱ་གི་རྣམས་གང་མང་། དེ་ཐམས་ཅད་ལས་འཕར་བའི་གུ་གུལ་ནག་པོ་བུངས་བསྐྱེད་པ་རྣམས་ཕྱེ་རིལ་གང་བྱེད་ཀྱང་བྱིན་གྱིས་བརླབས་པའི་ནང་མཆོད་ཀྱིས་ཁ་ཕྲུ་ཅུང་ཟད་བཏབ། བྱིན་འབེབས་ཀྱི་སྔགས་ཀྱིས་ཡུན་བསྲིངས་ཏེ་བསྒྲུབ་པའམ། ཐ་ནའང་
བརྒྱ་རྩ་ཙམ་བཟླས་ནས། བྱིན་འབེབས་ཀྱི་སྐབས་ཡི་དྭགས་ཀྱི་མེ་ཞེས་རོ་སོལ་གྱི་མེ་རྙེད་ན་དང་། དེ་མིན་སོལ་མེ་གང་རུང་ལ་བསྲེག་གོ ༈ །བདག་མདུན་ཐ་དད་པ་ནི། ཐོག་མར་བདག་བསྐྱེད་རྫོགས་པར་བསྒོམས་ནས་འཁོར་རྣམས་རང་ཉིད་གཙོ་བོ་ཡབ་ཡུམ་ལ་བསྡུས་ཏེ་དཀྱིལ་འཁོར་གྱི་དབུས་སུ་ཕྱིན་པར་མོས་ལ་སླར་མདུན་བསྐྱེད་བསྒྲུབ་པ་དང་། བདག་གི་རྣལ་འབྱོར་ཉེར་བསྡུའི་བར་དུ་བྱས་ནས། དེའི་འོད་གསལ་དང་དེ་ཉིད་མཚམས་སྦྱར་ནས་མདུན་བསྐྱེད་བསྒོམ་པ་དོང་སྤྲུགས་པདྨ་བརྒྱ་ལྡན་དུ་བཤད་པ་ལྟར་དང་། ཡང་གྱེར་ཚིག་གཅིག་གིས་བདག་མདུན་བུམ་གསུམ་རྣམ་པ་མ་འདྲེས་པ་མེ་ལོང་དང་གཟུགས་བརྙན་གྱི་དཔེ་ལྟར་བསྒོམ་པ་སོགས་ཀྱང་། སྔ་འགྱུར་གྱི་སྐབས་སུ་བྱེ་བྲག་གི་དམིགས་བསལ་མེད་ན། རྔམས་གློག་ལས། དེ་ནས་སྔགས་པས་མཉམ་གཞག་སྟེ། །ཏིང་འཛིན་དཀྱིལ་འཁོར་གསལ་བར་བསྒོམ། །གསལ་བ་གཉིས་མིན་དཀྱིལ་འཁོར་དུ། །རང་བཞིན་ཀུན་རྫོབ་སྤྱན་དྲངས་ཏེ། །དབབ་དང་གཞུག་དང་བརྟན་པའོ། །ཞེས་བདག་མདུན་དབྱེར་མེད་དུ་གསུངས་པ་ཉིད་གཙོ་བོར་བྱ་སྟེ། དེ་ཡང་སྒྲུབ་གཞི་བདག་དང་བྲིས་པའི་དཀྱིལ་འཁོར་གཉིས། སྒྲུབ་ཆོས་ཏིང་འཛིན་གསུམ་ནས་བརྩམས་དམ་ཚིག་གི་འཁོར་ལོ་གཅིག་གིས་བསྡུས་པར་བསྒོམ་པའོ། ༈ །རྫོགས་པ་ཆེན་པོ་ཞེས་པའི་སྒྲ་དོན། སནྣི་
ཞེས་པའི་སྒྲ་ལས་ཐམས་ཅད་དེར་འདུས་ཤིང་ཆུབ་པའི་དོན་དང་། མ་ཧཱའི་སྒྲ་ལས་ཐུན་མོང་གི་ཚུལ་ལས་འཕགས་ཤིང་། དེ་ལས་གོང་དུ་བོགས་དབྱུང་དུ་མེད་པས་ན་ཆེན་པོའོ། །སློབ་དཔོན་ཆེན་པོས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་ཤིང་འབྲས་བུའི་དོན་ལྷུན་གྱིས་གྲུབ་པའི་དོན་ཏོ། །ཞེས་གསུངས་པ་བཞིན་སྤྱིར་མོས་གུས་དང་གདམས་ངག་གི་དོན་ལ་བློ་རྩེ་གཅིག་ཏུ་དྲིལ་བས་རྟོགས་པར་བྱ་བ་ཡིན་ལ། བྱེ་བྲག་རང་བྱུང་གི་ཡེ་ཤེས་དེ་ལམ་དུ་བྱེད་པ་ལ་རྫོགས་ཆེན་སེམས་སྡེ་དང་ཕྱག་ཆེན་སོགས་མཚན་མ་བཤིག་པའམ་ལ་བཟླ་བའམ་ཐག་གཅོད་པ་སྟེ་སྤང་བྱ་རྣམ་ཤེས་ཀྱི་ཕྱོགས་ནས་བསླབ་པ་དང་། མན་ངག་སྡེ་བའི་ཕྱོགས་ཀྱིས་བཟང་ངན་གྱི་རྟོག་པ་རིས་མི་འབྱེད་པར་རྩོལ་བ་བཤིག་པས་ལ་བཟླ་བ་སྟེ་གཉེན་པོ་ཡེ་ཤེས་ཀྱི་ཕྱོགས་ནས་བསླབ་པའོ། ༈ །རྗེ་རིན་པོ་ཆེར་རྙིང་མའི་ལུང་བསྟན་འགའ་ཞིག་ཏུ་ཀླན་ཀར་མཛད་པ་ནི་རྗེས་སོར་བཅོས་བསྒྱུར་དང་ཅལ་སྒྲོགས་ཙམ་ལས། དོན་དུ་གཏེར་སྟོན་གྲུབ་པའི་དབང་པོ་ཉི་ཟླ་སངས་རྒྱས་ཀྱིས་ཨོ་རྒྱན་ལ་ལུང་བསྟན་དོགས་སེལ་ཞུས་པར་ཚད་མར་བསྒྲུབས་པས་སོམ་ཉི་བྲལ་ལོ། ༈ །དངོས་གྲུབ་ཀྱི་རྫས། ཟླ་རྒྱལ་ཞོ་དང་ཁུར་བ། ཟླ་ཁྲོམ་ཐུད་དང་ཕུམ། ཛཀྟི་ཤ །ཀུན་ཏུ་རྒྱུ་ཚྭ། སྤང་ན་སྐྱེས་ཤྭ་མང་སྣ་ཚོགས་དང་རྩི་ཐོག་མར་ལ་བཤད་ཅིང་། ཟླ་ཁྲོམ་སོགས་
བཟོ་རྒྱུན་ནི་ཁུངས་ལྡན་གྱི་མན་ངག་ལྟར་རོ། ༈ །འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་བའི་དོན་བསྡུས་པ། ཚེ་འདིར་འགྲུབ་པས། ཡུན་རིང་གིས་འགྲུབ་པའི་ཐེག་ཆེན་སྤྱི་ལས་འཕགས་པས་འཕགས་པ། ཐབས་ནི་སྙིང་རྗེ་ཆེན་པོས་མཚམས་མེད་ལྔ་ལ་སྤྱོད་པ་དང་། ཕྱིན་ཅི་ལོག་ལ་ཞེན་བའི་སེམས་ཅན་ཐམས་ཅད་སྒྲོལ་བས་ན་དེ་སྐད་དོ། །ཞགས་པ་ནི་མི་གཏོང་བ་སྟེ་འཁོར་བ་ཉིད་ནས་མཉམ་པའི་ཆོས་སུ་མཁྱེན་པས། འཁོར་བ་ལ་མི་གཏོང་བར་སྦྱོར་བའོ། །འདི་ནི་སྦྱོར་བ་གཉིས་སམ། ཆེ་མཆོག་རྣམ་གཉིས་ཞེས་ཀྱང་བྱ། པདྨ་ནི་ཤེས་རབ་ཀྱིས་ཆོས་ཐམས་ཅད་ལ་དཔྱོད་ཀྱང་དེ་ལ་མ་ཆགས་པའོ། །ཕྲེང་བ་ནི་སྤྲུལ་པའི་ཕྲེང་བ་རྒྱུད་མི་འཆད་དེ་ཐབས་སོ། །དོན་བསྡུས་པ་ནི་གསུང་རབས་ཡན་ལག་བཅུ་གཉིས་དང་། ཏན་བཅོ་བརྒྱད་ལ་སོགས་པའི་དོན་བསྡུས་པའོ། །མདོར་ན་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ནི་བརྗོད་བྱ་སྟེ་བསྐྱེད་རྫོགས་ཐམས་ཅད་ལའང་དེ་ཁོ་ནས་ཁྱབ་པའོ།། ༈ །།རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་མདོ་ལས། བདག་མེད་གཉིས་བྲལ་བདེ་ཆེན་ཀློང་། །སངས་རྒྱས་ཀུན་གྱི་བདེ་བ་ཆེ། །ཡེ་ནས་ལྷུན་གྲུབ་འདུས་མ་བྱས། །ཐིག་ལེ་ཆོས་དབྱིངས་ཡེ་འབྱམས་པ། །ཀུན་ཁྱབ་གདལ་བའི་སྙིང་པོར་འདུས། །ཞེས་དང་། སྣང་བ་མེད་པའི་རང་བཞིན་ནི། །ནམ་མཁའ་ལྟ་བུར་དེ་ཉིད་འགྱུར། །ཆོས་དབྱིངས་
ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཅེས་དང་། ལྟ་དང་དམ་ཚིག་བསྒྲུབ་པ་ཡི། །དམ་པའི་མཛོད་གསུམ་སྨྲ་ཤེས་ཀྱང་། །ཞེས་དང་། ས་རབ་མཆོག་ཏུ་བགྲོད་པ་ལ། ། ཐབས་མཆོག་ལྔ་ཡིས་བགྲོད་བྱ་སྟེ། །རྡོ་རྗེ་ཚོགས་དང་བསྙེན་པ་དང་། །ཉེ་བ་དང་ནི་སྒྲུབ་པ་དང་། །སྒྲུབ་པ་ཆེན་པོ་སྤྱད་པར་བྱ། །ཞེས་དང་། ཀུན་རྫོབ་ཚོགས་ཀྱི་རྒྱུ་དེས་ནི། །ཡང་དག་ཚོགས་ཆེན་ཅི་འདྲ་བ། །མཆོག་གི་བདེ་བ་དམ་པ་དང་། །དེ་ཉིད་ཆེན་པོར་དེ་ཉིད་འགྱུར། །ཞེས་དང་། ལྷ་རྣམས་མཉེས་པར་བྱ་བ་དང་། །བགེགས་རྣམས་ཞི་བར་བྱ་བ་དང་། །དོན་གྲུབ་ཤི་བ་གསོ་བའི་ཕྱིར། །ལས་འདིར་སྤྱོད་པ་ཤིན་ཏུ་གཅེས། །ཞེས་དང་། འཁོར་བ་ཆོས་ཀྱི་དབྱིངས་ཉིད་ལས། །སེམས་ཅན་སངས་རྒྱས་སྙིང་པོར་ཤར། །སྒྲ་སྐད་བསམ་གྱིས་མི་ཁྱབ་པ། །ཐམས་ཅད་བཟླས་བརྗོད་སྔགས་ཀྱི་ཚིག །ཅེས་དང་། འཁོར་བ་ཤེས་རབ་ཡུམ་ཉིད་ལ། །སྙིང་རྗེ་ཐབས་ཀྱི་རྒྱལ་པོ་ཡིས། །འདུ་འབྲལ་མེད་པར་སྦྱོར་བས་ནི། །ཐམས་ཅད་རྒྱལ་བའི་སྲས་སུ་བསྐྱེད། །ཅེས་དང་། འཁོར་བ་བསྒྲལ་བའི་ཞིང་འདི་དག །ཡེ་ཤེས་འབར་བའི་མཚོན་རྣོན་གྱིས། །རང་བཞིན་མེད་པར་བསྒྲལ་ནས་ནི། །མཉམ་ཉིད་ཆོས་སྐུ་ཆེན་པོར་བཏོན། །ཅེས་དང་། འདུས་པ་ཆེན་པོའི་རྣལ་འབྱོར་པ། །སྲིད་པ་གསུམ་གྱིས་ཕྱག་བྱས་པས། །བླ་མའི་
ས་ལ་གནས་པ་ནི། །དབང་མཆོག་སུམ་ཅུ་རྩ་དྲུག་ཡིན། །ཕྱི་ཡི་དབང་དང་ནང་གི་དབང་། །སྒྲུབ་པའི་དབང་དང་གསང་བའི་དབང་། །བཅུ་དང་བཅུ་གཅིག་བཅུ་གསུམ་དང་། །རྣམ་པ་གཉིས་ཀྱིས་རྫོགས་g པར་འགྱུར། །ཞེས་སོ། །རྨད་བྱུང་སྒྲུབ་པའི་དཀྱིལ་འཁོར་དུ། །འཇུག་དང་དངོས་གྲུབ་གསོལ་བ་དང་། །དབང་བསྐུར་བ་ཡི་ལས་རྣམས་བྱ། །ཞེས་སོ། །བྱང་ཆུབ་སེམས་ཀུན་བྱེད་རྒྱལ་པོ་ལས། སངས་རྒྱས་སྐུ་དང་ཡེ་ཤེས་ཡོན་ཏན་དང་། །སེམས་ཅན་ལུས་དང་བག་ཆགས་ལ་སོགས་པ། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀུན། །བྱང་ཆུབ་སེམས་ཀྱི་ངོ་བོ་ཡེ་ནས་ཡིན། །ཞེས་དང་། ང་ཡི་རང་བཞིན་མ་བསྒྲིབས་ཀུན་ཁྱབ་པས། །གསལ་བའི་ནམ་མཁའ་ཡེ་ཤེས་གཞལ་ཡས་ཁང་། །རང་བྱུང་ཡེ་ཤེས་ཉིད་ལས་གཞན་མི་བཞུགས། །ཞེས་སོ། །སེམས་ནི་ཇི་བཞིན་ས་ཡི་ངོ་བོ་སྟེ། །གཉིས་མེད་ཡེ་ཤེས་བདེ་བ་ཆེན་པོ་ལ། །རྣམ་པ་ཀུན་ལྡན་རྣམ་པ་ཡོངས་ཀྱིས་མེད། །སྤྲོས་བྲལ་ནམ་མཁའ་བཞིན་དུ་ཡེ་གནས་ལ། །དམིགས་པའི་ཡུལ་འདས་གཅིག་ཅེས་བགྲང་དུ་མེད། །ཅེས་སོ། །དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལ། །ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལྟ་མཐོང་བ། །བྱང་ཆུབ་སེམས་ནི་ཀུན་གྱི་སྙིང་པོར་མཐོང་། །དེ་ཉིད་མ་བཅོས་དོན་གྱི་རྣལ་མར་མཐོང་། །ཞེས་དང་། ཆོས་ཀུན་མ་ལུས་པ་ཡི་སྙིང་པོ་ནི། །མ་སྐྱེས་རྣམ་
པར་དག་པས་སྒྲིབ་པ་མེད། །བགྲོད་པའི་ལམ་དང་བྲལ་བས་གོལ་ས་མེད། །ཡེ་ནས་ལྷུན་གྱིས་གྲུབ་པས་བཙལ་དུ་མེད། །ཆོས་ཀུན་སྙིང་པོ་བྱང་ཆུབ་སེམས་སུ་གཅིག །ཅེས་སོ། །སྒོམ་དང་མི་སྒོམ་རྐྱེན་ལ་རག་མ་ལས། །བསྒོམ་བྱ་ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །གང་དུ་ཇི་ལྟར་བཞག་པའི་ཚུལ་མེད་པར། །མ་བཙལ་རང་སར་བཞག་པ་སྒོམ་པ་ཡིན། །ཞེས་དང་། དེ་ལྟར་སྒོམ་དུ་མེད་པའི་སྙིང་པོ་ལ། །མ་ཡེངས་དྲན་པས་བཟུང་བ་མན་ངག་ཡིན། །ཞེས་དང་། ཀུན་མཁྱེན་རྒྱལ་པོའི་སྤྱོད་པ་བསྟན་པ་ནི། །གང་ལྟར་སྤྱོད་པ་དེ་ལྟར་མི་འགལ་ཏེ། །བྱས་དང་མ་བྱས་གཉིས་ཀ་སྐྱེ་མེད་པར། །ཤེས་པས་གང་ལྟར་སྤྱད་ཀྱང་སྐྱེ་མེད་དོན། །ཞེས་དང་། ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །འདི་ལ་སུས་ཀྱང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོག་ཆོས་སྐུའི་དགོངས་པ་དེ་ལ་གནས། །ཞེས་སོ། །སྤྲོས་པ་མེད་ཅིང་སྒྲུབ་པ་མེད། །སྐྱེ་བ་མེད་ཅིང་འགག་པ་མེད། །འགོག་པ་མེད་པར་དེ་བཞིན་གནས། །རྣམ་པར་མི་རྟོག་སྙིང་པོ་འདི། །ནམ་མཁའ་བཞིན་དུ་ཡེ་གནས་པས། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །ཞེས་དང་། ང་ནི་ཡེ་ནས་རང་བྱུང་ཡེ་ཤེས་ཏེ། །ང་ནི་ཡེ་ནས་ཆོས་ཀུན་སྙིང་པོ་ཡིན། །ང་ནི་ཀུན་བྱེད་རྒྱལ་པོ་བྱང་ཆུབ་སེམས། །ང་ཡི་མཚན་འདི་སེམས་དཔའ་རྟོགས་པར་གྱིས། །
ཞེས་དང་། རང་བྱུང་ཞེས་ནི་བྱ་བ་ནི། །རྒྱུ་རྐྱེན་མེད་པའི་སྙིང་པོར་བས། །རྩོལ་སྒྲུབ་ཀུན་ལས་འདས་པ་མིན། །ཡེ་ཤེས་ཞེས་ནི་བྱ་བ་ནི། །འགགས་པ་མེད་ཅིང་མ་བསྒྲིབས་པས། །ཆོས་ཀུན་མ་ལུས་སྟོན་པར་ཀླུབྱེད། །ཅེས་དང་། ཆོས་རྣམས་ཐམས་ཅད་ང་ཡིན་པས། །ང་ཡི་རང་བཞིན་འདི་རིག་ན། །ཆོས་རྣམས་ཐམས་ཅད་རིག་འགྱུར་པས། །བྱ་བྱེད་རྩོལ་སྒྲུབ་ཀུན་ལས་འདས། །མི་རྩོལ་ལྷུན་གྱིས་གྲུབ་པར་འགྱུར། །ཞེས་དང་། ནམ་མཁའ་ལྟ་བུ་སེམས་གྱི་ཆོས་ཉིད་ལ། །ལྟ་བ་སྒོམ་མེད་དམ་ཚིག་བསྲུང་དུ་མེད། །ཕྲིན་ལས་བཙལ་མེད་ཡེ་ཤེས་སྒྲིབ་པ་མེད། །ས་ལ་སྦྱོང་མེད་བགྲོད་པའི་ལམ་ཡང་མེད། །ཅེས་སོ། །ང་ནི་མི་རྟོག་མཉམ་པར་གནས་པའི་ཕྱིར། །རྟོག་མེད་མཉམ་ཉིད་ཆོས་སྐུར་ཡེ་སངས་རྒྱས། །ང་ཡི་ངོ་བོ་ཀུན་ཏུ་ལོངས་སྤྱོད་ཕྱིར། །ང་ཉིད་ལོངས་སྤྱོད་རྫོགས་སྐུར་ཡེ་སངས་རྒྱས། །ང་ཉིད་རང་བྱུང་ཡེ་ཤེས་སྣང་བའི་ཕྱིར། །ང་ཉིད་ཐུགས་རྗེ་སྤྲུལ་སྐུར་མངོན་སངས་རྒྱས། །དེས་ན་སངས་རྒྱས་ཀུན་གྱི་སྙིང་པོར་བཤད། །ཅེས་སོ། །དྲན་བསམ་ཡིད་ལ་རྒྱུ་བ་མ་ལུས་ཀུན། །སྐྱེ་བ་མེད་པའི་ངང་ལ་མ་ཡེངས་པ། །གང་ལྟར་བསམ་ཡང་སྒོམ་པ་ཡིན་ཤེས་ན། །མ་བསྒོམ་གང་ལྟར་བཞག་ཀྱང་ཡེངས་པ་མེད། །ཅེས་དང་། ཀུན་བྱེད་ང་ནི་ཡེ་ནས་དེ་བཞིན་ཉིད། །དེ་བཞིན་ཉིད་ལ་གཟུང་འཛིན་མེད་པའི་ཕྱིར། །
ཆོས་རྣམས་དེ་ལྟར་གང་གིས་རྟོགས་པ་ལ། །སྲུང་དང་མི་སྲུང་འདུ་ཤེས་འཇུག་པ་མེད། །ཅེས་དང་། སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཇི་བཞིན་པ་ལ་འཆོས་པར་བྱེད་མ་མྱོང་། །རང་བྱུང་ང་ལ་རྒྱུ་རྐྱེན་ཀུན་དང་བྲལ། །སྒོ་གསུམ་བཙལ་མེད་ལྷུག་པ་ཉིད་དུ་ཞོག །སེམས་དཔའ་རྡོ་རྗེ་ཇི་བཞིན་ཉིད་སྒོམས་ཤིག །རང་ལུས་མི་བཅོས་དབང་པོ་མི་བརྟུལ་ཏེ། །ངག་ཀྱང་མི་བསྡོམས་བྱ་རྩོལ་བྱར་ཡང་མེད། ། སེམས་ཀྱང་གར་གཏད་མི་གཡོའི་ངང་ལ་བཞག །བྱས་པ་མེད་པར་དོན་ཀུན་རྫོགས་པར་འགྱུར། །ཞེས་དང་། ༈ །མདོ་དགོངས་འདུས་ལས། ལས་ངན་མྱུར་དུ་རྒྱུན་བཅད་ན། །གནས་ངན་དག་ལས་མྱུར་དུ་། སྒྲོལ། །ཅེས་དང་། འཁོར་བར་འཁྲུལ་པའི་སྒྱུ་མ་དང་། །རྣམ་དག་རྣམ་བྱང་སྒྱུ་མ་གཉིས། །སེམས་ཅན་སངས་རྒྱས་ཐ་དད་ཀྱང་། །དེ་བཞིན་ཉིད་ལ་ཡོང་ཡེ་མེད། །ཅེས་དང་། འཁོར་བའི་སྡུག་བསྔལ་རྨི་འདྲ་བས། །དབུགས་ཆེན་ཕྱིན་ནས་རྨི་སངས་ལྟར། །ཐམས་ཅད་བདེ་ཆེན་བྱང་ཆུབ་སེམས། །མཁའ་ལྟར་ཁྱབ་བདལ་ཉིད་དུ་སྣང་། །ཞེས་སོ། །བསམ་དུ་མེད་པའི་ཆོས་ཉིད་ནི། །རྨི་ལམ་དེ་བཞིན་ ཉིད་དུ་བཞག །ཅེས་དང་། འདི་ལྟར་སྣང་བའི་ཆོས་ཐམས་ཅད། །ཡེའམ་ངང་གིས་སངས་རྒྱས་ལ། །མིན་ལས་ཡིན་པར་འགྱུར་མ་ཡིན། །ངོ་བོ་ཉིད་ཀྱིས་དེ་ཉིད་ལ། །ཡིན་དང་མིན་ཞེས་ཅི་བྱར་ཡོད། །
ཅེས་དང་། ཆུའམ་ས་དང་ནམ་མཁའ་འམ། །མེའམ་དེ་བཞིན་རླུང་རྣམས་ལ། །སྐུ་གདུང་སྤེལ་མཆོད་རིང་བསྲེལ་རྣམས། །བརྩམས་པའི་ལས་ཆེན་འཁོར་ལོ་བྱ། །ཞེས་དང་། རྔམས་གློག་ལས། ཨེ་ མའོ་དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་བདག་མེད་པ་མཉམ་ཉིད་ལ། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་དང་། །རིན་ཆེན་ལྔ་དང་སྨན་ལྔ་དང་། །སྤོས་ལྔ་འབྲུ་ལྔ་སྙིང་པོ་ལྔ། །གཱའུའི་ནང་དུ་བླུགས་ནས་ཀྱང་། །ས་གཞི་གཏེར་དང་ལྡན་པར་བྱ། །ཞེས་དང་། སྲིད་གསུམ་སེམས་ཅན་ཐམས་ཅད་ལ། །ལོག་རྟོག་འཁྲུལ་པ་བསམ་མི་ཁྱབ། །དེ་ཉིད་གཞིལ་བའི་འདུལ་ཐབས་སུ། །ཕྱི་ནང་སྡོམ་པ་ཇི་སྙེད་པ། །རྟོག་འདུལ་དམ་ཚིག་དེ་སྙེད་གསུངས། །ཞེས་དང་། ཐོག་མར་བསྙེན་པ་ཡིན་པར་བཤད། །གཉིས་པ་དགེ་ནི་ཉེ་བསྙེན་པ། །གསུམ་པ་སྒྲུབ་པ་ཞེས་སུ་བརྗོད། །ཐ་མ་སྒྲུབ་ཆེན་པོ་ཞེས་བྱ། །ཞེས་སོ་སོར་བྱེ་བྲག་བཅས་དང་། ཡུམ་ལ་སྦྱར་བའི་ཚུལ་སོགས་གསུངས། གསང་བའི་ཚིག་ལ་གསལ་འདྲིས་ཤིང་། །དོན་ལ་གཞོལ་ཞིང་ཡིད་ཆེས་ཀྱང་། །དབང་བསྐུར་བཀའ་རྟགས་མ་ཕྱིན་པར། །ས་རྣམས་ཐོབ་པར་མི་འགྱུར་རོ། །ཞེས་སོ། །ཡང་དགོངས་འདུས་ལས། ཨེ་མའོ་ངོ་མཚར༴ རྫོགས༴
སྟོང་པ་མ་ཡིན་མི་སྟོང་མིན། །དབུ་མའང་དམིགས་སུ་ཡོད་མ་ཡིན། །ཞེས་སོ། །ཀུན་བྱེད་ལས། རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །བཟུང་བས་མི་ཟིན་ཆུ་ཟླ་འདྲ། །ཀུན་ཏུ་བཟང་པོའི་རོལ་པ་ཡིས། །ཨཱ་ལི་ཀཱ་ལི་རབ་ཏུ་བསྟན། །ཅེས་སོ། །ཀུན་འདུས་རིག་པའི་མདོ་ལས། འགྲོ་དྲུག་རྒྱལ་བའི་སྲས་པོ་འདི། །མ་རྟོགས་ལོག་པར་འཁྱམས་པ་རྣམས། །རྒྱལ་བའི་སྲས་སུ་བསྐྱེད་ནས་ནི། །འཁོར་བའི་རྒྱུན་ལམ་བཅད་པར་བྱ། །ཉི་ཟླའི་ནང་དུ་བཞག་ནས་ནི། །བཅུ་དྲུག་ས་ལ་རྫོགས་པར་འགྱུར། །དེ་ནས་རིག་མ་མཚན་ལྡན་ལ། །དོན་དང་ལྡན་པའི་མཁས་པ་ཡིས། །སྦྱོར་བའི་ཡན་ལག་ཀུན་རྫོགས་ནས། །ཡུམ་གྱི་མཁའ་དབྱིངས་ཟླ་གམ་ལ། །གྲུབ་པའི་གཞལ་ཡས་ཁང་དུ་བསྐྱེད། །རྩིབས་བརྒྱད་ཟླ་གམ་དགུར་གསལ་ལ། །བྱང་ཆུབ་སེམས་དཔའི་ཕྱག་རྒྱའི་ཚོགས། །ལྷ་དགུར་གསལ་བའི་ཡེ་ཤེས་བསྐྱེད། །༧ དེས་ནི་ཐམས་ཅད་རྫོགས་པར་འགྱུར། །ཞེས་དང་། དེ་ནས་སེམས་དཔའི་རྡོ་རྗེ་སྙིང་པོ་དེ་མི་འགྱུར་བ་གཏན་འཕོ་བ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་སྐད་ཅེས་གསུངས་སོ། །རྣལ་འབྱོར་རིག་འཛིན་གང་ཞིག་རྣམས། །མི་འཕོ་བར་ནི་གནས་འདོད་པས། །ལོ་གཅིག་གམ་ནི་ཟླ་གཅིག་གམ། །དེ་བཞིན་ཞག་གི་རྣམ་གྲངས་ཀྱང་། །བཅོ་ལྔའམ་ཡང་ན་བདུན་བར་དུ། །ཐོ་རང་ཐུན་ཐའི་
དང་པོའི་ཚེ། །རིག་འཛིན་རྣལ་འབྱོར་སྒྲུབ་པ་པོ། །ཤར་གྱི་ཕྱོགས་སུ་ཁ་བལྟས་ཏེ། །ཤར་ཕྱོགས་ནམ་མཁའ་བསྡུས་པ་ཡི། །ལྷ་ཀླུ་གནོད་སྦྱིན་འཇིག་རྟེན་བཅས། །ཐམས་ཅད་ཁོངས་སུ་བསྡུས་ནས་ཀྱང་། །དབུགས་དེ་སླར་ཡང་མི་དབྱུང་བར། །རང་གི་ཁོང་དུ་བསྟིམ་པར་བྱ། །ཐ་མར་སྣ་ཡི་ནང་དུ་བསྲེ། །དེ་ལྟར་མང་པོར་བསྒྲུབས་པ་དང་། །དཔལ་ཆེ་གཟི་བརྗིད་ཐམས་ཅད་ཐོབ། །ཅེས་གསུངས་སོ། །ཞེས་པ་ཟླ འདི་ལེའུ་བཅུ་གཅིག་པ་ལས་རྡོ་རྗེ་ཚེ་སྒྲུབ་པ་ལས། གསུངས་པ་སྟེ་ནམ་མཁའ་ཟས་སུ་ཟ་བའི་ཚེ་སྒྲུབ་ཁྱད་པར་ཅན་གྱི་མན་ངག་གོ། །སྤྱི། །རྡོ་རྗེ་ཚེ་སྒྲུབ་པ་འདི་ལུང་ལུགས་ཀྱི་ཚེ་སྒྲུབ་དང་། འདི་འོག་བདུད་རྩི་སྨན་གྱི་སྒྲུབ་པ་ཡང་བསྟན་ཏོ།། ༈ །།དེ་ལ་སྤྱིར་ལུང་ཨ་ནུ་ཡོ་གའི་ལུགས་ཀྱིས། རྟོགས་བྱ་གཞི་དང་རྟོགས་བྱེད་ཀྱི་ལམ་གཉིས་རྣལ་འབྱོར་གསུམ་དུ་བསྡུས་ནས་བཤད་དེ། ཇི་སྐད་དུ། སྤྱི་མདོ་ལས། གྲོགས་པོ་དག །དེ་བས་ན་བསམ་གྱིས་མི་ཁྱབ་པའི་རྣམ་པ་གང་ཞེ་ན། འདི་ལྟར་བསམ་གྱིས་མི་ཁྱབ་པའི་ཆོས་ཐམས་ཅད་ཀྱི་རྣམ་པ་ནི། རྣལ་འབྱོར་རྣམ་པ་གསུམ་གྱིས་ཡོངས་སུ་འབྲེལ་བ་སྟེ། གསུམ་གང་ཞེ་ན། བྱ་བའི་རྣལ་འབྱོར་དང་། བྱ་བ་བྱེད་པའི་རྣལ་འབྱོར་དང་། བྱ་བ་མེད་པའི་རྣལ་འབྱོར་རོ། །ཞེས་དང་། རྩ་རྒྱུད་ཀུན་འདུས་ལས། ཆོས་ཐམས་ཅད་ནི་རྣལ་འབྱོར་རྣམ་པ་གསུམ་དུ་འདུས་པར་ཤེས་པར་བྱའོ། །གསུམ་
གང་ཞེ་ན། རྒྱུའི་རྣལ་འབྱོར་དང་། རྐྱེན་གྱི་རྣལ་འབྱོར་དང་། འབྲས་བུའི་རྣལ་འབྱོར་རོ། །ཞེས་གསུངས་ཤིང་། རྩ་བཤད་ཀྱི་རྒྱུད་དེ་གཉིས་ཀྱི་ལུང་དོན་དགོངས་པ་གཅིག་ཏུ་བསྒྲིལ་ནས་ཐ་སྙད་བཏགས་པ་ནི། མདོ་འགྲེལ་ལུང་བསྟན་མ་ལས། ཇི་སྙེད་ཆོས་རྣམས་འདིར་འདུས་ལ། །འདི་ཉིད་རྣལ་འབྱོར་གསུམ་དུ་གནས། །རྒྱུ་དང་རྐྱེན་དང་འབྲས་བུ་རྣམས། །བྱ་དང་བྱེད་དང་བྱར་མེད་དོ། །ཇི་སྙེད་ཟླ ཆོས་རྣམས་ཐམས་ཅད་ཀུན། །ནང་དང་ཕྱི་དང་ཕྱི་ནང་ཆོས། །སངས་རྒྱས་སེམས་ཅན་དབྱེར་མེད་པས། །དང་པོའི་རྣལ་འབྱོར་དུ་བཤད་དོ། །ཞེས་དང་། དོན་བསྡུས་ལས་ཀྱང་། ཀུན་བཟང་ཐུགས་རྗེས་ཀླུ འགྲོ་དོན་དུ། །ཐེག་པ་གསུམ་སྣང་འདུལ་མཛད་པའི། །དོན་དམ་ངེས་པའི་ཐེག་པ་ལས། །གསང་སྒོ་མཚོན་པའི་མདོ་རྒྱུད་དོན། །རྣམ་པ་གསུམ་དུ་ཤེས་བྱ་སྟེ། །བྱ་བ་རྒྱུ་དང་བྱེད་པ་རྐྱེན། །བྱ་བྲལ་འབྲས་ཟ བུའི་རྣལ་འབྱོར་དག །ཇི་སྙེད་ཆོས་ཀྱི་རྩ་བར་བཤད། །ཅེས་པས་བྱ་བ་རྒྱུའི་རྣལ་འབྱོར། བྱེད་པ་རྐྱེན་གྱི་རྣལ་འབྱོར། བྱ་བྲལ་འབྲས་བུའི་རྣལ་འབྱོར་དང་གསུམ། དང་པོ་ནི། ཆོས་ཐམས་ཅད་ཀྱི་གཤིས་ལུགས་དཀྱིལ་འཁོར་རྣམ་གསུམ་མ་འདྲེས་ཡོངས་རྫོགས་སུ་གནས་པ་ཉིད་ཡིན་ཏེ། དེ་ལས། ཕྱི་ནང་བྱེ་བྲག་ཇི་སྙེད་པའི། །ཆོས་རྣམས་ཐམས་ཅད་བྱང་ཆུབ་སེམས། །ཇི་བཞིན་དང་དུ་ཡེ་གནས་པ། །
ཤེས་པར་བྱ་བའི་རྒྱུད་དོན་ཡིན། །ཞེས་སོ། །གཉིས་པ་ནི། ལམ་གྱི་རྩོལ་བ་དང་བཅས་པའི་བྱེད་པས་འཁོར་བ་ལས་འདྲེན་ཅིང་རང་རང་གི་འདོད་པའི་འབྲས་བུར་འཇུག་པར་བྱེད་པ་ཉན་རང་བྱང་སེམས་ཀྱི་ཐེག་ པ་གསུམ་སྟེ། དེ་ལས། གཞན་དུ་འབྲས་བུ་རེ་རྩོལ་མེད། །བསྒྲུབ་བྱ་ཉིད་ལ་ལམ་གནས་པས། །ཐབས་ཆེན་ཐེག་འདི་བྱ་བྲལ་བའོ། །ཞེས་སོ། །དེ་ལ་རྐྱེན་འབྲས་ཀྱི་རྣལ་འབྱོར་གཉིས་པོ་དེ་ལ་ཐུན་མོང་སྤྱིའི་ལམ་ཞེས་བྱ་ཞིང་། དེའི་ནང་ནས་ཀྱང་མདོ་ཁྱད་པར་ཅན་གྱི་ལམ་ལ་དབྱེ་ན། དེ་ལས། ངོ་བོ་ཐབས་དང་ཤེས་རབ་སྟེ། །ཞེས་པས། ཐབས་ཀྱི་ངེས་པའི་ལམ་དང་། ཤེས་རབ་རྣམ་པར་གྲོལ་བའི་ལམ་གཉིས་སུ་གྲངས་ངེས་པ་ལས། དང་པོ་ནི། ཞུ་བདེ་འགྱུར་མེད་ཀྱི་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྒྲུབ་པའི་ཐབས་གང་ཞིག །འཁོར་ལོ་བཞིའི་སྒོམ་ཐབས་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་རིམ་གྱིས་འདྲེན་པའི་ཐབས་སྟེང་སྒོའི་མན་ངག་དང་། མཁའ་གསང་གཉིས་ཀྱི་སྙོམས་འཇུག་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་གཅིག་ཅར་དུ་འདྲེན་པའི་ཐབས་འོག་སྒོའི་མན་ངག་གཉིས་ཏེ། དེ་ལས། རོལ་པའི་ཀར་ལ་སོགས་པ། །མན་ངག་ཐབས་ཀྱིས་དེར་འཇུག་དང་། །ཞེས་གསུངས། གཉིས་པ་ནི། དེའི་འཕྲོས་ལས། ཐོས་བསམ་སྒོམ་པའི་ཚུལ་འགྲོ་བའོ། །དེར་ནི་འཇུག་པ་རྣམ་གསུམ་སྟེ། །རྟོག་དཔྱོད་དོན་དང་
ཡི་གེ་ཡི། །རྗེས་འཇུག་ཅེས་པས། རྟོག་དཔྱོད་ཀྱི་རྗེས་སུ་འཇུག་པ་ལྟ་བ་གཏན་ལ་དབབ་པ་ནི་ལམ་སྒོམ་པའི་སྔོན་དུ་འགྲོ་དགོས་ཏེ། དེ་ཡང་ཆོས་ཅན་ཤེས་བྱའི་དོན་ལ། ཤེས་བྱེད་རིགས་པའི་གཏན་ཚིགས་རྣམས་ཀྱིས་སོ་སོར་བརྟགས་པས་ཆོས་ཐམས་ཅད་གནས་ལུགས་ཆོས་ཉིད་ཇི་བཞིན་པ་དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་བསམ་བརྗོད་དང་བྲལ་བར་གཏན་ལ་ཕེབས་པ་ནི་གྲུབ་མཐའོ། །དོན་གྱི་རྗེས་སུ་འཇུག་པ་ནི། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པའི་རིམ་པ་ཡིན་ཏེ། བསྒོམ་བྱའི་དོན་ཆོས་ཉིད་སྙིང་པོ་ཇི་བཞིན་པའི་ངང་ལ། སྒོམ་བྱེད་ཀྱི་བློ་དེ་བཞིན་པར་བཞག་ནས་བསྒོམ་པའི་ཕྱིར། དེ་ལྟར་ཡང་སྤྱི་མདོ་ལས། ཇི་བཞིན་པ་ཡི་ཆོས་ཉིད་ལ། །དེ་བཞིན་བ་ཡི་བློ་བཞག་ནས། །བརྗོད་པ་མེད་པའི་ངང་ཉིད་ལས། །མ་ཡེངས་རྒྱུན་དུ་དྲན་པའོ། །ཞེས་སོ། །ཡི་གེའི་རྗེས་སུ་འཇུག་པ་ནི། མཚན་བཅས་ལྷའི་ཏིང་ངེ་འཛིན་སྒོམ་པའི་རིམ་པ་སྟེ། བསྐྱེད་སྔགས་བརྗོད་པ་ཙམ་གྱིས་ཆུ་ལས་ཉ་ལྡང་བ་ལྟར་སྣོད་བཅུད་ལྷའི་དཀྱིལ་འཁོར་དུ་གསལ་ལ་མ་འདྲེས་པར་བསྒོམ་པ་གཙོ་བོར་བྱེད་པའི་ཉམས་ལེན་ནོ། །དེ་ལྟར་ཡང་བང་མཛོད་འཕྲུལ་ལྡེ་ལས། ཨ་ནུ་ཡོ་གའི་ཐེག་པར་ནི། །སྙིང་པོ་ཙམ་ཞིག་བརྗོད་བྱས་པས། །མ་བསྐྱེད་རྫོགས་པའི་ལྷ་རུ་བསྒོམ། །ཞེས་སོ། །དེ་ཡང་བློ་ཆེ་བ་གཅིག་ཅར་པས་ནི། ཆིག་ཆོད་དུ་
རྟོགས་གོམས་མཐར་ཕྱིན་པར་བྱེད་པས་ས་ལམ་རིམ་པར་བགྲོད་པའི་རྩོལ་བ་དང་བྲལ་བ་ཡིན་ལ། བློ་ཆུང་འབྲིང་གཉིས་ནི། ས་བཅུས་བསྡུས་པའི་སློབ་ལམ་བཞི་རིམ་གྱིས་སམ། ཐོད་རྒལ་གང་རུང་གིས་བགྲོད་ནས། མི་སློབ་པའི་ལམ་མཐར་ཐུག་གི་འབྲས་བུ་ལ་སྦྱོར་བར་བྱེད་པ་སྟེ། དེ་ལ་ས་བཅུ་གང་ཞེ་ན། དང་པོ་འགྱུར་བ་མ་ངེས་པའི་ས། གཉིས་པ་བརྟེན་པ་གཞིའི་ས། གསུམ་པ་གལ་ཆེན་སྦྱོང་བའི་ས། བཞི་པ་བསླབ་པ་རྒྱུན་གྱི་ས། ལྔ་པ་བསོད་ནམས་རྟེན་གྱི་ས། དྲུག་པ་བརྟེན་པས་ཁྱད་པར་དུ་འགྲོ་བའི་ས། བདུན་པ་དམིགས་པས་འབྲས་བུ་སྐྱེ་བའི་ས། བརྒྱད་པ་གནས་མི་འགྱུར་པའི་ས། དགུ་པ་བརྡལ་བ་ཆོས་ཉིད་ཀྱི་ས། བཅུ་པ་རྫོགས་པ་སྤྱི་ཆིབས་ཀྱི་ས་རྣམས་སོ། །དེ་དག་ཀྱང་འདུན་པ་སྐྱེ་བའི་སྐབས་སོགས་ས་བཅུ་པོ་རེ་རེ་དང་སྦྱར་བའི་གནས་སྐབས་བཅུར། ཆོས་ཉིད་སྙིང་པོ་ཇི་བཞིན་པའི་རྗེས་སུ་འཇུག་པའི་རང་སའི་ལམ་ན་འཕར་པའི་རིམ་པ་ལྟར་བསྒོམས་པས། ས་བཅུ་རང་རང་གི་སྤྱད་བྱ། རྐྱེན་འགྱུར་ལས་ཀྱི་བག་ཆགས་རགས་ཕྲ་གཉིས་དང་། མངོན་དུ་རྒྱུའི་བག་ཆགས་རགས་འབྲིང་ཕྲ་གསུམ་དང་། ཀུན་འགྲོ་དང་། ལྷན་ཅིག་གནས་པ་དང་། བག་ལ་ཉལ་རགས་འབྲིང་ཕྲ་གསུམ་གྱི་སྒྲིབ་པ་རྣམས་རིམ་པར་དག་ནས། ས་གོང་མ་གོང་མ་ལ་སྦྱོར་བའི་གཡོ་བ་བྱང་ཆུབ་ཀྱི་སེམས་ལ་སོགས་ཏེ་སེམས་
བཅུ་པོ་དཔེ་སྐར་མ་ཕྲ་མོ་ལྟ་བུ་ལ་སོགས་ས་བཅུ་དང་སྦྱར་ནས་བགྲོད་པར་རྩ་རྒྱུད་ཀུན་འདུས་ཀྱི་ལེའུ་གཉིས་པ་སོགས་མདོའི་རྩ་བཤད་ཀྱི་རྒྱུད་དང་མན་ངག་རྣམས་ལས་རྒྱ་ཆེར་གསུངས་སོ། །དེ་རྣམས་སློབ་པའི་ལམ་བཞིས་ཇི་ལྟར་བསྡུས་ཚུལ་ནི། ས་དང་པོ་དང་གཉིས་པ་གཉིས་ཚོགས་ལམ་འདུན་པ་སེམས་པའི་རྣལ་འབྱོར་གྱིས་བསྡུས་ཏེ། དེ་ཐོབ་པས་སྤྱན་དང་མངོན་ཤེས་དང་རྫུ་འཕྲུལ་ཕྲ་མོས་སྤྲུལ་སྒྱུར་ནུས་པ་སོགས་ཐུན་མོང་གི་དངོས་གྲུབ་རྣམས་རིམ་གྱིས་གྲུབ་ཅིང་སངས་རྒྱས་སྤྲུལ་པའི་སྐུའི་ཞལ་མཐོང་བ་སོགས་ཚོགས་ལམ་གྱི་ཡོན་ཏན་རྣམས་འཆར་རོ། །དེ་ནས་ས་གསུམ་པ་བཞི་པ་ལྔ་པ་གསུམ་ནི་སྦྱོར་ལམ་རིགས་ཆེན་འབྱེད་པའི་རྣལ་འབྱོར་གྱིས་བསྡུས་ཏེ། དེ་རླུང་སེམས་ཙམ་གྱི་ལྷ་སྐུ་གྲུབ་ཅིང་། ཉིན་སྣང་མཚན་སྣང་གི་བར་མཚམས་མེད་བར་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་སོགས་སྦྱོར་ལམ་གྱི་ཡོན་ཏན་རྣམས་འཆར་རོ། །དེ་ཉིད་དུ་ཚོགས་ཀྱི་སྤྱོད་པའི་ཉེ་རྒྱུ་སྤྱད་པས། ཁུ་རྡུལ་རླུང་ཡིད་ཀྱི་འགྱུར་པ་རགས་པ་བཅོམ་སྟེ། འཇིགས་པ་ལྔ་དང་བྲལ་ཞིང་ཟག་པ་ཟད་ནས། དྲུག་པ་བརྟེན་པས་ཁྱད་པར་དུ་འགྲོ་བའི་ས་མཐོང་ལམ་དབུགས་ཆེན་ཕྱིན་པའི་རྣལ་འབྱོར་གྱིས་བསྡུས་པ། ཆོས་ཉིད་རང་མཚན་མངོན་སུམ་དུ་མཐོང་བའི་སྟོབས་ཀྱིས་བདེ་སྟོང་ཡེ་ཤེས་འོད་གསལ་གྱི་ལྷ་སྐུ་གྲུབ་ཅིང་། ཡོན་ཏན་བརྒྱ་ཕྲག་
བཅུ་གཉིས་ལ་དབང་ཐོབ། ལོངས་སྐུ་རིགས་ལྔའི་ཞིང་བགྲོད་ནས་ཆོས་ཉན་པ་སོགས་མཐོང་ལམ་གྱི་ཡོན་ཏན་ཐམས་ཅད་འཆར་རོ། །དེ་ནས་མཐོང་ལམ་འོད་གསལ་ལས་ལངས་པའི་རྗེས་ལ་མངོན་རྟོགས། བདུན་པ་དམིགས་པས་འབྲས་བུ་སྐྱེ་བའི་ས་སྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར་གྱིས་བསྡུས་པ་ཐོབ་པས་ཆོས་ཉིད་རྟོགས་པའི་ཡེ་ཤེས་དང་དག་པ་ལྷ་སྐུའི་སྣང་བ་རྒྱུན་མི་འཆད་པ་ཟུང་འཇུག་གི་སྐུ་འགྲུབ་ཅིང་། དེ་ནས་ས་བརྒྱད་པ་དགུ་པ། བཅུ་པ་གསུམ་ནི་མཐར་ལམ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་གྱིས་བསྡུས་པ་ཡིན་ལ། དེ་ལྟར་བསྒོམ་མཐར་གྱི་ལམ་གྱི་ས་བཞི་པོ་དེ་ཐུན་མོང་བ་ལྟར་ན། སྒོམ་ལམ་རྒྱུན་མཐའ་དང་བཅས་པའི་ས་དགུས་བསྡུས་པས་ན། དེ་རྣམས་སུ་སྔར་མཐོང་ལམ་གྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་པོ་དེ་སྟོང་དུ་འགྱུར་ནས། ཞིང་ཁམས་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བཅུའི་རྡུལ་ཤིན་ཏུ་ཕྲ་བ་སྙེད་དང་མཉམ་པའི་བར་དུ་རིམ་བར་འཕེལ་ཞིང་། ཆོ་འཕྲུལ་བཞི་དང་། དབང་བཅུ་ལ་སོགས་པའི་ཡོན་ཏན་རྣམས་འཆར་བ་ཡིན་ནོ། །དེ་ལྟར་སློབ་པའི་ལམ་བཞིར་ཟུང་འཇུག་གི་ལམ་ཉམས་སུ་བླངས་པས་མཐར་ཕྱིན་པའི་འབྲས་བུ་མི་སློབ་པའི་ལམ་བརྙེས་ཏེ། མདོ་སྡེ་རྒྱན་ལས། སྒོམ་པ་ཐ་མ་རྫོགས་ནས་ནི། །འོད་ཟེར་ཆེན་པོས་དབང་བསྐུར་བ། །ཞེས་འབྱུང་བ་ལྟར་སྔགས་ཀྱི་ཐེག་པར། །
སློབ་ལམ་གྱི་རྩེ་མོ་ས་བཅུ་རྒྱུན་གྱི་ཐ་མར་འདོད་ཆགས་ཆེན་པོའི་ལམ་གྱི་འབྲས་བུའི་དབང་བསྐུར་བས་དགའ་བཞི་ལུགས་འབྱུང་ལྡོག་གི་མཐར་ཁུ་རྡུལ་ཕྲ་མོ་སྟེང་འོག་ཏུ་འགག་ཅིང་། དེའི་སྐད་ཅིག་གཉིས་པར་རླུང་ཕྲ་མོ་འགགས་པས། འགྱུར་བ་དེ་མྱོང་བའི་ཤེས་རིག་ཕྲ་མོའང་རྒྱུན་ཆད་པ་ན། སྤྱི་མདོ་ལས། གཞན་ནས་མ་བྱུང་རང་བྱུང་བ། །ཞེས་དང་། ལུང་བསྟན་པ་ལས། ཐ་མ་ཡིད་བཞིན་ནོར་བུ་ལྟར། །མ་བསགས་ཟད་འཕེལ་མེད་པའི་སྐུ། །གདུལ་བྱའི་དོན་སྣང་དངོས་གཞི་མེད། །ལྷུན་གྲུབ་ཡོན་ཏན་རང་སྣང་བའོ། །ཞེས་གསུངས་པ་ལྟར་གཞི་ལ་ཡོན་ཏན་ལྷུན་གྲུབ་ཏུ་བཞུགས་པ་ཉིད་མངོན་དུ་གྱུར་པ་ཙམ་ལས། དོན་དམ་པར་དྲི་མ་སྔར་ཡོད་བསལ་རྒྱུ་དང་ཡོན་ཏན་སྔར་མེད་སྒྲུབ་ཏུ་མེད་ཀྱང་། སྣང་ལུགས་ལ་གློ་བུར་གྱི་དྲི་མ་མཐའ་དག་བྲལ་སྟོབས་ཀྱིས་སྤངས་རྟོགས་ཡོན་ཏན་གསར་དུ་ཐོབ་པ་ལྟར་སྣང་སྟེ། མི་སློབ་པའི་ཟུང་འཇུག་འབྲས་བུའི་ཆོས་ལྔའམ་ཉི་ཤུ་རྩ་ལྔ་དབྱེར་མེད་ལྷུན་གྲུབ་ཀྱི་ངོ་བོ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་དབང་འབྱོར་བས། རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་ཀྱི་དོན་མཛད་དོ། །དེ་ལྟར་ཡང་དོན་བསྡུས་ལས། འབྲས་བུ་ཉིད་ནི་རྫོགས་སངས་རྒྱས། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །ཉི་ཤུ་རྩ་ལྔ་བསྡུས་མཐའ་ཡས། །ལྷུན་རྫོགས་རྣམ་
ཀུན་མཁྱེན་པའོ། །ཞེས་གསུངས་སོ། ༈ །སཾ་གྲ་ཧ་སཱུ་ཏྲའི་དབང་གི་སྤྱི་དོན་རྒྱུད་ལུང་མན་ངག་གི་གནད་གསལ་བྱེད་སྒྲོན་མེ་ལས། དེ་ཡང་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཟུང་འཇུག་རོ་གཅིག་ཏུ་བཞུགས་པའི་བདག་ཉིད། འཕགས་མཆོག་རྣམས་ཀྱི་ཐུགས་སུ་ལེགས་པར་ཆུད་ཅིང་། ཐར་འདོད་ཀྱི་སྐྱེས་བུ་རྣམས་ཀྱིས་རྟོགས་པར་བྱ་བའི་ཡུལ་ནི། དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པའི་མཚན་ཉིད་ཅན། དཀྱིལ་འཁོར་རྣམ་གསུམ་དབྱེར་མེད་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་ཉིད་དེ། སྤྱི་མདོ་དགོངས་པ་འདུས་པ་ལས། ཐམས་ཅད་བདག་ཉིད་དེར་གཅིག་པས། །ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །སྐྱེ་འགགས་མེད་པའི་སྙིང་པོ་ཡིན། །བྱ་བྱེད་མེད་པའི་དཀྱིལ་འཁོར་གསུམ། །ཡེ་ནས་གྲུབ་ཟིན་ལྷུན་གྱིས་གྲུབ། །ཅེས་གསུངས། །དེ་ཡང་དཀྱིལ་འཁོར་རྣམ་གསུམ་གང་ཞེ་ན། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་ཀྱི་རང་རྩལ་དུ་འདུ་ཞིང་། སེམས་ཉིད་སྐྱེ་མེད་སྤྲོས་པ་དང་བྲལ་བ་ནི་ཡུམ་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་པར་དག་པ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་ཏེ། དེ་ལས། ཐམས་ཅད་ཀྱི་རང་བཞིན་གང་ལགས་པ་དེ་མ་བཅོས་མ་བསླད་མ་བྱུང་མ་སྐྱེས་ཇི་བཞིན་པའི་དེ་ཁོ་ན་ཉིད་ཡེ་ཇི་བཞིན་པའི་དཀྱིལ་
འཁོར་དུ་མཐོང་ལགས་སོ། །ཞེས་སོ། །དེ་ཉིད་ཐམས་ཅད་དུ་མ་འགགས་པར་རང་སྣང་རིས་མེད་ཀུན་ཁྱབ་ཏུ་ཤར་བ་ནི། ཀུན་ཏུ་བཟང་པོ་རང་བྱུང་གི་ཡེ་ཤེས་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཏེ། ཐམས་ཅད་ཀྱིས་དེ་ཉིད་དུ་སངས་རྒྱས་ཏེ་ཀུན་ལ་ཁྱབ་པའི་སླད་དུ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ་མཐོང་ལགས་སོ། །ཞེས་སོ། །དེ་གཉིས་ཀྱང་ངོ་བོ་ཐ་མི་དད་པར་ཟུང་འཇུག་ཏུ་གནས་ པ་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ། ཐམས་ཅད་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་མཐོང་ལགས་སོ། །ཞེས་གསུངས་པའི་ ཕྱིར། །ཞེས་སོ། ༈ །དེ་ཡང་དབང་གི་སྤྱི་དོན་འཆད་པ་ལ། གང་གིས་འཆད་ན། རྩ་རྒྱུད་ཀུན་འདུས་རིག་པའི་མདོ་དང་། བཤད་རྒྱུད་དགོངས་པ་འདུས་པ། གཞན་ཡང་རྔམས་གློག་དང་། ཧེ་རུ་ཀ་འདུས་པ་སོགས་མདོའི་རྒྱུད་ལུང་དགོངས་འགྲེལ་དང་བཅས་པ་དང་། དྲུག་གསུམ་བཅོ་བརྒྱད་ཀྱི་མན་ངག་རྣམས་རྩ་བར་བཟུང་ནས་བླ་མ་བརྒྱུད་པའི་ཕྱག་བཞེས་ལྟར་འཆད་པའོ། །ཇི་ལྟར་འཆད་པ་ལ་གསུམ་ སྟེ། རྟོགས་ལྡན་འཇུག་པའི་ཕྱིར་བརྒྱུད་པའི་ལོ་རྒྱུས་བརྗོད་པས་འདི་ནས་དྲུག་རྒྱུད་ཀྱི་དུམ་བུ་དང་། བཅུ་གཉིས་སློབ་དཔོན་བདེ་བ་གསལ་མཛད་ཀྱི་མཛད། ཡིད་ཆེས་བསྐྱེད་པ། བཤད་བྱའི་དོན་ཁོང་དུ་ཆུད་ཕྱིར་སྔོན་རྗེས་ཀྱི་ཆུ་
བོ་བཞིའི་དབང་གི་རང་བཞིན་གཏན་ལ་དབབ་པ། གདུལ་བྱ་སྤྲོ་བ་བསྐྱེད་ཕྱིར་འཆད་ཉན་གྱི་ཕན་ཡོན་བསྟན་པས་མཇུག་བསྡུ་བའོ། །གཉིས་པ་ལ་གསུམ་སྟེ། སྔོན་འཇུག་དང་རྗེས་འཇུག་གི་དབང་གཉིས་g,ཀྱི་དབྱེ་བ་སྤྱིར་བསྟན། དེ་ལས་རྗེས་འཇུག་གི་དབང་གི་གོ་དོན་བྱེ་བྲག་ཏུ་བཤད། དེ་བསྐུར་བའི་ཕྱག་བཞེས་ཀྱིས་མཐའ་དཔྱད་པའོ། །དང་པོ་ལ། སྔོན་བྱུང་གི་དབང་ནི་སློབ་དཔོན་རྫོགས་པའི་སངས་རྒྱས་༧ ཀྱིས། སློབ་མ་རྒྱུའི་ཐེག་པའི་མི་སློབ་ལམ་པའམ། སྔགས་རང་ལུགས་ཀྱི་མཐར་ལམ་པ། ཆོས་ལྔ་དང་ལྡན་པའི་རྒྱལ་ཚབ་སྐྱེས་བུ་དམ་པར་གྱུར་པ་རྣམས་ལ་ཡེ་ཤེས་རང་སྣང་ལས་གྲུབ་པའི་རང་བཞིན་གྱི་དཀྱིལ་འཁོར་དུ་འབྲས་དུས་ཀྱི་དབང་བསྐུར་བས། མཐར་ཐུག་གི་འབྲས་བུའི་གོ་འཕང་ཐོབ་པའི་རྟགས་རྒྱལ་བའི་ཞིང་ཀུན་ཏུ་ཡོངས་སུ་གྲགས་ཤིང་སྣང་བར་གྱུར་པའོ། །ཆོས་ལྔ་ནི། རྒྱལ་བ་ཀུན་གྱི་རྒྱུད་དུ་བྱུང་བ། མཚན་དང་དཔེ་བྱད་ཀྱི་རྟགས་དང་ལྡན་པ། ཆོས་ཤེས་པ། བསྡུ་བའི་འཁོར་དང་ལྡན་པ། དབང་བཅུ་ཐོབ་པའོ། །དེ་ཡང་ཚུལ་བསྟན་གྱི་དབང་དུ། དགའ་ལྡན་དུ་དམ་པ་ཏོག་དཀར་པོར་རྒྱུད་ཆུ་དང་། འོག་མིན་དུ་དོན་གྲུབ་ཀྱི་ཡེ་ཤེས་ཀྱི་ལུས་ལ་འབྱུང་ཆུ། ཐུབ་པའི་དབང་པོ་བྱང་ཆུབ་ཤིང་དྲུང་དུ་གྲགས་པའི་ཆུ་བོ། གསང་བའི་བདག་པོར་དབང་བསྒྱུར་གྱི་ཁང་བཟང་དང་གྱད་ཡུལ་གྱི་གནས་སུ་གསང་
བའི་ཆུ་བོ་བྱིན་པའོ། །རྗེས་འཇུག་གི་དབང་ལ་གཉིས་ལས། ལམ་པའི་དབང་ལའང་འདུན་པ་སེམས་པ་དང་། རིགས་ཆེན་འབྱེད་པ་སྟེ་ཚོགས་སྦྱོར་གཉིས་རྒྱུད་ཀྱི་ཆུ་བོའི་རྒྱུ་དང་། མཐོང་ལམ་དབུགས་ཆེན་འབྱིན་པ་འབྱུང་ཆུའི་རྒྱུ་དང་། སྒོམ་ལམ་ལུང་ཆེན་གྲགས་པའི་ཆུ་བོའི་རྒྱུ་དང་། མཐར་ལམ་རྩལ་ཆེན་རྫོགས་པ་ནི་རྫོགས་པའི་ཆུ་བོའི་རྒྱུའོ། །རྗེས་འཇུག་ལས་དང་པོ་པ་ལ་ཡོ་ག་བཞི་རྫོགས་ཀྱི་དབང་སྟེ་འོག་ཏུ་འཆད་དོ། །དེ་ལྟར་ཡང་དབང་དོན་བསྡུས་པ་ལས། སེམས་ཅན་རྣམས་ཀྱི་དོན་ཆེད་དུ། །དབང་གི་དོན་རྣམས་བསྡུ་བར་བྱ། །ཆུ་བོ་ཆེན་པོ་བཞི་རྣམས་ལ། །སྔོན་བྱུང་དང་ནི་རྗེས་སུ་འཇུག ། སྔོན་བྱུང་ཆུ་བོ་རྣམ་བཞི་ལ། །ཡུལ་དང་དབང་པོ་དགོས་ཆེད་དང་། །ཐབས་དང་རྟགས་དང་གནས་དང་དྲུག །རྗེས་འཇུག་ལམ་པ་དང་པོ་གཉིས། །ལམ་པ་ཆུ་བོ་རྣམ་བཞི་ལ། །རྒྱུ་དང་ཐོབ་དང་མི་ཐོབ་དང་། །ཡུལ་དང་སྣོད་དང་ཁྱད་པར་རྟགས། །བདུན་གྱིས་འདི་ཡི་དོན་བསྡུས་པའོ། །རྗེས་འཇུག་ལས་ཀྱི་དང་པོ་ལ། །ཆུ་བོ་བཞི་ཡིས་དབང་བསྐུར་བ། །ཡོ་ག་ལ་སོགས་ཐེག་དྲུག་ལ། །ཕྱི་དབང་རྒྱུད་ཀྱི་ཆུ་བོས་བྱ། །བསྐྱེད་པ་མ་ཧཱ་ཡོ་ག་ལ། །ནང་དབང་འབྱུང་བའི་ཆུ་བོས་བྱ། །རྫོགས་པ་ཨ་ནུ་ཡོ་ག་ལ། །སྒྲུབ་དབང་གྲགས་པའི་ཆུ་བོས་བྱ། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །གསང་དབང་རྫོགས་པའི་ཆུ་བོས་བྱ། །བཅུ་
