Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

5 occurrences of མགོན་པོ་བྱང་
[Clear Hits]


  
  
 
སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་ཤིན་ཏུ་བསྡུས་པ་བྱ་ཚུལ་ཕན་བདེའི་ཨུཏྤལ།
  
  
  
  
  
  
  
  
 
  
  
  
  
  
 
  
  
  
  
  


5 occurrences of མགོན་པོ་བྱང་
[Clear Hits]

 
previousསྒྲོལ་མ་མཎྜལ་བཞི་པའི་ཆོ་ག་ཤིན་ཏུ་བསྡུས་པ་བྱ་ཚུལ་ཕན་བདེའི་ཨུཏྤལ།next

སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་ཤིན་ཏུ་བསྡུས་པ་བྱ་ཚུལ་ཕན་བདེའི་ཨུཏྤལ།


JKT021_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་ཤིན་ཏུ་བསྡུས་པ་བྱ་ཚུལ་ཕན་བདེའི་ཨུཏྤལ་བཞུགས་སོ།། །།


JKT021_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ན་མོ་གུ་རུ་བྷྱ༔ གང་མཚན་དྲན་པའི་མོད་ཉིད་ནས། །འཇིགས་པ་ཀུན་ལས་དབུགས་དབྱུང་བའི། །མྱུར་མ་དཔའ་མོར་གུས་བཏུད་ནས། །དེ་མཉེས་བྱེད་པའི་ཆོ་ག་བཤད། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དེ་ལ་དང་པོ་སྦྱོར་བ་ནི། རྣལ་འབྱོར་པ་གང་ཞིག་རྗེ་བཙུན་མའི་རྗེས་སུ་གནང་བ་ཐོབ་ཅིང་། དམ་ཚིག་དང་སྡོམ་པ་ཡང་དག་པ་དང་ལྡན་པས་མཎྜལ་གྱི་ཆོ་ག་བགྱིད་པར་སྤྲོ་ན། གནས་གཙང་ཤིང་ཡིད་དུ་འོང་བར། ཉ་སྟོང་བརྒྱད་ལ་སོགས་པའི་དུས་བཟང་ངམ། སྐབས་སུ་བབས་པའི་ཚེ། ཡོ་བྱད་ཉེ་བར་བསགས་པ་ནི། འཕགས་མའི་སྐུ་རབ་གནས་དང་ལྡན་པ་བྲིས་འབུར་གང་རིག་གི་མདུན། བ་བྱུང་ལྔ་དང་དྲི་


JKT021_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་པོས་བྱུག་པའི་མཎྜལ་ལ། གུར་གུམ་གྱིས་ཆུས་བརླན་པའི་འབྲུ་ཚོམ་བཞི་བཀོད་པ་དང་། སྟེགས་ཀྱི་ཁར་དཀར་གཏོར་བཞི། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཚན་བཞི་བཅས་བཀོད་པས་མཛེས་པར་བཤམས་པ་སོགས་འོག་ནས་འབྱུང་བའི་ཡོ་བྱད་རྣམས་འདུ་བྱའོ། །གཉིས་པ་དངོས་གཞི་ལ་དོན་ཚན་གསུམ་ལས། །དང་པོ་ཚོགས་ཞིང་སྤྱན་དྲངས་ཏེ་ཡན་ལག་བདུན་པ་དང་མཎྜལ་བཅས་པས་མཆོད་དེ་གསོལ་བ་གདབས་པ་ལ། ཐོག་མར་སྐྱབས་སེམས་སྔོན་དུ་འགྲོ་བས། ཐམས་ཅད་དུ་ཡང་ས་གཞི་དག །གསེགས་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻཌཱུརྱའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །ཕུན་སུམ་ཚོགས་


JKT021_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཞིང་དེ་དག་ཏུ་ལྷ་དང་མི་ཡི་ཡོ་བྱད་དམ་པ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་སོགས་པ་རྣམ་པར་དག་ཅིང་ཡིད་དུ་འོང་བ་མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པར་གྱུར། ན་མཿསརྦ་ཏ་ཐཱ་སོགས་ལན་གསུམ་དང་། སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་ཀྱང་འདོན། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་པས་རྗེ་བཙུན་སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། པདྨ་ཀ་མ་ལ་ཡེ་ཧཱུྃ། ཅེས་པས་གདན་དབུལ། དེ་ནས་ཁྲུས་ཁང་བསྐྱེད་པ། ཁྲུས་གསོལ། གོས་ཟུངས་དང་། རྒྱན་འབུལ་བ་རྣམས་གཞན་ནས་འབྱུང་བ་ལྟར་གྲུབ་རྗེས། སྟན་ལས་ལངས་ཏེ་ཕྱག་འཚལ་བཞིན་པར། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་རྒྱས་བསྡུས་གང་རིགས་དང་། མཎྜལ་ཅི་ནུས་འབུལ་མཐར། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། ཅེས་སོགས་ལན་གསུམ་གྱིས་སྐྱབས་སེམས་ནན་ཏན་དུ་བྱ། རྟེན་ལ་མེ་ཏོག་གཏོར་ཏེ། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། ནས། ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །ཞེས་པའི་པར་གྱིས་འདོད་པའི་དོན་ལ་གསོལ་བ་གདབ་པར་བྱའོ། །གཉིས་པ་རང་ཉིད་སྒྲོལ་མར་བསྐྱེད་ནས་ཐུགས་


JKT021_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་བསྐུལ་བའི་བཟླས་པ་བྱ་བ་ལ། ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་བ་ཤུདྡྷོ་ཉཧཾ། ཆོས་ཀུན་གཟོད་ནས་འོད་གསལ་སྟོང་པའི་ངང་། །པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་། །ཏཱཾ་ལས་ཨུཏྤལ་ཏྭཾ་གྱིས་མཚན་པ་ལས། །འོད་འཕྲོས་དོན་གཉིས་བྱས་ནས་ཚུར་འདུས་པས། །རང་ཉིད་རྗེ་བཙུན་སྒྲོལ་མ་མར་གད་མདོག །ཞི་མཛུམ་ཞལ་ཅན་བརྒྱད་གཉིས་ལང་ཚོས་སྒེག །ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱའི་གན་མཛོད་ནས། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྟེར་ཞིང་། །གཡོན་པས་དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས། །འཇིགས་པས་ཉེན་པའི་འགྲོ་ལ་དབུགས་འབྱིན་སྦྱིན། །གཉིས་ཀས་ཨུཏྤལ་སྔོན་པོའི་སྡོང་བུ་ནི། །མེ་ཏོག་སྙན་གྱི་ཐད་སོར་བྱེ་བ་འཛིན། །སྣ་ཚོགས་དར་དང་རིན་ཆེན་རྒྱན་གྱིས་མཛེས། །གཡས་བརྐྱངས་གཡོན་བསྐུམ་སྟབས་ཀྱིས་རོལ་པ་ཡིས། །གནས་Jགསུམ་འབྲུ་གསུམ་འོད་ཀྱིས་ཡེ་ཤེས་ལྷ། །སྤྱན་དྲངས་རང་དང་གཉིས་སུ་མེད་པར་གྱུར། །སླར་ཡང་ཐུགས་སྲོག་ལས་བྱུང་འཛུམ་ཟེར་གྱིས། །དབང་ལྷ་སྤྱན་དྲངས་བདུད་རྩིས་དབང་བསྐུར་ཤིང་། །སྐུ་གང་སྒྲིབ་དག་སྤྱི་བོར་བརྟན་པ་ལས། །རིགས་བདག་འོད་སྣང་མཐའ་ཡས་དབུར་རྒྱན་གྱུར། །ཞེས་གསལ་བཏབ། ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ལྷ་དང་ལྷ་མིན་ཅོད་པཎ་


JKT021_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། སོགས་ཀྱིས་བསྟོད། དེ་ནས་སྣང་གྲགས་རིག་པའི་ཆོས་ཀུན་རྗེ་བཙུན་མའི་གསང་བ་གསུམ་གྱི་རོལ་པར་བལྟ་བའི་ལམ་ཁྱེར་ལས་མ་གཡོས་བཞིན་དུ། ཨོཾ་ཏཱ་རེ་ཏུཏྟཱ་ཏ་རེ་ཏུ་རེ་སྭཱ་ཧཱ། ཞེས་ཅི་a ནུས་བཟླ། ཡིག་བརྒྱས་ལྷག་ཆད་ཁ་བསྐངས་སྟེ་བྱིན་རླབས་བརྟན་པར་བྱའོ། །གསུམ་པ་མདུན་དུ་རྗེ་བཙུན་མ་གསལ་བཏབ་ནས་ཡན་ལག་བདུན་པ་མཎྜལ་དང་བཅས་པས་མཆོད་ཅིང་འདོད་དོན་ །གསོལ་བ་གདབ་པ་ལ་སྡེ་ཚན་གསུམ་ལས། དང་པོ་ནི། མདུན་གྱི་རྟེན་དེ་ཉིད་རྗེ་བཙུན་བཅོམ་ལྡན་འདས་མ་སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་འཁོར་སྒྲོལ་མ་ཉེར་གཅིག་གིས་བསྐོར་བ་དངོས་སུ་མོས་པས། ལྷ་དང་ལྷ་མིན་ཅོད་པན་གྱིས། སོགས་ལན་བདུན་བརྗོད་ལ་ཕྱག་དེ་སྙེད་དུ་འཚལ། དེ་ནས་མེ་ཏོག་གཏོར་ཏེ་སྟན་ལ་འཁོད་བཞིན་བར། རབ་འབྱམས་རྒྱ་མཚོའི་ཞིང་ཁམས་དཔག་མེད་ན། །མཆོད་པའི་ཁྱད་པར་ཇི་སྙེད་ཡོད་པ་དང་། །དེ་སྙེད་བདག་གིས་གུས་པས་བཤམས་པ་འདི། །རྗེ་བཙུན་འཕགས་མ་འཁོར་དང་བཅས་ལ་འབུལ། །ཨོཾ་ཨཱརཱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དེ་བཞིན་དུ། པཏུཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གྷནྡྷེ། ནེ་བིདྱ། ཤབྡ་རྣམས་སྦྱར་བས་ཉེར་སྤྱོད་དང་། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་རོ་དང་། །རེག་


