Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

4 occurrences of བྱས་པ་གང་
[Clear Hits]


  
 
དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།
 
  
  
  
  
  
  
  
  
  
  
  
  
 
  
  
  
  
  
  
  


4 occurrences of བྱས་པ་གང་
[Clear Hits]

 
previousདྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།next

དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།


JKT021_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་ཞེས་བྱ་བ་བཞུགས་སོ།། །།


JKT021_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཨོཾ་སྭསྟི། ཐུགས་རྗེའི་ཟླ་ཟེར་གང་དུ་སྣང་ཙམ་གྱིས། །སྙིགས་དུས་རྒུད་པའི་མུན་པ་རབ་བསལ་ནས། །ཕན་བདེའི་དབུགས་འབྱིན་སྩོལ་མཛད་བཅོམ་ལྡན་འདས་། །བླ་མ་ཐུབ་པའི་དབང་པོས་དགེ་ལེགས་སྩོལ། །སྟོན་པ་ཐུགས་རྗེ་ཅན་གྱིས་གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་མངོན་སུམ་གཟུགས་སུ་སྣང་བ་དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་པར་འདོད་པའི་ལྷག་བསམ་ཅན་དག་གིས་འདི་ལྟར་ངེས་པར་བྱ་སྟེ། ལོ་ཆེན་རིན་པོ་ཆེའི་ཆོག་བསྒྲིགས་བཀླག་པས་གྲུབ་པ་ལྟར། ༈ །ཐོག་མར་སློབ་དཔོན་གྱིས་བསྙེན་པ་བྱ་དགོས་པས་བསྙེན་ཚད་རབ་གཟུངས་རིང་ཁྲི་བཞི་སྙིང་པོ་འབུམ་ཕྲག་བཞི། དེ་ལྟར་མ་གྲུབ་ན་གཟུངས་རིང་ཁྲི་དང་སྙིང་པོ་འབུམ་


JKT021_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲག་བཟླ། བཟླས་པའི་སྐབས་སུ་ཁྲུས་དང་གཙང་སྦྲ་དཀར་སྤྱད་སོགས་ཀུན་སྤྱོད་ཤིན་ཏུ་ཞིབ་པ་དང་། ཐུན་མཚམས་སུ་མདོ་སྡུད་དང་ཤེར་སྙིང་སོགས་ཤེར་མདོ་གང་རུང་བཀླག ༈ །བསྙེན་པ་གྲུབ་ནས་སཱཙྪ་སྒྲུབ། ༈ །དེ་ནས་ས་ཆོག་ལ་མཆོད་རྟེན་དངོས་སམ་ཁང་བུ་བརྩེགས་པ་གང་རུང་བཞེངས་པའི་ས་གཞིར་ཕྱིན་ལ་ཆོ་ག་གཞུང་གསལ་ལྟར་དང་། སེང་ལྡེང་ཕུར་བུ་བརྒྱད་དངོས་སུ་འབྱོར་དགོས། རིན་པོ་ཆེའི་གཏེར་བཅུག་པའི་སྐབས་དབུས་དང་ཕྱོགས་མཚམས་གང་འཛོམས་སུ་ཀླུ་བུམ་དགུའམ་ལྔ། ཐ་ནའང་དབུས་སུ་གཅིག །དབུས་མའི་མདུན་དུ་ས་བདག་བུམ་པ་རྡོ་སྒྲོམ་སོགས་ལག་ཚག་དམ་པར་བྱ། འདི་རྣམས་མ་སའི་ནང་


JKT021_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྦ། དེའི་སྟེང་དུ་སྔར་གྱི་ཕུར་པ་བཏབ་སྐབས་ཕྱོགས་མཚམས་རྡོ་སྒྲོམ་ལྟ་བུའི་མི་རུལ་པའི་ཐབས་དང་བཅས་ཏེ་གཞུག །འདི་སྐབས་གྲུབ་ནའང་རང་ངམ་གྲོགས་ཀྱིས་བསང་དང་གསེར་སྐྱེམས་ས་བདག་འཁྲུག་བཅོས་སོགས་ཀྱང་བགྱིས་ན་ལེགས། ༈ །དེ་ནས་ཁང་བརྩེགས་ཡིན་ན་རྨང་གི་བང་རིམ་གཉིས་བརྩིགས་ནས་དབུས་དཀྱིལ་འཁོར་གྱི་འགོ་ཐད་དུ་ནོར་བུམ་དང་གནོད་སྦྱིན་འཁོར་ལོ་སོགས་ཡོད་ན་རང་རང་གི་ཆོ་ག་ལྟར་སྤ། ཁང་པའི་སྟེང་ཐོག་བར་ལེགས་པར་བརྩིགས་ཏེ་བཏབ། མཆོད་རྟེན་ཡིན་ན་བུམ་རྟེན་བར་བརྩེགས་ལ་གནོད་སྦྱིན་བང་མཛོད་ཀྱི་བཅའ་གསོགས་སྤྱི་ལྟར་བྱ། །གང་ལྟར་ཡང་འོག་གཞི་ཞལ་བ་ལེགས་པར་བྱས་པའི་དབུས་སུ་ཁྲུ་དོ་ལས་མི་ཆུང་བའི་སྟེགས་བུ་གྲུ་བཞི་བྱ། དེ་ནས་གཙུག་ཏོར་དྲི་མེད་ཀྱི་དཀྱིལ་འཁོར་རྡུལ་ཚོན་གྱིས་བྲིས་ན་ལེགས་ཀྱང་ཟུབ་པ་སོགས་ཀྱི་ཉེས་པ་མི་འབྱུང་བ་དང་། སྟབས་བདེར་རྡོ་ལེབ་ལ་བརྐོས་ནས་ཚོན་ལེགས་པར་བྱུགས་པ་བྲ་རྩི་བཏང་བ་བཤམས། དཀྱིལ་འཁོར་གྱི་རྒྱན་སྟེང་དུ་བླ་བྲེ་སྔོན་པོ་ཕུབ། མཐར་བྱང་ཤར་ནས་བརྩམས་མཚམས་འཛིན་གྱི་མེ་ཏོག་དང་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དེ་སྤྱི་མཆོད་དང་། དེའི་ཕྱི་རོལ་དུ་སྒོས་མཆོད་རྣམ་ལྔ་ཤར་དུ་ལྷག་གཅིག་དང་བཅས་པའི་ཕྱོགས་རེ་རེ་དྲུག་རེ་བཤམས། ཅིས་


JKT021_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་མ་འབྱོར་ན་ཤར་དུ་ལྷག་གཅིག་དང་བཅས་པའི་རེ་རེ་མེད་ཐབས་མེད། དེ་རྣམས་ཀྱང་གཏན་དུ་བཞག་དགོས་པས། སྣོད་ཀྱི་རིགས་འབྱོར་ན་ལི་སོགས་དང་། མ་འབྱོར་ན་རྫ་ལ་བྱ། །མཆོད་ཡོན་གྱི་སྣོད་དུ་ལེན་ཚྭ་བཟང་པོ་བླུགས། དེ་སྟེང་རྫས་བདུན་གྱིས་བཀང་། རྫས་བདུན་ནི། ཙམ་པ་ཀ་དང་། བ་ལུའི་མེ་ཏོག་ལྟ་བུའི་མེ་ཏོག་དཀར་པོ་གང་༡འབྱོར། ཏིལ་དཀར༢། ནས་དཀར ༣། འབྲས་ཡོས༤། ཀུ་ཤ༥། །དྲི་བཟང་༦། འོ་མ་སྐབས་༧འདིར་རུལ་ཉེན་གྱིས་འཕྱུར་བ་བླུགས། ཞབས་བསིལ་ལ་ལན་ཚྭའི་སྟེང་། ཤུན་པ་ལྔ་དང་འདག་རྫས་རིགས་ཀྱི་ཕྱེ་མས་བཀང་། ཤུན་པ་ལྔ་དངོས་བོད་དུ་མི་འབྱོར་ཡང་། སྔོན་གྱི་བླ་མ་རྣམས་ཀྱི་ཕྱག་བཞེས་སུ། བལ་བུ། ལྕང་དཀར། ཁམ་བུ། འོམ་བུ་རྣམས་ཀྱི་བར་ཤུན་དང་། ཙནྡན་དཀར་པོ་བཅས་ཀྱིས་ཚབ་རུང་མཛད་ཚུལ་ཡོད། འདག་རྫས་ནི། སྲན་དཀར། ཉེ་ཤིང་། འབྲས་སྤུ་བཅས་པའི་ཤུན་པའི་ཕྱེ་མ་སོགས་སྦྱར། མེ་ཏོག་ནི་འབྱོར་ན་གོས་ཆེན་སོགས་ཀྱི་བཅོས་པ་དང་མ་འབྱོར་ན་འབྲུ་དཀར། བདུག་སྤོས་སྤོས་རིང་སྤོས་གཏའ་ལ་བཙུག །མར་མེ་རྫ་ཀོང་ལྟ་བུ་གཏན་དུ་བཞག་ལོ་བ་དགོས། དྲི་ཆབ་ལན་ཚྭའི་སྟེང་། གུར་གུམ། ག་བུར། ལི་ཤི །ཛཱ་ཏི། ཙནྡན་དཀར་པོ་སྟེ་དྲི་ལྔའི་ཕྱེ་མས་


JKT021_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བཀང་། ཞལ་ཟས་མར་ཟན་ལྟ་བུ་ལས་བཞེངས། དེའི་ཕྱི་རོལ་དུ་ཅོད་པན་ནམ་དར་དཔྱང་། བ་དན། རྒྱལ་མཚན། གདུགས་རྣམས་གོས་དར་སོགས་ལས་བཅོས་པ་ཕྱོགས་རེར་བརྒྱད་རེའམ་མ་མཐའ་རེ་རེ་རྫ་ཡི་སྤོས་འཛིན་ལྟ་བུ་ལ་འཛུག །དེའི་ཕྱི་རོལ་དུ་ཡོལ་བ་དམར་པོས་ཟླུམ་སྐོར་བྱ། དེའི་ཕྱི་རོལ་དུ། བང་སྒྲོམ་དང་རྡོ་རྩིགས་སྟབས་གང་བདེ་ཁྲུ་གང་ལས་མི་དམའ་བས་བསྐོར། སློབ་དཔོན་གྱི་མདུན་དུ་བདག་བསྐྱེད་མཆོད་པ་དང་། གཞན་ཡང་རོལ་མོའི་བྱེ་བྲག་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་འདུ་བྱ། དངོས་གཞི་བདག་མདུན་གྱི་ཆོ་ག་གཞུང་གསལ་ལྟར། ཆ་གསུམ་སློབ་དཔོན་གྱི་མདུན་དུ་བཤམས་ནས་རེ་རེ་བཞིན་འབུལ་བ་ལས་རྒྱུན་བཞག་རྒྱུ་མི་དགོས། བཀྲ་ཤིས་སྐབས་ཆོ་ག་རྒྱས་པ་གཞན་ནས་འབྱུང་བའི་ཚིགས་བཅད་ཚང་མ་བརྗོད་ན་ལེགས། ༈ །འོད་ཟེར་དྲི་མེད་སྐབས་གོང་གི་བང་སྒྲོམ་ལ་ཁ་ཆོད་སྲ་བརླིང་ཅན་རྒྱབ། མཆོད་རྟེན་ཡིན་ན་བུམ་པ་ཅུང་ཟད་བརྩིགས་གང་ལྟར་ཡང་། ལྷ་སྟ་གོན་གཞུང་བཞིན་ལེགས་པར་བྱ། དེ་ཡི་ཕྱི་ཉིན། རྡོ་ལེབ་ལ་བརྐོས་པའི་དཀྱིལ་འཁོར་བཤམས། དེ་ནས་སྲོག་ཤིང་ཚད་ལྡན་སྦྱངས་ཁྲུས་བྱས་པ་རྡོ་རྗེའི་རྭ་རྩེ་དབུས་ཀྱི་གདན་གྲུ་བཞི་ལ་ཁེལ་ངེས་ཀྱིས་བཙུག །སྲོག་ཤིང་ལྗི་ན་རྡོ་ལེབ་ཀྱིས་ཐེག་དཀའ་བས་ཕྱི་


JKT021_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

རོལ་གྱི་ཁང་སྒྲོམ་དང་བསྟུན་རྡོ་རྗེའི་རྭ་ནས་གདུང་མས་འདེགས་པ་སོགས་དཀྱིལ་འཁོར་ལ་ཆག་གྲུམ་མི་འབྱུང་བའི་ཐབས་བྱ། དཀྱིལ་འཁོར་གྱི་སྣམ་བུའི་གྲྭ་བཞིར་དུང་ཆོས་དངོས་འབྱོར་ན་རབ། མ་འབྱོར་ན་རྡོའམ་རྫ་ལས་བཅོས་པ་དཀར་དང་པྲ་རྩི་བཏང་བའི་ནང་དུ་ལན་ཚྭ་དང་དྲི་ལྔའི་ཕྱེ་མས་བཀང་བ། ཤར་གྱི་སྣམ་བུའི་ཁར་རྫ་ཕོར་ལྟ་བུའི་ནང་དུ་ཙནྡན་ཨ་གར་ཤུག་པ་སོགས་ཀྱིས་བཀང་བའི་སྤོས་སྣོད་གསུམ། ལྷོ་ཡི་སྣམ་བུར་དྲི་ཡི་དུང་ཞལ་གོང་སྨོས་ལྟ་བུ་དང་། རྫ་ཕོར་ལྟ་བུར་མེ་ཏོག་དཀར་པོ་དང་། འབྲས་ཀྱིས་བཀང་བ་རེ། ནུབ་ཀྱི་སྣམ་བུར་ཚོན་རྩི་ཅན་གྱི་ནང་དུ་ཏིལ་ནག །སྲན་མ་མ་ཤ་འབྲས་རྣམས་བསྲེས་ནས་བཙོས་པའི་ཐུག་པ་ཀྲི་སཱ་ར་ཞེས་པས་བཀང་བ་དང་། ཟས་དཀར་གསུམ་གྱིས་གང་བའི་བུམ་པ། རྫ་ལྡེར་ལྟ་བུར་ཁམ་བུ་སྟར་ག་རྒུན་འབྲུམ་སོགས་ཤིང་ཏོག་སྣ་ཚོགས་ཀྱི་འབྲས་བུ་དགུ་བཅུ་རྩ་དགུས་བཀང་བ་རྣམས་བཀོད། གོང་གི་སྲན་མ་མ་ཤ་མ་རྙེད་ན་སྲན་དཀར་གྱིས་ཆོག །བྱང་གི་སྣམ་བུར་རྫ་ལྡེར་ལྟ་བུར་སྣུམ་ཟན་གྱི་གཏོར་མ་དཀར་ཟླུམ་མཐར་། མར་ཐུད། ཁུར་བ་སོགས་ཁ་ཟས་སྣ་ཚོགས་ཀྱིས་བསྐོར་བ་དང་། དྲི་ལྔས་བཀང་བའི་རྫ་བུམ་ཁ་རྒྱན་མགུལ་ཆིངས་ཅན། རྫ་ལྡེར་ལྟ་བུར་སྤོས་དང་མེ་ཏོག་རྣམས་བཞག །ནུབ་བྱང་གི་


JKT021_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

གྲར། དྲི་ཡི་དུང་ཆོས་ཀྱི་རྒྱབ་ཏུ་རྡོའམ་ཤིང་ཟླ་གམ་ལ་ཚོགས་བདག་ཀྱི་སྐུ་གླང་གདོང་སྔོན་པོ་དགྲ་སྟ་དང་ལ་ཕུག་འཛིན་པ་ཚོན་རྩི་ཅན་གྱི་སྤྱི་བོའི་སྟེང་དུ་དངུལ་ལམ། མ་འབྱོར་ན་ཟངས་ལྟ་བུའི་རིན་པོ་ཆེ་མར་མེ་བཞག་ཅིང་གཟེར་བཏབ་ནས་མི་འགུལ་བར་བྱ། དེའི་ཕྱི་རོལ་དུ་ཕྱོགས་རེར་མཆོད་པ་ཚར་རེ་དང་ནུབ་ཏུ་ལྷག་གསུམ་མམ་གཅིག །མ་འབྱོར་ན་ལྷོ་ནུབ་ནས་བརྩམས་ཏེ་རྫ་ཕོར་ལྟ་བུར་༧ མཆོད་ཡོན། དྲི་ཆབ། མེ་ཏོག །སྤོས་ཞལ་ཟས་རྣམས་སྔར་སྨོས་པ་ལྟ་བུ་དང་། རྫ་ལྡེར་སོགས་སུ་ཁུར་བ་སྣ་ཚོགས། ཤིང་ཏོག་སྣ་ཚོགས་སྲན་དཀར་གྱི་ཆན། འོ་ཐུག་བསྐོལ་བའམ་འཕྱུར་བས་བཀང་བ་དང་། མར་མེ་བཅས་ཟླུམ་སྐོར་དུ་བཤམས། དེའི་ཕྱི་རོལ་དུ་ཕྱོགས་བཞིར་སྟེགས་བུའི་ཁར་མཆོད་ཡོན་གྱི་དུང་ཆོས་བཟེད་ཞལ་བཅས། དེ་རྣམས་ཀྱི་བར་མཚམས་སུ་སྤོས་མར་མེ་ཞལ་ཟས་རྣམས་ཚར་རེ། དེ་ཡི་ཕྱི་རོལ་ཕྱོགས་མཚམས་བརྒྱད་དུ། ཏོག་ལེབ་མོའི་ངོས་སུ་རྨ་བྱའི་མདོངས་སྦྱར་བའམ། མ་འབྱོར་ན་བྲིས་པས་ཀྱང་རུང་བས་རྒྱལ་མཚན་ཤར་དཀར། ཤར་ལྷོར་ལེ་བརྒན། །ལྷོར་ནག །ལྷོ་ནུབ་དུད་ཁ། ནུབ་དམར། ནུབ་བྱང་ཁྲ་བོ། བྱང་སེར། བྱང་ཤར་ལྗང་སེར་རྣམས་དང་། བཀྲ་ཤིས་རྫས་བརྒྱད་དངོས་རྫས་འབྱོར་ན་ལེགས། །མ་འབྱོར་ན་རྡོ་ལེབ་ཟླུམ་པོ་ཆུང་


JKT021_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ངུའམ། གྲོ་ག་ལྟ་བུ་ལ་བྲིས་ནས་རྒྱལ་མཚན་སོ་སོའི་མགུལ་དུ་བཏགས། དེའི་ཕྱི་རོལ་ནས་རས་དམར་པོས་ཟླུམ་པོར་བསྐོར། སྟེང་དུ་སྲོག་ཤིང་ལས་བང་སྒྲོམ་གྱི་ཕྱོགས་བཞིར་རས་སྐུད་བསྒྲིལ་མ་ལྟ་བུ་བརྐྱང་བ་ལ་དར་གྱི་ལྡ་ལྡི་སྟེ་དར་དཔྱང་དང་། བ་དན། རྒྱལ་མཚན། མེ་ཏོག་གི་ཆུན་པོ་རྣམས་གོས་དར་ལས་བྱས་པ་དཔྱངས། དེ་ནས་ཆོ་ག་གཞུང་གསལ་ལྟར་བཏང་། སྐབས་འདིར་གླེགས་བམ་བཀླགས་ཞེས་པ་འོད་ཟེར་དྲི་མེད་ཀྱི་གཟུངས་དཔོན་སློབ་ཐམས་ཅད་ཀྱིས་གྲུབ་ན་ཚར་གསུམ་སོགས་དང་། མ་མཐའ་ཡང་ཚར་རེ་བཀླགས་དགོས། སྤྱིར་གཟུངས་མདོ་བཀླགས་མཁན་ཟུར་དུ་བཞག་རྒྱུ་བྱུང་ན་ཡང་ལེགས། དེ་ནས་སྲོག་ཤིང་གི་ཆོ་གའི་སྐབས་ཕྱོགས་རེ་རེ་བཞིན་མགོར་མཆོད་པ་བྱིན་རླབས་ངེས་པར་དགོས། སྤྲོ་ན་མཆོད་པའི་སྐབས་རབ་འབྱམས་རྒྱ་མཚོ་སོགས་ཚིགས་བཅད་སྤེལ། གང་ལྟར་ཡང་མཆོད་པའི་སྔགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨབྷཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དེ་བཞིན་ཏུ་པཱ་ཏྱཾ་སོགས་སྦྱར་བའི་མཐར། རོལ་མོ་དང་བཅས་མཆོད་པའི་སྤྲིན་གྱི་སྔགས་བརྗོད། གཏོར་མ་བྱིན་རླབས་ཆ་གསུམ་ལྟར་བྱ། སོ་སོའི་མཇུག་ཏུ་ཕུན་སུམ་ཚོགས་པ་དང་། ཆེ་བའི་ཆེ་མཆོག་སོགས་མདོ་རྒྱུད་ནས་བྱུང་བའི་བཀྲ་ཤིས་


JKT021_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ཤོ་ལོ་ཀ་གསུམ་ལྔ་སོགས་གང་འོས་བརྗོད། མཇུག་ཏུ་ཤར་སྒོ་ནས་བཀྲ་ཤིས་སྐབས་གཙུག་ཏོར་དྲི་མེད་ཀྱི་ཆོ་ག་ལས་འབྱུང་བའི་བྱ་རྒྱུད་ཀྱི་བཀྲ་ཤིས་རིང་མོ་དང་། བཟང་སྤྱོད་ལྟ་བུའི་སྨོན་ལམ་རྒྱས་པར་བྱའོ། ༈ །དེ་ནས་བང་བའི་ཁར་ཤིང་ལེབ་སོགས་ཀྱི་ཁ་ཆོད་དམ་པར་བརྒྱབ། སྲོག་ཤིང་དང་ཁ་ཆོད་ཀྱི་མཚམས་སོགས་བྱེ་སྦྱིན་ལྟ་བུས་ཞལ་བ་བྱས་ནས་ནང་དུ་རྡུལ་སོགས་མི་འགྲོ་བར་བྱ། སཱཙྪ་རང་རང་གི་དཀྱིལ་འཁོར་སྟེང་དུ་བཞག་དགོས་ཀྱང་ཤོང་དཀའ་བ་དང་། བར་མཚམས་བྱེ་མ་སོགས་ཀྱིས་སག་དགོས་སྟབས་དཀྱིལ་འཁོར་དང་ཡོ་བྱད་ཆུད་ཟོས་སུ་འགྲོ་དོག་ན་སྟེང་དུ་བཞག་ཀྱང་མི་རུང་བ་མེད་པས་གོང་གི་ཁ་ཆོད་སྟེང་དུ་བང་སྒྲོམ་ལྟ་བུ་རིམ་གྱིས་བསྒྲིགས་པ་དང་བསྟུན་ཐོག་མར་གཙུག་ཏོར་དྲི་མེད་སཱཙྪ་ཁྲི་ཕྲག་སོགས་གང་འགྲུབ་དང་། མ་མཐའང་བརྒྱ་རྩ་བརྒྱད། དེ་སྟེང་འོད་ཟླཟེར་དྲི་མེད་ཀྱི་སཱ་ཙྪ་གང་འགྲུབ་དང་། མ་མཐའང་དགུ་བཅུ་རྩ་དགུ་ལས་མི་ཉུང་བ་བཞག །བར་མཚམས་བྱེ་མ་སྐམ་པོས་སག་པ་སོགས་ལག་ཚག་ཤིན་ཏུ་དམ་པར་བྱ་དགོས། གཞན་སཱཙྪ་འབུམ་ཐེར་སོགས་མང་པོ་ཡོད་ན་ཁང་བརྩེགས་སྐབས་དབུས་ཀྱི་བང་སྒོམ་དང་ཁང་པའི་བར་དུ་གྲུ་ཆོད་བྱས་ནས་ལེགས་པར་བཞག །ཁང་བརྩེགས་སྟེང་མ་ཡང་སཱཙྪས་ཁེངས་པར་བྱ། རིང་བསྲེལ་རྣམ་


JKT021_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བཞིས་མཚོན་གཟུངས་གཞུག་རིགས་ཕལ་ཆེར་ཀྱང་རྡོ་སྒྲོམ་མམ་རྫ་སྣོད་ལྟ་བུའི་ནང་དུ་གཞུག་ལ་བར་མཚམས་ལ་ཆ་སོགས་ཀྱིས་སྦྱར་ནས་ཆུ་མི་འགྲོ་བར་བྱས་ཏེ་ཁང་བརྩེགས་སྟེང་མའི་དབུས་སུ་བཞག །མཆོད་རྟེན་ཡིན་ན་སཱ་ཙྪ་ལྷག་མ་རྣམས་བུམ་པའི་ནང་དུ་གང་ཤོང་བྱ། གཞན་གཟུངས་འཇུག་བཞག་ཚུལ་སོགས་ལག་ལེན་སྤྱི་ཁྱབ་ལྟར་ཤེས་དགོས། ཁང་བརྩེགས་ལ་ཁང་བུ་བརྩེགས་པ་སྟེང་མ་བཀབ་ནས་དེ་སྟེང་ཏོག་མཚོན་བྱེད་ཙམ་མམ་རྒྱལ་མཚན་ལྟ་བུ་བཙུགས་ཀྱང་ཆོག །གྲུབ་ན་ཆོས་འཁོར་རིམ་པ་བཅུ་གསུམ་གདུགས་ཏོག་དང་བཅས་པ་བྱས་ཀྱང་ལེགས། ༈ །གོང་གི་ཡོ་བྱད་ཉེར་མཁོ་སྔ་ཚགས་དགོས་པ་ལ། སེང་ལྡེང་གི་ཕུར་བུ་བརྒྱད་དམ། མ་འབྱོར་ན་ཤུག་པ་ཚེར་མ་ཅན་གྱིས་ཀྱང་རུང་། ཀླུ་བུམ་དགུ །ལྔ་གཅིག་སོགས་གང་འབྱོར། ས་བདག་བུམ་པ། ནོར་བུམ། །གནོད་སྦྱིན་འཁོར་ལོ། ཤུག་པ་རྩ་རྩེ་དང་ཤར་རྟགས་མ་ནོར་བའི་སྲོག་ཤིང་། དེ་ལ་བྱུགས་རྒྱུའི་དྲི་བཟང་དང་། དཀྲི་དཔྱད་རས་སེར་སོགས་དགོས་འདངས། སྲོག་ཤིང་གི་གཟུངས་ཀྱིས་མཚོན་གཟུངས་གཞུག་རིང་བསྲེལ་བཞིའམ་ལྔའི་རིགས་གང་འབྱོར། འོད་ཟེར་དྲི་མེད་ཀྱི་གཟུངས་ཚང་མ། དྲི་མེད་གཉིས་ཀྱི་དཀྱིལ་འཁོར། ༈ །གཙུག་ཏོར་དྲི་མེད་ལ་བླ་བྲེ་སྔོན་པོ། མཆོད་པའི་སྣོད་རྫ་


JKT021_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ས་སོགས་ཀྱི་ཏིང་ཕོར་རྒྱས་པར་ང་ལྔ་བསྡུ་ན་བཅོ་ལྔ། སྤོས་འཛིན་རྒྱས་པར་ཉེར་དྲུག །བསྡུ་ན་དྲུག །མར་མེ་དེ་མཚུངས། ལན་ཚྭ། མཆོད་ཡོན། ཞབས་བསིལ། དྲི་ཆབ་རྣམས་ཀྱི་རྫས། ཅོད་པན་། བ་དན། རྒྱལ་མཚན། གདུགས་རྣམས་རྒྱས་པར་རེ་རེ་ནས་སོ་གཉིས་རེ། བསྡུ་ན་བཞི་རེ། དེ་རྣམས་འཛུག་པ་རྫ་ཡི་སྤོས་འཛིན་ལྟ་བུ་གྲངས་མཉམ་དང་། སྒབ་དཀྲིས་དམར་པོ། ༈ །འོད་ཟེར་དྲི་མེད་ལ། དུང་ཆོས་དགུ། སྤོས་ཕོར་གསུམ། བུམ་པ་གཉིས། ཏིང་ཕོར་རྒྱས་པར་ཉེར་གསུམ། བསྡུ་ན་ལྔ། རྫ་ལྡེར་རྒྱས་པར་སོ་གཅིག །བསྡུ་ན་བདུན། སྤོས་འཛིན་རྒྱས་པར་བཅུ་གཅིག །བསྡུ་ན་ལྔ། མར་མེ་དེ་མཚུངས། ཚོགས་བདག་གི་སྐུ། རིན་པོ་ཆེའི་ཀོང་བུ། བཟེད་ཞལ་བཞི། རྒྱལ་མཚན་བརྒྱད། འཛུག་གདན་བརྒྱད། བཀྲ་ཤིས་རྫས་བརྒྱད། སྒབ་དཀྲིས་དམར་པོ། ༈ །སྲོག་ཤིང་གི་ཕྱོགས་བཞིར་བརྐྱང་རྒྱུའི་རས་སྐུད། དར་དཔྱང་བ་དན། རྒྱལ་མཚན། མེ་ཏོག་ཆུན་བོ་རྣམས་བཞི་རེ། ༈ །རྫས་ཆ་ཙནྡན་དཀར་པོ། ཨ་གར། མེ་ཏོག་དཀར་པོ། །དྲི་བཟང་། འབྲས། ཏིལ་ནག །སྲན་མ་མ་ཤའམ་སྲན་དཀར། ཁམ་བུ་སྟར་ག་དང་། རྒུན་འབྲུམ་སོགས་ཤིང་ཏོག་སྣ་ཚོགས། མར་ཐུད། ཁུར་བ། འོ་སྐོམ་མམ་འཕྱུར་བ། རྨ་བྱའི་མདོངས་


JKT021_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་བཅས་དགོས། ༈ །དེའང་ཐོག་མར་སཱཙྪརབ་འབུམ། འབྲིང་ཁྲི། ཐ་མ་སྟོང་ཕྲག་སོགས་ཆོ་གའི་སྒོ་ནས་ལེགས་པར་བསྒྲུབས། དེ་ནས་སློབ་དཔོན་བསྙེན་པ་སོང་བས་སྒྲུབ་གྲོགས་དང་བཅས་༼༡༽ས་ཆོག་བྱ། དེ་རྗེས་ཁང་བརྩེགས་ཐོག་བཀབ་པའི་བར་ཚར་ནས་སྔ་དྲོ་གཙུག་ཏོར་༼༢༽དྲི་མེད་ཀྱི་ཆོ་ག་བཏང་། དེའི་ཕྱི་དྲོ་འོད་ཟེར་དྲི་མེད་ཀྱི་སྟ་གོན། དེའི་ཕྱི་ཉིན་སྲོག་ཤིང་བཙུགས་ལ་འོད་ཟེར་དྲི་མེད་ཀྱི་དངོས་གཞི་སྲོག་ཤིང་༼༣༽འཛུག་ཆོག་བྱ། ཆོ་གའི་སྐབས་ཁྲུས་དང་། གཙང་སྦྲ་དཀར་སྤྱད། གུང་ཚིགས། དགོང་བཅད་སོགས་གལ་ཆེ། གཞན་ཡང་བསྟན་པའི་སྤྱི་རིམ་ལྟ་བུ་གལ་ཆེན་ཡིན་ན་ས་ཆོག་ཚར་མ་ཐག་མཆོད་རྟེན་གྱི་འོག་ཏུ་དམ་སྲི་མནན་པ་སོགས་ཚད་ལྡན་བྱ། ཆོས་འཁོར་རམ། ཏོག་གི་ནང་དུ་གདུགས་དཀར་འཁོར་ལོ་བཅའ་སྒྲུབ་ཚད་ལྡན་བྱས་པ་ཡོད་ན་རྫ་ཡི་གའུ་ལྟ་བུར་བཞག་ཅིང་གདུགས་དཀར་གྱི་རྒྱལ་མཚན་འཛུག་ཆོག་དང་། དེས་མཚོན་རྒྱལ་མཚན་རྩེ་མོའི་གཟུངས་གླེགས་བམ་གྱི་ཚུལ་དུ་བྲིས་པ་བཞག་ཅིང་དེའི་ཆོ་གའང་གྲུབ་ན་ལེགས།སྲོག་ཤིང་གི་ནང་དུ་ཤོང་ན་འོད་ཟེར་དྲི་མེད་ཀྱི་གཟུངས་ཚང་མ་གསེར་རམ་མཚལ་གྱིས་བྲི། དྲི་བཟང་དང་། བྱིན་རྟེན་བྱུགས། དྲིལ་ཚས་དང་བཅས་གཞུག་པ་ཤིན་ཏུ་གལ་ཆེ། མ་ཤོང་ན་རྫ་ཡི་གའུ་


JKT021_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུར་བཅུག་ནས་སྲོག་ཤིང་ལ་བཅིངས་ཀྱང་རུང་། དེ་ལྟ་བུའི་རྟེན་གྱི་བྱ་བ་མཐར་ཕྱིན་ནས་རབ་གནས་རྒྱས་བསྡུས་གང་རུང་གིས་མངའ་གསོལ། རྒྱུན་དང་དུས་སུ་ཕྱག་བསྐོར་མཆོད་པ་སོགས་བགྱིས་པས་དྲི་མེད་རྣམ་གཉིས་ཀྱི་གཟུངས་ནས་གསུངས་པས་མཚོན། ཕན་ཡོན་བསམ་མི་ཁྱབ་པ་འཐོབ་ཅིང་འཕྲལ་དང་ཡུན་གྱི་ཕན་བདེའི་དགེ་མཚན་འགྲུབ་པ་ནི་ངེས་པའོ། །གཟུངས་སྔགས་ཡིད་བཞིན་ནོར་བུའི་ཆོ་གའི་ཚུལ། །ཉེར་མཁོའི་གསལ་བྱེད་ཆུ་གོས་རྩེར་བཀོད་པའི། །ལེགས་བྱས་འདིས་ཀྱང་མཐའ་ཡས་ཡིད་ཅན་ཀུན། །ཐར་བདེའི་དགའ་སྟོན་རྟག་ཏུ་རྒྱས་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ། ༈ །དྲི་མེད་རྣམ་གཉིས་མཆོད་རྟེན་གྱི་ཐོ་ཆུང་བཞུགས། ཨོཾ་སྭསྟི་སིདྡྷཾ། དེ་ལ་མཆོད་རྟེན་ཆེན་པོ་ཡིན་ན་འོག་ཏུ་དམ་སྲི་མནན་པ། ས་བདག་དང་། ཀླུ་བུམ་སྦ་བ་སོགས་ཞིབ་ཆ་མང་པོ་ཡོད་ཀྱང་། ཆུང་ངུ་ལ་དེ་རིགས་ཅི་བྱར་མེད་པས། ཐོག་མར། འོག་ཏུ་མཚོན་འཁྲུགས་མནན་པའི་རྟེན་འབྲེལ་ལྟ་བུར། གྲི་ཆུང་། ཁྲབ་བྱང་སོགས་མཚོན་ཆའི་རིགས་དང་། ཁྲབ་རྨོག་མདའ་མདུང་སོགས་རི་མོ་བྲིས་པའང་མནན་སྲོལ་མཆིས། གང་ལྟར་ཡང་དེ་སྟེང་ས་སྣ་དང་ཆུ་སྣ། རིན་ཆེན་ཕྱེ་མ། འབྲུ་སྣ་བཅས་བཀྲམ་པ་དབང་ཆེན་གསེར་གྱི་ས་གཞིའི་མཚོན་བྱེད་དང་། དེ་སྟེང་གནོད་སྦྱིན་


JKT021_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་ལྷའི་ཕོ་བྲང་མཚོན་བྱེད། བྱུང་ན་ཕྱོགས་བཞི་དབུས་དང་ལྔར་ནོར་བུམ་རེ་རེ། དེ་མིན་གང་འཛོམ། མི་ཕལ་པའི་ཐོད་པ་མཚན་ལྡན་ཡོད་ནའང་གང་ལྟར་བཀྲུ་བཤལ་ལེགས་པར་བྱ། །ཕྱི་ནང་ཐམས་ཅད་ལ་ག་བུར་སོགས་སྨན་སྣ་དྲི་བཟང་བྱུགས། ནང་དུ་ཐོད་སྒྲུབ་ཀྱི་འཁོར་ལོ་བྲི་བའམ། ཡང་ན་རྒྱ་ཤོག་ལ་བྲིས་པའི་འཁོར་ལོ་བཅུག །རིན་ཆེན་འབྲུ་སྨན་སོགས་ཀྱིས་གཏམ་སྟེ་དར་གོས་དམར་སེར་གྱི་གཡོག་དང་བཅས་ཐོད་སྒྲུབ་ཚད་ལྡན་བྱ་ལ་བཅུག །ཁྱད་པར་དབུས་སུ་གནོད་སྦྱིན་འཁོར་ལོ་རྣམས་དཀར་ཡོལ་ལམ། ཕོར་བ་ལྟ་བུ་གང་ཡོད་ཚོན་གྱིས་མདོག་དམར་སེར་དུ་བསྒྱུར་བའི་ནང་དུ་ཞུན་མར་དང་། སྦྲང་རྩི་བསྲེས་པའི་དང་མ་སུམ་ཆ་གཅིག་ཙམ་མ་གང་བར་བླུགས། དེ་སྟེང་འཁོར་ལོ་དབུ་ཞབས་མ་འཁྲུལ་བར་ལེབ་མོར་བཞག །དེ་སྟེང་མར་དང་སྦྲང་རྩིས་ཁ་བཀང་ནས་དར་དམར་སེར་གྱིས་དྲིལ། སྐུད་པ་སེར་པོས་དཀྲིས་ལ་བཞག་ན་རྒྱུད་སྡེའི་དགོངས་པ་འཁྲུལ་མེད་ཡིན། དེའི་ཐོགས་མཚམས་སུ། ཆོས་སྲུང་ནོར་ལྷ་བཀྲ་ཤིས་འདོད་གསོལ་སོགས་ཀྱི་ཤོག་དྲིལ་རྣམས་བཞག །ཕྱོགས་མཚམས་ཐམས་ཅད་དུ་འབྲུ་ནག་མ་ཡིན་པའི་འབྲུ་སྣ་ཚོགས། ཤ་མ་གཏོགས་པའི། ཇ་མར་ཚྭ་སོགས་དང་། རིན་པོ་ཆེའི་རིགས། དུག་རིགས་མ་ཡིན་པའི་སྨན་དང་། མེ་


JKT021_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཏོག་སྣ་ཚོགས། མགོ་སྣམས་དང་ཕུགས་ལྟ་བུ་འབུ་ཆགས་འོང་བའི་རིགས་མ་ཡིན་པའི། དར་རས་གོས་ཆེན་སོགས་གང་ཡོད་བཞག །འབྲུ་སྣ་སོགས་རས་སེར་པོའི་ཁུག་མར་བླུགས་ནས་བཞག་སྲོལ་དང་། རས་སེར་པོ་མེད་ན་དཀར་པོ་གུར་གུམ་དང་། སིནྡྷ་ར་ལྟ་བུས་ཁ་དོག་སེར་པོ་བྱེད་པ་མ་གཏོགས། རྒྱས་པའི་ལས་ཡིན་པས་སྣོད་དཀར་པོ་འདྲ་ལ་བླུགས་སྲོལ་མེད། འབྲུ་སྣ་སོགས་བཞག་རྒྱུ་རིགས་དམ་སེལ་ཅན་དང་། ཆོས་རྒྱུད་མི་གཅིག་པའི་མཐུ་ཁོ་ཡོད་པ་སོགས་ཀྱི་ལག་ནས་བྱུང་བ་བཞག་སྲོལ་མེད། འབྲུ་རྣམས་ཀྱང་རྡོ་རྡུལ་སོགས་ལྷད་མེད་པ་དང་། ཆུ་གཙང་མས་བཀྲུ་ནས་སྐམ་བཅོལ་བ་བཞག་པ་སོགས་གཙང་སྦྲ་གལ་ཆེ། གཞན་ཤོག་དྲིལ་བཞག་ཚུལ་སོགས་རྒྱུད་སྡེའི་གོ་རིམ་ལྟར་ལ། བུམ་པའི་ནང་དུ་དྲི་མེད་རྣམ་གཉིས་དཀྱིལ་འཁོར་བཞག་ན། ཐོག་མར་གཙུག་ཏོར་དྲི་མེད་དཀྱིལ་ཐང་ཤིང་ལ་སྦྱར་བ་བཅུག་ནས་ཞལ་ཁེབས་རྒྱོབ། དེའི་སྟེང་དུ་འོད་ཟེར་དྲི་མེད་དཀྱིལ་ཐང་ཞལ་ཁེབས་བཅས་བཞག །དེའི་སྟེང་དུ་རྡོ་ལེབ་བམ་སྲ་ཤིང་གི་ཤིང་ལེབ་སྲབ་མོ་ཞིག་གིས་མ་བཀབ་ན་སྲོག་ཤིང་གི་རྩེས་དཀྱིལ་ཐང་རལ་བའི་ཉེན་ཡོད། དེ་སྟེང་དབུས་སུ་སྲོག་ཤིང་བརྟན་པོར་བཙུག །ཕྱི་རོལ་དུ་མཆོད་རྫས་དངོས་བཤམ་ན་མི་ཤོང་གང་བས་རས་བྲིས་ཀྱི་ཕྱི་ལ་གཙུག་ཏོར་དྲི་


JKT021_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དང་། ནང་དུ་འོད་ཟེར་དྲི་མེད་སྒབ་དཀྲིས་བསྐོར། དེའི་ནང་དུ་ཤོང་ན་ཏིང་ཕོར་ཆུང་ངུའམ། རྫ་ས་ལས་ཏིང་ཕོར་ཆུང་ངུ་བཟོས་པར་ཚོན་བྱུགས་ཏེ། མཆོད་ཡོན། ཞབས་བསིལ་དྲི་ཆབ་གསུམ་སོ་སོའི་རྫས་དང་ཚྭ་བསྲེས་པས་བཀང་། མཚམས་འཛིན་མེ་ཏོག་དང་། མེ་ཏོག་གི་སྣོད་དུ་འབྲུ་དཀར་བླུགས། བདུག་སྤོས་རེང་བུ་དང་། མར་མེ་ཀོང་ཆུང་དངོས་དང་། ཞལ་ཟས་མར་ཟན་གྱིས་བཟོས་པ་བཅས། གཡས་བསྐོར་སྤྱི་ལྟར་བཤམ། སྲོག་ཤིང་གི་ཕྱོགས་བཞིར་ཅོད་པན་བཏགས་ནས་བུམ་པའི་ངོས་སུ་འཐེན། སྲོག་ཤིང་ལ་དཀྲི་རྒྱུའི་གཟུངས་སོགས་ངག་བཀོད་ལྟར་བྱ། །སཱཙྪ་མང་ནས་མ་ཤོང་ན་བྲེ་མན། ཚད་མེད་བཞི་ཡན་གང་ཤོང་དུ་བཞག །འཕེལ་གདུང་རིགས་ཏོག །ཆོས་འཁོར། བྲེ་ཡན་ཆད་དུ་བཞག །དབུ་སྐྲ་ན་བཟའ་ཁྱད་འཕགས་རིགས་ཀྱང་བྲེ་ཡན་ཆད་དུ་བཞག །བདུད་རྩི་རིལ་བུ་དང་། སྨན་སྒྲུབ་སོགས་བྱིན་རྟེན་རིགས་ཕལ་ཆེར་བྲེ་ནང་བཞག །གནམ་ལྕགས་རྡོ་རྗེ་ཕུར་པ་ལྟ་བུ་གཏེ ་བྱོན་སོགས་བྱིན་ལྡན་རིགས་ཡོད་ན་བུམ་པའི་ནང་དུ་བཞག །རྡོ་རྗེ་དྲིལ་བུ། ཌཱ་མ་རུ་སོགས་བྱིན་ཅན་རིགས་ཀྱང་ཚད་མེད་བཞི་ཡན་གང་ཤོང་དུ་བཞག །ཡིག་བརྒྱ་ནི་བུམ་པའི་ནང་ཡན་ཆོད་དང་ཚེ་གཟུངས་ཚད་མེད་


JKT021_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཡན་ཆོད་གར་ལོ་སར་བཞག་ཆོག །དབྱངས་གསལ་དང་རྟེན་སྙིང་སོགས་གནོད་སྦྱིན་བང་མཛོད་ཡན་གར་ལོ་སར་བཞག་ཆོག་རྒྱུ་རེད། བར་མཚམས་ཐམས་ཅད་ཤུག་ཕྱེ་སོགས་ཀྱིས་བསྡམས་ནས་ལག་ཚག་ཤིན་ཏུ་དམ་པ་དང་། ཐོག་མཐའ་བར་གསུམ་ཐམས་ཅད་དུ་ལས་བྱེད་རྣམས་ཀྱང་ཟས་དཀར་གསུམ་ལ་བརྟེན་པའི་གཙང་སྦྲ་བཅས་གལ་ཆེ་བ་ལགས། མངྒ་ལཾ། ༈ །གནས་བརྟན་ཆོ་ག་ལ། སྐུ་བརྙན་མདུན་སྟེགས་དང་པོར་གཏོར་མ་དཀར་ཟླུམ་ཆ་བཞི། དེ་འོག་དང་ཉེ་ལོགས་གང་བདེར་མཎྜལ་ཚོམ་བུ་བདུན་མ་དང་། མཆོད་པ་རྣམ་བདུན་ཆ་ཉེར་གཉིས། དེ་སྟེང་སྤོས་དང་། མར་མེ་དང་། ཞལ་ཟས་གསུམ་ལྷག་གང་འབྱོར་བཅས་གཙང་ཞིང་བཀོད་པས་མཛེས་པར་བཤམ། ཚོགས་པ་རྣམས་ཀྱི་མདུན་དུ་མཎྜལ། ཁྲུས་ཆས། འཐོར་ནས། ཏིང་ཤག །སིལ་སྙན། རྡོ་རྒྱ་གླིང་། དུང་དཀར་བཅས་འདུ་བྱ། །ཐོག་མར་འདུས་པ་ན་སྒོ་དྲུང་དུ་ཆབ་བླང་། ལྷམ་ཕུད། ནང་དུ་ཞུགས་ནས་རྟེན་ལ་ཕྱག་བྱས་ཏེ་རང་རང་གི་གྲལ་དུ་འཁོད། དཀོན་མཆོག་རྗེས་དྲན་ནས་ལོ་པཎ་སྤྱི་བསྟོད་པར་ཆོས་སྤྱོད་དཀྱུས་ལྟར་བཏང་། དེ་ནས་རྣམ་རྒྱལ་སྟོང་མཆོད་ལྟར་གསོ་སྦྱོང་བླང་། འདི་སྐབས་ཕྱག་འཚལ་དུས་བློ་ལ་ཡོད་ན་ལངས་ཏེ་དངོས་སུ་ཕྱག་བྱ། སྡོམ་བཟུང་ལ་ཙོག་པུར་ཐལ་


JKT021_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

མོ་སྦྱར། དེ་རྗེས་སྐྱབས་འགྲོ་ནས་བཟུང་ཆོ་ག་གཞུང་ལྟར་བསྒྲིགས་འདོན་དལ་བུས་བྱ། སྤྱན་འདྲེན་སྐབས་བཞེངས་ནས་བླ་མ་སོགས་ཀྱིས་སྤོས་རིང་དང་། མཆོད་དཔོན་གྱིས་དུང་ཆུ་ཐོགས་ལ་རོལ་མོའི་སྐབས་བཟེད་ཞལ་དུ་དུང་ཆུ་སྦེང་། ཁྲུས་ཀྱི་སྐབས་མཆོད་དཔོན་གྱིས་དངོས་སུ་ཁྲུས་གསོལ་སོགས་བྱ། ཡན་ལག་བདུན་པའི་རྗེས་མཎྜལ་ས་གཞི་སྤོས་བྱགས་བརྒྱ་རྩ་སོགས་ནི་ཚོད་དང་བསྟུན་ནས་གང་གྲུབ་དང་། ཕྱག་མཆོད་ཚིགས་བཅད་མ་ཚར་༡༢སོགས་གང་གྲུབ་གསོག །ཞྭ་ཡོད་ན་སྤྱན་འདྲེན། ཁྲུས་གསོལ། བཀྲ་ཤིས་རྣམས་ཀྱི་སྐབས་སུ་གྱོན། རྗེས་སུ་བརྟན་བཞུགས་མ་གཏོགས་གཤེགས་གསོལ་མི་དགོས། བཀྲ་ཤིས་རྗེས་སྨོན་ལམ་རྣམ་ལྔའམ། བཟང་སྤྱོད་སྨོན་ལམ་ཙམ་ཉི་ཚོད་དང་བསྟུན་ནས་གང་ཚར་འདོན་ལ་གྲོལ། འདི་ཉིན་གསོ་སྦྱོང་བླངས་པ་ཡིན་པས་གུང་ཚིགས་དགོངས་བཅད་སོགས་ཞིབ་ཆ་དགོས་སོ། །འདི་འཇམ་མགོན་ངག་དབང་ལེགས་གྲུབ་ཀྱི་ལྗགས་བསྒྲིགས་དྲྭ་སྒང་སྤར་མ་དེའི་ཕྱག་ལེན་ཐོ་གནང་བ་ལགས། ༈ །སྨྱུང་གནས་བཏང་ཚུལ་ཟིན་བྲིས་དགེ །ཨོཾ་སྭ་སྟི། སྨྱུང་གནས་དཀར་པོ་ཕྱོགས་བརྒྱད་སྦྲེལ་ཏེ་བཞུགས་པའི་སྐབས་སྔོན་གྱི་ཕྱག་བཞེས་རྙིང་པ་ཚད་ཐུབ་ཀྱི་དགོངས་པ་ལྟར་བྱེད་ན། ས་ག་ཟླ་བ་ལྟ་བུ་ལ་བཞུགས་


JKT021_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་ཟླ་བ་གསུམ་པའི་གནམ་སྟོང་ཉིན་གནས་ཁང་ཕྱག་དར་བྱ་ཞིང་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ། དཀྱིལ་འཁོར་དང་མཆོད་པ་བཤམ། གཎྜིས་བསྐུལ་ཏེ་དགེ་འདུན་རྣམས་འདུས་ནས་གསོ་སྦྱོང་བྱ། མི་ཤེས་ན་ཆོས་སྤྱོད་གང་འོས་འདོན། འདོན་པ་བསྒྲིགས། སྨོན་ལམ་བཏོན་ལ་གྲོལ་བ་ནི་སྦྱོང་བའོ། །འདི་ཉིན་གསོ་སྦྱོང་གཞུང་ལ་ཇ་གཅིག །འདོན་བསྒྲིགས་སྐབས་ཇ་གཅིག་བཅས་གཉིས་བཏང་། ༈ །ཟླ་བ་༤པའི་ཚེས་༡ལ་ནམ་ལངས་ལག་ཡིག་མཐོང་དུས་གཎྜིས་བསྐུལ་ཏེ་འདུས་ནས་སྒོའི་ཕྱི་རོལ་དུ་ལྷམ་ཕུད། ཡན་ལག་ལྔ་ཁྲུས་ལེགས་པར་བྱ། ནང་དུ་འོངས་ནས་རྟེན་གྱི་དྲུང་དུ་ཕྱག་འཚལ་རྗེས་ཙོག་པུར་འདུག་ནས་སྡོམ་པ་ལེན། དེ་ནས་བསླབ་གྲལ་ལྟར་གྲལ་ལ་འཁོད་ནས་སྔ་དྲོ་ཆོས་སྤྱོད་རིགས་རྒྱས་པ་དང་། ཆོ་གའང་དལ་འདོན་རྒྱས་པའི་མཇུག་ཏུ་སྨོན་ལམ་རྣམ་གསུམ་ལས་གང་འོས་འདོན། ཉིན་གུང་ཁྲིགས་ཁྲིགས་ལ་གུང་ཚིགས་སྐབས་དཀོན་མཆོག་རྗེས་དྲན། ཁུ་ཕུད། ཇ་མཆོད་རྒྱས་པ། ཟས་དཀར་གསུམ་ལ་བརྟེན་པའི་གུང་ཚིགས་ཚར་ནས་ལྷག་མ་བསྔོ། །ཟབ་མདོ་དང་བསྔོ་སྨོན་གང་རིགས་བྱ། ཕྱི་དྲོ་ཚར་གཉིས་ཀྱི་དང་པོ་འབྲིང་པོ་དང་། གཉིས་པ་བསྡུས་ཙམ་རྗེས། སྨོན་ལམ་རྣམ་གསུམ་སོགས་ཉི་ཚོད་དང་བསྟུན་པའི་རྒྱས་རྒྱས་བྱ། སྔ་དྲོ་ཆོས་སྤྱོད་


JKT021_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཇ་གཅིག །ཆོ་ག་ལ་ཇ་བཞི། ཕྱི་དྲོ་ཆོ་ག་ཚར་གཉིས་ལ་ཇ་ལྔ། སྨོན་ལམ་ལ་ཇ་གཅིག་བཅས་ཁྱོན་ཉིན་རེར་ཇ་བཅུ་གཉིས་རེ་བཏང་། ཇ་དང་གུང་ཚིགས་རྗེས་ཐམས་ཅད་དུ་ཆབ་ལེན། དེའང་ལས་རྡོར་གྱི་ཆུ་བུམ་དང་བཟེད་ཞལ་བཅས་ཆབ་བཀྱེ་ལ་ཞལ་བཤལ་བ་ལས་སྟངས་ཀ་ཙམ་གྱིས་མི་འཐུས། ཆབ་བསང་ཡར་འོང་དུས་སྒོ་དྲུང་དུ་ཆབ་བཀྱཻ། གུང་ཚིགས་གདན་གཅིག་ཁོ་ན་ལས་སྔ་དྲོ་ཟ་བ་སོགས་མི་ཉན། ཕྱི་དྲོའི་ཇ་རྗེས་མའི་ཆབ་བླངས་ཚར་ནས་ཟས་སྐོམ་རྒྱུན་བཅད་པ་ནི་རྐྱང་པའོ། ༈ །ཚེས་༢ལ་ནམ་ལངས་འདུས་ནས་སྡོམ་པ་ལེན་པ་སོགས་འདོན་རྒྱུ་ཐམས་ཅད་འདྲ། འདི་ཉིན་ངག་བཅད་ཤིན་ཏུ་དམ་པར་བྱེད། མཆིལ་མ་ཕྱིར་འདོར་བའམ། ཟས་ཀྱི་འདུ་ཤེས་མ་སྐྱེས་ན་ཁོང་དུ་སོང་ཡང་ཉེས་པ་མེད། བུམ་ཆུ་བཀྱེ་དུས་སྤྱི་བོར་བླུགས་ཤིང་ལྷག་མ་ཁྲུས་གཞོང་དུ་ཁ་བཤལ་བ་ཙམ་ལས་ཁོང་དུ་མི་འཐུང་། འོན་ཀྱང་སྐོམ་པ་སེལ་བའི་སྲེད་པ་མེད་ན་འཐུངས་ཀྱང་ཉེས་པ་མེད། གལ་སྲིད་ངག་ཤོར་ན་དེ་མ་ཐག་ཕྱི་རོལ་དུ་སོང་ལ་ཡན་ལག་ལྔ་ཁྲུས་བྱ། འདོན་བཟླས་རིགས་ལ་གཉིད་དང་གླལ་བ་སོགས་ཀྱིས་བར་དུ་མ་ཆོད་པ་སོགས་ཤིན་ཏུ་བསྒྲིམ་པ་ནི་ཁུགས་པའོ། ༈ །ཚེས་༣ལ་སྐྱ་རེངས་ཤར་ཡག་རྗེས་ཐུག་པ་ཤིན་ཏུ་སླ་མོ་བཞིན་སྣང་བ་དྲོ་འཇམ་


JKT021_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཕོར་པ་རེ་བཏང་ནས་ངག་གྲོལ་སྡོམ་པ་བླངས་ལ་ཆོས་སྤྱོད་ནས་བཟུང་རྐྱང་པ་ལྟར། བྱ། ༈ །དེ་ལྟར་རྐྱང་ཁུགས་སྤེལ་ནས་ཆ་དྲུག་སོང་མཚམས། ཚེས་༡༥དངོས་གཞི་ཁེལ་དགོས་པས། ཆ་བདུན་པ་ལ་ཚེས་༡༣གཉིས་ཀ་ལ་རྐྱང་བ། ཚེས་༡༥ཁུགས་པ་བྱ། ༈ །ཚེས་༡༨ལ་སྡོམ་པ་ལེན་མི་དགོས། ངག་གྲོལ་ནས་རྗེས་ཆོག་གཏོང་རག་གི་སླད་དུ་ཆོ་ག་ཚར་གཅིག་དང་། སྨོན་ལམ་རྒྱས་པར་བྱ། ཨཱཇ་གསུམ་བཏང་། ༈ །ཚེས་༡༩ཉིན་རྟེན་དྲུང་དུ་མཆོད་པ་ཅི་འབྱོར་བཤམ། དགེ་འདུན་རྣམས་ཚོགས་ནས་ཆོས་སྤྱོད་ཅི་རིགས་གསུང་སྐབས་ཇ་བཏང་། ཞལ་ཏ་བས་རྟེན་ལ་སྙན་ཤལ་དང་། སྒྲུབ་པ་པོ་རྣམས་ལ་ཡོན་འབུལ་མདུན་དུ་བཞག །འབྲས་སིལ་ལམ་གྲོ་མ་ལྟ་བུའི་ཞལ་ཟས་བཟང་པོའི་དགའ་སྟོན་བྱ། བསྔོ་སྨོན་དང་བཀྲ་ཤིས་རྒྱས་པར་བརྗོད་ལ་དཀྱིལ་འཁོར་བསྡུས་ཏེ་གྲོལ་བ་ནི་འཕགས་པ་བྱོན་པའི་དགའ་སྟོན་ལ་ལོངས་སྤྱོད་པའོ། །དེས་མཚོན་ཏེ་སྨྱུང་གནས་ཆ་གཅིག་ལྟ་བུ་ལའང་། ཉིན་དང་པོ་སྦྱོར་བ། གཉིས་པ་རྐྱང་། གསུམ་པ་ཁུགས། བཞི་པ་རྗེས་ཆོག །ལྔ་པ་ལ་འཕགས་པ་བྱོན་པའི་དགའ་སྟོན་བྱ་བ་སྟེ་ཉི་མ་ལྔ་རེ་དང་། རྐྱང་ཁུགས་གཉིས་ལ་ཆོ་ག་གསུམ་རེ། རྗེས་ལ་གཅིག་བཅས་ཆོ་ག་ཚར་བདུན་འགྲོ་དགོས། འདི་ནི་ཇོ་གདན་མཁན་ཆེན་བསོད་ནམས་བཟང་པོ་


JKT021_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

དང་། མུས་ཆེན་སེམས་དཔའ་ཆེན་པོ་སོགས་མཁས་གྲུབ་ཚད་ལྡན་གྱི་གསུང་ལྟར་བྲིས་པའོ། །མངྒ་ལཾ། ༈ །མཆོད་བཤམ་ནི། བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་རིགས་བཞིས་བསྐོར་བའི་བྲིས་སྐུ་གཙོ་བོར་གྱུར་བའི་སྐུ་གསུང་ཐུགས་རྟེན་གྱི་མདུན་སྟེགས་བུའི་དབུས་སུ་མཎྜ་ལར་རྡུལ་ཚོན་གྱི་པདྨ་འདབ་མ་བརྒྱད་པ། ལྟེ་བ་དཀར། ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། །མཚམས་བཞི་མཛེས་ཚོན། ཟླ་གདན་རེའི་སྟེང་དུ་དབུས་སུ་ཚོན་ཕུང་དཀར། ཤར་སྔོ། ལྷོ་སེར། ནུབ་དཀར། བྱང་ལྗང་གུ་བཀོད་པ་མཉྫིའི་ཁར་བཞག །དེའི་མདུན་དུ་གཏོར་མ་དཀར་ཟླུམ་རྒྱུན་བཞག་གཉིས་བྲེང་ཚར་དུ་བཤམས་པའི་བྱང་ཤར་དུ་མཚམས་འཛིན་མེ་ཏོག །ཤར་དུ་མཆོད་ཡོན་ནས་བརྩམས་ཏེ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལ། མར་མེ་དང་། ཞལ་ཟས་གསུམ་རེ་བཤམ། དེའི་ཕྱི་རོལ་དུ་སྒོས་མཆོད་མཆོད་པ་རྣམ་ལྔའམ། སྤོས། མར་མེ། ཞལ་ཟས་རྣམས་ཤར་དུ་ཆ་གཉིས། ཕྱོགས་གཞན་རྣམས་སུ་ཆ་རེ་སྟེ་ཆ་ལྔ་བཤམ། ཆོ་ག་ཚར་རེ་བཞིན་སྒོས་མཆོད་ཀྱང་བརྗེ་། གྲུབ་ན་ལེགས། མ་གྲུབ་ན་སྤྱི་མཆོད་ནི་ངེས་པར་བརྗེ་དགོས། སྤྱི་མཆོད་ཀྱི་མར་མེ་དབུས་མ་དེ་ཚེ་འབར་བྱུང་ན་ལེགས། བུམ་པ་ནི་མགུལ་ཆིངས་དཀར་པོ་ཅན་སྲད་བུ་དམར་པོ་ལ་གཟུངས་རིང་


JKT021_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བཟླ་བཞིན་པས་རྡོ་རྗེའི་མདུད་པ་གསུམ་གདབ་པ་གདགས། ནང་དུ་དྲི་བཟང་གི་ཆུ་དང་བྱ་རྒྱུད་ལུགས་ཀྱི་བུམ་རྫས་ཉེར་ལྔ་བཏབ་པས་སུམ་གཉིས་དགང་བ་དཀྱིལ་འཁོར་གྱི་མདུན་ནམ། སློབ་དཔོན་གྱི་མདུན་གང་བདེར་བཤམས་པ་ལས་ལྷ་བསྐྱེད་སོགས་མེད་པས་མཆོད་པའི་དབུས་སུ་བཞག་མི་དགོས། འདས་གཏོར་དང་། ཆོས་སྲུང་གཏོར་མ་རྗེས་མ་རྣམས་ལ་མཐེབ་སྐྱུ་ཞལ་གསོ་བས་ཆོག་པས་རྒྱུན་བཞག་སྣུམ་ཟན་ལེགས་པར་བཞེངས། དཀར་རྩི་བྱུགས། དཀར་རྒྱན་ལས་ཚོན་ཁྲ་མི་བྱེད། གཞི་བདག་གཏོར་མ་ནི་དཀྱིལ་འཁོར་མདུན་དུ་སྟེགས་དམའ་བར་བཤམས་ལ་ཚར་རེ་བཞིན་འདོར་རྒྱུ་ཅན་བྱེད་དགོས། ཚེས་༡༥རྗེས་ཆོག་སྐབས་གཏོང་རག་གི་མཆོད་པ་སྒོས་མཆོད་ཆ་བཅོ་ལྔ་སོགས་གང་འབྱོར་རྒྱས་རྒྱས་དགོས། སྒྲུབ་པ་པོ་མང་དུ་ཡོད་ན་རོལ་མོ་དྲིལ་བུ། དུང་དཀར། རྒྱ་གླིང་། རྔ་སིལ་སོགས་ལས། དུང་དམར། རྐང་གླིང་། ཌ་མ་རུ་སོགས་མི་བྱ། མཎྜལ་སྒྲུབ་པ་པོ་རེ་རེ་བཞིན་ཡོད་ན་ལེགས། མེད་ཚེ་སློབ་དཔོན་གྱིས་ཕུལ། མཎྜལ་ཕུལ་ཚེ་དྲི་བཟང་གི་རླན་དང་བཅས་པ་བྱའོ། །ཤུདྡྷཾ། ༈ །མཆོད་ཡོན་ལ་ཞི་བའི་སྐབས་སུ་རྫས་བདུན་ཅེས་འབྱུང་བ་ནི། བ་དམར་སེར་གྱི་འོ་མ། ཏིལ་དཀར་པོ། འབྲས། བ་ལུའམ་སེ་བ་ལྟ་བུ་སྨན་ཤིང་བཟང་པོའི་མེ་ཏོག་དཀར་


JKT021_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

པོ། ནས་དཀར་པོ། རྩྭ་ཀུ་ཤ །གུར་གུམ་རྣམས་ལེགས་པར་སྦྱར་ཏེ་བླུགས། ཞབས་བསིལ་ལ་ཤུན་པ་ལྔ་ཞེས་འབྱུང་བ། རྒྱ་གར་དུ་གྲགས་པའི་འོ་མ་ཅན་གྱི་ཤིང་། ནྱ་གྲོདྷ། ཨུ་དུམྦ་ར། བླ་ཥཱ། པིལླ་མྱ། གནྡཱ་མུན་རྣམས་ཀྱི་བར་ཤུན་ཡིན་ཀྱང་བོད་འདིར་མི་འབྱོར་བས། བལ་བུ། འོམ་བུ། ཁམ་བུ། ལྕང་དཀར། ཤུག་པ་ལྔའི་བར་ཤུན་གྱི་སྟེང་། འདག་རྫས་ཉེ་ཤིང་དང་། སྲིན་དཀར་གྱི་ཕྱེ་མ་བཅས་སྦྱར་ལ་བཏབ། མེ་ཏོག་ནི། ངོར་ལུགས་ཀྱི་ཕྱག་ལེན་ལ་སྟེགས་བུའི་སྟེང་དུ་ཏིང་ཕོར་ནང་འབྲུ་དཀར་བླུགས་པ་ཁོ་ན་ལས་བཅོས་མའི་མེ་ཏོག་སོགས་འཛུགས་སྲོལ་མེད། སྤྱིར་དངོས་དང་བཅོས་མའི་མེ་ཏོག་སོགས་ཇི་ཙམ་འབྱོར་ན་བཟང་བས་རྟེན་གྱི་དྲུང་དུ་བཀོད་པས་མཛེས་པར་བཤམས། བདུག་སྤོས་ནི་རྒྱུད་སྡེ་འོག་མའི་སྐབས་འདིར་གླ་རྩི་སོགས་མ་འདྲེས་པའི་སྤོས་རེང་ཏིང་ཕོར་ནང་བཙུག །སྦར་རྒྱུ་ཟུར་དུ་སྤོས་གཞོང་ལྟ་བུར་བཞག །གཞན་སྤོས་སྣོད་དུ་མེ་ཐལ་འཇམ་པོར། སྤོས་དཀར། ཙནྡན་དཀར་པོ། ཨ་ག་རུ་སོགས་བདུགས་པའི་དུ་བ་འཐུལ་བར་བྱའོ། །མར་མེ་ནི་རྩི་མར་བཟང་པོའི་ཁུ་བ་བཙག་བཅད་དྲུངས་ཐོན་པ་ཤིན་ཏུ་གསལ་བར་བྱ། དྲི་ཆབ་ལ་དྲི་ལྔ་བཏབ་ཅེས་འབྱུང་བས། ཁ་ཆེའམ་བལ་པོ་གུར་གུམ་ལ་གཞི་བྱས་ཏེ། ག་བུར། །


