Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།

80 occurrences of རང་རིག་
[Clear Hits]


51   
ཚར་ཆེན་ཆོས་ཀྱི་རྒྱལ་པོ་ལ་ལམ་ཟབ་བླ་མའི་རྣལ་འབྱོར་དང་འབྲེལ་བར་གསོལ་བ་འདེབས་པའི་རྡོ་རྗེའི་གླུ་བྱིན་རླབས་བདུད་རྩིའི་ཆར་འབེབས།
16   
 
  
  
 
 
 


80 occurrences of རང་རིག་
[Clear Hits]

 
no previousཚར་ཆེན་ཆོས་ཀྱི་རྒྱལ་པོ་ལ་ལམ་ཟབ་བླ་མའི་རྣལ་འབྱོར་དང་འབྲེལ་བར་གསོལ་བ་འདེབས་པའི་རྡོ་རྗེའི་གླུ་བྱིན་རླབས་བདུད་རྩིའི་ཆར་འབེབས།next

ཚར་ཆེན་ཆོས་ཀྱི་རྒྱལ་པོ་ལ་ལམ་ཟབ་བླ་མའི་རྣལ་འབྱོར་དང་འབྲེལ་བར་གསོལ་བ་འདེབས་པའི་རྡོ་རྗེའི་གླུ་བྱིན་རླབས་བདུད་རྩིའི་ཆར་འབེབས།


JKT023_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །ཚར་ཆེན་ཆོས་ཀྱི་རྒྱལ་པོ་ལ་ལམ་ཟབ་བླ་མའི་རྣལ་འབྱོར་དང་འབྲེལ་བར་གསོལ་བ་འདེབས་པའི་རྡོ་རྗེའི་གླུ་བྱིན་རླབས་བདུད་རྩིའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །


JKT023_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །དབྱིངས་སྟོང་ཉིད་སྤྲོས་བྲལ་ནམ་མཁའི་ཀློང་། །གདངས་གསལ་རིག་འགགས་མེད་འཇའ་གུར་དབུས། །སེང་ཁྲི་དང་པདྨ་ཟླ་བའི་སྟེང་། །དཔལ་ཧེ་རུ་ཀདངོས་ཚར་པ་རྗེ། །སྐུ་དམར་སྨུག་མཚན་དཔེའི་གཟི་བྱིན་འབར། །སྤྱན་ལྟ་སྟངས་བར་སྣང་ཁམས་སུ་གཟིགས། །ཕྱག་གཡས་པས་ཆོས་འཆད་གླེགས་བམ་དང་། །གཡོན་མཉམ་བཞག་བྷནྡྷ་ཚེ་བུམ་བསྣམས། །ཞབས་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས། །ཚུལ་རབ་མཛེས་ཆོས་གོས་རྣམ་གསུམ་དང་། །དབུ་པད་རཱག་མདངས་ཅན་ཞྭ་མོ་གསོལ། །ཐུགས་བདེ་སྟོང་ཆེན་པོའི་རྣམ་རོལ་ལས། །སྐྱབས་དཀོན་མཆོག་རྒྱ་མཚོ་སྤྲིན་བཞིན་གཏིབ། །མགོན་དཔའ་བོ་མཁའ་འགྲོས་གླུ་གར་


JKT023_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

ལེན། །དཔལ་ཆོས་སྲུང་ནོར་ལྷས་བཀའ་བཞིན་བསྒྲུབ། །ཀུན་ཐ་མལ་ཤེས་པ་རང་འགགས་ངང་། །སྣོད་བཅུད་ཀུན་འོད་གསལ་ལྷ་སྐུར་ཤར། །སྐྱབས་ཀུན་འདུས་ཚར་ཆེན་ཆོས་ཀྱི་རྗེ། །མགོན་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་། །མཚན་བློ་གསལ་རྒྱ་མཚོ་དཔལ་བཟང་པོར། །བདག་སྙིང་ནས་གུས་པས་གསོལ་བ་འདེབས། །སྒོ་གསུམ་པོ་མི་ཕྱེད་དད་ཕྱག་འཚལ། །རབ་འབྱམས་ཀྱི་མཆོད་སྤྲིན་རྒྱ་མཚོས་མཆོད། །སྟོབས་བཞི་ཡིས་སྡིག་ལྟུང་ཚོགས་ཀུན་བཤགས། །འཁོར་འདས་ཀྱི་དགེ་ལ་རྗེས་ཡི་རང་། །ཟབ་རྒྱས་ཀྱི་ཆོས་འཁོར་བསྐོར་བཞིན་ཏུ། །དུས་རྟག་ཏུ་བཞུགས་པར་གསོལ་བ་འདེབས། །ཚུལ་དེ་ལས་བྱུང་བའི་དགེ་ཚོགས་


JKT023_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །བྱང་ཆུབ་ཀྱི་སྙིང་པོར་བསྔོ་བར་བགྱི། །དོན་བདེ་ཆེན་ཡེ་ཤེས་གཅིག་པུ་ལས། །ཟུང་འཇུག་གི་རྣམ་རོལ་མཐའ་ཀླས་པ། །མཆོག་གསུམ་དང་རྩ་གསུམ་རྒྱ་མཚོའི་དངོས། །ཕ་བླ་མ་ཚར་ཆེན་རྡོ་རྗེ་འཆང་། །རྗེ་ཁྱེད་ཀྱི་ཐུགས་རྗེའི་ཡེ་ཤེས་ཀྱིས། །མི་བདག་དང་ཁམས་གསུམ་སེམས་ཅན་ལ། །དུས་མྱུར་བ་ཉིད་དུ་གཟིགས་ནས་ཀྱང་། །རྐྱེན་བར་ཆད་ཀུན་སོལ་དངོས་གྲུབ་སྩོལ། །གཞི་མ་དག་སྣང་བར་ངེས་འབྱུང་གིས། །རྟེན་དལ་འབྱོར་སྙིང་པོ་ལེན་འདོད་བློས། །ལས་དཀར་ནག་དགེ་སྡིག་བླང་དོར་ལ། །ཚུལ་བཞིན་དུ་བརྩོན་པར་བྱིན་གྱིས་རློབས། །ལམ་ཐུན་མོང་ཉམས་ཀྱི་སྣང་བ་མཆོག །བྱམས་སྙིང་རྗེ་བྱང་ཆུབ་སེམས་འབྱོངས་ཤིང་། །སྔགས་ཐུན་མོང་མིན་པའི་ཉམས་སྣང་ལ། །གཏིང་ངེས་ཤེས་སྐྱེ་བར་བྱིན་གྱིས་རློབས། །འབྲས་དག་པའི་སྣང་བ་རྒྱལ་ཀུན་གྱི། །སྐུ་གསུང་ཐུགས་མི་ཟད་རྒྱན་འཁོར་ལོ། །དུས་མྱུར་བ་ཉིད་དུ་ཐོབ་འདོད་པས། །ལམ་ཟབ་མོར་འཇུག་པར་བྱིན་གྱིས་རློབས། །གཞི་སྨིན་བྱེད་དབང་བཞིའི་ས་བོན་ཐེབས། །དམ་ཚིག་དང་སྡོམ་པ་རྣམ་པར་དག །འཁོར་འདས་གཉིས་དབྱེར་མེད་སེམས་ཉིད་ཀྱི། །དོན་མངོན་སུམ་མཐོང་བར་བྱིན་གྱིས་རློབས། །བསྐྱེད་རིམ་གྱི་ཕྱི་ནང་ལྷ་སྐུར་དག །རླུང་གཏུམ་མོས་འབར་འཛག་དབུ་མར་ཐིམ།


JKT023_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་མོང་དང་ཁྱད་པར་ཕྱག་རྒྱ་ལས། །དཔེ་དོན་གྱི་ཡེ་ཤེས་མཐོང་བྱིན་རློབས། །འབྲས་རྟེན་དང་བརྟེན་པ་གནས་འགྱུར་བ། །རང་གཞན་གྱི་ཆེ་བ་གསུམ་ལྡན་པའི། །གོ་འཕང་དེ་ཚེ་འདིར་མངོན་གྱུར་ནས། །དོན་ཡིད་བཞིན་འགྲུབ་པར་བྱིན་གྱིས་རློབས། །དེ་ལྟ་བུའི་གོ་འཕང་མ་ཐོབ་བར། །ཆོས་བསྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །མགོན་རྒྱལ་བས་བསྔགས་པའི་མཐུན་རྐྱེན་རྣམས། །འབད་མེད་དུ་འབྱུང་བར་བྱིན་གྱིས་རློབས། །བསྟན་འཛིན་རྣམས་ཞབས་པད་བསྐལ་བརྒྱར་བརྟན། །བཤད་སྒྲུབ་ཀྱི་བསྟན་པ་ཕྱོགས་བཅུར་འཕེལ། །འགྲོ་བ་ཀུན་བདེ་སྐྱིད་རྫོགས་ལྡན་གྱི། །དཔལ་འབྱོར་ལ་སྤྱོད་པར་བྱིན་གྱིས་རློབས། །ཚུལ་དེ་ལྟར་རྩེ་གཅིག་གསོལ་བཏབ་པས། །རྗེ་འཁོར་བཅས་འོད་ཞུ་རང་ལ་ཐིམ། །མི་བདག་གི་སྒོ་གསུམ་ཀུན་གཞིར་བཅས། །སྐྱབས་རྣམས་ཀྱི་གསང་གསུམ་ངོ་བོར་ཤར། །དབང་བཞི་ཐོབ་སྒྲིབ་བཞིའི་བག་ཆགས་དག །ལམ་རྣམ་བཞི་བསྒོམ་པའི་སྣོད་རུང་དང་། །འབྲས་སྐུ་བཞི་ཐོབ་པའི་ནུས་ལྡན་བྱས། །དབྱིངས་འོད་གསལ་ཆེན་པོར་རོ་གཅིག་གྱུར། །ཞེས་པ་འདི་ཡང་། ཚར་ཆེན་ཆོས་ཀྱི་རྒྱལ་པོས་བྱིན་གྱིས་བརླབས་པའི་གནས་མང་མཁར་ཐུབ་བསྟན་དགེ་འཕེལ་དུ་རྒྱལ་ཁམས་ཀྱི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པ་


JKT023_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གང་ཤར་གྱི་རྟོགས་པ་ཡི་གེའི་གཟུགས་སུ་འདུ་བྱས་པ། སླད་ཀྱི་འདར་གྲོང་ཆེན་ཆོས་འཁོར་ཡང་རྩེའི་མཆོད་སྡོང་རིན་པོ་ཆེའི་མདུན་དུ་མངོན་པར་ཤེས་བཞིན་གྱི་དད་པས་གསོལ་བ་བཏབ་པའི་དགེ་བས། འབྲེལ་ཚད་རྣམས་ཀྱི་རྒྱུད་ལ་རྗེ་བཙུན་བླ་མའི་ཡེ་ཤེས་གཟིགས་པ་དམ་པའི་བྱིན་རླབས་འཇུག་པའི་རྒྱུར་གྱུར་ཅིག། ༈ །ལྟ་བའི་རིམ་པ་མདོར་བསྡུས་པའི་རྡོ་རྗེའི་གླུ་ཟབ་དོན་སྙིང་པོ་ཞེས་བྱ་བ། ཨ་ཧོ། རྟག་པ་མ་ཡིན་སྤྲོས་བྲལ་གྱི་ཡེ་ཤེས། །ཆད་པ་མ་ཡིན་འོད་གསལ་གྱི་རང་གདངས། །གཉིས་དང་གཉིས་མིན་ཕ་མཐའ་ལས་འདས་པའི། །སེམས་ཀྱི་རྡོ་རྗེའི་རང་ཞལ་ལ་འདུད་དོ། །ཕྱི་དོན་རྫས་གྲུབ་བྱེ་སྨྲ་བའི་གཞུང་དང་། །བཏགས་ཡོད་ཁས་ལེན་མདོ་སྡེ་པའི་ལྟ་བ། སེམས་ཙམ་བདེན་གྲུབ་རྣམ་བདེན་དང་རྣམ་རྫུན། །བདེན་གཉིས་ཡ་བྲལ་རྟག་ཆད་ལས་མ་འདས། །ཀུན་རྫོབ་རྒྱུ་རྐྱེན་རྟེན་འབྲེལ་ལས་སྐྱེས་ཤིང་། །སྐྱེས་ཙམ་ཉིད་ནས་སྟོང་ཉིད་དུ་ཤར་བའི། བདེན་གཉིས་ཟུང་འཇུག་ཁས་ལེན་དང་བྲལ་བ། །ངེས་དོན་མཐར་ཐུག་ཐལ་འགྱུར་བའི་གྲུབ་མཐའ། །གསལ་སྟོང་དབྱེར་མེད་གཞི་དུས་ཀྱི་དགེས་རྡོར། །ཉམས་སུ་མྱོང་ཡང་བསམ་བརྗོད་ལས་འདས་ཤིང་། །རྟོག་ཚོགས་རང་གསལ་རྗེན་པ་རུ་ནུབ་པའི། །འོད་གསལ་སེམས་ཀྱི་གནས་ལུགས་ལ་གཟིགས་དང་། །དེ་གའི་ངང་དུ་ཡིད་བྱེད་ཀྱི་བློ་དང་། །གཉིས་སྣང་ཐམས་ཅད་རིག་ངོ་རུ་གྲོལ་


JKT023_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

བའི། །ཉམས་མྱོང་ཆུ་བོའི་རྒྱུན་འབབས་ལྟར་གོམས་པས། །མཆོག་དངོས་འགྲུབ་པའི་ངལ་འཚོ་ལ་སྦྱར་རོ། །ཨ་ཧོ་རིས་མེད་མཁས་གྲུབ་ཀྱི་ཞལ་ལུང་། །མང་དུ་ཐོས་པའི་རྒྱལ་ཁམས་ཀྱི་བྱ་བྲལ། །རྣལ་འབྱོར་གཞོན་ནུའི་གང་ཤར་གྱི་གླུ་དབྱངས། །བཤེས་གཉེན་མཆོག་གི་གཟིགས་མོ་རུ་ཕུལ་ལོ། །དགེ་བ་དེས་སྲིད་ཞི་ཡི་ཆོས་ཀུན། །འཁོར་འདས་དབྱེར་མེད་ཕྱག་རྒྱ་རུ་བསྡམས་པའི། །ངེས་གསང་སྙིང་པོ་འགྲོ་ཀུན་གྱིས་རྟོགས་ནས། །དོན་གཉིས་འགྲུབ་པའི་སྨོན་ལམ་ཞིག་ཞུའོ། །ཞེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སོ། །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་མའི་ལམ་གྱི་རིམ་པ་དང་འབྲེལ་བའི་རྡོ་རྗེའི་གླུ་ཟབ་དོན་གསོལ་འདེབས་ཞེས་བྱ་བ། ཨ་ཧོ། བདེ་སྟོང་ཟུང་འཇུག་རྣམ་ཀུན་མཆོག་ལྡན་གྱི་ཡེ་ཤེས། །མཁའ་སྤྱོད་རྡོ་རྗེ་བཙུན་མོའི་རྣམ་རོལ་དུ་ཤར་བ། །གང་དང་དབྱེར་མེད་ཁྱབ་བདག་དཔལ་ལྡན་གྱི་བླ་མས། །བྱང་ཆུབ་སྙིང་པོའི་བར་དུ་དགེ་ལེགས་སུ་མཛོད་ཅིག །རྙེད་དཀའ་དོན་དང་ལྡན་པའི་དལ་འབྱོར་གྱི་ལུས་རྟེན། །དོ་ནུབ་ཙམ་ཡང་མི་འཆིའི་གདེངས་ཚད་ནི་མ་མཆིས། །དེ་བས་བྱ་བྱེད་མང་པོའི་སྤྲོས་པ་ཀུན་སྤངས་ཏེ། །ཉམས་ལེན་སྙིང་པོར་དྲིལ་བ་འདུན་མ་ཡི་ཡང་རྩེ། །ནུབ་མོ་རང་བཞིན་གཉིད་ཀྱི་འོད་གསལ་ལ་འཇུག་ཅིང་། །ཐོ་རེངས་ཟུང་འཇུག་སྒྱུ་


JKT023_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ལྷ་སྐུ་རུ་ལྡང་སྟེ། །ཕུང་ཁམས་དྭངས་མར་སྒྲུབ་པའི་བདུད་རྩི་ལ་རོལ་པས། །དགའ་བ་གསུམ་གྱི་པདྨོ་སྙིང་དབུས་སུ་བཞད་དོ། །སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་ལམ་རིམ་གྱི་གཞི་རྟེན། ། འགལ་རྐྱེན་སྡིག་སྒྲིབ་སྦྱོང་བྱེད་རྡོར་སེམས་ཀྱི་བསྒོམ་བཟླས། །མཐུན་རྐྱེན་ཚོགས་བསགས་མཐར་ཐུག་བླ་མ་ཡི་རྣལ་འབྱོར། །ཐུན་བཞིར་འབྲལ་མེད་བསྐྱང་བ་ལམ་ཟབ་ཀྱི་སྙིང་པོ། །བདག་ཉིད་ལྷ་།སྐུར་བསྐྱེད་པ་སྣང་སྟོང་གི་ཉམས་ལེན། །སྣོད་བཅུད་འགྲོ་བ་དག་པ་ཡེ་ཤེས་ཀྱི་རྩལ་སྦྱོང་། །དཔའ་བོ་དཔའ་མོས་བྱིན་རླབས་ཁྱད་པར་གྱི་མྱུར་ལམ། །ང་རྒྱལ་རྣམ་པའི་སེམས་འཛིན་བསྐྱེད་རིམ་གྱི་དངོས་གཞི། །རླུང་སྔགས་དབྱེར་མེད་ཤེས་པ་བཟླས་བརྗོད་ཀྱི་མཐར་ཐུག །སྐྱེ་འགག་གནས་གསུམ་བརྗོད་བྲལ་གསལ་སྟོང་གི་རིག་པ། །ཟུང་འཇུག་བསམ་མི་ཁྱབ་པ་གནས་ལུགས་ཀྱི་འཇོག་སོ། །ཅིར་སྣང་ལྷ་དང་ཡེ་ཤེས་སྤྱོད་ལམ་གྱི་འཇུག་པ། །ཨ་ཧོ། རྣལ་འབྱོར་བཅུ་གཅིག་རིམ་གཉིས་ཀྱི་ཡང་བཅུད། །ཁྱད་པར་ཟབ་པའི་རྫོགས་རིམ་འབར་འཛག་གི་ཐབས་དང་། །བདེ་དང་སྟོང་པ་སྒྲུབ་པའི་ཏིང་འཛིན་ལ་བརྟེན་ནས། །རྩ་རླུང་ཐིག་ལེའི་འདུ་བ་དབུ་མ་རུ་ཐིམ་པས། །དོན་གྱི་མཁའ་སྤྱོད་དགའ་མ་ཚེ་འདི་རུ་འགྲུབ་སྟེ། །སྒྱུ་ལུས་ཟག་པ་མེད་པ་འཇའ་ཚོན་གྱི་སྐུ་དང་། །རླུང་སེམས་རྟོག་


JKT023_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྲལ་བ་ཆོས་ཉིད་ཀྱི་དབྱིངས་སུ། །མཆོ་གི་དངོས་གྲུབ་བརྙེས་པའི་སྨོན་ལམ་ཞིག་ཞུའོ། །ཞེས་འཕགས་ཡུལ་གྱི་པཎ་གྲུབ་རྒྱ་མཚོའི་གཙུག་གི་ནོར་བུ་ཇོ་བོ་ནཱ་རོ་ཏཱ་པ་ནས་བརྒྱུད་པའི་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་རིམ་གཉིས་དང་འབྲེལ་བའི་རྡོ་རྗེའི་གླུ་འདི་ཡང་། དཔལ་ས་ལ་སྤྱོད་པའི་འོག་མིན་གཉིས་པ་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོར་དབྱུག་པ་ཟླ་བའི་དམར་ཕྱོགས་ཀྱི་ཚེས་བཅུར་ལམ་འདིའི་བྱིན་རླབས་ཟབ་མོས་རིག་པ་འཛིན་པའི་དགེ་འདུན་འདུས་པ་འགའ་ཞིག་སྨིན་པར་བགྱིས་པའི་སྐབས་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གང་ཤར་གླུར་བླངས་པའོ། །སརྦ་དཱ་མངྒ་ལཾ།། ༈ །།ཞིང་སྔགས་ལྷན་ཅིག་སྐྱེས་པའི་རྣལ་འབྱོར་མ་ལ་གསོལ་བ་འདེབས་པའི་རྡོ་རྗེའི་གླུ་ཟབ་དོན་སྣང་བ་ཞེས་བྱ་བ། ཨ་ཧོ། འོག་མིན་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཞིང་ན། །ངོ་བོ་ལྷན་སྐྱེས་རྣལ་འབྱོར་མ་དཔལ་དེ་བཞུགས་ཡོད། །གསལ་སྟོང་དབྱེར་མེད་ངང་ནས་གསོལ་བ་རང་འདེབས་སོ། །དུས་གསུམ་འདུ་འབྲལ་མེད་པའི་དངོས་གྲུབ་ཞིག་སྩོལ་དང་། །གནས་ཡུལ་ཉི་ཤུ་རྩ་བཞིའི་གྲོང་ཁྱེར་གྱི་དབུས་ན། །རང་གདངས་ཞིང་སྐྱེས་རྣལ་འབྱོར་མ་དཔལ་དེ་བཞུགས་ཡོད། །བདེ་སྟོང་དབྱེར་མེད་ངང་ནས་གསོལ་བ་རང་འདེབས་སོ། །རྩ་རླུང་དབུ་མར་ཐིམ་པའི་དངོས་གྲུབ་ཞིག་སྩོལ་དང་། །སྣོད་བཅུད་དག་པ་རབ་འབྱམས་ཆོས་འབྱུང་གི་ཀློང་ན། །རང་རྩལ་སྔགས་སྐྱེས་རྣལ་འབྱོར་མ་དཔལ་དེ་བཞུགས་ཡོད། །སྣང་


JKT023_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་དབྱེར་མེད་ངང་ནས་གསོལ་བ་རང་འདེབས་སོ། །ཅིར་སྣང་ལྷ་སྐུར་འཆར་བའི་དངོས་གྲུབ་ཞིག་སྩོལ་དང་། །སྣང་ཙམ་དཔྱད་པས་མ་རེག་སོ་སྐྱེ་ཡི་མཐོང་ཚུལ། །བདག་ལྟ་སླར་ཡང་སྤེལ་བ་ཕྱི་རོལ་པའི་ལོག་རྟོག །གཞི་ལྔ་རྫས་སུ་ཡོད་པ་བྱེ་སྨྲ་བའི་བདེན་ཞེན། །གཞི་གསུམ་བཏགས་པར་འདོད་པ་མདོ་སྡེ་པའི་ཁྱད་པར། །དེ་ཀུན་སེམས་སུ་བདེན་པ་རྣམ་རིག་པའི་མྱོང་བ། །སེམས་ཉིད་གཟོད་ནས་སྤྲོས་བྲལ་དབུ་མ་པའི་ཁྱད་ཆོས། །དེ་ཉིད་ཐབས་ཀྱིས་འཕགས་པ་གསང་སྔགས་ཀྱི་རྒྱུད་དོན། །མངོན་སུམ་རང་ངོ་འཕྲོད་པའི་བྱིན་རླབས་ལ་བརྟེན་ནས། །ངེས་དོན་མཁའ་སྤྱོད་དགའ་མ་སྙིང་དབུས་སུ་སད་པས། །ཡུལ་སྣང་ལྷ་སྐུར་ཤར་བའི་ངལ་འཚོ་དང་སྦྲགས་ཏེ། །ཡུལ་ཅན་བདེ་སྟོང་དབྱེར་མེད་རྩེ་དགའ་ལ་རོལ་པས། །རླུང་སེམས་དབུ་མར་ཐིམ་པའི་འོད་གསལ་གྱི་ཀློང་དུ། །ཟུང་འཇུག་རྣམ་ཀུན་མཆོག་ལྡན་རྡོ་རྗེ་ཡི་བཙུན་མོ། །སྐུ་གསུམ་རྣམ་དབྱེར་མེད་པའི་ཡེ་ཤེས་ཀྱི་སྣང་བརྙན། །ཚེ་འདིར་མངོན་སུམ་འགྲུབ་པའི་སྨོན་ལམ་ཞིག་ཞུའོ། །ཞེས་པའང་མདོ་རྒྱུད་རྒྱ་མཚོའི་འབྱུང་གནས་ནཱ་ལེནྡྲའི་ཆོས་གྲྭ་ཆེན་པོར་ཐུན་མོང་གི་ལོའི་ནག་པ་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་སུ། བཤེས་གཉེན་དམ་པ་འགའ་ཞིག་ལ་ལམ་འདིའི་བྱིན་རླབས་དང་རྣལ་འབྱོར་བཅུ་གཅིག་གི་སྙིང་པོ་ཅུང་ཟད་བཤད་པའི་སྐབས་སུ་རིག་འཛིན་གྱི་བཙུན་པ་


JKT023_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གང་ཤར་བྲིས་པ་སིདྡྷི་རསྟུ། ༈ །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་ཉེ་སྙིང་དང་སྦྱར་བའི་སྒོ་ནས་མངོན་པར་བསྔགས་པའི་རྡོ་རྗེའི་གླུ་ཁ་སྦྱོར་ཌཱ་ཀི་བཞད་པའི་དབྱངས་སྙན་ཞེས་བྱ་བ། ཨོ་གྱི་རང་བཞིན་འགྱུར་མེད་བློ་འདས་གདོད་མའི་གཤིས་ལུགས། །ཨོྃ་གྱི་རང་གདངས་ཟག་མེད་རྣམ་ཀུན་མཆོག་ལྡན་ཡེ་ཤེས། །ཨོཾ་གྱི་ངོ་བོ་གཉིས་མེད་ལོངས་སྤྱོད་ཡོངས་རྫོགས་སྐུ་ཅན། །དཔལ་ལྡན་མཁའ་སྤྱོད་དབང་མོར་སྙིང་ནས་གུས་པས་འདུད་དོ། །སརྦ་ཇི་སྙེད་རིགས་དང་དཀྱིལ་འཁོར་རྒྱ་མཚོར་སྣང་བའི། །བུདྡྷ་སྲས་བཅས་རྒྱལ་ཀུན་སྐྱེད་དང་རོལ་པའི་ཡུམ་གཅིག །ཌཱ་ཀི་ནཱི་ཡེ་ཁ་སྦྱོར་སྒྱུ་མའི་ཉམས་བརྒྱས་སྒེག་པ། །དཔལ་ལྡན་མཁའ་སྤྱོད་དབང་མོར་སྙིང་ནས་གུས་པས་འདུད་དོ། །བཛྲ་ནམ་མཁའི་དཀྱིལ་ལྟར་རྣམ་པར་དག་པའི་ཐུགས་རྒྱུད། །བརྞ་ནཱི་ཡེ་འོད་གསལ་ཁ་དོག་སྣ་ཚོགས་འཆང་བའི། །རང་གདངས་བདེ་བ་ཆེན་པོ་བརྟན་གཡོ་ཀུན་ལ་ཁྱབ་པ། །དཔལ་ལྡན་མཁའ་སྤྱོད་དབང་མོར་སྙིང་ནས་གུས་པས་འདུད་དོ། །བཛྲ་གཟུང་འཛིན་མཚན་མས་མི་ཕྱེད་གཉུག་མའི་ཡེ་ཤེས། །བེ་རོ་ཙ་ནཱི་ཡེ་ཤེས་རང་བཞིན་མེད་པའི་སྟོང་ཉིད། །འོད་གསལ་མཆོག་གི་རྣམ་པ་གཅིག་ཉིད་དུ་མར་སྣང་མཛད། །དཔལ་ལྡན་མཁའ་སྤྱོད་དབང་མོར༔ ཧཱུྃ་གི་རང་བཞིན་གཟོད་ནས་སྤྲོས་པའི་མཚན་མ་འདས་