JKT021_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་ཁྱད་པར་དབང་པོ་ཚིམ་བྱེད་པ། །མོས་བློས་དཀྱིལ་འཁོར་ལྷ་ལ་བདག་འབུལ་གྱིས། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་རཱུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ། དེ་བཞིན་དུ། ཤརྡ། གྷནྡེ རྭ་ས་སྤུནེ་རྣམས་སྦྱར་བས་འདོད་ཡོན། འཁོར་ལོས་བསྒྱུར་བ་མཆོག་གི་བསོད་ནམས་ལས། །ལེགས་པར་བྱུང་བའི་རིན་ཆེན་རྣམ་པ་བདུན། །རྗེ་བཙུན་འཕགས་མ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དོན་གཉིས་དངོས་གྲུབ་སྩལ་དུ་གསོལ། ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་མ་ཧཱ་ས་སྟ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་པས་རྒྱལ་སྲིད་བདུན་རྣམས་འབུལ། རྗེ་བཙུན་འཕགས་མ་སྒྲོལ་མ་དང་། སོགས་ནས། འདྲེན་པའི་དཔལ་དུ་བདག་གྱུར་ཅིག །ཅེས་ཡན་ལག་བདུན་པ་དང་མཎྜལ་རྒྱས་བསྡུས་ཅི་རིགས་དབུལ། སངས་རྒྱས་ཆོས་དང་ཚོགས་སོགས་སྐྱབས་སེམས་ལན་གསུམ་གྱི་རྗེས། རང་དང་དམིགས་ཡུལ་རྣམས་རྗེ་བཙུན་སྒྲོལ་མའི་ཞབས་གཡས་བརྐྱངས་པའི་འོག་ཏུ་ཚུད་ཅིང་། གདུང་ཤུགས་དྲག་པོས་གསོལ་བ་གདབ་པས་ཐུགས་རྗེ་ལྷག་པར་གསོལ་བར་བསམས་ལ། ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། སོགས་ཕྱག་འཚལ་ཉེར་གཅིག་ཚར་གཉིས་དང་། ལྷ་མོ་ལ་གུས་ནས། སོ་


JKT021_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

སོར་འཇོམས་འགྱུར་བར་ཚར་གཅིག །རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། སོགས་ནས། ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། ལན་གསུམ་གྱིས་འདོད་དོན་གསོལ། །གཉིས་པ་ལ་ཡང་། བསྟོད་པ་ཕྱག་འཚལ་ཉེར་གཅིག་ཚར་གསུམ་དང་། གསུམ་པ་ལ་བདུན་སྦར་བའི་དམིགས་གསལ་མ་གཏོགས་གཞན་སྔ་མ་ལྟར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་གཏོར་མ་གཏོང་བ་ནི། གཏོར་མ་ཆ་བཞིའི་དང་པོ་ཆབ་ཀྱིས་བྲན་ལ། ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ༔ ལན་གསུམ། རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར་བར་བསམས་ལ། ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་དང་། ཨབྷཾ་སོགས། གཏོར་མ་འདོད་ཡོན་བདུད་རྩིའི་རྒྱ་མཚོ་འདི། རྗེ་བཙུན་སྒྲོལ་མ་འཁོར་དང་བཅས་ལ་འབུལ། །བཞེས་ནས་རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །གཏོར་མ་གཉིས་པ་སོགས་


JKT021_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

འོག་མ་རྣམས་ལའང་བྱིན་རླབས་སྔར་ལྟར་དང་། དམིགས་གསལ། ཨརྒྷཾ་སོགས། གཏོར་མ་འདོད་ཡོན་བདུད་རྩིའི་རྒྱ་མཚོ་འདི། །ཆོས་སྐྱོང་སྲུང་མ་འཁོར་དང་བཅས་ལ་འབུལ། །བཞེས་ནས་རྣམས་བཞིའི་ཕྲིན་ལས་མ་ལུས་ཀུན། །ཐོགས་མེད་མྱུར་བ་ཉིད་དུ་འགྲུབ་པར་མཛོད། །གསུམ་པར། སཾ་བྷ་ར་བདུན་ནམ། གསུམ་དང་། མཚན་བཞི། གཏོར་མ་འདོད་ཡོན་བདུད་རྩིའི་རྒྱ་མཚོ་འདི། །སྙིང་རྗེའི་ཡུལ་གྱུར་རིགས་དྲུག་འགྲོ་ཀུན་ལ། །བསྔོའོ་སོ་སོའི་སྡུག་བསྔལ་ཀུན་བྲལ་ནས། ཕན་དང་བདེ་བའི་དཔལ་གྱིས་འཚོ་བར་ཤོག །བཞི་པར་སཾ་བྷ་ར་དང་། མཚན་བཞི། གཏོར་མ་འདོད་ཡོན་བདུད་རྩིའི་རྒྱ་མཚོ་འདི། །ཡུལ་ལྷ་གཞི་བདག་གཉུག་གནས་ཚོགས་ལ་འབུལ། །བཞེས་ནས་རུ་ང་ཕྲག་དོག་ཀུན་སྤངས་ཏེ། །ཕན་པའི་སྟོང་གྲོགས་རྒྱ་ཆེན་སྒྲུབས་མཛད་གསོལ། །ཞེས་པས་སོ་སོར་འབུལ། གཏོང་རག་གི་མཆོད་བསྟོད་རྒྱས་བསྡུས་ཅི་རིགས་དང་། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། སོགས་ཀྱིས་དངོས་གྲུབ་གསོལ། མ་འབྱོར་པ་དང་ཉམས་པ་དང་། སོགས་ཀྱི་མཐར་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ནོངས་པ་བཤགས། རྟེན་ཡོད་ན། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། སོགས་ནས། སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་པས་བརྟན་


JKT021_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་དང་། མེད་ན། ཨོཾ་ཁྱེད་ཀྱིས་སེམས་ཅན་སོགས་ནས། བཛྲ་མུས་ཡེ་ཤེས་པ་གཤེགས། འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། སོགས་ཤློ་ཀ་གཉིས་ཀྱིས་དགེ་བ་བསྔོ་ཞིང་། །རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཅི་འདྲ་དང་། སོགས་ཀྱི་སྨོན་ལམ་གདབ། ཕུན་སུམ་ཚོགས་པ་མངའ་བ་སོགས་དང་། བདག་གིས་ཚེ་རབ་ཀུན་ཏུ་བསྒྲུབས་པའི་ལྷ། དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞིང་དཔའ། །ཡུམ་གྱུར་ཨཏྤལ་བསྣམས་པའི་བཀྲ་ཤིས་ཤོག །ཅེས་སོགས་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །དེ་ལྟར་སྤྱིར་རྗེ་བཙུན་སྒྲོལ་མ་ནི་རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི་བདག་ཉིད་དུ་གྲུབ་པའི་ཕྱིར་བྱིན་རླབས་མྱུར་ལ། ཁྱད་པར་མཎྜལ་ལ་བརྟེན་ནས་མཆོད་པའི་ཚུལ་གྱི་ཆོ་ག་འདི་ནི་གཞུང་རྩ་བར་དངོས་སུ་བསྟན་པར་མ་ཟད། ལ་འཕགས་བོད་ཀྱི་མཁས་གྲུབ་དུ་མས་མགྲིན་གཅིག་ཏུ་བསྔགས་པའི་ཡུལ་ཡིན་པའི་ཕྱིར། གནས་སྐབས་དང་མཐར་ཐུག་གི་དོན་གཉིས་བདེ་བླག་ཏུ་འགྲུབ་པར་འདོད་པ་དག་གིས་ནན་ཏན་བྱ་བར་གཅེས་སོ། །རྗེ་བཙུན་འཕགས་མའི་དཀྱིལ་འཁོར་ལྷ། །མཆོད་པའི་ཐབས་ཚུལ་ཉི་གཞོན་གྱིས། །ཕན་བདེའི་ཨུཏྤལ་རྒྱས་པའི་རླབས། །སྲིད་པའི་རྩེ་མོར་འབར་གྱུར་ཅིག །ཅེས་སྒྲོལ་མ་མཎྜལ་བཞི་པའི་


JKT021_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཆོ་ག་ཤིན་ཏུ་བསྡུས་པ་བྱ་བའི་ཚུལ་འདི་ནི། ལྷ་གཅིག་དཱི་པཾ་ཀཱ་ར་ཡབ་སྲས་ཀྱིས་ཇི་ལྟར་བཀྲལ་བ་དང་རྗེས་སུ་མཐུན་པར་རྒྱལ་ཁམས་ཀྱི་དཱ་རི་དྲ་གཙུག་ལག་སྨྲ་བའི་ཉི་མ་ཞེས་བགྱི་བས་རང་གཞན་གྱི་དོན་དུ་ཉེ་བར་དམིགས་ཏེ་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ཆེན་པོའི་ཉེ་འདབས་སུ་ས་ཟླའི་དཀར་ཕྱོགས་ཀྱི་རྒྱལ་བ་གཉིས་པའི་གྲལ་ཚེས་དགེ་བར་ཤིན་ཏུ་མྱུར་བར་སྦྱར་བ་ཛ་ཡནྟ། ཤུ་བྷཾ།། ༈ །།འོད་དཔག་མེད་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཤིན་ཏུ་བསྡུས་པ་བཞུགས་སོ། །བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། རང་གི་སྤྱི་བོའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ། བླ་མ་སངས་རྒྱས་འོད་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་མཛད་པ། ན་བཟའ་ཆོས་གོས་བསྣམས་པ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན་གྱི་ཐུགས་ཀ་ནས་འོད་འཕྲོས་པས། བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་འོད་དཔག་མེད་ཀྱི་རྣམ་པར་སྤྱན་དྲངས་ནས་བླ་མ་ལ་ཐིམ་པས་བླ་མ་