དང་བཅུ་གཅིག་བཅུ་གསུམ་དང་། །རྣམ་པ་གཉིས་ཀྱིས་རྫོགས་པའོ། །ཞེས་སོ། །གཉིས་པ་རྗེས་འཇུག་གི་དབང་གི་གོ་དོན་བྱེ་བྲག་ཏུ་བཤད་པ་ནི། འདིར་རྗེས་འཇུག་ལས་དང་པོ་པའི་དབང་གཙོ་ཆེ་བ་། ཊྛ ཡིན་ནོ། །དེ་ལ་གསུམ་སྟེ། དབང་གི་ངོ་བོ། ངེས་ཚིག །དབྱེ་བའོ། །དང་པོ་ནི། ཧེ་རུ་ཀ་འདུས་པ་ལས། གང་གིས་གང་ལ་དབང་བསྐུར་བས། །རྒྱུད་དག་ནུས་པ་ཐོབ་ཕྱིར་དབང་། །ཞེས་པའི་དོན་བྱེད་པ་པོ་དང་། ལས་དང་། བྱེད་པ་སྟེ་གསུམ་མོ། །གཉིས་པ་ནི། ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན། མན་ངག་གསང་བ་ལས། ཁྱད་པར་ཅན་གྱི་ནུས་འཇོག་ཅིང་། །རྒྱུན་མི་འཆད་དང་འཁྲུ་ཕྱིར་རོ། །ཞེས་སོ། །གསུམ་པ་དབྱེ་བ་ལ་བཞི་སྟེ། བསྐུར་བྱ་ཆུ་བོ་བཞིའི་དབྱེ་བ། ཐོབ་བྱེད་༢རྒྱུ་རྐྱེན་གྱི་སྒོ་ནས་དབྱེ་བ། འབྲས་བུ་བྲལ་ཐོབ་ཀྱི་སྒོ་ནས་དབྱེ་བ། སྤང་བླང་སྐྱོན་ཡོན་གྱི་སྒོ་ནས་དབྱེ་བའོ། །དང་པོ་ནི། རྩ་རྒྱུད་ལས། འདུས་པ་ཆེན་པོའི་རྣལ་འབྱོར་པ། །སྲིད་པ་གསུམ་གྱིས་ཕྱག་བྱས་པའི། །བླ་མའི་ས་ལ་གནས་པ་ཡི། །དབང་མཆོག་སུམ་ཅུ་རྩ་དྲུག་ཡིན། །ཕྱི་ཡི་དབང་དང་ནང་གི་དབང་། །སྒྲུབ་པའི་དབང་དང་གསང་བའི་དབང་། །བཅུ་དང་བཅུ་གཅིག་བཅུ་གསུམ་དང་། །རྣམ་པ་གཉིས་ཀྱིས་རྫོགས་པར་འགྱུར། །ཞེས་དང་། བཤད་རྒྱུད་དགོངས་འདུས་ལས། ལ་ལས་ནི་རྒྱུད་ཀྱི་ཆུ་བོའི་དབང་
བྱིན་ནོ། །ལ་ལས་ནི་འབྱུང་བའི་ཆུ་བོའི་དབང་བྱིན་ནོ། །ལ་ལས་ནི་གྲགས་པའི་ཆུ་བོའི་དབང་བྱིན་ནོ། །ལ་ལས་ནི་རྫོགས་པའི་ཆུ་བོའི་དབང་བྱིན་ནོ། །ཞེས་དང་། རྔམས་གློག་ལས་ཀྱང་། དང་པོ་ཕྱི་ཡི་དབང་བཅུ་བསྐུར། །དེ་ནས་ནང་དབང་བཅུ་དང་གཅིག །དེ་ནས་སྒྲུབ་དབང་བཅུ་དང་གསུམ། །ཐ་མར་གསང་བ་རྣམ་པ་གཉིས། །བཅུ་ཕྲག་གསུམ་དང་དྲུག་དག་གིས། །དབང་མཆོག་དམ་པ་བསྐུར་བ་ཡིན། །ཞེས་པས་འདུས་པ་མདོའི་དབང་ལ་ཕྱེ་ན་ཆུ་བོ་བཞི་སྟེ། ཕྱི་དབང་རྒྱུད་ཀྱི་ཆུ་བོ་དང་། ནང་དབང་འབྱུང་བའི་ཆུ་བོ་དང་། སྒྲུབ་དབང་གྲགས་པའི་ཆུ་བོ་དང་། གསང་དབང་རྫོགས་པའི་ཆུ་བའོ། །མཚན་ཉིད་རིམ་བཞིན་ཆུ་བོ་བཞིའི་ནང་ཚན་གང་ཞིག །རང་ཐོབ་བྱེད་འདུས་པ་མདོའི་རྩ་བའི་དཀྱིལ་འཁོར་ཐུན་ཐུན་མིན་གང་རུང་ངམ། བསྙེན་པ་དང་འབྲེལ་བ་ཡན་ལག་གི་དཀྱིལ་འཁོར་སོ་སོར་ཕྱེ་བ་གང་རིགས་མ་བརྟེན་ནས་བསྐུར་བས། སློབ་བུའི་རྒྱུད་ལ་ཡོ་ག་མན་ཆད་ཐེག་པ་དྲུག་༡ལྷ་མི༡། ཉན། རང་༣། བྱང་སེམས། བྱ་སྤྱོད།། རྣལ་འབྱོར༦། སོ་སོ་རང་རང་གི་སྤངས་ཐོབ་དང་། རིགས་འདྲའི་ཡོན་ཏན་ཆ་དེ་ དང་དེ་སྐྱེས་སམ་སྐྱེ་རུང་གི་དགེ་བའི་ས་བོན་གསོས་ཐེབས་ཤིང་། རང་འབྲས་ནང་དབང་བསྐུར་རུང་གི་སྐལ་པ་ཅན་དུ་བསྒྲུབས་པ་དེ་ཕྱི་དབང་གི་མཚན་ཉིད། དབྱེ་ན། ཕྱི་དབང་རྩ་བ་བཅུའམ། དེ་ལས་ཕྱེ་
བའི་བྱེ་བྲག་བརྒྱ་རྩ་བརྒྱད་ལ་སོགས་པའོ། །ཆུ་བོ་བཞིའི་ནང་ཚན་གང་ཞིག །རང་ཐོབ་བྱེད་འདུས་པ་མདོའི་རྩ་བའི་དཀྱིལ་འཁོར་ཐུན་ཐུན་མིན་གང་རུང་ངམ། ཉེ་བསྙེན་གྱི་ཡན་ལག་དང་འབྲེལ་བ་ཚོགས་#ཆེན་འདུས་པ་ཐུན་མོང་གི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་བས། སློབ་བུའི་རྒྱུད་ལ་མ་ཧཱ་ཡོ་གའི་སྤངས་ཐོབ་དང་རིགས་འདྲའི་ཡོན་ཏན་སྐྱེས་སམ་སྐྱེ་རུང་གི་ས་བོན་ཐེབས་ཤིང་། རང་འབྲས་སྒྲུབ་དབང་བསྐུར་རུང་གི་སྐལ་བ་ཅན་དུ་གྱུར་པ་དེ་ནང་དབང་གི་མཚན་ཉིད། དབྱེ་ན། ནང་དབང་རྩ་བ་བཅུ་གཅིག་གམ། དེ་ལས་ཕྱེ་བའི་བྱེ་བྲག་དྲུག་བརྒྱ་དང་དྲུག་ལ་སོགས་པའོ། །ཆུ་བོ་བཞིའི་ནང་ཚན་གང་ཞིག ། རང་ཐོབ་བྱེད་འདུས་པ་མདོའི་རྩ་བའི་དཀྱིལ་འཁོར་གཉིས་གང་རུང་ངམ། སྒྲུབ་པའི་ཡན་ལག་དང་འབྲེལ་བ་ཚོགས་ཆེན་འདུས་པ་ཐུན་མོང་མ་ཡིན་པའི་དཀྱིལ་འཁོར་ལ་བརྟེན་ནས་དབང་བསྐུར་བས། སློབ་བུའི་རྒྱུད་ལ་ཨ་ནུའི་ཐེག་པ་རང་ལུགས་ཀྱི་སྤངས་ཐོབ་ཀྱི་རིགས་སུ་གནས་པའི་ཡོན་ཏན་སྐྱེས་སམ་སྐྱེ་རུང་གི་ནུས་པ་ཁྱད་པར་ཅན་གསོས་ཐེབས་ཤིང་། རང་འབྲས་གསང་དབང་བསྐུར་རུང་གི་སྐལ་བ་ཅན་དུ་བསྒྲུབས་པ་དེ་སྒྲུབ་དབང་གི་མཚན་ཉིད། དབྱེ་ན། སྒྲུབ་དབང་རྩ་བ་བཅུ་གསུམ་མམ། དེ་ལས་ཕྱེ་བའི་བྱེ་བྲག་བརྒྱ་དང་བཅོ་ལྔ་ལ་སོགས་པའོ། །ཆུ་བོ་བཞིའི་ནང་ཚན་གང་ཞིག །རང་ཐོབ་བྱེད་འདུས་པ་
མདོའི་རྩ་བའི་དཀྱིལ་འཁོར་གཉིས་གང་རུང་ངམ། སྒྲུབ་པ་ཆེན་པོའི་ཡན་ལག་དང་འབྲེལ་བ་ཡན་ལག་གི་དཀྱིལ་འཁོར་ཁྱད་པར་བ་ལ་བརྟེན་ནས་བསྐུར་བས། སློབ་བུའི་རྒྱུད་ལ་ཨ་ཏི་ཡོ་གའི་སྤངས་ཐོབ་ཀྱི་ཡོན་ཏན་དང་རིགས་འདྲའི་ཨ་ནུ་རང་ལུགས་ཀྱི་རྫོགས་རིམ་མཐར་ཐུག་གསང་བ་བྱང་སེམས་རྣམ་པ་གཉིས་ཀྱི་ཡེ་ཤེས་སྐྱེས་སམ་སྐྱེ་རུང་གི་ནུས་པ་ཁྱད་པར་ཅན་དུ་བསྒྲུབས་པ་དེ་གསང་དབང་རྫོགས་པའི་ཆུ་བོའི་མཚན་ཉིད། དབྱེ་ན། ཀུན་རྫོབ་བྱང་སེམས་ཀྱི་དབང་ལུས་ལ་བསྐུར་བ་དང་། དོན་དམ་བྱང་སེམས་ཀྱི་དབང་སེམས་ལ་བསྐུར་བའོ། །ཐོབ་བྱེད་ཀྱི་དབྱེ་བ་སོགས་ནི་འདིར་མ་བྲིས་སོ། །གསུམ་པ་རྗེས་འཇུག་གི་དབང་བསྐུར་བའི་ཕྱག་བཞེས་ཀྱི་མཐའ་དཔྱད་པ་ནི། རྒྱུད་ལུགས་མདོ་རྩ་བའི་དཀྱིལ་འཁོར་དུ་མདོ་དབང་དངོས་སུམ་ཅུ་རྩ་དྲུག་བསྐུར་ཚུལ། མན་ངག་ལུགས་མདོ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དུ་ཐེག་པ་ཐམས་ཅད་འདུས་པའི་མདོ་དབང་རྩ་བ་སོ་དྲུག་ལས་ཡན་ལག་རགས་པ་བརྒྱད་བརྒྱ་སོ་གཅིག་ཏུ་ཕྱེ་ནས་བསྐུར་ཚུལ། དེ་གཉིས་ད་ལྟའི་དུས་ཀྱི་ཕྱག་ལེན་ལྟར་གཅིག་ཏུ་བསྒྲིལ་ནས་བསྐུར་བའི་འདོར་ལེན་བྱ་ཚུལ་ལོ། །དང་པོ་ལ་གཉིས་ཏེ། རྩ་བའི་དཀྱིལ་འཁོར་ངོས་བཟུང་བ་དང་། དེར་རྒྱུད་ལས་དངོས་བསྟན་གྱི་དབང་སོ་དྲུག་བསྐུར་ཚུལ་བཤད་པའོ། །དང་པོ་ནི། ཐུན་མོང་དང་ཐུན་
མོང་མ་ཡིན་པ་རྩ་བའམ་ཁྱད་པར་གྱི་དཀྱིལ་འཁོར་གཉིས། ཞེས་སམ། ཡང་ན་ཐུན་ཐུན་མིན་གྱི་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་ཞེས་བྱ་བ་གཉིས་སུ་འགྱུར་ཏེ། ཇི་ལྟར་ཞེ་ན། ཐུན་མོང་མ་ཡིན་པའི་དཀྱིལ་འཁོར་ནི། རྩ་རྒྱུད་ཚོགས་ཆེན་འདུས་པའི་སྒྲུབ་ལུགས་ཀྱི་ལེའུ་ལས་བཤད་པའི་དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་ཞེས་གྲགས་པའི་ཁྲོ་དཀྱིལ་དང་། བཤད་རྒྱུད་རྔམས་གློག་ནས་བཤད་པའི་ཞི་དཀྱིལ་གཉིས་སྦྲེལ་བ་དེ་ཡིན་ཏེ། དེ་ཉིད་ཡན་ལག་གི་དཀྱིལ་འཁོར་སོ་སོར་ཕྱེ་བ་མདོ་ཡོངས་རྫོགས་ཀྱི་སྐབས་སུ་སྒྲུབ་དབང་གྲགས་པའི་ཆུ་བོའི་དཀྱིལ་འཁོར་དུ་ཡིན་པས་ན། ཐུན་མོང་མ་ཡིན་པ་མདོ་རྩ་ཟློ བའམ་ཁྱད་པར་བའི་དཀྱིལ་འཁོར་ཞེས་བཏགས་སོ། །རྩ་བའི་དཀྱིལ་འཁོར་ཐུན་མོང་བ་ནི། ཧེ་རུ་ཀ་འདུས་པའི་རྒྱུད་ལས་གསུངས་པའི་ཁྲོ་དཀྱིལ་དང་། རྔམས་གློག་ཏུ་གསུངས་པའི་ཞི་དཀྱིལ་གཉིས་སྦྲེལ་བའི་ཞི་ཁྲོའི་དཀྱིལ་འཁོར་གཉིས། མདོ་ཡོངས་རྫོགས་ཀྱི་ཚེ་འདི་ཉིད་ནང་དབང་འབྱུང་ཆུའི་དཀྱིལ་འཁོར་ཡིན་པས་ན། མ་ཧཱའི་དཀྱིལ་འཁོར་དང་ཐུན་མོང་དུ་གྱུར་པ་གང་ཞིག །མོས་སློབ་ཙམ་ལ་གྲགས་གསང་གི་ཆུ་བོ་གཉིས་ཀྱང་དཀྱིལ་འཁོར་འདི་ཉིད་དུ་བསྐུར་དུ་རུང་བས་རྩ་བའི་དཀྱིལ་འཁོར་དུའང་འགྱུར་བའི་ཕྱིར། ཐུན་མོང་པའི་རྩ་བའི་དཀྱིལ་འཁོར་ཞེས་བཏགས་པ་ཡིན་ནོ། །གཉིས་པ་ལ་གསུམ་སྟེ།
བསྐུར་བྱའི་དབང་སོ་དྲུག་རྒྱུད་ལས་བཤད་ཚུལ། དེ་རྩ་དཀྱིལ་ཐུན་ཐུན་མིན་གང་རུང་དུ་རྫོགས་པར་བསྐུར་རུང་བའི་འཐད་པ་ཇི་ལྟར་བསྐུར་བའི་ཆོ་གའི་ཁྱད་པར་བཤད་པའོ། །དང་པོ་ནི། རྩ་རྒྱུད་རྔམས་གློག་ལས་ཇི་ལྟར་གསུངས་པ་བཞིན། དང་པོ་ཕྱི་དབང་རྒྱུད་ཀྱི་ཆུ་བོ་ལ། བཀའ་རྟགས་༡ཕྱག་རྒྱའི། རྟགས་ཀྱི་༢མཚན་མའི། ཤེས་རབ་གཟུངས་༣ཀྱི། བཀྲ་ཤིས་བུམ་༤པའི། བཀྲ་ཤིས་རྫས་༥བརྒྱད་ཀྱི། རིན་ཆེན་སྣ་༦བདུན་གྱི། གདན་༧ཁྲིའི། རྒྱན་ཆ་རྟགས་༨ཀྱི། མིང་༩གི །འཁོར་༡༠ལོའི་དབང་སྟེ་ཕན་དབང་ངམ་ཕྱི་དབང་བཅུ། གཉིས་པ་ནང་དབང་འབྱུང་བའི་ཆུ་བོ་ལ། གསང་༡བ་ཉན་ ཅིང་ཀློག་པའི། རྣམ་༢བཞི་ལས་ཀྱི། རྒྱལ་ཐེབས་༣འཆད་པའི། རྡོ་རྗེ་རྒྱལ་༤པོར་དབང་བསྐུར་བའི། ཟིལ་(གནོན་གདན་གྱི། ཁྱད་པར་༦རིན་ཆེན་སྣ་བདུན་གྱི། ཕྱག་རྒྱ་༧གཟུགས་བརྙན་གྱི། ཡེ་ཤེས་ཐུགས་རཀྱི། སྐུ་གསུང་༩ཐུགས་ཀྱི། བདུད་འདུལ་༡༠བཀྲ་ཤིས་རྫས་ཀྱི། གསང་བ་༡༡མིང་གི་དབང་སྟེ། ནང་ནུས་པའི་དབང་༼༢༡༽བཅུ་གཅིག །གསུམ་པ་སྒྲུབ་དབང་གྲགས་པའི་ཆུ་བོ་ནི། ཤེས་༡རབ་ རིག་པའི་དབང་། སྙིང་རྗེ་རྟགས་༢ཀྱི་དབང་། འགྲོ་དོན་རྫོགས་པའི། དུག་གསུམ་༤གཏིང་ནས་སྤྲུགས་པའི། སྲིད་གསུམ་(སྒྲོལ་བའི། སྐྱོན་གྱིས་མ་༦གོས་པའི། ལས་རྣམས་༧རྫོགས་པའི། གཉིས་
མེད་རའཁྲིལ་པའི། གསང་༩བ་སྦྱོར་བའི། འདོད་༡༠ཡོན་ལོངས་སྤྱོད་ཀྱི། སྒྲུབ་༡༡པའི་རྒྱལ་པོའི། སྒྲུབ་༡༢རྫས་ཐམས་ཅད་ཀྱི། གཉིས་༡༣མེད་མིང་གི་དབང་སྟེ། ཆུ་བོ་བཞི་༣༤ཕན་ནུས་ཟབ་གསུམ་ཊྛ དུ་བསྡུ་བའི་ཚེ། འདིའང་ནུས་དབང་གི་ནང་ཚན་ཏེ་བཅུ་གསུམ་མོ། །བཞི་པ་གསང་དབང་རྫོགས་པའི་ཆུ་བོ་ནི། ཀུན་རྫོབ་༡བྱང་སེམས་ཀྱི་དབང་ལུས་དང་། དོན་དམ་བྱང་སེམས་ཀྱི་༢དབང་སེམས་ལ་བསྐུར་ཚུལ་གཉིས་ཏེ། གསང་བ་༼༤༦༽ཟབ་མོའི་དབང་གཉིས་སོ། །དེ་ཡང་རྔམས་གློག་ལས། གསང་བ་དམ་པ་སྦྱིན་པར་བྱ། །དཀར་དམར་འདྲེས་པའི་བྱང་ཆུབ་སེམས། །བུ་མཆོག་དེ་ཡི་ལྕེ་ལ་བཞག ། ཅེས་ཀུན་རྫོབ་བྱང་སེམས་གསང་དབང་གི་ཁོངས་སུ་ཤེར་དབང་སྦས་པ་བླ་མའི་མན་ངག་ལ་ལྟོས་དགོས་ཏེ། དེ་ཡང་གསང་དབང་ལ་བླ་མ་ཡབ་ཡུམ་གྱི་ལུས་དཀྱིལ་དང་། ཤེས་དབང་ལ་ཕྱག་རྒྱ་མའི་མཁའ་གསང་གི་དཀྱིལ་འཁོར་གཉིས་འཇུག་བྱའི་དཀྱིལ་འཁོར་ཡིན་ལ་མཚོན་བྱེད་ཀྱི་བརྡ། གསང་རྫས་དང་མན་ངག་གི་དཀྱིལ་འཁོར་ལ་བརྟེན་ནས། ལྕེ་ལ་བཞག་ཅེས་པས། གསང་དབང་བླ་མ་ཡབ་ཡུམ་གྱི་བྱང་སེམས་དངོས་སུ་ལྕེ་ལ་བཞག་པ་དང་། ཤེར་དབང་ནི་སློབ་བུ་ཉིད་ཤེས་རབ་མ་དང་སྙོམས་པར་ཞུགས་པའི་ཁུ་རྡུལ་གསང་རྩ་ཕན་ཚུན་ལྟེམས་པ་ཡབ་ཀྱི་གསང་བ་རྡོ་རྗེའི་ལྕེ་ལ་བཞག་ནས་བསྐུར་བས་འབྱུང་
ལྡོག་གི་དགའ་བ་བཞི་ལ་ངོ་སྤྲོད་པའོ། །གཉིས་པ་ནི། རྩ་དཀྱིལ་ཐུན་མིན་དུ་དབང་བསྐུར་ཚུལ་འགྲེལ་པ་ལུང་བསྟན་མ་དང་། ཐུན་མོང་དུ་དབང་བསྐུར་ཚུལ་སྒྲོ་ཕུག་པའི་གསང་སྔགས་ལུང་གི་འདུས་པ་མདོའི་མཛད་བྱང་ཞེས་པར་གསལ་བའི་ཕྱིར་རོ། །གསུམ་པ་ནི། ལམ་རིམ་ལས། གཞི་དང་གཞུང་གི་རྫོགས་པར་འགྱུར། །ཕུན་སུམ་ཚོགས་པ་ལྔ་གཞི་ལ། །བསྙེན་སྒྲུབ་བཞི་ཡིས་གཞུང་བསྲང་བའང་། །ཞེས་པས། ཕུན་སུམ་ཚོགས་པ་ལྔས་༡སྟོན་པ་འཁོར་༢གནས་༣ཡོ་༤ བྱད་དུས། སྒྲུབ་པའི་གཞི་བཟུང་བ་དང་། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་བའོ། །ཕྱི་མ་ལའང་སྨིན་སློབ་དང་། །མོས་སློབ་གཉིས་ལས། ཕྱི་མའི་དབང་དུ་བྱས་ན་ལྷ་ལུས་དཀྱིལ་དུ་བཀོད་ནས་དུས་གྲངས་རྟགས་ཀྱི་གཞིའི་བསྙེན་པ་རྫོགས་པར་བྱ་བ་ནི་སྔོན་དུ་བྱ་བ་དང་། སྒྲུབ་དབང་གི་རྫས་གསོག་ཅིང་ས་བརྟག་བསླང་ཚེ སྦྱང་བ་སོགས་བསྙེན་པའི་ཡན་ལག་དངོས་ལ་བཅུ་གཉིས། ཚོན་གྱིས་བྲི་བ་སོགས་ཉེ་བསྙེན་ལ་དོན་བཅུ་བདུན། ཕྲིན་ལས་ཀྱི་གཞུང་བསྲང་བ་སོགས་སྒྲུབ་པའི་ཆོས་བཅུ། གྲུབ་པའི་རྟགས་བྱུང་བ་དང་དངོས་གྲུབ་ཀྱི་རྫས་བཤམ་ཞིང་སྦྱིན་སྲེག་བྱ་བ། དངོས་གྲུབ་བླང་བ་དབང་བསྐུར་བ་སོགས་སྒྲུབ་ཆེན་གྱི་ཆོས་བཅུ་གཅིག་གོ །གཉིས་པ་མན་ངག་ལུགས་མདོ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དུ་ཐེག་པ་ཐམས་ཅད་
འདུས་པའི་མདོ་དབང་རྩ་བ་སོ་དྲུག་ལས་ཡན་ལག་རགས་པ་བརྒྱད་བརྒྱ་སོ་གཅིག་ཏུ་ཕྱེ་ནས་བསྐུར་ཚུལ་ནི། སློབ་དཔོན་ཆེན་པོ་བདེ་བ་གསལ་མཛད་ཀྱི་ལས་ཐོའི་དགོངས་པ་ཡིན་པས་མན་ངག་གི་ལུགས་ཞེས་བྱ་སྟེ། དེ་ཡང་འདིར་མོས་སློབ་གཙོ་ཆེའི་དབང་དུ་བྱས་ཏེ། ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་བ་དང་། བསྙེན་སྒྲུབ་བཞིས་གཞུང་བསྲང་བ་དང་འབྲེལ་བར་ཆུ་བོ་བཞིའི་དབང་བསྐུར་ཚུལ་ལོ། །དེ་ ཡང་བསྙེན་པའི་ཡན་ལག་ཕྱི་དབང་རྒྱུད་ཀྱི་ཆུ་བོ། ཉེ་བསྙེན་གྱི་ཡན་ལག་ནང་དབང་འབྱུང་བའི་ཆུ་བོ། སྒྲུབ་པའི་ཡན་ལག་སྒྲུབ་དབང་གྲགས་པའི་ཆུ་བོ། སྒྲུབ་ཆེན་གྱི་ཡན་ལག་གསང་དབང་རྫོགས་པའི་ཆུ་བོ་བསྐུར་བའི་རིམ་པའོ། །དང་པོ་ལའང་། གང་དུ་བསྐུར་བའི་དཀྱིལ་འཁོར་དང་། གང་བསྐུར་བྱའི་དབང་གཉིས་ལས། དང་པོ་ནི། དབང་དོན་བསྡུས་པ་ལས། ཡོ་ག་ལ་སོགས་ཐེག་དྲུག་ལ། །ཕྱི་དབང་རྒྱུད་ཀྱི་ཆུ་བོས་བྱ། །ཞེས་པས། ལྷ་མི་ནས་ཡོ་གའི་བར་བྱ་སྤྱོད་གཅིག་ཏུ་བྱས་པའི་དཀྱིལ་འཁོར་དྲུག་ཏུ་སྣང་བ་རིགས་བསྡུས་ན་མདོ་རྒྱུད་གཉིས་ལས། དང་པོ་མདོ་ལ། ནུབ་དང་པོ་ས་ཆོག་དང་དགེ་བའི་དཔུང་བསྐྱེད་པ་སོགས་བསྒྲུབས་ཤིང་། ཕྱག་རྡོར་ངན་སོང་གནས་འདྲེན་གྱི་དཀྱིལ་འཁོར་དུ་མཆོག་དབང་བཅུ་དྲུག་བསྐུར་བས་རྒྱུད་སྦྱོང་ཞིང་སྣོད་དུ་རུང་བར་བྱས་ནས། ནུབ་གཉིས་པ་ནས་བཟུང་། ལྷ་མི།
ཉན་ཐོས། རང་རྒྱལ། བྱང་སེམས་བཞིའི་དཀྱིལ་འཁོར་བཤམ་སྒྲུབ་དབང་བསྐུར་སོགས་ཇི་ལྟར་རིགས་པར་བྱ་བའོ། །གཉིས་པ་རྒྱུད་ནི། ཀྲི་ཡ་རྩ་བའི་ལྷ་རིགས་གསུམ་ཉི་ཤུ་རྩ་གཅིག་གི་དཀྱིལ་འཁོར་དང་། ཡོ་ག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བཤམ་སྒྲུབ་སོགས་སོ། །གཉིས་པ་གང་བསྐུར་བྱའི་དབང་ནི། ལས་ཐོར། ཕྱི་དབང་རྩ་བ་བཅུ་པོ་ལ། །ཡན་ལག་བརྒྱ་རྩ་བརྒྱད་དུ་བསྐུར། །ཅེས་པས་ཕྱི་དབང་རྩ་བ་བཅུ་ནི། དབང་དོན་རྣམ་འབྱེད་ལས། དང་པོ་རྒྱལ་པོ་བཀའ་རྟགས་༢༠དབང་། །གཉིས་པ་རྟགས་ཀྱི་མཚན་མའི་༢༠དབང་། །གསུམ་པ་ཐུགས་རྗེ་གཟུངས་ཀྱི་༡༢དབང་། །བཞི་པ་ཤེས་རབ་བུམ་པའི་དབང་། །ལྔ་པ་ཁྱད་པར་གདན་གྱི་༣དབང་། །དྲུག་པ་རྒྱལ་སྲིད་རིན་ཆེན་༡དབང་། །བདུན་པ་བཀྲ་ཤིས་རྫས་ཀྱི་༡༦དབང་། །བརྒྱད་པ་ཤེས་བྱ་མ་རྨོངས་༧དབང་། །དགུ་པ་མཛེས་པ་རྒྱན་ཆའི་༦དབང་། །བཅུ་པ་དབང་བསྒྱུར་མིང་གི་༢དབང་། །ཞེས་སོ། །དེ་ནས་རགས་པ་བརྒྱ་རྩ་བརྒྱད་དུ་དབྱེ་བ་ནི། དབང་དོན་རྒྱ་ཆེར་འབྱེད་པ་ལས། ༡ དང་པོ་རྒྱལ་པོའི་བཀའ་རྟགས་ཉི་ཤུ་ནི། ཅོད་པན་ལྷ་མོ་སེང་གེ་གླང་པོ་ཆེ། །རས་གོས་ཁྲུས་བུམ་མིང་འདོགས་རྒྱན་བྱེ་བྲག །ཡི་གེ་མདའ་གཞུ་བཙུན་མོ་ཤིང་རྟའི་དབང་། །ཆིབས་མཆོག་ཤན་གྲི་བསེག་པར་ན་བཟའ་དུར། །འབྲས་ཆན་རྩྭ་སྟན་སྦྲང་རྩི་བུར་
སྦྲང་སྟེ། །རྒྱ་ཆེ་རོལ་པའི་འགྲོ་འདུལ་མཚན་ཉིད་དབང་། ༢ གཉིས་པ་མཚན་མ་རྟགས་དབང་ཉེར་དྲུག་ནི། །རི་རབ་མཆོད་རྟེན་དཔག་བསམ་ཤིང་རྒྱ་མཚོ། །ས་གཞི་བདུད་རྩི་ངང་པ་ཁྲི་རྐང་དབང་། །མེ་ཏོག་རྔ་ཡབ་རྡུལ་ཡབ་སྦྲང་ཡབ་དང་། །བླ་བྲེ་རྒྱལ་མཚན་གདུགས་དང་ཉ་རྒྱ་དང་། །སྐ་རགས་སྤོས་ལྔ་སྙིང་པོ་རིན་ཆེན་ལྔ། །འབྲུ་ལྔ་སྟག་ཚེར་སེང་ཚེར་ཤུ་དག་དང་། །དབང་ལག་ཀཎྜ་ཀ་སྟེ་ཀྲི་ཡའི་དབང་། །ཕྱག་ན་རྡོ་རྗེ་དབང་བསྐུར་རྒྱུད་ལས་བཀྲོལ། ༣ །གསུམ་པ་ཐུགས་རྗེ་གཟུངས་དབང་བཅུ་གཅིག་ལ། །སྐུ་གཟུགས་ཕྱག་རྒྱ་གསུང་གཟུངས་ཡིག་འབྲུ་དང་། །ཐུགས་ཀྱི་གསེར་ཐུར་མེ་ལོང་འཁོར་ལོ་དུང་། །ཡོན་ཏན་མེ་ཏོག་ཕྲེང་བ་ཕྲིན་ལས་ལ། །རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་མོ། ༤ །བཞི་པ་ཤེས་རབ་བུམ་པ་གཅིག་པུ་ཉིད། ༥ །ལྔ་པ་ཁྱད་པར་གདན་དབང་༢ཟིལ་གནོན་གྱི། །སེང་གེ་མུན་སེལ་ཉི་མ་ཚ་སེལ་ཟླ། ༦ །དྲུག་པ་རྒྱལ་སྲིད་རིན་ཆེན་བཅུ་དྲུག་ནི། །འཁོར་ལོ་རྟ་མཆོག་གླང་པོ་ནོར་བུ་དང་། །བློན་པོ་བཙུན་མོ་དམག་དཔོན་རིན་ཆེན་བདུན། །རལ་གྲི་མདའ་གཞུ་གནམ་རལ་ཤན་གྲི་དང་། །ཞྭ་དང་ཁབ་སྐུད་ན་བཟའ་ཕྱག་མཆོག་དང་། །ཀྲྀཥཱའི་པགས་གདན་ཉེ་བའི་རན་དགུ། ༧ །བདུན་པ་བཀྲ་ཤིས་རྫས་དབང་བཅུ་དྲུག་ནི། །ཡུངས་ཀར་ཞོ་ཕོར་རྩྭ་དཱུར་ལི་ཁྲི་མཚལ། །མེ་ལོང་འབུད་དུང་གིའུ་ཝཾ་བིཝ་ག
རྫས། །དཔལ་བེའུ་འཁོར་ལོ་པདྨ་རྒྱལ་མཚན་དང་། །བུམ་པ་གདུགས་དུང་གསེར་ཉ་བཀྲ་ཤིས་རྟགས། ༨ །བརྒྱད་པ་ཤེས་བྱ་མ་རྨོངས་དབང་བདུན་ནི། །རྒྱ་གྲམ་ཅོད་པན་པཱུ་ཛ་ཀ་བ་ལི། །ཆག་ཤིང་འཆད་པོད་རྡོ་རྗེ་དྲིལ་བུའི་དབང་། ༩ །དགུ་པ་མཛེས་པའི་རྒྱན་ཆའི་དབང་དྲུག་ནི། །དབུ་རྒྱན་དཔུང་རྒྱན་ཞབས་གདུབ་ཕྱག་གདུབ་དང་། །དོ་ཤལ་དར་གྱི་ཅོད་པན་དབང་བསྐུར་རོ། ༡༠ ། བཅུ་པ་རྒྱུ་དང་འབྲས་བུའི་མིང་དབང་སྟེ། །དཀོན་མཆོག་སློབ་དཔོན་ཕ་རོལ་ཕྱིན་ལས་གྲས། །འཇིག་རྟེན་ཐ་མལ་ཞེན་ལྡོག་རྒྱུ་ཡི་མིང་། །རྡོ་རྗེ་དབང་ཕྱུག་ཅེས་པ་འབྲས་བུའི་མིང་། །དེ་ལྟར་ཕྱི་དབང་རྒྱུད་ཀྱི་ ཆུ་བོ་ལ། །དབང་དོན་རྒྱས་པ་ཡན་ལག་བརྒྱ་རྩ་བརྒྱད། །ཅེས་གསུངས་པས། དང་པོ་རྒྱལ་པོ་བཀའ་རྟགས་ཉི་ཤུའི་དབང་ནི་མཚན་ཉིད་ཐེག་པའི་དབང་སྟེ། དེ་ཡང་ལྷ་མི་ལ་ཅོད་པན་ནས་བཙུན་མོའི་བར་བཅུ་གཅིག་དང་། དེ་སྟེང་རྒྱ་བོད་ཀྱི་ཡི་གེའི་དབང་། ཉན་ཐོས་ལ་ཁྲུས་བུམ་དང་། མིང་དབང་གི་སྟེང་དུ་ཤིང་རྟ་ནས་སྦྲང་རྩིའི་བར་བརྒྱད་དང་། དེ་སྟེང་མུ་ནེའི་གཟུངས་དབང་། རང་རྒྱལ་ལ། བུམ་པ། མིང་། ཤན་གྲི། དུར་སྨྲིག །རྩྭ་གདན། སྦྲང་རྩི་སྟེ་དྲུག་གི་སྟེང་། རྟེན་འབྲེལ་བཅུ་གཉིས་ཀྱི་གཟུགས། བྱང་སེམས་ཐེག་པར་རྒྱལ་པོའི་བཀའ་རྟགས་ཀྱི་དབང་ཉི་ཤུ་ཚང་མ། ཀྲི་ཡའི་དཀྱིལ་འཁོར་དུ་
མཚན་མ་རྟགས་དབང་ཉེར་དྲུག །ཡོ་གའི་དཀྱིལ་འཁོར་དུ་གསུམ་པ་ཐུགས་རྗེ་གཟུངས་དབང་བཅུ་གཅིག་ནས། བཅུ་པ་རྒྱུ་དང་འབྲས་བུའི་མིང་དབང་གི་བར་ཏེ་དྲུག་ཅུ་རྩ་གཉིས་བསྐུར་བའོ། །དེ་ལྟར་ཕྱི་དབང་བརྒྱ་རྩ་བརྒྱད་ཀྱི་སྟེང་། ལྷ་མི་ཉན་རང་གསུམ་ལ་དེའི་ནང་ནས་བཏུས་ཤིང་རང་རང་གི་སྒོས་ཆོས་ལྷག་པོ་དང་བཅས་སུམ་ཅུ་སོ་གཅིག་འབྱུང་བ་རྣམས་བསྣན་པས་ཕྱི་དབང་ཆིག་བརྒྱ་སོ་དགུར་འགྱུར་ཞིང་། དེ་རྣམས་རྫས་དབང་རྐྱང་པའི་གྲངས་ཡིན་ལ། ད་དུང་སོ་སོའི་ལྷ་དབང་བསྐུར་དགོས་པས། ཕྱི་དབང་གི་སྐབས་འདིར་དཀྱིལ་འཁོར་གྱི་ལྷ་གྲངས་དབྱེ་བསྡུའི་ཁྱད་པར་ལས་གྲངས་མཐའ་གཅིག་ཏུ་བཟུང་དཀའོ། །གཉིས་པ་ཉེ་བསྙེན་གྱི་ཡན་ལག་ཏུ་ནང་དབང་འབྱུང་བའི་ཆུ་བོ་བསྐུར་བ་ལ། གང་དུ་བསྐུར་བའི་དཀྱིལ་འཁོར་དང་། གང་བསྐུར་བྱའི་དབང་གཉིས་ལས། དང་པོ་ནི། བསྐྱེད་པ་མ་ཧཱ་ཡོ་ག་ལ། །ནང་དབང་འབྱུང་བའི་ཆུ་བོས་བྱ། །ཞེས་པས་ནང་དབང་གང་དུ་བསྐུར་བའི་མ་ཧཱ་ཡོ་གའི་དཀྱིལ་འཁོར་ནི། ཚོགས་ཆེན་འདུས་པ་ཐུན་མོང་བའི་དཀྱིལ་འཁོར་ཏེ། དེ་ཡང་སྟ་གོན། དཀྱིལ་འཁོར་བཞེངས་སྒྲུབ། དེར་འཇུག་པའོ། །གཉིས་པ་གང་བསྐུར་བྱའི་དབང་ནི། ལས་ཐོར། དེ་ལ་ནང་དབང་བཅུ་གཅིག་པོ། །ཡན་ལག་དྲུག་བརྒྱ་དྲུག་གིས་བསྐུར། །འབྱུང་ཆུ་རབ་གནས་ལས་ཐོའོ། །ཞེས་
གསུངས་ཏེ། དེ་ལ་ནང་དབང་རྩ་བ་བཅུ་གཅིག་ནི། དབང་དོན་རྣམ་འབྱེད་ལས། དེ་ནས་ནང་དུ་འཇུག་པར་བྱ། །དང་པོ་གསང་བ་ཉན་པའི་༡དབང་། །གཉིས་པ་རྣམ་བཞི་ལས་ཀྱི་༡དབང་། །གསུམ་པ་རྒྱལ་ཐེབས་འཆད་པའི་༡དབང་། །བཞི་པ་རྡོ་རྗེ་རྒྱལ་པོའི་དབང་། །ལྔ་པ་ཟིལ་གནོན་གདན་གྱི་དབང་། །དྲུག་པ་ཁྱད་པར་རིན་ཆེན་༧དབང་། །བདུན་པ་ཕྱག་རྒྱ་གཟུགས་༨ ༣བརྙན་དབང་། །ཟླ བརྒྱད་པ་ཡེ་ཤེས་ཐུགས་ཀྱི་༡དབང་། །དགུ་པ་སྐུ་གསུང་ཐུགས་ཀྱི་༡དབང་། །བཅུ་པ་བདུད་འདུལ་བཀྲ་ཤིས་དབང་། །བཅུ་གཅིག་གསང་བ་མིང་གི་༡དབང་། །ཞེས་སོ། །དེ་ལས་ཡན་ལག་དྲུག་བརྒྱ་དྲུག་ཏུ་དབྱེ་བ་ནི། དབང་དོན་རྒྱ་ཆེར་འབྱེད་པ་ལས། །དང་པོ་གསང་བ་ཉན་དབང་རྣ་བ་ལ། །རཏྣ་རིགས་ཀྱི་དབང་བསྐུར་བསྒྲགས་རྫས་བྱིན། །གཉིས་པ་རྣམ་བཞི་ལས་དབང་ལག་པ་ལ། །ལས་ཀྱི་རིགས་ཀྱི་བསྐུར་དང་བསྒྲགས་རྫས་བྱིན། །གསུམ་པ་རྒྱལ་ཐེབས་འཆད་དབང་ལྕེ་ལ་སྟེ། །པདྨ་རིགས་ཀྱི་བསྐུར་དང་བསྒྲག་རྫས་བྱིན། །བཞི་པ་རྡོ་རྗེ་རྒྱལ་དབང་སྤྱི་བོ་ལ། །དེ་བཞིན་རིགས་ཀྱི་བསྐུར་དང་བསྒྲགས་རྫས་བྱིན། །ལྔ་པ་ཟིལ་གནོན་གདན་དབང་རྐང་པ་ལ། །འཇིག་རྟེན་དྲེགས་པ་ཁྱོ་ཤུགས་གདན་དབང་བསྐུར། །དྲུག་པ་ཐུན་མོང་མ་ཡིན་རཏྣ་བདུན། །འཁོར་ལོས་དབང་བསྐུར་སྐྱེ་བ་བཞིར་དབང་བསྒྱུར། །
བཙུན་མོ་འབྱུང་བ་བཞི་ཡིས་མཉེས་པ་འབུལ། །དམག་དཔོན་ཚུལ་དགྲས་ཕ་རོལ་དམག་དཔུང་འཇོམས། །ཁྱིམ་བདག་ཚད་མེད་བཞི་ཡིས་ཆབ་སྲིད་འཛིན། །གླང་ཆེན་སྟོབས་བཅུས་བདག་དང་གཞན་དོན་མཛད། །རྟ་མཆོག་རྫུ་འཕྲུལ་མྱུར་མགྱོགས་གནས་སླེབས་བྱེད། །ནོར་བུ་རིན་ཆེན་རྣམ་བཞིས་རེ་འདོད་སྐོང་། །བདུན་པ་ཕྱག་རྒྱ་གཟུགས་བརྙན་དབང་བསྐུར་བ། །དཀྱིལ་འཁོར་དགུ་བརྩེགས་དཔལ་གྱི་ཕྱག་རྒྱའི་རིམ། །ཀུན་གྱི་སྤྱི་དཔལ་ཀུན་བཟང་བདེ་ཆེན་དཀྱིལ། །ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་། །ཆེ་མཆོག་ཡབ་ཡུམ་ཆོས་སྐུ་རྫོགས་པའི་དཀྱིལ། །ཁྲག་འཐུང་འབར་བ་རྩ་བའི་དཀྱིལ་འཁོར་དང་། །ཌཱ་ཀི་ལས་ཀྱི་དཀྱིལ་འཁོར་སུམ་ཅུ་གཉིས། །སྐྱེས་བུ་གིང་ཆེན་བཅོ་བརྒྱད་སོབ་བའི་དཀྱིལ། །ཁྲག་འཐུང་རོལ་དཀྱིལ་སྤྲུལ་པའི་དཀྱིལ་འཁོར་དང་། །མགྱོགས་འགྲོ་ཡིད་ཀྱི་དཀྱིལ་འཁོར་ཕྱོགས་ཕོ་ཉ། །དམ་ཚིག་ཆེན་པོ་མ་སྲིང་འོག་ཕོ་ཉ། །རྡོ་རྗེ་འཆང་གི་དཀྱིལ་འཁོར་སློབ་དཔོན་དབང་། །བདེ་ཆེན་གཅིག་དང་བཞི་བཅུ་རྩ་གཉིས་དང་། །ཆེ་མཆོག་གཉིས་དང་བདུན་ཅུ་རྩ་བརྒྱད་དང་། །དྲུག་ཅུ་བཞི་བཅུ་སོ་གཉིས་བཅོ་བརྒྱད་བདུན། །བཞི་དང་སུམ་བརྒྱ་དཀྱིལ་འཁོར་བརྒྱད་ལྷའི་གྲངས། །དཀྱིལ་འཁོར་ཐ་མ་བྱིན་རླབས་སློབ་དཔོན་དབང་། །དཀྱིལ་འཁོར་དགུ་ཡི་རིམ་པ་སློབ་དཔོན་གདན། །
མ་གཏོགས་ལྷ་ལ་ལྔ་བརྒྱ་བརྒྱད་ཅུ་གསུམ། །བརྒྱད་པ་ཡེ་ཤེས་ཐུགས་དབང་གནས་ལྔར་བསྐུར། །ཡེ་ཤེས་ལྔའམ་དགུ་རྟགས་མར་མེ་བྱིན། །དགུ་པ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ། །སྤྱི་བོ་ལྕེ་སྙིང་ལྟེ་བ་གསང་གནས་སུ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ་རེ་རེ། །ཕྱག་རྒྱ་སྔགས་དང་ཏིང་འཛིན་ལྡན་པས་བསྐུར། །བཅུ་པ་བདུད་འདུལ་བཀྲ་ཤིས་རྫས་བརྒྱད་ལུས། །བཅུ་གཅིག་གསང་བའི་མིང་དབང་རྣ་སྙིང་ལ། །རྡོ་རྗེ་རྩལ་ཀྱི་ཐིག་ལེ་སྦྱིན་པར་བྱ། །དེས་ན་ནང་དབང་འབྱུང་བའི་ཆུ་བོ་ལ། །དྲུག་བརྒྱ་དྲུག་ཏུ་ཕྱེས་པ་བསྐུར་བར་བྱ། །ཞེས་སོ། །གསུམ་པ་སྒྲུབ་པའི་ཡན་ལག་ཏུ་སྒྲུབ་དབང་གྲགས་ པའི་ཆུ་བོ་བསྐུར་བ་ལ། གང་དུ་བསྐུར་བའི་དཀྱིལ་འཁོར་དང་། གང་བསྐུར་བྱའི་དབང་གཉིས་ལས། དང་པོ་ནི། དབང་དོན་བསྡུས་པ་ལས། རྫོགས་པ་ཨ་ནུ་ཡོ་ག་ལ། །སྒྲུབ་དབང་གྲགས་པའི་ཆུ་བོས་བྱ། །ཞེས་པས། སྒྲུབ་དབང་གང་དུ་བསྐུར་བ་ཨ་ནུ་ཡོ་གའི་དཀྱིལ་འཁོར་ནི། ཚོགས་ཆེན་འདུས་པ་ཐུན་མོང་མ་ཡིན་པའི་དཀྱིལ་འཁོར་ཏེ། རྩ་རྒྱུད་དུ་དེའི་སྒྲུབ་ལུགས་ཀྱི་ལེའུ་གསུངས་པས་དུར་ཁྲོད་གསང་བ་ མཆོག་གི་དཀྱིལ་འཁོར་ཞེས་བྱ་བ་དེ་ཉིད་ཡིན་པས། དེ་བཤད་པ་ལ་དྲུག་སྟེ། མཚམས་བཅད་པ། གནས་འཁོར་ཡོ་བྱད་བརླབ་པ། དཀྱིལ་འཁོར་བཞེངས་པ། སྒྲུབ་ཅིང་མཆོད་པ། ནུབ་ཐ་མར་སློབ་དཔོན་
འཇུག་ཅིང་དངོས་གྲུབ་བླང་བ། སློབ་མ་དཀྱིལ་འཁོར་དུ་གཞུག་པའོ། །གཉིས་པ་གང་བསྐུར་བྱའི་དབང་ནི། ལས་ཐོར། སྒྲུབ་དབང་བཅུ་གསུམ་ལས་ཀྱིས་བསྐུར། །གྲགས་པའི་ཆུ་བོའི་ལས་ཐོའོ། །ཞེས་གསུངས་ཏེ། དེ་ལ་སྒྲུབ་དབང་རྩ་བ་བཅུ་གསུམ་ནི། དབང་དོན་རྣམ་འབྱེད་ལས། དེ་དག་ཀུན་ལ་སྤྱོད་སྒྲུབ་པའི། །སྒྲུབ་པའི་དབང་རྣམས་བསྐུར་བར་བྱ། །དང་པོ་ཤེས་རབ་རིག་པའི་སེམས་ཡོན་གཏན་ཚིགས་བྱིན། །གཉིས་པ་སྙིང་རྗེ་རྟགས་དབང་ཉི་ཟླའི་འཁོར་ལོ་བྱིན། །གསུམ་པ་འགྲོ་དོན་རྫོགས་པའི་ཐང་གཤོལ་འབར་བ་བྱིན། །བཞི་པ་དུག་གསུམ་སྤྲུགས་པ་གྲྭའུ་རྣམ་གསུམ་བྱིན། །ལྔ་པ་སྲིད་གསུམ་སྒྲོལ་བའི་ཀ་ཏར་མཚོན་ཆ་བྱིན། །དྲུག་པ་སྐྱོན་གྱིས་མ་གོས་རྣམ་དག་པདྨ་བྱིན། །བདུན་པ་ལས་རྣམས་རྫོགས་པའི་ཏི་རའི་དབྱུག་པ་བྱིན། །བརྒྱད་པ་གཉིས་མེད་འཁྲིལ་བ་སྦྲུལ་ནག་ཆུན་པོ་བྱིན། །དགུ་པ་གསང་བ་ཤེས་རབ་ལྷ་མོའོ། །བཅུ་པ་ཀུན་ལ་དབང་པའི་འདོད་ཡོན་སྣ་ལྔ་བྱིན། །བཅུ་གཅིག་སྒྲུབ་པའི་རྒྱལ་པོ་དཀྱིལ་འཁོར་གཙོ་བོ་བྱིན། །བཅུ་གཉིས་ཐམས་ཅད་སྒྲུབ་པའི་སྒྲུབ་རྫས་ཐམས་ཅད་བྱིན། །བཅུ་གསུམ་གཉིས་སུ་མེད་པ་ཐིག་ལེ་མིང་གི་དབང་། །ཞེས་སོ། །དེ་ལ་ཡན་ལག་བརྒྱ་བཅོ་ལྔར་དབྱེ་བ་ནི། མཁས་གྲུབ་ཆེན་པོ་གཡུང་སྟོན་པས། བཞི་པ་གྲྭའུའི་དབང་ལ་གསུམ། །ལྔ་པ་མཚོན་ཆའི་དབང་
ལ་དྲུག །བཅུ་པ་འདོད་ཡོན་དབང་ལ་ལྔ། །བཅུ་གཅིག་སྒྲུབ་པའི་རྒྱལ་པོའི་དབང་ལ་ལྔ། བཅུ་གཉིས་སྒྲུབ་རྫས་ཐམས་ཅད་ཀྱི་དབང་ལ་བརྒྱད་ཅུ་གྱ་བརྒྱད་དང་། ལྷག་མ་བརྒྱད་པོ་ལ་རེ་རེ་སྟེ། ཁྱོན་དྲིལ་པས་ཡན་ལག་བརྒྱ་དང་བཅོ་ལྔ་ཡོད་པར་གསུངས་པས། གཱའུའི་དབང་གསུམ་ནི། ཐོད་པ་ཚར་གསུམ་དམར་གྱིས་བཀང་བ་དང་། མཚོན་ཆ་དྲུག་ནི་གཡུང་སྟོན་པས་དྲུག་གི་གྲངས་ངེས་མཛད་ལ། རྔམས་གློག་ཏུ་མཚོན་ཆ་སྣ་ཚོགས་ཞེས་གསུངས། སྒྲུབ་རྫས་ཀྱི་དབང་ལ། སྒྲུབ་རྫས་ཐུན་མོང་བ་བཅོ་ལྔ་ནི། དབུ་རྒྱན། ཅོད་པན། བྷཉྫ། བྱང་སེམས། དྲི་ཆེན། མི་ཤ །རཀྟ། དྲི་ཆུ། རྡོར་ དྲིལ། ཕུར་བུ ། བདུད་རྩི། ཕྲེང་བ། ཡུངས་ཀར། མར་མེ། རྗེའུ་ཆུང་སྟེ་བཅོ་ལྔ་དང་། ཐུན་མོང་མ་ཡིན་པ་སྒྲུབ་རྫས་རོལ་པའི་ཆས་བཅུ་ནི། སྟག་ཤམ། གླང་ཀོ །ཞིང་ལྤགས། ཐོད་ཕྲེང་། སྦྲུལ་ཆུན། ཁྱུང་གཤོག །མེ་དཔུང་ཁྲག་གི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ་བཅས། ཁྱད་པར་གྱི་སྒྲུབ་རྫས་ལ་སྤྱི་དང་། བྱེ་བྲག་གཉིས་ལས། སྤྱི་ལ་དཔལ་བཤོས། དབང་བཤོས། གསལ་ཤིང་གི་ ཟླ་གམ། ཛ་གད། བཀྲ་ཤིས་གཙང་མའི་བམ། དག་པ་ལྷ་ཡི་རྫས་ཀྱི་བམ། མདའ། རལ་གྲི། མེ་ལོང་། ཕུར་བུ་བཞི་པོ་རེ་རེ་ལའང་བསྙེན་སྒྲུབ་བཞི་བཞི་སྟེ་བཅུ་དྲུག །ཚོན་སྐུད། དུར་ཁྲོད་རྒྱན་གྱི་
ཆས། སྐུ་རྟེན་ཐོད་སྐུ། གསུང་རྟེན་ཐོད་པ། ཐུགས་རྟེན་རྡོ་རྗེ་དང་ དྲིལ་བུ ། གསང་བའི་རྗེའུ་ཆུང་། རྐང་གླིང་། བགྲང་ཕྲེང་རྣམས་དང་། བྱེ་བྲག་གི་སྒྲུབ་རྫས་ལ། གཤིན་རྗེ་གཤེད་ཀྱི་སྒོ་བྱང་། རྟ་མགྲིན་གྱི་སྒོ་བྱང་། ཡང་དག་གི་མར་མེ། ཆེ་མཆོག་གི་སྨན། རྡོ་རྗེ་གཞོན་ནུའི་བསྙེན་ཕུར་དང་མཚམས་ཕུར་སོ་སོར་བརྩིས་པས་བཅུ། མ་མོའི་མདོས་དང་། རཀྟ། དྲེགས་པའི་གཏོར་མ་དང་སྨན་ཕུད། །དྲག་སྔགས་ཀྱི་ཞི་རྒྱས་དབང་དྲག་གི་ཧོམ་སྟེ་བཞི། དམར་གཏོར། ཀོང་ཟོར། འབྲུབ་ཁུང་ཉ་པོ་གདབ་ཕུར་རྣམས། རིག་འཛིན་གྱི་གཏོར་མ་དང་། སྨན་ཕུད། ཚེ་ཡི་འབྲང་རྒྱས་དང་ཚེ་ཆང་རྣམས་དྲིལ་བས་བརྒྱད་ཅུ་རྩ་བརྒྱད་དོ། །བཞི་བ་སྒྲུབ་ཆེན་གྱི་ཡན་ལག་གསང་དབང་རྫོགས་པའི་ཆུ་བོ་བསྐུར་བ་ནི། དབང་དོན་བསྡུས་པ་ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །གསང་དབང་རྫོགས་པའི་ཆུ་བོས་བྱ། །ཞེས་གསུངས་དེ་ལ་དབྱེ་ན། དབང་དོན་རྣམ་འབྱེད་ལས། སྒྲུབ་དབང་བཅུ་གསུམ་རྫོགས་པ་དང་། །གསང་བ་ཀུན་གྱི་བདག་ཡིན་པས། །དཀར་དམར་འདྲེས་པའི་བྱང་ཆུབ་སེམས། །དབང་ཐོབ་དེ་ཡི་ལྕེ་ལ་བཞག །གཉིས་མེད་དོན་དམ་བྱང་ཆུབ་སེམས། །དབང་ཐོབ་དེ་ཡི་སེམས་ལ་བཞག །ཅེས་པས་ཀུན་རྫོབ་བྱང་སེམས་ཀྱི་དབང་ལུས་ལ་བསྐུར་བ་དང་། དོན་དམ་བྱང་སེམས་ཀྱི་དབང་སེམས་ལ་བསྐུར་
བ་གཉིས། དང་པོ་ལའང་དངོས་བསྟན་གསང་དབང་དང་། སྦས་དོན་ཤེར་དབང་བཅས་སོ། །དེ་ལྟར་ཡན་ལག་བརྒྱད་བརྒྱ་སོ་གཅིག་ལ་རགས་པ་ཟེར་བ་ནི། དབང་དོན་རྒྱ་ཆེར་འབྱེད་པ་ལས། བྱེ་བྲག་ཕྱེ་ན་བསམ་འདས་བརྗོད་མི་ལང་། །ཞེས་གསུངས་པ་ལྟར། ཡན་ལག་བརྒྱད་བརྒྱ་སོ་གཅིག་ལས་འཕྲོས་པའི་ཉིང་ལག་གི་དབྱེ་བ་ཕྱེ་ན་མཐའ་ཡས་པའི་ཕྱིར་རོ། །དེ་ལྟར་རྒྱུད་དང་མན་ངག་གི་ལུགས་གཉིས་ཀས་ཐེག་དགུའི་དབང་དང་ཡོ་ག་བཞི་རྫོགས་ཀྱི་དབང་རྫོགས་པ་ལ་འདྲ་བ་ཡིན་ཏེ། མདོ་རང་ལུགས་ཀྱི་དང་པོ་འགྱུར་བ་མ་ངེས་པ་ནས། ས་བཅུ་པ་རྫོགས་པ་སྤྱི་ཆིབས་ཀྱི་བར་ནོན་པར་བྱ་བའི་ཆེད་དུ་ལྷ་མི་ནས་བརྩམས་ཏེ་ཨ་ཏིའི་བར་བྱ་སྤྱོད་སོ་སོར་བགྲངས་པས་དབང་རིམ་བཅུ་བྱུང་བ་དེ་ཉིད་བྱ་སྤྱོད་གཅིག་ཏུ་བསྡུས་ནས་ཐེག་དགུ་དང་ཚུལ་འདྲ་བས་ཐེག་དགུའི་དབང་དུ་བཏགས་པ་གང་ཞིག །ཕྱི་དབང་རྒྱུད་ཀྱི་ཆུ་བོ་བཅུ་ཐོབ་པས་ས་བདུན་པ་དམིགས་པས་འབྲས་བུ་སྐྱེ་བའི་ས་མན་ཆོད་ནོན་ནས་ཡོ་ག་སྟེ་རྣལ་འབྱོར་དུ་འགྱུར། ནང་དབང་འབྱུང་བའི་ཆུ་བོ་བཅུ་གཅིག་ཐོབ་པས་ས་བརྒྱད་པ་གནས་པ་མི་འགྱུར་བའི་ས་ནོན་ནས་ཨ་ནུ་ཡོ་ག་སྟེ་རྣལ་འབྱོར་ཆེན་པོར་འགྱུར། སྒྲུབ་དབང་གྲགས་པའི་ཆུ་བོ་བཅུ་གསུམ་ཐོབ་པས་ས་དགུ་པ་བརྡལ་བ་ཆོས་ཉིད་ཀྱི་ས་ནོན་ནས་ཨ་ནུ་ཡོ་ག་སྟེ་རྗེས་སུ་རྣལ་འབྱོར་དུ་འགྱུར།
གསང་དབང་རྫོགས་པའི་ཆུ་བོ་གཉིས་ནོན་པས་ས་བཅུ་རྫོགས་པ་སྤྱི་ཆིབས་ཀྱིས་ནོན་ནས་ཨ་ཏི་ཡོ་ག་སྟེ་ཤིན་ཏུ་རྣལ་འབྱོར་དུ་འགྱུར་པའི་ཕྱིར། དབང་དོན་རྣམ་འབྱེད་ལས། བཅུ་ཡིས་བྱང་ཆུབ་རིགས་ཅན་གྱུར། །བཅུ་གཅིག་གསང་བ་ནང་པར་འགྱུར། །བཅུ་གསུམ་བླ་མ་ཆེན་པོར་གྲགས། །གཉིས་ཀྱིས་ཐེག་དགུའི་དབང་རྫོགས་པའོ། །ཞེས་སོ། །གསུམ་པ་རྒྱུད་དང་མན་ངག་གི་ལུགས་དེ་གཉིས་ད་ལྟའི་དུས་ཀྱི་ཕྱག་ལེན་ལྟར་གཅིག་ཏུ་བསྒྲིལ་ནས་བསྐུར་བའི་དོན་འདོར་ལེན་བྱ་ཚུལ་ནི། ཐོག་མར་སྒོ་འབྱེད་ཀྱི་དབང་བཅུ་དྲུག་དང་། དེ་ནས་ལྷ་མི་ནས་ཡོ་གའི་ཡན་ལག་གི་དཀྱིལ་འཁོར་དྲུག་ཏུ་མན་ངག་ལུགས་མདོ་ཡོངས་རྫོགས་ལྟར་དང་། དེ་ནས་ཚོགས་ཆེན་འདུས་པ་ཐུན་མོང་པའི་རྩ་དཀྱིལ་དུ་རྒྱུད་ལུགས་ཀྱི་ཕྱི་དབང་རྩ་བ་བཅུ་དང་། རྒྱུད་དང་མན་ངག་ལུགས་ཀྱི་ནང་དབང་རྩ་བ་བཅུ་གཅིག་ལ་ཡན་ལག་དྲུག་བརྒྱ་དྲུག་གི་སྟེང་། རིག་འཛིན་སློབ་དཔོན་གྱི་དབང་དང་བཅས་པ་དང་། དཀྱིལ་འཁོར་དེ་ཉིད་དུ་སྒྲུབ་དབང་གྲགས་པའི་ཆུ་བོ་རྩ་བ་བཅུ་གསུམ་ལ་ཡན་ལག་བརྒྱ་བཅོ་ལྔར་ཕྱེ་སྟེ་བསྐུར་པའི་མཇུག་ཏུ་གསང་དབང་རྫོགས་པའི་ཆུ་བོ་གཉིས་ཀྱང་བསྡུས་པ་རེ་སྦྲེལ། སླར་ཡང་ཡན་ལག་གི་དཀྱིལ་འཁོར་དུ་མཆོག་དབང་གོང་མ་གཉིས་རྒྱས་པར་བསྐུར་ཞིང་། མཐའ་རྟེན་གཏད་རྒྱ་ཚེ་དབང་བཅས་རྫོགས་པར་མཛད་པ་སྟེ།
ཕྱི་དབང་ལུགས་གཉིས་གྲངས་དང་བསྐུར་ཐབས་ཆེས་མི་མཐུན་པས་སོ་སོ་དང་། ནང་དབང་ལུགས་གཉིས་གཅིག་ཏུ་འབབས་པས་འདོར་ལེན་མ་དགོས། སྒྲུབ་དབང་རྩ་དཀྱིལ་དོར་ནས་རྒྱུད་ལུགས་ཉིད་གཙོ་བོར་བསྟན་ལ། གསང་དབང་རྫོགས་པའི་ཆུ་བོ་ནི། ཀུན་ལ་ཁྱབ་བརྡལ་དུ་བསྐུར་རུང་མི་རུང་གི་དབྱེ་བས་མདོ་རྒྱས་སུ་མཛད་པ་ཡིན་ནོ། །དེ་ལྟར་མཛད་པས་གནས་སྐབས་སུ་བྱ་སླ་ཞིང་། མཐར་[ཐུག་སྲོལ་གཉིས་ཀ་མི་ནུབ་ཅིང་ཆབ་གཅིག་འཕེལ་བའི་དགོས་པ་ཁྱད་པར་ཅན་ཏེ། དཔེར་ན་རྡོར་ཕྲེང་སྟེང་བྱ་བཏུས་ཀྱི་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་བསྣན་ནས། དེ་གཉིས་ཀའི་དབང་རྫོགས་པར་མཛད་པ་བཞིན་ནོ། །དེ་ལ་སྤྱིར་འདུས་པ་མདོའི་དབང་འདི་ཉིད་གང་ཟག་ཐོས་པའི་ཤེས་རབ་ཅན་རྣམས་ལ་དབང་བསྐུར་བྱེད་པ། བསམ་པའི་ཤེས་རབ་ཅན་རྣམས་ལ་བཤད་པར་བྱེད་པ། སྒོམ་པའི་ཤེས་རབ་ཅན་རྣམས་ལ་འཁྲིད་དུ་འདེབས་པའི་ལུགས་དང་གསུམ་མོ། ༈ །ཁྲོ་བོ་རྡོ་རྗེ་ལས་རིམ་ལས། སྡོམ་ནི་སྔོན་དུ་བྱ་བ་དང་། །ཏིང་འཛིན་ལྷག་བསྐྱེད་རང་བཞིན་དབབ། །དབང་པོའི་སྐྱོན་བསལ་མངའ་གསོལ་དང་། །ཁྲུས་གསོལ་བཀྲ་ཤིས་རས་ཀྱིས་འཕྱི། །མཆོད་པ་ཕྱི་ནང་གསང་གསུམ་དབུལ། །བདེན་པའི་བྱིན་རླབས་དམིགས་བརྟན་བཞུགས། །ཡོན་བདག་བསྐོར་ཕྱག་སྨོན་ལམ་གདབ། །ཅེས་རབ་
གནས་ཀྱི་ཆོ་ག་ལ་དོན་དགུའམ་རྐང་པ་བདུན་དང་བརྒྱད་པ་གཉིས་པས་དོན་བརྒྱད་དུའང་བསྟན་པ་རིགས་བསྡུས་ན་ཐུན་མོང་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ལའང་བདུན་གྱི། དང་པོ་བཤམ་བཀོད། ། གཉིས་པ་བདག་བསྐྱེད། གསུམ་པ་བུམ་བཟླས། བཞི་པ་རྒྱས་པའི་སྦྱིན་སྲེག །ལྔ་པ་རྟེན་གྱི་བགེགས་སྦྱང་བ། དྲུག་པ་དྲི་མ་སྦྱང་བ། བདུན་པ་ལྷ་མཆོད་ཅིང་གསོལ་བ་གདབ་པའོ། །གཉིས་པ་དངོས་གཞི་ལའང་བདུན་ཏེ། དང་པོ་དམ་ཚིག་བསྐྱེད་པ། གཉིས་པ་ཡེ་ཤེས་པ་སྤྱན་དྲང་ཞིང་བསྟིམ་པ། གསུམ་པ་དབང་པོའི་སྐྱོན་བསལ་བ། བཞི་པ་དངོས་པོའི་སྐྱོན་སྦྱང་བ། ལྔ་པ་ཆེ་བའི་ཡོན་ཏན་རྒྱན་ཆས་ཟློ ཀྱིས་དབང་བསྐུར་ཞིང་མངའ་གསོལ་བ། དྲུག་པ་མཆོད་པས་མཉེས་པ་ཡོངས་སུ་བཟུང་བར་མངའ་དབུལ་བ། བདུན་པ་བདེན་པས་བྱིན་གྱིས་བརླབ་ཅིང་བརྟན་པར་བཞུགས་སུ་གསོལ་བའོ། །གསུམ་པ་རྗེས་ནི། སྨོན་ལམ་གདབ་ཅིང་ཡོན་བདག་གིས་བསྐོར་ཕྱག་བྱ་བའོ།། ༈ །།སྨིན་གླིང་མཁན་ཆེན་དྷརྨཱ་ཤྲཱིས་མཛད་པའི་མདོ་དབང་སྤྱི་དོན་གསལ་བྱེད་སྒྲོན་མེ་ལས། སློབ་དཔོན་དབང་བསྐུར་བའི་ཏིང་ངེ་འཛིན་གྱིས་དགོངས་པ་ལ་བཞུགས་པ་ཉིད་གཙོ་ཆེ་ཞིང་། དེའི་གྲོགས་སྔགས་དང་ཕྱག་རྒྱའང་ངེས་པར་གལ་ཆེ་སྟེ། ཏིང་ངེ་འཛིན་དང་བྲལ་བའི་དབང་བསྐུར་སྟེར་བ་རྒྱུད་སྡེ་རྣམས་སུ་ནམ་ཡང་མ་གསུངས་པའི་ཕྱིར་དང་།