JKT023_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །ཧཱུྃ་གི་རང་གདངས་དམིགས་མེད་སྙིང་རྗེས་ཡོངས་སུ་གང་བས །ཧཱུྃ་གི་བྱེད་ལས་ཁམས་གསུམ་སྡུག་བསྔལ་ཀུན་ལས་སྐྱོབ་པའི། །དཔལ་ལྡན་མཁའ་སྤྱོད་དབང་མོར= ཕཊ་ཀྱིས་མཚན་གཞི་སྟོང་པ་སྲིད་ཞིའི་སྤྲོས་པ་བྲལ་བཞིན། །ཕཊ་ཀྱི་མཚན་ཉིད་གསལ་བ་རྟེན་འབྱུང་འགགས་མེད་ཚུལ་གྱིས། །ཕཊ་ཀྱི་མཚོན་བྱེད་དུས་གསུམ་རྒྱུན་མི་འཆད་པར་འཆར་བའི། །དཔལ་ལྡན་མཁའ་གུས་པས་འདུད་དོ། །སྭཱ་ཧ་མཁའ་དང་མཉམ་པའི་ཡིད་ཅན་རྒྱ་མཚོ་ཀུན་ལ། །དགེ་ལེགས་ཕན་བདེའི་འདོད་རྒུ་འགོག་པ་མེད་པར་སྦྱིན་པའི། །དྲན་པས་སྙིང་གི་གདུང་སེལ་རྣལ་འབྱོར་བདག་གི་སྐྱབས་གཅིག །དཔལ་ལྡན་མཁའ་སྤྱོད་དབང་མོར་སྙིང་ནས་གུས་པས་འདུད་དོ། །ཨ་ཧོ་ཅིར་སྣང་དངོས་ཀུན་སྔགས་སྐྱེས་དགའ་མར་ཤར་བས། །ཞིང་སྐྱེས་ཌཱ་ཀིའི་ཚོགས་དང་བདེ་ཆེན་སྒྱུ་མའི་རྩེད་འཇོས། །ལྷན་སྐྱེས་རྣལ་འབྱོར་མ་དཔལ་ཚེ་འདི་ཉིད་ལ་མཐོང་བའི། །དངོས་གྲུབ་མཆོག་གི་སྐལ་བ་དེང་འདིར་མངོན་སུམ་སྩོལ་ཅིག །ཅེས་པའང་བག་ཡོད་ཀྱི་ལོའི་མགོ་ཟླའི་དཀར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཚོགས་ཀྱི་མཆོད་པའི་སྐབས་གང་ཤར་ཤུགས་འབྱུང་གི་ཚིག་སྦྱོར་རྡོ་རྗེ་སྒྲ་མའི་གླུ་དབྱངས་སུ་ལེན་པ་པོ་ནི་རིག་འཛིན་གྱི་བཙུན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སོ། ༈ །བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་རྡོ་རྗེའི་གླུ་འཆི་མེད་


JKT023_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་སྐྱེས་བླ་མའི་ཞལ་ལུང་ཞེས་བྱ་བ། ཨ་ཧོ་སྙིང་དབུས་གཞོམ་དུ་མེད་པ་འོད་གསལ་གྱི་ཕོ་བྲང་། །མི་ཤིགས་ཐིག་ལེ་ཆེན་པོ་མཚོ་སྐྱེས་ཀྱི་བླ་མ། །གདོད་ནས་འདུ་འབྲལ་སྤངས་པའི་རང་ཞལ་ལ་བཏུད་ནས། །ངེས་དོན་ཟབ་མོའི་ལམ་གྱི་གླུ་དབྱངས་ཞིག་ལེན་ནོ། །ཐ་མལ་སྣང་བ་ཐམས་ཅད་ཡེ་ཤེས་སུ་ཐིམ་པའི། །རང་རྩལ་དག་པ་རབ་འབྱམས་དཀྱིལ་འཁོར་གྱི་འཁོར་ལོ། །སྣང་སྲིད་གཞིར་བཞེངས་ཆེན་པོའི་བསྐྱེད་རིམ་ལ་སྦྱར་བས། །བུམ་དབང་བསྙེན་པའི་རྣལ་འབྱོར་ལྷུན་གྲུབ་ཏུ་ཤར་རོ། །བརྒྱད་ཁྲི་བཞི་སྟོང་སྲོག་དང་ཐུར་སེལ་གྱི་རྒྱུ་བ། ཁ་སྦྱོར་རྡོ་རྗེའི་ཆོ་གས་དབུ་མ་རུ་བཅིལ་ནས། །འབར་འཛག་བདེ་ཆེན་ཉམས་བརྒྱའི་འཇོ་སྒེག་ལ་སྦྱར་བའི། །གསང་དབང་ཉེ་བར་བསྙེན་པའི་རྣལ་འབྱོར་ལ་འཇུག་གོ ། རང་སྣང་རིག next hit་མའི་འདོད་ཡོན་སྙོམས་འཇུག་གི་རེག་བྱས། །བདེ་ཆེན་ཐབས་མཆོག་ཧེ་རུ་ཀ་དཔལ་ལ་འཁྱུད་པས། །དགའ་བཞི་དབུ་མར་རྫོགས་པའི་ངལ་འཚོ་དང་སྦྲགས་ནས། །ཤེར་དབང་སྒྲུབ་པའི་རྣལ་འབྱོར་གསེང་ལམ་ལ་ཆས་འགྲོ། །ཨ་ཧོ་བསམ་བརྗོད་བྲལ་བ་ཀ་དག་གི་ཡེ་ཤེས། །ལྷུན་གྲུབ་མངོན་སུམ་རིག་པའི་སྣང་བ་དང་འགྲིགས་ཏེ། །ཆོས་ཟད་བློ་འདས་དོན་དམ་མཚོ་སྐྱེས་ཀྱི་རྡོ་རྗེ། །ཚིག་དབང་སྒྲུབ་པ་ཆེན་པོའི་འབྲས་བུ་ལ་སྤྱོད་དོ། །ཨེ་མ་


JKT023_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་གྲུབ་པའི་སློབ་དཔོན་གྱི་བྱིན་རླབས། །ཚེ་རབས་ཕྲེང་བར་ཐོབ་པའི་སྐལ་བཟང་གི་བདུད་རྩི། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་པདྨོ་ལ་རེག་པས། །ངེས་གསང་ལམ་གྱི་ཟིལ་དངར་རང་གྲོལ་དུ་ཤར་རོ། །དགེ་བ་དེ་ཡིས་ཕྱི་ནང་གཞན་གསུམ་གྱི་ཆོས་ཀུན། །དབྱེར་མེད་རྫོགས་པ་ཆེན་པོའི་ཡེ་ཤེས་ལ་བརྟེན་ནས། །མཁའ་ཁྱབ་འགྲོ་ཀུན་སྒྲོལ་བའི་ཕྲིན་ལས་སུ་འཆར་བའི། །དོན་༧གཉིས་ཡིད་བཞིན་འགྲུབ་པའི་སྨོན་ལམ་ཞིག་ཞུའོ། །ཞེས་ཕུར་བུ་ས་སྤྲེལ་ལོའི་སྤྲེལ་ཟླའི་དཀར་ཕྱོགས་ཀྱི་ཚེས་བཅུར་ཚོགས་ཀྱི་མཆོད་པ་བརྡ་མཚོན་ཙམ་བགྱིས་པའི་སྐབས། གྲུབ་པའི་སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་བྱིན་རླབས་ལས་རང་ཤར་བའི་ཚུལ་གྱིས་རྣལ་འབྱོར་པ་མཁྱེན་བརྩེའི་དབང་པོས་སོ། ༈ །དཔལ་ལྡན་བླ་མ་རྡོ་རྗེ་གསུམ་དང་དབྱེར་མེད་པ་ལ་གསོལ་བ་འདེབས་པ་རྡོ་རྗེའི་གླུ་ཡེ་ཤེས་བྱིན་འབེབས་ཅེས་བྱ་བ། ཨ་ཧོ་སྤྱི་བོ་བདེ་ཆེན་འཁོར་ལོའི་གཞལ་ཡས་ཀྱི་དབུས་ན། །དཔལ་ལྡན་བླ་མ་སྐུ་ཡི་རྡོ་རྗེ་དེ་བཞུགས་ཡོད། །སྣང་སྟོང་དབྱེར་མེད་ངང་ནས་གསོལ་བ་རང་འདེབས་སོ། །ལུས་སྣང་སྤྲུལ་སྐུར་དག་པར་བྱིན་གྱིས་རང་རློབས་ཤིག །མགྲིན་པ་ལོངས་སྤྱོད་འཁོར་ལོའི་པདྨོ་ཡི་དབུས་ན། །དཔལ་ལྡན་བླ་མ་གསུང་གི་རྡོ་རྗེ་དེ་བཞུགས་ཡོད། །གྲགས་སྟོང་དབྱེར་མེད་ངང་ནས་གསོལ་བ་རང་འདེབས་སོ། །རླུང་སྔགས་ལོངས་སྐུར་རྫོགས་པར་བྱིན་གྱིས་རང་རློབས་


JKT023_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །སྙིང་ག་ཆོས་ཀྱི་འཁོར་ལོའི་ཆུ་སྐྱེས་ཀྱི་དབུས་ན། །དཔལ་ལྡན་བླ་མ་ཐུགས་ཀྱི་རྡོ་རྗེ་དེ་བཞུགས་ཡོད། །previous hit རིག་སྟོང་དབྱེར་མེད་ངང་ནས་གསོལ་བ་རང next hit་འདེབས་སོ། །རྟོགས་ཚོགས་ཆོས་སྐུར་སྨིན་པར་བྱིན་གྱིས་རང་རློབས་ཤིག །རང་སྣང་རྣམ་པར་དག་པའི་ཡེ་ཤེས་ཀྱི་ཀློང་ན། །སྐྱབས་ཀུན་འདུས་ཞལ་དྲིན་ཆེན་བླ་མ་དེ་བཞུགས་ཡོད། །རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་བ་རང་འདེབས་སོ། །དུས་གསུམ་འདུ་འབྲལ་མེད་པར་བྱིན་གྱིས་རང་རློབས་ཤིག །ཚུལ་ཁྲིམས་རྣམ་པར་དག་པ་ཡོན་ཏན་གྱི་ཞིང་ས། །ངེས་འབྱུང་བྱང་ཆུབ་སེམས་གཉིས་དམ་ཆོས་ཀྱི་སྙིང་པོ། །ཐོས་བསམ་ཕ་མཐར་སོན་པ་ཉམས་ལེན་གྱི་འཇུག་སྒོ། །རྩེ་གཅིག་ཟབ་དོན་བསྒོམ་པ་དོན་ལྡན་གྱི་བགྱི་བ། །སྣང་སྲིད་ལྷ་སྐུར་ཤར་བ་ཡེ་ཤེས་ཀྱི་རོལ་མོ། །རྩ་རླུང་དབུ་མར་ཐིམ་པ་གསང་ཆེན་གྱི་མྱུར་ལམ། །ཀ་དག་བསམ་བརྗོད་བྲལ་བ་གནས་ལུགས་ཀྱི་མཐར་ཐུག །ལྷུན་གྲུབ་སྣང་བཞིའི་ཉམས་ལེན་ཁྱད་པར་གྱི་གསེང་ལམ། །རྩེ་གཅིག་རྒྱུད་ལ་བསྟར་བའི་སྐལ་བཟང་གི་སྣང་བས། །གཟུང་འཛིན་འཁྲུལ་པའི་མུན་པ་ཆོས་དབྱིངས་སུ་ཐིམ་ནས། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་གོ་འཕང་ལ་རོལ་པའི། །ངོ་མཚར་ཚེ་འདིར་འགྲུབ་པའི་སྨོན་ལམ་ཞིག་ཞུའོ། །ཞེས་གྲུབ་པའི་དབང་ཕྱུག་བྱེ་བའི་གཙུག་རྒྱན་


JKT023_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལོང་རྡོ་རྗེའི་རིགས་ལས་སོན་པའི་དགེ་ཚུལ་བསྟན་འཛིན་དཔལ་འབར་ཐུགས་དགྱེས་པའི་སླད་དུ་མཁྱེན་བརྩེའི་དབང་པོས་སོ། ༈ །རང་གཞན་གྱི་སྤྱོད་ཚུལ་ལ་ཡིད་ངེས་པར་འབྱུང་བའི་རྡོ་རྗེའི་གླུ་དྲང་སྲོང་གཞོན་ནུའི་གཏམ་ཞེས་བྱ་བ། ཀྱེ་མ། དྲན་པས་སྙིང་གི་གདུང་བ་ཀུན་སེལ་བའི། །ཁྱབ་བདག་བླ་མ་ཡེ་ཤེས་ཀྱི་སྐུ་ཅན། །བཀའ་དྲིན་མཉམ་མེད་ཞབས་སེན་གྱི་ནོར་བུ། །སྤྱི་བོའི་པདྨར་འབྲལ་མེད་དུ་བཞུགས་ཤིག །ལེགས་པར་སོམས་དང་བླུན་རྨོངས་ཀྱི་དྲེད་པོ། །རང་ལ་བལྟས་ན་འཁོས་མེད་དང་ཐབས་སྡུག །གཞན་ལ་བལྟས་ན་ཡི་མུག་གི་རང་བཞིན། །ཅི་ལ་བསམས་ཀྱང་སྙིང་པོ་ནི་མ་མཆིས། །མང་དུ་ཐོས་ཀྱང་ཚིག་སྐམ་གྱི་གཤར་སྦྱངས། །འཆད་སྤེལ་བྱས་ཀྱང་དམ་ཉམས་ཀྱི་སྒྲུབ་ཐབས། །ལྷག་བསམ་བསྐྱེད་ཀྱང་གཡོ་ཟོལ་དུ་མཐོང་བའི། །དུས་ངན་སྙིགས་མའི་སྤྱི་ལུགས་ལ་གཟིགས་དང་། །བསམ་པ་དགེ་ཡང་སྟོབས་༧འབྱོར་གྱིས་དབེན་པས། །གཞན་ལ་ཕན་པའི་གོ་སྐབས་ནི་མ་མཆིས། །མི་ཚེ་ཐམས་ཅད་དོན་མེད་ཀྱི་བྱ་བས། །རང་གཞན་གཉིས་མགོ་བསྐོར་བ་འདི་མཐོང་ངམ། །དྲག་དྲག་མགོ་ཅན་ང་རྒྱལ་གྱིས་སྦོས་ཤིང་། །ཞན་ཞན་རྣམས་ནི་ལྟོ་གོས་ཀྱི་ཁོལ་པོ། །ཀུན་ཀྱང་བླུན་ཞིང་གཏི་མུག་གི་རང་བཞིན། །འདི་འདྲས་རྒྱལ་བསྟན་ཇི་ལྟར་རང་འཛིན་ཨང་། །མཁས་པ་ཕལ་ཆེར་ཆགས་སྡང་གི་ཚང་


JKT023_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

ཚིང་། །གྲུབ་ཐོབ་རློམས་འགའ་བདུད་རིགས་ཀྱི་སྒྱུ་འཕྲུལ། །གངས་དཀར་ཏི་སེའི་རྒྱངས་སྒྲ་ལྟར་མཐོང་བས། །ད་ནི་རང་ཚོད་རང་ཉིད་ཀྱིས་ཟུངས་ཤིག །དགོན་གོག་ཁ་འཛིན་དམྱལ་བ་ཡི་ཚོགས་ཁང་། །བསྒྲིགས་དང་གྲ་ས་ཟིན་མེད་ཀྱི་སོ་ནམ། །སྦྱིན་བདག་ངོ་སྲུང་མགུ་མཁང་གི་རང་བཞིན། །ཅིས་ཀྱང་སྙིང་པོ་མེད་པ་ལ་སོམས་དང་། །ཕར་ལྟོས་བླ་དཔོན་རེ་དོག་གི་འབྱུང་གནས། །ཚུར་ལྟོས་འཁོར་སློབ་སྡུག་བསྔལ་གྱི་ཞིང་ས། །འདུལ་རྒྱུའི་དགྲ་བོ་ཞེ་སྡང་གི་བུད་ཤིང་། །བསྐྱང་རྒྱུའི་གཉེན་ནོར་འདོད་ཆགས་ཀྱི་གཡབ་མོ། །དེ་འདྲའི་དཀའ་ལས་དོན་མེད་ཀྱི་བྱ་བཞག །སྨྱོན་པའི་ཟློས་གར་བརྩེ་བ་ལྟར་མཐོང་ནས། །བློ་སྣ་ཐུང་ངུའི་སློབ་དཔོན་དང་འགྲོགས་ཏེ། །མི་མེད་དབེན་པའི་རི་སུལ་དུ་གཤེགས་ལ། །འཕགས་དང་མཁས་པའི་ཞལ་ལུང་གི་བདུད་རྩི། །དེ་སྔ་ཐོས་པ་དེ་ཙམ་གྱིས་ཆོག་གི །ཐོས་དང་སྙིང་པོར་དྲིལ་བ་ཡི་ཉམས་ལེན། །ད་ནི་མི་རན་དགུ་རན་དུ་འདུག་གོ །གལ་ཏེ་སྒྲུབ་པ་མ་བྱུང་དུ་ཟིན་ཡང་། །རང་གཞན་གཉིས་མགོ་བསྐོར་བ་འདི་སྤངས་ནས། །ཆགས་སྡང་མེད་པའི་གར་སྐྱིད་ཀྱི་ཡུལ་དུ། །བཟའ་གཏད་བྲལ་བའི་སྤྱོད་ཚུལ་ལ་ཞུགས་ཤིག །ཅེས་པའང་ཐོལ་བྱུང་དུ་སྨྲས་པའོ། ༈ །ཡེ་ཤེས་ཀྱི་ཌཱ་ཀི་ནཱི་ལ་རྩ་སྔགས་དང་སྦྱར་བའི་སྒོ་ནས་བསྟོད་པའི་རྡོ་


JKT023_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་གླུ་ཕྱིན་དྲུག་དཔལ་མོ་བཞད་པའི་དབྱངས་སྙན་ཞེས་བྱ་བ། ཨ་ཧོ། ཨོཾ་གྱི་ངོ་བོར་སོན་པའི་བློ་འདས་ཀྱི་ཉམས་འགྱུར། །ཕྲ་རབ་རྡུལ་དང་བྲལ་བ་ཡེ་ཤེས་ཀྱི་མེ་ལྕེས། །ཧཾ་ཡིག་བདུད་རྩིར་བཞུ་བའི་ལོངས་སྤྱོད་ཀྱི་ཚོགས་རྗེ། །བདེ་ཆེན་སྦྱིན་པའི་ཕ་རོལ་ཕྱིན་མ་ལ་འདུད་དོ། །པདྨོ་རྒྱས་པའི་དཔལ་ཅན་ལྷན་སྐྱེས་ཀྱི་སྦྲང་རྩི། །ལུགས་ལྡོག་བུང་བ་དགའ་བའི་བཅུད་ལེན་དུ་འཐུང་བས། །རྣམ་ཀུན་མཆོག་ཏུ་མི་འགྱུར་ངལ་འཚོ་ལ་སྦྱོར་བའི། །ཟག་མེད་ཚུལ་ཁྲིམས་ཕ་རོལ་ཕྱིན་མ་ལ་འདུད་དོ། །ཡོ་གི་ནི་ཁྱོད་ཐབས་མཆོག་བདེ་བ་ཡི་རེག་བྱས། །ཤེས་དང་ཤེས་བྱ་རོ་གཅིག་མངོན་སུམ་དུ་དྲངས་པས། །མཁའ་ཁྱབ་རྡོ་རྗེ་བཙུན་མོའི་སྣང་བརྙན་དུ་ཤར་བའི། །ཟབ་མོ་བཟོད་པའི་ཕ་རོལ་ཕྱིན་མ་ལ་འདུད་དོ། །ཛྷཱ་ན་གཅིག་པུ་རྣམ་པ་ཐམས་ཅད་དུ་འཆར་བ། །ཞིང་སྔགས་ལྷན་སྐྱེས་དཔལ་མོ་འབུམ་ཕྲག་གི་དབུས་ན། །གང་འདུལ་རྒྱུན་གྱིས་རྟག་པའི་དགའ་སྟོན་ལ་རོལ་པ། །མཐའ་ཡས་བརྩོན་འགྲུས་ཕ་རོལ་ཕྱིན་མ་ལ་འདུད་དོ། །ཝཱ་ར་ཧཱི་ཞེས་འབར་གཡོ་བརྟན་པ་ཡི་རྟོགས་ཚོགས། །སྙིང་དབུས་མི་_ཤིགས་དྷ་ཏིའི་ཕྱག་རྒྱ་རུ་བསྡམས་པས། །ཁམས་གསུམ་བསམ་མི་ཁྱབ་པའི་མཁའ་དབྱིངས་སུ་ཐིམ་པ། །འོད་གསལ་བསམ་གཏན་ཕ་རོལ་ཕྱིན་མ་ལ་འདུད་དོ། །ཧཱུྃ་ཡིག་ཡེ་ཤེས་ལྔ་ལྡན་གཞོམ་མེད་


JKT023_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐིག་ལེ། །སྒྲིབ་གཉིས་ཆ་བཅས་སྤངས་པ་ཆོས་ཉིད་ཀྱི་གཤིས་ལུགས། །ཟབ་གསལ་དབྱེར་མི་ཕྱེད་པ་སྐུ་གསུམ་གྱི་རང་བཞིན། །ཟུང་འཇུག་ཤེས་རབ་ཕ་རོལ་ཕྱིན་མ་ལ་འདུད་དོ། །ཨ་ཧོ་ཀ་དག་ཌཱ་ཀིའི་ཡེ་ཤེས་ཀྱི་རང་གདངས། །ལྷུན་གྲུབ་སྣང་བ་རྣམ་བཞིའི་འཇོ་སྒེག་དང་སྦྲགས་ནས། །འཕོ་ཆེན་འཇའ་ལུས་རྡོ་རྗེ་དོན་དམ་གྱི་ཕག་མོའི། །གོ་འཕང་ཚེ་འདིར་འགྲུབ་པའི་དངོས་གྲུབ་ཞིག་ཞུའོ། །ཞེས་པའང་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཀྱི་མཆོད་པ་ཞིག་དང་རྗེས་སུ་འབྲེལ་བར་ཀུན་མཁྱེན་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་ལྷས་གང་ཤར་གྱི་རྟོག་པ་ཡི་གེའི་གཟུགས་སུ་འདུ་བྱས་པ་སྟེ། འདིས་ཀྱང་རྒྱུ་དང་མི་རྒྱུའི་དངོས་ཀུན་བདེ་བ་ཆེན་པོའི་ཡེ་ཤེས་སུ་འཆར་བའི་ལྷན་ཅིག་བྱེད་པའི་རྐྱེན་དུ་གྱུར་ཅིག ༈ །ཡེ་ཤེས་ཀྱི་ཌཱ་ཀི་ནཱི་ལ་རྩ་སྔགས་ཀྱི་སྒོ་ནས་བསྟོད་པ་གྲུབ་པའི་ངག་ཅེས་བྱ་བ། ན་མོ་གུ་རུ༔ ཨོ་ཡིག་ལས་སྐྱེས་རྒྱལ་ཀུན་སྐུ་རྡོ་རྗེ། །དགྱེས་ཆགས་བཞད་པའི་རྣམ་པར་ཡོངས་ཤར་བས། །དཀྱིལ་འཁོར་རྒྱ་མཚོ་སྤྲོ་དང་བསྡུ་བའི་བདག །སྲིད་ཞིའི་བྱེད་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །པདྨོ་རྒྱས་པའི་དཔལ་ལས་བྱུང་བ་ཡི། །སྦྲང་རྩིའི་ཟིལ་དངར་སར་པས་མཚོན་མིན་པའི། །མི་ཤིགས་རྡོ་རྗེ་ནཱ་དའི་སྒྲ་དབྱངས་ཀྱིས། །ལུང་རྟོགས་ཆོས་ཁམས་སྤྲོ་ལ་ཕྱག་འཚལ་བསྟོད། །ཡོ་གི་རྣམས་ལ་རྟག་པར་བརྩེ་བ་ཡི། །ཐུགས་རྗེའི་གསེར་སྤྲིན་རོལ་པའི་ཟློས་


JKT023_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

གར་གྱིས། །གྲུབ་གཉིས་ནོར་བུའི་གྲུ་ཆར་འབེབས་མཁས་པའི། །སྔོན་མེད་གདེངས་ཅན་བདག་པོར་ཕྱག་འཚལ་བསྟོད། །ནཱི་ལའི་མདངས་ཅན་སྤྱན་གྱི་ཟུར་མདའ་ཙམ། །གང་ལ་རེག་པ་ཡིས་ཀྱང་ཊྛ། ཕན་དང་བདེའི། །འདོད་དགུ་གཅིག་ཅར་འཇོ་བའི་ཡོན་ཏན་གྱི། །ངོ་མཚར་ཕ་མཐའ་ཡས་ལ་ཕྱག་འཚལ་བསྟོད། །ཛཱ་ན་པ་ར་མི་ཏཱའི་ས་བརྙེས་ཕྱིར། །འཇུག་དང་ལྡང་བ་བྲལ་བར་རབ་ཞི་ཡང་། །རྣམ་བཞིའི་ཕྲིན་ལས་འགོགས་པ་མེད་པ་ཡིས། །སྐལ་བཟང་ཀུན་དགར་བགྱིད་ལ་ཕྱག་འཚལ་བསྟོད། །ཝ་རིའི་གཏེར་གྱི་མཇིང་ཟབ་ལས་ཐོན་པའི། །པདྨ་རཱ་གའི་མདངས་འཕྲོག་དགའ་མ་ཁྱོད། །མཐོང་བའི་མོད་ནས་བདེ་སྟོང་ཡེ་ཤེས་ཀྱིས། །སྙིང་ལ་འཁྱུད་པར་མཛད་དེར་ཕྱག་འཚལ་བསྟོད། །ཧཱི་ཧིའི་འཛུམ་དཀར་གཡོ་བའི་རྡོ་རྗེའི་གསུངས། །ཐོས་པ་ཙམ་གྱིས་ཀུན་ཏུ་རྟོག་པའི་མུན། མཐའ་དག་བསལ་ནས་ནང་གི་ཉི་མ་ཡིས། །རྣམ་གྲོལ་སྣང་བ་སྦྱིན་ལ་ཕྱག་འཚལ་བསྟོད། །ཧཱུཾ་གི་ངོ་བོར་ཆོས་ཀུན་སོན་པའི་ཐུགས། །དྲན་པའི་རྡོ་རྗེས་གཟུང་འཛིན་རི་བོའི་རྐང་། །ཡོངས་སུ་བཅིང་ནས་མཁྱེན་བརྩེའི་འཆི་མེད་གྲོང་། །རྟག་པར་བརླིང་བར་མཛད་ལ་ཕྱག་འཚལ་བསྟོད། །དེ་ལྟར་གུས་པས་བསྟོད་པའི་མཐུ་ཡིས་བསོད་ནམས་ཆུ་གཏེར་འཕེལ་བའི་རླབས། །ཟླ་བ་ནོར་བུའི་རྩེ་