JKT021_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ངོ་བོར་གྱུར། ཅེས་བརྗོད་ཅིང་བསྒོམས་ནས། བདག་དང་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ། བདེ་བ་དང་ལྡན། མྱུར་དུ་སངས་རྒྱས་ཐོབ་པར་བླ་མ་མཁྱེན་སྙམ་པའི་མོས་གུས་རྩེ་གཅིག་ཏུ་བྱས་ལ། སྤྲོ་ན། ཇི་སྙེད་སུ་དག་སོགས་བཟང་སྤྱོད་ལས་འབྱུང་བའི་ཡན་ལག་བདུན་པ་ཅི་ནུས་དང་། གང་ལྟར་ཡང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བླ་མ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ། །སྐྱབས་སུ་མཆིའོ། །བདག་དང་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ། བདེ་བ་དང་ལྡན། མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་སྙིང་གི་དཀྱིལ་རུས་པའི་གཏིང་ནས་གདབ་བོ། །སྤྲོ་ན། ཏདྱ་ཐཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོཏྟཱ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀཱནྟེ་གཱ་མི་ནི། ག་ག་ན་ཀཱི་རྟི་ཀ་རི། སརྦ་གླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ། ཞེས་སྣང་བ་མཐའ་ཡས་རྗེས་སུ་དྲན་པའི་གཟུངས་ཀྱང་ཅི་ནུས་བཟླ། རྗེས་ལ། བླ་མ་འོད་དུ་ཞུ་ནས་རང་གི་སྤྱི་བོར་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་། རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་བསྒོམས་ནས་དེའི་ངང་ལ་ཅི་ནུས་སུ་བཞག་ལ། འདས་པའི་སངས་རྒྱས་རྣམས་


JKT021_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྱོགས་བཅུ་ཡི། །ཞེས་སོགས་བཟང་སྤྱོད་སྨོན་ལམ་ཚང་བའམ། དེ་ལས་གསུངས་པའི། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གཞན་དེར་ཐོབ་ཤོག །དེར་ནི་བདག་གཞན་ལུང་བསྟན་རབ་ཐོབ་ནས། །སྤྲུལ་པ་མང་པོ་བྱེ་བ་ཕྲག་བརྒྱ་ཡིས། །བློ་ཡི་སྟོབས་ཀྱིས་ཕྱོགས་བཅུ་རྣམས་སུ་ཡང་། །སེམས་ཅན་རྣམས་ལ་ཕན་པ་མང་བགྱིད་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོས་བཞིན་སྨོན་ལམ་འགྲུབ་པར་ཤོག །ཅེས་སོགས་ཀྱི་ས་དགེ་བ་བསྔོའོ། །བླ་མའི་རྣལ་འབྱོར་འདི་བྱ་བྲལ་བ་དཔལ་འབྱོར་བཟང་པོས་ཞུས་པའི་དོན་དུ། བཙུན་པ་ཐོགས་མེད་ཀྱིས་དངུལ་ཆུའི་ཆོས་རྫོང་དུ་བཀོད་པའོ། །སླར་ཡང་ངག་འདོན་བཀླགས་ཆོག་ཏུ་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། ༈ །།འཕགས་པ་ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་བདེ་ཆེན་ཞིང་དུ་བགྲོད་པའི་ལམ་བཟང་ཞེས་བྱ་བ་བཞུགས་སོ། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །གཞན་དོན་བྱང་ཆུབ་བསྒྲུབ་པར་སེམས་བསྐྱེད་དོ། །འགྲོ་ཀུན་བདེ་ལྡན་སྡུག་བསྔལ་ཀུན་དང་


JKT021_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ། །བདེ་ལས་ཉམས་མེད་བཏང་སྙོམས་ལ་གནས་ཤོག །ཨཱ ཆོས་ཀུན་གདོད་ནས་འོད་གསལ་སྟོང་ཉིད་ངང་། །རྟེན་ཅིང་འབྲེལ་འབྱུང་སྒྱུ་མའི་རྣམ་རོལ་ལས། །ཕྱི་སྣོད་ཐམས་ཅད་པོ་ཏཱ་ལ་ཡི་ཞིང་། །བཀོད་པ་རབ་རྫོགས་གཞལ་མེད་ཁང་ཆེན་དབུས། །པད་ཟླའི་སྟེང་དུ་ཧྲཱིཿཡིག་དཀར་གསལ་ལས། །བདག་ཉིད་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །སྟོན་ཟླའི་མདོག་ཅན་ཞལ་གཅིག་ ཕྱག་བཞི་པ། །ཞི་ཞིང་འཛུམ་ལ་མཚན་དཔེའི་ཉམས་འགྱུར་རྫོགས། །རྩ་བའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །གཡས་གཡོན་འོག་མ་ཤེལ་ཕྲེང་པད་དཀར་བསྣམས། །དར་དང་རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །ཀྲྀཥཱ་ས་རའི་པགས་པས་ནུ་གཡོན་བཀབ། །སྣང་སྟོང་ཟུང་འཇུག་འོད་ཀྱི་དཀྱིལ་འཁོར་དབུས། །ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས། །རྩ་གསུམ་རབ་འབྱམས་འདུས་པའི་ངོ་བོར་རྫོགས། །སྤྱི་གཙུག་ཆུ་སྐྱེས་ཟླ་བའི་གདན་གྱི་སྟེང་། །རིགས་བདག་བླ་མ་མགོན་པོ་འོད་དཔག་མེད། །དམར་གསལ་མཉམ་བཞག་བདུད་རྩིའི་ལྷུང་བཟེད་བསྣམས། །ཆོས་གོས་གསུམ་གསོལ་མཚན་དཔེའི་དཔལ་དུ་འབར། །དམ་ཚིག་ཡེ་ཤེས་དབྱེར་མེད་ཆེན་པོར་གྱུར། །བདག་དང་མཐའ་ཡས་སེམས་ཅན་མ་ལུས་ཀུན། །བླ་མ་འོད་དཔག་མེད་ལ་གསོལ་བ་འདེབས། །


JKT021_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

འགལ་རྐྱེན་ཀུན་ཞི་ཚེ་བསོད་དཔལ་འབྱོར་འཕེལ། །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་ཅི་རིགས་བཟླ། རང་གི་ཐུགས་ཀར་ཟླ་སྟེང་ཧཱུྃཡིག་མཐར། །ཡི་གེ་དྲུག་པའི་སྔགས་ཀྱི་འོད་ཟེར་གྱིས། །འཕགས་མཆོད་འགྲོ་ཀུན་སྒྲིབ་སྦྱངས་བདག་བྱིན་བརླབ། །སྣང་གྲགས་ལྷ་སྔགས་ཡེ་ཤེས་འཁོར་ལོར་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ ཞེས་ཅི་ནུས་བཟླས་མཐར། དགེ་བ་འདི་ཡིས་མཐའ་ཡས་སེམས་ཅན་ཀུན། །ཚེ་རིང་ནད་མེད་བསམ་དོན་ཆོས་བཞིན་འགྲུབ། །ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །མྱུར་དུ་བྱང་ཆུབ་གོ་འཕང་ཐོབ་པར་ཤོག །ཅེས་དང་། སྤྲོ་ཞིང་ནུས་ན་བཟང་པོ་སྤྱོད་པ་ལ་སོགས་པའི་སྨོན་ལམ་རྒྱ་ཆེར་གདབ་པར་བྱའོ། །ཞེས་པའང་ཆེན་པོའི་རིགས་ལས་སོན་པའི་དད་པ་དང་ལྡན་པས་གསོལ་བ་བཏབ་པའི་ངོར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་འབྲེལ་ཚད་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་གྱུར་ཅིག། ༈ །།ཨོ་རྒྱན་སྣང་བ་མཐའ་ཡས་ལ་བརྟེན་པའི་ཉལ་སྒོམ་བདེ་ཆེན་ཞིང་དུ་བགྲོད་པའི་མྱུར་ལམ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པདྨ་ཀ་རཱ་ཡ། དེ་ལ་འདིར་གསོལ་འདེབས་བསམ་པ་ལྷུན་གྲུབ་མའི་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་གི་བྱེ་བྲག །སྣང་མཐའི་ཉལ་སྒོམ་ཉམས་སུ་བླང་བར་འདོད་ན། དགོངས་