JKT021_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ཙནྡན་དཀར་པོ། ཛཱ་ཏི། ཨ་ག་རུ་ནག་པོའམ། འགའ་ཞིག་ཛཱ་ཏིའི་ཚབ་ཏུ་ཙནྡན་དམར་པོ་འབྱུང་སྟེ་དེ་རྣམས་ཀྱི་གྲུངས་ཆུ་ཀུ་ཤའི་འཐོར་གཡབ་བཅས་བཞག །ཞལ་ཟས་ཀྱི་རྒྱུར་དཀར་གསུམ་མངར་གསུམ་གཙང་མ་འབྱོར་ན་བསྲེས་ཀྱང་ལེགས། རོལ་མོ་འབུད་དཀྲོལ་བརྡུང་གསུམ་གྱི་ཟླས་ཕྱེ་བའི། དུང་དཀར། དྲིལ་བུ། སིལ་སྙན། རྔ། གཞན་ཏིང་ཤག་སོགས་བརྡུང་ན་ཆོག །རྒྱ་གླིང་ནི་གྲྭ་ས་ཆེ་བ་རྣམས་སུ་དེ་ཙམ་དག་འདོད་མི་མཛད་ཀྱང་ལྷ་མཆོད་པའི་བསམ་པས་འབུད་ཀྱང་འགལ་བ་ནི་མེད་དོ། །ཞེས་པའང་ཉེར་མཁོའི་ཟིན་ཆུང་དུ་བྲིས་པ་དགེ །ཞུ་ཆེན་རིན་པོ་ཆེའི་སྨྱུང་ཆོག་གཏོང་ཚུལ་ཏེ་གཞན་སྤྱི་ལའང་འགྲེ། ༈ །ཀུན་རིག་སྒྲུབ་མཆོད་རྡུལ་ཚོན་ལ་བརྟེན་པའི་སྤྲོས་བཅས་སྐབས་སུ་ཡོ་བྱད་ཇི་ལྟར་དགོས་པའི་ཐོ་རགས་རིམ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། ངོར་༧ ལུགས་ཀུན་རིག་རྡུལ་ཚོན་ལ་བརྟེན་པའི་སྒྲུབ་མཆོད་རྒྱས་པའི་སྐབས། ཐོག་མར་དཀྱིལ་འཁོར་འབྲི་བའི་གཞི་ས་སྟེགས་ཤར་ནུབ་བར་ཁྲུ་དྲུག་ཡོད་པའི་ཟླུམ་སྐོར། དེའི་ཕྱིར་ཤིང་གི་སྒབ་སྐོར་རྩ་བ་མཐོ་རེ་ལས་མི་ཆུང་བ། དཔངས་མཐོ་མཁྱིད་དོ། །རྩེའི་ཁ་རྒྱ་སོར་ལྔ་དྲུག་གང་བདེ་རྒྱབ་རྩ་རྩེའི་བར་ཐགས་ཀྱིས་གཞོལ་བ་ལ་མེ་རི་པ་ཏྲ་བརྐོ། ནང་དུ་དྲང་ཐ་ལེར་སོང་བ་ལ་ཕྱོགས་མཚམས་བརྒྱད་


JKT021_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྒེག་སོགས་བརྒྱད། དེ་དག་གི་བར་དུ་ཁྱད་པར་གྱི་མཆོད་པ་ཉེར་བཞི་ཚང་མ། རྒྱལ་སྲིད་བདུན། འདོད་ཡོན་ལྔ་བཅས་རབ་བརྐོས་ལ། དེ་མིན་སྐྱོ་འབུར་བཅས་བྲིས་པ། སྟེང་དུ་ཕྱོགས་བཞིར་རྒྱལ་མཚན་ཕྱར་ཁྲུའམ་བསྐུམ་ཁྲུ་གང་། མཚམས་བཞིར་བ་དན་རྩེ་གསུམ་པ་དེ་མཚུངས། རྒྱལ་མཚན་གྱི་ཡུ་བ་དངོས་གཞི་ལས་མཐོ་ཕྱེད་དོ་ཙམ་རིང་བ་དང་། བ་དན་གྱི་ཡུ་བ་ཟངས་ཀྱིས་བརྡུངས་པའི་རྔ་ཡོག་ལྟ་བུ་དེ་མཚུངས། སྟེང་གི་བར་སྣང་མཐོ་དམའ་མཚམས་བར་ཀ་བ་ལ་བཞི་སྐོར་གྱི་ཐག་པ་དང་། དེ་ལ་རྒྱ་གྲམ་བྲན་པའི་དབུས་སུ་གདུགས་དཀར་པོ་ཆེ་ཆུང་དཀྱིལ་འཁོར་དང་འཚམས་པ་ཏོག་བཅས། ཕྱོགས་བཞིའི་ཐག་པ་ལ་ལྡ་ལྡི་དབྱིབས་མིག་རས་དྲུབ་པ་ལྟ་བུ་ཞིང་མཐོ་གང་ཙམ་ཕྱོགས་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། ཕྱོགས་རེར་ཧ་ལམ་འདོམ་གསུམ་རེ་ཙམ། དེ་ལ་ཕྱོགས་བཞིར་རྔ་ཡབ་ཤར་དཀར་མཇུག་ཏུ་འདབ་བརྒྱད་རྩེར་ནོར་བུས་མཚན་པ་ལ་ཨ་ལོང་ཅན་བཏགས་པ་གཉིས། དེ་བཞིན་ཕྱོགས་མདོག་གཉིས་རེ། གདུགས་ཀྱི་སྟེང་གི་ཐད་གནམ་རྒྱན་ངོས་ལ་བླ་རེ་ལེགས་པ་གཅིག །མཆོད་པའི་བུམ་པ་གྲ་འགྲིགས་དཔངས་སོར་བཅུ་གཉིས་ཀྱིས་མཚོན་གང་འོས་དང་། ཞབས་ར་ཅུང་ཆེ་ཞིང་བརྟན་པ། ཁར་བཀྲ་ཤིས་རྫས་རྟགས་


JKT021_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་མ་བརྒྱད་བུམ་གོས་ཕྱོགས་མདོག །ཁ་རྒྱན་ཀུ་ཤ་ཧྲཱིཿལ་བུ་ཟངས་སྦུབས་སྟོད་གསེར་སྐུད་ཀྱིས་དཀྲིས་པ་ཅུང་སྦོམ་ཞད་བུམ་པའི་ཁ་དང་ཧ་ལམ་འགྲིགས་པ། བུམ་གདན། ༨ བདུན་ཚར་དཔེ་ལྟར་ཞབས་ར་ཆ་གཅིག །དངོས་གཞི་ཆ་གཉིས་ཀྱི་ཁར་འབུ་དཀྲིས་ཀྱིས་བརྒྱན་པ། དངོས་གཞིར་པདྨ་འདབ་བརྒྱད་ཕྱི་ནས་འབུར་ཞིང་ནང་ནས་ཀྱང་བ། ཐིལ་ཅུང་ཟད་མ་ཐོབ་ལ་ནོར་བུ་དགའ་འཁྱིལ་གྱིས་མཚན་པ་དཀར་ཡོལ་དག་བན་འབྲིང་ཚད་ཙམ་པ། སྤྱི་མཆོད་གཅིག །སྒོས་མཆོད་ཞེ་དྲུག་བཅས་ཁྱོན་སྤོས་གཏལ། ༤༧ མར་མེ། ༤༧ ཞལ་ཟས་སྣོད་ཤོང་ན་པད་ཀ ༤༧ །མར་མེ་ཆེ་ཆུང་མཚན་ཐུབ་ཙམ་ཡུ་བ་པད་འདབ་ཅན་སྔར་གྱི་བཟོ་རྒྱུན་ལྟར། ཆ་གསུམ་ལ་གཏོར་སྣོད་ཐེབས་ཆེ་བ་ལྔ་ཚར། བདུན་ཚར་གཅིག །རྐང་བཞི་འབོར་ནར་མོ་གཅིག །སློབ་དཔོན་གྱི་མདུན་དུ་རྣམ་བུམ་ཆེ་བ་གཅིག །ཆུང་བ་གྲ་འགྲིག་བཞི། དེ་ལ་བུམ་མཚན་འཁོར་ལོ། རྡོ་རྗེ། རིན་ཆེན། པདྨ། སྣ་ཚོགས་རྡོ་རྗེ། བུམ་གོས་མདོག་ཅི་མཛེས། བྲོག་ཁ་དོག་ལྔ་གོས་ཆེན་རྒྱུ་བཟང་སྲབ་མོའམ། གོས་ལིང་རྒྱུ་བཟང་ལྟ་བུ་ལས་མིག་རས་ལྟར་དྲུབ་པ་ཞིང་སོར་དོ་ཙམ། རིང་ཐུང་འདམ་གང་ཙམ། སོ་སོར་ཁ་རྒྱན་དབུས་མ་སྤྱི་ཁྱབ་དང་། ཕྱོགས་བཞི་ཧྲཱིཿལ་བུ། དུང་ཆོས་གཅིག །


JKT021_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་རྡོར་གཅིག །པད་གདན་ལྔ། དེའི་སྟེགས་གཅིག ༈ །ཚོགས་པའི་གྲངས་མཉམ་རིགས་ལྔ། དར་དཔྱངས། རྩ་ཆིངས། པང་ཁེབ་བཅས་འགྲིགས་ན་ལེགས། ༈ །སྦྱིན་སྲེག་ལ། དབུ་རྒྱན་ནོར་༡བུའི་རྩེ་བྲན་དཔེ་ལྟར་ཁ་དོག་དཀར། སེར་དམར་སྔོ་སོ་སོར་དབུས་ཀྱི་མཚན་མ་འཁོར་ལོ། རིན་ཆེན། པདྨ། རྡོ་རྗེ་རྭ་གདེངས་ཀྱིས་མཚན་པ། ཐོར་ཚུགས་རྩེ་མོར་ལས་བཞིའམ་ནོར་བུའི་ཏོག་གིས་མཚན་པ། དབུ་རྒྱན་གྱི་འོག་ཏུ་རིགས་སོ་སོའི་རྩ་ཆིངས་འཁོར་ལོ་ལ་སོགས་ཀྱིས་མཚན་པའི་གཡས་གཡོན་འཕན་ཐུང་། གར་གོས་དཀར། སེར། དམར། སྔོ། སྟོད་གཡོགས་དང་། སྨད་གཡོགས་ཀྱང་ཁ་དོག་དེ་མཚུངས། སྒོ་ཁང་སོགས་གང་བདེར་ལས་བཞིའི་ཐབ་སྟེགས་ཁྲུ་དོ་རེ་ལས་མི་ཆུང་བ་བཞི། དགང་གཟར་བླུགས་དཀར། དངུལ། སེར། ཚ་གསེར། དམར། ཟངས། ནག་བཞི། ལྕགས། བསྲེག་རྫས་སྣོད་པད་ཀ་ཆེ་བ་ཁ་རྒྱ་མཐོ་ཆུང་བཞི་ལྔ་ཙམ་ཡོད་པ་ལས་བཞིའི་མདོག་ཅན་བཞི། དེ་ལས་ཆུང་བ་པད་ཀ་མཐོ་ཆུང་བའི་ཕྱེད་གསུམ་ཙམ་གསུམ། བདུན་ཚར་ཆ་བཞི། བསྲེག་རྫས་ཀྱི་གཞི་ཁེབས་ལས་མདོག་བརྒྱད་སོ་སོའི་སྟེགས་བཅས། སློབ་དཔོན་བཞུགས་གདན་ལས་མདོག་བཞི་དང་། དེའང་རྒྱས་པ་ལ་ཁྲིའུ་ཤིང་། མེ་ཡོལ་རྡོ་ལ་གངས་


JKT021_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

རིའི་གཟུགས་བརྐོས་པ། ཝཾ། གིས་མཚན་པ་བཞི། བསང་ཆུ་སྣོད་དུང་ཕོར་དངོས་འབྱོར་ན་དང་། དེ་མིན་འཁར་བ་ལས་བླུགས་པ་བཞི། བསྲེག་རྫས་བཤམ་སྣོད་རྒྱ་འབོ་ཆེ་བ་བཞི། མར་ཁུ་a: སྣོད་ཟངས་སྐྱོགས་ཆེ་བ་བཞི། ཡམས་ཤིང་བསྐྱལ་སྣོད་རྒྱ་འབོ་ཆུང་བ་བཞི། མར་ཁུ་ཁུར་སྣོད་སྐྱོགས་ཆུང་བཞི། རྫས་ལྡེར་བཞི། ས་བཀྲའི་སྤར་གཞི་དཔེའུ་རིས་ལྟར། གཞི་བདག་གཏོར་མའི་སྣོད་ཐེབ་བཞི། ཚོམ་བུ་སྤྱན་འདྲེན་མེ་ཏོག་པད་ཕོར་བཞི། དེ་བཙུགས་མཉྫི་བཞི། སྟེགས་ཁེབས་བཞི། སྤོས་ཕོར་ཆ། སྤོས་དབྱུག་ཆ། གདུགས་གཅིག །རྒྱལ་མཚན་ཆ། བ་དན་ཆ། སྤོས་ཁུག་ཆ། རྡུལ་ཚོན་ཆུར་གཤེགས་ལ། གླང་པོ་ཆེ་ལ་རྡུལ་ཚོན་སྣོད་གོས་ཆེན་གལ་ཏ་བསྐལ་བ། ༈ །སིལ་སྙན་གཅིག །རྔ་ཁང་ཅན་གཅིག །དུང་དཀར་ཆ་བཅས་སོ། ༈ །བི་ཛ་ཡནྟུ། རི་ཁྲོད་དུ་འབྱོར་བསྟུན་ཚེས་༢༤ལ་རྩེ་ཟུལ་མདོར་སླེབས་རྩིས་ཀྱིས་མཆོད་རྟེན་བཞེངས་རྒྱུ། ཚེས་༢༥ལ་བཅའ་སྒྲུབ་གྲུ་ངེས་ཀྱིས་ཤར་དུ་རིན་ཆེན་ནས་ཀིང་ཀང་སྒོ་ནས་དགྲ་སྲི་མནན་པ། ལྷོར་རྡོར་བྲག་སྤྲུལ་སྐུས་ཚེ་བདག་སྒོ་ནས་དུར་སྲི་མནན་པ། ནུབ་ཏུ་ཉག་ཤིས་སྔགས་པས་གུར་བྲག་སྒོ་ནས་ཕུང་སྲི་མནན་པ། བྱང་དུ་བོན་གཏེར་གྱིས་ཡི་དམ་སྒོ་ནས་འཁྲུགས་སྲི་མནན་པ་བཅས་བསྒྲུབས་ནས་ཚེས་


JKT021_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

༢༦ལ་མནན་པ་རྒྱབ། ཚེས་༢༧སྔ་ཆར་གྱུར་བསྟུན། ས་དམིག་བཙལ་རྒྱུ་དང་བསང་གསེར་སྐྱེམས་བཏང་། ས་ཕུར་གཉིས་སམ་གང་རིགས་སློབ་དཔོན་དུ་དགོས་བླ་མ་རྣམས་ནས་ཐུགས་དཔྱད་ཀྱིས་བྱུང་ན་ས་བཅག་འདུར་འཆམས་ཚང་མ། མ་བྱུང་རུང་ཕུར་བའི་ས་ཆོག་ཕུར་གདབ་སྟ་གོན་སྐོར་ཚང་མ། ཚེས་༢༨ལ་རས་བྲིས་ལ་བསྟེན་པའི་སྒྲུབ་མཆོད། ཚེས་༢༩ཉིན་དགྲ་དུར་ཕུར་གསུམ་གྱི་མནན་པ་རྨང་ས་དབུས་སུ་རྒྱབ། དེ་མཉམ་བོན་གཏེར་ནས་དམ་སྲི་མནན་པ་དམིགས་བསལ་གང་ཡོད་མཛད། ཚེས་༣༠ཉིན་ཕུར་པའི་ཞི་བའི་སྦྱིན་སྲེག་དང་རྗེས་ཆོག་མཛད། ཚེས་༡ལ་སེང་གེ་སྒྲའི་ཀླུ་ཆེན་དགུའི་བུམ་པ་སྦ་དགོས་པས་དེའང་སྔ་ཚུད་བསྒྲུབས་ཚར་བར་མཛད་དགོས། སྦ་མཁན་ས་ཕུར་གང་རུང་གིས་མཛད་དགོས། གོང་གསལ་རྣམས་སྒྲུབ་མཁན་དཔོན་སློབ་བདུན་རེའམ་ལྔ་རེ་ལས་མི་ཉུང་བ་དགོས། དེ་ཐམས་ཅད་ཚེས་༢༣སྐོར་འདུ་ནས་བཅའ་གཞི་བསྒྲིག །ཕུར་པའི་ས་ཆོག་དང་འཆམས་ཚེས་༢༧ཉི་དྲོས་ཙམ་གྲུབ་དགོས་འདུག་པས་དེ་ལུགས་སྔ་བཞེངས་མཛད་རྒྱུ་དང་འཆམས་ལྷུ་བསྙུང་རྒྱུ་སོགས་གང་འོས་མཛད། གནམ་གང་ལ་རྡོར་སྤྲུལ་སོགས་ལྕང་རར་བྱོན། ཚེས་༡ནས་སྟོབས་ཆེན་མཆོད་རྟེན་བཅའ་གཞི་བསྒྲིག །དེའང་འཁོར་ལོ་བྲི་མཁན་གསུམ་


JKT021_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པས་རྟ་མགྲིན། ཤཱཀྱ་རྒྱལ་མཚན། བསོད་སྤྲུལ་དང་ལྷ་བསམ་གང་འོས། ལྷ་བཟོ་གསུམ་དགོས་རྒྱུའི་སྲེ་ཝར་ལྷ་དབང་དོན་ལྡན། གཞན་ཐང་ཀ་བྲི་ཤེས་མཁན་གང་རུང་གཅིག །འདགས་བཟོ་བློ་ལྡན་ཉི་མ་བཅས་འདི་རྣམས་ཉིན་བདུན་བརྒྱད་མ་གཏོགས་ཡུན་རིང་མི་འགོར། ཚེས་༣ལ་རྩེ་མདོར་སྐོར་ཙམ་སྐྱོད་ནས་ཕྱིའི་མཆོད་རྟེན་རྩིགས་རྨིངས་བཀོད་པ་དང་ཐིག་གདབ། ལྕང་ར་ནས་༧ འཁོར་ལོ་བྲི་སྒྲུབ་ཉིན་བདུན་བརྒྱད་འགོར་འདྲ་བས་དེ་བར་བུམ་གཏེར་བསྒྲུབ་རྒྱུ། འཛོམ་ན་བཀྲ་ཤིས་གཏེར་བུམ་གཏེར་གསར་ལུགས་བུམ་པ་ཆེ་དགུ། ཆུང་བཞི། ཐུགས་རྡོར་རྩ་གསུམ་གཏེར་བུམ། སྟག་ཤམས་ལྷའི་གཏེར་བུམ་ཆེ་གཅིག །ཆུང་བཞི་ཆ་ལྔ་ཙམ། གཏེར་གསར་ཡིད་བཞིན་འཁོར་ལོའི་གཏེར་བུམ་ལྔ། ཀློང་གསལ་གཏེར་བུམ་ལྔ། རཏྣའི་གླང་ཆེན་བཅས་ཆོག །ས་བདག་སྙིང་གཏེར་བུམ་པ་ཁ་ཤས། དགོན་ཆེན་ནས་བསྒྲུབས་ཟིན་ཡོད་ན་དང་མེད་ན་གསར་སྒྲུབ་མགོན་དཀར་བུམ་གཏེར་དགུ། ཀླུ་དབང་རྒྱལ་པོའི་བུམ་གཏེར་དགུ། བྱུང་ན་ཛཾ་དཀར་གའུ་ལྔ་བཅས། ཐོད་པ་འཛོམ་ན་གྲ་མངོན་ཛ་དམར་ཐོད་སྒྲུབ། གཞན་ལོངས་སྐབས་དང་བཅལ་ཁ་འཛོམ་ན་དམར་པོ་སྐོར་གསུམ། རྣམ་སྲས་རིགས། ཛཾ་ལྷ་རིགས་ལྔ། ནོར་རྒྱུན་མ། དཔལ་ཆེན་མ། ཨ་པ་རཱ་ཛི་


JKT021_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཏཱ། ཚོགས་བདག་དཀར་པོའི་འབྲུ་སྤེལ། དབྱུ་གུ་སྤུན་གསུམ་གྱི་རྟེན་སོགས་སྒྲུབ་ཐབས་རིན་འབྱུང་ནས་འབྱུང་བ་རྣམས་བཅའ་སྒྲུབ་བྱ། གནོད་སྦྱིན་འཁོར་ལོ་ཕོ་མོ་གཉིས་རྡོ་བརྐོས་གསེར་འདུར་བྱུགས་པ། དྲི་མེད་རྣམ་གཉིས་དཀྱིལ་འཁོར་རྡོ་བརྐོས་གསེར་འདུར་བྱུགས་ཤིང་པྲ་རྩིས་མནན་པ་ཚོན་བཏང་། སམྦུ་ཊིའི་ས་གཡོ་དང་ཐོག་སྲུང་འཁོར་ལོ་ཆེན་མོའང་བྱུང་ན་རྡོ་བརྐོས་གལ་ཆེ་བས་རྡོ་རྐོས་ཀྱང་གསུམ་ཙམ་གཟུགས་བརྐོས་ཐོན་མཁན་དགོས། ཕྱིའི་མཆོད་རྟེན་སྲོག་ཤིང་ཤུག་པ་ཤར་རྟགས་ཅན་རྩ་རྩེ་མ་ནོར། བྱུང་ན་གནས་ཆེན་ཏུ་སྐྱེས་པ་ཐོག་སོ་གསུམ་ཙམ་གས་ཆག་མེད་པ། སྐམ་པོ་འཛོམ་ན་རབ། ཅིས་ཀྱང་མ་རྙེད་ན་ཀཱ་ཤི་བཟང་པོས་གཡོགས་ནས་རས་གཞི་བཟོ། བྲི་རྫས་གསེར་འདུར་འཛོམ་ན་དང་མ་འཛོམ་ན་བ་བླ་གསེར་འདུར་བསྲེ། ཡིག་འབྲུ་ཆེན་པོ་བྱ། །ཡང་ན་ཁ་ཆེ་དྲི་བཟང་འཐུག་བོ་བྱུགས་པའི་སྟེང་མཚལ་གྱིས་བྲི། འོད་ཟེར་དྲི་མེད་གཟུངས་མདོ་གླེགས་བམ་སོར་བཞི་གསེར་བྲིས། ཆོས་དབང་སྲོག་ཤིང་བརྟན་པའི་ཙཀྲ་བྱུང་ན་བཟང་། གང་ལྟར་ཡི་གེ་བྲི་རྒྱུ་མང་བས་གཟབ་བྲིས་བཟང་བ་གསུམ་ལས་མི་ཉུང་བ་དགོས། བྲི་གཞི་བྱུང་ན་གོས་ཆེན་ལ་ཤི་དཔུང་མ་ཡུག་གཅིག །མ་འཛོམ་ན་ཟི་ཏྲི་ན་སེར་པོ་བུབ་ཆེ་གཅིག །བྲི་རྫས་ཀྱང་གསེར་དངུལ་


JKT021_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་མཚལ་སོགས་དགོས་འདོང་། གཞན་གཟུངས་གཞུག །ཤོག་དྲིལ། གླེགས་བམ། འཁོར་ལོ། སྐུ་གསུང་ཐུགས་རྟེན། དྲི་མེད་རྣམ་གཉིས་ཆས། ཤོག་བུ་སྲབ་མཐུག་དགོས་འདོང་སོགས་ཟུར་ཐོ་ལྟར། ཚེས་༡༤ལ་གཙུག་ཏོར་དྲི་མེད། ཚེས་༡༥ལ་འོད་ཟེར་དྲི་མེད་སྲོག་ཤིང་འཛུག་ཆོག །དེའང་སཱཙྪ་སྒྲུབ་པ་སྔོན་དུ་འགྲོ་བས་གྲུབ་རྩིས། ཟླ་༥པའི་མགོ་མཇུག་ཏུ་བོན་གཏེར་ནས་ལུང་དོན་བསྒྲུབ་དགོས་གང་ཡོད། རང་ལུགས་ཞིབ་ཆ་དང་མནན་སྲེག་འཕང་གསུམ་ཚད་ལྡན་རིན་ཆེན་ནས་རྒྱབ་རིམ་ཞི་བརྔན་བསང་གསུམ། འཁོར་འདས་མཆོད་པ། ས་བདག་དབང་ཆེན། འཁྲུགས་བཅོས་ཚར་གྲངས། སྡེ་བརྒྱད་ཁེངས་མདོས། དམ་སྲི་གླུད་མདོས། མ་མོ་དང་བརྟན་མའི་མདོས་ཆེ་ཆུང་གང་བྱུང་། རྒྱལ་མདོས། གླིང་བཞི་སྤྱི་མདོས། དགོན་ཆེན་ལྕགས་ར་དཔལ་འབྱོར་སྐོར་གྱི་དགེ་སློང་ཆ་ཤས་ཀྱིས་བཀའ་འགྱུར་ཞལ་ཕྱེ། འབུམ་རྒྱས་འབྲིང་བསྡུས་གསུམ། བཀའ་ཐང་སྡེ་ལྔ། བཀའ་འདུས། གཟུངས་འདུས་སོགས་ཆོས་ཀློག་ཆབ་གཏོར་བརྒྱ་རྩ་གླུ་གཏོར། ཆ་གསུམ་ཅི་མང་། ཆོས་སྲུང་སྐོང་གསོལ། སཱཙྪ་གདབ་པ་སོགས་དགེ་བའི་དཔུང་བསྐྱེད། གཞན་ཡང་སྲོག་བསླུ། གཡང་སྐྱབས། མ་མོ་འཁྲུགས་སྐོང་སོགས་དམིགས་སུ་ཁེལ་བ་བྱེད། དབང་ཆེན་དང་


JKT021_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་སྐྱབས་ཀྱི་རྟེན་སོགས་གྲོང་ཆོག་ཕལ་པ་ལྟ་བུ་མ་ཡིན་པ་བཅའ་གཞི་སྐྱོན་མེད་བསྒྲུབ་ཐུབ་པ་བྱུང་ན་གནོད་སྦྱིན་བང་མཛོད་སྐོར་དུ་བཞག་པ་ལེགས། ཟླ་༥ཚེས་༡ནས་སྟོབས་ཆེན་མཆོད་རྟེན་བཅའ་གཞིའི་དབུ་བཟུང་ནས་ཚེས་༡༠སྐོར་མཆོད་རྟེན་རབ་གནས་ཡན་ཚར་རྩིས། དེ་མཚམས་བསྙེན་སྒྲུབ་ལས་གསུམ་དབུ་བཟུང་ནས་བདུན་གསུམ་ཙམ་ལོང་སྐབས་གང་ཡོད། ཉིན་ཐུན་བཞི། མཚན་ཐུན་གསུམ་སྔགས་རྒྱུན་མ་ཆད་པ་དགོས་པས་སློབ་དཔོན་གྱི་གཙོ་བོ་རྡོར་སྤྲུལ་དང་། མགོ་ཚོ་བླ་མ་གཙོས་ཚེ་བདག་བསྙེན་སོང་བཅུ་མན་ཆད། ཆོག་རོགས་དང་ཛབ་རྒྱུན་པ་སོགས་ཚེ་བདག་གི་བསྙེན་ཆུང་ཙམ་མམ་དེ་མིན་ཐུགས་ཕུར་བསྙེན་པ་སོང་བ་ཙམ་ཡོད་ན་རབ། དེ་མིན་ཚེ་བདག་དབང་ལུང་ཐོབ་པ་བཅུ་སྐོར་ངེས་པར་དགོས། ཟླ་ཚེས་༢ྋསྐོར་མཆོད་རྟེན་རྩེ་མདོར་གདན་འདྲེན་གྲུབ་ངེས། ཚེས་༡སྔ་ཆར་མཆོད་རྟེན་བཞུགས་རྒྱུ་དང་གནོད་སྦྱིན་བང་མཛོད་བཅའ་ཁ་བྱས་ནས་སྒོ་ལེགས་པར་བཅད། སྐུ་དཀར་སྔོན་དུ་མ་ཐོན་ན་འདི་ཉིན་ཐོན་ངེས་བྱ། ཚེས་༣དཀྱིལ་འཁོར་སྟ་གོན། ཚེས་༣རབ་གནས་སྟ་གོན། ཚེས་༤ རབ་གནས་དངོས་གཞི་འཐོར་ནས་བཅས་སྔ་ཚེ་གྲུབ་པར་བྱ། ཚེས་༥སྔ་ཆར་གཏོང་རག་ཚོགས་མཆོད། བསང་བརྔན། སྦྱིན་གཏོང་སོགས་མཐར་རྒྱས་བྱ། རབ་


JKT021_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ཀྱང་ཕྱོགས་བཞི་ནས་ཁག་བཞི་ཙམ་ཐུང་ན་ལེགས་པས་དཔོན་སློབ་ཞབས་དྲུང་འདྲ་དབུ་བཞུགས་ཀྱིས་ས་ལུགས་ཀྱེ་རྡོར་རབ་གནས་དང་རྒྱས་པའི་སྦྱིན་སྲེག །སྤྲུལ་སྐུ་ཐོས་དགའ་འདྲ་དབུ་བཞུགས་ཀྱིས་ཀར་ལུགས་བདེ་མཆོག་རབ་གནས་དང་དབང་གི་སྦྱིན་སྲེག །བུམ་སྒྲུབ་ཕེབས་ཞོར་རེད་འོང་ན་ཀཿཐོག་ཞིང་སྐྱོང་ཨི་ལེགས་གང་ལྟར་རྙིང་མའི་རྡོར་སློབ་ཚད་ལྡན་ཞིག་གིས་བཀའ་བརྒྱད་སྒོ་ནས་སྨིན་ལུགས་དགེ་ལེགས་འདོད་འཇོའི་རབ་གནས་དང་ཞི་བའི་སྦྱིན་སྲེག །ཚེ་བདག་མཁན་པོ་རྣམས་ནས་ཉིན་གསུམ་ཚེ་ཚེ་བདག་གི་སྒྲུབ་པ་ཡང་བསྐྱར་དང་དྲག་པོའི་སྦྱིན་སྲེག་རབ་གནས་མདོར་བསྡུས་བཅས། དེའང་རབ་གནས་སྟ་གོན་དྲག་པོའི་སྦྱོང་བའི་རྗེས་དྲག་སྦྱིན། སྦྱོང་བ་གསུམ་གྱི་རྗེས་ཞི་སྦྱིན། ཡེ་ཤེས་དབབ་པའི་སྐབས་དབང་སྦྱིན། མངའ་དབུལ་སྐབས་རྒྱས་སྦྱིན་དགོས། ཆོས་སྐྱོང་དང་ཡོན་བདག་བསྒོ་བ་ཀྱེ་རྡོར་ཚང་ཁོ་ནས་ཆོག །ཆོས་སྐྱོང་རྟེན་མདོ་ཚང་ཞིག་དགོས་པ་རྒྱལ་མཚན་བླ་མ་ལ་བསྒྲུབ་བཅོལ་ན་ཆོག་སྙམ། མཆོད་རྟེན་ཐིག་ཚད་དཔེ་ན་ནིང་དགོན་ཆེན་གསེར་གདུང་སྐབས་ཤིང་གི་མཆོད་རྟེན་ཆུང་ངུ་ཡོད་པ་དེ་དང་། ཐིག་ཚད་ལྟ་མཁན་ཕན་བདེ། འཇམ་དབྱངས་ཡོན་ཏན། རྔོ་ཁང་ལྷ་གཉེར་གསུམ་གང་རུང་འོས། སྲོག་ཤིང་འཛུག་སྐོར་སོགས་སེམས་


JKT021_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་མཆོད་པ་གང་རྒྱས་དང་། བཀྲ་ཤིས་གསོ་སྦྱོང་མཛད་ན་ཤིན་ཏུ་ལེགས་པར་འབྱུང་བས་སིདྡྷིབྷ་བནྟུ། དགེ་ལེགས་འཕེལ། ༈ །ཚོགས་ཀྱི་འཁོར་ལོའི་ལག་ལེན་བསྐྱུད་བྱང་ཟིན་བྲིས་སུ་བཏབ་པ་ཚོགས་གཉིས་དགའ་བའི་ཆུ་གཏེར་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །མི་ཕྱེད་གྲུབ་པའི་ཐིག་ལེ་ནི། །ཟུང་འཇུག་སྒྱུ་མར་རོལ་པའི་གར། །ཧེ་རུ་ཀ་དཔལ་བླ་མ་ལ། བཏུད་ནས་བསྐྱུད་བྱང་ཟིན་བྲིས་སྤེལ། དེ་ལ་རྣལ་འབྱོར་པ་གང་ཞིག་གནས་སྐབས་སུ་ཚོགས་གཉིས་རྫོགས་ཤིང་། འགལ་རྐྱེན་ཞི་བ་དང་། དམ་ཚིག་ཉམས་ཆག་བཤགས་པ་སོགས་དགོས་པར་ཁྱད་པར་ཅན་དང་། མཐར་ཐུག་ཚོགས་སྤྱོད་ཀྱི་ཉེ་རྒྱུ་ལ་བརྟེན་ནས་ཟུང་འཇུག་གི་གོ་འཕང་འགྲུབ་པར་འདོད་པ་དག་གིས་གང་བརྩམས་པར་བྱ་བའི་ཡན་ལག་ནི་ཚོགས་ཀྱི་འཁོར་ལོ་སྟེ། དེ་ཡི་ངོ་བོ་དང་། ངེས་ཚིག་དང་། རྣམ་དབྱེ། ཕན་ཡོན་སོགས་ལ་རྒྱས་པ་ནི་གཞན་དུ་ཤེས་པར་བྱ་ལ། འདིར་ལག་ལེན་ཉེར་མཁོ་འཆད་ན། དཀྱིལ་འཁོར་གང་རུང་གི་ལས་གཞུང་བསྲངས་ཞིང་། དེ་ཡི་ཡོ་བྱད་སོགས་ནི་གཞུང་དེར་གསལ་བ་ལས་སྨོས་མ་དགོས་ཤིང་། བྱེ་བྲག་ཚོགས་འཁོར་གྱི་ཡོ་བྱད་ལ། དཀྱིལ་འཁོར་མདུན་སྟེགས་ཅུང་ཟད་དམའ་བར། གཅན་གཟན་གྱི་པགས་པ་སྡེར་བཞི་མ་


JKT021_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པ་བཀོད་པའི་སྟེང་དུ། གཡས་སུ་ཤ་དང་། སྒོག་བཙོང་། ཤིང་ཐོག ཁུར་བ་སོགས་ཐབས་ཀྱི་རྫས་དང་། གཡོན་དུ་ཆང་དང་། རཀྟ་སོགས་ཤེས་རབ་ཀྱི་རྫས་དང་། དབུས་སུ་ཚོགས་གཏོར་བཤམས། དེ་ལ་མཆོད་པ་དང་། བཤགས་པ་དང་། བསྒྲལ་བ་དང་། ལྷག་མ་སྟེ་ཆ་བཞིར་བཤམས་པའི། བསྒྲལ་བ་མ་གཏོགས་པ་ལ་ཐོག་མར་བསང་ཆུ་དང་། དེ་རྗེས་སྦྲེང་ཐུར་གྱིས་སྨན་རག་སོ་སོར་བྲན། བསྒྲལ་བ་ལ་སྨན་རག་བྲན་ན་དམེར་འགྲོ་བར་མ་ཟད། བྱིན་རླབས་ཀྱང་མི་རུང་བས་ལོག་ཤིག་ཏུ་བཤམས། ཟན་ལིང་ཡོད་ན་བསྒྲལ་བ་ལོགས་སུ་མི་དགོས་ཏེ་དེས་མཐུས། དེ་ནས་རྣལ་འབྱོར་པ་རྣམས་གྲལ་དུ་ཞུགས་པའི་ཐོག་མར་བརྗོད་མེད་དོན་བཤགས་སྔོན་དུ་འགྲོ་བས། བྱིན་རླབས་དང་སྤྱན་འདྲེན་གྱི་རྗེས། མཆོད་པའི་སྐབས་ལས་རྡོར་ལངས་ནས་ཕུད་ལ་ཚོགས་ཆང་བྲན་ཞིང་། འབུལ་སྔགས་བརྗོད་པ་དང་ལྷན་ཅིག་ཏུ་འབུལ། དེ་ནས་བཤགས་པ་ལའང་དེ་བཞིན་དང་། བསྒྲལ་བའི་སྐབས་ཚོགས་ཟན་ནམ། ཟན་ལིང་རྡོ་རྗེ་སློབ་དཔོན་མདུན་དུ་བཀྲམ། བཀུག་བསྟིམས་དང་། བསྒྲལ་བ་དངོས་ཚར་ནས། ཞལ་སྟབས་སྐབས་སུ་སྨན་རག་བྲན་ཏེ། དེ་ནས་བསྐང་བ་རང་གཞུང་བཞིན་གྱི་རྗེས། གཏོར་བསྔོས་བསྡུས་པ་ཙམ་དང་། དེ་ནས་བསམ་ལྷུན་ནམ།


JKT021_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

མྱུར་འགྲུབ་གང་ལྕོགས་འདོན། དེ་ནས་ལས་རྡོར་ལངས་ཏེ། གཙོ་ཕྱག་དང་གྲལ་ཕྱག་སྔོན་དུ་འགྲོ་བས། ལག་གཉིས་ཀྱིས་ཐབས་ཤེས་ཀྱི་རྫས་སྟེང་འོག་བསྣོལ་མར་ཁྱེར་ལ། ཧོ༔ བླ་མ་དཔའ་བོ་ཆེན་པོ་དགོངས་སུ་གསོལ། སོགས་གདངས་དང་བཅས་འདོན་མཐར། རྡོ་རྗེ་སློབ་དཔོན་གྱིས། ཧོ༔ རིན་ཐང་མེད་ལ་ལེགས་འོང་ཆོས། སོགས་གདངས་བཅས་འདོན་མཐར། རོལ་སྔགས་བརྗོད་པ་ལྷན་གཅིག་པད་སྐོར་དང་བཅས་བསྣོལ་རྒྱས་བླངས། དེ་ནས་ཚོགས་པ་རྣམས་ལ་རིམ་བཞིན་དྲངས་ཟིན་པ་དང་བླ་མས་བསྐུལ་ནས། ཧོ༔ བདག་ལུས་ཕུང་ཁམས་སོགས་བརྗོད་ལ་ཚིམ་པ་རོལ་མཐར། ཧེ་རུ་ཀདཔལ་གྲོང་ཁྱེར་དུ། སོགས་སྨོན་ལམ་ཅི་ནུས་གདབ། དེ་ནས་བར་འདིར་དབང་བསྐུར་དང་། གནས་ལུང་སོགས་བྱ་ཞིང་། ལྷག་མ་ལ་བབ་པ་ན། རྣལ་འབྱོར་བའི་ཕུད་ཞེས་སྔར་བཤམས་པའི་ཚོགས་ལྷག་དེ་ལ། དཔལ་ཆེན་པོའི་ཕ་འབབས་ཞེས་རྣལ་འབྱོར་པས་རོལ་པའི་ལྷག་མ་བསྣན་ཅིང་། དེ་ཉིད་ཞི་རྒྱས་དབང་གསུམ་ལ་ཧེ་རུ་ཀའི་བཞེས་ལྷག་ཞེས་ཚོགས་ཕུད་ནས་ཆ་ཤས་སྔོན་ནས་བཞག་པའམ། མིན་ཀྱང་དཀྱིལ་འཁོར་དུ་མཆོད་ཚར་བ་ནས་བླངས་ཏེ་བསྣན། དྲག་ཤུལ་གྱི་ལས་ལ་ལྷག་མ་ཉིད་ཧེ་རུ་ཀའི་བཞེས་ལྷག་ཡར་བསྣན་པ་སྟེ། འོན་ཀྱང་དེངས་


JKT021_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་དུ་ཕྱག་ལེན་སྔ་མ་ལྟར་ཤས་ཆེ། དེ་ནས་འདོན་ཚིག་དང་བསྟུན་ཏེ་སྒྲུབ་ཁང་གི་ཕྱི་རོལ་གོམས་པ་བདུན་ཅུའི་མཚམས་སུ་བསྐྱལ། གལ་ཏེ་བསྒྲུབ་པ་ཞག་བདུན་ཕྲག་སོགས་སུ་བྱེད་ཚེ་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་བསགས། དེ་ནས་ཆད་ཐོའི་གཏོར་མ་ལ་ཉིན་མོ་ཡིན་ན་སྤོས་ཐུར་དང་། མཚན་མོ་ཡིན་ན་དཔལ་འབར་བཙུགས་པ་བཏེགས་ཏེ་སྨན་རག་བྲན་ལ་འབུལ་ཚིག་དང་བསྟུན་ཕྱི་རོལ་ཏུ་ཡིག བསྐྱལ། དེའི་གཏོར་སྣོད་བཤལ་བའི་ཆུ་བརྟན་མའི་གཏོར་མ་ལ་བྲན་ནས་གཤེགས། གཏོར་གཞོང་ཁ་སྦུབས་ལ་ལས་མཇུག་བྲོ་ཡིས་བསྡུ་བ་རྣམས། ཆོས་སྲུང་གཏོར་མ་ཡོད་ན་དེའི་བསྐུལ་པ་ཆད་ཐོའི་གོང་དུ་བཏང་བ་དང་། ལྷག་མ་བཅས་ལ་ཉིན་མོ་སྤོས་ཐུར་དང་མཚན་མོ་དཔལ་འབར་འཛུག་སྲོལ་སྣང་ངོ་། །ཞེས་པའང་ཉེ་མཁོའི་བསྐྱུད་བྱང་འཕྲལ་མར་སྤེལ་བ་ཤུ་བྷཾ། ༈ །གཞི་བདག་རྟེན་བཀོལ་སྐབས། ཐོག་མར་ཐུགས་སྒྲུབ་ལས་བྱང་ཚོགས་སྐོང་བཅས་དང་། བསང་། གསེར་སྐྱེམས་རྣམས་གྲུབ་ནས། གསས་མཁར་བརྩིགས་པའི་འོག་གི་རི་ཞབས་ཐག་ཉེ་རིང་གང་བདེར་ཡུལ་འདྲེ་མནན་པ་གཞུང་ལྟར། དེ་ནས་གསས་མཁར་བརྩིགས་པ་དངོས་དེར་གསེར་སྐྱེམས་དང་། དཀར་གཏོར། བགེགས་གཏོར་བཤམས་ལ་ས་སློང་དང་། ས་སྲིན་བསྐྲད། ས་རྒོད་ཡིན་ན་ལྟོ་འཕྱེ་བརྟག་


JKT021_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

པ་གྲུབ་ན་ལེགས། དེ་མིན་གསས་མཁར་བརྩེགས་པའི་འོག་གཞིར་གཞལ་ཡས་ཁང་པར་ཚོན་བྱེད་པདྨ་འདབ་བརྒྱད་བཏང་། དེ་སྟེང་བུམ་པ་བཞག །ཚས་དང་ཁ་ཆོད་ལེགས་པར་བརྒྱབ་པའི་རྩེར་རྒྱབ་ཏུ་དར་ལྕོག །མགུལ་དུ་འཁོར་ལོ། མདུན་དུ་ཤིང་བྱང་། གཞན་ཡང་ཤིང་རྩི་བལ་ཚོན་སོགས་བཙུག །དམུ་ཐག་འཐེན་ཞེས་པ་ཤིང་བྱང་རྩེ་ནས་ཚོན་སྐུད་གསས་མཁར་ཕྱོགས་བཞིར་འཐེན་། དཀར་གཏོར་དང་ཉེར་སྤྱོད། བསང་དང་གསེར་སྐྱེམས་སོགས་བཤམས། སྦྱོང་བ་དང་། རི་ཁྲུས་སྤྱི་ལྟར་བྱ། དེ་ནས་སྔགས་དྲུག་ཕྱག་དྲུག་ནས་བཟུང་གཞུང་ལྟར་ཚང་བར་བཏང་ལ་མཐར། ཕྱོགས་བཅུ་དུས་བཞི་སོགས་གཏེར་གསར་བསྔོ་སྨོན་དང་། ཕུན་སུམ་ཚོགས་འཛིན་ལྟ་བུའི་བཀྲ་ཤིས་རྒྱས་པར་བརྗོད། དེ་ནས་བསང་གི་མཇུག་དང་། ཚོགས་ལ་རོལ་པ། ལྷག་མ་སོགས་ལས་བྱང་མཐའ་བསྡུའོ། །མངྒ་ལཾ། ༈ །འཕགས་མ་སོ་སོར་འབྲང་མའི་འཁོར་ལོའི་མན་ངག་དོན་ཐམས་ཅད་ཡོངས་སུ་གྲུབ་པ་མཁས་པའི་རྣ་རྒྱན་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་ར་བེ། བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་འཕགས་མ་རིག་པའི་རྒྱལ་མོ་ལྔ་ལས། གསུམ་པ་རིག་པའི་རྒྱལ་མོ་སོ་སོར་འབྲང་མ་ཆེན་མོའི་གཟུངས་ནི། སྟོན་པ་རྡོ་རྗེ་ལྷུན་པོ་ཆེན་པོའི་ཟོམ་ཁང་བརྩེགས་རྡོ་


JKT021_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོའི་ས་གཞིར་རྡོ་རྗེའི་སེང་ཁྲི་ལ་བཞུགས་ཏེ་འཁོར་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་དང་། ཉན་ཐོས་དང་། འཇིག་རྟེན་པའི་འཁོར་དཔག་ཏུ་མེད་པ་དང་ཐབས་གཅིག་ཏུ་བཞུགས་པ་ན་སྨིན་མཚམས་ནས་འོད་བཀྱེ་སྟེ། ཞིང་ཐམས་ཅད་སྣང་བར་བྱས་ནས་འཁོར་ལ་རིག་སྔགས་ཀྱི་ཕན་ཡོན་གསུངས་ཏེ་རིག་སྔགས་རྒྱས་པར་བཀའ་སྩལ་ཏེ། དེ་ནས་རིག་སྔགས་ཀྱི་ཕན་ཡོན་སྒྲ་གཅན་ཚཟིན་བཟང་པོས་རིག་པ་འདི་ཡིད་ལ་བྱས་པས་མེས་མ་ཚུགས་པ་དང་། ཚོང་དཔོན་མཛོད་སྟོབས་ཅན་གྱི་བུ་ཀླུ་འཇོག་པོའི་དུག་གིས་ཟིན་པ་དགེ་བསྙེན་དྲི་མ་མེད་པར་གྲགས་པས་རིག་པ་འདི་བརྗོད་པས་ཉེ་བར་ཞི་བ་དང་། རྒྱལ་པོ་ཚངས་པས་བྱིན་གྱིས་རིག་པའི་རྒྱལ་མོ་འདི་སྤྱི་བོར་བཏགས་པས་ཕ་རོལ་གྱི་དམག་ཚོགས་ལས་རྒྱལ་བ་དང་། དགེ་སློང་བསླབ་པ་དྲལ་ཞིང་མི་དགེ་བ་མང་དུ་སྤྱད་པ་དགེ་བསྙེན་ཞིག་གིས་རིག་པའི་རྒྱལ་མོ་འདི་བྲིས་ཏེ་དེའི་མདུན་དུ་བཏགས་པས། ནད་ལས་གྲོལ་ཞིང་མནར་མེད་པའི་སེམས་ཅན་དམྱལ་བ་ལས་གྲོལ་ཏེ་སུམ་ཅུ་རྩ་གསུམ་པའི་ལྷའི་ནང་དུ་སྐྱེས་པ་དང་། ཚོང་དཔོན་དྲི་མེད་དུང་གིས་རྒྱ་མཚན་རྩེ་མོར་བཏགས་པས། རྒྱ་མཚོ་འཁྲུགས་པའི་འཇིགས་པ་ལས་ཐར་བ་དང་། རྒྱལ་པོ་ལག་བརྐྱང་གིས་བཙུན་མོ་དམ་པའི་མགུལ་དུ་བཏགས་པས་བུ་མེད་


JKT021_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྡུག་བསྔལ་ལས་གྲོལ་བ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་སྤྱི་བོར་བཏགས་པས་ལྷ་མ་ཡིན་གྱི་ཕྱོགས་ལས་རྣམ་པར་རྒྱལ་བའི་གཏམ་རྒྱུད་ངོ་མཚར་བ་བཅས་གསུངས་ནས། སྙིང་པོ། ཉེ་སྙིང་། རབ་ཏུ་གསང་བའི་སྙིང་པོ་ཕན་ཡོན་དང་བཅས་པ་གསུངས་ཏེ། འདིས་སྟོན་པ་རྒྱ་ཆེར་རབ་ཏུ་བཞད་པའི་ཞལ་གྱིས་ཡིད་ཀྱིས་ལན་བདུན་བརྗོད་པས་བདུད་ཐམས་ཅད་བཅོམ་པ་དང་། རྒྱལ་པོ་ཚངས་པས་བྱིན་གྱིས་ཆད་པས་བཅད་པའི་འཕགས་རྒྱལ་བའི་མི་ཞིག་གིས་ཡིད་ལ་དྲན་པས་གཤེད་མ་དང་། གནོད་སྦྱིན་དང་། ཆུའི་འཇིགས་པས་མ་ཚུགས་ཤིང་རྒྱལ་པོའི་ཆད་པ་ལས་གྲོལ་བའི་གཏམ་རྒྱུད་གསུངས་ནས་འཁོར་ལོ་བྲི་བའི་ཆོ་ག་ཕན་ཡོན་དང་བཅས་པ་དང་། བསྲུང་བའི་ཆོ་ག་རིག་སྔགས་ཕན་ཡོན་དང་བཅས་པ་དང་། ནད་གསོ་བའི་ཆོ་ག་ཕན་ཡོན་དང་བཅས་པ་གསུངས་སོ། །དེ་ལྟར་རིག་སྔགས་སྡེ་ཚན་གསུམ་གྱི་དང་པོའི་སྐབས། བྲམ་ཟེ་ཆེན་པོ་གང་ལ་ལ་ཞིག་རིག་པའི་རྒྱལ་མོ་སོ་སོར་འབྲང་མ་ཆེན་མོ་འདི་ཆོ་ག་བཞིན་དུ་བྲིས་ཏེ་ལག་པའམ། མགུལ་དུ་བཏགས་ན་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པར་རིག་པར་བྱའོ། །དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུར་རིག་པར་བྱའོ། །རྡོ་རྗེའི་ལུས་ཡིན་པར་རིག་པར་བྱའོ། །དེ་དེ་བཞིན་གཤེགས་


JKT021_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཀྱི་རིང་བསྲེལ་གྱི་སྙིང་པོ་ཅན་ཡིན་པར་རིག་པར་བྱའོ། །དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་ཡིན་པར་རིག་པར་བྱའོ། །དེ་རྡོ་རྗེ་ཆེན་པོའི་ལུས་སུ་རིག་པར་བྱའོ། །དེ་འབར་བ་འོད་འཕྲོ་པའི་ལུས་དང་ལྡན་པར་རིག་པར་བྱའོ། །དེ་མི་ཤིག་པའི་ཆོ་ག་ཅན་དུ་རིག་པར་བྱའོ། །དེ་དགྲ་ཐམས་ཅད་རབ་ཏུ་འཇོམས་པར་རིག་པར་བྱའོ། །དེ་སྒྲིབ་པ་དང་སྡིག་པ་ཐམས་ཅད་འཇོམ་༧ པར་རིག་པར་བྱའོ། །དེ་སེམས་ཅན་དམྱལ་བའི་འགྲོ་བ་རྣམས་སྦྱོང་བར་རིག་པར་བྱའོ། །ཞེས་མཚམས་སྦྱར་ཏེ་དགེ་སློང་ངན་འགྲོ་ལས་གྲོལ་བའི་ཚུལ་རྒྱས་པར་གསུངས་པའི་འཇུག་ཏུ། དེ་ཚེ་དེར་ནི་དེ་དག་གིས། །རྒྱལ་པོའི་ཕོ་བྲང་ཉེ་བ་ན། །སྒང་བུ་དེ་ཡི་འཁོར་ཡུག་ན། །འབར་བ་གཅིག་གིས་གང་བར་མཐོང་། །མི་རོ་ཞིག་གི་མགུལ་བ་ན། །སོ་སོར་འབྲང་བ་བཏགས་པའང་མཐོང་། །ལྷ་དང་ཀླུ་དང་དྲི་ཟ་དང་། །གནོད་སྦྱིན་སྲིན་པོ་མིའམ་ཅིས། །ཀུན་ནས་འཁོར་བར་བསྐོར་ནས་ནི། །བླ་ན་མེད་པའི་མཆོད་པ་བྱེད། །དེ་ལ་གནོད་སྦྱིན་དེ་དག་གིས། །སོ་སོར་འབྲང་བའི་སྒང་ཞེས་བཏགས། །ཞེས་གསུངས། དེའང་དགེ་སློང་སྡིག་པ་སྣ་ཚོགས་བྱེད་པ་དེ་འཆི་ནད་ཚབས་ཆེན་པོས་བཏབ་པ་ན། དགེ་བསྙེན་ཞིག་གིས་སོ་སོར་འབྲང་མ་འདི་བྲིས་ཏེ་མགུལ་དུ་བཏགས་པས་ནད་


JKT021_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲལ་དུ་ཞི། དྲན་པ་ཤིན་ཏུ་ཉེ་བར་བཞག་སྟེ། འཆི་བའི་དུས་བྱས་པ་ན་དེ་མ་ཐག་ཏུ་སྡིག་པའི་མཐུས་མནར་མེད་པའི་དམྱལ་བར་སྐྱེས། རོ་དེ་སྒང་བུ་ཞིག་ལ་བཞག་ནས་སོ་སོར་འབྲང་མའང་མགུལ་དུ་བཏགས་བཞིན་པའི་བྱིན་རླབས་ཀྱིས། མནར་མེད་ཀྱི་མེ་རང་ཞི་ནས། སེམས་ཅན་དམྱལ་བ་ཀུན་ཀྱང་བདེ་བ་དང་ལྡན་པར་གྱུར། དེ་གཤིན་རྗེའི་མི་རྣམས་ཀྱིས་ཆོས་ཀྱི་རྒྱལ་པོ་ལ་བརྗོད་པས། གཤིན་རྗེའི་རྒྱལ་པོས་སོ་སོར་འབྲང་བ་བཏགས་པའི་མཐུ་ཡིན་པའི་ཚུལ་རྒྱས་པར་བསྙད་ཅིང་། གང་གིས་ཚིག་རྣམས་ཡོངས་དྲན་པས། །དེ་ནི་ངན་འགྲོར་འགྲོ་མི་འགྱུར། །སོ་སོར་འབྲང་བ་བསྒོམ་པ་ཡི། །ཤེས་རབ་ཅན་དེ་བདེ་འགྲོར་འགྲོ། །སེམས་ཅན་དམྱལ་བའི་སྲུང་མ་ཁྱེད། །རབ་ཏུ་རྒྱལ་དང་ལྡན་པར་དོང་། །དེར་ནི་སྒང་བུ་མཐོན་པོ་ན། །ལྷ་རྣམས་ཀྱིས་ནི་བསྐོར་བ་ལྟོས། །སོགས་བསྐུལ་པས་དེ་རྣམས་སོང་བ་ན་གོང་དུ་སྨོས་པ་བཞིན་མཐོང་བས་ངོ་མཚར་ཞིང་། དགེ་སློང་དེ་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་ཚུལ་ཤིན་ཏུ་རྒྱས་པར་གསུངས་སོ། །ཡང་། རྒྱལ་པོ་ཚངས་བས་བྱིན་གྱི་ལོ་རྒྱུས་སྐབས། རྒྱལ་པོ་ཚངས་པས་བྱིན་སྤོས་ཆུ་སྣ་ཚོགས་ཀྱིས་མགོ་བཀྲུས་ཏེ། གོས་གཙང་མ་བགོས་ནས་རིག་པའི་རྒྱལ་མོ་འདི་ཆོ་ག་བཞིན་དུ་བྲིས་ཏེ། མགོའི་གཙུག་གི་སྐྲའི་


JKT021_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་བཞག་སྟེ་རིག་པའི་རྒྱལ་མོ་འདི་ཉིད་ཀྱི་གོ་ཆ་བྱས་ཏེ་གཡུལ་གྱི་ནང་དུ་ཞུགས་པ་དང་། ཅེས་སོགས་ཀྱིས་གཡུལ་ལས་རྒྱལ་བའི་ཚུལ་དང་། ཚོང་དཔོན་དྲི་མེད་དུང་གི་ལོ་རྒྱུས་ལས་འཕྲོས་ནས། །འདི་ཉིད་རྒྱལ་མཚན་གྱི་རྩེ་མོར་བཏགས་ན། རླུང་དང་། གྲང་བ་དང་། དུས་མ་ཡིན་པའི་སྤྲིན་དང་། གློག་དང་། ལྕེ་འབབས་པ་ཐམས་ཅད་ཞི་བ་དང་། འཐབ་རྩོད་ཐམས་ཅད་ལས་ཐར་པ་དང་། ལོ་ཏོག་ལ་འཚེ་བའི་སྲོག་ཆགས་ཐམས་ཅད་ཞི་བ་དང་། གཅན་གཟན་སོགས་ཀྱི་འཇིགས་པ་དང་བྲལ་བ་དང་། མེ་ཏོག་དང་། ལོ་མ་དང་། སྨན་དང་། འབྲས་བུ་རྣམ་པར་འཕེལ་བ་དང་། ཆར་ཆུ་དུས་སུ་འབེབས་པ་སོགས་ཡོན་ཏན་མཐའ་ཡས་པར་གསུངས་ཤིང་། ཡང་འདི་སྐད་དུ། ཡུལ་གང་ན་རིག་པའི་རྒྱལ་མོ་སོ་སོར་འབྲང་མ་ཆེན་མོ་ཞེས་བྱ་བ་འདི་སྤྱོད་པའི་ཡུལ་དེར་སེམས་ཅན་དེ་དག་གིས་ཤེས་པར་བྱ་སྟེ། སྤོས་སྣ་ཚོགས་དང་། བདུག་པ་སྣ་ཚོགས་དང་། མེ་ཏོག་སྣ་ཚོགས་ཀྱིས་མཆོད་ཅིང་བསྟི་སྟང་བྱས་ལ། ཚོན་སྣ་ཚོགས་ཀྱིས་དཀྲིས་ཏེ་རྒྱལ་མཚན་གྱི་རྩེ་མོར་བཏགས་ནས་གླུ་དབྱངས་དང་། རོལ་མོ་སིལ་སྙན་བྱས་ཏེ། བསྐོར་བ་བྱས་ན་ལྷ་རྣམས་དང་། བརྒྱ་བྱིན་དང་། ཚངས་པ་ལ་སོགས་པའི་སེམས་ཅན་ཆེན་པོ་དེ་དག་གིས་བསམ་པ་ཇི་ལྟ་བ་བཞིན་དུ་རེ་བ་ཡོངས་སུ་


JKT021_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་བྱེད་པར་འགྱུར་རོ། །ཞེས་དང་། བུ་ཕོ་འདོད་ནའང་ཁྱེའུར་འགྲུབ། །མངལ་ན་འཛིན་པ་དམ་པར་འགྱུར། །མངལ་ན་བདེ་བར་སྐྱེ་བ་དང་། །མངལ་ནས་བདེ་བར་བཙས་པར་འགྱུར། །མངལ་ན་དུས་བཞིན་སྐྱེ་བ་དང་། །དུས་བཞིན་རབ་ཏུ་བཙས་པར་འགྱུར། །ཅེས་པས་མཚམས་སྦྱར་ཏེ་རྒྱལ་པོ་ལག་བརྐྱང་གི་ལོ་རྒྱུས་དང་། རྒྱུ་སྐར་གྱི་རྒྱལ་པོ་རྒྱལ་གྱི་ཉིན་པར་བཙུན་མོ་དམ་པ་ལུས་ཤིན་ཏུ་ལེགས་པར་བཀྲུས་ཏེ། སྨྱུང་བ་བྱས་ནས་རིག་པའི་རྒྱལ་མོ་ཆེན་མོ་སོ་སོར་འབྲང་མ་འདི་ཡང་ཆོ་ག་བཞིན་དུ་བྲིས་ཏེ་བཙུན་མོ་དམ་པ་དེའི་མགུལ་དུ་བཏགས་སོ། །སངས་རྒྱས་ཀྱི་མཆོད་རྟེན་རྣམས་ལའང་མཆོད་པ་ཆེན་པོ་བྱས་སོ། །རིན་པོ་ཆེ་ཁྱད་པར་ཅན་དུ་མ་ཡང་སེམས་ཅན་རྣམས་ལ་སྦྱིན་པ་བྱིན་ནོ། །ཞེས་འབྱུང་ངོ་། །རིག་སྔགས་སྡེ་ཚན་གཉིས་པའི་མཇུག་ཏུ་དེ་ལྟར་ན་རིག་པའི་རྒྱལ་མོ་ཆེན་མོ་འདི་ཡོངས་སུ་ཤེས་ཏེ། གང་དུ་ཡང་ཐོགས་པ་མེད་དོ། །དེ་ལྟ་བས་ན་གདོན་མི་ཟ་བར་རྟག་ཏུ་ལུས་ལ་གདགས་ཤིང་བཅང་བར་བྱའོ། །བྲམ་ཟེ་ཆེན་པོ་སྐར་མ་བཟང་པོ་ལ་ཆོ་ག་ལེགས་པར་བྱས་ཏེ། རིག་པའི་རྒྱལ་མོ་འདི་བྲི་བར་བྱའོ། །དེ་ནས་བྲམ་ཟེ་ཆེན་པོ་དེ་ཡིད་རབ་ཏུ་དགའ་ནས་བཅོམ་ལྡན་འདས་ལ་ཡན་ལག་ལྔས་ཕྱག་འཚལ་ཏེ་ཞུས་པ། བཙུན་པ་བཅོམ་ལྡན་


JKT021_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

འདས་རིག་པའི་རྒྱལ་མོ་ཆེན་མོ་འདིའི་ཆོ་ག་ཇི་ལྟར་བགྱིས་ཏེ་བྲི་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་ཁྱོད་ཉོན་ཅིག །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ངས་ནི་ཁྱོད་ལ་བཤད་པར་བྱ། །གང་གིས་སེམས་ཅན་བདེ་བྱེད་ཅིང་། - །ཉམས་ང་བ་ཡི་ལས་ལས་འགྲོལ། །ནད་རྣམས་ལས་ཀྱང་ཐར་བྱ་དང་། །བུད་མེད་སྦྲུམ་མར་འགྱུར་བ་དང་། །སེམས་ཅན་རྣམས་ཀྱི་དབུལ་བ་ཡི། །རྨ་རྣམས་གསོ་བར་བྱ་ཕྱིར་རོ། །ཞེས་དགོས་པ་དང་། བསྙེན་གནས་དག་ལ་གནས་གྱུར་པས། ཞེས་ གང་ཟག་དང་། རྒྱུ་སྐར་རྒྱལ་དུ་ཤེས་་ལ། ཞེས་དུས་དང་། སངས་རྒྱས་མཆོད་ལ་བརྩོན་བྱས next hit་ཏེ། །བྱང་ཆུབ་ཕྱིར་ནི་སེམས་ཀྱང་བསྐྱེད། །སྙིང་རྗེས་ཀུན་ཏུ་བརྟན་སེམས་དང་། །བྱམས་པ་དང་ཡང་ལྡན་གྱུར་ནས། །རྟག་ཏུ་སེམས་ཅན་ཐམས་ཅད་ལ། །ཕན་པ་བསྐྱེད་པ་བརྩོན་པར་བྱ། །ཞེས་བསམ་པ་དང་། ཙནྡན་དང་ནི་གུར་གུམ་དང་། །གླ་རྩིར་བསྲེས་པའི་ཆུས་བཀྲུས་ཏེ། །བདུག་པ་རྣམས་ཀྱིས་བདུག་པ་ཡི། །གོས་གཙང་རྣམས་ནི་བགོ་བར་བྱ། །ཞེས་སྔོན་དུ་བྱ་བ་དང་། ས་ལ་ལྕི་བ་བསྲེས་པ་ཡིས། དེ་ཡི་འོག་ཏུ་དཀྱིལ་འཁོར་བྱ། ཞེས་སོགས་དཀྱིལ་འཁོར་བྱ་བའི་ཚུལ་རྒྱས་པར་གསུངས་ནའང་། ད་ལྟ་སྒྲུབ་མཆོད་དང་འབྲེལ་པར་བྱས་ན་དེས་ཁྱབ་


JKT021_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣང་། །ཁ་ཟས་དཀར་པོ་ཟོས་ནས་སུ། །ཕན་པར་འདོད་པས་བྲི་བར་བྱ། །ཞེས་ཀུན་སྤྱོད་དང་། དར་རམ་རས་སམ་གྲོ་གའམ། །ཅི་ཡང་རུང་བ་གཞན་ལ་བྲི། །ཞེས་བྲི་གཞི་དང་། །བུད་མེད་དག་ལ་བུ་འདོད་ན། །གི་འུ་ཝང་གིས་ལེགས་པར་བྲི། །དབུས་སུ་ཁྱེ་འུ་ཞིག་བྲིས་ནས། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །དེ་བཞིན་རིན་ཆེན་གང་བའི་སྣོད། །ལག་པ་གཡོན་ན་ཐོགས་པར་བྱ། །པདྨ་རབ་ཏུ་རྒྱས་གྱུར་ཅིག །བརྒྱན་པ་ལ་ནི་དེ་འདུག་བྱ། །ནོར་བུ་དོ་ཤལ་གསེར་དག་དང་། །རིན་ཆེན་སྣ་ཚོགས་རྣམས་ཀྱིས་བརྒྱན། །འདུལ་བར་ཤིན་ཏུ་དཀའ་བ་བྲི། །གྲ་བཞི་དག་ཏུ་རི་བོ་བྲི། །གལ་ཏེ་བདེ་བར་འཚོ་འདོད་ན། །རབ་ཏུ་བསྒྲིམས་ཏེ་དེ་ལྟར་བྲི། །བྱེ་བྲག་ཏུ་ནི་སྐྱེས་པ་རྣམས། །གུར་གུམ་གྱིས་ནི་བྲི་བར་བྱ། །དེ་ཡི་དགོས་པ་འདོད་པ་རྣམས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །པདྨ་གཉིས་སམ་ཡང་ན་གསུམ། །བཞིའམ་ཡང་ན་ལྔ་བྲིས་ཏེ། །པདྨ་ལ་ནི་ཕྱག་རྒྱའི་མཚན། །རྣམ་པ་སྣ་ཚོགས་གཟུགས་སུ་བྲི། །ཞེས་སོགས་ཇི་ལྟར་འབྲི་བའི་ཚུལ་ཀླུ་སྤྱི་དང་། །དགེ་སློང་ཕྱིར་ནི་རྡོ་རྗེ་འཆང་། །གནོད་སྦྱིན་བསྡིགས་པར་བརྩོན་པ་བྲི། །རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱང་། །ངོས་བཞི་རྣམས་སུ་བྲི་བར་བྱ། །ཞེས་སོགས་བྱེ་བྲག་གི་འབྲི་ཚུལ་རྒྱས་པར་


JKT021_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། འདི་ལ་རྒྱལ་རིགས་ལ་དབང་ཕྱུག །དམངས་རིགས་ལ་རྟག་ཞི་བ་དང་། ཁྱབ་འཇུག །རྗེའུ་རིགས་ཕྱིར་རྣམ་ཐོས་ཀྱི་བུ་དང་། ལྷའི་དབང་ཕྱུག་དབང་པོ་སོགས་བྲི་བར་གསུངས། ཆོ་ག་བཞིན་དུ་ངེས་བྲིས་ལ། །བློ་གྲོས་ལྡན་པའི་མིས་བསྲེལ་ན། །ཟ་མ་དང་ནི་མ་ནིང་ཡང་། །བུ་ཕོ་རྙེད་པར་འགྱུར་བ་ཡིན། །འདིས་ནི་ཐམས་ཅད་འགྲུབ་པར་བྱེད། །ཤིས་ཤིང་སྡིག་པ་ཞི་བར་བྱེད། །རང་བྱུང་གི་ནི་བཀའ་བཞིན་དུ། །གནས་ཀྱི་དམ་པ་ཐོབ་པར་འགྱུར། །འཇིག་རྟེན་འདི་ན་མཆོག་ཏུ་བདེ། །འཇིག་རྟེན་ཕ་རོལ་ཤིན་ཏུ་བདེ། །སུམ་ཅུ་རྩ་གསུམ་གནས་ལ་སོགས། །ལྷ་གནས་དེའི་གནས་སུ་འགྱུར། །འཛམ་གླིང་བཟང་ཞིང་ཉམས་དགའ་བར། །ཁྱད་པར་ཅན་རིགས་གྲགས་པ་དང་། །རྒྱལ་རིགས་ཁྱད་པར་འཕགས་པ་དང་། །བྲམ་ཟེ་ཁྱད་པར་འཕགས་རྣམས་སུ། །བདག་ཉིད་ཆེན་པོ་དེ་སྐྱེས་ཏེ། །རྟག་ཏུ་རིག་དང་བདེ་བར་འགྱུར། །སོ་སོར་འབྲང་བ་འཆང་བའི་མིས། །བསོད་ནམས་ཐོབ་པ་གང་ཡིན་པ། །སངས་རྒྱས་དག་ནི་ཐམས་ཅད་ཀྱིས། །བསོད་ནམས་ཕུང་པོ་བརྗོད་མི་ནུས། །སེམས་ཅན་དམྱལ་བའི་སྒོ་རྣམས་བཅད། །མཐོ་རིས་སྒོ་རྣམས་རབ་ཏུ་ཕྱེ། །བདེ་བ་ཕུན་སུམ་ཚོགས་པ་དང་། །བློ་གྲོས་ཆེན་པོར་འགྱུར་བ་ཡིན། །སངས་རྒྱས་བྱང་ཆུབ་སེམས་