JKT023_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

དགར་དགོད་ལས་ཕུན་ཚོགས་ཤིས་དགུའི་ཀུ་མུ་དཱ། །འཛུམ་བཅས་རོལ་པའི་རྐང་སྟེགས་ལ་འཛེགས་སྲིད་ཞིའི་འབྱོར་པའི་བསིལ་བ་ཡིས། །ཚུལ་མིན་རྒུད་པའི་ཚ་གདུང་ཀུན་བཅིལ་དགེ་མཚན་གཡོ་བ་མེད་གྱུར་ཅིག །རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་རྩ་སྔགས་དང་སྦྱར་བའི་བསྟོད་པ་འདི་ཡང་དམར་ཕྱོགས་ཌཱཀྐི་འདུ་བའི་དུས་དགེ་བར་སྨྲ་བའི་ཉི་མའི་བློ་མཚོ་ལས་བྱུང་བའོ། །།ཨ་ཧོ། །ལྔ་ལྡན་འཇའ་ཟེར་འཁྲུགས་པའི་ཡེ་ཤེས་ཀྱི་འོད་ཀློང་། །འོག་མིན་པདྨ་དྲྭ་བའི་དགའ་ཚལ་གྱི་དབུས་ན། །ང་ཡི་བླ་མ་མཚོ་སྐྱེས་རྡོ་རྗེ་དེ་བཞུགས་ཡོད། །བྱིན་རླབས་ཆར་ཆེན་ཕོབ་ཅིག་ཨོ་རྒྱན་གྱི་ཆོས་རྗེ། །ཤར་ཕྱོགས་ཌ་ཀི་འདུ་བའི་པི་ཝཾ་གི་སྙན་འགྱུར། །ལྷོ་མོན་སྨྱུག་མའི་ཚལ་གྱི་ཁུ་བྱུག་གིས་བླངས་ནས། །དབྱར་སྐྱེས་མྱུ་གུ་འདྲེན་པའི་སྐྱོ་གྲོགས་ལ་ཕེབས་དང་། །ཉམས་དགའི་པདྨོ་རྒྱས་པའི་ངོ་མཚར་ཞིག་ཡོད་དོ། །མཁའ་དབྱིངས་དྭངས་པར་ཤར་བའི་དབང་པོ་ཡི་གཞུ་རིས། །སྐེད་པར་ལན་བདུན་མདུད་པའི་བཀྲག་མདངས་ཀྱི་མཚར་སྡུག །རི་བྲག་ཚང་ཚིང་ཅན་གྱི་མགུལ་པ་རུ་འཁྱུད་ན། །བྱིས་པའི་མིག་སྔར་བཀྲ་བའི་ལྟད་མོ་ཞིག་ཡོད་དོ། །དུར་ཁྲོད་འཇིགས་སུ་རུང་བའི་ནགས་ཚལ་གྱི་དོ་རར། །ཅིར་ཡང་རྒྱུ་ཞིང་སྤྱོད་པའི་མི་སྲུན་གྱི་ཅེ་སྤྱང་། །ཚིམ་མེད་རོ་ལ་ཞེན་པའི་སྣང་ཚུལ་འདི་ལྟོས་དང་། །སྐྱོ་ཤས་


JKT023_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

གཏིང་ནས་སློང་བའི་སྐྱུགས་སྨན་ཞིག་ཡོད་དོ། །ཨ་མ་སྙེ་མ་སྨིན་པའི་ཁ་ཟས་ཀྱི་ཡོ་ལང་། །ཀླད་མེད་ཁྭ་ཏའི་ཚོགས་ཀྱི་མཆུ་ཐོ་རུ་ཐོགས་བཞིན། །ཡིད་ལ་སྲེད་པས་བཅིང་བའི་ཡི་དྭགས་འདིར་སོམས་དང་། །གད་མོ་ཁོང་ནས་འཁྲུགས་པའི་སྙིང་སྐྲན་ཞིག་ཡོད་དོ། །སྒྱེད་པུ་གསེར་དུ་སོང་བའི་དབུལ་ཕོངས་ཀྱི་བླུན་པོ། །རིན་ཐང་གཞན་ལ་འཚོལ་བའི་ཆེ་ཐབས་ཀྱི་བྲེལ་བས། །ཚེ་གང་ཤ་ཐང་ཆད་པའི་གྱ་གྱུ་འདིར་གཟིགས་དང་། །ཅིས་ཀྱང་དགོས་མེད་སྟོན་པའི་སློབ་དཔོན་ཞིག་ཡོད་དོ། །སྟོན་གནམ་སྒྲིབ་མེད་ངོགས་སུ་སྤྲིན་དཀར་གྱི་ཉམས་འགྱུར། །གྲངས་མེད་འཁོར་བའི་རྩེད་འཇོའི་བྱུང་གནས་དང་འགྲོ་གསུམ། །ཅི་བྱས་ལག་རྗེས་མེད་པའི་སྟོང་ཆེན་འདིར་གཟིགས་དང་། །གྲུབ་པའི་དུས་ཚོད་བྲལ་བའི་བརྡ་སྟོན་ཞིག་ཡོད་དོ། །བྱེ་མའི་ཁང་བཟང་བསྐྲུན་པའི་ཅོལ་ཆུང་གི་བྱིས་པ། །འཐོར་རླུང་དྲག་པོའི་ཤུགས་ཀྱིས་རང་ས་རུ་རྡིབ་ཚེ། །ཤ་ཐང་ཆད་ཆད་གཙེར་པའི་སྨྲེ་ངག་འདི་སོམས་དང་། །དོན་མེད་དུ་ཁས་མནར་བའི་མཚོན་བྱེད་ཞིག་ཡོད་དོ། །གཏན་དུ་བདེ་བའི་བྲག་སུལ་མལ་འོག་ཏུ་བཅུག་ནས། །འཕྲལ་དུ་ཉམས་དགའི་ཐང་ལ་བག་ཡངས་སུ་དཀྱུ་བས། །བཞག་ཏུ་མེད་པའི་གཙོང་ཅན་རི་བོང་འདིར་སོམས་དང་། །ལྐོག་ཏུ་གྱུར་པའི་རྣམ་ཐར་རྗེས་དཔག་ཏུ་


JKT023_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་དོ། །ཨ་ཅང་རྩེད་མོ་ཡིན་མོད་སྟོང་པ་དང་རྟེན་འབྱུང་། །ཟུང་འཇུག་སྒྱུ་མའི་སློབ་དཔོན་མངོན་སུམ་གྱི་བཀོད་པ། །ཅི་བྱས་ཉམས་འོག་ཚུད་པའི་བློ་བདེ་འདིར་སོམས་དང་། །འཕྲལ་ཡུན་ཀུན་ཏུ་དགེ་བའི་ས་བོན་ཞིག་ཡོད་དོ། །ཨ་ཧོ་གསལ་ལ་མི་གསལ་དར་དིར་གྱི་གླིང་བུ། །བྱ་བ་བཏང་བཞག་གཉིས་མིན་འཛུབ་མོ་ཡིས་བསྒྲེང་བར། །རྩེ་གཅིག་དཀྱས་ཐང་མ་ཆོད་རི་དགས་ཚོགས་ཉོན་དང་། །མཛུབ་མོས་བཙན་ས་མཚོན་པའི་བརྡ་སྤྲོད་ཞིག་ཡོད་དོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧཱུྃ༔ ། །ཟབ་མོའི་ལམ་ལས་བརྩམས་པའི་རྡོ་རྗེའི་གླུ་ཐབས་གྲོལ་སྙིང་པོ་ཞེས་བྱ་བ། ཨ་ཧོ། previous hit རང་སྣང་རྣམ་པར་དག་པ་པདྨ་འོད་ཀྱི་ཞིང་ནས། །རིག next hit་སྟོང་གཉུག་མའི་གར་མཁན་འཆི་མེད་མཚོ་སྐྱེས་བླ་མའི། །སྐུ་གསུང་ཐུགས་ཀྱི་ཡེ་ཤེས་དེང་འདིར་མངོན་སུམ་སྣང་བས། །སྐལ་བཟང་འདུས་པའི་ཚོགས་ཀྱི་ཤེས་རྒྱུད་བྱིན་གྱིས་རློབས་ཤིག །དལ་འབྱོར་རྙེད་དཀའ་ཐོབ་པ་ད་ལན་ཁོ་ན་ལགས་ཀྱང་། །འདུས་བྱས་མི་རྟག་ཕྱིར་ན་ནམ་འཆིའི་ངེས་པ་མ་མཆིས། །འཆི་ཚེ་དཀར་ནག་ལས་ཀྱི་གཞན་དབང་ཁོ་ནའི་འཕེན་པས། །འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གསུམ་གྱི་རང་བཞིན། །དེ་བས་བདག་གཞན་འགྲོ་ཀུན་ཐར་པའི་གོ་འཕང་ཐོབ་ཕྱིར། །བླ་མ་དཀོན་མཆོག་རྒྱ་མཚོ་གཙུག་གི་ནོར་བུར་བསྙེན་ནས། །


JKT023_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཕྱིར་སངས་རྒྱས་འདོད་པའི་སྨོན་པ་བྱང་ཆུབ་སེམས་དང་། །དེ་རྒྱུ་འཇུག་པའི་བསླབ་བྱ་ཕར་ཕྱིན་དྲུག་ལ་བསླབ་མཛོད། །གང་ཟག་ཆོས་ཀྱི་བདག་འཛིན་རྟོག་པས་བཏགས་པ་ཙམ་ལས། །ཡུལ་དང་ཡུལ་ཅན་གཉིས་ཀ་བདེན་མེད་སྤྲོས་བྲལ་གཤིས་ལུགས། །ཤེས་རབ་ཕ་རོལ་ཕྱིན་པས་ཡེ་ཤེས་ཚོགས་ཆེན་བསགས་ནས། །རྟེན་འབྱུང་སྒྱུ་མ་ཙམ་དུ་བསོད་ནམས་ཐབས་ལ་འབུངས་ཤིག ། རྣམ་དག་སྨིན་བྱེད་དབང་བཞིའི་བདུད་རྩིའི་ཆུ་རྒྱུན་བཏུང་བས། །རྩ་རླུང་ཐིག་ལེའི་རྟོག་ཚོགས་སྐུ་བཞིར་བྱིན་གྱིས་བརླབས་ཏེ། །དབང་སྲོག་དམ་ཚིག་སྡོམ་པ་སྙིང་ལས་གཅེས་པར་བཟུང་ན། །ཐུན་མོང་མཆོག་གི་དངོས་གྲུབ་འབད་མེད་ལྷུག་པར་འབྱུང་ངོ་། །འགལ་རྐྱེན་སྡིག་སྒྲིབ་སྦྱོང་བྱེད་རྡོ་རྗེ་སེམས་དཔའི་བསྒོམ་བཟླས། །མཐུན་རྐྱེན་ཚོགས་བསགས་མྱུར་ལམ་སྐུ་གསུམ་མཆོད་པའི་མཎྜལ། །ལྷག་པར་ཉམས་རྟོགས་རྩོལ་མེད་སྙིང་གི་དབུས་སུ་སད་བྱེད། །མོས་གུས་བླ་མའི་རྣལ་འབྱོར་འབྲལ་མེད་རྟག་ཏུ་སྒོམས་ཤིག །གང་གི་དྲིན་ལས་བྱུང་བའི་གྲོལ་ལམ་ཕྱག་རྒྱ་ཆེན་པོ། །ནམ་མཁའི་དཀྱིལ་ལྟར་དག་པའི་རང་གདངས་རྟེན་ཅིང་འབྲེལ་འབྱུང་། །ཅིར་སྣང་ལྷ་སྐུར་ཤར་བས་སྔགས་ཀྱི་ཚོགས་ལམ་རྫོགས་པའི། །ཐབས་མཆོག་རིམ་པ་དང་པོ་བུམ་དབང་ལམ་ཁྱེར་སྐྱོང་མཛོད། །ཁྱད་


JKT023_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཐབས་ཀྱི་མཐར་ཐུག་སྲོག་རྩོལ་རླུང་གི་རྒྱུ་བ། །སྦྱོར་བ་བཞི་ལྡན་བྱེད་པས་དབུ་མའི་དབྱིངས་སུ་བཅིངས་ནས། །ཨ་ཧཾ་འབར་འཛག་བདུད་རྩིས་རྩ་ཁམས་ཐམས་ཅད་ཁྱབ་པས། །གསལ་སྟོང་བདེ་བས་བརྒྱན་པའི་གསང་དབང་ལམ་ལ་བསྙེན་ཅིག །དངོས་ཡིད་ཕྱག་རྒྱའི་རེག་བྱར་འདུ་ཤེས་གསུམ་གྱིས་འཁྱུད་ནས། །ཐིག་ལེ་དབབ་བཟློག་དགྲམ་བསྐྱིལ་འཁོར་ལོ་རྣམ་བཞིར་སོན་པས། །མཐོང་ལམ་དངོས་སུ་སྦྱོར་བའི་དགའ་བཞི་དཔེ་ཡི་ཡེ་ཤེས། །སྣང་གསུམ་འཕོ་བ་མེད་པའི་ཤེར་དབང་རྣལ་འབྱོར་བརྩོན་མཛོད། །ཀ་དག་གཉུག་མའི་ཡེ་ཤེས་གཞི་དབྱིངས་མངོན་སུམ་མཐོང་ནས། ། རིག་གདངས་རྡོ་རྗེ་ལུག་རྒྱུད་ཟུང་དུ་འབྲེལ་བར་བསྒོམ་ཞིང་། །གཟུང་འཛིན་ཞེན་པ་སྤངས་པས་མི་སློབ་ཟུང་འཇུག་ཐོབ་པའི། །དབང་བཞི་ལམ་གྱི་མཐར་ཐུག་རྫོགས་པ་ཆེན་པོའི་ཁྱད་ལ ཆོས། །གལ་ཏེ་གདོད་མའི་གོ་འཕང་ཚེ་འདིར་མ་ཐོབ་སྲིད་ན། །འཆི་ཁར་དབྱིངས་གསུམ་གཅུན་པས་འོད་གསལ་སྦུབས་སུ་འཇུག་སྟེ། །ཆོས་ཉིད་བར་དོའི་སྣང་ཆ་རིག་རྩལ་རོལ་པར་ཤེས་ཤིང་། །སྲིད་པ་བར་དོའི་འཁྲུལ་པ་ལྷ་སྔགས་ཆོས་སྐུར་སྦྱོངས་ཤིག །དེ་ལྟར་ཟབ་མོའི་ལམ་ལ་གོམ་པ་ཕ་མཐར་སོན་པས། །མཐར་ཐུག་གཞི་ལས་འཕགས་པའི་གཞི་སྣང་ཆོས་སྐུར་ཕྲོལ་ཏེ། །བདེ་ཆེན་སྙིང་


JKT023_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ཐབས་ཀྱི་ཡེ་ཤེས་སྐུ་ཡི་རོལ་མོས། །ནམ་མཁའ་ཇི་སྲིད་བར་དུ་གཞན་དོན་ལྷུན་གྲུབ་འབྱུང་ངོ་། །ཨེ་མ་ཐབས་གྲོལ་ལམ་གྱི་ངེས་གསང་ཅུང་ཟད་བརྗོད་པས། །བདག་གཞན་ཡིད་ཅན་རྒྱ་མཚོས་དབེན་ཞིང་ཉམས་དགའི་གནས་སུ། །ཡོངས་རྫོགས་བསྟན་པའི་ཉམས་ལེན་སྟན་ཐོག་གཅིག་ཏུ་བསྒོམ་ནས། །འཇའ་ལུས་རྡོ་རྗེའི་གོ་འཕང་ཚེ་འདིར་འགྲུབ་པར་ཤོག་ཅིག །ཅེས་པའང་མདོ་ཁམས་ཀྱི་གཏེར་སྟོན་གར་དབང་ཉི་ཟླ་སྙིང་པོའི་རིགས་ལས་སོན་པའི་བླ་མ་དམ་པ་ཡེ་ཤེས་རྡོ་རྗེས་དྲིས་ཤིང་བསྐུལ་བ་ལས། །ཆོས་སྨྲ་བའི་གཟུགས་བརྙན་མཁྱེན་བརྩེའི་དབང་པོས་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་གང་ཤར་སྨྲས་པའོ། ༈ །བདེ་ཆེན་རྡོ་རྗེའི་ལམ་མཆོག་ལ་སྐུལ་བའི་གླུ་བདེ་བ་ཆེན་པོའི་ཏམྦུ་ར་ཞེས་བྱ་བ། ཨ་ཧོ་མ་ཧཱ་སུ་ཁ་ཧོ། ཀ་མ་ལ་ཡི་ཟེའུ་འབྲུའི་འཛུམ་དཀར་གྱི་དབུས་ནས། །ཁ་ཁ་མུ་ཁའི་ལྕགས་ཀྱུ་གསང་སྦུབས་སུ་དྲངས་ཏེ། །ག་ལས་འཇིགས་པ་མེད་པའི་བརྟུལ་ཞུགས་ལ་སྤྱོད་ན། །ང་བདག་འཛིན་བྲལ་རྟོགས་པའི་གསེང་ལམ་ཞིག་ཡོད་དོ། །ཅ་ཅོ་ཧ་ཧའི་བཞད་སྒྲའི་འཁུན་གླུ་དང་བཅས་ཏེ། །ཆ་ལུགས་ཡིད་འཕྲོག་རིག་མའི་སྙོམས་འཇུག་གི་རྩེད་འཇོ། །ཇ་ཆང་བདུད་རྩིའི་དཔལ་བཞིན་ངོམ་མེད་དུ་སྤྱོད་ན། །ཉ་ཟླས་གདུང་བ་སེལ་འདྲའི་དགའ་སྟོན་ཞིག་ཡོད་དོ། །ཏ་ན་ནུམ་མཁྲེགས་ཤིང་རྒྱས་པའི་གཞོན་ནུ་མའི་ཚོགས་ལ། །ཐ་མལ་འདུ་


JKT023_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ལྷ་སྔགས་ཆོས་སྐུ་རུ་བསྒྱུར་ཏེ། །ད་གཟོད་བསྲུབས་ཤིང་བསྲུབ་པའི་འཁྲུལ་འཁོར་ལ་སྤྱོད་ན། །ན་མར་བདེ་ཆེན་འདྲེན་པའི་ཉམས་དགའ་ཞིག་ཡོད་དོ། །པཱ་ར་མི་ཏའི་ཡེ་ཤེས་མངོན་སུམ་དུ་མཚོན་པ། །ཕ་རོལ་མཚན་ལྡན་དགའ་མའི་རེག་བྱ་ལ་བརྟེན་ནས། །བ་ལི་གསང་བ་ཆེན་པོའི་ཚོགས་འཁོར་ལ་སྤྱོད་ན། །མ་དང་མཁའ་འགྲོ་དགྱེས་པའི་དངོས་གྲུབ་ཞིག་ཡོད་དོ། །ཙ་ཀོ་ར་བཞིན་ཆགས་པའི་ཟུར་མིག་གི་ལྕགས་ཀྱུ། །ཚ་དྲོད་བདེ་བས་བརྒྱན་པའི་བུ་མོ་ལ་བཏབ་ནས། །ཛ་ལང་ཁ་སྦྱོར་བདེ་བའི་ངལ་འཚོ་ལ་སྤྱོད་ན། །ཝ་ལེར་རིག་སྟོང་མཚོན་པའི་ཐབས་མཁས་ཞིག་ཡོད་དོ། །ཞ་རེངས་བྲལ་བའི་སྲ་མཁྲེགས་ཐབས་མཆོག་གི་རྡོ་རྗེ། །ཟ་མ་ཏོག་བཞིན་ཤེས་རབ་བྷ་ག་རུ་གསོར་བས། །འ་ཅག་ཐིག་ལེ་དབབ་ལྡོག་འཛིན་འགྲིམས་ལ་བརྩོན་ན། །ས་ལམ་བཙན་ཐབས་བགྲོད་པའི་མྱུར་ལམ་ཞིག་ཡོད་དོ། །ཧ་རིའི་དྲི་བསུང་འཐུལ་བའི་པད་ཅན་གྱི་དམར་ཆ། །ཨ་ཧཾ་སྙོམས་ཞུགས་ཞུ་བདེའི་ཏིང་འཛིན་གྱིས་དྲངས་ནས། །ཧ་ལ་བདུད་རྩིར་བསྒྱུར་བའི་ངེས་གསང་ལ་སྤྱོད་ན། །ཨ་ཧོ་འཆི་མེད་གྲུབ་པའི་དགེ་མཚན་ཞིག་ཡོད་དོ། ༈ །བདེ་ཆེན་རྡོ་རྗེའི་ཉེ་རྒྱུ་ལ་སྐུལ་བའི་གླུ་བདེ་བ་ཆེན་པོའི་རོལ་མོ་ཞེས་བྱ་བ། ཨ་ཧོ་སུ་ཁཾ་སིདྡྷི་བྷ་བ་ཏུ། ཀ་དག་གནས་ལུགས་མྱུར་དུ་རྟོགས་པ་ཞིག་


JKT023_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ན། །ཁ་ཙམ་མ་ཡིན་གསང་ཆེན་མྱུར་ལམ་ལ་སྦྱངས་ནས། །ག་བུར་འཛིན་པའི་དཔལ་ཅན་རིག་མ་ལ་སྤྱོད་དང་། །ང་བདག་ལས་འདས་ཉམས་མྱོང་ལྷུག་པ་རུ་སྐྱེའོ། །ཅ་ག་ཕན་ཚུན་བལྟ་རེས་ཆགས་སྤྱོད་ཀྱིས་བསྐུལ་ཞིང་། །ཆ་ལགས་ངུར་སྨྲིག་བཙུན་ཚུགས་ཅི་དགའ་རུ་དོར་ཏེ། །ཇ་ཆང་སྐྱེམས་ཀྱིས་མཚོན་མིན་སྙོམས་འཇུག་གི་ངལ་འཚོ། །ཉ་རྒྱས་ཟླ་བའི་བདུད་རྩི་ངོམས་མེད་དུ་དྲངས་ཤིག །ཏ་ཐཱ་ག་ཏའི་སྙིང་པོ་བདེ་ཆེན་གྱི་གནས་ལུགས། །ཐ་དད་ཡུལ་ན་མི་འདུག་རང་སེམས་དང་ལྷན་སྐྱེས། །ད་ལྟར་མཁའ་གསང་མཉམ་སྦྱར་འཁྲུལ་འཁོར་ལ་བརྟེན་ནས། །ན་མར་གསང་བ་ཆེན་པོའི་དགའ་སྟོན་ལ་སྤྱོད་ཅིག །པཱ་ར་མི་ཏའི་གཞུང་ལས་ཆེས་ཆེར་དུ་འཕགས་པ། །ཕ་མཐའ་ཡས་པའི་གསང་ཆེན་ཐབས་མཁས་ཀྱི་སྤྱོད་པར། །བ་ལང་ལྟ་བུའི་སྐལ་ཆད་ཉན་ཐོས་ཀུན་སྐྲག་ཀྵ ཀྱང་། །མ་རྨོངས་རིག་འཛིན་བྱེ་བའི་ཤུལ་ལམ་ལ་ཞུགས་ཤིག །ཙ་མ་ར་ལྟར་ཁེངས་ལྡན་སྲ་མཁྲེག་གི་རྡོ་རྗེ། །ཚ་དྲོད་ལང་ཚོ་དར་བའི་པདྨ་རུ་བསྣན་ནས། །ཛ་དྲག་མ་ཡིན་དལ་བུའི་བསྲུབ་སྦྱོར་གྱི་བྱེད་པས། །ཝ་ལེར་དཔེ་ཡི་ཡེ་ཤེས་རང་རྒྱུད་ལ་སྐྱེད་ཅིག །ཞ་ཉེ་མ་འདྲེས་དངུལ་ཆུའི་མདངས་འཛིན་གྱི་ཐིག་ལེ། །ཟ་མ་མོ་བཙུན་བྷ་གའི་རེག་བྱ་ཡིས་དྲངས་ཏེ། །འ་ཅག་རྒྱུ་འབྲས་དགའ་བཞིའི་


JKT023_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

རྩེད་འཇོ་ལ་རོལ་པས། །ཡ་མཚན་དོན་གྱི་ཡེ་ཤེས་མངོན་སུམ་དུ་ལྟོས་ཤིག །རྭ་ཅོ་ལྟ་བུའི་ཐེག་དམན་སྲུང་སྡོམ་ཀུན་དོར་ནས། །ལ་ལ་ཙམ་མིན་གསང་རྒྱུད་རྒྱ་མཚོ་ཡི་སྙིང་པོ། །ཤཱ་བ་རི་སོགས་གྲུབ་ཆེན་མཐའ་དག་གི་ཐུགས་བཅུད། །ས་བཅུའི་དབང་ཕྱུག་དགྱེས་པའི་ཐེམ་སྐས་ལ་འཛེགས་ཤིང་། །ཧ་ལོའི་མེ་ཏོག་ལྟ་བུའི་མཚར་སྡུག་གི་གཟུགས་དང་། །ཨ་ཧོ་གསང་བའི་སྒྲ་སོགས་རྨད་བྱུང་གི་འདོད་ཡོན། །ཧ་ཧའི་གད་མོ་དང་བཅས་བག་ཡངས་སུ་སྤྱོད་པས། །ཨ་དོན་འཆི་མེད་གྲུབ་པའི་སྨོན་ལམ་ཞིག་ཞུའོ།། ༈ །།བདེ་ཆེན་རྡོ་རྗེའི་འདོད་ཡོན་ལ་སྐུལ་བའི་གླུ་བདེ་བ་ཆེན་པོའི་དགའ་སྟོན་ཅེས་བྱ་བ། ཨ་ལ་ལ་ཧོ། གཟུགས་མཛེས་མཐར་ཐུག་ཕྱག་རྒྱའི་བྷ་ག་ལ་བལྟས་པས། །ཅིར་སྣང་དངོས་ཀུན་བདེ་བ་ཆེན་པོ་རུ་ཤར་སོང་། །སྤང་གི་ཨུཏྤལ་ཚོལ་སྒྲུབ་མེད་པ་འདི་དགའ་ཡོ། །ལྡུམ་རའི་མེ་ཏོག་མེལ་ཚེ་མ་དགོས་པས་སྐྱིད་དོ། །སྒྲ་སྙན་མཆོག་གྱུར་ཨ་ཧཾ་རོལ་མོ་ལ་ཉན་པས། །མི་ཤིགས་ནཱ་དའི་དབྱངས་སྙན་མངོན་སུམ་དུ་ཐོས་བྱུང་། །རྔ་དང་རོལ་མོའི་འུར་ཆོམ་མེད་པ་འདི་དགའ་ཡོ། །དུང་དང་གླིང་བུའི་དབུགས་སྐོར་མ་དགོས་པས་སྐྱིད་དོ། །དྲི་མཆོག་པདྨའི་ཟེའུ་འབྲུའི་བསུང་ཞིམ་ལ་བསྣོམས་པས། །ཚོར་བ་ཐམས་ཅད་བདེ་བའི་དགའ་སྟོན་ལ་ལངས་སོང་། །ལྷན་སྐྱེས་ཤུག་པའི་