སྔགས་རྒྱའང་ཆ་རྐྱེན་དུ་མེད་ཐབས་མེད་པའི་ཕྱིར་རོ། །རྫས་ནི་མ་འབྱོར་ན་གནང་བའི་སྐབས་ཡོད་དོ། །དཔོན་སློབ་གཉིས་ཀ་ཀུན་སྤངས་ཀྱི་སྤྱོད་པ་ཅན་ལ་རྫ་ས་དང་ཡོ་བྱད་ཅི་རིགས་པ་ནས་མཐའ་དག་སྤངས་པའི་བར་གྱིས་དབང་བསྐུར་སྦྱིན་པར་གསུངས་པའི་ཕྱིར། དེ་ལྟར་ཡང་དུས་འཁོར་བསྡུས་རྒྱུད་ལས། རྫས་རྣམས་མེད་པའི་མངོན་པར་དབང་བསྐུར་རྒྱལ་བའི་བདག་པོའི་བཀའ་ཡིས་ཀུན་སྤངས་ལ་ནི་སྦྱིན་པར་བྱ། །ཞེས་གསུངས་ཤིང་། སློབ་དཔོན་ཨ་བྷ་ཡཱ་ཀ་རས་ཀྱང་། འབྱོར་པ་དང་ལྡན་ཡང་རུང་ལྷག་པར་མོས་པ་བརྟན་པོ་ཅན་ལ་རྫས་ཀྱི་ནང་ཚན་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་མ་བརྟེན་པར་ཏིང་ངེ་འཛིན་ཁོ་ནའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་དུ་རུང་བར་བཤད་ན། གཞན་ལྟ་སྨོས་ཀྱང་ཅི་དགོས་སྙམ་མོ། །ཡང་བླ་མ་ཏིང་ངེ་འཛིན་གྱི་དགོངས་པ་དང་ལྡན་ཡང་། སློབ་མས་དམིགས་གི པ་ཇི་ལྟ་བ་བཞིན་འཛིན་པར་མི་ནུས་ན་དབང་ཇི་ལྟར་ཐོབ་ཅེ་ན། སློབ་མའི་རྒྱུད་ལ་དད་པ་དང་འདུན་པ་ཡོད་ན་དམིགས་པ་འཛིན་མི་ཤེས་ཀྱང་བླ་མའི་བྱིན་རླབས་ཀྱིས་དབང་ཐོབ་པ་ཡོད་དགོས་ཏེ། དཔེར་ན་རྟེན་གྱིས་དམིགས་པ་མི་འཛིན་ཀྱང་སྔགས་མཁན་གྱིས་རབ་གནས་ཀྱི་ཆོ་ག་རྣམ་དག་བགྱིས་པའི་བྱིན་རླབས་འཇུག་པ་ཡོད་དགོས་པའི་ཕྱིར། དེ་ལྟར་ཡང་སྡོམ་གསུམ་རབ་དབྱེ་ལས་ལྷ་ལ་རབ་ཏུ་གནས་པ་དང་།
མི་ལ་དབང་བསྐུར་བྱ་བ་སོགས། ཞེས་དེ་གཉིས་དོན་མཚུངས་པར་བཤད་པའི་ཕྱིར། དེ་ལ་འདི་སྙམ་དུ། དབང་ནི་སློབ་མའི་རྒྱུད་ལ་གོ་འཕང་གི་ཆོས་འཇོག་བྱེད་ཡིན་པས་གཞན་སྟོབས་ཀྱིས་ནུས་པར་མ་ཟད། རང་སྟོབས་ཀྱིས་དམིགས་པ་འཛིན་པའང་ངེས་པར་དགོས་པ་མ་ཡིན་ནམ་ཞེ་ན། གོ་འཕང་གི་ཆོས་རྒྱུད་ལ་འཇོག་ནའང་དེར་མ་ངེས་ཏེ། དཔེར་ན་རྒྱལ་པོའི་བུ་རང་སྟོབས་ཀྱི་འཕྲུལ་དང་བློ་གྲོས་མེད་ནའང་ཡབ་རྒྱལ་པོས་ཅོད་པན་བཅིངས་ཏེ་རྒྱལ་སར་བཏོན་པས་འབངས་ལ་དབང་བསྒྱུར་བའི་ནུས་པ་ཐོབ་པ་ལྟར། རྒྱལ་པོའི་རིགས་དང་འདྲ་བའི་མཚུངས་ལྡན་གྱི་རྒྱུ་གང་ལ་མངའ་བའི་སློབ་མ་ཉིད། བླ་མ་ནུས་པ་ཅན་གྱིས་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར་བས་རང་གི་གོ་འཕང་གི་ཆོས་ལ་དབང་སྒྱུར་ཐོབ་པ་ཡོད་དགོས་པའི་ཕྱིར་རོ། །ཞེས་དང་། རྐྱེན་སད་ཚུལ་ལ་བལྟོས་ནས་ནི། དབང་གི་རིམ་པ་དེ་ཁོ་ན་ལྟར་བསྐུར་དགོས་པའི་ངེས་པ་མེད་པར་ཐོག་མ་ཉིད་ནས་གང་ལ་མོས་བ་དེར་དབང་ནོད་ནས་དེའི་འཇུག་པ་དང་མཐུན་པའི་ལམ་སྒོམ་པའང་མི་འགལ་ཏེ། གངས་ཅན་འདིར་དུས་འཁོར་བ་ཆེན་པོ་དག་ཐོག་ མ་ཉིད་ནས་དབང་གོང་མ་བསྐུར་ཏེ་སྦྱོར་དྲུག་གི་ལམ་ལ་འཇུག་པ་མཛད་པའི་ཕྱག་བཞེས་བཞིན་ནོ། །དེའི་འཐད་པ་ནི་དབང་གསུམ་པའི་དཔེ་ཙམ་ལ་བལྟོས་མི་དགོས་པའི་བཞི་བའི་སྣོད་ལྡན་དེས། ཐོག་མ་ནས་
དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རིག་པ་རྩལ་གྱི་དབང་ནོད་ནས། དེ་ཁོ་ན་ཉིད་ཀྱི་ལམ་ལ་བསླབ་པའང་མི་འགལ་བས་ན་རིམ་གྱིས་བ་དེ་ཡང་ཚེ་འདི་ཁོ་ན་ལ་བརྩེགས་དགོས་པས་ཁྱབ་པ་མ་ཡིན་ནོ། །ཞེས་གསུངས།། ༈ །།ཨོཾ་སྭ་སྟི། ཁྲེགས་ཆོད་ཅེས་པའི་སྒྲ་དོན་ནི་གནས་ལུགས་ཀྱི་ངོས་ནས་བཞག་པ་སྟེ། ཟུང་འཇུག་བདེན་པ་དབྱེར་མེད་འཁོར་འདས་རོ་མཉམ་གྱི་དགོངས་པ་དེ་ལ་ཐག་ཁྲེག་སེར་ཆོད་པས་ཐེ་ཚོམ་དང་བྲལ་བའོ། །ཐོད་རྒལ་གྱི་སྒྲ་དོན་ནི་སྣང་ལུགས་དང་འབྲས་བུའི་ངོས་ནས་བཞག་པ་སྟེ། ལམ་དེ་བསྟེན་པ་ཙམ་གྱིས་ལམ་གཞན་བར་ནས་བོར་ཏེ་འབྲས་བུའི་མཐར་ཐུག་པར་མྱུར་དུ་ཐོད་རྒལ་སྦྱོར་བར་བྱེད་པའི་དོན་ནོ། །སྟོང་གསུམ་དར་ཡུག་ཆེན་པོའི་དཔེ་ནི། མདོ་དེ་ཁའི་ལུང་ལས་གསལ་བ་ལྟར་དར་ཡུག་ལ་སྟོང་གསུམ་བྲིས་བ་ལྟ་བུའི་བསམ་གྱིས་མི་ཁྱབ་པ་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཐམས་ཅད་སེམས་ཅན་ཀྱི་ཁམས་ན་ཟབ་ཅིང་ཕྲ་ལ་བརྟག་པར་དཀའ་བར་གནས་པས་ཡུངས་འབྲུར་བཅུག་པའི་དཔེས་བསྟན་པ་སྟེ་འདི་དོན་ཅུང་ཟད་ད་དུང་གོ་དཀའ་བར་སྣང་ངོ་། །ཤུབྷཾ།། ༈ །།མ་ཧཱ་ཡོ་ག་ལ། དཔེར་ན་འདུལ་བའི་འདུལ་བ་སོགས་ལྟར་ནང་གསེས་ཀྱི་ལྡོག་ཆས། མཧཱའི་མ་ཧཱ། མ་ཧཱའི་ཨ་ནུ། མ་ཧཱའི་ཨ་ཏི་གསུམ་དུ་ཡོད་པ་འདི་དོན་དཔལ་ཆེན་ཞལ་ལུང་གསལ། དེ་ལ་རྡོ་རྗེ་སེམས་དཔའ་
དཔལ་སྒྱུ་འཕྲུལ་དྲྭ་བ་འདི་ཉིད་མ་ཧཱའི་མ་ཧྭ་ལྟར་བཀྲལ་བ་འཕགས་ཡུལ་སློབ་དཔོན་སྒེག་པའི་རྡོ་རྗེའི་པར་བཀབ་དང་། བོད་དུ་ཟུར་པ་རྗེས་འབྲངས་དང་བཅས་པ། རྗེ་གཏེར་ཆེན་བླ་མ་སྐུ་མཆེད་ཀྱང་དེ་ལྟར་བཞེད། ཡང་མ་ཧཱའི་ཨ་ཏི་ལྟར་བཀྲལ་བ་ནི་འཕགས་ཡུལ་སློབ་དཔོན་ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ་དང་། བོད་ཡུལ་ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར་གྱི་ཕྱོགས་བཅུ་མུན་སེལ་སོགས་བཞེད་སྣང་། གཞན་དུ་སྒྲོལ་ཊིཀ་དང་། ཁོག་ཕུབ། སྨན་ལུང་པའི་སྤྱི་དོན། གཡུང་ཊིཀ་སོགས་ཀྱང་གཙོ་བོར་ཟུར་པའི་བཤད་སྲོལ་ཡིན། རོང་ཟོམ་པའི་འགྲེལ་པ་ནི་དཀའ་འགྲེལ་ཙམ་མོ། ༈ །ཞི་ཁྲོ་ལས། ཡི་གེ་གསུམ་གྱི་གོལ་ས་དེར་བཀག་གོ །ཞེས་པ་ནི། ཡི་གེ་ཨོཾ་དེ། ཨ། ཨུ། མ་གསུམ་འདུས་པས། ཨ་ནི་ཨ་ཏི་ཡོ་ག །ཨུ་ནི་ཨ་ནུ་ཡོ་ག །མ་ནི་མ་ཧཱ་ཡོ་གའི་སྒྲ་མཚོན་བྱེད་དེ་རྣལ་འབྱོར་དེ་གསུམ་གྱི་གོལ་ས་བཀག་གོ། །ཞེས་པའི་དོན་ཞིག །དཔེ་ལ་ལར། ཡོ་ག་གསུམ་གྱི་གོལ་ས་དེར་བཀག་གོ །ཞེས་ཀྱང་འབྱུང་ངོ་། ༈ །མདོ་དབང་ཆེན་མོ་ལས། ཕུན་སུམ་ཚོགས་པ་ལྔའི་གཞི་བཟུང་བའི་སྐབས་སུ། སྟོན་པ་ཕུན་སུམ་ཚོགས་པ་ནི། སྟོན་པ་མཛོད་ལྡན་སོགས་དྲངས། གཉིས་པ་གནས་ཕུན་སུམ་ཚོགས་པ་ནི། རྡོ་རྗེ་ལས་རིམ་ལས། ཟུར་བརྒྱད་ལ་སོགས་རྩེ་མང་དང་། །ཆུ་བོ་བཞིན་དུ་མ་པོ་ཞིང་། །མཉམ་ཞིང་གངྒཱའི་
ཆུ་ལྟར་དྭངས། །ཉི་མ་ཤིན་ཏུ་གནས་པ་ནི། །ནམ་མཁའི་མཚན་ཉིད་ཤེས་པར་བྱ། །མཐོ་དང་འདུད་པ་ནུབ་བྱང་ཡིན། །ཤར་ལྷོ་གཞོལ་ཞིང་འཇམ་པ་ལ། །མཐོ་སྒྲོ་གྲོག་པོ་ཆུ་སྣ་ཚོགས། །དཀྱིལ་འཁོར་དབང་དགྲ་མཚམས་རྟགས་བྱ། །ལྷུན་སྡུག་རི་བོ་ནགས་ཚལ་ལྡན། །རབ་ཏུ་མཉམ་ཞིང་སྣུམ་བག་ཅན། །ཆུ་བོ་དབང་གི་ཕྱོགས་ཡིན་ཏེ། །ཅུང་ཟད་ཀྱིས་ནི་རླུང་ཉུང་ཞིང་། །མེ་ཏོག་སྐྱེད་ཚལ་བྱ་སྐད་བརྟག །ལོ་རྒྱུས་ཤིས་པའང་མཆོག་ཏུ་གསུངས། །ཞེས་དང་། ལམ་རིམ་ལས། སྡེ་དཔུང་ཆེན་པོས་མི་ཚུགས་ཤིང་། །ས་དང་བར་སྣང་ཤིས་པ་དང་། །ལོ་རྒྱུས་རྣམ་གཉིས་ལྡན་པ་དང་། །ཡིད་འོང་ས་བཙལ་རྒྱས་བར་བྱ། །འཁོར་ཁང་ཕྱི་ནང་བར་ལྡན་པར། རིན་ཆེན་བྱུགས་པས་བསྲུང་བ་དང་། །རིན་ཆེན་སྤུས་པའི་གཞལ་ཡས་ཁང་། །ཞེས་སོ། །འཁོར་ཕུན་ཚོགས་ནི། རྡོ་རྗེ་རྒྱལ་ཐེབས། གཟུངས་མ། འི སློབ་མ་སྟེ། རྒྱུད་ལས། སྒྲུབ་དང་སྒོམ་ལ་དགའ་བ་དང་། །རྟག་ཏུ་བླ་མ་ལ་གུས་ཤིང་། །དུས་གསུམ་བླ་མ་མཆོད་བྱེད་པ། །ཡོན་ཏན་དང་ལྡན་སློབ་མ་ཡིན། །ཞེས་སོ། །བཞི་པ་ཡོ་བྱད་ཕུན་སུམ་ཚོགས་པ་ནི། རྒྱུད་ལས། ཡོ་བྱད་དཀའ་བ་ཀུན་བསྡུས་ནས། །ཁྱད་པར་ཚོགས་དང་ལྡན་པ་ཡི། །དངོས་གྲུབ་སྒྲུབ་པའི་རྫས་སུ་བཞག །ཅེས་སྐུའི་རྟེན་ཕྱི་ནང་གི་ཙཀཱི། བྲིས་སྐུ། ལུགས་མ་སོགས། གསུང་རྟེན་གླེགས་བམ།
ཐུགས་རྟེན་ཕྱག་མཚན་དུ་མ་དང་། དབང་རྫས་བུམ་པ་བདུད་རྩི་ལྔ་ལ་སོགས་པ། སྒྲུབ་རྫས་ཀ་པཱ་ལ། སྨན་རཀ་གཏོར་མ་སོགས། མཆོད་རྫས་མེ་ཏོག་སོགས། བགེགས་བཟློག་པའི་བསྙེན་ཕུར། ཡུངས་ཀར། གུ་གུལ། ནད་ཞི་བའི་སྨན་ལ་སོགས་པ་དང་། དགྲ་རྐྱེན་བཟློག་པའི་གོ་མཚོན་དང་། གཞན་ཡང་རྔ་དུང་སིལ་སྙན་ལ་སོགས་པ། གདུགས་རྒྱལ་མཚན་བ་དན་ཡོལ་བ་བླ་བྲེ་སོགས་ཉེར་མཁོ་དུ་མ་དང་། འཚོ་བ་ཟས་ཀྱི་ཡོ་བྱད་ཀྱང་། ཚེ་འཛིན་ཏེ་ཟན། གལ་བྱི་སྟེ་བུ་ཟླུམ་བཙོས་པ། ཛ་གད་སྟེ་ཆང་། ཛ་ག་ཏི་སྟེ་ཉེའུ། ཟླ་རྒྱས་མར། ཟླ་ཁྲོམ་མཐུང་། འཇམ་དེས་བུ་རམ། མང་ས་གཡུ་མདོག་ཁུར་བ། ཙ་ཏ་རུ་ཚ་བ། རྡོ་རྗེ་ཤུགས་ཀྱང་ཆང་། རྡོ་རྗེ་ཀུན་ཏུ་རྒྱུ་ཚྭ། རྡོ་རྗེ་ཀ་ཏ་རི་ཤ་ཡིན་ཅེས་གསུངས། གཏེར་མ་རྣམས་ལ་ངོས་འཛིན་འདི་དང་ཅུང་མི་འདྲ་བའི་ཁྱད་པར་ཡོད་དོ། །ལྔ་པ་དུས་ཕུན་སུམ་ཚོགས་པ་ནི། རྔམས་གློག་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམས། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །བྱང་ཆུབ་སྤྱོད་པ་ཆེར་སྤྱད་བྱ། །སྔ་དྲོའི་དུས་སུ་དཀྱིལ་འཁོར་འབྲི། །ཞེས་སོ། ༈ །བུམ་རྫས་ཉེར་ལྔ་ནི། ལམ་རིམ་ལས། ཚད་དང་མཉམ་པའི་རྒྱ་བྱས་ལ། །འཇིམ་པ་བ་སྤུས་མཉམ་པར་བྱ། །ནས་སྲན་གྲོ་འབྲས་ཏིལ་དཀར་པོ། །རང་བཞིན་སྐུ་ལྔ་ཐོབ་ཕྱིར་ཡང་། །དག་པ་ཕུང་པོ་ལྔ་རུ་ཤེས། །གུར་
གུམ་ལ་གུ་ཙནྡན་གཉིས། །གྲནྟི་ཀ་ཡི་དྲི་འདི་དག །ཕྲིན་ལས་ཡུལ་གྱི་རང་བཞིན་ཏེ། །ཐོབ་ཕྱིར་ངེས་པར་ཚང་བར་བྱ། །བྱུ་རུ་གསེར་དངུལ་མུ་ཏིག་དང་། །རིན་པོ་ཆེ་ནི་འབྱུང་བའི་དངོས། །ཞིང་སོགས་ཡོན་ཏན་ཐོབ་ཕྱིར་སྦྱར། །ལན་ཚྭ་སྦྲང་རྩི་བུ་རམ་མར། །ཨ་འབྲས་ལ་སོགས་འབྲས་བུ་ལྔ། །རྣམ་ཤེས་ཡེ་ཤེས་རང་བཞིན་ཏེ། །ངེས་པ་ཉིད་དུ་བཟུང་བར་བྱ། །ཧ་ས་དེ་བ་བཾ་ཧ་ཏི། །སེ་ཏ་ཀཎྜ་ཀ་རི་དང་། །ཨ་པྲ་ཙིཏྟ་སྨན་གྱི་མཆོག །དབང་པོ་ལག་པ་གསུང་གི་མཆོག །ཉི་ཟླ་ཆུ་ས་མཱི་སར་བཅས། །རྣམ་པ་ལྔ་ཡི་ཚཱ་ས་ནི། །ཁམས་ཀྱི་རང་བཞིན་རིགས་ལྔ་སྟེ། །སུམ་ཅུས་རབ་མཉམ་བསྟིམ་པར་– བྱ། །ཞེས་གསུངས་ཤིང་། དེའི་མཆན་བུར། ལ་གུ་གླ་རྩི། གྲན་ཀ་ཛ་ཏི། ཧ་ས་དེ་བ་རྒྱ་མཚོ་ལྦུ་བ། བྲི་ཧ་ཏི་དབང་ལག །སེ་ཏ་ཤུ་དག་དཀར་པོ། ཀཎྜ་ཀ་རི་སྟག་ཚེར། ཨ་པྲ་ཙིཏྟ་སྙིང་ཞོ་ཤ །ཉི་ཟླ་བྱང་སེམས་དཀར་དམར། ཆུ་ས་དྲི་ཆུ། རྀ་ས་དྲི་ཆེན་རྣམས་ཡིན་པར་གསུངས། དེ་དགོས་པའི་དོན་ཡང་། གསང་སྙིང་ལས། འབྲུ་ལྔ་སྤོས་ལྔ་སོགས༴ ཡང་གསུང་གིས། ནས་སྲན་གྲོ་འབྲས་ཏིལ་དཀར་ཏེ་འབྲུ་ལྔ། གུར་གུམ་གླ་རྩི་ཙནྡན་དཀར་དམར་ག་བུར་ཏེ་སྤོས་ལྔ། བྱེ་རུ་མུ་ཏིག་མུ་མེན་ལྷུར་ལེན་གཡུ་དང་ལྔ་ནི་རིན་ཆེན་ལྔ། ཚ་བུ་རམ་སྦྲང་ཨ་འབྲས་མར་ཏེ་སྙིང་པོ་ལྔ། ཀཎྜ་ཀ་རི་སླེ་ཏྲེས་ཤུ་དག་དཀར་
པོ་ཤུ་ཟུར་སྙིང་ཞོ་ཤ་སྟེ་སྨན་ལྔ། བྱང་སེམས་དཀར་དམར་དྲི་ཆེན་དྲི་ཆུ་ཤ་ཆེན་ཏེ་བདུད་རྩི་ལྔར་གསུངས་ཤིང་། དེའི་སྟེང་དུ་བ་བྱུང་ལྔ་བསྣན་པས་སོ་ལྔའོ། །དེ་དག་གི་དགོས་པ་ཡང་། གཞན་སེལ་དང་། དོན་གཉེར་གཉིས་ལས། གཞན་སེལ་ཕུང་པོ་ལྔ་རང་དག་ནས། དོན་གཉེར་སྐུ་ལྔ་མ་བཙལ་བར་ཐོབ་ཕྱིར་འབྲུ་ལྔ། དེ་བཞིན་དུ། དབང་པོ་ལྔ་དག་ནས་ཕྲིན་ལས་ལྔ་ཐོབ་ཕྱིར་སྤོས་ལྔ། ཡུལ་ལྔ་དག་ནས་ཡོན་ཏན་ལྔ་ཐོབ་ཕྱིར་རིན་ཆེན་ལྔ། རྣམ་ཤེས་ལྔ་དག་ནས་ཡེ་ཤེས་ལྔ་ཐོབ་ཕྱིར་སྙིང་པོ་ལྔ། འདོད་ཡོན་ལྔ་དག་ནས་གསུང་ལྔ་ཐོབ་ཕྱིར་སྨན་ལྔ། ཁམས་ལྔ་དག་ནས་རིགས་ལྔ་ཐོབ་ཕྱིར་བདུད་རྩི་ལྔ། དེ་སྟེང་བ་བྱུང་ལྔ་སྟེ་སོ་ལྔའོ། ༈ །གོ་མཱིའི་དགེ་བསྙེན་བུ་སྟོན་གྱིས་ས་སྟོན་སྡེ་པའི་ལུགས་ཡིན་ཅེས་གསུངས་སོ། ༈ །མི་དགེ་བ་བཅུ་ནི། མཛོད་ལས། གསོད་དང་གནོད་སེམས་ཚིག་རྩུབ་པ། །ཞེ་སྡང་གིས་ནི་མཐར་ཕྱིན་བྱེད། །ལོག་གཡེམ་བརྣབ་སེམས་མ་བྱིན་ལེན། །ཆགས་པ་ཡིས་ནི་རྫོགས་པར་བྱེད། །ལོག་པར་ལྟ་བ་གཏི་མུག་གིས། །ལྷག་མ་གསུམ་གྱིས་རྫོགས་པར་འདོད། །ཅེས་དང་། རིན་ཆེན་ཕྲེང་བར། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བའོ། །ཞེས་སོ། །དེ་རེ་རེ་ལ་ཡང་། རྒྱུ་མཐུན། བདག་པོའམ་དབང་གི་འབྲས་བུ། མཐར་ཐུག་གི་འབྲས་བུ་གསུམ་དང་། སྔ་མ་ལ་
མྱོང་བ་རྒྱུ་མཐུན་དང་། བྱེད་པ་རྒྱུ་མཐུན་གཉིས་ལས། དང་པོ་ནི། རིན་ཆེན་ཕྲེང་བར། གསོད་པ་ཡིས་ནི་ཚེ་ཐུང་འགྱུར། །བརྐུས་པ་ཡིས་ནི་ལོངས་སྤྱོད་ཕོངས། །བྱི་ཕོ་བྱེད་པས་དགྲ་དང་བཅས། ། རྫུན་དུ་སྨྲ་བས་བཀུར་བ་སྟེ། །ཕྲ་མ་ཡིས་ནི་བཤེས་དང་དབྱེ། །རྩུབ་པོ་ཉིད་ཀྱིས་མི་སྙན་ཐོས། །མ་འདྲེས་པ་ཡིས་ཚིག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བཤད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཅེས་གསུངས། གཉིས་པ་ནི། གལ་ཏེ་མིར་སྐྱེས་ཀྱང་མི་དགེ་བ་ཁོ་ན་ལ་སྤྱོད་པ། མཐར་ཐུག་གི་འབྲས་བུ་ནི་ཆེན་པོས་དམྱལ་བ། འབྲིང་གིས་ཡི་དྭགས། ཆུང་ངུས་དུད་འགྲོར་སྐྱེ། བཞི་པ་ནི་ཕྱི་རོལ་གྱི་ཡུལ་ལ་སྨིན་ཏེ་ཐ་ན་དུད་འགྲོར་སྐྱེས་ཀྱང་རྩྭ་ཆུ་དཀོན་པ་སོགས་ཡིན་པར་བཤད་ཀྱང་། དེ་དག་ཀྱང་གནས་སྐབས་མཐར་ཐུག་གཉིས་སུ་འདུའོ། །དགེ་བ་བཅུ་ནི་དེའི་ལྡོག་ཕྱོགས་ཏེ། རིན་ཕྲེང་ལས། མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ། །ཞེས་གསུངས། གནས་སྐབས་མཐར་ཐུག་རྒྱུ་མཐུན་བདག་འབྲས་བཞི་ལས། གནས་སྐབས་སམ་མྱོང་བ་རྒྱུ་མཐུན་ནི་སྲོག་གཅོད་སྤངས་པས་ཚེ་རིང་བ་སོགས་དང་། བྱེད་པ་རྒྱུ་མཐུན་ནི་མིར་གྱུར་ཚེ་དགེ་བ་ཅུར་སྤྱོད་པ། མཐར་ཐུག་ནི། ཆེན་པོས་སངས་རྒྱས། འབྲིང་གིས་རང་རྒྱལ། ཐ་མས་དགྲ་བཅོམ་
པ་རྣམས་ཐོབ། བདག་འབྲས་ནི་ཕྱི་རོལ་གྱི་ཡུལ་ལ་སྟེ། མིར་སྐྱེས་ཀྱང་ཡུལ་ཕུན་སུམ་ཚོགས་པ་སོགས་སོ། ༈ །དེ་ལྟར་ངན་འགྲོ་ལ་སྡུག་བསྔལ་ནི། དམྱལ་བ་ནི་ཚ་དམྱལ་དང་གྲང་དམྱལ་ཏེ། དེ་ཡང་། །g ཡང་སོས་ཐིག་ནག་བསྡུས་འཇོམས་དང་། །ངུ་འབོད་ངུ་འབོད་ཆེན་པོ་དང་། །ཚ་བ་རབ་ཚ་མནར་མེད་བརྒྱད། །ཅེས་དང་། ཆུ་བུར་ཆུ་བུར་བརྡོལ་བ་དང་། །ཨ་ཆུ་སོ་ཐམ་ཀྱི་ཧུད་པ། །ཨུཏྤལ་པདྨ་པད་ཆེར་གས། །ཞེས་དེ་ལྟར་ཡང་། བཤེས་སྤྲིངས་ལས། འདི་ན་ཉིན་གཅིག་མདུང་ཐུང་ལྔ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུའི་ཡང་། །འོལ་ཡང་མི་བགྱི་ཆར་ཡང་མི་ཕོད་དོ། །ཞེས་དང་། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་གྱི་ཉི་མའང་གྲང་། །ལྗོན་ཤིང་གྲིབ་མ་མེད་འགྱུར་འདི་དག་གིས། །བལྟས་པ་ཙམ་གྱིས་ཆུ་ཀླུང་མོད་ལ་བསྐམས། །ཞེས་དང་། དུད་འགྲོའི་སྐྱེ་གནས་ན་ཡང་གསོས་པ་དང་། །བཅིངས་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །དེ་ཡང་ངན་སོང་གསུམ་ནི་སྡུག་བསྔལ་གྱི་སྡུག་བསྔལ། བདེ་འགྲོ་གསུམ་ནི་འགྱུར་བའི་སྡུག་བསྔལ། ཐམས་ཅད་ལ་ཁྱབ་པ་ནི་འདུ་བྱེད་ཀྱི་སྡུག་བསྔལ་ལོ། །མདོར་ན་བཤེས་སྤྲིངས་ལས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་
ལྷུང་། །འཁོར་ལོས་སྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །འདོད་པས་ཚིམ་པ་མེད་པའི། སྐྱེ་ཤིས་སུན་པ་མེད་པའི། ལས་ལ་ཟིན་པ་མེད་པའི་སྡུག་བསྔལ་ཏེ་གསུམ་ལས། དང་པོ་ནི། བཤེས་སྤྲིངས་ལས། རེ་རེས་རྒྱ་མཚོ་བཞི་བས་ལྷག་པ་ཡི། །སོགས་དང་། གཉིས་པ་ནི། རེ་རེའི་བདག་ཉིད་རུས་པའི་ཕུང་པོ་ནི། །སོགས་དང་། གསུམ་པ་ནི་ཞིབ་པ་དང་། ཚོང་པ་བཞིན་གཅིག་ཀྱང་ཟིན་པ་མེད་པའོ། །རིགས་བརྒྱད་དབྱེ་བ་ལས། ཚད་མེད་བཞི་སྦྱོང་མི་གཡོ་སྒོམ་བྱེད་པ། །ཚངས་པ་ལ་སོགས་རིམ་པར་སྐྱེ་བའི་རྒྱུ། །ཞེས་སོ། །དེའི་དོན་ནི། རྒྱན་ལས། སེམས་ཅན་རྣམས་ལ་བརྩེ་བ་ཅན། །ཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བ་ཡི་དགོངས་པ་ཅན། །ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །ཅེས་པས། ཕྲད་དང་ཡན་ཆད་ཀྱིས་བདེ་བ་དང་འཕྲད་འདོད་ཀྱི་བྱམས་པ་ཚད་མེད། བྲལ་བའི་དགོངས་པ་ཅན་ནི་སྡུག་བསྔལ་འབྲལ་འདོད་ཀྱི་སྙིང་རྗེ་ཚད་མེད། མི་འབྲལ་བ་ཡི་དགོངས་པ་ཅན་ནི་བདེ་བ་དང་ལྡན་པ་རྣམས་མི་འབྲལ་བར་འདོད་པའི་དགའ་བ་ཚད་མེད། ཕན་བདེ་དགོངས་པ་ནི་ཉེ་རིང་གནས་སུ་མ་ལྷུང་བའི་བཏང་སྙོམས་ཚད་མེད་དེ། བཤེས་སྤྲིངས་ལས། བྱམས་དང་སྙིང་རྗེ་དག་དང་དགའ་བ་དང་། །བཏང་སྙོམས་རྟག་ཏུ་ཡང་དག་སྒོམ་མཛོད་ཅིག །ཅེས་
དང་། ཚངས་དང་འོད་གསལ་དག་དང་དགེ་རྒྱས་དང་། །འབྲས་བུ་ཆེ་ལྷ་རྣམས་དང་སྐལ་མཉམ་ཐོབ། །ཅེས་སོ། ༈ །བུ་སྟོན་རིན་པོ་ཆེས། བདག་གིས་ཆོས་མིན་སྨྲ་ན་ཆོས་དང་འགལ། །ཆོས་བཞིན་བྱས་ན་བོད་རྣམས་དགྲ་རུ་ལྡང་། །ཅི་ཡང་མ་སྨྲས་ཀུན་གྱིས་བླུན་ཞེས་བརྙས། །ཀྱེ་མ་ད་ནི་བདག་གིས་ཇི་ལྟར་བྱ། །ཞེས་གསུངས། ༈ །ཚོན་པྲ་བརྟག་པ་ནི། མདོ་དབང་ལས། ཁྱམས་བཅུ་གཅིག་པའི་བྱང་ཤར་ནང་ནས་ཕྱིར་མཐིང་དཀར་སེར་དམར་ལྗང་བའི་རྩིག་པ་མཛུབ་གང་བ་དྲངས་ཏེ་ཏིང་ཕོར་བཀབ་པ་རྡོ་རྗེས་མནན་ལ་བཞག །ནངས་པར་སྔ་བར་ཟངས་གཞོང་བསལ་ཏེ་རེ་ཁཱ་འདྲེས་ན་ཉམས་པ་ཡོད་པས་བློ བཤགས་པར་བྱ། མ་འདྲེས་གསལ་ན་ཤིས་པའོ། །ཞེས་སྣང་། དེ་ཡང་རྩིག་པ་ལྔ་སྒྲགས་ཀྱི་ནང་ནི་དཀྱིལ་འཁོར་གྱི་གཙོ་ལྷའི་མདོག་དང་། དེ་ནས་དཀར་སེར་དམར་ལྗང་མཐིང་ག་རིམ་བཞིན་ནོ། ༈ །ཚུལ་ཕྱག་དང་གྲལ་ཕྱག་གི་དབྱེ་བ་ནི། དེ་ཉིད་ལས། ཞི་ཁྲོ་ཕུར་གསུམ་དང་བཀའ་བརྒྱད་གཅིག་དྲིལ་བའི་ཆོག་ཁྲིགས་ཡིག་རྙིང་ཞིག་ལས་ཚུལ་ཕྱག་སྐྱབས་འགྲོ་དྲུག་སྐོར་ལ་ངོས་བཟུང་བ་དང་། གྲལ་ཕྱག་ནི་བླ་མ་ནས་བཟུང་ཞི་ཁྲོ་ཆོས་སྤྱོད་ཀྱི་བར་དུ་ཕྱག་འཚལ་བ་ལ་ངོས་བཟུང་བ་དང་། ཞི་བ་རིན་ཆེན་དྲྭ་བ་དང་། ཁྲོ་བོ་དམ་པ་རྒྱན་གྱི་སྒོམ་ཁོག་མངོན་པར་རྟོགས་པའི་མན་ངག་ལས། ཚུལ་ཕྱག་ནི། རྣལ་
འབྱོར་པ་རྣམས་ནང་དུ་འདུས་བ་ལ་དཀྱིལ་འཁོར་གྱི་མཐར་འཁོད་དེ་ས་མ་ཡ་ཛཞེས་དབང་པོས་ལྷ་འོག་ནས་འབྱུང་བ་ལྟར་སྤྱན་དྲངས་ལ། བདག་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས། གྲུབ་ན་རྣལ་འབྱོར་རྒྱུན་བཤགས་རྒྱས་བར་བྱ། །དེ་མ་གྲུབ་ན་བླ་མ་དང་མཁའ་འགྲོ་ལ་ཕྱག་གསུམ་བཙལ། ཡི་དམ་གྱི་ལྷ་ཞི་ཁྲོ་ལ་ཕྱག་གསུམ་འཚལ། དེ་ནི་སྔོན་གྱི་ཚུལ་བཟང་པོའི་རྗེས་སུ་བཞུགས་པས་ཚུལ་ཕྱག་ཅེས་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་གདན་ལ་བཞུགས་པར་ཀུན་གྱིས་ཕྱག་གསུམ་འཚལ་ལོ། །དེ་ནས་དབང་སྔ་བ་ནས་རིམ་པ་བཞིན་དུ་གསུམ་གསུམ་བཙལ་ལོ། །དེ་ནས་དབང་གྲལ་གྱི་རིམ་པ་བཞིན་དུ་ཐོབ་པས་ན་གྲལ་ཕྱག་ཅེས་བྱའོ། །དེ་ལྟར་ཡང་དགོངས་འདུས་ལས། རྡོ་རྗེ་འདུད་པའི་གྲལ་ཕྱག་ཏུ། །རྡོ་རྗེ་འདུས་པའི་སྟང་ཆེན་གཤེར། །ཞེས་གསུངས། དེས་གྲལ་ཕྱག་དང་ཚུལ་ཕྱག་བྱ་བ་དེ་ཐལ། ཅེས་འབྱུང་བས་ཤིན་ཏུ་ཁུངས་བཙུན་ཅིང་དོན་གྱི་འབྲེལ་ཆགས་པ་ལུང་དང་བཅས་འཐད་པར་སྣང་བས་འདི་བཞིན་དུ་བྱ་བ་ལ་ཞེས་སོགས་གསུངས་ཤིང་། ཚུལ་ཕྱག་སྐབས། ལྷ་སྤྱན་དྲངས་པ་དང་རྗེས་དཔོན་སློབ་རྣམས་ ལྷན་ཅིག་ཏུ་ཕྱག་བྱ་བ་དང་བསྟུན་བདག་ཉིད་ཆེན་པོ་རིགས་ལྔ་ནས། ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས། །ཞེས་པས་རྩ་གསུམ་དང་། བརྗོད་མེད་ཤེས་རབ་སོགས་ཤློ་ཀ་གཅིག་གིས་རྟོགས་པའི་ཕྱག་
དང་། ཐུགས་རྗེའི་གདུང་འཚོབ་མན་གྱིས་བཤགས་པ་རྣམས་ཚང་བས་ཡེ་ཤེས་སྐུ་མཆོག་འདོན་པར་གསུངས། གྲལ་ཕྱག་སྐབས་སུ། སློབ་དཔོན་ཁྲིར་བཞུགས་ནས། སྒྲུབ་མཆེད་ཐམས་ཅད་ཀྱིས་ཕྱག་གསུམ་གསུམ་བཙལ་ཞིང་། དབང་སྔ་མ་ནས་ཕྱག་གསུམ་རིམ་བཞིན་འཚལ་བར་གསུངས་པ། འདུལ་བར་རྒན་རིམ་གྱི་ཕྱག་བྱ་བ་དང་ཆོས་མཚུངས་པར་དཀྱིལ་འཁོར་དུ་དབང་ཐོབ་སྔ་ཕྱི་རིམ་པས་ཕྱག་བྱ་བ་ཡིན་འདུག་ཀྱང་། སྒྲུབ་མཆེད་རྣམས་ཚན་གཉིས་སུ་བཅད་དེ་ཕན་ཚུན་དུ་ཕྱག་གསུམ་རེ་འཚལ་བས་དོན་འཐུས་པར་སེམས། ཞེས་སྣང་ངོ་། །འོན་ཀྱང་དེང་སང་ཕྱག་ལེན་ལ་ནི་རྟེན་ཕྱག་ཁོ་ན་འདེབས་སོ། ༈ ། སྒྲུབ་ཆེན་སྐབས། ཕྱི་མཚམས་རྒྱལ་ཐོ། ནང་མཚམས་སྒོ་བྱང་གདགས་པ། གསང་མཚམས་མ་ཏྲ་བསྒྲལ་བའོ། །མཚམས་དགུ་ཕྲུགས་ནི། སྒྱུ་འཕྲུལ་ཞི་ཁྲོ། ཕྱི་ནང་གསང་བའི་མཚམས་དགུ་ཕྲུགས་ཀྱིས་ས་གཞི་བསྲུང་བར་བྱ་སྟེ། ཕྱི་མཚམས་རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་གི་ཐོ་གཟུག །ནང་མཚམས་དམ་སྲི་བརྡུངས་ལ་མནན་པ་བྱ། གསང་མཚམས་སྒོ་བྱང་གདགས། བར་གྱི་ཕྱི་མཚམས་ཁྲོ་བོ་བཅུས་བགེགས་ལ་ཕུར་པ་གདབ། བར་གྱི་ནང་མཚམས་མཚོན་ཆ་འཆོལ་བས་མཚོན་ཆའི་ཕུར་བུ་གདབ། གསང་མཚམས་ཁྲོ་བཅུའི་སྟངས་སྟབས་ཀྱིས་བགེགས་བྲིལ་གྱིས་མནན། གསང་བའི་ཕྱི་མཚམས་བདུད་
རྩི་འཁྱིལ་བ་དང་མི་གཡོ་བས་དམ་སྲིའི་བར་ཆད་ཚར་བཅད། ནང་མཚམས་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་སུ་བསྒོམ། གསང་མཚམས་གསང་བའི་དམ་སྲི་བདུད་རྩི་གསང་གཏོར་གྱིས་རྡུལ་བཞིན་དུ་བརླག་པར་བྱའོ། །ཞེས་གསུངས་སྣང་ངོ་། ༈ །ཚེ་དབང་སྐབས། ལུས་ལ་མདའ་དང་ངག་ལ་དར་དམར་པོ། །ཡིད་ཀྱི་རྟེན་དུ་མེ་ལོང་གསུམ་འབྲེལ་བས། །བླ་ཚེ་སྲོག་གི་རྟེན་ཡིན་ཤིན་ཏུ་གཅེས། ༈ །གཏོར་མ་ཤེས་པ་བཞི་ལྡན་ནི། །དབང་དུས་ལྷ་དང་མཆོད་དུས་འདོད་ཡོན་ཏེ། །དངོས་གྲུབ་ལེན་སྐབས་ཡེ་ཤེས་བདུད་རྩི་དང་། །ཟོར་འཕང་སྐབས་སུ་ནད་མཚོན་ཐོག་ཆར་དང་། །ཕོ་ཉའི་ དམག་དཔུང་འཕྲོ་བར་ཤེས་པར་བྱ། ༈ །སྔགས་ཀྱི་སྐབས། མགལ་མེ་ཀླད་འཁོར་ལྟ་བུ་ནི། །མཚན་མོ་མགལ་དུམ་བར་སྣང་ལ་བསྐོར་བས་བསྐོར་བ་རྒྱུན་མ་ཆད་པའི་དབྱིབས་ལྟ་བུ་སྟེ། ཁ་དོག་དམར་པོའམ་ཡིག་འབྲུ་ལ་མེ་འབར་བ་སོགས་བསྒོམ་དགོས་རྒྱུ་ནི་མ་ལགས་སོ། ༈ །རང་བཞིན་ལྟ་བའི་དམ་ཚིག་བཞི་ནི། མེད། ཕྱལ། གཅིག་པུ། ལྷུན་རྫོགས་བཞིའོ། །སྦྱིན་སྲེག་གཡབ་རྫས་ལ། ཞི་བར་བྱ་རྒོད། རྒྱས་པར་ངང་པ། དབང་ལ་རྨ་བྱ། དྲག་པོར་ཕོ་རོག་གི་གཤོག་པ་ལ་བྲིས་པ་དགོས་ཤིང་། མེ་ལ་ཕུ་བྱེད་པ་དང་། མེའི་ཚ་བ་དཀྲུགས་པ་སོགས་མི་བྱའོ། །མཆོད་པ་ལ། བཤམས་པ་རྫས་ཀྱི། དམིགས་
པ་ཏིང་འཛིན། བརྡ་སྤྲོད་པ་ཕྱག་རྒྱའི། བླངས་པ་སྒྲའི། ཟབ་མོ་སྔགས་ཀྱི་མཆོད་པ་དང་ལྔའོ། །ཨགྷོ་ཡན་ལག་བརྒྱད་ལྡན་ཆུ། །ཞལ་དུ་བཞེས་དང་སྐུ་ཁྲུས་གསོལ། །པཉྩམ་ནི་ཞེས་པ་ཡི། །ཞབས་བསིལ་ཆབ་དང་ལེན་མཚུངས་ཏེ། །པཱ་དྱེ་ཞབས་བསིལ་སྟན་ཉིད་ལ། །བཞུགས་ཁར་ཞབས་ཉིད་བཀྲུ་བའོ། ༈ །གནྡྷེ་དྲི་ཆབ་ཙནྡན་དང་། ག་བུར་གུར་གུམ་སི་ཧྥ་སོགས་ཆུ་གཙང་དང་སྦྱར་ནས་ཁྲུས་ཐམས་ཅད་ཚར་བའི་རྗེས་སུ་ལུས་ཀྱི་གནས་རྣམས་བྱུགས་ཤིང་ཚ་གདུང་གི་ནད་གཞི་སོགས་སྐྱོབ་ཕྱིར་བསིལ་ངད་ལྡན་པའི་དྲི་བཟང་གི་བྱུག་རྫས་དེ་རྣམས་རྒྱ་གར་ཡུལ་ཚད་གདུང་ཆེ་བ་དང་བསྟུན་པའོ། ༈ །བསྒྲལ་ལས་སོགས་ལ། འཁོར་གསུམ་ཆོས་ཉིད་སྐྱེ་མེད་དུ་རྟོགས་པ་ལྟ་བ་བློ་འདས་ཀྱི་རྫོང་། བདག་ཉིད་ལྷ་དང་། ཕུར་པ་སྲས་མཆོག །དམིགས་ཡུལ་དངོས་སུ་གསལ་ཞིང་ཐམས་ཅད་ཀྱང་རྒྱལ་བའི་ཕྲིན་ལས་སུ་ཤེས་པ་གསལ་བ་གསུམ་ལྡན་ནི་སྒོམ་པ་ཡེངས་མེད་ཀྱི་འཕྲང་། དེ་དག་ཀྱང་ཨ་འཐས་མ་ཡིན་པར་ཡེ་ཤེས་སྒྱུ་མའི་རྣམ་རོལ་གྱིས་ཚོགས་གཉིས་མཉམ་རྫོགས་ཆེན་པོར་ལ་བཟླ་བ་སྤྱོད་པ་ཞེན་མེད་ཀྱི་སྲོག་ཅེས་བྱའོ། ༈ །དུས་ཀྱི་སྙིགས་མ་རྩོད་ལྡན་ཏེ། སེམས་ཅན་སྙིགས་མ་དེར་སྐྱེས་པ། །ལྟ་བ་བདག་ལྟ་ཕྱོགས་འཛིན་ཅན། །ཚེ་ནི་ཐུང་ཞིང་བར་ཆད་མང་། །ཉོན་མོངས་གཉེན་པོས་མི་ནོན་པའོ། །བསླབ་པ་གསུམ་
ནི་སྡོམ་པའི་དབང་བྱས་ན། དགེ་བསྙེན། དགེ་ཚུལ། དགེ་སློང་དང་གསུམ། དཔང་པོ་དང་སྦྱར་ན་སོ་བྱང་དང་སྔགས། ཉམས་སུ་བླང་བྱ་སྦྱར་ན། ཚུལ་ཏིང་ཤེས་རབ་གསུམ་སྟེ་དགུའོ། ༈ །མདོ་དང་། གཟུགས་ཀྱི་ཆོ་ག་ཞེས་པའི་མདོ་ཆོག་ནི། བཅུ་གཅིག་ཞལ་གྱི་སྨྱུང་གནས་སོགས་དང་། གཟུངས་ཆོག་ནི་རྣམ་འཇོམས་སོགས་ཡིན། སྔགས་ཆོག་ནི་སྔགས་ཕྱི་ནང་གི་རྒྱུད་ལས་གསུངས་པའོ། །སྤོས་ཀྱི་ མཎྜལ་ནི་སྟེགས་བུའི་ངོས་ལ་དྲི་བཟང་བྱུགས་པའོ། །སྔགས་ལ་ཐལ་ཆེན་སོགས་བྱུགས་པར་ཡང་གསུངས་སོ། ༈ །བསྔོ་བ་ནི། དགེ་རྩ་བསྒྲུབས་པའི་རྒྱུ་སྔོན་དུ་བཏང་སྟེ། དེ་ཡི་འབྲས་བུ་བྱང་ཆུབ་ཐོབ་པར་གྱུར་ཅིག་པར་བདེན་ཚིག་བརྗོད་པ་དང་། སྨོན་ལམ་ནི། དགེ་རྩ་སྔོན་དུ་མ་སོང་ཡང་ལྷག་བསམ་གྱི་སྨོན་ཚིག་བརྗོད་པ་ཡིན་ནོ། ༈ ། རྟོག་པས་བདག་གི་ཆོས་དང་གང་ཟག་གི་བདག་བསྒྲལ། ཐུགས་རྗེས་གཞན་༧ གསལ་བ་གསུམ་ལྡན་གྱིས་སྒྲོལ་བ་ཡིན་ནོ། །ལུང་ཨ་ནུ་ཡོ་གའི་བསྐྱེད་རིམ། དབྱིངས་སྐྱེ་མེད་མཐའ་བྲལ་གྱི་ཀློང་ནས་རིག་པའི་ཡེ་ཤེས་འགགས་མེད་དོན་གྱི་ལྷར་ཤར་བ་མ་གཏོགས། ཀུན་རྫོབ་སྤྲོ་བསྡུ་མཚན་བཅས་ཀྱི་བསྐྱེད་རིམ་ལ་རགས་མ་ལུས་པའི་ཕྱིར་ན། ཤེས་རིག་གི་ངོ་བོ་ཧེ་རུ་ཀ་དེ་ཉིད་རྣམ་རོལ་གྱི་ཆོ་འཕྲུལ་དཀྱིལ་འཁོར་ཀུན་གཙོ་པདྨ་བཛྲ་དུ་ལྷུན་གྱིས་གྲུབ་ཅིང་། དེ་ཉིད་ཀྱི་ངོ་བོ་རང་བཞིན་
ཐུགས་རྗེའི་སྣང་ཚུལ་ལམ་མིང་དུ་བཏགས་ཚུལ་ཙམ་དུ་ཡབ་ཡུམ་འཁོར་སོགས་སུ་དབྱེ་བ་དེ་ཉིད་དོན་དུ་སྣང་སྟོང་དབྱེར་མེད་རིག་པའི་ངོ་བོ་ཉིད་དང་། དེའི་རྩལ་མདངས་རྣམ་ཤེས་ཚོགས་བརྒྱད། ཉེ་ཉོན་ཉི་ཤུ། སེམས་བྱུང་ལྔ་བཅུ། རྟོག་ཚོགས་བརྒྱད་ཁྲི་བཞི་སྟོང་སོགས་སུ་ཤར་ཞིང་། དེ་དག་གི་རྒྱུ་སེམས་ཅན་གྱི་དུས་སུ་ལས་ཉོན་གྱི་རྟོག་ཚོགས། ལམ་རྣལ་འབྱོར་གྱི་དུས་ན་ཉམས་དང་འཆར་སྒོའི་བྱེ་བྲག ། འབྲས་བུ་སངས་རྒྱས་ཀྱི་དུས་སུ་མཁྱེན་བརྩེ་མཛད་ཕྲིན་གྱི་བྱེ་བྲག་ཏུ་འགྱུར་བའོ། ༈ །མཆོད་པ་ལ། ཕྱི་དམིགས་རྟེན་དུ་བཤམས་པ་རྫས་ཀྱི་མཆོད་པ། ནང་རང་ལུས་ཤ་ཁྲག་དྲོད་དབུགས་སོགས་རང་བྱུང་ལྷུན་གྲུབ་ཀྱི་མཆོད་པ། གསང་བ་གཤིས་སྐྱེ་མེད། གདངས་འགགས་མེད། རྩལ་སྣ་ཚོགས་སུ་འཆར་བ་དོན་དམ་ཡེ་ཤེས་ཀྱི་མཆོད་པ། དེ་དག་ཐམས་ཅད་ཀྱང་འཁོར་གསུམ་མི་དམིགས་བློ་འདས་གདོད་མའི་དབྱིངས་སུ་གྲོལ་བ་ནི་དེ་ཁོ་ན་ཉིད་ཀྱི་མཆོད་པ་ཞེས་བྱའོ། ༈ །མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོར། རྒྱ་གར་གྱི་གྲུབ་ཐོབ་བརྒྱད་ཅུ་སོགས་དང་། བོད་ཀྱི་བཀའ་གདམས་ནས་བཟུང་གསར་མའི་གཙུག་ལག་ཁང་དང་སྐྱེས་ཆེན་ལུང་བསྟན་ཞིབ་པར་ཡོད་འདུག་པ། དེ་ཁོ་ན་ཁོལ་ཕྱུང་བྱས་པ་ཞིག་རྩིས་དཀར་དྲུང་པའི་བཀའ་འབུམ་རྒྱ་མཚོ་དགུ་སྐོར་གྱི་ལུང་བསྟན་རྒྱ་མཚོར་འཁོད་ཡོད་པར་
སྣང་ངོ་།། ༈ །།གཞི་བདག་གཉུག་གནས་ནི་རྟག་ཏུ་དེར་གནས་ཏེ་གཞན་དུ་མི་འཕོ་བའི་མིང་གི་བྱེ་བྲག་སྟེ་རྟག་ཆགས་ཀྱང་ཟེར་རོ། ༈ །རྒྱ་གར་ན་རབ་བྱུང་རྣམས་བསོད་སྙོམས་ལ་ཕེབས་ཚེ་ མཁར་བསིལ་གྱི་སྒྲ་དང་། རྣལ་འབྱོར་པ་ཡིན་ན་ཌ་མ་རུ་དང་། ཁྲི་སྙན་གྱི་རྭ་དུང་འབུད་པ་ཡིན་ནོ། །རྐང་གླིང་ལ་བཀའ་བརྒྱུད་པ་རྣམས་ཀྱིས། ཐོག་མར། ཨོཾ། ཨོཾ། ཨོ་ཞེས་ཐུང་འབུད་གསུམ། དེ་བ་གཅིག །དེ་ནས་ཧཞེས་རིང་བ་གཅིག །དེ་ནས་ཧའའ་འ་འའ་ཞེས་རྒྱང་རིང་ཞིང་ལྡེམ་འགྱུར་ཡོད་པ་གཅིག །དེ་ནས་ཧཱུྃ་ཧཱུྃ་ཞེས་བདེ་མཆོག་ཡིག་བདུན་ལ་ཕག་མོའི་ཨོ་གསུམ་མ་སྦྱར་བའོ། །ཐུང་བ་གཉིས། དེ་རྗེས་ཕཊཅེས་འདི་ཅུང་ཟད་རིང་ཙམ་བྱས་པ་སྟེ། དེ་ལྟར་དགུ་ལ་དགུ་འབུད་ཟེར། རྙིང་ལུགས་ལ། ཀཿཐོག་དམ་གཙང་བྱམས་གསུམ་སོགས་ཀྱི་ཕྱག་བཞེས་བདུན་འབུད་འདི་བླ་མ་ལ་གསོལ་བ་འདེབས་པའི་བརྡ་སྐད་ཡིན་ཏེ། ཐོག་མར་མཆོད་མཆོད། ཅེས་པ་འདི་སྔ་མ་རིང་ཙམ། རྗེས་མ་ཐུང་བ་བྱ། དེ་ནས་བླ་མ་བླ་མ། ཞེས་བླ་མ་འབོད་པ་འདི་གཉིས་ཀ་རྒྱང་རིང་པོ་བྱ། དེ་ནས་བླ་མ་མཁྱེན་ མཁྱེན་མཁྱེན་མཁྱེན་མཁྱེན་ཞེས་རྒྱང་རིང་ཞིང་ལྡེམ་འགྱུར་དང་བཅས་བྱས་རྗེས། ཕཊཙཕཊ༔ ཅེས་པ་འདི་གཉིས་སྔ་མ་ཅུང་ཟད་རིང་ཙམ་དང་། ཕྱི་མ་ཐུང་རྦད་སྤྱིས་བཅད་ལ་བཞག་པ་ཡིན། བླ་མ་འབོད་
པའི་རྒྱང་གསུམ་པོ་དེའང་མགོ་མ་སྐད་ཤེད་ཆེ་བ། མཇུག་ཏུ་རིམ་པར་ཆུང་ནར་གྱིས་བཞག་པ་ནི་བླ་མ་དྲན་པའི་མོས་གུས་གདུང་ཤུགས་སྐྱེ་ཕྱིར་ཡིན་ཞིང་། འདི་འབུད་ལུགས་མཁས་པ་ཞིག་བྱུང་ན་སྣང་བ་འགྱུར་ཏེ་སྐྱོ་ལྷང་གིས་གཏོང་ཐུབ་པ་འོང་། སྒྲུབ་གྲྭ་ལ་ཐུན་བཞིའི་ངེས་པ་བྱེད་ན། ཐོ་རངས་བླ་མའི་གསོལ་འདེབས་སྤྱི་ཐུན། ཉི་ཤར་ཆུ་གཏོར་གྱི་ཐུན། ཕྱི་དྲོ་ཉི་མ་འདོམ་གང་ཙམ་དུས་གཏོར་བསྔོས་ཀྱི་ཐུན། མུན་སྲོས་ནག་ཡཾ་དུས་གཅོད་ཀྱི་ཐུན་དུང་དེ་དེར་བསྟུན་པའི་དགེ་སྦྱོར་བསྒྲིགས་སུ་གཞུག་པ་ལགས་སོ། ༈ །སྐྱབས་པ་ཙམ་གྱིས་གྲོལ་ཕྱིར་སྐྱབས་གྲོལ་སྤྱན་གཟིགས་མཚན། ༈ །འབྲོག་དགོན་པ་ནི། འབྲོག་སྟོང་། བྱང་ཐང་། ལུང་སྟོང་ལྟ་བུའོ། །དེར་ཟས་སྐོམ་མི་མྱོང་ཞིང་། གཅན་གཟན་དང་དུག་སྦྲུལ་མི་མ་ཡིན་སོགས་ཀྱི་འཚེ་བ་མང་བས་འབྲོག་དགོན་པའི་གནོད་པ་ཟེར། ༈ །འཛམ་སེར་གྱི་ཞབས་འོག་ཏུ་དུང་ནི་གནོད་སྦྱིན་དུང་གདོང་དང་། པད་ཆེན་ནི་པདྨའི་གདོང་མནན་པ་ཡིན་འདྲ་སྟེ། དྲང་དོན་དུ་གནོད་སྦྱིན་གྱི་སྡེ་དཔོན་ཡིན་ཕྱིར་དེའི་རྟགས་དང་། ངེས་དོན་དུ་རིན་འབྱུང་ཡིན་པས་གནོད་སྦྱིན་ཡང་སྤྲུལ་པའི་བྱང་ཆུབ་སེམས་དཔའ་ཡིན་པར་གོ ༈ །བདེ་མཆོག་སྔགས་རིང་དུ། རྣོ་ཞེས་པ་འདི་རིང་ཆ་མེད་ཅིང་། སྣར་ཐང་པ་ལྟར་ན། འཛའ་ཎོ་ཨུན་དང་། ཞྭ་ལུ་ལྟར་ན་འཛོ་ཎོ་ཨུན་ལྟ་བུར་བརྗོད་དགོས།
རྙིང་མའི་རྫོགས་ཆེན་གྱི་རྒྱུད་བཅུ་བདུན་སོགས་སུ། ཁ་ལྟ་བུ་ནི། རྩ་བའི་ཡིག་འབྲུ་ཛ་དེ་ལ་ཡན་ལག་བུ་དྲུག་མི་འདྲ་བ་ཅི་ཙམ་བཏགས་པ་དེ་སོ་སོའི་གྲངས་དང་མཉམ་བར་བཀླག་སྟེ། དཔེར་ན། ཚུ་ཛྲ་ཛུ་ཛོ་ཛོ་ཛི་ཛི་ཛི། ཞེས་པར་བཀླག་དགོས་ཞེས་བི་མ། རང་བྱུང་ཞབས། ཀློང་ཆེན། མཁའ་སྤྱོད་པ་སོགས་ཀྱིས་གསུངས། དོན་དུ་དཀྲུགས་ཡིག་འདི་འདྲ་བ་རྣམས་ནི། སྐུ་ལྔ་ཡེ་ཤེས་ལྔ། སྐུ་གསུམ་ཕར་ཕྱིན་དྲུག་ས་བཅུ་ལམ་ལྔ་སོགས་ཀྱི་བརྡ་རྟགས་ཡིན་པ་མ་གཏོགས་ལེགས་སྦྱར་གྱི་སྐད་དཀྱུས་མ་མ་ཡིན་ཏེ། དུར་ཁྲོད་ཀྱི་ཨེ་ཝཾ་སྒྲ་སྒྲུབ་སོགས་དང་མཚུངས། ༈ །བཟློག་ཅེས་པ་ཕར་དང་། ལྡོག་ཅེས་པ་ཚུར་འོང་བའི་དོན་ཡིན་པས་བཀླག་ལུགས་ངག་ལས་བསླབ། སྒྲ་སྦྲ་སོགས་ཀྱང་ཡུལ་སྐད་ཤན་མ་ཤོར་བར་སྒྲ་ཟུར་འབྱིན་པར་བཀླག་དགོས་པར་སྣང་། ༈ །ལྔ་ལམ་དུ་གྱུར་པ་ནི། མངལ་གནས་སྐྱེ་རྒ་ན་འཆིའོ། །སྤྱོད་ལམ་བཞི་ནི། འགྲོ་འདུག་ཟ་ཉལ་ལམ། འགྲོ་འཆག་ཟ་ཉལ་བཞི་སྟེ། འགྲོ་བ་ནི་དཀྱུས་སུ་འགྲོ་བ་དང་། འཆག་པ་ནི་ཉེ་སྐོར་དུ་གུག་བྱེད་པའི་ཁྱད་ཡིན། ༈ །དེ་སང་འདུལ་བ་འཛིན་པ་ཕལ་ཆེར། གནས་སྐབས་ཆབ་ལྷམ་གུང་ཚིགས་སོགས་ཞིབ་ཞིབ་འདྲ་ལ། །ཕུགས་རྩ་བཞི་དངོས་བརྒྱུད་ནས་སྤྱོད་ཅིང་། ཉོན་མོངས་གཉེན་པོས་མ་ཟིན་པས་རང་རྒྱུད་ཇེ་རགས་སུ་སྡེ་འཁྲུགས་སློང་བས། སོང་བ་
ལ་སེམས་སྐྱོ་བར་སྣང་ངོ་།། ༈ །།ཐོག་མར་བསྒྲུབ་བྱའི་གཞིའི་ལྷ་གང་ཡིན་མ་ངེས་ན། བསྒྲུབ་གཞི་མེད་པའི་སྒྲུབ་བྱེད་ཙམ་དུ་ཟད་པས། སྒྲུབ་གཞི་ནི་འདི་ལྟར་འགྲོ་བ་ཐམས་ཅད་རང་བཞིན་རྣམ་དག་ལྷའི་བདག་ཉིད་ཅན་དུ་ཁྱད་མེད་དུ་གནས་པའི་དམ་ཚིག་སེམས་དཔའ་དང་། སངས་རྒྱས་ཐམས་ཅད་ཆོས་ཀྱི་སྐུ་ནི་ཡེ་ཤེས་སེམས་དཔའ་སྟེ། དེ་གཉིས་གདོད་ནས་དབྱེར་མེད་པའི་རང་བཞིན་དུ་བཞུགས་པ་ནི་དམ་ཡེ་གཉིས་མེད་ཀྱི་དོན་ཏེ་སྦྱང་གཞིའོ། །དེ་ལྟར་ཡིན་པ་རང་ངོ་མ་ཤེས་ཤིང་མ་རྟོགས་པར་ཐ་དད་དུ་བཟུང་བ་ན་སྦྱང་བྱའི་དྲི་མའོ། །དེ་སྦྱོང་བྱེད་ཀྱི་ཐབས་ནི་འཁྲུལ་པ་གློ་བུར་བ་ཀུན་བརྟགས་ཀྱི་ཆ་རྣམས་བསྐྱེད་རིམ་གྱིས་དང་། ས་བོན་གྱི་ཆ་ནི་རྫོགས་རིམ་གྱིས་སྦྱོང་བ་ཡིན་ཅིང་། ཇི་ལྟར་སྦྱོང་ན་འཁྲུལ་པའི་ཆོས་ལས་ཉོན་སྡུག་བསྔལ་གྱི་རྣམ་པར་ཤར་པའི་རིགས་རྒྱུན་དེ་ཉིད་ལམ་བདེ་བ་ཆེན་པོར་སྒྱུར་བར་བྱེད་པ་ཡིན་ལ། སྒྱུར་ཚུལ་དེའི་རང་ངོ་ལ་བསལ་བཞག་མེད་པར་བཞག་པས་གང་ཤར་གྱི་རང་བཞིན་དག་སྣང་དུ་འཆར་བའི་གནད་ཀྱིས་ཏེ། རྒྱུ་མཚན་དེས་གསང་སྔགས་ཀྱི་ཐེག་པ་འདིར་ཀུན་འབྱུང་བདེན་པའི་རང་བཞིན་ལམ་བདེན་དང་། སྡུག་བསྔལ་བདེན་པའི་རང་བཞིན་འགོག་བདེན་དུ་སྣང་བས་འབྲས་བུ་ལམ་བྱེད་ཀྱི་དོན་ཡང་དེ་ཡིན་པའི་ཕྱིར་ན་མཚན་ཉིད་ཀྱི་ཐེག་པས་གཞི་སྤོང་འགེགས་ཀྱི་སྦྱོང་བའི་ལམ་