JKT021_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

དཔས་ཀྱང་། །རྟག་ཏུ་དབུགས་ནི་འབྱིན་པར་འགྱུར། །ལུས་ཀྱི་བདེ་བ་ཕུན་སུམ་ཚོགས། །སྟོབས་ཀྱང་ཆེ་བར་འགྱུར་པ་ཡིན། །རྒྱལ་བས་ཇི་སྐད་གསུངས་པ་ལྟར། །འཁོར་ལོས་སྒྱུར་བར་འགྱུར་བ་ཡིན། །མི་དང་ལྷ་རྣམས་དབུགས་འབྱིན་ཏེ། གནོད་པར་སེམས་པ་སྐྲག་པར་བྱེད། །གང་ཕྱིར་རིག་པ་ལེགས་བཤད་པ། །དེ་ནི་རིང་པོར་མི་ཐོགས་སོ། །དེ་ནི་མཚོན་གྱིས་མི་ཚུགས་ཏེ། །དུག་དང་མེས་ཀྱང་ཚུགས་མི་འགྱུར། །དུས་མིན་འཆི་བའི་སྡིག་པ་ཡང་། དེ་ལས་ཐག་ནི་རིང་དུ་འགྲོ། །རྣམ་པ་ཀུན་ཏུ་ཉན་པའམ། །མཐོང་བ་དང་ནི་རིག་པའང་རུང་། །འབྱུང་པོ་གདོན་དང་རྩོད་པ་དང་། །ཆུ་དང་མེ་ཡིས་འཇིགས་པ་དང་། །གཅན་གཟན་སྦྲུལ་དང་སེངྒེ་དང་། །ཀླུ་དང་ནད་ནི་མི་བཟད་རྣམས། །གང་ལ་རིག་པ་ལེགས་བཤད་པ། །དེ་ལ་དེ་དག་ཀུན་མི་འབྱུང་། །དེ་དག་སེམས་ཅན་ཀུན་མཆོག་འགྱུར། །བདུད་རྣམས་ཀུན་གྱིས་ཐམས་ཅད་དུ། །མཆོད་པར་འགྱུར་བའི་འོས་ཡིན་ཏེ། །ཡང་དག་བཤད་ཀྱིས་མཉན་པར་བྱོས། །ཞེས་ཕན་ཡོན་རྒྱ་ཆེར་བསྔགས་སོ། །རིག་སྔགས་སྡེ་ཚན་གསུམ་པ་རྫོགས་པའི་མཇུག་ཏུ། ནད་པ་རྣམས་ནི་གསོ་བྱ་བ། །ད་ནི་རབ་ཏུ་བཤད་པར་བྱ། །ཞེས་མཚམས་སྦྱར་ནས། ས་དང་ལྕི་བ་བསྲེས་པ་ཡིས། །དཀྱིལ་འཁོར་གྲུ་བཞི་


JKT021_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་བྱ། །སོགས་དཀྱིལ་འཁོར་བྱ་བའི་ཚུལ་དང་། །དེ་ཡི་འོག་ཏུ་ནད་པ་ཡང་། །དྲི་ཞིམ་སྤོས་ཀྱིས་ལུས་བསྐུས་ཏེ། །གཙང་མའི་གོས་རྣམས་བཀོན་ནས་ནི། །དཀྱིལ་འཁོར་དབུས་སུ་བཞག་པར་བྱ། །དེ་ནས་ཤར་ཕྱོགས་ཁ་བསྟན་ཏེ། །རིག་པ་འདི་ནི་བརྗོད་པར་བྱ། །ལན་བདུན་བཟླས་བརྗོད་བྱས་ནས་སུ། །མཁས་པས་དེ་ལ་བསྲུང་བར་བྱ། །དེ་ནས་ནད་པའི་དོན་གྱི་ཕྱིར། །ལན་གྲངས་ཉི་ཤུ་རྩ་གཅིག་ཏུ། །རིག་པ་འདི་ནི་བརྗོད་བྱས་ན། །དེས་ནི་ནད་ཀུན་ཞི་བར་འགྱུར། །ཞེས་ནད་པ་གསོ་བའི་ཆོ་གའི་དངོས་གཞི་དང་། འཇུག་ཏུ་གཏོར་མ་ལྷོ། ནུབ། བྱང་། འོག །སྟེང་རྣམས་སུ་བཏང་བར་གསུངས་སོ། ༈ །སོ་འབྲང་འཁོར་ལོ་བཅུ་གསུམ་མའི་རབ་གནས་དང་འདོག་ཚུལ་ཐུན་མོང་མ་ཡིན་པའི་གསལ་བྱེད་འདོད་དགུའི་རེ་སྐོང་བཞུགས་སོ། ༈ །ན་མོ་གུ་རུ་མ་ཧ་པྲ་ཏི་ས་རེ་ཡ། འདིར་འཕགས་མ་སོ་སོར་འབྲང་མའི་སྲུང་འཁོར་རྒྱས་པ་ཕན་ཡོན་ཅན་འཁོར་ལོ་བཅུ་གསུམ་མའི་བྲི་ཡིག །འཕགས་པ་རིན་པོ་ཆེའི་གསུང་རབ་ནས་ཇི་ལྟར་འབྱུང་བ་བཞིན་འདྲི་བ་འམ་པར་དུ་བཏབ་ལ། ཕོ་མོའི་ཁྱད་པར་གྱི་རྫས་དང་དྲི་བཟང་གིས་བྱུགས། དེ་ནས་རབ་གནས་ཐུན་མོང་པ་དོན་གསལ་སོགས་ནས་འབྱུང་བ་བཞིན་དང་། ཐུན་མོང་མ་ཡིན་པ་འདོག་ཚུལ་བཅས་འདིར་


JKT021_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

འབྲི་ན། བསྲུང་བ་ལྟེ་བའི་སྔགས་ཕྲེང་གི་ཞལ་རང་ཉིད་དངོས་ལ་བསྟན་པ་བཞག །དེའི་མཐར། མཆོད་པའི་ཚོགས་ཅི་འབྱོར་པ་བཤམ། དེ་ནས་སྟན་ལ་འཁོད་དེ། སྔོན་འགྲོ་གཏོར་མ་ནས་བརྩམས་ཏེ། ལྷའི་རྣལ་འབྱོར་བཟླས་པ་ལ་ཐུག་གི་བར་ཁོ་བོས་བརྩམས་པའི་སྒྲུབ་དཀྱིལ་ནས་འབྱུང་བ་བཞིན། རབ་ཏུ་དང་བའི་སེམས་ཀྱིས་བདག་ལ་བསྲུང་དུ་གསོལ་གྱི་བར་བྱ། དེ་ནས་། ཁྲུས་སྣ་ཀུན་འདུས་ཀྱི་བུམ་པ་ཡོད་ན་བུམ་བསྐྱེད་མི་དགོས། མེད་ན་ཚེ་དཔག་མེད་སོགས་ནས་འབྱུང་བ་བཞིན་ལས་བུམ་སྒྲུབ། ཞི་བ་དང་ཞི་དྲག་ཕྱེད་མ་དང་། དྲག་པོའི་སྦྱང་བ་རྣམས་རབ་གནས་ཀྱི་གཞུངས་གཞན་ནས་འབྱུང་བ་བཞིན་ལ། འདིར་འཕགས་མ་སོ་སོར་འབྲང་མའི་བསྲུང་བའི་འཁོར་ལོར་རབ་གནས་བགྱིད་པ་ལ་ཞེས་དང་། བདེན་བདར་གྱི་ཚེ། ཁྱད་པར་བཅོམ་ལྡན་འདས་མ་བསྲུང་བ་ལྔའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། ཞེས་སྦྱར། སྡིག་པ་སྦྱང་བ་དང་དྲི་མ་སྦྱོང་བ་རབ་གནས་བཞིན་རྒྱས་པའམ། ཁྲུས་གསོལ་མདོར་བསྡུས་ཀྱིས་རུང་། དེ་ནས་འཁོར་ལོ་ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་འཁོར་ལོའི་ལྟེ་བར་པདྨ་འདབ་བརྒྱད། དེའི་ཕྱིར་མུ་ཁྱུད། །


JKT021_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་ཕྱིར་པདྨ་འདབ་མ་བཞི་པའི་མཚམས་བཞི་ལ་རྡོ་རྗེ་རྒྱ་གྲམ་གྱི་ཕྱོགས་བཞིའི་རྭ། དེའི་ཕྱིར་པད་འདབ་ཉེར་ལྔ། དེ་ཕྱིར་མུ་ཁྱུད་གསུམ། དེའི་ཕྱིར་པད་འདབ་ལྔ་བཅུ་རྩ་དྲུག །དེའི་ཕྱིར་མུ་ཁྱུད་ཀྱིས་བསྐོར་བ་དང་། འཁོར་ལོའི་ཕྱི་རོལ་ཤར་ལྷོའི་ཟུར་གྱི་དབུས་སུ་པདྨ་འདབ་བརྒྱད་མུ་ཁྱུད་གཉིས་པ། དེའི་གཡས་སུ་པདྨ་འདབ་བཞི། གཡོན་དུ་པདྨ་འདབ་བརྒྱད། ལྷོ་ནུབ་ཀྱི་དབུས་སུ་འཁོར་ཨཱལོ་རྩིབས་བཞི་མུ་ཁྱུད་གཉིས་པ། གཡས་སུ་པདྨ་འདབ་བཞི། གཡོན་དུ་པདྨ་དྲུག །ནུབ་བྱང་གི་དབུས་སུ་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་གཉིས་པ། གཡས་སུ་པདྨ་འདབ་བཞི། གཡོན་དུ་འཁོར་ལོ་རྩིབས་ལྔ། བྱང་ཤར་གྱི་དབུས་སུ་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་གཉིས་པ། གཡས་སུ་པདྨ་འདབ་བཞི། གཡོན་དུ་འཁོར་ལོ་རྩིབས་བརྒྱད། དེ་རྣམས་ཀྱི་ཕྱིར་མུ་ཁྱུད་གཅིག་གིས་བསྐོར་བ་དང་བཅས་པའི་འཁོར་ལོ་དབུས་མའི་མུ་ཁྱུད་བཅུ་པའི་ནང་དུ། པདྨའི་ནང་དུ། ཕྱག་མཚན། རིན་ཆེན། འཁོར་ལོ། རྒྱལ་མཚན། མདའ། གཞུ། ཕུར་པ། དུང་། མི་མགོ རྡོ་རྗེ། གདུགས། དཔལ་བེའུ། ཐོ་བ། རྩེ་གསུམ། སྟ་གྲི། གྲི་གུག །རལ་གྲི། རྒྱ་གྲམ། རྡོ་རྗེ། ཞགས་པ། ལྕགས་ཀྱུ། མདའ། ཉ། བུམ་པ། པདྨ། དབྱུག་ཐོ། མདུང་། འཁོར་ལོ་རྩིབས་བཞི།


JKT021_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ། དྲུག །བརྒྱད། བྲག་རི། གཏུན་ཤིང་། །རྣམས་ལ་དར་གྱི་ལྡ་ལྡིས་བརྒྱན་པ། བཅུ་གཉིས་པ་ལ་རྡོ་རྗེའི་ཕྲེང་བས་བསྐོར་བ། འཁོར་ལོ་བཅུ་གསུམ་པོ་ཐམས་ཅད་ཀྱི་ཕྱིར་ཡེ་ཤེས་ཀྱི་མེ་རི་འབར་བ་དང་བཅས་པའི་འཁོར་ལོའི་སྟེང་གི་ཡིག་འབྲུ་རྣམས་བྲམ་ལས་འཁོར་ལོ་བྲམ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་སོ་སོར་འབྲང་མ་ཆེན་མོ་ནས། བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་པའོ། །ཡི་བར་བདག་བསྐྱེད་བཞིན། གནས་གསུམ་བྱིན་གྱིས་བརླབ། དེའི་ཐུགས་ཀའི་བྲམ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས། སྤྲོ་ན། མ་ལུས་སེམས་ཅན་སོགས་ཡེ་ཤེས་པ་སྤྱན་འདྲེན་གྱི་ཚིག་རྒྱས་པ་རྣམས་དང་བྱོན་ལེགས་སོགས་དཀྱིལ་ཆོག་བཞིན་བྱ། ཛཿཧཱུྃ་བཾ་ཧོ༔ མང་དུ་བརྗོད་པས་བསྟིམ། སླར་ཡང་ཐུགས་ཀའི་བྲམ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་བྱང་སེམས་རྣམས་ཀྱང་རབ་གནས་བཞིན་སྤྱན་དྲངས་ལ་བསྟིམ། དེའི་དཔྲལ་བར་ཨོཾ་དཀར་པོ་སོགས་དང་། དབང་ལྷ་སྤྱན་དྲངས། དབང་བསྐུར་རྒྱས་བཏབ། ཨོཾ་མ་ཧཱ་པྲ་ཏི་ས་རེ་སྔོན་དུ་འགྲོ་བས་མཆོད། རང་བཞིན་དག་པ་ཉིད་ལས་བྱུང་སོགས་ཀྱིས་བསྟོད། རབ་གནས་བཞིན་སྤྱན་དབྱེ་བྱས་ལ། དེ་ནས་མིང་སྤེལ་བསྲུང་བྱ་གང་ཡིན་དུ་བསྐྱེད་ལ། ཨོཾ་བཛྲ་ས་ཏྭ་ཧཱུྃ་ཛཿ རྡོ་རྗེ་ནང་


JKT021_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བསྡམས་ལས་མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བཀུག །མཐེ་ཆུང་གཉིས་གཤིབས་ཏེ་བརྐྱངས། མཐེ་བོང་གཤིབས་ཏེ་བརྐྱངས་བས་གུང་མོ་མནན་པའི་ཕྱག་རྒྱ། ཞེས་པ། ཕྱག་རྒྱ་དང་བཅས་པས་རང་ངམ་བསྒྲུབ་བྱའམ། ཡུལ། གྲོགས་ལ་སོགས་པ་ལ་བཀུག་ནས། སྔར་བསྐྱེད་པ་རྣམས་ལ་ཐིམ་པར་བསྒོམ། ཨོཾ་མ་ཎི་དྷ་རི་བདྲི་ཎཱི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ། འཆང་བ་པོ་ལ་རཀྵརཀྵཀུ་རུ་སྭཱ་ཧཱ། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷཱ་ཝ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོརྒྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་པ་རེ་ཝ་ར་ཝ་ར་པྲ་ཝ་ར་བི་ཤུདྡྷེ་ཛེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་བི་ལོ་ཀི་ནི་གནྡྷེ་སཾ་རཀྵ་ཎི་ཨཱ་ཀར་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ༔སྭཱ་ཧཱ། ཨོཾ་བི་མ་ལེ་བི་བུ་ལེ་ཛ་ལ་ཝ་རེ་ཨ་མྲྀ་ཏེ་བི་རཱ་ཛ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་བྷ་ར་བྷ་ར་སཾ་བྷ་ར་སཾ་བྷ་ར་ཨི་ན་དྲ་ཡ་བ་ལ་བི་ཤོ་དྷ་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ་རུ་རུ་ཙ་ལེ་སྭཱ་ཧཱ། འཆང་བ་པོ་ལ་ནད་གདོན་ཤནྟི་ཀུ་རུ་སྭཱ་ཧཱ། ཚེ་དང་བསོད་ནམས་པུཏྟིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་དྷ་ར་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། འཆང་བ་པོ་ལ་རཀྵ༔ ཨོཾ་བྷི་པོ་ཏུ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་བྷི་མ་ལེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཛ་ཡ་ཝ་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། འཆང་བ་པོ་ཞེས་སོ། །ཨོཾ་ནི་སུམྦྷ་བཛྲ་ནི་དྷ་ར་ཀས་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཨ་བྷ་ཝ་ཛ་ཧཾ་ཧེ་ཏོ་ཕི་ཏ། ཨོཾ་ཀ་ལ་ཀ་ར་ནི་ཧྲཱིཿང་། ཨོཾ་པདྨ་ཀུན་དྷ་ལི་བི། ཨོཾ་སུད་


JKT021_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་དན་ཏི་ནི་ཧཱུཾ། ཨོཾ་ན་མ་ཀུ་ཤ་ཧཱུཾ། ཨོཾ་ན་མ་ཤི་ཀ་ལེ་ཧཾ། ཨོཾ་མ་ཧཱ་ཤཱ་ན་ཏེ་ཧཱུྃ། ཨོཾ་མ་ཧཱ་ཀ་ལ་ཧྲཱིཿ། ༀ་དུ་པེ་དུ་ཏ། ཨོཾ་བཛྲ་ཀོ་ལེ་ཧཱུྃ། ཨོཾ་བཛྲ་ནི་ཏྲི་ཏ་ཧཱུཾ། ཨོཾ་པ་ནི་བྷི་ཏ་ཡ་ཨོཾ་བཛྲ་པ་ནི་མ་ཧཱ་བྷ་ལ་དྷི། ཨོཾ་བཛྲ་མ་ལེ་མ་ཨོཾ་ཨ་མྲྀ་ཏ་ཀུཎྜ་མེ་སྭཱ་ཧཱ། ཨོཾ་ཛ་ལ་ཛ་ལ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཊཀྐི་རཱ་ཛ་ཧཱུྃ་ཛ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། དེའི་ཕྱི་བདུན་པ་ལ། ཨོཾ་བཛྲ་ཧཱུྃ༔ ཨོཾ་སུམ་བྷ་ནི་ཀེ་ཧྲཱིཿ་ཏྲི་ཧཱ། ལམ། ཨོཾ་བྷ་ཏུ་མེ་ཛ་ཧཱུྃ། ཨོཾ་ཤནྟི་ཧཱུྃ། ཨོཾ་པ་ཏི་པ་ལ་བར་དྷ་ནི་ཏ། ཨོཾ་བྷ་ར་ཀེ་ཧཱུྃ། ཨོཾ་མ་ཎི་དྷ་རི་ཧཱུྃ། ཨོཾ་རན་མ་ཡ་དྷ་རི་ཧཱུྃ། ཨོཾ་མ་ཧཱ་བ་ཏི་མ་ར་པཾ། ཨོཾ་དྷུ་རུ། བྷུ་རུ། མུ་རུ་མུ་རུ། ཀུ་རུ་ཀུ་རུ་ཧཱུཾ་ཧཱུཾ། ཨོཾ་བ་ར་བ་ར་དྷ་ནི་མོ་ཧཱ། ཨོཾ་རུ་རུ་ཙ་ལེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་མ་ཎི་དྷཱ་རི་བཛི་ཎཱི་མ། ཧཱ་བྲ་ཏི་པ་རོ། འཆང་བ་པོ་ལ་སརྦ་རཀྵ ཨོཾ་ཏ་རེ་ཏྭཾ། ཨོཾ་ཨ་ཨ་རཀྵསྱ་ཀ་ཛ་ཏ་ཉ་དྷ་ཀ་རི་ཏེ་ཧོ་ཧཱུྃ༔ ཨོཾ་ཀ་པ་ལི་ནི། ༀ་ལཾ་ཀེ་ཤ་རེ་ཁཾ་ཨཾ། དྷརྨ་ལཾ་ཀ་ཤ་ཏྲེ་ཧཱུྃ། ཨོཾ་ཧཱ་རི་ཏེ་ཧཾ་ཀྵ༔ ཨོཾ་སན་ཙི་ཀ་ཏྲ། ཨོཾ་ལ་ཁཾ་པ་དུ། ཨོཾ་དྷ་ན་དྷི་ནི་ཀུ་ཏ། ཨོཾ་ཤ་ཀ་མ་དྷེ་དྷེ་ཀྵ། ཨོཾ་ས་ར་ས་རཋ་ཐཾ། །རཀྟརཀྵ འཆང་བ་པོ་ལ་སརྦ་རཀྵ༔ སརྦ་ཙ་མ་གྷ་པཾ། ཨོཾ་དྷེ་བྷི་པདྨ་མཾ། ཨོཾ་མ་ཎི་དྷ་རི་བཛཱི་མ་མ་ཀི་མཾ་ཨོཾ་བྲི་བྷཾ་བྲུམ། ཨོཾ་ཨཱཿཧཱུྃ་ཨོཾ་བ་སུ་ཤ་པ་ལཾ་ཀཱ་ཀཱ་དྷ་ཨེ་ཏ་ཧཱུཾ། ཀ་ཁ་ཧ་པཾ་ཧྲཱིཿ་ཛ་ཧཱུྃ་ཧྲཱིཿར་ཧཱུཾ་ལཾ་


JKT021_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿ་སུ་ལ་ཧཱུྃ་ཛ་བོ་སུ་ཧཱུྃ་ཨོཾ་ཕཊ་ཛ་སཾ་ཨཾ་ཀ་ཐཾ། ཨོཾ་སུ་བྷ་བི་ཨོཾ་ཏྲི་ཀ་ཧ་དྷི་ཤི་ཛ་རུ་རུ་ཨོཾ་ཨཱཿཧཱུྃ་ཧོ་ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རི་རཱི། ལི་ལཱི། ཨེ་ཨེ། ཨོཾ་ཨཽ། ཨཾ་ཨ༔ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧཀྵ ཡ་ར་ལ་ཝ་ཌ་དྷ། རྟེན་འབྲེལ་སྙིང་པོ། ཏཾ། ཨོཾ་ཀ་བྱ་རཀྵ་སྭཱ་ཧཱ། རཀྟ་དྷ་ར་འཆང་བ། ཏ། རེ། ཏུད། ཊྛིཏཱརེ། ཏུ་རེ། སྭཱ་ཧཱ། ཧཱུྃ་སཾ་གཾ་བྷཾ་མཾ། དེ་ལྟ་བུས་སྔགས་རྣམས་ཇི་ལྟར་རིགས་པ་བཟླས་ལ་རྡོར་ཐལ་སྦྱར་ནས། བཅོམ་ལྡན་འདས་མ་སོ་སོ་འབྲང་མས་བདག་དང་སྦྱིན་པའི་བདག་པོའི་བར་ཆད་ཐམས་ཅད་བསྲུང་ཞིང་བྱིན་གྱིས་བརླབས་པར་གྱུར། བཅོམ་ལྡན་འདས་མ་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་གྱི་སྐུ་དེ་ཉིད་ཞུ་ནས། བསྲུང་བའི་འཁོར་ལོར་བྲིས་པའི་རྣམ་པར་གྱུར། དེའི་མཚན་དང་དཔེ་བྱད་རྣམས་ཞུ་ནས་དབྱངས་དང་གསལ་བྱེད་ཀྱི་ཡི་གེར་གྱུར། བྲིས་པའི་འཁོར་ལོ་རྣམས་ཀྱི་ལྟེ་བ་དང་འདབ་མ་རྩིབས་མུ་ཁྱུད་སོགས་ལ་གནས་པར་གྱུར། ཅེས་བརྗོད་ལ་མཆོད། མཉམ་མེད་མས་བསྟོད། བརྟན་བཞུགས་ཀྱི་ཚིག་བརྗོད། ཡེ་དྷརྨ་དང་བཀྲ་ཤིས་བརྗོད་ལ། སྲུང་བ་ལ་མེ་ཏོག་གཏོར། དེ་ལྟར་རབ་གནས་ལེགས་པར་བྱས་པའི་སྲུང་པ་དེ་ཉིད་གཡོན་གཡས་འོག་


JKT021_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་རྣམས་ནས་ལྟེ་བ་མ་ཆགས་པར་བལྟབ་པ་ལ་རྒྱས་པར་ན་དཀར། སྔོ། སེར། དམར། ལྗང་གུའི་ཆིངས་དང་། བསྡུ་ན་དར་རས་དཀར་པོ་གང་རུང་གི་སྐུད་པས་རྒྱ་གྲམ་དུ་བཅིང་། །དྲི་བཟང་ཐོར་བུ་དང་བཅས་པའི་ན་བཟའ་ལྔ་བརྩེགས་སམ་དཀར་པོས་སྒྲིལ། འཁོར་ལོ་དབུས་མའི་ལྟེ་བའི་ཡིག་མགོ་མ་ནོར་བར་བྱས་ལ་སླར་ཡང་རབ་གནས་མདོར་བསྡུས་བྱ། གཟུངས་གྲ་ལྔའི་དབང་བྱེད་ན། བསྲུང་བ་ལྔའི་གྲས་སུ་འཁོར་ལོ་སྟེར་རན་པ་དང་དེ་སྦྱིན། དུས་གཞན་དུ་གང་ལ་སྟེར་བ་དེ་མདུན་དུ་བོས་ལ་སྐྱབས་འགྲོའི་སྡོམ་པ་ཕོག་ལ། སྤྱི་བོར་རྡོ་རྗེ་བཞག་སྟེ། བྱ་བ་བསྲུང་ལས་བྱུང་བ་ལྟར། སྲུང་ཤིག་ཅེས་པའི་ཚིག་རྣམས་བརྗོད། སྔར་བཤད་པ་ལྟར་གྱི་སྲུང་བ་དེ་ལྟ་བུ་སྦྱིན་བདག་གི་མགུལ་དུ་བཏགས། དེ་ནས་སློབ་དཔོན་གྱིས་མེ་ཏོག་དང་བཅས་པས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ༈ །འཕགས་མ་སོ་སོར་འབྲང་མ་དཀར་མོའི་མན་ངག་ཉེར་མཁོའི་ཡི་གེ་བདུད་རྩིའི་ཆུ་སྐྱེས་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི་སིདྡྷཾ། རིག་སྔགས་སྤྲིན་ལས་བདུད་རྩིའི་ཆར། །འབེབས་མཛད་སོ་སོར་འབྲང་མ་ལ། །བཏུད་ནས་དེ་ཡི་མན་ངག་གི །ཡི་གེའི་ཆུ་སྐྱེས་འཛུམ་དཀར་བཞད། །འདི་ལ་གསུམ། བསྙེན་པ། སྒྲུབ་པ། ལས་ལ་སྦྱར་བའོ། །དང་པོ་ནི། གནས་


JKT021_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་ཞིང་དབེན་པར་གུང་དུ་འདིའི་ཕྲིས་སྐུ་ཡོད་ན་དགྲམ། གང་ལྟར་ཡང་འབུལ་གཏོར་དཀར་ཟླུམ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་བཅས་བཤམ། བླ་མེད་ཡིན་པས་དཀར་སྤྱོད་དམིགས་བསལ་མི་དགོས། མཚམས་དམ་པར་བཅད་ལ་ཐུན་གསུམ་མམ་བཞིའི་རིམ་པས་ངོར་ཆེན་རྡོ་རྗེ་འཆང་ངམ་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་རབ་ལྟར་བདག་བསྐྱེད་བསྒོམ། ལྷའི་རྣལ་འབྱོར་ལ་སེམས་གཟུང་། གསལ་སྣང་བརྟན་པ་ན་དམིགས་པའི་འཕྲོ་འདུ་དང་བཅས་སྔགས་ཡི་གེ་བཅུ་དགུ་པ་འབུམ་ཕྲག་བཅུ་དགུའམ། དེ་བཞི་འགྱུར་རམ། བརྒྱད་འགྱུར་དུ་བཟླས་ན་ངེས་པར་འགྲུབ་ཅིང་དངོས་གྲུབ་ཀྱི་མཚན་མ་རྙེད་པར་འགྱུར་ལ། སྔ་ཐུན་ལྟ་བུའི་མཇུག་ཏུ་གཏོར་མ་མ་ཆག་པར་དབུལ། དེའང་གཏོར་མགྲོན་མདུན་གྱི་ནམ་མཁར་ཡན་ལག་བཞི་རྫོགས་སུ་བསྐྱེད་པའམ། སྐད་ཅིག་གིས་སྤྱན་དྲངས་པ་ལ་ཕུལ་ཀྱང་རུང་། གཞན་མཚམས་ཀྱི་སྤང་བླང་དང་སྦྱོར་དངོས་མཇུག་གི་བྱ་བ་རྣམས་བསྙེན་ཡིག་སྤྱི་འགྲོ་ལྟར་ཤེས་པར་བྱའོ། །གཉིས་པ་ནི། བསྙེན་བ་སྔོན་དུ་སོང་བས་དེའི་བོགས་དབྱུང་བའི་སླད། མདུན་དུ་སྟེགས་བུའི་དབུས་སུ་མཉྫིའི་ཁར་མཎྜ་ལར་དྲིའི་ཐིག་ལེ་དང་བཅས་པའི་མེ་ཏོག་གི་ཚོམ་བུ་གཅིག །མདུན་དུ་འབུལ་གཏོར་དཀར་ཟླུམ། བྱང་ཤར་ནས་བརྩམས་ཏེ་ཆུ་གཉིས་སྔོན་


JKT021_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོའི་ཉེར་སྤྱོད་གཡས་སྐོར་དུ་བཤམ། མཆོད་པ་བྱིན་རླབས་ནས་བདག་བསྐྱེད་བཟླས་པའི་བར་བྱ། མཐར་བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། །ཞེས་འདོད་དོན་གསོལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་གདན་འོད་ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ་པར་བསམ། མདུན་གྱི་ཚོམ་བུ་བསང་སྦྱངས། སྟོང་པའི་ངང་ལས་པཾ་ལས་སོགས་ནས། རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་ཞེས་པའི་བར་བདག་བསྐྱེད་ལྟར་ལ། བདག་ཉིད་ཅེས་བའི་ཚིག་དོར། བདག་ལ་ཞེས་པར་འདི་ལ་ཞེས་བསྒྱུར། མཆོད་ཕྲེང་རྒྱས་པར། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །འཕགས་མ་འཁོར་དང་བཅས་ལ་འབུལ། །འདོད་དགུའི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པྲ་ཏི་ས་རཱ་ས་པ་རི་ཝཱ་ར་ཨབྷཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་ཞབས་བསིལ་དང་། པཱ་ཏྱཾ་སོགས་འདོན་པ་བསྒྱུར་བས་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་རོལ་མོ་དང་བཅས་པ་དབུལ་ཞིང་དྷརྨཱ་ར་ཎི་ཏ་བརྗོད། རིན་ཆེན་བདུན་མཚན་སྔགས་བསྒྱུར་བས་སྐྱི་ལྟར་དབུལ། འདོད་ཡོན་ལྔ་སྤྱི་ལྟར་ལ། མོས་བློས་འཕགས་མ་མཆོག་ལ་ཞེས་


JKT021_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བཞེས་ཤིག་འདོད་རྒུའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་དང་མཚན་སྔགས་བསྒྱུར། མཎྜལ་ཚོམ་བུ་སོ་བདུན་མའམ་བདུན་མ་ཅི་ནུས་དབུལ། དེ་ཙམ་མི་ནུས་ན་མཚན་སྔགས་སྔོན་འགྲོའི་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། བསྟོད་པ་ནི་རྡོ་རྗེ་དྲིལ་བུ་འཛིན་པས། སྲས་བཅས་རྒྱལ་བ་ཐམས་ཅད་ཀུན། །སྐྱེད་དང་རོལ་པའི་ཡུམ་གཅིག་པུ། །བཅོམ་ལྡན་སོ་སོར་འབྲང་མ་ལ། །དད་པའི་ཡིད་ཀྱིས་བསྟོད་པར་བགྱི། །ཕྲོ་གི་ཡི་གེ་ལས་སྐྱེས་པ། །ཀུནྡ་ལྟར་དཀར་ཡིད་འཕྲོག་སྐུ། །ཞལ་གཅིག་ཕྱག་གཉིས་མཚན་དཔེས་མཛེས། །འཕགས་མ་མཆོག་ལ་ཕྱག་འཚལ་ལོ། །ཕྱག་གཡས་ཡེ་ཤེས་རལ་གྲི་འཕྱར། །འཇིགས་དང་སྡུག་བསྔལ་དྲྭ་བ་གཅོད། །གཡོན་པས་ཡིད་བཞིན་འཁོར་ལོ་ཡིས། །འདོད་པ་འཇོ་ལ་ཕྱག་འཚལ་ལོ། །སྣ་ཚོགས་དར་གྱི་ན་བཟའ་དར། །རིན་ཆེན་མེ་ཏོག་གསར་བས་བརྒྱན། །གནག་སྣུམ་དབུ་སྐྲའི་ཟུར་ཕུད་ནི། །སྤྱི་བོར་བཅིངས་ལ་ཕྱག་འཚལ་ལོ། །ལང་ཚོ་དར་ཞིང་ནུ་འབུར་མཛེས། །ཞབས་ཟུང་ཙོག་བུའི་འཁྲུལ་འཁོར་གྱིས། །རིགས་བརྒྱུད་ཕུན་སུམ་ཚོགས་པ་ཡི། །སྐལ་བཟང་སྦྱིན་ལ་ཕྱག་འཚལ་ལོ། །སྤྱི་བོར་རྣམ་སྣང་ཅོད་པན་ཅན། །པདྨ་ཟླ་བའི་གདན་ལ་བཞུགས། །འོད་དང་འོད་ཟེར་ཕྲེང་བ་ཡིས། །ཡོངས་སུ་བསྐོར་ལ་


JKT021_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ། །གང་གསུང་རྡོ་རྗེའི་གསང་སྔགས་ཀྱིས། །དུས་མིན་འཆི་བ་ཞི་མཛད་ཅིང་། །སྡེ་བཞིའི་འབྱོར་པ་རབ་རྒྱས་པའི། །དངོས་གྲུབ་སྩོལ་ལ་ཕྱག་འཚལ་ལོ། །ཁྱོད་ཐུགས་ཟབ་མོ་སྟོང་པ་ཉིད། །རིག་དང་བརྩེ་བ་མི་ཕྱེད་པས། །སྐུ་གསུམ་རྣམ་ཐར་རྒྱ་མཚོའི་སྤྲིན། །མཐའ་ཡས་སྤྲོ་ལ་ཕྱག་འཚལ་ལོ། །ཡོན་ཏན་ནོར་བུའི་ཆུ་གཏེར་ལས། །ཕྲིན་ལས་འདོད་རྒུར་འཆར་བ་ཡིས། །ས་གསུམ་འགྲོ་བའི་གདུང་སེལ་ཞིང་། །ཕན་བདེ་སྟེར་ལ་ཕྱག་འཚལ་ལོ། །དེ་ལྟར་རིག་པའི་རྒྱལ་མོ་ཆེ། །འཕགས་མ་སོ་སོར་འབྲང་མ་ལ། །དད་པས་བསྟོད་ཅིང་གསོལ་འདེབས་ན། །བྱིན་རླབས་ཆར་ཆེན་དབབ་པར་མཛོད། །བདག་དང་མཐའ་ཡས་སེམས་ཅན་གྱི། །སྔོན་ལས་འཕྲལ་རྐྱེན་ལས་གྱུར་བའི། །སྣོད་བཅུད་མི་མཐུན་རྒུད་པ་ཀུན། །ཞི་ཞིང་སྲུང་བར་མཛད་དུ་གསོལ། ཆོས་དང་རིགས་ཀྱི་བརྒྱུད་འཛིན་དང་། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་སོགས། །དབང་བཅུའི་དགེ་མཚན་རབ་རྒྱས་པའི། བཀྲ་ཤིས་རྟག་ཏུ་སྣང་བར་མཛོད། །མདོར་ན་ཕྱི་ནང་ཉེར་འཚེ་དང་།བར་ཆད་ཀུན་ཞི་ལེགས་ཚོགས་འཕེལ། །མཐར་ཐུག་བཅོམ་ལྡན་འདས་མ་ཡི། །གོ་འཕང་ཐོབ་པར་མཛད་དུ་གསོལ། །ཞེས་བསྟོད་ཅིང་འདོད་པའི་དོན་ལ་གསོལ་བ་གདབ། །མདུན་བསྐྱེད་ཀྱི་


JKT021_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཟླ་བའི་སྟེང་དུ་བྲོ་དཀར་པོ། དེའི་མཐར་སྔགས་ཀྱི་ཕྲེང་བ་གཡས་སྐོར་དུ་འཁོད་པ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། །ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀ་ནས་ཚེ་དང་དབང་ཕྱུག་ཐམས་ཅད་འོད་དཀར་པོའི་རྣམ་པས་རང་དང་བསྒྲུབ་བྱའི་སྙིང་གར་ཐིམ་པས་འདོད་པའི་དངོས་གྲུབ་ཐོབ་པར་བསམས་ལ་སྔགས་རྩེ་གཅིག་ཏུ་བཟླས་རྗེས། མདུན་བསྐྱེད་ཀྱི་མངལ་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་དཔག་ཏུ་མེད་པ་སྤྲོས། སེམས་ཅན་ཐམས་ཅད་ཀྱི་རྒུད་ཅིང་ཕོངས་བའི་འཇིགས་པ་ཐམས་ཅད་བསལ། འདོད་པའི་དོན་ཡིད་བཞིན་དུ་མཛད་བར་བསམས་ལ་སེམས་ཡུན་རིང་དུ་གཟུང་ཞིང་སྔགས་བཟླ། ཐུན་མཐར་གཏོར་མ་བསང་སྦྱངས། །སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་། མཚན་སྔགས་ཀྱི་མཐར་ཨོཾ་ཨ་ཀཱ་རོ་སོགས་བཏགས་པ་ལན་གསུམ་གྱིས་དབུལ། མཆོད་བསྟོད་འདོད་དོན་གསོལ། ནོངས་པ་བཤགས།


JKT021_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་བསྐྱེད་རྟེན་ཡོད་ན་དེ་ལ་བརྟན་བཞུགས་དང་། མེད་ན་ཐུན་སྔ་མ་རྣམས་སུ་ཚོམ་བུ་བརྟན་བཞུགས་དང་། ཐུན་རྗེས་མར་གཤེགས་སུ་གསོལ་བས་ཁྱབ། གནས་གསུམ་བསྲུང་། བསྔོ་སྨོན་བཀྲ་ཤིས་ཅི་རིགས་པར་བྱ། དེ་ལྟ་བུས་ཞག་བདུན་ནམ་ཉེར་གཅིག་སོགས་སུ་བརྩོན་བས་ལས་བསྒྲུབ་པ་ལ་ཐོགས་པ་མེད་པར་འགྱུར་རོ། །གསུམ་པ་ལ་གསུམ། ནད་ཞི་བ། ཚེ་བསྲིང་བ། །སྲིད་སྤེལ་བའོ། །དང་པོ་ནི། རང་གི་མདུན་དུ་སྟེགས་བུའི་དབུས་སུ་བུམ་པ་རྫས་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པ་དང་། གཏོར་མ་དང་མཆོད་པ་བཤམ། བདག་བསྐྱེད་སྔོན་དུ་འགྲོ་བས་བུམ་བསྐྱེད་བཟླས་པ། མཇུག་གཏོར་འབུལ། ལྷ་འོད་ཞུ་སོགས་སྤྱི་ལྟར་སྦྱར་ནས་ཟུར་དུ་བཅད་ལ་བསྒྲུབས་པའི་བུམ་ཆུས་རང་གཞན་ལ་སྦྱང་བ་གསུམ་སྔོན་དུ་འགྲོ་བས་བཀྲུ་བྱབ་སྲུང་གསུམ་གྱི་ཆོ་ག་སྤྱི་འགྲོ་ལྟར་བགྱིས་པས་ནད་དང་གནོད་པ་ཐམས་ཅད་ཞི་བར་འགྱུར་རོ། །གཉིས་པ་ནི། སྤྱིར་བསྒོམ་བཟླས་ཙམ་ལ་བརྟེན་ནས་ཀྱང་ཚེ་འཕེལ་བར་འགྱུར་ཞིང་། ཁྱད་པར་ཚེ་རྒྱས་པའི་བསམ་བས་དུརླའི་མྱུ་གུ་མར་དང་སྦྲང་རྩིས་སྦགས་པའི་བསྲེག་རྫས་གཙོ་བོར་གྱུར་པའི་རྒྱས་པའི་སྦྱིན་སྲེག་སྤྱི་ལྟར་བགྱིས་པས་འཆི་བ་སླུ་བ་དང་ཚེ་རྒྱས་པའི་མཆོག་ཏུ་འགྱུར་རོ། །གསུམ་པ་ནི།


JKT021_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱིར་འཕགས་མ་འདི་ཉིད་ཀྱི་སྒོ་ནས་སྲིད་སྤེལ་བའི་ལས་ཚོགས་དང་། འཁོར་ལོའི་བྱེ་བྲག་མང་དུ་འབྱུང་བ་ལས། འདིར་དཔལ་སམྦྷཊའི་བརྟག་པ་བདུན་པའི་རབ་བྱེད་གསུམ་པ་ལས་ཇི་སྐད་གསུངས་པའི་འཁོར་ལོ་འབྲི་བའི་ཚུལ་ནི། རྒྱུ་སྐར་རྒྱལ་དང་བཅས་པའི་གཟའ་སྐར་སྦྱོར་བྱེད་བཟང་པོ་འཛོམས་པའི་ཉི་ཤར་གྱི་དུས་སུ་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། རྒྱས་པའི་སེམས་ཀྱིས་ཁ་བྱང་དུ་ཕྱོགས་ལ། བྲི་གཞི་གྲོ་གའམ་ཤོག་བུ་སོགས་བུག་རྡོལ་གྱི་སྐྱོན་མེད་པ། ཁ་དོག་སྤྱིར་རྒྱས་པའི་ལས་ཡིན་པས་སེར་པོ་འོས་ཀྱང་། ཤེར་ཕྱིན་དཀར་མོའི་སྐབས་སུ་ལྷའི་སྐུ་མདོག་དང་མཐུན་པར་དཀར་པོ་བྱ་བར་དམིགས་ཀྱིས་བསལ་བས། འདིར་ཡང་དཀར་པོ་ལ་བྲིས་པས་རུང་། དེ་ལྟ་བུའི་གཞིར་གུར་གུམ་དང་གི་ཝཾ་གིས་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་འཁོར་ལོ་རྩིབས་བརྒྱད་པ་ལྟེ་བ་མུ་ཁྱུད་ཕྱི་ནང་དང་བཅས་པ། ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བྲི། དེའི་མཐར་མདུན་ནས་བརྩམས་ཏེ་གཡས་སྐོར་གྱིས། སྐྱེས་པ་དང་བུད་མེད་མིང་འདི་ཞེས་བྱ་བས་བུ་རྙེད་པར་གྱུར་ཅིག་པུ་ཏྲ་ལ་བྷུ་ཏི། དེའི་ཕྱི་རོལ་ཏུ་མདུན་ནས་གཡས་སྐོར་གྱིས། ཨོཾ་ཨ་མྲྀ་ཏ་བི་ལོ་ཀི་ནི་གནྡྷ་སཾ་རཀྟ་ཎི་ཨཱ་ཀར་ཎི་ཧཱུཾ་ཧཱུཾ་ཕྲཊ་ཕྲཊ་སྭཱ་ཧཱ། ལྟེ་བའི་ཕྱི་རོལ་འཁོར་ལོའི་བར་དུ་མུ་ཁྱུད་ཆུང་ངུ་ལ། ཏདྱ་ཐཱ།


JKT021_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་མ་ཎི་དྷཱ་རི་བཛི་ཎཱི་མ་ཧཱ་པྲ་ཏི་ས་རེ་ཧཱུྃ་ཧཱུྃ་ཕཊ་ཕྲཊ་སྭཱ་ཧཱ། ཞེས་ཚར་དུ་ཤོང་བྲི། དེའི་ཕྱི་རོལ་འཁོར་ལོ་རྩིབས་བརྒྱད་ལ་ཤར་ནས་གཡས་སྐོར་གྱིས་གྱེན་དུ་ལངས་པའི་རྡོ་རྗེ༡། རྒྱལ་མཚན༢༈ དགྲ་སྟ ༣། རྩེ་གསུམ། ཞགས་པ། །སྣ་ཚོགས་རྡོ་རྗེ༦། ཁཊཾ་བ༧། ལྕགས་ཀྱུ་རྣམས་བྲི། སླར་ཡང་དེའི་ཕྱི་རོལ་གྱི་འཁོར་ལོའི་གོང་རས་ཀྱི་མུ་ཁྱུད་ཀྱི་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་ཨ་མྲྀ་ཏ་སོགས་ཀྱི་སྔགས་གང་ཤོང་གིས་བསྐོར། །གཞུང་ནས་མ་གསུངས་ཀྱང་དེའི་ཕྱི་རོལ་ཏུ་མུ་ཁྱུད་ལ་དབྱངས་གསལ་རྟེན་འབྲེལ་སྙིང་པོ་བཅས་དང་། རྡོ་རྭ། མེ་རི་རྣམས་སྤྱི་ལྟར་བྲིས་སྣང་། དེ་ལྟར་བྲིས་ཟིན་པ་ན་གུར་གུམ་དང་གི་ཝཾ་གིས་ཁྱབ་པར་བྱུག །སྟེགས་བུའི་དབུས་སུ་མེ་ཏོག་སིལ་མ་བཀྲམ་པའི་ཁར་དགྲམ། གཏོར་མ་དང་མཆོད་པ་བཤམ། བདག་བསྐྱེད་སྔོན་དུ་འགྲོ་བས་འཁོར་ལོ་བསང་སྦྱངས། སྟོང་པའི་ངང་ལས་མུ་ཁྱུད་གདན་དང་། སྔགས་ཀྱི་ཡིག་འབྲུ་རྣམས་སོ་སོར་འབྲང་མ་ཡན་ལག་བཞི་རྫོགས་སུ་བསྐྱེད། མཆོད་བསྟོད་དང་སྤྱན་དབྱེ་བྱ། སླར་ཡང་མཆོད་ཅིང་བསྟོད་ལ། མིང་སྤེལ་ཉིད་བསྒྲུབ་བྱར་བསྐྱེད་བསྟིམ་རྗེས། འོད་ཟེར་སྤྲོ་བསྡུ་དང་བཅས་མདུན་བསྐྱེད་ལ་དམིགས་ཏེ་གོང་དུ་འཁོར་ལོར་བཀོད་པའི་སྔགས་རྣམས་མང་དུ་བཟླས་རྗེས་གཏོར་མ་བསང་


JKT021_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱངས་བྱིན་གྱིས་བརླབས་ལ་དབུལ། མཆོད་བསྟོད་འདོད་དོན་གསོལ་བས། ལྷ་མོ་གདན་དང་བཅས་པ་འོད་དུ་ཞུ་བ་ལས་བྲིས་པའི་འཁོར་ལོའི་རྣམ་པ་དང་། བསྒྲུབ་བྱ་མིང་སྤེལ་དུ་གྱུར་པར་བསམ། སླར་ཡང་བརྟན་བཞུགས་ཤིས་བརྗོད་རྒྱ་ཆེར་བྱ། ལྟེ་བ་མ་ཉམས་པར་བལྟབས་ལ་ཚོན་སྐུད་མཐུན་བསྡེབས་ཀྱིས་དཀྲི། དར་སྣའི་གཡོགས་དང་བཅས་ཏེ་བསྒྲུབ་བྱའི་སྤྱི་བོའམ་མགུལ་དུ་གདགས། དེའང་སྤྲོ་ན་སྦྱང་བ་གསུམ་སྔོན་དུ་འགྲོ་བས་ཁྲུས་ཀྱི་ཆོ་ག་དང་འབྲེལ་བར་གདགས་པའི་ཕྱག་ལེན་ཡོད། གཞན་ཡང་སོ་སོར་འབྲང་མའི་སྔགས་མར་ལ་བཏབ་སྟེ་ཁོང་དུ་གཏོང་བ་དང་། །ཙན་དན་ལ་བཏབ་སྟེ་བདུག་པ་དང་། སྐུད་པ་ལ་བཏབ་སྟེ་འཆིང་བ་དང་། རྗེས་སུ་གནང་བ་དང་ཁྲུས་ཀྱི་ཆོ་ག་དང་། ཞི་རྒྱས་ཀྱི་སྦྱིན་སྲེག་དང་། རྒྱབ་ཆོས་སུ་མདོ་དང་གཟུངས་བཀླག །སཱཙྪ་གདབ། དགེ་འདུན་ལ་བསྙེན་བཀུར་དང་། དབུལ་ཕོངས་ལ་སྦྱིན་གཏོང་སོགས་དགེ་བའི་དཔུང་བསྐྱེད་པས་རིགས་བརྒྱུད་ཁྱད་པར་ཅན་འབྱུང་བར་གདོན་མི་ཟ་ཞིང་། ལེགས་པའི་ཡོན་ཏན་གཞན་ཡང་དབྱར་མཚོ་ལྟར་འཕེལ་པར་འགྱུར་རོ། །འཕགས་མ་སོ་སོར་འབྲང་མ་ཡི། །ཡེ་ཤེས་བདུད་རྩིས་འགྲོ་བ་ཀུན། །སྡེ་བཞིའི་དཔལ་ཡོན་ཕུན་ཚོགས་པའི། །ཕན་བདེའི་ཆུ་སྐྱེས་རྒྱས་གྱུར་ཅིག །


JKT021_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པའང་རྒྱུད་ཀྱི་རྒྱལ་པོ་རྣམ་པ་གཉིས་རྗེ་བཙུན་གོང་མའི་གསུང་མཆན་འགྲེལ་པ་དང་བཅས་པ་དང་། བུ་སྟོན་རིན་པོ་ཆེའི་སམྦུ་ཊིའི་འགྲེལ་ཆེན། གཞན་ཡང་མན་ངག་གི་ཟིན་བྲིས་ཕྱག་ལེན་སོགས་ཀྱི་ཁུངས་ལ་གཏུགས་ཏེ་གཞན་ཕན་གྱི་བློས་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མདོ་ཙམ་བྲིས་པ་སརྦ་དཱ་ཧི་ཏ་སུ་ཁཱ་ནཱཾ་སུ་ཤེ་ཡ་ཊཾ་བྷ་ཡཱ་ཏྲ།། ༈ །།རྡོ་རྗེ་རྣམ་པར་འཇོམས་པའི་འཁོར་ལོའི་བྲི་ཡིག་བཞུགས་སོ། །ཨོཾ་སྭསྟི། རིགས་སྔགས་ཀྱི་ལས་ཐམས་ཅད་གྲུབ་པ་དང་། བརྟན་པ་དང་། ནུས་རྩལ་ཐོགས་པ་མེད་པའི་རྡོ་རྗེའི་གཟུངས། རྡོ་རྗེ་འཛིན་པའི་ཐུགས་ཀྱི་སྙིང་པོ། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་རིག་པ་ཆེན་པོའི་ཙཀྲ་ཡིད་བཞིན་གྱི་ནོར་བུ་ཇི་ལྟར་འབྲི་བའི་ཚུལ་ལ་ལྔ། འབྲི་བའི་གཞི། འབྲི་བྱེད་ཀྱི་རྫས། ཇི་ལྟར་འབྲི་བའི་ཚུལ། བྲིས་ནས་སྒྲུབ་པའི་ཐབས། དེ་ལྟ་བུ་འཆང་བའི་ཕན་ཡོན་ནོ། །དང་པོ་ནི། གྲོ་གའམ། རས་སམ། ཤོག་བུ་གཙང་མ་ཆེ་ཆུང་ཁྲུ་གང་ལས་མི་ཆུང་བའོ། །གཉིས་པ་ནི། སྐྱེས་པ་སྲུང་བ་ལ་གུར་གུམ། བུད་མེད་ལ་གི་ཝཾ། གང་ལའང་རྒྱ་སྣག་བཟང་པོ་བརྡར་བའི་ཁུ་བ་དང་སྦྱར་ནས་འབྲིའོ། །གསུམ་པ་ནི། འཁོར་ལོ་མུ་ཁྱུད་དྲུག་པའི་ལྟེ་བར་ཧཱུྃ་གི་མཐར། མདུན་ནས་བརྩམས་ཏེ་ཡིག་མགོ་


JKT021_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བསྟན། ཡིག་མཇུག་ནང་དུ་ཁྲིད་དེ། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་རྣམས་ཀྱིས་འཆང་བ་པོ་ལ་གཟའ་ཀླུ་རྒྱལ་བཙན་ཀེག་ཆག་སྲི་ངན་བྱད་ཕུར་ནད་འདྲེ་རྦོད་གཏོང་ནད་མཚོན་མུ་གེ་དགྲ་གྱོད་རྐྱེན་བྱུར་སོགས་གཟུགས་ཅན་གཟུགས་མེད་ཀྱི་གནོད་པ་ཐམས་ཅད་ལས་སྲུངས་ཤིག་སྒྲིབས་ཤིག་རཀྵ་རཀྵ ཅེས་བྲི། མུ་ཁྱུད་དང་པོ་ལ། མདུན་ནས་བརྩམས་ཏེ། ན་མཉྩནྡྲ་སོགས་ཡང་སྙིང་གི་མཐར། འཆང་བ་པོ་ལ་གཟུགས་ཅན་གཟུགས་མེད་ཀྱི་གནོད་པ་ཐམས་ཅད་སྲུངས་ཤིག་རཀྵ་རཀྵ༔ ཅེས་ཕྲེང་གཅིག་ཏུ་ཤོང་བར་བྲི། མུ་ཁྱུད་གཉིས་པ་ལ་འཁོར་ལོ་རྩིབས་བཅུར་ཧཱུྃ་ཡིག་མགོ་ཕྱིར་བསྟན་པའི་མཐར། མདུན་ནས་བརྩམས་ཏེ་རིམ་པར་ཡིག་མགོ་ཕྱིར་བསྟན་གྱིས། ཨོཾ་ཧ་ར་ཧ་ར་བཛྲ་འཆང་བ་པོ་ལ་ཨུ་པ་ཀ་རི་བྷྱོ་རཀྵ ༡ མ་ཐ་མ་ཐ་བཛྲ་འཆང་བ་པོ་ལ་ཨུ་པ་ཀ་རི་བྷྱོ་རཀྵ ༢ དྷུ་ན་དྷུ་ན་བཛྲ་འཆང་བ་པོ་ལ་ཨུ་པ་ཀ་རི་བྷྱོ་རཀྵ ད་ཧ་ད་ཧ་བཛྲ་འཆང་བ་པོ་ལ་ཨུ་པ་ཀ་རི་བློ་རཀྵ ༤ པ་ཙ་པ་ཙ་བཛྲ་འཆང་བ་པོ་ལ་ཨུ་པ་ཀ་རི་བྷྱོ་རཀྵ ༥ དྷ་ར་དྷ་ར་བཛྲ་འཆང་བ་པོ་ལ་ཨུ་པ་ཀ་རི་བྷྱོ་རཀྵ ༦ དྷ་ར་ཡ་དྷ་ར་ཡ་བཛྲ་འཆང་བ་པོ་ལ་ཨུ་པ་ཀ་རི་བྷྱོ་རཀྵ ༧ དཱ་རུ་ཎ་དཱ་རུ་ཎ་བཛྲ་འཆང་བ་པོ་ལ་ཨུ་པ་ཀ་རི་བྷྱོ་རཀྵ༔ ༨ ཙྪིནྡ་ཙྪིནྡ་བཛྲ་འཆང་བ་པོ་ལ་ཨུ་པ་ཀ་


JKT021_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

རི་བྷྱོ་རཀྵ ༩ བྷིནྡྷ་བྷིནྡྷ་བཛྲ་འཆང་བ་པོ་ལ་ཨུ་པ་ཀ་རི་བྷྱོ་རཀྵ ༡༠ ཅེས་བྲི། མུ་ཁྱུད་གསུམ་པ་ཆ་ཆེ་བར་བསྐོར་བའི་མདུན་ནས་བརྩམས་ཏེ། ན་མོ་རཏྣ་སོགས་གཟུངས་རིང་། སྙིང་པོ། ཡང་སྙིང་རྫོགས་པའི་མཐར། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་རྣམས་ཀྱིས་འཆང་བ་པོ་ལ་སྟེང་གདོན་གཟའ་དང་རྒྱུ་སྐར་འོག་གདོན་ཀླུ་དང་ས་བདག་བར་གདོན་བཙན་དང་མ་མོ་ཐེ་བྲང་རྒྱལ་པོ་དམ་སྲི་ལོ་ཟླ་ཞག་དུས་ཕ་མེས་ཀྱི་ཀེག་སྲི་བྱད་ཕུར་རྦད་འདྲེ་རྒོད་གཏོང་དབྱེ་དཀྲུགས་སྡེབ་གཤོར་ཕུང་སེལ་ནད་མཚོན་མུ་གེ་དགྲ་གྱོད་རྐྱེན་བྱུར་གཟུགས་ཅན་གཟུགས་མེད་ཀྱི་ལ། འཚེ་བ་ལས་སྲུངས་ཤིག་རཀྵ ཅེས་ཡིག་མཇུག་ནང་དུ་ཁྲིད་ལ་བྲི། མུ་ཁྱུད་བཞི་པ་ལ། དབྱངས། གསལ། རྟེན་འབྲེལ་སྙིང་པོ་རྣམས་ཀྱི་མཐར། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་རྣམས་ཀྱིས་འཆང་བ་པོ་ལ་སྟེང་གདོན་གཟའ་དང་རྒྱུ་སྐར་འོག་གདོན་ཀླུ་དང་ས་བདག་བར་གདོན་བཙན་དང་མ་མོ་ཐེ་བྲང་རྒྱལ་པོ་དམ་སྲི་ལོ་ཟླ་ཞག་དུས་ཕ་མེས་ཀྱི་ཀེག་སྲི་བྱད་ཕུར་རྦོད་གཏོང་དབྱེ་དཀྲུགས་ཕུང་སེལ་ནད་མཚོན་མུ་གེ་རྐྱེན་བྱུར་སོགས་ཉེར་འཚེ་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ ཅེས་ཕྲིང་གཅིག་ཏུ་ཤོང་བར་བྲི། མུ་ཁྱུད་ལྔ་པ་ལ་རྡོ་ར། མུ་ཁྱུད་དྲུག་པ་ལ་མེ་རི་རྣམས་


JKT021_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

བྲིའོ། །བཞི་པ་ནི། བདག་གི་རྣལ་འབྱོར་སྔོན་ཏུ་འགྲོ་བས། འཁོར་ལོ་བསང་སྦྱངས། སྟོང་པའི་ངང་ལས་མུ་ཁྱུད་གཞལ་ཡས་ཁང་གི་དབུས་སུ་སྔགས་ཀྱི་ཡི་གེ་རྣམས་རྡོ་རྗེ་རྣམ་པར་འཇོམས་པ་དང་། མིང་སྤེལ་བསྒྲུབ་བྱ་དངོས་སུ་གསལ་ཞིང་། བསྐྱེད་པའི་ལྷའི་གནས་གསུམ་བྱིན་བརླབས་ཡེ་ཤེས་པ་བསྟིམ། དབང་བསྐུར་ཞིང་རིགས་བདག་གིས་རྒྱས་གདབ། མཆོད་བསྟོད་སྤྱན་དབྱེ་བྱ། སྔགས་སྤེལ་ཚིག་དང་བཅས་བཟླས་པས་གསོལ་བ་གདབ་མཐར། གཞལ་ཡས་ཁང་ལྷ་དང་བཅས་པ་འོད་དུ་ཞུ་བ་ལས་བྲིས་པའི་འཁོར་ལོ་དང་། བསྒྲུབ་བྱ་མིང་སྤེལ་གྱི་རྣམ་པར་བསམས་ལ། གཟུངས་རིང་ཐུང་སྤེལ་ཚིག་དང་བཅས་པའི་མཇུག་ཏུ་རྟེན་འབྲེལ་སྙིང་པོ་གདགས་པ་བཟླས་པའི་མེ་ཏོག་འཐོར་ཞིང་བརྟན་བཞུགས་དང་། ཤིས་བརྗོད་བྱ། ལེགས་པ་རང་ལྟབས་ནས་ཚོན་སྐུད་སྣ་༣ལྔས་བཅིངས་ཤིང་བསྒྲུབ་བྱའི་མགུལ་ལམ་དཔུང་པར་གདགས་སོ། །ལྔ་པ་ནི། མི་མཐུན་པའི་ཕྱོགས་ཐམས་ཅད་སྲུང་ཞིང་ཞི་བ་དང་། མཐུན་རྐྱེན་ལེགས་ཚོགས་མཐའ་དག་འཕེལ་ཞིང་རྒྱས་པ་དང་། འདོད་པའི་དངོས་གྲུབ་དབང་དུ་འགྱུར་པ་སོགས་གཟུངས་སྔགས་ཀྱི་རྒྱལ་པོའི་ཕན་ཡོན་ཇི་སྐད་གསུངས་པ་ཐམས་ཅད་ཐོབ་པར་འགྱུར་བ་ནི་ངེས་པའོ། །ཞེས་པའང་ཐམས་ཅད་མཁྱེན་པ་


JKT021_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་ཡན་ལག་གི་ཞལ་སྔ་ནས་ཀྱི་ཕྱག་གཞེས་ཀྱི་རྒྱུན་ལས་བྱུང་བ་ལྟར་གསལ་བར་བཀོད་པ་སིདྡྷི་རསྟུ། ༈ །བཀྲ་ཤིས་གཏེར་བུམ་གྱི་འཁོར་ལོའི་བྲི་ཡིག་དག་ཅིང་གསལ་བ་བཞུགས་སོ། །ཨོཾསྭ་སྟི་སིདྡྷཾ། ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཞལ་གདམས་སྙིང་བྱང་ཡིད་བཞིན་ནོར་བུ་ལས་གསུངས་པའི་བཀྲ་ཤིས་གཏེར་གྱི་བུམ་པ་བརྒྱད་ལས། དང་པོ་སྲུང་ཞིང་སྐྱོབ་པ་བཀྲ་ཤིས་གདུགས་ཀྱི་ཙ་ཀྲ་ནི། བྲི་གཞི་དཀར་པོར་འཁོར་ལོ་རྩིབས་བཞི་མུ་ཁྱུད་ལྔ་དང་ལྡན་པའི་ལྟེ་བར་གདུགས་དཀར་པོའི་ལོགས་སུ་ཕྲེང་བྲིས་ཀྱིས། ཨོཾ་མངྒ་ལཾ་ཙྪ་ཀྲྀ་ག་ཨཱཿཧཱུཾ། གཙུག་ལག་ཁང་ངམ་གནས་ཁང་འདི་ཞེས་བྱ་བས་ཐོག་དྲངས་ཡུལ་ཕྱོགས་འདི་ཐམས་ཅད་ལ་སྲུང་ཞིང་སྐྱོབ་པར་མཛད་དུ་གསོལ་རཀྵ་རཀྵ༔ ཞེས་བྲི། དེའི་ཕྱི་རོལ་གྱི་རྩིབས་བཞི་ལ། ཧཱུྃ་ཡིག་དབུ་ཕྱིར་བསྟན་བཞིའི་མཐར་ཀླད་ཀོར་ནས་བརྩམས་གོང་གི་སྔགས་འདོད་གསོལ་དང་བཅས་པ་གཡས་བསྐོར་དུ་ཕྲེང་གཅིག་གམ། མ་ཤོང་ན་སྦྲུལ་འཁྱིལ་བ་ལྟར་བྲིས་ཀྱང་འགལ་བ་མེད། རྩིབས་མཆན་གདུགས་ཏོག་ཕྱིར་བསྟན། མུ་ཁྱུད་དང་པོ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུཥཱི་ཥ་ཧཱུཾ་ཕཊ་སྭཱ་ཧཱ། ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བཻ་རེ་བེ་རེ། སོ་མེ་སོ་མེ། སརྦ་བུདྡྷ་ཨདྷིཥྛ་ན་ཨིདྷིཊྛི་ཏེ། སརྦ་ཏ་ཐཱ་ག་


JKT021_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཨུཏྟཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་ཕཊ། ཧཱུཾ་མ་མ་ཧཱུཾ་ནི་སྭཱ་ཧཱ། ཞེས་པ་མཐར་འདོད་གསོལ་གོང་ལྟར་བྲི། མུ་ཁྱུད་གཉིས་པ་ལ་དབྱངས་གསལ་བྱེད། རྟེན་སྙིང་། གསུམ་པར། ཨོཾ་སྭསྟི། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་གདུགས་བཟང་གསེར་གྱི་ཡུ་བ་ཅན། །བསྣམས་ནས་རྒྱལ་བའི་དབུ་ལ་མཆོད་འབུལ་ལྟར། །དབུ་ལ་གདུགས་ཀྱི་བཀྲ་ཤིས་བདེ་ལེགས་ཤོག །ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་སྟེ། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་ཀུན་ཞི་བྱེད་ཤོག །གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉིན་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། །བཞི་པར་།རྡོ་རྗེའི་ར་བ་སྔོན་པོ། ལྔ་པར་འོད་ཟེར་པ་ཏྲ་ཁ་དོག་སྣ་ལྔ་རྩེ་གཡས་བསྐོར། དེའི་ཕྱི་རིམ་གྲ་བཞིར་གདུགས་དཀར་པོ་རེ་རེ་རྣམས་བྲིའོ། ༈ །གཉིས་པ་ཤེས་རབ་རྒྱས་པར་བྱེད་པ་བཀྲ་ཤིས་གསེར་ཉའི་འཁོར་ལོ་ནི། བྲི་གཞི་སེར་པོར་རྩིབས་དང་མུ་ཁྱུད་འདྲ། ལྟེ་བར་གསེར་ཉ་མགོ་ནང་བསྟན་སྟེང་དུ་བལྟས་ནས་འཁྱིལ་པའི་མགོ་ནས་བརྩམས་ཏེ་མཇུག་མའི་བར། ཨོཾ་མངྒ་ལཾ་ཉ་ཚ་ཨཱ་ཧཱུཾ། བཀྲ་


JKT021_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་གཏེར་གྱི་བུམ་པ་བཟང་པོ་བཞུགས་པའི་ས་ཕྱོགས་འདིར་གནས་པ་ཐམས་ཅད་ཀྱི་བློ་དང་ཤེས་རབ་སྟོབས་རྩལ་ཕུན་སུམ་ཚོགས་པ་ཐམས་ཅད་པུཊྚི་ཀུ་རུ་ཨོཾ། རྩིབས་བཞིར་དྷིཡིག་རེ་རེ་ལ་སྔགས་སྤེལ་ཚིག་དང་བཅས་པས་བསྐོར། མུ་ཁྱུད་དང་པོ་ལ་ཤེས་རབ་བློ་འཕེལ་གྱི་གཟུངས། ན་མོ་མཉྫུཤྲི་ཡེ་ཀུ་མཱ་ར་བྷུ་ཏཱ་ཡ། བོ་དྷི་ས་ཏྭཱ་ཡ། །མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ར་ཛེ། བི་ར་ཛེ། ཤུདྡྷེ་བི་ཤུདྡྷེ། ཤོདྷ་ཡ་བི་ཤོདྷ་ཡ། ཨ་མ་ལེ་བི་མ་ལེ། ནིརྨ་ལེ། ཛ་ཡེ་བ་ཏི། རུ་རུ་ཙ་ལེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་པའི་མཐར་སྤེལ་ཚིག་གོང་ལྟར། གཉིས་པར་དབྱངས་གསལ་རྟེན་སྙིང་། གསུམ་པར། ཨོཾ་སྭསྟི། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་གསེར་གྱི་ཉ་མོ་འོད་འབར་བ། །བསྣམས་ནས་རྒྱལ་བའི་སྤྱན་ལ་མཆོད་འབུལ་ལྟར། །སྤྱན་ལ་གསེར་ཉའི་བཀྲ་ཤིས་བདེ་ལེགས་ཤོག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་བ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམས་རྟོགས་ནས། །ཡེ་ཤེས་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ནད་ཀུན་ཞི་གྱུར་ཅིག །ཟབ་ཅིང་རྒྱ་ཆེའི་བློ་གྲོས་དང་། །གསལ་བརྟན་མྱུར་བའི་ཤེས་རབ་ཀྱཻ། །སྤོབས་པ་ཆུ་བོའི་རྒྱུན་ལྟ་བུ། །ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །བཞི་པར་རྡོ་ར། ལྔ་པར་པ་ཏྲ། །