JKT023_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་བདུག་མེད་པ་འདི་དགའ་ཡོ། །སྦྱར་བྱུང་རེང་བུའི་སྦར་ཆོག་མ་དགོས་པས་སྐྱིད་དོ། །རོ་མངར་འདོད་པ་རྒྱས་པའི་ཆུ་བཅུད་ལ་མྱངས་པས། །ཟག་མེད་ཏིང་འཛིན་ཚོགས་ཀྱི་བཅུད་ལེན་ལ་སྤྱོད་བྱུང་། །སྡིག་ཟས་ཤ་ཡི་ཡོ་ལང་མེད་པ་འདི་དགའ་ཡོ། །མྱོས་བྱེད་ཆང་གི་འདུ་འགོད་མ་དགོས་པས་སྐྱིད་དོ། །རེག་བྱ་མཚན་ལྡན་རིག་མའི་གསང་ལམ་ལ་སྦྱར་བས། །ལུས་སེམས་བཅུ་དྲུག་དགའ་བའི་གཟི་བྱིན་གྱིས་ཁྱབ་སོང་། །སྡིག་གོས་ལུ་གུའི་ཚར་སློག་མེད་པ་འདི་དགའ་ཡོ། །གཡོ་སྒྱུའི་ཐེར་གྲུགས་རྩོལ་སྒྲུབ་མ་དགོས་པས་སྐྱིད་དོ། །ཆོས་མཆོག་རྡོ་རྗེ་པདྨའི་སྒུལ་སྐྱོད་ཀྱི་བྱེད་པས། །དཔེ་དང་དོན་གྱི་ཡེ་ཤེས་རྩོལ་མེད་དུ་མཚོན་བྱུང་། །རྟོག་བཅས་བསྐྱེད་རིམ་བཟླས་བརྗོད་མེད་པ་འདི་དགའ་ཡོ། །རྟོག་མེད་རྫོགས་རིམ་སེམས་འཛིན་མ་དགོས་པས་སྐྱིད་དོ། །དགའ་ཡོ་སྐྱིད་དོའི་རྒྱངས་གླུ་ཕར་ཕྱིན་གྱི་གྲངས་ལྡན། །བྲག་དཀར་བཀྲ་ཤིས་སྡིང་གི་དབེན་ཁང་དུ་བླངས་པས། །གནས་གསུམ་མཁའ་འགྲོའི་སྙིང་རྩ་དབང་མེད་དུ་བསྒུལ་ནས། །ཉེ་རྒྱུའི་སྤྱོད་མཆོག་གྲུབ་པའི་སྨོན་ལམ་ཞིག་ཞུའོ། ༈ །བདེ་ཆེན་རྡོ་རྗེའི་སྤྱོད་པ་ལ་ལྷག་པར་སྐུལ་བའི་གླུ་བདེ་བ་ཆེན་པོའི་བཞད་སྒྲ་ཞེས་བྱ་བ། ངོ་མཚར་དང་ཨ་ཧོ། ཀ་ཡེ་མཚན་ལྡན་རིག་མ་གན་རྐྱལ་གྱི་ཚུལ་དུ། །ཁ་དོག་ལྷོད་འབོལ་ལྡན་པའི་མལ་


JKT023_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

སྟན་འདིར་བཞུགས་དང་། །ག་ལེར་དྲོ་འཇམ་བརླ་འོག་བརླ་སྟེང་དུ་བླངས་ཏེ། །ང་ཅག་འདོད་ཡོན་མཆོག་གི་དགའ་སྟོན་ལ་སྤྱོད་དོ། །ཅ་རེ་ཟུར་མིག་གསང་གནས་ཕན་ཚུན་དུ་ལྟ་ཞིང་། །ཆ་ག་ཡིད་འཕྲོག་མ་མཆུ་འཇིབས་རེས་དང་བཅས་ཏེ། །ཇ་ཆང་བདུད་རྩིས་མི་མཚོན་ཞལ་ནང་གི་མཆིལ་མ། །ཉ་རྒྱས་ཟླ་བའི་ཟིལ་དངར་ངོམས་མེད་དུ་འཐུང་ངོ་། །ཏ་ན་དཀར་མཛེས་མཁྲེགས་པའི་སྙེ་མ་ལ་རེག་པས། །ཐ་དད་ཆགས་པའི་མེ་ཆེན་དབང་མེད་དུ་སྦར་ཏེ། །ད་གཟོད་རྡོ་རྗེ་པདྨའི་ཐོ་ཕྱི་ལ་དྲུད་སོགས། །ན་མར་འདོད་པའི་སྒྱུ་རྩལ་མིག་འཕྲུལ་ལྟར་བརྩེའོ། །པ་ལ་ཤ་ལྟར་འཇམ་མཉེན་གསང་གནས་གཉིས་སྦྱར་ཚེ། །ཕ་རོལ་ཆགས་བྲལ་རྣམས་ཀྱང་འགོག་པ་ལས་བསླངས་ན། །བ་ལང་སྐྱེ་བོའི་ཚོགས་རྣམས་སྨོས་ཀྱང་ཞིག་ཅི་དགོས། །མ་ལུས་རྒྱལ་བ་རྣམས་ཀྱང་གཟིགས་མོ་ལ་ཕེབས་སོ། །ཙ་མ་ར་ལྟར་དྲེགས་ལྡན་ཐབས་མཆོག་གི་རྡོ་རྗེ། །ཚ་དྲོད་ཆུ་རླབས་འཕྱུར་བའི་པདྨོ་ལ་བསྣུན་ནས། །ཛ་ཧུའི་རྒྱུན་ལྟར་དལ་བུར་ཡང་ཡང་དུ་བསྲུབས་བཞིན། །ཝ་ལེར་བདེ་སྟོང་སེམས་ཀྱི་རང་ཞལ་ལ་ལྟའོ། །ཞ་རེངས་བྲལ་བའི་དབུ་མའི་ཐིག་ལེ་ཡི་ཆར་རྒྱུན། །ཟ་མ་ཏོག་བཞིན་ནོར་བུའི་རྩེ་མོ་རུ་བསྐྱིལ་ནས། །འ་འུར་གྱེན་དུ་དྲངས་ཏེ་རྩ་གནས་སུ་བཀྲམ་པས། །ཡ་མཚན་


JKT023_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དཔེ་ཡི་ཡེ་ཤེས་གསེང་ལམ་ལ་ཆས་འགྲོ། །རཱ་མེ་ཤྭ་རཱི་ལ་སོགས་གནས་ཡུལ་དང་དུར་ཁྲོད། །ལ་ལ་ཙམ་མིན་ཐམས་ཅད་ཕུང་ཁམས་ལ་རྫོགས་པས། །ཤ་སྟག་གསང་བ་མཆོག་གི་སྦྱིན་སྲེག་ལ་བརྩོན་ནས། །ས་ལམ་ཨ་བ་དྷུ་ཏཱིའི་ཐེམ་སྐས་ལ་འཛེགས་འགྲོ། །ཧ་རིའི་དྲི་བསུང་འཐུལ་བའི་མཚན་ལྡན་གྱི་འདུ་བར། །ཨ་ཧཾ་གསང་བ་ཆེན་པོའི་ཚོགས་འཁོར་ལ་སྤྱོད་བཞིན། །ཧ་ཧའི་རྡོ་རྗེའི་གླུ་གར་སྒྱུ་མ་ཡི་རྩེད་འཇོས། །ཨོཾ་ཏི་ཁྱབ་གདལ་རྟོགས་པའི་དངོས་གྲུབ་ཞིག་ཞུའོ། །ཡུལ་ལ་དགེ་བཅུའི་གཡང་ཆགས་ཡར་ཀླུང་གི་སྨན་ལྗོངས། །གནས་ལ་བཀྲ་ཤིས་བྱིན་ཆགས་ཤེལ་བྲག་གི་ཕུག་པ། །ཧེ་རུ་ཀ་དཔལ་དགྱེས་པའི་ཚོགས་ཁང་གི་འདབས་སུ། །བརྟུལ་ཞུགས་སྤྱོད་པ་ནམ་མཁའི་རྣལ་འབྱོར་གྱིས་བླངས་སོ། ༈ །བདེ་ཆེན་རྡོ་རྗེའི་དེ་ཁོ་ན་ཉིད་བརྗོད་པའི་གླུ་བདེ་བ་ཆེན་པོའི་བྱིན་འབེབས་ཞེས་བྱ་བ། ཨེ་མ་ཧོ། བླ་མ་ཕྱི་ན་མི་བཞུགས་སྤྱི་གཙུག་གི་ཐིག་ལེ། །ཧཾ་ཡིག་བདེ་བ་ཆེན་པོའི་ཉམས་བརྒྱ་ཡིས་རོལ་པ། །སྙོམས་འཇུག་བདེ་བས་བསྐུལ་བའི་འདོད་ཡོན་གྱིས་མཆོད་ན། །བྱིན་རླབས་ཞུ་བདེ་ལྷན་སྐྱེས་ཆར་བཞིན་དུ་ཕོབ་ཅིག །ཡི་དམ་ཕྱི་ན་མི་བཞུགས་སྙིང་དབུས་ཀྱི་ཐིག་ལེ། །ཧཱུྃ་ཡིག་ཡེ་ཤེས་ལྔ་ལྡན་ཟེར་བརྒྱ་ཡིས་རོལ་པ། །འབར་འཛག་དབུ་མར་ཐིམ་པའི་ཚོགས་འཁོར་གྱིས་མཆོད་


JKT023_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

ན། །དངོས་གྲུབ་རང་བཞིན་ལྷན་སྐྱེས་མེ་ལྟར་དུ་སྦོར་ཅིག །མཁའ་འགྲོ་ཕྱི་ན་མི་བཞུགས་ལྟེ་འོག་གི་ཐིག་ལེ། །ཨ་ཐུང་མེ་ལྕེའི་རྩེ་མོ་འཁྱུག་བརྒྱ་ཡིས་རོལ་པ། །བྱང་སེམས་ཏི་ལ་དཀར་པོའི་སྦྱིན་སྲེག་གིས་མཆོད་ན། །ཕྲིན་ལས་ཕོ་ཉའི་འདུ་བ་སྤྲིན་ལྟར་དུ་སྡུས་ཤིག །ཆོས་སྐྱོང་ཕྱི་ན་མི་བཞུགས་གསང་གནས་ཀྱི་ཐིག་ལེ། །ཨ་ཡིག་ཁྲག་མཚོའི་དབུས་ན་གར་བརྒྱ་ཡིས་རོལ་པ། །དྲག་ཤུལ་ཁ་ཁ་མུ་ཁའི་སྐོང་རྫས་ཀྱིས་མཆོད་ན། །མངོན་སྤྱོད་བདེ་བའི་མཐུ་ནུས་སེར་ལྟར་དུ་སྙིལ་ཅིག །ནོར་ལྷ་ཕྱི་ན་མི་བཞུགས་རྩ་ཁམས་ཀྱི་ཐིག་ལེ། །དབྱངས་ཡིག་འདུད་པའི་སྦུབས་སུ་བཞད་བརྒྱ་ཡིས་རོལ་པ། །ནོར་བུ་པདྨར་བཅུག་པའི་འབར་བཞུ་ཡིས་མཆོད་ན། །དགོས་འདོད་བདེ་ཆེན་ཕྲུ་གཡང་སྨུག་པ་ལྟར་དཀྲིགས་ཤིག །ཨ་ཧོ་ཆོས་འཁོར་གཙོ་བོ་བྲག་དམར་གྱི་བསམ་ཡས། །སྒྲུབ་གནས་བྱེ་བའི་རྒྱལ་པོ་མཆིམས་ཕུ་ཡི་ནགས་ཁྲོད། །མཁའ་འགྲོ་འཇའ་སྤྲིན་འཁྲིགས་པ་མཚོ་རྒྱལ་གྱི་ཕུག་ཏུ། །བརྟུལ་ཞུགས་བདེ་བས་མྱོས་པའི་རྣལ་འབྱོར་གྱིས་བླངས་སོ། །བདེ་ཆེན་རྡོ་རྗེའི་དེ་ ཉིད། །བླ་མ་མཁའ་འགྲོས་གནང་བའི། །གསང་ཆེན་མཆོག་གི་སྙིང་པོ། །ཨེ་ཀ་ཛ་ཊིས་སྲུངས་ཤིག །ས་མ་ཡ། ༈ །ཟབ་མོའི་ལམ་གྱི་རིམ་པའི་གནད་བསྡུས་པའི་རྡོ་རྗེའི་གླུ་བདུད་རྩིའི་ཟེག་མ་ཞེས་བྱ་བ། ཨ་ཧོ།


JKT023_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་དབྱིངས་ཀ་ནས་དག་པའི་འོད་གསལ་གྱི་ཀློང་དུ། །གཞི་སྣང་རིག་གདངས་ལྷུན་གྲུབ་ཆེན་པོ་རུ་ཤར་བའི། ཁ་སྦྱོར་ཡན་ལག་བདུན་ལྡན་ཡེ་ཤེས་ཀྱི་སྣང་བརྙན། །ཨོ་རྒྱན་མཚོ་སྐྱེས་བླ་མས་འབྲལ་མེད་དུ་སྐྱོངས་ཤིག །རྙེད་དཀའི་དལ་འབྱོར་ཐོབ་པ་ལེགས་བྱས་ཀྱི་འབྲས་བུ། །ནམ་འཆི་ཆ་མེད་དྲན་པ་དམ་ཆོས་ཀྱི་བསྐུལ་མ། །ལས་འབྲས་ཚུལ་བཞིན་བླང་དོར་འདུན་མ་ཡི་ཡང་རྩེ། །@། སྙིང་ནས་འཁོར་བར་སྐྱོ་བ་ཐར་ལམ་གྱི་འཇུག་སྒོ། །གསུམ་ལ་སྐྱབས་སུ་འགྲོ་བ་ཡོན་ཏན་གྱི་ཕྱི་མོ། །བྱང་ཆུབ་སེམས་གཉིས་བསྐྱེད་པ་ཐེག་ཆེན་གྱི་རྩ་བ། །ཚོགས་བསགས་སྒྲིབ་སྦྱོང་བརྩོན་པ་ཉམས་རྟོགས་ཀྱི་ཞིང་ས། །མོས་གུས་བླ་མའི་རྣལ་འབྱོར་ཉམས་ལེན་གྱི་སྲོག་ཤིང་། །ཅིར་སྣང་ལྷ་སྐུར་ཤར་བ་བསྐྱེད་རིམ་གྱི་མཐར་ཐུག །རླུང་སེམས་དབྱེར་མེད་བསྒོམ་པ་རྫོགས་རིམ་གྱི་ཉིང་ཁུ། དབྱིངས་རིག་ཟུང་འཇུག་བསྐྱང་བ་རྫོགས་ཆེན་གྱི་འཇོག་སོ། །འབྲལ་མེད་གནད་དུ་བསྣུན་པའི་སྐལ་བཟང་ལ་སྦྱར་བས། །འོད་གསལ་པདྨ་དྲྭ་བའི་ཞིང་ཁམས་ཀྱི་དབུས་སུ། །རྩ་རླུང་ཐིག་ལེ་རྣམ་ དག་མཚོ་སྐྱེས་ཀྱི་བླ་མ། །མངོན་སུམ་རང་ངོ་འཕྲོད་པའི་ངལ་འཚོ་དང་སྦྲགས་ནས། །ཚེ་གཅིག་འཇའ་ལུས་འགྲུབ་པའི་སྨོན་ལམ་ཞིག་ཞུའོ། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོའི་


JKT023_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པའི་ཆུ་གཏེར་ལས་བྱུང་བའོ། ༈ །རྒྱལ་དབང་མཚོ་སྐྱེས་བླ་མ་ལ་གསོལ་བ་འདེབས་པའི་རྡོ་རྗེའི་གླུ་རྣལ་འབྱོར་གསུམ་གྱི་ལམ་རིམ་ཞེས་བྱ་བ། ཨ་ཧོ། ཆོས་ཉིད་གཟོད་ནས་སྟོང་པའི་འོད་གསལ་གྱི་ཀློང་དུ། །ཆོས་ཅན་སྣང་བ་སྐུ་དང་ཡེ་ཤེས་སུ་ཤར་བའི། །མི་སློབ་ཟུང་འཇུག་མངོན་གྱུར་མཚོ་སྐྱེས་ཀྱི་བླ་མར། །བསྙེན་སྒྲུབ་བཞི་ལྡན་ངང་ནས་གསོལ་བ་རང་འདེབས་སོ། །བཀོད་པ་རྩ་ཁམས་རྣམ་དག་དབུ་མ་ཡི་ཀློང་དུ། །སྲོག་རྩོལ་རླུང་གི་འཁོར་ལོ་ཡི་གེ་རུ་ཤར་བ། །བདེ་ཆེན་ཐིག་ལེ་ཆེན་པོ་མཚོ་སྐྱེས་ཀྱི་བླ་མར། །རྣམ་ཀུན་མཆོག་ལྡན་ངང་ནས་གསོལ་བ་རང་འདེབས་སོ། །ཀ་དག་གཏིང་གསལ་གཉུག་མའི་ཡེ་ཤེས་ཀྱི་ཀློང་དུ། །ལྷུན་གྲུབ་འཇའ་ལུས་རྡོ་རྗེའི་རང་གཟུགས་སུ་ཤར་བའི། །ཟུང་འཇུག་ཤིན་ཏུ་རྣམ་དག་མཚོ་སྐྱེས་ཀྱི་བླ་མར། །དབྱིངས་previous hit རིག་དབྱེར་མེད་ངང་ནས་གསོལ་བ་རང next hit་འདེབས་སོ། །སྙིང་ནས་གསོལ་བ་འདེབས་སོ་མཚོ་སྐྱེས་ཀྱི་བླ་མ། །ཐུགས་རྗེས་ཡལ་བར་མ་དོར་གངས་ཅན་གྱི་སྐྱབས་གཅིག །རེ་ས་གཞན་ན་མེད་དོ་དྲིན་ཆེན་གྱི་ཆོས་རྗེ། །མངོན་སུམ་བྱིན་གྱིས་རློབས་ཤིག་ཡེ་ཤེས་ཀྱི་སྐུ་ཅན། །འཇིག་རྟེན་འཁོར་བའི་བྱ་བཞག་དམྱལ་བ་ཡི་གཏིང་རྡོ། །ཆོས་ལྟར་བཅོས་པའི་ཀུན་སྤྱོད་རང་གཞན་གྱི་མགོ་བསྐོར། །དེ་བས་དབེན་ཞིང་ཉམས་


JKT023_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

དགའི་བསམ་གཏན་གྱི་ཁང་བུར། །རྩེ་གཅིག་བསྒྲུབ་ལ་བརྩོན་པར་བྱིན་གྱིས་རང་རློབས་ཤིག །མི་རྟག་སྡུག་བསྔལ་དྲན་པ་ཐར་ལམ་གྱི་འཇུག་སྒོ། །སྨོན་འཇུག་བྱང་སེམས་སྦྱང་བ་ཐེག་ཆེན་གྱི་སྙིང་པོ། །བདག་མེད་རྣམ་གཉིས་རྟོགས་པ་བྱང་ཆུབ་ཀྱི་ཉེ་རྒྱུ། །ཐུན་མོང་ལམ་རིམ་འབྱོངས་པར་བྱིན་གྱིས་རང་རློབས་ཤིག །སྣང་ཞེན་ལྷ་སྐུར་དག་པ་བསྐྱེད་རིམ་གྱི་དེ་ཉིད། །རྩ་རླུང་དབུ་མར་རྫོགས་པ་བདེ་དྲོད་ཀྱི་ཞིང་ས། །ཐིག་ལེ་དྷུ་ཏིར་སྨིན་པ་ལྷན་སྐྱེས་ཀྱི་འདྲེན་བྱེད། །ཁྱད་པར་ལམ་མཆོག་གོམས་པར་བྱིན་གྱིས་རང་རློབས་ཤིག །ཀ་དག་དོན་གྱི་གནས་ལུགས་འཕགས་ལམ་གྱི་ཆོས་ཉིད། །ལྷུན་གྲུབ་སྣང་བ་རྣམ་བཞིའི་ཉམས་ལེན་དང་སྦྱར་བས། །ཟུང་འཇུག་འདུས་མ་བྱས་པའི་ཡེ་ཤེས་ཀྱི་ཀློང་དུ། །མཐར་ཐུག་འབྲས་བུ་འགྲུབ་པར་བྱིན་གྱིས་རང་རློབས་ཤིག །ཅེས་པའང་དབོ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་གྲུབ་པའི་དགའ་ཚལ་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་ཉེ་འདབས་སུ་མཚོ་སྐྱེས་བླ་མ་དྲན་པའི་གདུང་དབྱངས་སུ་བགྱིས་པའོ། ༈ །རང་གཞན་ལ་གདམས་པའི་གླུ་དབྱངས་ཐར་པའི་འཁྲི་ཤིང་ཞེས་བྱ་བ། ཞིག་སྤྲོས་བྲལ་བདེ་བ་ཆེན་པོའི་དབྱིངས། །རྣམ་ཀུན་མཆོག་ལྡན་ཟུང་འཇུག་སྤྲུལ་པའི་གར། །སྐུ་གསུམ་དབྱེར་མེད་རྗེ་བཙུན་བླ་མ་ཡིས། །བྱང་ཆུབ་མཆོག་གི་བར་དུ་དགེ་ལེགས་སྩོལ། །གཟོད་


JKT023_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འོད་གསལ་མ་གཡོས་འདུས་མ་བྱས། །ཡོངས་གྲུབ་བདེ་གཤེགས་སྙིང་པོའི་གནས་ལུགས་འདི། །གཞན་དབང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས། །ཀུན་བརྟག་འཁྲུལ་པའི་འདུ་བྱེད་གཡོ་བས་འཆིངས། །སྐྱེ་དང་འཆི་སོགས་སྡུག་བསྔལ་སྣ་ཚོགས་ཀྱིས། །འཁོར་བའི་གནས་འདིར་ཡུན་རིང་དག་ཏུ་གཟིར། །རིགས་དྲུག་ཡུལ་ལ་སྨིན་པའི་བདེ་སྡུག་རྟེན། །བགྲངས་ཀྱིས་མི་ལང་གཞལ་བར་དཀའ་བ་བླངས། །དེ་ལ་དལ་བརྒྱད་འབྱོར་བཅུས་ཡོངས་ཕྱུག་པའི། །མི་ལུས་རིན་ཆེན་ལྗོན་པ་མ་འཁྲུངས་ན། །དམ་ཆོས་བདུད་རྩིའི་འབྲས་བཟང་རོ་བརྒྱ་པ། །མྱོང་བའི་གོ་སྐབས་མ་མཆིས་དེ་ཡི་ཕྱིར། །དཔག་མེད་བསོད་ནམས་འབྲས་བུར་སྨིན་དུས་འདིར། །སྡུག་བསྔལ་གསུམ་གྱི་རྩ་བ་འཁོར་བའི་གནས། །ཡོངས་སུ་སྤངས་ཏེ་ལ་འུར་མ་མཛད་ན། །ནམ་ཞིག་འདིར་སྣང་ཉི་མ་ཟད་པའི་ཚེ། །འཆི་བདག་མུན་པ་སྟུག་པོར་རབ་གཡོས་ཏེ། །ལུས་ཀྱི་འབྱུང་ལྔ་གཅིག་ལ་གཅིག་ཐིམ་ནས། །ཕྲ་བའི་སྣང་མཆེད་ཐོབ་གསུམ་ཡུད་ལ་ཤར། །འོད་གསལ་ལྷན་ཅིག་སྐྱེས་པ་ངོས་མ་ཟིན། །དེ་ཚེ་སེམས་ནི་བར་སྲིད་ལུས་སུ་འགྱུར། །རླུང་ལྟར་གཡོ་ཞིང་འཇིག་པའི་སྣང་བ་འཆར། །ལས་ཀྱི་རྗེས་འབྲངས་འཁོར་བའི་གནས་སུ་འཁོར། །དེ་ཡི་དུས་སུ་འགྱོད་ཀྱང་ཤིན་ཏུ་ཕྱིས། །


JKT023_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་རྣམ་གཡེང་སྤངས་པའི་བརྩོན་འགྲུས་ཀྱིས། །དགེ་བའི་བཤེས་དང་གྲོགས་པོ་སྨན་ལྟར་བསྟེན། །སྡིག་པའི་སློབ་དཔོན་འཁོར་གྲོགས་དུག་ལྟར་བསྒྱུར། །ཐོས་དང་བསམ་ལ་རབ་གོམས་བསླབ་གསུམ་གྱིས། །རང་རྒྱུད་གདུལ་ཏེ་ཡང་དག་ལམ་ལ་འཇུག །སྤང་བྱ་ཉིས་བརྒྱ་བཅུ་གཉིས་གང་ཡིན་དང་། །དེ་བཞིན་བླང་བྱའི་བཞི་ལྔ་ལ་སོགས་པ། །རྟག་ཏུ་ངེས་འབྱུང་སེམས་ཀྱིས་ཀུན་སློང་སྟེ། །ཐར་པ་ཆ་མཐུན་ལམ་ལ་རྣམ་པར་འབད། །ཁྱད་པར་གཞན་དོན་ལ་འབད་ཐེག་པ་ཆེར། །ཀུན་ཏུ་ཞུགས་ནས་སྲོག་ཀྱང་ཕ་རོལ་ཕྱིར། །བཏང་བར་ཕོད་པའི་དམ་བཅའ་བརྟན་པོ་དང་། །ཚད་མེད་རྣམ་བཞི་རྒྱུད་ལ་འདྲིས་པར་བྱ། །སྦྱིན་པའི་ནོར་བུ་ཚུལ་ཁྲིམས་འོད་ཀྱིས་མཛེས། །བཟོད་པའི་རྒྱ་མཚོ་བརྩོན་འགྲུས་གྲུ་གཟིངས་གཡོ། །བསམ་གཏན་པད་ཚལ་ཤེས་རབ་སྦྲང་རྩིས་གཏམ། །བྱང་ཆུབ་རིན་ཆེན་འབྱུང་གནས་བསྙེན་པར་འཚལ། །མཆོག་ཏུ་གསང་བ་སྔགས་ཀྱི་སྒོར་ཞུགས་ནས། །རྩ་བ་ཡན་ལག་དམ་ཚིག་སྲོག་ལྟར་བསྲུང་། །ཁྱད་པར་བླ་མ་སངས་རྒྱས་ལས་ལྷག་པའི། །དད་པ་བརྟན་པོའི་སྡོམ་པ་ཀུན་གྱི་གཙོ། །དེ་ལྟར་རྣམ་གསུམ་ཐེག་པའི་རྗེས་ཞུགས་ནས། །ལམ་མཆོག་ཚུལ་བཞིན་སྒྲུབ་པའི་སྐལ་བཟང་ཀུན། །ངེས་པར་མི་བསླུ་འབྲས་བུ་མྱུར་འབྱིན་པ། །ཡང་དག་