JKT021_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཉལ་བའི་ཚེ་ཙོག་བུའམ་སེང་གེ་ཉལ་སྟབས་གང་རུང་གིས་འཁོད་ལ། སྐྱབས་ཡུལ་གསལ་བཏབ་ནས། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། ཨོ་རྒྱན་སྣང་མཐའ་ཡས་ལ་སྐྱབས་སུ་མཆི། །བདེ་ཆེན་པདྨོ་བཀོད་པའི་ཞིང་ཁམས་སུ། །ཁམས་གསུམ་འགྲོ་ཀུན་སྒྲོལ་བར་སེམས་བསྐྱེད་དོ། །ཞེས་སྐྱབས་སེམས་ལན་གསུམ་དང་། སེམས་ཅན་ཐམས་ཅད་གནས་སྐབས་མཐར་ཐུག་གི །བདེ་དང་ལྡན་ཞིང་སྡུག་བསྔལ་རྒྱུར་བཅས་བྲལ། །བདེ་ལས་ཉམས་མེད་ཉེ་རིང་ཆགས་སྡང་དང་། བྲལ་བའི་བཏང་སྙོམས་ངང་ལ་གནས་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམས། ཨོཾ་ཤཱུ་ཉ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨདྨ་ཀོཉཧཾ། སྣང་སྲིད་ཐམས་ཅད་མི་དམིགས་སྟོང་པའི་ངང་། །སྣོད་བཅུད་རྣམ་དག་པདྨོ་བཀོད་པའི་ཞིང་། །མནན་ནེམ་བཏེགས་འཕར་གསེར་གྱི་ས་གཞི་ལ། །རིན་ཆེན་སྣ་ཚོགས་ལྗོན་པའི་དགའ་ཚལ་དང་། །ཡན་ལག་བརྒྱད་ལྡན་བདུད་རྩིའི་རྫིང་བུ་སོགས། །ཡིད་འཕྲོག་ངོ་མཚར་བཀོད་པས་མཛེས་པའི་དབུས། །རང་མདུན་རྨ་བྱས་བཏེགས་པའི་རིན་ཆེན་ཁྲི། །སྣ་ཚོགས་པདྨ་ཟླ་བའི་དཀྱིལ་འཁོར་དབུས། །རྩ་བའི་བླ་མ་ཨོ་རྒྱན་སྣང་མཐའ་ཡས། དམར་པོ་མཉམ་བཞག་བདུད་རྩིའི་ལྷུང་བཟེད་བསྣམ། །མཚན་དཔེའི་དཔལ་འབར་ཆོས་གོས་རྣམ་གསུམ་


JKT021_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ལོ་འདབ་མེ་ཏོག་འབྲས་བུ་ཕུན་ཚོགས་པའི། །བྱང་ཆུབ་ཤིང་ལ་སྐུ་རྒྱབ་བརྟེན་མཛད་ནས། །བདག་ལ་དགྱེས་ཤིང་འཛུམ་པས་བཞུགས་པ་ཡི། །འཁོར་དུ་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉན་རང་དགྲ་བཅོམ་དཔག་ཏུ་མེད་པས་བསྐོར། །ཀུན་ཀྱང་སྣང་སྟོང་ཟུང་འཇུག་འཇའ་ཚོན་ལྟར། །རང་བཞིན་ཡོངས་གྲུབ་ཆེན་པོར་གསལ་བར་གྱུར། །སྤྲོ་ན་བཟང་སྤྱོད་ལས་འབྱུང་བའི་ཡན་ལག་བདུན་པ་དང་། དེ་ཙམ་མི་ནུས་ན། སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་རྣམས་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་འབུལ། །ཐོག་མེད་ནས་བསགས་སྡིག་སྒྲིབ་ཉེས་ལྟུང་བཤགས། །གཞན་དོན་ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །མྱ་ངན་མི་འདའ་རྟགས་པར་བཞུགས་གསོལ་འདེབས། །འདིས་མཚོན་དུས་གསུམ་བསགས་པའི་དགེ་རྩ་ཀུན། །བདག་དང་མཁའ་མཐས་གཏུགས་པའི་འགྲོ་བ་ཀུན། །བདེ་བ་ཅན་དུ་སྐྱེ་བའི་རྒྱུར་བསྔོ་ན། །ནམ་ཞིག་ཚེ་འདིའི་སྣང་བ་ནུབ་མ་ཐག ། མགོནཔོ་དགྱེས་པའི་ཕྱག་གིས་མདུན་བདར་ནས། །དག་པའི་ཞིང་དེར་བརྫུས་ཏེ་སྐྱེས་ནས་ཀྱང་། །མྱུར་དུ་བྱང next hit་ཆུབ་ལུང་བསྟན་ཐོབ་པར་ཤོག །དེ་ནས་མོས་གུས་གདུང་ཤུགས་དྲག་པོས། །ནམ་ཞིག་ཚེ་


JKT021_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་འཆི་བའི་དུས་བྱུང་ཚེ། ཞེས་སོགས་ལན་ཇི་ལྟར་རིགས་པས་གསོལ་བ་བཏབ་ལ། དབུགས་ཕྱིར་འགྲོ་བ་ན་རང་གི་རྣམ་པར་ཤེས་པ་ཧྲཱིཿཡིག་གི་རྣམ་པ་སྣ་བུག་གཡས་ནས་ཐོན། མདུན་གྱི་ཨོ་རྒྱན་སྣང་བ་མཐའ་ཡས། ཤངས་བུག་གཡོན་དུ་ཞུགས། ཐུགས་ཀར་ཧྲཱིཿལ་གྱིས་གནས་པར་བསམས་ལ་སེམས་བཟུང་། རླུང་ནང་དུ་རྔུབ་པ་ན་ཧྲཱིཿཡིག་སླར་བྱུང་ཤངས་བུག་གཡས་ནས་ཐོན། རང་གི་༧ སྣ་བུག་གཡོན་དུ་ཞུགས། སྙིང་གར་གནས་པར་བསམས་ལ་སེམས་བཟུང་། དེ་འདྲ་བ་ལན་ཇི་ལྟར་རིགས་པའི་མཐར། མདུན་བསྐྱེད་ཞིང་ཁམས་དང་བཅས་པ་འོད་དུ་ཞུ་ནས་རང་ལ་ཐིམ། རང་སྐད་ཅིག་གིས་ཨོ་རྒྱན་སྣང་བ་མཐའ་ཡས་འཁོར་ཞིང་གི་བཀོད་པ་དང་བཅས་པར་གསལ་ལ། ཨོཾ་ཨ་མི་ཏཱ་བྷ་ཧཱུྃ༔ ཞེས་བཟླས་པ་དང་། འོད་ཟེར་གྱི་སྤྲོ་བསྡུས་སངས་རྒྱས་ཀྱི་མཛད་པ་བསྒྲུབས་མཐར། བདག་གཞན་འཆི་བའི་དུས་བྱེད་གྱུར་པ་ན། སོགས་དང་། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། སོགས་སྨོན་ལམ་གྱིས་རྒྱས་གདབ་བོ།། ༈ །།སྣང་བ་མཐའ་ཡས་ཀྱི་ཉལ་སྒོམ་ཤིན་ཏུ་བསྡུས་པ་བཞུགས་སོ།། །།ཨོཾ་སྭསྟི། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་དགོངས་པ། གྲུབ་ཆེན་ཛེ་ཏཱ་རིའི་མན་ངག་སྣང་བ་མཐའ་ཡས་ཀྱི་ཉལ་སྒོམ་ཉམས་སུ་ལེན་པར་འདོད་ན་


JKT021_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སེམས་ཇི་ལྟར་རིགས་པ་དང་། ས་ཕྱོགས་ཐམས་ཅད་བདེ་ཅན་ཞིང་། །བཀོད་པ་ཕུན་སུམ་ཚོགས་པའི་དབུས། །རང་ཉིད་འཕགས་པ་སྤྱན་རས་གཟིགས། །མདུན་དུ་པདྨ་ཟླ་བའི་སྟེང་། །སྣང་བ་མཐའ་ཡས་སྐུ་མདོག་དམར། །མཉམ་གཞག་བདུད་རྩིའི་ལྷུང་བཟེད་བསྣམས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དར་དང་རིན་ཆེན་རྒྱན་གྱིས་བརྒྱན། །དེ་མཐར་རྩ་བརྒྱུད་བླ་མ་དང་། །སངས་རྒྱས་བྱང་སེམས་ཚོགས་ཀྱིས་བསྐོར། །མངོན་སུམ་བཞིན་དུ་བཞུགས་པར་གྱུར། །ཅེས་གསལ་ལ་ཡིད་ཀྱིས་ཕྱག་གསུམ་བཙལ་ལ་བཟང་སྤྱོད་ལས་འབྱུང་བ་སོགས་ཡན་ལག་བདུན་པ་རྒྱས་བསྡུས་གང་རིགས་ཚར་གསུམ་བྱ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་previous hit མགོནཔོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། མཆོད་དོ། །སྐྱབས་སུ་མཆིའོ། །བདག་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང next hit་ཞིང་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེས་ནས་མྱུར་དུ་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་མཛད་དུ་གསོལ། །ལན་གསུམ་གྱིས་གསོལ་བ་བཏབ་པས་སྡིག་སྒྲིབ་ཐམས་ཅད་དག་པའི་ངེས་ཤེས་བསྐྱེད། ལུས་ལོངས་སྤྱོད་ཉེ་དུ་སོགས་ལ་ཆགས་ཞེན་སྤང་། ཤི་ནས་བདེ་བ་ཅན་དུ་འགྲོ་བའི་འདུན་པ་དང་སྤྲོ་བ་ཤུགས་དྲག་