ལས་ཁྱད་པར་འཕགས་པའོ། ༈ །ཨོཾ་ཨཱཧཱུྃ། སྐུ་གསུང་ཐུགས་ཀྱི་ས་བོན། སརྦ་ཐམས་ཅད། ས་མ་ཡ་དམ་ཚིག །ཨེ་འདིར། ཨ་རལླི་རོལ་པ། ཧྲིང་ཧྲིང་། འདུས་ཤིག་པའི་བརྡ་སྐད་དེ། རྡོ་རྗེ་གསུམ་གྱི་ལྷ་ཚོགས་ཐམས་ཅད་དམ་ཚིག་གི་རོལ་བས་འདིར་འདུས་ཤིག་ཅེས་བསྐུལ་བའོ། །ས་མ་དམ་ཚིག །ཛཛདགུག་པའི་ས་བོན་ཏེ། དམ་ཚིག་པ་ལྟར་བྱོན་ཅིག་པའི་སྔགས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་བྱོན་པ་དམ་ཚིག་གི་དཀྱིལ་འཁོར་གྱི་སྟེང་གི་ནམ་མཁར་མེ་རི་འདབ་འབྱོར་ཙམ་དུ་བཞུགས་པར་བསྒོམ། དམ་ཡེ་བསྲེ་བའི་སྔགས་ནི། ཛཧཱུྃ་བཾ་ཧོ༔ནི་ཚད་མེད་བཞིས་སེམས་ཅན་གྱི་དོན་ལ་བསྐུལ་པ་སྟེ། དམ་ཚིག་པ་ལ་ཡེ་ཤེས་པ་དགུག་པ་དང་། གཉིས་སུ་མེད་པར་གཞུག་པ་དང་། བྱ་བ་མ་ཟིན་གྱི་བར་དུ་མི་གཤེགས་པར་བཅིངས་པ་དང་། དགྱེས་བཞིན་དུ་བཞུགས་ཤིག་ཅེས་བསྐུལ་དོན་ཡིན་ལ། ས་མ་ཡ་དམ་ཚིག །ཏིཥྛ་བརྟན་པ། ལྷན་དུ་བཞུགས་ཤིག་པའི་བརྡ་སྐད་དེ། འགྲོ་བའི་དོན་མཛད་པར་དམ་བཅས་པ་བཞིན་དུ་བརྟན་པར་བཞུགས་ཤིག་ཅེས་པའོ། །ཏིང་འཛིན་དམ་ཚིག་གི་དཀྱིལ་འཁོར་དང་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་ཆུ་ལ་ཆུ་འདྲེས་ལྟར་གྱུར་ཏེ། དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་ལྷར་རྟོགས་པ་དེ་ཉིད་འདྲེས་པ་ནན་ཏན་གྱི་ཕྱག་ཅེས་
རྣལ་འབྱོར་མཆོག་གི་ཕྱག་རྒྱའོ། ༈ །དྭངས་མ་ལྔ་བརྟེན་པའི་སེམས་ཉིད་ཀྱི་དྭངས་མ་དང་བཅས་ཟུང་དུ་བསྡེབས་པས་དག་ཐོབ་འབྱུང་ཚུལ། ༡༢ས་ཆུའི་ཁམས་དག་པས་འཁོར་བའི་ལུས་ཀྱི་སྡུག་བསྔལ་ལས། ། རྣམ་གྲོལ་བདེ་བ་སྐྱེ་འཆི་བྲལ་བ་ནི། །ཆེན་སྐུ་ཆེན་པོ་པོའི་སྐུ་སྟེ་སྐུ་ཡི་རྡོ་རྗེའོ། །རླུང་མེའི་ཁམས་དག་ངག་གི་སྡུག་བསྔལ་ལས། །རྣམ་གྲོལ་བདེ་བ་འགྲོ་འོང་རྩོལ་བྲལ་བ། །གཞོམ་མེད་གསང་སྔགས་སྒྲ་ཆེན་གསུང་རྡོ་རྗེ། །ནམ་མཁའི་ཁམས་དག་ཡིད་ཀྱི་སྡུག་བསྔལ་ལས། །རྣམ་གྲོལ་བདེ་བ་གཟུང་འཛིན་བྲལ་བ་ཡི། །གཉུག་མ་རང་རིག་གི་ཁམས་རང་བཞིན་སྤྲོས་བྲལ་གྱི། །ཡེ་ཤེས་དེ་ལས་འབྲས་བུ་ཡོན་ཏན་རྣམས། །རང་སྣང་དག་པ་རབ་འབྱམས་འཆར་བ་ནི། །ཐུགས་ཀྱི་རྡོ་རྗེ་མངོན་དུ་གྱུར་པའོ། ༈ །ནོངས་བཤགས་སོགས་ཀྱི་སྐབས། ཨ་བྷི་དྷ་ན་ལས། ཡི་གེ་བརྒྱ་པ་ཐམས་ཅད་དུ། །གསང་སྔགས་བརྟན་པར་བསྒོམས་ནས་སུ། །རང་གི་མིང་དང་ལྡན་པ་ནི། །གཅིག་ཏུ་སྤེལ་ནས་བཟླས་པར་བྱ། །ཞེས་རིགས་གང་ཡིན་གྱི་ལྷའི་མིང་བཅུག་ནས་བཟླ་གསུངས་ལ། ཡང་ན་རྣལ་འབྱོར་རྒྱུད་ལས། རྡོ་རྗེ་སེམས་དཔའ་རིགས་རྣམས་ཀུན་གྱི་བདག །ཅེས་པ་ལྟར་རྡོ་རྗེ་སེམས་དཔའ་ནི་རིགས་ཐམས་ཅད་ཀྱི་སྤྱི་སྒྲར་གྲགས་པས་མི་བསྐྱོད་པ་ཁོ་ནར་མ་ངེས་པའི་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ཉིད་བཟླས་ཀྱང་ཆོག་གོ ༈ །རྟོག་
ཚོགས་ལྷར་དག་ལ་ལྷ་ཡེ་ཤེས་སུ་དག་པས། ཡེ་ཤེས་ནི་གཟུང་འཛིན་དང་བྲལ་བ་ཡིན་ཕྱིར་བསྒོམས་ཤིང་བསྒྲུབས་པའི་ལྷ་དེ་ཡང་རང་གི་སེམས་ཀྱི་ཆོས་ཉིད་བདེ་གསལ་སྟོང་བ་ཉིད་ཆོས་སྐུའི་ངོ་བོར་གསལ་བར་ཐག་བཅད་དོ། ༈ །རོ་སྲེག་སོགས་ཀྱི་ཚེ་མེ་པྲ་བརྟག་པ་ནི། སྦྱོང་རྒྱུད་ལས། སྡིག་པ་བཅོམ་པའི་མཚན་མ་ནི། །དཀར་པོ་ཉིད་དང་གཡས་སུ་འབར། །གྱེན་དུ་འབར་ཞིང་དྲི་མ་མེད། །རྒྱུ ཟླུམ་ཞིང་རྣམ་པར་མི་འཕྲོ་བ། །བརྟན་པ་གློག་བཞིན་དྲི་མ་མེད། །ཡང་ན་མེ་ལྷ་ཉིད་ཀྱིས་ནི། །བདག་ཉིད་དེ་བཞིན་སྟོན་བྱེད་དེ། །ཟླ་བ་དྲི་མེད་དཀར་འདྲ་ལ། །བཞིན་མདོག་བཟང་ཞིང་འཕྲོ་བར་འགྱུར། །དེ་ཡི་མཚན་མ་འདི་དག་གིས། །དམྱལ་བ་སོགས་ལས་རྣམ་གྲོལ་ཞིང་། །སྡིག་པ་བཅོམ་ནས་བདེ་འགྲོར་ནི། །སྐྱེས་པ་ཡིན་པ་ཤེས་པར་བྱ། །ཞེས་སོ། །གཏེར་ཆེན་འགྱུར་མེད་རྡོ་རྗེས། མདོར་ན་བདེ་དང་མི་བདེའི་ལས་སྣང་ཀུན། །ཇི་ལྟར་ཤར་ཡང་སྤྲོས་བྲལ་དབྱིངས་སུ་ཐིམ། །རང་ཤར་རང་གྲོལ་བསྒོམ་ལས་མ་འདའ་བར། །རེ་དོགས་རྐྱེན་གྱི་འཆིང་བས་མི་འཆིང་མཛོད། ༈ །མཚན་ཉིད་སྒྲོ་འདོགས་སྤྱོད་པ་རྨི་ལམ་བདེ་བས་མི་འབྲིད་པར། །ཐུན་བཞིའི་ཉམས་ལེན་རྡོ་རུས་ཐུག་པས་དགེ་སྦྱོར་གནད་ལ་གཅིག་དྲིལ་མཛོད། ༈ །སྔགས་སྡོམ་སྐབས། ཐོབ་བྱའི་ངོ་བོ་ནི། ཐ་མལ་གྱི་སྣང་ཞེན་མཚན་རྟོག་སྡོམ་པར་བྱེད་
པ་བསྐྱེད་རིམ་གྱི་སྔགས་སྡོམ་དང་། ལྷར་སྣང་ཞེན་གྱི་མཚན་རྟོག་སྡོམ་པར་བྱེད་པ་རྫོགས་རིམ་གྱི་སྔགས་སྡོམ་མོ། ༈ །ལྟ་སྒོམ་སྤྱོད་འབྲས་ཀྱི་དོན་བསྡུ་ན། སེམས་ཀྱི་རང་བཞིན་དག་པ་གཉུག་མའི་དོན་དེ་ལ་ཇི་ལྟར་བརྟག་ཀྱང་དངོས་པོ་དང་མཚན་མར་མ་གྲུབ་པས་རྟག་པ་རང་རྒྱུད་པ་མིན། རིག་ཙམ་དུ་མ་འགགས་ཆད་པ་ཅི་ཡང་མེད་པའང་མིན། དེ་གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་ཕུང་པོ་གསུམ་སྟེ་མཐའ་ཐམས་ཅད་ལས་འདས་པས་འདི་ཞེས་བརྗོད་མེད། བསམ་མེད། དམིགས་མེད། ཕྱལ་བ་སྟེ། ཞི་བ་ལྷས། གང་ཚེ་དངོས་དང་དངོས་མེད་དག །ཅེས་སོགས་གསུངས་པ་ལྟར་རོ། །སེམས་ལ་སྣང་བའི་གཟུགས་སོགས་ཡུལ་རྨི་ལམ་ལྟར་མ་བརྟགས་ཉམས་དགའ་ཞིང་བརྟགས་ན་གང་དུའང་དམིགས་སུ་མེད་པ་སྟེ། སྣང་རིག་ངོས་བཟུང་དང་བྲལ་པའི་རྗེན་པ་དེ་ཀ་སོ་སོ་རང་གིས་རིག་བྱ་ལས་གཞན་མ་ཡིན་པས་རང་བྱུང་གི་ཡེ་ཤེས་ཞེས་བྱ་སྟེ་ལྟ་བའོ། །དེ་ལྟར་སྒྲོ་འདོགས་ཆོད་པའི་ལྟ་བ་དེའི་རང་གྲིམ་གློད་ལ་སོགས་པའི་རྩོལ་བས་མ་བཅོས་ཤིང་བསལ་བཞག་མེད་པར་རང་ལུགས་སུ་བཞག་པས་རིག་པ་ཡུལ་མེད་རང་གསལ་དུ་ལྷག་གེར་གནས་པ་དེ་ལས་མི་གཡོ་བ་གང་དེ་ཞི་ལྷག་ཟུང་འབྲེལ་གྱི་སྒོམ་པའོ། །ལྟ་སྒོམ་དེའི་ངང་ལས་ནམ་ཡང་མི་འདའ་བར་བག་དང་ལྡན་པས་ཡུན་བསྲིངས་ཤིང་བརྟེན་པས་སྣང་སྤྱོད་ཐམས་ཅད་
བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་གྲོགས་སུ་ཁྱེར་ཞིང་སྤྱོད་པ་ནི་སྤྱོད་པའོ། །རྟོགས་གོམས་མཐར་ཕྱིན་པས་གཞི་དེ་ཇི་ལྟ་བ་བཞིན་རྟོགས་པ་ལ་བརྟན་པ་ཐོབ་པ་ནི་སྤང་ཐོབ་མེད་པའི་འབྲས་བུའོ། ༈ །ཛྙཱ་ན་ཨ་ཝེ་ཤ་ཡ། ཞེས་པ་ནི། ཡེ་ཤེས་ཕོབ་ཅིག་པའོ། ༈ །བློ་ནི་བྷ་ག་སྟེ་ཆོས་དབྱིངས་དང་། ཨོཾ་ནི་ཡེ་ཤེས་ལྔ་ཡི་ངོ་བོ་མཚོན་པས་ན་སྣོད་དབྱིངས་དང་བཅུད་བདེ་ཆེན་ཡེ་ཤེས་ཀྱི་ཕྱག་རྒྱར་འབྲེལ་ཆགས་པའོ། ༈ །སྟོང་གསུམ་ནི། །གླིང་བཞི་རི་རབ་དང་བཅས་པ་གཅིག་གཉའ་ཤིང་འཛིན་དང་མཐོ་དམན་མཉམ་པས་བསྐོར་བ་འདོད་པ་དང་། གཟུགས་ཀྱི་ལྷའི་ཁང་པས་བརྒྱན་པ་ནི་གླིང་བཞི་པའི་འཇིག་རྟེན་ནོ། །དེ་སྟོང་གི་མཐར་སུམ་ཅུ་རྩ་གསུམ་གྱི་གནས་དང་མཐོ་དམན་མཉམ་པའི་ལྕགས་རིས་བསྐོར་བ་ནི་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་ནོ། །དེ་སྟོང་གི་མཐར་གཞན་འཕྲུལ་དབང་བྱེད་ཀྱི་གནས་དང་མཉམ་པའི་ལྕགས་རིས་བསྐོར་བ་ནི་སྟོང་གཉིས་པ་བར་མའི་འཇིག་རྟེན་ནོ། །དེ་སྟོང་གི་མཐར་བསམ་གཏན་དང་པོའི་གནས་དང་མཉམ་པའི་ལྕགས་རིས་བསྐོར་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོ། །དེ་ན་གནས་པའི་སྣོད་བཅུད་ཐམས་ཅད་ཀྱང་སྟོང་པ་ཉིད་དེ་གཟུགས་བརྙན་བཞིན་ནོ། །འོན་ཀྱང་ཡེ་ཤེས་ལྔའི་རྩལ་གཟུང་འཛིན་དུ་འཁྲུལ་པས་དུག་ལྔར་སྣང་བས་འཁོར་བའི་སྡུག་
བསྔལ་བསྐྱེད་ཀྱང་། ངོ་བོ་རང་བྱུང་གི་ཡེ་ཤེས་བདེ་བ་ཆེན་པོའི་གནས་ཉིད་ལས་གཞན་དུ་གྱུར་པ་རྡུལ་ཙམ་ཡང་མེད་དོ། །ཨོ་རྒྱན་ཆེན་པོས། རྟོག་པ་ཆོས་ཉིད་ཡིན་ཤེས་ན། །ཆོས་དབྱིངས་གཞན་ཞིག་བསྒོམ་རྒྱུ་མེད། །ཅེས་དང་། རྣམ་པར་རྟོག་པ་བགེགས་ཉིད་དེ། །བགེགས་ནི་རང་གི་སེམས་ལས་བྱུང་། །ཡེ་ནས་སེམས་ཉིད་དག་ཤེས་ན། །བགེགས་ཞེས་བྱ་བ་གཞན་ན་མེད། །ཅེས་སོ། ༈ །ཕུང་ལྔ་གནས་སུ་དག་པའི་རྟགས་སུ་འབྱུང་ལྔ་ཟད་པར་འགྲུབ། །ཚོགས་བརྒྱད་གནས་སུ་དག་པའི་རྟགས་སུ་ལས་ཕྲན་ཚེགས་བརྒྱད་འགྲུབ། །ཡེ་ཤེས་གྲུབ་པའི་རྟགས་སུ་ལས་བཞི་ལྷུན་གྱིས་གྲུབ་པ་སྟེ་མཆོག་བསྒྲུབས་པས་ཐུན་མོང་ཞར་ལ་གྲུབ་པའི་ངེས་པའོ། ༈ །སྔགས་ཀྱི་ཡན་ལག་ལྔ་ནི། བདག་གི །ལྷའི། གསང་སྔགས་ཀྱི། བཟླས་བརྗོད་ཀྱི། འཕྲོ་འདུའི་དེ་ཁོ་ན་ཉིད་དོ། ༈ །ས་བཅུ་སོ་སོའི་རང་སྐལ་གྱི་དྲི་མ་སྦྱང་བྱ་ནི། ས་དང་པོར་སེར་སྣ། གཉིས་པར་ཚུལ་འཆལ། གསུམ་པར་ཁོང་ཁྲོ། བཞི་པར་ལེ་ལོ། ལྔ་པར་རྣམ་གཡེང་། དྲུག་པར་ཤེས་འཆལ། བདུན་པར་ཐབས་མི་མཁས། བརྒྱད་པར་སེམས་ཅན་གྱི་དོན་མི་འགྲུབ་པས་སྟོབས་ལ་སྒྲིབ་པ། དགུ་པར་སྨོན་པའི་དོན་མི་འགྲུབ་པ། བཅུ་པར་ཤེས་བྱ་ཕྲ་མོའི་ས་བོན་དང་བཅས་པ། ཕར་ཕྱིན་བཅུ་དང་སའི་ཡོངས་སུ་སྦྱངས་པས་ས་བཅུའི་དྲི་མ་རྣམས་རིམ་གྱིས་བྱང་ཞིང་
ས་བཅུའི་རྒྱུན་གྱི་ཐ་མ་འོད་ཟེར་ཆེན་པོས་དབང་བསྐུར་བའི་ཚེ་རྡོ་རྗེ་ལྟ་བུའི་ཏིང་འཛིན་ཐོབ་ནས་སངས་རྒྱ་བར་བྱེད་དོ། ༈ །སྤྲུལ་པ་ཀུན་ཏུ་ཚད་མེད་པས་ཀུན་ཏུ་འོད་སྤྲུལ་སྐུའི་ས་དང་། རང་སྣང་ དག་པའི་སྣང་བ་ཚད་མེད་པས་པདྨ་ཅན་ལོངས་སྐུའི་ས་དང་གཉིས་སུ་མེད་པའི་ཡེ་ཤེས་ཚད་མེད་པས་སའི་མཆོག་འཁོར་ལོ་ཚོགས་ཆེན་ཆོས་སྐུའི་སའོ། །དེས་ན་ཀུན་ཏུ་འོད་ཆོས་སྐུ། འཁོར་ལོ་ཚོགས་ཆེན་སྤྲུལ་བྷཱུ སྐུར་འདོད་པ་ནི་ནོར་བ་ཡིན། ༈ །ལམ་གྱི་འབྲས་བུ་ནི། ཀུན་འོད། པདྨ་ཅན། ཡི་གེ་འཁོར་ལོ་ཚོགས་ཆེན། བདེ་བ་ཆེན་པོ། རྡོ་རྗེ་འཛིན་པ། ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་དྲུག་ལ་མངའ་བརྙེས་པའོ། །འདི་དག་ནི་སངས་རྒྱས་ཀྱི་སའི་སྣང་སྟོང་དང་ཡེ་ཤེས་ལ་སོགས་པའི་ཡོན་ཏན་གྱི་ཆ་ལས་བཏགས་ཀྱིས་ཐ་དད་པ་རེ་རེའི་ས་གོང་ནས་གོང་དུ་བགྲོད་པ་ནི་མ་ཡིན་ནོ། །དེའང་སྤྲུལ་པས་མཁྱེན་གཉིས་ཀྱིས་འགྲོ་དོན་མཛད་པས་ན་ཀུན་འོད། ལོངས་སྐུ་སྣང་བས་པདྨ་ཅན། ཡི་གེའི་སྤྲིན་སྤྲོ་བ་ཡི་གེ་ཚོགས་ཆེན། ཟུང་འཇུག་གི་བདེ་བ་ཆེན་པོའི་དབྱིངས་སུ་བཞུགས་པ། མཐར་ཐུག་གི་བགྲོད་བྱ་ཐམས་ཅད་ཀྱི་བླ་མར་གྱུར་པས་རྡོ་རྗེ་འཛིན་པ། དེ་ཐམས་ཅད་དབྱེར་མེད་པའི་ཀུན་ཏུ་བཟང་པོ་དབྱེ་བ་མེད་པའི་ས་ཞེས་བརྗོད་པ་ཡིན་ཅིང་། ཀུན་ཏུ་འོད་ཀྱིས་ལས་འདས་པ་ནི། ཆོས་སྐུ་ལས་འདས་པའི་གཟུགས་སྐུའི་
སྣང་བས་དོན་མཛད་པ་ཙམ་ལ་དགོངས་པའོ། ༈ །རིག་མེ་དོར་བའི་སྔགས་དོན། ཨོཾ་བཛྲ་ས་མ་ཡ་ཨོ་ནི་སྐུའི་དམ་ཚིག་གིས་སྐུར་སྒྲུབ་པ་སྟེ་དེ་བཞིན་སྦྱར་རོ། ༈ །ཨོཾ་ཡེ་ཤེས་རྒྱལ་པོ་ཞེས་བཅོམ་ལྡན་འདས་ལ་བོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྨད་དུ་བྱུང་བ་ཆེན་པོའི་དངོས་གྲུབ་ད་ལྟ་ཉིད་དུ་མཉམ་པར་སྦྱོར་བའི་བདག་པོས། ལྷའི་སྐུ་གསུང་ཐུགས་ཕྱག་རྒྱ་ཆེན་པོར་ད་ལྟ་ཉིད་དུ་བདག་ལ་སྦྱོར་ཅིག་པའོ། །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་ཧཱུཾ། ཨོཾ་བཛྲ་ས་མ་ཡ་ཧོརྣམས་ཀྱིས་སྐུ་གསུང་ཐུགས་ཀྱི་དམ་ཚིག་དུས་ལ་བབ་པར་བསྐུལ་པའོ། །དབང་བསྐུར་བའི་སྔགས་དོན། །ཨོཾ་མ་གུང་མོ་སྤྱི་གཙུག་ཧཱ་ཤཱ་ནྱཏཱ། སྟོང་པ་ཉིད། ཨཱ་མཛུབ་མོ་དཔྲལ་བ་དན། མེ་ལོང་ལྟ་བུའི་ཡེ་ཤེས། པྲཏུ་རྣ་ལྟག་གཡས་སྲིན་ལག་པ་ཥ་ཎཱཀྵསོ་སོར་རྟོག་པ། ས་མ་ལྟག་པ་མཐེ་བོང་ཏཱ། མཉམ་པ་ཉིད། ཀྲྀཏྱ་ནུཏྟུན། མཐེའུ་ཆུང་རྣ་ལྟག་གཡོན། བྱ་བ་ནན་ཏན། ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾ་ནི། ཡེ་ཤེས་རྡོ་རྗེའི་ངོ་བོ་ཉིད་ཀྱི་བདག་ཉིད་ནི་ངའོ། །ཞེས་པའོ། །བྱིན་གྱིས་བརླབས་པའི་སྔགས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀེ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་རང་བཞིན་ང་ཡིན་ནོ། །ཞེས་པའོ། ༈ །སྒྲུབ་གནས་ཀྱི་མཚན་ཉིད་ནི། ལས་རིམ་ལས། ཟུར་བརྒྱད་ལ་སོགས་རྩེ་མདའ་དང་། །
ཆུ་བོ་ཤིན་ཏུ་མ་པོ་ཡང་། །མཉམ་ཞིང་ཡིད་འོང་ཁ་ཡི་ཆུ། །ཉི་མ་ཤིན་ཏུ་གནས་པ་ནི། །ནམ་མཁའི་མཚན་ཉིད་ཤེས་པར་བྱ། །མཐོ་དང་མདུན་ས་ནུབ་བྱང་ཡིན། །ཤར་ལྷོ་གཞོལ་ཞིང་འཇམ་པ་ལ། ། ཐོ་སྒོ་གྲོག་མདོ་ཆུ་སྣ་ཚོགས། །དལ་དབང་སྒྲ་ཡི་མཚམས་བརྟག་བྱ། །ལྷུན་སྡུག་རི་བོ་ནགས་ཚལ་ལྡན། །རབ་ཏུ་མཉམ་ཞིང་སྣུམ་བག་ཅན། །ཆུ་བོ་དབང་གི་ཕྱོགས་ཡིན་ཏེ། །ཅུང་ཟད་ཀྱིས་ནི་རླུང་ཉུང་ཞིང་། །མེ་ཏོག་ཤིང་ཚལ་བྱ་སྐད་བརྟག །ལོ་རྒྱུས་ཤེས་པའང་མཆོག་ཏུ་གསུངས། །བདག་ཉིད་བརྟགས་ཤིང་ཉམས་དགའ་དང་། །བསམ་གཏན་དགྲ་ལས་རིང་གྱུར་པ། །རང་ཁྱིམ་ལ་སོགས་དེ་བཞིན་ཏེ། །ནན་ཏན་ནུས་མཐུ་ལྡན་ཕྱིར་ཡིན། །ཞེས་སོ། ༈ །རྒྱ་མཚོ་ལས། མཆོད་པའི་ཕྱག་རྒྱ་ཆེ་མཆོག་ནི། །སེམས་ཀྱི་རྟོག་ཚོགས་ཀུན་བསྒྲལ་ཏེ། །མཆོད་དང་མཆོད་བྱ་མི་དམིགས་པའི། །རང་བཞིན་ནམ་མཁའི་ངང་དུ་བསྒོམ། །ཞེས་སོ། ༈ །སངས་རྒྱས་མཉམ་སྦྱོར་ལས། ཆོས་དབྱིངས་མཉམ་དང་མི་མཉམ་པ། །ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པའི། །དངོས་པོ་ཐམས་ཅད་དེ་ཡིན་ཏེ། །ནམ་མཁའ་ཀུན་གྱི་དབྱིངས་ན་དཔལ། །རྡོ་རྗེ་སེམས་དཔའ་རྟག་ཏུ་བཞུགས། །ཞེས་པ་དེ་བཞིན་ཉིད་ཀྱིས་ཀུན་ལ་ཁྱབ་པའི་དོན་ཏོ། ༈ །དབང་ཐོབ་ནས་བཟུང་ཐེག་དམན་དུ་ནི་ལྡོག་པ་ནི། རྡོ་རྗེ་རྩེ་མོ་ལས། ཇི་སྲིད་ས་
བརྒྱད་མ་ཐོབ་པར། །དེ་སྲིད་ཐེག་པ་དམན་པས་འཇིགས། །གསང་ཆེན་ཐེག་པ་འདི་རུ་ནི། །ཞུགས་པ་གང་དང་གང་ཡིན་པ། །དེ་ནི་རྒྱལ་སྲས་ས་པ་ཡིན། །ཞེས་སོ། ༈ །དམ་ཚིག་བཀོད་པའི་རྒྱུད་ལས། བླ་མ་རྡོ་རྗེ་འཛིན་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཉེས་ཟད་དངོས་གྲུབ་མཆོག་ཐོབ་འགྱུར། །ཞེས་སོ། ༈ །དགའ་བཞི་ཡེ་ཤེས་བཞི་སྦྱོར་ཚུལ་ནི། དང་པོ་དགའ་བའི་ཡེ་ཤེས་ཀྱིས་ཞེ་སྡང་གནས་སུ་དག་པས་བདེ་གསལ་ལ་རང་བཞིན་མེད་པ་མེ་ལོང་ཡེ་ཤེས་སོ། །གཉིས་པས་ང་རྒྱལ་རློམ་སེམས་དག་ཅིང་ཡབ་ཡུམ་གཉིས་སུ་མེད་པས་མཉམ་ཉིད་ཡེ་ཤེས། གསུམ་པས་འདོད་ཆགས་རགས་པའི་འཛིན་རྟོག་ནུབ་པས་བདེ་བའི་རང་བཞིན་སྟོང་པར་ཤེས་པ་སོར་རྟོག །བཞི་པས་ཕྲག་དོག་དག་ཅིང་བདེ་སྟོང་གི་བྱ་བ་མཐར་ཐུག་པས་བྱ་གྲུབ་བོ། །དེ་ནས་ཡས་བརྟན་གྱི་དགའ་བཞི་མཐར་ཕྱིན་ཏེ་གང་དུའང་རྟོག་པ་མེད་པ་ནི་ཆོས་དབྱིངས་ཡེ་ཤེས་སོ། ༈ །རྡོ་རྗེ་ལས། ཆོས་ཉིད་དག་པའི་རྣལ་འབྱོར་པས། །བསྐྱེད་པའི་ཆོ་ག་ལས་རབ་དག །ལྷག་དང་མ་ཚང་ཉེས་བྲལ་ཞིང་། །དངོས་གྲུབ་ཡ་མཚན་ཆེན་པོ་འབྱུང་། །ཞེས་པས་སྤང་བླང་མེད་པའི་དེ་ཁོ་ན་ཉིད་ལ་གོམས་པས་བསྐྱེད་རིམ་གྱི་ཆོ་ག་ཕྲ་མོ་རྣམས་ལྷག་མ་མ་ཚང་ཡང་ཆོ་གའི་ཡན་ལག་ཉམས་པར་མི་འགྱུར་རོ། ༈ །
ཚིག་དོན་རིན་པོ་ཆེའི་མཛོད་ལས། འགྲོ་བ་ཀུན་གྱི་ལུས་ལ་ཡེ་ཤེས་ཆེན་པོ་གནས་ཤིང་དེས་ཁྱབ་ཀྱང་བླ་མས་མ་བསྟན་ན་མཐོང་དུ་མི་རུང་ཞིང་། བྱང་ཆུབ་སེམས་དཔའ་ས་བཅུ་པས་ཀྱང་རྟོགས་ པར་དཀའ་བ་དང་། བླ་མས་བསྟན་ན་དངོས་སུ་མཐོང་ལ་རང་བཞིན་དུ་བར་དོར་རང་སྣང་མངོན་དུ་འཆར་རོ། །རྒྱུད་ལས། རྣམ་དག་ལུས་འདི་བོར་མ་ཐག །རང་སྣང་ཡུལ་དང་འཕྲད་པར་འགྱུར། །ཊྛཱ ཞེས་སོ། །ཁྱད་ཆོས་བྱེ་བྲག་ཏུ་བཤད་ན། སྙིང་པོ་དེ་ལ་སྐུ་ལྔ། འོད་ལྔ། རིགས་ཀྱི་ཆོས་ལྔ། ཡེ་ཤེས་ཀྱི་རླུང་ལྔ། ངོ་བོ་རང་བཞིན་ཐུགས་རྗེའི་ཆོས་ལྔ། ཡེ་ནས་གནས་པའི་རྟགས་སུ། མ་དག་པའི་སྣང་བ་ལ་ཉོན་མོངས་པ་ལྔ། ཕུང་པོ་ལྔ། འབྱུང་བ་ལྔ། དབང་པོ་ལྔ། འདོད་ཡོན་ལྔ། སྒོ་གསུམ་རང་བཞིན་གྱི་ཆོས་ལྔར་གནས་ཏེ། མུ་ཏིག་ཕྲེང་བ་ལས། དེ་ལྟར་སྙིང་པོ་དེ་ཉིད་ལ། །སྐུ་ལྔ་ཡེ་ཤེས་ལྔ་དང་ནི། །འོད་ལྔ་ཁ་དོག་རྣམ་པ་ལྔ། །ཆོས་ལྔ་ཡེ་ཤེས་རླུང་ལྔ་ཉིད། །ངོ་བོ་ལྔ་དང་རང་བཞིན་ལྔ། །ཐུགས་རྗེ་ལྔ་ཡིས་ཀུན་ལ་ཁྱབ། །ཅེས་སོགས་རྒྱས་པར་གསུངས། ༈ །དབྱིངས་རིག་ཉམས་སུ་ལེན་དུས་རྣལ་འབྱོར་ བཞིའི་གནད་ངེས་པ་རང་ཐོག་ཏུ་དབབ་པ་ནི། དང་པོ་ལྟ་བ་རྣལ་འབྱོར་དུ་བྱེད་པ་ནི། རྒྱ་མཚོ་དྭངས་པ་ལ་གཟའ་སྐར་ཤར་བ་མཐོང་བ་བཞིན་དུ་ལུ་གུ་རྒྱུད་ཀྱི་སྣང་བ་ཟང་ཐལ་དུ་མཐོང་དུས་དེ་ལ་བལྟ་ཡང་
ནང་གི་ཤེས་པ་སྙོམས་བྱེད་དང་བྲལ་བར་རྗེན་ཡེ་རེ་བཞག་གོ །སྒོམ་པ་རྣལ་འབྱོར་དུ་བྱེད་པ་ནི། ལུ་གུ་རྒྱུད་ལ་འགུལ་འཕྲིག་མེད་པར་ཉམས་སུ་ལེན་པའོ། །སྤྱོད་པ་རྣལ་འབྱོར་དུ་བྱེད་པ་ནི། ལུ་གུ་རྒྱུད་ལ་བལྟ་དུས་གཉིས་སྣང་བློ་ཡི་ཞེན་པ་ལས་འདས་པར་སྤྱོད་པའོ། །འབྲས་བུ་རྣལ་འབྱོར་དུ་བྱེད་པ་ནི། ལུ་གུ་རྒྱུད་ལ་བལྟ་དུས་དེར་རེ་དོགས་མེད་པར་ལྷུན་གྲུབ་རང་ཆོས་སུ་རྫོགས་པར་ཉམས་སུ་ལེན་པའོ། ༈ ། གསང་བ་རྒྱལ་པོའི་དམ་ཚིག་བཞི་ནི། འཁྲུལ་སྣང་རྨི་ལམ་དང་འདྲ་བའི་སྣོད་བཅུད་ཕྱི་ནང་གི་ཆོས་ཐམས་ཅད་གཞི་མེད་པར་རྟོགས་པའི་ངང་ལས་མི་འདའ་བ་དང་། ཚོགས་དྲུག་ཡུལ་དང་དབང་པོའི་བསྡུས་པ་ལ་བླང་དོར་དང་འཛིན་ཞེན་མེད་པར་ཆོས་ཉིད་བྱ་བ་དང་བྲལ་བའི་ངང་དུ་ཕྱལ་པར་བཞག་པ་ལས་མི་འདའ་བ་དང་། རང་བྱུང་གི་ཡེ་ཤེས་འོད་གསལ་གྱི་སྣང་བ་དང་བཅས་པ་ལྷུན་གྱིས་གྲུབ་པར་རྟོགས་པའི་རང་དུ་མི་འབྲལ་བ་དང་། ཆོས་སོ་ཅོག་རྩ་བ་རིག་པའི་ཡེ་ཤེས་གཅིག་པུའི་ངང་ལས་བྱུང་། ངང་ལ་སྣང་། ངང་དུ་གྲོལ་བ་ལས་གཞན་མེད་པར་ཐག་བཅད་པའོ། །དང་པོ་ཁྲེགས་ཆོད་དང་། ཕྱི་མ་གཉིས་ཐོད་རྒལ་གྱི་དམ་ཚིག་ཏུ་བསྟན་ཏོ། ༈ །གཞི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ལ་གསུམ། ཞི་བ་ཆོས་ཉིད་ཀྱི་ཁྲོ་བོ་དངོས་དང་མཚན་མ་མེད་པས་ཆོས་སྐུ་སྤྲོས་པའི་མཐའ་དང་བྲལ་བའོ། །དེའི་ངང་ལས་འོག་
མིན་དུ་ཧེ་རུ་ཀའི་དཀྱིལ་འཁོར་སྣང་བ་ནི་ལོངས་སྤྱོད་རྫོགས་པ་རང་བཞིན་དོན་གྱི་གནས་ལུགས་སོ། །དེའི་ཐུགས་རྗེ་ལྷུན་གྱིས་གྲུབ་པས་གང་འདུལ་གྱི་ཁྲོ་བོར་སྣང་བ་ནི་མཛད་པ་ཕྲིན་ལས་ཀྱི་རང་བཞིན་སྤྲུལ་པའི་སྐུའི་ངོ་བོའོ། ༈ །ཆོས་ཉིད་སྤྲོས་བྲལ་ནི་མཚན་མའི་གནས་མེད་པས་ངང་གིས་ཁྲོ་བ་དང་། ཡེ་ཤེས་རྒྱས་ནས་མི་ཤེས་དང་ཕྱིན་ཅི་ལོག་གི་གནས་མེད་པས་སྤང་བྱ་ལ་བལྟོས་ནས་ངང་གིས་ཁྲོ་ཝཱ བ་དང་། ཐུགས་རྗེས་འགྲོ་བ་སྐྱོབ་པ་ན་འབད་རྩོལ་མེད་པར་མི་མཐུན་པའི་ཕྱོགས་འཇོམས་པས་ན་ཤུགས་ཀྱིས་ཁྲོ་བ་དང་། གདུལ་བྱའི་དབང་གིས་ཁྲོ་བོར་བཅོས་པ་ལྟར་སྣང་བ་དང་བཞིར་ཡང་གསུངས་ཤིང་། དེ་སྐད་དུ་རྡོ་རྗེ་ལས། ཡང་དག་ཤེས་རབ་ཆེན་པོ་ནི། །མཚན་མ་འཇོམས་ཕྱིར་ཁྲོ་བོའི་མཆོག །ཅེས་དང་། རྒྱས་པ་ལས། རང་རིག་ཡེ་ཤེས་རྒྱལ་པོ་ཡིས། །ཕྱོགས་བཅུ་ཐམས་ཅད་དབང་བསྡུས་ནས། །ཀུན་ཀྱང་མི་དམིགས་དབྱིངས་སུ་ཐིམ། །ཞེས་སོ། །དེ་ཡང་འགྲོ་བ་གདུག་པ་ཅན་དང་ཆགས་སོགས་ཞི་བའི་རིགས་གཉིས་འབྱུང་བའི་དོན་ནི། སྤྱི་བོ་དང་སྙིང་ག་ན་ཁྲོ་བོ་དང་ཞི་བའི་དཀྱིལ་འཁོར་ལྷུན་གྲུབ་ཏུ་ཡོད་པའི་རྩལ་ཆེ་ཆུང་དང་། མ་རིག་པ་བདག་ཏུ་འཛིན་པས་འཁོར་བར་འཁྲུལ་དུས་ཞེ་སྡང་དང་། དེའི་འཁོར་ང་རྒྱལ་ཕྲག་དོག་གཉིས་དང་མཚུངས་ལྡན་གྱི་ལས་ཀྱི་ཁྲོ་བོའི་གདངས་མ་རུངས་ཤིང་གཏུམ་
པར་སྣང་བས་ཕ་རོལ་གནོད་པའི་གཞིར་གྱུར་ཅིང་། འདོད་ཆགས་ཀྱིས་ཞི་བའི་མདངས་འཕེལ་བས་དགའ་ཞིང་ཆགས་པ་དབང་དུ་བྱེད་པ་སྟེ། གཏི་མུག་ནི་གཉིས་ཀའི་ངོ་བོར་གནས་པའོ། །དེ་དང་མཐུན་པར་འདུལ་བྱེད་ཀྱང་ཞི་ཁྲོ་གཉིས་སུ་འབྱུང་ངོ་། ༈ །དེ་དག་ཀྱང་གཞི་ལམ་འབྲས་གསུམ་དུ་གནས་ཏེ། གཞི་ཡེ་ནས་དག་པའི་ཁྲོ་བོ་ནི་སེམས་ཅན་དང་སངས་རྒྱས་ཐམས་ཅད་ལ་ཁྲག་འཐུང་གི་དཀྱིལ་འཁོར་ལྷུན་གྲུབ་ཏུ་སྤྱི་བོར་གནས་པའོ། །ལམ་མངོན་པར་སྒྲུབ་པའི་ཁྲོ་བོ་ནི་དཀྱིལ་འཁོར་བསྐྱེད་ཅིང་བསྒོམ་པའོ། །འབྲས་བུ་ལྷུན་གྱིས་གྲུབ་པའི་ཁྲོ་བོ་ནི་དྲི་མ་དག་སྟེ་རང་སྣང་ལྷུན་གྲུབ་སྟུག་པོ་བཀོད་པར་ཁྲོ་དཀྱིལ་དུ་སྣང་བའོ། །གཞི་ལ་ཁྲོ་བོ་མེད་ན་ལམ་དུ་དེ་སྒྲུབ་པ་ཡང་མི་རིགས་པ་དང་། གསར་རྙིང་ཀུན་ལ་གྲགས་པའི་ལུས་དཀྱིལ་རྣམས་ཀྱང་དོན་མེད་དུ་འགྱུར་བ་དང་། བསྒྲུབས་ཀྱང་མི་འགྲུབ་པའི་སྐྱོན་དང་། སྤྲུལ་པའི་ཁྲོ་བོ་གཞི་མེད་པས་དེ་ལས་འཕྲོས་པའི་སྤྲུལ་པ་མི་རིགས་པ་སོགས་སྐྱོན་དུ་མ་ཡོད་དོ། ༈ །སྔར་ཞི་བ་ཡིན་པ་ཕྱིས་ཁྲོ་བོར་བསྒྱུར་བ་ཡང་མ་ཡིན་ཏེ་ཡེ་ནས་ལྷུན་གྱིས་གྲུབ་པའི་གནད་ཀྱིས་སོ། ༈ །སྔོན་ཚེ་དཔལ་ཆེན་པོས་དྲེགས་པ་ཅན་རྣམས་བཏུལ་བའི་ཚེ་ཧེ་རུ་ཀའི་དཀྱིལ་འཁོར་དུ་དྲེགས་པའི་དབང་ཕྱུག་ཆེན་པོ་རུ་ཏྲ་དང་། ཚངས་པ་སོགས་ཕོ་རྒྱུད་ཉི་ཤུ་རྩ་བརྒྱད་རྣམས་ཧེ་རུ་ཀའི་དཀྱིལ་
འཁོར་དུ་བདེན་པ་མཐོང་ཞིང་། དེའི་དམ་བཅའ་ཕུལ་བ་དང་། དེ་ནས་དེ་རྣམས་ཀྱི་ཡུམ་དབང་མོ་ཉེར་བརྒྱད་ལའང་མིང་གི་དབང་བསྐུར་ལག་ཏུ་རྡོ་རྗེ་བྱིན་ཏེ་ལས་སོ་སོར་བཀའ་བསྒོས་ནས་དཀྱིལ་འཁོར་གྱི་ཕྱི་རོལ་ཁྱམས་ཕྱི་མར་བཀོད་དོ། །འདི་རྣམས་ཐུན་མོང་གི་ལུགས་སུ་འཇིག་རྟེན་གྱི་དྲེགས་པར་བྱེད་ཀྱང་། ཐུན་མོང་མ་ཡིན་པར་འཇིག་རྟེན་འདས་པར་བསྟན་ཅིང་། ཤིན་ཏུ་ཐུན་མོང་མ་ཡིན་ཝཱ པས་ནི་རྩ་གནས་འཁོར་ལོའི་ནང་ན་ཡོད་པ་སངས་རྒྱས་པའི་ཚེ་དེ་ལྟར་སྣང་བར་འདོད་དོ། ༈ །ལྷའི་ཚོམ་བུ་ཞེས་པ་སྒོ་དང་རྟ་བབས་ལ་སོགས་པའི་གཞལ་ཡས་ཁང་གི་རྣམ་པ་མེད་པའི་ལྷའི་གཙོ་འཁོར་ཡིན་ལ། དཀྱིལ་འཁོར་ནི་གཞལ་ཡས་ཁང་དང་བཅས་པར་འདོད་ཅིང་། ལྷ་རྣམས་སྐོར་ཚོམ་དུ་བཞུགས་པ་ལའང་ཚོམ་བུར་བཏགས་སོ། ༈ །སྣང་ལ་རང་བཞིན་མེད་པའི་མཆོད་པ་འབུལ་བ་ནི། ཏིང་ངེ་འཛིན་ཡིད་ཀྱིས་མཆོད་པ་དང་། གསང་བ་བདེ་བ་ཆེན་པོའི་མཆོད་པའོ། །དང་པོ་ལ་ཡང་། ཀུན་རྫོབ་སྒྱུ་མ་དང་དེའི་རྫོགས་རིམ། དོན་དམ་ཡེ་ཤེས་ཀྱི་མཆོད་པའོ། །དང་པོ་ལ་གཉིས། ཏིང་ངེ་འཛིན་གྱི་མཆོད་སྤྲིན་བཀོད་པ་ནི། དཀྱིལ་འཁོར་ལ་ཡིད་སྤྲུལ་གྱིས་ཇི་ལྟར་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། རང་གི་སེམས་ཀྱིས་བཀོད་པའི་ཡིད་བཞིན་གྱི་ནོར་བུའི་སྤྲིན་ཕུང་འཁྲིགས་པའི་ཚོགས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་
ཐམས་ཅད་རྣམ་པར་དག་པ་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་རྒྱན་སྟུག་པོ་བཀོད་པའི་ཞིང་ཁམས་ལྟ་བུར་དྷྭཾ་གྱིས་གསལ་གདབ་བོ། །དེའང་རྒྱན་དང་བཀོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་ཅིང་ཡིད་དུ་འོང་བས་མཛེས་པར་སྤྲས་ཤིང་། མཉེན་ལ་འཇམ་ཞིང་རེག་ན་བདེ་བའི་རང་བཞིན་རྒྱུ་སྣ་ཚོགས་རིན་པོ་ཆེའི་ས་གཞི་ཁོད་པ་ལ། རིན་པོ་ཆེ་སྣ་ཚོགས་ཀྱིས་མིག་མང་རིས་སུ་མཛེས་པར་བྲིས་ཤིང་སྤྲས་པ། ཏྲ་ལས་འདོད་དགུ་འབྱུང་བའི་འོད་ཟེར་གྱི་དྲ་བ་འབར་བའི་བརྗིད་ཅིང་ཡིད་དུ་འོང་བའི་དོན་ཡིན། རི་བོ་ལྷུན་སྡུག་པ་དང་། ཁཾ་ལས་མཚོ་དང་ལྟེང་ཀ་ལ་སོགས་པ་ཁ་དོག་མཛེས་ཤིང་དབྱིབས་ལེགས་པའི་པདྨའི་རྫིང་བུ་རོ་བྲོ་བའི་མཆོག་བསིལ་བ་ལ་སོགས་པ་ཡན་ལག་བརྒྱད་ལྡན་གྱི། ཆུས་ཡོངས་སུ་གང་བ་མེ་ཏོག་གིས་ཁེབས་ཤིང་བྱ་སྐད་སྙན་པར་སྒྲོགས་པའོ། །བྷཾ་ལས་རིན་པོ་ཆེའི་ཁང་པ་དབྱིབས་དང་ཁ་དོག་དང་བཀོད་པའི་བྱེ་བྲག་སྣ་ཚོགས་པས་བརྒྱན་པ་རབ་ཏུ་གང་བ་མང་པོ་དང་། ༀ་ལས་སྐྱེད་མོས་ཚལ་གྱི་གཞིར་རིན་པོ་ཆེའི་རྒྱན་ཕྲེང་དང་། ལྷ་ཡི་དཔག་བསམ་གྱི་ལྗོན་པའི་ཚལ་གོས་དང་ནོར་བུ་སྣ་ཚོགས་ཀྱི་དྲ་བས་དཔྱངས་པ་དང་། ཧཱུྃལས་སྒྲ་སྙན་ཐམས་ཅད་གླུ་དབྱངས་སྙན་པ་དང་། བསྟོད་པ་དང་ཤིས་པ་བརྗོད་པ་ལ་སོགས་པའི་ཚིགས་སུ་བཅད་པའི་སྒྲ་རང་འབྱུང་བ་དང་། ༀ་ལས་གོས་ཀྱི་རྣམ་པ་དང་མཆོད་པའི་ཡོ་
བྱད་བླ་བྲེ་དང་། རྒྱལ་མཚན་དང་། གདུགས་དང་། སྟོད་གཡོགས་དང་སྨད་གཡོགས་ལ་སོགས་པའི་ན་བཟའ་སྣ་ཚོགས་པ། ཏཱཾ་ལས་དབུ་རྒྱན་དང་མགུལ་རྒྱན་དང་དོ་ཤལ་དང་དཔུང་རྒྱན་དང་སེ་མོ་དོ་ལ་སོགས་པའི་རྒྱན་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་། ཨོ་ལས་རོ་མཆོག་བརྒྱ་དང་ལྡན་པའི་བཟའ་བ་སྣ་ཚོགས་པ་དང་། བཏུང་བ་ཞིམ་པོ་དང་། གོས་ཟུང་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་བགོ་བ་སྣ་ཚོགས་པ་རྣམས་དང་། ཧཱུྃ་ལས་སེམས་ཅན་ཐམས་ཅད་ཀྱི་ལུས་དང་། རང་རང་ལ་ཇི་ལྟར་འོས་པའི་གོས་དང་རྒྱན་ལ་སོགས་པས་མཛེས་པར་བརྒྱན་པ་ཡི་ལྷ་དང་ལྷ་མོའི་རང་བཞིན་རྡུལ་ཕྲ་རབ་སྙེད་ཀྱི་གྲངས་དང་མཉམ་པར་གྱུར་པ། ཐམས་ཅད་ཀྱིས་རྐང་པའི་བྲོ་དང་ལག་པའི་གར་དང་རོལ་མོའི་གླུ་དབྱངས་ལ་སོགས་པ་བསམ་ཡས་ཀྱིས་མཉེས་པར་བྱེད་པའོ། །དེ་ལྟ་བུའི་མཆོད་པའི་སྤྲིན་གྱིས་ཕྱོགས་བཅུའི་ནམ་མཁའི་ཁམས་ཇི་སྙེད་པ་ཐམས་ཅད་ཡོངས་སུ་བཀང་སྟེ་འཁོར་བ་དང་མྱ་ངན་ལས་འདས་པའི་དབྱིངས་ཀྱིས་བསྡུས་པའི་གཞི་ལམ་འབྲས་བུའི་དཀྱིལ་འཁོར་དུ་གྱུར་ཏོ་ཅོག་ཀུན་ལ་མཆོད་སྤྲིན་དེ་དག་གིས་རེ་རེ་ཞིང་རྒྱས་པར་དབུལ་བའོ། །གཉིས་པ་ཚུལ་ཇི་ལྟར་དབུལ་བ་ནི། སྐལ་ལྡན་རྣལ་འབྱོར་པའི་ཏིང་ངེ་འཛིན་མི་གསལ་བ་དང་གསལ་བའི་ཁྱད་པར་གྱིས་སམ། །ཡང་ན་གཅིག་ཅར་དུ་གསལ་ལམ་གྱིས་རྒྱ་
ཆེ་བ་ཆོས་ཀྱི་དབྱིངས་དང་མཉམ་པར་སྦྱོར་ཞིང་དབུལ་ལོ། །གཉིས་པ་དེའི་རྫོགས་རིམ་དོན་དམ་ཡེ་ཤེས་ཀྱི་མཆོད་པ་ནི། ཏིང་ངེ་འཛིན་གྱི་མཆོད་པ་ལ་དངོས་ཞེན་སྤངས་པའི་ཕྱིར་མཆོད་སྤྲིན་དེ་དག་ཀྱང་རང་g,གི་སེམས་ཙམ་ལས་དོན་དམ་གང་དུའང་གྲུབ་པ་མེད་ལ། སེམས་དེ་ཡང་ནམ་མཁའ་ལྟ་བུའི་རང་བཞིན་གང་ནམ་མཁའ་མི་གནས་ཤིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ངང་ལ་མཆོད་བྱ་དང་། མཆོད་བྱེད་དང་། མཆོད་པ་གསུམ་ཀའི་ངོ་བོ་མ་གྲུབ་པའི་ཚུལ་གྱིས་མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ་པར་བྱའོ། །དེ་ཡང་བློ་རབ་ཀྱིས་མཆོད་དུས་ཉིད་ནས་དེ་ལྟར་བསྒོམས་ཤིང་འཛིན་ཞེན་མེད་པར་བྱས་ལ། དམན་པས་རྗེས་ལ་མི་དམིགས་པའི་ངང་ལ་བཞག་གོ །འདི་ནི་མཆོད་པའི་མཆོག་སྟེ། མདོ་ལས། གང་ལ་མཆོད་པ་ནམ་མཁའ་འདྲར་ཤེས་ཤིང་། །གང་གིས་མི་དམིགས་གང་དུའང་འཛིན་པ་མེད། །དེ་ནི་ མཆོད་པ་ཀུན་གྱི་དམ་པ་སྟེ། །ཡེ་ཤེས་གཞལ་མེད་བསམ་ཡས་རབ་ཐོབ་འགྱུར། །ཞེས་སོ། །གཉིས་པ་གསང་བ་བདེ་བ་ཆེན་པོའི་མཆོད་པ་ལ་གཉིས་ཏེ། ཐབས་བདེ་བ་ཆེན་པོའི་མཆོད་པ་དང་། ཤེས་རབ་མཐའ་གཉིས་ལ་མི་གནས་པའི་མཆོད་པའོ། །དང་པོ་མཁའ་གསང་སྙོམས་པར་འཇུག་པས་བདེ་ཆེན་དགའ་བཞིའི་སྤྲིན་གྱིས་མཉེས་པ་དང་། གཉིས་པ་རྣམ་པར་མི་རྟོག་པའི་འོད་གསལ་ཆེན་པོར་རྣལ་འབྱོར་
དུ་བྱ་བ་སྟེ་རྒྱས་པར་ཏན་གུ་རྒྱ་གཛྷའི་ཊི་ཀར་བལྟའོ། ༈ །དེས་སྣང་བ་དང་པོ་གཉིས་རྣམ་སྨིན་གྱི་རྟེན་ལ་མཐོང་ཞིང་། ཚད་ཕེབ་ཆེ་དབང་། ཟད་པ་ཕྱག་རྒྱའི། དེ་དག་རྫོགས་ནས་སངས་རྒྱས་ཀྱི་ས་ལ་ལྷུན་གྲུབ་རིག་འཛིན། སྣང་བ་དང་པོའི་ཚེ་སྒོ་གསུམ་ལྷུག་པར་གནས་པས་ལུས་བདེ་ངག་གསལ། སེམས་མི་རྟོག་པའི་དྲོད་གསུམ་དང་། དབུགས་ཕྱི་ནང་དུ་རྒྱུ་བ་རགས་པ་ལ་དབང་ཐོབ་སྟེ། ལམ་རིམ་ལས། དེ་ལྟར་བྱ་བྱེད་མེད་བསྲིངས་ན། །ལུས་ངག་སེམས་ལ་དྲོད་འབྱུང་སྟེ། །བཟོད་པ་ཕྲ་མོ་ཐོབ་པ་དང་། །འགྱུ་བའི་དབུགས་ལ་དབང་ཐོབ་སྟེ། །དོན་ལ་རྣལ་དུ་ཕེབ་པ་དང་། །ངེས་པར་དྲོད་གསུམ་མྱོང་བའོ། །ཞེས་སོ། །དེའང་ཕྱི་རྟགས་སུ་འོད་དང་ཐིག་ལེའི་སྣང་བ་ནི་ཟད་པར་སྐྱེ་མཆེད་ཡིན་པས། མཐོང་བ་དང་། ནང་རྟགས་སུ་ལུས་ངག་ལ་བཟོད་པ་ཐོབ་པ་དང་། ཉོན་མོངས་པ་ལྔ་ཤས་ཆུང་ངུ་འགྲོ་བ་དང་། ཏིང་འཛིན་བརྟན་པ་དང་། སྣང་བ་མཆེད་པ་དང་། རྨི་ལམ་ཡང་གཅེར་བུར་འབྱུང་བ། དྲི་མ་དག་པ་སོགས་དགེ་བར་རྨིའོ། །ཉམས་གོང་འཕེལ་གྱི་སྐབས་སུ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ལ་སོགས་ པའི་རྣམ་པར་རྟོག་ཅིང་སྣང་བ་ཆེར་མཆེད་པ་དང་། འགྲོ་བ་ལ་དབང་མེད་ཀྱི་སྙིང་རྗེ་འབྱུང་སྟེ། ལམ་རིམ་ལས། རྣམ་རྟོག་མཚན་མ་ཅི་སྐྱེས་ཀྱང་། །ཡེ་ཤེས་སྒྱུ་མ་རང་སྣང་ཕྱིར། །ཆགས་སྡང་རེ་དོགས་མི་
འབྱུང་སྟེ། །ཡེ་ཤེས་སྒྱུ་མ་གཞན་དུ་མིན། །ཞེས་སོ། །རྡོ་རྗེ་ལས། དེ་ལྟར་སྒྱུ་མ་ཐོབ་གོམས་པས། །འཁོར་བའི་ཆོས་ལ་ཚད་མེད་པའི། །བྱང་ཆུབ་སེམས་ཀྱིས་འཕྲོགས་པར་འགྱུར། །མ་འཁྲུལ་འཁྲུལ་པ་ངོ་མཚར་སྐྱེ། །དོན་མེད་འདུག་པ་དེ་བཞིན་ཏེ། །ཚེ་འདིའི་སྤྱོད་ཡུལ་ཐམས་ཅད་ཀུན། །རྨི་ལམ་དུ་ཡང་སྒྱུ་མར་མཐོང་། །ཞེས་སོགས་གསུངས། ཚེ་དབང་ཐོབ་པར་བྱེད་དོ། །དེའི་ལུས་ཤིང་བལ་ལྟར་ཡངས་ཤིང་དབུགས་རྒྱུ་མི་ཚོར་བ་དང་། ཕྱི་ནང་གི་སྲིན་བུ་དང་ཤིག་སྲོ་མེད་པ་ལ་སོགས་པའི་རྟགས་དང་ལྡན་ནོ། །སྣང་བ་གསུམ་པའི་སྐབས་སུ་སྣང་བ་ཐམས་ཅད་ལྷའི་དཀྱིལ་འཁོར་རྒྱ་མཚོ་དྭངས་པའི་གཟུགས་བརྙན་ལྟར་རང་སྣང་བ་སྟེ་འདི་དག་སངས་རྒྱས་སྟོང་གི་དཀྱིལ་འཁོར་བསྒོམ་པ་སོགས་ལས་ཀྱང་སྣང་ཞིང་འོད་གསལ་བ་ལས་དངོས་སུ་སྣང་ངོ་། །མངོན་ཤེས་དྲུག་འཆར། ཡེ་ཤེས་ཉེར་ལྔ་ཐོབ། རྨི་ལམ་མེད་དོ། །སྣང་བ་བཞི་པའི་ཚེ་ལུས་དང་སྣང་བའི་རྒྱ་ལས་གྲོལ་ཏེ། རྡོ་རྗེ་ལས། ཡེ་ཤེས་སྒྱུ་མའི་ཆ་ལུགས་ཅན། །འབྱུང་བ་རྡོ་རྗེའི་ལུས་ལས་གྲོལ། །ཞེས་སོ། །དེ་ལྟར་སྒོམ་པའི་ཚེ་རང་བཞིན་གྱི་དཀྱིལ་འཁོར་དང་ཏིང་འཛིན་བསྐྱེད་པའི་དཀྱིལ་འཁོར་ལ་གནས་པ་དེས་རང་སྣང་འོད་གསལ་གྱི་དཀྱིལ་འཁོར་བསྒོམ་པ་ཉིད་ཤེས་རབ་རྫོགས་པའི་རིམ་པ་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པ་ལས་ལམ་གོང་ནས་གོང་
གི་ཡོན་ཏན་མངོན་དུ་བྱེད་དོ། །གསང་བ་འོད་གསལ་གྱི་དོན་ཉམས་སུ་ལེན་པའི་ཚེ། ལམ་རིམ་ལས། རྒྱུ་འབྲས་མཚམས་སྦྱོར་བར་སྐབས་ཀུན། །ཆོས་སྤྱོད་དགུ་ཡི་སྤྲོས་པ་དོར། །རྒྱུད་ལ་ལྡན་ཀྱང་བླང་བྱ་མིན། །མཚན་མའི་གཡེང་བ་ཡིན་ཕྱིར་རོ། །ཞེས་སོ། །དེ་དག་གི་དོན་རྒྱས་པར་མ་ཧཱ་སརྦ་ཛྙཱའི་སྙིང་འགྲེལ་དུ་རྟོགས་པར་བྱའོ། །འདི་ཡན་བླ་མ་དམ་པ་ཨཀྟར་ཤཱ་ས་ན་དྷ་རའི་ཞབས་ཀྱི་གསུང་བྷཱུ ལས་བཏུས་པའོ། །སརྦ་མངྒ་ལཾ།། ༈ །།རྡོར་བྲག་ཞབས་དྲུང་གི་མདོ་དབང་ལས། དེ་ཡང་། དབང་གི་ངོ་བོ་ནི་གདུལ་བྱའི་རྒྱུད་བྱིན་གྱིས་རློབ་ནུས་པའོ། །ངེས་ཚིག་ནི་ཐེག་པ་རང་རང་གི་ལྟ་སྒོམ་སྤྱོད་པ་ལ་དབང་ངོ་། །དབྱེ་ན། ཡོངས་སུ་འཛིན་པ་དགེ་བའི་བཤེས་གཉེན་གྱི་དབང་། ཆོས་བཀའ་གཏད་པ་པོ་སྟི་གླེགས་བམ་གྱི་དབང་། ཡེ་ཤེས་ལྷའི་དབང་། རིག་པ་རྩལ་གྱི་དབང་ཞེས་བཞིར་ཕྱེ་ན། བྱང་སེམས་ཡན་ཆད་དབང་དང་པོ་སྦྱོར་ཏེ། སོ་སོར་ཐར་པའི་སྐབས། བཅོམ་ལྡན་འདས་ཀྱིས་ཚུར་ཤོག་བཀའ་སྩལ་པ། སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང་། །མོད་ལ་དབང་པོ་རབ་ཞི་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར། །ཅེས་གསུངས་པ་ལྟར་སངས་རྒྱས་ཀྱི་དགོངས་པས་བྱིན་གྱིས་བརླབས་པས་དགེ་སློང་གི་དངོས་པོར་དབང་བསྐུར་བ་ལྟ་བུའོ། །ཁྱད་པར་གསང་སྔགས་བླ་ན་
མེད་པའི་དབང་ལ། བུམ་པ་སོགས་བཞི་དང་། དེ་རེ་རེ་ལའང་དབང་ལམ་ལྟ་བ་གྲུབ་མཐའ་འདའ་ཁའི་རྣལ་འབྱོར་འབྲས་བུ་སྟེ་དོན་དྲུག་གིས་འཆད་པ་ནི། དང་པོ་བུམ་དབང་ལ་ཕྱི་ཕན་པའི་དབང་བཅུ་དང་།། ཊྛ ནང་ནུས་པའི་དབང་ལྔའོ། །ལམ་ནི། བཤགས་རྒྱུད་ལས། བསྐྱེད་རིམ་དབྱིབས་ཀྱི་ལམ་དུ་མ་ཤེས་བཤགས། །ཞེས་པས་ཕུང་ཁམས་སྐྱེ་མཆེད་སྦྱོང་བྱེད་བསྐྱེད་རིམ་དབྱིབས་ཀྱི་ལམ་མོ། །གསུམ་པ་དེ་ལམ་དུ་འཁྱེར་བྱེད་ལྟ་བ་ནི། ངོ་བོ་ཉིད་གསུམ་ལྟ་བའི་ཀློང་དུ་བཤགས། །ཞེས་པས་སྣང་ཕྱོགས་ཀྱི་ངོ་བོ་ཉིད་གསུམ། སྟོང་ཕྱོགས་ཀྱི་ངོ་བོ་ཉིད་གསུམ། ཟུང་འཇུག་གི་ངོ་བོ་ཉིད་གསུམ། བཞི་པ་དེའི་གྲུབ་མཐའ་ནི། གྲུབ་མཐའ་འཁོར་འདས་དབྱེར་མེད་ཀློང་དུ་བཤགས། །ཞེས་སོ། །ལྔ་པ་འདའ་བ་ནི། སྣང་བ་བསྒྱུར་བ་དང་། འོད་ཀྱི་གོང་བུ་དང་། སྒྲའི་འཕོ་བ་སྟེ། མ་རྟོགས་འཆི་དུས་སྣང་བ་བསྒྱུར་བ་དང་། །འོད་ཀྱི་གོང་བུ་སྒྲ་ཡིས་འཕོ་མ་ཤེས། །ཞེས་སོ། །དྲུག་པ་འབྲས་བུ་ནི་སྤྲུལ་པའི་སྐུ་འགྲུབ་པར་བྱེད་དེ། ལུས་ཀྱི་རྩ་ཡི་གཙོ་བོ་ཕལ་བ་རྣམས། །ཡེ་ནས་སྤྲུལ་སྐུར་གནས་པ་མ་ཤེས་ཏེ། །དབྱིབས་ཀྱི་ལྷ་སྐུ་རང་གསལ་བསྒོམ་མ་ཤེས། །སྤྲུལ་སྐུ་རང་བཞིན་ལྷུན་གྲུབ་འབྲས་བུར་བཤགས། །ཞེས་སོ། །དེ་བཞིན་གསང་དབང་ལ་ཡང་། རྫས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་ནི། ཡབ་
དང་ཡུམ་དང་གཉིས་ཀ་ལས་ཐོབ་པ་སོགས་དངོས་སམ་ཐབས་དང་བརྡས་བསྐུར། ལམ་བདག་བྱིན་རླབས་པའི་རིམ་པ་འཁོར་ལོ་ལ་བརྟེན་པ་དང་མ་བརྟེན་པའི་རྫོགས་རིམ་ཟབ་མོ་སྟེ། འཁོར་ལོ་བརྟེན་དང་མ་བརྟེན་མན་ངག་གནད། །བདེ་བ་ཉམས་སུ་ལེན་པའི་ལམ་མ་བསྒོམས། །བདག་ལ་བྱིན་རླབས་ལམ་གྱི་ངང་དུ་བཤགས། །ཞེས་སོ། །ལྟ་བ་ཉོན་མོངས་རང་བྱུང་། རྣམ་རྟོག་རང་བྱུང་། སྦྲེལ་བྷཱུ བཞི་རང་བྱུང་། གསལ་ཞིང་ཡང་བའི་རང་བྱུང་སྟེ་རང་བྱུང་གི་ཡེ་ཤེས་བཞི། ཉོན་མོངས་དང་ནི་རྣམ་རྟོག་སྨེལ་བཞི་སྟེ། །གསལ་ཞིང་ཡངས་པའི་རང་བྱུང་ཡེ་ཤེས་གནས། །ལྟ་བ་རང་བྱུང་ཡེ་ཤེས། །ཞེས་སོགས་སོ། །གྲུབ་མཐའ་མ་འདྲེས་ཡོངས་རྫོགས་ངང་དུ་བཤགས། །ཞེས་སོ། །འདའ་ཁའི་རྣལ་འབྱོར་འོད་གསལ་ཏེ། །འདའ་ཁའི་གདམས་ངག་འོད་གསལ་ངང་དུ་བཤགས། །ཞེས་སོ། །འབྲས་བུ་ངག་གི་རྩ་ཡི་གེའི་དྲི་མ་དག་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པར་བྱེད་དེ། འབྲས་བུ་ལོངས་སྤྱོད་རྫོགས་སྐུའི་ངང་དུ་བཤགས། །ཞེས་སོ། །དབང་གསུམ་པ་ནི། དངོས་སམ་ཡེ་ཤེས་ཀྱི་ཕྱག་རྒྱ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་། ལམ་མྱུར་མགྱོགས་ཕོ་ཉའི་ལམ་སྟེ་ཐབས་ལམ་ལྷན་སྐྱེས་ཡེ་ཤེས་ཏེ། ཡུམ་བདག་འདོད་པའི་བྱིན་རླབས་མཉམ་པ་ལ། །འཁོར་ལོ་ཐབས་ཀྱི་ལམ་དུ༔ ཞེས་སོགས་ཀྱིས་