JKT023_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་མཆོག་གི་ཁྱད་ཆོས་ཡིན། །དེ་དང་བྲལ་ན་འཁོར་བའི་གནས་འཁྱམས་ཏེ། །དམྱལ་སོགས་སྡུག་བསྔལ་དངོས་སུ་ལྟ་ཅི་སྨོས། །དྲན་དང་མཐོང་དང་ཐོས་པ་ཙམ་གྱིས་ཀྱང་། །དེ་འདྲའི་སྐྱི་བུང་འཇིག་པ་ཆེར་སྨྲ་ན། །འཕེན་བྱེད་ལས་ནི་སྡིག་པའི་ངོ་བོ་སྟེ། །ལས་ནི་སྒྱུ་མ་མཁན་ལྟར་བསླུ་མཁས་ཤིང་། །ལས་ཀྱི་འབྲས་བུ་མཁའ་ལྡིང་གྲིབ་བཞིན་འབྲངས། །དེ་ཕྱིར་རྒྱུ་འབྲས་བླང་དོར་མ་ཤེས་ན། །བསླུས་བཞིན་བསླུས་བཞིན་ཀུན་ནས་འཁོར་བར་ཁྲིད། །དེ་ཕྱིར་དང་པོ་མཚན་ལྡན་བླ་མ་དེ། །དཔྲལ་མིག་ཁོང་པའི་སྙིང་ལྟར་བསྟེན་བྱས་ནས། །ཐོས་པས་ཕྱི་ཡི་སྒྲོ་འདོགས་མ་ལུས་བཅད། །བར་དུ་བསམ་པས་ཆོས་རྣམས་ལེགས་ཤེས་ནས། །ཐ་མ་བསྒོམས་པས་གནད་འགག་གཅིག་འདྲིལ་བ། །དུས་གསུམ་མཁས་གྲུབ་ཡོངས་ཀྱི་གཤེགས་ཤུལ་ཡིན། །དེ་སྐད་སྨྲས་འདི་ཐོས་བསམ་བསྒོམ་པ་དང་། །བཤེས་པ་མིན་ཡང་འཁོར་ལོའི་མགོན་པོ་ལ། །དད་པའི་བློ་ཅན་དེ་ཡིས་བརྗོད་པའི་མཐུས། །རང་གཞན་དམ་པའི་ཆོས་ལ་སྤྱོད་པར་ཤོག །ཞེས་པའང་མ་ཎིའི་མིང་གིས་སྤུད་པའི་གནས་སུ་གཞོན་ནུ་ཨ་བྷཱ་ཡས་རང་ལོ་བཅུ་བཞི་པར་བརྗོད་པའོ། ༈ །ལམ་གྱི་རིམ་པ་མདོར་བསྟན་པའི་གླུ་དབྱངས་ཕན་བདེའི་རོལ་མོ་ཞེས་བྱ་བ། གང་ཞིག་སྤོས་པའི་མཐའ་བརྒྱད་བྲལ་ཞིང་། །ཡུལ་དང་རྐྱེན་གྱི་རྙོག་པས་མ་


JKT023_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར། །རང་བབ་གཉུག་མའི་ལྷུམས་སུ་ཞུགས་པའི། །ཆོས་ཉིད་དེ་བཞིན་ཉིད་ལ་འདུད་དོ། །ལྟར་སྣང་འཇིག་རྟེན་འབྱོར་པའི་སྦྲང་རྩི། །རང་གིས་འབད་པས་ལེགས་པར་བསགས་ཀྱང་། །དེ་ཉིད་གཞན་གྱིས་སྤྱོད་པར་འགྱུར་འདི། །འཁོར་བའི་གནས་ལ་སྐྱོ་བ་སྐུལ་བྱེད། །ནམ་ཟླ་དུས་བཞི་ཕྱི་ཡི་འགྱུར་ལྡོག །བཤེས་དང་འབྱོར་སྤངས་ནང་གི་མི་རྟག །སེམས་ཀྱི་འགྱུར་ལྡོག་གསང་བའི་རང་མཚང་། །གང་ནས་བརྟག་ཀྱང་རྟག་པ་མ་མཆིས། །སྐྱེ་ནས་སྐྱེ་བར་ཐོབ་དཀའི་བྱང་ཆུབ། །མི་ལུས་རིན་ཆེན་མཆོག་ལས་བྱུང་ཕྱིར། །ནམ་ཡང་ཆུད་དུ་འཛའ་བར་མ་བྱེད། །དལ་མེད་རྣམ་དཀར་ལས་ལ་བརྩོན་ཤིག །སྲིད་གསུམ་ཁམས་འདི་ཡོངས་སུ་བཏང་ཡང་།. །ལས་ཀྱི་འབྲས་བུ་ནམ་ཡང་མི་འཛད། །དེ་ཕྱིར་རྟག་ཏུ་བག་ཡོད་སྤྱོད་པས། །རྒྱུ་འབྲས་ཆོས་ལ་ཞིབ་ཏུ་གཞིག་ཤིག ། འཁོར་བའི་གནས་རིས་མཐོ་དམན་གང་ཡང་། །སྡུག་བསྔལ་གསུམ་གྱིས་རྟག་ཏུ་གཟིར་བའི། །ཐར་མེད་ལས་ཀྱི་བརྩོན་རར་མཐོང་ནས། །སྙིང་ནས་སྐྱོ་ཤས་ངེས་འབྱུང་སྐྱེད་ཅིག །མཚན་ཉིད་ཀུན་།ལྡན་དགེ་བའི་བཤེས་གཉེན། །ཐར་པའི་གྲོང་དུ་འཁྲིད་པའི་ས་མཁན། །མཉེས་པ་གསུམ་གྱི་བྱ་བས་བསྟེན་ནས། །སྡོམ་པ་གསུམ་གྱི་བདུད་རྩི་ནོས་ཤིག །སྐྱེས་བུ་གསུམ་གྱི་ལམ་ལ་སློབ་ནས། །


JKT023_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་སྐྱབས་སུ་འགྲོ་བར་བགྱིད་ཅིང་། །གཞན་དོན་ཕྱིར་ན་སྲོག་ཀྱང་བཏང་བའི། །སྨོན་འཇུག་བྱང་སེམས་རྟག་ཏུ་སྒོམས་ཤིག །ལྗོན་ཤིང་ཡལ་འདབ་འབྲས་བུས་དུད་ཅིང་། །ཅ་ཅོ་བྲལ་བའི་སྙན་སྨྲ་འདབས་ཆགས། །འབབ་ཆུ་ཚོགས་ཀྱང་ཞི་བར་རྒྱུ་བའི། །དབེན་པའི་གནས་སུ་གཅིག་པུར་ཞུགས་ཤིག །གང་བྱུང་ཆོག་ཤེས་ནོར་གྱིས་ཕྱུག་ཅིང་། །བསླབ་གསུམ་ཁྲིམས་ཀྱིས་རང་རྒྱུད་རབ་དུལ། །རང་གཞན་ཐར་པ་མཆོག་ལ་སྦྱོར་བའི། །བཟོད་པའི་གོ་ཆ་གཡོ་མེད་བསྟེན་ཅིག །ཁྱད་པར་སྡིག་དང་ལྟུང་བའི་འཕེན་པས། །ངན་སོང་གནས་ལ་ལིང་བསྒྱུར་འགྲོ་བས། །རྟག་ཏུ་སྟོབས་བཞིའི་གནད་དང་ལྡན་པས། །རྡོ་རྗེ་སེམས་དཔའི་སྒོམ་བཟླས་འབུངས་ཤིག །བསོད་ནམས་ཡེ་ཤེས་ཚོགས་གཉིས་བསགས་པས། །ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཕྱིར། །ཡན་ལག་བདུན་དང་མཎྜལ་ལ་སོགས། །ཟག་བཅས་ཟག་མེད་དགེ་ཚོགས་སྤེལ་ཤིག །གསང་སྔགས་འཇུག་སྒོ་སྨིན་པར་བྱེད་པ། །དབང་བཞིའི་ལམ་མཆོག་རྨད་བྱུང་ནོར་བུ། །དད་དམ་གདུགས་དཀར་གཙུག་ཏོར་རྩེ་མོར། །མཆོད་ན་གྲོལ་ལམ་དངོས་གྲུབ་སྟེར་རོ། །ཀུན་བརྟག་སྐྱེད་པའི་ཨུཏྤལ་གཞོན་ནུ། །གདན་གསུམ་མཚར་སྡུག་རྫོགས་པའི་དཀྱིལ་འཁོར། །དབྱེར་མེད་སྙིང་ལ་སིམ་པའི་མོད་


JKT023_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །འཕྲལ་ཡུན་ཞི་བདེའི་བཅུད་ལེན་སྦྱིན་ནོ། །ཡོངས་གྲུབ་རྫོགས་རིམ་བདེ་སྟོང་ཕྱག་རྒྱ། །ཟུང་འཇུག་རྟོགས་པའི་འཁྱུད་རྒྱས་རོལ་ཏེ། །རྒྱུ་འབྲས་དགའ་བཞིའི་བདེ་བར་སྤྱོད་པས། །རྣམ་aཀུན་མཆོག་ལྡན་ངལ་གསོ་སྟེར་རོ། །ཁྱད་པར་སྤྱི་བོ་ཛ་ལནྡྷ་རར། །པད་དཀར་ཟླ་སྟེང་ཁྱབ་བདག་བླ་མ། །རྟག་ཏུ་བསྒོམ་ནས་ཁྱེད་ཤེས་གསོལ་འདེབས། །དབང་བཞི་བླངས་ཞིང་ཐུགས་ཡིད་བསྲེས་པས། །ཟབ་ཞི་སྤྲོས་བྲལ་འོད་གསལ་གཉུག་མ། ཁ་དོག་སྣང་བ་ཤར་གྲོལ་དུས་མཉམ། །ཡིད་དཔྱོད་ལས་འདས་previous hit རིག་སྟོང་རྗེན་པ། །མངོན་སུམ་རང next hit་ཞལ་མཇལ་བར་གྱིས་ཤིག །སྣང་གྲགས་previous hit རིག་པའི་རང next hit་བཞིན་མ་ལུས། །རྡོ་རྗེ་གསུམ་གྱི་ངོ་བོར་ཆུབ་པས། །དག་རྫོགས་སྨིན་པའི་འབྲས་བུ་ལམ་བྱེད། །འདི་ལ་རྟག་ཏུ་འདུན་པར་གྱིས་ཤིག །དངོས་སྣང་ཐ་མལ་ཡུལ་གྱིས་འབྲེལ་བར། །བསྐྱེད་རྫོགས་ཟབ་མོའི་ཏིང་འཛིན་མཐུ་ཡིས། །ཡོངས་སུ་བཅོམ་བྱེད་སྒྲུབ་པའི་སྲོག་མཁར། །བྱང་ཆེན་མཆོག་གི་བར་དུ་ཚུགས་ཤིག །ཐོས་པས་ལུང་གི་ཆོས་རྣམས་བསྙེན་ཏེ། །བསམ་པས་ལམ་བདེན་མངོན་དུ་གྱུར་ཅིང་། །བསྒོམ་པས་སྐུ་བཞིའི་འབྲས་བུ་རྫོགས་པའི། །མདོ་སྔགས་ཟབ་མོའི་དོན་ལ་འཇུག་ཤིག །དེ་སྐད་རང་གི་དེ་ཉིད་དོན་ལ། །བཤེས་པ་མིན་མོད་སྔོན་བྱོན་


JKT023_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གཟིགས། །ལུང་རྟོགས་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པའི། །གསུང་བཞིན་སླར་ཡང་ཟློས་ཏེ་སྨྲས་པའི། །དགེ་བས་དྲི་མེད་ཟླ་ལྟར་དཀར་བས། །མ་རིག་སྲིད་པའི་མུན་པ་བསྐྲད་དེ། །ཤེས་རབ་གསུམ་གྱི་ཀུན་བཞད་ནས། །འགྲོ་ཁམས་རྒྱ་མཚོ་བདེ་ཆེན་གྱུར་ཅིག ༈ །གཉུག་མའི་གླུ་དབྱངས་དཔེ་དོན་འབྲེལ་བ་ཞེས་བྱ་བ། ཨ་ཧོ། ཤིན་ཏུ་རྣམ་དག་གདོད་མའི་རིག་སྟོང་སྤྲོས་བྲལ་དབྱིངས། །གཟུང་འཛིན་ཐག་པས་བཅིངས་གྲོལ་སྦངས་པ་གཉུག་མའི་གཤིས། །སྐུ་གསུམ་ལྷན་སྐྱེས་བདེ་གཤེགས་སྙིང་པོའི་ངོ་བོ་ལ། །བཏང་བཞག་འགྲོ་འོང་བྲལ་བའི་ཕྱག་གིས་རྟག་ཏུ་འདུད། །འཁོར་བར་རབ་སྐྱོ་ངེས་འབྱུང་རླན་གྱིས་བསྐྱེད་པ་ལས། །ཐར་པ་ཉིན་མོའི་རྗེས་སུ་འཛུམ་དཀར་གྲོལ་བའི་གཟུགས། །རྟག་ཏུ་བསླབ་གསུམ་དྲི་བསུང་མངར་པོ་དང་འགྲོགས་པའི། །འཇུག་སྒོའི་ཐེམ་སྐས་མེ་ཏོག་གཞོན་ནུའི་སྟོན་པ་བཞིན། །ཐོས་པའི་རྒྱ་མཚོ་རྣམ་པར་གཡོ་བ་ལས་ཐོན་པའི། །བསམ་བྱུང་ཤེས་རབ་སྒྲ་དབྱངས་ཡོངས་རྫོགས་དུང་དཀར་གཟུགས། །སྒོམ་སྤང་དེ་ཉིད་རིག་པ་གཡས་སུ་ལེགས་འཁྱིལ་བ། །ཀུན་གྱི་འབབ་སྟེགས་སྲིད་པའི་རིམས་ནད་འཕྲོག་པར་བྱེད། །འོད་གསལ་previous hit རང་བྱུང་ཨ་ཝ་དྷུ་ཏིའི་ཁང་མཛེས་ན། །གཉུག་མའི་རིག next hit་པ་མཐའ་བྲལ་ལུས་ཕྲའི་འཇོ་སྒེག་ལ། །


JKT023_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དྲུག་རང་གྲོལ་བདེ་སྟོང་མཉམ་རོལ་རྒྱན་གྱིས་སྤྲས། །ལྷན་སྐྱེས་འགྲོགས་འདི་གཏན་གྱི་གྲོགས་མཆོག་ཡིན་པར་ངེས། །རྟག་ཆད་ལ་སོགས་མཐའ་བརྒྱད་དགྲ་བོ་ཞེ་ལ་གནོན། ཁས་ལེན་ཀུན་བྲལ་མྱོང་ཐོག་ལ་བཟླའི་གོ་ཆ་ཅན། །ལྷུན་གྲུབ་སྐུ་གསུམ་འདུ་འབྲལ་མེད་པའི་མཚོན་རྣོན་པོས། །གཟུང་འཛིན་མ་རིག་སྲོག་རྩ་བྲལ་འདི་དཔའ་བོ་ཆེ། །སྣ་ཚོགས་སྣང་བ་ལས་སུ་མ་རུང་ལྕགས་ཀྱི་ཁམས། །ཞི་གནས་མེ་ལ་བཞུ་བཏུལ་དག་གིས་ཕམ་བྱས་ནས། །ལྷག་མཐོང་སོ་ལ་ཡིད་དཔྱོད་སྤངས་པའི་རྣོ་ངར་ཅན། །སྲིད་པའི་མ་previous hit རིག་ཀུན་ནས་ཕམ་པ་བགྱིས་པ་ལགས། །ལུས་ཅན་ཀུན་གྱི་རང next hit་བཞིན་ཏིལ་གྱི་གོང་བུ་ལྟར། །རྣམ་པར་གནས་དེར་བདེ་གཤེགས་སྙིང་པོའི་མར་གྱིས་ཁྱབ། །སྒྲིབ་པའི་དྲི་མ་ཡོངས་སུ་གསལ་གྱུར་དེ་ཡི་ཚེ། །དོན་གཉིས་ལྷུན་གྲུབ་སྣང་བ་མཆོག་གི་དཔལ་ལ་རེག །དེ་སྐད་གང་ཤར་དཔེ་དོན་འབྲེལ་བའི་གཉུག་མའི་དབྱངས། །གྲགས་སྟོང་རང་གྲོལ་སྔགས་ཀྱི་རོལ་མོ་འདི་དཀྲོལ་བས། །བདག་གཞན་འགྲོ་ཀུན་ཉོན་མོངས་འཁྲུལ་ཆོས་ཀུན་དག་ནས། །གདོད་མའི་ཡེ་ཤེས་སྐད་ཅིག་previous hit རིག་པར་དབང་འབྱོར་ཤོག ༈ །རང next hit་གཞན་ཀུན་ལ་ཕན་པར་གདམས་པ་བྱམས་པའི་གླུ་དབྱངས་ཕན་བདེའི་ཐེམ་སྐས་ཞེས་བྱ་བ། སྤངས་རྟོགས་ཡོན་ཏན་ཡོངས་རྫོགས་ཤིང་། །ཕན་བདེའི་


JKT023_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་འཇོ་བའི་གཉེན། །དྲན་པས་སྲིད་ཞིའི་གདུང་སེལ་བ། །ཁྱབ་བདག་འཁོར་ལོའི་མགོན་པོར་འདུད། །སྣ་ཚོགས་ལས་ཀྱི་འབྲས་བུ་ཡི། །ས་བོན་རིང་ནས་བཏབ་པའི་མཐུས། །སྣ་ཚོགས་འཁོར་བ་སྒྱུ་མའི་ཚལ། །ཀུན་ནས་ཀུན་ཏུ་རྒྱས་པ་དེར། །ཐོག་མཐའ་མི་མངོན་འཁྱམས་པའི་འགྲོ། །སྡུག་བསྔལ་གསུམ་གྱི་ཞགས་པས་བཅིངས། །བཟོད་པར་དཀའ་བའི་ངང་ཚུལ་ལ། །རབ་ཏུ་སྐྱོ་ཤས་བསྐྱེད་པར་འཚལ། །ཁྱད་པར་དལ་བརྒྱད་འབྱོར་བ་བཅུའི། །ཡལ་འདབ་རྣམ་པར་གཡོ་བའི་ལུས། །རིན་ཆེན་འཁྲི་ཤིང་འདི་ཐོབ་ཚེ། །ངེས་ལེགས་འབྲས་བཟང་སྨིན་པར་མཛོད། །དེ་ཡང་རྟག་པར་མ་མཆིས་ཏེ། །སྣོད་བཅུད་མཐའ་བཞིའི་མུ་ཁྱུད་ཀྱིས། །བསྐོར་བའི་ངང་ཚུལ་འདི་མཐོང་ནས། །མྱུར་དུ་ཐར་པའི་ལམ་ལ་འཇུག །མ་འདྲེས་ཟ་འོག་རི་མོ་ལྟར། །འཁོར་བའི་བདེ་སྡུག་སྣ་ཚོགས་ཀྱང་། །ལས་ལས་སྐྱེས་ཤིང་འབྱུང་བའི་ཕྱིར། །རྒྱུ་འབྲས་སྤང་བླང་ཞིབ་ཏུ་མཛོད། །གང་ཞིག་སྦྲུལ་གདུག་བསིལ་ཡབ་ཏུ། །བསྟེན་ན་དུག་གིས་ཉེན་པ་ལྟར། །སྡིག་པའི་གྲོགས་པོ་རིང་སྤངས་པའི། །དམ་བཅའ་རྟག་ཏུ་བཟུང་བར་རིགས། །མ་ལ་ཡ་ཡི་ཙནྡན་ཁྲོད། །རྐང་འཐུང་ཕལ་ཡང་དྲི་བཟང་བཞིན། །དགེ་བའི་བཤེས་ལ་བསྟེན་བྱས་ན། །དམ་པའི་སྤྱོད་ལམ་ཞར་ལ་


JKT023_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

འགོ །མངོན་མཐོའི་ཐེམ་སྐས་ལ་བརྟེན་ནས། །ངེས་ལེགས་གྲོང་དུ་བགྲོད་པའི་ཕྱིར། །རྟག་ཏུ་མི་ཡི་ཆོས་ལུགས་ཀྱང་། །ཚུལ་བཞིན་མཐུན་པར་རབ་ཏུ་སྤྱད། །ཁྱད་པར་སྐལ་བཟང་སྐྱེས་བུ་ཡིས། །ཐར་པ་མཆོག་གི་ལམ་གཞོལ་ཚེ། །ཐོག་མར་བསྟེན་པར་བྱ་བ་ནི། །ཡོན་ཏན་ལྡན་པའི་བཤེས་གཉེན་ཏེ། །དེ་ཡང་ཐབས་མཁས་ཐུགས་བརྩེར་ལྡན། །མདོ་རྒྱུད་མན་ངག་རྗེས་སུ་ཞུགས་། །འབྲས་བུ་མངོན་མཐོ་ཡང་དག་རིགས། །སྤྱི་བོའི་གཙུག་ནོར་བཞིན་དུ་བཀུར། །འདི་ན་ཐམས་ཅད་གཟིགས་པ་ཡིས། །དངོས་པོའི་ཤེས་རབ་ཐམས་ཅད་ཀུན། །མི་མཁྱེན་ཆོས་གང་མེད་པས་ན། །ཚུལ་རྣམས་ཀུན་ལ་བསླབ་པར་རིགས། །ཅི་ཕྱིར་དེ་བཞིན་གཤེགས་པ་ཡི། །གོ་འཕང་སྒྲུབ་པར་བྱེད་པ་ལ། །མགོན་པོ་གང་དེས་གསུངས་པའི་ཕྱིར། །བློ་གསལ་རྣམས་ཀྱིས་དང་དུ་ལོངས། །ཟག་པར་བཅས་པའི་འགྲོ་འདི་ནི། །སྡུག་བསྔལ་ཕུང་པོ་འབའ་ཞིག་གིས། །རབ་ཏུ་མནར་བ་རྟོགས་ནས་ཀྱང་། །ངེས་འབྱུང་སྙིང་རྗེའི་རང་བཞིན་བསྐྱེད། །གང་ཞིག་ཐོས་པའི་རྒྱ་མཚོ་ནི། །ངོམ་མེད་བཏུང་བའི་ཟིལ་དངར་གྱིས། །ཕན་བདེའི་དགའ་སྟོན་འགྲོ་རྣམས་ལ། །མངོན་པར་སྤྲོ་འདི་ངོ་མཚར་ཕུལ། །དེ་དོན་རྗེས་སུ་དཔྱད་པ་ཡི། །འགལ་འབྲེལ་ཉིན་མོའི་འཛུམ་ཟེར་


JKT023_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །ཕས་རྒོལ་མུན་པ་བཟའ་བ་དང་། །བློ་ལྡན་པདྨོ་འཛུམ་པར་མཛོད། །ཁྱད་པར་དབེན་པའི་ནགས་ཚལ་དུ། །སྒོམ་སྤངས་ཟླ་བའི་མྱུ་གུ་ནི། །ཡར་ངོའི་ཁྲི་ལ་རིམ་འཛེགས་ཏེ། །སྤངས་རྟོགས་ཆ་ཤས་གང་ཕྱིར་བརྩོན། །དེ་ལྟར་རྣམ་པ་གསུམ་ལྡན་ན། །རྒྱལ་བསྟན་ཡོངས་རྫོགས་འཁྲི་ཤིང་སྟེ། །འདི་ནི་ཀུན་གྱི་སྙིང་པོ་རུ། །བསྟན་པ་ཉིད་དུ་རྟོགས་པར་བྱ། །ཆོས་རྣམས་ཐམས་ཅད་ངོ་བོ་ཡིས། །ཡོངས་སུ་སྟོང་བས་སྣང་སྲིད་ཀུན། །སྒྱུ་མ་ལྟ་བུར་ཤེས་པ་ཡིས། སྒྱུ་མའི་ཚུལ་གྱིས་ལྟ་བར་གྱིས། །སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས། །མདོ་སྔགས་བསྟན་པ་བགྲང་ཡས་པ། །གསུངས་ཀྱང་མདོར་བསྡུས་སྡེ་སྣོད་བཞིར། །རྣམ་པར་གཏན་ལ་དབབ་པར་མཛད། །དེ་ཡང་འདུལ་བ་མདོ་སྡེ་དང་། །མངོན་པ་རིག་འཛིན་གསང་སྔགས་སོ། །དེ་དག་ཀུན་གྱི་ལྟ་བ་ཡང་། །རྣམ་པ་བཞི་རུ་ཡང་དག་གནས། །ཉན་ཐོས་བྱེ་བྲག་སྨྲ་བ་རྣམས། །གཞི་ལྔ་རྫས་སུ་འདོད་པ་དང་། །དེ་བཞིན་མདོ་སྡེ་པ་རྣམས་ཀྱིས། །བཏགས་ཡོད་ཙམ་དུ་ཁས་ལེན་ཕྱིར། །འདི་གཉིས་ཐེག་པ་དམན་པའོ། །ཐེག་ཆེན་དབུ་སེམས་རྣམ་པ་གཉིས། །ཆོས་རྣམས་ཀུན་བརྟག་གཞན་དབང་དང་། །ཡོངས་གྲུབ་གསུམ་དུ་གཏན་ལ་དབབ། ཁམས་གསུམ་སེམས་ཙམ་ལས་སྐྱེས་


JKT023_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

པར། །འདོད་པ་གང་དེའི་བྱེ་བྲག་ཏུ། །རྣམ་བདེན་པ་དང་རྣམ་རྫུན་པ། །དབྱེ་ཞིང་དེ་ལའང་ནང་གསེས་སུ། །སྔ་མར་གཟུང་འཛིན་གྲངས་མཉམ་དང་། །སྒོ་ང་ཕྱེད་ཚལ་གཉིས་མེད་གསུམ། །ཕྱི་མར་དྲི་བཅས་དྲི་མེད་སོགས། །འདོད་ཚུལ་ཕྲ་བ་སྣ་ཚོགས་སོ། །ཁྱད་པར་ཐེག་ཆེན་དབུ་མ་པར། །རང་རྒྱུད་པ་དང་ཐལ་འགྱུར་གཉིས། །དང་པོ་ལ་མ་གཉིས། །དེ་ཡང་ཆོས་རྣམས་མཐའ་དག་ཀུན། །ཐ་སྙད་ཙམ་དུ་གྲུབ་པར་འདོད། །དོན་ལ་སྐྱེ་འགག་ལ་སོགས་ཀུན། །གཏན་ཚིགས་ཆེན་པོ་རྣམ་པ་ལྔས། །སྟོང་པ་ཉིད་དུ་ཁས་ལེན་ཏེ། །མདོར་ན་རིགས་པས་བསྒྲུབ་པ་ཡིས། །སྤྲོས་བྲལ་ནམ་མཁའ་ལྟ་བུ་ཉིད། །ངེས་དོན་མཐར་ཐུག་དག་ཏུ་འདོད། །གཉིས་པ་དབུ་མ་ཐལ་འགྱུར་བས། །འཁྲུལ་ངོར་སྣང་བའི་ཀུན་རྫོབ་ཆོས། །སྔགས་ཀྱི་མཐུ་ཡི་སྒྱུ་མ་ལྟར། །མཐོང་ཡང་དོན་ལ་མེད་པའི་ཕྱིར། །ཀུན་ཏུ་གཟིགས་ཚེ་རྣམ་པར་དག །གཟུང་འཛིན་ལས་འདས་སྤྲོས་བྲལ་དབྱིངས། །རྣམ་པར་མི་རྟོག་ཟུང་འཇུག་པ། །དོན་དམ་བདེན་པར་རབ་ཏུ་བསྟན། །འཇིག་རྟེན་རྣམས་ཀྱི་བློ་ངོ་ལ། །ལྟོས་པ་གཉིས་སུ་ཡང་དག་འཇོག །འདོད་པ་མཐར་ཐུག་ཡོད་མིན་དང་། །ཡིན་མིན་ལ་སོགས་ཁས་བླངས་ཀུན། །བརྗོད་དུ་མེད་པ་དེ་