JKT021_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ནང་གི་རྩིབས་མཆན་དང་། ཕྱིའི་གྲྭ་བཞིར་གསེར་ཉ་འཁྱིལ་པ་རེ་རེ་བྲིའོ། ༈ །གསུམ་པ་འདོད་རྒུའི་འབྱོར་བ་ཡིད་བཞིན་ཏུ་རྩོལ་བའི་བཀྲ་ཤིས་བུམ་པའི་ཙ་ཀྲ་ནི། བྲི་གཞི་ལྗང་གུར་རྩིབས་དང་མུ་ཁྱུད་འདྲ། དབུས་སུ་ནོར་བུས་ཁ་བརྒྱན་པའི་བུམ་པ་བཟང་པོའི་ལྟེ་བར་ཕྲེང་བྲིས་ཀྱིས། ཨོཾ་མངྒ་ལཾ་ཀ་ལ་ཤ་ཨཱཿཧཱུྃ། བཀྲ་ཤིས་གཏེར་གྱི་བུམ་པ་བཞུགས་པའི་ས་ཕྱོགས་འདིར་འཁོད་པ་ཐམས་ཅད་ལ་འདོད་རྒུའི་གཏེར་གྱིས་དངོས་གྲུབ་ཐམས་ཅད་པུཊྚི་ཀུ་རུ་ཨོཾ། རྩིབས་བཞིར་པཾ་ཡིག་རེ་རེའི་མཐར་གོང་སྔགས་སྤེལ་ཚིག་བཅས་པས་བསྐོར། མུ་ཁྱུད་དང་པོ་ལ། ཨོཾ་བཾ་བཱ་སུ་དྷཱ་རི་ཎཱི་སརྦ་སིདྡྷི་ཧཱུྃ། །ཞེས་ཚར་གསུམ་ལྔ་སོགས་གང་ཤོང་མཐར་སྤེལ་ཚིག །གཉིས་པར་དབྱངས་གསལ་རྟེན་སྙིང་གསུམ་པར། ཨོཾ་སྭསྟི། བཀྲ་ཤིས་གང་ཞིག །ཕྱག་ན་རིན་ཆེན་བུམ་པ་རབ་མཛེས་པ། །བསྣམས་༧ ནས་རྒྱལ་བའི་མགུལ་ལ༴ །མགུལ་ལ་བུམ་པའི༴ །བིཝ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་


JKT021_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། བཞི་པར་རྡོ་ར། ལྔ་པར་འོད་ཕྲེང་། ནང་གི་རྩིབས་མཆན་དང་། ཕྱིའི་གྲྭ་བཞིར་བུམ་པ་རེ་རེ་བྲིའོ། ༈ །བཞི་པ་འཁོར་འདས་ཀྱི་ལེགས་ཚོགས་ཐམས་ཅད་དབང་དུ་སྡུད་པ་བཀྲ་ཤིས་པདྨའི་ཙཀྲ་ནི། བྲི་གཞི་དམར་པོ་རྩིབས་དང་མུ་ཁྱུད་འདྲ། ལྟེ་བར་ཆུ་སྐྱེས་པདྨ་དམར་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུར། ཨོཾ་མངྒ་ལ་པདྨ་ཨཱཿཧཱུཾ། བཀྲ་ཤིས་གཏེར་གྱི་བུམ་པ་བཟང་པོ་འདི་ཉིད་བཞུགས་པའི་ས་ཕྱོགས་འདི་རྣམས་སུ་ཁམས་གསུམ་བརྟན་གཡོའི་ཕུན་ཚོགས་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོ༔ ཞེས་ཕྲེང་དུ་བྲི། རྩིབས་བཞིར། ཧྲཱིཿཡིག་གི་མཐར་གོང་ཟླ་ལྟར་སྤེལ་ཚིག་བཅས། མུ་ཁྱུད་དང་པོ་ལ། ཨོཾ་ཀུ་རུ་ཀུལླེ་སརྦ་ལོ་ཀཱ་ཤྲཱི་ཝཱ་ཤཾ་ཀུ་རུ་ཧོ༔ སརྦ་སིདྡྷི་ས་མ་ཡ་ཧཱུྃསྭཱ་ཧཱ། ཞེས་གསུམ་ལྔ་སོགས་གང་ཤོང་མཐར་སྤེལ་ཚིག་སྦྱར། གཉིས་པར་དབྱངས་གསལ་རྟེན་སྙིང་། གསུམ་པར། ཨོཾ་སྭསྟི། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་པདྨ་དམར་པོ་འདབ་བརྒྱད་པ། །བསྣམས་ནས་རྒྱལ་བའི་ལྗགས་ལ་མཆོད་པ་ལྟར། །ལྗགས་ལ་པདྨའི་བཀྲ་ཤིས་བདེ་ལེགས་ཤོག །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ནོར་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཆོས་


JKT021_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་བརྟན་གྱུར་ཅིག །ཚེ་རིང་ནད་མེད་འབྱོར་ལྡན་ཞིང་། །འགྲོ་ཀུན་རྟག་ཏུ་འདུན་པ་དང་། །ཇི་ལྟར་བསམ་པའི་དོན་རྣམས་ཀུན། །ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཨོཾ་སུ་པྲ་ཏིཥྛ་སོགས་བྲི། བཞི་པར་རྡོ་ར། ལྔ་པར་འོད་ཕྲེང་། ཕྱི་ནང་གི་གྲྭར་པདྨ་དམར་པོ་འདབ་མ་བརྒྱད་པ་ལྡོང་བུ་ནང་དུ་བསྟན་པ་རེ་རེ་བྲིའོ། ༈ །ལྔ་པ་སྙན་གྲགས་སྲིད་གསུམ་དུ་ཁྱབ་པར་བྱེད་པ་བཀྲ་ཤིས་དུང་གི་༧ འཁོར་ལོ་ནི། བྲི་གཞི་སེར་པོ་ལ་རྩིབས་དང་མུ་ཁྱུད་འདྲ། ལྟེ་བར་དུང་དཀར་གཡས་སུ་འཁྱིལ་བའི་ཁོངས་པའི་ངོས་སུ། ཨོཾ་མངྒ་ལ་ཤདྨ་ཨཱཿཧཱུྃ། བཀྲ་ཤིས་གཏེར་གྱི་བུམ་པ་བཟང་པོ་འདི་ཉིད་བཞུགས་པའི་ས་ཕྱོགས་འདི་རྣམས་ཀྱི་གནས་འདིའི་བདག་པོ་འཁོར་དང་བཅས་པ་ཐམས་ཅད་སྙན་གྲགས་མངའ་ཐང་སྲིད་པ་གསུམ་དུ་པུཊྚི་ཀུ་རུ་ཨོཾ། ཞེས་ཕྲེང་དུ་བྲི། རྩིབས་བཞིར་ཏཱཾ་ཡིག་རེ་རེའི་མཐར་གོང་གི་སྔགས་སྤེལ་ཚིག་བཅས། མུ་ཁྱུད་དང་པོ་ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་ཧཱ་གཱིརྟི་པུཊྚི་ཀུ་རུ་ཨོཾ། གསུམ་ལྔ་བདུན་སོགས་གང་ཤེས་མཐར་སྤེལ་ཚིག་སྦྱར། གཉིས་པར་དབྱངས་གསལ་རྟེན་སྙིང་། གསུམ་པར། ཨོཾ་སྭསྟི། བཀྲ་ཤིས་གང་ཞིག །ཕྱག་ན་ཆོས་ཀྱི་དུང་སྒྲ་སྒྲོགས་མཛད་པ། །བསྣམས་ནས་རྒྱལ་བའི་གསུང་ལ༴ །གསུང་ལ་དུང་གི༴ དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་


JKT021_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་ལ་དབང་ཐོབ་ཤོག །ཆོས་དང་སྲིད་ཀྱི་དགེ་མཚན་དང་། །སྙན་པས་ནམ་མཁའི་མཐར་ཁྱབ་ཅིང་། །ལྷ་དང་བཅས་པའི་འཇིག་རྟེན་ན། །ཡོངས་སུ་གྲགས་པའི་བཀྲ་ཤིས་ཤོག །ཨོཾ་སུ་པྲ༴ བཞི་པར་རྡོ་ར། ལྔ་པར་འོད་ཕྲེང་ཕྱི་ནང་གི་གྲྭར་དུང་གཡས་འཁྱིལ་མཇུག་ནང་དུ་བསྟན་པ་དར་དཔྱངས་དང་བཅས་པ་རེ་རེ་བྲིའོ། ༈ །དྲུག་པ་ཚེ་དང་བསོད་ནམས་ཡེ་ཤེས་འཕེལ་བར་བྱེད་པ་བཀྲ་ཤིས་དཔལ་བེའུའི་ཙཀྲ་ནི། བྲི་གཞི་དམར་སེར་ལ། རྩིབས་དང་མུ་ཁྱུད་འདྲ་། ལྟེ་བར་དཔལ་བེའུ་ཟུར་བརྒྱད་པ་དར་དཔྱང་གིས་མཛེས་པའི་ཕྱི་ནང་གི་ཁོང་སེང་བཅུ་བདུན་ལ། སྟེང་གི་གྲྭ་ནས་བརྩམས་ཏེ་རིམ་པར། ཨོཾ་༡༽མངྒ་ལ། ༢༽ཤྲཱི་ཛདྨ་ཛ། ༣༽ ཨཱཿཧཱུྃ། ༤༽ བཀྲ་ཤིས། ༥༽ གཏེར་གྱི་༦༽ བུམ་པ་༧༽ བཟང་པོ་༨༽ འདི་ཉིད་༩༽ བཞུགས་པའི་༡༠༽ ས་ཕྱོགས་འདིར་༡༡༽ གནས་པའི་༡༢༽ སྐྱེ་རྒུ་རྣམས་༡༣༽ ཚེ་དང་བསོད་ནམས། ༡༤༽ཡེ་ཤེས་ཐམས་ཅད་༡༥༽ པུཎྚི་ཀུ་རུ་༡༦༽ ཨོ།༡༧༽ ཞེས་བྲི། རྩིབས་བཞིར། ཧྲཱིཿཡིག་རེ་རེའི་མཐར་གོང་གི་སྔགས་སྤེལ་ཚིག་བཅས། མུ་ཁྱུད་དང་པོ་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་སོགས་ཚེ་གཟུངས་ཀྱི་མཐར་སྤེལ་


JKT021_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་སྦྱར་བ། གཉིས་པ་དབྱངས་གསལ་རྟེན་སྙིང་། གསུམ་པར། ཨོཾ་སྭསྟི། བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི། །ཕྱག་ན་དཔལ་གྱི་བེའུ་རབ་འབར་པ། །བསྣམས་ནས་རྒྱལ་བའི་ཐུགས་ལ༴ །ཐུགས་ལ་དཔལ་བེའུ༴ །དཱརླས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་གྲུབ་སྟེ། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་གཡང་འཕེལ་གྱུར་ཅིག །དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོགས། །སྐུ་ཚེ་མི་འབྲལ་སྲ་ཞིང་བརྟན། །ཇ་བཟང་བཞེས་སྤྲོ་རྒྱུན་མི་འཆད། །སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག །ཨོཾ་སུ་པྲ་ཏིཥྛ༔ བཞི་པར་རྡོ་ར། ལྔ་པར་འོད་ཕྲེང་། ཕྱི་ནང་གི་གྲྭར་དཔལ་བེའུ་དར་དཔྱང་གིས་མཛེས་པ་བྲིའོ། ༈ །བདུན་པ་ཕས་རྒོལ་གྱི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་བཀྲ་ཤིས་རྒྱལ་མཚན་གྱི་ཙཀྲ་ནི། བྲི་གཞི་སྔོན་པོ་ལ་༧ རྩིབས་དང་མུ་ཁྱུད་འདྲ། ལྟེ་བར་རྒྱལ་མཚན་ནོར་བུའི་དྲྭ་ཕྱེད་ཀྱིས་བརྒྱན་པའི་ཤམ་བུ་རྣམས་ནས་ཕྲེང་བསྒྲིགས་སུ། ཨོཾ་མངྒ་ལངྒ་ཛ་ཨཱཿཧཱུྃ། བཀྲ་ཤིས་གཏེར་གྱི་བུམ་པ་བཟང་པོ་བཞུགས་པའི་གནས་འདི་རྟེན་དང་བརྟེན་པར་བཅས་པ་དང་སྐྱེ་དགུ་མཐའ་དག་མི་མཐུན་པའི་རྒོལ་བ་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག །ཅེས་བྲི། རྩིབས་བཞིར། ངྷི་རེ་རེའི་མཐར་གོང་གི་སྔགས་སྤེལ་ཚིག་བཅས།


JKT021_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

མུ་ཁྱུད་དང་པོ་ལ། ཨོཾ་ཧཱུྃ་དྷ་ཛ་ཨ་གྲ་ཀེ་ཡུ་རེ་མཱ་ར་སེ་ན་པྲ་མནྡྷ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཚར་གསུམ་ལྔ་གང་ཤོང་གི་མཐར་སྤེལ་ཚིག་སྦྱར། གཉིས་པ་ལ་དབྱངས་གསལ་རྟེན་སྙིང་། །གསུམ་པར། ཨོཾ་སྭསྟི། བཀྲ་ཤིས་གང་ཞིག༴ ཕྱག་ན་རིན་ཆེན་རྒྱལ་མཚན་རབ་མཛེས་པ། །བསྣམས་ནས་རྒྱལ་བའི་སྐུ་ལ་མཆོད༔ །སྐུ་ལ་རྒྱལ་མཚན༴ །གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །ཕྱི་ནང་འགལ་རྐྱེན་བར་གཅོད་དང་། །འཇིགས་པ་བརྒྱད་དང་བཅུ་དྲུག་སོགས། །ཕས་རྒོལ་མི་མཐུན་ཕྱོགས་ཀུན་ལ། །རྣམ་པར་རྒྱལ་བའི་བཀྲ་ཤིས་ཤོག །ཨོཾ་སུ་པྲ་ཏིཥྛ བཞི་པར་རྡོ་ར། ལྔ་པར་འོད་ཕྲེང་ཕྱི་ནང་གི་གྲྭར་ནོར་བུའི་རྒྱལ་མཚན་ཡུ་བ་ནང་དུ་བསྟན་པ་རེ་རེ་བྲིའོ། ༈ །བརྒྱད་པ་ཆོས་དང་སྲིད་ཀྱི་འཁོར་ལོས་བསྒྱུར་བར་བྱེད་པ་བཀྲ་ཤིས་འཁོར་ལོའི་ཙཀྲ་ནི་བྲི་གཞི་སེར་པོ་རྩིབས་དང་མུ་ཁྱུད་འདྲ། དབུས་སུ་གསེར་གྱི་ཆོས་lའཁོར་རྩིབས་བརྒྱད་པའི་ལྟེ་བར། ཨོཾ་མདྨ་ལ་ཙཀྲ་ཨཱཿཧཱུྃ། རྩིབས་བརྒྱད་ལ་རྒྱབ་ནས་བརྩམས་ཏེ་གཡས་བསྐོར་དུ་རིམ་པར། བཀྲ་ཤིས་གཏེར་གྱི་༡༽ བུམ་པ་བཟང་པོ་༢༽ འདི་ཉིད་བཞུགས་པའི་


JKT021_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

༣༽ གནས་འདི་རྣམས་སུ་ང་༽ དམ་པའི་ཆོས་དང་། ༥༽ སྲིད་ཀྱི་མངའ་ཐང་༦༽ ཕུན་སུམ་ཚོགས་པ་ཐམས་ཅད ༧༽ པུཎྚི་ཀུ་རུ་ཨོཾ། ༨༽ རྩིབས་བཞིར། ཧྲཱིཿཡིག་རེ་རེའི་མཐར་གོང་གི་སྔགས་སྤེལ་ཚིག་བཅས། མུ་ཁྱུད་དང་པོར། ཨོཾ་པདྨ་ཙིཏྟ་མ་ཎི་ཛྭ་ལ་སརྦ་ལོ་ཀ་བི་སིདྡྷི་སིདྡྷི་ཀུ་རུ་ཨོཾ། ཞེས་ཚར་གསུམ་ལྔ་སོགས་གང་ཤོང་མཐར་སྤེལ་ཚིག་སྦྱར། གཉིས་པར་དབྱངས་གསལ་རྟེན་སྙིང་། གསུམ་པར། ཨོཾ་སྭསྟི། བཀྲ་ཤིས་གང་ཞིག །ཕྱག་ན་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པ། །བསྣམས་ནས་རྒྱལ་བའི་ཞབས་ལ༴ །ཞབས་ལ་འཁོར་ལོའི༴ །མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡི། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་བ་དག་གྱུར་ཅིག །འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཨོཾ་སུ་པྲ༔ བཞི་པར་རྡོ་ར། ལྔ་པར་འོད་ཕྲེང་། ཕྱི་ནང་གི་གྲྭར་གསེར་འཁོར་རྩིབས་བརྒྱད་པ་རེ་རེ་བྲིའོ། །ཐུན་མོང་དུ་སྣོད་བཅུད་ཀྱི་དཔལ་དང་ལེགས་ཚོགས་ཐམས་ཅད་སྐྱོད་པར་བྱེད་པའི་བརྟེན་འབྲེལ་འབྱུང་ལྔའི་ཙཀྲ་ནི། བྲི་གཞི་ལྗང་གུ་རྩིབས་བཞི་མུ་ཁྱུད་རིམ་པ་དགུའི་བསྐོར་བའི་ལྟེ་བར།


JKT021_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཨཾ་ཡིག་གི་མཐར། ཀླད་ཀོར་ནས་བརྩམས་གཡས་བསྐོར་དུ། མཱུ་ཨེ་མ་མ་སལ་སལ་ཁཾ་ཁཾ་ཡེ་སྭཱ་ཧཱ། གནས་འདིར་འབྱུང་བ་ནམ་མཁའི་གནོད་པ་ཐམས་ཅད་ཞི་བ་དང་བདེ་ལེགས་དང་བཀྲ་ཤིས་སུ་གྱུར་ཅིག །རྩིབས་བཞིར་མདུན་ནས་བརྩམས་ཏེ་གཡས་བསྐོར་གྱིས། ཤར་དུ། ལོ་ཡིག་གི་མཐར། ལོ་ལཾ་མ་མ་སུ་སུ་ཏང་ཏང་ཀུང་ཡེ་སྭཱ་ཧཱ། གནས་འདིར་འབྱུང་བ་སའི་གནོད་པ་ཐམས་ཅད་ཞི་བ་དང་བདེ་ལེགས་དང་བཀྲ་ཤིས་སུ་གྱུར་ཅིག །ལྷོར། ཚྭ་ཡིག་གི་མཐར། མཱི་པཾ་མ་མ་སོ་སོ་ཏ་ཏ་ཀ་ཡེ་བ་ར་ཡེ་སྭཱ་ཧཱ། གནས་འདིར་འབྱུང་བ་ཆུའི་སོགས་གོང་ལྟར། ནུབ་ཏུ་ཏཱཾ་ཡིག་གི་མཐར། པཱ་རཾ་མ་མ་ཛ་ཛཱ་རཾ་རཾ་ཡེ་སྭཱ་ཧཱ། གནས་འདིར་འབྱུང་བ་མེའི་སོགས། བྱང་དུ། ཏཱཾ་ཡིག་གི་མཐར། ཏཱཾ་ཡཾ་མ་མ་ཀང་ཀང་ཕེཊ་ཡེ་སྭཱ་ཧཱ། གནས་འདིར་འབྱུང་བ་རླུང་གི་སོགས་མུ་ཁྱུད་དང་པོ་ལ། ༢ཨཤསམཧམ་མ་ཀོ་ལིང་ས་མནྟ་ཨ། ཏདྱ་ཐཱ། ཨོཾ་ཙི་རི་ཙི་རི། ཙུ་རུ་ཙུ་རུ། ཀུ་རུ་ཀུ་རུ། དོ་ཙུ་དོ་ཅུ། བ་ཧ་བ་ཧ་སྭཱ་ཧཱ། ཨོཾ་སརྦ་ནཱ་ག་རུ་ཛ་ཕུཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨག་ཡེ་དེ་བ་རཱ་ཛ་ས་མ་ཡ་ཧཱུྃ་སྭཱ་ཧཱ། ༀ་བཱ་ཡུ་རཱཛ་ཀློ་དྷ་ཀློ་དྷ་ས་ཙ་ན་ཏ་ཡ་སྭཱ་ཧཱ། གཏེར་ཆེན་པོའི་བུམ་པ་བཟང་པོ་འདི་ཉིད་བཞུགས་པའི་གཙུག་ལག་ཁང་དང་ཡུལ་ཕྱོགས་འདི་ཐམས་ཅད་དུ་འབྱུང་བ་བཞིའི་གནོད་


JKT021_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཐམས་ཅད་ཤཱནྟཾ་ཀུ་རུ་སྭཱ་ཧཱ། འབྱུང་བ་བཞིའི་ཕུན་སུམ་ཚོགས་པ་ཐམས་ཅད་པུཏྟིཾ་ཀུ་རུ་ཨོཾ། འབྱུང་བ་བཞིའི་དྭང་མ་ཐམས་ཅད་པ་ཤཾ་ཀུ་རུ་ཧོ༔ འབྱུང་བཞི་འཁྲུགས་པའི་ནད་གདོན་བགེགས་རིགས་ཐམས་ཅད་མཱ་ར་ཡ་ཕཊ། ཅེས་བྲི། གཉིས་པ་ལ། ༀ་མངྒ་ལཙྪ་ཀྲྀ་ག་ཨཱཿཧཱུཾ། ཨོཾ་མངྒ་ལ་ཉ་ཚ་ཨཱཿཧཱུཾ། ཨོཾ་མངྒ་ལ་ཀ་ལ་ཤ་ཨཱཿཧཱུཾ། ཨོཾ་མངྒ་ལ་པདྨ་ཨཱཿཧཱུཾ། ཨོཾ་མངྒ་ལ་ཤཾ་ཁ་ཨཱཿཧཱུཾ། ཨོཾ་མངྒ་ལ་ཤཱི་ཛདྨ་ཛ་ཨཱཿཧཱུཾ། ཨོཾ་མངྒ་ལ་དྷ་ཛ་ཨཱཿཧཱུཾ། ཨོཾ་མངྒ་ལ་ཙཀྲ་ཨཱཿཧཱུཾ། ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་ཞེས་སོགས་གློ་ཀ་བཞིའི་མཐར། གནས་འདིར་ཉིན་མོ་བདེ་ལེགས་སོགས་བྲི། གསུམ་པ་ལ། ཨོཾ་ཨཱ་ཨཱ་སོགས་དབྱངས་དང་། ཀ་ཁ་ག་གྷ་ང་སོགས་ནས། ཧཀྵ་སྭཱ་ཧཱའི་བར་གསལ་བྱེད་བཅས་ཚར་རེ་དང་། ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མསྶཾ་གྷཱ་ཡ། ན་མོ་གུ་རུ་བྷྱ༔ ན་མོ་དེ་བཱ་ཡ། ན་མོ་དྷ་ཀི་ནཱི་ཡེ། ཏདྱ་ཐཱ། ན་མོ་མཉྫུ་ཤྲཱི་ཀུ་མཱ་ར་བྷུ་ཏཱ་ཡ། ཨོཾ་ཝཱ་གི་ཤྭ་རཱི་ཧྲཱིཿནཱཾ་སྭཱ་ཧཱ། ཨོཾ་པདྨ་ཙིཏྟ་མ་ཎི་ཛཱ་ལ་ཧཱུྃ་ཕཊ། ཨོཾ་བཛྲ་ཙཎྜ་སརྦ་དུཥཱན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། སརྦ་གྲོ་ཧ་ན་ཀྵ་ཏྲ་མ་ཧཱ་བྷ་ཏ་ཨ་པ་ཀ་ར་ཤ་མ་ཤ་མ་པྲ་མ་ཤ་མནྟ་སྭཱ་ཧཱ། ཨོཾ་ཨ་མ་ལེ་བི་མ་ལེ་ནིརྨ་ལེ་སྭཱ་ཧཱ། ཏདྱ་ཐཱ། ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མཎྜལ་མ་ཡེ་སྭཱ་ཧཱ། ཞེས་ཚར་གཉིས་གསུམ་གང་ཤོང་། ཨོཾ་ཡེ་དྷརྨཱ་ནས། ཤ་


JKT021_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཎ་སྭཱ་ཧཱ། དང་སུ་པྲ་ཏིཥྛ་སོགས་བྲིའོ། །བཞི་པར་རྡོ་ར། ལྔ་པར་འོད་ཕྲེང་། དྲུག་པར་ས་དཀྱིལ་སེར། བདུན་པར་ཆུ་དཀར། བརྒྱད་པར་མེ་དམར། དགུ་པར་རླུང་ལྗང་། འདི་རྣམས་ཁ་དོག་སོ་སོའི་གཞི་ལ་སོ་སོའི་རི་མོ་མཚོན་པ་དང་བཅས་འབྲི་བར་བྱའོ། །མངྒ་ལཾ་བྷ་བ་ཏུ། ༈ །སྭ་སྟི། གཏེར་གསར་རྣམ་སྲས་སེར་ཆེན་སྲོག་འཁོར་ལ། བྲི་གཞི་སེར་པོ་ལ་འཁོར་ལོ་མུ་ཁྱུད་གསུམ་ལྡན། ལྟེ་བ་ལ། བེ་མུ་ཁྱུད་དང་པོ་ལ། བེའི་ཡིག་མགོ་ནས་བརྩམས་ཏེ། ཨོཾ་བེ་ཤྲ་བ་ཎཱ་ཡ་སྭཱ་ཧཱ། ༀ་ཤྲཱི་དེ་ཝཱི་སྭཱ་ཧཱ། མུ་ཁྱུད་གཉིས་པ་ལ། པདྨ་འདབ་བཞིའི་ཤར་གྱི་འདབ་མར་ནང་དུ་འཁོར་ལོ། ཕྱི་རོལ་དུ་ལྕགས་ཀྱུ། དེ་བཞིན་དུ། ལྷོའི་ནང་དང་ཕྱི་རོལ་ལ་དུང་དང་། ཞགས་པ། ནུབ་ཀྱི་ནང་དང་ཕྱི་ལ་ལྕགས་ཀྱུ་དང་། ལྕགས་སྒྲོག །བྱང་གི་ནང་དང་ཕྱི་ལ་ཟས་གཞོང་དང་། དྲིལ་བུ། ཡང་ན། ས་བོན་བྲི་ཚེ་ཕྱོགས་བཞིའི་ནང་དུ། བོ་ཨི་ཛཾ་གཾ །ཕྱི་རོལ་དུ་ཛཿཧཱུྃ་བཾ་ཧོ༔ མུ་ཁྱུད་གསུམ་པ་ལ། ཨ་ཨཱ། ནས་ཨཾ་ཨ༔ ཀ་ཁ་ག་གྷ་ང་། ནས་ཧཀྵ ཡེ་དྷརྨཱ་ནས་ཤ་རྒྱུ་མཎཿ ཨོྃ༔ རྒྱལ་ཆེན་འཁོར་དང་བཅས་པ་རྣམསཿ སྔོན་གྱི་ཁས་བླངས་དམ་ཚིག་བཞིན རྟེན་འདིར་བརྟན་པར་བཞུགས་ནས་སུ༔ དགྲ་བགེགས་བར་ཆད་གཞོམ་པ་དང་༔ མངའ་རིས་འབྱོར་པ་


JKT021_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

སྤེལ་དུ་གསོལ༔ ཤོང་ན་འབད་དང་རྩོལ་བས་མ་གོས་པ༔ ཡིད་བཞིན་ནོར་བུ་དཔག་བསམ་བཞིན༔ སེམས་ཅན་རེ་བ་སྐོང་མཛད་པ༔ བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་བྲི། མ་ཤོང་ན་སརྦ་དཱ་མངྒ་ལཾ་བྷ་བ་ཏུ། གང་ལྟར་ཡང་། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་བྲི། དེ་རྒྱབ་རྡོ་ར་དང་། ནོར་འཛིན་པ་ཏྲའོ། ༈ །མདུང་དམར་ཅན་ལ། འཁོར་ལོ་མུ་ཁྱུད་གསུམ་པ། ལྟེ་བར་བེ་དམར་པོ། མུ་ཁྱུད་དང་པོ་ལ། ༀ་མ་ཧཱ་རཱ་ཛ་ཡཀྵ་ས་མ་ཡ་བེ་ཤྲ་བ་ཎ་ཙིཏྟ་ཧཱུྃ་ཧཱུྃ་ཛ་ཛཿ གཉིས་པ་ལ། པད་འདབ་བརྒྱད་ཀྱི་ཤར་གྱི་ནང་དུ་མདའ་གཞུ། ཕྱིར་ལྕགས་ཀྱུ། དེ་བཞིན་དུ། ལྷོའི་ནང་དང་ཕྱིར་གྲི་ཐོད་དང་ཞགས་པ། ནུབ་ཀྱི་ནང་དང་ཕྱིར་ཟངས་གྲི་དང་ལྕགས་སྒྲོག །བྱང་གི་ནང་དང་ཕྱིར་རལ་གྲི་དང་དྲིལ་བུ། ཤར་ལྷོར་རལ་གྲི། ལྷོ་ནུབ་ཏུ་བེ་ཅོན། ནུབ་བྱང་ཟངས་གྲི། བྱང་ཚེ ཤར་ནོར་བུ། མུ་ཁྱུད་གསུམ་པ་གོང་དང་འདྲ། དེ་རྒྱབ་རྡོ་རྭ་དང་། ཞི་མེའོ། ༈ །རྟ་སྔོན་ཅན་ལ་ལྟེ་བར། བེ་མཐིང་ག་མུ་ཁྱུད་དང་པོ་ལ། ཨོཾ་བེ་ཏྲཀ་རཀྵ་ཧཱུཾ་ཧཱུཾ་ཕཊ༔ གཉིས་པར་འདབ་མ་བརྒྱད་ལ་ཤར་དུ་གྲི་ཐོད། ལྷོར་རལ་གྲི་དང་ཞགས་པ། ནུབ་ཏུ་ལྕགས་ཀྱུ་དང་སྙིང་། བྱང་དུ་སྤུ་གྲི་དང་སྙིང་། ཤར་ལྷོར་པི་ཝང་། ལྷོ་ནུབ་ཏུ་རལ་གྲི། ནུབ་བྱང་དུ་སྦྲུལ་ཞགས། བྱང་ཤར་དུ་བེ་


JKT021_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

ཅོན། མུ་ཁྱུད་གསུམ་པར་གོང་དང་འདྲ། དེ་རྒྱབ་རྡོ་ར། དྲག་མེའོ། ༈ །དཔའ་བོ་གཅིག་གྲུབ་ནས་གསུངས་པའི་ཀུ་རུ་ཀུལླེའི་འཁོར་ལོ་ལ། མུ་ཁྱུད་བཞི་པའི་ལྟེ་བར། དྭི དེའི་མདུན་ནས་བརྩམས་ཏེ། ཨོཾ་ཀུ་རུ་ཀུལླེདྷརཀེཎསརྦཤཱནྟ9བྷབལཀྵིཝཤཾཀུརུསྭཱཧཱ། མུ་ཁྱུད་དང་པོ་ལ་པད་འདབ་བཅུ་དྲུག །པད་འདབ་རེ་རེའི་ཕྱོགས་བཞིར་ཀུ་རུ་ཀུལླེ། འབྲུ་རེ། དབུས་སུ། སརྦ་ཤཱན་ཉྩབྷཝལཀྵི། དེའི་ཕྱི་རིམ་གྱི་མུ་ཁྱུད་གསུམ་ག་ལ། ཨོཾ་མགོ་བོ་ཕྱིར་བསྟན་པ་ཁོ་ན་བྲི། དེ་རྒྱབ་རྡོ་ར་མེ་རི་མཛེས་མཚོན་ཙམ་བྲི། ༈ །གུ་རུ་རྒྱལ་བའི་གདུང་འཛིན་གྱི་ཐོད་སྒྲུབ་འཁོར་ལོ་ལ། བྲི་གཞི་དམར་པོ། འཁོར་ལོ་རྩིབས་བཞི་མུ་ཁྱུད་དང་བཅས་པ། ལྟེ་བར་ཧྲཱིཿའི་གི་གུ་ནས་བརྩམས་ཏེ། ཨོཾ་ཨཱཿཧཱུྃ་བཛྲ་གུརུཔདྨརཱཛཨནཾཏྲིཛཛསརྦསིདྡྷིཕལཧཱུྃ༔ རཏྣཀཔཱལསརྦསིདྡྷི་ཧཱུྃ༔ རྩིབས་བཞི་ལ་ཤར་དུ། ཧཱབཛ྄དྷཱཀིནཱིསརྦདེཝཔཱཧཱུྃཀུརུཔཿ རནྟཀཔཱ་སོགས། ལྷོར་རི་རཏྟཱདྷཱཀིནཱིསརྦབཱསུཔཱཧཱུྃཀུརུཧཱུྃ༔ རཏྣ་ཀཔཱལ་སོགས། ནུབ་ཏུ་ནཱིཔདྨདྷཱཀིནཱིསརྦནཱགཔཱཤཾཀུརུཔཾ༔ རཏྣཀཔཱལསརྦ་སོགས།བྱང་དུ། སཀརྨདྷཱཀིནཱིསརྦཛྲཔཱཧཱུྃཀུརུཧོ༔ རཏྟཀཔཱལ་སོགས། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ། ཨོཾ་དྷིཥྛ་རཏྟཡསྭཱཧཱ། ༀབརུཏྟཀཱཡསྭཱཧཱ། ཨོབིརཱུཔཀྵཡསྭཱཧཱ༔ ཨོབེཤམཎཡསཱཧཱ༔ རཏྟཀཔཱལ་སོགས། །


JKT021_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་དབང་གི་ནོར་བུ་ནི༔ རིན་ཆེན་བྷནྡའི་གཞལ་ཡས་སུ༔ དཀྱིལ་འཁོར་ལྷ་ཚོགས་རྟག་བཞུགས་ནས༔ འདོད་དགུ་དབང་སྡུད་དངོས་གྲུབ་སྩོལ༔ ཤོང་ན་འབད་དང་རྩོལ་བས་མ་གོས་ཤིང་། །སོགས། གང་ལྟར་ཡང་། སརྦ་དཱ་མངྒ་ལཾ་བྷ་བ་ཏུ། ཨོཾ་སུ་པྲ་ཏིཥྛ་སོགས། དེ་རྒྱབ་ནོར་ཕྲེང་དང་། ནོར་འཛིན་པ་ཏྲ་མཛེས་ཚོན་ཙམ་བྲི། ༈ །ཚེ་བུམ་གཟུངས་གཞུག་ལ། རྒྱ་ཤོག་དམར་པོར་གསེར་གྱིས། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཨོཾ་གུ་རུ་ཨཱ་ཡུ༔སིདྡྷི་ཧཱུྃ་ཧྲཱིཿཨ་མཱ་ར་ཎི་ཛཱི་བ་ནྟི་ཡེ་སྭཱ་ཧཱ། ཚེ་བྷྱོཿ གཡུ་བྷྱོཿ གཡུ་ཚེ་བྷྱོཿ ཨཱ་ཡུཛྙཱ་ན་གཡུ་ཚེ་ཧཱུཾ། ཨོཾ་ཨཱཿཧཱུྃ་ཧཱུྃ༔བཛྲ་གུ་རུ་པདྨ་སིདྡྷི་པུཎེཛྷཱན་ཨཱཡུར་སིདྡྷིཧཱུྃ་ཛཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱཡུཏྟེཧཱུྃནཱི ཨོཾ་ཨ་མཱརཎིཛིབནྟིགུརུཔདྨཀོདྷཔུཎེཛཱནཨཱཡུརཾསིདྡྷི་ཧྲཱིཿཧྲཱིཿཙིཧྲཱིཿ ཨོཾ་བུདྡྷ་ཨཱཡུནྣཱནཚབྷཱཨོཾ༔ ཨོཾ་པིདྨ་ཨཱ་ཡུཛྙཱན་ཚེ་ཧཱུཾ་ཧྲཱིཿ ཨོཾ་བཛྲ་ཨཱ་ཡུཛྙཱ་ན་ཚེ་བྷཾ་ཧཱུྃ༔ ཨོཾ་རཏྣ་ཏྭཾ༔ ཨོཀརྨ་ཨཱ༔ ཡེདྷམ་ནས་ཨོཾ་སུ་པྲ་ཏི་ཥྛ་བཛྲཡ་སྭཱཧཱ། སརྦ་དཱ་མངྒ་ལཾ་བྷ་བ་ཏུ། དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོགས། །སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །ཇ་བཟང་བཞེས་སྤོ་རྒྱུན་མི་འཆད། །སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག ༈ །མཁའ་འགྲོ་སྤྱིའི་སྲོག་འཁོར་གྱི་བྲི་ཡིག་བཞུགས་སོ། །སྭ་སྟི། མཁའ་འགྲོ་སྤྱིའི་སྲོག་འཁོར་དབུས་སུ། ཨ་དེའི་དབུ་ནས་བརྩམས་ཏེ་


JKT021_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་བསྐོར་གྱིས། ཨོཾ་བཛྲ་བྷ་ར་ཧི་ཀྲོ་དྷི་ཀཱ་ལི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བྲི། དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཞི་ལ། ཤར་དུ་ཧ་ཡིག་གི་མགོ་ཕྱིར་བསྟན། དེའི་དབུ་ནས་བརྩམས་ཏེ་གཡས་བསྐོར་དུ། ཨོཾ་ཧ་བཛྲ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྃ༔ དེས་མཚོན་ཏེ། ལྷོར། རིའི་མཐར། ཨོཾ་རི་རཏྣ་ཊཱ་ཀི་ནཱི་སོགས། ནུབ་ཏུ། ནིའི་མཐར། ཨོཾ་ནི་པདྨ་སོགས། བྱང་དུ། སའི་མཐར། ཨོཾ་ས་ཀརྨ་སོགས། མཚམས་བཞིར་ཕྲེང་བྲིས་ཀྱིས། ཤར་ལྷོར། ཨོཾ་ས་མ་ཡ་ཌཱ་ཀི་ནཱི་སོགས། ལྷོ་ནུབ་ཏུ། ཨོཾ་བི་ཤྭ་སོགས། ནུབ་བྱང་དུ། ཨོཾ་སརྦ་སོགས། བྱང་ཤར་དུ། ཨོཾ་ལོ་ཀ་སོགས་བྲི་སྟེ་དེ་ནི་ཕག་མོ་ཁྲོས་མ་རྩ་བའི་འཁོར་ལོའོ། །སྤྲོ་ན། དེའི་ཕྱིར་མུ་ཁྱུད་ལ་མགྲོན་ཐབས་ཀྱི་ཚུལ་དུ་མཁའ་འགྲོ་འདུས་པའི་སྔགས་བྱང་བྲི་བ་ནི། སྒྲོལ་མ། ཨོཾ་ཏཱ་རེ་ཏཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཉང་གཏེར་ཕག་མོ་ཞལ་གཉིས་མ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཝརྞ་ནཱིཡེ་ཧཱུྃ་ཕཊ་སྭཱཧཱ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། དོན་གྲུབ་མ། ཨོཾ་བཛྲ་ཝ་ར་ཧི་ཨཱ་བེ་ཤ་ཡ་སརྦ་དུཥཱན་ཧཱུྃསྭཱ་ཧཱ། དབུ་བཅད་མ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཕཊ། ཨོཾ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཕཊ། ༀ་བཛྲ་བེ་རོ་ཙ་ནཱི་ཡེ་ཧཱུཾ་ཕཊ། གསང་ཡེ། ཨོཾ་དྷ་མ་གྷ་ཡེ་ན་མ་སྭཱ་ཧཱ། སེང་གདོང་།


JKT021_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཨཀཿསཿམཿརཿཙཤདརཿསཿམཿརཿཡཿཕཊ མནྡཱ་ར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་མནྡྷ་ར་སརྦ་སིདྡྷི་ཧཱུྃ༔ མཚོ་རྒྱལ་རྩ་སྔགས། ཨོཾ་ཛྙཱ་ན་བུདྡྷ་ཌཱ་ཀྐི་ནཱི་སརྦ་སིདྡྷི་ཧཱུྃ། མཚོ་རྒྱལ་མཚན་སྔགས། ཨོཾ་ཨཱཌཱ་ཀི་ནཱི་ཛྙཱ་ན་སཱ་ག་ར་ཛི་ཏཱ་སརྦ་སིདྡྷི་ཧཱུཾ། འདོད་གསོལ། སརྦ་ཏྲི་བི་ཥ་ཡཱ་ཏཱཾ་ཌཱ་ཀི་ནཱི་སཱ་ག་ར་ས་པ་རི་ཝཱ་རཱ་ཎི་ཤ་ཡ་ཏྲེ་དཾ་སྦི་རཾ་ཏིཥྛན་ཨ་ཧཉྩ་སརྦ་ཏེ་ཥ་བ་རཉྩ་སྭཱ་མཱནྟཱནཾ་སརྦ་སིདྡྷི་པྲ་ཡཙྪནྟུ། ཞེས་བྲི། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ། དབྱངས། གསལ་བྱེད། རྟེན་འབྲེལ་སྙིང་པོ་རྣམས་ཀྱི་མཐར། གོང་གི་སརྦ་ཏྲི་བི་ཥ་ཡཱ་ཎཱ་སོགས་ནས། པྲ་ཡཙྪནྟུ། ཞེས་པའི་བར་གོང་ལྟར་དང་། ༀ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། གང་ཤོང་། དེ་རྒྱབ་མུ་ཁྱུད་ལ་རྡོ་ར་དང་། འོད་ཟེར་པ་ཏྲ་སྤྱི་ལྟར་བྲི། གནས་ཆེན་ནས་བྱུང་བའི་སིནྡྷུ་ར། ག་བུར། བྱང་སེམས་དཀར་དམར་དངོས་སམ། སེལ་མེད་ཀྱི་བདུད་རྩི་ཆོས་སྨན་བྱུགས། གནས་གསུམ་མཁའ་འགྲོ་རྒྱ་མཚོ་བསྐྱེད་ཅིང་བསྟིམ་ལ་ཡེ་ཤེས་མཚོ་རྒྱལ་སོགས་ཀྱི་དབུ་སྐྲ་གཏེར་བྱོན་ལྟ་བུ་རྙེད་ན་དང་། མ་རྙེད་ན་མཁའ་འགྲོའི་རིགས་ངེས་པ་ཅན་གྱི་སྐུ་དང་། མགྲོན་བུ་ལ། བོ་བྲིས་པ་བཅས་ལྷན་ཅིག་ཏུ་དྲིལ་ནས་ལུས་ལ་འཆང་བའམ། གཏོར་མ་སོགས་ཀྱི་ནང་དུ་གཞུག་པས་ཡེ་ཤེས་དང་ལས་ལས་གྲུབ་པའི་ཌཱ་ཀིའི་ཚོགས་སྤྲིན་བཞིན་དུ་འདུ་བར་འགྱུར་རོ། །མངྒ་ལཾ། ༈ །ཆོས་


JKT021_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་སྤྱིའི་སྲོག་འཁོར་བྲི་ཡིག་བཞུགས་སོ། །ཨོཾ་སྭསྟི། ཆོས་སྲུང་སྤྱིའི་སྲོག་འཁོར་ལ། ཐོག་མར་མགོན་པོ་ཕོ་རྒྱུད་ཀྱི་སྲོག་འཁོར། དབུས་སུ། ཧཱུྃ་གི་ནཱ་ད་ནས་བརྩམས་ཏེ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷཱི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལཱ་ཡ་མ་ཧཱ་ཡཀཱ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ལེགས་ལྡན། ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྛ་ཀྲོ་དྷ་ཧཱུྃ་ཕཊ། དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བརྒྱད་ལ། ཤར་ལྷོ་ནུབ་གསུམ་དུ་ཧཱུྃ་མགོ་ཕྱིར་བསྟན་པའི་དབུ་ནས་བརྩམས་ཏེ། ཤར་དུ། ཕྱག་བཞི ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་གུ་ཎ་ཧྲཱིཿ་ད་ཧཱུྃ་ཕཊ། ལྷོར། མ་ནིང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ། ནུབ་ཏུ། སྟག་ཞོན། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛ་ཛདགྲ་བོ་མཱ་ར་ཡ་ཧཱུྃ་ཕཊ། བྱང་དུ། བེང་། ཀ་ཡིག་གི་མཐར། ཨོཾ་མ་ཧཱ་ཀཱ་ལ་རཀ་དུ་བེང་ཎི་ཛཿ ཤར་ལྷོར་ཧཱུཾ་མཐར། ཞལ་བཞི། ཨོཾ་མ་ཧཱ་ཀཱ་ལ་བི་ཀཱ་ལ་ཏྲི་ཡཾ་ཛཿ ལྷོ་ནུབ་ཏུ་ཨོཾ་གི་མཐར། ལྷ་ཆེན་ཨོཾ་མ་ཧཱ་དེ་ཝ་ཛ་ཨུ་མ་དེ་ཝཱི་ཧཱུཾ་ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོ༔ ནུབ་བྱང་དུ། རཱ་ཡིག་གི་མཐར། གཟའ། ཧྲཱིཿ་ཤག་རུ་རཀ་རཾ་ནཱ་ག་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧ་ག་ཤ་ལ་ཛ་ཛཿ བྱང་ཤར་དུ། བེ་ཡིག་གི་མཐར། རྣམ་སྲས་ཨོཾ་མ་ཧཱ་རཱ་ཛ་ས་མ་ཡ་བེ་ཤྲ་མ་ཎ་ཡེ་སརྦ་ཙིཏྟ་རཏྟ་ཧཱུྃ་ཛཿ ཅེས་བྲི། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ། ཨོཾ་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎི།


JKT021_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ཨི་ཥ་ཨ་པརྩི་མ་ཀ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ་ཨ་པ་ཀཱ་རི་ཎ་ཡ་དི་པྲ་ཏཱི་ཛཱ་སྨ་ར་སི་ཏ་དཱ་ཨི་དཾ་དུཥྛན་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲཧྨ་སཾཧཱ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ་དི་ན་མེ་ཀེ་ན་ཧཱུྃ་ཕཊ་ཧཱུྃ། ཞེས་དམ་ཅན་སྤྱིའི་སྔགས་དང་། མགྲོན་ཐབས་ཀྱི་ཚུལ་དུ་སྤྲོ་ན། ཕྱག་དྲུག ༀ་བཛྲ་མ་ཧཱ་ཀཱ་ལ་ཀྵི་ཀྵ་ཏྲ་བིབྷཱན་བི་ན་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཏྲཀྐད། ཨོཾ་མ་ཧཱ་ཀཱ་ལ་ཏྲཀྐད་མ་ཧཱ་ཀཱ་ལ་སིདྡྷི་ཏྲི་ཡཾ་དུ་ཛ་ཛཿ ཞང་བློན། ཨོཾ་བཛྲ་རཏྣ་ཙིཏྟ་རཱ་ག་ར་གི་ཧཱུྃ་ཕཊ། ཛ་དམར། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་དྷ་ན་མེ་དྷི་ཧཱུཾ་སྭཱ་ཧཱ། ལས་གཤིན་ཨོཾ་ཡ་མ་རཱ་ཛ་ས་མ་ཡ་ཧཱུྃ་ཕཊ༔ ཤན་དམར། ཨེ་ཧེ་མ་རུ་ཙེ་གུ་ཎ་ཧྲཱིཿ་ཧྲཱིཿ་གྷཾ་བྷྱོ་ཤ་རཾབྷྱོ་པུ་རུ་ཛ་བྷཾ་ག་ཧ་ལ་གྲྭ་ནཏ་ཡ་ཛ་ཛཿ དམ་ཅན། ཨོཾ་བཛྲ་སཱ་དྷུ་ས་མ་ཡེ་བྷག་ཏྲ་ཤེ་ནི་ཀྲ་མ་ནི་ས་མ་ཡ་སཱ་དྷུ་ཏྲི་ཛཿཛཿཧཱུྃ་བཾ་ཧོ༔ ཞིང་སྐྱོང་། ༀ་མ་ཧཱ་ཀཱ་ལ་སིདྡྷི་མུ་ཁ་ཧཱུྃ་ཕཊ་ཏྲི་ཧཱུྃ་ཛཿསིདྷ་ནར་མ་ཧཱུཾ་ཕཊ་ཏྲི་ཧཱུྃ་ཛ་ཡ་མ་རཱ་ཛ་དུ་ཏྲི་ཕུ་ཏྲི་ཧཱུྃ་ཕཊ། སྐུ་ལྔ། ཨོཾ་རཱ་ཛ་ཨ་ཧོ་ཧཱུཾ་རྦདཾ་ཙིཏྟ་ཐིབས་ཐིབས་ཛཿ ཤ་མ་རུ་ཏྲི་མ་ཧོ་ཛཿ སརྦ་རཱ་ཛ་ས་མ་ཡ་ཐིབས་ཐིབས་ཛཿ ཀླུ་བཙན། ཨོཾ་ནཱ་ག་ཙནི་ཙ་ར་ར་ཏྲི་ཀིངྐ་ར་ཡཀཱ་ཡཀྵ་ས་མ་ཡ་ཙིཏྟ་ཧཱུྃ་ཧཱུྃ་ཛ་ཛཿ ཞེས་པ་རྣམས་ཀྱི་མཐར། སརྦ་བཛྲ་སྱ་དྷརྨ་པཱ་ལ་སྱ་རཀྵི་ཏ་སཱ་ག་ར་ས་པ་རི་ཝཱ་རཱ་ཎི་ཤ་ཡ་ཏྲེ་དཾ་ཤྲཱི་རཾ་ཏིཥྛནྟ། ཨ་ཧཉྩ་སརྦ་ས་ཏྲེ་ཥཱ་ཙ་ཏུརྱ་ཀརྨ་ཎཾ་སརྦ་སིདྡྷི་


JKT021_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་ཡཙྪནྟུ། ཞེས་བྲི་དེའི་ཕྱི་རོལ་གྱི་མུ་ཁྱུད་ལ། དབྱངས་གསལ། རྟེན་སྙིང་རྣམས་ཀྱི་མཐར། སརྦ་བཛྲ་སྱ་སོགས་འདོད་གསོལ་གོང་ལྟར། པྲ་ཡཙྪནྟུའི་བར་དང་། ཨོཾ་སུ་པྲ་ཏིཥྛ་བཛཱ་ཡ་སྭཱ་ཧཱ། གང་ཤོང་། དེ་རྒྱབ་རྡོ་ར་མེ་རི་སོགས་སྤྱི་ལྟར་བྲི། ཆོས་སྲུང་ཆགས་ངེས་པའི་རྟེན་གཏོར་དང་། མེ་ཏོག་གི་ཕྱེ་མ། བདུད་རྩི་ཆོས་སྨན། གྲི་ཤ་སོགས་ཤ་སྣ་ཁྲག་སྣ། གུ་གུལ། ཡུངས་ཀར། ས་སྣ་ཆུ་སྣ། དྲི་བཟང་། རིན་ཆེན་འབྲུ་སྨན་སོགས་ཀྱིས་བྱུགས། དམ་ཅན་རྒྱ་མཚོར་བསྐྱེད་བསྟིམ་བརྟན་བཞུགས་བྱ། སྐུ་དང་གཏོར་མའི་ནང་གཞུག་དང་། ལུས་ལ་འཆང་བས་ཀྱང་རུང་སྟེ་བསྟན་སྲུང་དབང་པོ་རྣམས་འབྲལ་མེད་དུ་འགྲོགས་ནས་ཕྲིན་ལས་རྣམ་བཞི་ཡིད་བཞིན་ཏུ་བསྒྲུབ་པར་འགྱུར་རོ། ༈ །ལྷ་མོ་མོ་རྒྱུད་གྱི་སྲོག་འཁོར་ལ། དབུས་སུ། ཏྲཀྲ་ཡིག་གི་དབུ་ནས་བརྩམས་ཏེ། ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་གུཧྱ་ཛྙཱ་ན་ཀྲོ་དྷི་ཤྭ་རི་ཧཱུཾ། མ་མ་ཡོ་གི་ནཱི་རུ་ལུ་རུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཞེས་པའི་མཐར། སྔགས་སྲུང་མ་ༀ་རོ་རུ་ཨེ་ཀ་ཛ་ཊི་སྙིང་ཁར་ཀློ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛ་ཛཿ ཞེས་བྲི། དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཞི་པའི་ཤར་དུ། མ་ཡིག་གི་དབུ་ནས་བརྩམས་ཏེ་གཡས་བསྐོར་དུ། རེ་མ་ཏི། ཨོཾ་ཏྲཀ་རཀཱ་མ་ཧི་དུན་བློ་མ་ཧཱ་ཡཀྵ་ཏིཀཱ་ཀཱ་ལི་དུན་བྷྱོ༔ ལྷོར། ཀཾ་ཡིག་གི་མཐར།


JKT021_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

གཤོག་རྒོད་མ། ཏདྱ་ཐཱ་རུ་རུ་བིདྷི་ཟླ་བད་དྷོ་མ་མོ་རཀྵེ་ཙིཏྟ་ཁ་རཀྵ་བྷྱོ་བྷྱོ་སྭཱ་ཧཱ། ནུབ་ཏུ། བྷྱོཿའི་མཐར། སྲོག་སྒྲུབ་མ། ཨོཾ་ཁྱི་ཁ་ལེ་ནག་མོ་ཧཱུྃ་ཕཊ། བྱང་དུ། བྷྱོཿའི་མཐར། དུར་ཁྲོད་མ་མོ། ཨོཾ་མ་མ་ར་ལི་བྲ་མ་ཡ་ཀཱ་ལི་ཡེ་ཛཛ༤རྩིབས་མཚན་རྣམས་ལ། བྷུདྡྷོ༔བྷྱོ༔ དེའི་ཕྱི་རོལ་གྱི་མུ་ཁྱུད་ལ། ཚེ་རིང་མཆེད་ལྔ་ཨོཾ་བཛྲ་དྷཱ་ཀི་ནཱི་ཨཱ་ཡུ་ཥེ་ཤྭ་རཱི་ས་མ་ཡ་ཛཿ ཨཱ་ཡུར་པུཎེ་པུཏྟིཾ་ཀུ་རུ་སྭཱ་ཧཱ༔ ཨོཾ་ཛྙཱ་ན་དྷཱ་ཀི་ནཱི་མཾ་ལཾ་ཨོཾ་ཏཾ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ གཡུ་སྒྲོན་མ་ཨོཾ་བཛྲ་པྲ་མོ་ཧ་ཧཱུྃ་ཧཱུྃ་སྭཱ་ཧཱ། བརྟན་མ་བཛྲ་ཨཱ་རལླི་ཛཿ བཛྲ་ཨཱ་རལླི་ཧཱུྃ། བཛྲ་ཏི་ཏི་དྷེ། བཛྲ་བྷ་ར་དྷ། བཛྲ་ས་བྱཱ་ཧཱུཾ། བཛྲ་ཏི། ཏི་ཧཱུྃ། བཛྲ་མ་ཏི་ཧཱུྃ། བཛྲ་ཏིད་ས་ཧཱུཾ། བཛྲ་ཁ་ར་ལི་ཧཱུྃ། བཛྲ་སིང་སོ་ཧཱུྃ། བཛྲ་ཡཀྵ་ཕྱིར། བཛྲ་དུ་ཕྱིར་སར་ན་ཕཊ། མ་དུང་བྷྱོ་མ་དུང་ཧཱུཾ། ཧཱུཾ་ཧཱུཾ་ཛ་ཛཿ ཞེས་པའི་མཐར། ཤྲཱི་མནྡྷ་དྷི་པ་ཏཱི་ཨེ་ཀ་ཛ་རྩྭ་དི་བཛྲ་སྱ་དྷརྨ་པཱི་ལཱི་རཀཱི་ཏཱ་སཱ་ག་ར་ས་པ་རི་ཝཱ་ར་སོགས་གོང་ལྟར་པྲ་ཡཙྪནྟུ། བར་བྲི། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་དབྱངས་གསལ་རྟེན་སྙིང་རྣམས་ཀྱི་མཐར། ཤྲཱི་མན་སོགས་འདོད་གསོལ་དང་། སུ་པྲ་ཏིཥྛགང་ཤོང་བྲི། དེའི་ཕྱི་རོལ་དུ་རྡོ་ར་མེ་རི་སྤྱི་ལྟར། ཆོས་སྲུང་ཆགས་པའི་རྟེན་གཏོར་གྱི་ཕྱེ་མ་སོགས་རྫས་གོང་ལྟར་དང་། རཀྟ། གི་ཝཾ། གུར་གུམ་སོགས་བྱུགས་ནས་རབ་ཏུ་གནས། རྟེན་གཏོར་དང་སྐུ་


JKT021_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་ནང་དུ་གཞུག་པས་སྲིད་པ་མ་མོ་རབ་འབྱམས་དབང་དུ་འདུས་ཤིང་བཀའ་ཉན་པར་འགྱུར་རོ། ༈ །སྔགས་སྲུང་མའི་སྲོག་འཁོར་བྲི་ཡིག་བཞུགས་སོ། །ཨོཾ་སྭསྟི། རིག་འཛིན་གཏེར་བདག་གླིང་པའི་གཏེར་བྱོན་ཨ་ཏི་ཟབ་དོན་སྙིང་པོའི་བཀའ་སྲུང་ཨེ་ཀ་ཛ་ཊིའི་སྲོག་འཁོར་བྲི་ཐབས་ནི། དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས། དཔྱིད་ར་བའི་ཚེས་བཞིའི་ཉིན་གུང་ལ་ཤར་ནས་ནུབ་ཏུ་ཁ་བ་ལྟ། དེ་བཞིན་དུ་དབྱར་རའི་བཅུ་བདུན་གྱིས་སྲོད་ལ་བྱང་ནས་ལྷོ། སྟོན་རའི་བཅུ་དྲུག་གི་ནམ་ལངས་ལ་ལྷོ་ནས་བྱང་། དགུན་རའི་བཅོ་ལྔའི་ས་སྲོས་ལ་ནུབ་ནས་ཤར་དུ་བལྟས་ལ་གྲོ་ག་འམ། ཤིང་ཤུན་ནམ། དུར་ཁྲོད་ཀྱི་རས་ལ་འཁོར་ལོ་མུ་ཁྱུད་རིམ་པ་བཞིར་བསྐོར་བའི་དབུས་སུ། ཏྲཀྲ། དེའི་མགོ་ནས་བརྩམས་ཏེ་གཡས་བསྐོར་དུ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡ་ཀཱ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ མ་མ་ཏྲག་རཀྵ་ཁ་མུ་ཏྲཿ མུ་རུ་མུ་རུ་ཧཱུཾ་བྷྱོ་ཧཱུྃ༔ རཀྵ་ཏེ་ཀེ་ཡ་ཙ་ཛལ་བྷྱོཿརུ་ལུ་རུ་ལུ་མ་ཏི་བྷྱོཿ སརྦ་སིདྡྷི་མྨེ་པྲ་ཡ་ཙྪནཱ་སརྦ་ཤཱ་ཏཱན་བིགྷཱ་ན་མཱ་ར་ཡ་ཕཊ། ཅེས་བྲི། དེ་རྒྱབ་མུ་ཁྱུད་ལ། ༀ་རོ་རུ་ཨེ་ཀ་ཛ་ཊི་སྙིང་ཁ་རཀྵ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛཛཿ ཞེས་ཚར་དུ་ཤོང་བྲི། དེ་རྒྱབ་མུ་ཁྱུད་ལ་འཁོར་ལོ་རྩིབས་བཞི་ལ་ས་བོན་གྱི་


JKT021_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་ནས་བརྩམས་ཏེ་གཡས་བསྐོར་དུ། སྟེང་གི་རྩིབས་ལ་མ་མ་ཏྲཀྲ་རཀྵ་ཁ་མུ་ཏྲ་སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ་སརྦ་ཤཱ་ཏཱན་བིགྷཱན་མཱ་ར་ཡ་ཕཊ། དེ་བཞིན་དུ་གཡོན་རྩིབས་ལ། མུ་རུ་མུ་རུ་ཧཱུཾ་བྷྱོ་ཧཱུྃ་སརྦ་སིདྡྷི་མྨེ་པྲ་སོགས་གོང་ལྟར། མདུན་རྩིབས་ལ་རཀྴི་ཏེ་ཀེ་ཡ་ཙ་ཛལ་བྷྱོ་སརྦ་སིདྡྷི་སོགས། གཡས་རྩིབས་ལ་རུ་ལུ་རུ་ལུ་མ་ཏི་བྷྱོ་སརྦ་སིདྡྷི་སོགས། དེ་རྒྱབ་ཀྱི་མུ་ཁྱུད་ལ་མ་མ་ཏྲཀྲ་རཀྵ་སྙིང་ཐུམ་ཟད་མྱོག༔ ཐུམ་ཆད་སྙིང་གཟེར་སྲོག་འདར་ཡེང་ཐུམ༔ སྲོག་ཏྲིག་ཀྲིག་ཤམ་ཁྱེར་བྷྱོ༔ ཨོཾ་མ་མ་སྲོག་གཏུབ་ལེ་སོད༔ རཀྵ་སྙིང་ཁྲགས་མ་ཡ་བྷྱོ༔ ཨོཾ་མ་མ་ཏྲག་རཀྵ་སྙིང་ཐུམ་སོགས་ནས་ཤམ་ཁྱེར་བྷྱོ༔ ཞེས་ཟད་སྔགས་གོང་ལྟར་མཐར། ཙ་ཙ་ཤི་ཤི་ལི། སྙིང་ཁྲག་འདྲེད་ཤལ་པུ་ཙ་ཙ་ཡ་མར་སྙིང་སྙིང་དུ་སྙིང་ཐུམ་ཤག མ་མ་ཨེ་ཀ་ཛ་ཊི་དུ། ཨོཾ་མ་མ་ཏྲཀྲ་སོགས། སྙིང་ཀུ་རུ་ཛཛསྙིང་སྲོག་ཁོས༔ ཨོཾ་མ་མ་ཏྲཀྲ་སོགས། མ་མ་ཨེ་ཀ་ཛ་ཊི་སྙིང་ཐུམ་ཛཞེས་བྲི། རཀྟ། གི་ཝཾ། གུར་གུམ། བདུད་རྩི་རྣམས་ཀྱིས་བྱུག །ནལ་བུའི་སྙིང་དངོས་སམ་སྙིང་གི་ཕྱེ་མ་ས་སྦྱིན་དང་སྦྱར་ནས་སྙིང་གཟུགས་བཅོས་པའི་རྩ་སྦུགས་སུ་གཞུག །རབ་གནས་གྲུབ་ནས་རྟེན་གཏོར་དང་ཉེ་བར་བཞག་གོ། །མངྒ་ལཾ། ༈ །རྡོ་རྗེ་གཡུ་སྒྲོན་མའི་སྲོག་འཁོར་བྲི་ཡིག་བཞུགས་སོ།


JKT021_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། །རྡོ་རྗེ་གཡུ་སྒྲོན་མ་ཕྱི་ནང་གསང་བའི་སྲོག་འཁོར་གཅིག་ཏུ་འདུས་པ་མཁས་གྲུབ་ཆེན་པོའི་ཕྱག་ལེན་མ་ནི། གཞི་དཀར་པོའི་དབུས་སུ་ལྟེ་བ་མཐིང་གར། བོ་དེའི་མཐར་པད་འདབ་བཞི་ཕྱོགས་མདོག་ལ། ཤར་ནས་གཡས་བསྐོར་དུ། ཧ་རི་ནི་ས། དེའི་ཕྱི་རོལ་དུ་མུ་ཁྱུད་དང་པོ་དམར་སྨུག་ལ། ཨོཾ་ཧྲཱིཿཧ་རི་ནི་ས་ལོ་ཀ་སིདྡྷི་ཨ་ཀར་ཡ་ཁུག་ཁུག་སྡུས་སྡུས་ཛ་ཛཙིཏྟ་ཧཱུྃ་ཧཱུྃ༔ པཉྩ་ཊཱ་ཀི་ནཱི་ས་པ་རི་ཝ་རཱ་ཎི་ཧྲ་ཡ་ཏྲེ་དཾ་སྦི་རཾ་ཏིཥྛནྟ། ཨ་ཧཉྩ་ས་ཏྲེའུ་ཙ་ཏུཀམཚྭ་སིདྡྷི་དེ་ཧི། མུ་ཁྱུད་གཉིས་པ་དམར་ཆེན་ལ། ཨོཾ་ཧྲཱིཿབཛྲ་པྲ་མོ་ཧ་ཧྲཱིཿང་ཧྲཱིཿང་སྡུས་སྡུས་ཨཱ་ཀར་ཡ་ཁུག་ཛཿ པཉྩ་ཊཱ་ཀི་ནཱི་སོགས་གོང་ལྟར། གསུམ་པ་དཀར་པོ་ལ། ཨོཾ་བཛྲ་པྲ་མོ་ཧ་ཧྲཱིཿང་ཧྲཱིཿང་སྭཱ་ཧཱ། ཞེས་དང་། དབྱངས་གསལ་བྱེད་རྟེན་སྙིང་བཅས་པའི་མཐར། པཉྩ་ཊཱ་ཀི་ནཱི་སོགས་སྤེལ་ཚིག་དང་། བཀྲ་ཤིས་པའི་ཚིགས་བཅད། སུ་པྲ་ཏིཥྛ་བཅས་བྲི། དེ་རྒྱབ་རྡོ་རྭ་དང་། ནོར་འཛིན་པ་ཏྲས་བསྐོར། བདུད་རྩི་དང་། དྲི་བཟང་། འབྲུ་སྨན་སོགས་ཀྱིས་བྱུགས། རབ་གནས་བྱས་ལ་དར་དམར་པོས་དྲིལ། །ཤེལ་དང་། བྱེ་རུ། གཡུ་བཅས་ཟ་འོག་དམར་པོའི་ཁུག་མར་གཞུག །དེ་ཉིད་མཎྜལ་པདྨ་འདབ་མ་བཞི་པའི་སྟེང་དུ་ཐོད་པ་བདུད་རྩིས་བཀང་བའི་ཁར་མེ་ལོང་ཆོས་འབྱུང་སུམ་བརྩེགས་བྲིས་བའི་