ལྟ་བ་བསྟན། གྲུབ་མཐའ་བདེ་སྟོང་རྒྱ་ཆུང་བ་སྟེ། བདེ་སྟོང་རྒྱ་ཆུང་གྲུབ་མཐའ་མ་རྟོགས་པ། །ཞེས་སོགས་གྲུབ་མཐའ་དང་། འདའ་ཁ་རྡོ་རྗེ་སེམས་དཔའི་ངང་དུ་བཤགས། །ཞེས་ལམ་དང་། བདེན་བཞི་ལྟ་བ་ལྷན་སྐྱེས་ངང་དུ་བཤགས། །འཆི་ཁའི་རྣལ་འབྱོར་ནམ་འཆི་བའི་ཚེ་རྡོ་རྗེ་སེམས་དཔའ་འབྱོན་པར་འགྱུར་པ། བགྲོད་བྱེད་ཐབས་དེས་ཡིད་ཁམས་བདུད་རྩིའི་དྲི་མ་སྦྱངས་ཏེ་འབྲས་བུ་ཆོས་སྐུ་འགྲུབ་སྟེ།། འབྲས་བུ་ཆོས་ཀྱི་སྐུ་ཡི་སོགས། དབང་བཞི་པ་ནི། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་རིག་པ་རྩལ་གྱི་དབང་། དེའི་ལམ་རོ་རྐྱང་དབུ་གསུམ་རྡོ་རྗེའི་རྦ་རླབས་ཏེ། རྡོ་རྗེའི་རྦ་རླབས་ལམ་གསུམ་ངང་དུ་བཤགས། །ཞེས་སོ། །ལྟ་བ་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པ་སྟེ། ལྟ་བ་ཆོས་རྣམས་རྣམ་དག་ངང་དུ་བཤགས། །ཞེས་སོགས་སོ། །གྲུབ་མཐའ་བདེ་སྟོང་རྒྱ་ཆེ་བ་སྟེ། བདེ་སྟོང་རྒྱ་ཆེའི་གྲུབ་མཐའ། ཞེས་སོགས་སོ། །འདའ་ཁའི་རྣལ་འབྱོར་ཕྱག་རྒྱ་ཆེན་པོ་སྟེ། །འདའ་ཁ་ཕྱག་རྒྱ་ཆེན་པོའི་ངང་དུ་བཤགས། །ཞེས་སོ། །བགྲོད་བྱེད་ཀྱི་ཐབས་དེས་ཡེ་ཤེས་རླུང་གི་དྲི་མ་སྦྱངས་ཏེ། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པར་འགྱུར་ཏེ། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་རུ་ཞེས་སོགས་སོ། །དེ་ལྟར་དབང་བཞི་པོ་དེ་སྐུར་བྱེད་ཀྱི་བླ་མ་ཡང་བཞིར་ངེས་ཏེ། བཤགས་རྒྱུད་གླེང་གཞིར། ལམ་ལ་གནས་པའི་བླ་མ་དམ་པ་ནི་
བཞི་ཞིག་ཡོད་དེ། །ཞེས་སོགས་གསུངས་པ་ལྟར། སྒྲོ་འདོགས་གཅོད་བྱེད་ཀྱི་བླ་མས་བུམ་དབང་། ཡེ་ཤེས་སྟོན་བྱེད་ཀྱི་གསང་དབང་། ལྷན་སྐྱེས་སྟོན་བྱེད་ཀྱི་གསུམ་པ། དེ་ཉིད་སྟོན་བྱེད་ཀྱི་བཞི་པ་རྣམས་སོ། །དེ་ལྟ་བུའི་བླ་མ་དམ་པ་དེས་གདུལ་བྱའི་རྒྱུད་ལ་བརྟགས་ཏེ་སྡུག་བསྔལ་གསུམ་གྱི་མཚངས་བསྟན་པ་མ་དག་པའི་སྣང་བ། ལམ་སྒོམ་པའི་རྣལ་འབྱོར་གྱི་ཐབས་བསྟན་པ་ལས་བྱུང་བའི་ཉམས་ཀྱི་སྣང་བ། ལམ་དེས་འབྲས་བུ་གྲུབ་ཚུལ་ལ་སྤྲོ་བ་བསྐྱེད་པ་དག་པའི་སྣང་བ་གསུམ་གྱིས་རྒྱུད་སྦྱངས། ཀུན་གཞི་རྒྱུ་རྒྱུད་ཀྱིས་ལྟ་བ་གཏན་ལ་ཕབ། ལུས་ཐབས་ཀྱི་རྒྱུད་དབང་བཞིའི་ལམ་གྱིས་སྦྱངས། ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད་རང་བྱུང་ལྷུན་གྲུབ་ཏུ་ངོ་སྤྲད། དེ་དག་ཀྱང་རྒྱུ་ལམ་འབྲས་བུའི་རྣལ་འབྱོར་གསུམ་གྱིས་བསྡུས་ཏེ། མདོར་ན་དེ་དག་ཀྱང་བླ་མའི་སྙན་བརྒྱུད་ཚད་མ་གདམས་ངག་ལ་སེལ་མེད་པ་དང་། དེ་ཉིད་ཉམས་མྱོང་ཚད་མས་གཏན་ལ་འཕེབས་པ་དང་། དེ་ལ་ངེས་ཤེས་སྐྱེ་ཕྱིར་རྟོགས་བརྗོད་དང་ལོ་རྒྱུས་ཚད་མ་དང་སྦྱར་བ་དང་། རྒོལ་བ་ངན་པའི་ཀླན་ཀའི་དྲི་མ་མེད་པའི་ཕྱིར། མདོ་རྒྱུད་ཀྱི་ བཀའི་ལུང་ཚད་མ་སྟེ་དབང་བཞིའི་ཆུ་བོ་མ་ནུབ་པའི་དབང་རིག་འཛིན་བརྒྱུད་པའི་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ་དེ་ཉིད་གདམས་ངག་གི་སྣ་ཁ་མ་ལོག་པར་གདུལ་བྱའི་མོས་གུས་ཀྱིས་བསམ་པ་ཚིམ་པར་
བྱས་ཏེ་ཕྱི་ནང་གསང་གསུམ་གྱི་རྟེན་འབྲེལ་ཡང་དག་པར་བསྒྲིགས་ལ། ལྟ་སྒོམ་སྤྱོད་གསུམ་གྱི་སྒོ་ནས་གསང་སྔགས་ཀྱི་ལམ་བཟང་པོར་འཇུག་པའི་ཚུལ་ལེགས་པར་འཆད་པ་ཤིན་ཏུ་འཐད་དེ། དྲི་མེད་། བཤགས་རྒྱུད་ལས། ཁྱད་པར་དུ་ཡང་མ་དག་པའི་སྣང་བ་དང་། སོགས་ནས། སྤྱོད་པ་ལ་དོར་ནས་གསང་སྔགས་པའི་ལམ་ལ་ཞུགས། ཞེས་པའི་བར་གསུངས་པའི་ཕྱིར་རོ། །འདི་དག་ཧེ་རུ་ཀ་གལྕོའི་ཏན་ཚུ དང་བསྟུན་ཏེ་འཆད་ན་ལམ་འབྲས་བུ་དང་བཅས་པའི་གཞུང་ཡང་དག་པ་གཅིག་འབྱུང་ངོ་། ༈ །ཐེག་དགུའི་དབང་ནི། ཇི་སྐད་དུ། ཡོ་ག་ལ་སོགས་ཐེག་དྲུག་ལ། །ཕྱི་རྒྱུད་དབང་ནི་ཆུ་བོས་བྱ། །བསྐྱེད་པ་མ་ཧཱ་ཡོ་ག་ལ། །ནང་དབང་འབྱུང་པའི་ཆུ་བོས་བྱ། །རྫོགས་པ་ཨ་ནུ་ཡོ་ག་ལ། །སྒྲུབ་དབང་གྲགས་པའི་ཆུ་བོས་བྱ། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །གསང་དབང་རྫོགས་པའི་ཆུ་བོས་བྱ། །ཞེས་སོ། དེ་དག་གི་ཚེ་བསྲུང་བྱའི་དམ་ཚིག་ནི། སྤྱིར་རྩ་བའི་ལྟུང་བ་བཅུ་གཉིས་དང་། ཡན་ལག་གི་དམ་ཚིག་སྦོམ་པོ་བརྒྱད། ཁྱད་པར་སྔ་འགྱུར་གྱི་རིང་སྲོལ་ལ། རྩ་བའི་བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་དགུར་ཕྱེ་བའི་ཉི་ཤུ་རྩ་བདུན། ཁྱད་པར་དུ་སྤྱད་པར་བྱ་བ། མི་སྤོང་བ། མི་འདོར་བ། ཤེས་པར་བྱ་བ། བསྒྲུབ་པར་བྱ་བ་སྟེ་རྩ་བ་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ། དེ་དག་ཀྱང་བསྡུ་ན། མདོར་ན་རང་ལུས་རྡོ་
རྗེ་གསུམ་ཤེས་ན། །སྔགས་ཀྱི་དམ་ཚིག་ས་ཡ་འབུམ་སྡེ་འདུས། །ཞེས་སོ། །ཁྱད་པར་དུ། ལམ་རིམ་ལས། མཉམ་རྗེས་བཟའ་བཅའ་བསྲུང་བའི་དམ་ལྔ་དཔོག །ཅེས་གསུངས་པ་ལྟར་དོན་ཚན་ཉི་ཤུ་དང་། དེ་དག་ཉམས་ཆག་འབྱུང་ཚུལ་ནི། ཐོས་བསམ་མ་བྱས་པའི་སྐྱོན་ལྟུང་མཚམས་མི་ཤེས་པ་དང་། བླ་མ་དང་ལྷ་སོགས་ལ་མི་གུས་པ་དང་། བག་མེད་པར་སྤྱོད་པ་དང་། ཉོན་མོངས་པ་རྣམས་ནི་ལྟུང་བ་འབྱུང་བའི་སྒོ་བཞི་ཞེས་བྱ་བ་ཡིན་ལ། དེ་དག་གི་གཉེན་པོར། མདོ་རྒྱུད་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་དེ་སློབ་དགོས་ངོས་རྣམས་ལ་སློབ་པ་དང་། ཀུན་ལ་དག་སྣང་དང་གུས་པ་བསྐྱེས་པ་དང་། རྟག་པར་དྲན་པ་དང་ཤེས་བཞིན་གྱི་གཉེན་པོར་བསྟེན་པ་དང་། རང་རྒྱུད་ལ་ཉོན་མོངས་པ་གང་ཤུགས་ཆེ་བ་དེའི་གཉེན་པོར་འབད་པས་བསླབ་པའོ། །གོང་གི་བཞི་སྟེང་བརྗེད་ངས་ཆེ་བ་དང་། དྲན་པ་མི་གསལ་བ་གཉིས་བསྣན་པ་ལ་དམ་ཚིག་ཉམས་པའི་རྒྱུ་དྲུག་ཅེས་བཤད། རྒྱུ་དེ་དག་ལ་བརྟེན་ནས་དམ་ཚིག་ཉམས་མིན་ཉིན་མཚན་དུས་དྲུག་ཏུ་རང་རྒྱུད་ལ་ལེགས་པར་བརྟགས་པས་ཐུན་གྱི་དྲུག་ཆ་ལས་འདས་ ན་ཐུན་ཚོད་ལས་འདས་པ་དང་། ཞག་གཅིག་ལས་འདས་ན་འགལ་བ། ཟླ་བ་གཅིག་ལས་འདས་ན་ཉམས་པ། ལོ་གཅིག་ལས་འདས་ན་འདས་པ། ལོ་གཉིས་ལས་འདས་ན་རལ་བ་རྣམས་སོ། །འོན་ཀྱང་
དྲི་མེད་བཤགས་རྒྱུད་གླེང་གཞི་ལྟར་སྔགས་ཀྱི་དམ་ཚིག་གསེར་དངུལ་ཞོམ་པ་བཞིན་གསོར་རུང་བར་གསུངས་པས། དེ་ཡང་སྙིང་ཐག་པ་ནས་འགྱོད་སེམས་ཀྱིས་བཤགས་ན་གསོར་རུང་ཞིང་། ཐུན་ཞག་ཟླ་ལོ་སོགས་རིམ་གྱིས་ཉེས་པ་ལྕི་རུ་འགྲོ། ལོ་གསུམ་འདས་པར་གྱུར་ན་དེ་དག་ཀྱང་གསོར་མི་རུང་བས་ཚེ་འདིར་ཡིད་དུ་མི་འོང་བའི་སྡུག་བསྔལ་སྣ་ཚོགས་ཀྱིས་ཉམ་ཐག་པར་འགྱུར་ཏེ་ཚེ་འདིའི་སྣང་བ་ནུབ་མ་ཐག་རྡོ་རྗེའི་དམྱལ་བ་ཞེས་ནམ་ཡང་ཐོན་པར་མི་ནུས་ཤིང་སྡུག་བསྔལ་མི་ཟད་པ་མྱོང་བར་འགྱུར་རོ། །བྱེ་བྲག་ཏུ་ཐུན་ཚོད་ལས་འདས་ན་དེ་མ་ཐག་གསོར་རུང་ཞིང་། ཞག་ལས་འགལ་ན་ཚོགས་འཁོར་བརྒྱ་ཕྲག་གིས་གསོ། ཉམས་ན་རང་ལ་གང་ཡོད་ཀྱི་བདོག་པའི་དངོས་པོ་ཐམས་ཅད་ཀྱིས་བཀང་ལ་གསོ། ལོ་གཅིག་ལས་འདས་ན་བུ་དང་ཆུང་མ་ནོར་དབྱིག་སྟེ་གཅེས་པ་རྣམས་ཀྱང་གཏོང་ནས་གསོ། ལོ་གཉིས་འདས་ན་རང་གི་རང་སྲོག་ཀྱང་ཕངས་མེད་དུ་གཏོང་། གཞན་ཡང་སྙིང་པོ་རྒྱན་ལས་གསུངས་པ་ལྟར་ཚོགས་ཞིང་ལ་བཤགས་པ་དང་། བཛྲ་བྷནྡྷ་ཏྲ་ཐ་སོགས་བྲལ་བའི་སྔགས་རྒྱ་དང་། ཁྲུས་དང་། གཏུམ་མོའི་མེས་བསྲེག་པ། མི་དམིགས་པར་བསྒོམ་པ། ལམ་དུས་སུ་ཐུན་བཞིའམ་དྲུག་ཏུ་བླང་པ། འདུས་ཐོགས་སུ་མི་འཐོལ་བར་ཞུ་བ། རྟེན་ཁྱད་འཕགས་དྲུང་དུ་སྐད་གསང་མཐོན་པོས་སྒྲེང་བ། མཎྜལ་འབུལ་
བ། སྐུ་གསུང་ཐུགས་ཀྱི་མཆོད་རྟེན་བཞེངས་པ། ཟ་བྱེད་མཁའ་འགྲོའི་རྣལ་འབྱོར་གྱིས་མེ་ལ་སྦྱོང་བ། ཕྱི་ནང་གསང་བའི་གཏོར་མ་བཏང་བ། གསང་སྔགས་བཟླ་ཞིང་བསམ་གཏན་བསྒོམ་པ། མི་ཕྱུགས་ཀྱི་སྲོག་སྐྱོབ་པ། རྒྱལ་བའི་གསུང་རབས་ཀློག་པ། བླ་མའི་དྲུང་ངམ་རང་ཉིད་ཀྱིས་དཀྱིལ་འཁོར་བཞེངས་ལ་བདག་འཇུག་བླང་བ། ཡིག་བརྒྱ་དུས་བཟང་ལ་བཟླ་བ། ཕུང་པོ་གསུམ་པའི་མདོ་འདོན་པ། རྡོར་སེམས་སྒྱུ་དྲྭ་དང་བླ་མ་སོགས་ལས་གསུངས་པའི་ཕྲ་ཐིག་གི་རྣལ་འབྱོར་བསྒོམ་པ། གླང་ཆེན་རབ་འབོགས་ཀྱི་རྒྱུད་ལས་གསུངས་པའི་རྣལ་འབྱོར་སྤྱི་ཁྲུས་སམ། དོང་སྤྲུགས་རྒྱུན་འདོན་སོགས་བཤགས་པའི་ཐབས་སྣ་ཚོགས་ཀྱིས་ཉེས་ལྟུང་དང་ཞག་གཅིག་ཀྱང་མི་འགྲོགས་པ་གནད་དུ་ཆེ་ཞིང་། བཤགས་ནས་སླར་བསྲུང་ངོ་། །དེ་ལྟར་མཉམས་པ་ཁོ་ནས་ཚེ་འདི་འམ། འཆི་ཁ་བར་དོའམ། ཐ་ན་སྐྱེ་བ་བཅུ་དྲུག་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ཅིང་གནས་སྐབས་སུའང་ཐུན་མོང་གི་དངོས་གྲུབ། གྲུབ་ཆེན་བརྒྱད། དབང་ཕྱུག་གི་ཡོན་ཏན་བརྒྱད་སོགས་ཐམས་ཅད་ལྷུན་གྱིས་གྲུབ་པར་འགྱུར་བ་ལགས་སོ། ༈ །ས་ཉེར་གཅིག་ནི། དང་པོ་རབ་ཏུ་དགའ་བ། དྲི་མ་མེད་པ། འོད་བྱེད་པ། འོད་འཕྲོ་བ། སྦྱང་དཀའ་བ། མངོན་དུ་གྱུར་པ། རིང་དུ་སོང་བ། མི་གཡོ་བ། ལེགས་པའི་བློ་གྲོས།
ཆོས་ཀྱི་སྤྲིན། ཀུན་ཏུ་འོད། རྡོ་རྗེ་འཛིན་པ། རྡོ་རྗེ་འཆང་། སྟུག་པོ་བཀོད། པདྨ་ཅན། འཁོར་ལོ་ཚོགས་ཆེན། ཀུན་བཟང་དབྱེར་མེད། རྫོགས་པ་བླ་མ། སྲིད་གསུམ་ངང་རྫོགས། ཡེ་ཤེས་བླ་མའོ། །དེ་དག་ཡེ་ཤེས་ཉེར་གཅིག་དང་སྦྱར་ཚུལ། སྒྲིབ་སྦྱོང་ཡེ་ཤེས། སྟོབས་ཆེན། སྐྱོན་མེད་ཡེ་ཤེས། ཁམས་གསུམ་རྣམ་རྒྱལ། བདུད་འཇོམས་ཡེ་ཤེས། བདུད་རྩི་འཁྱིལ་བ། རྟོགས་འཇོམས་ཡེ་ཤེས། འདོད་རྒྱལ། གཟིར་མནན་ཡེ་ཤེས། རྟ་མཆོག རྣམ་དག་ཡེ་ཤེས། མི་གཡོ། ཐབས་མཁས་ཡེ་ཤེས། གཤིན་རྗེའི་གཤེད། སྟོབས་ལྡན་ཡེ་ཤེས། དབྱུག་སྔོན། མཁྱེན་ལྡན་ཡེ་ཤེས། རྣམ་པར་རྒྱལ་བ། བརྗིད་གནོན་ཡེ་ཤེས། ཧཱུྃ་ཀཱ་ར། མངོན་ཤེས་ཡེ་ཤེས། ཡཀྵ་ཧེ་རུ་ཀ །ཀུན་མཁྱེན་ཡེ་ཤེས། གུ་ཧུ་ཧེ་རུ་ཀ །བྱམས་མགོན་ཡེ་ཤེས། ས་ནུ་ཧེ་རུ་ཀ །རྔམས་བརྗིད་ཡེ་ཤེས། རཀཱ་ཧེ་རུ་ཀ །སྤྲུལ་པའི་ཡེ་ཤེས། ཀརྨ་ཧེ་རུ་ཀ །ཆགས་མེད་ཡེ་ཤེས། པདྨ་ཧེ་རུ་ཀ །ཡིད་བཞིན་ཡེ་ཤེས། རཏྣ་ཧེ་རུ་ཀ །འབར་འཕྲོ་ཡེ་ཤེས། བུདྡྷ་ཧེ་རུ་ཀ །སྟོབས་ལྡན་ཡེ་ཤེས། བཛྲ་ཧེ་རུ་ཀ ཁྱབ་བདལ་ཡེ་ཤེས། ཆེ་མཆོག་ཧེ་རུ་ཀ །བྱང་ཆུབ་ཡེ་ཤེས་དབུ་ནི་རྟ་སྐད་ནམ་མཁའ་སྒྲོགས། །ཞེས་སོ། །དེ་ཡང་རྟགས་བསྟོད་ལས་ཏེ། ཨེ་མ་ཧོ་ཆེ་མཆོག་ཧེ་རུ་ཀ །ཉི་ཤུ་རྩ་གཅིག་དབུ་ནི་རྣམ་པ་ལྷུན་གྱིས་གྲུབ། །སྒྲིབ་སྦྱོང་ཡེ་ཤེས་དབུ་ནི་ཁྲོ་ཆེན་སྟོབས་པོ་ཆེ། །དང་པོ་རབ་ཏུ་དགའ་བའི་ས་མནན་པའོ། །
ཞེས་སོགས་གསུངས་སོ། །འདི་དོན་དམ་ལ་དཔྱད་ན་ས་བཅུ་གསུམ་ཡན་ཆད་ནི་ལྡོག་ཆས་ཕྱེ་བ་ལས་གུད་ན་ཐོབ་ཏུ་མེད་པར་བཞེད་དོ། ༈ །ཞབས་དྲུང་རིན་པོ་ཆེས། དམ་པའི་ཆོས་དང་ཚེ་འདིའི་མདུན་ཐབས་གཉིས། །ཟོང་དུ་བཀྲམ་ན་ཚེ་འདིའི་དོན་གཉེར་བར། །གཅིག་སེམས་སློབ་མའི་རྒྱུད་རེངས་ཐ་རྒོད་ལ། །སྨིན་གྲོལ་གདམས་པའི་ཆར་གྱིས་ཅི་ཞིག་ཕན། །ཅེས་གསུངས་པ་འདི་ལོས་བདེན། རྒྱལ་དབང་ལྔ་པ་ཆེན་པོས། སྔོན་དུས་ཆོས་རྒྱལ་ལོ་པཎ་ཆོས་ཕྱིར་དུ། །དཀའ་སྤྱད་བསམ་ཚེ་གསར་རྙིང་བསྟན་འཛིན་དེང་། །ཕལ་ཆེར་ཆོས་བརྒྱད་འཁོལ་བོར་འགྲན་པའི་བང་། །ཡངས་པོའི་གོམ་སྟབས་བྲེལ་ལ་མཆི་མ་དཀུ། །ལ་ལ་མཁས་བཙུན་གྲགས་འདོད་སྒྲོ་གདུགས་བསྒྲེངས། །འགའ་ཞིག་སྒོམ་ལྡན་བཟང་རྫུའི་མངལ་ཁུར་འཛིན། །མང་དག་འཇིག་རྟེན་ཕལ་སྤྱོད་དུག་རླངས་བརྟེན། །ཀྱེ་རྒྱུད་སྙིགས་དུས་རྨ་བྱའི་ཚུལ་འདིས་ཅི། །ཞེས་དང་། མཁའ་ལ་རྡོ་རྗེའི་རྭ་བའི་གུར་མ་ཞིག །ས་ལ་དཀྱིལ་འཁོར་ཆེན་པོའི་བཀྲག་མ་ཉམས། །བར་དུ་སྨན་རག་མཆོད་གཏོར་ངད་མ་ཡལ། །ལྷ་སྔགས་ཡེ་ཤེས་དཔལ་འབར་བཀྲ་ཤིས་ཤོག །ཅེས་གསུངས་སོ། །དགེའོ། །དགེའོ། །དགེའོ།། ༈ །།རྗེ་བླ་མའི་དཀའ་གནད་སྟོན་པའི་ཟིན་བྲིས་གཞུང་དོན་སྒོ་བརྒྱ་འབྱེད་པའི་ལྡེའུ་མིག་པདྨའི་ཆུན་པོ་ཟབ་གཏེར་བདུན་
ཅུ་རྩ་བདུན་པ་ལས་ཁོལ་བཏུས། སྐབས་དང་པོ་ལས། གང་ཟག་གཅིག་གི་རྒྱུད་ལ་སྡོམ་པ་གསུམ་ལྡན་དུ་བསྲུང་བ་རྣམ་པ་དྲུག་སྟེ། དེ་ཡང་རང་ལྡོག་མ་འདྲེས་པ་ནི། སྡོམ་པ་གསུམ་པོ་དེ་གང་ལས་བླང་བའི་ཡུལ་ཟླདང་། བསམ་པ་དང་། ཆོ་ག་ཐ་དད་པའི་སྒོ་ནས་ཇི་སྲིད་བླང་བའི་དུས་ཀྱང་སོ་སོར་ངེས་པས་ན། ཀུན་སློང་བྱང་ཆུབ་སེམས་ཀྱི་ལྡོག་པ་དང་། སྡོམ་པའི་ལྡོག་པ་གཉིས་ཡོད་པ་ལས། སྔ་མ་ཚེ་འཕོས་པའི་བྱང་སེམས་ཀྱི་སྡོམ་པའི་གཏོང་རྒྱུ་མ་ཡིན་པའི་ཕྱིར་རོ། །ཕྱི་མ་སྡོམ་པ་ཁས་བླངས་པའི་ལྡོག་ཆ་ནི་ཚེ་འཕོས་པའི་དབང་གིས་གཏོང་སྟེ། དགེ་སློང་ནི་སྡོམ་པ་དེ་ཇི་སྲིད་འཚོའི་མཐའ་ཅན་གྱི་སྡོམ་པ་ཡིན་པའི་ཕྱིར་རོ། །དགག་དགོས་ཡོངས་རྫོགས་ནི། དེ་ཡང་མི་ཚངས་པ་སྤྱོད་པ་ལྟ་བུ་ཐབས་མཁས་བརྟུལ་ཞུགས་ཀྱིས་སྤྱད་ན་ཉེས་པས་མི་གོས་པར་མ་ཟད་པར་ཚོགས་གཉིས་རྫོགས་པའི་རྒྱུར་འགྲོ་བ་སྟེ། དཔེར་ན་དུག་སྤོང་བ་དང་། སྨན་གྱི་སྦྱོར་བ་དང་། སྔགས་བཏབ་སྟེ་ཟ་བ་གསུམ་ཀ་མི་འཆི་བའི་རྒྱུར་མཚུངས་པས་དགོས་པ་འགྲུབ་པ་བཞིན་ནོ། །ངོ་བོ་གནས་འགྱུར་ནི། དཔེར་ན་ཟངས་རྡོ་བཞུས་པས་ཟངས་དང་། དེ་ལ་གསེར་འགྱུར་གྱི་རྩིས་བཏབ་པས་གསེར་དུ་འགྱུར་བ་བཞིན། ཉན་ཐོས་ལྟར་དམན་སེམས་ཀྱིས་བླངས་པའི་སོ་ཐར་གྱི་སྡོམ་པ་དེ་ཡང་བྱང་ཆུབ་སེམས་དཔའི་སྡོམ་པས་ཟིན་ན་
དམན་སེམས་བཏང་ཡང་། རང་གི་ངོ་བོ་གཞན་གནོད་གཞིར་བཅས་སྤོང་བའི་སྡོམ་པའི་ཚུལ་ཁྲིམས་སུ་གནས་འགྱུར་ལ། དེ་གཉིས་དབང་ཐོབ་ན་མཉམ་པ་ཆེན་པོའི་ཐབས་ཀྱིས་ཟིན་པས་ཐ་མལ་གྱི་སྣང་ཞེན་ལྡོག་པ་ཆ་རེ་ཡོད་པ་དེ་གཏོང་ནས། སོ་ཐར་གྱིས་གཞན་གནོད་གཞིར་བཅས་སྤོང་བ་དང་། བྱང་སྡོམ་གྱིས་གཞན་ལ་ཕན་འདོགས་པའི་ལྡོག་ཆ་གཉིས་པོ་དེ་རྫས་གོང་འཕེལ་གྱི་ཚུལ་གྱིས་མཉམ་པ་ཆེན་པོའི་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་སྔགས་ཀྱི་ཉེས་སྤྱོད་སྡོམ་པ་དང་། རིགས་ལྔ་སྤྱིའི་རྣམ་སྣང་གི་དམ་ཚིག་ཏུ་གནས་འགྱུར་བ་ཡིན་ནོ། །ཡོན་ཏན་ཡར་ལྡན་པ་ནི། སྔགས་སྡོམ་མ་ཉམས་པར་ཐུབ་ན། འོག་མ་གཉིས་ཞར་ལ་ཐུབ་པས་ལོགས་སུ་བསྲུང་མི་དགོས་པའོ། །སྡོམ་གསུམ་གནད་ཀྱིས་མི་འགལ་བ་ནི། ལྟ་བ་འཁོར་གསུམ་མི་རྟོག་པའི་ཤེས་རབ་དང་། བྱེད་པ་སྡོམ་པའི་ཐབས་མཁས་ཀྱིས་ཟིན་པའི་སྒོ་ནས་སྤྱོད་ན་འགལ་བ་མེད་དོ། །གསང་སྙིང་ལ། སྦྱོར་སྒྲོལ་བྱ་བ་སོགས༔ དུས་སྐབས་ཀྱི་གཙོ་བོར་གང་འགྱུར་སྤྱད་པ་ནི། གསང་འདུས་ལས། ཕྱི་རུ་ཉན་ཐོས་སྤྱོད་པ་སྤྱད། །ནང་དུ་འདུས་པའི་དོན་ལ་དགའ། །ཞེས་གསུངས་པ་ལྟ་བུའོ། །དེ་ཡང་སོར་སྡོམ་ནི་ངོ་བོ་གཞན་གནོད་གཞིར་བཅས་པ། བྱང་སེམས་ནི་དེའི་སྟེང་དུ་གཞན་ལ་ཕན་འདོགས་པའི་ཆ་དང་། སྔགས་སྡོམ་ནི་ཆོས་ཉིད་མཉམ་པ་ཆེན་པོའི་
ཐབས་ཀྱིས་ཟིན་པའི་ཐབས་ཀྱི་ཆ་དེ་གསུམ་འཇོག་པ་ཡིན་ལ། ༈ །གཟུགས་ཕུང་ལ་རགས་ཕྲ་ཤིན་ཏུ་ཕྲ་བ་གསུམ་ལས། དང་པོ་ནི་གཟུགས་ཕུང་དང་རྣམ་སྨིན་གྱི་རྟེན་དོན་གཅིག །ཕྲ་བ་ནི་བར་དོར་འཆར་འགྱུར་གྱི་ལུས་དང་རྣམ་སྨིན་གྱི་ལུས། ཤིན་ཏུ་ཕྲ་བ་ནི་གཟུགས་ཕུང་ཕྲ་རགས་ཐམས་ཅད་ཀྱི་འཆར་གཞི་གཉུག་མའི་ལུས་དེའོ། ༈ །སྣང་མཆེད་ཐོབ་པ་ཉེར་ཐོབ་བཞིས་འོད་གསལ་དུ་འཇུག་པ་ལ། རིམ་བཞིན་སྟོང་པ། ཤིན་ཏུ་སྟོང་པ། ཆེས་སྟོང་པས་སྟོང་ཆེན་གསུམ། སྣང་བ་གསུམ་འགགས་པས་ཐམས་ཅད་སྟོང་པ་འོད་གསལ་ཞེས་སྦྱར་རོ།། ༈ །།མ་མོ་སྲིད་པའི་རྒྱུད་ལུང་ཟླ་གསང་ཐིག་ལེར། མ་མོ་ཐམས་ཅད་ཆགས་པ་ཆེ། །ཨ་བྷི་ཥེ་ཀ་ཙ་རི་ལས། །ལུས་ཀྱི་རྩ་རྣམས་བུམ་པས་ཏེ། །སྔགས་ནི་གསང་བ་ཞེས་སུ་བཤད། །ཁམས་ཀྱི་བདུད་རྩི་ཤེས་རབ་ཤེས། །སྙིང་པོ་གཡོ་བྱེད་བདེ་བ་ཆེ། །བུམ་པས་ས་དྲུག་རྫོགས་པ་ལ། །ས་བཞི་གསང་བའི་དབང་ཤེས་བྱ། །ཤེས་རབ་ཡེ་ཤེས་ས་གཉིས་སྤྱོད། །བདེ་ཆེན་ས་ལམ་གཅིག་ཅར་བགྲོད། །དང་པོ་བསྐྱེད་པའི་རིམ་པ་ལ། །གཉིས་པ་བདག་ཉིད་བྱིན་གྱིས་བརླབས། །གསུམ་པར་ལས་ཀྱི་འཁོར་ལོ་སྟེ། །བཞི་པར་རྡོ་རྗེའི་རྦ་རླབས་བསྟན། །དང་པོ་སྤྲུལ་སྐུའི་ཞིང་ཁམས་དབང་། །གཉིས་པ་ལོངས་སྐུའི་ཞིང་ཁམས་ལ། །གསུམ་པ་དེ་བཞིན་ཆོས་སྐུ་ལས། །
བཞི་པར་ངོ་བོ་ཉིད་སྐུ་ཐོབ། །དང་པོ་ལུས་ཀྱི་དཀྱིལ་འཁོར་ཏེ། །གཉིས་པ་བྷ་གའི་དཀྱིལ་འཁོར་ཡིན། །གསུམ་པ་བྱང་ཆུབ་བདུད་ཀྱི་སེམས། །བཞི་པ་དུས་གསུམ་བདེ་གཤེགས་བཅུད། །དང་པོ་འཁོར་འདས་དབྱེར་མེད་ཡིན། །གཉིས་པར་མ་འདྲེས་ཡོངས་སུ་རྫོགས། །གསུམ་བཞིར་བདེ་སྟོང་ཆུང་དང་ཆེ། །ཞེས་དང་། རྡོ་རྗེ་ལུས་ཀྱི་དྲྭ་བ་ལས། སྤྲུལ་པའི་སྐུ་འབྱུང་ངོ་མཚར་ཆེ། །དེ་ནས་སྔགས་ཀྱི་ཡི་གེ་ནི། །ལོངས་སྤྱོད་རྫོགས་པ་རྨད་བྱུང་ཆོས། །སེམས་ཅན་ལུས་བཅུད་ཁམས་ཀྱི་བདེ། །དེ་ཉིད་མི་རྟོག་ཆོས་སྐུར་གནས། །ཡང་གསལ་རང་བཞིན་སྙིང་པོ་མེད། །དེ་ནི་ངོ་བོ་ཉིད་དུ་དག །ཅེས་དང་། ཉོན་མོངས་སྟོང་ཕྲག་བརྒྱད་ཅུ་ཡང་། །གཉེན་པོ་ཆོས་ཀྱི་སྒོ་བོ་སྤྲོ། །ཆོས་དང་གང་ཟག་བདག་ཉིད་ཀྱང་། །དེ་ལ་སྡེ་སྣོད་གསུམ་དུ་སྤྲོ། །ཉོན་མོངས་ལྔ་ལ་ཞེན་པ་ཡང་། །ཉོན་མོངས་ལམ་སློང་གསང་སྔགས་སྤྲོ། །མོས་པ་ཆུང་ངུའི་དོན་ཆེད་དུ། །སྦྱངས་པའི་ཡོན་ཏན་བཅུ་གཉིས་དང་། །གང་ཟག་ཆོས་ལ་བདག་ལྟ་ཞིང་། །རྩ་བ་ཡན་ལག་ཚུལ་ཁྲིམས་བསྲུང་། །ལུས་དག་ཡིད་གསུམ་དགེ་བཅུ་སྤྱོད། །བདེན་པ་བཞི་ཡི་དོན་བསྒྲུབས་ནས། །འབྲས་བུ་རྣམ་གཉིས་གྲུབ་པར་འདོད། །དམིགས་དབྱེའང་ཕྲ་བ་འདུལ་དོན་དུ། །འབྲེལ་ཅིང་འབྱུང་བ་རྟེན་འབྲེལ་སྐོར། །གང་ཟག་ཆོས་ལ་ཕྱོགས་གཅིག་རྟོགས། །
རང་གོམས་ཤུགས་ཀྱིས་དཀའ་ཐུབ་བསྲུང་། །རྫུ་འཕྲུལ་སྤྱི་ཡིས་འགྲོ་དོན་སྤྱོད། །དགེ་བཤེས་མི་ལྟོས་སྔོན་གོམས་བསྒྲུབས། །ནེ་ཙོ་བསེ་རུ་ལྟ་བུར་གནས། །ཟབ་ཅིང་རྒྱ་ཆེན་འདུལ་བ་ནི། །བདེན་པ་གཉིས་ཀྱི་སྒོར་ཞུགས་ནས། །གང་ཟག་ཆོས་ལ་བདག་མེད་ཅིང་། །བྱང་ཆུབ་སེམས་ལྡན་བསླབ་པ་བསྲུང་། །ཚད་མེད་བསྡུ་བའི་དངོས་པོ་སྤྱོད། །ཕ་རོལ་ཕྱིན་བཅུ་བསྒྲུབ་པར་ལྡན། །ས་བཅུ་བགྲོད་ནས་སངས་རྒྱས་གནས། །བྱེད་སྤྱོད་འདུལ་བའི་དོན་ཆེད་དུ། །གོམས་གྱུར་སྒོམ་ལུགས་བྱིན་རླབས་སྐོར། །དོན་རྟོགས་བྱིན་རླབས་རྗེ་ཁོལ་ཚུལ། །རང་གི་རྩ་བ་ཡན་ལག་བསྲུང་། །ཕྲིན་ལས་ཁྲུས་དང་གཙང་སྦྲ་སྤྱོད། །དག་པ་གསུམ་དང་ལྡན་པར་བསྒྲུབ། །རིགས་གསུམ་མགོན་པོའི་ས་ལ་འགྲོ། །མཉམ་པས་འདུལ་བའི་དོན་ཆེད་དུ། །འཇུག་པའི་སྒོ་ཚུལ་སྤྱོད་པ་ནི། །བྱ་བའི་རྒྱུད་དང་མཐུན་པར་བྱེད། །ལྟ་བ་སྒྲུབ་ཐབས་འབྲས་བུ་ནི། །རྣལ་འབྱོར་རྒྱུད་ཀྱི་རྗེས་སུ་བསྒྲུབས། །གཉི་ག་རྒྱུད་ཅེས་གྲགས་པར་བཤད། །རིགས་བཞི་རྡོ་རྗེ་འཆང་སར་གནས། །ཟབ་མོས་འདུལ་བའི་དོན་ཆེད་དུ། །མངོན་པར་བྱང་ཆུབ་ལྔ་ཡི་སྒོར། །དོན་རྟོགས་ཀུན་རྫོབ་གྲོགས་པོར་བལྟ། །སྤྱི་དང་ཁྱད་པར་དམ་ཚིག་བསྲུང་། །ཕྲིན་ལས་བཞི་ལ་ཏིང་ངེས་སྤྱོད། །ཕྱག་རྒྱ་བཞི་དང་ལྡན་པར་བསྒྲུབ། །རིགས་ལྔའི་སངས་རྒྱས་འགྲུབ་པར་
འདོད། །ཚོགས་ཀྱི་སྒྲུབ་པས་འདུལ་དོན་དུ། །ཏིང་འཛིན་རྣམ་གསུམ་སྒོར་ཞུགས་ནས། །དབྱེར་མེད་སྐྱེ་འགག་མེད་པར་བལྟ། །རྩ་བ་ལྔ་སོགས་ཡན་ལག་བཅས། །སྒྲོལ་དང་སྦྱོར་ལ་རབ་ཏུ་བརྩོན། །ཐབས་ཤེས་གཉིས་མེད་སྒྲུབ་པ་བཞི། །ཡི་གེའི་འཁོར་ལོ་ཚོགས་ཆེན་པོ། །མཉམ་པའི་སྤྱོད་པས་འདུལ་དོན་དུ། །ཡོངས་རྫོགས་ཏིང་འཛིན་སྒོར་ཞུགས་ནས། །དབྱིངས་དང་ཡེ་ཤེས་ཡབ་ལྔས་བལྟ། །སྤྱི་དང་ཁྱད་པར་ལྷག་པ་བསྲུང་། །མཚན་མར་སྤྱོད་མེད་སྣོད་བཅུད་སྤེལ། །མ་སྐྱེས་རྫོགས་པའི་ཚུལ་དུ་བསྒྲུབ། །པདྨ་ཅན་གྱི་ས་ལ་འགྲོ། །ཞེས་སོ། །ཆགས་པས་ཆགས་པ་གྲོལ་བྱེད་པ། །ལུས་ཀྱི་གཡས་གཡོན་དབུས་གནས་པ། །གཟུང་འཛིན་མེད་པའི་དངོས་པོ་སྟེ། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །རླུང་དང་མཁྲིས་པ་བད་ཀན་དང་། །ཉིན་མོ་མཚན་མོ་མཚམས་ཀྱི་ཆ། །འདོད་གཟུགས་མེད་པའི་ཁམས་གསུམ་དང་། །རྒྱུ་ལམ་འབྲས་བུའི་རྣལ་འབྱོར་གསུམ། །སངས་རྒྱས་ཆོས་དང་དགེ་འདུན་དང་། །སྟོང་ཉིད་ཡེ་ཤེས་རྡོ་རྗེ་ཀུན། །ཕ་ལས་བྱུང་བའི་ག་བུར་ཕོ། །མ་ལས་བྱུང་བའི་སིཧྥ་མོ། །རང་གི་སྐེད་པ་ཆང་དུ་བཤད། །སྲོག་གི་རྣམ་པ་འདི་གསུམ་དུ། །འཁོར་དང་མྱ་ངན་འདས་པ་འགྲུབ། །བཅུ་ཚན་གཉིས་དང་དེ་སྟེང་གསུམ། །རྒྱུས་འཚོ་ཀླད་པ་དེ་ན་ཡོད། །བརྒྱད་གཉིས་པས་ནི་སྐད་རྣམས་འབྱུང་། །
དེ་ལ་ཟས་ཀྱི་ལོངས་སྤྱོད་གསོལ། །བཞི་གཉིས་རང་གི་སྙིང་ཡིན་ཏེ། །དེ་ལ་འཁོར་འདས་ཆོས་གནས་སོ། །བཅུ་ཚན་དྲུག་དང་དེ་སྟེང་བཞི། །མ་སྡེ་བུ་སྡེ་འདྲེས་པར་སྤྲུལ། །མེ་དང་རླུང་གི་གནས་ནི་འོག །དེ་ཡང་གྲུ་གསུམ་འོད་མའི་གཞུ། །གཡས་ཀྱི་ཉི་མ་དམར་ཞིང་དྭངས། །གཡོན་གྱི་ཟླ་བ་དཀར་ལ་གསལ། །དབུས་ཀྱི་ཀ་བ་བརྟན་པ་ནི། །པདྨའི་སྣལ་མ་ལྟ་བུར་ཕྲ། །ཆུ་ཤིང་སྙིང་པོ་འདྲ་བར་དྲང་། །ཏིལ་གྱི་མར་མེ་ལྟ་བུར་གསལ། །རྒྱ་སྐྱེགས་མེ་ཏོག་ཇི་བཞིན་དམར། །ཞེས་དང་། ལུས་ཀྱི་ཁོལ་བུ་ཕལ་ཆེར་རམ། །ཐམས་ཅད་སྣང་དངོས་བདེ་བ་ཕྱི། །ནང་གནས་སྤྱི་མགྲིན་སྙིང་ལྟེ་གསང་། །བདག་ཡུམ་གཟུང་འཛིན་རྟོག་གསུམ་འགོག །དེ་ཕྱིར་སྤང་བྱ་བྲལ་བ་ཡིན། །བདེ་བ་ཆུང་ཆེ་མི་རྟོག་དང་། །བདེ་སྟོང་དེ་ཡང་ལྷན་ཅིག་སྐྱེས། །སྐྲ་དཀར་བྲལ་དང་སྟོབས་རྫོགས་གསལ། །མཚན་དཔེ་ཚང་ཞིང་འཆི་མེད་པས། །ཡིད་བཞིན་སྤྲིན་གྱི་བདག་པོ་སྟེ། །ཚེ་ཡི་རིག་འཛིན་ཐོབ་པའོ། །ཞེས་བཤད། ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། ཕྱོགས་རིས་ཀུན་དང་བྲལ་བ་ལ། །མཐའ་དང་དབུས་སུ་མི་དམིགས་ཏེ། །སྒྲོ་དང་སྐུར་པ་མེད་པའི་ཕྱིར། །བླང་དང་དོར་བ་ཡང་ནི་མེད། །རྒྱུ་འབྲས་ཀུན་ལས་འདས་པའི་ཕྱིར། །ཡེ་ནས་རྐྱེན་གྱིས་སྐྱེད་དུ་མེད། །རྒྱུ་རྐྱེན་བྲལ་བའི་ཆོས་ཉིད་ལ། །མུ་སྟེགས་ལྟ་བ་མདུད་པ་ཅན། །རྟག་
ཆད་གཉིས་ཀྱི་ངན་སྤྱོད་ཀྱིས། །མཐའ་བྲལ་ལྟ་བ་མ་རྟོགས་ཏེ། །གཉིས་སུ་ཞེན་པ་ཕྱོགས་རིས་བདུད། །ཨ་ཏི་ཡོ་གའི་ལྟ་བ་ནི། །ཆོས་ཉིད་རྒྱ་ཆད་མེད་པ་ལ། །གཉིས་ཀ་གང་ཤར་རང་གྲོལ་བས། །མུ་སྟེགས་མ་སྤངས་རྫོགས་ཆེན་།ཡུལ་སེམས་འབྲེལ་མེད་སྐད་ཅིག་བལྟ། །ཡོད་མེད་མཉམ་པའི་ཆོས་ཉིད་ལ། །མེད་པར་འདོད་པ་ཕྱོགས་འཛིན་བདུད། །ཨ་ཏི་ཡོ་གའི་ཆོས་ཉིད་ལ། །གཉིས་ཀ་གང་ཤར་རང་གྲོལ་བས། །ཉན་ཐོས་མ་སྤངས་རྫོགས་ཆེན་རྒྱན། །རང་རྒྱལ་ལྟ་བ་མདུད་པ་ཅན། །ཡུལ་སྟོང་གཅིག་ལ་ཤེས་པ་གཏད། །རྟེན་འབྲེལ་བཅུ་གཉིས་འབྱུང་ལྡོག་བྱེད། །འབྱུང་འཇུག་མཉམ་པའི་ཆོས་ཉིད་ལ། །ཡོད་པར་འདོད་པ་ཕྱོགས་འཛིན་བདུད། །ཨ་ཏི་མཉམ་པའི་ཆོས་ཉིད་ལ། །གཉིས་ཀ་གང་ཤར་རང་གྲོལ་བས། རང་རྒྱལ་མ་སྤངས་རྫོགས་ཆེན་རྒྱན། །སེམས་ཙམ་ལྟ་བ་མདུད་པ་ཅན། །རང་གསལ་གཟུང་འཛིན་དག་པ་ལ། །རང་སྒོ་བདེ་བར་ལྟ་བ་སྟེ། །ཤེལ་སྒོང་དག་པའི་ཚུལ་ཤེས་པས། །བདག་མེད་གཉིས་འདོད་ཕྱོགས་འཛིན་བདུད། །གང་ཡང་འདྲ་བའི་ཆོས་ཉིད་ལ། །གཉིས་ཀ་གང་ཤར་རང་གྲོལ་བས། །སེམས་ཙམ་མ་སྤངས་རྫོགས་ཆེན་རྒྱན། །དབུ་མའི་ལྟ་བ་མདུད་པ་ཅན། །རིག་པ་ཀུན་རྫོབ་སྤྲོས་བཅད་ནས། །དོན་དམ་སྤྲོས་མེད་ངང་ལ་མཇལ། །བདེན་
གཉིས་དོན་ལ་ཡིད་ཆེས་བལྟ། །གཉིས་མེད་མཉམ་པའི་ཆོས་ཉིད་ལ། །གཉིས་སུ་ལྟ་བ་ཕྱོགས་འཛིན་བདུད། །གཉིས་སུ་མེད་པའི་ཆོས་ཉིད་ལ། །གཉིས་ཀ་གང་ཤར་རང་གྲོལ་བས། །དབུ་མ་མ་སྤངས་རྫོགས་#ཆེན་རྒྱན། །ཀྲི་ཡའི་ལྟ་བ་མདུད་པ་ཅན། །ཀུན་རྫོབ་སྣང་བ་རིགས་གསུམ་ལ། །དོན་དམ་དག་པའི་མཐའ་དང་བྲལ། །རྗེ་ཁོལ་ཚུལ་དུ་ལྟ་བར་བྱེད། །བཟང་ངན་མཉམ་པའི་ཆོས་ཉིད་ལ། །གཉིས་སུ་འཛིན་པ་ཕྱོགས་འཛིན་བདུད། །ཆོས་ཉིད་མཉམ་པའི་དོན་འདི་ལ། །གཉིས་ཀ་གང་ཤར་རང་གྲོལ་བས། །ཀྲི་ཡ་མ་སྤངས་རྫོགས་ཆེན་རྒྱན། །ཨུ་པའི་ལྟ་བ་མདུད་པ་ཅན། །ལྟ་སྤྱོད་གོང་འོག་རྗེས་སུ་འབྲེང་། །གཅིག་ལ་ཞེན་ཅིང་གཅིག་ལ་སྤྱོད། །གཉིས་འཛིན་ཁ་དྲག་ཕྱོགས་འཛིན་བདུད། །གཉིས་ཀའི་ཚུལ་དུ་ལྟ་བྱེད་པ། །གོང་འོག་མཉམ་པའི་ཆོས་ཉིད་ལ། །གཉིས་ཀ་རང་ཤར་རང་གྲོལ་བས། །ཨུ་པ་མ་སྤངས་ རྫོགས་ཆེན་རྒྱན། །ཡོ་གའི་ལྟ་བ་མདུད་པ་ཅན། །དོན་དམ་སྣང་ལ་རང་བཞིན་མེད། །ཀུན་རྫོབ་དག་པའི་བྱིན་རླབས་བལྟ། །མཚན་མེད་མཉམ་པའི་ཆོས་ཉིད་ལ། །ལྟར་སྣང་ཕྱོགས་སུ་འཛིན་པའི་བདུད། །སང་སང་འདྲ་བའི་ཆོས་ཉིད་ལ། །གཉིས་ཀ་གང་ཤར་རང་གྲོལ་བས། །ཡོ་ག་མ་སྤངས་རྫོགས་ཆེན་རྒྱན། །མ་ཧཱའི་ལྟ་བ་མདུད་པ་ཅན། །ཐབས་དང་ཤེས་རབ་སྐོར་ཞུགས་ནས། །བདེན་པ་དབྱེར་མེད་སྤྱོད་
ཡུལ་བྲལ། །ཆོས་ཉིད་མཉམ་པའི་དོན་འདི་ལ། །སྤྱོད་ཡུལ་བྲལ་བ་ཕྱོགས་འཛིན་བདུད། །གཉིས་ཀ་གང་ཤར་རང་གྲོལ་བས། །མ་ཧཱ་མ་སྤངས་རྫོགས་ཆེན་རྒྱན། །ཨ་ནུའི་ལྟ་བ་མདུད་པ་ཅན། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །ཀུན་ཏུ་བཟང་པོ་བཟང་མོ་གཉིས། །གཉིས་སུ་མེད་པའི་བདེ་ཆེན་ལྷ། །ཡོད་ཀྱང་མཉམ་པའི་ཆོས་ཉིད་ལ། །གཉིས་མེད་ཕྱོགས་སུ་ལྷུང་བའི་བདུད། །རྒྱ་ཆད་མེད་པའི་ཆོས་ཉིད་ལ། །གཉིས་ཀ་གང་ཤར་རང་གྲོལ་བས། །ཨ་ནུ་མ་སྤངས་རྫོགས་ཆེན་རྒྱན། །བྱ་བྲལ་ངང་དུ་ཀུན་རྫོགས་པས། །མ་སྤངས་རང་སར་གྲོལ་བའི་ཀློང་། །སངས་རྒྱས་སྐུ་དང་སེམས་ཅན་ལུས། །ཇི་ལྟར་སྣང་བ་རྫོགས་ཆེན་རྒྱན། །ཞེས་སོ།། ༈ །།རྟ་མགྲིན་དགོངས་པ་ལུང་སྟོན་པའམ། དབང་ཆེན་འདུས་པའི་རྒྱུད་ལས། །ཆོས་དང་གང་ཟག་བདག་ཏུ་འཛིན། །རྡུལ་ཕྲན་ཕྲ་བ་ཉན་ཐོས་ཅན། །ཕྱི་ནང་བ རྟེན་ཅིང་འབྲེལ་འབྱུང་དང་། །ལུགས་འབྱུང་དེ་ལྡོག་རང་སངས་རྒྱས། །དོན་དམ་བློ་ཡི་ངང་སྟོང་ཞིང་། །ཀུན་རྫོབ་སྒྱུ་མར་སྣང་བ་དེས། །དབྱེ་གཞི་ལ་སོགས་རྣམ་པ་ཡིས། །བྱང་ཆུབ་སེམས་དཔའ་ཕལ་ཆེན་ཏེ། །དག་པ་ཡེ་ཤེས་ཆོས་ཉིད་དུ། །རིགས་གསུམ་མགོན་ལ་སྤྱོད་པ་བལྟ། །འོག་སྤྱོད་གོང་མ་བལྟ་བ་ཡི། །ཨུ་པ་ཡ་ཞེས་དེ་ལྟར་སྣང་། །རྣམ་པར་སྣང་མཛད་ཆེན་པོ་ཡིས། །རྡོ་རྗེ་དབྱིངས་ཀྱི་རྣལ་འབྱོར་ལྷ། །
ལོངས་སྤྱོད་རྫོགས་པའི་སྐུ་དག་ལ། །བདེན་པ་དབྱེར་མེད་མ་ཧཱ་ཡིན། །རྩོལ་བྲལ་དབྱེར་མེད་ཤིན་ཏུ་རྫོགས། །འདི་ནི་སྤྲུལ་པ་དམ་པ་ཡིས། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །འོག་ཏུ་གྱུར་དང་སྟེང་ན་སྤྱོད། །མཐོ་དམན་ཐེག་པའི་གཏན་ཚིགས་ནི། །ཁྱད་པར་ཆེ་ལ་གཅིག་པའི་ཚུལ། །ཀུན་བཏགས་འཁོར་བའི་རང་བཞིན་ནི། །གཞན་དབང་དེ་བཞིན་གཤེགས་པ་སྟེ། །ཡོངས་སུ་གྲུབ་པ་ཆོས་ཀྱི་སྐུ། །རྒྱུ་འདུན་འདོད་པས་འབྲས་བུ་འཕགས། །རང་སེམས་མངོན་སུམ་ལྷ་སྐུར་འབེབས། །རྗེས་ཀྱི་ཤེས་པ་ལྷ་སྐུར་བཏགས། །རྫོགས་པ་ཨ་ནུ་ཡོ་ག་ཡིན། །ཞེས་དང་། ཀླུ་དང་རུས་སྦལ་གཙང་བ་དང་། །ལྷས་བྱིན་དང་ནི་གཞུ་ལས་རྒྱལ། །ཅེས་དང་། ཡུལ་སེམས་རབ་ཏུ་རྟོགས་གྱུར་ན། །གང་བལྟས་ཀ་དགཔདྨ་དབང་གི་ལྷ། །ཇི་ལྟར་སྤྱོད་ཀྱང་སྐྱོན་མེད་པས། །དབང་ཆེན་ཞེས་ནི་དེ་ལ་བྱ། །ཞེས་དང་། གང་ཟག་ཉེ་ལམ་བསྒྲུབ་འདོད་པས། །གནས་ཁང་ཤིན་ཏུ་མུན་ནག་པར། །རྡོ་རྗེ་གཙུག་ཏོར་ལྷུན་གྲུབ་ལྟ་སྟངས་ཀྱིས། །ངེས་པ་ཁོ་ན་གྲུབ་པ་སྟེ། །ཞེས་དང་། དམིགས་པ་ཕྲ་བའི་རིག་པས་ནི། །གཙོ་བོའི་བསྙེན་པ་འབུམ་དུ་བྱ། །འཁོར་རྣམས་ལ་ནི་ཁྲི་ཡིན་ཏེ། །དགེ་སློང་རྡོ་རྗེ་འཛིན་པས་བྱ། །ཞེས་དང་། རྡོ་རྗེས་སྣོད་དང་ལྡན་པ་རྣམས། །དག་ཆུས་སེམས་ཀྱི་དྲི་མ་བཀྲུ། །གོས་གཙང་གོན་ལ་གཙང་ཁང་
འཇུག །རས་ཀྱི་ཡོལ་བས་བཅད་པར་བྱ། །ཞེས་དང་། སྐུད་དང་ལེགས་པ་ཚད་ལྡན་པ། །གསང་དེའི་རྡོ་རྗེ་མདུད་པས་གསུམ། །མེ་ཏོག་གཏོར་ཞིང་དཔུང་གཡོན་བཅིང་། །ཞེས་དང་། སོ་ཤིང་། བཟང་པོའི་ཕུར་བུ་དེ། །བྱིན་རླབས་ལག་གཏད་སློབ་མས་དོར། །ཞེས་དང་། ཕྱོགས་བལྟས་དཱུརྱའི་སྔགས་གདན་ལ། །ཉལ་ནས་ཇི་ལྟར་མཐོང་བ་སྨྲ། །གོང་དེའི་རྣམ་པ་བླ་མས་བཤད། །གོས་བཟང་བགོས་པའི་ཤིཥྱ་ཡིས། །ཐལ་སྦྱར་འཇུག་པར་གསོལ་བ་གདབ། །ཅེས་དང་། དགོས་པའི་ལོངས་སྤྱོད་ཚང་བ་ནི། །འབྱོར་ལྡན་ཡོ་བྱད་ཚོགས་ཡིན་ཏེ། །ཞེས་སོགས་གསུངས། འདི་ལ་དཔལ་རྡོ་རྗེ་ཕྲེང་བའི་མངོན་པར་བརྗོད་པའང་ཟེར་རོ། །ཡང་། ཁྲུ་གང་སོར་ནི་བཅུ་གཉིས་པ། །དཀར་ཞིང་ཟླུམ་པ་ཞི་བ་ལ། །ཁྲུ་དོ་ཟབས་སུ་དེ་ཕྱེད་སེར། །དམར་པོ་ཟླ་བ་ཕྱེད་པ་དབང་། །གསོད་པ་བོར་ནི་ཉི་ཤུ་པ། །གྲུ་གསུམ་ས་གཞི་ནག་པོ་བྱ། །དྲི་ཞིམ་དཀར་སེར་དམར་པོ་དང་། །དུག་དང་ཁྲག་དང་དུར་སོལ་བྱུགས། །འཁོར་ལོ་རིན་ཆེན་པདྨ་དང་། །རྒྱ་གྲམ་རིམ་པ་བཞིན་དུ་བྲི། །ཞི་བ་རྒྱས་པ་དབང་དང་དྲག །ཤར་ལྷོ་ནུབ་དང་བྱང་དུ་བསད། །དགང་གཟར་དབྱིབས་དང་ཚད་ལྡན་པ། །གྲུ་བཞི་ཟླུམ་པོ་ཟླ་གམ་དང་། །ཟུར་གསུམ་རྣམས་སུ་ལྡན་པར་བྱ། །བླུགས་གཟར་རྡོ་རྗེ་ཕྱེད་པས་མཚན། ༈ །ཚེས་གཅིག་ཞི་དང་བཅོ་
ལྔ་རྒྱས། །བཅུ་བདུན་དབང་ལ་ཉི་ཤུ་དགུ། །དྲག་པོ་སྲོད་ཞི་སྔ་དྲོ་རྒྱས། །དགོང་དབང་ཉིན་མཚན་གུང་ལ་བསད། །དབྱར་དགུན་སྟོན་དཔྱིད་དུས་ཤེས་བྱ། །དཀར་པོ་རིན་ཆེན་དམར་ནག་གོས། །གཅེར་བུ་རབ་ཏུ་བྱ་བ་དང་། །དཀར་འཇམ་དམར་དང་རོ་རས་བཏིང་། །བྱམས་དང་སྙིང་རྗེ་བཏང་སྙོམས་དགའ། །ཉ་ཕྱིས་དུང་ཕོར་རིན་ཆེན་གསེར། །ཟངས་གཞོང་ཐོད་པ་ནང་དུ་བཤམས། །བྱང་ཆུབ་སེམས་སྒོམ་རྒྱལ་རིགས་དང་། །སྨད་འཚོང་གདོལ་པའི་མེ་སྦར་ཏེ། །ཞེས་དང་། ཀུན་གཞི་རྣམ་དག་ཧོམ་ཁུང་དུ། །ཉོན་མོངས་ལྔ་ཡི་ཡམ་ཤིང་ལ། །ཡེ་ཤེས་ལྔ་ཡི་མེ་སྦར་ན། །ཡེ་ཤེས་བསོད་ནམས་ཚོགས་རྫོགས་སོ། །བྷ་ག་ཡངས་པའི་ཐབ་ཁུང་དུ། །ཕུང་པོ་ལྔ་ཡི་བདག་ཉིད་ལ། །མར་དང་གཟར་བུའི་བྱ་ཐབས་ཀྱིས། །བསྙེན་པ་ཕུལ་བའི་ལས་བྱས་ན། །ནམ་ཡང་འདུ་འབྲལ་མེད་པ་ཡིས། །གསང་བའི་སྦྱིན་སྲེག་འགྲུབ་པ་ཡིན། །ཞེས་སོ། །རྔོག་མ་ལེབ་བརྒན་གྱི་རྒྱུད་ལས། ཡེ་ནས་སྣང་སྲིད་སྣོད་དང་བཅུད། །ལྟ་བའི་གཏོར་མ་ཆེན་པོར་གནས། །ཆོས་ཅན་མཚན་མར་སྣང་བ་ཀུན། །ཡེ་ནས་ཆོས་ཉིད་མཚན་མ་མེད། །ཆོས་ཅན་ཆོས་ཉིད་དབྱེར་མེད་པ། །རྣལ་འབྱོར་དབང་ཕྱུག་ཡི་དམ་ལྷ། །ལྟ་བ་འདི་ལ་གནས་པ་ཡི། །རྣལ་འབྱོར་དབང་ཕྱུག་ཆེན་པོ་རྣམས། །ཡེ་ནས་སྣང་སྲིད་སྣོད་དང་བཅུད། །ལྟ་བའི་
གཏོར་མ་ཆེན་པོར་གནས། །ཞེས་དང་། མཚན་མ་རྫས་ཀྱི་གཏོར་མ་ཡང་། །ཕྱི་ནང་གསང་བ་དེ་ཁོ་ན། །ཞེས་དང་། །གཏོར་སྣོད་མནན་ལ་བྲོ་ཡིས་སྦྱངས། །ཞེས་དང་། ཕྱི་ཡི་རཀྟ་མཚལ་ལ་སོགས། །འབྱུང་བ་དམར་པོར་སྣང་བ་དང་། །ནང་གི་རཀྟ་སེམས་ཅན་ཀུན། །སྣ་ཚོགས་པ་ཡི་ཁྲག་རྣམས་སྦྱར། །གསང་བའི་རཀྟ་ཆེན་པོ་ནི། །འབྲས་བུ་ལྔ་བསྒྲལ་བུད་མེད་ཁྲག །དེ་ཁོ་ན་ཉིད་ཆོས་ཀྱི་དབྱིངས། །མཐར་འཛིན་ལྟ་ངན་བརླག་པར་མཛད། །དབང་ཆེན་བདེ་གཤེགས་སྤྱི་དྲིལ་པདྨ་གསང་བ་རྔོག་མ་ལེབ་བརྒན་གྱི་རྒྱུད་ཀྱི་ལེའུ་བཅུ་དྲུག་པ་ལས། སེམས་ཀྱི་རྣལ་འབྱོར་ཐོབ་པ་ཡི། །ཡན་ལག་ཅེས་སུ་བསྟན་པ་ཡང་། སོ་སོར་སྤོང་དང་བསམ་གཏན་དང་། །དབུགས་དགག་གཏོང་དང་གཟུང་བ་དང་། །རྗེས་སུ་དྲན་དང་ཏིང་འཛིན་ནི། །སྦྱོར་བ་ཡན་ལག་དྲུག་ཅེས་བྱ། །ཞེས་སོགས་ཤིན་ཏུ་ཞིབ་པ་དང་། ལེའུ་བཅུ་བཞི་པར་ས་ལམ་བགྲོད་ཚུལ་ལམ་འབྲས་དང་ལྷག་པར་མཐུན་པ་ཡོད། ༈ །ཧེ་རུ་ཀ་གལྕོའི་རྒྱུད་ལས། མཐའ་དྲུག །སྒོ་བཞི། ལུང་དགུ། སྐབས་བཅོ་བརྒྱད། །དཀྱིལ་འཁོར་དགུ། ཡོ་བྱད་གཉིས། རྒྱ་མཚོ་བཞི། ལུང་ཆེན་དགོས་པ་བཞི། སྒྲུབ་ཆེན་བདུན། སྣང་བ་གསུམ་སོགས་བསྟན། ཤེས་རབ་དང་ནི་ཏིང་ངེ་འཛིན། རྣལ་འབྱོར་ཀུན་གྱི་ཡོ་བྱད་ཡིན། །ཞེས་སོ། །རྒྱུ་ནི་ཁམས་