JKT021_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བསྐྱེད་ལ་འཆི་བས་མི་འཇིགས་པའི་གདེང་བསྐྱེད། དེ་ནས། དབུགས་ཕྱིར་རྒྱུ་དང་ལྷན་ཅིག་ཏུ། རང་སེམས་རྒྱལ་བའི་ཐུགས་ཀར་ཐིམ། །ནང་དུ་འཇུག་པའི་དུས་ཀྱི་ཚེ། །རྒྱལ་བའི་ཐུགས་ནས་རང་གི་སེམས། །འོད་ཀྱི་རྣམས་པ་སྙིང་གར་ཐིམ། །རྒྱལ་བའི་ཐུགས་དང་རང་གི་སེམས། །དབྱེར་མེད་རོ་གཅིག་ངང་དུ་བཞག །ཅེས་བརྗོད་པའི་དོན་བསམས་ལ་དམིགས་པ་གསལ་ངེས་པ་ལན་གསུམ་སོགས་བྱ། མདུན་གྱི་ཚོགས་ཞིང་འོད་དུ་ཞུ། །སྣང་བ་མཐའ་ཡས་ཉིད་ལ་ཐིམ། །དེ་ཡང་རང་ཐིམ་བདག་ཉིད་ཀྱང་། །འོད་ཞུ་སྤྲོས་བྲལ་དབྱིངས་སུ་ཐིམ། ཞེས་བརྗོད་ཅིང་། སངས་རྒྱས་ཡི་དམ་རང་སེམས་གསུམ་དབྱེར་མེད་དུ་འདྲེས་པའི་ངང་ལ་བཞག །སླར་ཡང་རང་ཉིད་སྐད་ཅིག་གིས། སྣང་བ་མཐའ་ཡས་སྐུ་རུ་གྱུར། ཞེས་དང་། རྒྱས་པར་བཟང་སྤྱོད་སྨོན་ལམ་ཚང་བའམ། མི་ནུས་ན། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་སོགས་སྨོན་ལམ་གདབ་ནས། བདེ་བ་ཅན་གྱི་ཞིང་ཁམས་ཡིད་ལ་བྱེད་པ་དང་མི་འབྲལ་བའི་ངང་ནས་གཉིད་ལོག་པར་བྱའོ། །དེ་ལྟར་མ་ཆགས་པར་བསྒོམས་པའི་ཕན་ཡོན་ནི། དེ་ལ་ནད་དང་གདོན་མི་འབྱུང་། །འཆི་བའི་དུས་ན་སྡུག་བསྔལ་མེད། །བར་དོར་ཐུབ་པས་རྗེས་སུ་འཛིན། །ཕྱི་མའི་དུས་ན་ཐར་པ་ཐོབ། །ཅེས་གསུངས་སོ། །ཞེས་


JKT021_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

པའང་མཉྫུགྷོ་ཥཱས་སོ། །ཤུབྷཾ།། ༈ །།སྒྲོལ་མ་དཀར་མོའི་རྒྱུན་གྱི་རྣལ་འབྱོར་ཤིན་ཏུ་བསྡུས་པ་བཞུགས་སོ།། །།དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་ལ་ཕན་ཕྱིར་འཕགས་མ་བསྒྲུབ། །ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨ་སྭ་བྷ་ཝ་ཤུདྡྷོཉཧཾ། སྟོང་པའི་ངང་ལས་པད་ཟླའི་སྟེང་། །རང་སེམས་ཧཱུྃཡིག་ཡོངས་གྱུར་ལས། །འཕགས་མ་སྒྲོལ་མ་སྐུ་མདོག་དཀར། །ཕྱག་གཡས་མཆོག་སྦྱིན་གཡོན་ཨུཏྤལ། །ཞི་འཛུམ་ཡེ་ཤེས་སྤྱན་བདུན་མཛེས། །དར་དང་རིན་ཆེན་རྒྱན་གྱིས་སྤྲས། །ཟླ་བའི་རྒྱབ་ཡོལ་ལ་བརྟེན་ནས། །ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །སྣང་སྟོང་ཟུང་དུ་འཇུག་པ་ཡི། །ཐུགས་ཀར་འཁོར་ལོ་རྩིབ་བརྒྱད་དཀར། །མུ་ཁྱུད་ལྔ་ལྡན་སྟེ་བར་ཏཱཾ༔ །མཐའ་སྐོར་སྤེལ་ཚིག་མདུན་དུ་ཨོཾ། །རྒྱབ་ཏུ་ཧཱ་ཡིག་རྩིབས་བརྒྱད་ལ། །ཏཱ་རེ་ལ་སོགས་ཡིག་འབྲུ་བརྒྱད། མུ་ཁྱུད་དབྱངས་གསལ་རྟེན་སྙིང་དང་། །རྡོ་ར་འོད་ལྔའི་ཕྲེང་བས་བསྐོར། །འོད་ཟེར་འཕྲོས་པས་འཁོར་འདས་ཀྱཻ། །དྭངས་བཅུད་བསྡུས་ནས་རང་ལ་ཐིམ། ཚེ་དང་བསོད་ནམས་ཡེ་ཤེས་ཀྱཻ། དངོས་གྲུབ་མཆོག་ཏུ་རྒྱས་པར་གྱུར། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་པུཎྚི་ཀུ་རུ་སྭཱ་ཧཱ། ཅི་ནུས་བཟླས་མཐར། དགེ་བ༔ ཡིད་བཞིན་འཁོར་ལོ་འགྲུབ་གྱུར་ནས། །འགྲོ་བ༴ །དེ་


JKT021_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཡི༴ །ལོ་བརྒྱ་ཐུབ་ཅིང་སོགས་བརྗོད། ཅེས་པའང་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། ༈ །།བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པའི་སྒྲུབ་ཐབས་ཉུང་གསལ་སྙིང་པོར་དྲིལ་བ་སྒྲིབ་གཉིས་མུན་སེལ་ཅེས་བྱ་བ་བཞུགས་སོ། །བླ་མ་རྡོ་རྗེ་མི་འཁྲུགས་པའི། །ཞབས་ཀྱི་པདྨོར་ཕྱག་བྱས་ནས། །གང་དེའི་སྒྲུབ་ཐབས་སྒྲིབ་གཉིས་ཀྱཻ། །མུན་སེལ་ཟླ་བའི་སྣང་བ་སྦྱིན། །དེ་ལ་སྐྱབས་སེམས་དང་ཚད་མེད་བཞི་བསྒོམས་པས་བསོད་ནམས་ཀྱི་ཚོགས་བསགས་ནས། ཨོཾ་ཤུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། ཞེས་པས་ཆོས་ཐམས་ཅད་སྤྲོས་བྲལ་དུ་ཤེས་པས་ཡེ་ཤེས་ཀྱི་ཚོགས་བསགས་ཏེ་ཚོགས་གཉིས་ཀྱི་རང་འབྲས་མཚན་བཅས་ལྷའི་རྣལ་འབྱོར་བསྒོམ་ཞིང་བཟླས་པ་བྱ་བ་ནི། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། །ཨ་ལས་ཟླ་སྟེང་རང་སེམས་ཧཱུྃ་མཐིང་ལས། །རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ་གིས་མཚན། །འོད་འཕྲོས་འཕགས་མཆོད་འགྲོ་ཀུན་སྒྲིབ་གཉིས་སྦྱངས། །ཚུར་འདུས་བདག་ཉིད་རྡོ་རྗེ་མི་འཁྲུགས་པ། །དབང་སྔོན་མདོག་ཅན་དྭངས་གསལ་འོད་ཟེར་འཕྲོ། །ཕྱག་གཡས་ས་གནོན་གཡོན་པས་མཉམ་བཞག་སྟེང་། །རྡོ་རྗེ་ལེགས་འཛིན་ཞི་འཛུམ་མཚན་དཔེས་མཛེས། །ལྷ་རྫས་ན་བཟའ་རིན་ཆེན་རྒྱན་གྱིས་སྤྲས། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་


JKT021_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲུང་གིས་བཞུགས། །གནས་གསུམ་ཨོཾ་དཀར་ཨཱདམར་ཧཱུྃ་མཐིང་གིས། །རྡོ་རྗེ་གསུམ་གྱི་ངོ་བོར་བྱིན་གྱིས་བརླབས། །ཅེས་བརྗོད་ཅིང་བསམས་ལ། ལག་གཉིས་ཐལ་མོ་སྦྱར་བའི་སྲིན་ལག་བསྣོལ། མཛུབ་མོ་གུང་མོའི་རྒྱབ་ཏུ་སྦྱར་བའི་དམ་ཚིག་གི་ཕྱག་རྒྱ་གནས་གསུམ་དུ་རེག་ཅིང་། གཟུངས་སྔགས་ཚར་རེ་བརྗོད་པས་བྱིན་བརླབ། སླར་ཡང་སྙིང་གའི་ཧཱུྃ་ལས་འོད་འཕྲོས་པས། །ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཨོཾ་ཨནྡྷཾ་སྭཱ་ཧཱ། ཛ་ཧཱུཾ་བཾ་ཧོས་རང་ཐིམ་འོད་ཞུ་བས། །སྙིང་དབུས་པདྨ་ཟླ་བའི་དཀྱིལ་འཁོར་སྟེང་། །ཧཱུྃ་ཨོཾ་ཧཱུྃ་ཧཱུྃཨཱལས་རིགས་མཆོག་ལྔ། །མཚན་དཔེའི་དཔལ་འབར་དར་དང་རིན་ཆེན་བརྒྱན། །འོད་ཟེར་སྣ་ཚོགས་འཕྲོ་བཞིན་བཞུགས་པར་གྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨཀྵ་བྷུ་མཎྜལ་ས་པ་རི་ཝཱ་ར་ཨཧཾ། སོགས་ཀྱིས་མཆོད། །བཅོམ་ལྡན་རྒྱལ་བ་སྲས་དང་བཅས་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་ཅིང་གསོལ་འདེབས་ན། །བདག་གཞན་སྡིག་སྒྲིབ་བྱང་ཞིང་དག་པ་དང་། །མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །སྙིང་གའི་གཙོ་བོའི་ཐུགས་ཀར་ཟླ་དཀྱིལ་སྟེང་། །དཀར་གསལ་གཟུངས་སྔགས་ཕྲེང་བའི་སྣང་བ་ཡིས། །འཕགས་པ་མཆོད་ཅིང་འགྲོ་ཀུན་སྡིག་སྒྲིབ་སྦྱངས། །ཚུར་འདུས་བྱིན་རླབས་གཟི་བྱིན་མཆོག་ཏུ་