JKT021_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ། ཧྲཱིཿ་ཧ་རི་ནི་ས་ལོ་ཀ་སརྦ་སིདྡྷི་ཕ་ལ་ཁུག་ཛཿ ཏྲི་ལོ་ཀ་སརྦ་བྷ་བ་པཱ་ཤཾ་ཀུ་རུ་ཧོ༔ ཞེས་བྲིས་པ་སྟེང་དུ་བཞག །དེའི་རྒྱབ་ཏུ་ཕྱི་སྒྲུབ་གཙོ་མོ་སྐུ་མདོག་དཀར། དར་དཀར་འདུང་མ་དང་། །གསེར་གཡུས་བརྒྱན་པ། གཡས་ནོར་བུ། གཡོན་མེ་ལོང་། དར་ཐོད་དང་མེ་ཏོག་ཕྲེང་བས་མཛེས་པ། ཞི་འཛུམ་སྐྱིལ་ཀྲུང་ཕྱེད་པས་རིན་ཆེན་ཁྲི་དང་པད་ཟླ་ལ་བཞེངས་པ། འཁོར་རང་འདྲ་བཞི་དང་བཅས་པའི་བྲིས་སྐུ་དང་། གཡས་སུ་དར་སྣ་ལྔ་དང་མེ་ལོང་གིས་བརྒྱན་པའི་མདའ་དར། གཡོན་དུ་དཀར་མངར་གྱི་གཏོར་མ། མདུན་དུ་ཉེར་སྤྱོད་བཅས་བཤམ་མོ། མངྒ་ལཾ། ༈ །སློབ་དཔོན་སཱ་པ་རི་པའི་ལུགས་ཀྱི་རྡོ་རྗེ་རྣམ་པར་འཇོམས་པའི་སྲུང་འཁོར་འབྲི་བའི་ཚུལ་ནི། དར་རམ། རས་སམ། ཤོག་བུ་ལ་འཁོར་ལོ་རྩིབས་དྲུག་པ་ལྟེ་བ་མུ་ཁྱུད་དང་བཅས་པ་དང་། དེའི་ཕྱི་རོལ་ཏུ་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་དང་བཅས་པ་བྲི། ལྟེ་བར། ཨོཾ་སརྦ་བཛྲ་ཀུ་ལཾ་ཨཱ་བར་ཏ་ཡ་སྭཱ་ཧཱ། ཞེས་དང་། རྩིབས་དྲུག་ལ་མདུན་ནས་བརྩམས་ཏེ་གཡས་བསྐོར་དུ། དྷ་ར༡། དྷ་ར༢། དྷི་རི ༣། དྷི་རི༤། དྷ་རུ། །དྷ་རུ༦། ཞེས་པ་རྣམས་དང་། མུ་ཁྱུད་ལ། ཀ་ཁ་ག་གྷ་ང་སོགས་གསལ་བྱེད། དེའི་ཕྱི་རོལ་གྱི་རྩིབས་བརྒྱད་ལ། ཨོཾ་མ་ཏཾ་སྦི་ར་༡བཛྲ་དྷ་ར་ཡ་སྭཱ་ཧཱ། ཨོཾ་སུ་ཏི་སྦི་ར་


JKT021_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་༢དྷཱ་ར་ཡ་སྭཱ་ཧཱ། ཨོཾ་པྲ་༣ཏི་སྦེ་ར་བཛྲ་དྷ་ར་ཡ་སྭཱ་ཧཱ། ཨོཾ་མ་ཧཱ་བཛྲ་༤དྷ་ར་ཡ་སྭཱ་ཧཱ། ཨོཾ་ཨ་༥པྲ་ཏི་ཧ་ཏ་བཛྲ་དྷཱ་ར་ཡ་སྭཱ་ཧཱ། ཨོཾ་ཨ་༦མོ་གྷ་བཛྲ་དྷ་ར་ཡ་སྭཱ་ཧཱ། ཨོཾ་ཨེ་ཧེ་ཧི་བཛྲ་དྷ་ར་ཡ་སྭཱ་ཧཱ། ཨོཾ་ཤྲཱི་ཧཱུྃ་བཛྲ་དྷཱ་ར་ཡ་སྭཱ་ཧཱ། དེའི་ཕྱིའི་མུ་ཁྱུད་ལ་དབྱངས་བཅུ་དྲུག་དང་། ཡེ་དྷརྨཱ་གང་བསྲུང་བའི་སྤེལ་ཚིག་དང་བཅས་པ་བྲི། གུར་གུམ་དང་། གི་ཝཾ། ཤུ་དག་རྣམས་ཀྱིས་བྱུགས། འཁོར་ལོའི་མུ་ཁྱུད་རྣམས་གཞལ་ཡས་ཁང་དང་། ཡིག་འབྲུ་རྣམས་རྣམ་འཇོམས་གཙོ་འཁོར་དུ་བསྐྱེད་བསྟིམ་མཆོད་བསྟོད་བྱ། འདོད་དོན་གསོལ། སྔགས་རྣམས་བཟླས་པའི་མེ་ཏོག་འཐོར་ཞིང་བརྟན་བཞུགས་བྱས་རྗེས་རྟེན་དང་བརྟེན་པར་བཅས་པ་ཡོངས་སུ་གྱུར་པ་ལས་བྲིས་པའི་འཁོར་ལོའི་རྣམ་པ་ཇི་ལྟ་བར་བསམས་ཤིས་བརྗོད་རྒྱས་པར་བྱ། གྲུ་བཞིར་ལྟེབས་ལ་ཚོན་སྐུད་སྣ་ལྔས་དཀྲིས་ཏེ་གང་བསྲུང་པའི་མགུལ་དུ་བཏགས་པས་གནོད་པ་སྤྱི་དང་། ཁྱད་པར་སྟེང་གདོན་གཟའི་གནོད་པ་ཐམས་ཅད་ལས་སྲུང་བར་འགྱུར་རོ། ༈ །དཔལ་དུར་ཁྲོད་བདག་པོའི་རྟེན་བཅའ་ཚུལ་ནི། མཎྜལ་རེ་ཁཱ་ཟླུམ་སྐོར་གྱི་དབུས་སུ་དུང་མགྲོན་ཁ་སྤྲོད་དུ་བྲིས་པའི་སྟེང་དུ་ཚོམ་བུ་ཆེ་བ་གཅིག །ཕྱི་རོལ་གྱི་ཕྱོགས་མཚམས་སུ་བརྒྱད། དེའི་དབུས་སུ་མི་རྐང་གི་ཁྲིའུའི་ཁར་ཐོད་པ་དུམ་གཅིག་ནང་མར་གྱིས་


JKT021_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

བྱུགས་པའི་དབུས་སུ་ཆང་བུའི་གཏོར་མའམ་ཟླུམ་གཏོར་དཀར་པོ་རྒྱན་ལྡན་ལ་མཛོ་དྲིལ་གྱི་ཤ་མ་གཏོགས་པའི། རི་བོང་གི་ཤ་གཙོར་གྱུར། གཡག་རྒོད་སོགས་ཀྱི་ཤ་སྣ་གཙང་མ། དཀར་གསུམ། །མངར་གསུམ། ཤིང་ཏོག་འབྲུ་སྨན་རིན་པོ་ཆེ་དར་ཟབ་སོགས་ཀྱིས་གཏམས། དེའི་སྟེང་དུ་དུང་དང་། མགྲོན་བུ། རིན་ཆེན་ལྔ་དངོས་སམ། དེ་བསྲེས་པའི་ས་སྤྲིན་ལས་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་སྐུ་མངོན་རྟོགས་ལྟར་བཞེངས་པའི་ཐུགས་ཀར་དར་དམར་ལ་གསེར་གྱིས། ཨོཾ་གྷི་རཱ་ཛ་གྷི་རཱ་ཛ་ཀུ་མ་ཀུ་མ་ཁུ་ཐིས་སྭཱ་ཧཱ། བྲིས་པ་བུད་མེད་ཀྱིས་མ་རེག་པའི་གསེར་ཐིག་པོ་དང་མཉམ་དུ་དར་སེར་གྱིས་བསྒྲིལ་ལ་གཞུག །ལྟོ་བར་དར་རམ་རས་དཀར་པོ་ལ་དྲི་བཟང་གིས་སྦྱངས་པའི་མཚལ་གྱིས་འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་དང་བཅས་པ། དབུས་སུ། ཨོཾ། རྩིབས་བརྒྱད་ལ་རིན་པོ་ཆེ་བརྒྱད། མུ་ཁྱུད་ལ། ཨོཾ་ཤྲཱི་རཱ་ཛ་གྷི་རཱ་ཛ་ཀུ་མ་ཀུ་མ་ཁུམ་ཐིས་རཏ་གྷི་རྩི་མོ་མི་སེམས་སྒུལ་སྒུལ་སྭཱ་ཧཱ། ཞེས་གཡས་བསྐོར་དུ་བཀོད། དྲི་བཟང་གིས་བྱུགས་པ་གཞུག །དེའི་གཡས་སུ་ནང་གི་རྟེན་འབྲུ་སྣ་ཚོགས་ལ་རིན་པོ་ཆེ་བརྡར་བས་བཞེངས་པའི་སྐུ་དང་། གཡོན་དུ་དུར་ཁྲོད་ཀྱི་རས་ལ་བྲིས་པའི་སྐུ་རེའང་བཞག །སྟེང་དུ་དར་དཀར་པོའི་གུར་ཕུབ་བོ། ༈ །ནོར་ལྷ་དབྱུ་གུ་མཆེད་གསུམ་གྱི་


JKT021_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་བཅའ་བ་ནི། རོ་རས་སམ་ཤིང་ཤུན་ལ། པད་རཱཀ །སིནྡྷ་ར། ཙནྡན་དམར་པོ། གུར་གུམ་རྣམས་བསྲེས་པས་ལྷ་མོ་མཆེད་གསུམ་ཀ་མཛེས་འཛུམ་སྐུ་ཤ་རྒྱས་ཤིང་སྒེག་པ། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་ཅན། གཡས་པས་གཏེར་བུམ་འདེགས་པའི་ཚུལ་དང་། གཡོན་ཐུགས་ཀར་ནོར་བུ་འཛིན་པ། ཞབས་གཡས་བསྐུམ། གཡོན་བརྐྱང་གར་སྟབས་གདན་མེ་ཏོག་དམར་སེར་རབ་ཏུ་རྒྱས་པ་ཅན་བྲི། སྐྱ་བྲིས་ཟིན་ནས་སོ་སོའི་ཐུགས་ཀར་སྔགས་རྣམས་གོང་གི་ཚོན་གྱིས་བྲི་ཏེ། དེའང་ལྷ་མོ་དབུས་མའི་ཐུགས་ཀར། ཨོཾ་ན་མ་ཤུཀྟ་ཎ་བཱ་སུ་མུ་ཁཾ་མ་ཧཱ་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། གཡས་མའི་ཐུགས་ཀར་ཨོཾ་ཨ་ན་ལེ་ཀུཎྜ་ལི་གྲི༔་པི་ཤཱ་ཙི་ན་ཡེ་སྭཱ་ཧཱ། གཡོན་མའི་ཐུགས་ཀར། ཨོཾ་ཨི་ལི་ཀི་ལི་སི་ལི་ཀི་ཀི་ལི་སྭཱ་ཧཱ། ཞེས་བྲིས་པ། དབུས་ཀྱི་ལྷ་མོ་སྐུ་མདོག་མཐིང་། གཡས་ལྗང་། གཡོན་དམར་པོར་བྱ། རྒྱབ་ཏུའང་གོང་གི་སོ་སོའི་སྙིང་པོའི་མཐར། སྒྲུབ་པ་པོ་རང་གི་མིང་ངམ། སྤྱིར་བཏང་། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལོག་པའི་འཚོ་བ་མ་ཡིན་པའི་ཆོས་དང་མཐུན་པའི་ཟས་གོས་ནོར་གསུམ་གྱི་འབྱོར་པ་ཕུན་སུམ་ཚོགས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་དང་། སུ་པྲ་ཏིཥྛབྲི། མགྲོན་བུ་བུ་མ་གསུམ་གྱི་ནང་དུ་གོང་གི་


JKT021_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་གསུམ་སོ་སོར་མཐིང་ཤོག་ལ་གསེར་གྱིས་བྲིས་པ་བཅུག་པ་དང་། བྱི་རུ་གསུམ། མུ་ཏིག་གསུམ་བཅས་དར་དམར་པོས་དྲིལ་བ་ནི་བླ་རྡོ་སྟེ། སྒྲུབ་པའི་དུས་སུ་མེ་ཏོག་གི་ཚོམ་བུ་ལྔའི་དབུས་སུ་ལྷ་མོའི་སྐུ་རྣམས་དང་། སོ་སོའི་མདུན་དུ་བླ་རྡོ་རྣམས་བཞག །ལས་སྦྱོར། རི་དྭགས་རྒྱའི་ལྤགས་པ་གད་བརྡར་བྱས་པ་ལ། བྱི་བ་ཁ་སྤྲོད་རིན་པོ་ཆེ་སྐྱུགས་པའི་སྦོ་འོག་ཏུ་ནོར་བུ་མང་དུ་འཁྱིལ་བ་གསེར་གྱིས་བྲི། ཁ་དོག་ལས་སོ་སོར་བཤད་ཀྱང་། སྤྱིར་བཏང་ལྗང་སེར་བྱ། རྒྱབ་ཏུ་བྱི་བ་གཡོན་མའི་མགོ་ནས་བརྩམས་ཏེ་སྔགས་མགོ་ཕྱིར་བསྟན་དབུ་ཅན་ཚེག་ཡོད་ཀྱིས། ཨོཾ་སྭསྟི་སྒོ་རུ་སྲུངས། །སྒོ་རུ་སྐྱོབས། ཨོཾ་མ་མ་ཏི་སྒོ་རུ་སྲུངས་སྒོ་རུ་སྐྱོབས། ནོར་བདག་གསེར་གྱི་བྱི་བ་ཕོ་མོས་བདག་ལ་གསེར་དངུལ་འབྲུ་ནོར་དར་གོས་བཟའ་བཏུང་སོགས་ཆོས་མཐུན་གྱི་འབྱོར་པ་ཡིད་ལ་གང་འདོད་པ་ཐམས་ཅད་སྩལ་དུ་གསོལ། ཞེས་བྲི། དེའི་ཕྱིར་མགོ་འཛུག་ལུགས་སོགས་གོང་ལྟར་ལ། མཁའ་འགྲོ་མ་གསུམ་གྱི་སྔགས་དང་། ཨོཾ་ཨོཾ་པ་ཀཾ་པ་ཞི་བ་ལ། ཨོཾ་མ་སེ་ལ་དུམ་བུ་ཞི་སྭཱ་ཧཱ། ཞེས་དང་། ཤོང་ན་དེའི་མཇུག་ཏུ་ཡེ་དྷརྨ་བྲི། མ་ཤོང་ན་དབུས་ཀྱི་ཆར་བྲི། སྟོང་པར་ལུས་ན་ཡེ་དྷརྨའི་མཇུག་ཏུ་གོང་གི་འདོད་གསོལ་བྲི་སྟེ། གང་ལྟར་ཡང་ཕྲེང་གཅིག་གིས་འགྲིག་པར་བསྐོར། དེ་ལྷ་


JKT021_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

མོ་གསུམ་དུ་བསྐྱེད་བསྟིམ་རབ་གནས་བྱ། བསྙེན་སྒྲུབ་ཟིན་ནས། རྫ་འམ་ཤིང་སྒྲོམ་ལྟ་བུའི་ནང་དུ་བུམ་རྫས་ཉེར་ལྔ་ཁྲོལ་བུ་དང་། གཡང་ཅན་གྱི་རྫས། ཟས་གོས་ནོར་སྣའི་བུང་ཀྱིས་བཀང་བའི་དབུས་སུ། རྒྱབ་ཀྱི་ཆར་ལྷ་མོ་གསུམ་གྱི་སྐུ་ཙཀ །སོ་སོའི་མདུན་དུ་བླ་རྡོ་དར་ཐུམ། མདུན་དུ་ལྷ་མོའི་སྐུ་ལ་ཞལ་ཕྱོགས་པའི་ཚུལ་གྱིས་ལས་སྦྱོར་བྱི་བའི་གཟུགས་བཞག་པའི་བར་ཐམས་ཅད་ཀྱང་རིན་ཆེན་འབྲུ་སྨན་གྱིས་ལེགས་པར་གཏམས་ལ་ཁ་ཆོད་རྒྱབ་ཕྱི་ལའང་རྩི་ཚོན་དང་བཀྲ་ཤིས་པའི་རྟགས་སམ་ནོར་བུ་འབར་བ་སོགས་བྲིའོ། ༈ །རཏྣའི་གཏེར་བྱོན་ཐུགས་སྒྲུབ་ཡང་སྙིང་འདུས་པའི་ཐོད་སྒྲུབ་ཀྱི་འཁོར་ལོ་ནི། བྲི་གཞི་བཟང་པོར་གསེར་རམ་མཚལ་གྱིས་ཙཀྲ་མུ་ཁྱུད་གསུམ་པའི་ལྟེ་བར། ཡིད་བཞིན་འདོད་པ་ཀུན་འབྱུང་བའི༔ ཐོད་པ་ནོར་བུ་རིན་པོ་ཆེས༔ བདག་ལ་མི་ནོར་ཟས་གསུམ་གྱི༔ དངོས་གྲུབ་མ་ལུས་སྩལ་དུ་གསོལ༔ ཞེས་བྲི༔ དེའི་ཕྱི་མུ་ཁྱུད་དང་པོ་ལ། རྩིབས་བཞིར་བཅད་པའི་རྩིབས་རྣམས་སུ། ཨོཾ་རཏྣ་མ་ཧཱ་ཀཱ་པ་ལ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཞེས་དང་། རྩིབས་མཆན་བཞིར། རཏྣ་པུཎ་བྱེ་སིདྡྷི་ཧཱུཾ་དྷ་ནཾ་མེ་དྷི་སིདྡྷི་ཧཱུྃ། ཞེས་བྲི། དེའི་ཕྱི་རིམ་ལ། ན་ན་ཎི་དྷེ་སིདྡྷི་ཧཱུྃ། དྷ་ལ་སཾ་བྷྱོ་སིདྡྷི་སིདྡྷི་ཧཱུྃ་ཛཿ ཞེས་ཚར་གང་ཤོང་བྲི། དེའི་ཕྱི་རིམ་ལ།


JKT021_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་དྷརྨའི་མཐར། ཡིད་བཞིན་འདོད་པ་སོགས་གོང་གི་ཚིགས་བཅད་དང་། སུ་པྲ་ཏིཥྛ་སྦྲེལ་བ་བྲིའོ། །འཇའ་ཚོན་མ་ནིང་ལས་མཐའ་སེར་པོ་སྐོར་གསུམ་ཐོད་སྒྲུབ་འཁོར་ལོའང་སྔགས་ཀྱི་ཁྱད་པར་ཅུང་ཟད་མ་གཏོགས་འདི་དང་འདྲ་བར་སྣང་ངོ་། ༈ །ཨོཾ་སྭ་སྟི། ཛམྦྷ་ལ་དམར་པོ་གྲྭ་པ་མངོན་ཤེས་ཀྱི་ལུགས་ལྟར་གཏེར་བུམ་བཅའ་ཚུལ་ནི། རིན་པོ་ཆེའམ་རྫའི་གྲྭའུ་ཟླ་གམ་དམར་པོ་བྱ་བའམ། གཏེར་བུམ་ཟླུམ་པོ་ཁ་དོག་དམར་པོ་མདུན་རྟགས་ནོར་བུ་དང་ལྕགས་ཀྱུས་མཚན་པའི་མཐིལ་དུ། ཕྱུགས་པོ་ཆེན་པོ་དགུ་དང་གཡང་ཅན་གྱི་ནས་སྣ། ནོར་སྣ། རྟ་ཕྱུགས་སྤུ་སྣ། རིན་པོ་ཆེ་སྣ་ཚོགས། ཞིང་བཟང་པོ་དང་། ཁང་པ་བཀྲ་ཤིས་ཅན་དང་། གནས་གཞི་ཆེན་པོའི་རྒྱ་ཐབས་ཀྱི་ས། དགེ་བཤེས་ཆེན་པོའི་གདན་ས། མི་བསོད་ནམས་ཅན་གྱི་གོས་སྣ། སྨན་སྣ། ཚོང་དུས་ཆེན་པོའི་ས་སྣ། རྐུན་ཆེན་གྱི་ལག་པ། ཟས་སྣའི་རིགས། ན་ཆུང་འཕྱོན་མའི་ཀ་ཅ། བྱིས་པ་གཞོན་ནུའི་ནོར་སྣ། དགེ་བཤེས་དང་། ཡོན་བདག་ཕྱུགས་པོའི་སེམས་ཆགས་པའི་རྫས། ལོ་ལེགས་པའི་སྙེ་མ། ཚོང་ལེགས་པའི་ནོར་ཕུད། འབྲོག་ལེགས་པའི་མར་ཕུད། འབུལ་བ་མང་པོ་བྱུང་བའི་ནོར་སྣ་རྣམས་གང་རྙེད་ཀྱིས་གཏམས་པའི་སྟེང་གི་འཁོར་ལོའི་མདུན་ཐད་ཀྱི་འོག་ཏུ། འཕགས་པ་


JKT021_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཛམྦྷ་ལ་ཡབ་ཡུམ་འཁོར་དང་བཅས་པས་ཁམས་གསུམ་གྱི་རིན་ཆེན་འབྲུ་རིགས་རྟ་ཕྱུགས་གོ་ཁྲབ་དར་ཟབ་བཟའ་བཏུང་ཡུལ་མཁར་ས་ཞིང་སོགས་ཡིད་ལ་གང་བསམ་པའི་འདོད་རྒུའི་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་གནས་འདིར་དུས་རྟག་ཏུ་འདུ་བར་མཛད་དུ་གསོལ། སརྦ་ཏྲི་ལོ་ཀ་ཤཱནྟཾ་བྷ་བ་མཱ་བི་བྷུ་ཏི་བྷྱོ་ག་ཝཱ་ཤཾ་ཀུ་རུ་ཧོ༔ ཞེས་གསེར་གྱིས་བྲིས་པ་བཙུག །དེའི་སྟེང་དུ་མཚམས་དར་བཏང་བའི་ཁར་ཙནྡན་དམར་པོ་དང་། མེ་ཏོག་དམར་པོ་དྲི་བཟང་གི་ཕྱེ་མ་བཅས་བཀྲམ་པའི་ཁར་འདིའི་འཁོར་ལོ་ལྟེ་བའི་ས་བོན་གྱི་དབུ་རྒྱབ་དང་། ཞལ་ནང་དུ་ཕྱོགས་པས་གཞུག །དེའི་ཡར་མཚམས་དར་བཏང་བའི་སྟེང་དུ་བྱ་རྒྱུད་ལུགས་ཀྱི་བུམ་རྫས་ཉེར་ལྔ། སྨན་སྣ། ཕུད་མ་ཉམས་པའི་ཟས་གོས་འབྲུ་དང་ཤིང་ཏོག་སྣ་ཚོགས། ཙནྡན་དམར་པོ་དང་། མེ་ཏོག་དམར་པོའི་རིགས་སོགས་ཀྱིས་བཀང་། ཁ་དར་དམར་པོ་ལ་གསེར་གྱི་འཁོར་ལོ་རྩིབས་བརྒྱད་བྲིས་པས་བཅད། བུམ་པའི་འོག་གི་མཐིལ་དུ་པདྨ་འདབ་བརྒྱད་ཀྱང་བྲིའོ། ༈ །ཛམ་དམར་ཐོད་སྒྲུབ་ཀྱི་བཅའ་གཞི་ནི། ཐོད་པ་མཚན་ལྡན་ནང་དུ་དྲི་བཟང་དང་སྨན་སྣས་བྱུགས། བུམ་རྫ་ས་ཉེར་ལྔ་དང་། གཞན་ཡང་རིན་ཆེན་འབྲུ་སྨན་དར་ཟབ་ཟས་སྣ་སོགས་ཀྱིས་གཏམས་པའི་རྒྱབ་ཏུ་འདི་ཉིད་ཀྱི་སྐུ་བྲིས་འབུར་གང་རིགས་


JKT021_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་དཔྲལ་བ་ལ་བསྟན། དེའི་མདུན་དུ་འབྱོར་ན་འདིའི་སྲོག་འཁོར་དང་། ཐོད་སྒྲུབ་ཀྱི་འཁོར་ལོ་གཞན་ནས་འབྱུང་བ་དགྲམ། གང་ལྟར་ཡང་རྒྱ་ཤོག་དམར་པོ་ལ་གསེར་གྱིས། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་དྷ་ན་མེ་དྷི་ཧཱུྃསྭཱ་ཧཱ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་ཀུ་རུ་ཀུལླེ་ཧྲཱིཿ་སརྦ་ལོ་ཀ་ཝ་ཤཾ་ཀུ་རུ་ཧཱུྃསྭཱ་ཧཱ། སརྦ་བྷ་ཀཱ་བཱ་སུ་བྷྱོ་གཱ་ནཾ་སིདྡྷི་མྨེ་པྲ་ཡཙྪནྟུ། ཅེས་བྲིས་པའི་ཤོག་དྲིལ་གཞུག །དེའི་འོག་ཏུ་གོང་གི་འདོད་གསོལ་གྱི་ཤོག་དྲིལ་ཀྱང་གཞུག་གོ །དེ་རྣམས་ཀྱི་ཁར་རིན་ཆེན་འབྲུ་སྨན་སོགས་ཀྱི་དཀོར་ཆས་གཏམ་ཞིང་དར་དམར་པོས་དྲིལ་བའི་ཁར་གསེར་འཁོར་རྩིབས་བརྒྱད་པ་བྲི། དེའང་མཛོད་ཀྱི་ཕུག་སོགས་སུ་བཞག་རྒྱུ་ཡིན་ན་ཉུང་འབྲུ་ལྟ་བུས་མཚོན་རིང་བསྲེལ་བཞི་ཀའང་བཞག་ན་ལེགས་མོད། མཆོད་རྟེན་གྱི་སེང་ཁྲི་སོགས་སུ་བཞག་པའི་ཚེ་འདི་ཙམ་གྱིས་འཐུས་སོ། ༈ །ཁ་ཆེ་པཎ་ཆེན་ལུགས་གྱི་ཛམྦྷ་ལ་ནག་པོའི་གཏེར་བུམ་མཐིང་ཀ་མདུན་རྟགས་ཐོད་ཁྲག་དང་། ནོར་སྐྱུགས་ཀྱིས་མཚན་པའི་ནང་དུ་བུམ་རྫས་ཉེར་ལྔ་དང་རིན་ཆེན་འབྲུ་སྨན་སོགས་ཀྱིས་བཀང་བའི་དབུས། འདི་ཉིད་ཀྱི་སྐུ་མཚན་ཉིད་དང་ལྡན་པ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲྭ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སརྦ་བྷཀྵ་དྷ་ན་བྷ་དྲྭ་རྦ་ཝཱ་ཤཾ་ཀུ་རུ་སྭཱ་ཧཱ། ཞེས་


JKT021_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

དང་། དབྱངས་གསལ་རྟེན་སྙིང་། འབད་དང་རྩོལ་བས་མ་གོས་པའི། ཞེས་སོགས་བཀྲ་ཤིས་དང་། སུ་པྲ་ཏིཥྛ་བཅས་མཐིང་ཤོག་ལ་གསེར་གྱིས་བྲིས། དཔལ་ཅན་གྱི་རྫས་དང་དྲི་བཟང་པོས་བྱུགས་པའི་ཤོག་དྲིལ་བཅུག་པ་གཞུག །དེའི་མདུན་དུ་རང་གང་འདོད་པའི་རིན་ཆེན་ཟས་ནོར་སོགས་དངོས་སམ་རི་མོར་བྲིས་པ་དང་། ཨ་ག་རུ་ནག་པོ། མེ་ཏོག་སྔོན་པོ་སོགས་དཀོར་ཆས་ཕྱུར་བུར་གཏམས་པའི་ཁར་རིན་པོ་ཆེའི་ལྗོན་ཤིང་གིས་བརྒྱན། མུ་ཏིག་གི་ཕྲེང་བ་དང་། དར་དམར་པོས་མགུལ་ཆིངས་བྱའོ། །དེའི་མདུན་དུ་རྟ་མཆོག་སྔོན་པོ་རྒྱན་ལྡན་སྒ་སྲབ་ཀྱིས་སྤྲས་པ་ལ། རང་གང་འདོད་ཀྱི་ཟས་ནོར་ས་སྤྱིན་ལྟ་བུ་ལས་བཅོས་ཏེ་ཁལ་དུ་བཀལ། སྲབ་ནས་ལྕགས་ཀྱུས་བཏབ་ཅིང་། སྒོའི་ཕྱི་རུ་ལ་རྟ་ལྕགས་སེར་པོ་ལྕགས་འབྲས་སྔོན་པོས་བྱས་པ་གདགས་ལ་བཞག་གོ ༈ །གསང་འདུས་ལུགས་ཀྱི་ཛམྦྷ་ལ་སེར་པོའི་གཏེར་བུམ་སེར་པོ་བཱི་ཛ་པཱུ་ར་ཀ་དང་ནེའུ་ལེས་མཚན་པའི་ནང་དུ། གསེར་ལ་སོགས་པའི་རིན་པོ་ཆེ་དང་། འབྲུ་སྨན་དར་ཟབ་ཟས་ནོར་གང་འབྱོར་གྱི་ཕུད་ཀྱིས་བཀང་བའི་དབུས། བྲིས་འབུར་གང་རིགས་ཀྱི་ཛམྦྷ་ལ་སེར་པོ་ཞལ་གསུམ་ཕྱག་དྲུག །གཡས་ནག །གཡོན་དཀར། ཕྱག་གཡས་གསུམ་གྱི་བཱི་ཛ་པཱུ་ར་ཀ །ལྕགས་ཀྱུ། མདའ། གཡོན་


JKT021_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱིས་དང་པོས་རང་འདྲའི་ཡུམ་ལ་འཁྱུད་པ། ལྷག་མ་གཉིས་ནེའུ་ལེ་དང་། གཞུ་འཛིན་པ། གསུས་ཁྱིམ་ཆེ་བ། མིའུ་ཐུང་གི་གཟུགས་ཅན་དབུ་སྐྲ་རལ་པའི་ཐོར་ཚུག་དང་། རིན་པོ་ཆེའི་རྒྱན་དང་དར་སྣས་མཛེས་པ། གདན་པད་ཟླ་ལ་ཞབས་ཕྱེད་སྐྱིལ་ཅན། བཞེངས་པ་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ། ཞེས་ཚར་གང་འོས་དང་། དབྱངས་གསལ་རྟེན་སྙིང་། བཅོམ་ལྡན་འདས་མགོན་པོ་ཛམྦྷ་ལ་ཡབ་ཡུམ་རྟེན་འདི་ལ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་དབུལ་ཕོངས་དང་བྲལ་ནས་ཆོས་དང་མཐུན་པའི་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པར་མཛད་དུ་གསོལ། ཞེས་དང་། འབད་དང་རྩོལ་བས་མ་གོས་པ། ཞེས་སོགས་དང་། སུ་པྲ་ཏིཥྛ་བྲིས་ལ། རིན་ཆེན་འབྲུ་སྨན་དྲི་བཟང་པོས་བྱུགས་པ་གཞུག །བྲིས་སྐུ་ཡིན་ན་མདུན་རྒྱབ་གང་རིགས་སུ་བཅིང་། ཁ་དར་རས་སེར་པོས་དགབ་བོ། ༈ །དཔལ་དུས་ཀྱི་འཁོར་ལོའི་ལུགས་ཀྱི་ཛམྦྷ་ལ་ལྗང་བུའི་གཏེར་བུམ་ལྗང་སེར་བཱི་ཛ་པཱུ་ར་ཀ་དང་། ནོར་སྐྱུགས་ཀྱིས་མཚན་པའི་ནང་རིན་ཆེན་འབྲུ་སྨན་སོགས་ཀྱིས་བཀང་བའི་དབུས་སུ། ཛམྦྷ་ལ་ལྗང་སེར་གཡས་མཆོག་སྦྱིན་གྱི་མཐིལ་ན་བཱི་ཛ་པཱུ་ར་ཀ་དང་། གཡོན་ནེའུ་ལེ་དཀུར་བརྟེན་པས་འཛིན་པ། ཡུམ་སྔོན་མོ་གཡས་


JKT021_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་སྦྱིན་གྱི་ཕྱག་རྒྱས་ཡབ་ལ་འཁྱུད་པ། གཡོན་པདྨ་སྔོན་པོ་འཛིན་པ། རྒྱན་ཆ་ལུགས་སོགས་ཛམ་སེར་སྤྱི་དང་འདྲ། ཞབས་རོལ་སྟབས། གདན་པད་ཟླར་བཞུགས་པའི་བྲིས་འབུར་གྱི་སྐུ་གང་རུང་དང་། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་ཧོ་ཧཾ་ཀྵ་ཨཱརྨ་ཛམྦྷ་ལ་སིདྡྷི་མེ་པྲ་ཡཙྪནྟུ། མ་མ་དྷཱ་ནཾ། ད་ད་རུ། བཛྲ་དྷཱ་ར་ཨཱ་ཛྷཱ་པ་ཡ་ཏི་སྭཱ་ཧཱ། ཞེས་བྲི། དབྱངས་གསལ་རྟེན་སྙིང་རྣམས་ཀྱི་མཐར། འབད་དང་རྩོལ་བས་མ་གོས་པའི། ཞེས་སོགས་བཀྲ་ཤིས་དང་། སུ་པྲ་ཏིཥྛ་བཅས་བྲིས་པའི་སྔགས་བྱང་རིན་ཆེན་འབྲུ་སྨན་དྲི་བཟང་གིས་བྱུགས་པ་གཞུག །ཁ་དར་ལྗང་སེར་གྱིས་བཅད། ༈ །འཇམ་དཔལ་དཔའ་བོ་གྲུབ་པའི་རྒྱུད་ལས་གསུངས་པའི་གནོད་སྦྱིན་ཕོ་དགུ་མོ་དགུའི་གཏེར་བུམ་གསེར་མདོག་བཱི་ཛ་པཱུ་ར་ཀ་དང་། ནོར་སྐྱུགས། འབྲས་སྙེས་མཚན་པའི་ནང་དུ། ཞུན་མར། སྦྲང་རྩི། ཀ་ར་རྣམས་ཀྱིས་ཕྱེད་ཙམ་གང་བའི་སྟེང་དུ་འདིའི་འཁོར་ལོ་ཚད་ལྡན་ཆིངས་སེར་པོ་ཅན་དར་གོས་སེར་པོའི་ན་བཟའ་དང་བཅས་ཏེ་གཞུག །དེའི་སྟེང་དུའང་གོང་གི་རྫས་དང་། །ཁར་རིན་ཆེན་འབྲུ་སྨན་ཟས་གོས་སོགས་གཙང་མའི་ཕུད་ཀྱིས་དགང་། ཁ་དར་སེར་པོས་བཅད་དོ། ༈ །རཏྣའི་ཕུར་པའི་ས་དཔྱད་ལས་གསུངས་པའི་ས་བཅོས་རྟེན་འབྲེལ་གྱི་བུམ་པ་དཀར་པོ། ནཱ་


JKT021_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་མཚན་པ་དགའ་འཁྱིལ་གྱི་རི་མོས་བཀྲ་བའི་ནང་དུ། ཀླུ་ནོར་རྒྱས་དམར་སེར། སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་པ། གཡས་ནོར་བུ། གཡོན་ཨུཏྤལ། དེའི་མདུན་དུ་ཀླུ་མོ་དམར་སེར། །སྦྲུལ་མགོའི་གདེངས་ཀ་ལྔ་ཡོད་པ། ཕྱག་ཐལ་སྦྱར་ཡབ་ལ་གཟིགས་པ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་ཅན། སྨད་སྦྲུལ་འཁྱིལ། ཡབ་སོར་བརྒྱད་དང་། ཡུམ་སོར་བདུན་པ་བྱ། ཡབ་ཡ ལ་གི་ཝཾ་གིས་བྱུགས། ཨོཾ་ཝཱ་རུ་ཎ་ཡེ་ཧཱུཾ་སྭ་ཧཱ། ཕུཨོཾ་བཱ་སུ་ཀི་མཾ་སྭཱ་ཧཱ། ཨོཾ་ཝཱ་རུ་ཎ་ཡེ་སྭཱ་ཧཱ། ཨོཾ་ནཱ་ག་རཱ་ཛ་བཱ་སུ་པུཏྟཾ་སརྦ་མངྒ་ལཾ་སིདྡྷི་སྭཱ་ཧཱ། ཞེས་རྒྱ་ཤོག་གཙང་མར་རྒྱ་སྣག་གིས་བྲིས་པ་སྐུད་པ་སེར་པོས་དཀྲིས་ཏེ་གཞུག །ཡུམ་གྱི་ནང་དུ། ཨོཾ་ནཱ་གི་མཎ་མུ་ཀུ་ཊཾ་སརྦ་མངྒ་ལཾ་སྭཱ་ཧཱ་ཡཿ ཞེས་བྲིས་པ་གཞུག་ནས་ཡབ་ཡུམ་ཞལ་སྦྱོར་གྱི་ཚུལ་དུ་བཞུགས་སུ་གསོལ། དམར་སྒྱུར་གླ་རྩི་སོགས་ཀྱི་དྲིས་མ་ཕོག་པའི་ཕྱུགས་པོ་གཡང་ཅན་གྱི་འབྲུ་སྣ། དར་སྣ། ཀླུ་སྨན། བུད་མེད་སྔར་ཡུག་སས་མ་ཕོག་པར་ཕ་མ་ཁུ་ཁྱོ་འཛོམས་པའི་བུས་འཐུང་བའི་ནུ་ཞོ། བ་དཀར་སེར་དང་། ར་དཀར་མོའི་འོ་མ་བཅས་པས་ཕྱེ་གཙང་མས་སྦྲུས་པའི་རིལ་བུ་དང་། དཀར་གསུམ། མངར་གསུམ་གྱིས་བཀང་། ཀློང་གསལ་གཏེར་བྱོན་གུ་རུ་དྲག་པོ་ཡེ་ཤེས་རབ་འབར་གྱི་ནཱ་ག་སྤྱི་བཅོས་དང་འབྲེལ་ན། དེའི་


JKT021_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ནས་འབྱུང་བ་ལྟར་བསྡུ་བསྒྲུབ་ཚད་ལྡན་བགྱིས་པའི་ཀླུ་ནོར་རིལ་བུ་ཉེར་གཅིག་སོགས་གང་འབྱོར་ཀྱང་མདུན་དུ་གཞུག །ཁ་དར་དཀར་པོ་གཙང་མས་བཅད་དོ། ༈ །སྟག་ཤམས་གཏེར་བྱོན་སེང་གདོང་མའི་ལས་ཚོགས་ལྷ་མོ་བརྟན་མའི་བུམ་གཏེར་སེར་པོ་ཧཱུྃ་གྱིས་མཚན་པར། རིན་ཆེན་འབྲུ་སྨན་ས་སྣ་ཆུ་སྣ་སོགས་གཙང་མས་གཏམས་པའི་དབུས་སུ་ས་སྣ་ཆུ་ཤིང་སྣ་རིན་ཆེན་ཀླུ་སྨན་གི་ཝཾ་དཀར་གསུམ་མངར་གསུམ་འབྲུ་སྣ་དར་སྣ་བཅས་ས་སྦྱིན་དང་སྦྱར་བས་སའི་ལྷ་མོའི་སྐུ་སོར་བཞིའམ་བརྒྱད་པ། སྐྱིལ་ཀྲུང་མཉམ་གཞག་རིན་པོ་ཆེའི་བུམ་པ་བསྣམས་པ། སྐུ་མདོག་སེར་པོ་དང་རིན་པོ་ཆེས་བརྒྱན་པ་བཞེངས། དབུ་གཙུག་ཏུ་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་སོགས་ཡོད་ན་གཞུག །ཐུགས་ཀར་མཐིང་ཤོག་ལ་གསེར་གྱིས། ཨོཾ་ཙི་རི་ཙི་རི། ཙུ་རུ་ཙུ་རུ། ཀུ་རུ་ཀུ་རུ། དོ་ཙུ་དོ་ཙུ། སྭ་ཧཱ་སྭཱ་ཧཱ། བྷ་ཤ་བྷ་ཤ་སྭཱ་ཧཱ། ཞེས་བྲིས་པ་དང་། ལྟོ་བའི་ནང་དུ། ཤོག་བུ་ལ་དངུལ་གྱིས། ཨོ༔ ལྷ་མི་ཕན་བདེའི་ལོངས་སྤྱོད་རྒྱས༔ ནོར་ཟས་སྟེར་དང་བདུད་རྩི་འབྱུང་༔ ཚེ་རིང་ནད་མེད་དགྲ་རྒོལ་གཞོམཿ ཐམས་ཅད་ཡིད་བཞིན་འགྲུབ་པར་འགྱུར༔ གནས་གཙང་དཀྱིལ་འཁོར་བྱ་བ་དང་༔ ཁྲུས་གཙང་གོས་གསར་གྱོན་བྱས་ནས༔ སྐུ་གསུང་རྣམ་དག་རྟེན་དྲུང་འདུག༔


JKT021_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་དང་མེ་ཏོག་ཁ་ཟས་མཆོད༔ རྣལ་འབྱོར་དམ་ཚིག་གཙང་ན་འགྲུབ༔ ཅེས་དང་། དབྱངས་གསལ་རྟེན་སྙིང་། འབད་དང་རྩོལ་བས་མ་གོས་པའི། སོགས་ཤིས་བརྗོད་དང་། སུ་པྲ་ཏིཥྛ་སྦྲེལ་བ་བྲིས་ནས་བཅུག །འབུར་སྐུ་མ་གྲུབ་ན་བྲིས་སྐུ་ལ་གོང་གི་རྫས་བྱུགས། ཤོག་དྲིལ་བཅིངས། ཕྱོགས་མཚམས་སུ་ཀླུ་ཆེན་བརྒྱད་ཀྱི་སྔགས་བྱང་ཤོག་དྲིལ་བཅུག །གཞན་ཡང་བྱ་རྒྱུད་ལུགས་ཀྱི་བུམ་རྫས་ཉེར་ལྔ། ས་སྣ་ཆུ་སྣ། འབྲུ་སྣ། ཀླུ་སྨན་སོགས་ཀླུ་ལ་མི་གནོད་པའི་རིགས་ཀྱིས་གཏམ། ཁ་དར་རས་དཀར་པོས་བཅད་དོ། ༈ །རྣམ་སྲས་སེར་ཆེན་གྱི་གཏེར་བུམ་སེར་པོ་རྒྱལ་མཚན་དང་ནེའུ་ལེས་མཚན་པར། བུམ་རྫས་ཉེར་ལྔ་དང་རིན་ཆེན་འབྲུ་སྨན་དར་གོས་ཟས་སྣའི་ཕུད་སོགས་གཙང་མས་གཏམ་པའི་དབུས་སུ། བྲིས་འབུར་གང་རིགས་ཀྱི་རྣམ་སྲས་སྐུ་མདོག་སེར་པོ། གཡས་།ནོར་བུའི་རྒྱལ་མཚན། གཡོན་ནེའུ་ལེ། དར་དང་རིན་པོ་ཆེའི་རྒྱན། གདན་པད་ཟླ། སེང་གེ་དཀར་མོ་ཉལ་སྟབས་ཀྱི་སྟེང་ན་ཞབས་རོལ་སྟབས་ཀྱིས་བཞུགས་པ་སོགས་སྤྱི་ལྟར་དང་། རྒྱ་ཤོག་དམར་པོ་ལ་གསེར་གྱིས། ཨོཾ་བེ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཨོཾ་ཁཾ་སྭཱ་ཧཱ། ཨོཾ་ཛམྦྷ་མཱ་ལ་སྭཱ་ཧཱ། ཨོཾ་པུརྞ་བྷ་དྲ་ཡ= ཨོཾ་མ་ཎི་བྷ་དྲུ༴ ཨོཾ་ཀུ་བེ་རཱ༔ ཨོཾ་སཾ་པྲ་ཛ་ནཱ༔ ཨོཾ་གུ་རྒྱ་སྦྲ་ནཱ༔ ཨོཾ་པཉྩི་ཀཱ༔ ཨོཾ་པི་ཙི་


JKT021_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཀུཎྜ་ལི་ཡེ་སྭཱ་ཧཱ། ཏདྱ་ཐཱ། ཨོཾ་ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལི་མ་ཎི ཀི་ལི་ཀི་ལི= ཀུ་རུ༴ ཀུ་རུ ཏུ་རུ༔ ཏུ་རུ༴ སུ་རུ སུ་རུ༔ ཙུ་རུ༔ ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། ཨོཾ་ཨེ་ཀྱེ་ཧི། ཏིཥྛ་ཏིཥྛསརྦ་ཨཱརྦ་མེ་སཱ་དྷ་ནི། ཏདྱ་ཐཱ། སུ་དྷ་ནི། སུ་ར་སྱ། སུ་མ་ཏི། སུ་པུ་ཎི། ཧི་ལི་མི་ལི་སྭཱ་ཧཱ། ཞེས་དང་། རྒྱལ་ཆེན་རྣམ་སྲས་འཁོར་དང་བཅས། །རྟེན་འདིར་བརྟན་པར་བཞུགས་ནས་ཀྱང་། །བར་ཆད་ཀུན་སེལ་མཐུན་རྐྱེན་སྒྲུབས། །འདོད་རྒུའི་དཔལ་འབྱོར་རྒྱས་པར་མཛོད། །དབྱངས་གསལ་རྟེན་སྙིང་། འབད་དང་རྩོལ་བས་མ་གོས་པ། སོགས་དང་སུ་པྲ་ཏིཥྛ་སྦྲེལ་བ་དྲིས་པ་གཞུག་གོ ༈ །རྒྱུད་སྡེ་སྤྱིའི་ལུགས་ཀྱི་ལྷ་མོ་བརྟན་མའི་གཏེར་བུམ་སེར་པོའི་མདུན་རྟགས། ཁཾ་གྱིས་མཚན་པ་ལ། ས་སྣ་ཆུ་སྣ་བུམ་རྫས་ཉེར་ལྔ་རིན་ཆེན་འབྲུ་སྨན་དང་ཀླུ་སྨན་རིགས་གཙང་མས་གཏམས་པའི་ནང་དུ། སའི་ལྷ་མོ་སེར་མོ་ཕྱག་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་ཐུགས་ཀར་ཐལ་མོ་སྦྱར་ཏེ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་ཅན། གདན་པད་ཟླ། ཞབས་ཕྱེད་སྐྱིལ་དུ་བཞུགས་པ་ས་སྣ་ཆུ་སྣ་ལས་འབུར་སྐུར་བཞེངས་པའམ། ཤུག་པའི་བྱང་བུ་ལ་གསེར་གྱིས་བྲིས་པ་དང་། ༀ་པྲ་བྷཾ་དེ་བཱི་སྭཱ་ཧཱ། ཏདྱ་ཐཱ། ཙི་རི་ཙི་རི། ཙུ་རུ་ཙུ་རུ། ཀུ་རུ་ཀུ་རུ། ཏོ་ཅུ་


JKT021_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ་ཙུ། བྷ་དྷ་བྷ་དྷ། པ་ཤ་པ་ཤ་སྭཱ་ཧཱ། ཏདྱ་ཐཱ། ཨཉྩནི་ཀླུ་ནི། ཤི་ཤི་དྷ་རི། ཧ་ཧ་ཧི་ཧི། ཀུ་རུ་ཝཱ་རེ་སྭཱ་ཧཱ། ཞེས་དང་། དབྱངས་གསལ་རྟེན་སྙིང་། ས་ཡི་ལྷ་མོ་འཁོར་དང་བཅས། །རྟེན་འདིར་བརྟན་པར་བཞུགས་ནས་ཀྱང་། །ཆར་ཆུ་དུས་བབས་ལོ་ཕྱུགས་ལེགས། །ས་བཅུད་འཕེལ་བའི་བཀྲ་ཤིས་སྩོལ། །སུ་པྲ་ཏིཥྛ་སོགས་སྦྲེལ་བ་བཅས་གཞུག །ཁ་དར་རས་དཀར་པོའམ་སེར་པོས་བཅད་དོ། ༈ །དཔལ་ཆེན་མོའི་གཏེར་བུམ་སེར་པོ་ནོར་བུས་མཚན་པའི་པདྨ་དང་འབྲས་སྙེ་དང་གཏེར་བུམ་གྱིས་མཚན་པའི་ནང་དུ། དཔལ་ཅན་གྱི་རྫས་རིན་ཆེན་འབྲུ་སྨན་དར་གོས་ཟས་ནོར་གྱི་ཕུད་འབྱོར་ཚད་གཙང་མས་གཏམས་པའི་དབུས་སུ། བྲིས་འབུར་གང་རིགས་ཀྱིས་དཔལ་ཆེན་མོ་ལྗང་གུ་སྒེག་བཞད་ཀྱི་ཉམས། གཡས་མཆོག་སྦྱིན་གྱིས་ནོར་བུས་མཚན་པའི་པདྨ། གཡོན་སྐྱབས་སྦྱིན། གདན་པད་ཟླ་སེང་གེ །ཞབས་བཙུན་མོ་རོལ་སྟབས་སམ། ཡང་ན་གསེར་མདོག །གཡས་འབྲས་སྙེ། གཡོན་གཏེར་བུམ། གདན་པདྨ་དང་གཏེར་བུམ་སྟེང་དུ་ཞབས་གར་སྟབས་ཀྱིས་བཞེངས་པ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་ཅན་དང་། རྒྱ་ཤོག་ལ་གསེར་གྱིས། ཨོཾ་ཀ་མ་ལ་བཱ་སི་ནི། ཀ་མ་ལེ། མ་ཧཱ་ལ་ཀྐི་རཱ་ཛྷི་མེ། བ་སུ་ནཱ་ནཱ་ཁ་དྷེ་སརྦ་སིདྡྷི། དེ་ཧི་དེ་ཧི་བ་ར་དེ་སྭཱ་


JKT021_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ། ཏདྱ་ཐཱ། ཛི་ནི་གྲི། སརྦ་ཨ་ཀརླུ་སིདྡྷ་ནི། སི་སི་མི། སི་ལི་སི། ནི་མི་ནི་མི། ཨཱ་ལཀྵ་ཡཱ་མེ། ན་ཤ་ཡེ་སྭཱ་ཧཱ། དབྱངས་གསལ་རྟེན་སྙིང་། འདོད་རྒུའི་ཆར་འབེབས་དཔལ་ལྷ་མོ་། །འཁོར་བཅས་རྟེན་འདིར་རྟག་བཞུགས་ནས། །སྲིད་ཞིའི་ཕྱུ་གཡང་འདུ་བ་དང་། །དགེ་ལེགས་འཕེལ་བའི་བཀྲ་ཤིས་སྩོལ། །སུ་པྲ་ཏིཥྛ་སོགས་སྦྲེལ་བ་བྲིས་པའི་ཤོག་དྲིལ་གཞུག །ཁ་དར་རས་སེར་པོས་བཅད་དོ། ༈ །ཚོགས་བདག་དམར་ཆེན་གྱི་གཏེར་བུམ་དམར་པོ་ནོར་བུ་གཾ་གིས་མཚན་པའི་ནང་དུ། བུམ་རྫས་ཉེར་ལྔ་དང་། ཟས་སྣ། དར་ཟབ་སོགས་ཀྱིས་བཀང་བའི་དབུས་སུ། འཁོར་ལོ་རྒྱ་ཤོག་ལ་གསེར་རམ་མཚལ་གྱིས་རྩིབས་བརྒྱད་ལྟེ་བ་མུ་ཁྱུད་དང་བཅས་པའི་དབུས་སུ། ག དེའི་མདུན་ནས་བརྩམས་ཏེ་གཡས་བསྐོར་དུ། ཨོཾ་མ་མ་ས་པ་རི་ཝཱ་རཱ་ཎཱ་སརྦ་ཨཱ་ཡུར་པུཎྱ་ཤྲཱི་བྷ་ཏི་དྷ་ན་པུཊྚི་ཀུ་རུ་ཨོཾ། སརྦ་ཏྲི་ལོ་ཀཱ་ནཱི་སུ་ཐེ་ཡོཤྲཱི་བྷ་ཏི་ཝཱ་ཤཾ་ཀུ་རུ་ཧོ། ཞེས་བྲི། རྩིབས་བརྒྱད་ལ། ག རེ་རེ་རྩིབས་མཆན་བརྒྱད་ལ་ཕྲེང་བྲིས་ཀྱིས། ཨོཾ་གགསིདྡྷི་སརྦ་ཨརྦ་མེ་པྲ་སཱདྷ་ཡ་བྷིཀྵ་བཱ་སུ་བྷྱོ་ག་སརྦ་ཝཱ་ཤཾ་ཀུ་རུ་ཧཱུྃ་ཧཱུྃ་ཛཛསྭཱ་ཧཱ། ཞེས་བྲི། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ། ཡེ་དྷརྨའི་མཐར། མ་མ་ས་པ་རི་ཝཱ་ར་སོགས་གོང་ལྟར་བྲི། དེའི་རྒྱབ་ཏུ་ནོར་འཛིན་པ་ལྔས་བསྐོར། དེ་ལྟ་


JKT021_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་འཁོར་ལོ་གཉིས་ལ་དྲི་བཟང་གིས་བྱུགས། སྦྲང་རྩིས་ཞལ་སྦྱར། ན་བཟའ་སེར་པོས་དྲིལ་ཏེ་གཞུག །སྐུ་ཡོད་ནའང་འཁོར་ལོའི་རྒྱབ་ཏུ་ཞལ་འཁོར་ལོ་ལ་ཕྱོགས་པས་བཞག །ཁ་གཏེར་བུམ་: སྒྲུབ་པར་རྐུན་ཆེན་གྱི་ལག་པས་བཅད་པར་གསུངས་པ་ལྟར་རམ། ཐུན་མོང་དུ་དར་རས་དམར་སེར་གྱིས་བཅད་ཀྱང་རུང་ངོ་། ༈ །སྭསྟི། སེང་ཁྲིའི་དབུས་སུ་ཛམ་དཀར་འབྲུག་ཞོན་ལྷ་ལྔའི་གའུ། ༡༽ དེའི་གཡས་སུ་མགོན་དཀར་གཏེར་བུམ་དམར་པོ་ཤིང་འབྲས་ཀྱི་དབྱིབས་མདུན་རྟགས་ལྕགས་ཀྱུ་དང་ནོར་སྐྱུགས་ཅན། ༢༽ གཡོན་དུ་གྲྭ་པའི་ཛ་དམར་གྱི་གཏེར་བུམ་དམར་པོ་མདུན་རྟགས་ནོར་བུ་དང་ལྕགས་ཀྱུ་ཡོད་པ་འདིའི་སྟེང་དུ་ཐོད་པ་བཞག ༣༽ །མཐའ་སྐོར་ཤར་དུ་ཁ་ཆེ་པཎ་ཆེན་ལུགས་ཀྱི་ཛཾ་ནག་གི་གཏེར་བུམ་མཐིང་ག་ཐོད་ཁྲག་དང་། ནོར་སྐྱུགས་ཀྱིས་མཚན་པ། ༤༽ དེའི་སྟེང་དུ་ཛཾ་དཀར་གཏེར་བུམ་དངུལ་ཤོག་རྩི་ཅན། ༥༽ གཡས་སུ་ཇོ་སེར་གྱི་གཏེར་བུམ་སེར་པོ་བཱི་ཛ་པཱུ་ར་ཀ་དང་། ནོར་སྐྱུགས་ཀྱིས་མཚན་པ། ༦༽ གཡོན་དུ་དུས་འཁོར་ལུགས་ཀྱི་ཛམྦྷ་ལ་ལྗང་གུའི་གཏེར་བུམ་ལྗང་སེར་བཱི་ཛ་པཱུ་ར་ཀ་དང་། ནོར་སྐྱུགས་ཀྱིས་མཚན་པ། ༧༽ ལྷོར་ནོར་རྒྱུན་མ་དང་ཛམྦྷ་ལ་དགུའི་གཏེར་བུམ་སེར་པོ་བཱི་ཛ་པུ་ར་ཀ་དང་ནོར་སྐྱུགས་ཀྱིས་མཚན་པ། ༨༽ ནུབ་ཏུ་སེངྒེ་


JKT021_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲའི་སྒོ་ནས་བསྒྲུབས་པའི་ཀླུ་བུམ་དཀར་པོ་ཚྭ་ཀྱིས་མཚན་པ། ༩༽ དེའི་གཡས་སུ་ཕུར་པ་ཡང་གསང་བླ་མེད་ཀྱི་ས་དཔྱད་ལས་བྱུང་བའི་ཀླུ་ནོར་རྒྱས་ཀྱི་རྟེན་དང་། ནཱ་ག་སྤྱི་བཅོས་ཀྱི་བཅའ་གཞི་ཟུང་འབྲེལ་གྱི་གཏེར་བུམ་དཀར་པོ་ཧཱུྃ་གྱིས་མཚན་པ། ༡༠༽ གཡོན་དུ་སྟག་ཤམ་སེང་གདོང་ལས་ཚོགས་བརྟན་མའི་གཏེར་བུམ་དང་། རི་དབང་སྤྱི་བཅོས་ཟུང་འབྲེལ་སེར་པོ་ཧཱུྃ་གྱིས་མཚན་པའི་བུམ་པ་ཅན་གཉིས་ཀ་དགའ་འཁྱིལ་གྱི་རི་མོ་བཀྲ་བ། ༡༡༽ བྱང་དུ་རྣམ་སྲས་སེར་ཆེན་གཏེར་བུམ་རྒྱལ་མཚན་དང་། ནེའུ་ལེས་མཚན་པ། ༡༢༽ ཤར་ལྷོར་ས་སྙིང་བུམ་གཏེར་དཀར་པོ་བུམ་པ་1 མདུན་དུ་ཀྱི་ཡོད་པའི་རྟགས་བརྒྱད་ཀྱིས་མཚན་པ། ༡༣༽ ལྷོ་ནུབ་ཏུ་རྒྱུད་སྡེ་སྤྱིའི་ལུགས་ཀྱི་བརྟན་མའི་བུམ་གཏེར་སེར་པོ་བུམ་པ་སོགས་རྟགས་བརྒྱད་ཀྱིས་མཚན་པ་མདུན་རྟགས་བི་ཡོད་པ། ༡༤༽ བྱང་ཤར་དུ་དཔལ་ཆེན་མོའི་བུམ་པ་སེར་པོ་འབྲས་སྙེ་ནེའུ་ལེས་མཚན་པ། ༡༥༽ ནུབ་བྱང་དུ་ཚོགས་བདག་གི་གཏེར་བུམ་དམར་པོ་ནོར་བུ་དང་གཾ་གིས་མཚན་པ་བཅས་སོ། ༡༦༽ མངྒ་ལཾ། ༈ །ཨོཾ་སཱསྟི་ས་བཅུད་གསོ་བའི་བུམ་གཏེར་ཆེན་མོར། ཐོག་མར་མཐིལ་དུ་བཀྲ་ཤིས་པའི་ས་ཆུ་ཤིང་སྣ་དེ་རྣམས་ཀྱི་རིལ་བུ། ཞིང་ས་ཆེན་པོ་དགུའི་ས་སྣ། ཕྱུགས་པོ་ཆེན་པོ་དགུའི་ཁང་ས། ཁྲབ་བྱང་།


JKT021_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པའི་སྦྱིན་བསྲེག་གི་ཐལ་བ། དཀྱིལ་འཁོར་མང་པོའི་རྡུལ་ཚོན་རྣམས་བཀྲམ། དེའི་སྟེང་དུ་གནོད་སྦྱིན་འཁོར་ལོ་ཆེ་ཆུང་། དབུས་སུ་སྲོག་ཤིང་། ཕྱོགས་མཚམས་སུ་གཟུང་གཞུག་བསྡུས་པ་འདྲ་མིན། གཟུངས་ཆེན་སྡེ་ལྔ། རྒྱབ་ཏུ་མགོན་དཀར། རྩེར་ཐུབ་སྐུ། དེ་འོག་ཀླུ་དབང་སྐུ། དེའི་མདུན་ཐད་ཙམ་དུ་རབ་འབར་བརྒྱུད། ཐིག་ལེ་བརྒྱ་པ། གྲོང་ཁྱེར་སྤྲོལ་འཁོར། ཡུལ་འཁོར་སྲུང་བ། སོར་འབྲང་མ། ནོར་རྒྱུན་མ། གླང་པོ་ཆེ་སྟོབས་བསྐྱེད་རྣམས་རིམ་པར། བརྟན་མའི་སྐུ། ཕྱོགས་བཞིར་ནོར་བུམ་གྱི་གཟུངས་རེ་རེ། མདུན་དུ་སྙིང་གཏེར་གྱི་གཟུངས། དེ་མདུན་སྙིང་ཞོ་སོགས་སྙིང་གཏེར་གྱི་རྫས། གཡང་རྫས་རིགས་དར་སེར་ཐུམ་རེ། ཕྱོགས་མཚམས་ཀུན་ཏུ་དཀར་གསུམ། མངར་གསུམ། རིན་པོ་ཆེ་ཕྱོགས་བསྡུས་དང་། སོ་སོ་ལེ་ཚན། དར་ཟབ་སྣེ་ཚང་། ཨ་རུ་གསེར་མདོག་རེ་རེ། སྨན་སྣ། ཤིང་ཏོག །འབྲུ་སྣ། བུམ་རྫས་ཉེར་ལྔ། །བར་ཨཊྛི་ཥའི་བདུག་རྫས་ཤིང་ཏོག །ཤིང་ཏོག་སྣ་ཚོགས་སོགས་ཀྱིས་གཏམས་ཤིང་། ཁ་གཅོད་སོགས་ནོར་བུམ་ལྟར་བགྱིས་པའོ། ༈ །སྲོག་ཤིང་རྩེར། ཧཱུྃ། དེ་འོག་ཤར་ནས། ཨོཾ་ཧཱུྃ་ཧཱུྃ་ཨཱ རྩ་བར། ཨེ་དེ་འོག་ཤར་ནས། ལཾ་ཁཾ་རཾ་ཡཾ་རིགས་ལྔའི་བུམ་པའི་གཟུངས། གཞི་དཀར་པོ་ལ། ཨོཾ་ཨཱཛི་ན་ཛིཀྲ་


JKT021_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཧཱུཾ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཁོར་དབུས་ཕྱོགས་ཀྱི་ཞིང་རབ་འབྱམས་རྒྱ་མཚོའི་རྡུལ་གྱི་གྲངས་དང་མཉམ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྲས་དང་སློབ་མར་བཅས་པ་ཁྱེད་རྣམས་ཀྱིས་ཡུལ་ཕྱོགས་འདི་རྣམས་དང་། སྦྱིན་པའི་བདག་པོ་འཁོར་དང་བཅས་པ་རྣམས་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་མཛད་དུ་གསོལ། ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པར་མཛད་དུ་གསོལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་ཞིང་བརྟན་པར་མཛད་དུ་གསོལ། ཁྱད་པར་རྡོ་རྗེ་སྐུའི་དངོས་གྲུབ་ཐོབ་ཅིང་ཚེ་དབང་ཕུན་སུམ་ཚོགས་པའི་སྐལ་བ་དང་ལྡན་པར་མཛད་དུ་གསོལ། །ལས་བཞི་ལྷུན་གྱིས་གྲུབ་པའི་ཕྲིན་ལས་རབ་འབྱམས་ཐམས་ཅད་བདེ་བླག་ཏུ་འགྲུབ་པར་མཛད་དུ་གསོལ། རྣམ་པར་སྣང་མཛད་ཡེ་ཤེས་དམ་པ་སོགས་དང་། ༀ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ༈ །མཐིང་ཀ་ལ། ཨོཾ་ཨཱབཛྲ་དྷི་ཀྲ་ཧཱུཾ་བྷྱོ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཁོར་ཤར་ཕྱོགས་ཀྱི་སོགས། ཁྱད་པར་ཐུགས་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་ཅིང་ཚེ་དབང་སོགས། ཞི་བའི་ལས་རབ་འབྱམས་སོགས། མི་འཁྲུགས་རྒྱལ་པོ་སོགས་བྲི། ༈ །སེར་པོ་ལ། ཨོཾ་ཨཱརནྟ་


JKT021_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཧྥ་ཀྲ་སྭཱ་ཧཱུཾ། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་འཁོར་ལྷོ་ཕྱོགས་ཀྱི་སོགས། ཁྱད་པར་ཡོན་ཏན་མཐར་ཕྱིན་པའི་དངོས་གྲུབ༔ རྒྱས་པའི་ལས༴ སངས་རྒྱས་ཡོན་ཏན་སོགས། ༈ །དམར་པོ་ལ། ཨོཾ་ཨཱཨ་རོ་ལིཀྲ་ཨཱཿཧཱུཾ། བཅོམ་ལྡན་འདས་སྣང་བ་མཐའ་ཡས་འཁོར་ནུབ་ཕྱོགས་ཀྱཻ། ཁྱད་པར་རྡོ་རྗེ་གསུང་གི་དངོས་གྲུབ༔ དབང་གི་ལས༴ བསམ་གཏན་ཏིང་འཛིན་སོགས། ༈ །ལྗང་གུ་ལ། ཨ་ཨཱཎཔྲཛྙཱ་དྷཱིཀ་ཧཱ་ཧཱུྃ། བཅོམ་ལྡན་འདས་དོན་ཡོད་གྲུབ་པ་འཁོར་བྱང་ཕྱོགས་ཀྱཻ། ཁྱད་པར་ཕྲིན་ལས་མཐར་ཕྱིན་པའི་དངོས་གྲུབ༔ དྲག་པོའི་ལས༔ སེམས་ཅན་དོན་གྱི་ལས་ལ་སོགས་བྲིའོ། ༈ །དཔའ་བོ་གཅིག་གྲུབ་ལས་གསུངས་པའི་ཀུ་རུ་ཀུལླེའི་འཁོར་ལོ་ལ། མུ་ཁྱུད་བཞི་པའི་ལྟེ་བར་ཧི དེའི་མདུན་ནས་བརྩམས་ཏེ། ཨོཾ་ཀུ་རུ་ཀུལླེ་དྷ་ར་ཀོ་ཎ་སརྦ་ཤཱན་ཧྥ་བྷ་ཝ་ལགྷོ་ཝ་ཤཾ་ཀུ་རུ་སྭཱ་ཧཱ། མུ་ཁྱུད་དང་པོ་ལ་པད་འདབ་བཅུ་དྲུག །པད་འདབ་རེ་རེའི་ཕྱོགས་བཞིར་ཀུ་རུ་ཀུལླེ། འབྲུ་རེ། དབུས་སུ། སརྦ་ཤཱན་ཧྥ་བྷ་ཝ་ལཀྵ། དེའི་ཕྱི་རིམ་གྱི་མུ་ཁྱུད་གསུམ་ག་ལ། ཨོཾ་མགོ་བོ་ཕྱིར་བསྟན་པ་ཁོ་ན་བྲི། དེ་རྒྱབ་རྡོ་ར་མེ་རི་མཛེས་ཚོན་ཙམ་བྲི། ཀུ རུ ལྕེ ཀུ སརྦ་ལཀྵི། ༈ །གུ་རུ་རྒྱལ་བའི་གདུང་འཛིན་གྱི་ཐོད་སྒྲུབ་འཁོར་ལོ་ལ། བྲི་གཞི་དམར་པོ། འཁོར་ལོ་རྩིབས་བཞི་མུ་ཁྱུད་