གསུམ་སེམས་ཅན་ལ། །ཉོན་མོངས་པ་ཡི་སྣང་བ་དང་། །ལམ་དུས་རྣལ་འབྱོར་པ་རྣམས་ལ། །ཉམས་ཀྱི་སྣང་བ་འཆར་བ་དང་། །འབྲས་བུ་བདེ་གཤེགས་སྐུ་གསུང་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོར་སྣང་། །སྣང་བ་གསུམ་གྱི་བདག་ཉིད་དུ། །ཆོས་རྣམས་མ་ལུས་འདུས་པ་ཡིན། །ཞེས་དང་། འདིར་སྐུ་རྒྱུད་སངས་རྒྱས་མཉམ་སྦྱོར། གསུང་རྒྱུད་བདེ་མཆོག་འཁོར་ལོ། ཐུགས་ཀྱི་རྒྱུད་ཧེ་རུ་ཀ་གལྕོར་བསྟན་ཏོ། ༈ །ཧེ་རུ་ཀ་འདུས་པ་ལས། ནུས་དང་ལྡན་པའི་ལྟས་ཐོབ་ནས། །རྣལ་འབྱོར་བདག་ཉིད་འཇུག་པར་བྱ། །ཞེས་དང་། སློབ་མ་དམ་ཚིག་ལྡན་པ་དེ། །ཞུགས་ནས་རང་གི་ཡེ་ཤེས་ཕབ། །ཆོ་ག་བཞིན་དུ་ནན་ཏན་བྱ། །དཀྱིལ་འཁོར་བཞི་ལ་རིམ་ཞུགས་ནས། །དབང་བཞི་རིམ་པ་བཞིན་དུ་སྦྱིན། །དེ་ནས་གང་ལ་གང་དགའ་བའི། །སྒྲུབ་པའི་གནས་ལ་སྦྱིན་པར་བྱ། །རང་རང་རྟོག་པ་ལས་བསྟན་པའི། །ཆོ་གའི་རིམ་པ་ལ་བརྟེན་ནས། །བརྩོན་འགྲུས་ཏིང་འཛིན་ལྡན་པ་ཡིས། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཞེས་དང་། ཧེ་ནི་དགྱེས་པ་ཆེན་པོ་སྟེ། །རུ་ནི་ཆགས་པ་བདེ་ཆེན་པོ། །ཀ་ནི་ཕྲིན་ལས་མཛད་པར་ཤར། །ལྟ་བ་མ་བཅོས་ཆོས་ཉིད་མཐོང་། །སྤྱོད་པ་བླང་དོར་དགག་སྒྲུབ་མེད། །ཅེས་དང་། གང་གིས་གང་ལ་གང་བསྐུར་བ། །རྒྱུད་དག་ནུས་པ་ཐོབ་ཕྱིར་དབང་། །ཞེས་དང་། སྟོང་པ་སྟོང་མིན་ཧེ་རུ་ཀ །
བདེ་ཆེན་ཆོ་འཕྲུལ་སྣ་ཚོགས་གཟུགས། །ཞི་ལ་ཞི་དང་ཁྲོ་ལ་ཁྲོ། །ཆགས་ལ་ཆགས་དང་རྨོངས་ལ་རྨོངས། །ཞེས་དང་། མ་ལུས་མཁའ་ལྟར་ཁྱབ་པའི་སེམས། །རྟག་ཏུ་རང་གི་ངོ་བོས་སྟོང་། །མཐའ་དབུས་གཞི་རྩ་ལས་འདས་པ། །ཐབས་ཆེན་གསང་སྔགས་དང་བྲལ་བའི། །ཆེ་བའི་ཆེ་བ་ཟབ་མོ་འདི། །ལུང་དང་རིགས་པ་ལ་སོགས་པའི། །རྟོག་གེའི་སྤྱོད་ཡུལ་ནམ་ཡང་མེད། །ཅེས་དང་། ཧེ་ནི་བརྡལ་ཁྱབ་སྟོང་པའི་ངང་། །རུ་ནི་གཉིས་མེད་བདེ་བ་ཆེ། །ཀ་ནི་ཅིར་ཡང་རོལ་པ་ཉིད། །ཅེས་དང་། སྐུ་ནི་སྣང་བ་ཐམས་ཅད་དེ། །གསུང་ནི་བརྗོད་པ་ཀུན་ཉིད་དོ། །དྲན་རྟོག་ཐུགས་ལ་དབྱེར་མེད་པ། །མ་ལུས་སྐུ་གསུང་ཐུགས་སུ་རྫོགས། །ཆོས་རྣམས་མ་ལུས་སེམས་ཀྱི་རང་བཞིན་ཏེ། །དེ་ཉིད་རྟོག་ཅིང་སྤྱོད་པ་ལས་འདས་པ། །ཀུན་གྱི་ཡུལ་ལས་འདས་ཤིང་བརྗོད་དཀའ་བས། །གང་དུ་མ་མཐོང་མཚོན་པའི་ཡུལ་ལས་འདས། །ཞེས་དང་། མ་སྐྱེས་གྲངས་ལས་འདས་པའི་རང་བཞིན་ལ། །རྣམ་རྟོག་གྲངས་ལས་འདས་པའི་ཕྱག་རྒྱ་ཤར། །མཁའ་ལ་གཟའ་སྐར་ཆུ་ཡི་ཆུ་བུར་ལྟར། །ཇི་ལྟར་སྣང་ཡང་སྐྱེ་བ་མེད་པར་གཅིག །ཅེས་དང་། སྐུ་གསུང་ཐུགས་ཀྱི་མཚན་མ་ཇི་སྙེད་པ། །སེམས་ཅན་མོས་པའི་ཁྱད་པར་སྣང་བ་ཡིས། །ནུས་མཐུ་བྱིན་རླབས་སོ་སོར་སྣང་བ་ཡང་། །མ་སྐྱེས་སེམས་གྱི་ངང་ལས་གཞན་མ་མཐོང་། །
ཞེས་དང་། གང་གིས་གང་ལ་ངེས་པའི་དོན་གསལ་ནས། །དམ་པ་ཡིན་པའི་རྟགས་ནི་གསལ་བར་འབྱུང་། །ཞེན་པ་ཆུང་དང་ཐ་མལ་ལས་རྒྱུན་ཆད། །གཟུངས་མ་རིགས་ཅན་འདུ་ཞིང་བྱིན་རླབས་ཆེ། །ལས་དང་བསམ་པ་འགྲུབ་ཅིང་བླང་དོར་མེད། །ཏིང་འཛིན་ཆུ་བོའི་རྒྱུན་གྱིས་ཀླུང་དུ་འཇུག །བསྔགས་པ་ཐོབ་ཅིང་རྩོད་པའི་འཇིགས་དང་བྲལ། །འདུ་ཤེས་མཚན་མ་དག་ཅིང་བྱ་བ་ཉུང་། །རང་བཞིན་དལ་W ཞིང་འདུ་བྱེད་མཚན་མ་ཕྲ། །གང་ཞིག་དམ་པའི་དོན་དེ་རྟོགས་ཕྱིར་འཆད། །རྒྱལ་བའི་སྲས་པོ་རིག་པ་འཛིན་པ་སྟེ། །འཁོར་བའི་འཇིགས་བྲལ་མྱ་ངན་འདས་སྨོན་མེད། །ཅེས་དང་། མ་བཅོས་མི་གནས་དམིགས་དང་བྲལ། །བསམ་དཔྱོད་ཡིད་འཛིན་རྟོག་ལས་འདས། །ཅིར་ཡང་འདུ་ཤེས་མི་འཇུག་པ། །དེ་བཞིན་ཉིད་ཀྱི་ཏིང་འཛིན་བསྒོམ། །སྟོང་ཉིད་ཡེ་ཤེས་རང་གསལ་བའི། །ཕྱོགས་མེད་ནམ་མཁའི་རང་བཞིན་ལྟར། །སྙིང་རྗེ་ཆེན་པོས་ཁྱབ་པ་ལ། །ཀུན་ཏུ་སྣང་བ་བསྒོམ་པར་བྱ། །གཉིས་མེད་རིག་པ་རང་སྣང་བའི། །མ་ལུས་སྐྱེ་རྒྱུ་ཧཱུྃ་བསྒོམ་བྱ། །ཞེས་སོ། །ཨོཾ་ནི་རྒྱལ་བ་ཡབ་ཡུམ་བཅུ། །རུ་ལུ་གོང་མ་ཁྲོ་མོ་བརྒྱད། །རུ་ལུ་འོག་མ་ཕྲ་མེན་བརྒྱད། །ཧཱུྃ་ནི་ཕྱག་རྒྱ་སྒོ་མ་བཞི། །བློ་ནི་བྲན་མོ་ཉི་ཤུ་བརྒྱད། །ཧཱུྃ་ནི་བྱང་ཆུབ་སེམས་ཀྱི་ངང་། །འབར་བའི་དཀྱིལ་འཁོར་མ་ལུས་པའི། །བཟླས་པ་མཆོག་ནི་འདི་
ལས་མེད། །རྒྱུད་ཕྱི་མ་ལས། ཨ་ཏི་པཱུ་ཧོཕྱག་གི་བརྡ། །པྲ་ཏིཙྪ་ཧོ་ལན་གྱི་བརྡ། །ཞེས་དང་། ཧོ་ནི་མཆོད་པ་སྟོབ་པའི་བརྡ། །ཞེས་དང་། པཱུ་ཛ་ཧོ་ནི་མཆོད་པ་སྟོབ། །ཅེས་དང་། ཕཊ་ཕཊ་སྤྲོ་བར་བསྟན་པ་སྟེ། །ཧཱུཾ་ཧཱུཾ་ཞེས་པ་བསྡུ་བའི་བརྡ། །ཞེས་དང་། ཁཱ་ཧི་གསོལ་ཅིག་ཅེས་པའི་བརྡ། །ཞེས་སོ། །མཚན་མ་བརྟན་པོ་བྱུང་བ་ན། །འཇིགས་དང་དགའ་བྲོད་ཀུན་སྤངས་ཏེ། །གླུ་དང་གར་དང་རོལ་མོ་དང་། །གཡབ་མོ་གདུང་བའི་དབྱངས་དང་བཅས། །བཤགས་དང་མཆོད་ཅིང་བསྐུལ་བ་སྟེ། །དངོས་གྲུབ་འདོད་པར་གསོལ་གདབ་ཅིང་། །དམ་ཚིག་ཏིང་འཛིན་དྲག་བསྐུལ་བ། །ཐ་མའི་དུས་སུ་ཤེས་བྱ་སྟེ། །རྫས་ནི་སྐུ་ཡི་དངོས་གྲུབ་སྟེ། །རུ་ལུ་འོད་བཅས་གསུང་གི་དོན། །དཔལ་བེའུ་སེམས་དཔའ་ཐུགས་ཀྱི་མཆོག །ཁ་ཟས་ལོངས་སྤྱོད་བདུད་རྩི་ཆེ། །ཞེས་སོ། །འཇིག་རྟེན་ལས་འདས་པའི་མདོ་ཞེས་པར་གནས་ལུང་དགོངས་པ་རང་གྲོལ་དང་མཐུན་པར་ཡོད། བམ་བརྒྱད་ལས། ནམ་མཁའི་མཚན་ཉིད་སངས་རྒྱས་ཏེ། །མཚན་ཉིད་མེད་པས་ནམ་མཁའ་འདྲའོ། །བྱ་བ་མེད་པས་གྲོལ་བ་སྟེ། །བདུད་རྩི་མཆོག་ལ་ཕྱག་འཚལ་ལོ། །ཞེས་བཤད་པར་སྣང་ངོ་། །ཤྲཱི་པརྦ་ཏར་བྲིས་པའོ།། ༈ །།བསྐྱེད་རྫོགས་ཟིན་བྲིས་དེ་ཉིད་གསལ་བའི་འགྲེལ་པར། གང་ཞེས་པ་སུ། དེ་ཞེས་པ་འདི། ཞེས་དང་།
དུས་ཀྱི་བརྟུལ་ཞུགས་ནི་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ། ༈ །དགེ་སློང་དང་སྔགས་རྒན་གཉིས་ཀྱང་ཁོར་རང་གི་ཉམས་དང་རྟོགས་པ་གཉིས་དེ་དང་དེའི་ཚུལ་དུ་བཀོད་པས་གཞན་གཤེད་ནས་འོང་བ་མ་ཡིན། ། ན་རེ་ཞེས་པ་བོད་ཀྱི་དོན། ས་སྐྱ་དབུ་མ་རང་རྒྱུད། འབྲི་གུང་རང་སྟོང་། དགེ་ལུགས་ཐལ་འགྱུར། ཇོ་ནང་གཞན་སྟོང་ཡིན་ཟེར་འདུག །འདས་རྗེས་ཐོབ་པའི་པཎ་གྲུབ་རྣམ་གསུམ་ནི། དགའ་རབ། ཤྲཱི་སེང་། འཇམ་དཔལ་ལོ། ༈ །གཞུང་ཆེན་སྡེ་ལྔ་ནི། དབུ་ཕར་འདུལ་མཛོད་རྒྱུད་སྡེ་ལྔར་ཟེར་སྲོལ་ཡོད། ༈ །ཡང་དག་པ་ནི་ཉོན་མོངས་ཀྱི་དྲི་མ་བྲལ་བས་ཟེར། ལས་མཐའ་ལས་དག་པ། རྟོག་པ་སེམས་ཉོན་མ་མོངས་པ། འཚོ་བ་ཟས་གོས་དཀོར་མ་འདྲེས་པ། ཏིང་འཛིན་བསྐྱེད་རིམ། ལྟ་བ་སེམས་ཉིད། རྩོལ་བ་བརྩོན་འགྲུས། ༈ །དབང་སྒྲུབ་གཞི་ལས། བསྐྱེད་རིམ་སྒྲུབ་ཐབས་ཆོས། རྫོགས་རིམ་སྒྲུབ་བྱེད་དམ་རྒྱུད། སྒྲུབ་འབྲས་ཕྱག་ཆེན་དང་སྦྱར་ཟེར་བ་སྣང་། ༈ །དེ་བཞིན་ཉིད་ནི་རང་གི་སེམས་ཉིད་བསམ་གྱིས་མི་ཁྱབ་པ་ལ་ལྟ་བ། ཀུན་སྣང་ནི་དེ་ལྟར་མ་རྟོགས་པ་ལ་སྒྱུ་མ་ལྟ་བུའི་སྙིང་རྗེ་བསྐྱེད་པ། རྒྱུ་ཡི་ཏིང་འཛིན་ནི་དེ་གཉིས་ཡ་མ་བྲལ་བའི་ངང་ཡི་གེ་ཧཱུཾ་ཧཱིཝལ་སོགས་པ་བསྒོམ་པ། ༈ །བསྐྱེད་རིམ་རྒྱས་པའི་ཕྱོགས་ལ་སྦྱང་བྱ་སྒང་སྐྱེས། སྦྱོང་བྱེད་བདག་སྲས་ལྔ་ནི། རྒྱུ་ཡི་ས་བོན་ཧཱུཾ་ཧཱིསོགས་
ལས་གཙོ་བོ་ཡབ་ཡུམ་བསྐྱེད་པ། ཕྱོགས་བཅུའི་སངས་རྒྱས་སྲས་བཅས་ཡུམ་མཁར་བཀུག་པ། སེམས་ཅན་རྣམས་བཀུག་ནས་སྒྲིབ་པ་སྦྱོང་བ། འཁོར་འདས་གཉིས་སུ་མེད་པར་ཆེ་བ་བསྐྱེད་པ། དཀྱིལ་འཁོར་ལྷ་ཚོགས་མཁའ་ནས་བཏོན་ཏེ་གདན་ལ་འགོད་པ་ལྔའོ། །གཞན་སྲས་བརྒྱད་ནི། གཙོ་བོ་ཡབ་ཡུམ་འོད་དུ་ཞུ་ནས་ས་བོན་དུ་གྱུར་པ། དེ་ཉིད་འབྲས་བུའི་རྡོ་རྗེ་འཛིན་པ་ཡབ་ཡུམ་གྱི་སྐུར་བཞེངས་ པ། ཡབ་ཀྱི་རྟོག་ཚོགས་ཡི་གེའི་རྣམ་པར་འགོད་པ། ཡུམ་གྱིས་ཡབ་ལ་ཐུགས་རྗེའི་དཀྱིལ་འཁོར་སྤྲོ་བར་གསོལ་བ་གདབ་པ། སྔ་མ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་པ་རྣམས་སྐབས་འདིར་རང་ལ་བསྟིམ་ཞིང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ང་རྒྱལ་ལ་གནས་པ། དེ་མ་ཐག་ཡབ་ཡུམ་གཉིས་བདེ་སྟོང་གཉིས་སུ་མེད་པར་སྦྱོར་བ་བྱས་པས་ཡུམ་མཁར་དཀྱིལ་འཁོར་བསྐྱེད་པ། རྟོག་ཚོགས་ལྷར་གྱུར་ཡུམ་མཁའ་ནས་ཕྱིར་འདོན་ཅིང་ཕྱི་རོལ་གྱི་གདན་ལ་འགོད་པ། ཡེ་ཤེས་པ་སྤྱན་དྲངས་ཤིང་དབང་བསྐུར་རྒྱས་གདབ་པ་རྣམས་སོ། ༈ །འབྲིང་པོར་མངལ་སྐྱེས་ཀྱི་བག་ཆགས་སྦྱང་བྱ། སྦྱོང་བྱེད་མངོན་བྱང་ལྔ་ནི། མངོན་བྱང་དང་པོ་ཟླ་བ། གཉིས་པ་ཉི་མ། གསུམ་པ་ས་བོན་ཕྱག་མཚན། བཞི་པ་འོད་ཀྱི་གོང་བུར་གྱུར་པ། ལྔ་པ་སྐུ་ཡོངས་རྫོགས་སོ། །ཡང་བཞི་ནི། དང་པོ་སྟོང་པ་བྱང་ཆུབ་སེམས། །གཉིས་པ་ས་བོན་
འབྱུང་བ་སྟེ། །གསུམ་པ་ལ་ནི་གཟུགས་རྫོགས་པ། །བཞི་པ་ལ་ནི་ཡི་གེ་དགོད། །ཅེས་སོ། །ཆོ་ག་གསུམ་ནི། ཐུགས་རྡོ་རྗེའི་ངོ་བོ་ཕྱག་མཚན་བསྒོམ་པའི་ཆོ་གས་རང་སེམས་ཐུགས་རྡོ་རྗེར་དག །དེ་གནས་འགྱུར་ནས་ཧཱུཾ་ཡིག་སོགས་སུ་བསྒོམས་པས་གསུང་རྡོ་རྗེར་རྫོགས། དེ་ལས་འོད་འཕྲོས་དོན་གཉིས་བྱས་ནས་ལྷ་སྐུར་བསྒོམས་པས་ལུས་ལྷ་སྐུ་རྡོ་རྗེར་སྨིན་པའོ། ༈ །སྦྱང་བྱ་དྲོད་གཤེར་སྐྱེས་མ་བསྡུས་པ་དང་། རྫུས་སྐྱེས་ལ་ཤིན་ཏུ་བསྡུས་པ་རྣམས་ནི་གཞུང་ནས་བཤད་མ་ཐག་པའོ། ༈ །དངོས་གཞི་བདུན་ཡང་ལྔ་པ་ཡན་ཆད་ཏིང་འཛིན་ཉམས་ལྔ་སྐྱེ་ཐབས་ཡིན་པས་སྔོན་དུ་འགྲོ་བ་ཡིན། གསལ་བརྟན་ཚད་བརྒྱད་ལས། དང་པོ་བཞི་ནི། ལྷར་སྣང་འགག་པ་མེད་པའི་སལ་ལེ། སྣང་དུས་དམིགས་པ་མཚན་མས་མ་བཅིངས་པའི་སང་ངེ་། སྣང་སྟོང་དབྱེར་མེད་ཀྱི་ཡིན་ལུགས་རང་བབས་སུ་ཤར་བའི་ལྷག་གེ །སོ་སོར་རྟོག་པའི་རིག་པའི་ཡེ་ཤེས་ཀྱི་ངོ་ན་མངོན་སུམ་པས་ལྷང་ངེའོ། །གཉིས་པ་བཞི་ནི། གང་ལྟར་བསྒྱུར་ཡང་དེ་ལྟར་བསྒོམ་དུ་བཏུབ་པས་ཅིར་ཡང་བསྒྱུར་དུ་བཏུབ་པའོ། །ཞེས་སྣང་ངོ་།། ༈ །།བཤགས་རྒྱུད་ལས། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་སྟོན་པར་བྱེད་པ་དང་། ལམ་ཉམས་སུ་ལེན་པའི་གདམས་ངག་སྟོན་པར་བྱེད་པ་དང་། འབྲས་བུ་མངོན་དུ་གྱུར་པའི་དོན་སྟོན་པར་བྱེད་པའོ། །ཞེས་དང་། །
ཀུན་གཞི་རྒྱུའི་རྒྱུད་དང་། ལམ་ཐབས་ཀྱི་རྒྱུད་དང་། ཕྱག་རྒྱ་ཆེན་པོ་འབྲས་བུའི་རྒྱུད། ཅེས་དང་། གྲོལ་ལམ་ལྟ་བའི་བཤགས་པ་དང་། ཐབས་ལམ་དབང་གི་བཤགས་པར་དབང་བཞིའི་ལམ་རྒྱས་པར་བསྟན། སྒྱུ་འཕྲུལ་དྲྭ་བའི་བཤད་སྲོལ་གྱི་ཐབས་གྲོལ་དང་། གཞན་གྱི་ཐབས་གྲོལ་བཤད་སྲོལ་མི་མཚུངས།། ༈ །།ཨོཾ་སྭ་སྟི། རྒྱུད་རིག་པ་རང་ཤར་ལས། འཇུག་པའི་སྒོ་ནི་བདེན་པ་རྣམ་པ་བཞི། །ཉན་ཐོས་སྤྱི་ཡི་འཇུག་སྒོའོ། །ཞེས་དང་། རང་རྒྱལ་མདོ་སྡེའི་གྲུབ་མཐའ་ནི། འཇུག་པའི་སྒོ་ནི་རྟེན་འབྲེལ་བཅུ་གཉིས་སོ། །རྟོགས་པའི་ལྟ་བ་གང་ཟག་བདག་མེད་ཆོས་ལ་བདག་ཡོད་ལྟ། །ཞེས་དང་། བྱང་ཆུབ་སེམས་དཔའི་ཐེག་པ་ནི། །འཇུག་པའི་སྒོ་ནི་རྣམ་པ་གཉིས། །དོན་དམ་དང་ནི་ཀུན་རྫོབ་བོ། །ཞེས་དང་།། ༈ །།ཀུན་རྫོབ་རྣམ་པ་གཉིས་སུ་འདོད། །ལོག་པ་དང་ནི་ཡང་དག་གོ །ཞེས་དང་། དོན་དམ་ལ་ཡང་རྣམ་པ་གཉིས། །མཚན་མ་ཚིག་གི་དོན་དམ་དང་། །ཡང་དག་སེམས་ཀྱི་དོན་དམ་མོ། །ཞེས་དང་། ཀྲྀ་ཡའི་ཐེག་པའི་གྲུབ་མཐའ་ནི། །འཇུག་པའི་སྒོ་ནི་རྣམ་པ་གསུམ། །ཁྲུས་དང་གཙང་སྦྲས་ སྨྱུ འཇུག་པའོ། །ཞེས་དང་། དག་པ་རྣམ་གསུམ་གང་ཞེ་ན། །ལྷ་དང་དཀྱིལ་འཁོར་དག་པ་དང་། །རྫས་དང་ཡོ་བྱད་དག་པ་དང་། །སྔགས་དང་ཏིང་འཛིན་དག་པའོ། །ཞེས་དང་། བྱང་ཆུབ་ལྔ་པོ་འདི་སུ མ་བརྒྱ་ཉེར་ལྔ་
ལྟ་སྟེ། །གདན་གྱི་སྒོ་ནས་བྱང་ཆུབ་དང་། །སྐུ་ཡི་སྒོ་ནས་བྱང་ཆུབ་དང་། །ཕྱག་མཚན་སྒོ་ནས་བྱང་ཆུབ་དང་། །བསྐྱེད་པའི་སྒོ་ནས་བྱང་ཆུབ་དང་། །ཡིག་འབྲུའི་སྒོ་ནས་བྱང་ཆུབ་བོ། །དེ་ལྟར་བྱང་ཆུབ་རྣམ་ལྔ་སྤྱོད། །ཅེས་དང་། ལྟ་དང་རྣལ་འབྱོར་དག་པ་གཉིས། །རྗེ་དང་འབངས་ཀྱི་ཚུལ་དུ་བལྟ། །ཞེས་དང་། ཨུ་པ་ལ་ཡི་ལྟ་བ་ནི། །ལྟ་བ་ཡོ་གར་ལྟ་བ་ལ། །སྤྱོད་པ་ཀྲི་ཡར་སྤྱོད་པའོ། །དེ་ཕྱིར་གཉིས་ཀའི་ རྒྱུད་ཅེས་གྲགས། །ཞེས་དང་། མ་ཧཱ་ཡོ་གའི་གྲུབ་མཐའ་འདི་ལྟ་སྟེ། །འཇུག་པའི་སྒོ་ནི་ཏིང་འཛིན་རྣམ་པ་གསུམ། །ཞེས་སོགས་དང་། ལུང་ཆེན་ཨ་ནུའི་ཐེག་པ་ནི། །དབྱིངས་དང་ཡེ་ཤེས་རྣམ་པ་གཉིས། །འདུ་འབྲལ་མེད་པའི་རྡོ་རྗེར་འདོད། །ཅེས་དང་། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །གཅིག་རྫོགས་ལྟ་བ་ཕྱིན་ཅི་མ་ལོག་པ། མ་རིག་པ་མེད། གཉིས་རྫོགས་རིག་པའི་སྐུ། ཐམས་ཅད་རྫོགས། དབྱིབས། །གཅིག་སྒྲོན་མ། འབྱུང་གཉིས་ཤེས་རབ། འབྱུང་ཐམས་ཅད་ཡེ་ཤེས། འབྱུང་། །གཅིག་སྐྱེ་སྟོང་ཉིད། གཉིས་སྐྱེ་དབྱིངས་ཡེ་ཤེས། ཐམས་ཅད་སྐྱེ། །གཅིག་མེད་མ་རིག་པ་གཉིས་མེད་སེམས་དང་ཡིད་ཐམས་ཅད་ཉོན་མོངས་པ། མེད། །ཞེས་གསུངས་སོ། ༈ །རང་ཤར་ལས་འོད་ཀྱི་སྐུ་རྣམ་པར་དག་པ། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་བ་ཉིད་ལ་ལྟ་རྒྱུ་མེད། །ལྟ་བ་སེམས་ཀྱི་དྲི་མ་ཡིན། དྲི་མེད་དག་པའི་ཆོས་ཉིད་ལ། །བལྟ་བྱ་ལྟ་བྱེད་གཉིས་
དང་བྲལ། །ཞེས་དང་། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །བསྒོམ་པའི་ཆོས་ཉིད་དག་ལ་ཡོད། །བཏང་དང་བཞག་པ་མེད་པའི་ཆོས། །བསྒོམ་དང་མ་བསྒོམ་མཐའ་ལས་གྲོལ། །འཛིན་མེད་སེམས་ཀྱི་དྲི་མས་བཅིངས། །ཡང་དག་རིག་ལ་དྲི་མ་མེད། །དྲི་མེད་དག་པའི་ཆོས་སྐུ་ལ། །བསྒོམ་དང་བསྒོམ་པར་བྱ་བ་མེད། །ཅེས་དང་། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །འབྲས་བུ་བསྒྲུབ་ཏུ་མེད་པར་གསུངས། །འབྲས་བུར་བྱར་མེད་རང་བྱུང་ཉིད། །རྟོགས་མེད་ལ་ལ་དེ་བཞིན་གཤེགས། །ཞེས་གསུངས་འབྱུང་བ་ལྔ་༡༩ལས་མ་གྲུབ་པའི། །སྐྱེ་འགྲོ་སེམས་ཅན་གཅིག་ཀྱང་མེད། །ཅེས་དང་། ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །འབྱུང་བ་ལྔ་ཡི་དབྱིངས་སུ་བསྐྱོད། །ཅེས་དང་། རླུང་རྣམ་པ་ལྔ་ཡིས་ལེའུ༢༠བར། ཡེ་ཤེས་ཀྱི་མདངས་བྱེད་དོ། །མེ་རྣམ་པ་ལྔ་ཡིས་ཡེ་ཤེས་ཀྱི་རྩལ་བྱེད་དོ། །ས་རྣམ་པ་ལྔ་ཡིས་ཡེ་ཤེས་ཀྱི་ ངོ་བོ་བྱེད་དོ། །ཆུ་རྣམ་པ་ལྔ་ཡིས་ཡེ་ཤེས་ཀྱི་ཡུལ་བྱེད་དོ། །ནམ་མཁའ་རྣམ་ལྔ་ཡིས་ཡེ་ཤེས་ཀྱི་གནས་བྱེད་དོ། །ཞེས་སོགས་ནང་གི་འབྱུང་བ་ཉི་ཤུ་རྩ་ལྔ་རྒྱས་པར་བཤད་དོ། །དེས་ན་འདི་ནས་ཤར་གྱི་ཕྱོགས་ན་མངོན་པར་དགའ་བ་ཞེས་བྱ་བའི་ཞིང་ཁམས་ཡོད་དོ། །དེ་ནི་ས་རྣམ་པར་དག་པར། གསང་སྙིང་གི་ལེའུ་དང་པོར། བཙུན་མོ་དམ་པ་སྣང་བའི་དབྱིངས་དང་། སྲ་བའི་དབྱིངས་དང་། མཉེན་པའི་དབྱིངས་དང་།
དྲོ་བའི་དབྱིངས་དང་། བསྐྱོད་པའི་དབྱིངས་ལ་སོགས་པ། གཉིས་པར། སངས་རྒྱས་སྤྱན་དང་མ་མ་ཀཱི། །སོགས་སོ།། ༈ །།ཀུན་བྱེད་རྒྱལ་པོ་ལས། སེམས་ཉིད་ཆེན་པོ་རང་སེམས་གྲུབ་འདོད་ན། །འདོད་པ་མེད་པས་གྲུབ་པ་ཡིན་པའི་ཕྱིར། །རྟོག་མེད་མཉམ་པ་ཉིད་ལ་གནས་མི་བྱེད། །བླང་དང་དོར་མེད་ཡུལ་ལ་རང་བཞིན་གནས། །གཡོས་པ་མེད་པའི་ངང་ལ་ངང་གིས་གནས། །སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཉིད་དུ་འགྲུབ། །ཇི་བཞིན་པ་ལ་འཆོས་པར་མ་བྱེད་ཅིག །ཅེས་སོགས་གསུངས། ཀུན་འདུས་རིག་པའི་མདོ་ལས། འཁོར་བ་རྒྱ་མཚོའི་ཡོ་བྱད་རྣམས། །མཆོད་པ་རྒྱ་མཚོའི་རང་བཞིན་ཏེ། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་རྒྱུན་མི་འཆད། །ཅེས་དང་། དངོས་པོ་བརྟན་གཡོ་ལ་སོགས་པའི། །སྒྲ་སྐད་བསམ་གྱིས་མི་ཁྱབ་པ། །ཀུན་ཀྱང་གསང་སྔགས་གསང་བའི་ཚིག །བཟླས་བརྗོད་རྒྱ་མཚོ་རྒྱུན་མི་འཆད། །ཅེས་དང་། རྔམས་གློག་ལས། གནས་དེར་བསོད་ནམས་གཏེར་ལྡན་ཕྱིར། །རིན་ཆེན་ལྔ་དང་སྨན་ལྔ་དང་། །སྤོས་ལྔ་འབྲུ་ལྔ་སྙིང་པོ་ལྔ། །གཱའུའི་ནང་དུ་བླུགས་ནས་སུ། །ས་གཞི་གཏེར་དང་ལྡན་པར་བྱ། །ཞེས་དང་། ནམ་མཁའི་དབྱིངས་ཀྱི་དབུས་སུ་ནི། །པདྨ་འདབ་མ་བརྒྱད་པ་བསྒོམ། །དབུས་སུ་ཁྲོ་བོ་སྟོབས་པོ་ཆེ། །འདབ་མ་ལ་
ནི་ཀླུ་བརྒྱད་པོ། །བསྒོམ་མམ་ཡང་ན་བྲིས་ཀྱང་རུང་། །ཁྲོ་བོའི་ཞབས་ཀྱི་མཐིལ་གྱིས་ནི། །ཀླུ་རྣམས་རབ་ཏུ་མནན་ནས་སུ། །ཧཱུཾ་གཉིས་བར་དུ་ཀླུ་རྣམས་ཀྱི། །སྙིང་པོ་སྤེལ་ཞིང་གཟིར་ནས་སུ། །ཀླུ་རྣམས་གནས་པའི་ས་ཕྱོགས་སུ། །ཧཱུྃ་ཞེས་བྱ་བ་བཟླས་བརྗོད་བྱ། །ཁྲོ་བོས་མནན་པའི་ཀླུ་རྣམས་ཀྱི། །ཁ་ནས་ཆར་པ་སྐྱུགས་པར་བསམ། །འཇིགས་དུས་ལྟ་བུའི་ཆར་པའང་འབབ། །ཅེས་སོ། ༈ །རྡོ་རྗེ་བཀོད་པ་ཀུན་འདུས་རིག་པའི་རྒྱུད་ལས། །བསོད་ནམས་མཆོག་ལྡན་གཟུགས་ཀྱི་སྐུ། །རྣམ་སྨིན་ཚུལ་གྱིས་འགྲུབ་མི་བལྟ། །བཙལ་ནས་ཐོབ་པར་མི་བྱེད་དེ། །རྒྱུ་ཡི་དུས་ཉིད་འབྲས་བུའི་མཆོག ། ཅེས་དང་། །བཀྲ་ཤིས་ལྷ་ཡི་ཉི་མ་དང་། །འབྱོར་དང་དུས་ཚིགས་བཟང་པོ་རྣམས། །འཇིག་རྟེན་མཚན་མའི་རྟོག་པ་སྟེ། །བརྟགས་ན་བཀྲ་ཤིས་མཚན་མ་འབྱུང་། །ཞེས་དང་། དེར་ནི་བསོད་ནམས་གཏེར་ལྡན་ཕྱིར། །རིན་ཆེན་ལྔ་ལ་སོགས་པའི་རྫས། །ས་གཞི་གཏེར་ཆེན་རྒྱས་པར་བྱ། །བཀྲ་ཤིས་མཆོག་ཏུ་བསྔགས་པ་ཡིན། །ཅེས་དང་། བཀྲ་ཤིས་ཆེན་པོའི་བུམ་པ་ནི། །བདེ་གཤེགས་བཞུགས་པའི་ཕོ་བྲང་སྟེ། །དཀྱིལ་འཁོར་རྫོགས་པར་གྱུར་པ་ཡི། །དབང་ཆེན་དེ་ལ་སྦྱིན་པར་བྱ། །ཞེས་དང་། དགའ་བ་བྱང་ཆུབ་སེམས་ཆེན་པོ། །ཀུན་ཏུ་ཚིམ་པར་བྱེད་པ་ཡི། །དཀར་དམར་ལྷག་པའི་བྱང་ཆུབ་སེམས། །
དབང་ཐོབ་དེ་ཡི་ལྕེ་ལ་བཞག །ཅེས་དང་། བཙལ་མེད་བྱང་ཆུབ་སེམས་ཆེན་པོ། །ཤེས་རབ་ཆེན་པོའི་རྩལ་གྱིས་ནི། །ཆོས་ཀུན་སྒྱུ་མར་དབང་བསྒྱུར་ནས། །རྩལ་ཆེན་རྫོགས་པའི་དབང་ཡིན་པས། །ཞེས་དང་། ༈ །རྡོ་རྗེ་བཀོད་པའི་རྒྱུད་རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པའི་མདོ་ལས། །རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང་། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས། །སྤྱན་རས་གཟིགས་སྤྲུལ་ཧཱུྃལས་རྔམས་ཆེན་སྟོན། །ངག་གི་དབང་ཕྱུག་རྟ་གདོང་ཞལ་གྱིས་གནོན། །ཅེས་དང་། མྱ་ངན་འདས་པར་གྱུར་པ། །མེད་པ་ལས་བྱུང་སྐུ་གདུང་ནི། །སྐུ་ཡི་གདུང་དང་རིང་བསྲེལ་ཞེས། །འགྲོ་བའི་ བསོད་ནམས་རྟེན་དུ་གྲགས། །ཞེས་དང་། ཙ་ན་ཀ་ཡི་འབྲུ་ལྟ་བུ། །དཀར་ལ་ཙན་དམར་ཁ་དོག་གསལ། །ཟོས་པ་ཡོན་ཏན་བསམ་མི་ཁྱབ། །བདུད་རྩི་སྨན་གྱི་མཆོག་ཏུ་གྲགས། །ཞེས་དང་། དེ་བཞིན་རིག་འཛིན་སེམས་དཔའ་དང་། །མི་ཡི་ལུས་སུ་སྤྲུལ་པ་དང་། །གང་ཟག་ས་པ་ཆོས་མིག་ལྡན། །བསོད་ནམས་དཔལ་ཞིང་དག་པ་དག །སྡོང་བུ་སྙིང་པོར་སྦྱངས་ཕྱི་ན། །སྐལ་བ་ཅན་ལ་སྣང་བ་ནི། །ལ་ལ་དག་ལ་ཤྭ་རི་རམ། །ལ་ལ་དག་ལ་རིང་བསྲེལ་སྐུ། །ཞེས་སོགས་དང་། སེམས་ཅན་རྣམ་པ་ཐམས་ཅད་ལ། །བྱང་ཆུབ་སྙིང་པོ་ཡོད་པའི་ཕྱིར། །མེ་ཡི་ལས་ཀྱི་བྱ་བ་ཡིས། །ལྔ་ཕུང་སྦྱངས་ན་མེད་མི་སྲིད། །
འདི་དག་བསྒྲུབ་པར་བྱ་བ་ཡང་། །ཤེལ་ཀྱི་ཟ་མ་ཏོག་ནང་དུ། །བསྡུས་ཏེ་ཕྱག་རྒྱའི་རྒྱས་བཏབ་ནས། །ཤེལ་གྱི་གྲྭའུའི་ནང་དུ་བཅའ། །བསྒྲུབས་པས་དེ་ལ་སྨོན་ལམ་དང་། །སྒྲིབ་སྦྱངས་གསོ་ལ་འཕྲོ་འདུ་བྱ། །འཕྲོ་འདུ་བྱ་བའི་ཆོ་ག་ཡང་། །ནམ་མཁར་གང་བའི་ཤྭ་རི་རམ། །ཞིང་ཁམས་གང་བའི་རྒྱལ་བ་ལས། །ཆར་གྱི་རྒྱུན་བཞིན་དེ་ལ་བབས། །རྩེ་གཅིག་བཟླས་པ་གསུང་གི་རྒྱུན། །མ་ཧཱ་ཤཱ་རི་རཾ་བི་ཡེ་ཧཱུཾ། གྲངས་མེད་བར་ཆད་མེད་པར་བཟླས། །མཆོག་ཏུ་གསལ་ཞིང་འཚེར་བ་དང་། །འོད་ཀྱི་ཟེར་ཕྲེང་ཉི་ཟེར་བཞིན། །ཟང་ཟིང་བྲ་ཕྲེང་སྣང་བར་འགྱུར། །ཟ་མ་ཏོག་གི་ཕྱི་རོལ་ན། །གསལ་བ་དེ་ལ་འབྱུང་བར་འགྱུར། །འགུལ་ཞིང་མང་པོར་འཕེལ་བ་དང་། །རྒྱལ་བ་སེམས་དཔའ་རིག་འཛིན་གྱི། །གཟུགས་བརྙན་ཤེས་དང་དེ་ལས་ནི། །གསལ་བར་བདག་ལ་སྟོན་པར་འགྱུར། །དང་པོ་སྣོད་དེ་ཁེངས་པ་ཡིན། །གཉིས་པ་ཕྱེད་དམ་བརྒྱ་རྩ་བརྒྱད། །ཐ་མའང་གྲངས་འགས་འཕེལ་བར་འགྱུར། །དེ་དག་གྲུབ་པ་རྟགས་ཆེན་ཏེ། །དེ་ཚེ་དངོས་གྲུབ་བླང་བར་བྱ། །ཐོབ་པའི་ཡོན་ཏན་བསམ་མི་ཁྱབ། །ཚེ་འདིར་རིག་འཛིན་ས་ལ་གནས། །རྒྱལ་བ་དག་དང་མཉམ་པར་འགྱུར། །ཞེས་སོ། །གཞན་ཡང་དེས་གཞན་དོན་བྱེད་ཚུལ་དང་། དེ་ལ་མཆོད་ཚུལ་སོགས་རྒྱ་ཆེར་གསུངས་སོ། །ཞར་ལས་བྱུང་བའི་ཡོན་ཏན་ཡང་། །འགྲོ་བ་ཀུན་གྱི་དོན་
སྤྱོད་པ། །སེམས་དཔའ་ཆེ་ལྟར་འགྲུབ་པར་འགྱུར། །ཞེས་དང་། དེ་ལ་ཀུན་གྱི་རང་བཞིན་དེ་ཉིད་འདུས། །དེ་ལ་བསམ་མེད་དམིགས་མེད་དེར་བཞག་ན། །ཅིར་སྣང་ཅིར་སྲིད་མཚན་མེད་དེ་གཅིག་པས། །སྐྱེ་འགག་མེད་པའི་དེ་ཉིད་ཡེ་སངས་རྒྱས། །ཞེས་དང་། དེ་ལ་ཚིག་ཏུ་གང་བརྗོད་པ། །ནམ་མཁའ་དག་ལ་རྩོད་པ་འདྲ། །ཚིག་ཏུ་སྨན་དང་དཔྱད་བཤད་ཀྱང་། །ནད་པའི་ཚོགས་ལ་མི་སྨན་ནོ། །ཞེས་དང་། རང་བྱུང་གདོད་ནས་དག་པ་སྟེ། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་ཕྱིར། །དུག་ལྔ་སེལ་པའི་བདུད་རྩིའི་ཆོག །ཅེས་དང་། དབུས་སུ་མཆི་སྐལ་མི་ལྡན་གྱི། །འབར་བའི་དཀྱིལ་འཁོར་མཐའ་ལ་ཞོག །ཕུད་ལ་འཚལ་སྐལ་མི་ལྡན་གྱི། །ལྷག་མ་ཞལ་ཆབ་སྔོན་ལ་ཞུ།། ༈ །།ཀུན་བཟང་དགོངས་པ་ཟང་ཐལ་གྱི་སྐོར་ནས་ལུང་དྲངས་འགའ་ཞིག་བཞུགས། །རྫོགས་ཆེན་དགོངས་པ་ཟང་ཐལ་གྱི་ཆོས་སྡེ་གསང་སྔགས་ཀྱི་བསྟན་པ་གསུམ་གྱི་ཆོས་འབྱུང་ཞུས་ལན་ལས། དེའི་ཚེ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། སྣ་ནམ་རྡོ་རྗེ་བདུད་འཇོམས། ལྷ་སྲས་མུ་ཁྲི་བཙད་པོ་གསུམ་གྱིས་འདི་སྐད་ཅེས་ཞུས་སོ༔ ཀྱེ༔ སློབ་དཔོན་ཆེན་པོ་སྤྲུལ་པའི་སྐུ༔ སངས་རྒྱས་ཀུན་གྱིས་གདུང་འཛིན་པའི༔ དུས་གསུམ་མ་འགགས་ས་ལེར་གཟིགས༔
ཐུགས་རྗེའི་སྤྲུལ་པ་ཁྱེད་ལ་བསྟོད༔ ཞེས་གདུང་བའི་ཤུགས་ཀྱིས་གསོལ་བ་བཏབ་སྟེ་ཞུས་པ༔ ཀྱེ་རིག་འཛིན་ཆེན་པོ༔ སངས་རྒྱས་ཤཱཀྱ་ཐུབ་པའི་ཐུགས་ཀྱི་གདུལ་བྱ༔ གསང་སྔགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ལ༔ བཀའ་དྲང་པོར་ལམ་དུ་གནས༔ བཀའ་ཉམས་པར་བྱེད་པའི་གང་ཟག་ཅི་ལྟ་བུ་གཅིག་འབྱུང་༔ ཐོག་མའི་གསང་སྔགས་འདི་ལམ་ཉེ་རིང་ཇི་ལྟར་ལགས༔ གསང་སྔགས་ཀྱི་བཀའ་བསླད་པའི་སེམས་ཅན་མཐར་ཅི་ལྟ་བུར་འགྱུར་ལགས༔ ཞེས་ཞུས་སོ༔ བཀའ་སྩལ་པ༔ གསང་སྔགས་ཀྱི་བསྟན་པ་འདི་བོད་ཁ་བ་ཅན་གྱི་ཡུལ་དུ་བཀའ་དྲང་པོར་མི་ལོ་ལྔ་བརྒྱ་དང་བདུན་གནས་སོ༔ དེ་ནས་བདུད་ཀྱི་དམོད་པ་དར་བའི་ལས་དབང་གིས༔ རྒྱུའི་ཆོས་སྤྱོད་པའི་དགེ་སློང་དང་༔ དགེ་ཚུལ་གྱི་ཆས་སུ་ཞུགས་ཏེ༔ གསང་སྔགས་ཀྱི་ཆོས་བསྟན་པ་ལ་སྨད་པར་འགྱུར་རོ༔ གཞོག་འཕྱས་དང་། ལྐོག་ཆོས་དང་༔ དངོས་སུ་རྩོད་པར་འགྱུར་རོ༔ དེ་ནས་རིམ་གྱིས་འཕེལ་ནས་རྒྱལ་ཁམས་ཀུན་ཏུ་ཁྱབ་པ་དང་༔ བོད་སྤྲེའུ་གདོང་དམར་གྱི་བུ་ཡིན་ཏེ༔ ཁོང་ཅོལ་ཆུང་བས༔ བཀའ་རྒྱུད་ལུང་གསུམ་དཀྲུགས་ཏེ གོང་གི་འོག་ཏུ་བཅུག འོག་གི་གོང་དུ་བཏོན༔ ཐེག་པ་གོང་འོག་བསྲེས༔ བཀའ་བབས་འཆོལ་དུ་བཅུག གསང་སྔགས་ཀྱི་བཀའི་བྱིན་རླབས་ཉམས་ཏེ༔ བསྟན་པ་ཉམས་དམའ་བར་འགྱུར་རོ༔ གསང་སྔགས་ཀྱི་
བསྟན་པ་འདིའི་མཚན་ཉིད་ནི༔ ཀུན་ཏུ་བཟང་པོའི་དགོངས་པ་ཡོངས་སུ་བརྡོལ་བ༔ རྒྱུད་ལུང་མན་ངག་གསུམ་ཞེས་བྱའོ༔ འདིའི་རྒྱུད་ཀྱི་ཆོས་ཐམས་ཅད་བཀའ་དྲང་པོར་ཉམས་སུ་བླངས་ན་མི་ཚེ་གཅིག་གིས་སངས་རྒྱས་པར་འགྱུར་རོ༔ ལུང་གི་ཆོས་བཀའ་དྲང་པོར་ཉམས་སུ་བླངས་ན༔ ཟླ་བ་དྲུག་གིས་སངས་རྒྱས་པར་འགྱུར་རོ༔ མན་ངག་གི་ཆོས་དྲང་པོར་ཉམས་སུ་བླངས་ན༔ ནང་རྟོགས་ན་ནང་སངས་རྒྱས༔ ནུབ་རྟོགས་ན་ནུབ་སངས་རྒྱས་སོ༔ གསང་སྔགས་ཀྱི་བཀའ་སྨོད་པའི་སེམས་ཅན་ནི༔ རྒྱུད་མ་ཧཱ་ཡོ་གའི་ཆོས་ལ་སྨོད་ན༔ བསྐལ་པ་གསུམ་ལྕེ་ལ་ཞིང་རྨོ་བའི་སེམས་ཅན་དམྱལ་བར་སྐྱེའོ༔ ལུང་ཨ་ནུ་ཡོ་གའི་ཆོས་ལ་སྨོད་ན༔ བསྐལ་པ་ཆེན་པོ་བདུན་ཁོག་པ་ཁྲོ་ཆུ་ཁོལ་མས་བསྲེགས་པའི་དམྱལ་བར་སྐྱེའོ༔ མན་ངག་རྫོགས་པ་ཆེན་པོའི་ཆོས་ལ་སྨོད་ན༔ ཚ་བའི་དམྱལ་བར་སྐྱེ༔ བསྐལ་པ་བཅུ་དྲུག་ཏུ་ལས་མྱོང་བས༔ དེ་འཁོར་བ་ཁ་བརྒྱུད་པ་ལས༔ འབྲས་བུ་ཐར་པ་ཐོབ་པའི་སྐལ་པ་གཏན་ནས་བརླག་ནས་མེད་དོ༔ ཞེས་གསུངས་སོ༔ ཡང་ཞུས་བ༔ ཀྱེ༔ རིག་འཛིན་ཆེན་པོ་སྤྲུལ་པའི་སྐུ༔ གསང་སྔགས་ཀྱི་བསྟན་པ་བར་མ་དེ༔ བོད་ཁ་བ་ཅན་གྱི་ཡུལ་དུ་བཀའ་དྲང་པོར་ལོ་དུ་ཙམ་གནས༔ དེ་ནས་གང་ཟག་ཅི་ལྟ་བུས་བསླད་པར་འགྱུར༔ གསང་སྔགས་དེའི་མཚན་ཇི་ལྟར་གྲགསཿ དེའི་ཡོན་ཏན་ཅི་ལྟ་བུ་མཆིས༔ སྨོད་
པའི་སེམས་ཅན་དེ་མཐར་ཇི་ལྟར་འགྱུར་བ་ལགས༔ ཞེས་ཞུས་པས༔ བཀའ་སྩལ་པ༔ ཉོན་ཅིག གསང་སྔགས་ཀྱི་བསྟན་པ་བར་མ་དེ༔ བོད་ཁ་བ་ཅན་གྱི་ཡུལ་དུ་བཀའ་དྲང་པོར་མི་ལོ་དྲུག་ཅུ་གནས་པར་འགྱུར་རོ༔ དེ་ནས་ཐེག་པ་འོག་མའི་སྒོར་ཞུགས་པའི་གང་ཟག༔ རྒྱལ་པོ་བེ་ཧར་སྙིང་ལ་ཞུགས་པའི་རིགས༔ བློ་རྩེ་རྣོལ་ཅོལ་ཆུང་བ་འགའ་ཞིག་གིས་གསང་སྔགས་སྨོད༔ ལྟ་བ་ལ་ཤན་མ་ཕྱེད༔ སྤྱོད་པ་ལ་བླང་དོར་མ་ཕྱེད༔ གོང་འོག་འཁྲུལ་པར་སྤྱོད་པས་གསང་སྔགས་ཀྱི་བཀའ་ལས་འདས་ཏེ་ཉམས་པར་འགྱུར་རོ༔ གསང་སྔགས་བསྟན་པ་བར་མ་དེ་ནི༔ རྡོ་རྗེ་འཆང་གིས་ལུང་བསྟན་པའི་གང་ཟག་རྒྱུད་སྡེ་བཞིའི་དགོངས་པ་ཞེས་བྱ་བ་འདི་ཉམས་སུ་བླང་བའི་འབྲས་བུ་ནི༔ བསྐྱེད་པ་ལྷ་བསྒོམས་པས་མི་ཚེ་གསུམ་ནས་སངས་རྒྱས༔ འབྲས་བུ་ཕྱག་རྒྱ་ཆེན་པོ་བསྒོམས་པས་ཚེ་གཅིག་གིས་སངས་རྒྱས གསང་སྔགས་ཀྱི་བསྟན་པ་དེ་ལ༔ བཀའ་ལ་བསླད་འཇུག་བ་དང་༔ སྨོད་པའི་སེམས་ཅན་རྣམས་ནི༔ བྱོལ་སོང་གི་གནས་སུ་བསྐལ་བ་གཅིག་སྐྱེ༔ དེ་ནས་ཚ་བའི་དམྱལ་བར་བསྐལ་པ་གཅིག་ཏུ་ལས་མྱོང་བར་འགྱུར་རོ༔ ཞེས་གསུངས་སོ༔ ཡང་ཞུས་པ༔ ཀྱེ༔ རིག་འཛིན་ཆེན་པོ་སྤྲུལ་པའི་སྐུ༔ གསང་སྔགས་བསྟན་པ་ཕྱི་མ་ལ་ཟབ་མོའི་གཏེར་དུ་སྦས་པ་འདི་རྣམས༔ བཀའ་དྲང་པོར་ཡུན་ཅི་ཙམ་གནས་པར་
འགྱུར༔ མཐར་དེའི་བསྟན་པ་ཅི་ལྟ་བུས་བསྣུབ་པར་འགྱུར༔ ཇི་ལྟར་དུ་གྲགས་པ་ལགས༔ དེའི་ཡོན་ཏན་འབྲས་བུ་ཅི་ཙམ་ཞིག་ཐོབ་པ་ལགས༔ དེ་ལ་སྨོད་པའི་སེམས་ཅན་མཐར་ཅི་ལྟར་འགྱུར་བ་ལགས༔ ཞེས་ཞུས་པས༔ བཀའ་སྩལ་པ༔ ཉོན་ཅིག་བོད་ཀྱི་དད་པ་ཅན༔ རིན་ཆེན་ཟབ་མོའི་སྣོད་དུ་སྦས་པའི་ཆོས་འདི༔ སྤྱིར་བསྟན་པ་མི་ལོ་བརྒྱ་དང་བཅུ་འབྱུང་༔ དེ་ཡང་གཏེར་ཆེན་རེ་རེ་ལ་བསྟན་པ་ལོ་དྲུག་བརྒྱ་དང་དྲུག་ཅུ་འབྱུང་བ་ཡང་ཡོད༔ ཉིས་བརྒྱ་དང་རྩ་གཅིག་འབྱུང་བའང་ཡོད༔ བརྒྱ་དང་ཉི་ཤུ་འབྱུང་བའང་ཡོད༔ ངེས་པ་མེད་དོ༔ ཐུན་མོང་གི་གཏེར་ཕྲན་བུ་རྣམས་ལ་གདུལ་བྱ་ལོ་ལྔ་བཅུ་ཡོད་པ་ཡང་ཡོད༔ ཉེར་གཅིག་པ་དང་༔ བཅུ་གསུམ་པ་སྣ་ཚོགས་ཡོད་དོ༔ དེ་ཡང་བོད་ཁ་བ་ཅན་གྱི་རྒྱལ་ཁམས་ན༔ ཁྱད་པར་འཕགས་པའི་གཏེར་ལྔ་ཡོད༔ གཏེར་ཆེན་བརྒྱ་དང་རྩ་གཅིག་གནས་པ་ལས༔ གདུལ་བྱ་ལོ་ལྔ་བརྒྱ་བཅུ་གསུམ་ཡོད་པའང་ཡོད༔ དེ་རྣམས་ལ་ཉམས་སྨོད་པའི་བདུད་བགེགས་ནི༔ འགོང་པོ་སྤུན་དགུ༔ དམ་སྲི་སྤུན་དགུ༔ ཐེའུ་རང་སྤུན་དགུ་སྙིང་ལ་ཞུགས་པའི་བན་བཙུན་དམ་ཉམས་མང་པོས གཏེར་གྱི་ཆོས་ཟབ་མོ་ལ་ཡ་གདང་སྐུར་པ་བཏབ་སྟེ༔ བཀའ་བྱིན་རླབས་མ་ཉམས་པར་སྤྱོད་པའི་གང་ཟག་རྣམས་ལ༔ རུ་ང་དང་ཕྲག་དོག་སྣ་ཚོགས་བྱེད༔ ཆོས་ལ་ང་བདག་གི་འགོང་པོ་ཞུགས་པས༔ གཏེར་
ཆོས་སྤྱོད་པ་རྣམས་ཀྱང་ཡིད་གཉིས་སུ་འགྱུར་ཏེ༔ ཕ་རོལ་དང་རྩོད་པའི་ཕྱིར་སྣ་ཚོགས་མགོ་བསྡུསཿ ཉམས་སུ་མི་ལོན་པའི་ཤེས་བྱ་མཐའ་ཡས་སུ་སྤྱོད་པས༔ བྱིན་རླབས་དང་ནུས་པ་ཡལ་ཏེ ཟབ་མོའི་བསྟན་པ་ཉམས་པར་འགྱུར་རོ༔ འདིའི་མཚན་ནི༔ གསང་སྔགས་བསྟན་པ་ཕྱི་མ་དེ་ནི་སྙིང་པོ་ཐུགས་ཀྱི་བསྟན་པ་ཞེས་བྱའོ༔ འདི་ཉམས་སུ་བླང་བའི་ཡོན་ཏན་ནི༔ སྨོན་ལམ་དང་ཐུགས་རྗེའི་ཁྱད་པར་གྱིས༔ བསྐྱེད་པའི་རིམ་པ་ལྷ་བསྒྲུབ་པ་རྣམས་ཀྱང་༔ གསང་སྔགས་ཀྱི་བསྟན་པ་གོང་མ་རྣམས་ལས་ཀྱང་བདུན་འགྱུར་གྱི་བྱིན་རླབས་མཐུ་རྩལ་ཆེའོ༔ འབྲས་བུ་རྫོགས་པ་ཆེན་པོའི་ཆོས་རྣམས་ནི༔ ཚེ་འདི་ལ་ངེས་པའི་དོན་མངོན་དུ་གྱུར་ཏེ༔ གང་ཟག་རབ་རྣམས་ཀྱིས་མན་ངག་མཐོང་བ་ཙམ་གྱིས་སངས་རྒྱ་བ་འབྱུང་ངོ་༔ འབྲས་བུ་གཏེར་གྱི་བསྟན་པ་རིན་པོ་ཆེ་ལ་སྨོད་པའི་བདུད་དང་འགོང་པོས་ཁ་བསྒྱུར་བས འབོལ་འཆོལ་བདུད་ཀྱི་རིགས་རྣམས་ནི༔ ཚེ་འདི་ལས་འཕོས་མ་ཐག༔ ལྕགས་ཀྱི་ངོ་བོ་དཔག་ཚད་སྟོང་དང་ལྔ་བཅུ་ཡོད་པའི་འོག་ཏུ༔ བསྐལ་པ་ཆེན་པོ་དྲུག་ཅུ་བརྗེས་ནས༔ དེ་ནས་འཁོར་བའི་གཡང་ས་ཆེན་པོར་འདྲིལ་ཞིང་༔ བྱང་ཆུབ་ཀྱི་ས་བོན་རྩད་ནས་བསྐམ་པར་འགྱུར་རོ༔ ཞེས་སོགས་དང་། ཡང་དེ་འཕྲོས། ཀྱེ༔ རིག་འཛིན་ཆེན་པོ་སྤྲུལ་པའི་སྐུ༔ སངས་རྒྱས་ཀྱི་བསྟན་པ་དུས་དེར་རྫོགས་
པ་ལགས་སམ༔ རྫུ་འཕྲུལ་གྱིས་གཏེར་རྣམས་འབྱུང་བའི་དུས་གང་ལགསཿ དེ་ནས་བོད་ཀྱི་སེམས་ཅན་མཐར་ཇི་ལྟར་འགྱུར་བ་ལགས༔ ཞེས་ཞུས་སོ༔ བཀའ་སྩལ་པ༔ ཉོན་ཅིག་བོད་ཀྱི་དད་པ་ཅན༔ གསང་སྔགས་ཀྱི་བསྟན་པ་དང་པོ་དེ༔ རྒྱ་གར་ཡུལ་དུ་བསྟན་པའི་སྙིང་པོ་ལ་འབྱུང་༔ བོད་ཀྱི་ཡུལ་དུ་བདེ་སྐྱིད་ལྡན་པའི་དུས་སུ་འབྱུང་༔ གསང་སྔགས་བར་བ་དེ༔ རྒྱ་གར་ཡུལ་དུ་བསྟན་པའི་མཐའ་ལ་འབྱུང་༔ བོད་ཀྱི་ཡུལ་དུ་ལྔ་བརྒྱ་ཕྲག་བཅུའི་བརྒྱད་པ་ལ་འབྱུང་༔ གསང་སྔགས་ཀྱི་བསྟན་པ་ཕྱི་མ་དེ༔ བོད་དུ་ལྔ་བརྒྱ་ཕྲག་དགུའི་རྐེད་པ་ལ་འབྱུང་༔ དེ་ནུབ་ཁ་རུ་ཤཱཀྱ་ཐུབ་པའི་བསྟན་པ་རྫོགས་སོ༔ རྒྱ་གར་མཐའ་ཟློ དབུས་ཀྱི་དྷརྨ་ཐམས་ཅད་རིན་པོ་ཆེའི་སྦུབས་སུ་ཐིམ༔ དེ་དུས་བོད་ན་སྡེ་སྣོད་གསུམ་གྱི་ཆོས་རྟགས་ཙམ་འཛིན༔ གསང་སྔགས་ཀྱི་ཆོས་འཆོལ་པ་རུ་སྤྱོད༔ ངའི་ཕྲིན་ལས་ཀྱི་ལྷག་མ་ལོ་བརྒྱ་ཙམ་གཅིག་འོང་༔ དེ་ནས་རྫུ་འཕྲུལ་གྱི་གཏེར་རང་བརྡོལ་དུ་བྱུང་ནས༔ བོད་ཁོལ་བུར་ཕན་པར་འགྱུར་རོ༔ དམན་ཆད་ལས་ལ་སྤྱོད་པའི་སེམས་ཅན་ལ༔ སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཕྲིན་ལས་ཀྱི་ཡུལ་མ་རྙེད་ནས༔ མཐའ་ལ་ཐུག་པའི་སེམས་ཅན་སྡུག་བསྔལ་གྱི་མཚོ་ལ་སྤྱོད་དོ༔ ཞེས་གསུངས། འདིའི་གསང་སྔགས་བསྟན་པ་དང་པོ་དེ་རྙིང་མ་སྔ་དར། བར་བ་དེ་གསང་སྔགས་གསར་མ་ཕྱི་དང་། ཕྱི་མ་དེ་ཟབ་གཏེར་རིམ་
པར་འབྱུང་བ་རྣམས་ཡིན་འདུག །རྫུ་འཕྲུལ་གྱི་གཏེར་ཡང་། རྫུ་འཕྲུལ་དྲག་པོའི་གཏེར་དགུ། མཚོན་ཆ། འཁྲུལ་འཁོར། རེག་དུག །རྩི་དུག །སྤུ་གྲི། ནང་འཁྲུག་སྦྱོར་བ། ཡུལ་ཁམས་འ་ལ་བསྙད་པ་རྣམས་ཀྱི་གཏེར་ཁ་ཡོད་པ་རང་བརྡོལ་ནས༔ བདུད་ཀྱི་དཔུང་བཟློག་ཅིང་ཅུང་ཟད་ཕན་པར་བཤད༔ ཡང་དེའི་སྤྲོས་མེད་གསང་བའི་དབང་ལས། རྩ་གསུམ་འཁོར་ལོ་ལྔ་གསལ་གདབ་པ་ནི༔ རིགས་ཀྱི་བུ་ཁྱོད་ཉོན་ཅིག ཁྱོད་ཀྱི་ལུས་ཀྱི་དབུས་ཁོག་པའི་ནང་ན་མར་འཁོར་བ་དང་༔ མྱ་ངན་ལས་འདས་པའི་རྩ་མང་པོ་ཡོད་དེ༔ དེ་རྣམས་ཀྱི་དབུས་ན་མི་འགྱུར་བ་རྡོ་རྗེའི་རྩ་ཞེས་བྱ་བ༔ རྩ་བ་ལྟེ་བའི་འོག་ཏུ་ཟུག་པ༔ རྩེ་མོ་སྤྱི་གཙུག་ཚངས་པའི་བུ་ག་ལ་ཟུག་པ༔ འཁོར་ལོ་ལྔའི་དབུས་ན་ཡར་སྲོག་ཤིང་གི་ཚུལ་དུ་ཡོད་པ༔ དབྱིབས་གྲོ་སོག་གི་སྦུ་གུ་ཙམ་ཡོད་པ་ཁ་དོག་ཟ་འོག་གི་སྐུད་པ་ལྟར་ལྔ་སྒྲིལ་དུ་ཡོད་པ༔ སྲོག་ཆགས་ནས་མ་ཤིའི་བར་དུ་གནས༔ དབུགས་ཆད་པ་དང་ཡལ་འགྲོ་སྟེ་རོ་ལ་མི་མངོན་ནོ༔ དེ་ལ་མིང་ནི་རྡོ་རྗེའི་རྩ་ཞེས་བྱ༔ རྩ་དབུ་མ་ཞེས་བྱ༔ ཞེས་གསུངས། ཡང་དེའི་རིག་པ་རྩལ་དབང་གི་འགྲེལ་པ་ལས། ཡང་ཞུས་པ། ཀྱེ༔ སློབ་དཔོན་ཆེན་པོ་ལགས༔ སེམས་དང་རིག་པ་དེ་ལྟ་བུའི་ཁྱད་པར་ཆེ་བ་ལ༔ བློ་དམན་པའི་གང་ཟག་གིས་ཉམས་སུ་བླང་
ཚུལ་ཅི་ལྟར་བགྱི༔ ཞེས་ཞུས་སོ༔ བཀའ་སྩལ་པ༔ རྒྱལ་པོ་དང་མཚོ་རྒྱལ་གསོན་ཅིག ལམ་ལ་འཇུག་པའི་རྣལ་འབྱོར་པས་ཉམས་སུ་བླང་བའི་དུས་ན་ལུས་གནད་དྲང་པོར་བཅའ༔ མིག་བར་སྣང་ལ་ཧུར་ཐག་བཅད་དེ་བཞག༔ རླུང་དལ་བུར་བྱས་པས་བཅའ་བ་ལུས་ཀྱི་གནད་ཚང་པའོ༔ བཞག་ཐབས་སེམས་ཀྱི་གནད༔ འདས་པ་སྔར་ཞེན་གྱི་བག་ཆགས་རྗེས་མི་འབྲང་༔ མ་འོངས་པ་ཉོན་མོངས་པའི་སྔོན་མི་བསུ༔ བྱིང་བ་དང་༔ རྨུགས་པ་དང་༔ ཡེང་བ༔ ལྟེང་བ༔ གཡོ་བ༔ འཕྲོ་བ༔ བསམ་གཏན་གྱི་སྐྱོན་ཀུན་སྤངས་ཏེ༔ སལ་ལེ༔ སིང་ངེ་༔ ཧྲིག་གེ༔ ཧུར་རེ༔ རྗེན་ནེ་བཞག་པས༔ རིག་པ་རང་གསལ་གྱི་ཏིང་ངེ་འཛིན་ཡིན་ཏེ༔ དེའི་ངང་ལ་གནས་པ་ལ་ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ༔ ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདུད་ཀྱི་དམག་བྱེ་བ་དུང་ཕྱུར་གྱི་མཚོན་ཆའི་ཆར་ཕབ་ཀྱང་༔ ཏིང་ངེ་ འཛིན་དེའི་ངང་ལ་གནས་པས་བདུད་ཐུལ་བ་ཡིན་ནོ༔ དེ་བཞིན་དུ་ཏིང་ངེ་འཛིན་དེ་ལས་མ་ཡེངས་ན༔ ལམ་གྱི་རྣལ་འབྱོར་པ་ལ་དགྲ་བགེགས་ཀྱིས་ཚུགས་པར་མི་འགྱུར་རོ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་རིག་པ་རང་གསལ་གྱི་ཏིང་ངེ་འཛིན་དེ་ལ་འགྱུར་བ་མེད་པས༔ འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པ་ཡིན་ནོ༔ དེ་བཞིན་དུ་རྣལ་འབྱོར་པ་ལ་ཚེ་བསྲིང་བའི་ཉམས་ལེན་ཀྱང་དེ་ཀ་ཡིན༔ རྒས་པ་དང་༔ རྒུད་