JKT021_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

འབར། །ཅེས་གསལ་བཏབ་ལ་གཟུངས་སྔགས་ཇི་ཙམ་ནུས་པ་བཟླ། ཐུན་མཐར་མཚན་མེད་ཀྱི་རྣལ་འབྱོར་ནི། ཀུན་རྫོབ་རང་སྣང་ལྷ་ཡི་སྐུར། །མེད་བཞིན་སྣང་བ་སྒྱུ་མའི་གཟུགས། །དོན་དམ་རང་བཞིན་ལས་འདས་པའི། །སྤྲོས་པ་བྲལ་བའི་ཡེ་ཤེས་སོ། །ཞེས་པའི་དོན་ལ་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་དཔྱད་དེ་མཉམ་པར་བཞག །དེ་ལས་ལྡང་བ་ན། རང་གི་སྙིང་དབུས་ཡེ་ཤེས་པ། །མདུན་གྱི་ནམ་མཁར་བྱོན་པ་ལ། །ཏིང་ངེ་འཛིན་གྱིས་རྣམ་སྤྲུལ་པའི། །མཆོད་པའི་སྤྲིན་ཕུང་རྒྱ་མཚོས་མཆོད། །གོང་བཞིན་མཆོད་ཅིང་བསྟོད་ལ་གསོལ་བ་གདབ། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། ནོངས་པ་གང་མཆིས་མཐོལ་བཤགས་ཤིང་། །ཡེ་ཤེས་པ་རྣམས་ཆོས་དབྱིངས་གཤེགས། །རང་ཉིད་དམ་ཚིག་སེམས་དཔའ་ཡི། །གནས་གསུམ་འབྲུ་གསུམ་ཡི་གེས་མཚན། །དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་བསྔོ་སྨོན་བྱ་ཞིང་ཐུན་མཚམས་ཀྱི་བྱ་བ་ལ་འཇུག །བསྙེན་པ་བྱེད་ན་ཐུན་གསུམ་གྱི་རིམ་པས་གཟུངས་རིང་འབུམ་ཕྲག་བཞིའམ། གཅིག་བཟླ། ཐུན་གཉིས་ཀྱི་མཐར་གཏོར་མ་ཆ་གསུམ་ཡང་བཏང་ངོ་། །བཅོམ་ལྡན་རྡོ་རྗེ་མི་འཁྲུགས་པའི། །མཚན་བཅས་མཚན་མེད་རྣལ་འབྱོར་གྱི། །སྣང་བས་སྒྲིབ་པའི་མུན་སེལ་བ། །ཐམས་ཅད་མཁྱེན་པ་ཉིད་གྱུར་ཅིག །


JKT021_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གྲུབ་པའི་སློབ་དཔོན་ཛེ་ཏཱ་རིས་ལེགས་པར་བཀྲལ་པའི་རྗེས་སུ་འབྲངས་ཏེ་ཉུང་གསལ་སྙིང་པོར་དྲིལ་བའི་ཚུལ་གྱིས་ཤཱཀྱའི་དགེ་སློང་མཉྫུགྷོ་ཥས་སྦྱར་བའོ།། ༈ །།བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པའི་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་སྣང་བ་ཞེས་བྱ་བ་བཞུགས་སོ། །ཐུབ་པའི་དབང་པོ་རྗེ་བཙུན་འཇམ་པའི་དབྱངས། །ཡེ་ཤེས་སྙིང་པོ་ཡེ་ཤེས་ཞི་བའི་ཞབས། །སངས་རྒྱས་ཞི་བ་སངས་རྒྱས་གསང་བ་དང་། །ཀུ་སཱ་ལི་པ་རྣམས་ལ་གསོལ་བ་འདེབས། །ཀུ་སཱ་ལི་བ་ཆུང་བ་གསེར་གླིང་པ། །དཱི་པཾ་ཀཱ་ར་གོ་མི་སྒོམ་ཆེན་དང་། །ཛྙཱ་ན་ཤྲཱི་གཉགས་སྟོན་གྲགས་པའི་མཚན། །ཆོས་ཀྱི་རྒྱལ་མཚན་རྣམས་ལ༔ རིན་ཆེན་འོད་ཟེར་བློ་ཆེན་སངས་རྒྱས་སྲས། །ཡེ་ཤེས་མགོན་པོ་སེང་གེ་རྒྱལ་མཚན་དང་། །ཤེས་རབ་རྡོ་རྗེ་ལོ་ཆེན་མ་ཎི་ཤཱི། །ས་བཟང་འཕགས་པ་རྣམས་ལ༴ །ངོར་ཆེན་རྡོ་རྗེ་འཆང་དང་མུས་པ་རྗེ། །རྒྱལ་ཚབ་དམ་པ་ཡོངས་འཛིན་དཀོན་མཆོག་འཕེལ། །ས་སྐྱ་ལོ་ཙཱ་དཀོན་མཆོག་ལྷུན་གྲུབ་ཞབས། །ཤེས་རབ་རྒྱལ་མཚན་རྣམས་ལ །ནམ་མཁའ་དཔལ་བཟང་རིནྡྷརྦ་སིདྡྷ། །ཤེས་རབ་འབྱུང་གནས་ཡེ་ཤེས་བཟང་པོ་དཔལ། །སངས་རྒྱས་ཕུན་ཚོགས་བསོད་ནམས་དཔལ་ལྡན་དང་། །ནམ་མཁའ་བསམ་འགྲུབ་རྣམས་ལ །ཀུན་དགའ་


JKT021_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བློ་གྲོས་ནམ་མཁའ་འཆི་མེད་དང་། །རིགས་ཀུན་ཁྱབ་བདག་ཀུན་དགའ་བསྟན་འཛིན་སོགས། །དངོས་དང་བརྒྱུད་པའི་བླ་མ་མཆོག་རྣམས་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །ངེས་འབྱུང་བྱང་ཆུབ་སེམས་ཀྱིས་རྒྱུད་སྦྱངས་ཏེ། །ཚོགས་གཉིས་ལས་འཁྲུངས་བཅོམ་ལྡན་མི་འཁྲུགས་པའི། །མཚན་བཅས་མཚན་མེད་ཏིང་འཛིན་མཐར་ཕྱིན་ནས། །ཐམས་ཅད་གཟིགས་པའི་ཡེ་ཤེས་མྱུར་ཐོབ་ཤོག །ཅེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པའོ། ༈ །དཔལ་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་གཅིག་པའི་སྒྲུབ་ཐབས་སྙིང་པོ་ངེས་གསལ་བཞུགས་སོ། །བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རིགས་ཐམས་ཅད་ཀྱི་ཁྱབ་བདག་དཔལ་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་གཅིག་པའི་རྒྱུན་གྱི་རྣལ་འབྱོར་ནི། སྐྱབས་སེམས་སོགས་སྔོན་འགྲོ་རྒྱས་བསྡུས་ཇི་ལྟར་རིགས་པས་རྒྱུད་སྦྱངས་ནས། སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་དག་པའི་སྣོད་བཅུད་དབུས། །པད་ཟླའི་གདན་ལ་ཧཱུྃ་ལས་རྡོ་རྗེ་སེམས། །དཀར་གསལ་ཞལ་གཅིག་ཕྱག་གཉིས་ཞི་ཞིང་འཛུམ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་གཏོད། །གཡོན་པས་དྲིལ་བུ་དཀུར་བརྟེན་འགྱིངས་པས་བཞུགས། །རལ་པའི་ཟུར་ཕུད་ཡིད་བཞིན་ནོར་བུ་དང་། །སྣ་ཚོགས་རྡོ་རྗེ་ཟླ་བ་ཕྱེད་པས་


JKT021_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

མཚན། །དར་དང་རིན་ཆེན་རྒྱན་སོགས་རྡོར་སྐྱིལ་གྱིས། །འཇའ་ཟེར་འོད་ཕུང་འཁྱིལ་པའི་དབུས་ན་རོལ། །གནས་གསུམ་འབྲུ་གསུམ་ཐུགས་ཀའི་ཧཱུཾ་འོད་ཀྱིས། །ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོ༔གཉིས་སུ་མེད་པར་ཐིམ། །སླར་ཡང་འོད་འཕྲོས་དབང་ལྷ་སྤྱན་དྲངས་ནས། །དབང་བསྐུར་སྒྲིབ་དག་མི་བསྐྱོད་དབུ་བརྒྱན་གྱུར། །ཐུགས་ཀར་ཟླ་སྟེང་ཧཱུཾ་མཐར་སྔགས་ཕྲེང་དཀར། །གཡས་སུ་འཁོར་ལས་འོད་འཕྲོས་འཕགས་པ་མཆོད། །སེམས་ཅན་སྒྲིབ་སྦྱངས་རྡོར་སེམས་གོ་འཕང་བཀོད། །ཚུར་འདུས་སྒྲིབ་དག་བྱིན་གྱིས་བརླབས་པར་གྱུར། །རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་ཅི་ནུས་བཟླ། གྲངས་བསྙེན་ལས་རུང་གི་ཚད་ནི་འབུམ་ཕྲག་གཅིག་གོ། །ཐུན་བསྡུ་བ་ན། བཅོམ་ལྡན་ཁྱབ་བདག་རྡོ་རྗེ་སེམས་དཔའ་ཡིས། །བདག་དང་འགྲོ་ཀུན་སྡིག་ལྟུང་བག་ཆགས་ཞི། །ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་ཡོངས་སུ་བྱང་། །མྱུར་དུ་རྣམ་མཁྱེན་ཐོབ་པར་མཛད་དུ་གསོལ། །སྣང་ཆའི་ལྷ་སྐུ་འོད་གསལ་དབྱིངས་སུ་ཐིམ། །སླར་ཡང་རྡོ་རྗེ་སེམས་དཔའི་སྐུ་རུ་གྱུར། དགེ་བ་འདི་ཡིས་མཐའ་ཡས་སེམས་ཅན་ཀུན། །སྡིག་སྒྲིབ་བག་ཆགས་བཅས་པ་ཡོངས་སྦྱངས་ཏེ། །སྐུ་དང་ཡེ་ཤེས་དབྱེར་མེད་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའི་གོ་འཕང་མྱུར་ཐོབ་ཤོག །