JKT021_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དང་བཅས་པ་ལྟེ་བར། ཧྲཱིཿའི་གི་གུ་ནས་བརྩམས་ཏེ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་རཱ་ཛ་ཨ་ཀྲྀ་ཏྲི་ཛཛསརྦ་སིདྡྷི་ཕ་ལ་ཧཱུྃ༔ རཏྣ་ཀ་པཱ་ལ་སརྦ་སིདྡྷི་ཧཱུྃ༔ རྩིབས་བཞི་ལ་ཤར་དུ། ཧཱ་བཛྲ་དྷཱ་ཀི་ནཱི་སརྦ་དེ་ཝ་བཱ་ཤཾ་ཀུ་རུ་ཛཿ རཏྣ་ཀ་པཱ་སོགས། ལྷོར། རི་རཏྣ་དྷཱ་ཀི་ནཱི་སརྦ་བཱ་སུ་པཱ་ཤཾ་ཀུ་རུ་ཧཱུྃ༔ རན་ཀཱ་སོགས། ནུབ་ཏུ། ནཱི་པདྨ་དྷཱ་ཀི་ནཱི་སརྦ་ནཱ་ག་པཱ་ཤཾ་ཀུ་རུ་པཾ༔ རཏྣ་ཀ་པཱ་སོགས། བྱང་དུ། ས་ཀརྨ་དྷཱ་ཀི་ནཱི་སརྦ་ཧྲ་པཱ་ཤཾ་ཀུ་རུ་ཧོ༔ རཏྣ་ཀ་པཱ་སོགས། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ། ཨོཾ་དྷིཥཱ་རབྷཱ་ཡ་སྭཱ་ཧཱ༔ ཨོཾ་བེ་རུ་ཌྷ་ཀཱ་ཡ་སྭཱ་ཧཱ༔ ཨོཾ་བི་རཱུ་པཀཱ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ རཀྟ་ཀ་པཱ་ཡསོགས། རང་བྱུང་དབང་གི་ནོར་བུ་ནི༔ རིན་ཆེན་བྷནྡྷའི་གཞལ་ཡས་སུ༔ དཀྱིལ་འཁོར་ལྷ་ཚོགས་རྟག་བཞུགས་ནས༔ འདོད་དགུ་དབང་སྡུད་དངོས་གྲུབ་སྩོལ༔ ཤོང་ན། འབད་དང་རྩོལ་བས་མ་གོས་སོགས། གང་ལྟར་ཡང་། སརྦ་དཱ་མངྒ་ལཾ་བྷ་བ་ཏུ། ༀ་སུ་པྲ་ཏིཥྛསོགས། དེ་རྒྱབ་ནོར་ཕྲེང་དང་། ནོར་འཛིན་པ་ཏྲ་མཛེས་ཚོན་བྲི། ༈ །ཚེ་བུམ་གཟུངས་གཞུག་ལ། རྒྱ་ཤོག་དམར་པོར་གསེར་གྱིས། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཨོཾ་གུ་རུ་ཨཱ་ཡུ༔སིདྡྷི་ཧཱུྃ་ཧྲཱིཿ་ཨ་མཱ་ར་ཎི་ཛི་བནྟི་ཡེ་སྭཱ་ཧཱ། ཚེ་ཧཱུཾ། གཡུ་བྷྱོཿ གཡུ་ཚེ་ཧཱུཾ། ཨ་ཡུཛྙཱ་ན་གཡུ་ཚེ་ཧཱུཾ། ཨོཾ་ཨཱཿཧཱུྃ་ཧཱུྃ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་པུཎྱ་ཛྙཱ་


JKT021_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཨཱ་ཡུར་སིདྡྷི་ཧཱུྃ་ཛཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཨཱ་ཡུཥ་ཧཱུྃ་ཧཱུྃ་ཛཿ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་གུ་རུ་པདྨ་ཀྲོ་དྷ་པུཎྱ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཧཱུྃཧྲཱིཿཧྲཱིཿ ཨོཾ་བུདྡྷ་ཨཱ་ཡུཛྙཱ་ན་ཚེ་བྷཱ་ཨོ༔ ཨོཾ་པདྨ་ཨཱ་ཡུཛྙཱ་ན་ཚེ་ཧཱུཾ་ཧྲཱིཿ ཨོཾ་བཛྲ༔ ཧཱུྃ༔ ཨོཾ་རཏྣ༔ ཏྭཾ༔ ཨོཾ་ཀརྨ༔ ཨཱ དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོགས། །སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །ཇ་བཟང་བཞེས་སྤྲོ་རྒྱུན་མི་འཆད། །སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག །ཡེ་དྷ་རྨ་དང་ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། སརྦ་དཱ་མངྒ་ལཾ་བྷ་བ་ཏུ། ༈ །བྲིས་སྐུའི་རིགས་ལ། ཐོག་མར་སྐྱ་རིས་བཏབ། དེ་ནས་གནས་ཡིག་དང་། སྔགས་ཕྲེང་རྒྱས་པར་བྲི། དེ་སྟེང་ཚོན་གྱིས་མནན་དགོས་པར་གསུངས་ཀྱང་། དེང་སང་དེ་ལྟར་ལག་ལེན་བྱེད་པ་ཉུང་བས་རྗེས་མཐུན་རྒྱབ་གཟུངས་འབྲི་བའི་ཚུལ་ནི། །བྲིས་སྐུའི་རྒྱབ་ལོག་སྤྱི་བོའི་སྨིན་མཚམས་ཀྱི་ཐད་དུ། ཨོཾ་མགྲིན་པའི་ཐད་དུ། ཨཱཿ ཐུགས་ཀའི་ཐད་དུ། ཧཱུྃ། དེའི་འོག་ནས་རང་རང་གི་གཟུངས་དང་སྙིང་པོ་སོགས་བྲི་སྟེ། ཐུབ་སྐུ་ལྟ་བུ་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཤཱཀྱ་མུ་ན་ཡེ་ཏ་ཐཱ་ག་ཏཱ་ཡ། ཨདྷ་ཏེ་སམྱཀཾ་བུདྡྷཱ་ཡ། _ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་ཚང་བའམ། ཏདྱ་ཐཱ། མན་ཆད་བྲིས་ཀྱང་རུང་ལ། སྤྲོ་ན་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་འབྲི་བར་བྱ་སྟེ། དེ་ཡང་། ན་མ་སྦེ་ཡ་དྷཱི་ཀཱ་ནཱཾ།


JKT021_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏ་བསྟི་དྷརྨ་ཏཱ་བཱ་ལི་ནཱཾ། ཨོཾ་ཨ་ས་མ་ས་མས་མནོ་ཨཱ་ནནྡ་བསྟི་ཤཱ་ས་ནཾ་ཧ་ར་ཧ་ར། སྨར་སྨར་ཎ་བི་ག་ཏ་རཱ་ག་བུདྡྷ་དྷརྨ་ཏེ་སཱ་ར་སཱ་ར། ས་མ་པཱ་ལ། །ཧ་ས་ཧ་ས། ཏཱ་ཡ་ཏཱ་ཡ། ག་ག་ན། མ་ཧཱ་པ་ར་ལཀྵ་ཎ། ཛཱ་ལ་ཛཱ་ལ་ན་སཱ་ག་རེ་སྭཱ་ཧཱ། ཞེས་སོ། དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ། ན་མཿསརྦ་ཏ་ཐཱ་ག་ཏ་ཧྲཱིཿ་ད་ཡ། ཨ་ནུ་ག་ཏེ་ༀ་ཀུ་རུཾ་གི་ནི་སྭཱ་ཧཱ། ཞེས་པའང་བྲི། དེའི་མཐར་ཡེ་དྷརྨ་དང་། ཨོཾ་སརྦ་བིདྱ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་བྲིའོ། །འབྲི་རྫས་ནི་གསེར། མཚལ། གུར་གུམ་རྣམས་གང་འབྱོར་ལ་བྱིན་རྟེན་སེལ་མེད་ཀྱི་རིགས་དང་། ཁྱད་པར་བླ་མ་གོང་མའི་གདུང་རུས་དང་། ཤངས་མཚལ་སོགས་ཅུང་ཟད་བསྲེས་པས་བྲིས་ན་མཆོག་ཏུ་འགྱུར་རོ། ༈ །ཨོཾ་སྭསྟི། གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་གཏེར་བྱོན་སྲོག་ཤིང་བརྟན་པའི་འཁོར་ལོ་བྲི་ཚུལ། བྲི་གཞི་ཁྲུ་གང་གསུངས་པ་ཕྱར་ཁྲུ་གང་ལས་མི་ཆུང་བ་ལ་སྔགས་ཤོང་ན་དང་། དེ་མིན་ཆེ་ནའང་འགལ་བ་མེད་པས་སྐབས་བསྟུན། གང་ལྟར་ཡང་ལྟེ་བ་དང་བཅས་པའི་མུ་ཁྱུད་བཅུ་གསུམ་པར་དབུས་སུ་ལྔ་གླིང་ཞེས་ལྟེ་བ་ཟླུམ་པོར་བསྐོར་བའི་དབུས་སུ་ཟླུམ་པོ་ལ། མཚམས་བཞིར་ཐིག་གིས་བཅད་པའི་དབུས་སུ། ཧཱུྃ་བཛྲ་དྷཱི་ཀ །


JKT021_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཡུཾ་དྷཱ་ཏཱི་ཤྭ་རི། ཤར་དུ། ཨོཾ་ཛི་ན་ཛིཀ །ལྭ་དེ་ཥ་ར་ཏི། ལྷོར། སཱ་རཏཱ་དྷཱིཀྲ ཚྭ་མོ་ཧ་ར་ཏཱི། ནུབ་ཏུ། ཨོཾ་ཨ་རོ་ལིཀྲ །རྀ་རཱ་ག་རཱ་ཏཱི། བྱང་དུ། ཧཱ་པྲ་ཛྙཱ་དྷིཀྲ །ཏྭཾ་བཛྲ་རཱ་ཏི། དེའི་གོང་རས་ཀྱི་མུ་ཁྱུད་ཆུང་ངུ་ལ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བཀྲ་ཤིས་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་དང་། བདག་ཅག་༧དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ལ་རཀྵ་རཀྵ༔ མུ་ཁྱུད་དང་པོ་ལ། ཕྱོགས་མཚམས་བརྒྱད་དུ་རྡོ་རྗེ་རྩེ་ལྔ་པ་ཆུར་རྒྱུགས་ཀྱི་ལྟེ་བར་ཧཱུྃ། མུ་ཁྱུད་གཉིས་པ་ལ། འཁོར་ལོ་རྩིབས་བརྒྱད། །རྩིབས་རེ་རེ་བཞིན་ཕྲེང་བྲིས་ཀྱིས། ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དེའི་གོང་རས་མུ་ཁྱུད་ཆུང་ངུ་ལ་རྟ་མགྲིན་གྱི་ཟིལ་གནོན་ཁྲོ་ཆེན་བརྒྱད་ཡབ་ཡུམ་གྱི་སྔགས། ཨོཾ་པདྨ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་གུ་ཧྱ་ཀྲོངྷི་ཧཱུཾ། ཨོཾ་པདྨ་ཀྲོ་དྷ་ད་ཧ་ད་ཧ་ཧཱུྃ་ཕཊ། ༀ་ཛྷཱ་ན་ཀྲོ་དྷི་ཧཱུྃ། ཨོཾ་པདྨ་ཀྲོ་དྷ་པ་ཙ་པ་ཙ་ཧཱུྃ་ཕཊ། ཨོཾ་རཱ་ག་ཀྲོ་དྷི་ཧཱུྃ། ཨོཾ་པདྨ་ཀྲོ་དྷ་བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཨོཾ་ཙིཏྟ་ཀྲོ་དྷི་ཧཱུཾ། ཨོཾ་པདྨ་ཀྲོ་དྷ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ། ཨོཾ་བཛྲ་ཀྲོ་དྷི་ཧཱུྃ། ཨོཾ་པདྨ་ཀྲོ་དྷ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ། ཨོཾ་ཡ་མ་ཀྲོ་དྷི་ཧཱུཾ། ཨོཾ་པདྨ་ཀྲོ་དྷཱ་གརྫ་གརྫ་ཧཱུྃ་ཕཊ། ཨོཾ་ནཱ་ག་ཀྲོ་དྷི་ཧཱུྃ། ཨོཾ་པདྨ་ཀྲོ་དྷ་སྤོ་ཊ་སྤོ་ཊ་ཧཱུྃ་ཕཊ། ཨོཾ་ཡགློ་


JKT021_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲོ་དྷི་ཧཱུཾ། མུ་ཁྱུད་གསུམ་པ་ལ། རྟེན་འབྲེལ་སྙིང་པོ་དང་། ཨོཾ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུཾ། ཡི་དམ་ཞི་ཁྲོ་རབ་འབྱམས་ཀྱིས་བཀྲ་ཤིས་བའི་གཙུག་ལག་ཁང་སོགས་གོང་ལྟར། མུ་ཁྱུད་བཞི་པ་ལ། རིན་ཆེན་ཟུར་བརྒྱད། རེ་རེ་བཞིན་ཕྲེང་བྲིས་ཀྱིས། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་ཚར་རེ་རེའམ། ཚར་གསུམ་རེ་བཀོད་ཀྱང་རུང་། དེའི་གོང་རས་ཆེ་བར་བསྐོར་བ་ལ། ཏདྱ་ཐཱ། སྡེ་སྤར་བཀའ་འདུས་རྒྱུད་ལྡེབ། ཨོཾ་ཛ་ཡ་ཛ་ཡ་སོགས། རྒྱལ་མཚན་རྩེ་མོའི་གཟུངས་ཚང་བ། མུ་ཁྱུད་ལྔ་པ་ལ། དབྱངས་གསལ་ཚར་དུ་ཤོང་། མུ་ཁྱུད་དྲུག་པ་ལ། བྱང་ཆུབ་རྒྱན་འབུམ་གཟུངས་རིང་ངམ་གཟུངས་ཐུང་། ཨོཾ་སརྦ་ཏ་ཐཱ་ག་ཏ་བྱ་བ་ལོ་ཀི་ཏེ་སྭཱ་ཧཱ། ༤༢༽ ཛ་ཡ་ཛ་ཡ་སྭཱ་ཧཱ། ཨོཾ་ཧུ་རུ་ཧུ་རུ་ཛ་ཡ་མུ་ཁེ་སྭཱ་ཧཱ། མུ་ཁྱུད་བདུན་པ་པད་འདབ་བཅུ་དྲུག །རེ་རེའི་ནང་དུ་དབྱངས་གསལ་ཚར་རེ། མུ་ཁྱུད་བརྒྱད་པ་ལ་ཡངས་པ་ཅན་གྱི་གྲོང་ཁྱེར་དུ་འཇུག་པའི་གཟུངས་བཀའ་འདུས་མདོ་ལྡེབ། བི་སར་ཏ་སོགས་ནས། ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག །ཞེས་པའི་བར་གཟུངས་དང་བཀྲ་ཤིས་ཚིགས་བཅད་ཚང་བའམ། དེ་ཙམ་མི་ཤོང་ན་གཟུངས་ཀྱི་མཐར། བྱང་ཆུབ་སྙིང་


JKT021_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སོགས་ཤློ་ཀ་བཞི་ཙམ་དང་། ༡༡༧༽ གཙུག་ཏོར་དྲི་མེད་ཀྱི་གཟུངས་ཐུང་། ཨོཾ་ན་མ་སྦེ་ཡ་དྷཱི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏ་ཧྲཱིཿ་ད་ཡ་གནྡྷེ་ཛྭ་ལ་ཛྭ་ལ་དྷརྨ་དྷཱ་ཏུ་གནྡྷེ་སཾ་བྷ་ར་མ་མ་ཨཱ་ཡུསཾ་ཤོ་དྷ་ཡ་མ་མ་སརྦ་པཱ་པཾ་སརྦ་ཏ་ཐཱ་ག་ཏ་ས་མནྟོཊྛིཥ་བིམ་ལེ་བི་ཤུདྡྷ་ཧཱུྃ་ཧཱུྃ་ཧཱུཾ་བྷྱོ། ཨོཾ་བཾ་སཾ་ཛཾ་སྭཱ་ཧཱ། པདྨ་གཙུག་ཏོར་གྱི་སྔགས། ཨོཾ་པདྨོ་ཊཱི་ཥ་བི་མ་ལེ་ཧཱུཾ་ཕཊ། མུ་ཁྱུད་དགུ་པ་ལ། རྣམ་འཇོམས་གཟུངས་དང་། ཨོཾ་ཝཱ་གཱི་ཤྭ་རི་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་བཛྲ་པ་ཎི་ཧཱུྃ། མུ་ཁྱུད་བཅུ་པ་ལ། བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ། །དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ། ཨོཾ་ན་མ་སྦེ་ཡ་དྷཱི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏ་བསྟི་དྷརྨ་ཏ་བ་ལཱི་ནཱཾ། ཨོཾ་ཨ་ས་མ་ས་མནྟ་ཏོ་ཨ་ནན། བཱསྟི་ཤཱ་ས་ནི་ཧ་ར་ཧ་ར་སྨར་སྨར་ཎ་བི་ག་ཏ་རཱ་ག །བུདྡྷ་དྷརྨ་ཏེ་ས་ར་ས་ར། ས་མ་བ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། ག་ག་ན་མ་ཧཱ་བ་ར་ལཀྵ་ནེ་ཛཱ་ལ་ཛཱ་ལ་ས་ག་རེ་སྭཱ་ཧཱ། ཞེས་དང་། ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་དང་། སྨན་བླའི་གཟུངས། གསང་བ་རིང་བསྲེལ་གྱི་གཟུངས་ཐུང་། ཨོཾ་སརྦ་ཏ་ཐཱ་ག་ཏོཊྛི་ཥ་དྷ་ཏུ་མུ་དྲྭ་ཎི། སརྦ་ཏ་ཐཱ་ག་ཏ་དྷརྨ་དྷཱ་ཏུ་བི་བྷུ་ཥི་ཏེ་ཨ་དྷིཊྛི་ཏེ་ཧུ་རུ་ཧུ་རུ་ཧཱུྃ་ཧཱུྃ་སྭཱ་ཧཱ། རིགས་ཀྱི་བདག་པོ་འཇམ་དཔལ་དབྱངས་ཀྱི་སྙིང་པོ། །ཨོཾ་བཱ་ཀྱེ་དཾ་ན་མཿ


JKT021_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱ་ར་པ་ཙ་ན་དྷཱི༔ སྤྲོ་ན་ཤེས་རབ་བློ་འཕེལ་གྱི་གཟུངས་བཅས། པདྨའི་རིགས་ཀྱི་གཙོ་བོ་ཚེ་གཟུངས། རིགས་ཀྱི་བདག་པོ་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་གཟུངས། སྤྲོ་ན་དོན་ཞགས་གཟུངས་ཐུང་དང་། འཁོར་བ་དོངས་སྤྲུགས་གཟུངས། རྡོ་རྗེའི་རིགས་ཀྱི་བདག་པོ་མི་འཁྲུགས་པའི་གཟུངས། རིགས་ཀྱི་གཙོ་བོ་ཕྱག་རྡོར་གོས་སྔོན་ཅན་གྱི་གཟུངས། ཏདྱ་ཐཱ། བྷྱོ་བྷྱོ་བཀའ་འདུས་རྒྱུད་ལྡེབ། སོགས། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་གི་སྔགས། ན་མས་མནྟ་བུདྡྷ་ནཱཾ། ཨ་ས་མ་པ་ཏ་དྷརྨ་དྷཱ་ཏུ་ཀཱརླ་ག་ཏི་ག་ཏཱ་ན། སརྦ་ཐཱ་ཨོཾ་ཁཾ་ཨཾ་ཨ༔ སཾ་ས་ཧཾ་ཧ་རཾ་ར་བཻ་བ་ཧཾ་ཧ་སྭཱ་ཧཱ། རྣལ་འབྱོར་རྒྱུད་རྡོ་རྗེ་དབྱིངས་ཀྱི་སྔགས། ༡༥༤༽ ཨོཾ་བཛྲ་ས་ཏྭ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གི་ཤྭ་ར་ཧཱུཾ། ཞེས་པ་ཙམ་དང་། ཨོཾ་ན་མོ་བྷ་ག་ཝ་ཏེ་སོགས་རྩ་རིག །བླ་མེད་ཕ་རྒྱུད་གསང་འདུས་ཀྱི་རིགས་ལྔ་ཡབ་ཡུམ་གྱི་སྙིང་པོ་གོང་དུ་སོང་བས། ཨོཾ་ཨཱཿཧཱུཾ། ཚར་གྲངས་གང་རིགས། ཕ་རྒྱུད་བདེ་མཆོག་གི །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ། ཀྱེ་རྡོ་རྗེའི་སྔགས། ཨོཾ་དེ་ཝ། པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དུས་ཀྱི་འཁོར་ལོའི་སྔགས། ཨོྃཨཱཿཧཱུྃ་ཧོ སྒྱུ མདོ་དང་སྒྱུ་འཕྲུལ་གཉིས་ཀའི་སྙིང་པོ་བསྡུས་པ། ཨོཾ་ཨཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་


JKT021_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཛྷཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུཾ། བཀའ་བརྒྱད་སྤྱི་བྱེ་བྲག་གི་སྔགས་གང་རིགས། ཡི་གེ་བརྒྱ་པ་རྫོགས་ཆེན་སྙིང་ཏིག་གི་བཏགས་གྲོལ་ལས་འབྱུང་བའི་ཀུན་བཟང་ཡབ་ཡུམ་གྱི་དགོངས་པ་དང་། ཞེན་ཟློག་ཉེར་ལྔ་ཚང་བའམ། དེ་ཙམ་མི་ནུས་ན། ཨོཾ་བཛྲ་ས་ཏཱ་ཨཱཿ ༢ཨཤསམསཿ མ་མ་ཀོ་ལིང་ས་མནྟ། ཞེས་པ་ཙམ་བྲི། མུ་ཁྱུད་བཅུ་གཅིག་པ་ལ། ༡གཙུག་ཏོར་གདུགས་དཀར་གྱི་ཉེ་སྙིང་། ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བཻ་རེ་བེ་རེ། སོ་མེ་སོ་མེ། ཤཱ་ཤཱནྟེ། དནྟེ་དནྟེ། བི་ཥ་དེ་བི་ཥ་དེ། བཱི་རི་བི་རི། དེ་བི་བཛྲ་དྷ་རི། བནྡྷ་བནྡྷ་ནི། བཛྲ་པཱ་ནི་ཕཊ། ཨོཾ་ཧཱུྃ་ཧཱུྃ་ཧཱུྃ་བྷྱོ་ཕཊ་སྭཱ་ཧཱ། ཧཱུྃ་ཧཱུྃ་ཧཱུཾ་བནྡྷ་ཕཊ༔ བདག་ལ་སྲུངས་ཤིག་སྭཱ་ཧཱ། ཨོཾ་བཛྲ་པཱ་ཎི་བནྡྷ་བནྡྷ་བཛྲ་པཱ་ཤེ་ན་མ་མ་སརྦ་དུཏྟཾ་བི་ནཱ་ཡ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། གཙུག་༢ཏོར་རྣམ་རྒྱལ་གཟུངས་ཚང་བའམ། ཨོཾ་ཧཱུཾ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱ། གཙུག་ཏོར་འབར་བའི་གཟུངས་ན་མསྶ་མནྟ་བུད་དྷ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུཾ་ཧཱུཾ་ཛྭ་ལ་ཛྭ་ལ་པྲ་ཛྭ་ལ་པྲ་ཛྭ་ལ། ཏིཥྛ་ཏིཥྛ་བྷི་སརྦ་དུར་ནི་མིཏྟི་དུསྲ་བ་ན་ཏཱནྟིཾ་ཀུ་རུ་སྭཱ་ཧཱ། གཙུག་ཏོར་དྲི་མེད་གཟུངས་ཐུང་དང་། པདྨ་གཙུག་ཏོར་གོང་ལྟར་རྣམས་ཚར་ཅི་རིགས། དེའི་ཕྱི་རོལ་དུ་མུ་ཁྱུད་བཅུ་གཉིས་པར་


JKT021_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

མེ་རིའི་ནང་དུ་ཕྱག་མཚན་རྣམས་ལྔ་རྩེ་ཕྱིར་བསྟན་པས་བསྐོར་པ། དེའི་ཕྱིར་གྲྭ་བཞིར་སྣ་ཚོགས་རྡོ་རྗེ་ཕྱེད་པས་མཚན་པ། འཁོར་ལོའི་རྒྱབ་ཏུ་དབུས་སུ། ཧཱུཾ་ཧྲཱིཿཀྐཁ་ཎི། དེའི་ཕྱི་རོལ་དུ། །ཏདྱ་ཐཱ། ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བི་ལ་མཎྜ་ལ་མ་ཡེ་སྭཱ་ཧཱ། ཞེས་པ་ཚར་གང་ཐོན་བྲི། འཁོར་ལོ་ལ་དྲི་རྫས་ལྔ་གཞུང་གསལ་ལྟར་བྱུགས། སྦྱོང་ཁྲུས་དང་རབ་གནས་སྤྱི་མཐུན་གྲུབ་ནས་བལྟེབ་ལུགས་སྤྱི་འགྲེ་བྱ། དར་ཚོན་གྱི་ན་བཟའ་གསོལ་ནས་སྐུ་གཟུགས་མཆོད་རྟེན་གཉྫིར་སོགས་གང་འདོད་པའི་གནས་སུ་བཞུགས་པས་ཕན་ཡོན་མཐའ་ཡས་པ་འབྱུང་བར་གསུངས་སོ། ༈ །སྙིང་གཏེར། ནོར་བུམ། ཀླུ་བུམ་རྣམས་ཀྱི་རྫས་ཐོ་མཐོང་བས་དོན་གསལ་དབྱེ། སྭསྟི། ས་བདག་སྙིང་གཏེར་དུ་གྲགས་པའི་གཏེར་བུམ་ལ། བུམ་པ་ཡུལ་དེའི་བྲེ་གང་ཤོང་བ་ལས་མི་ཆུང་བ་དཀར་རྩིས་ལེགས་པར་བྱུགས༈ རྟེན་འབྲེལ་གྱི་རི་མོ་གཞན་བྲིས་ཀྱང་ལེགས་མོད། མདུན་དུ་ས་སྙིང་གི་སྙིང་པོ། །ཀྵ། ཙམ་བྲིས་ཀྱང་རུང་། རྫས་ལ། མཐིལ་དུ་ཞིང་ས་ཆེན་པོ་དགུའི་ས། ས་དཔལ་ཅན་དང་། གནས་ཆེན་མང་པོའི་ས་སྣ་ཆུ་སྣ། རིན་ཆེན་ཕྱེ་མ་དཀྱིལ་འཁོར་ཆེན་པོའི་རྡུལ་ཚོན། རྒྱས་པའི་སྦྱིན་སྲེག་གི་ཐལ་བ། རབ་གནས་ཀྱི་མེ་ཏོག་སོགས་དཀྲམ། དེ་ནས་འབྲུ་ནག་མ་ཡིན་པའི་འབྲུ་སྣ་


JKT021_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་མ་བླུགས། དབུས་སུ་སྲོག་ཤིང་མཚོན་བྱེད་ཤུག་པ་རྩ་རྩེ་མ་ལོག་པར་གཞུང་ནས་འབྱུང་བའི་གཟུངས་ཀྱི་ཤོག་དྲིལ་ལ་དྲི་བཟང་དང་། བྱིན་རྟེན་རིགས་བྱུགས་པ་དྲིལ། འདིའི་ཡི་གེ་ཤར་རྟགས་མ་ནོར་བ་བྱུང་ན་ལེགས། ན་བཟའ་མེད་ཀྱང་ཆོག །དེའི་དབུས་དྲང་པོར་མ་ཎི་རིལ་བུ་ཤོག་རྒྱ་དང་། སྒྲུབ་ཆེན་བྱས་པའི་གཏོར་སྒྲུབ་ཀྱི་དུམ་བུ་ངེས་པར་དགོས་གསུངས། སྙིང་ཞོ་ཤ་རེ་བཅུག ། བུམ་རྫས་ཉེར་ལྔའི་རིལ་བུ་ཡོད་ཀྱང་བཞག །དར་སྣས་རྒྱབ་ནས་དྲིལ་བར་གསུངས་ཀྱང་སྟབས་མི་བདེ་བས། ངེས་པར་བཅུག་དགོས་ཚེ་དར་སྣ་རས་སྣ་དྲིལ་ལ་ཤོག་རྒྱ་བྱས་ཏེ་བཞག །དེ་ནས་འབྲུ་སྣ། ཀླུ་དང་ས་བདག་ལ་མི་གནོད་པའི་སྨན་སྣ། ཀླུ་སྨན། བུམ་རྫས་ཉེར་ལྔ། ཟངས་ལྕགས་སོགས་མ་ཡིན་པའི་རིན་ཆེན་སྣ་ཚོགས། ཤིང་རྟོག་སྣ་ཚོགས། གནས་ཆེན་གྱི་བཟང་ཤིང་སྣ་ཚོགས། གླ་རྩི་སོགས་མ་འདྲེས་པའི་སྤོས་སྣ། དུག་རིགས་མ་ཡིན་པའི་མེ་ཏོག་སྣ་ཚོགས་བླུགས། ཁ་ཆོད་ཤིང་ལེབ་བག་ཕྱེ་ལྟ་བུས་དམ་པར་སྦྱར་བའི་སྟེང་མི་འཁྲུལ་པའི་ཕྱིར་རས་སམ་ཤོག་བུ་ལྟ་བུ་སྦྱར། །རས་དཀར་པོ་ལ་རིགས་ལྔའི་ཕྱག་མཚན་གྱིས་མཚན་པས་ཁ་བཀབ། རས་དཀར་གྱིས་མགུལ་བ་བཅིངས་པའི་མདུད་པ་རྒྱབ་ཏུ་འོང་བར་བྱས་ལ་རྒྱས་བཏབ་བོ། །མངྒ་ལཾ། ༈ །མགོན་དཀར་ཡིད་


JKT021_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ནོར་བུའི་བུམ་གཏེར་ལ། །བུམ་པ་ཆེ་ཆུང་སོགས་སྙིང་གཏེར་དང་འདྲ་རི་མོ་བཀྲ་ཤིས་རྟགས་བརྒྱད་སོགས་བྲིས་ཀྱང་ལེགས་མོད། མདུན་དུ་གཏེར་བུམ་གྱི་ཁར་ནོར་བུ་མིག་གསུམ་གྱིས་མཚན་པ་ཙམ་བྲིས་པས་ཀྱང་རུང་། རྫས་ལ། ཐོག་མར་ཐིལ་དུ་སྙིང་གཏེར་ལྟར་ས་སྣ་སོགས་དགྲམ། དེ་ནས་ནས་དཀར་འབྱོར་ན་རབ། དེ་མིན་ནས་དཔུས་ལེགས་གཙང་མ་ལ་ཕྱུགས་པོ་ཆེན་པོ་དགུའི་ལག་ནས་བྱུང་བ་ལྟ་བུའི་འབྲུ་དཀར་སྣ་ཚོགས་བསྲེས་པ་བླུགས། དབུས་སུ་སྐུ་གཟུགས་བཞག་དགོས་ཤིང་། དེ་ཡང་སྤར་སྐུ་བྱུང་ན་ལེགས་པས། སྨན་སྣ། འབྲུ་སྣ། རིན་པོ་ཆེ་སྣ་ཚོགས་སོགས་གཡང་རྫས་གང་འབྱོར་དང་དཔལ་ཅན་གྱི་ས་ལས་སྐུ་ཚོན་གང་བ་ལས་མི་ཆུང་བར་ནང་དུ་གཟུངས་གཞུག་ཤོག་དྲིལ་རེ་བཞག །ཚོན་གྱིས་ཕྱེ་བའམ། དངུལ་འདུར་རམ། དཀར་རྩི་ལྟ་བུས་ལེགས་པར་བྱུགས། དེ་ལྟར་མ་འབྱོར་ན་ཤོག་བུ་ལ་སྤར་བཏབ། གང་ལྟར་ཡང་མགོ་གཞུག་མི་ལྡོག་པའི་ཕྱིར་ཤིང་ལེབ་ལ་སྦྱར། རབ་གནས་མདོར་བསྡུས་བྱས་ལ་སྐུ་དངོས་བུམ་པའི་སྟོད་ཀྱི་ཆར་ཁེལ་བ་བྱས་ལ་བཙུགས། དེའི་ཕྱོགས་བཞིའམ། མ་འབྱོར་ན་མདུན་རྒྱབ་གང་བདེར་གཟུངས་གཞུང་གསལ་གྱི་ཤོག་དྲིལ་ལ། ག་བུར། གུར་གུམ། ཙནྡན་དམར་པོ། སིནྡྷ་ར། གི་ཝཾ་རྣམས་


JKT021_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བྱུགས་པ་བཞག །འདི་ལའང་སྲོག་ཤིང་བྱུང་ན་ལེགས། སྐུ་དང་གཟུངས་ལ་ན་བཟའ་གསོལ་ན་དར་རས་སེར་པོས་བྱ། སྐུའི་མདུན་ཐད་ཀྱི་འོག་ཙམ་དུ་རིན་པོ་ཆེ་སྣ་ཚོགས། ཨ་རུ་གསེར་མདོག །བཟང་སྨན་སྣ་ཚོགས་བུམ་རྫས་ཉེར་ལྔ། གོས་དར་རས་སོགས་སྣ་ཚོགས། རྟ་ཕྱུགས་གཡང་ཅན་གྱི་སྤུ་སྣ་རྣམས་བཅུག །གཡང་རྫས་སྣ་ཚོགས་བསྡུས་པའི་རིགས་ཡོད་ན་ཤོག་རྒྱ་བྱ་བའམ། རིལ་བུར་བྱས་ཏེ་བཞག །དེ་ནས་འབྲུ་སྣ། རྒྱ་ཇའི་རིགས། ཤ་སར། མངར་གསུམ། མེ་ཏོག །ཤིང་ཏོག །སྤོས་སྣ་སོགས་ཀྱིས་འཐས་པར་བཀང་། ལུག་དར་མའི་སོགས་པ་གཡས་པའི་བལ་རྩི་མེད་པས་ཁ་བཀག །རས་དཀར་གྱི་ངོས་རྡོ་རྗེ་རྒྱ་གྲམ་གྱི་སྤར་བཏབ་པའི་ཁ་འགེབ་དང་། ཚོན་སྣ་ལྔའི་སྐུད་པས་མགྲིན་པ་བཅིངས་པའི་ལྷག་མ་ཁ་འགེབ་ཀྱི་སྟེང་ནས་རྒྱ་གྲམ་དུ་སྡོམས་ལ་རྒྱབ་ཏུ་རྒྱབ་བཏབ་བོ། །དབང་གི་འཁོར་ལོ་ཡོད་ན། དམིགས་བསལ་དགེ་འདུན་འདུ་བ་སོགས་དབང་སྡུད་ཀྱི་སླད་དུ་བྱེད་ན། བུམ་པ་མདོག་དམར་རྒྱ་སྐྱེགས་ལྟ་བུ་དང་། མདུན་དུ་ལྕགས་ཀྱུ་བྲིས་ན་ལེགས། རབ་གནས་བྱས་ཏེ་སྐུད་པ་དམར་པོས་དཀྲིས་པ་བུམ་པའི་མགུལ་དུ་གདགས་པའམ། བུམ་པ་དང་མཉམ་དུ་བཞག་ཚེ་བུམ་པའི་ནང་ན་བཟའ་དམར་པོ་དང་བཅས། སྐུ་གཟུགས་ཀྱི་མདུན་དུ་བཞག་པ་ལེགས་སོ། །ཤུབྷཾ། ༈ །ཀླུ་བུམ་ལ། །


JKT021_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

བུམ་པར་དཀར་རྩི་བྱུགས་རྒྱུར་སྦྱིན་མ་འདྲེས་པ་བྱུང་ན་ལེགས་པས། དབང་ལག་དང་བག་ཕྱེ་སོགས་ཀྱི་དམ་རྩི་སྦྱར་བར་གསུང་ནའང་། བག་ཕྱེ་རང་ལེགས་པར་མངོན་མདུན་རྟགས་ཕལ་ཆེར་གྱིས། ནཱཾ། བྲི་སྲོལ་ཡང་། དུང་དང་པདྨ་གང་རིགས་བྲིས་ན་ལེགས། མཐིལ་དུ་གནས་ཆེན་དང་བཀྲ་ཤིས་པའི་ས་ཆུ་ཤིང་སྣ་སོགས་གཙང་མ་དཀྲམ། དེ་ནས་འབྲུ་དཀར་ཆུ་གཙང་གིས་བཀྲུས་པ་ལ། གཙོ་བོར་ཀླུ་སྨན་ཚད་ལྡན་དང་། འུ་སུའི་མེ་ཏོག །འོམ་བུའི་མེ་ཏོག །ཤང་དྲིལ་གྱི་མེ་ཏོག །འབྲུག་ཤིང་གི་འབྲས་བུ། གསོ་མའི་འབྲུ། སྤང་སྤོས་སོགས་ཀྱིས་བུངས་བསྐྱེད་པས་བཀང་། དབུས་སུ་སྲོག་ཤིང་ཡུ་བ་ལ་ཤིང་ལེབ་སྒོར་མོ་སྦྱར་བར་ཀླུ་ཆེན་དགུའི་གཟུགས་ཡུམ་དང་བཅས་པ། བྲི་བ་བྱུང་ན་ཤིན་ཏུ་ལེགས་ཀྱང་གྲུབ་དཀའ་བས། སྲོག་ཤིང་ཟུར་བརྒྱད་པའི་རྩ་བའི་1.སྟོད་ཙམ་དུ། ཧཱུཾ། བརྒྱད་ཤོག་བུ་ལ་བྲིས་ཏེ་ཞལ་ནང་དུ་ཕྱོགས་པར་སྦྱར། ཤར་གྱི་སྟེང་དུ། ནཱཾ། གཅིག་ཞལ་ཕྱིར་བསྟན་ལ་བྲི། དེའི་རྒྱབ་ཐོད་ནས་ཀླུ་དགུའི་སྔགས་འདོད་གསོལ་དང་བཅས་པ་ཤོག་དྲིལ་གྱིས་དྲིལ་ཏེ། སེང་གེ་སྒྲ་སོགས་ཀྱི་སྒོ་ནས་བསྒྲུབ་རྒྱུའི་དུས་རྒྱུན་གྱི་ཀླུ་བུམ་དཀྱུས་མ་ལ་འདི་ཙམ་གྱིས་ཆོག ༈ །ཁྱད་པར་ཀླུ་དབང་རྒྱལ་པོའི་སྒོ་ནས་བསྒྲུབ་ན། ནཱི་སྟེང་མའི་སྟེང་དུ། ཀླུ་


JKT021_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

དབང་རྒྱལ་པོའི་སྐུ་ཁམས་ས་གཙང་མ་ལ་རིན་པོ་ཆེ་དང་ཀླུ་སྨན་བསྲེས་པས་སྤར་བཏབ་པའི་ནང་དུ་གཟུངས་སྔགས་འདོད་གསོལ་དང་བཅས་པའི་ཤོག་དྲིལ་རེ་བཅུག །ཕྱོགས་བཞིར་འཁོར་བཞི་འབྱོར་ན་སྐུ་བརྙན་དང་། མ་འབྱོར་ན་ཤར་ནས་གཡས་བསྐོར་གྱིས། སྒོ་མེ་དྷི་ཧྲཱིཿ བྲིས་པ་ཞལ་ནང་བསྟན་དུ་དྲིལ་ལོ། །དེ་ཙམ་སྟབས་བདེའི་དབང་དུ་བྱས་ཀྱཻ། གཞུང་གི་དངོས་བསྟན་ལྟར་ན་བུམ་པ་གཉིས་སོ་སོར་བྱས་ཏེ། འོག་ཏུ་ཀླུ་བུམ་དང་སྟེང་དུ་ཀླུ་དབང་རྒྱལ་པོའི་བུམ་པ་བཞག་པར་གསུངས་ཤིང་། རྒྱས་པར་ན་ཀླུ་ཆེན་དགུ་ལ་བུམ་པ་སོ་སོར་བྱ་བར་བཤད་དོ། །གང་ལྟར་ཡང་ཀླུའི་སྲོག་ཡིག་གི་མདུན་ཐད་ཙམ་དུ་ཁམས་གཙང་མ་ཀླུ་སྨན་དང་སྦྱར་བ་བ་དམར་མོའི་འོ་མས་རིལ་བུ་སྟར་ག་ཙམ་བྱས་ཏེ་མན་ངག་ལས་འབྱུང་བ་ལྟར་ཀླུའི་ནོར་བུར་བྱིན་གྱིས་བརླབས་པ་ཡོད་ན་བཞག །གཞན་ཡང་ཀླུ་སྨན་གྱི་རིལ་བུ་དང་ཕྱེ་མ། དར་སྣ། རས་སྣ། ཀླུ་ལ་མི་གནོད་པའི་རིན་པོ་ཆེ་སྣ་ཚོགས། ག་བུར་དང་། སྤོས་དཀར་སོགས་ཀླུའི་སྤོས་སྣ་ཚོགས། བ་གསར་དམར་ཟལ་ལས་བྱུང་བའི་ཞོ། འོ་མ། མར་ཏེ་དཀར་གསུམ་ལ། བལ་པོའི་ཤེལ་ཀར། བུ་རམ་མར་གྱིས་བཞུས་པ། སྦྲང་སྦྲང་རོ་སོགས་ཀྱི་སླད་མེད་པའི་དྭངས་མ་བཅས་མངར་གསུམ་སྦྱར་བའི་རིལ་བུ་རྣམས་བཅུག །ཁར་ཀླུ་


JKT021_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མི་གནོད་པའི་སྨན་དང་། མེ་ཏོག་དང་། སྤོས་དང་། འབྲས་བུ་སོགས་ཀྱིས་བཀང་ནས་འཇིམ་པས་བཅད། རས་དཀར་གྱི་ཁ་གཅོད་དང་མགུལ་ཆིངས་དཀར་པོ་བྱའོ། །གོང་གི་གཟུངས་སོགས་འཕྲི་རྫ་ས་མཚལ་དཀར་དང་། རྒྱ་སྣག་ལ་བལ་པོའི་ཤེལ་དཀར་གྱི་དམ་རྩི་སྦྱར་བ་ལས་སྤྲིན་སོགས་མ་འདྲེས་པའི་ཤིན་ཏུ་གཙང་སྦྲ་ཐོན་ངེས་གལ་ཆེ། དེ་བཞིན་དུ་ཀླུ་མཆོད་པའི་ཡོ་བྱད་ཀྱི་སྣོད་ཀྱང་། དངུལ་དང་ཟངས་དང་རྫ་མ་སོགས་ལས། ལྕགས་མཁར་བ་ར་གན་གཤའ་སོགས་མ་འདྲེས་པར་བྱ། ལས་བྱེད་པ་དང་། དེའི་ཉེ་འཁོར་ཐམས་ཅད་དུ་ཤ་ཆང་སྒོག་བཙོང་གླ་རྩི་སོགས་ཀྱི་དྲི་ཙམ་ཡང་མི་བྲོ་བར་ལག་ལེན་མཁན་རྣམས་ཀྱིས་ངེས་པར་བྱའོ། །མངྒ་ལཾ་བྷ་བ་ཏུ། ༈ །དུག་ཁྲག་བུམ་ཐང་མའི་ལག་ལེན་སྤར་བཅང་དུ་བསྟན་པ་བཞུགས་སོ། ༈ །ན་མཔདྨ་ཀཱ་རཱ་ཡ། དུག་ཁྲག་བུམ་ཐང་མའི་ལག་ལེན་སྤར་བཅང་དུ་བསྟན་པ་ལ། བཙན་དུག །ཁོང་དུག །རེ་ལྕགས། ཐར་ནུ། ཐང་ཕྲོམ། ཀ་ཤོ་ཀན། ཀྱི་ཀྱཻ། ར་དུག་སྦྱང་ཚེར་བ་སྟེ་དུག་སྣ་བཅུ་དང་། གཞན་ཡང་སྦྱར་དུག་དང་། དབྱིག་དུག་མ་གཏོགས་པའི་དུག་སྣ་གང་འཛོམས་དང་། ཁྱད་པར་བོང་ང་། བོང་དུག །ར་དུག་གསུམ་ནི་མེད་དུ་མི་རུང་ངོ་། །ཀྱི་སྐྱེ་བ་ཁྱད་པར་གྱི་རྫས་སོ། །མི་ཁྱི་ར་


JKT021_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕག་པ་གཅན་གཟན་རྣམས་ཀྱི་ཁྲག་དང་། ཡུག་སའི་མངལ་ཁྲག །དཔའ་བོ་གྲིར་ཤི་བའི་ཁྲག །བྱ་ཤ་ཟན་གྱི་ཁྲག་སོགས། མདོར་ན་ཕུག་རོན། འཕྱི་བ་དང་། མཛེ་ཅན་གྱི་ཁྲག་གསུམ་མ་གཏོགས་པའི་ཁྲག་སྣ་གང་འཛོམས་དང་། གཞན་ཡང་། གླ་རྩི། ཚིལ་ཆེན། མུ་ཟི་ནག་པོ་ལ་སོགས་པ་དྲི་མི་ཞིམ་པའི་རྫས་ཐམས་ཅད་བསགས་ཏེ་གླང་རུའི་ནང་དུ་བླུགས་ལ་རུལ་དུ་བཅུག་ལེགས་པར་བསྲེས། ལན་ཚྭ་དང་མུ་ཟི་སེར་པོས་དུག་ཁྲག་གི་ནུས་པ་བསད་པས་གཞུག་ཏུ་མི་རུང་། དེ་ནས་ཐོག་མར་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དུ་བསྒོམ་པ་ནི་ལྟ་བ་གྱད་ཀྱི་ལྷ་ཞེས་བྱའོ། །དེའི་ངང་ནས་ཐུན་སྣོད་བསྐལ་པའི་མེ་དཔུང་དུ་བསྒོམས་ཤིང་། མེ་ཡི་ཚྭ་ཚྭས་གནོད་བྱེད་ཐམས་ཅད་བསྲེག་པར་བསམ། རང་ཡི་དམ་གྱི་ང་རྒྱལ་བསྐྱེད་ལ་སྔགས་འདི་བཟླའོ། །ཨོཾ་ན་མོ་བུདྡྷ་ཡ། བཛྲ་ཀཱི་ལི་ཀཱི་ལ་ཡ། ནཱ་ག་དུ། ཙནྡྷེ་ཙནྡྷེ། མི་ལི་མི་ལི། བནྡྷ་བནྡྷ། ནཱ་ག་ནི་སྭཱ་ཧཱ། ཞེས་བཟླས་ཤིང་ངར་བཏགས་པས་མེ་ས་ལ་སྤྱད་པ་བཏང་པ་ལྟར་ཆེར་འབར་ནས་གནོད་བྱེད་ཐམས་ཅད་བསྲེགས་ཤིང་། རང་ཉིད་སྲིད་པ་གསུམ་ན་ཆེ་བཙན་འགྲན་ཟླ་དང་བྲལ་བའི་སྙེམས་པ་བཟུང་ངོ་། །དེ་ནི་རྩ་བའི་སྒྲུབ་པའི་ཐབས་སོ། །དེ་ནས་ལས་སོ་སོའི་ཁ་བསྒྱུར་བ་ནི། ཕོ་གདོན་ལ་


JKT021_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་ཤམ་བུར། རཱ་ཙ་མཱ་ར་ཡ་ནི་ཆཔཿ རཱ་ཙ་ཙིཏྟ་མཱ་ར་ཡ་གཏུང་༔ རཱ་ཙ་ཙིཏྟ་མཱ་ར་ཡ་ཛཿ ཞེས་བཏགས། དེ་བཞིན་དུ་མོ་གདོན་ལ། མ་མ་ཞུ་ཏྲི་མཱ་ར་ཡ་ཛཿ མ་མ་ཏྲི་ཛ་མཱ་ར་ཡ་ཛཿ མ་མ་རུ་ཏྲི་མཱ་ར་མ་ཆད༔ འགོང་པོ་ལ། ཏྲིའུ་ཏྲིའུ་མཱ་ར་ཡ་ཛཿ ཏྲི་ཤོ་མཱ་ར་ཡ་ཛཿ ཏྲིའུ་མཱ་ར་ཡ་ཛཿརྦད༔ ཞོ་ཆང་བསྲུངས་ན། ཨོཾ་མ་ར་ས་ར་བྱི་སར་སར་ཧཱུྃ་ཕཊ༔ རྦོད་གཏོང་བཟློག་ན། ཧཱུཾ་- ༈ བྷ་ཡ། ཧཱུཾ་བྷ་ཡེ། ལོ་ཀ་བྷ་ཏ་ཡ། ཧ་ཧཱུྃ་བཟློག༔ སེར་བ་བཟློག་ན། ཨོཾ་ཏདྱ་ཐཱ། ཏི་གི་ཏི་གུ་ལི། ཨུ་མི་ཤུ་ཤུ་གླུ་གླུ་ཏི་ཏི་བྷི་རི། ཧུ་ཡ་ཧུ་ཡ། ཧི་རི་ཧི་རི་སྭཱ་ཧཱ༔ ཁྱད་པར་གྱི་རྫས་ཐལ་ཆེན་ཉུངས་ཀར་ལ་བསྔགས། །ནད་རིམས་བསྲུངས་ན། ཨོཾ་ཀ་ཤ་ཕྲལ་ཤག །ནད་ཀྱི་སྙིང་གོང་དཀར་པོ་ཆོད་སྭཱ་ཧཱ། ཞེས་པ་རྣམས་གདགས། ལས་ཀྱི་མཐའ་སྡུད་པ་ནི། ཕོ་གདོན་གནོད་ན་ཁྱི་དཀར་པོའི་ཐོད་པར་གང་གནོད་པའི་ལིངྒ་བཅུག་སྟེ། ཉུངས་དཀར་ནག་གུ་གུལ་གྱི་ཐུན་གྱིས་བྲབ་སྟེ་ལམ་རྒྱ་གྲམ་དུ་མནན། མོ་གདོན་ལ། ཁྱི་ནག་པོའི་ཐོད་པར་ལིངྒ་བཅུག་སྟེ་ཡུགས་མོའི་དོར་རྟས་དྲིལ་ཏེ་ཉུངས་དཀར་ནག་ཏིལ་ནག་ཟི་ར་ནག་པོའི་ཐུན་རྣམས་ཀྱིས་བྲབ་ལ་ཐེམ་པའི་འོག་ཏུ་མནན་འགོང་པོ་ལ། རི་བོང་ཐོད་པར་ལིངྒ་བཅུག་སྟེ་ཉུངས་དཀར་ནག་སྐྱེ་ཚེར་བའི་ཐུན་གྱིས་བྲབ། རང་གི་མལ་


JKT021_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

འོག་ཏུ་མནན། དེ་དག་ཐམས་ཅད་ཀྱང་སྔགས་བཟླས་པའི་ཐུན་གྱིས་ཞག་གསུམ་དུ་བྲབ་ཅིང་མཐར་མནན་པར་བྱའོ། །ཞོ་ཆང་བསྲུངས་ན་སྔགས་རྫས་ཀྱིས་སྣོད་ལ་བྱུགས། རྦོད་གཏོང་བཟློག་ན་གཏོར་ཟོར་ལ་བསྔགས་ཏེ་གང་འདོད་པའི་ཕྱོགས་སུ་འཕང་། སེར་བ་བསྲུངས་ན། སེང་ལྡེང་གི་ཕུར་བུ་བཅུར་བསྔགས་ལ་དབུས་ཕྱོགས་མཚམས་སུ་བཙུག །ཉུངས་དཀར་ནག་ཐལ་ཆེན་ལ་བཟླས་ཏེ་བྱུང་བའི་གདོངས་སུ་བརྡེག །སེང་ལྡེང་ཕུར་པ་སོར་བཞི་པ་དྲིལ་ཞིང་གཞན་དུ་བསྒྱུར་བའི་དམིགས་པ་བྱ། ནད་རིམས་བསྲུངས་ན། ཚོན་སྐུད་སྣ་ལྔ་ལ་སྔགས་བཏབ་ཅིང་དུག་ཁྲག་དང་། གླ་རྩི། ཤུ་དག་བཅས་ཀྱི་ཐུམ་བུ་དང་སྦྲུགས་ཏེ་གང་བསྲུང་བ་ལ་གདགས་སོ། །གལ་ཏེ་དེ་ལྟ་བུའི་དྲག་པོའི་རྫས་སྦྱོར་འདོགས་པ་དང་བདུག་པ་སོགས་ཀྱིས་འགོ་བའི་ལྷ་སྲུང་བྱེར་བར་དོགས་ན། བྱ་རྒོད་དང་གཡག་གི་ཚིལ་བུ། གླ་རྩི། རིན་ཆེན་སྣ་ལྔ་རྣམས་སྤྲ་ཚིལ་གྱིས་བསྟུམས་ལ་ཐུན་དོང་དུ་གཞུག །ཕྱི་རུ་རྟེན་འབྲེལ་སྙིང་པོ་བྲིས་པས་ཐུབ་བོ། །འདིའི་འཁོར་ལོ་བྲི་བར་འདོད་ན། ཙཀྲ་རིམ་པ་ལྟར་བསྐོར་བའི་དབུས་སུ་ཡི་དམ་གྱི་སྙིང་པོ་དང་། དེའི་ཕྱི་རིམ་ལ་རྩིབས་དྲུག་ཏུ་སྔགས་ཀྱི་གྲོང་ཁྱེར་རེ་རེ་བཀོད། དེའི་ཕྱིར་རིམ་ལ་ལས་ཀྱི་བསྒྱུར་བའི་སྔགས་སོ་སོ་དང་། དེའི་ཕྱི་རིམ་ལ་རྡོ་རྭ་དང་།


JKT021_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྒྱབ་མེ་རིས་བསྐོར། ཕོ་འཁོར་ཡིག་མགོ་ནང་དུ་བསྟན་ཞིང་མདོག་སེར་པོ་བྱ། མོ་འཁོར་ཕྱིར་བསྟན་ནས་མདོག་དམར་པོར་བསྒྱུར། དེ་གཉིས་ལག་པ་གཡས་གཡོན་དུ་ཐོགས་ནས་བདག་ལ་བསྐོར་ཞིང་བར་དུ་གནོད་བྱེད་ཀྱི་ལིངྒ་བཅུག་སྟེ་རྡུལ་དུ་བརླག་བར་བསམ། དེ་ནས་བསྲུང་བྱའི་མིང་སྤེལ་དང་འདོད་གསོལ་བཅུག་ལ་རྟེན་སྙིང་གིས་རབ་གནས་བྱས་ནས་དཔུང་པ་གཡས་གཡོན་དུ་བཏགས་ན་རྡོ་རྗེའི་གོ་ཁྲབ་ཏུ་འགྱུར་རོ། །ཐུན་གྱི་རྫས་དེ་ཉིད་འཆང་བའི་སྣོད་ནི། རང་གནས་སུ་སྡོད་ན་པར་བུ་དང་། འགྲོ་ན་རྐང་གི་དོང་པར་བླུགས། དྲག་ལས་བྱེད་ན་གཡག་རུར་བཅང་། རྭ་ལ་བྱ་ཤ་ཟན་གྱི་སྒོ་ང་དང་སྤྲ་ཚིལ་བྱུགས་ན་མཁྲེག་ཅིང་ནུས་པ་ཆེའོ། །དེ་ལྟར་ལེགས་པར་སྦྱར་བའི་རྫས་འདི་ནི་བསྲུང་བ་ལ་རྡོ་རྗེའི་མཁར་རྫོང་ལྟ་བུ། བཟློག་པ་ལ་མཚོན་ཆའི་འཁོར་ལོ་ལྟ་བུ། མནན་པ་ལ་རི་རབ་ནག་པོ་ལྟ་བུ་ཡིན་པས་སྙིང་ལས་གཅེས་པའི་གདམས་པ་ཤིན་ཏུ་ཟབ་མོའོ། །དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོས་མ་འོངས་པའི་འགྲོ་བ་ལ་ཐུགས་བརྩེ་བས་དགོངས་ཏེ་གནམ་ལྕགས་ཀླུ་འདུལ་གྱི་རྒྱུད་གཏུམ་པོ་ཐུགས་ཀྱི་རྒྱུད་ནས་ཕྱུངས་ཏེ་མངའ་བདག་ཚངས་པ་ལྷའི་མེ་ཏོག་ལ་གནང་ཞིང་ལྷོ་མོན་ཤིང་ལོའི་ཚལ་གྱི་གནས་མཆོག་བུམ་ཐང་བྲག་ཏུ་སྦས་པའི་དུག་ཁྲག་གི་


JKT021_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་སྦར་བཅང་དུ་བསྟན་པ་སྣོད་མིན་རྣམས་ལ་ཤིན་ཏུ་གསང་བའི་རྒྱས་གདབ་བོ། ས་མ་ཡ། རྒྱ་རྒྱ་རྒྱ། །སྤྱི། རྟག་ཏུ་ལུས་ལ་བཅངས་པའམ་སྔས་དང་མ་བྲལ་བར་བྱ། སྐབས་སུ་སྔགས་བརྒྱ་རྩ་བཟླས་པས་ནུས་པ་གསོ། རང་ཉིད་ཀྱི་འཁོར་གཡོག་རྣམས་ལ་བསྲུང་བའི་ཐུམ་བུ་གདགས་སོ། །མངྒ་ལཾ། ༈ །དུག་ཁྲག་སྐབས། མིའི་གྲི་ཁྲག་གཙོ་བོ་ཡིན། གཞན་མི་རྟ་ཁྱི་གསུམ་གྱི་གྲི་ཁྲག་གཙོར་གྱུར་ཁྲག་སྣ་རྣམས་རྭ་ནང་བླུགས། མཐིལ་པྲ་ཚིལ་གྱིས་བཅད། ལུད་ཚན་ནང་དུ་རུལ་བཅུག །རྫས་ཀྱི་སྦྱོར་བ་ནི། བུམ་ཐང་རྩ་བར། བཙན་དུག་བོང་དུག་བོང་ང་རེ་ལྕགས་པ། སོགས་རྫ་ས་དེ་རྣམས་དངོས་བསྟན་རྣམས་དང་། གཞན་ཡང་དུག་དང་། ཕུག་རོན་ཁྲག་སོགས་དམིགས་བསལ་མ་གཏོགས་གཞན་རྣམས་བཏང་། དེ་ཡང་བདག་བསྐྱེད་ཕྱག་རྡོར་གཏུམ་པོ་ལྟ་བུ་དང་། རྭ་སྲུང་ནང་དུ་བླུགས། དུག་གི་ནུས་པ་སོ་མ་ཆེ་བ་ཡིན་པས་སོ་མའི་ཕྱི་མ་བླུགས། ཞོ་ཙམ་བྱ། སྔགས་ཕུས་བཏབ། ཞག་བདུན་ཙམ་བསྒྲུབ། དེ་ནས་གཅེས་སྤྲས་ཆེ་བས་དྲོད་དང་མ་བྲལ་བར་བཅང་། སྐབས་སུ་སྐོམ་གྲབ་བྱས་ནས་ཆང་རྒོད་རྩྭ་དང་དཀར་ཡོལ་སོགས་ལས་རིན་པོ་ཆེའི་སྣོད་དུ་གཏན་ནས་མ་རེག་པས་ཁ་ས་བཅིང་དུག་ཁྲག་སྐམ་པོའང་ཅི་རིགས་འདེབས། འདི་འཆང་བས་


JKT021_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུངས་བའི་ཕན་ཡོན་བསམ་གྱིས་མི་ཁྱབ་བོ། ༈ །ཐོག་སྲུང་ཟབ་མོ་མྱོང་གྲུབ་ནི། རང་ཐུབ་བ་རི་རབ་ལྟ་བུའི་སྟེང་དུ། ཐོག་རིས་འདི་འདྲ་ཞིག་གི་དབུས་སུ། ཨ་མདུན་ནས་བརྩམས་ཏེ། ༼ནི་༼གྷ ཛ་༼མུནིཏ༽ ཞེས་རྩིབས་ལྔར་འཁོད་པ་གསལ་བཏབ། རང་གི་ཞལ་ནས་རྟེན་འབྲེལ་སྙིང་པོའི་ཆོས་གསུང་བར་བསམས་ལ། གལ་ཏེ་བཟླས་པས་སྔགས་ཀྱི་འོད་ཟེར་རྡོ་རྗེར་འཕྲོས་ནས་ཕྱོགས་མཚམས་ཐམས་ཅད་གཏམས་པར་བསམ། ན་གྷ་ཛ་མུནྡྲི་ཏ་ཨ། དུག་སྔགས་རྡོ་རྗེ་ཕ་ལམ། ཏ་ས་ཧ་ས་ཀི་ལི་ཧ་ས། ཤོ་ཏྲི་ཕོ་ཕེར། ཙིཅུ་ད་ཧ་ས་ཧ་ས་ཧཱུྃ་ཕཊ། ༈ །རྫས་སྲུང་རྡོ་རྗེ་ཕ་ལམ་ནི། ཀུན་ཐུབ་རྩ་བའི་རྫས། ཨ་རུ་བ་རུ་སྐྱུ་རུ་བཙན་དུག་རྣམས་གཞི་བྱས་ལ། དེ་སྟེང་འབྲུ་ལྔ། རིན་པོ་ཆེ་ལྔ། ས་སྣ། ཆུ་སྣ། དམ་རྫས་ཀྱི་རིགས། དགེ་སློང་སྡོམ་ལྡན་དང་། སྔགས་པ་ནུས་ལྡན་གྱི་རྣམ་སྣང་ནུས་བསྲེགས་བཅས་ཁ་ཚར་དུ་གདབ་བོ། །དེ་ནས་གཉེན་པོ་སོ་སོར་སྤྲད་པ་ནི། སྲིན་པོའི་གཉེན་པོར་ཤིང་ཀུན། ཀླུ་དང་ཀླུ་བདུད་ལ་གླ་རྩི་མུ་ཟི་སེར་པོ་བ་བླ་ལྡོང་རོས། རྒྱལ་པོ་ལ་གུ་གུལ། དམུ་ལུ་ཤུ་དག་ནག་པོ། དཀོར་བདག་ལ་ཉུང་དཀར། ཐེའུ་རང་ལ་ར་ཚིལ། ས་བདག་ལ་རི་ཤོའི་རྩ་བ་དང་སྦྱང་ཚེར། བཙན་ལ་གཡེར་མ་རྟ་བོན་མ་མོ་ལ་རྒྱ་ཚོས།


JKT021_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་གདོན་ལ་མཁན་པ། མོན་པ་ལ་ཐང་ཕྲོམ། ཡུལ་ལྷ་ལ་ཀྱི་ལྕེ་དཀར་པོ། བདུད་ལ་རེ་ལྕགས། ཀླུ་སྲིན་ལ། ཐར་ནུ། དམ་སྲི་ལ་ར་དུག །ཕུང་སྲི་ལ་རྔ་མོང་སྤུ་རུས། གྲི་བོ་ལ་གྲི་ཤ །ས་སྲིན་ལ་དབྱི་མོང་ནག་པོ། ཟ་འདྲེ་ལ་ཝ་བྲུན། གཟའ་ལ་གཟའ་དུག་པ། ལན་ཚ། ཆགས་འདྲེ་ལ་མཛེ་ཁྲག །འགོང་པོ་ལ་སྤྱང་བྲུན་དང་དུད་པ་བྱ་བལ་མ། གནོད་སྦྱིན་ལ་སྔོ་སྟག་ཤ །རིམ་འདྲེ་ལ་སྤུ་ནག་དང་བྱ་རྒོད་སྤོས། གདོལ་བ་ནག་པོར་ཕག་སྣ། གཉན་ལ་བསེ་སྤུར་ཤ །བདུད་བཙན་ལ་སྒོ་གཅིག་མ། འབྱུང་པོ་སྤྱི་ལ་སྐེ་ཤངས་ཚེ། ཕོ་འདྲེ་ལ་ཉ་མཁྲིས། མོ་འདྲེ་ལ་རྒྱ་ཚྭ། གཞན་ཡང་ས་གསུམ་གྱི་གདོན་བགེགས་སྤྱི་ལ། གླང་རུ། ལུག་རྨིག །བོང་རྨིག །རྭ་གཞོབ། དྲི་ཆེན། དྲི་ཆུ། རྨ་བྱའི་མདངས། སྦལ་སྦྲུལ་གྱི་ཤ །ཕག་ཐུན། ཏེ་ལོའི་ཤ །སེང་སྡེང་། སྦྲང་རྩི། བུ་རམ། རི་བོང་བྲུན། ཁྱི་བྲུན། སྲམ་ཤ་རམ་གཞན་ཡང་བྲུན་གྱི་རིགས་གང་རྙེད་ཐམས་ཅད་ནུས་ལྡན་དུ་བསྲེག་ནས་ཆུ་སྣ་དགུས་རིལ་བུར་དྲིལ་ལ་བསྒྲུབ་པ་ཚུལ་བཞིན་དུ་བྱས། བྱུག་བདུག་བཅང་པས་ནད་གདོན་བགེགས་ཀྱི་རིགས་ཐམས་ཅད་སེལ་བ་མྱོང་བས་གྲུབ་པའོ། ༈ །རྫས་སྲུང་རྡོ་རྗེ་ཕ་ལམ། ནག་པོ་དགུ་ནི། ཨ་རུ་གཅིག་ནག་ཆུང་། གུ་གུལ་ནག་པོ། མུ་ཟི་དྲི་རྡོ་ནག་པོ། རྩི། །


JKT021_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་དག་ནག་པོ། ཤིང་། ཨ་གར་ནག་པོ། མིང་ཅན་སྔོ། ནག་པོ། ག་བུར་ཐུན། ནག་པོ། ཟི་ར་འབྲུ། ནག་པོ་སྟེ་དགུའོ། །རྩ་བ་བརྒྱད་ནི། སྤུ་ནག་རྩ་བ། གངས་ཐང་ཕྲོམ་རྩ་བ། ར་མེའི་རྩ་བ་སྨན། ཆུ་རྩ། ལྕུམ་རྩ། ཤོ་རྩ། ཐར་ནུའི་རྩ་བ། རུ་རྟའི་རྩ་བའོ། །ལོ་མ་བདུན་ནི། ཁུར་མོང་ལོ་མ། རེ་ལྕག་ལོ་མ། མཁན་དམར་ལོ་མ། སྟག་ཤའི་ལོ་མ། སྤང་རྩིའི་ལོ་མ། །གཟའ་དུག་སྤུ་བའི་ལོ་མ། པྲི་ཡང་ཀུའི་ལོ་མ། འཛིམ་པའི་ལོ་མའོ། མེ་ཏོག་དྲུག་ནི། ར་དུག་མེ་ཏོག །རྒོད་སྤོས་མེ་ཏོག །མིང་ཅན་སེར་པོའི་མེ་ཏོག །ཚ་བ་གསུམ་གྱི་མེ་ཏོག །འབྲས་བུ་ལྔ་ནི། ཨ་རུ་གསེར་མདོག །བ་རུ་ར། སྐྱུ་རུ་ར། ཡུངས་ཀར། སེ་འབྲུའོ། དྲི་བཞི་ནི། སྤོས་དཀར། ཏོང་ཀུ། མུ་ཟི་སེར་པོ། སྤང་སྤོས། རྡོ་རྗེ་གསུམ་ནི། གཟའ་བདུད་རྡོ་རྗེ། ཀླུ་བདུད་རྡོ་རྗེ། ཐལ་ཀར་རྡོ་རྗེ། རྩི་གཉིས་ནི། གླ་རྩི། ཤིང་ཀུན། བཅུད་གཅིག་ནི། དངུལ་གི་ཝཾ་ཡང་། ཆུ་ཚྭ་འདུར་རོ། །དེ་ལྟར་རྫས་སྣ་ཞེ་ལྔ། ལོ་བརྒྱད་དྲི་ཆུ། ག་བུར། གི་ཝཾ། གུར་གུམ། རྒྱུ་སྣག །རྒྱ་མཚལ་བཅས་ལྔ་ཡི་ཆུས་འདམ་བཏགས་རིལ་བུ་སྲན་མ་ཙམ་དྲིལ་བས་ནད། གདོན། བགེགས་རིགས་ཐམས་ཅད་དྲི་བསྣོམས་པས་ཐུབ་བོ། མངྒ་ལཾ།། ༈ །།བུམ་རྫས་ཉེར་ལྔ་སྤྱི་