JKT023_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ། །རྟོགས་པ་ཞེས་བྱ་དེ་སྐད་དུ། ཁས་བླངས་པ་ཡི་དངོས་པོ་ནི། །ཕྲ་བ་ཙམ་ཡང་ཡོད་མིན་ཏེ། །གདོད་ནས་སྐྱེ་བ་མེད་པའི་ཕྱིར། །མོ་གཤམ་གྱི་ནི་བུ་བཞིན་ནོ། །ཞེས་གསུངས་འོན་ཀྱང་སྒྲོ་བཏག་ཏུ། །འཁྲུལ་དང་མ་འཁྲུལ་དབྱེ་བ་ལས། །བདེན་པ་རྣམ་གཉིས་རྣམ་བཞག་ཀུན། །ཐ་སྙད་དག་ལ་བརྟེན་ཏེ་སྒྲུབ། །གཞན་ཡང་ཕྱི་རོལ་རྒོལ་བ་ཀུན། །བཟློག་དང་བསྟན་བཅོས་ཆེན་པོ་སོགས། །རྩོད་རྩོམ་གཙོ་བོར་གྱུར་པ་ལ། །རགས་པ་ཕྱི་ཡི་དབུ་མ་ཞེས། །ཐལ་རང་རྣམ་གཉིས་བསྔགས་པ་དང་། །དོན་དམ་རྣལ་འབྱོར་ཉམས་ལེན་ཚེ། །ཕྲ་བ་ནང་གི་དབུ་མ་ཞེས། །མཐར་ཐུག་ངེས་དོན་དག་ཏུ་བཞེད། །དེ་ཡང་ཏིང་འཛིན་རྒྱལ་པོ་ལས། །མི་འཁྲུགས་འདུས་མ་བྱས་པ་ནི། །དག་པ་དྭངས་པ་འོད་གསལ་བ། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་མཚན་ཉིད་དོ། །ཞེས་གསུངས་དེ་ཕྱིར་འགྲོ་ཀུན་དང་། །དབྱེར་མེད་བདེ་གཤེགས་སྙིང་པོའི་ཁམས། །གློ་བུར་དྲི་མ་བསལ་བཞག་ལས། །འཁོར་འདས་གཉིས་སུ་འདོད་པ་ཡང་། །ངོ་བོ་མཉམ་པ་ཉིད་དུ་བརྗོད། །ཆོས་རྣམས་ཐམས་ཅད་ཀུན་བརྟག་དང་། །གཞན་དབང་ཡོངས་གྲུབ་རྣམ་པ་གསུམ། །རེ་རེ་ལའང་གཉིས་གཉིས་ཀྱི། །དབྱེ་བ་གཏན་ལ་དབབ་བར་བྱེད། །སྒྲིབ་པ་


JKT023_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་སྟོབས་དང་མཐུན་པར། །སྐྱེ་འཕགས་རྫོགས་པའི་སངས་རྒྱས་སུ། །བཞག་སྟེ་ནམ་མཁར་ཁྱད་མེད་ཀྱང་། །བུམ་པའི་བཟང་ངན་དབྱེ་བ་བཞིན། །དོན་ལ་བདེ་གཤེགས་སྙིང་པོའི་དངོས། །བསལ་བཞག་བྲལ་བར་གནས་ཞེས་འདོད། །དེ་ཡང་སྣང་ཆས་སྐུ་ཞིང་ཁམས། །ལ་སོགས་གཟུགས་སྐུའི་ཡོན་ཏན་ཀུན། །འཆར་ཞིང་སྟོང་ཆས་ཆོས་སྐུ་ཡི། །ཡོན་ཏན་ཐམས་ཅད་རྫོགས་པའོ། །དེ་ལྟར་ཐེག་པ་ཆེ་ཆུང་གི །ལྟ་བའི་རིམ་པ་དེ་དག་ཀྱང་། །previous hit རང་བཞིན་ཤེས་པར་བྱས་ནས་ནི། །ཉམས་སུ་བླང་བ་ཉིད་དུ་འདོད། །ཁྱད་པར་རིག next hit་འཛིན་སྡེ་སྣོད་དུ། །གཞི་རྒྱུད་ཀུན་ཁྱབ་གདོད་མའི་གཤིས། །ལྷན་སྐྱེས་བདེ་གཤེགས་སྙིང་པོ་ནི། །འབྱུང་སེམས་དྭངས་མ་ཐིག་ལེའི་གཟུགས། །སྙིང་དབུས་ཉིད་དུ་རྣམ་པར་གནས། །མི་ཤིགས་ཟག་མེད་བདེ་བ་ཆེ། །བསྐྱེད་པའི་གནས་དང་རྟེན་དུ་འདོད། །ཕུང་པོ་རྣམ་དཔྱད་སྟོང་ཉིད་དང་། །འགྱུར་མེད་ལས་འདས་previous hit རངརིག next hit་པ། །མི་འགྱུར་བདེ་བ་ཆེན་པོ་ནི། །རྣམ་པ་ཀུན་གྱི་མཆོག་ལྡན་ཏེ། །སྐུ་དང་ཡེ་ཤེས་ཐམས་ཅད་ཀུན། །པྲ་ཕབ་ཇི་བཞིན་སྣང་བར་འདོད། །དེ་ལྟར་དབང་པོའི་རིམ་པ་དང་། །རྗེས་སུ་མཐུན་པའི་ཐེག་པ་ཀུན། །ཉམས་སུ་བླང་བྱ་རྣམ་པ་གསུམ། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་པ་འཛིན་དང་གསང་


JKT023_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་སོ། །དེ་ཡང་སྡོམ་པ་གསུམ་གྱིས་ཏེ། །དང་པོ་སོ་སོར་ཐར་པ་ལ། །དབྱེ་ན་མིང་དུ་རྣམ་པ་བདུན། །དགེ་བསྙེན་དགེ་ཚུལ་ཕ་མ་གཉིས། །དགེ་སློང་མ་དང་དགེ་སློང་གཉིས། །རྫས་སུ་རྣམ་པ་བཞི་ཡིན་ཏེ། །བསྙེན་གནས་དགེ་བསྙེན་དགེ་ཚུལ་དང་། །དགེ་སློང་དག་སྟེ་བསྲུང་བྱའི་ཁྲིམས། །དུས་དང་གཏན་དུ་བླང་བ་གཉིས། །དང་པོ་བསྙེན་གནས་ཡན་ལག་བརྒྱད། །ངེས་པའི་དུས་སུ་བླང་དང་བསྲུང་། །གཉིས་པོ་དགེ་བསྙེན་ཉིད་ལའང་། །སྐྱབས་གསུམ་འཛིན་དང་སྣ་གཅིག་སྤྱོད། །སྣ་འགའ་སྤྱོད་དང་འཕེལ་བར་སྤྱོད། །ཡོངས་རྫོགས་བསྲུང་བ་དག་ཏུ་འདོད། །དགེ་ཚུལ་སྤང་བྱ་ཡན་ལག་བཅུ། །དགེ་སློང་རྩ་བ་རྣམ་བཞི་དང་། །ལྷག་མ་བཅུ་གསུམ་སྤང་ལྟུང་ནི། །སུམ་ཅུ་ཉིད་དེ་ལྟུང་བྱེད་པ། །འབའ་ཞིག་དགུ་བཅུ་ཐམ་པ་དང་། །སོར་བཤགས་སྡེ་བཞི་ཉེས་བྱས་པ། །བརྒྱ་དང་བཅུ་གཉིས་བསྡོམས་པ་ཡིས། །ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ནི། །སྤང་བའི་ཕྱོགས་ཏེ་བསླབ་བྱ་བ། །བཅུ་བདུན་གཞི་རུ་ངེས་པར་བཤད། །དེ་ཡང་ངེས་འབྱུང་བསམ་པ་ཡིས། །ཀུན་སློང་ཐར་བ་ཆ་མཐུན་གྱིས། །རབ་ཏུ་འབད་པར་བྱ་བ་སྟེ། །མདོར་ན་ལུས་ངག་ཉེས་བྱས་པ། །སྤོང་བདུན་འཁོར་དང་བཅས་པའོ། ༈ །ཐེག་ཆེན་བྱང་ཆུབ་སེམས་དཔའ་ཡི། །


JKT023_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བསླབ་བྱ་ཚུལ་ཁྲིམས་རྣམ་གསུམ་མམ། །སྨོན་དང་འཇུག་པ་གཉིས་སུ་འདུ། །དེ་ཡང་ཉེས་སྤྱོད་ཀུན་སྤང་ཞིང་། །གཞན་ཕན་སྒྲུབ་ལ་ཡང་དག་གནས། །སྨོན་པའི་བསླབ་བྱ་ཚད་མེད་བཞི། །དཀར་ནག་ཆོས་བརྒྱད་སྒྲུབ་དང་སྤངས། །འཇུག་པའི་བསླབ་བྱ་ཕར་ཕྱིན་དྲུག །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་རྣམ་པ་དྲུག །རེ་རེ་ལའང་གསུམ་གསུམ་མ། །དེ་ལྟར་བསླབ་ལ་བརྩོན་པ་ཡིས། །རྒྱལ་བ་ཀུན་གྱི་སྲས་འགྱུར་ཅིང་། །མྱུར་དུ་བྱང་ཆུབ་མཆོག་ལ་རེག ༈ །རིག་འཛིན་སྔགས་ཀྱི་དམ་ཚིག་ལ། །དང་པོ་པ་ཡི་བསླབ་བྱ་ནི། །བརྟུལ་ཞུགས་ཉི་ཤུ་རྩ་ལྔ་དང་། །གཞན་ཡང་རྒྱུད་སྡེ་སོ་སོ་ལས། །དབྱེ་བ་དཔག་ཏུ་མེད་མོད་ཀྱང་། །མདོར་བསྡུས་རྩ་ལྟུང་བཅུ་བཞི་དང་། །དེ་ཡི་ཡན་ལག་སྦོམ་པོ་བརྒྱད། །ཁྱད་པར་དབང་བཞིའི་དམ་ཚིག་གོ །དེ་ཡང་སྨིན་པར་བྱེད་པ་ཡིས། །རྒྱུད་སྦྱངས་དམ་ཚིག་གྲོགས་དང་བཅས། །ཀུན་བརྟག་བསྐྱེད་པའི་རིམ་པ་དང་། །ཡོངས་གྲུབ་མ་བཅོས་རྫོགས་རིམ་སྟེ། །རིམ་གཉིས་མཉམ་པར་སྤྱོད་པ་ཡིས། །རྡོ་རྗེ་འཆང་གི་ས་རུ་འགྲོ། །ཐུན་མོང་ཐུན་མོང་མ་ཡིན་པའི། །དོན་གཉིས་ལྷུན་གྱིས་འགྲུབ་པར་འགྱུར། །དེ་ལྟར་རྣམ་པ་གསུམ་པོ་ཡང་། །གང་ཟག་གཅིག་གི་རྒྱུད་ཉིད་ལ། །ཇི་ལྟར་བསྲུང་བར་བྱ་ཞེ་


JKT023_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ན། །ངོ་བོ་གནས་འགྱུར་ཡོན་ཏན་ནི། །ཡར་ལྡན་ཚུལ་དུ་རྣམ་པར་འགྲོ། །རང་ལྡོག་མ་འདྲེས་དགག་བྱ་དང་། །དགོས་པ་ཐམས་ཅད་ཡོངས་སུ་ཚང་། །གནད་ཀྱི་མི་འགལ་དུས་སྐབས་ནི། །ཕྱི་ནང་གང་གཙོ་དེར་སྤྱོད་བྱ། །མདོར་ན་སྤང་བསྒྱུར་གྲོལ་གསུམ་གྱི། །ལམ་ནི་གང་ཡང་ཉོན་མོངས་ཀྱིས། །འཆིང་བར་མི་འགྱུར་ཐབས་དག་ལས། །གཞན་མིན་དགོངས་པ་གཅིག་ཏུ་འབབས། །དེ་ལྟར་རྣམ་གསུམ་སྡོམ་པ་ཡང་། །ཐོབ་པར་བྱེད་པའི་ཆོ་ག་དང་། །ཐོབ་བྱ་སྡོམ་པའི་བསྲུང་ཚུལ་དང་། །ཉམས་ན་སླར་ཡང་གསོ་བ་དང་། །ཐོབ་བྱའི་འབྲས་བུ་བཞི་རུ་འདུས། །དེ་ཡང་ཐོས་དང་བསམ་པ་ཡི། །གྲུབ་མཐའི་དབྱེ་བསལ་ལེགས་ཤེས་ནས། །སྒོམ་པ་ཉམས་འོག་འཛུད་པའི་ཟླར། །སྡོམ་པ་གསུམ་གྱིས་རྒྱུད་བཅིངས་པས། །མྱུར་དུ་བྱང་ཆུབ་མཆོག་ལ་རེག །དུལ་བ་ལས་ནི་ཚུལ་ཁྲིམས་དང་། །ཕྲག་དོག་ལས་ནི་མི་དགེ་བ། །བཟོད་པ་ལས་ནི་དཀའ་ཐུབ་རྣམས། །ས་བོན་མྱུར་གུ་ཇི་བཞིན་ཕྱིར། །རྟག་ཏུ་བག་ཡོད་ཆོག་ཤེས་དང་། །བསླབ་པར་བྱ་བའི་ནོར་གྱིས་ཕྱུག །ཆགས་དང་སྙོམས་ལས་ང་རྒྱལ་གྱི། །དྲེགས་པ་རྣམ་པར་སྤང་བར་མཛོད། །གནས་སྐབས་ཚོགས་སྦྱོར་མཐོང་བསྒོམ་བཞིར། །སློབ་པའི་ཆོས་རྣམས་ཡོངས་རྫོགས་ཏེ། །མཐར་ཐུག་མྱ་


JKT023_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ལས་འདས་པའི། །འབྲས་བུ་ཡེ་ཤེས་ཆེན་པོ་ནི། །ལྷུན་གྲུབ་སྐུ་གསུམ་དགོངས་པ་ཅན། །སྒྲིབ་བྲལ་ཟླ་བའི་ཆོས་སུ་རྫོགས། །ནང་གི་རྩ་མདུད་གྲོལ་སྟོབས་ལས། །ཕྱི་རོལ་ཡོན་ཏན་རིམ་འཆར་ཕྱིར། །གཟུང་འཛིན་མདུད་གྲོལ་ས་བཅུ་ཡི། །མངོན་རྟོགས་དེ་ཡིས་བརྙེས་ཞེས་འདོད། །དེ་སྐད་བསླབ་པར་བྱ་བའི་དོན། །རང་དང་སྐལ་མཉམ་གཞན་གྱི་ཕྱིར། །གང་ཤར་ཟླ་བའི་འཛུམ་ཟེར་གྱིས། །ཚིགས་སུ་བཅད་པའི་ཀུ་མུད་བཞད། །དེ་ལས་བྱུང་བའི་དགེ་བ་ནི། །སྤྲིན་དུས་ཆར་གྱི་རྗེས་འགྲོ་བས། །ཉོན་མོངས་ཚ་གདུང་རབ་བཅིལ་ཏེ། །ཕན་བདེའི་ཆུ་སྐྱེས་རྒྱས་གྱུར་ཅིག །ཞེས་པའང་གཞོན་ནུ་ཨ་བྷཱ་ཡས་རང་ལོ་བཅོ་ལྔ་པར་གང་ཤར་ལྷུག་པར་བརྗོད་པའོ། ༈ །འོད་གསལ་གྲུབ་པའི་ཐོལ་གླུ་ཌཀི་དགྱེས་པའི་རོལ་མོ་ཅེས་བྱ་བ། འཁོར་འདས་ཀུན་གྱི་རྩ་བ་previous hit རངརིག next hit་གཤིས། །བརྟག་ན་དངོས་པོའི་བདེན་གྲུབ་རབ་དབེན་པའི། །ཟུང་འཇུག་བློ་འདས་ཆེན་པོར་ཕྱག་བགྱིས་ནས། །ཟབ་ཞི་སྤྲོས་བྲལ་ཚིག་གིས་གཏན་ལ་དབབ། །མ་རིག་རྟོག་པའི་ལས་རླུང་གཡོ་བ་ཡིས། །གཉིས་འཛིན་དྲ་ བར་ཀུན་ཏུ་འཐུམས་གྱུར་པའི། །འགྲོ་ཁམས་བདེ་གཤེགས་སྙིང་པོའི་རང་བཞིན་གྱིས། །ཏིལ་མར་བཞིན་དུ་ཁྱབ་བདལ་གྱུར་འདི་མཚར། །རྒྱུ་ཡིས་བསྐྱེད་དུ་མེད་པའི་ཆོས་ཉིད་གཤིས། །ལམ་


JKT023_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསྒོམ་དུ་མེད་པའི་རང་གྲོལ་དངོས། །འབྲས་བུ་ཟིན་དུ་མེད་པའི་ཡེ་ནས་རྫོགས། །ཐེག་པ་ཀུན་གྱི་ལྟོས་གྲུབ་ཟད་པའི་ཀློང་། །སྨྲ་བའི་ཡུལ་དུ་མ་མཆིས་མཚན་མས་དབེན། །བསམ་པས་དཔྱད་དུ་བྲལ་དེ་བློ་འདས་གཤིས། །མཐའ་བརྒྱད་སྤྲོས་པ་ལས་འདས་རིག་སྟོང་ཡུལ། །འོད་གསལ་གཉུག་མའི་ངང་དུ་ཅི་བདེར་གྲོལ། །དེ་ལྟའང་སྣ་ཚོགས་རྟོག་པའི་སྒྱུ་མ་ཡིས། །རྨི་ལམ་བཞིན་དུ་འཁོར་བའི་གྲོང་ཁྲིད་ཀྱང་། །རང་ངོར་བལྟས་པས་བདེན་པས་སྟོང་པའི་ཕྱིར། །ལྷུན་གྲུབ་སངས་རྒྱས་རང་ལས་ཅི་ཞིག་འཚོལ། །བྱས་པའི་ཆོས་ཀྱིས་བསྒྱུར་དུ་མི་བཏུབ་ཅིང་། །རང་བབ་བཞག་པས་དེ་ལས་གཡོ་བ་མེད། །གཉེན་པོ་བསྟན་ན་གོལ་སྒྲིབ་ཀུན་གྱི་གཞི། །རང་ངོར་གྲོལ་བས་མན་ངག་ཡོངས་ཀྱི་བཅུད། །སྒོམ་དུ་མེད་པའི་དེ་བཞིན་ཉིད་ལའང་། །བསྟེན་གོམས་བྱས་པས་ཉོན་མོངས་རང་སར་བྲི། །རྒྱུད་མངས་བསྐུལ་ལྟར་ཐང་ལྷོད་སྤངས་པ་ཡིས། །རྩེ་གཅིག་མ་ཡེངས་དྲན་པའི་ངང་མདངས་བསྐྱང་། །དཔྱད་པའི་སྒོམ་པ་གང་གིས་འཚང་མི་རྒྱ། །ཡུལ་སོགས་བློ་ཡིས་བགྲོད་པའི་རྒྱུ་ཡིན་ཏེ། །ཐ་སྙད་མཚོན་པས་དེ་ལ་ཅི་ཞིག་བྱ། །དེ་བས་སྐད་ཅིག་རྟོག་པའི་ཡེ་ཤེས་སོ། །ཆོས་རྣམས་སྟོང་ཉིད་ཙམ་དུ་ཁས་ལེན་པ། །གཞན་དུ་ཡོད་མོད་དབང་གིས་སྟོན་པ་ཡི། །


JKT023_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་སྐྱེས་རིག་སྟོང་ད་ལྟའི་ཤེས་པ་ཉིད། །བསྒོམ་པས་ལས་རུང་ཁྱད་པར་འཕགས་པའི་ཆོས། ཡིད་དཔྱོད་ལས་འདས་ཅེར་གྲོལ་སྐད་ཅིག་མ། །མ་བཅོས་ཅོག་བཞག་རྫོགས་པ་ཆེན་པོ་སྟེ། །དེ་ཡང་སྟོང་པས་རྒྱས་འདེབས་མ་ཡིན་ཞིང་། །དབྱིངས་སུ་རིག་པ་གཏོད་པའི་འཛིན་པའང་མིན། །གང་ཤར་previous hit རིག་ངོར་མྱང་ཐོག་ལ་བཟླ་བ། །ཐུན་མོང་མིན་པའི་བཅུད་དུ་མཁྱེན་པར་མཛོད། །ཁྱད་པར་སྙིགས་མའི་རང next hit་མདངས་མངོན་བརྡོལ་བས། །ལྟ་ཕྱོགས་སྤྱོད་པར་ཤོར་བའི་སྟོང་ཉིད་དང་། །སྤྱོད་ཕྱོགས་ལྟ་བར་ཤོར་བའི་རྒྱུ་འབྲས་རྣམས། །སྟོན་པའི་བཀའ་ལས་གཞན་པར་ཤེས་པར་བྱ། །དེ་སྐད་མན་ངག་རྒྱ་མཚོ་ལས་འོང་ཞིང་། །ཉམས་མྱོང་རིན་ཆེན་ཀུན་གྱི་བཤེས་གྱུར་པ། །བླ་མའི་བྱིན་རླབས་སྙིང་གར་སིམ་པ་ལས། །གང་ཤར་རང་སར་གྲོལ་བའི་ངང་ནས་སྨྲས། །དགེ་བས་མཐར་འཛིན་ལྟ་བའི་མུར་འདུག་དཔུང་། །སྤྲོས་བྲལ་བདེ་ཆེན་དཔའ་བོས་བཅོམ་ནས་ཀྱང་། །འོད་གསལ་གཉུག་མའི་རྡོ་རྗེའི་རྫོང་ཟིན་ནས། །འཁོར་འདས་ཡོངས་གྲོལ་སྲིད་ལ་གནས་གྱུར་ཅིག ༈ །ཆོས་ཉིད་གཉུག་མའི་གླུ་དབྱངས་འོད་གསལ་གྲུབ་པའི་རོལ་མོ་ཞེས་བྱ་བ། ཨེ་མ་ཧོ། སྤྲོས་བྲལ་བདེ་བ་ཆེན་པོའི་ཡེ་ཤེས་ནི། །རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཞལ། །ཟུང་འཇུག་ཀུན་ཁྱབ་previous hit རངརིག next hit་གཉུག་མའི་


JKT023_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

གཤིས། །དུས་གསུམ་རྟོག་བྲལ་དབྱིངས་སུ་ཕྱག་བགྱིའོ། །འདི་ལྟར་སྣ་ཚོགས་སྣང་བའི་རོལ་པ་ཀུན། །སྐྱེ་འགགས་གནས་གསུམ་བྲལ་བའི་སེམས་ཀྱི་འཕྲུལ། །གཉིས་སྣང་དྲྭ་བར་འཐུམས་པའི་འགྲོ་བ་རྣམས། །བློ་བྲལ་previous hit རངརིག next hit་སྒྲིབ་སྟེ་འཁོར་བར་འཁྱམས། །དེ་ཡང་ཀུན་གཞི་ལུང་དུ་མ་བསྟན་པར། །ལྷུན་གྲུབ་སྒོ་བརྒྱ་ཐུགས་རྗེའི་འཆར་ཚུལ་གྱིས། །འཁྲུལ་གྲོལ་འཇུག་ལྡོག་སྒྱུ་མའི་རོལ་པ་ཡིས། །འཁོར་དང་མྱ་ངན་འདས་པར་ཡོངས་སུ་གྲུབ། །རང་སྣང་སྐྱེ་མེད་ནམ་མཁའ་ཡངས་པ་ལ། །བློ་ཡིས་གཏིང་མཐའ་གཞལ་དུ་མེད་ན་ཡང་། །previous hit རངརིག next hit་རང་བཞག་ཟེར་བརྒྱ་འཕྲོ་བའི་ཚེ། །འཁོར་བའི་མུན་པ་མ་ལུས་ཡོངས་སུ་བཅོམ། །སྣ་ཚོགས་སེམས་ཀྱི་འགྱུ་འཕྲོའི་རྐུན་བུ་ཡིས། །སེམས་ཉིད་བདེ་གཤེགས་སྙིང་པོ་བསླུས་གྱུར་ཡང་། །སྣང་སྲིད་རིག་ངོར་གྲོལ་བའི་དཔའ་བོ་ཡིས། །ཤུགས་འབྱུང་གཉུག་མའི་ངང་དུ་རྣམ་པར་གསོད། །ལས་དང་ལས་ཀྱི་འབྲས་བུར་བཅིང་བའི་མཐུས། །རྟོགས་ཚོགས་ངང་གིས་ཞི་བར་མ་འདོད་ནས། །ཕུང་ལྔའི་ཟག་བཅས་དྲ་བར་འཐུམས་པའི་ཚེ། །རང་གྲོལ་ཡིད་དཔྱོད་ལས་འདས་རལ་གྲིས་བཀྲལ། །དབུ་མའི་རྗེས་དཔག་འཛིན་སྟངས་རྣོན་པོ་ཡིས། །མཐའ་བཞི་བཀག་པའི་སྤྲོས་བྲལ་སྒྲུབ་པ་དེ། །ཐ་སྙད་ཙམ་གྱི་རྗེས་


JKT023_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མ་སོང་བར། །ངེས་ཤེས་གཏིང་ཚུགས་གཏན་ལ་ཕེབས་པའི་ཚེ། །དེ་ཉིད་ཕྱག་རྒྱ་ཆེན་པོའི་རང་ངོ་རུ། །གཉུག་མ་ཉིད་དུ་འཇོག་སྟེ་བློ་འདས་ཀྱི། །སྒོམ་མེད་བར་དུ་གསལ་སྟོང་རྒྱས་འདེབས་དང་། །ཡིད་བྱེད་ཤེས་བྱའི་སྒྲིབ་པ་ཕྲ་མོ་ཡང་། །གཅེར་མཐོང་རྫོགས་པ་ཆེན་པོར་རབ་ཐིམ་སྟེ། །མཉམ་རྗེས་དབྱེར་མེད་འོད་གསལ་ཆོས་ཀྱི་སྐུ། །ངེས་ཤེས་ཐག་ཆོད་གདིངས་ཐོབ་རང་སར་གྲོལ། །དེས་ན་ཀུན་ཀྱང་མཐར་ཐུག་སྙིང་པོར་གཅིག །དེ་ཡང་བསྒོམ་པས་ཉམས་སུ་ལེན་པའི་ཚེ། །ཚོགས་དྲུག་ཡུལ་ལ་སེམས་ཀྱི་རྩལ་ཤར་བའི། །སྣ་ཚོགས་སྣང་བ་ཤར་གྲོལ་དུས་མཉམ་དུ། །ཆུ་ལ་རལ་གྲི་བསྣུན་ལྟར་ངང་བཞག་གི །དབྱིངས་སུ་རྣམ་པར་གྲོལ་བ་མཆོག་གི་ལམ། །དེ་སྐད་དུའང་སློབ་དཔོན་དགའ་རབ་རྗེས། །ཤར་བའི་དུས་ན་མཉམ་ཤར་བཟང་ངན་མེད། །གྲོལ་བའི་དུས་ན་མཉམ་གྲོལ་བཟང་ངན་མེད། །གནས་པའི་ཚེ་ན་མཉམ་གནས་བཟང་ངན་མེད། །ཅེས་གསུངས་དེ་ཕྱིར་རྟག་ཏུ་བརྟན་གོམས་བྱ། །འོན་ཀྱང་བྱས་པའི་བསྒོམ་པས་མ་འཕོས་ཤིང་། །མ་བྱས་རང་གར་བཞག་པས་གཡོ་བ་མེད། །ཟབ་ཞི་སྤྲོས་བྲལ་མི་རྟོག་གཉུག་མའི་དབྱིངས། །འཕོ་འགྱུར་ཀུན་བྲལ་ལྷན་སྐྱེས་ཡེ་ཤེས་ནི། །ཡོད་ཅེས་བློ་ཡིས་དཔྱད་དུ་མེད་པས་སྟོང་། །མེད་ཅེས་ངོ་བོ་