JKT021_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསོལ་འདེབས་བསྡུ་ལྡང་བསྔོ་སྨོན་རྣམས་བྱའོ། །ཞེས་པ་འདི་འབྲུག་པའི་འཕྲལ་དགོས་ཀྱི་ཆོས་བཞིའི་རྡོར་སེམས་རྒྱལ་པོ་ཛའི་ལུགས་ཀྱི་སྒོམ་བཟླས་རྒྱུན་ཁྱེར་དུ་རྗེ་བླ་མ་འཇམ་པའི་དབྱངས་ཉིད་ཀྱིས་མཛད་པ་ཞིག་གོ །མངྒ་ལཾ།། ༈ །།འབྲུམ་པའི་ནད་ཞི་བར་བྱེད་པ་སྣ་ཚོགས་ཡུམ་གྱི་སྔགས་བཟླ་ཐབས་བཞུགས། །སངས་རྒྱས་ཆོས་ཚོགས་སོགས་དང་། སངས་རྒྱས་ཐམས་ཅད་སྐྱེད་མཛད་མ། །སྐྱེ་བ་དང་ནི་འཇིགས་པ་སྤངས། །ཀུན་ཏུ་བཟང་པོའི་སྤྱོད་པ་ཅན། །སྣ་ཚོགས་ཡུམ་དེ་ལ་ཕྱག་འཚལ། །ཨོཾ་ཕྲོ་བི་ཤྭ་མ་ཏཱབཛྲ་ཀཱཎྜ་ཀ་ན་ནཱ་ཤ་ཡ་ནཱ་ཤ་ཡ་མ་མ་ཤཱནྟིཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། །སྟོང་ཕྲག་སོགས་བཟླས་མཐར། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་ནད་དང་རིམས་དང་། ཁྱད་པར་དུ་རྡོ་རྗེ་ཚེར་མ་ལ་སོགས་པས་མི་ཚུགས་པར་བྱིན་གྱིས་བརླབ་ཏུ་གསོལ། བསོད་ནམས་འདི་ཡིས་རྣམ་གསུམ་སྲིད་པ་ལ་གནས་སེམས་ཅན་རྣམས་ནི་བླ་མེད་བྱང་ཆུབ་ཐོབ་པར་ཤོག །སེམས་ཅན་ནད་པ་ཇི་སྙེད་པ། །མྱུར་དུ་ནད་ལས་ཐར་བར་ཤོག །འགྲོ་བའི་ནད་རྣམས་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག །སྨན་རྣམས་མཐུ་དང་ལྡན་པ་དང་། །གསང་སྔགས་བཟླས་བརྗོད་འགྲུབ་པར་ཤོག །མཁའ་འགྲོ་སྲིན་པོ་ལ་སོགས་པ། །སྙིང་རྗེའི་སེམས་


JKT021_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་གྱུར་ཅིག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། སོགས་བརྗོད། ཅེས་པའང་མཉྫུགྷོ་ཥས་སོ།། ༈ །།སྲོག་སླུ་བྱ་ཚུལ་ཚེ་དཔལ་རྒྱས་བྱེད་ཅེས་བྱ་བ་བཞུགས་སོ། །བླ་མ་དང་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །གྲུབ་པའི་སློབ་དཔོན་ཆེན་པོ་ངག་གི་དབང་ཕྱུག་གྲགས་པའི་ཞལ་ནས། བྱ་ཉ་རི་དྭགས་རྐུན་མ་དང་། །སྦྲུལ་སོགས་གསད་བྱའི་ཕྱོགས་གྱུར་རྣམས། །སྲོག་བསྐྱབས་པ་ཡིས་འཕྲལ་དུ་ནི། །ཚེ་ཐུང་ཕ་ཡང་ཚེ་རིང་འགྱུར། །ཞེས་གསུངས་པས་མཚོན་གསོད་པར་ངེས་པའི་སེམས་ཅན་གྱི་སྲོག་བསླུ་བ་ནི་ཚེ་སྒྲུབ་ཐམས་ཅད་ཀྱི་མཆོག་ཏུ་མདོ་རྒྱུད་བསྟན་བཅོས་མཐའ་ཡས་པ་ནས་གསུངས་ཤིང་རིགས་པས་ཀྱང་གྲུབ་པའི་ཕྱིར་དང་། གཞན་ཡང་ཕན་ཡོན་བསམ་གྱིས་མི་ཁྱབ་པའི་ཕྱིར་བློ་གྲོས་དང་ལྡན་པ་རྣམས་ཀྱིས་སྲོག་བསླུ་ལ་བཙོན་པ་ཆེས་ཆེར་བསྐྱེད་པར་བྱའོ། །དེ་ལ་སྤྱིར་སེམས་བསྐྱེད་བཟང་པོ་དང་ལྡན་པས་བདག་ཏུ་བཟུང་བའི་དུད་འགྲོ་གཙོ་བོར་གྱུར་པ་རྣམས་ཀྱི་སྲོག་བསླུ་ཞིང་། རང་གིས་བསད་པ་དང་། གཞན་ལ་འཚོང་བ་སོགས་མི་བྱ་བར་རང་རང་གི་སྤྱོད་ཡུལ་དུ་བདེ་བར་འཚོ་བ་དང་། དེ་ལྟར་བགྱིས་པའི་དགེ་བའི་རྩ་བ་བསྔོ་སྨོན་གྱིས་རྒྱས་གདབ་པ་ཙམ་བགྱིས་པས་སྐབས་ཀྱི་དོན་འགྲུབ་པའི་ཕྱིར་ཆོ་ག་


JKT021_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་བསལ་མ་བྱས་ཀྱང་རུང་མོད། ཡུལ་དུས་ཀྱི་སྤྲོས་པ་དང་བསྟུན་ནས་ཅུང་ཟད་རྒྱས་པར་སྤྲོ་ན། སྔ་འགྱུར་གྱི་མན་ངག་འགའ་ཞིག་ལས་སྲུང་བའི་རྟེན་དུ་འཛུགས་པ་སོགས་གཞན་ནས་འབྱུང་བ་ལྟར་བྱ་བའམ། ཐུན་མོང་དུ་ཤིས་བརྗོད་བསྔོ་སྨོན་ཙམ་སྤྲོས་ཏེ་བྱ་བར་འདོད་ན། ཆོ་འཕྲུལ་ཟླ་བ་དང་། ཟླ་བ་གང་ཡང་རུང་བའི་ཚེས་བརྒྱད་ཉ་སྟོང་སོགས་དུས་ཀྱི་འགྱུར་བ་ཁྱད་པར་ཅན་འབྱུང་བ་དང་སྟབས་འགྲིགས་ན་བཟང་ཞིང་། ཚེ་རིང་བའི་དོན་དུ་གཙོ་བོར་བྱེད་ན་བསྒྲུབ་བྱའི་སྲོག་གཟའ་དར་བ་དང་འཕྲོད་སྦྱོར་བཟང་པོ་འཛོམས་པའི་ཉི་ཤར་ལ་བྱ། གང་ལྟར་ཡང་སྲོག་བས་བྱ་རྒྱ་རྣམས་མདུན་དུ་འཁོད་པ་ན། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །སོགས་སྐྱབས་སེམས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། སྤྲོ་ན་སངས་རྒྱས་༧ ཀྱི་མཚན་དང་། གཟུངས་སྔགས་ཁྱད་པར་ཅན་མང་དུ་བརྗོད་ན་དུད་འགྲོ་རྣམས་ཀྱི་རྒྱུད་ལ་ཐར་པའི་ས་བོན་ཐེབས་པ་སོགས་ཕན་ཡོན་ཆེ། དེ་ཙམ་མི་ནུས་ཀྱང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་སོགས་སོ་སོའི་མགོར་སྦྱར་བས། མགོན་པོ་མི་འཁྲུགས་པ་ལ་


JKT021_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ། །རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །བདེ་བར་གཤེགས་པ་བདུན་ལ་ཕྱག་འཚལ་ལོ། །ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཞེས་དང་། ཡི་གེ་དྲུག་པ། མི་འཁྲུགས་པའི་གཟུངས། བཅུ་གཅིག་ཞལ་གྱི་གཟུངས་སོགས་སྐད་གསང་མཐོ་བས་བརྗོད། དེ་ནས་ལག་ཏུ་མེ་ཏོག་ཐོགས་ལ། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་previous hit མགོནཔོ་ཚེ་དཔག་ཏུ་མེད་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང next hit་ཆུབ་སེམས་དཔའ་ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པ་སོགས་སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པའི་ཞལ་ནས་ཤིས་པ་བརྗོད་པའི་དབྱངས་སྙན་སྒྲོགས་ཤིང་མེ་ཏོག་གི་ཆར་ཆེན་པོ་ཕབ་པས་བདག་དང་སྦྱིན་པའི་བདག་པོས་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། དུད་འགྲོའི་སྐྱེ་གནས་སུ་གྱུར་པ་རྣམས་ཀྱང་གནས་སྐབས་དུས་མ་ཡིན་པར་འཆི་བའི་འཇིགས་པ་ལས་ཐར་ཞིང་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་བདེ་བར་འཚོ་བ་དང་། མཐར་ཐུག་ཐར་པའི་ས་བོན་རྒྱུད་ལ་སྨིན་ནས་མྱུར་དུ་བྱང་ཆུབ་ཐོབ་པའི་སྐལ་བ་ཅན་ཏུ་གྱུར་པར་བསམས་ལ། རྒྱལ་མཚན་རྩེ་མོ་སོགས་དང་། སྟོན་