JKT021_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་དང་། ལུགས་སོ་སོ་གསུམ། དུག་འདོན་བྱེད་མིན་དང་། སྦྱར་ཐབས་ཕྱག་ལེན་བཅས། དུས་འཁོར་བུམ་རྫ་ས། ཚེ་རྫས། བྱད་ཁྲོལ་བུམ་རྫས། ཕྱི་འདི་རྣམས་འདི་ནང་ཡོད། མཆོད། ནང་མཆོད་བདུད་རྩི་རིལ་བུ། སྨན་ལམ་རིམ། རཀྟ། གཏོར་མ། ཆོས་སྐྱོང་སྤྱན་འདྲེན་གྱི་སྤོས། ཆུ་གཏོར་རྫས། བསང་རྫས། གླུད་རྫས། བླ་བསླུའི་རྫས། ཀླུ་སྨན་ལུགས་གསུམ་ཕྱག་ལེན་བཅས་། མཎྜལ་འབུམ་ཐེར། ཆུ་གཏོར་འབུམ་ཐེར། བསང་འབུམ། ཚོགས་འབུམ། སྦྱིན་བསྲེགས་འབུམ། ཁང་བུ་བརྩེགས་པ་རྣམས་ཀྱི་ཕྱག་ལེན། ནག་པོ་དགུ་སྦྱོར། སྲུང་འཁོར། སྡེ་བརྒྱད་ཀྱི་རྫས་བཅས་སོ། ༈ །བླ་མ་རྣམས་དང་དཀྱིལ་འཁོར་འཁོར་ལོ་ལ། བཏུད་ནས་མཆོད་པའི་རྫས་ཀྱི་ཁྱད་པར་སོགས། ཉེར་མཁོའི་ཟིན་ཐུན་འགའ་ཙམ་འཆད་པ་ལ། བློ་གསལ་རྣམས་ཀྱིས་རྩེ་གཅིག་ཡིད་ཀྱིས་ཉོན། དེ་ལ་ཞབས་བསིལ་ནི་འོ་མ་དང་ཆུ་གཙང་མ་བསྲེས་པ་ལ་འབྱོར་ན་ཤུན་པ་ལྔ་རབ་གནས་ཀྱི་ཚབ་ཙནྡན་དཀར་དམར་ཨ་གར་འོམ་བུ་ཤུག་པ། གཞུང་༡ནས་བཤད་པ་བཞིན་བཏབ། །ཞབས་བསིལ་ནི་མངར་གསུམ་སྦྱར་བའི་ཆུ། མཆོད་ཡོན་ནི། འབྱོར་ན་འོ་མ་ཏིལ་དཀར་འབྲས་དང་ནི། མེ་ཏོག་དཀར་སེ་བ། པོ་ནས་དང་ནི། ཀུ་ཤ་གུར་གུམ་རྣམ་པ་བདུན། ཞེས་པ་བཏབ། མ་


JKT021_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་ན་པུཎྜ་རཱི་ཀའི་སེ་བའི། མེ་ཏོག །འཐོར་འཐུང་ནི་ཆུ་གཙང་མ་ཀུ་ཤའི་འཐོར་ཡབ་དང་བཅས་པ། མེ་ཏོག་ནི་དངོས་སེ་བ། སམ་བཅོས་མའམ་འབྲུ་དཀར་གྱི་ཚོམ་བུ་ལྷ་སོ་སོའི་ཁ་དོག །བདུག་སྤོས་ནི་སྦྱར་བའི་རེང་བུ་དང་། ཨ་ག་རུ་ནག་པོ་སོགས་ལྷན་སྐྱེས། མར་མེ་ནི་རྩི་མར་གྱི་སྒྲོན་མེ། དྲི་ཆབ་ནི། ཙནྡན་དཀར་དམར་གུར་གུམ་སོགས། བསིལ་ཞིང་དྲི་ཞིམ་པའི་ཆུ་གཙང་དུང་ཆོས་སུ་བླུགས་པའམ་དྲི་གུར་གུམ་ཨ་གར་ཙནྡན་གཉིས་ག་བུར། ལྔ། ཞལ་ཟས་ནི་དཀར་གསུམ་མངར་གསུམ་གྱིས་སྦགས་པའི་ལྷ་བཤོས། བླ་མེད་རིགས་ལ་བདུད་རྩི་རིལ་བུའང་བཏབ། རོལ་མོ་ནི། ཏིང་ཤག་དང་། དྲིལ་བུ། ཌ་མ་རུ་སོགས་རྒྱུད་སྡེ་སོ་སོར་བསྔགས་པ་བཅས་སོ། །དེ་དག་ནི་ཕྱིའི་མཆོད་པའོ། ༈ །རབ་གནས་རྣམ་བཤད་ཆེན་མོར། བལ་བུ། འོམ་བུ། ཁམ་བུ། ལྕང་སྐྱ། ཤུག་པ་ལྔ་ཡི་བར་ཤུན། དེ་སྟེང་སུག་དཀར། . ཉེ་ཤིང་། སྲན་དཀར་གྱི་ཕྱེ་མ་རྣམས་བསྣན་གསུང་། ༈ །སེང་གེ་སྒྲའི་ལུགས་ཀྱི་ཀླུ་སྨན། བཟང་དྲུག །མངར་གསུམ་འབྲས་བུ་གསུམ། རྒྱ་མཚོའི་སྦུ་བ། ཀཽཎཱ་ཀ་རཱི། ཆུ་སྲིན་སྡེར་མོ། དབང་ལག །ནཱ་ག་གེ་སར། པདྨ་གེ་སར། སྙི་བའི་མེ་ཏོག སྙི་བ་ཡིན་དང་། ཨུཏྤལ་སྔོན་པོ། མཚལ་དཀར། ཤག་ཚལ་སོགས། བུ་ཤེལ་རྩེ། །


JKT021_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ། གླ་དགོར་ཞོ་ཤ །མཁལ་མ་ཞོ་ཤ། །རྨ་བྱའི་མདངས། རྩ་ཁུ་བྱུག ཕྲུ་ཚང་ཀུ་བ། ནོར་བུ་མྱུ་གུ་འཕེལ་གདུང་། །ལེ་བལ་གུར། བརྒན། ལྷང་ཚེར་དཀར་པོ། མཁལ་སྲན་དཀར་པོ། གསེར་མེ། པྲི་ཡངྐུ། སྤང་རྒྱན་དཀར་པོ། ཆུ་དག་པ་སེར་ལྗང་རྩ་བ། སླེ་ཏྲེས། གྲྭ་མ། མོན་བུ། གླ་སྒང་། རྒུན་འབྲུམ། ནཱ་ག་པུབྦེ་རྣམས་སྦྱར་ཞེས་སྣང་། ༈ །རྗེ་བཙུན་སྒྲ་ལོའི་ཀླུ་གཏོར་ལས། སྐྲ་ཉམས་པ་སོས་བྱེད་རྨ་བྱའི་མདངས། མགོ་བོ་སོས་བྱེད་ཕྱྭ་ཚང་། ཀླད་པ་གསོ་བྱེད་མུ་ཏིག །ཀླད་རྒྱས་གསོ་བྱེད་ལྷང་ཚེར། རྣ་བ་གསོ་བྱེད་པུ་ཤེལ་ཙེ། མིག་གསོ་བྱེད་ཨུཏྤལ་སྔོན་པོ། སྣ་གསོ་བྱེད་སྤོས་དཀར། ཚེམས་གསོ་བྱེད་མགྲོན་བུ། ལྕེ་གསོ་བྱེད་ཤུ་དག་དཀར་པོ། ལྐོག་མ་གསོ་བྱེད་མ་ནུ་འུ་སུ། སྙིང་གསོ་བྱེད་སྙིང་ཞོ། མཆིན་པ་གསོ་བྱེད་གླ་གོར་ཞོ་ཤ །མཁལ་མ་གསོ་བྱེད་མཁལ་ཞོ། གློ་བ་གསོ་བྱེད་རྒྱ་མཚོ་ལྷུ་པ། རྒྱུས་པ་གསོ་བྱེད་རྡོ་རྒྱུས་བྱ་བལ་མ། ལྤགས་པ་གསོ་བྱེད་ཐང་དཀར་ཤུན་པ་ཚེ་ཉམས་པ་གསོ་བྱེད་རས་སྐུད་འབྲི་རྟ་ས་འཛིན། དམར་པོ། ༈ །འདི་སྐབས་རྨ་བྱའི་མདངས། བལ་ཡུལ་དང་། ཞྭ་ལུ་རི་ཕུག་སོགས་སུ་སྐྱེ་བའི་རྩ་རྨ་བྱའི་མདངས་ཟེར་བ་དེ་ཡིན། སྦྲུལ་ཤུན་ནི་འབྲུག་ཤིང་ཤུན་པ། ཐང་ལོ་དང་སྨྱུག་ལོ་སྔ་དང་སྨྱུག་གི་ལོ་མ། ཆུ་སྲིན་སྡེར་མོ་


JKT021_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

སྔོ་ལ་བྱེད། བྲག་ཝ། ནཱ་གི་མི་གཏོང་། རྒྱ་མཚོ་སྦུ་བ་དཀར་སོབ་འདི་འབུ་ཁོག་རེད། ཆུ་བལ་སྔོན་པོ་གཏོང་སྲོལ་ཡོད། ཀླུ་སྨན་སོགས་ལ་དུག་ཕྱུངས་རྡོ་དྲེགས་དམར་པོ་བཏབ་པས་ཕན། །སྨན་སྣ། དུག་སྣ་ནག་པོ༧། སྡེ་བརྒྱད་སྤྱིར་རྫས། མངར་གསུམ་དང་། དཀར་གསུམ་རིལ་བུ། རིན་ཆེན་ཕྱེ་མ། བསང་རྫས་བརྒྱ་རྩ། བུམ་རྫས་ཉེར་ལྔ་རྒྱས་སྤྲོས་ཅན། སྨན། རཀྟ། གཏོར་མའི་རྫས། ཉེར་སྤྱོད་ཀྱི་རྫས། ཀླུ་སྨན། བཟང་དྲུག་ཕྱེ་མ་བཅས་སོ། ༈ །ཇོ་ནང་ལུགས་ལ་རྗེ་བཙུན་གྱི་དཀྱིལ་ཆོག་ལས་རྫས་འདམ་གར་གསུངས་པའི་ནང་ཚན་རྙེད་སླ་བ། རྒྱལ་བའི་བུམ་རྫས། གཡུ་རམ་མེ་ཏོག་ལྗང་གུ། ཁབ་ལེན། ག་བུར། ཀཎྜ་ཀ་རི། གྲོ། རྣམ་རྒྱལ་ལ། གཡུའི་མལ་དུ་ཨུཏྤལ་སྔོན་པོ་མ་གཏོགས་གཞན་འདྲ། ཤར་དང་ཤར་ལྷོའི་བུམ་རྫས། མུ་མེན་ནམ་མེ་ཏོག་སྔོན་པོ། ལྕགས། ཀ་ཀོ་ལའམ་སུག་སྨེལ། རྟག་ཏུ་ངུ་། འབྲས་སོ་བ། ལྷོ་དང་ལྷོ་ནུབ་བུམ་རྗེས། བྱེ་རུ་འམ་མེ་ཏོག་དམར་པོ་ཉ་ལོའམ་གླང་སྣ་སོགས། ཟངས། གུར་གུམ། . སྤང་སྤོས།ནས། བྱང་དང་བྱང་ཤར་བུམ་རྫས། དུང་ངམ་མེ་ཏོག་དཀར་པོ། དངུལ། ཙནྡན་དཀར་པོ། དབང་ལག །ཟར་མའམ་ཁྲེ། ནུབ་དང་ནུབ་བྱང་བུམ་རྫས། སྤོས་ཤེལ་ལམ་མེ་ཏོག་སེར་ཆེན་


JKT021_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སེར་པོ། གསེར། རུ་རྟ། སླེ་ཏྲེས། སྲན་མའོ། །རྣམ་རྒྱལ་ཆེན་པོ་དེ་ཐམས་ཅད་གཞུག་གོ ༈ །རྣལ་འབྱོར་གྱི་རྒྱུད་ལས་གསུངས་པའི་བུམ་རྫས་ནི། བྱེ་རུ། གསེར། དངུལ། མུ་ཏིག །པདྨ་རཱ་ག་སྟེ་རིན་པོ་ཆེ་ལྔ། བྲྀ་ཧ་སྟེ་སྟག་སླེ་ཏྲེས། ཚེར་རམ། ཀཎྜ་རི། ཧ་ས་དེ་བ་སྟེ་དབང་ལག །དཊོཏྲ་ལ་སྟེ་དབྱུག་པའི་ཨུཏྤལ་ཞེས་པདྨ་གེ་སར། ཤྭ་ཏ་ཨ་པ་ར་ཛི་ཏ་སྟེ་གཞན་གྱིས་མི་ཐུབ་པ་དཀར་པོ་ཤུ་དག་དཀར་པོ་སྟེ་སྨན་ལྔ། འབྲས་དཀར། ནས་དཀར། གྲོ། ཏིལ་དཀར། སྲན་མ་མ་ཤ་སྟེ་འབྲུ་ལྔ། གུར་གུམ། ཨ་གར། ཙནྡན་དཀར་དམར་ག་བུར་སྟེ་དྲི་ལྔ། ལན་ཚྭ་རྟ་སོ་མ། སྦྲང་དཀར། ཤེལ་དཀར། བ་དམར་གྱི་མར། ཏིལ་མར་སྟེ་སྙིང་པོ་ལྔ། དེ་རྣམས་ལས་རིན་པོ་ཆེའི་དུག་འདོན། ཤིང་སྨན་རྣམས་ཀྱི་རྐང་དང་ཕྱིའི་ལྐོག་པ་བཤུས་ཏེ་བཏང་། བ་གསར་དམར་ཟལ་གྱི་འོ་མས་རིལ་བུར་བསྒྲིལ། བླ་མེད་སྤྱི་ལ་དེ་སྟེང་བདུད་རྩི་རིལ་བུ་བཏབ། ཁྱད་པར་དུས་འཁོར་ལ། བུམ་སྨན་རབ་རིན་པོ་ཆེ་རབ་རྡོ་རྗེ་རིན་ཆེན་ཁ་དོག་ལྔ། འབྲིང་ཨིནྡྲ་ནཱི་ལ་སོགས་ལྔར་བཤད་ཀྱང་དེང་སང་མི་རྙེད། དྲི་དང་སྨན་རྣམས་ལའང་དེ་མིན་ཉེར་ལྔ་སོ་སོའི་ནང་ནས་ལྔ་ཚན་ཇི་ལྟར་རྙེད་པ་རེ་བཏུས་ནས་བྱ་བར་གསུངས་མོད་ཀྱཻ། འདིར་བླ་མ་རྣམས་ཀྱིས་ཕྱག་ལེན་མཛད་


JKT021_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བུམ་སྨན་ཉི་ཤུ་རྩ་ལྔ་སྟེ། དེ་ལ་དང་པོ་སྨན་ལྔ་ནི། ཀཎྜ་ཀ་རཱི་ཆ༡། ཤིང་མངར་ཆ༢། རྨ་བྱའི་གཙུག་ཕུད་སྟེ་བལ་ཡུལ་ནས་ཁྱེར་འོང་བའི་རྩ་རྨ་བྱའི་མདངས་ཆ༣། པྲ་ཧ་ཏི་སྟག་ཚེར་ཆ༤། བློ་གི་རཱ་ཛ་སྟེ་ར་མོ་འདི་ལ་དཀར་ནག་གི་ཆ་འབྱེད་རྒྱུ་ཡོད་དམ་སྙམ། ཤག་ཆ་ལྔ་སྡོམ་ལ་སྨན་ལྔའོ། །གཉིས་པ་དྲི་ལྔ་ལ། གླ་རྩི་ཆ༡། ཛཱ་ཏི་ཆ༢། གུར་གུམ་ཆ༣། མུར་སྟེ་ས་ལུ་ལྗངས་བའི་རྩྭ་བ། ཤུ་དག་དཀར་པོ་ཆ༤། རུ་རྟ་ཆ་ལྔ་སྟེ་དྲི་ལྔ། འབྲུ་ལྔ་ནི། གྲོ་ཆ༡། འབྲུའི་ཆ་འབྲུ་འདོགས་པ་འདོད། ཏིལ་དཀར་པོ་ཆ༢། ཁྲེ་ཆ ༣། མ་ཤ་སྟེ་རྒྱ་སྲན་དཀར་པོ་ཆ། སྲན་མ་བོད་དུ་སྐྱེས་པ་ཆ་ལྔའོ། །རིན་པོ་ཆེ་ཐ་མ་ལྔ་ལ། ཤེ་ལ་སྔོ་རྩི་གཏོང་། ཆ༡། དཀར་གཟི་དང་མ་ན་ཧོ་གང་བྱུང་། ཁྲ་མེན་ཆ༢། བྱུ་རུ་ཆ ༣། མུ་ཏིག་ཆ༤། ཤུ་ལ་མ་ཎི་འདི་ལ་གཡུ་གཏོང་། སྟེ་ནོར་བུ་ལྗང་ཀུ་ཆ་ལྔའོ། །ལྔ་པ་ལྕགས་ལྔ་ལ། རྡོ་ཁབ་ལེན་༡། ལྕགས་ཁབ་ལེན་ཆུ༢། དངུལ་ཆ༣། གསེར་ཆ། རང་བྱུང་ཟངས་ཆ་ལྔའོ། །བུམ་སྨན་འདི་དག་ནི་རིལ་བུ་བསྒྲིལ་བ་མི་མཛད་ཅིང་ལྔ་ཚན་སོ་སོར་ཕྱེ་ནས་བུམ་པར་གཞག་ཚུལ་གསུངས་ཀྱང་བླ་མ་རྣམས་ཀྱི་ཕྱག་ལེན་དུ་རས་ཀྱི་ཐུམ་དུ་བྱས་པ་དུང་ཆོས་ཀྱི་ནང་དུ་འཇུག་གིན་འདུག་གོ །བུམ་པའི་ཆུ་ནི་འབབ་ཆུ་ལ་རྐང་པ་གཡོན་སྔོན་འགྲོས་གོམ་པ་གང་ཕྱིན་པས་ཆུའི་དཀྱིལ་ནས་


JKT021_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ལག་པ་གཡོན་གྱིས་བུམ་པ་ཆུར་བཅུག་ནས་གཅུས་པའི་ཆུ་ལ་བྱ་དགོས་ཞེས་རྗེ་ཡང་དགོན་པ་གསུངས་སོ། །ཤིང་ཤུན་ལྔ་ནི། ནྱ་གྲོ་དྷ། ཨུ་དུམ་ཝཱ་ར། བ་ཝ་ཀཱ། བི་སྤུ་མྱ། གནྡྷ་མུནྟ་སྟེ་འོ་མ་ཅན་གྱི་ཤིང་ཤུན་ལྔ་ཞེས་གསུང་། དེའི་ཚབ་ཏུ། ཙནྡན་གཉིས། ཨ་གར། འོམ་བུ། ཤུག་པ་རྣམས་གཏོང་ཟེར་ཡང་དཔྱད། ཏམུ་ལའམ་སོ་རྩི་ནི། གོ་ལ་ཞེས་པ་གོ་བྱེའི་ལོ་མ་ལས་བཅོས་པ་མུར་སྤྱད་ཞིག་ཡོད། དེའི་ཚབ་ཏུ་མཁལ་མ་གོ་ཡུ་དང་། སྟོད་ཇ་དཀར་པོ་གཉིས་མར་སོགས་དང་སྦྱར་རོ། ༈ །ཆོས་སྐྱོང་སྤྱན་འདྲེན་གྱི་སྤོས་ནི། རྟ་ནག་མཆིན་པ། གུལ་ནག །མི་སྨེ་ཅན་གྱི་ཁྲག་གམ་མ་འབྱོར་ན་གྲི་ཁྲག །ཡུངས་ཀར་གྱི་འབྲུ། སྒོག་གཅིག །བཙན་དུག་རྣམས་ཕྱེ་མར་སྦྱར་ནས་ཆང་གར་མས་རིལ་བུ་བྱ། རྣམ་སྲས་སྤྱན་འདྲེན་མན་ངག་ལས་བྱུང་བའི་སྤོས་ནི། སྤོས་དཀར། ཙནྡན་དཀར་པོ། ག་བུར། དུ་རུ་ཀ་སྟེ་ཨར་ནག །ཨར་སྐྱ་རྣམས་འབྲས་ཐལ་སིལ་སྦྱར་བས་རིལ་བུ་བྱེད། འདི་དག་དམིགས་གསལ་མ་གཏོགས་གར་ཐོད་ཐོད་དུ་མི་བསྲེགས། ༈ །ཀླུ་སྨན་སྐབས། བལ་པོའི་སེའུ་ཞེས་པ། དེ་ཆང་ཚབ་བམ། རབ་ཏུ་བྱུང་བའི་ཆང་ཞེས་ཁུ་བ་གཞུར་ནས་སྐོམ་བྱེད་པའི་ཤིང་ཏོག་གཅིག་ལ་བྱེད། སི་ལ་སོགས་ལ་བྱེད་པ་ནི་ནོར། སྦྲུལ་ལྤགས་འབྲུག་ཤིང་གི་ལྤགས་


JKT021_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། ཆུ་སྲིན་སྡེར་མོ་སྔོ་ལ་བྱེད་དོ། ༈ །ཐུགས་རྗེ་ཆེན་པོའི་རྣམ་བཤད་ལས་བྱུང་བའི་བུམ་སྨན་ནི། རིན་ཆེན། མུ་ཏིག །གསེར། དངུལ། བྱེ་རུ མུ་མེན་ལྔ། འབྲུ། ཏིལ་དཀར་པོ། ནས། གྲོ། མོན་སྲན་མ་ཤ་ཀ འབྲས་མ་གྲུག་པ་ལྔ། སྨན། དྲྀ་ཧ་སྟི་སྟག་ཚེར་ཏེ་སེ་འབྲུའི་མེ་ཏོག་གམ་སླེ་ཏྲེས། ཀཎྜ་ཀ་རི། ཚེར་མ་བྱེད་པ། དཎོཏྲ་ལ་དབྱུག་པའི་ཨུཏྤལ་སྟེ་ཨུཏྤལ་སྔོན་པོ། ཤྭ་ཏཱ་པ་ར་ཛི་ཏ་ནི་གཞན་གྱིས་མི་ཐུབ་པ་དཀར་པོ་སྟེ་ཤུ་དག་དཀར་པོ། ཧ་ས་དེ་བ་ལྷ་དགོད་དེ་ཅོག་མགོ་སྨན་ནམ་དབང་ལག །སྙིང་པོ། ཆུ་སྙིང་ལན་ཚྭ། མེ་ཏོག་གི་སྦྲང་། ཤིང་གི་བུ་རམ། རྩི་ཐོག་གི་མར་རམ་འོ་མ། སྨན་གྱི་ཨ་རུ་རའམ། བླ་མེད་ཀྱི་སྐབས་འབྲུ་བཅུད་ཀྱི་སྙིང་པོ་ཆང་སྟེ་ལྔ། དྲི་ག་བུར། གུར་གུམ། ཙནྡན་དཀར་པོ། ཛཱ་ཏིའམ་གླ་རྩི། ལི་ཤི་རྣམས་སོ། །ཤ་ལྔ་ནི། གླང་ཆེན། བ་ལང་། ཁྱི་དང་རྟ་ཁ་དོག་དཀར་པོ་རྣམས་ནད་ངན་པས་ཞི་བ་མ་ཡིན་པ་དང་། སྐྱེ་བ་བདུན་པའམ་སྐྱེས་ཕོ་མོ་གཡུལ་དུ་བསད་པའི་ཤ །བདུད་རྩི་ལྔ་ནི། དམ་ཚིག་ཅན་གྱི་དྲི་ཆེན་དྲི་ཆུ། ཁྱེའུ་གཙང་མའི་ཁུ་བ། ན་ཆུང་རྡོ་རྗེའི་མདའ་མ་ཕོག་པའི་པདྨ་རཀྟ། ཤ་ཆེན་གྱི་དྭངས་མ་ཀླད་པ་རྣམས་སོ། ༈ །ཀུན་རིག་རྣམ་བཤད་དཔག་བསམ་ལྗོན་པར། འབྲུ་ལྔ།


JKT021_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གྲོ་སྲན་མ་འབྲས་སོ་བ་ཏིལ་དཀར། རིན་པོ་ཆེ། གསེར་དངུལ་བྱེ་རུ་མུ་མན་མུ་ཏིག །སྨན་འདི་ལ་ཆུ་སྲིན་སྡེར་མོ་དང་ཨུཏྤལ། སླེ་ཏྲེས་ཤུ་དག་དཀར་རྒྱ་མཚོ་སྦུ་བ་དབང་ལག་ཀཎྜ་ཀ་རི་སྔོ། སྙིང་པོ། ལན་ཚྭ། བུ་རམ། མར་དཀར། འོ་མ་སྦྱང་ཞེས་གཙུག་དགུའི་དཀྱིལ་ཆོག་ལས་བཤད། རྣམ་འཇོམས་འགྲེལ་པར། ས་སྙིང་ཏིལ། ཆུ་སྙིང་ཚྭ། རྩི་ཐོག་སྙིང་པོ་མར། ཤིང་ཏོག་སྙིང་པོ་བུ་རམ། མེ་ཏོག་སྙིང་པོ་སྦྲང་རྩི། དྲི་ལྔ་ནི། ཙནྡན་གཉིས། གུར་གུམ། ག་བུར། ཛཱ་ཏི་ལྔ། ༈ །ས་སྐྱའི་དམ་རྫས་ཀྱི་རྩི། ཁ་ཆེ། གི་ཝཾ། ཙནྡན་དམར་པོ། ཤེལ་དཀར་རྟ་སོ་མ་རྣམས་ཡིན། དེ་དང་ཁ་ཆེ་མང་ན་སེར་ཤས་ཆེ། ཙནྡན་མང་ན་སྨུག་ཤས་ཆེ་བར་འོང་ངོ་། ༈ །བསངས་འབུམ་བྱ་ཚུལ་ནི། ས་གཙང་ཞིག་ཏུ་བྱར་བའི་སྣོད་ལྟ་བུར་ཤིང་སྣ་བསང་རྫས་སོགས་འདུ་བྱས་ལ། མི་བཅུས་ཤིང་སྣ་བསང་རྫས་ཀྱིས་བྲན་པ་ལག་གཉིས་ཀས་འཛིན། ངག་ཏུ་སྐད་ཆེན་པོས། གཅིག །བཅུ་ཉི་ཤུ་སུམ་ཅུ་ནས་བརྒྱ་འབུལ་ལོ་ཞེས་འབུལ་ཚུལ་དང་། དེ་མཚམས་གསར་པ་རེ་བསགས། གྲངས་འཛིན་ཞིག་གིས་དེ་ལྟ་བུ་འབུམ་ཕྲག་རེ་འགྲོ་ངེས་བྱེད། བླ་མས་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་མང་པོར་སྤེལ། ཚར་བ་དང་བསང་ཁང་དུ་འབུལ་ཞིང་། ཆབ་ཀྱིས་བྲན་པ། བསང་གཞུང་སྤྱི་དང་། །


JKT021_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

རི་བོ་བསང་མཆོད་གྱི་འབྲུ་གསུམ་འབུམ་ཐེར་བྱ། ལོང་མ་བྱུང་ཡང་བསངས་གཞུང་རྒྱས་པ་ཚར་གཅིག་གིས་སྤེལ་ལོ། །བསངས་ཀྱི་མཆོད་སྤོས་རྒྱས་པ་ནི། རིན་ཆེན་ཕྱེ་མ། བཟང་དྲུག །ཙནྡན་གཉིས། ག་བུར། ནཱ་གི །ཨ་གར་རིགས་གསུམ། འབྲས་བུ་གསུམ། གེ་སར་གསུམ། གུ་གུལ་གཉིས། རྩྭ་འབའ་ལ། རུ་རྟ། །མ་ནུ། ག་དུར། ས་སི་ལ། སྤང་སྤོས། རྒྱ་སྤོས། །བྲག་སྤོས། མཁན་པ་གསེར་མགོ། པྲི་ཡངྐུ། གནྟ་བྷ་དྲ། གླང་སྣ། ལུག་རུ་སེར། ཏོང་ཀུན། འུ་སུ། ཞོ་ཤ སེ་འབྲུ། ཨུཏྤལ། རྡོ་རྒྱུས། སྟར་ག་དང་རྒུན་འབྲུམ་སོགས། ༈ །ཚེ་རྫས་བསྡུ་ཐབས་ལ། བུམ་རྫས་ཉེར་ལྔའི་སྟེང་། རུས་ཉམས་གསོ་བྱེད་ཅོང་ཞི་རིགས་ལྔ། སྟོབས་ཀྱི་གསོས་བུ་རམ། མདངས་ཀྱི་གསོས་སྦྲང་རྩི། བཅུད་ཀྱི་གསོས་མར་དཀར། ཤ་ཡི་གསོས་བྲག་ཞུན། རྩའི་གསོས་ཨ་ཝ། ཚེའི་གསོས་ཤུག་འབྲས། བ་ལུ་མཁན་པ། མཚེ་དང་བཞི། བུང་བསྐྱེད་ཨ་རུ༣༠། བ་རུ༢༠། སྐྱུ་རུ། བཟང་པོ་དྲུག་དང་། མ་ནུ། རུ་རྟ། གི་ཝཾ། ནཱ་གི ། །ཙནྡན་དཀར་དམར་རྣམས་སོ་སོར་ཞོ་རེ་ཙམ། འབྲས་ཕྱེ་བྲེ་དོ། ན་བཟའ་མཚལ་བཏུལ་མའམ། ལི་ཁྲི་ཞོ་དོ། དམ་རྩི་མདོངས་འདོན་ཤེལ་དཀར་ཕུལ་ཕྱེད། དབང་ལག་ཕྲན་བུ་བཅས་སྟེ། དེ་


JKT021_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་སྒྲུབ་པས་རིལ་བུ་ཐོད་པ་གང་ཙམ་འབྱུང་། གཞན་ཡང་ཕབ་གཏའ་ལ་གོང་མའི་ཚེ་རིལ་བྱིན་ཅན་དང་། ཆོས་སྨན་སོགས་སེལ་མེད་ཀྱི་རིགས། གཡའ་མ་ལུང་སོགས་ཀྱི་ཚེ་ཆུ་དང་། ས་སྣ་ཆུ་སྣ་སོགས་བཅས་བསྲེ་བ་སྟེ། རཏྣའི་གསང་འདུས་ལྟར་རོ། །འདི་ལ་རྩ་བ་ལྔ་སོགས་ཚེ་བསྲིངས་པའི་རྫས་གང་འཛོམ་ཕྲན་བུ་རེ་བཏབ་ཀྱང་འགལ་བ་མེད་སྙམས། དེ་ནས། ས་སློང་བ། སྦྱོང་བ། གཟུང་བ། སྲུང་བ། ཐིག་གདབ། དཀྱིལ་འཁོར་བྲི་ཞིང་རྒྱན་བཀྲམ་ནས་དངོས་གཞི་སྒྲུབ་མཆོད་ལ་འཇུག་གོ །ཤིང་ཏོག་སྣ་ཚོགས། ཀ་པེད། ཤིང་མངར། སེ་མེ། མཚལ། ལི་ཁྲི། སླེ་ཏྲེས། ཀཎྜ་ཀ་རི། དབང་ལག །ཆུ་དག་དཀར་པོ། རྒྱ་མཚོ་ལྦུ་བ། ཆུ་སྲིན་སྡེར་མོ། རྡོ་དྲེགས་དམར་པོ། འབྲས། སོ་བ། ཏི་ལི། ཁྲེ། ཟར་མ། ནས། གྲོ། སྲན་མ། ལན་ཚྭ། ཀ་ར། བུ་རམ། སྦྲང་། མར། འོ་མ། ཞོ། ཇ་ཆང་། ཐུད། ཕུམ་ཕུམ། དར་ཚོན་སྣ་ཚོགས། སྟག་རས། གཟིག་རས་སོགས་རྫས་རྣམས་ཞིབ་ཏུ་བརྡུངས་ལ། སྤོས་དང་། ཕྱེ་མར། །གསེར་སྐྱེམས་སོགས་ལ་བསྲེ་བར་བྱའོ། ༈ །ཆུ་གཏོར་འབུམ་ཐེར་བསགས་ཚུལ་ནི། ཆུ་གཏོར་རྒྱས་པ་ཚར་གཅིག་གི་མཚམས། ཐེབ་ལྔར་རིལ་བུ་ཉི་ཤུ་རེ་བླགས། སཾ་བྷ་ར་བརྒྱ་རྩ་རེའི་མཚམས།


JKT021_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཉེར་སྤྱོད་དང་། མཚན་བཞི་བརྗོད་ལ་གཤེགས། དོ་ནུབ་ཡང་ཆུ་སྦྱིན་བཅས་མཐའ་སྡུད་བྱ། འདི་ནི་ཆགས་མེད་དང་། མཁྱེན་བརྩེ་སོགས་ཁ་འབར་མའི་མདོ་ལས་ལུང་དྲངས་ཏེ་གསུངས་པས་ཕྱག་ལེན་བདེ། དེ་ལྟ་བུའི་ཚུལ་གྱིས་སྔགས་བྱེ་བས་བསྔོ་བ་ལ་གཏོར་མ་བྱེ་བ་ཚར་ཟེར་གི་འདུག །གཞན་ཡང་ལོངས་སྤྱོད་སྤེལ་བ་ལ་ཛམྦྷ་ལ། ཡི་དྭགས་དང་བར་དོ་ལ་རེ་རེ་འདོད་དོན་སྒྲུབ་པ་ལ་དཀར་ཆ་བཞི། འབྱུང་བཞིའི་གནོད་པ་དང་ནད་སོགས་ལ་འབྱུང་བཞིའི་གཏོར་མ། དཀོར་སྦྱང་ལ་བུམ་གཏོར། ལན་ཆགས་རྐྱང་པ་ལ་གླུད་གཏོར། སྐེགས་རྩུབ་ལ་དབྱུ་གུ་དྲུག་ཅུ་རྩ་བཞིའི་གཏོར་མ། ཀླུ་གདོན་ལ་ཀླུ་གཏོར་སོགས་སོ། །ཆབ་གཏོར་འཇམ་དཔལ་མའི་རྫས། བསད་པས་ཚེ་ཐུང་བ་སྦྱོང་བྱེད། ལན་ཚྭ། བུ་རམ། སྦྲང་རྩི། མར། ཨ་འབྲས་སྟེ་སྙིང་པོ་ལྔ། བརྡུང་པས་ནད་སེལ་བྱེད། ཀཎྜ་ཀ་རི། སླེ་ཏྲེ། རྒྱ་མཚོ་སྦུ་བ། དབང་ལག །མ་ནུ། སྨན་ལྔ། འཕྲོག་པས་དབུལ་བ་སེལ་བྱེད། བྱེ་རུ། མུ་ཏིག །གསེར། དངུལ། མན་ཤེལ་སྟེ་རིན་པོ་ཆེ་ལྔ། ཁྲོས་པས་སྡང་བ་སེལ་བྱེད། གུར་གུམ། ནཱ་གི །ཙནྡན་གཉིས། ག་བུར་ཏེ་སྤོས་ལྔ། སེར་སྣས་བཀྲེས་པ་སེལ་བྱེད། ནས། གྲོ། འབྲས། སྲན་མ། ཏིལ་དཀར་སྟེ་འབྲུ་ལྔ། དཀོར་ཆ་ལྔ་ནི། ཆུ་


JKT021_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྱེ། དཀར་གསུམ་མངར་གསུམ། དར་རས་སྣ་ཚོགས། དུག་རིགས་མིན་པའི་མེ་ཏོག་སྣ་ཚོགས་སོ། །སྦྲང་རྩི་ཟུར་དུ་བྱ། ཟན་རིལ་ཡང་བྱུང་ན་འོ་ཞོ་མར་སྦྲང་སོགས་ཀྱིས་སྦྲུ་བར་བྱེད་པ་ལས་ཆུས་མ་རེག་པ་དགོས་གསུངས། འཇིགས་མེད་གླིང་པས་ཆུ་དང་། །བླ་མ་གོང་མ་དག་མེ་ཏོག་གི་ཁྲོལ་མཆོད་བྱ་བར་གསུངས་ཤིང་འབྱོར་པས་དབེན་པ་ལ་ཐབས་དམ་པ་ཡིན། ཆུ་ཁར་ཏིང་ཕོར་བརྒྱའམ་བཅུ། མི་གཉིས་སམ་བཞིས་བསྔོ་བས་གཞི་བྱིན་རླབས་ནས་ཡན་ལག་བདུན་པའི་བར་དང་། ནམ་མཁའ་མཛོད། མཆོད་པའི་སྤྲིན་གྱི་གཟུངས། ཡེ་ཤེས་སྐར་མདའི་གཟུངས་རྣམས་སྔགས་རྒྱ་རོལ་མོ་དང་བཅས་པས་བྱ། ༈ །བརྒྱ་མཆོད་ནི་མར་མེ་མ་གཏོགས་གཞན་གཅིག་ལ་ཁ་གསོས་ཀྱང་རུང་། ༈ །མཎྜལ་འབུམ་ཐེར་ལ་འབྱོར་ལྡན་གྱིས་ཚོམ་བུ་རེ་རེ་བཞིན་བརྗེ། འབྲིང་གིས་བརྒྱ་ཚར་ཙམ་གྱིས་མཚམས་དང་། ཐ་མས་ཀྱང་ཉིན་ཞག་རེར་བརྗེ་དགོས་རབ་སོ་བདུན། ༈ །འབྲིང་ས་གཞི་སྤོས་བྱུགས། ཐ་མ་སྔགས་བསགས། ༈ །ཚོགས་བརྒྱ་ལ། ཚོགས་ཆེ་བ་གཅིག་གི་མཐའ་སྐོར་དུ་ཚོགས་འབི་འམ། རིལ་བུས་བསྐོར། སྔར་གྱི་ཕྱག་ལེན་རབ་ཆོ་ག་བཟླས་པ་ཚོགས་བསྐང་ལྷག་མ་ནས་བཀྲ་ཤིས་བར་སྔར་ལྟར་བྱེད་པ་དང་། འབྲིང་ལྷག་མ། ཀཿཐོག །ཡན་དང་། བཟོད་


JKT021_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་རེ་བྱེད་པ་དང་། ཐ་མ་ལས་བྱང་བསྡུས་པ་རེ་དང་ཚོགས་བསྐང་ལྷག་མ་ཡན་བྱ་བ་དང་། ཕྱག་ལེན་ཡངས་པའི་ཕྱོགས་ལ་ལས་བྱང་རྒྱས་པ་ཚར་གཅིག་གི་མཚམས། ཚོགས་ལྷག་མ་ཡན་ཁོ་ན་བསགས་པ་རྣམས་སོ། །ཚོགས་རྫས་ལ། ཟླ་རྒྱས་ནི། ཞོ་དང་། ཁུར་བ། ཟླ་ཕྲམ་ཐུད། ཕྲུ་མ། ཛཀྟི་ཤའམ། སྦང་གྲུམ་ཆང་། ཤེལ་གོང་སྒོང་། ཐར་པ་ཚོད་མ། ཚམ་ལོ་ཁུར་བ། ཙི་ཏེ་པྲི་ཡངྐུ། ཚོ་ཤ་བཅོས་པ། གལ་ནི་ཕྱི་ཤ་བསྲེགས་པ། ཀུན་ཏུ་རྒྱུ་ཚྭ་སྤང་ན་སྐྱེ་བའི་ཤྭ་མོང་སྣ་ཚོགས། རྩི་ཐོག་མར། ཟླ་ཕྲམ་བཟོ་རྒྱུན་ལྟར་རོ། ༈ །སཱ་ཙྪ་འབུམ་ཐེར་སོགས་ལ། ས་2ལ་རིན་པོ་ཆེ། འབྲུ་སྣ། ས་སྣ། ཆུ་སྣ། བྱིན་རྟེན་སོགས་བསྲེ། རྟེན་སྙིང་དང་། གཙུག་གཏོར་དྲི་མེད། རྣམ་རྒྱལ་མའི་གཟུངས་ཐུང་བཅས་སམ། མ་གྲུབ་ན་རྟེན་སྙིང་གཅིག་པུ་སྲོག་ཤིང་རྩ་རྩེ་མ་ལོག་ཕྲ་མོར་མགོ་ནས་མར་དྲིལ་ལ་གཟུངས་གཞུག་ཕུལ། བཞུགས་ཁང་ས་བཀྲ་པདྨ་འདབ་མ་བརྒྱད་པའི་དབུས་ཁང་པའི་བད་ནང་དང་མཉམ་པའི་རྩ་རྩེ་མ་ལོག་པའི། ཤར་དུ་གཙུག་ཏོར་དྲི་མེད།ལྷོར་རྣམ་རྒྱལ། ནུབ་ཏུ་གསང་བ་རིང་བསྲེལ། བྱང་དུ་བྱང་ཆུབ་རྒྱན་འབུམ། རྩེ་མོར་མཆོད་རྟེན། རྩ་བར་རྡོ་རྗེ་ཕྱེད་པ་རྣམས་བྲི་བརྐོས་གང་རུང་བྱ། གཞན་ཡང་གཟུངས་གཞུག་གང་འབྱོར་གོ་མ་


JKT021_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ལོག་པར་བྲིས། དར་རས་སེར་པོས་ལྕིབས། རྒྱབ་ནས་གྲོ་གའམ་ཤུག་ཤུན་སོགས་ཀྱིས་ལྕིབ་ནས་བརླན་མི་ཕོག་པར་དྲང་པོར་བཙུགས། དེའི་ཕྱི་ནས་བར་སེང་མེད་པར་སཱཙྪ་རྣམས་བསྒྲིགས་ལ་ས་སྐམ་པོས་བར་མཚམས་མེད་པར་སག་དེ་སྟེང་ཡང་དེ་ལྟར་སོགས་ལག་ཚག་ཤིན་ཏུ་དམ་པར་བྱ། སཱཙྪ་རྣམས་སྐམ་པ་གལ་ཆེ། ཤར་དུ་སྒོ་ཆུང་ཞིག་བཏོད། སྟེང་དུ་རྒྱལ་མཚན་ཉི་ཟླ་ནོར་བུའི་ཏོག་ཅན་སོགས་བྱ། དེ་ནས་མཆོད་རྟེན་ལྟར་རབ་གནས་རྒྱས་བསྡུས་གང་རིགས་ཀྱིས་མངའ་གསོལ་བ་ཕྱག་ལེན་ནོ། །རྒྱུ་མཆོད་རྟེན་ཁང་བུ་བརྩེགས་པའི་ལུགས་ཀྱི་ཐིག་གདབ་པར་བྱའོ། ༈ །སྦྱིན་སྲེག་རྒྱུན་འདོན་དང་འབུམ་ཐེར་སྐབས། ཡམ་ཤིང་དང་། མར་ཁུ་མ་གཏོགས་པ་རྣམས་ཕྱོགས་གཅིག་ཏུ་ཁྲོལ་བུའམ་རིལ་བུ་བྱ། གྲངས་བསག་སྐབས་ལས་སྤྱིར། གོང་གི་སྤྱི་སྡོམ་གྱི་རྫས། ལྷ་སྔགས་བརྒྱ་རྩ་རེའི་མཚམས་སུ་འདོད་གསོལ་བཅས་འབུལ། །ལས་ཁྱད་པར་བ་ལ། ཚེ་རྒྱས་པར་རྫས། དུཌྷ་དང་ལྷ་སྔགས་ལ། བཛྲ་ཨ་ཡུ་ཥེ་སྭཱ་ཧཱ། ཞེས་དང་། སྤེལ་ཚིགས། ཚེ་རྒྱས་པར་གྱུར་ཅིག །པུཏྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ལྟ་བུར་སྦྱར། ཟས་མཆོག་ནི་མངར་གསུམ་ཕྱེ་དང་བསྲེས་པ་ཞེས་སྦྲུས་པའོ། ༈ །གླུད་རྫས་ནི། ལྕགས། ཟངས། མུ་ཏིག །གསེར། གཡུ་དུང་། ལུང་ཏང་། ཟང་


JKT021_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཁབ། མགྲོན་བུ། དར་ལེབ་བརྒན། ཟེར་མོའི་སྒྲོ། དབང་ལག །སྙིང་ཞོ། བསེ་ཁྲབ་བྱུང་། མཚལ་སོགས་སོ་སོའི་གནས་སུ་གཞུག་པའམ། གཅིག་ཏུ་བསྡུས་ནས་གླུད་ཟན་ལ་བསྲེ། ༈ །ལིང་ག་བྲི་རྫས་དུག་ཁྲག་ནི། མི་རྟ་ཁྱི་བྱ་གཅན་ཤ་ཟན་གདུག་པ་ཅན་རྣམས་ཀྱི་སྙིང་ཁྲག །གྲི་ཁྲག་བཅས། བོང་ང་། ཐང་ཕྲོམ། རུ་དུག །རེ་ལྕགས། སྤྱང་དུག་སོགས་དུག་སྣ། ཟར་མ། རོ་བསྲེགས་པའི་རུས་པ། ཏིལ་ནག །བ་བླ་ལ། ལྡོང་རོས། ཚྭ། ཀེ་ཚེ། ཤངས་ཚེ། ཡུངས་དཀར། སྒོག་སྐྱ། གཡེར་མ། རོ་སོལ་རྣམས་ལྕགས་སྣོད་དུ་སྣག་ཚ་དང་སྦྱར་རོ། ༈ །གཏོར་མ་མགྲོན་ཚན་བཅུ་གཉིས་མི་གྲངས་རེའི་ཉིན་རེར་ཚར་ཉི་ཤུ་རྩ་ལྔ་འགྲོ་རྩིས་བྱས་ན་ཚར་རེ་ལ། ༡༤༠ གྲྭ་པ་རེས་ཉིན་རེར་གཏོར་སྔགས་སུམ་སྟོང་ལྔ་བརྒྱ་འགྲོ་བས། གྲྭ་པ་བཅུས། སུམ་ཁྲི་ལྔ་སྟོང་ལགས། གྲྭ་པ་བཅུས་ཉིན་གསུམ་ལ་འབུམ་ཕྲག་གཅིག་དང་ལྔ་སྟོང་འགྲོ །དེ་སྟེང་གྲྭ་པ་གཉིས་ཉིན་གཅིག །བསྣན་ན། འབུམ་གཅིག །ཁྲི་གཅིག །སྟོང་གཉིས་འཕྲོ་བས་ཁ་སྐོང་དང་བཅས་པ་ལེགས་པར་གྲུབ་པ་ཡིན། དེས་གྲྭ་པ་བཅུ་གཅིག་གིས་ཉིན་གསུམ་བྱས་ན་ལེགས་པར་མངོན་ནོ། །མདོར་ན་གྲྭ་པ་བཅུ་གཅིག་གིས་ཉིན་གསུམ་ལ། ཆིག་འབུམ། ཆིག་ཁྲི། ལྔ་སྟོང་།


JKT021_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བརྒྱ་འགྲོ། ༈ །རྗེ་བཙུན་སྒ་ལོའི་ལུགས་ཀྱི་ཀླུ་གཏོར་ལས་བྱུང་བའི་རྫ་ས་ནི། དབུགས་ཉམས་གསོ་བྱེད་ག་བུར་ཛ་ཏི། དྲི་ངད་བཟང་བྱེད་གུར་གུམ་ཙནྡན། ཡན་ལག་སོས་བྱེད་དབང་ལག །སེན་མོ་སོས་བྱེད་ཆུ་སྲིན་སྡེར་མོ། །ཁྲག་ཉམས་སོས་བྱེད་མཚལ་དཀར་དམར། རུས་ཉམས་སོས་བྱེད་དུང་། མིག་འབྲས་ཉམས་པ་སོས་བྱེད་གཟི། ལྕེ་ཉམས་སོས་བྱེད་རྒྱ་དར་དམར་པོ། རྩ་ཉམས་སོས་བྱེད་ཟི་ཧུན་རས་སྐུད། དོན་སྙིང་སོས་བྱེད་སྙིང་ཞོ། ཤ་ཉམས་སོས་བྱེད་གླ་གོར་ཞོ་ཤ །མཁལ་ཉམས་སོས་བྱེད་མཁལ་ཞོ། རྩ་ཉམས་སོས་བྱེད་པུ་ཤེལ་ཙེ། མདངས་ཉམས་སོས་བྱེད་རྨ་བྱའི་མདངས། པགས་ཉམས་སོས་བྱེད་སྦྲུལ་ཤུན། སྐྲ་ཉམས་སོས་བྱེད་ཐང་ལོ་སྨུག་ལོ། རྒྱུས་འཁུམས་སོས་བྱེད་རྡོ་རྒྱུས། ཚིལ་ཉམས་སོས་བྱེད་དངུལ་དཀར་པོ། །རོ་མཆོག་མྱོང་བྱེད་དུ་ཧཾ་ཀར། ལུས་ཀུན་མཛེས་བྱེད་མེ་ཏོག་ཤིང་ཏོག །ཚེ་དཔལ་རྒྱས་བྱེད་རིན་པོ་ཆེ། རྐང་མར་སོས་བྱེད་རྒྱ་མཚོ་ལྦུ་བ། རྣ་དབང་སོས་བྱེད་ནཱ་ག་གེ་སར། པདྨ་གེ་སར། ༈ །གཞན་ཡང་། སླེ་ཏྲེས། ལི་ཤི །སུག་སྨེལ། ཟི་ར་དཀར་ནག །ཨུཏྤལ་སྔོན་པོ། ཨ་རུ། སྤང་སྤོས། ཏིལ་དཀར་ནག །ཐལ་དཀར་རྡོ་རྗེ། སོ་མ་ར་ཛ། རྒུན་འབྲུམ། ཤིང་དངར། སྦྲང་རྩི། དར་ཟབ། དཀར་


JKT021_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། མངར་གསུམ་བཅས། འདི་ལྔ་པ་རིན་པོ་ཆེའི་ལུགས་ལྟར་ཡིན། ཡང་ལུགས་གཅིག་ལ། ཛཱ་ཏི། མགོ །གཟི། མིག །རྒྱ་མཚོ་ལྷུ་བ། ཀླད་པ། ཨུཏྤལ། སྣ། ཉ་ལྕིབས། འགྲམ་པ། ལི་ཁྲི། ཤ །མཚལ། ཁྲག ལེབ་བརྒན། ལྗགས། མགྲོན་སོ། བུ། དུང་། རུས། གུར་གུམ། དྲི། ཙནྡན་དཀར་པོ། ཚད་ནད། རྨ་བྱའི་མདངས། མདངས། དར་ཚོན་སྣ་ལྔ། ལྤགས་པ། སྙིང་། སྙིང་ཞོ་ཤ །མཁལ་ཞོ། མཁལ། གླ་གོར་ཞོ་ཤ །སློག །ཆུ་སྲིན་སྡེར་མོ། སྡེར་མོ། དབང་ལག །ལག་པ། ཕྱ་ཚང་ཀུ་བ། གྲོད་པ། ཚུལ་ཁྲིམས། སྤོང་སྤོས། སྤུ་ཤེལ་ཙེ། རྩ་རྒྱུས། རྡོ་རྒྱུས། ཆུ་རྒྱུས། སླེ་ཏྲེས། རྒྱུ་མ། བྱི་ཏང་ཀ །རེག་བྱ། ཨ་རུ་ར། ནང་ཁྲོལ། འདམ་བུ་ཀར། གནས་ཁང་། རིན་ཆེན་སྣ་ལྔ། བང་མཛོད། དཀར་མངར་ཁ་ཟས་ཉམས་པ་རྣམས་སོས་བྱེད། ཀར་ལུགས་སོ། ༈ བླ་བསླུའི་གླུད་རྫས་ལ། ཟེར་མོའི་སྒྲོ། མུ་ཏིག ཀུ་བ། ལུང་ཐང་། དར་ལེབ་བརྒན། མགྲོན་བུ། དུང་། མཚལ། བསེ། རྡོ་རྒྱུས། སྙིང་ཞོ། མཁལ་ཞོ། དབང་ལག །ཆུ་སྲིན་སྡེར་མོ། ཟངས་ལྕགས། ཆོ་ག་ལ། འབྱུང་བ་དང་སྦྱར་ཏེ་སྤྱིར་བསྔོ་བ། སྤར་ཁའི་ཐོག་གི་གདོན་བྱེ་བྲག་པར་བསྔོ་བ། ཕྱོགས་བཅུའི་གདོན་ལ་བསྔོ་བ། ཁྱད་པར་ཟླ་གཤེད་ཀྱི་བདུད་རེ་སྡེ་མགོ་ཉག་དང་། བྱང་ཤར་གྱི་སྲོག་


JKT021_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བདག་རྒྱལ་པོ་གཉིས་ལ་བསྔོ་བ། བླ་འགུགས་པའི་སྔགས་བཟླ་བའོ། །སྔགས་ནི། ཨ་ཧ་རི་ནི་ས་རྫབ་རྫབ་རྫུབ་རྫུབ་བྷ་ཏྲ་སློང་སློང་ནི་ཁུག་ཛ་ཛཿ ཤིན་ཏུ་དག་པའོ། ༈ །དུས་འཁོར་བུམ་རྫས་སྨན། ཀཎྜ་ཀ་རི། ཤིང་མངར། རྩྭ་རྨ་བྱའི་གཙུག་ཕུད། སླེ་ཏྲེས། ར་མོ་ཤག་སྟེ་ལྔ། ༈ །དྲི། གླ་རྩི། ཛཱ་ཏི། གུར་གུམ། ཤུ་དག་དཀར་པོ། རུ་རྟ་སྟེ་ལྔ། ༈ །འབྲུ། གྲོ། ཏིལ་དཀར་པོ། ཁྲེ། སྲན་མ་མ་ཥཱ། བོད་སྲན་ཏེ་ལྔ། ༈ །རིན་པོ་ཆེ། ཤེལ། དཀར་ཕྲ་མེན། བྱེ་རུ། མུ་ཏིག །ཤུ་ལ་མ་ཎི་ཞེས་གཡུ་སྟེ་ལྔ། ༈ །ལྕགས། རྡོ་ཁབ་ལེན། ལྕགས་ཁབ་ལེན། དངུལ། གསེར་། རང་བྱུང་ཟངས་ཏེ་ལྔ། ལྔ་ཚན་རེ་རེ་བཞིན་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཆ་རེ་བསྐྱེད་པར་གསུངས་པ་ལྟར་སྦྱར་བ་སྟེ། དེའང་དྲི་ལྔའི་གྲས་སུ་གླ་རྩི་ཞོ་གང་། རིན་པོ་ཆེའི་གྲས་སུ་ཕྲ་མེན་ཞེས་གཟིའམ་མ་ན་ཧོ་གང་རིགས་ཞོ་བཞི། ལྕགས་ལྔའི་གྲས་སུ། དངུལ་རྡོ་སྲང་དོ། གསེར་རྡོ་སྲང་གསུམ་དྲགས། །རང་བྱུང་ཟངས་དང་ཟངས་རྡོ་སྲང་དོ་རྣམས་བསྲེ། རིན་པོ་ཆེ་དང་ལྕགས་ལྔ་དུག་འདོན་ལེགས་པོ་བྱེད། སླར་སོ་སོར་ཐང་ལྟར་ཁྲོལ་ཙམ་བརྡུང་ནས་སྒྲུབ་མཆོད་སོགས་ཀྱི་སྐབས་རས་ཀྱི་ནང་དུ་ཐུམ་པོ་བྱས་ཏེ་དུང་ཆོས་ཀྱི་ནང་དུ་བཅུག་པར་གསུངས་པ་ལས་རིལ་བུར་དྲིལ་བ་སོགས་


JKT021_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

མི་མཛད་དོ། ༈ །ཨོཾ་སྭ་སྟི། བུམ་རྫས་སྐབས་སུ་ཉེར་མཁོའི་དྲིའི་ཆུ་ནི། རྡོ་རྗེ་སྙིང་རྒྱན་ལས། ཙནྡན་༡དང་ནི་རྒྱ་སྤོས་༢དང་། ག་བུར་༣དེ་བཞིན་གུར་གུམ་༤དང་། ཨ་ག་༥རུ་དང་ལྷ་ཡི་ཤིང་༦། ཙནྡན་༧དམར་པོ་ཉིད་དང་ནི། ཞེས་རྫས་བདུན་སྦྱར་བའོ། །ཞི་པའི་མཆོད་ཡོན་ལ། ནས་དཀར། འོ་མ། མེ་ཏོག་དཀར་པོ། ཀུ་ཤ །ཏིལ་དཀར། འབྲས་ཡོས། བདུད་རྩིར་བཅས་པའི་དྲི་དཀར་པོའི་ཆུ་སྟེ་རྫས་བདུན་ནོ། །རྒྱས་པར། ཏིལ། ཀུ་ཤ །མེ་ཏོག་སེར་པོ། དྲི་སེར་པོའི་ཆུ་སྟེ་བཞིའོ། །ཞབས་བསིལ་ལ་འདག་ཆལ་ལྔའོ། །སྤོས་སྦྱོར། ཤིང་ཚྭ་ཆུ། སྤོས་དཀར་ཐལ། ལི་ཤི་རྡོར། སྤང་སྤོས་ཚྭའི་ཚུལ་ཏེ་བཞི་སྦྱོར་རོ། །དྲི་ཆབ་ལ། སུག་སྨེལ། ཤིང་ཚྭ། སྤང་སྤོས། བཱ་ལེ་ཀ །ཙནྡན་རྣམས་ཞོ་གཉིས་རེ་ཐུམ་བུར་བཅིངས། ཆུ་གཙང་བྲེ་བརྒྱད་ལ་བཅུག་སྟེ་བཞི་གསུམ་གྱི་བར་དུ་བསྐོལ་བའི་ལྷག་མ་དྲིའི་ཆུར་འགྱུར་པར་དུས་འཁོར་ལས་གསུངས་པ་ལྟར་རམ། ཐུན་མོང་དུ་དྲི་ལྔ་སྦྱར་བའོ། །རབ་གནས་སྐབས་བཀྲུ་བའི་རྫས་འདག་ཆལ་ལ། དཀྱིལ་ཆོག་རྡོར་ཕྲེང་ལས། ཞོ། འོ་མ། མར། སྦྲང་། བྱེ་མ་ཀ་ར་སྟེ། ཕྱིའི་བདུད་རྩི་ལྔ། འོ་མ། ཞོ། མར། ལྕི་བ། ཆུ་སྟེ་བ་ལས་བྱུང་བ་ལྔ། ནྱ་གྲོ་དྷ། ཨུ་དུམྦྷ་ར། བླཀྵ། བི་སྦ་མྱ།


JKT021_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

གནྟཱ་མུཎྜ་སྟེ་འོ་མ་ཅན་གྱི་ཤིང་ཤུན་ལྔ། དྲི་ལྔ། སྐྱུ་རུ་ར། ཡུང་བ་རྣམས་ཀྱི་ཕྱེ་མས་རིམ་པར་བྱུགས་ཤིང་བཀྲུ་བར་གསུང་ལ། དེ་ཙམ་མ་ལྕོགས་ན། སློབ་དཔོན་ཀུན་དགའ་སྙིང་པོས། སུག་པ་དང་ནི་སྲན་ཕྱེ་དང་། །ཀུ་ཤ་བ་ཡི་རྣམ་ལྔ་དང་། །དེ་ལྟར་སོ་བག་ལ་སོགས་པས། །ཁྲུས་ནི་བྱ་བར་གསུངས་པ་སྟེ། །ཞེས་སོ། །བྱུགས་པའི་རྫས་དྲི་བཟང་ལ། ཙནྡན་དཀར་དམར། གུར་གུམ། །གཎྜི་ཀ ཨ་ག་རུ་རྣམས་སམ། གུར་གུམ། ཨ་ག་རུ། གླ་རྩི། ག་བུར་སོགས་དྲིའི་རྫས་ཇི་ལྟར་རྙེད་པ་སྦར་བར་གསུངས་སོ། ༈ །དུས་འཁོར་བུམ་རྫས་ཟུང་དུ་སྦར། རྣམ་འཇོམས་བུམ་རྫས་ཀྱང་ངོ་། ༈ །དྲིའི་ཆུ་ཞེས་པ་རྡོ་རྗེ་སྙིང་རྒྱན་ལས། ཙནྡན་དཀར༡། དམར༢། རྒྱ་སྤོས ༣། ག་བུར། གུར་གུམ། །ཨ་གར༦། ལྷ་ཤིང་༧། བདུན་དུ་བཤད། ཁྲུས་ཆུར་འབྲས་བཅས་རཏྣ་མ་ལར་སིནྡྷ་ར། ལྡོང་རོསར། ཀ་ཀོ་ལ༩། ལྷ་ཤིང་། གུར་གུམ། ཨ་ཤིང་རྩྭ་འབའ་ལ། ༡༠། ཤིང་མངར༡༡། སྦྲང་བད༡༢། བུམ་ཏིག ཟངས་༡༣ཀྱི་མེ་ཏོག་ཅེས་བརྒྱད་དུ་བཤད། ༈ །ཚན་དགུ་ར། ས་༡ས་གི་ཝཾ་དུ་གྲགས་པ་བྱུང་ན་ལེགས། ཚན་ཁམ་གཡག་ཤམ། རྡོ་ཞི་རྟ་སོ་མ། ཆུ་ཚན ༣། གཡའ་ཚན་། གྲོ་ལོ་དཀར་པོ་ལ་ངོས་འཛིན་པར་སྣང་། བྲག་ཚན་༥ཞེས་པ་ངོ་བོ་གཅིག་ཙམ་ལ་


JKT021_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སོ། །སོར་དབྱེ་བ་དང་། གངས་ཚན༦། དགུན་གངས་ཆགས་པར་དཔྱིད་ཀ་ཡོད་པའི་ཚན། སྔོ་ཚན་༧ནམ་སྤོས་ཚན་རྒྱ་སྤོས། སྤང་ཚནར་སྦུ་རུ་དཀར་དམར། ཤིང་ཚན་༩སྤྱིར་ཤུག་པ་དང་། སྤྱིར་བཞུར་ལ་བཞེད་པའང་ཡོད། དེ་ནང་ནས་ཐང་ལ་ཤུག་སྐྱེས་ལ་ངོས་བཟུང་། འདི་རྣམས་འབྱུང་བ་སོ་སོའི་ཁྲུས་རྫས་གྲིབ་སེལ་དག་བྱེད་ཀྱི་མཆོག་ཏུ་བཤད་དོ། ༈ །ཡང་ས་ཚན་དཀར་དམར་ཞེས་ཅུ་གང་སིནྡྷུ་ར། རྡོ་ཚན་ཤེལ་རྡོ་དང་། ཅོང་ཞི། ཆུ་ཚན་སྔོ་དང་རྒྱ་མཚོ་ལྦུ་བ། གཡའ་ཚན་དངོས་དང་སྲོ་ལོ་དཀར་པོ། བྲག་ཚན་དངོས་དང་རྡོ་དྲེག །གངས་ཚན་དངོས་དང་གངས་ཏིག །སྔོ་ཚན་རྒྱ་སྤོས་སྤང་སྤོས། ཤིང་ཚན་ཤུག་པ་དང་སྤྱི་བཞུར་ཏེ་བཅོ་བརྒྱད་དུའང་བཤད། ༈ །ས་ཟླའི་ཉེར་གསུམ་ནས་ཉེར་དགུའི་བར་རོ། །བདུད་རྩི་རིལ་བུའི་སྨན་གྱི་གོ་རིམ་འདི་ལྟར་ངེས་པར་བྱ་སྟེ། དབུས་སུ། དྲི་ཆུ། གླ་རྩི། ཨ་གར་ནག་པོ། སྒ་སྐྱ། སྒ་དམར། པི་ལིང་། ཕོ་རིས། ཀ་ཀོ་ལ། ཡུང་བ། ཤིང་ཀུན། བ་ཤ་ཀ །ནིམ་པ། རུ་རྟ། གི་ཝཾ། ཏིག། ཧོང་ལེན། རེ་རལ། ཀོ་བྱིལ། བྲག་ཞུན། སྤོས་དཀར། གུ་གུལ། ཁྱུང་སྡེར་དཀར་སྨུག །གཞན་ཡང་བོང་དཀཾར། གསེརཾ་མེ། དུག་རྩུང་། ཀྱི་ཀྱཻ། རེ་སྐོན་པ་སོགས་ཁ་བའི་སྡེ་ཚན་དང་། ཚ་བའི་སྡེ་


JKT021_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཚན་ཇི་རིགས་པའོ། ༈ །ཤར་དྲི་ཆེན། དུ། ཨ་རུ་གསེར་མདོག །ཙནྡན་དཀར་པོ། རྒུན་འབྲུམ། ཤིང་མངར། བུ་རམ། སྦྲང་། ཤེལ་དཀར། བྱེ་ཀར། གུར་གུམ། ཅུ་གང་། གཞན་ཡང་། རཾ་མྱེ། ཉེ་ཤིཡཾ་། ལྕ་བཻ། བ་སྤྲོ། གཟེ་མཾ་སོགས་མངར་བའི་སྡེ་ཚན་རྣམས་སོ། ༈ །ལྷོར། རཀྟ། དུ་རུ་ཀ །ཁ་ཆེ། འདི་རོའི་དབང་དུ་བྱས་ན་ཤར་དང་། གུར་གྱི། སྐྱུ་རུ་ར། སེ་འབྲུ། བསེ་༧ ཡབ། སྟར་བུ། གཞན་ཡང་རྒྱ་ཤུག་སོགས་སྒྱུར་བའི་སྡེ་ཚན་རྣམས་སོ། ༈ །ནུབ་བྱང་སེམས། ཏུ། ག་བུར། ཙནྡན་དམར་པོ། རྒྱ་ཚྭ། རྒྱམ་ཚྭ། རྭ་ཚྭ། ཁ་རུ་ཚྭ། གཞན་ཡང་། རིགས་ཀྱི་དབང་དུ་བྱས་ན་ལྷོར་འོས། ལྕེ་མྱོང་ཚྭ། རྩཁཾ་རུ་ཚྭ། སྦོ་ཚྭ། ཤིཛཾ་ཚྭ། ཡ་ཐཾཀ་ར། བུལཾ་ཏོག་སོགས་ལན་ཚའི་རིགས་ཐམས་ཅད་དོ། ༈ །བྱང་དུ། ཀླད་པ། ཙནྡན་དམར་པོ། ཨར་ནག །ཁ་ཆེ། །ཙནྡན་དཀར་པོ། བ་རུ་ར། གླ་སྒང་། ལི་ག་དུར། རྒྱ་མཚོ་སྦུ་བ། ལི་ཤི། སུག་སྨེལ། ཀཎྜ་ཀ་རི། སླེ་ཏྲེས། དབང་ལག །ཛཱ་ཏི། བསེ་རུ། མ་ཧཱུྃ། ལོ་མ་བཅས། ཁྱི་ལཾ་བ་རི། ཨ་འབྲོས། སྲ་འབྲོས། འཛམ་འབྲས། སྙིང་ཞོ། མཁལ་ཞོ། གླ་གོར་ཞོ་ཤ །ནཱ་ག་གེ་སར། བྱི་ཏརཾ་ཀ །མ་རུ་རྩེ། གོ་ཡུཾ། གོ་ཡུ་དམཾར་པོ། བ་ལེ་ཀ །ཨུཏྤལ། ཅོང་ཞི། ཚྭ་གི། འབའི་