པ་མི་འོང་༔ རྒྱལ་པོ་ཨིནྡྲ་བྷུ་ཏི་ལ་རིག་པ་རང་གསལ་གྱི་ཏིང་ངེ་འཛིན་ལ་འགྱུར་བ་མེད་པས༔ འདོད་ཡོན་ཐམས་ཅད་དབང་དུ་འདུ་བ་ཡིན༔ དེ་བཞིན་དུ་ལམ་གྱི་རྣལ་འབྱོར་པ་ལ་དངོས་གྲུབ་ཀྱི་ཆར་ཀྱང་དེའི་དུས་ལ་འབབ་པོ༔ ནད་ཐམས་ཅད་དེས་སེལ༔ དེའི་ཕྱིར་ཉམས་ལེན་དེ་ལ་འབད་རྩོལ་སྐྱེད་ཅིག སངས་རྒྱས་ཀྱི་དགོངས་པ་དེའི་ངང་ལ་གཡོ་བ་མེད་པས༔ སྐྱེ་མེད་ཆོས་སྐུའི་དགོངས་པ་ཟེར་ བ་ཡིན༔ སེམས་ཅན་གྱི་རྟོག་པ་དུམ་བུར་ཡོད་པས་སྡུག་བསྔལ་སྣ་ཚོགས་འབྱུང་བ་ཡིན༔ ལམ་ཉམས་སུ་ལེན་པའི་རྣལ་འབྱོར་པས་འཇིག་རྟེན་གྱི་ཆགས་སྡང་སྣ་ཚོགས་འཆར་བ་ལ༔ སེམས་ཀྱི་འཁྲུལ་པ་བུན་ལངས་འཕྲོ༔ དེ་ལ་དྲན་པས་ཙིར་བཟུང་༔ རིག་པ་སོ་ལ་ཡེར་ཞོག༔ ཡང་གཟུང་འཛིན་གྱི་སྣང་བ་འཁྲུགས་རུམ་འོང་༔ དྲན་པའི་ལྕགས་ཀྱུས་ཙིར་ཟུང་༔ ནང་གི་ཤེས་པ་གློད་པས་རིག་པ་གསལ་ཧྲིག་འོང་༔ དེའི་ངང་ལ་ཡུན་རིང་གོམས་པས་ཏིང་ངེ་འཛིན་ཇེ་བརྟན་ལ་འགྲོ༔ ལས་དང་པོའི་དུས་ན་སེམས་རྟོག་བཅས་ཀྱི་འཚུབ་མ་འཚུབས་ནས༔ རིག་པ་སྤྲིན་གྱི་ཉི་མ་ལྟ་བུ་ལས་མི་འཆར་ཏེ༔ ཉོན་མོངས་པ་དུག་གསུམ་ལས་དུག་ལྔར་གྱུར༔ དེ་ལས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལས་འཕེལ་ཏེ༔ དེའི་ལས་ཀྱི་སྣང་བ་གློ་བུར་གྱི་རྟོག་པས་མཚམས་སྦྱར་ནས་བརྒྱ་སྐྱེ་བརྒྱ་འགག༔ རྟོག་པ་གཅིག་སངས་པ་དང་གཅིག་
སྐྱེ༔ དེ་ལྟ་བུའི་གསེབ་ན་རང་བྱུང་གི་རིག་པ་ངོས་འཛིན་པ་ལ་ཉམ་ཆུང་རྟ་རྒོད་འདུལ་བ་བཞིན་དུ་ཤིན་ཏུ་གྲིམ་པར་བྱ་དགོས་ཏེ༔ ཉོན་མོངས་པ་དུག་ལྔ་ལས་གྱུར་པ་ཆགས་སྡང་གཟུང་འཛིན་གྱི་བྱིངས་འཐིབ༔ ཡེང་བ་ལ་སོགས་ཟི་ཧྲང་བྱུང་མ་ཐག སེམས་འཁྲུལ་པའི་སྣང་བ་ཡིན་བསམ་པ་དང་༔ དྲན་པས་ཙིར་བཟུང་༔ ལུས་གནད་བཅ༢༔ སྟེང་འོག་གི་རླུང་ཁ་སྦྱོར༔ ཤེས་པ་ལྷོད་གློད་པས་རིག་པ་གསལ་སྟོང་དེའི་ངང་ལ་ཡུན་ཇེ་རིང་སྦྱང་ངོ་༔ དེའང་སྐད་ཅིག་མ་དང་པོ་ལ་འཁྲུལ་རྟོག་སྐྱེས་ནས༔ རབ་ཀྱི་སྐད་ཅིག་མ་གཉིས་པ༔ འབྲིང་གིས་གསུམ་པ༔ ཐ་མས་སྐད་ཅིག་མ་བཞི་ལ་དྲན་པས་ཟིན་དགོས༔ དེ་མ་ཟིན་ན་འཁྲུལ་སྣང་ལ་འབྱམ་འགྲོ༔ རྟོག་པ་སྐྱེ་བ་དེ་རང་གྲོལ་དུ་སོང་བ་དང་༔ རིག་པའི་ངོ་བོ་མཐོང་བ་དུས་མཉམ་ལ་འབྱུང་ངོ་༔ གཞན་ཡང་དབང་རབ་གནས གནས་སྤོར་སྲུང་འཁོར་དགེ་བའི་བྱ་བ་ཅི་བྱེད་ཐམས་ཅད་ལ་ཡང་༔ རང་ཡེ་ཤེས་ལྷ་རུ་བསྐྱེད་པའི་དུས་ན༔ ལྷ་རུ་ལམ་གསལ་བ་དེ་ཀ༔ རིག་པ་རང་གསལ་གྱི་ངོ་བོ་ལ་གནས་པ་ཡིན་པས༔ བྱིན་རླབས་དང་ནུས་པ་དཔག་ཏུ་མེད་པ་འབྱུང་ངོ་༔ ཉིན་པར་དྲན་འཛིན་གྲིམ་དུ་བྱས་པས༔ ནུབ་མོ་རྨི་ལམ་དུའང་རིག་པ་གསལ་ཐེབས་པ་འབྱུང་༔ དེས་འཁྲུལ་པ་ཀ་ནས་དག་འགྲོ༔ རབ་བར་དོའི་སེམས་ཅན་གྱི་དོན་བྱེད་ན༔ རིག་པ་ཧུར་རེ་ཧྲིག་གེ་བ་དེའི་ངང་ལས་
རྣམ་ཤེས་བཀུག་པས་གཤེད་དང་ཕྲལ་ནས་ངོ་སྤྲོད་པ་གང་བྱས་ཀྱང་འཁྲུལ་སྣང་ལས་བཟློག་ནུས་སོ༔ རང་སྲིད་པའི་བར་དོར་འཁྱམས་སྲིད་ན་བར་དོའི་སྣང་བ་དེ་ལས་ཀྱི་རླུང་སྟོབས་ཆེ་བས་བསྡད་པའི་དབང་མེད་པར་ཆོ་ལོང་ལོང་འགྲོ་སྟེ༔ དེའི་དུས་སུ་རླུང་བཟུང་དྲན་པས་གསལ་གདབ༔ རིག་པ་སལ་ལེ་ཧྲིག་གེ༔ ཧུར་རེ༔ རྗེན་ནེ༔ འདི་ལ་སྐད་ཅིག་མ་གསུམ་ལ་གནས་ནུས་ན༔ དེའི་རྗེས་སུ་འདུན་པ་བཏང་པས་བདེ་བ་ཅན་ལ་སོགས་པའི་ཞིང་ཁམས་རྣམ་པར་དག་པ་སྐད་ཅིག་མ་ཐང་གཅིག་ཏུ་ཡུད་ཙམ་ལ་སྐྱེ་བར་འགྱུར་རོ༔ དེ་བཞིན་དུ་བྱོལ་སོང་དང་༔ ཡི་དྭགས༔ དམྱལ་བའི་གནས་སུ་སོང་ན་ཡང་༔ རིག་པ་སྐད་ཅིག་མ་གཉིས་དང་གསུམ་དང་༔ བཅུ་གསུམ་དང་༔ ཉེར་གཅིག་དང་༔ བརྒྱའི་བར་དུ་རིག་པ་རང་སོ་ཟིན་ན་ངན་སོང་གི་སྡུག་བསྔལ་ལས་གྲོལ་བར་འགྱུར་རོ༔ རིག་པ་ལ་ཡོན་ཏན་དཔག་ཏུ་མེད་པའི་ཕྱིར་རོ༔ ཡང་རང་བཞིན་དུ་རིག་པ་གསལ་ཐེབས་པའི་དུས་ཡོད་དེ༔ སྐྱེས་བུ་རིམས་ནད་ཀྱིས་ཡུན་རིང་འབྱོངས་པའི་དུས་དང་༔ ཐང་ཆད་པ་ལ་ངལ་བསོ་བའི་དུས་དང་༔ ཕུང་པོ་འཇིག་པའི་དུས་དང་༔ རྒྱུའི་ཐིག་ལེ་དཀར་དམར་འཕྲད་པའི་དུས་འཆར་བས་ངོ་ཤེས་པར་གྱིས་ཤིག༔ གྲོགས་ཀྱི་རིགས་པ་གསལ་ཐེབས་པའང་ཡོད་དེ༔ གནས་དང་ཁང་ཁྱིམ་བཟང་པོ་དང་༔ ནོར་བུ་རིན་པོ་ཆེ་དང་།
ཟ་འོག་ཟིམ་གྱི་གོས་དང་༔ གདུང་ཤཱ་རཱི་རཾ་བཅང་ན༔ རིག་པ་གསལ་ཐེབས་པའི་གྲོགས་བྱེད༔ དེ་ལ་ངོ་ཤེས་པས་ཡུན་ཇེ་རིང་ཇེ་བརྟན་ལ་འགྲོ༔ སྐད་ཅིག་མ་ཉེར་གཅིག་དེ་ལ་གནས་ན་འཆི་བ་བསླུ་ནུས g ཆུ་ཚོད་གསུམ་གྱི་ཡུན་གནས་ན༔ བར་དོ་དང་པོ་ལ་སངས་རྒྱས་ནུསཿ གྲོ་སྐད་ཅིག་གནས་ནུས་ན༔ ནམ་མཁའི་ཐོག་གིས་མི་ཚུགས་སོ༔ མཐར་འཁྲུལ་པའི་རྒྱུན་ཆད་ནས༔ རིག་པ་རང་བྱུང་གི་ཏིང་ངེ་འཛིན་ ལ་རྒྱུན་དུ་གནས་ཏེ༔ རྡོ་རྗེ་འཆང་གི་སྲས་སུ་འགྱུར་རོ༔ ཞེས་གསུངས༔ འདིའི་སེམས་རིག་གཉིས་སོ་སོར་ཕྱེ་ནས་སེམས་རྣམ་རྟོག་དག་པའི་ངོ་བོ་རིག་པ་ཐོད་རྒལ་དང་ཀ་དག་གཉིས་ལས་བློ་དམན་ཀ་དག་ཉམས་སུ་ལེན་པའི་ཐབས་ཡིན་འདུག་ཀྱང་། དེའི་ཆོས་སྡེ་རྩ་བའི་དམ་ཚིག་རྣམ་བཤད་ལས། ལྷའི་བསྐྱེད་རིམ་གསལ་བ་རབ་སྙིང་པོ་རྒྱུན་ཆད་མེད་པ༔ འབྲིང་བདུན་བདུན་ཞག་ལ་མི་ཆགས་པར་བཟླ༔ ཞེས་དང་། དུས་ཐ་མ་ལ་སེམས་ཅན་ཤ་ཁྲག་ལ་གཅན་གཟན་ལྟ་བུར་རྔམ༔ སྲོག་སྲིན་པོ་ལྟ་བུར་འཕྲོག ཆོས་བྱེད་མིང་བཏགས་པ་རྣམས་ཀྱང་༔ ཤ་ཁྲག་དཔག་མེད་ཟ་པའི་དུས་འོང་༔ གསང་སྔགས་པ་རྣམས་ཀྱང་གསང་སྔགས་ཀྱི་དམ་རྫས་ཤ་མེད་པར་མི་འོང་ཟེར༔ ཐ་སྙད་བཏགས་ཏེ་ཤ་ཁྲག་དམར་པོ་བསྐྱིལ་ནས་སྲིན་པོའི་ཆ་བྱད། ཤ་ཁྲག་དམར་ལ་བག་མེད་དུ་
སྤྱོད་ནསཿ མཐར་ལས་ཀྱི་ཤ་ཟ་ནག་པོར་སྐྱེ་བར་འགྱུར་རོ༔ དེའི་དུས་སུ་གསང་སྔགས་སྤྱོད་པའི་རྣལ་འབྱོར་པ་ལམ་ལ་གནས་པ་རྣམས་འདི་ལྟ་བུར་གྱིས་ཤིག༔ གསང་སྔགས་དམ་ཚིག་རྫས་ཤ་ལྔ་དང་བདུད་རྩི་ལྔ་ནི་སྒྲུབ་ཆེན་གྱི་སྨན་ལ་འདུས༔ ནང་རང་གི་ལུས་ལ་ཚང་བའོ༔ བསད་པ་དང་མི་གཙང་བའི་ལག་ནས་བྱུང་བ་ནི་ཉམས་པ་ཡིན་པས༔ རྫས་སུ་མི་རུང་སྟེ༔ སོ་སོ་སྐྱེ་བོས་མཐོང་བའམ་ཚོར་བའི་གནས་སུ་ཤ་ཁྲག་གིས་མ་མོ་མཁའ་འགྲོ་མཆོད་ན༔ ཡ་ག་ངན་པ་ཕོག་ནས་གསང་བའི་དམ་ཚིག་ཉམས་པར་འགྱུར་རོ༔ དེའི་ཕྱིར་ཤ་ཁྲག་དྲི་ཚོར་ཙམ་གྱིས་བྱིན་གྱིས་བརླབས་ཏེ་སྤྱད་དུ་རུང་༔ མངོན་པར་ཚོལ་བའི་ཤ་ཁྲག་མ་བསྟེན་ཅིག༔ ཟང་ཐལ་ཆོས་སྡེ་རྩ་གསུམ་རིན་པོ་ཆེའི་སྒྲོན་མ་ལས། གླིང་བཞི་མིའི་ཡུལ་ཡན་ཆད་རང་ལ་བདེ་བ་བྱ་བའི་རྒྱུ་ཡོད་དེ༔ ཉོན་མོངས་པ་ལྔ་འཇོལ་ཉོག་ཏུ་སྤྱོད་ནས་དམར་འགྲོ་བའི་རིགས་མང་ངོ་༔ བདེ་འགྲོའི་གནས་སུ་སངས་རྒྱ་བར་འདོད་ན༔ ངས་བསྟན་པའི་སྒོ་འདིར་མ་ཞུགས་ན༔ ས་བོན་མེད་པ་བཞིན་དུ་བདེ་བའི་རྒྱུ་མེད་དོ༔ དེ་ཅིའི་ཕྱིར་ཞེ་ན༔ སེམས་ཅན་ཐམས་ཅད་ལ་རང་གི་ལུས་ལ་རིགས་དྲུག་གི་ས་བོན་དྲུག ལས་ཀྱི་རླུང་དྲུག་རང་ཆས་སུ་ཡོད་དེ༔ དེའི་ནང་ནས་ཤིན་ཏུ་འཇིགས་པའི་ས་བོན་དུནག་པོ་དང་༔ ལས་ཀྱི་རླུང་ནག་པོ་ཐོད་རྒལ་ཞེས་བྱ་བ་གཅིག་མིའི་རྐང་
མཐིལ་ན་ཡོད་པས་དེ་ནི་མཐོ་རུ་མི་རུང་སྟེ༔ སུམ་མདོར་སླེབས་ན་དུད་འགྲོར་ངེས་པར་སྐྱེ༔ ལྟེ་བར་སླེབས་ན་ཡི་དྭགས་སུ་སྐྱེ༔ སྙིང་གར་སླེབས་ན་གྲང་བའི་དམྱལ་བར་སྐྱེ༔ མགྲིན་པར་སླེབས་ན་ཚ་བའི་ཎྞ དམྱལ་བར་སྐྱེ༔ སྤྱི་བོར་སླེབས་ན་མནར་མེད་པའི་དམྱལ་བ་ཆེན་པོར་སྐྱེའོ༔ གནས་པ་ཡང་དེ་ལྟར་དུ་ཡོད་དེ༔ མིའི་ལུས་དེའི་རྐང་མཐིལ་ན་ཡོད་པས་བདེ་བ་འགྲུབ་པའི་སྐབས་ཡོད་པའོ༔ ཞེས་སོགས་གསུངས། སྲོག་གཅོད་སོགས་མི་དགེ་བ་སྤྱོད་ན་རླུང་དང་དུཡིག་སྟོབས་རྒྱས་ཤིང་། དགེ་བའི་ལས་ཀྱིས་རིམ་པར་མནན་པ་དང་། སྡོམ་པ་སོགས་ཚུལ་ལྡན་བསྲུངས་ན་ལྡང་མི་ནུས་པར་བཤད། འདི་སངས་རྒྱས་ཐུབ་པ་ཆེན་པོས་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལ་གསུང་བ་ཡིན་པར་གསུངས། ཡང་དེའི་ཆོས་སྡེ་ཚོགས་ཀྱི་མཆོད་པ་བསྟན་པ་ལས། ཚོགས་ཀྱི་འཁོར་ལོ་བྱ་བ་དང་༔ ཚོགས་མཆོད་བྱ་བ་གཉིས་ལས༔ དང་པོ་ཚོགས་ཀྱི་འཁོར་ལོ་ལ༔ རོ་དྲུག་ཚང་བའི་ཟས་བརྒྱད་དང་ཡོ་བྱད་ཕུན་སུམ་ཚོགས་པ་བཤམ༔ དེ་ཡང་མཆོག་ཏུ་གཅེས་པ་ཤ་ཆང་གཉིས་ཡིན་ཏེ༔ ཤ་ནི་ནད་ཡུན་རིང་གི་ཤ་མ་ཡིན་པ་དང་༔ མི་འམ་གཅན་གཟན་གྱིས་བསད་པའི་ཤ་མ་ཡིན་པ་དང་༔ གྲི་ཐབས་རྨད་གུ་རྨེ་དང་བཅས་པ་བླང་བར་མི་བྱའོ༔ རུང་ཅན་ཚེ་ཟད་པ་ཁོ་ན་བསྔགས་སོ༔ དེ་ཡང་དབང་པོ་ཚང་དགོས་སོ༔ གྲིར་ཤི་བའི་ཤ་ཁྲག་ནི་གནོད་སྦྱིན་མཆོད་
པའི་རྫས་ཡིན་པས་དམ་རྫས་སུ་མི་རུང་ངོ་༔ རྨིག་ཟླུམ་དང་༔ མཛེ་ཅན༔ རྨེ་ཤ༔ ནད་ངན་པས་ཤི་བ༔ རྒྱུ་ངན་དངོས་པོ་རུལ་པ་ནི་མཁའ་འགྲོ་མི་མཉེས་པས་དམ་རྫས་སུ་མི་རུང་ངོ་༔ ཆང་ནི་ང་ཞིང་མང་པོ་མཆོག་ཏུ་བསགས་ཏེ༔ རྣལ་འབྱོར་པས་བྲེ་ལ་མི་གཞལ་ནན་གྱིས་མི་བཏང་༔ ཅ་ཅོ་དང་གཡེང་བ་འདྲེས་པའི་དུས་སུ་མི་བཏང་༔ བྱིན་གྱིས་མ་བརླབ་པར་ལོངས་མི་སྨད༔ ཅེས་གསུངས་ཡང་དེའི་མཁའ་འགྲོའི་མངོན་རྟོགས་ཡིད་བཞིན་ནོར་བུ་ལས། རང་ལུས་རྡོ་རྗེ་ཕག་མོ་བསྒོམ་པ་ཡང་༔ ཕྱི་ལྟར་ན་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ༔ ནང་ལྟར་ན་རྡོ་རྗེ་ཕག་མོ་ཡིན༔ གསང་བ་ལྟར་ན་ཨེ་ཀ་ཛཱ་ཊི་ཡིན་ནོ༔ ཞེས་དང་། དེའི་མཁའ་འགྲོའི་ལས་རིམ་གསང་བའི་མན་ངག་ལསཿ སྐྱ་རེངས་དང་པོ་ཤར་ནས་གདང་ཆེན་བར༔ བདག་གི་ཚེ་དང་དབང་ཐང་རྒྱས་པའི་དུས༔ མགོན་པོ་ཚེ་དཔག་མེད་པའི་སྒྲུབ་པ་བྱ༔ དེ་ཡི་ཕྲིན་ལས་ཏིང་འཛིན་བསྙེན་པ་བཟླས༔ སྐྱེ་འཆི་མེད་པའི་ཚེ་ཡི་དོན་ལ་ལྟོས༔ གསལ་བྱེད་ནམ་ལངས་ཉི་མ་དྲོས་ཀྱི་བར༔ བདག་གི་རྐྱེན་དང་བར་ཆད་ཞི་བའི་དུས༔ སྒྲིབ་སྦྱང་ མན་ངག་གཅེས་པས་ཉམས་སུ་བླང་༔ དེ་ཡི་ཆོ་ག་ཏིང་འཛིན་བསྙེན་པ་བཟླ༔ ཡུལ་གསུམ་དབྱེར་མེད་བཤགས་པའི་དོན་ལ་ལྟོས༔ ཉིན་ཕྱེད་ཡོལ་ནས་དམར་ཐག་བྱུང་གི་བར༔ བདག་གི་སྣང་བ་དབང་དུ་
འདུ་བའི་དུས༔ ཡིད་བཞིན་ནོར་བུ་བླ་མའི་སྒྲུབ་པ་བྱ༔ དེ་ཡི་གསོལ་འདེབས་མཆོད་འབུལ་སྙིང་པོ་བཟླ༔ རང་རིག་རང་གསལ་བླ་མའི་དོན་ལ་ལྟོས༔ ས་ནག་དགོང་ལ་གཟའ་སྐར་ཚོགས་ཀྱི་བར༔ བདག་གི་དགྲ་བགེགས་བར་ཆད་འདུལ་བའི་དུས༔ དམ་ཅན་བཀའ་སྲུང་རྣམས་ཀྱི་སྒྲུབ་པ་བྱ༔ དེ་ཡི་ཕྲིན་ལས་ཏིང་འཛིན་སྲོག་སྙིང་བཟླ༔ བདག་གཞན་མེད་པ་དྲག་པོའི་དོན་ལ་ལྟོས༔ ཞེས་སོགས་དང་། ཕྲིན་% ལས་གཏོར་མ་བསྙེན་པ་གང་བྱེད་ཀྱང་༔ མ་ཡེངས་དེ་ཡི་ཏིང་འཛིན་བརྟན་པར་གྱིས༔ གསང་སྔགས་བོན་གྱེར་མི་བྱ་ཚིག་དོན་བསྡེབ༔ ཏིང་འཛིན་མེད་པའི་བསྙེན་སྒྲུབ་ཁྱི་སྐད་འདྲ༔ ཞེས་གསུངས། དེའི་སྙན་བརྒྱུད་ཀྱི་གཏད་རྒྱ་བསྟན་པ་ལས། དེ་ནས་རིག་འཛིན་རྣམ་པ་གསུམ་གྱིས༔ བཀའ་སྲུང་དམ་ཚིག་གི་རྒྱ་གསུངས་པ༔ རྒྱལ་བ་དགོངས་པའི་བརྒྱུད་པ་ཡི༔ དམ་ཅན་ཁྲོས་མ་ནག་མོ་ཁྱོད༔ རྫོགས་པ་ཆེན་པོའི་སྲུང་མར་བསྐོས༔ རིག་འཛིན་རིག་པའི་བརྒྱུད་པ་ཡི༔ དུར་ཁྲོད་མ་མོ་རྣམ་པ་གསུམ༔ རྫོགས་པ་ཆེན་པོའི་སྲུང་མར་བསྐོས༔ གང་ཟག་སྙན་ཁུང་བརྒྱུད་པ་ལ༔ བོད་ཡུལ་བརྟན་མ་བཅུ་གཉིས་ཀྱིས༔ རྫོགས་པ་ཆེན་པོའི་བཀའ་སྲུང་གྱིས༔ དེ་ཕྱིར་བཀའ་སྲུང་སྡེ་གསུམ་པོ༔ གཏད་རྒྱ་ཐུབ་པའི་གང་ཟག་ལ༔ རྒྱལ་པོའི་བྲན་ལྟར་ལེགས་པར་ཉོན༔ དམ་མེད་ལུང་མེད་ཤོག་འཁྱམས་གྱིས༔ གསང་ཆེན་གསང་
བ་སྒྲོག་པ་ལ༔ བཀྲ་མི་ཤིས་དང་ཚེ་ཐུང་གྱིས༔ ལོག་པའི་རྫོགས་ཆེན་སྤྱོད་པ་སྲུངས༔ བསྟན་པའི་མཐའ་ལ་རྫོགས་ཆེན་གྱི༔ ཡི་གེ་ཚིག་བཞི་ལེའུ་གཅིག ཐ་ན་ཆོས་སྐུའི་དོན་མཚོན་པཿ ཡི་གེ་ འབྲུ་གཅིག་མ་ལུས་ལ༔ བཀའ་སྲུང་སྡེ་གསུམ་མ་མོས་སྲུངས༔ ལས་ཅན་ཕྱི་མས་གཏེར་དུ་སྦོས༔ བཀའ་དེ་ལེགས་པར་བསྲུང་གྱུར་ན༔ འོག་མིན་ཆོས་ཀྱི་དབྱིངས་སུ་བྱོན༔ ཞེས་གསུངས། དེའི་ཆོས་སྡེ་སྙིང་གི་དགོངས་པའི་རྒྱུད་ཀྱི་དོན་ཨོ་རྒྱན་ཆེན་པོས་ཞལ་གདམས་སུ་བཀོད་པ་པདྨའི་བཀའ་ཡིག་དང་པོ་ལས། འདི་ལ་དོན་གསུམ་སྟེ༔ གནས་ལུགས་སངས་རྒྱས་ཀྱི་དགོངས་པའི་བཞུགས་ཚུལ་བཅའ་བ་དང་གཅིག བཞག་ཚུལ་གྱི་གང་ཟག་གི་ཉམས་ལེན་བསྟན་པ་དང་གཉིས༔ འཆར་ཚུལ་གྱི་གང་ཟག་གི་བོགས་དབྱུང་བ་བསྟན་པ་དང་གསུམ༔ དེའི་དང་པོ་གནས་ཚུལ་ནི༔ འདི་ནས་སྟེང་གི་ཕྱོགས་འོག་མིན་བརྡལ་བ་ཆེན་པོའི་ཕོ་བྲང་ན༔ ཆོས་སྐུའི་སངས་རྒྱས་རང་བྱུང་གི་གཞལ་ཡས་ཁང་༔ ཕྱི་ནང་མ་བསྒྲིབ་པར་གསལ་ལ༔ རིན་པོ་ཆེའི་སྒྲུབས་ན་ཡེ་ཤེས་ལྔའི་འོད་ལྔའི་སྐུ་ཞལ་ཕྱོགས་བཅུར་གཟིགས་ནས གསུང་འགག་པ་མེད་པར་ཆོས་ཉིད་ཀྱི་རང་སྒྲ་སྒྲོག་པ༔ ཐུགས་གསལ་ལ་དྭངས་པ་འཕོ་འགྱུར་མེད་པར་བཞུགས་སོ༔ ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་དེ་ན་བཞུགས་སོ༔ སྔར་འདས་པའི་སངས་རྒྱས་
རྣམས་ཀྱང་དེ་ན་བཞུགས་སོ༔ མ་འོངས་པའི་སངས་རྒྱས་རྣམས་ཀྱང་དེར་འབྱོན་པར་འགྱུར་རོ༔ དེ་ཤེས་པས་ཀྱང་སངས་རྒྱས་ཀྱི་ཕ་ཡུལ་ཤེས་པའོ༔ གཉིས་པ་བཞག་ཚུལ་གྱི་གང་ཟག་གི་ཉམས་ལེན་བསྟན་པ་ནི༔ དབྱིངས་དང་ཞིང་ཁམས་སྐུ་དང་ཡེ་ཤེས་ཡིད་ལ་བྱས་ན་འོད་གསལ་གྱི་ལྷར་གོལ༔ ཅི་ཡང་མ་བྱས་པར་སྟོང་བ་ཉིད་ལ་བློ་གཏད་ན་གཟུགས་མེད་པའི་ལྷར་གོལ༔ རྟོག་པ་མ་བཅོས་པའི་རིག་པ་ངར་དང་བཅས་ཏེ་ཞོག༔ ད་ལྟར་གྱི་ཤེས་པ་ལ་གདངས་མེད་པར་ཐིམ་བཞག་ན༔ བྱོལ་སོང་གི་གནས་སུ་གོལ་བས༔ གང་ཟག་སྐལ་བ་ཅན་སངས་རྒྱ་བར་འདོད་ན༔ ཤེས་པ་མ་བཅོས་པར་ལྷོད་ཞོག༔ རྟོག་པ་མ་བཅོས་པའི་རིག་པ་གསལ་བའི་ངར་དང་བཅས་ཏེ་བཞག་གོ ཞེས་སོགས་གསུངས། དེའི་ཆོས་སྡེ་བི་མ་ལའི་སྙན་བརྒྱུད་རྫོགས་པ་ཆེན་པོའི་འགྲེལ་པ་ཡེ་ཤེས་རང་གསལ་ལས་གཞི་གནས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་སྐབས་ལས། དེ་ལྟར་བཞུགས་པའི་ཡེ་ཤེས་དེ༔ རང་གི་མཚན་ཉིད་ནི་ངོ་བོ་ཆོས་སྐུར་བཞུགས༔ རང་བཞིན་འོད་དུ་བཞུགས༔ ཐུགས་རྗེ་རིག་པའི་ཡེ་ཤེས་སུ་བཞུགས་ཏེ༔ དེ་ལ་ངོ་བོ་སྐུར་གནས་ཀྱང་༔ སྐུ་གསུམ་གྱི་གཞི་ཙམ་ལས་ཞལ་ཕྱག་ཏུ་གྲུབ་པ་ནི་མེད་དོ༔ འདི་ཁ་ཅིག་གི་ཤེས་རབ་དང་འོད་ཀྱི་ཁ་མིག་རྣ་བ་ཅན་ལ་སོགས་བྱས་ནས་འདུག་སྟེ༔ མ་ཧཱ་ཡོ་གའི་གོལ་ས་སྤང་བར་མི་ནུས་སོ༔
གལ་ཏེ་ཁ་མིག་རྣ་བ་ཅན་ཡོད་ན་ནི་གཟུགས་ཅན་དུ་ཡོད་དམ༔ ཡིད་ཙམ་དུ་ཡོད༔ གཟུགས་ཅན་དུ་ཡོད་ན་འགྲོ་དྲུག་ཕལ་བ་དང་ཁྱད་མེད༔ ཡིད་ཙམ་དུ་ཡོད་ན༔ སྐྱེ་མཆེད་མུ་བཞི་དང་༔ ཡི་དྭགས་རྣམས་ཀྱང་ཁྱད་པར་མི་རྙེད་དོ༔ ཞེས་སོགས་རང་ཤར་གྱི་ལུང་དང་། ཡང་། རང་བཞིན་གྱི་ངོས་ནས་འོད་དུ་གནས་ཏེ༔ ཁ་དོག་དབྱིབས་ཅན་དུ་གྲུབ་པ་ནི་མེད་དེ༔ འདི་ལ་ཁ་ཅིག་གིས་འོད་ལྔའི་མཚན་ཉིད་ཁ་དོག་བཤད་པར་འདུག་སྟེ༔ འདི་རབ་ཏུ་མི་འཐད་དེ༔ ཆོས་སྐུ་དང་གཟུགས་སྐུ་གཉིས་ཁྱད་པར་མེད་པའི་སྐྱོན་སྤང་བར་མི་ནུས་སོ༔ ཞེས་དང་། ལུང་དྲངས། ཡང་། ཆོས་ཐམས་ཅད་ཀྱི་ནང་ར ན་སྟོང་པ་ཉིད་དོ་ཞེས་བྱ་བ་བཤད་པ་རྣམས་དང་འགལ་ལོ༔ ཐུགས་རྗེའི་ཆ་ནས་འཆར་བའི་གཞི་འགག་མེད་དུ་གནས་པས་ཀུན་ལ་ཁྱབ་པའི་ཡེ་ཤེས་སོ༔ འདི་ལ་ལ་ནས་ཡེ་ཤེས་རྒྱུན་ཆད་ཡིན་པར་བྱས་ནས་འདུག་སྟེ༔ ཡེ་ཤེས་ཀྱི་འཆར་གཞི་མེད་ན་སངས་རྒྱས་ཀྱི་མཁྱེན་པའི་ཆ་མེད་པས༔ ཡང་ན་ཕྱང་ཆད་པའམ༔ བེམ་པོ་ལ་སོགས་པའི་སྐྱོན་སྤང་བར་མི་ནུས་སོ༔ དེ་ལྟར་ཕར་ཕྱིན་ལས༔ ཡེ་ཤེས་མེད་ན་ཡོན་%ཏན་འཕེལ་མེད་བྱང་ཆུབ་མེད༔ རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར༔ ཞེས་གསུངས་སོ༔ ཞེས་སོགས་དང་། དེའི་ལུས་ལ་ཡེ་ཤེས་གནས་ཚུལ་སྐབས་ལས། སྐུ་ཡུངས་འབྲུ་སྤྱན་ཕུལ་ཐག་
ཙམ་ཟེར་བ་ནི༔ རྒྱུ་དང་འབྲས་བུའི་ཁྱད་པར་ལ་དགོངས་པའོ༔ ཞེས་སོགས་གསུངས། ཡང་འདིའི་ཆོས་སྡེ་ཡང་དག་དོན་གྱི་སྙན་བརྒྱུད་འདའ་ཁ་འཆི་བྲོད་སྒྱུ་ལུས་བོར་ཆོག་ལས། གཞི་ལ་སངས་རྒྱས་ཀྱི་དགོངས་པ་ངོས་བཟུང་བ་དང་༔ དེ་གང་ཟག་གི་རྒྱུད་ལ་ཅི་ལྟར་བཞུགས་ཚུལ་བསྟན་པའོ༔ དང་པོ་སངས་རྒྱས་ཀྱི་དགོངས་པ་ངོས་བཟུང་བ་ནི༔ ཡང་དག་པར་རྫོགས་པའི་སངས་རྒྱས་རང་ཅི་ཙམ་ལ་ཟེར༔ སྤྱི སངས་རྒྱས་ཀྱི་ངོ་བོ་རང་གང་ཡིན་སྙམ་ན༔ སྐུ་ལྔ་ཡེ་ཤེས་ལྔ་དང་ལྡན་པ་སངས་རྒྱས་ཀྱི་ངོ་བོ་ཡིན་ཏེ༔ ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ལས༔ དེ་ཡང་སངས་རྒྱས་ཆོས་ཀྱི་སྐུ་རང་གང་ཡིན་སྙམ་ན༔ ལོག་ན་ མེད༔ རང་རིག་པ་ཅིའི་ངོ་བོ་ཡང་མ་གྲུབ་པ་སྟོང་སང་ངེ་༔ ཟང་ཐལ་ལེ་གནས་པ་འདི་ཀ་ཆོས་ཀྱི་སྐུ་ཉིད་ཀུན་ཏུ་བཟང་མོ་ཡིན་ནོ༔ རིག་པའི་རང་བཞིན་མ་འགག་པར་སལ་ལེ༔ ཧྲིག་གེ༔ སིང་ངེ་༔ ཡེ་རེ་གནས་པ་འདི་ཀ་རིག་པ་ཀུན་ཏུ་བཟང་པོ་ཡིན་ནོ༔ ཆོས་ཉིད་སྟོང་པ་དང་རིག་པ་གསལ་བ་གཉིས་དབྱེར་མི་ཕྱེད་པར་ཝལ་ལེ༔ ཁྱུག་གེ༔ བུན་ནེ༔ ལོང་ངེ་འདུག་པ་འདི་ཀ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན་ལ དོན་གནས་ལུགས་སྟོང་གསལ་ཆེན་པོ༔ རིག་པའི་རང་གདངས་འོད་ལྔར་སྣང་༔ འོད་ཀྱི་གདངས་སྐུ་རུ་ཤར་ནས་རང་གི་སྙིང་ག་ཆོས་ཉིད་ཀྱི་འཁོར་ལོ་ན༔ སྐུ་ཚོམ་བུའི་དཀྱིལ་འཁོར་དང་བཅས་པ་རང་
གསལ་གྱི་མདངས་དང་ལྡན་པ༔ གཏིང་གསལ་གྱི་བཀྲག་དང་ལྡན་པར་བཞུགས་ཏེ༔ ལོངས་སྤྱོད་རྫོགས་པའི་སྐུའོ༔ དེའི་གདངས་མ་འགག་པར་འོད་ལྔ༔ རྩ་དར་དཀར་གྱི་སྐུད་པ་ལྟ་བུའི་ལམ་ལ་ཞུགས་ཏེ༔ རིག་པའི་གསང་སྒོར་འཆར་བ་ནི༔ ཐུགས་རྗེ་སྤྲུལ་པའི་སྐུའོ༔ ཞེས་གསུངས། ༈ །ཡང་དེའི་ཆོས་སྡེ་གང་གི་ཕག་མོ་ཟབ་རྒྱའི་དམ་བཅའ་ལས་ཀྱི་རིམ་པའི་འགྲེལ་བ་ཡང་ཟེར། རིན་ཆེན་ཁང་བུའི་འགྲེལ་ པ་ལས། རྙོག་པ་མེད་པའི་རྒྱུད་ལས། མི་རྨུགས་པ་ཤེས་རབ་མེད་པ་ཁ་ཅིག་ནི༔ དགེ་བའི་ལས་མི་བྱེད་པར་གཉིད་གཅིག་པུར་རྨུགས་ཤིང་༔ གཞན་ལ་ཡང་གཏམ་མ་ཟེརཿ གཉིད་ལོག་ཅེས་ཟེར་བའི་ རྨུགས་པ་དེ་ནི༔ མཐོ་རིས་ཐོབ་མི་སྲིད་པར་གླིང་བར་གྱི་མུན་པར་གནས་པར་འགྱུར་རོ༔ ཞེས་གསུངས་པས༔ ངལ་དུབ་དྲག་པོ་དང་༔ ཟས་གཉིད་ཀྱི་རྒྱུར་འགྲོ་པ་མི་ཟའོ༔ གཉིད་ཆུང་བར་འདོད་པ་ལ་སླེ་ཏྲེས་དང་༔ མེ་ཏོག་ལུག་རྨིག་པ་ཞིབ་པར་བཏགས་ཏེ༔ དཔུང་པ་ལ་བསྐུས་ན་གཉིད་མི་འོང་ངོ་༔ གཉིད་བཙན་ཐབས་སུ་སྤང་བར་འདོད་ན༔ རྟ་དཀར་པོའི་སྤྱི་གཙུག་གི་རུས་པ་དང་༔ སྤང་རྒྱན་དཀར་པོ་དང་༔ མར་དཀར་དང་གསུམ་བསྲེས་ལ་ཉལ་དུས་སྣ་བུག་གཡོན་བཀག གཡས་ན་ཡར་རྫ་ས་གསུམ་པོ་བསྲེགས་པའི་དུད་པས་བདུག་པས་གཉིད་མེད་པར་འགྱུར་རོ༔ ཡང་ཙནྡན་དཀར་པོ་བཟང་པོ་ཆུ་
ལ་བདར་བས་མིག་ལ་བསྐུས་ན༔ མིག་གྲང་དྲགས་ནས་ཉིན་ཞག་མང་པོར་གཉིད་མི་འོང་ངོ་༔ ཡང་མེ་ཏོག་ལུག་རུ་བ་སེར་པོ་དང་༔ རྟ་དཀར་པོའི་སྤྱི་གཙུག་གི་རུས་པ་བརྡུངས་ཏེ་མར་དཀར་བསྲེས་པའི་དུད་པས་སྣ་བུག་གཡས་སུ་བདུག་ན་གཉིད་མི་འོང་༔ གཡོན་དུ་བདུག་ན་འོང་ངོ་༔ འོ་མ་དང་ཚྭ་དང་༔ མར་དང་༔ ཏིལ་དང་༔ བུ་རམ་རྣམས་སྦྱར་ཏེ་འོ་མ་བཀོལ་བ་ལ་བཏབ་སྟེ་འཐུང་ན་གཉིད་མི་འོང་ངོ་༔ ཞེས་སོགས་གསུངས། ཞུས་སོ༔ ཡང་དེའི་སྙིགས་མ་དྭངས་མའི་མན་ངག་དྲུག་ལས༔ ཚེ་སྒྲུབ་བཅུད་ལེན་བྱེད་པའི་ཚེ༔ རླུང་དང་རིག་པའི་བཅུད་ལེན་འདི༔ ཡིད་ཀྱིས་འཛིན་ཕུར་བཏབ་ཕྱིར་བསྒོམ༔ ལུས་་ངག་ཡིད་གསུམ་བཅུད་ལ་བོར༔ རྐེད་པ་ཐང་ཤིང་ལྟ་བུར་བསྲང་༔ རྐང་པ་རེའུ་མིག་ལྟ་བུར་བསྣོལ༔ མགྲིན་པ་ལྕགས་ཀྱུ་ལྟ་བུར་དགུག རོ་སྟོད་སེང་གེ་ལྟ་བུར་གསེང་། ལག་པ་ཞགས་པ་ལྟ་བུར་བསམ། ལྕེ་རྩེ་ཡ་རྐན་མཐིལ་ལ་སྦྱར༔ སོ་གཉིས་མ་བསྡམ་མ་རེག་ཙམ༔ དེ་ནས་ལྟ་སྟངས་བཞི་ལ་གཏད༔ ཆོས་ཉིད་ཞི་བ་སྣ་རྩེར་གཏད༔ བྱང་ཆུབ་སེམས་དཔའ་ཐད་ཀར་བལྟ༔ བདུད་རྩི་འཁྱིལ་བའི་སྨིན་ཕྲག་ཏུ བུདྡྷའི་གཙུག་ཏོར་ནམ་མཁའ་ལ༔ དེ་ལྟར་བཞི་ལ་མ་ཡེངས་གཏད༔ སྟེང་རླུང་མནན་ལ་འོག་རླུང་བསྡམ༔ མ་ཐུབ་དུས་སུ་སྣ་ནས་བཏང་༔ འཛིན་དང་བཏང་དང་དལ་བུས་བྱ༔ སེམས་ནི་གཏད་མེད་རང་
སོར་བཞག༔ འཇིག་རྟེན་བྱ་བ་བཏང་ལ་བསྒོམ༔ ལྟོ་བ་གང་ན་རླུང་མི་བདེ༔ ངལ་དུབ་དྲག་ཤུལ་བྱས་པ་ན༔ རླུང་སྲོག་ནད་འཇུག་དེ་ཕྱིར་སྤང་རླུང་འཇམ་མཁས་པའི་གོམས་སུ་གཞུག ཡང་བ་ན༔ ཚེ་རིང་གྲུབ་རྟགས་སྣ་རེ་ཐུབ༔ ཉིན་ཕྱེད་སྐད་ཅིག་རླུང་ཐུབ་ན༔ ཚེ་ལོ་བརྒྱ་ཐུབ་གྲུབ་རྟགས་ཐོན༔ ཉིན་གཅིག་ཐུབ་ན་མངོན་ཤེས་ཤར༔ འཆི་མེད་ཚེ་ཡི་རིག་འཛིན་འགྲུབ༔ རྫུ་འཕྲུལ་ཡ་མ་ཟུང་དུ་སྟོན༔ ཆུ་ལ་མི་བྱིང་མཁའ་ལ་འཕུརཿ ཉིན་ཞག་ཕྲུགས་གཅིག་རླུང་ཐུབ་ན༔ འཇིག་རྟེན་ཁམས་འདི་ཐམས་ཅད་ཀུན༔ རྫུ་འཕྲུལ་སྟོན་ཅིང་ལྟ་བར་ནུས དབང་བཅུ་ངེས་པར་ཐོབ་པ་ཡིན༔ ལུས་འདི་ལྷག་མེད་སངས་རྒྱས་འགྱུར༔ རླུང་རིག་འབྱོངས་པའི་ཡོན་ཏན་ཡིན༔ ཞེས་རླུང་བསྒོམ་པའི་ཡོན་ཏན་གསུངས༔ ཡང་དེའི་ཁེ་རོའི་སྙན་བརྒྱུད་བར་པ་ལས༔ ད་ཆོས་སྤྱིའི་ལུགས་ཀྱི་སེམས་ལ་དང་པོ་བྱུང་ས་མེད༔ བར་དུ་གནས་ས་མེད༔ ཐ་མ་འགྲོ་ས་མེད་པར་འདོད་དེ༔ རྫོགས་པ་ཆེན་པོ་ལས་དང་པོ་བྱུང་ས་མ་ཆོད་ན་འཁྲུལ་པའི་རྩད་མི་ཆོད༔ བར་དུ་གནས་ས་མེད་ ན་ཡེ་ཤེས་ངོས་མི་ཟིན༔ ཐ་མ་འགྲོ་ས་མེད་པར་རྟོགས་ཀྱང་སངས་མི་རྒྱ་བས༔ དང་པོ་བྱུང་ས་ཡོད༔ བར་དུ་གནས་ས་ཡོད༔ ཐ་མ་འགྲོ་ས་ཡོད༔ དེ་ཡང་དང་པོ་འཁོར་འདས་གཉིས་རྒྱབ་མ་གྱེས་པའི་དུས་
ན༔ འཁོར་འདས་བར་མདོ་བྱ་བ༔ སངས་རྒྱས་མེད་པ་རྟོགས་པ་མངོན་དུ་མ་གྱུར༔ སེམས་ཅན་མེད་པར་འཁྲུལ་སྣང་དངོས་འཛིན་མ་བྱུང་༔ རྡུལ་ཕྲ་རབ་དང་ཕྱིའི་འབྱུང་བ་ལྔ་ལ་མ་བརྟེན༔ འགྲོ་དྲུག་གི་སེམས་ཅན་སྒྲིབ་པོས་མ་བྱས་པས༔ འཁོར་འདས་གཉིས་ཀ་མ་གྲུབ་པའི་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་བ༔ འདུས་མ་བྱས་ཞེས་བྱ་བ༔ རང་བྱུང་གཞུག་མ་ཞེས་བྱ་བ༔ ངོ་མ་ཤེས་ཀྱི་བར་དོ་ཆེན་པོ༔ འཁོར་འདས་W གཉིས་ཀ་མ་ཡིན་ཞེས་བྱ་བ་གཅིག་འབྱུང་སྟེ༔ དེའི་ངོ་བོ་སྟོང་པ༔ རྒྱུ་ནི་རང་བྱུང་༔ དཔེ་ནི་ནམ་མཁའ་ལྟ་བུ་ལ་གདངས་ཅིར་ཡང་སྣང་བ་གཅིག་ཡིན་ཏེ༔ དུས་ནམ་བྱུང་ན་བསྐལ་པ་བགྲང་དུ་མེད༔ ཚད་ཟློ གྲངས་མེད༔ དཔག་ཅིང་གཞལ་དུ་མེད་པའི་གོང་དུ་བྱུང་༔ ཡུན་ཅི་ཙམ་གནས་ན༔ བསྐལ་པ་གྲངས་ཚད་མེད༔ དཔག་ཏུ་མེད་པ་གཅིག་བྱུང་ངོ་༔ དེ་ནི་འཁོར་འདས་གཉིས་ཀའི་གཞི་ཡིན་ཏེ༔ བྱུང་ས་ཡིན་ནོ༔ ཞེས་སོགས། ཀུན་ཏུ་བཟང་པོའི་གྲོལ་ཚུལ་དང་འགྲོ་དྲུག་འཁྲུལ་ཚུལ་གསུངས༔ སེམས་གནས་པ་འགྲོ་དྲུག་གི་ལུས་ཀྱི་བློ་ངན་རླུང་དང་བསྡོངས་ནས་རྣམ་རྟོག་འཕྲོ༔ སེམས་འགྲོ་བ་རིགས་དྲུག་འཁོར་བར་འཁྱམས་པར་བཤད༔ བེ་རོའི་སྙན་བརྒྱུད་ཕྱི་མ་ལས། ད་ཐག་མ་ཆོད་པ་ཆོད་པར་བྱེད་པ་དོན་གྱི་ངོ་སྤྲད་པ་ནི༔ ཙིཏྟ་རིན་པོ་ཆེའི་གཞལ་ཡས་ན་དྭངས་མ་ལྔ་འདུས་ཀྱི་བདག་ཉིད་སྲོག་མི་ཤིགས་པའི་ཐིག་
ལེ༔ ཆོས་མཁྱེན་པ་མ་འགག༔ ཉ་ཆུ་ནང་མའི་མིག་གམ མན་ཤེལ་དག་པ་ལྟ་བུ་ས་ལེར་གནས་སོ༔ དེ་ལྟར་སྣང་བ་གཟུགས་སུ་གྲུབ་པས་ཆད་པའི་མཐའ་དང་བྲལ༔ རེག་པ་རྫས་སུ་མ་གྲུབ་པས་རྟག་པའི་མཐའ་དང་བྲལ༔ དོན་རྟག་ཆད་ཀྱི་མཐའ་ལས་ཡེ་ནས་གྲོལ་བས༔ བྱས་པའི་ལྷན་གྲུབ་མ་ཡིན༔ བྱུང་བའི་ལྷན་གྲུབ་ནམ་མཁའ་ལྟར་སྟོང་པ་ཕྱལ་བར་ཡང་མ་སོང་༔ ས་རྡོ་སྟར་བེམ་པོར མ་སོང་༔ ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་དུ་ས་ལེར་གནས་སོ༔ མཁས་པ་ཤྲཱི་སིཾ་ཧའི་དགོངས་པ་ལསཿ ཆོས་སྐུ་སྙིང་ལ་གནས་པའི་དཔེ་དང་དོན་བསྟན་པའི་ལེའུ་སྟེ་དང་པོའོ༔ བེ་རོ་ཙ་ན་ཉོན་ཅིག གནས་པ་དེ་ལྟ་བུ་གནས་ཏེ༔ སྒོམ་པ་ནི་དེ་ལྟ་བུ་མི་བསྒོམ་མོ༔ དེ་ལྟར་བསྒོམ་ན་སྐྱོན་རྣམ་པ་གསུམ་འབྱུང་༔ རང་གི་ལུས་ལ་ཞེན་པ་སྐྱེ༔ རྟག་པའི་མཐའ་རུ་ལྷུང་༔ རྟོག་པ་ཉིང་འཁྲུལ་གྱི་སྒོམ་དུ་གོལ་ལོ༔ དེའི་འབྲས་བུ་ལུས་ཀྱི་འཁྲུལ་པ་མི་ཆོད༔ སེམས་གནད་པས་ལུས་གནད་ཆེ༔ དུནཁ་ལུས་ཀྱིས་བསྒྱུར༔ སྙམ་བྱེད་ཀྱི་ལུས་བཙོ་སྲེག་འོང་༔ དགྲ་འདྲེ་འོང་༔ བར་དོ་འོང་སྙམ་བྱེད་པ་ལུས་ལ་འབྱུང་སྟེ་འཇ གས་སྐྲག་དངངས༔ དེའི་དུཁས་སྐྱབས་ཚོལ་བའི་བསམ་པ་འབྱུང་བ་དང་༔ རིགས་དྲུག་གི་མངལ་སྒོ་རུ་ཐུམ་འགྲོ༔ དེའི་ཕྱིར་དཔེ་དོན་གྱི་ཆོས་ཉམས་སུ་ལེན་པ་ལ་ལུས་ཀྱི་འཁྲི་བ་ཆོད་དགོས༔ འཁྲི་བ་ཇི་
ལྟར་གཅོད་ཇི་ལྟར་བསྒོམ་སྙམ་ན་སྙམ་བྱེད་ལུས་དང་སྒོམ་བློའི་ཤེས་པ་གཉིས་ཀ་ཕྱལ་གྱིས་བཏང་ནས༔ ཆོས་སྐུ་གཏིང་གསལ་བའི་ངང་ནས་ཤེས་པ་འཛིན་མེད་དུ་ཙན་གྱིས་ཞོག་ཅིག དཔེ་རིན་པོ་ཆེ་མན་ཤེལ་ལྟ་བུ༔ དོན་རང་ལུས་ཆོས་ཀྱི་སྐུ་རུ་ཡོད་པས༔ ལུས་གདོས་པ་ཅན་མ་ཡིན་ནོ༔ སྟོང་པ་ཟང་ཐལ་དུ་བསྒོམ༔ ཆོས་སྐུ་གསལ་བའི་སྦུབས་སུ་བསྒོམ༔ མན་ངག་གི་རྒྱུད་ལས། ལུས་ཀྱི་རང་བཞིན་མན་ངག་གསལ་བའི་སྦུབས༔ རྟོག་མེད་མཉམ་པའི་ངང་ནས་ཡེ་ཤེས་གསལ༔ མ་བཙལ་རང་བྱུང་འོད་ཀྱི་ཕུང་པོར་གནས༔ ཞེས་གསུངས། དེ་གནས་ལུགས་ལམ་དུ་ཁྱེར་བ་ཞེས་བྱའོ༔ རང་བཞིན་གསལ་བའི་སྦུབས་གཏན་ལ་མ་ཕེབས་ན༔ ལྟ་བ་རང་བྱུང་གི་རྒྱལ་པོ་དཔངས་མཐོ་ཡང་༔ བྱེ་མའི་རི་ལ་མཁར་བརྩིགས་པ་འདྲ༔ མན་ངག་གི་རྒྱུད་ལས། འགག་མེད་སྐུ་ནི་སྟོན་པར་ཆེ༔ རང་རིག་ཡེ་ཤེས་སྟོན་པར་སྲོག་མེད་སྐུ་ལྔ་འཁོར་དུ་ཆེ༔ མ་སྒྲིབ་དཀྱིལ་འཁོར་གནས་སུ་ཆེ༔ ཡེ་ནས་ལྷུན་གྲུབ་དུས་སུ་ཆེ༔ ཆེ་བ་ལྔ་ཡི་ཁྱད་པར་བསྟན༔ ཅེས་གསུངས། དེ་ལུས་གདོས་པའི་ཕུང་པོ་སྟོང་པ་ཟང་ཐལ་དུ་བསྒོམས་ན༔ ནད་ཀྱིས་ན་རྒྱུ་མེད༔ གདོན་གྱིས་གདོན་རྒྱུ་མེད༔ ཆུས་ཁྱེར་དུ་མེད༔ སས་མནན་དུ་མེད༔ མེས་བསྲེག་ཏུ་མེད༔ རླུང་གིས་གཏོར་དུ་མེད༔ དཔེ་བར་སྣང་སྟོང་པའི་འཇའ་ཚོན་དང་འདྲའོ༔ ད་སྐུ་གསུང་
ཐུགས་ཡུལ་དང་བཞིའི་ངོ་སྤྲོད་ནི༔ དང་པོ་གནས་པའི་ཡུལ་གཏན་ལ་མ་ཕེབས་ན༔ ཡེ་ཤེས་རྐྱང་པར་བལྟ་སྟེ༔ བྱ་ལོང་ནམ་མཁའི་མཐའ་ཚོལ་བ་དང་འདྲ་བས༔ ཡུལ་གྱི་ངོ་སྤྲོད་ནི༔ ཡུལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རྣམ་པར་དག་པའི་ཞིང་ཁམས་མཆོག་གི་འོད་གསལ་ཆེན་པོ༔ རྒྱ་གང་དུའང་མ་ཆད་པ༔ ཕྱོགས་གང་དུ་ཡང་མ་ལྷུང་༔ རྒྱ་ཆད་ཕྱོགས་ལྷུང་མེད་པ་ནམ་མཁའ་སྤྲིན་དང་བྲལ་བའམ༔ རྒྱ་མཚོ་རླབས་དང་བྲལ་བའམ༔ མེ་ལོང་ཕྱིས་པ་ལྟ་བུའམ༔ མར་མེ་དྭངས་པ་ལྟ་བུ་དེ༔ བླ་མའི་ཕྱག་ལེན་གྱི་ངོ་སྤྲོད་ཙམ་ན༔ དཀར་ལམ་ལམ་བྱུང་བ་དེ་བྱང་ཆུབ་སེམས་དཔའི་སྣང་བ་ཡིན༔ འོད་དུ་ཤིག་གེ་བ་དེ་ལོངས་སྤྱོད་རྫོགས་པའི་སྣང་བ༔ མར་མེ་དྭངས་བ་དེ་ཡུལ་ཆོས་ཀྱི་དབྱིངས་ཞེས་བྱ་བ༔ ཆོས་སྐུ་བཞུགས་པའི་གནས་ཡིན་ནོ༔ ད་ནི་གཞི་ལ་ཆོས་སྐུ་མི་བཞུགས་ན༔ གཞི་ཕྱལ་པ་རུ་སོང་སྟེ༔ མི་མེད་པའི་ཡུལ་སྟོང་པ་དང་འདྲ་བས༔ ཆོས་སྐུའི་ངོ་སྤྲོད་ནི་ཤེལ་ལྟ་བུ༔ རང་ལུས་ཆོས་སྐུར་ངོ་སྤྲོད་པའོ༔ ཆོས་ཀྱི་སྐུ་ལ་ཡེ་ཤེས་མི་བཞུགས་ན༔ ཐུགས་རྗེ་དང་མཁྱེན་བ་མི་འཆར་བས་འདག་པའི་འདེར་སོ་དང་འདྲ་བས༔ ཐུགས་ཀྱི་ངོ་སྤྲོད་ནི༔ དཔེས་མཚོན་ན་ཤེལ་ལྟ་བུ་ནི་ཆོས་ཀྱི་སྐུ་ཡིན་ནོ༔ ཤེལ་གྱི་ནང་གི་འོད་ལྔ་ནི་གཞི་གནས་ཀྱི་ཡེ་ཤེས་ལྔའོ༔ ཤེལ་ཕྱར་བས་འོད་ལྔ་ཕྱིར་ཤར་བ་དེ་མཚན་ཉིད་འཛིན་པའི་
ཡེ་ཤེས་ལྔའོ༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡེ་ནས་རང་བྱུང་ཆེན་པོ་སྟེ༔ མན་ངག་གི་ཕྱོགས་ཆ་དག་ནས་གཏན་ལ་མ་ཕེབས་ན༔ ཕྱོགས་གཅིག་གིས་གཏན་ལ་མི་ཕེབས་པས༔ དཔེར་ན་ངང་ངུར་མཚོ་ལ་གཏད་པས་དུས་ཀྱི་དར་འཁྱགས་པས་སྡུག་བསྔལ་དུ་གྱུར་བ་ལྟ་བུའོ༔ གསུང་གི་ངོ་སྤྲོད་ནི༔ བླ་མའི་ཕྱག་ལེན་གྱིས་ངོ་སྤྲད་ཙམ་ན༔ སངས་རྒྱས་ཀྱི་གསུང་འགག་པ་མེད་པ་དེའོ༔ དེ་ཧྲིལ་གྱིས་དྲིལ་ན་མཐོ་དམན་མེད་པའི་ཡུལ གདོས་པ་མེད་པའི་སྐུ༔ སེམས་མེད་པའི་ཏིང་ངེ་འཛིན་དང་གསུམ་དུ་ཤེས་པར་བྱའོ༔ དེ་ལ་མཐོ་དམན་མེད་པའི་ཡུལ་ནི་ཆོས་ཀྱི་དབྱིངས་སོ༔ གདོས་པ་མེད་པའི་སྐུ་ནི་ཆོས་སྐུ་གཏིང་གསལ་ཆེན་པོའོ༔ སེམས་མེད་པའི་ཏིང་ངེ་འཛིན་ནི༔ ཡིད་འཛིན་པའི་བློ་དང་བྲལ་ནས་ཡེ་ཤེས་བློ་བྲལ་དུ་ཤིག་གེ་བ་དེ་ཡིན་ཏེ༔ ཡང་རྒྱ་ཆེ་བ་ལྟར་བཤད་ན༔ ཕྱི་སྟོང་ནང་སྟོང་རྒྱ་ཆེ་བ་ནི་ཡུལ་ཆོས་ཀྱི་དབྱིངས་སོ༔ ཕྱི་གསལ་ནང་གསལ་འོད་གསལ་ནི་ཆོས་ཀྱི་སྐུའོ༔ ཕྱི་རིག་ནང་རིག་ཐམས་ཅད་རིག་པ་ནི༔ རྒྱུན་མི་འཆད་པའི་ཡེ་ཤེས་སོ༔ ད་ཆོས་ཀྱི་སྐུ་སྟོང་བར་མི་འདོད༔ ཐམས་ཅད་མཁྱེན་པའི་དོན་བཤད་དོ༔ མན་ངག་གི་རྒྱུད་ལས། རང་རིག་ཡེ་ཤེས་ཆོས་སྐུ་ལ༔ སྒོ་ལྔའི་རྣམ་ཤེས་ཀུན་ཚང་པས༔ དེ་ཡི་གཟུགས་བརྙན་ལོངས་སྤྱོད་རྫོགས༔ མཐོང་གདངས་སོ་སོ་སྤྲུལ་པའི་སྐུ༔ ཞེས་གསུངས།
ཞེས་པ་དང་། ཡང་དེ་ལས་ད་ནི་ཆོས་སྐུ་ཇི་ལྟར་བཞུགས་པའི་ཚུལ་བསྟན་པ་ལ་བཞི་སྟེ༔ འདྲ་བས་འདྲ་བ་དང་གཅིག༔ འདྲེས་པས་འདྲེས་པ་དང་གཉིས༔ ཕྱེ་བས་ཕྱེ་བ་དང་གསུམ༔ ཁྱབ་པས་ ཁྱབ་པ་དང་བཞིའོ༔ དང་པོ་འདྲ་བས་འདྲ་བ་ནི༔ སངས་རྒྱས་ཐམས་ཅད་དགོངས་པ་གཅིག་པའོ༔ འདྲེས་པས་འདྲེས་པ་ནི༔ སངས་རྒྱས་ཐམས་ཅད་ཞིང་ཁམས་གཅིག་འདྲེས་པའོ༔ ཆོས་ཀྱི་དབྱིངས་ཐམས་ཅད་གཅིག་པའོ༔ ཕྱེ་བས་ཕྱེ་བ་ནི༔ སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མ་འདྲེས་ཏེ༔ རང་གདངས་ལས་བཞུགས་པའོ༔ ཁྱབ་པས་ཁྱབ་པ་ནི༔ ཆོས་ཉིད་མའི་ཐ་མི་དད་དུ་ཁྱབ་ལ༔ ཆོས་སྐུ་བུའི་ཐ་དད་དུ་ཁྱབ་པའོ༔ གཞི་ཆོས་ཀྱི་དབྱིངས་ན་ཆོས་སྐུའི་སངས་རྒྱས་ཐམས་ཅད་ཨུ་བེའི་སྡོང་བུན་སྤོས་ཀྱི་རེངས་བུ་བལྟམས་པ་ལྟ་བུར་བཞུགས་སོ༔ དཔེར་ན་ལྷ་ཁང་དུ་མར་མེ་བརྒྱའམ་སྟོང་སྦྱར་ན་སྙིང་པོ་མ་འདྲེས་ལ་འོད་འདྲེས་པ་ལྟ་བུའོ༔ གསང་བ་བརྡ་རྒྱུད་ལས། ནམ་མཁའ་སྟོང་པ་དག་ལ་མར་མེ་བརྒྱ་སྟོང་སྦྱར་ན་སྙིང་པོ་མ་འདྲེས་པ་ལ་འོད་འདྲེས་པ་ལ་བསྙད་དོ༔ ཞེས་གསུངས། འོ་ན་སངས་རྒྱས་དེ་རྣམས་གཅིག་གིས་གཅིག་ལ་གཟིགས་ནས་འགྲོ་བ་དང་༔ གླེང་བ་ལ་སོགས་པ་ཡོད་དམ་མེད་ན༔ བགྲོ་གླེང་མེད་དེ༔ ཅིའི་ཕྱིར་ན་ཆོས་སྐུ་ལ་གཟུང་འཛིན་གྱི་རྟོག་པ་མེད༔ གཉིས་སྣང་གི་རྟོག་པ་ཐིམ་གྱིས་ནུབ་ནས༔
རང་སྣང་བདེ་བ་ཆེན་པོའི་ལམ་གྱིས་གནས་སོ༔ དེ་ཆོས་ཀྱི་དབྱིངས་ན་སངས་རྒྱས་ཐམས་ཅད་བཞུགས་ཚུལ་བསྟན་པའོ༔ ཞེས་གསུངས། ཡང་བེ་རོའི་ཐུགས་རྒྱུད་ལས། ད་སྤྱི་དོན་དྲུག་པ་ཐེག་པ་དགུའི་ཆོས་ཐམས་ཅད་ཆོས་ཀྱི་སྐུ་བྱ་བ་སྟོང་ཞིང་བདག་མེད་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་འདོད་དེ༔ ཀུན་ཏུ་བཟང་པོའི་དགོངས་པ་ཟང་ཐལ་དུ་བསྟན་ན༔ ཆོས་ཀྱི་སྐུ་ནི་མཚན་དང་དཔེ་བྱད་དང་ལྡན་རྣམ་པར་ཤེས་པའི་སྒོ་མ་འགག་པར་འདོད་དོ༔ དེའང་ཆོས་སྐུ་སྟོང་ཞིང་བདག་མེད་པ་ན༔ ཀུན་གཞི་མ་ཐོག་ཏུ་གོལ་བ་ཡིན༔ ཆོས་སྐུ་སྟོང་པར་འདོད་པ་དེ༔ མུ་སྟེགས་ཆད་པའི་ལྟ་བར་གོལ་བ་ཡིན ཅི་ཡང་ཡིད་ལ་མེད་པར་བསྒོམ་པ་དེ་ཉོན་མོངས་སངས་པ་ཡོད་དེ༔ ཡེ་ཤེས་རྒྱས་པ་མེད་དོ༔ མཉམ་ཉིད་སེམས་ཀྱི་འཇོག་ཚུལ་ཙམ་ཡིན༔ སངས་རྒྱས་ཐོབ་པའི་སྐལ་བ་མེད་དོ༔ རྡོ་རྗེ་སེམས་དཔའི་ཞལ་ནས༔ ཐེག་པ་མང་པོའི་ཆོས་རྣམས་ཀྱི༔ ཆོས་སྐུ་སྟོང་པ་བདག་མེད་སྟོན༔ སེམས་ཀྱི་བཞག་ཚུལ་བསྟན་པ་ཙམ༔ སངས་རྒྱས་ཐོབ་པའི་སྐལ་བ་མེད༔ ངེས་པར་སངས་རྒྱས་ཐོབ་འདོད་ན༔ ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་༔ མཚན་དང་དཔེ་བྱད་ལྡན་པར་ཡོད༔ སྟོན་པ་འོད་མི་འགྱུར་པ་དེ༔ ཡེ་ཤེས་ལྔ་ཡི་ཕུང་པོར་ཡོད༔ ཐུགས་ཀྱི་མཁྱེན་པ་མ་འགག་པ༔ སྤྲུལ་པ་བྱེ་བ་ཕྲག་བརྒྱ་འགྱེད༔ ཅེས་གསུངས།
ཅེས་སོགས་གསུངས་ཏེ་བེ་རོའི་སྙན་བརྒྱུད་འདི་རྣམས་རྫོགས་ཆེན་སྙིང་ཏིག་གི་གཞི་ལམ་འབྲས་བུའི་གོ་དོན་ཟབ་ཅིང་གསལ་བ་ཡོད༔ ཀུན་ཏུ་རྒྱལ་བ་ཐམས་ཅད་ཀྱི་དགོངས་པའི་ཡེ་ཤེས་རང་ཆས་རིག་པ་འོད་དུ་འབར་བའི་རྒྱུད་ཀྱང་ཟེར། །བཟང་པོའི་དགོངས་པ་ཟང་ཐལ་གྱི་རྒྱུད་ལེའུ་ཉི་ཤུ་པ་ལས། ཉོན་ཅིག་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ༔ ང་ཆོས་སྐུའི་བཞུགས་གནས་བཤད་ཀྱི༔ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་སྟེང་གི་ཕྱོགས་རི་རབ་ལྷུན་པོའི་རྩེ་མོ་དཔག་བསམ་ཤིང་ཡོངས་སུ་བརྡལ་བའི་རྩེ་ནས་དཔག་ཚད་བཅུ་གསུམ་འདས་པ་ཐམས་ཅད་ངའི་ཞིང་ཁམས་ཡིན༔ རྒྱ་ནི་ནམ་མཁས་ཅི་ལྟར་ཁྱབ་པ་ངའི་ཞིང་ཁམས་ཀྱིས་ཁྱབ་བོ༔ དཔངས་ནི་འཇིག་རྟེན་གྱི་ཁམས་དང་མཉམ༔ དཔག་ཚད་བརྒྱད་ཁྲི་འདས་སོ༔ འོག་ཕྱོགས་ནས་རྡོ་མེད་དེ་རིན་པོ་ཆེ་སྣ་ལྔ་བརྡལ་བ་ཆེན་པོ༔ ཕྱོགས་མཚམས་ཐམས་ཅད་རིན་༧ པོ་ཆེ་བརྩེགས་པ༔ སྟེང་ཐམས་ཅད་རིན་པོ་ཆེ་སྣ་ལྔའི་གུར་ཕུབ་པ༔ རིན་པོ་ཆེ་ལྔ་ཡང་གདོས་པའི་གཟུགས་མ་ཡིན་པས༔ རང་བྱུང་ཡེ་ཤེས་ཀྱི་འོད་ལས་བྱུང་བའི་རིན་པོ་ཆེ༔ བཏེག་ན་འཕར་བྱེད་པ༔ མནན་ན་ནེམ་བྱེད་པ༔ བཀྲག་དང་འོད་འཚེར་བ༔ ཕྱི་ནས་བལྟས་ན་ནང་གསལ་བ༔ ནང་ནས་བལྟས་ན་ཕྱི་གསལ་བ༔ ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་ཆེན་པོའི་སྦུབས༔ ངོ་བོ་ཉིད་ཀྱི་སྣང་བ་ཆོས་