JKT023_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་མི་ཁྱབ་པས་བྲལ། །སྒྲོ་འདོགས་སྐུར་འདེབས་ཟད་པའི་གཉུག་མའི་ལམ། །དུས་གསུམ་རྒྱལ་བ་ཡོངས་ཀྱི་གཤེགས་ཤུལ་མཆོག །གཟོད་ནས་མ་བྱས་ལྷུན་གྲུབ་ངང་དུ་གནས། །ད་ལྟ་མ་བཅོས་བཟོ་མེད་དེ་བཞིན་ཉིད། །མ་འོངས་དེ་ལས་འཕོ་འགྱུར་གཞན་བྲལ་བའི། །འགྲོ་ཀུན་ཡོངས་ཁྱབ་བདེ་གཤེགས་རྡོ་རྗེ་སེམས། །མཐའ་བྲལ་གནས་སུ་ཕྱིན་ཡང་ལེགས་མིན་ཤིང་། །ངན་སོང་སྡུག་བསྔལ་ཁུར་ཡང་མ་དམན་པའི། །རིག་སྟོང་དངུལ་ཆུ་ལྟ་བུ་ཡེ་ཤེས་ཁམས། །རྟག་ཏུ་ལྷུན་གྱིས་གྲུབ་པ་དེ་རྟོགས་མཛོད། །མཐར་ཐུག་གཟོད་ནས་དག་པའི་ངོ་བོ་ཉིད། །རང་བཞིན་སྐུ་དང་ཡེ་ཤེས་ལྷུན་གྲུབ་ཅིང་། །ཐུགས་རྗེས་འགྲོ་ཀུན་གང་འདུལ་སྒྲོལ་མཛད་བའི། །བསམ་མི་ཁྱབ་པའི་གོ་འཕང་ལ་རེག་འགྱུར། །དེ་སྐད་གང་ཤར་གྲགས་སྟོང་གཉུག་མའི་དབྱངས། །རང་གྲོལ་བཅོས་བསྒྱུར་བྲལ་བར་སྨྲས་དེའི་མཐུས། །སྐྱེ་འགགས་གཉིས་མེད་previous hit རངརིག next hit་སྐུ་གསུམ་ངང་། །འགྲོ་ཀུན་ཡོངས་སུ་སྒྲོལ་བའི་མཐུ་ཐོབ་ཤོག །ཁྱད་པར་རྟོག་གེས་བརྟག་པའི་ཚིག་གི་མེས། །མཐའ་བྲལ་དབུ་མའི་ལྗོན་ཤིང་མི་བསྲེག་པར། །འོད་གསལ་འགྲོ་འོང་བྲལ་བར་འབྱམས་ཀླས་པས། །ཚེ་འདིར་མཆོག་གི་འབྲས་བུ་འཛིན་གྱུར་ཅིག ༈ །ཉམས་སུ་ལེན་པའི་གླུ་དབྱངས་རིག་སྟོང་ངལ་གསོ་ཞེས་བྱ་བ། ཨ་


JKT023_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཧོ༔ འཁོར་འདས་ཆོས་ཀུན་མི་འགྱུར་རྡོ་རྗེའི་ཁམས། །བསྐྱེད་རྫོགས་ཏིང་འཛིན་ཆོ་གས་སད་བགྱིད་པས། །སངས་རྒྱས་རང་ཞལ་ཉིད་དུ་རྟོགས་པ་ཡི། །ཆོས་ཉིད་ངོ་བོ་བླ་མའི་ཞབས་ལ་འདུད། ། ཀུན་ལ་ཁྱབ་པའི་རང་བཞིན་ཆོས་སྐུ་ནི། །སྐྱེ་འགགས་གནས་བྲལ་འཕོ་མེད་བདེ་ཆེན་ཏེ། །ཡུལ་དང་ཡུལ་ཅན་སེམས་དང་སེམས་བྱུང་གིས། །གཟུང་འཛིན་འཁོར་བའི་རྒྱ་མཚོ་འདི་བྱུང་ངོ་། །དེ་ཡང་ངོ་བོས་སྟོང་ཡང་རང་བཞིན་གསལ། །སྐྱེ་བ་མེད་ཀྱང་དབྱིངས་ལས་ཚུལ་ཀུན་སྐྱེས། །འགགས་པ་མེད་ཀྱང་ངོ་བོའི་སྟེང་དུ་འགགས། །གནས་པ་མེད་ཀྱང་ངང་དུ་གནས་པའི་ཚུལ། །འདི་ནི་བློས་བྱས་འཛིན་པའི་དྲི་མ་འདྲ། །སྐྱེས་པའི་ཚུལ་ནི་དོན་ལ་སྐྱེ་བ་མེད། །སྒོ་ལྔའི་ཡུལ་ལས་སྐྱེས་པའི་རྩལ་དེ་ཉིད། །རོ་གཅིག་གཉུག་མ་previous hit རིག་སྟོང་ངང་དུ་འདུས། །དབྱེར་མེད་རང next hit་སྣང་ཆོས་ཀྱི་སྐུ་རུ་གྲོལ། །བདེན་མེད་སྣང་བ་འཁྲུལ་འཁོར་བྱེད་པ་པོ། །རྣམ་རྟོག་དག་ནི་མ་previous hit རིག་རྒྱ་མཚོ་སྟེ། །ཡེ་ཤེས་རྟོག་ན་དེ་དོན་ཟིལ་གྱིས་གནོན། །འཁྲུལ་སྣང་རང next hit་ཤར་རང་གྲོལ་དབྱིངས་སུ་ཐིམ། །འབྲལ་མེད་ཉམས་མྱང་ཤུགས་འབྱུང་གཉུག་མ་དང་། །བློས་བྱས་བཅོས་མའི་གཉུག་མ་རྣམ་པ་གཉིས། །ཁྱད་པར་རང་བཞིན་ཤིན་ཏུ་ཆེ་བ་སྟེ། །དེ་དོན་རྟོགས་དང་དབྱེ་བ་ལེགས་ཕྱེ་མཛོད། །དགའ་བྲལ་


JKT023_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། །འདིར་སྣང་རྟོག་མེད་བདེ་བའི་བསམ་གཏན་གཉིས། །གལ་འགག་ཕྱེ་བ་གནད་ཀྱི་དོན་དུ་དབབ། །དང་པོའི་ལས་ཅན་གོ་དང་བར་པས་མྱོང་། །ཐ་མ་མངོན་སུམ་རྟོགས་པའི་བར་དག་ཏུ། །མ་ཡེངས་དྲན་པས་རང་མདངས་བསྐྱང་བ་དང་། །གང་ཤར་རང་གྲོལ་བཅོས་བསྒྱུར་བྲལ་བར་གཅེས། །གསལ་སྟོང་ཤེས་བྱས་དཔྱད་གཟོད་ཐམས་ཅད་ཀུན། །ཉམས་ལས་མ་འདས་དེ་ཕྱིར་ཞེན་འཛིན་སྤོངས། །ནམ་ཞིག་རེ་དོག་བྲལ་བའི་རྟོགས་པ་མཆོག །མངོན་དུ་འཆར་ཚེ་གེགས་དང་གོལ་ས་བྲལ། །དེ་སྐད་བློ་འདས་དོན་ལ་བཤེས་མིན་ཡང་། །བློས་བྱས་ཚིག་གི་ཕྲེང་བ་ཟབ་མོའི་དོན། །ཅུང་ཟད་སྟོན་འདིས་previous hit རང་གཞན་འགྲོ་བ་ཀུན། །སྐད་ཅིག་རིག next hit་སྟོང་རྗེན་པར་གྲོལ་བར་ཤོག ༈ །དེ་ཁོ་ན་ཉིད་བསྡུས་པའི་ཐོལ་གླུ་དཔའ་བོའི་རོལ་མོ་ཞེས་བྱ་བ། ཨ་ཧོ། སྣོད་བཅུད་ཀུན་སྐུ་དང་ཡེ་ཤེས་ཀྱི་འཆར་སྒོ། །previous hit རིག་སྟོང་གི་ངོ་བོ་བློ་འདས་ཀྱི་གཤིས་ལུགས། །སྲིད་ཞི་ལས་རང next hit་གྲོལ་བདེ་ཆེན་གྱི་ཀློང་ཡངས། །གཟོད་མ་ནས་ཐོབ་ཤོར་བྲལ་བ་ལ་འདུད་དོ། །ཕྱིར་ལྟས་ཀྱི་རྟོག་གེའི་དོན་དམ་ནི་མི་མཐོང་། །ནང་དབྱིངས་ཀྱི་ངང་བཞག་རྟོགས་ཚོགས་ཀུན་རང་གྲོལ། །ཡིད་དཔྱོད་ཀྱི་སྤང་གཉེན་རེས་འཇོག་ལས་འདས་པའི། །ཟབ་དོན་གྱི་མཐར་ཐུག་རྫོགས་


JKT023_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ལ་ཞུགས་ཤིག །ཀ་དག་གི་previous hit རིག་པ་ཅེར་གྲོལ་དུ་མཐོང་བས། །སྤང་བླངས་ཀྱི་གཉེན་པོ་དབུ་མ་རུ་ཞིག་ནས། །གང་ཤར་དང་རང next hit་གྲོལ་ཆོས་སྐུ་ཡི་ངང་དུ། །སྣ་ཚོགས་ཀྱི་རྟོག་པ་མཉམ་རོལ་དུ་ཐིམ་མོ། །ཤེས་བྱ་ཡི་གཤིས་ལ་མ་ཤོར་བའི་སྤྲོས་བྲལ། །རྣམ་previous hit རིག་གི་དབུ་མར་མ་གཟུང་བའི་རང next hit་གྲོལ། །གནས་བྱ་དང་གནས་བྱེད་ལས་འདས་ཀྱི་ཞི་གནས། །ཕྱི་ཡུལ་ལ་རྟོག་པས་མི་དཔྱོད་པའི་ལྷག་མཐོང་། །བསྒོམ་བློ་ཡི་སྡུག་བཙིར་ཐག་པས་ནི་མ་བཅིངས། །མི་བསྒོམ་པའི་དྲན་མེད་ཐ་མལ་དུ་མ་ཞུགས། །སྣ་ཚོགས་ཀྱི་ཞེ་འདོད་འཆིང་བ་ལས་གྲོལ་བའི། །ཡེ་ཡིན་གྱི་previous hit རིག་པ་ཁྱབ་བདལ་དུ་སྐྱོངས་ཤིག །མཚན་འཛིན་ལས་འདས་པས་རྟག་པ་ཡང་མ་ཡིན། །རང next hit་གསལ་དུ་མི་འགགས་ཆད་མཐའ་དང་བྲལ་ཞིང་། །བསམ་གྱིས་ནི་མི་ཁྱབ་བློ་འདས་ཀྱི་གཤིས་ལུགས། །བྱར་མེད་ཀྱི་བཙན་ས་ཟིན་པ་previous hit རང་མཛོད་ཅིག །བཅོས་བསྒྱུར་གྱིས་མ་དཀྲོལ་ཡེ་གྲོལ་གྱི་རིག next hit་པ། །རྣམ་རྟོག་གིས་མ་བཟོས་ཟག་བྲལ་གྱི་ཡེ་ཤེས། །ལྟ་སྒོམ་གྱིས་མ་བསླད་ཆོས་ཉིད་དེ་རྗེན་པ། །རང་ངོ་རུ་འདུ་འབྲལ་སྤངས་པ་འདི་ཨ་ཧོ། །འཇོག་ཏུ་ནི་མེད་དེ་ཀ་དག་གི་མཉམ་བཞག །རྩིས་གདབ་ལས་འདས་པའི་ལྷུན་གྲུབ་ཀྱི་རྗེས་ཐོབ། །ཀུན་གཞི་ལས་རྣམ་གྲོལ་རིག་སྟོང་གི་ངང་དུ། །གེགས་དང་ནི་


JKT023_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

གོལ་ཤོར་ནོར་ས་ལས་འདས་སོ། །ལྷུན་གྲུབ་ཀྱི་སྣང་བ་ལུག་རྒྱུད་ཀྱི་ཐིག་ལེ། །འོད་གསལ་གྱི་ངོ་བོ་བུམ་སྐུ་ཡི་རང་མདངས། །ཟུང་འཇུག་གི་དགོངས་པ་གཏད་མེད་དུ་གཟིར་བས། །སྣང་བཞི་ཡི་ངང་དུ་འཁྲུལ་ཆོས་ཀུན་ཟད་ནས། །ཞལ་ཕྱག་གི་སྤྲོས་པ་ནང་དབྱིངས་སུ་ཐིམ་པའི། །ཁྱད་ཆོས་དེ་དྲུག་ལྡན་ཀུན་བཟང་གི་མཁའ་ཀློང་། །ཐིམ་ལ་ནི་མ་སྨུག་རྟག་ཆད་དང་བྲལ་བའི། །སྐུ་གསུམ་གྱི་འཆར་གཞི་རྩོལ་མེད་དུ་འགྲུབ་བོ། །དེའི་ཕྱིར་ན་རྟག་ཏུ་ཉམས་ལེན་གྱི་མཐར་ཐུག །སྐད་ཅིག་གི་previous hit རིག་པ་སྣ་ཚོགས་སུ་འཕྲོ་ཡང་། །ཤར་མཁན་གྱི་ངང་དུ་རང next hit་གྲོལ་དུ་ཞི་བའི། །བཅོས་བསྒྱུར་ལས་འདས་པའི་ངང་མདངས་ལ་བསྐྱང་ཞིང་། །སྣོད་བཅུད་ཀུན་དག་བྱེད་སྣང་སྟོང་གི་བསྐྱེད་རིམ། །རྩ་རླུང་ཁམས་བྱེད་བཅིངས་བདེ་སྟོང་གི་རྫོགས་རིམ། །སྤང་གཉེན་ལས་འདས་པ་དབྱིངས་རིག་དང་དབྱེར་མེད། །ནང་རྒྱུད་ཀྱི་སྦས་དོན་དེ་ཚོ་ལ་བསྙེན་མཛོད། །གྲུབ་མཐའ་ཡི་ཁ་འཛིན་ཆགས་སྡང་གི་གཞི་མ། །བདག་འཛིན་གྱི་སྲེད་ཞེན་སླུ་བྱེད་ཀྱི་བདུད་གཅོད། །ཉམས་སྣང་གི་དགག་སྒྲུབ་ལམ་ཞུགས་ཀྱི་གོལ་ས། །དེ་རྣམས་ཀྱི་འབྲས་བུ་ཡ་བྲལ་དུ་བྱེད་དོ། །འདུ་འཛི་ལས་བརྒལ་བ་བྲག་སྐྱིབས་ཀྱི་ཁང་བཟང་། །སྡང་ཞེན་ལས་འདས་པ་འདབ་ཆགས་ཀྱི་འཁོར་གྲོགས། །འཁྲུལ་


JKT023_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་ཟད་བྱེད་རྩེ་གཅིག་གི་ཏིང་འཛིན། །འདི་རྣམས་ནི་ལམ་ཞུགས་རྣལ་འབྱོར་གྱི་སྲོག་ཤིང་། །ཞེ་འདོད་ཀྱི་སྒྲུབ་པ་འབྲས་བུ་ཡི་གོལ་ས། །ཐོབ་ཤོར་གྱི་དབེན་པ་རྫོགས་ཆེན་གྱི་མངའ་ཐང་། །རེ་དོག་གིས་མ་བཅིང་རང་གྲོལ་དུ་ལོངས་པས། །ཟུང་འཇུག་གི་རྒྱལ་སར་འབད་མེད་དུ་འཛེགས་འགྲོ། །དེ་སྐད་དུ་གང་ཤར་རང་གྲོལ་གྱི་གླུ་དབྱངས། །ཟབ་དོན་གྱི་དགོངས་པ་མཐོང་བ་རང་མིན་ཡང་། །ཁྱབ་བདག་གི་བླ་མ་སྙིང་དབུས་ནས་དྲན་པའི། །རང་རྩལ་ལས་འབད་མེད་ལྷུག་པ་རུ་བརྗོད་དོ། །དགེ་བ་དེས་བདག་གཞན་འགྲོ་བ་ཀུན་མ་ལུས། །ཐེག་བརྒྱད་ལས་འདས་པའི་རྫོགས་ཆེན་གྱི་ལམ་དུ། །རྩེ་གཅིག་ཏུ་ཞུགས་ནས་འཁྲུལ་པ་ཡི་ཕུང་ཁམས། །འཕོ་ཆེན་གྱི་འཇའ་ལུས་རྡོ་རྗེ་རུ་འགྲུབ་ཤོག །ཅེས་པའང་གཞོན་ནུ་ཨ་བྷཱ་ཡས་རང་ལོ་བཅོ་ལྔ་པར་བརྗོད་པའོ། ༈ །ཐེག་པ་མཆོག་གི་ལམ་གྱི་རིམ་པ་དང་འབྲེལ་བའི་གླུ་འཆི་མེད་གྲུབ་པའི་བདེན་ཚིག་ཅེས་བྱ་བ། ཨ་ཧོ། ཀ་དག་གཞི་དབྱིངས་གཞོན་ནུ་བུམ་སྐུ་ཡི་ཀློང་ནས། །ལྷུན་གྲུབ་གཞི་སྣང་ཁ་སྦྱོར་བདུན་ལྡན་དུ་ཤར་བ། །དུས་གསུམ་རྒྱལ་ཀུན་འདུས་པའི་ཡེ་ ཤེས་ཀྱི་སྤྱི་གཟུགས། །འཆི་མེད་པདྨ་སཾ་བྷས་བྱིན་གྱིས་རང་རློབས་ཤིག །བཤེས་གཉེན་ཚུལ་བཞིན་བསྟེན་པ་ཐར་ལམ་གྱི་རྩ་བ། །དལ་འབྱོར་རྙེད་དཀའ་དྲན་པ་ཆོས་སྤྱོད་ཀྱི་ཐོག་མ། །མི་རྟག་


JKT023_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ལ་གཟེར་བ་དགེ་སྦྱོར་གྱི་སྐུལ་འདེབས། །མཐར་ཕྱིན་རིང་པོར་འཚོ་བའི་སྨོན་ལམ་ཞིག་ཞུའོ། །མེད་བཞིན་འཁྲུལ་བའི་སྡུག་བསྔལ་འཁོར་བ་ཡི་ཚུལ་ལ། །ངེས་འབྱུང་དྲག་པོའི་རྒྱུ་འབྲས་བླང་དོར་ལ་འབད་ཅིང་། །གསུམ་ལ་སྐྱབས་སོང་བྱང་ཆུབ་སེམས་གཉིས་ཀྱི་བདུད་རྩིས། །རིང་འཚོའི་དགེ་མཚན་རྒྱས་པའི་སྨོན་ལམ་ཞིག་ཞུའོ། །ཚུལ་ཁྲིམས་རྣམ་པར་དག་པའི་ཡོན་ཏན་གྱི་ཞིང་སར། །གསན་བསམ་བསྒོམ་པའི་མྱུ་གུ་གོང་འཕེལ་དུ་བསྐྱེད་ཅིང་། །ཏིང་འཛིན་ཤེས་རབ་མཆོག་གི་འབྲས་བུ་ཡིས་དུད་པ། །འཚོ་གཞེས་བསྐལ་བརྒྱར་བརྟན་པའི་སྨོན་ལམ་ཞིག་ཞུའོ། །རང་བཞིན་སྐྱེ་མེད་སྟོང་པ་གདོད་མ་ཡི་གནས་ལུགས། །རོལ་པ་འགག་མེད་ཤར་བ་ལམ་སྣང་གི་འཆང་ཚུལ། །ངོ་བོ་གཉིས་མེད་བརྗོད་བྲལ་བློ་འདས་ཀྱི་དབྱིངས་སུ། །གཞོམ་མེད་རྒྱུན་གྱིས་རྟག་པའི་སྨོན་ལམ་ཞིག་ཞུའོ། །དབང་བཞིས་རང་རྒྱུད་སྨིན་པ་གསང་ཆེན་གྱི་ས་བོན། །ཐ་མལ་སྣང་ཞེན་འཇིག་པ་བསྐྱེད་རིམ་གྱི་ལམ་ཁྱེར། །ལྟར་སྣང་བདེ་ཆེན་འཆར་བའི་རྫོགས་རིམ་དང་སྦྲགས་ནས། །གསང་གསུམ་རྡོ་རྗེར་གྲུབ་པའི་སྨོན༴ །previous hit རིག་སྟོང་རྗེན་པའི་ངང་དུ་བསལ་བཞག་དང་བྲལ་བར། །རྟོགས་ཚོགས་རང next hit་སར་གྲོལ་བའི་ཡང་དག་གི་དྲན་པ། །མཉམ་རྗེས་དབྱེར་མེད་གོམས་པའི་ཉམས་


JKT023_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་གྱི་སྙིང་པོས། །འཕོ་མེད་ཆོས་སྐུར་གྲུབ་པའི་སྨོན་ལམ་ཞིག །མདོར་ན་རྒྱལ་བས་ལེགས་གསུངས་མདོ་སྔགས་ཀྱི་ཉིད་ཁུ། །འགལ་མེད་སྟན་ཐོག་གཅིག་ཏུ་ཚུལ་བཞིན་གྱིས་བསྒོམས་པས། །འཕགས་རྣམས་རབ་ཏུ་དགྱེས་པའི་བཀྲ་ཤིས་ཀྱི་སྣང་བས། །འཆི་མེད་ཡེ་ཤེས་གྲུབ་པའི་སྨོན་ལམ་ཞིག་ཞུའོ། །ཞེས་པའང་ཀà་རིའི་པཎྜི་ཏ་འོད་གསལ་ཡེ་ཤེས་ཀྱི་སྐུ་ཅན་བི་མ་ལ་མི་ཏྲ་བསམ་བཞིན་དུ་བསྟན་འགྲོའི་མགོན་དུ་རྣམ་པར་འཕྲུལ་པ་རྫོགས་ཆེན་བཞི་པ་རིན་པོ་ཆེའི་ཞལ་སྔ་ནས་བཀྲ་ཤིས་པའི་ལྷ་རྫས་དང་བཅས་ཞལ་གདམས་ཉམས་མགུར་གྱི་ཚུལ་དུ་བྱས་པ་ཞིག་དགོས་ཞེས་བཀའ་འཕེབས་བ་རྟེན་འབྲེལ་དགོངས་པ་ཅན་གྱི་གསུང་ལྡོག་ཏུ་མ་བཏུབ་པར། ཚིགས་སུ་བཅད་པ་བཀྲ་ཤིས་པའི་གྲངས་ལྡན་བཤེས་གཉེན་དམ་པ་སྤྱི་ལ་ཞབས་བརྟན་གསོལ་འདེབས་དང་འབྲེལ་ཞིང་། སློབ་དཔོན་མཚོ་སྐྱེས་ཞབས་ཀྱི་མདོ་སྔགས་ལམ་རིམ་གཉིས་ཀྱི་སྙིང་པོ་བསྡུས་པའི་ཁུལ་དུ་པདྨ་ཀུན་ཏུ་འཆང་བ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་སིདྡྷི་རསྟུ། ༈ །ན་མོ་གུ་ར་བེ། གདོད་ནས་རྣམ་པར་དག་པ་གཉུག་མ་ཡི་ཡེ་ཤེས། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ཏུ་ཤར་བ། །སྲས་བཅས་རྒྱལ་བ་ཀུན་དངོས་མཚོ་སྐྱེས་ཀྱི་བླ་མས། །དུས་གསུམ་འདུ་འབྲལ་མེད་པར་བྱིན་གྱིས་རང་རློབས་ཤིག །རྙེད་དཀའི་དལ་འབྱོར་ཐོབ་ཀྱང་ངེས་མེད་དུ་འཆི་ཞིང་། །ཤི་ནས་ལས་འབྲས་ཁོ་ནའི་གཞན་དབང་དང་འགྲོགས་ཏེ། །འཁོར་བ་གར་སྐྱེས་


JKT023_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་རང་བཞིན་དུ་ཤེས་པའི། །ངེས་འབྱུང་དྲག་པོ་བསྐྱེད་པ་ཉམས་ལེན་གྱི་སྐུལ་འདེབས། །བླ་མ་མཆོག་གསུམ་གཙུག་གི་ནོར་བུ་རུ་བཟུང་ནས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་གཉིས་ལ་སྦྱངས་ཤིང་། །ཁས་བླངས་སྡོམ་དང་དམ་ཚིག་སྲོག་ལྟར་དུ་འཆང་བས། །ཚོགས་བསགས་སྒྲིབ་སྦྱོང་བརྩོན་པ་ཉམས་ལེན་གྱི་རྩ་བ། །ཅིར་སྣང་ལྷ་སྐུར་བལྟ་བ་བསྐྱེད་རིམ་གྱི་ལམ་ཁྱེར། །སྒྲ་གྲགས་སྔགས་སུ་ཤེས་པ་བཟླས་བརྗོད་ཀྱི་མདོ་ཆིངས། །རྟོག་ཚོགས་གང་ཤར་རང་གྲོལ་འོད་གསལ་གྱི་དབྱིངས་སུ། །གཟུང་འཛིན་སྤྲོས་པ་ཞི་བ་ཉམས་ལེན་གྱི་སྙིང་པོ། །ཁྱད་པར་མོས་གུས་བླ་མའི་རྣལ་འབྱོར་ལ་བརྟེན་ནས། །ཉམས་སུ་མྱོང་བཞིན་བསམ་བརྗོད་སྤྲོས་པ་ལས་འདས་པའི། །རིག་སྟོང་རྗེན་པའི་ངང་དུ་བསལ་བཞག་དང་བྲལ་བར། །ཡེངས་མེད་དྲན་ཤེས་བསྟེན་པ་ཉམས་ལེན་གྱི་མཐར་ཐུག །ཨ་ཧོ་འཇིག་རྟེན་མགོན་པོའི་ཡེ་ཤེས་ཀྱི་གཟིགས་པས། །རྟག་པར་བྱིན་གྱིས་བརླབས་པའི་སྐལ་བཟང་གི་དུས་འདིར། །སྙིང་ནས་ཆོས་བཞིན་སྤྱོད་པའི་དགེ་མཚན་གྱི་སྣང་བས། །ཕན་བདེའི་པད་ཚལ་རྒྱས་པའི་སྨོན་ལམ་ཞིག་ཞུའོ། །ཞེས་པའང་རྒྱལ་དབང་ཀརྨ་པ་ཆེན་པོ་བཅུ་བཞི་པའི་རིགས་ཀྱི་དབོན་མོ་རྗེ་བཙུན་བི་ཛ་ཡས་གནང་སྐྱེས་གྱ་ནོམ་པ་དང་བཅས་བཀའ་སྩལ་གྱི་ཕྲེང་བས་བསྐུལ་བ་ལྟར། བྱ་བྲལ་