JKT021_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ལ། པུ་ཤེལཾ་རྩེ། ཐལཾ་རྡོར། སོ་ར། གཞན་ཡང་འོམཾ་བུ་ལ་སོགས་པ་བསྐ་བའི་སྡེ་སྟེ་ད་དུང་འདི་ལ་རྟགས་ཅན་རྣམས་ལེགས་པར་དཔྱད་ལ་སྦྱར་རོ། །འདི་ལ་རྩ་བ། ༧༦ ཁ་ཚར་བཅས། ༩༤ཡོད། ༈ །བདུད་རྩི་རིལ་བུ་སོགས་ལ་སྨན་སྣ། རིན་པོ་ཆེ་གསེར། དངུལ། ཟངས། ལྕགས། ཤེལ། དུང་། སྤོས་ཤེལ། བྱེ་རུ། པདྨ་རཱ་ག །གཡུ། མུ་མེན། གཟི། ཁྱུང་: སྐྱུགས། མུ་ཏིག ༈ །རྡོ་སྨན། ཁབ་ལེན། ལྕགས་རྡོ། མཚལ་དཀར། སྦལ་རྒྱབ༢། མདུང་རྩེ༣། གངས་ཐིག །ཅོང་ཞི། རྡོ་རྒྱུས། དངུལ་ཆུ་དུལ་མ། ༈ །ས་སྨན། གསེར་བྱེ། །སིནྡྷ་ར། རྒྱ་མཚོ་ལྷུ་བ། ༈ །རྩི་སྨན། ག་བུར། ཛཱ་ཏི། ལི་ཤི། སུག་སྨེལ། ཀ་ཀོ་ལ། ཅུ་གང་། ཁ་ཆེ། གུར་གུམ། གི་ཝཾ་རིགས་གསུམ། གླ་རྩི། བྲག་ཞུན། ༈ །ཤིང་སྨན། འབྲས་1.བུ་གསུམ། སྙིང་ཞོ། མཆིན་ཞོ། མཚེར་ཞོ། མཁལ་ཞོ། འབྲས་སྣ༣། ན་ལེ་ཤམ། པི་ལིང་། བྱི་ཏང་ཀ །མ་རུ་རྩེ། སོ་རྭ། ཐལ་རྡོར། བསེ་ཡབ། སེ་འབྲུ། སྟར་བུ། རྒུན་འབྲུམ། ཤུག་འབྲུམ། གོ་ཡུ། ཁམ་བུ། སྟར་ག །གེ་སར་གསུམ། ད་ལིས། སེ་མེ། ཞུ་མཁན། ཤུག་ཚེར། འོམ་བུ། ཙནྡན༢། ཨ་གར༢། དུ་རུ་ཀ །སེང་ལྡེང་། སྒྲོན་ཤིང་། ཙི་ཏྲ་ཀ །བ་


JKT021_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ལེ་ཀ །ནིམ་པ། སླེ་ཏྲེས། ཀཎྜ་ཀ་རི། ག་བྲ། ཤིང་ཚྭ། སྟབས་སེང་། ཤིང་ཀུན། སྤོས་དཀར། གུ་གུལ། རྒྱ་སྐྱེགས། ༈ །ཐང་སྨན། རྒྱ་ཏིག །སུམ་ཏིག །བ་ཤ་ཀ །མ་ནུ་པ་ཏྲ། རུ་ཏ། སྒ། ཡུང་བ། ཤུ་དག་དཀར་པོ། ནག་པོ། དབང་ལག །རྩ་བ་ལྔ། ལྕམ་པ། རེ་རལ། བྲག་སྤོས། ཧ་བོ། ཁྱུང་སྡེར་རིགས་གཉིས། སྐག །ཀོ་བྱི་ལ། ལུག་མུར། ཤིང་མངར། ༧ ལྕམ་དཀར་རྩ་བ། ཆུ་རྩ། ཆུ་མ་རྩི། མཚེ་སྡུམ། འཁན་པ་དཀར་པོ། ཨ་ཀྲོང་དཀར་པོ། ༈ །སྔོ་སྨན། ཧོང་ལེན། བོང་ང་དཀར། དམར། སེར། དཔའ་བོ་དཀར་སེར། སྲོ་ལོ་དཀར། དམར། འབྲི་མོག །ག་དུར། གླ་སྒང་། དུརླའི། པུ་ཤེལ་ཙེ་རིགས། གྲོ་མ། སྟོང་ཟིལ། གཡའ་ཀྱཻ། ཨ་ཝ། པརྱ་ཏ། འདམ་བུ་ཀཾ་ར། ཨུཏྤལ་དཀར་སྔོ། དམར། ལུག་མིག །ཨ་བྱག །ཚེར་སྔོན། ཨུག་ཆོས། གངྒཱ་ཆུ་བསྒྱུར། ཀྱི་ཀྱེ་དཀར་པོ། སྤང་རྒྱན་དཀར་པོ། སྔོ་དེ་བ། ལུག་རུ་རིགས་གསུམ། གླང་སྣ། ཧ་ལོ། གསེར་མེ། དུག་ཉུང་། འུ་སུ། ཟི་ར་དཀར་པོ། གོ་སྙོད། སྒང་ཐོག །བྲེ་ག །ཏིལ་དཀར་པོ། མདའ་རྒྱུས། ཤྭ་མང་། པྲི་ཡངྐ་། འབུ་སུ་ཧང་། སྙི་བ་འོད་ལྡན། སྤང་རྩི། འབྲི་རྟ། སྤང་སྤོས། འོལ་མོ་སེ། བྱིའུ་ལ་ཕུག །ཁུར་


JKT021_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

མང་། མྱང་རྩི་སྤྲས། སྲད་དཀར། སྲད་ནག ༈ །ཚྭ་སྣ་ལ། ལན་ཚྭ། རྒྱ། རྒྱམ། ཁ་རུ་ཚྭ། རྩབ་རུ་ཚྭ། ལྕེ་མྱང་ཚྭ། སྦ་ཚྭ། ཚ་ལ། མཛེ་ཚྭ། བུལ་ཏོག །རྭ་ཚྭ། ༈ །བསེ་རུ་དཀར་པོ། ནཱ་གི ༈ །འབྲུ་རིགས་ལ། གྲོ། འབྲས། ཁྲེ། སོ་བ། ཏིལ་དཀར་པོ། སྲན་མ་ཥ། སྲན་དཀར། ཡུངས་དཀར། ༈ །སྦྲང་རྩི། བུ་རམ། ཀ་ར། བ་དམར་མོའི་འོ་མ། ཞོ། །མར། ར་དཀར་མོའི་འོ་མ་བཅས་སོ། ༈ །ཨོཾ་སྭསྟི། བླ་མ་དགོངས་པ་འདུས་པའི་སྨན་སྒྲུབ་ཀྱི་རྫས་ཐོ་ལ། གཞི་ཨ་རུ་ར་རབ་སྟོང་རྩ་བརྒྱད། འབྲིང་བརྒྱ། ཐ་མ་ཉེར་གཅིག །དབུས་སུ་བྷནྡྷར། དྲི་ཆེན། ཕྱིའི་རྫས། ཛ་༡ཏི། ཨ་མང་། རུ་ར། ཨ་ག་རུ། ཏུ་རུཥ། ཀ་ཀོ་སྐྱོབས། ལི། ཨ་འབྲས། ཤ་འབྲས། ཙནྡན་ཡན་ལག །སྨུག་པོ། ལི་ཤི། ཤིང་ཚྭ། གྷནྡྷ་བྷ་དྲ། གུར་གུམ། ག་བུར། ཅུ་གང་། འདམ་བུའི་རྩ་བ། གི་ཝཾ་སོགས། དབྱེ་བ་མེད་པར་བསག་གོ །ཤར་དུ། བྱང་སེམས་དཀར་པོ། སྐྱོབ། ག་བུར། ཅུ་ཅུང་མང་། གང་། ཐལ་རྡོར། ཡན་ལག ལུག་མིག ཆེ་I ཆུང་། རྒྱ་ཚྭ། རྒྱམ་ཚྭ། རྭ་ཚ། ལྕེ་མྱང་ཚྭ། ཁ་རུ་ཚྭ། ནགས་ཚྭ། བྲག་ཚྭ། ཤིང་ཚྭ་སྟེ་ཚྭ་སྣ་བརྒྱད། ཕྲན་བུ། ལྷོར་ཤ་ཆེན། སྐྱོབས། སྙིང་། ཞོ། མཁལ་ཞོ། གླ་གོར་ཞོ་ཤ །ཙི་ཏྲ་ཀ །ཀ་


JKT021_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

མང་། ཀོ་ལ། ནུབ་ཏུ་རཀྟ། མཚལ། ཕྱི། བཙག །རྒྱ་སྐྱེགས། བཙོང་། བྲག་ཞུན། ཙནྡན། སྨུག་སྐྱོབས། པོ། ལི་ཤི །སྐྱུ་རུ་ར། མང་། སྟར་བུ། རྒུན་འབྲུམ། ཡན་ལག །རཀྟ་ཉེར་ལྔ་སོགས་ཀྱི་རྫས། བྱང་དུ། དྲི་ཆུ། ཅོང་ཞི། བྲག་ཞུན། ག་དུར། མང་། ལི་ཤི། སྤོས་དཀར། གཞན་ཡང་ཨ་འབྲས། ནཱ་ག་གེ་སར། གསུམ། ཤིང་ཚྭ། སུག་སྨེལ། དབུས། གྷནྡྷ་བྷ་ཙནྡན་གྱི་ལོ་མ། དྲ། རྒྱ་སྤོས། སྦྲང་རྩི། ཡུ་གུ་ཤིང་། ཀུ་ཤུ་དང་། ཁམ་བུའི་ཤིང་། བ་སྤྲུ། ཨ་རུ་ར། ནུབ། སྟར་བུ། ར་མྱེ། ཉེ་ཤིང་། མིག་ཆེ་ཆུང་། རུ་རྟ། ཤུ་དག །ཨུག་ཆོས་རྩ་བ། ནུབ། །ལ་ཕུག་དམར་ནུབ། པོ། ཐལ་རྡོར། དབང་ལག །བྲེ་ག །ལྷོ། །གླ་གོར་ཞོ་ཤ །ལྷོ། །དུང་། ཤར། མགྲོན་བུ། ཤར། འབྲུག་རུས། ཤར། སེམས་ཅན་སྣ་ཚོགས་པའི་རུས་པ། ཤར། རྒྱ་མཚོ་ལྦུ་བ་སོགས་ཁྲོལ་བུ་རྣམས་དབྱེ་བ་མེད་པར་བསག་གོ །གཞན་ཡང་སྤོས་ལྔ། འབྲུ་ལྔ། སྙིང་པོ་ལྔ། རིན་པོ་ཆེ་ལྔ། སྨན་ལྔ་སོགས་བསགས། དེའང་ཨ་རུ་རའི་ཤས་བུངས་བསྐྱེད། ནཱ་གིའི་དྲི་དང་། ཁ་ཆེས་མདོག་བསྒྱུར། ལན་ཚྭའི་རིགས་ཆེར་མི་གཏོང་། ཁ་དོག་དམར་པོའི་རིགས་ཀྱང་མང་པོ་མི་བཏང་བ་ལེགས། ག་དུར་ཕྱེ་མ་ལེགས་པའང་འོས་མཚམས་བསྲེ། རིང་བསྲེལ་བཞིའི་


JKT021_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

རིལ་བུ་བསྒྲུབ་ན། ཉུང་འབྲུ་ལྟ་བུ་དང་། སྐུ་གདུང་རིང་བསྲེལ་ཤར། སྐུ་བལ་ལྷོ། ཆོས་ཀྱི་རིང་བསྲེལ་གྱི་རིལ་བུ་ནུབ་ཏུ་འགོད་ན་ལེགས་པར་རྟོག །བུངས་སྐྱེད། ཨ་རུ། བ་རུ། སྒྱུ་རུ། ཙནྡན༢། ག་དུར། ཡུང་བ། དབང་ལག །ཤིང་མངར། གཞན། ཛཱ་ཏི། ལི་ཤི། ཁ་ཆེ། ནཱ་གི།རུ་རྟ། །སྭསྟི། འཇམ་མགོན་ཀུན་དགའ་བཀྲ་ཤིས་བསྟན་འཛིན་གྱིས་མཛད་པའི་བདུད་རྩི་རིལ་བུའི་སྨན་གྱི་ཐོ་ཡིག་ལས། དུ་རུ་ཀ་ཞེས་གསུངས་པ་དངོས་ནི་ཙནྡན་སྦྲུལ་སྙིངས་འོག་ཏུ་ལོ་སྟོང་ལོན་པ་ལ་བཤད་པ་སོགས་རྙེད་དཀའང་། ཚབ་རུང་ཙམ་དུ་ཙནྡན་སྨུག་པོ་ཞེས་དམར་པོ་ལས་ཁ་དོག་སེར་ཙམ་ཞིག་འབྱུང་བ་དེའམ། རུ་རྟའི་རྩ་ལོའི་མཚམས་སུ་ཡོད་པའི་སིཧྥ་ཞེས་པ་དེས་བྱེད་ཅེས་གསུངས། ཚ་བ་གསུམ་དང་། ཚྭ་སྣ་གསུམ་སོགས་རོ་ཚ་བ་དང་། ལན་ཚྭའི་རིགས་རྣམས་རྫས་འཛོམས་ཙམ་ལས་མི་གཏོང་། ཏིག་སོགས་རོ་ཤིན་ཏུ་ཁ་བ་དང་། སྔོ་སྨན་གྱི་རིགས་ཀྱང་མང་ན་མི་ལེགས། བསེ་རུའི་རྭ་དཀར་པོ་ཐལ་ཚན་གྱི་ནང་དུ་སེར་རྡོག་ཙམ་བསྲེགས་ནས་དུག་འདོན། ཀཎྜ་ཀ་རིའི་བར་ཤུན་ཁོ་ན་གཏོང་། སླེ་ཏྲེས་ལྐོག་པ་ཕྲལ། ཁྱི་ལ་ཝ་རི་ཞེས་པ་སྟོད་ཇ་ཡིན་ཅིང་དཀར་པོ་གཏོང་ན་ལེགས། རྒྱ་མཚོ་ལྦུ་བ་དཀར་སོབ་འདི་འབུ་ཁོག་ཡིན། ཚབ་རུང་ཙམ་ཡང་མིན་


JKT021_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་པས། ཆུ་མགོ་རྣམས་ཕུགས་སུ་ཆགས་པའི་ཆུ་བལ་ལྗང་གུ་སྲོག་ཆགས་མེད་པའམ། སྔོ་ཆུ་སྲིན་སྡེར་མོ་གཏོང་། འཇམ་འབྲས་ཐལ་ཚན་དུ་བསྲོ་ནས་ཀོག་པ་ཕྲལ། ཤིང་ཀུན་སོགས་དྲི་ང་བ་འདི་རིགས་དྲིའི་སྤྱང་ཀི་ཞེས་གྲགས་པས་རྫས་འཛོམས་ཙམ་ལས་མི་གཏོང་། ཅོང་ཞི་སོགས་རྡོ་སྨན་རིགས་ཁྲོལ་ཙམ་བརྡུང་ཆུ་ཚ་གྲང་གིས་ཡང་ཡང་བཤལ་བས། ཆུ་སྔོ་ཁྲལ་གྱིས་བྱུང་བ་ན་དུག་ཐོན་པ་ཡིན། ལྡུམ་རེ་རལ་དུག་བཏོན་ཞེས་གསུངས་ནའང་ཡི་གེ་ཉམས་པ་ཡིན་པ་ལས། རེ་རལ་དུག་སྨན་གྱི་གཙོ་བོ་ཡིན་ཅིང་དུག་བཏོན་དགོས་པའི་བཤད་པ་མ་མཐོང་། ཀོ་བྱི་ལ་དུག་འདོན་ནི་སྒྱུ་བཞར་ནས་ཐལ་ཚན་དུ་སེར་རྡོག་ཙམ་བསྲེག བཅུད་དགུག་པའི་སླད་མཛོ་མོ་ཡར་མའི་འོ་མ་རང་ནུབ་ཙམ་དུ་ཁུ་བ་ཐིམ་པར་བཙོ་ཞེས་འབྱུང་། ནཱ་གི་ཤ་ཕྲལ་བ་སེར་བྲོག་ཙམ་བསྲེགས་ནས་ཆང་ལ་གླ་རྩི་བཏབ་པར་བཙོ། མ་ནུ་པ་ཊ་ཞེས་པ་མ་ནུའི་ལོ་མ་ལ་ངོས་འཛིན་ཀྱང་རྩ་བ་བྱུང་ན་ཆོག །གོ་ཆེ་ཞེས་པ་གོ་ཡུ་དམར་པོ་ཡིན། གཞན་ངོས་ཟིན་སླ་ཞིང་དུག་འདོན་ཀྱང་དེ་ཙམ་གྱིས་ཆོག །སུག་སྨེལ་དང་། ཀ་ཀོ་ལ་འབྱོར་བ་ཆེ་ན་ཀོག་པ་ཕྲལ་ནས་ནང་སྙིང་གཏོང་བར་མཛད་དོ། །མངྒ་ལཾ། ༈ །བུམ་རྫས་ཉེར་ལྔ་སྦྱར་བའི་ཐོ་ཡིག་དགེ །ཨོཾ་སྭསྟི་སིདྡྷི། བུམ་རྫས་ཉེར་ལྔ་བསྡུ་དཔྱད་ལ། །


JKT021_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

༼དཀར༽ ཐོག་མར་འབྲུ་ལྔ་ལས་ནས་དཀར། ༥༠༠ གྲོ ༥་༠༠ སྲན་དཀར། ༥༠༠ འབྲས། ༥་༠༠ ཕལ་ཆེར་དུ་ཏིལ་དཀར་པོ་དང་འགའ་ཞིག་ཏུ་སོ་བའང་བཤད་པས་གཉིས་འཐུས་ཀྱིས། ༥་༠༠ ཁྱོན་སྲང་ཉེར་ལྔ། ༼སེར༽ རིན་ཆེན་ལྔ་ལས། གསེར། ༡་༠༠ དངུལ། ༢་༠༠ བྱེ་རུ། ༢་༠༠ རིན་ཆེན་འབར་བ་དང་དབང་ཆུ་མཛེས་རྒྱན་ལས་མུ་མེན་ཅེས་འབྱུང་བས། ༈ ཨ་བྷ་ཡས་པདྨ་རཱ་གའི་ཚབ་ཏུ་དུང་དང་རྩེ་མོའི་དབང་ཆུར་མུ་མན་གྱི་མལ་དུ་དུང་ཞེས་གསུངས་པས་གཞི་བྱ་བའི་ཕྱིར། ༡༥་༠༠ རྡོ་པདྨ་རཱ་ག ༣་༡༠ མུ་ཏིག་ཕྲན་བུ་དང་བཅས་པའི་ཉ་ཕྱིས། །༢་༠༠ ཁྱོན་སྲང་ཉེར་ལྔ། དུག་འདོན་མཚོན་ཙམ་སྦྱར་གྲུབ་ན་ལེགས་པས། ཚྭ་ལ། ཟེ་ཚྭ། བེ་ལྗང་རེ་རལ། སྡུམ་བུ་རེ་རལ། གངྒ་ཆུང་། སྟར་བུའི་ཁཎྜ། ཨ་རུ་ར། མགྲོན་བུ་བུ་ཅན་གྱི་ཐལ་བ་བཅས་ལོ་བརྒྱད་དྲི་ཆུར་བཏབ་ལ་བྱེ་རུའི་མདོག་འགྱུར་བའི་བར་བཙོ། དེ་རྗེས་གར་ཆང་བསྣན་ལ་བཙོ། དེ་རྗེས་ཆུ་གྲང་གིས་དག་པར་བཀྲུ། སླར་ཡང་ཆུ་གཙང་ནང་དུ་ལན་གསུམ་བཙོ་བཤལ་བྱའོ། ༼སྔོ༽ སྨན་ལྔ་ལ་ངོས་འཛིན་མི་མཐུན་པ་མང་ནའང་། འདིར་དུ་གྲྭ་ཞེས་སྟག་ཚེར་སླེ་ཏྲེས་དང་། ཀཎྜ་ཀ་རིར་ངོས་འཛིན་པས་གཉིས་འཐུས་ཀྱིས། ༥་༠༠ ༈ སེང་ཚེར་ཀཎྜ་ཀ་རི་དང་། ག་


JKT021_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་ལ་བཞེད་པ་གཉིས་འཐུས། ༦་༠༠ ཤུ་དག་དཀར་པོ། ༡་༠༠ ཧ་ས་དེ་བ། དབང་ལག་དང་། ཅོ་ག་ཀླད་སྨན་ལའང་བཞེད་པས་ཕྱོགས་འཐུས། ༦་༠༠ ཡང་འགའ་ཞིག་གིས་ཧ་ས་ཞེས་པ་རྒྱ་མཚོ་ལྷུ་བར་བཞེད་པ་དང་། དེའི་ཚབ་ཏུ་ཆུ་བལ་གཙང་མ་དང་། སྔོ་ཆུ་སྲིན་སྡེར་མོའང་གཏོང་བར་སྣང་བས། ༡་༠༠ ཨུཏྤལ་དཀར་དམར་ཞེས་པ་ཨུཏྤལ་དཀར་པོའི་ཚབ་སྔོན་འགལ་ཞིག་གིས་སེ་བའི་མེ་ཏོག་གིས་མཛད་པའང་སྣང་། པོས་མཛད་པས་རྒྱ་བོད་ཀྱི་ཨུཏྤལ་སྔོན་པོ་དང་། དམར་པོ་ཕྱོགས་འཐུས། ༦་༠༠ ཁྱོན་སྲུང་ཉེར་ལྔ། ༼དམར། དྲི་ལྔ་ལ། ཙནྡན་དཀར་པོ། དེ་དམར་པོ། ༥་༠༠ གུར་གུ ༡༠་༠༠ ག་བུར། ༡་༠༠ འདི་རིལ་བུ་བསྒྲིལ་ཁར་བསྲེ་འདུར་བྱེད་ནས་གཏོང་། ཛཱ་ཏི། ༤་༠༠ བཅས་ཁྱོན་སྲང་ཉེར་ལྔ། ༼ལྗང་༽ སྙིང་པོ་ལྔ་ལ། ལན་ཚྭ་མང་ན་རོ་བསྒྱུར་བས་འདིར། ༡་༠༠ བུ་རམ་དང་ཀ་ར་གང་རུང་བཤད་པས་བུར་དཀར་དང་། ༡་༠༠ ཕག་ཚིལ་གྱིས་མ་བཞུས་པའི་བལ་པོའི་ཀ་ར་གཙང་མ། ར་༠༠ བ་གསར་དམར་མོའི་འོ་མ་སྦྲུ་རྫས་ལ་སྦྱར་བ་སྟེ། དེའང་སྲང་གཅིག་སྤར་གང་སོགས་བཤད་པའི་རྗེས་སུ་འབྲང་སྟེ་སྲང་། ར་བ༠ དེ་སྙིམ་པ་དོ། བ་གསར་དམར་ཟལ་གྱི་མར་གཙང་མ། ༡་༠༠ སྦྲང་རྩི་ལྷད་མེད་པ། ༣་༢༠ འགའ་ཞིག་གིས་སྨན་གྱི་སྙིང་པོ་ཨ་


JKT021_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ར་ཞེས་གསུངས་པས། ༣་༡༠ བཅས་ཁྱོན་སྲང་ཉེར་ལྔ། དེ་སྟེང་སྔ་འགྱུར་བཀའ་གཏེར་གྱི་གཞུང་སོགས་ལས། སྨན་ལྔའི་གྲས་སྟག་ཚེར་སེ་འབྲུའི་མེ་ཏོག་ལ་ངོས་བཟུང་བ་དང་། རིན་པོ་ཆེ་ལྔའི་གྲས་སུ་གཡུ་དང་། དྲི་ལྔའི་གྲས་སུ་ལི་ཤི་དང་། སྤང་སྤོས་དང་། ཨར་སྐྱ་ཞེས་གསུངས་པ་དང་། འབྲུ་ལྔའི་གྲས་སུ་ཨ་འབྲས་ཞེས་སྣང་བའང་ཅུང་ཟད་རེ་སྦྱར་བ་དང་། བུངས་བསྐྱེད་པའི་ཕྱིར་གུར་གྱི། ༡༢་༠༠ ཡིག་ཆ་འགའ་ཞིག་ལས་སྨན་གྱི་སྙིང་པོ་ཨ་རུ་རས་བུངས་བསྐྱེད་པར་ཡང་གསུངས་པས། ༧༠༠ བཅས་སྲང་ཉེར་ལྔ་རྣམས་ལེགས་པར་སྦྱར་བ་སྟེ། དེའང་ཐོག་མར་རྫས་རྣམས་ངོས་འཛིན་མ་འཁྲུལ་པར་ལྔ་ཚན་ལྔ་དང་། བུངས་བསྐྱེད་བཅས་སོ་སོར་སྦྱར། རིན་པོ་ཆེ་ཁྲོལ་ཙམ་བརྡུང་ལ་དུག་བཏོན། དེ་ནས་སོ་སོར་ཞིབ་པར་བཏགས། སླར་ཕྱོགས་གཅིག་ཏུ་གཤེར་རྫས་རྣམས་དང་མདངས་ཐོན་པའི་ཕྱིར་ཁ་ཆེ་གུར་གུམ་བཟང་པོའི་གར་ཁྲུས་སྦོལ་ཏེ་ཕབས་གཏའ་བྲན་ལ་འདྲེས་པར་ཕུར། སུམ་ཆ་གཅིག་རིལ་བུ་དང་། ཆ་གཉིས་ཕྱེ་མ་སྨན་སྒྲུབ་ལྟ་བུར་བྱས་ཏེ་རིལ་ཆགས་སོགས་ཐེམས་པར་བྱ། རིན་པོ་ཆེའི་བུམ་པའི་སྣོད་དུ་བླུགས། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་སྦྱོང་ཁྲུས་དང་། རིགས་ལྔར་བསྐྱེད་ཅིང་སོ་སོའི་སྔགས་དང་། ལྔ་ཚན་ལྔའི་མིང་སྔགས།


JKT021_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲུས་སྔགས་སོགས་བཟླས་ཏེ་ལྷ་འོད་དུ་ཞུ་བའི་རྫས་སུ་བསམ་ལ་རྟེན་འབྲེལ་སྙིང་པོ་དང་ཤིས་པ་བརྗོད་པས་བརྟན་པར་བྱའོ། །དེའང་དྲི་ལྔའི་གནས་སུ་གླ་རྩི་ཞེས་གསུངས་པ་མང་ནའང་། འདིར་རྒྱུད་སྡེ་བཞི་ཀ་སྤྱི་ཁྱབ་ཀྱི་དབང་དུ་བྱས་ཏེ་གླ་རྩི་མི་གཏོང་ཞིང་། བླ་མེད་ཀྱི་བཅུད་སོ་ལྔ་བྱེད་ན་གོང་གི་སྟེང་དུ་གསར་མ་ལྟར་ན་བདུད་རྩི་རིལ་བུ། རྙིང་མ་ལྟར་ན་བདུད་རྩི་ཆོས་སྨན་ཚད་ལྡན་བསྣན་པས་འཐུས་པ་དང་། གླ་རྩིའང་དེ་དག་གི་རྫས་སུ་འདྲེས་པ་ཡིན་ནོ། ༈ །རཀྟ་སོ་ལྔ་ལ། བདུད་འདུལ་གཏེར་བྱོན་མཚོ་རྒྱལ་རཀྟ་གཏའ་སྤེལ་རིལ་བུ་དང་། སངས་གླིང་ལྕམ་གྱི་པདྨ་རཀྟ་འཁྲུལ་མེད་ཀྱི་ཕབས་རྒྱུན་སྦྱར་ཏེ། བྲག་ཞུན་དང་། ཙཱ་རི་དང་པདྨ་བཀོད་སོགས་ཀྱི་སིན་ར་ལ་གཞི་བླངས། རྩ་བ་ཙནྡན་དམར་པོ། གུར་གུམ། ལི་ཤི། ཛཱ་ཏི། སེ་འབྲུ། སྲི་ཤིང་སྣ་མ། སྟར་བུ། སེ་ལོ་དམར་པོ། རྡོ་དྲེགས་དམར་པོ། བྱི་རུག་དམར་པོ། ཡན་ལག །རང་བྱུང་གི་རཀྟ་ནི། སའི་བཙག་ཞུན། རྡོའི་བྲག་ཞུན། ཆུའི་སིནྡྷ་ར། ཤིང་གི་ཐང་ཁྲག །འབྲས་བུའི་གོ་བྱེ། འདིའི་ཚབ་སྤམ་འབྲས། རྡོའི་རཀྟ་ལྔ་ནི། མཚལ། ལྡོང་རོས། བཙག །མདུང་རྩེ་སྨུག་པོ། སྨུག་པོ་སྦལ་རྒྱབ། ཤིང་གི་རཀྟ་ལྔ་ནི། རྒྱ་སྐྱེགས། བཙོད། སེང་སྡེང་དམར་པོ། བཙན་དུག །ཐར་ནུ།


JKT021_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་རཀྟ་ལྔ་ནི། གོ་ཕྱེ། བུ་རམ། གླ་རྩི། འབྲི་སྨུག །སྦྲང་རྩི་དམར་པོ། འབྲུའི་རཀྟ་ལྔ་ནི། རྒུན་འབྲུམ། སྐྱེར་འབྲུ། སྐྱུ་རུ་ར། ར་ཤག་དམར་པོ། ནས་ནག །མེ་ཏོག་གི་རཀྟ་ལྔ་ནི། ཨུག་ཆོས། ལུག་རུ་སྨུག་པོ། སྲན་མའི་མེ་ཏོག །ཧ་ལོ། རམ་བུ་བཅས། སྲོག་ཆགས་ལས་བྱུང་བའི་ཁྲག་སྣ་གཙང་མས་རིལ་བུ་ཟུར་གསུམ་དུ་བཅོས་པའོ། ༈ །གཏོར་མའི་སྤྱོད་སྨན་ནི། ཨོ་རྒྱན་ཆེན་པོས་རྡོ་རིགས་རིན་པོ་ཆེ་ལ་ཕྱག་བཟོ་མཛད་པའི་མཐེབ་ཀྱུ་མཚོན་ཐུབ་ངོ་མཚར་ཅན། སྐྱིད་ཀྱི་གྲོ་མ་ལུང་ནས་བྱུང་བར་ཕབས་གཏར་སྦྱར་ཏེ། བདུད་རྩི་སྨན་གྱི་ཕབས་གཏའ་ཟླ་བ་བདུད་རྩིའི་ཐིག་ལེས་གཞི་བཟུང་། སྲོག་ཆགས་གཙང་མ་ལས་བྱུང་བའི། མཁལ་མ། སྙིང་། གློ་བ། མཚེར་པ། བ་སུ་ཏ་སྟེ་ནང་ཁྲོལ་ལྔ། ཚིལ། རྐང་མར། ཞག །རུས་པ། གོ་རོ་ཙ་ན་ལྔ། མིག །ན། སྣ། ལྕེ། སྙིང་སྟེ་དབང་པོ་ལྔ། སྟར་ག །ཁམ་བུ། ཀུ་ཤུ། རྒུན་འབྲུམ། བསེ་ཡབ། ཨ་མྲ་སོགས་ཤིང་ཏོག་སྣ་ཚོགས། དུག་རིགས་མིན་པའི་མེ་ཏོག་སྣ་ཚོགས། བཟང་དྲུག །འབྲས་གསུམ། ག་བུར་སོགས་སྨན་སྣ། ནས། འབྲས། གྲོ། སྲན། ཁྲེ། ཏིལ། སོ་བ། ཡུངས་ཀར། ཙི་ཙི་སོགས་འབྲུ་རིགས། ཞོ། མཐུད། མར། ཕྱུ་ར། ང་། བུ་


JKT021_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

རམ། ཀ་ར། གྲོ་མ་སོགས་དཀར་མངར་རིགས། ཤིང་ཀུན། སྒ་སྐྱ། པི་ལིང་། ཕོ་རིས། འུ་སུ། གོ་སྙོད། ཏང་ཀུན། ལན་ཚྭ། གཡེར་མ་སོགས་སྤྱོད་རིགས། རི་ཀླུང་གི་ཤྭ་མང་དང་། །སྒོག་བཙོང་སོགས་གཙང་ཞིང་དག་པར་སྦྱར་བའོ། །དགེའོ། ༈ །ཀླུ་སྨན་གྱི་སྐོར་ལ་སྣ་མ་འཛོམ་ཀྱང་། དྲག་པ་དང་ཉམས་པ་ཅན་སོགས་ཀྱི་ལག་འགྲིམ་མ་སོང་བ་ཞིག་གལ་ཆེ་སྟེ། སྔོན་གྲུབ་དབང་ཡ, བདུད་རྩིས་ཆར་འབེབས་གནང་བས་གནམ་ཤིན་ཏུ་གཡེར་བས། སླར་ཆུ་མིག་དེར་དྲག་འབོད་ཞིག་མཛད་སྐབས་ཀླུ་རྒྱལ་དགའ་བོ་འོང་སྟེ་ཀླུ་སྨན་བཙོག་པ་དེས་ཀླུ་རྣམས་མ་བདེ་བས། དེའི་སླད་ཀྱིས་ནམ་མཁའ་ཡེར་ཞིང་མི་ཕྱུགས་ཀྱང་མི་བདེ་བ་ཡོང་། ད་ཕྱིན་སྨན་གཙང་མའི་རིགས་བྱུང་ན་མཆོག་ཏུ་སྤྲོ་ཞིང་། དེ་མིན་རྒྱ་བོད་གང་རིགས་ཀྱི་སྲོ་མ་ར་ཙའི་འབྲུ་འདིས་ཆོག་ཟེར་བ་ལྟར། བླ་མས་ཁྲུས་གསོལ་དང་སྲོ་མ་ར་ཙའི་འབྲུ། དཀར་གསུམ་མངར་གསུམ་སོགས་གཙང་སྦྲ་previous hit གང་ཆེའི་ངང་ནས་ཆར་འབེབས་བྱས་པས་ཆར་རྒྱུན་མི་ཟད་ next hit་བབས་བྱུང་བས་བླ་མའི་མཚན་ལ་ཕན་བདེའི་འབྱུང་གནས་ཞེས་གྲགས་སོ། ༈ །རྣམ་འཇོམས་ཀྱི་རྫས་སྦྱོར་བཞུགས་སོ། །ན་མོ་གུ་རུ་བཛྲ་བི་དཱ་ར་ཎཱ་ཡ། རྡོ་རྗེ་རྣམ་པར་འཇོམས་པ་དང་། །རྗེས་འབྲེལ་རྫས་ཀྱི་སྲུང་བ་ནི། །གུ་གུལ་ནག་པོ། རྡོ་རྗེ་གཏུམ་པོ་


JKT021_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །འཛིན་དཀར་པོ། པ་ཁྲོ་རྒྱལ་ཧཱུྃ་ཀཱ་ར། །གླ་རྩི་ཁམས་གསུམ་རྣམ་པར་རྒྱལ། །ཤིང་ཀུན་བཅོམ་ལྡན་གཤིན་རྗེ་གཤེད། །རྟ་བོན་རྟ་མགྲིན་རྒྱལ་པོ་སྟེ། །དྲི་ཆེན་ནུས་ལྡན། ཁྲོ་རྒྱལ་བདུད་རྩི་འཁྱིལ། །ཤུ་དག་ནག་པོ་དབྱུག་སྔོན་ཅན། །ཕག་རི་ཕག །རིལ་ཨཱརྱ་ཨ་ཙ་ལ། །སྒོག་སྐྱ་འདོད་པའི་རྒྱལ་པོ་དང་། །ཤ་ཆེན་གྲི་ཤ །མ་ཧཱ་བཱ་ལའོ། །མུ་ཟི་ནག་པོ། གནོད་མཛེས་རྒྱལ་པོ་སྟེ། །ཁྱད་འཕགས་རྫས་ཀྱི་སྦྱོར་བ་འདི། །ཚུལ་བཞིན་སྦྱར་ལ་རྩི་བཞིན་བཏག །ནུས་ལྡན་ཆུ་ཡིས་རིལ་བུར་དྲིལ། །ལྷར་བསྐྱེད་སྔགས་བཟླས་ནུས་པ་བསྟིམ། །འོད་ཞུ་རྡོ་རྗེའི་ནུས་ལྡན་བསམ། །འཆང་དང་བཟའ་དང་བྱུགས་པ་དང་། །དུད་པ་གཏོང་བ་ཙམ་གྱིས་ཀྱང་། །སྟོང་ཕྲག་བརྒྱད་བཅུའི་བགེགས་ཀུན་འཇོམ། །བཞི་བརྒྱ་རྩ་བཞིའི་ནད་རྣམས་སེལ། །རིམས་ནད་འགོས་པའི་ནད་རྣམས་ཐུབ། །དྲི་ཚོར་ཙམ་གྱིས་ལྷ་འདྲེ་འབྲོས། །ཞོ་ཉེས་ཆང་ཉེས་ཐམས་ཅད་ཐུབ། །སྐབས་སུ་རྫས་ལ་སྔགས་ཀྱི་ངར། །བཏབ་ནས་ཚུལ་བཞིན་སྤྱད་གྱུར་ན། །འདི་ཡིས་མི་ཐུབ་གང་ཡང་མེད། །ཤིན་ཏུ་ཟབ་པའི་མན་ངག་སྟེ། །སྙིང་གི་དབུས་སུ་དམ་པར་ཆོངས། །ས་མ་ཡ། འདི་ལ་གུ་གུལ། ཤིང་ཀུན། ཤུ་དག་ནག་པོ་གསུམ་གཙོ་བོ་དང་། གཞན་རྣམས་ཆ་མཉམ། གླ་རྩི་དྲི་ཐོན་ཙམ། སྤང་སྤོས་བཟང་


JKT021_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

པོས་བུངས་བསྐྱེད་ལ་གཞི་བྱས་ཏེ། དགེ་སློང་རྣམ་དག་གམ། སྔགས་པ་ནུས་ལྡན་ནམ། ལོ་བརྒྱད་ཆུ་ལ་གླ་རྩི་དང་། མུ་ཟི་ནག་པོ་བཏབ་པས་རིལ་བུར་དྲིལ་གསུངས། ༈ །སྤྱོད་སྨན་གྱི་ཐོ་དགེའོ། །སྭསྟི། སྤྱོད་སྨན་གྱི་སྦྱོར་སྡེ་རྒྱ་གར་མཁས་པའི་གཞུང་ལས། བསེ་ཡབ། པོ་རིལ། ཟི་ར་དཀར་པོ། ཟི་ར་ནག་པོ། སྒེ་གཤེར། འུ་སུ། སྒ་སྐྱ། ཤིང་ཏོག་སྐྱུར་མོ། ཤིང་ཀུན། ༧ ཤིང་ཀུན་གྱི་ལོ་མ། ཡུང་བ། རྒྱ་མཚོའི་ཚྭ། སིནྡྷའི་ཚ། རྒྱ་ཚྭ། ཁ་རུ་ཚྭ། ཚྭ་ལ་རྣམས་ཆ་བསྐྱེད་ལུགས་ཁམས་དང་བསྟུན་ཏེ་སྦྱར་བར་བཞེད། ༈ །གཞན་དུ། སྒ། པི་ལིང་། ཕོ་རིལ། སུ་རུ་པཉྩ། འུ་སུ། ཡུང་བ། འཁོར་ལོ་མ། པྲི་ཡཧཱུྃ། གོ་སྙོད། ཤུ་མོ་ཟ། གཡེར་མ། ཤིང་ཚྭ། ལི་ཤི །ཤིང་ཀུན། འཛིམ་བུ་སོགས་སྒོག་པའི་རིགས། ལན་ཚྭ། གཞན་ཡང་ཤྭ་མོ། རིན་ཆེན་སྙག །ཚྭ་ལ་ཆུ་བཅད། བུལ་ཏོག །རྒྱམ་ཚྭ་སོགས་ཀྱང་ཅུང་ཟད་གཏོང་བར་གསུངས། ཁྱད་པར་ཏོང་ཀུན་རྩ་བ་ལྷོ་རོང་ནས་འབྱུང་བ་དེ་རྙེད་ན་དྲི་ཤིན་ཏུ་བཟང་བར་སྣང་ངོ་། །མངྒ་ལཾ། ༈ ། ཆང་སྣ་བརྒྱད་ནི། འབྲུ་ནས། འབྲས། གྲོ། ཆང་། སྦྲང་རྩིའི་ཆང་། མེ་ཏོག་གི་ཆང་། བུ་རམ། ཀ་རའི་ཆང་། རྒུན་ཆང་། སྐྱུ་རུ་རའི་ཆང་། ཤི་གྲུའི་ཆང་ཞེས་སོ། །ཡང་བ་སྤུ་དང་། སེ་འབྲུ་


JKT021_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་ཆང་སྦྱར་ཚུལ་ཀྱང་བཤད་དོ། ༈ །ཤ་ལྔ་གཏའ་སྤེལ་བྱ་ཚུལ་ཐོ་དགེ །མི་ཤ་ནི། སྐྱེ་བ་བདུན་པའམ་སྐྱེས་དར་མ་མཚོན་གྱིས་ཤི་བའི་ཤ་སྣ། བཟང་དྲུག །ཨ་རུ་ར། ར་མྱེ། །ཤིང་ཀུན་དང་གླ་རྩི་དྲི་ཐོན་ཙམ། ཙནྡན་དཀར་པོ། ཅོང་ཞི། ༡༽ བ་གླང་དམར་པོ་བསད་པའི་ཤ་སྣ། ཛཱ་ཏི། ལྕ་བ། བ་རུ་ར་ཙན་དམར། གོ་སྙོད། ༢༽ ཁྱི་དཀར་པོ་ནག་ཐིག་མེད་པའམ་དོམ་ནག་སྙིང་དཀར་གྱི་ཤ་སྣ། སུག་སྨེལ། གཟེ་མ། སྐྱུ་རུ་ར། ཏོང་ཀུན་དཀར་པོ། བྲག་ཞུན། ཅུ་གང་། ༣༽ རྟ་དམར་པོ་གསར་བ་གྲིར་ཤི་བའི་ཤ་སྣ། ཀ་ཀོ་ལ། བ་སྤུ། མིང་ཅན། །། ཤིང་ཀུན་དྲི་ཙམ། ཡུང་བ། ༤༽ གླང་པོ་ཆེའི་ཤ །ཛཱ་ཏི། ཉེ་ཤིང་། གི་ཝཾ་རིགས་ལྔ། ཀླུ་བདུད་དཀར་ནག་དང་གླང་སྣ། ལི་ཤི །ཁ་ཆེ་དྲི་བཟང་བཅས་སོ། ༥༽།ཐམས་ཅད་ལ་དབང་པོ་ལག་པའི་དམ་རྩི་སྦྱར་ནས་གར་ཆང་གིས་སྦོལ། འདི་རྣམས་གསར་རྙིང་ཡོངས་གྲགས་ཡིན། གཞན་དུ་ཁྱིའི་མལ་དུ་སེང་གེའི་ཤ །གླང་པོ་ཆེའི་མལ་དུ་མཁའ་ལྡིང་ངམ་ཁྱུང་དང་། ཡང་རྨ་བྱ་བཤད་པ་སོགས་སྣང་བ། སེང་གེའི་ཤའི་ཚབ་ཏུ་མིའམ་ཁྱི་ཤ་དང་། ཁྱུང་ཤའི་ཚབ་འོལ་བས་བྱེད་པར་སྣང་། ༈ །བདུད་རྩི་ཆོས་སྨན་ལ། །སྙིང་པོ་ཤ་ལྔ་བདུད་རྩི་ལྔ། །སྐྱོབས་དང་འཕྲོད་དུ་རྩ་བ་


JKT021_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད། །ཡན་ལག་སྟོང་སྙེད་ཅི་རིགས་སྦྱར། །ཞེས་གསུངས་པའི་ཤ་ལྔ་བདུད་རྩི་ལྔ་ནི་སྒྲུབ་པ་པོ་རྣམ་སྨིན་རིག་འཛིན་གྱི་ས་ལ་གནས་པ་ཡན་ཆད་ཀྱི་དབང་དུ་བྱས་ན་དག་མ་དག་གི་རྩིས་གདབ་མེད་ཀྱང་། ཐུན་མོང་དུ་ཡུལ་དག་པའི་ཤ་སོགས་ལ་བརྟེན་པ་གཅེས་པས་གཏེར་བྱོན་དང་ཕབས་གཏའ་ཙམ་ལ་ཆ་བཞག །དེ་ལ་བརྡའི་སྨན་ནམ་སྐྱོབས་སུ། བཀའ་བརྒྱད་གསང་རྫོགས་ཀྱི་རྒྱུད་ལས་བཟང་པོ་དྲུག་ཁོ་ནར་བཤད། གཞན་དུ་ཤ་ལྔ་ལ། ར་མྱེ། གླང་། མོན་དམར། རྟ། མཁྲོ་མ། གྲོ་མ་ཡིན་ནམ་དཔྱད་མཆན། རྨ་བྱ། རུ་རྟ། མཁའ་ལྡིང་། རེ་རལ། སེང་ཤ །བདུད་རྩི་ལྔ་ལ། སྤང་སྤོས། དྲི་ཆེན། གསེར་ཤ་གོ་སྙོད་ཀྱང་བཤད། ཤ་ཆེན། །བྲག་ཞུན། རཀྟ། པྲི་ཡངྐ་དྲི་ཆུ། ཅོང་བྱང་སེམས། ཞིའམ། བྲག་ཞུན་དང་ཅོང་ཞིའི་མལ་དུ་སིནྡྷར། ཅུ་གང་ཡང་བཤད། རྩ་བ་བརྒྱད་ལ་བཤད་ཚུལ་མང་། གསང་སྨན་གྱི་རྩ་བ་བརྒྱད་ཅེས་རྩ་བ་ཨ་གར་ནག་པོ། སྡོང་པོ་ཙནྡན་དཀར་པོ། ཡལ་ག་བ་ལེ་ཀ །ལོ་མ་རྒྱ་ཤུག །མེ་ཏོག་གུར་གུམ། འབྲས་བུ་ཨ་རུ་ར། ཤུན་པ་ཤིང་ཚྭ། ཚི་བ་ག་བུར་ཏེ་བརྒྱད་དོ། །ཡན་ལག་སྟོང་ལ། རྡོ་རྗེ་ཕ་ལམ་དང་གསེར་དང་དངུལ་ཆུ་སོགས་རིན་པོ་ཆེའི་རིགས་བརྒྱ༡༠༠། གསེར་དངུལ་ཟངས་ལྕགས་ཀྱི་རྡོ་དང་ཅོང་ཞི་བྲག་ཞུན་རིགས་ལྔ་སོགས་རྡོའི་སྨན་


JKT021_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ༢༠༠། མུ་ཏིག་གསེར་གྱི་བྱེ་མ་སོགས་པའི་སྨན་བརྒྱ༣༠༠། གླ་རྩི་དང་ག་བུར་ཤིང་ཀུན་སོགས་རྩི་སྨན་རིགས་བརྒྱ༤༠༠། ཙནྡན་སོགས་ཤིང་གི་སྨན་རྩ་ལོ་མེ་འབྲས་སྡོང་པོ་ཡལ་ག་ཤུན་པ་དང་ཆུ་བ་སོགས་བརྒྱ༥༠༠། བ་ཤ་ཀ་དང་། ཏིག་རིགས་སུམ་བཅུར་གྲགས་པ་སོགས་ཤིང་མ་ལྡུམ་ཐང་སྨན་ཆུ་ལོ་མེ་འབྲས་བརྒྱ༦༠༠། བོང་ང་དཀར་སེར་དམར་གསུམ་སོགས་སྔོ་སྨན་རྩ་ལོ་མེ་འབྲས་ཡོངས་རྫོགས་བརྒྱ༧༠༠། འབྲས་དང་གྲོ་སྲན་ཏིལ་སོགས་འབྲུ་རིགས་བརྒྱར༠༠། རྒྱམ་ཚྭ་དང་ལྕེ་མྱང་ཚྭ་སོགས་ལན་ཚྭའི་རིགས་བརྒྱ༩༠༠། དབང་པོ་རིལ་བུ་དང་བསེ་རུ་རིགས་གསུམ་སོགས་སྲོག་ཆགས་ལས་བྱུང་བའི་སྨན་གྱི་རིགས་བརྒྱ༡༠༠༠། ཞར་བྱུང་སྨན་ཆུ་དང་ཆུ་ཚ་ཆང་སྣ་འོ་མ་སོགས་བརླན་གཤེར་གྱི་རིགས་རྣམས་ཏེ། དེའང་རྩི་སྨན་སོགས་ལ་ཧ་ཅང་མང་བ་རྙེད་དཀའང་ནང་གསེས་ཀྱི་དབྱེ་བ་ཅི་རིགས་པ་དང་། ཐང་དང་སྔོ་སྨན་སོགས་ཕོ་མོ་མ་ནིང་གི་དབྱེ་བས་བརྒྱ་རྩ་ལས་ཀྱང་ལྷག་རྙེད་པར་སྣང་། ཤིང་ཏོག་དང་། སྤྱོད་དང་། སྤོས་ཀྱི་རིགས་ཀྱང་ཇི་ཙམ་རྙེད་པ་སྟེ།མདོར་ན་སྟོང་ཕྲག་ཀྱང་མང་ཚིག་ཙམ་ལས་རེ་རེ་ནས་བགྲང་བའི་ངེས་པ་མི་སྣང་། གང་ལྟར་ཡང་ཁ་དོག་དང་། དྲི་དང་། རོ་དང་། ནུས་པའི་སྤྱང་ཀིར་གྱུར་པ་སྤངས། ལན་ཚྭ་སོགས་ཀྱང་ཅུང་ཟད་།


JKT021_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མང་ན་མི་ལེགས་པ་སོགས་ཞིབ་མོར་དཔྱད་དེ་སྦྱར་བར་བྱའོ། ༈ །སྨན་རྩ་བ་བརྒྱད་དམ་ཕྱི་ཡི་རྩ་བརྒྱད་ཙནྡན་སྦྲུལ་གྱི་སྙིང་པོ་ལ་ཚང་སྟེ། རྩ་བ་མུ་ལ་བྷ་དྲ། སྡོང་པོ་ཙནྡན་སྨུག་པོ། ཤུན་པ་ཤིང་ཚྭ། ལོ་མ་གན་པ་ཊ་སྟེ་རྒྱ་ཤུག་ལོ། ཡུ་བ་ལི་ཤི །མེ་ཏོག །གུར་གུམ། འབྲས་བུ་ཛཱ་ཏི། ཐང་ཆུ་ག་བུར་ཞེས་བཤད། ༈ །བོང་དམར་འབྲི་མོག་མོན་བུ་དམར། །གྲོ་མ་ཉུང་དམར་རྩ་བ་སེམས་དབང་བྱེད། ལྔ། །ཙནྡན་སེང་ལྡེང་མཛོ་མོ་ཤིང་། །འོ་སེ་རྩོད་བཅས་སྣང་བ་དབང་བྱེད། སྡོང་བུ་ལྔ། །ཧ་ལོ་ཨུག་ཆོས་གླང་སྣ་དང་། །ལུག་རུ་ཨུཏྤལ་སྐྱེས་པ། མེ་ཏོག་ལྔ། །སྐྱུ་རུ་སེ་འབྲུ་འོལ་མོ་སེ། །རམ་བུ་སེ་ལྟར་བུ་དང་རྒུན་འབྲུམ། རྒོད་འབྲས་བུ་བུད་མེད། ལྔ། །གུར་གུམ་རྒྱ་སྐྱེགས་སིནྡྷ་ར་ལི་ཁྲི། །སྦྲང་རྩི་བྲག་ཞུན་རྩི་བན་བཙུན། ལྔའོ། །ར་ག་བྱེ་རུ་ཟངས་དང་མཆོང་། །རང་བྱུང་ཤེལ་དམར་རིན་ཆེན་ལྔ། ཡེ་ཤེས། །མཚལ་ཙག་མདུང་རྩེ་ཅོང་ཞི་དམར། །ལྡོང་རོས་བཅས་ཏེ་རྡོ་ལྔའོ།” །ཞེས་སོ། ༈ །རཀྟ་སོ་ལྔ་ལ་བཤད་ཚུལ་མང་། ཉེར་ལྔ་དགོངས་འདུས་རྣམ་ངེས་ལས། རྡོའི་རཀྟ།༽ མཚལ། ལྡོང་རོས། ཙག །མདུང་རྩེ། སྦལ་རྒྱབ་ལྔ། ཤིང་།༽ སྐག །ཚོས། སེང་འཇིག་རྟེན་དབང་བྱེད། ལྡེང་། བཙན་དུག །ཐར་ནུ། ཙི།༽ གླ་རྩི། གོ་ཆེ། བུ་རམ། འབྲི་སྨུག །


JKT021_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲང་། འབྲུ།༽ རྒུན་འབྲུམ། སྐྱུ་རུ། སྐྱེར་འབྲུ། ར་ག་དམར་པོ། ནས་ནག །མེ་ཏོག༽ །ཨུག་ཆོས། ལུག་རུ་དམར་པོ། སྲན་མ། རྒྱ་ལྕམ། རམ་བུ་ཞེས་བཤད། ༈ །རཀྟའི་རྒྱུད་སོགས་ཀྱི་དགོངས་དོན་རྣམ་གྲངས་རྒྱ་མཚོར། ཡབ་ཀྱི་སྣ་གཡས། ཡུམ་གྱི་པདྨ། སྲིད་པ་ལྟེ་བ། དཔའ་བོ་གྲིར་བསད་པའི་སྙིང་ཁྲག་སྟེ་ནང་གི་རྩ་བ་བཞི། སྟག་གཟིག་སོགས་གཅན་གཟན། རྒོད་སོགས་འདབ་ཆགས། རྟ་བོང་སོགས་རྨིག་ཟླུམ། གཡག་སོགས་རྨིག་དཔྲག་གི་ཁྲག་སྟེ་ཕྱིའི་རྩ་བ་བཞི་བསྡམས་པས་རྩ་བ་བརྒྱད། ཡན་ལག །མཚལ་ལི་ཁྲི། བཙག །ལྡོང་རོས། རྡོ་དྲེགས་དམར་པོ་སྟེ་སའི་རཀྟ་ལྔ། ཙན་དམར། སེང་ལྡེང་། མཛོ་མོ་ཤིང་། གོམིཥ ཤེར་ཤིང་དམར་པོ་སྟེ་ཤིང་གི་རཀྟ། རྗེས་མ་གཉིས་སྟར་བུ་དང་། ཀཎྜ་ཀ་རིས་བྱེད། པདྨ་རཱ་ག །བྱེ་རུ། མཆོང་དམར་པོ། མེ་ཤེལ། རྡོ་རྒྱུས་དམར་པོ་སྟེ་སྦལ་རྒྱབ་གང་རུང་སྟེ་རྡོའི་རཀྟ། ཧ་ལོ། ཨུག་ཆོས། གླང་སྣ། སེ་རྒོད། ལུག་རུ་དམར་པོ་སྟེ་མེ་ཏོག་གི་ལྔ། ར་མོ་ཤག །ཉེ་ཤིང་། སྙ་ལོ། གྲོ་མ། སྙུག་མ་དམར་པོ་སྟེ་རྩའི་རཀྟ་ལྔ། ཕྱི་མ་འདི་རྣམས་ཁམས་གླང་ཐང་སོགས་སྐྱེ་བའི་ཁྲག་སྨྱུག་ཞེས་པ་དེའོ་ཞེས་བཤད་རུང་། དོན་ཉུང་མ་དམར་པོ་ཟེར་བ་དེ་ཡིན་འདྲ། རྒུན་འབྲུམ། རམ་


JKT021_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

བུ། གུལ་སྲན་བྲེའོ། །བ་མཁལ་སྨུག་པོ། སྐྱུ་རུ་ར་སྟེ་འབྲུའི་རཀྟ། རྒྱ་སྐྱེགས། སིནྡྷ་ར། འབྲི་མོག །བུ་རམ་བྲག་ཞུན་སྟེ་རྩིའི་རཀྟ་ལྔ་སྟེ་སོ་ལྔ། དེའི་ཡན་ལག་ཏུ། ཟངས་དང་རྡོ་རིགས། །:བཙོད་འོམ་བུ་སོགས་ཤིང་རིགས། ཨུཏྤལ་དམར་པོ་དང་ཤངས་དྲིལ་སོགས་མེ་ཏོག་དམར་པོ། བཙག་སྣ་མའི་འབྲས་བུ། འོལ་སེ་སོགས། མདོར་ན་ཁ་དོག་དམར་པོའི་རིགས་ཐམས་ཅད། སྲོག་ཆགས་ལས་བྱུང་བའི་ཁྲག་སྣ་ཚོགས་ཡོད་དོ། ༈ །འདག་ཆལ་རྫས་རྒྱ་གཞུང་ལས། འདག་ཆལ་དུ་འོས་པའི་སྤྲོ་བའི་འདབ་མ་དང་། ཉེ་ཤིང་དང་། བག་ཕྱེའི་ཆལ་དང་། བ་བྱུང་རྣམ་ལྔ་དང་། །ཡུངས་བ་དང་། འབྲས་ཡོས་དང་། ཏིལ་མར་དང་། སྦྲང་རྩི་དང་། འོ་མ་དང་། གན་པ་ཏྲ་དང་བཅས་མེ་ལོང་གི་སྟེང་དུ་བཏབ་ལ། ཙནྡན་ག་བུར་གྱི་དྲིས་ཐིག་ལེ་བྱས་ལ་མེ་ཏོག་དང་བཅས་པའི་༧ཀུ་ཤའི་པིར་གྱིས་བཀྲུ་བར་བྱའོ། །སུག་པ་དང་། བུལ་ཏོག་དང་། སྤངས་མས་ཀྱང་བཀྲུའོ། །ཞེས་སོ། ༈ །སྨིན་གླིང་ནས་ཐུན་རྫས་ལ། ཀེ་ཚེ༡། ཤང་ཚེ༢། ལྕགས་ཕྱེ༡། ཟངས་ཕྱེ༢། །།མཁར་གོང་གི་རྡོ་ཕྱེ་༣རྣམས་ཡུངས་ཀར་གྱི་ཕྲ་ཞིབ་ཙམ་དུ་བཏགས་པ་དང་། ཡུངས་ཀར་བཅས་ཁྲག་གཙང་གིས་སྦྲུས་པ་ཡིན། ཁྲག་དེ་རླངས་པ་བྱུང་ཙམ་བྱེད་པར་གསུངས། ༈ །ལྷ་དབྱེའི་རྫས་དུད་


JKT021_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

མི་བཏང་ན་ཐུམ་བུ་ནི་ཏྲིའི་འོག་ཏུ་བཞག །ལྷ་ལྔ་གཤེད་འབེབས་ཀྱང་ཟུང་འབྲེལ་དུ་བྱ། ལྷ་ཡིན་ནམ། ཕོ་ཉ་གཤེད་འབེབས་ཡུངས་ནག་ཟི་ར་ནག་པོ། སྲོག་ལྷ་གཤེད་འབེབས་ཀེ་ཚེ། མོ་ལྷ་གཤེད་འབེབས་ར་རོག་དང་ཁྱི་ནག་གི་ཁྲག །དགྲ་ལྷ་གཤེད་འབེབས་ཕག་ནག་ཁྲག །ཞང་ལྷ་གཤེད་འབེབས་ལྕགས་ཕྱེ་ཟངས་ཕྱེ། ཡུལ་ལྷ་གཤེད་འབེབས་སྒོག་པ་བཅས་སོ། ༈ །མནན་པའི་སྐབས་དོང་གི་ཚད་ལ། དང་པོ་ཁྲུ་གང་ཡན་ཆོད་ས་རོ་ཡིན་པས་ཕན་གནོད་མེད། དེ་ནས་སོར་དགུ་སྲིན་མོའི་གནས་ཡིན་པས་འགོང་ཆོག་མནན། དེ་ནས་སོར་བཅུ་བརྟན་མའི་གནས་དགྲ་བགེགས་མནན། དེ་ནས་སོར་བཅུ་གཅིག་ཀླུ་བདུད་ཀྱི་གནས་ཡིན། གཏད་དེ་རུ་མནན། དེ་བས་རིང་ན་རང་ལ་ལྡོག །ཐུང་ན་དགྲ་མི་འཆི། ཨུ་པ་དེ་ཤ་ས་མ་ཡ༔ ༈ །གླུད་རྫས་ནི། གླུད་ཀྱི་རྒྱུ་འབྲུ་སྣ་བདུན་ཞེས། ལྷའི་འབྲུ་ནས། ཀླུའི་འབྲུ་གྲོ། གཉན་གྱི་འབྲུ་སོ་བ། བདུད་ཀྱི་འབྲུ་བྲ་བོ། ཐེའུ་རང་གི་འབྲུ་སྲན་མ། ས་བདག་གི་འབྲུ་འབྲས། གནོད་སྦྱིན་གྱི་འབྲུ་ཏིལ་བཅས་ཀྱི་དར་ཕྱེ་ཞེས་རྗེན་ཕྱེ་ལས་བྱ། བྱེ་བྲག་གི་རྫས་ལ། ཟེར་མོའི་སྒྲོའམ་མཐིང་གི་སྐུ། ཕྱག་ཚང་ཀུ་བའི་ཐོད་པ། མུ་ཏིག་གམ་ཤེལ་གྱི་ཀླད་པ། ལུང་ཏང་གི་མིག །གྲོ་གའམ། ཨ་འབྲས་སམ། དུང་གི་རྣ་བ།


JKT021_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཟངས་ཁབ་ཀྱི་སྣ། མགྲོན་བུའི་སོ། །བྱེ་རུའམ་དར་ལེ་བརྒན་གྱི་ལྕེ། བསེའམ་ཨ་རུ་རུའི་ཤ །མཚལ་ལམ་ལན་ཚྭའི་ཁྲག །མེ་ཤེལ་གྱི་དྲོད། དར་སྣ་ལྔའི་དབུགས། ཆུ་ཤེལ་ལམ་འཇའ་ཤེལ་གྱི་སེམས། དུང་གི་རུས་ལ། རྡོ་རྒྱུས་བྱ་བལ་མའམ། ཤིང་གསམ་པ་བྱ་བལ་མའི་རྒྱུས་པ། སྤུ་ཤེལ་རྩེའི་རྩ། གྲོ་གའམ་བྲམ་ཤིང་གི་ཤུན་པས་ལྤགས་པ། མུ་ལེ་བྲམ་ཤིང་དངོས་སམ། མ་རྙེད་ན་འབྲུག་ཤིང་དུ་གྲགས་པའི་ཤུན་པས་ཀྱང་ཚབ་རུང་། དབང་ལག་གི་ལག་པ། ཆུ་སྲིན་སྡེར་མོ་སྟེ་ནཱ་གིའི་སེན་མོ། སྙིང་ཞོ་ཤའི་སྙིང་། གློ་བ་ཞོ་ཤའི་གློ་བ། ཤ་འབྲས། མཆིན་པ་ཞོ་བ་མཁལ་བླུག་པོའམ་གླང་མིག་ཏུ་གྲགས་པའི་དམར་སྨུག་ལེབ་མོ་ཆེབ་དེའོ། །ཤའི་མཆིན་པ། མཚེར་པ་ཞོ་ཤའི་གླ་གོར་ཞོ་ཤའང་ཟེར། མཚེར་པ། མཁལ་ཞོ་དཀར་ནག་གི་མཁལ་མའམ། ཡང་རིན་པོ་ཆེ་སྣ་ལྔའམ། ཡང་ན་ཛཱ་ཏི། ཅུ་གང་། གུར་གུམ། ཀ་ཀོ་ལ། སུག་སྨེལ་རྣམས་ཀྱི་དོན་ལྔ། ཚ་བ་གསུམ་གྱི་སྣོད་དམ། ཡང་ན་བཟང་པོ་དྲུག་གི་སྣོད་ཅེས། ཕོ་བའི་བཟང་པོ་སེ་འབྲུ། རྒྱུ་མའི་བཟང་པོ་དུག་མོ་ཉུང་ངམ་རྒྱམ་ཚྭ། མཁྲིས་པའི་བཟང་པོ་དོམ་མཁྲིས། ལོང་གི་བཟང་པོ་པི་ལིང་། སྒང་པའི་བཟང་པོ་རྒྱ་ཚྭ། བསམ་སེའི་བཟང་པོ་ལུང་ཏང་ངམ་བ་སྤུའོ། །ཐལ་ཀ་རྡོ་རྗེའི་ཕོ་མཚན། ལག་པ་གཡས་པ་གསེར། །


JKT021_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པ་དངུལ་ལམ་གཡུ། རྐང་པ་གཡས་པ་ལྕགས། གཡོན་པ་ཟངས་ལས་བྱ་བར་བཤད། སྤྱིར་བཏང་དུ་མཐུན་རྫས། དར་སྣ། རས་སྣ། གོས་སྣ། ཟས་སྣ། སྤོས་སྣ། གསེར། །དངུལ། ཟངས། ལྕགས། གཡུ། བྱེ་རུ། སྤོས་ཤེལ་སོགས་རིན་པོ་ཆེ། ལྷོ་རྫས་ཞེས་ཚོས། བཙོད། ཞུ་མཁན། སྦ་སྨྱུག་སོགས་ལྷོ་རོང་ནས་འབྱུང་བ། བྱང་རྫས། ཞེས་ལན་ཚྭ་དང་། བུལ་ཏོག་སོགས་བྱང་ཁའི་རྫས། ལ་རྫས་ཞེས་ལ་སྨན་རིགས་ཏེ། འབྲས་བུ་གསུམ་དང་། ཙནྡན་དཀར་དམར་འབྲས་སྣ་གསུམ་སོགས་བཟང་སྨན། ཀླུདས་རྫས་ཞེས་གོང་དུ་སྨོས་པའི་འབྲུ་སྣ་བདུན་དང་། ཁྲེ། ཙི་ཙི། ཟར་མ། གཡེར་མ། ཉུང་མ། སྒོག་པ། རམ་པ་སོགས། ཁམ་བུ། སྟར་ག །ཀུ་ཤུ། རྒུན་འབྲུམ་སོགས་ཤིང་ཏོག་སྣ་ཚོགས། གཞན་ཡང་། དཀར་འོ་མ། ཞོ། མར། མཆན། གསུམ། མངར་ཀ་ར་བུ་རམ་སྦྲང་རྩི། གསུམ། དམར་གསུམ། ཤ་ཁྲག་རུས་པའོ། །ཇ་ཕུད། ཆང་ཕུད་སོགས་འདོད་ཡོན་ཅི་འབྱོར་པའོ། །དེའང་ཀླུད་ཕྲན་ཆུང་ངུ་སྤར་དུ་བཏབ་པ་སོགས་ལ་ང་གི་རྫ་ས་ཕལ་ཆེར་ཕྱོགས་གཅིག་ཏུ་བསྡུས་ནས་ཕྱེ་མ་ཞོ། མར། མཆན། བྱས་ཏེ་བསྲེ་བའི་ཕྱག་སྲོལ་ཡང་ཡོད་པར་སྣང་། དེ་ལྟར་ན་ཁྲོལ་བུའམ། ཕྱེ་མའམ། ཡང་ན་དཀར་མངར་སོགས་ཀྱིས་


JKT021_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

སྤོལ་བའི་ཕུར་མའམ། རིལ་བུར་བྱས་ཏེ། སྔགས་དྲུག་ཕྱག་དྲུག་གམ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རྫས་རྣམས་འདོད་རྒུ་ཐམས་ཅད་འབྱུང་བའི་རང་བཞིན་དུ་བྱིན་གྱིས་བརླབས། བདག་གི་བསམ་པའི་སྟོབས་དང་ནི་སོགས་བདེན་སྟོབས་བརྗོད། ཡེདྷརྨས་བརྟན་པར་བྱ་ཞིང་། འབད་དང་རྩོལ་བས་མ་གོས་པའི་སོགས་ཤིས་པ་བརྗོད་པ་བཅས་བགྱིས་ན་སྐབས་སུ་བབས་པར་འགྱུར་ཞིང་། སྤར་བུ་ལྟ་བུའི་སྣོད་བཟང་པོར་ཚགས་ནས་དགོས་པའི་དུས་སུ་ངར་ཟན་སོགས་ལ་བསྲེ་བར་བྱའོ། །མངྒ་ལཾ།། །།


previousདྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་སྐབས་ཉེར་མཁོའི་ཟིན་བྲིས་གཞན་ཕན་ཟླ་སྣང་།next