JKT021_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

པ་བླ་མེད་སོགས་དང་། འཇིག་རྟེན་འདྲེན་པའི་གཙོ་བོ་སོགས་བཀྲ་ཤིས་གང་ཤེས་ཀྱི་མཐར། སྦྱིན་པའི་སྟོབས་ཀྱིས་སངས་རྒྱས་ཡང་དག་འཕགས་སོགས་དང་། ཚེ་གཟུངས་ཅི་ནུས་བཟླ་ཞིང་མེ་ཏོག་འཐོར། དེ་ལྟར་བགྱིས་པའི་དགེ་བའི་རྩ་བས་མཚོན་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་འཇིག་རྟེན་ཏུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཞབས་པད་བརྟན་ཅིང་ཕྲིན་ལས་རྒྱས་པ་དང་། རང་དང་སྦྱིན་བདག་གིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཚེ་བསོད་དཔལ་འབྱོར་ཡེ་ཤེས་འཕེལ་བ་དང་། དུད་འགྲོ་རྣམས་ཀྱང་འཁོར་བ་དང་ན་སོང་གི་འཇིགས་པ་ལས་གྲོལ་ནས་བྱང་ཆུབ་རིན་པོ་ཆེ་མྱུར་དུ་ཐོབ་པར་ཤོག་ཅིག་སྙམ་དུ་འདུན་པ་རྩེ་གཅིག་པས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །སོགས་དང་། བསོད་ནམས་འདི་ཡིས་སོགས། གང་དུ་སྐྱེས་པའི་ཚེ་རབས་ཐམས་ཅད་དུ། །དཀོན་མཆོག་གསུམ་དང་ནམ་ཡང་མི་འབྲལ་ཞིང་། །དཀོན་མཆོག་གསུམ་པོ་རྒྱུན་དུ་མཆོད་པ་དང་། །དཀོན་མཆོག་གསུམ་གྱི་བྱིན་རླབས་འཇུག་པར་ཤོག །བྱང་ཆུབ་སེམས་ནི་སོགས། ཕན་བདེ་འབྱུང་བའི་སོགས། འཇིག་རྟེན་བདེ་ཞིང་སོགས། གཞན་ཡང་སྐྱེ་བ་འདི་ཉིད་དུ་སོགས། བསོད་ནམས་སྟོབས་ཆེན་འདི་ཡི་


JKT021_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

མཐུས། །སྦྱིན་བདག་འཁོར་དང་བཅས་རྣམས་ཀྱཻ། །ཚེ་འདིར་བསམ་པའི་དོན་འགྲུབ་ཅིང་། །བར་ཆད་ཞི་ནས་བཀྲ་ཤིས་པར། །བསམ་པ་ཆོས་བཞིན་འགྲུབ་པར་ཤོག །ཅེས་སོགས་བསྔོ་སྨོན་གང་ཤེས་དང་། ཆེ་བའི་ཆེ་མཆོག་སོགས་བཀྲ་ཤིས་ཀྱི་ཚིགས་བཅད་གང་ཡང་རུང་བའི་མཐར། འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང་། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །སྙན་གྲགས་ཆེན་པོ་ནམ་མཁའ་བཞིན་དུ་ཁྱབ། །ཚེ་རིང་ནད་མེད་གཞན་དོན་ལྷུན་གྲུབ་པའི། །ཡོན་ཏན་རྒྱ་མཚོ་མཆོག་གི་བཀྲ་ཤིས་ཤོག །གནས་འདིར་ཉིན་མོ་སོགས་དང་། ཡེ་དྷརྨ་བརྗོད་ལ་མེ་ཏོག་འཐོར་བས་བདེ་ལེགས་སུ་བྱ། སྤྲོ་ན་ཚེ་སྒྲུབ་ཀྱི་གཞུང་གཞན་ལས། ཅི་འབྱོར་སྲོག་བསླུ་བགྱིས་པའི་དཔྲལ་བ་རུ། །ཉི་ཟླའི་རྟགས་གདབ་དེ་ཕྱིན་སྲོག་མི་གཅོད། །ཅེས་འབྱུང་བ་ལྟར་ཚེ་ཐར་བགྱིས་པ་རྣམས་ཀྱི་དཔྲལ་བར་མར་གྱིས་ཉི་ཟླའི་གཟུགས་འདྲི་བ་ཚེ་ཉི་ཟླ་དང་མཉམ་པའི་རྟེན་འབྲེལ་དུ་བཤད་ལ། ནོར་ཕྱུགས་དཀར་མཚན་ཅན་ལྟ་བུའི་ཁྱུ་ཕུད་འགའ་རེ་ལ་མིང་བཀྲ་ལེགས་པ་བཏགས་པའང་བཀྲ་ཤིས་པའི་རྟེན་འབྲེལ་དུ་བཤད་


JKT021_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

པས་དེ་ལྟར་བྱའོ། །གཞན་ཡང་བྱ་དང་རི་དྭགས་དང་ཉ་སོགས་ཀྱི་སྲོག་བསྐྱབ་པའི་སླད་དུ་རི་རྒྱ་ཀླུང་རྒྱ་བསྡམ་པ་ན། གང་དུ་བཤད་པ་ལྟར་སེམས་བསྐྱེད་དང་བསྔོ་སྨོན་གྱི་རྩིས་ཟིན་པ་དང་། །ལྷ་བསང་སོགས་དང་འབྲེལ་བར་བྱས་པས་སྤྱིར་འཆི་བ་བསླུ་བས་མཚོན་ཕན་ཡོན་བསམ་གྱིས་མི་ཁྱབ། ཁྱད་པར་དུ་ཡུལ་ཕྱོགས་དེར་ཆར་ཆུ་འབེབས་ཤིང་ལོ་ཕྱུགས་ལེགས་པ་སོགས་བཀྲ་ཤིས་པའི་དགེ་མཚན་དུ་མ་འབྱུང་བ་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་རིན་ཆེན་ཕྲེང་བ་ལས། གྲོག་སྤར་ཚང་གི་སྒོ་དག་ཏུ། །ཟན་དང་ཆུ་དང་འབྲུ་མར་དང་། །འབྲུ་ཡི་ཕུང་པོ་རྟག་པར་ནི། །ཐུགས་བརྟན་མི་རྣམས་བགྱིད་དུ་གསོལ། །ཞེས་སོགས་གསུངས་པ་ལྟར་སྲོག་ཆགས་གྲོག་མ་ལ་ཟས་སྦྱིན་པ་དང་། ཉ་ལ་ཟན་གཙང་མ་སྦྱིན་པ་དང་། ནད་པ་ལ་སྨན་དང་། བྱིས་པ་ལ་སྟོན་མོ་དང་། འདབ་ཆགས་དང་དབུལ་ཕོངས་ལ་ཟས་སྐོམ་སྦྱིན་པ་སོགས་ཀྱང་བྱང་ཆུབ་ཀྱི་སེམས་དང་། བསྔོ་སྨོན་དག་པའི་ཐབས་ཀྱིས་ཟིན་ན་འཆི་བ་བསླུ་བ་དང་། འབྱོར་བ་སྤེལ་བ་དང་། མཐར་ཐུག་བྱང་ཆུབ་ཆེན་པོའི་རྒྱུར་འགྱུར་བ་སོགས་བྱ་སླ་ཚེགས་ཆུང་ཕན་ཡོན་ཆེན་པོ་དང་ལྡན་པ་ཡིན་པས་བློ་ལྡན་རྣམས་ཀྱིས་སྒོ་དུ་མ་ནས་ཚོགས་གསོག་པའི་ཐབས་མཁས་ལ་བརྩོན་པར་བྱའོ། །ཞེས་པའང་རང་གཞན་རྣམས་


JKT021_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕན་པའི་དོན་དུ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལ་གུས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ལྷག་པའི་བསམ་པ་རྣམ་པར་དག་པས་ཀུན་ནས་བསླངས་ཏེ་བྲིས་པ་འདིས་ཀྱང་བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། སེམས་ཅན་ཐམས་ཅད་དུས་མིན་འཆི་བའི་འཇིགས་པ་ལས་ཐར་ནས་མགོན་པོ་ཚེ་དཔག་ཏུ་མེད་པའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་།ཅིག ༈ །དད་ལྡན་ཀརྨས་ཡོན་སྦྱར་ནས། །སྤར་འདི་བཞེངས་པའི་དགེ་ཚོགས་མཐུས། །ཆོས་མཐུན་བསམ་རྒུ་འགྲུབ་པ་དང་། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །སརྦ་དཱ་མངྒ་ལཾ། །


previousསྒྲོལ་མ་མཎྜལ་བཞི་པའི་ཆོ་ག་ཤིན་ཏུ་བསྡུས་པ་བྱ་ཚུལ་ཕན་བདེའི་ཨུཏྤལ།next