དབྱིངས་མའི་ཁྱབ་ཚུལ་ཞེས་བྱ་བ༔ ཆོས་སྐུ་ཀུན་ཏུ་བཟང་པོ་ངས་གཙོ་བྱས་པའི་ཆོས་སྐུ་ཐོག་མ་མེད་པའི་སངས་རྒྱས་ཐམས་ཅད་དེ་ན་བཞུགས༔ མ་འོངས་པའི་ཆོས་སྐུ་ཐོབ་པ་ཐམས་ཅད་ཀྱང་དེར་འབྱུང་བར་g འགྱུར་རོ༔ ཞེས་དང་། ཉོན་ཅིག་རྡོ་རྗེ་འཆང་ཆེན་པོ༔ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཞེས་བྱ་བ་དེའི་སྒྲ་དོན་བཤད་ཀྱི། འོག་མིན་ཞེས་བྱ་བ་ནི་སྟེང་གི་ཕྱོགས་ཐམས་ཅད་ཁྱབ་པ་འོག་མ་ཡིན་པས་ན་འོག་མིན་ཞེས་བྱའོ༔ ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི༔ དེའི་ནང་ཆོས་སྐུ་ཐོབ་པའི་སངས་རྒྱས་མ་ཡིན་པ་གཞན་གང་གིས་ཀྱང་མི་མཐོང་བའི་ཕྱིར་རོ༔ ཕོ་བྲང་ཞེས་བྱ་བ་ནི་རྒྱལ་པོ་འོད་མི་འགྱུར་བ་ལ་རང་སྣང་ཟློ རྟོགས་པའི་འཁོར་གྱིས་བསྐོར་ནས༔ དབྱིངས་ཀྱི་ཁྱབ་ཚད་ཆོས་སྐུའི་སངས་རྒྱས་ཀྱིས་ཁྱབ་པར་བཞུགས་པའི་ཕྱིར་རོ༔ ཡེ་ཤེས་རང་སྣང་གཞལ་ཡས་ཁང་ཞེས་བྱ་བ་ནི༔ ཡེ་ཤེས་དེ་ཡོད་པ་སེམས་ཅན་ཀུན་གྱི་སྙིང་ན་ཡོད༔ སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ན་གནས་པའོ༔ ཡེ་ཤེས་ཤར་བས་སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་བྱུང་༔ དེ་ཡང་རྒྱུད་ལ་རང་བྱུང་དུ་བྱུང་༔ རང་ངོ་ཤེས་པ་ཡེ་ཤེས་ཆེན་པོའི་སྣང་བ་ཤར༔ ཡེ་ཤེས་ཀྱི་སྣང་བ་རྒྱ་མ་ཆད༔ ཕྱོགས་སུ་མ་ལྷུང་༔ བཀྲག་དང་གཟི་མདངས་དཔག་ཏུ་མེད༔ དེ་ལ་གསལ་བ་རྒྱ་མ་ཆད་པ་ཞེས་བྱའོ༔ ཆེན་པོ་ཞེས་བྱ་བ་ནི༔ ནམ་མཁས་ཁྱབ་ཚད་ཡེ་ཤེས་རང་
རིག་གཞལ་ཡས་ཁང་དེས་ཁྱབ་པའི་ཕྱིར་རོ༔ སྦུབས་ཞེས་བྱ་བ་ནི༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཡེ་ཤེས་འོད་ལྔ་ལམ་མེའི་དབུས་ན་ཡོད་པའི་ཕྱིར་རོ༔ ཛྙཱ་ན་པཉྩརཏྣ༔ དེ་ལྟ་བུའི་གནས་དེ་ཆོས་སྐུ་བཞུགས་པའི་གནས་ཡིན༔ ཆོས་དབྱིངས་མའི་ཁྱབ་ཚུལ་ཞེས་བྱ་བ་ཡིན༔ དེ་འཛིན་པའི་བདག་པོ་ནི་དཔེར་ན༔ ནམ་མཁས་ཁྱབ་ཚད་ཉི་ཟླ་གཟའ་སྐར་གྱིས་ཁྱབ་པ་ལྟརཿ དབྱིངས་དེའི་ཁྱབ་ཚད་།ཆོས་སྐུས་ཁྱབ་པར་བཞུགས་སོ༔ ཆོས་སྐུ་ཅི་ལྟ་བུ་ཞེ་ན༔ སྐུ་ལ་རེག་བྱའི་ཐོགས་པ་མེད་པས༔ ཆོས་དབྱིངས་དང་འདྲ་བ་ལ༔ མཚན་དང་དཔེ་བྱད་དུ་ལྡན་པས་ཡེ་ཤེས་ལྔའི་བདག་ཉིད་དུ་བཞུགས་སོ། དེའི་ངོ་བོ་སྟོང་པར་བཞུགས༔ མཚན་ཉིད་དབྱེར་མེད་པའི་སྐུར་བཞུགས༔ ཡོན་ཏན་བདེ་བའི་སྐུར་བཞུགས༔ དེའི་ཐུགས་རིག་པའི་ཡེ་ཤེས་ཟང་ཐལ་ལེ་ཡོད་དོ༔ ལུས་རྣམ་པར་དག་པ་ཆོས་སྐུའི་བཀྲག་དང་གཟི་མདངས་མཚན་དང་དཔེ་བྱད་ལྡན་ནོ༔ དེ་ཉིད་ཆོས་སྐུ་ཡིན་པའི་ཕྱིར་སྐུ་མདོག་མཐིང་ག མི་གཡོ་བའི་མཉམ་གཞག་གི་ཕྱག་རྒྱ་ཅན༔ ཡེ་ཤེས་ཆེན་པོའི་འོད་འཆར་བའི་ཕྱིར་འོད་ལྔའི་རྒྱབ་ཡོལ་ཅན༔ སྟོང་གསལ་གྱི་བཀྲག་འཚེར་བའི་ཕྱིར་རིན་པོ་ཆེའི་རྒྱན་གྱིས་སྤྲས་པསཿ དེ་ལ་ཆོས་སྐུ་མཉམ་པ་ཉིད་ཟེར་རོ༔ དེ་གཉིས་ཀ་ལས་དང་པོ་དྲན་པ་ཅི་ཡང་མ་བྱུང་བསཿ དངངས་སྐྲག་གི་འཇིགས་པ་མེད༔ རིག་
པ་རང་ངོ་ཤེས་པ་གསལ་ལ་དེར་འཛིན་མེད༔ རིག་པ་ཡེ་ཤེས་ཤར་བ་ཆོས་སྐུ་རྒྱུ་ལྷུན་གྱིས་གྲུབ་པའོ༔ དེ་ལ་ཡེ་ཤེས་ཀྱི་རྩལ་ཕྱོགས་བཅུར་ཤར་བ་ལོངས་སྤྱོད་རྫོགས་པའི་སྐུར་བྱུང་སྟེ༔ ཆོས་སྐུ་དེ་ལ་ཐམས་ཅད་གསལ་ཞིང་སྣང་བའི་ཕྱིར་རྣམ་པར་སྣང་མཛད་ཤར་རོ༔ རང་རིག་པའི་ཡོན་ཏན་མ་འགག་པས་རིན་ཆེན་འབྱུང་ལྡན་ཤར་རོ༔ ཐུགས་རྗེ་སྟོབས་དང་ལྡན་པས་སྣང་བ་མཐའ་ཡས་ཤར་རོ༔ ཤེས་བྱ་ལ་ཐོགས་པ་མེད་པས་དོན་ཡོད་གྲུབ་པ་ཤར་རོ༔ གནས་ལུགས་ལ་འགྱུར་བ་མེད་པས་རྡོ་རྗེ་སེམས་དཔའ་ཤར་རོ༔ དེ་ལྟར་རྒྱལ་བ་རིགས་ལྔ་པོ་དེ་སྐུ་མདོག་དང་ཕྱག་མཚན་རྒྱན་དང་ཆ་ལུགས༔ མགུར་ཆུ་དང་༔ སེ་མོ་དོ༔ འོད་ཟེར་ལྔའི་རྒྱབ་ཡོལ་ཐམས་ཅད་རྫོགས་ཤིང་གསལ་བ༔ ཞལ་ནང་དུ་གཟིགས་ཏེ་ས་ལེར་བཞུགས་སོ༔ གདོས་པའི་གཟུགས་མ་ཡིན་པར་རང་བྱུང་ཡེ་ཤེས་ཀྱི་སྐུ་གཟུང་འཛིན་མེད་པས༔ ཐུགས་ཀྱི་མཁྱེན་པ་མ་འགག་པ༔ ཞལ་ནང་དུ་གཟིགས་པས་ཤེས་བྱའི་རྩལ་ཝལ་ལེར་སྣང་བའོ༔ དཔེར་ན་རིན་པོ་ཆེའི་བུམ་པའི་ནང་ན་རིགས་ལྔ་ཆོས་སྐུ་ལ་ཞལ་བསྟན་ཏེ་བཞུགས་པ་ལྟ་བུའོ༔ དེ་ཡང་ཆོས་སྐུ་དེ་པའི་ཆོས་སྐུ་ཞེས་བྱ ་ལྔ་ཕྱིར་གསལ་ལོངས་སྐུ་དང་། དེ་ནས་སྤྲུལ་སྐུ་འཆར་ཚུལ་སོགས་དང་། ཡང་དེ་འཕྲོས་ལས། དེའང་ཆོས་ཀྱི་དབྱིངས་གཞི་ག
དང་གཅིག ཆོས་སྐུ་དང་གཉིས༔ ཡེ་ཤེས་དང་གསུམ༔ དེ་གསུམ་སོ་སོར་བཤད་ཀྱང་དོན་དབྱེར་མེད་དུ་གནས་སོ༔ དཔེར་ན་ནམ་མཁའི་གཟའ་སྐར་དང་རྒྱ་མཚོའི་ནང་གི་གཟའ་སྐར་གྱི་འོད་དང་༔ རྒྱ་མཚོའི་ཆུ་གསུམ་གཅིག་མདངས་གཅིག་ལ་ཕོག་སྟེ་དབྱེར་མེད་དུ་གནས་སོ༔ ཆོས་སྐུ་དང་ཡེ་ཤེས་དབྱེར་མེད་པའི་དཔེ་ཆུ་དང་ལན་ཚྭ་ལྟ་བུ་གཅིག་ལ་གཅིག་གིས་བརྒྱན་ཏེ་གནས་སོ༔ ཆོས་ཀྱི་སྐུ་དང་རྒྱུ གཅིག ལོངས་སྤྱོད་རྫོགས་པའི་སྐུ་དང་གཉིས༔ སྤྲུལ་པའི་སྐུ་དང་གསུམ་སོ་སོར་སྣང་སྟེ་དབྱེར་མེད་དུ་གནས༔ ཡེ་ཤེས་ཀྱི་འོད་རྣམ་པ་ལྔ་ཡང་གཟུགས་སྐུ་གཉིས་ཀྱི་རྒྱན་དུ་འཆར༔ དཔེར་ན་ཆོས་ཀྱི་ དབྱིངས་ཆོས་སྐུས་བརྒྱན་པའི་དཔེ་གཡུའི་མཎྜལ་ལ་གསེར་གྱི་ཚོམ་བུ་བཀོད་པ་འདྲ༔ ཆོས་སྐུ་ལ་ཡེ་ཤེས་ཤར་བའི་དཔེ་ཤེལ་ལ་འོད་ལྔ་འཆར་བ་དང་༔ ཡེ་ཤེས་ལྔ་ལ་ཐུགས་རྗེ་སྤྲུལ་པ་འབྱུང་བའི་དཔེ་ཉི་མའི་སྙིང་པོ་ལ་འོད་ཟེར་དྲ་བ་འཇམ་པ་བྱུང་ནས་སེམས་ཅན་གྱི་དོན་བྱེད་པ་དང་འདྲ༔ ཞེས་སོགས་གསུངས། ཆོས་སྐུའི་ཡེ་ཤེས་ནི་ཆོས་དབྱིངས་ཡེ་ཤེས་སོགས་ཡེ་ཤེས་ལྔ་ཡིན། ཡང་དེ་ལས། ངའི་ཀུན་ཏུ་བཟང་པོ་དགོངས་པ་ཟང་ཐལ་གྱི་རྒྱུད་འདི༔ སེམས་ཅན་འཇིག་རྟེན་པའི་བློ་ཅན་དང་༔ ཐེག་པ་འོག་མ་རྣམས་ཀྱི་རྣ་བར་ཟུར་ཙམ་ཡང་སྨྲ་བར་མ་བྱེད་ཅིག གལ་ཏེ་སྨྲས་ན་ཁ་ནས་ཁྲག་ཏུ་སྐྱུགས༔ མིག་འབྲས་
ཐང་ལ་ལྷུང་༔ ཚེའི་དུས་བྱེད་ནས་དམྱལ་བར་བསྐལ་པ་བརྒྱའི་བར་དུ་སྐྱེ་བར་འགྱུར་རོ༔ དེ་ཅིའི་ཕྱིར་ཞེ་ན༔ འདི་ནི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཡིན༔ ཉམས་སུ་ལེན་པའི་རྣལ་འབྱོར་པའི་སྲོག་ཡིན༔ སྐལ་དམན་ཉོན་མོངས་ཅན་དང་༔ ཐེག་པ་དམན་པ་ལ་འདིའི་སྣོད་མེད་པས༔ སྣོད་མེད་ཀྱིས་མཐོང་དུ་མི་རུང་བའི་ཕྱིར༔ ཀུན་ཏུ་བཟང་པོའི་ཐུགས་ཀ་ནས་དམ་ཚིག་གི་མཁའ་འགྲོ་མ་སྨུག་ནག་ རཀཱའི་གདོང་པ་ཞེས་བྱ་བ་བྱུང་སྟེ༔ ཆོས་འདིའི་བཀའི་སྲུང་མ་བྱེད་པར་འགྱུར་རོ༔ ཞེས་གསུངས་སོ༔ ཀུན་བཟང་གི་སྨོན་ལམ་སྟོབས་ཆེན་མ་ཡང་རྒྱུད་འདིའི་ལེའུ་བཅུ་དགུ་པ་ལས་འབྱུང་། ཟང་ཐལ་གྱི་རྒྱུད་ཆུང་ལེའུ་བརྒྱད་པ་དང་། འདི་གཉིས་རྩ་བ་ཡིན། བྱང་གཏེར་བ་རྣམས་ཟང་ཐལ་གྱི་ངོ་སྤྲོད་ཚེ་འདིར་རྣམ་བཅས་མི་སྣང་བ་ཞེས་ཟེར་བ་ནི་རྒྱུད་འདི་ལས་ལུས་གནད་འདྲ་མིན་དགུ་ཙམ་བཤད་པ་དེ་ཡིན་འདུག ། སྙིང་ཏིག་གཞན་ལ་མེད་པའི་ཟབ་གནད་འདི་ལ་སྒེར་དུ། རྫོགས་ཆེན་བཀའ་གཏེར་གཞན་ལ་མེད་པའི་ཟབ་ཁྱད་ཡོད། མུན་ཁྲིད་སོགས་ཤིན་ཏུ་ཟབ་པའི་གནད་འགའ་འདིར་མི་འདུག །རྫོགས་ཆེན་ལྟ་སྒོམ་གྱི་གོ་དོན་གནད་ཆེན་ཡོད༔ ཉམས་ལེན་མཁའ་འགྲོ་སྙིང་ཏིག་སོགས་འདྲིལ་བ་ཡོད། ཡང་རྡོ་རྗེ་ཕག་མོའི་ཟབ་རྒྱ་དྲུག་གི་རྩ་རླུང་གི་མན་ངག་ལས། དེ་ཡང་ཨ་ཝ་དྷུ་ཏི་ལ༔ ཕྱི་ནང་གསང་བ་གསུམ་དུ་ཡོད༔
ཐབས་ཀྱི་དྷ་ཏི་གཞུངས་པ་ཡིན༔ དེ་ནས་བྱང་སེམས་དཀར་པོ་འབབ༔ ཤེས་རབ་དྷ་ཏི་སྲོག་རྩ་ཡིན༔ དེ་ནས་བྱང་སེམས་དམར་པོ་འབབ༔ གསང་བའི་དྷ་ཏི་འཁོར་ལོ་བཞི༔ དབུས་ན་རྒྱུས་ཏེ་། སྲོག་ཤིང་ཚུལ༔ དེ་ནས་ཡེ་ཤེས་རླུང་རྒྱུའོ༔ གསང་བ་ཨ་ཝ་དྷུ་ཏི་དེའི༔ གཡས་ན་ལ་ལ་ན་ཡི་རྩ༔ སྒོ་ནི་སྣ་བུག་གཡས་ནས་ཟུག༔ ཡར་འཁྱོགས་མིག་གཡས་དབྱིབས་ལ་སླེབས༔ མར་བརྒྱུད་ལྟག་པའི་ཨན་དང་ག རྒྱུས་པའི་དྷ་ཏི་རང་ལ་འཁྲིལ༔ དེ་ནས་དྷ་ཏིའི་གཾཡས་ནས་བརྒྱུད༔ ལྟེ་བའི་འོག་སྤྱིའི་མཚམས་སུ་སླེབས༔ གཡོན་ན་རཏྣ་བ་ཡི་རྩ༔ སྒོ་ནི་སྣ་བུག་གཡོན་ན་ཟུག༔ ཡར་འཁྱོགས་མིག་གཡོན་དབྱིབས་ལ་སླེབསཿ མར་བརྒྱུད་ལྟག་པའི་ཨན་དང་གི༔ དྷཱ་ཏིའི་རྒྱུས་པའི་མཚམས་ལ་འཁྲིལ༔ དེ་ནས་དྷཱ་ཏིའི་གཡོན་ནས་བརྒྱུད༔ ལྟེ་འོག་སྤྱི་ཡི་མཚམས་སུ་སླེབས༔ ལྟེ་འོག་དྷ་ཏི་སོར་བཞི་དང་༔ ལ་ལ་རྭ་ས་གསུམ་འཛོམ་པ༔ གཡས་གཡོན་རླུང་གཉིས་དྷུ་ཏིར་ཚུད༔ ཚུད་པའི་དུས་ན་རྟོག་པ་འགག བུ་ཆུང་མ་ལ་སྐྱེས་ནས་ཀྱང་༔ ཞག་ལྔ་ལོན་ཚེ་རླུང་སེམས་གཉིས༔ དྷུ་ཏིར་ཚུད་ནས་ཅི་མི་དྲན སྦྲིད་པ་དྲག་པོ་བྱུང་བ་དང་༔ ཕོ་མོའི་ཆགས་པ་རྫོགས་རྗེས་དང་༔ ཧད་ཀྱིས་བརྒྱལ་བའི་དུས་ན་ནི༔ སྐད་ཅིག་ཙམ་ལ་དྷཱ་ཏིར་ཚུད༔ འཆི་ལ་ཁད་ལ་དྷུ་ཏིར་ཚུད༔ རྩ་རླུང་འབྱོངས་པའི་རྣལ་འབྱོར་པ༔ ལྟ་
བ་རྟོགས་ཚེ་དྷཱ་ཏིར་ཚུད༔ རླུང་སེམས་དྷཱ་ཏིར་ཚུད་པའི་རྟགས༔ རྟོག་པ་འགགས་ནས་མི་རྟོག་པ༔ སྤྲོས་དང་བྲལ་བའི་ཉམས་མྱོང་སྐྱེ༔ མི་རྟོག་ཆོས་ཀྱི་དབྱིངས་ཞེས་བྱ༔ འབྲས་བུ་ཆོས་ཀྱི་ཕྱག་ཆེན་ཐོབ༔ ཅེས་དང་། བརྒྱད་པ་རླུང་གི་ལས་བྱེད་ནི༔ སོ་སོ་སྐྱེ་བོ་ཐ་མལ་པ༔ ཚེ་ཡི་འདས་དུས་བྱུང་བའི་ཚེ༔ རླུང་སེམས་རིག་པ་རྣམ་པ་གསུམ༔ སྙིང་རྗེ་མེད་པའི་རླུང་ལ་ཞོན༔ གསང་བའི་གནས་ནས་ཐོན་པ་ན༔ རོ་ལ་དྲི་ཆུ་རྒྱངས་ཀྱིས་འོང་༔ དེ་ནི་ལས་ཀྱི་དམྱལ་བར་སྐྱེ སེམས་དང་རིག་པ་རྣམ་པ་གསུམ༔ མཐུར་དུ་འགྲོ་བའི་རླུང་ལ་ཞོན༔ བཤང་བའི་ལམ་ནས་ཐོན་པ་ན༔ རོ་ལ་དྲི་ཆེན་ལྷུག་གིས་འོང་༔ ཡི་དྭགས་གནས་སུ་སྐྱེ་བར་བྱེད༔ སེམས་རིག་མེད་མཉམ་རླུང་ལ་ཞོན༔ ལྟེ་བའི་གནས་ནས་ཐོན་པ་ན༔ ལྟེ་བར་ཟིལ་བ་ཕྲུམ་མེ་འབྱུང་༔ བྱོལ་སོང་གནས་སུ་སྐྱེ་བར་བྱེད༔ སེམས་དང་རིག་པ་རྣམ་པ་གསུམ༔ བཀྲག་དང་གཟི་བརྗིད་མདངས་བསྐྱེད་པའི༔ རླུང་ལ་ཞོན་ནས་མིག་ལ་ཐོན༔ མིག་གཡས་ཅེ་རེ་བལྟས་ཏེ་སྡོད༔ ལྷ་ཡི་གནས་སུ་སྐྱེ་བར་བྱེད༔ སེམས་རིག་དྭངས་སྙིགས་འབྱེད་པ་ཡི༔ རླུང་ལ་ཞོན་ནས་ཁ་ལ་ཐོན འཆི་ཁར་མ་སླེབས་དབུགས་དང་བྲལ༔ མི་རུ་སྐྱེ་བའི་ལས་བྱེད་དོ༔ སེམས་རིག་དྭངས་སྙིགས་འབྱེད་པ་ཡི༔ རླུང་ལ་ཞོན་ནས་སྣ་ལ་ཐོན༔ སྣ་བུག་གཡས་པ་ཀྱོག་ལ་ཆེ༔ ལྷ་མིན་གནས་སུ་སྐྱེ་བར་བྱེད༔
སེམས་རིག་གྱེན་རྒྱུའི་རླུང་ལ་ཞོན༔ ཚངས་བུག་གཡས་ནས་ཐོན་པ་ན༔ སྤྱི་གཙུག་འཕར་དང་རླུངས་ཟིལ་འབྱུང་༔ ས་ལམ་བཅུ་གསུམ་མན་ཆད་ནོན༔ དེ་ཉིད་རྣལ་འབྱོར་སྒོམ་པའི་རྟགས༔ ཡང་དག་རྫོགས་པའི་སངས་རྒྱས་ཐོབ༔ སེམས་བྲལ་ཡེ་ཤེས་རིག་པ་དེ༔ ཤེས་རབ་ཡེ་ཤེས་རླུང་ལ་ཞོན༔ སྙིང་གི་དབུས་ནས་གནས་བསྐྱེད་དེ༔ ཡེ་ཤེས་གསང་ལམ་ཤེལ་སྦུག་ཅན༔ སྦོམ་དུས་གྲོ་སོག་སྨྱུ་གུ་ ཙམཿ ཕྲ་དུས་དར་དཀར་སྐུད་པ་ཙམ༔ མིག་ལ་ཟུག་པའི་ནང་ནས་ཐོན༔ མིག་གཡོན་འབྲས་བུ་འབྱུང་བ་ན༔ མིག་གཡོན་མདངས་བཅས་ཅེ་རེ་འོང་༔ རང་བྱུང་ཡེ་ཤེས་ཆེན་པོ་འཆར༔ མངོན་སུམ་མཐོང་བའི་རྣལ་འབྱོར་རྟགས༔ མངོན་པར་རྫོགས་པའི་སངས་རྒྱས་ཐོབ༔ ཅེས་གསུངས། ཡང་ཟང་ཐལ་ཆོས་སྡེ་ཟབ་རྒྱའི་རྩ་བ་རྡོ་རྗེ་ཕག་མོ་དགྱེས་པ་ཕྲིན་ལས་ཀྱི་རྒྱུད་ལས། ཨོ་རྒྱན་ཆེན་པོ་ལ་རྡོ་རྗེ་ཕག་མོས་གསུངས་པ་ཡིན། རྡོ་རྗེ་ཕག་མོས་བཀའ་སྩལ་པ༔ ལྟ་བའི་བཤད་པ་མང་གྱུར་ཡང་༔ རྗེས་དཔག་རིམ་གྱིས་འཇལ་བ་དང་༔ དཔེ་རྟགས་བརྡ་ཡིས་བསྟན་པ་ལ༔ དོན་ལ་ཕེབས་བ་ཤིན་ཏུ་ཉུང་༔ མཁའ་འགྲོའི་ཐུགས་ཀྱི་དགོངས་པ་ཡི༔ ལྟ་བ་ཟབ་མོ་བསྟན་པར་བྱ༔ ལྟ་བ་དངོས་ནི་འདི་ལྟ་སྟེ༔ རང་རིག་བཅོས་བསླད་མེད་པ་ནི༔ རྒྱལ་བའི་དགོངས་པ་མཐར་ཐུག་ཡིན༔ དེ་ལ་སྐྱོན་མེད་ཡོན་ཏན་རྫོགས༔ དེ་ལ་འཕོ་དང་
འགྱུར་བ་མེད༔ ལྟ་བའི་སྙིང་པོ་དེ་ཡིན་ནོ༔ དེ་ལ་མན་ངག་རྣམ་པ་གཉིས༔ སྟོང་པ་དང་ནི་གསལ་བའོ༔ སྟོང་པའི་ཕྱོགས་ནས་བརྟགས་པ་ན༔ སྐྱེ་མེད་འགག་མེད་གྲོལ་བ་མེད༔ འོང་མེད་བཅིང་མེད་གྲོལ་g བ་མེད༔ རྟེན་མེད་གནས་མེད་འཁོར་བ་མེད༔ འདས་དང་བླང་དང་དོར་བ་མེད༔ སྟོང་དང་མི་སྟོང་དངོས་པོ་མེད༔ རྟག་ཅིང་མིང་མེད་ཡི་གེ་མེད༔ སྒྲ་དང་ཐ་སྙད་མཐའ་དབུས་མེད༔ སྨྲ་བསམ་བརྗོད་པའི་ཡུལ་ལས་འདས༔ གསལ་བའི་ཕྱོགས་ནས་བརྟགས་པ་ན༔ རིག་པ་དང་ནི་གསལ་བ་ཡོད༔ སྐུ་དང་ཡེ་ཤེས་ཡོན་ཏན་ཡོད༔ ཕྲིན་ལས་ཞིང་ཁམས་གཞལ་ཡས་ཡོད༔ གཙོ་འཁོར་ཕུན་སུམ་ཚོགས་པ་ཡོད༔ རྩོལ་སྒྲུབ་མེད་ཅིང་འདུས་མ་བྱས༔ ལྷུན་གྲུབ་ཆེན་པོར་ངང་གིས་གནས༔ རང་རིག་ལྟ་བའི་རྒྱལ་པོ་ཡིན༔ དཔེར་ན་ནམ་མཁའ་ལྟ་བུའོ༔ ཞེས་ནམ་མཁའ་ལྟ་བུ་ལྟ་བའི་སྐབས་སུ་གསུངས། ཡང་དེའི་ཉི་ཟླ་ལྟ་བུ་བསྒོམ་པའི་རྒྱའི་སྐབས་ལས། རྡོ་རྗེ་ཕག་མོས་བཀའ་སྩལ་པ༔ སྒོམ་པའི་མན་ངག་འདི་ལྟ་སྟེ༔ ཡོད་པར་བསྒོམ་པས་རྟག་པར་གོལ༔ མེད་པར་བསྒོམ་པས་ཆད་པར་གོལ༔ ཡོད་མིན་མེད་མིན་བཞག་པ་ན༔ གཏི་མུག་བྱིང་བའི་གནས་སུ་གོལ༔ ངེས་པའི་སྒོམ་པ་འདི་ལྟ་སྟེ༔ རིག་པའི་ངོ་བོ་བཅོས་བསླད་མེད༔ ཡིན་པའི་ཐོག་ཏུ་གནས་པར་ཞོག༔ དེ་ལ་མཁས་པའི་དཔེ་གསུམ་སྟེ༔ ལུས་ནི་རྣམ་སྣང་ཆོས་
བདུན་བྱ༔ ངག་ནི་མི་སྨྲ་དལ་བར་བཞག སེམས་གནད་ཐ་མལ་ཤེས་པ་འདི༔ བཅོས་བསླད་མེད་པར་རང་སོར་གློད༔ དེ་ལ་མན་ངག་རྣམ་པ་བདུན༔ དང་པོ་གནས་ལུགས་ཤེས་པ་དང་༔ གཉིས་པ་ངང་ལ་གནས་པ་དང་༔ གསུམ་པ་ཐད་ཀར་ཆོད་པ་དང་༔ བཞི་པ་རང་ས་ཟིན་པ་དང་༔ ལྔ་པ་འགྱུར་བ་མེད་པ་དང་༔ དྲུག་པ་གདོས་པར་མ་གྱུར་དང་༔ བདུན་པ་མངོན་དུ་གྱུར་པའོ༔ འདི་ལ་རྒྱུན་ཆད་མེད་པ་རུ༔ བརྩོན་པས་ཉམས་སུ་བླངས་པ་ན༔ ཆོས་ཉིད་ཟབ་མོའི་རྟགས་རྣམས་ཤར༔ དེ་ཚེ་འབྲས་བུ་རིམ་གྱིས་ཐོབ༔ ཅེས་གསུངས། ༈ །ཡང་གོང་དུ་དྲངས་པའི་ཡང་དག་དོན་གྱི་སྙན་བརྒྱུད་ཡི་གེ་མེད་པ་ནམ་ཤི་སངས་རྒྱས་སྒྱུ་ལུས་བོར་ཆོག་ཅེས་པ་འདིའི་འབྲས་བུའི་སྐབས་ལས། གསུམ་པ་མཐར་ཐུག་འབྲས་བུའི་གྲུབ་ཚུལ་བསྟན་པ་ལ་གསུམ་སྟེ༔ དབང་པོ་རབ་རྡོ་རྗེ་སེམས་དཔའི་གསང་ལམ་འདི་དང་འཕྲད་ནས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས༔ ངོ་སྤྲོད་པ་དང་རྟོགས་པ་དུས་མཉམ༔ དབུགས་ཆད་པ་དང་སངས་རྒྱས་པ་དུས་མཉམ༔ སངས་རྒྱས་པ་དང་ཐུགས་རྗེ་འབྱུང་བ་དུས་མཉམ༔ བར་དོའི་སྐད་ཅིག་མའི་གྲོལ་ལུགས་བརྩི་མི་དགོས་པརཿ ལུས་རྒྱ་ནམ་གྲོལ་བའི་དུས་སུ༔ རིན་པོ་ཆེ་གསང་བའི་སྦུ་གུ་ནས་ཟང་ཐལ་ཆོས་ཀྱི་སྐུ་རུ་སངས་རྒྱའོ༔ རྒྱུད་ལས། སེང་གེ་མཆོང་བས་ས་ཆོད་ལྟར༔
གོམ་པ་གཅིག་གིས་ཕ་རོལ་ཕྱིན༔ ཅེས་གསུངས་སོ༔ དབང་པོ་འབྲིང་བར་དོའི་ཡེ་ཤེས་ངོས་ཟིན་པས་ལྔ་ལྡན་དང་རྫོགས་ལྡན་གྱི་དགོངས་པ་མཐར་ཕྱིན་ཏེ་སངས་རྒྱའོ༔ རྒྱུད་ལས༔ སྔ་མ་ལས་ཀྱི་འཕྲོ་ལྡན་པས༔ བར་དོར་རྟགས་མཐོང་རང་ས་ཟིན༔ ཞེས་གསུངས་སོ༔ དབང་པོ་ཐ་མ་ནི་སྐྱེ་བ་གཅིག་ཐོག་པར་བཤད་དེ༔ བླ་མ་ལ་མོས་གུས་མ་ལོག་པ་དང་གཅིག༔ མཆེད་གྲོགས་ལ་དམ་ཚིག་མ་ཉམས་པ་དང་གཉིས༔ ཆོས་ལ་ལོག་ལྟ་མ་སྐྱེས་པ་དང་གསུམ་འཛོམ་ན༔ ཚེ་འདིར་སྣང་བ་བདེན་མེད་དུ་མ་རྟོགས་ཤིང་༔ བར་དོར་ཡེ་ཤེས་ངོས་མ་ཟིན་ཀྱང་༔ སྐྱེ་བ་གཅིག་ནས་ལས་ཀྱི་འཕྲོ་མཐུད་ནས་སངས་མི་རྒྱ་མི་སྲིད་དོ༔ རྒྱུད་ལས། སྐྱེ་གནས་མི་འགྱུར་བླ་མ་དང་༔ དེ་ནས་དེ་ཉིད་འཕྲད་པར་འགྱུར༔ ཅེས་གསུངས་པས། རང་གི་བླ་མའི་གདུང་རྒྱུད་དམ༔ ཆོས་འདི་སྤྱོད་པའི་སྐྱེས་བུ་དམ་པ་གཅིག་གི་དྲུང་དུ་སྐྱེས་ནས༔ ལས་འཕྲོའི་དབང་གིས་སངས་རྒྱས་པ་ལ་ཐེ་ཚོམ་མེད་དོ༔ ཞེས་གསུངས་སོ། །ལན་གཅིག་མཐོང་བས་གྲོལ་བའི་སྙན་བརྒྱུད་ཅེས་པ་དེའོ། །འདི་གཙོ་བོ་ཀ་དག་དང་བར་དོའི་ངོ་སྤྲོད་ཉམས་ལེན་ཡིན་པས། ཀ་དག་གི་འབྲས་བུའི་གྲོལ་ཚད་ཡིན་འདུག །ཡང་ཟང་ཐལ་གྱི་ཆོས་ཉིད་མངོན་སུམ་གྱི་ཁྲིད་ཡིག་ལས། རིག་པ་ཡེ་ཤེས་ཀྱི་ལུས་ངག་ཡིད་གསུམ་ཁྱབ་པར་གནས་ཀྱང་༔ ལུས་ཀྱི་དབུས་རྩའི་གཙོ་བོ༔
དྭངས་མ་བཅུད་ཀྱི་ཐིག་ལེ་གནས་པའི་ཟུར་ན་སེམས་བརྟེན་ནས་ཡོད༔ དེའི་དབུས་ཀྱི་སྙིང་པོ་ལ་རིག་པའི་མཛོད་གནས་ཏེ༔ དེ་ཡང་སེམས་བྱ་བ་འཛིན་པ་ཡོད་པ་གཅིག་ཡིན༔ སེམས་ཀྱི་དྭངས་མའི་རྩལ་འཛིན་མེད་དུ་སལ་ལེ་བ་དེ་རིག་པ་ཡིན༔ བདག་འཛིན་ལུས་ཀྱི་འཛིན་པ་ཡོད་པས་སེམས་ཞེས་བྱ་བ་དེ༔ སྙིང་ལ་མི་གནས་སྙིང་གི་ཕྱི་ཟུར་ན་གནས་སོ༔ འཛིན་མེད་རང་གསལ་གྱི་རིག་པ་དེ་སྙིང་ལ་གནས་པས༔ སྙིང་པོའི་དོན་ཞེས་ཟེར་བ་ཡིན༔ སེམས་ཅན་ཐམས་ཅད་སངས་རྒྱས་ཉིད༔ འོན་ཀྱང་གློ་བུར་དྲི་མས་བསྒྲིབ༔ ཅེས་གསུངས་པས། སངས་རྒྱས་ཀྱི་སའང་རིག་པ་ཡིན་ཏེ༔ གློ་བུར་དྲི་མ་ཞེས་བྱ་བ་སེམས་ཡིན་ནོ༔ རིག་པ་ཐིག་ལེ་ཉག་གཅིག་ཏུ་འདུས་པས༔ ཐིག་ལེ་ཉག་གཅིག་ཅེས་བྱ་བ༔ གཟུང་འཛིན་མ་རིག་པ་ལས་བྱུང་བས་འཁྲུལ་པའི་སེམས་ཞེས་བྱ༔ མདོར་ན་བདག་ཏུ་འཛིན་པའི་སེམས་དེས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲིབ་པ་ཡིན༔ བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ༔ ཅེས་པའི་དོན་དེ་རིག་པ་ལ་ཟེར་བ་ཡིན༔ དེ་མངོན་སུམ་དུ་རྟོགས་པའི་ཐབས་ནི༔ ལུས་ཆུན་པས་རྩ་ཆུན༔ རྩ་ཆུན་པས་རླུང་ཆུན༔ རླུང་ཆུན་པས་ཐིག་ལེ་ཆུན༔ དེས་རིག་པ་ཡེ་ཤེས་གཡོས་པ་མེད་པར་གནད་དུ་ཚུད་ནས་སངས་རྒྱས་ཀྱི་དགོངས་པ་གཏན་ལ་འབེབས་པའི་དགོས་པ་ཡོད་དོ༔
གཉིས་པ་གནད་གསུམ་ལ་བརྟེན་ནས་རིག་པ་མངོན་སུམ་དུ་བལྟ་བ་ནི༔ གང་གི་རིག་པ་ཡེ་ཤེས་བཤད་པ་དེ་ཉིད༔ དཔེར་ན་ལྷ་ཁང་ན་ལྷ་ཡོད་ཀྱང་མ་མཐོང་ན་ལྷ་ཡོད་པར་འདུག་གམ་སྙམ་པ་ཙམ་ཊྛ ལས༔ མངོན་སུམ་དུ་གསལ་བར་མི་མཐོང་བ་བཞིན༔ རིག་པའི་ཡེ་ཤེས་མངོན་སུམ་དུ་ལྟ་རྒྱུ་ཡོད་སྙམ་པ་ཙམ་ལས༔ ཡིད་དཔྱོད་འཛིན་པའི་གཡུལ་དུ་ཤོར་ཏེ༔ བལྟ་བར་མ་ནུས་ནས་ཚེ་གཅིག་གིས་སངས་རྒྱས་ཐོབ་པར་མི་ནུས་པས༔ ཆོས་སྤྱིའི་ལུགས་ཕལ་ཆེར་ནི༔ དྲང་དོན་དང་ལྡེམ་དགོངས་ཡིན༔ ངེས་དོན་གྱི་ཆོས་རྣམས་ཀྱང་ཤེས་རབ་ཡུམ་གྱི་དགོངས་པ་ཞེས་བྱ༔ སྟོང་པ་ཉིད་ཀྱི་དགོངས་པ་གཏན་ལ་འབེབས་པ་ཡིན་ཏེ༔ ལ་ལ་ནི་གོམ་པར་ཆུང་༔ ལ་ལ་ནི་ཡུན་རིང་ཉམས་ལེན་མ་ནུས་པས་མཐར་མ་ཕྱིན༔ འགའ་ཞིག་རིག་པ་ཡེ་ཤེས་ཀྱི་དགོངས་པ་ཀློང་དུ་གྱུར་ནས་བྱང་ཆུབ་ཀྱི་ལམ་སྣ་ཟིན་པའང་འབྱུང་ངོ་༔ ཡི་དམ་གྱི་ལྷ་བསྒྲུབས་ནས་སངས་རྒྱས་པར་འདོད་པས་ཀྱང་༔ འཇུག་ཏུ་མི་རྟོག་པའི་རྒྱས་བཏབ་ནས༔ རྫོགས་རིམ་ཞེས་བྱང་ཆུབ་ཐོབ་པར་འདོད་དེ་སངས་རྒྱས་ལ་བགྱང་བ་ཡིན་ནོ༔ ཞེས་གསུངས། སུམ་ཅུ་རྩ་གསུམ་ནི༔ ཉེ་དབང་སོ་གཉིས༔ ལྷ་དབང་དང་སོ་གསུམ་གྱི་གནས་སོ༔ ༈ ལྕཧོར་ཏྲེ་པོ་བླ་མ་འགྱུར་མེད་སྐལ་བཟང་འཕེལ་རྒྱས་བཟང་པོའི་བསྐྱུད་
བྱང་ཕྱག་བྲིས་མ་པུ་སྟི་ལས་ཞལ་བཤུས་པའི་ཉེར་མཁོ་སྦྲང་རྩིའི་ཐིགས་པ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་ར་ཝེ། ཨོ་རྒྱན་ཆེན་པོས། སེམས་དང་སེམས་ཉིད་ཀྱི་སོ་མཚམས་ནི༔ སེམས་ཞེས་བྱ་བ་མངོན་པར་འདུ་བྱེད་ཅིང་དྲན་པའོ༔ ཉིད་ཅེས་བྱ་བ་དྲན་པ་མེད་ཅིང་ཡིད་ལ་མི་བྱེད་པའོ༔ ཞེས་དང་། བླ་མ་དགོངས་པ་འདུས་པའི་ཁྲིད་གཞུང་ལས། ཁྲེགས་ཆོད་ཀྱི་གདམས་པ་ནི༔ གང་ཤར་ལྟོས་མེད་རང་ཤར་གྱི་སྟེང་ནས་གཉེན་པོ་དང་ཕྲལ་ནས་འཇོག་པ་ལ་ངོས་འཛིན་ཏེ༔ ཞེས་སོ།། ༈ །།བྱང་གཏེར་ཐུགས་སྒྲུབ་ཀྱི་ལོ་རྒྱུས་ལས། བོད་ཁ་བ་ཅན་གྱི་ཁམས་འདི༔ མཐའ་འཁོབ་བྱོལ་སོང་གི་བག་ཆགས་ཤས་ཆེ་བས༔ ངའི་ཡོན་ཏན་བློར་མི་ཤོང་སྟེ༔ དེའི་ཕྱིར་ངའི་མཛད་པ་ཐམས་ཅད་བར་མའི་རིག་འཛིན་གྱི་ཚུལ་དུ་བསྟན་ཏོ༔ ལྔ་བརྒྱ་སྙིགས་མའི་ཚེ༔ བོད་ཁམས་སྡུག་བསྔལ་གྱིས་ཉམ་ཐག་པའི་ཚེ༔ ལས་ཅན་གྱི་གང་ཟག་འགའི་བློ་རུང་གི་ཡོན་ཏན་ཤོང་བར་འགྱུར་གྱི༔ དཔལ་མཆོག་ཧེ་རུ་ཀའི་ཐུགས་ཀྱི་སྲས་ཉིད་དོ༔ ངའི་རྣམ་ཤེས་ཚོགས་བརྒྱད་ལས་སྒྲུབ་པ་ཆེན་པོ་བཀའ་བརྒྱད་འཕྲོས་པ་ཡིན་ནོ༔ ངའི་བ་སྤུའི་བུ་ག་རེ་རེ་ནས་ཀྱང་སྤྲུལ་པ་བྱེ་བ་ཕྲག་བརྒྱ་འགྱེད་ནུས་པས༔ ལྷའི་སྒྲུབ་ཐབས་ཐུབ་པའི་བསྟན་པ་འདི་ལ་བྱོན་པ་ཐམས་ཅད་ངའི་ཐུགས་རྗེའི་
རྣམ་འཕྲུལ་ཡིན་པས་བློ་ཕྱིན་ཅི་ལོག་ཏུ་ལྟ་བར་མ་བྱེད༔ ངའི་ཐུགས་སྒྲུབ་ལ་རྩེ་གཅིག་ཏུ་བསྒྲུབས་པས༔ ཡི་དམ་ཐམས་ཅད་ང་ལ་འདུས་པས་ལྷ་གང་དང་གང་ལ་མོས་ཤིང་དད་པའི་རྟགས་ཐམས་gཅད་རྩོལ་མེད་དུ་ཐོན་ནོ༔ ལས་ཅན་མིན་པ་སུ་རུང་རུང་དང་ང་ཡི་ཐུགས་སྒྲུབ་འདི་མི་འཕྲད་དོ༔ ཞེས་སོ། ༈ །ཆོས་དབང་རིན་པོ་ཆེ་སློབ་དཔོན་དང་དངོས་སུ་མཇལ་བའི་ཞུ་ལན་ལས། དེ་ཇི་ལྟར་སྐྱོང་ཐབས་མཉམ་སྦྱོར་གྱི་རྒྱུད་ལས། འགྱུ་བ་རྗེས་མེད་ཐམས་ཅད་མཁྱེན་པའི་རྒྱུ། །ཞེས་གསུངས་པའི་དོན་ནི། འགྱུ་བ་ཚོགས་དྲུག་གི་སྣང་བ་རང་སྣང་གཏན་ལ་ཝལ་རྩེར་ཕེབས་རྗེས་སུ། འགྱུ་བྱེད་ངོས་བཟུང་བས་འགྱུ་བ་རང་སེམས་རྗེས་མེད་དུ་སོང་། དེ་བསྐྱངས་པས་རྟོག་མི་རྟོག་གཉིས་ཀྱི་དགོངས་པ་ཐམས་ཅད་མཁྱེན་པར་འཆར་ཏེ། དེ་ལྟར་འགྱུ་བ་རྗེས་མེད་དུ་གྲོལ་བས་རྟོག་པ་བླང་དོར་ག་ན་དགོས། རང་སར་ཆོད་དེ་སངས་རྒྱས་པས། དྲན་པ་ཡེངས་མེད་བྱ་རེས་འགྱུ་བྱེད་དྲན་པ་རང་གྲོལ་དུ་སྐྱོང་། ལས་དང་བག་ཆགས་ཀྱི་སྐྱོན་ལས་གྲོལ་ནས། བྱང་མ་ཆུབ་ན་ཨོ་རྒྱན་ངས་ཆོས་དབང་ཁྱོད་བསླུས་བ་ཡིན་ནོ་གསུངས་སོ།། ༈ །།སྨྲ་བ་ཀུན་སྤྱོད་ལས། འགྲོ་ལྔ་འདི་དག་སངས་རྒྱས་ལྔ་བདག་ཉིད། །གར་མཁན་དག་དང་རི་མོ་བཟང་ལྟར་གནས། །གང་དུ་བདེ་ཆེན་ཞེས་བྱ་
གཅིག་པུ་ཉིད། །གཅིག་བུའི་ཉམས་ཀྱིས་དུ་མའི་གར་མཛད་དོ། །ཞེས་སོ། ༈ །གཏེར་ཆེན་ནི་བླ་རྫོགས་ཐུགས་གསུམ་ཚང་བ་སྟེ། དེ་ཡང་ཞི་དྲག་མ་ངེས་པའི་བླ་མའི་སྒྲུབ་སྐོར། རྫོགས་པ་ཆེན་པོ་གསུམ་ལ་མཚན་གཞི་བྱེད་ཅིང་། དེར་མ་ཟད་ཆོས་བཀའ་གང་ཡང་གང་ཟག་གཅིག་འཚང་རྒྱ་བར་བྱེད་པའི་ལམ་ཆ་ལག་ཚང་པ་གཏེར་ཆེན་དང་། དེ་མིན་མན་ངག་སྣ་རེ་དང་། རྫས་གཏེར་ཙམ་དྲངས་པ་ལ་གཏེར་ཕྲན་ཞེས་བྱ་བར་གཏེར་བདག་གླིང་པས་བཞེད། ༈ །གཏེར་ཆེན་རིན་པོ་ཆེའི་དག་སྣང་ལས། ཌཱ་ཀིས། བོད་ཀྱི་བདེ་བ་མ་ལུས་པ། །པདྨ་འབྱུང་གནས་མཐུ་ལས་ བྱུང་། །དེ་ཕྱིར་དེ་ཡི་རིང་ལུགས་ལ། །བརྩོན་པ་བསྐྱེད་ཅིང་གསོལ་བ་ཐོབ། །ཅེས་གསུངས། ༈ །སྒྲོན་གསལ་ལས། རྡོ་རྗེ་སེམས་དཔའི་ཚེ་ནི་ནད་མེད་པ་དང་། འཚོ་བ་དང་ལྡན་པ་དང་། །བར་ཆད་མེད་པའོ། །ཞེས་གསུངས་པའོ། ༈ །ལས་དང་པོ་པ་ནི། དགྲ་ནག་གི་འགྲེལ་པར། དེ་ཡང་ལས་དང་པོ་པའི་རྣལ་འབྱོར་པ་ཇི་སྲིད་ལྷའི་ཡན་ལག་རགས་པར་སྣང་བ་ཙམ་མངོན་སུམ་ལྟར་གྱུར་གྱི་བར་དུ་ནི། ཐུན་མཚམས་གསུམ་དུ་རྣལ་འབྱོར་བཞི་ཆར་བསྒོམས་ཏེ། ཞེས་སོ། ༈ །བྱིན་པ་གཡས་སྟེང་གཡོན་ལ་བཞག་སྟེ་པུས་མོ་གཉིས་དམད་པ་ནི་པདྨའི་སྐྱིལ་ཀྲུང་། བརླ་གཡོན་གྱི་
སྟེང་དུ་རྐང་གཡས་དང་། གཡོན་སྟེང་གཡས་པ་བཞག་པ་ནི་སེམས་དཔའི་སྐྱིལ་ཀྲུང་ངོ་། །གཞན་ཡང་དེ་རིགས་མང་པོ་ལྷོ་བྲག་སྨན་ཐང་པས་མཛད་པའི་ཆ་ཚད་ཡིད་བཞིན་ནོར་བུར་ཡོད་དོ། ༈ ། བི་མ་ལའི་གསེར་ཕྲེང་ལས། བླ་མེད་ཐེག་པའི་ཡང་རྩེ་འདི་ནི་སྐལ་ལྡན་གྱི་སྐྱེས་བུ་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས། སངས་རྒྱས་མང་པོ་ལ་བསྙེན་བཀུར་ཞིང་། ལས་ཀྱི་སྒྲིབ་པ་མཐར་ཨཱི ཟད་པ། སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ་འགའ་དང་འགའི་སྤྱོད་ཡུལ་ཡིན་གྱི། གང་རུང་རུང་གི་སྤྱོད་ཡུལ་ནི་མ་ཡིན་ཏེ། ཐེག་པ་དམན་པ་དང་། བསོད་ནམས་དམན་པ་དང་། ཤེས་རབ་དམན་པ་དང་། ཡུལ་དང་དུས་དང་ལམ་ལ་ལྟོས་པའི་གང་ཟག་རྣམས་ནི་འཕྲད་པར་མི་འགྱུར། འཕྲད་ཀྱང་མོས་པར་མི་འགྱུར། ཞེས་སོ། ༈ །ཨེགཕྲེམཙྪ་གཅིག་ཞུས། ༈ དག་སྣང་ལུང་བསྟན་སོགས་ཀྱང་རེ་དོགས་སྐྱེས་ན་དངོས་གྲུབ་བར་ཆད་གང་རུང་ཞིག་མི་འགྱུར་མི་སྲིད་པས་ཐམས་ཅད་ཆོས་ཉིད་མཉམ་པ་ཆེན་པོའི་ངང་དུ་བཞག་གོ། །འདིའི་ལོ་རྒྱུས་དཔའ་བོའི་ཆོས་འབྱུང་དུ་བཤད། །།དཀྱིལ་འཁོར་གྱི་ཕྱི་རོལ་དུར་ཁྲོད་བརྒྱད་དུ་གྲུབ་ཐོབ་བརྒྱད་གནས་པ་ནི་འགའ་ཞིག་ཏུ་ངེས་བཟུང་མེད་པར་བཤད། དོཥཱ་སེ་ན་ནི་སློབ་དཔོན་དཔའ་བོའི་མཚན་གྱི་རྣམ་གྲངས་སུ་བཤད་ཀྱང་། དོན་ལ་མཆེ་
བའི་སྡེ་སྟེ་སློབ་དཔོན་སེང་གེ་བཟང་པོ་སོགས་དང་དུས་མཉམ་མམ་སྙམ། ༈ །པཎྜི་ཏ་ཤྲཱི་མ་ཧཱ་ཛ་ནས། དེའི་རྒྱལ་པོ་ནི་རིག་པའི་གནས་ལྔ་སྟེ། དེའི་ཁབ་ནི་ཆོས་ཀྱི་སྐུ་ཞེས་པའི་དོན་ཏོ། །བྱ་རྒོད་ཅེས་བྱ་བ་ནི་ཆོག་མི་ཤེས་པ་ཉེ་བར་མཚོན་པ་སྟེ། མཐའ་མེད་པ་ལ་འཇུག་པའོ། །ཕུང་པོ་ཞེས་བྱ་བ་ནི་མི་ཟད་པའི་དོན་ནོ། །ཞེས་དང་། ༈ །གསང་སྔགས་ནི། ཁ་སྦྱོར་ཐིག་ལེར། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་གསང་བ་དང་། ཞེས་དང་། རིག་སྔགས་ནི། རྡོ་རྗེ་རྩེ་མོར། འདོད་ཆགས་མུན་པ་རྣམས་བཏུལ་ཅིང་། །ཉོན་མོངས་རྣམས་ཀྱང་རྣམ་པར་བཏུལ། །མ་རིག་པ་ནི་ཟློག་བྱེད་པ། །དེ་ནི་རིག་སྔགས་རྣམ་པར་བརྗོད། །ཅེས་དང་། གཟུངས་སྔགས་ནི། སྔ་མར། ༤ སངས་རྒྱས་ཆོས་རྣམས་འཛིན་བྱེད་ཅིང་། །ཆོས་རྣམས་འཛིན་པར་བྱེད་པ་དང་། །དགེ་བ་ཞེས་བྱ་འཛིན་བྱེད་པ། །གཟུངས་སྔགས་ཀྱི་ནི་མཚན་ཉིད་དོ། །ཞེས་སོ། །དེ་གསུམ་ཡང་ངོ་བོ་གཅིག་ ལས་གནས་སྐབས་ཀྱི་ཡོན་ཏན་གཙོ་ཆེ་པའི་ལྡོག་ཆས་བཏགས་པར་བཞེད་དོ། །ཨོཾ་སརྦ་དྲ་བྱི་ཤོ་དྷ་ན་ཧཱུྃ་ཕཊ། འདོད་ཡོན་ཐམས་ཅད་རྣམ་པར་དག་པ། ཞེས་པའོ། ༈ །དབུ་སྐྲ་ལི་བ་དང་
ལིང་བ་དོན་གཅིག ༈ །སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། དོན་དམ་པའི་དགེ་སློང་དང་། ཀུན་རྫོབ་ཀྱི་དགེ་སློང་དང་། ལུག་དང་ལྐུགས་པ་ལྟ་བུའི་དགེ་སློང་དང་། །ཁྲེལ་དང་ངོ་ཚ་མེད་པའི་དགེ་སློང་དང་། ཞེས་བཞིར་གསུངས་པའི་དང་པོ་ནི་རྟགས་དང་ཆོ་ག་ལ་མ་བལྟོས་པའོ། །ཆོས་ཉིད་ཀྱི་བདེན་པ་མཐོང་ཚེ། ༈ །རྒྱལ་དབང་ལྔ་པས། མཛད་པའི་ལས་ཆོག་རྣམ་རྒྱལ་གསེར་འདི་གལ་ཆེ། མདོག་ལས། མ་ནིང་དེ་རྣམ་པ་ལྔ་ཡོད་དེ། སྐྱེས་ཙམ་ནས་ཕོ་མོ་གཉིས་ཀའི་མཚན་མ་ཡོད་པ་དང་། ཟླ་བའི་སྟོད་སྨད་ལ་ཕོ་མོའི་འདོད་ཆགས་སོ་སོར་ཕྱེ་བ་ཟླ་བ་ཕྱེད་པ་དང་། ཕོ་མོ་གང་རུང་གིས་རང་ལ་མ་འཁྱུད་བར་དུ་ཆགས་པ་མི་སྐྱེ་བར་འཁྱུད་ནས་ལྡང་བ་དང་། དེ་གནས་ཟག་པའི་སྦྱོར་བ་བྱེད་པ་མ་མཐོང་བར་དུ་མི་སྐྱེ་བ་ཕྲག་དོག་ཅན་དང་། མཚན་མ་མཚོན་གྱིས་བཅད་པ་སོགས་ཀྱིས་ཉམས་པའོ། །ཞེས་བཤད། ༈ །རཏྣའི་རྫོགས་ཆེན་ཀློང་གསལ་སྙིང་ཐིག་གི་ཞུས་ལན་སྙིང་གི་མེ་ལོང་ལས། ཡང་སློབ་དཔོན་ལ་ཞུས་པ༔ དེ་ལྟར་སྒོམ་པའི་རྣལ་འབྱོར་པས༔ བསྒོམས་ཀྱང་རྟོགས་པ་མ་ཤར༔ སྒོམ་འཕྲོ་ལ་ཤི་ན་ཇི་ལྟར་སྐྱེ་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ ངེས་འབྱུང་གཤའ་མ་སྒོམ་པ་དེ་མིར་མི་སྐྱེ་སྟེ༔ སྐྱེ་བ་དེས་འཁོར་བ་ལས་ལྡོག་པ་ཐོབ༔ ཉམས་སྐྱེས་ཏེ་མི་གཡོ་
ཁ་ཙམ་ལ་སྐྱེ་བ་ནི་ལྷ་ཡི་རིག་འཛིན་དུ་སྐྱེ་བ་དེར་སངས་རྒྱའོ༔ ཉམས་རྟོགས་ཤིན་ཏུ་བརྟན་ཅིང་མི་གཡོ་བ་ཐོབ་པ་ནི༔ སྲིད་པ་བར་དོ་ལ་ཏིང་འཛིན་ཟིན་ཏེ་འཚང་རྒྱ་བ་ཡིན་གསུངས༔ ཞེས་དང་། འོ་ན་ཡི་དམ་ལྷའི་བསྙེན་སྒྲུབ་ཇི་ལྟར་བྱས་ན་ཉེ་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ རང་དང་ཡི་དམ་གཉིས་སུ་མེད་པར་སྐུ་གསུང་ཐུགས་ལྷུན་གྲུབ་ཏུ་རྟོགས་ཤིང་བཟླས་བརྗོད་ཐེམ་ན་ཉེ༔ དོན་ལ་རང་རིག་ཡི་དམ་ཆོས་སྐུར་རྟོགས་ན་ཉེའོ་གསུངས༔ ཞེས་སོ། ༈ །འཇམ་དཔལ་གྱིས། ཕུང་པོ་རྣམ་དཔྱད་སྟོང་ཉིད་ནི། ཞེས་སོགས་འདི་གཞན་སྟོང་གི་ལྟ་བའི་ཁུངས་ཆེ་བ་ཞིག་ཀྱང་མཛད་འདུག །བདེ་མཆོག་སྡོམ་འབྱུང་གི་རྒྱུད་དེ་བླ་མེད་སྤྱི་ལ་གལ་ཆེ་བར་ཡོད་པས་ཞིབ་ཏུ་རྟོགས་པར་བྱའོ། ༈ །གསང་བ་ཐམས་ཅད་གཅོད་པའི་རྒྱུད་ཀྱི་རྒྱལ་པོ་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ཞིང་། །རིག་འཛིན་ཐེག་པ་འབྲས་བུར་གནས། །འབྲས་བུ་འདིར་གནས་རྣལ་འབྱོར་པ། །ཁྱིམ་པའི་རྡོ་རྗེ་འཛིན་པ་ཡི། །ཆ་ལུགས་སུ་ནི་གནས་བྱས་ལ། །དབང་བསྐུར་རབ་གནས་ལ་སོགས་བྱ། །ཐེག་པ་གསུམ་གྱི་ཆ་ལུགས་ཀྱིས། །གསང་བའི་སྤྱོད་པ་མ་གསུངས་ཏེ། །དཔེར་ན་རྡོ་ལས་ཟངས་སུ་འགྱུར། །ཟངས་ལས་གསེར་གྱི་རྡོ་བ་སྟེ། །ཟངས་ཀྱི་དུས་ན་རྡོ་མེད་དེ། །
གསེར་དུ་གྱུར་པས་རྡོ་མི་སྣང་། །རིག་འཛིན་ཉིད་ཀྱི་དགེ་སློང་ལ། །སོ་སོར་ཐར་དང་བྱང་ཆུབ་སེམས། །གཉིས་པོ་གནས་པ་ཉིད་དུ་ནི། །སངས་རྒྱས་ཀྱིས་ཀྱང་མ་གསུངས་སོ། །ཞེས་སོ། ༈ །དགོངས་པ་ལུང་བསྟན་པའི་རྒྱུད་ལས། སྲོག་དང་གྱེན་རྒྱུ་ཐུར་སེལ་དང་། །མཉམ་གནས་ཁྱབ་བྱེད་ཅེས་བྱ་དང་། །ཁམས་དང་རུས་སྦལ་གཙང་པ་དང་། །ལྷ་བྱིན་གཞུ་རྒྱལ་ཞེས་བྱ་བ། །ཞེས་བཅུའོ། ༈ །བྱ་རྒྱུད་རིག་པ་མཆོག་གི་རྒྱུད་དུ། ལོག་འདྲེན་པའི་གཙུག་ཕུད་སོགས་ཀྱི་བར་གཅོད་འབྱུང་ཚུལ་འདུལ་ཐབས་དང་བཅས་པ་ཡོད། ༈ །གནུབས་ཀྱི་བསམ་གཏན་མིག་སྒྲོན་ལས། །ངེས་ཚིག་བརྗོད་པའི་དུས་ཉིད་ན། ཀུན་ནི་དོན་དམ་པ། རྫོབ་ནི་སྒྲིབ་པ་སྟེ། ཞེས་དང་། དེ་ལྟ་བུའི་ཉོན་ཀུན་བྱ་བ་དང་བྲལ་བར་གསོལ་བསང་གཉིས་སུ་མེད་པར་མ་ཤེས་སོ། །གལ་ཏེ་གཉིས་སུ་མེད་པར་སྨྲ་ན་ཡང་། དོན་དམ་པའི་བདེན་པ། སྟོང་པ་མ་སྐྱེས་པར་ལྟ་བ་དེར་གཅིག་པར་འདོད་དོ། འོན་ཀྱང་རང་རེས་འཇོག་ཅན་དེས་རྣལ་འབྱོར་ཆེན་པོའི་དེ་བཞིན་བདེན་པ་དབྱེར་མེད་མ་མཐོང་སྟེ། རང་གི་ལྟ་བས་བསྒྲིབས་སོ། །ཞེས་སོགས་དང་། འདིའི་ནང་དུ་ཀཱ་མ་ལ་ཤཱི་ལ་དང་། ཧྭ་ཤང་མ་ཧཱ་ཡཱ་ནའི་ལྟ་སྒོམ་སོགས་ཞིབ་པར་ཡོད། ཐུགས་གཏེར་ལྔ་ནི། སྤར་རྗེར་མཁའ་འགྲོ།
གཏམ་ཟིས་ན་བླ་མ། སྒྲགས་ཡོངས་རྫོང་ན་རྒྱུད་དང་རྫོགས་རིམ། ཧས་པོ་གང་ན་དམ་རྫ་ས་གཙོ་བོར་སྟོན་པ། མཆིམས་ཕུ་ན་ངན་སྔགས་དང་དྲག་སྔགས་རྣམས་ཡོད་པ། དང་པོ་ཉང་། གཉིས་པ་ཆོས་དབང་། གསུམ་པ་རྡོར་གླིང་། བཞི་པ་མདོ་སྔགས་གླིང་པ་ལ་སྐལ་པར་བབས་ཀྱང་མ་ཐོབ། ལྔ་པ་པད་གླིང་ནས་སྤྱན་དྲངས་པ་རྣམས་སོ། ༈ །ཉང་གཏེར་དྲག་དམར་ལས། སྡེ་ཀྵ བརྒྱད་སྲོག་གི་སྙིང་པོ་ནི༔ ཡ་ནི་གཤིན་རྗེ་མ་མ་མོ༔ ན་ནི་ཀླུ་ལ་དུ་ནི་བདུད༔ ཤ་ནི་གནོད་སྦྱིན་རུ་ནི་བཙན༔ ཙ་ནི་རྒྱལ་པོ་ཨ་ནི་ལྷ༔ ཞེས་ད་© ལས། སྤྱི་ལ་གྲི་ལྕགས་སྡིག་པ་སོར་བཞི་པ༔ རང་བཞིན་དྲག་པོ་བཙན་གསུམ་མཚལ་དུ་བྲི༔ ཁྱད་པར་གཟའ་དང་མུ་སྟེགས་གཤིན་རྗེ་ཡིན༔ མ་མོ་བུད་མེད་བརླ་གཡོན་རྐང་༔ བདུད་ལ་ཁབ་ཟུར་གསུམ་པ་ལ༔ ལྷ་ལ་གཡག་དཀར་རྭ་རྩེ་སྟེ༔ གནོད་སྦྱིན་སྲིན་སྡེ་ལྗང་གུའོ༔ རཱུ་དྲ་ཐལ་ཆེན་རྒྱལ་པོ་ཤེལ་རྡོ་ཡིན༔ བཙན་ལ་མཆོང་དམར་དམུ་ལ་མཆོང་སྨུག་ཡིན༔ ཐེའུ་རང་འགོང་པོ་དམ་སྲི་ཕ་ ཝང་ལོང་༔ ཀླུ་ལ་བླ་རྡོ་རིན་ཆེན་སྣ་ལྔ་ཡིན༔ ཅེས་སོ། །རྡོར་བྲག་པད་ཕྲིན་གྱིས་མཛད་པའི་རང་བྱུང་རང་ཤར་གྱི་བསྙེན་སྒྲུབ་ཀྱི་ཡི་གེ་རྒྱུད་དོན་རབ་གསལ་དང་། ཕྲིན་ལས་ཀྱི་རྣམ་བཤད་རབ་
གསལ་ཉིན་བྱེད་སྣང་བ་གཉིས་ཤིན་ཏུ་གལ་ཆེ། ༈ །སརྦ་དུཏྟཾ། གདུག་པ་ཅན་ཐམས་ཅད། ཨ་ཀྲོ་ཏེ་ཀ་ཡ་མནྟ་ཀ་ཧ་ན་མ་ཐ་བྷཉྫ། གཤིན་རྗེ་གཤེད་པོས་བསྣུན་ཞིག་ཆོམ་ཞིག་ཐུལ་ཅིག །པདྨནྟ་ཀྲྀ་ཏ་ནི་པདྨ་མཐར་བྱེད། ཧུ་ལུ་ཧུ་ལུ། འབད་པ་འབད་པ། ཐཾ། ཆིངས་ཤིག །ཀྲོ་དྷི་ཤྭ་རི་ཧཱུཾ་ཧཱུཾ་ཧ་ཧེ་ཕཊ་མ་མ་ཡོ་གི་ནི་རུ་ལུ་ཧཱུཾ། ཁྲོ་མོ་དབང་ཕྱུག་ཁྱོད་བསྡུས་དགྱེས་སྤྲོས་རྣལ་འབྱོར་མ་དབབ་ཅིག་མ་མོ། སརྦ་དུཏྟཾ་ཧཱིམྱགས་ཧྲི་ད་ཡ། སྣང་བ་ཐམས་ཅད་ཆོད་ཅིག་སྤུ་གྲིའི་སྙིང་པོ། ཨ་ཏི་ཤ་ཞེས་བ་ནི། ཕུལ་དུ་བྱུང་བ་ཞེས་པ་པཎྜི་ཏས་གཞན་ལས་ལྷག་པའི་དོན་ནོ། །ཞེས་བཤད། ༤ རིན་ཆེན་སྤུངས་པར། མེད་པ་ཉིད་དང་ཕྱལ་བ་དང་། །ལྷུན་གྱིས་གྲུབ་དང་གཅིག་པུ་ཉིད། །ཅེས་བཤད་དོ། ༈ །བམ་གྱི་གཙོ་བོ་རྣམ་གསུམ་རྒྱལ་དབང་གི་དགོངས་འགྲེལ་ལུང་རིགས་གཏེར་ང མཛོད་ལས། ཕྱི་རོལ་གྱི་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་ནི་ལས་ཀྱི་ཕྱག་རྒྱ། དེ་ལ་བརྟེན་ནས་ཨ་ཝ་དྷུ་ཏིར་སྟོང་པ་ཉིད་དང་རོ་གཅིག་པའི་ལྷན་ཅིག་སྐྱེས་པའི་དགའ་བ་ནི་དམ་ཚིག་ཕྱག་རྒྱ། དེའི་རང་བཞིན་ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་ཕྱག་རྒྱ། དེ་དག་གི་འབྲས་བུ་རང་བྱུང་གི་ཡེ་ཤེས་ནི། ཕྱག་རྒྱ་ཆེན་པོ་ཡིན་པར་གསང་སྔགས་ཀྱི་རྒྱུད་ལ་ཇི་སྐད་གསུངས་པ་བཞིན་ཡིན་ལ། ཞེས་སོ།། མདོ་སྡེ་རྨ་གཅད་ནི། འཆད་ཚུལ་གོང་དུ་སྣང་སྟེ། འགའ་ཞིག་གིས་ཆད་པ་བཅད་པ་ཡིན་ཟེར་བ་ཡང་། དོན་ལ་ཤིན་ཏུ་རྒྱས་པ་ཟེར་བ་ཡིན་ཅེས་བླ་མས་གསུངས་སོ།། །།སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།