JKT023_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གང་ཤར་བྲིས་པ་ཇི་ལྟར་གསོལ་བའི་ལམ་གྱི་རིམ་པ་རྣམས་ཚུལ་བཞིན་དུ་རྒྱུད་ལ་སྐྱེ་བར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། ༈ །ཨ་ཧོ། སྲས་བཅས་རྒྱལ་ཀུན་འདུས་ཞལ་དཔལ་ལྡན་གྱི་བླ་མ། །ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་ཡེ་ཤེས་ཀྱི་གཟིགས་པས། །མངོན་སུམ་བྱིན་གྱིས་བརླབས་པའི་དགེ་མཚན་དང་འགྲོགས་ནས། །དོན་གཉིས་ལྷུན་གྱིས་གྲུབ་པའི་དགའ་སྟོན་ཞིག་སྩོལ་མཛོད། །རྙེད་དཀའ་དོན་དང་ལྡན་པའི་དལ་འབྱོར་གྱི་ལུས་རྟེན། །དོ་ནུབ་ཙམ་ཡང་མི་འཆིའི་གདེངས་ཚད་ནི་མེད་པས། །ལས་འབྲས་སྤང་བླང་ཚུལ་བཞིན་སྤྱོད་པ་དང་བཅས་ཏེ། །ངེས་འབྱུང་གཏིང་ནས་བསྐྱེད་པ་ཉམས་ལེན་གྱི་གཞི་མ། །རང་ཉིད་ཇི་ལྟར་འཁོར་བར་སྡུག་བསྔལ་གྱིས་མནར་བཞིན། །མར་གྱུར་འགྲོ་ཀུན་དེ་ལས་མ་འདས་པར་མཐོང་ནས། །གཞན་དོན་སངས་རྒྱས་བསྒྲུབ་པའི་བསམ་སྦྱོར་གྱི་གཡར་དམ། །བཅོས་མིན་སྙིང་ནས་བཟུང་བ་ཐེག་ཆེན་གྱི་སྙིང་པོ། །གང་ཟག་བདག་ཏུ་ཞེན་པ་ཀུན་བཏགས་ཀྱི་མིག་འཕྲུལ། །གཟུང་བ་ཡུལ་གྱི་ཆོས་ཀུན་རྨི་ལམ་གྱི་གཟུགས་བརྙན། །འཛིན་པའི་སེམས་ཀྱང་སྐྱེ་འགགས་གནས་གསུམ་ལས་འདས་པའི། །སྤྲོས་བྲལ་གཉུག་མར་མཐོང་བ་ལྟ་བ་ཡི་ཡང་རྩེ། །གཤིས་ལུགས་རིག་སྟོང་རྗེན་པའི་ཡེ་ཤེས་ཀྱི་དབྱིངས་སུ། །བློ་


JKT023_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

འདས་བྱར་མེད་འཇོག་པའི་ཉམས་ལེན་ལ་བརྩོན་པས། །དུས་གསུམ་རྟོག་པ་ཤར་གྲོལ་དུས་མཉམ་དུ་ཐིམ་པའི། །ཤེས་རིག་ངང་ཚུལ་བཟུང་བ་སྒོམ་པ་ཡི་མཐར་ཐུག །མཉམ་རྗེས་ཀུན་ཏུ་དྲན་སྣང་ཡེ་ཤེས་ཀྱི་རོལ་མོ། །སྣང་སྟོང་སྒྱུ་མ་ལྟ་བུའི་ལམ་ཁྱེར་དང་འགྲོགས་ནས། །ཟག་མེད་དགེ་ཚོགས་རྒྱ་མཚོ་སྡུད་པ་ལ་འབད་པ། །རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡི་མདོ་ཆིངས། །དེ་ལྟར་ཉམས་སུ་གཞེས་པའི་སྐལ་བཟང་གི་སྣང་བས། །སྒྲིབ་གཉིས་མུན་པ་མ་ལུས་ཆོས་དབྱིངས་སུ་བཅིལ་ཏེ། །གནས་ལུགས་མངོན་སུམ་གཟིགས་པའི་ཡེ་ཤེས་ཀྱི་འཇུག་པས། །སྐུ་བཞིའི་འབྲས་བུ་འགྲུབ་པའི་སྨོན་ལམ་ཞིག་ཞུའོ། །ཞེས་པའང་བཀའ་ཕེབས་མི་ལྡོག་ཙམ་དུ་བྱ་བྲལ་བ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སྨྲས་པ་སུ་ཤྲཱི་ཡོ་བྷ་བ་ཏུ། ༈ །ཨ་ཧོ། ཀ་དག་བསམ་བརྗོད་བྲལ་བ་འོད་གསལ་གྱི་གཤིས་ལུགས། །ལྷུན་གྲུབ་སྣང་བ་རྣམ་བཞིའི་རིག་གདངས་སུ་སྨིན་པས། །ཟུང་འཇུག་འཇའ་ལུས་རྡོ་རྗེའི་གོ་འཕང་ལ་རོལ་པའི། །ཁྱབ་བདག་མཚོ་སྐྱེས་བླ་མས་བྱིན་གྱིས་རང་རློབས་ཤིག ། འགྱུར་མེད་གཉུག་མའི་དེ་ཉིད་མངོན་སུམ་དུ་གཟིགས་ནས། །ངེས་དོན་བཤད་སྒྲུབ་བསྟན་པ་གོང་འཕེལ་དུ་སྐྱོང་བའི། །བསམ་གཏན་གྲུབ་པའི་དྲང་སྲོང་རྒན་པོ་ཡི་འཕྲིན་ཡིག །སྙིང་ལ་བདུད་རྩིར་


JKT023_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པའི་རྟེན་འབྱུང་དུ་ཕེབས་སོ། །དེ་ཚེ་རིང་ནས་དྭང་བའི་ཡིད་ཤེས་ཀྱི་ཨུཏྤལ། །སླར་ཡང་སྤྲོ་དགའི་འདབ་བརྒྱ་ཉིན་བཞིན་དུ་དགོད་པས། །གང་ཁྱོད་ཞབས་བརྟན་ཐུགས་བཞེད་ཆོས་བཞིན་དུ་འགྲུབ་པའི། །ཤིས་བརྗོད་བུང་བའི་གླུ་དབྱངས་དར་དིར་དུ་བསྒྲགས་ཡོད། །འདི་ན་འདུ་ཤེས་གསུམ་གྱི་ཁོལ་པོ་རུ་གྱུར་ཡང་། །ཡོངས་འཛིན་བརྒྱ་ཕྲག་ཐལ་བའི་བྱིན་རླབས་དང་འགྲོགས་ཏེ། །@འཇིག་རྟེན་མཐུན་འཇུག་བྱ་བ་གཏད་མེད་དུ་བཏང་བས། །བསམ་གཏན་ཁོང་བུའི་མལ་དུ་སྐྱིད་པོ་རང་མཆིས་སོ། །སླད་མའི་ཆར་ཡང་ཅུང་ཟད་གནས་དུས་ཀྱིས་བསྐལ་བས། །རེ་ཞིག་དངོས་ཞལ་མཇལ་བའི་ངང་ཚུལ་ལས་རིང་ཡང་། །ཅིར་སྣང་བླ་མར་ཤར་བའི་ངེས་གསང་གི་བདེན་པས། །འབྲལ་མེད་བྱང་ཆུབ་བར་དུ་དགེ་ལེགས་སུ་གྱུར་ཅིག །ཅེས་དཔལ་ཟེ་ཆེན་པའི་རི་ཁྲོད་དུ་སྤོང་བ་པ་བསམ་གཏན་གྱི་འཁོར་ལོར་རྟག་པར་སྤྱོད་པའི་འཁྲུལ་ཞིག་རྣལ་འབྱོར་གྱི་དབང་ཕྱུག་བླ་མ་བསྟན་འཕེལ་ཞེས་བྱ་བ་ལ་སྩལ་བའོ། ༈ །ཇོ་བོ་བཀའ་གདམས་པའི་གཞུང་གདམས་མན་ངག་མཐའ་དག་གི་བརྗོད་བྱ་མདོར་བསྡུས་པའི་གླུ་དབྱངས་ཕན་བདེའི་ཤིང་རྟ་ཞེས་བྱ་བ། རིགས་ཅན་གསུམ་གྱི་སྟོན་མཆོག་ཤཱཀྱ་ཡི་སེང་གེ །གང་དེའི་རྒྱལ་སྲས་ཐུ་བོ་མ་ཕམ་དང་འཇམ་དབྱངས། །འཛམ་གླིང་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད། །གྲུབ་བརྙེས་བྱེ་བའི་གཙུག་རྒྱན་ཏེ་ལོ་དང་ནཱ་


JKT023_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །ཟབ་རྒྱས་ཉམས་སུ་ལེན་པའི་བཀའ་སྲོལ་དང་བྱིན་རླབས། །གཅིག་བསྡུས་ཇོ་བོ་ཡབ་སྲས་བརྒྱུད་འཛིན་དང་བཅས་པའི། །རྣམ་ཐར་སྙིང་ནས་དྲན་པས་གསོལ་བ་རང་འདེབས་ན། །ཐུགས་རྗེས་བྱིན་གྱིས་རློབས་ཤིག་བཀའ་གདམས་ཀྱི་བླ་མ། །ལུང་རྟོགས་ཕྲིན་ལས་མཐར་ཕྱིན་ལྷ་གཅིག་གི་ཐུགས་དམ། །ཆེ་བ་བཞི་དང་ལྡན་པའི་བྱང་ཆུབ་ཀྱི་ལམ་རིམ། །ཉན་བཤད་ཚུལ་བཞིན་བསྒྲུབ་པའི་སྐལ་བཟང་ལ་སྦྱར་བས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རང་རློབས་ཤིག །མཚན་ཉིད་ཀུན་དང་ལྡན་པའི་ཐེག་མཆོག་གི་བཤེས་གཉེན། །ལེགས་ཚོགས་རྒྱ་མཚོ་ལྟ་བུའི་འབྱུང་གནས་སུ་མཐོང་ནས། །བསམ་དང་སྦྱོར་བ་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་པས། །ལམ་གྱི་རྩ་བ་ཚུགས་པར་བྱིན་གྱིས་རང་རློབས་ཤིག །དལ་འབྱོར་རྙེད་དཀའ་འཇིག་སླའི་ངང་ཚུལ་ལ་བསམས་ནས། །ངན་སོང་སྡུག་བསྔལ་དྲན་པས་སྐྱབས་གསུམ་ལ་བསྙེན་ཅིང་། །མངོན་མཐོ་སྒྲུབ་བྱེད་སྐྱེས་བུ་ཆུང་ངུ་དང་ཐུན་མོང་། །ལས་འབྲས་བླང་དོར་བརྩོན་པར་བྱིན་གྱིས་རང་རློབས་ཤིག །ཁམས་གསུམ་འཁོར་བའི་སྡུག་བསྔལ་མཐའ་དག་གི་འབྱུང་ཁུངས། །ལས་ཉོན་ཀུན་འབྱུང་འགོག་པའི་བདེན་པ་ལ་དམིགས་ནས། །ཐར་པ་སྒྲུབ་བྱེད་སྐྱེས་བུ་འབྲིང་པོ་དང་ཐུན་མོང་། །བསླབ་


JKT023_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལམ་ལ་བརྟེན་པར་བྱིན་གྱིས་རང་རློབས་ཤིག །འགྲོ་ཀུན་མར་ཤེས་དྲིན་དྲན་ཕན་འདོགས་ལ་ཞུགས་ཤིང་། །ཚད་མེད་བྱམས་དང་སྙིང་རྗེ་ལྷག་བསམ་གྱི་སྦྱོར་བས། །རྣམ་མཁྱེན་སྒྲུབ་བྱེད་སྐྱེས་བུ་ཆེན་པོ་ཡི་ལམ་མཆོག །བྱང་ཆུབ་སེམས་གཉིས་འབྱོང་བར་བྱིན་གྱིས་རང་རློབས་ཤིག །དཀོན་མཆོག་ལས་འབྲས་དད་པ་སྐྱེས་ཚོམ་གྱི་བརྗོད་གཞི། །རང་གཞན་ཕན་བདེ་སྦྱོར་བ་བསླབ་སྤྱོད་ཀྱི་ལམ་བཟང་། །ཞི་ལྷག་ཟུང་འབྲེལ་ཏིང་འཛིན་ས་རྒྱན་གྱི་འབྲས་བུ། །གཞུང་ལུགས་གདམས་པར་འཆར་བར་བྱིན་གྱིས་རང་རློབས་ཤིག །སྔོན་འགྲོ་རྟེན་དང་དངོས་གཞི་བྱང་སེམས་ལ་སྦྱངས་ཤིང་། །རྐྱེན་ངན་ལམ་ཁྱེར་ཚེ་གཅིག་ཉམས་ལེན་དུ་དྲིལ་བས། །བློ་སྦྱོང་མཐར་ཕྱིན་བསླབ་བྱ་དམ་ཚིག་དང་ལྡན་པའི། །གདམས་ངག་ཉམས་སུ་མྱོང་བར་བྱིན་གྱིས་རང་རློབས་ཤིག །སྐྱབས་གནས་བླ་མ་དྲན་པ་ཉམས་རྟོགས་ཀྱི་ཞིང་ས། །ལྷ་སྔགས་རྣལ་འབྱོར་བསྒོམ་པ་གསང་ཆེན་གྱི་ཐབས་མཁས། །སྙིང་རྗེ་སྟོང་ཉིད་ཟུང་འབྲེལ་ཐེག་མཆོག་གི་གཞུང་ལམ། །མན་ངག་གནད་དུ་སྨིན་པར་བྱིན་གྱིས་རང་རློབས་ཤིག །མདོར་ན་ལྷ་བཞི་ལུས་ཀྱི་དཀྱིལ་འཁོར་ལ་རྫོགས་པས། །རྗོད་བྱེད་སྡེ་སྣོད་གསུམ་གྱི་ལེགས་བཤད་ཀྱི་ངག་དང་། །བརྗོད་བྱ་བསླབ་གསུམ་དག་པས་སེམས་ཉིད་ལ་


JKT023_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པའི། །བཀའ་གདམས་རྣམ་ཐར་འབྱོངས་པའི་སྨོན་ལམ་ཞིག་ཞུའོ། །ཞེས་པའང་བཀའ་གདམས་རིན་པོ་ཆེའི་རྣམ་ཐར་ལ་ལྷག་པར་དད་ཅིང་། དེའི་གཞུང་ལུགས་མང་དུ་ཐོས་པའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས། བྱང་རྭ་བསྒྲེང་རྒྱལ་བའི་དབེན་གནས་སུ་འབྱོར་བའི་སྐབས་གློ་བུར་དུ་ཡིད་ལ་ཤར་བ་དང་། སྔ་སོར་རྒྱུད་སྨད་དགེ་སློང་དགེ་བའི་བཤེས་གཉེན་ཛྷཱ་ནའི་མཚན་ཅན་གྱིས་ཀྱང་འདི་ལྟ་བུ་ཞིག་བྲིས་ཤིག་ཅེས་བསྐུལ་བ་རྗེས་སུ་དྲན་ཏེ་རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག ༈ །བི་ཙ་ཏུར་སྤུ་ར་སཱསཾ་རཱ་བཱསྟི། ཞེན་པ་བཞི་བྲལ་གྱི་ཉམས་དབྱངས་སྙིང་གི་བདུད་རྩི་ཞེས་བྱ་བ། རྗེ་འཇམ་དབྱངས་བླ་མའི་བྱིན་རླབས་ཀྱིས། །མཁའ་ཁྱབ་ཀྱི་འགྲོ་ཀུན་དམ་ཆོས་སྤྱོད། །ཆོས་ལམ་ལོངས་ལམ་གྱི་འཁྲུལ་པ་ཞི། །འཁྲུལ་སྣང་ཀུན་དབྱིངས་སུ་འཆར་བར་ཤོག །རྟེན་དལ་འབྱོར་རྙེད་དཀའ་ཐོབ་གྱུར་ཀྱང་། །ཚེ་འདི་ལ་ཞེན་ན་ཆོས་པ་མིན། །དུས་སྐད་ཅིག་མི་རྟག་འཇིག་པའི་ཕྱིར། །ལས་དགེ་སྡིག་བླང་དོར་བརྩོན་ཡང་འཚལ། །བློ་དམ་པའི་ཆོས་ལ་ཕྱོགས་གྱུར་ཡང་། ཁམས་གསུམ་ལ་ཞེན་ན་ངེས་འབྱུང་མིན། །སྡུག་བསྔལ་གྱི་རང་བཞིན་འཁོར་བ་ལས། །བཅོས་མིན་གྱི་ཐར་འདོད་བསྐྱེད་ཀྱང་འཚལ། །རང་ཞི་བདེ་ཙམ་ཞིག་དོན་གཉེར་ཡང་། །བདག་དོན་ལ་ཞེན་ན་བྱང་སེམས་མིན། །སེམས་ཅན་ཀུན་ཕ་མ་དྲིན་ཅན་ཕྱིར། །བྱམས་སྙིང་རྗེ་


JKT023_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སེམས་སྦྱོར་ཡང་འཚལ། །ཀུན་རྫོབ་ཀྱི་བྱང་སེམས་འབྱོངས་གྱུར་ཡང་། །འཛིན་པ་བྱུང་ན་ལྟ་བ་མིན། །བདག་ལྟའི་རྩ་བ་གཅོད་པའི་ཕྱིར། །སྤྲོས་བྲལ་གྱི་དབྱིངས་སུ་སྐྱེལ་ཡང་འཚལ། །ཚིག་དེ་སྐད་རྗེ་བཙུན་འཇམ་དབྱངས་ཀྱིས། །དཔལ་བརྩེ་བ་ཆེན་པོར་གདམས་པའི་བཅུད། །ཉམས་གང་ཤར་དབྱངས་སུ་བླངས་པའི་དགེས། །མ་འགྲོ་ཀུན་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་པའང་ཕྱོགས་མེད་ཀྱི་རྒྱལ་ཁམས་ཉུལ་བའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ས་སྐྱའི་ཆོས་གྲྭར། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བླ་མ་ས་སྐྱ་པ་ཆེན་པོ་ལ་དངོས་སུ་ཞལ་བསྟན་ཅིང་གསུང་གི་གནང་བ་སྩལ་བའི་རང་བྱུང་རྡོ་རྗེའི་བྲག་གི་ཀེའུ་ཚང་དུ་བྲིས་པ་དགེ ། །བློ་སྦྱོང་དོན་བདུན་མའི་གསལ་འདེབས་ཡིད་ཀྱི་བདུད་རྩི་ཞེས་བྱ་བ། སྲིད་ཞིའི་ཡོན་ཏན་ཀུན་གྱི་འབྱུང་གནས། །ཐེག་མཆོག་དགེ་བའི་བཤེས་ལ་འདུད་དོ། །དད་པ་གསུམ་གྱིས་བློ་རྒྱུད་དག་པར། །རྗེ་བཙུན་བླ་མས་བྱིན་གྱིས་རློབས་ཤིག །དལ་འབྱོར་རྙེད་དཀའ་འཇིག་སླར་ཤེས་པས། །ལས་འབྲས་བླང་དོར་ཚུལ་བཞིན་བརྩོན་ཅིང་། །བཅོས་མིན་ངེས་འབྱུང་སྔོན་འགྲོ་འབྱོངས་པར། །རྗེ་བཙུན་བླ་མས་བྱིན་གྱིས༴ གཟུང་འཛིན་བདེན་མེད་དབྱིངས་སུ་སྦྱངས་ཏེ། །བདག་གཞན་བདེ་སྡུག་གཏོང་ལེན་ཟབ་མོའི། །བྱང་ཆུབ་སེམས་གཉིས་རྟག་ཏུ་བསྒོམ་པར། །རྗེ་བཙུན་བླ་


JKT023_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

མས་བྱིན་གྱིས་རློབས་ཤིག །རྐྱེན་ངན་སྡུག་བསྔལ་ཇི་ལྟར་བྱུང་ཡང་། །བདག་འཛིན་འགོང་པོའི་འཕྲུལ་དུ་མཐོང་ནས། །བྱང་ཆུབ་སེམས་ཀྱིས་ལམ་དུ་འཁྱེར་བར། །རྗེ་བཙུན་བླ་མས་བྱིན་གྱིས་རློབས་ཤིག །བསམ་སྦྱོར་དག་པས་ཚོགས་བསགས་སྒྲིབ་སྦྱོང་། །སྨོན་ལམ་དང་བཅས་སྟོབས་ལྔ་ལྡན་པའི། །ཚེ་གཅིག་ཉམས་ལེན་སྙིང་པོར་དྲིལ་བར། །རྗེ་བཙུན་བླ་མས༔ ཆོས་ཀུན་བདག་འཛིན་གཉེན་པོར་འཆར་ཞིང་། །རང་སེམས་དཔང་ཐུབ་ཡིད་བདེའི་གདིངས་ཀྱིས། །འགལ་རྐྱེན་ཐམས་ཅད་ལམ་དུ་ལོངས་པར། །རྗེ་བཙུན་བླ་མས= ཁས་བླངས་དོན་ལྡན་ཚུལ་འཆོས་དང་བྲལ། །ཕྱོགས་རིས་མེད་པར་མངོན་ཚན་ཆུང་ངུས། །བློ་སྦྱོང་དམ་ཚིག་སྲོག་བཞིན་བསྲུང་བར། །རྗེ་བཙུན་བླ་མས༔ མདོར་ན་བྱང་ཆུབ་སེམས་གཉིས་འཕེལ་བའི། །བསླབ་བྱ་ཐམས་ཅད་ཚུལ་བཞིན་སློབ་པས། །ཚེ་འདིར་ཐེག་མཆོག་བཟོད་པ་ཐོབ་པར། །རྗེ་བཙུན་བླ་མས༴ མཉམ་མེད་ཇོ་བོ་ཡབ་སྲས་ཐུགས་བཅུད། །དོན་ཚན་བདུན་ལྡན་བློ་སྦྱོང་ཚུལ་ལ། །སྙིང་ནས་སྨོན་པའི་ལེགས་བྱས་འདིས་འགྲོ་ཀུན་བྱང་ཆུབ་ཐོབ་པར་མཛོད་ཅིག་།ཅེས་པའང་སྐྱིད་ཤོད་སྙེ་ཐང་གི་དཔལ་ལྡན་ཨ་ཏི་ཤའི་སྐུ་འདྲ་རིན་པོ་ཆེའི་དྲུང་དུ་རྩེ་གཅིག་གསོལ་བ་འདེབས་པ་པོ་ནི། རྒྱལ་ཁམས་ཉུལ་བའི་བྱ་བྲལ་བ་བཀའ་གདམས་རིན་པོ་ཆེའི་རིང་ལུགས་ལ་


JKT023_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་གུས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སྟེ་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །།ཨོཾ་མ་ཎི་པདྨེ་ཧཱུཾ། རྒྱལ་ཀུན་སྙིང་རྗེའི་ཡེ་ཤེས་ཀྱི་རང་གཟུགས། །འཇིག་རྟེན་དབང་ཕྱུག་ཐུགས་རྗེ་ཡི་གཏེར་ཆེན། །རྟག་ཏུ་དྲན་པའི་སྨྲེ་སྔགས་ཀྱི་མགྲིན་གླུས། །གསོལ་འདེབས་བུ་ལ་བྱིན་རླབས་ཞིག་སྩོལ་དང་། །ཁྱོད་སྐུའི་སྣང་བརྙན་བསོད་ནམས་ཀྱི་མཚར་སྡུག །ཏིང་འཛིན་པིར་གྱིས་རྩེ་གཅིག་ཏུ་འབྲི་ན། །ཐ་མལ་སྣང་ཞེན་རྒྱུ་བ་ཀུན་བཅོམ་པའི། །གསལ་བ་ལྷ་ཡི་དངོས་གྲུབ་ཞིག་སྩོལ་ཅིག །གང་གསུང་རྡོ་རྗེ་ཡིག་དྲུག་གི་རོལ་མོ། །མགྲིན་པར་རོལ་ནས་འཆད་མེད་དུ་སྨྲ་ན། །བརྟན་གཡོའི་སྒྲ་སྐད་གྲགས་སྟོང་དུ་འཆར་བའི། །ནུས་པ་སྔགས་ཀྱི་དངོས་གྲུབ་ཞིག་སྩོལ་ཅིག །ཁྱོད་ཐུགས་སྤྲོས་བྲལ་ཡེ་ཤེས་ཀྱི་གནས་ལུགས། །རང་ངོ་ཤེས་པའི་བསམ་གཏན་ལ་བརྩོན་ན། །གཟུང་འཛིན་འཁྲུལ་བ་གཉུག་མ་རུ་ཞིག་པའི། །ཟབ་མོ་འོད་གསལ་དངོས་གྲུབ་ཞིག་སྩོལ་ཅིག ༈ །ཨེ་མ་ཧོ། སྤྱི་བོ་བདེ་ཆེན་འཁོར་ལོའི་དཀྱིལ་འཁོར་གྱི་དབུས་ན། །ཁྱབ་བདག་བླ་མ་བདེ་གཤེགས་གཏུམ་པོ་དེ་བཞུགས་ཡོད། །སྣང་སྟོང་དབྱེར་མེད་ངང་ནས་གསོལ་བ་རང་འདེབས་སོ། །འཆི་བདག་བདུད་ཚོགས་ཞི་བའི་དངོས་གྲུབ་ཞིག་སྩོལ་མཛོད། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་དཀྱིལ་འཁོར་གྱི་


JKT023_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་ན། །ཁྱབ་བདག་བླ་མ་པདྨ་གཏུམ་པོ་དེ་བཞུགས་ཡོད། གྲགས་སྟོང་དབྱེར་མེད་ངང་ནས༔ ཉོན་མོངས་བདུད་ཚོགས་ཞི་བའི་དངོས་གྲུབ་ཞིག་སྩོལ་མཛོད། །སྙིང་ཁ་ཆོས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་དབུས་སུ། །ཁྱབ་བདག་བླ་མ་རྡོ་རྗེ་གཏུམ་པོ་དེ་བཞུགས་ཡོད། །རིག་སྟོང་དབྱེར་མེད་ངང་ནས༴ ལྷ་བུའི་བདུད་ཚོགས་ཞི་བའི་དངོས་གྲུབ་ཞིག་སྩོལ་མཛོད། །ལྟེ་བ་སྤྲུལ་པའི་འཁོར་ལོའི་དཀྱིལ་འཁོར་གྱི་དབུས་ན། །ཁྱབ་བདག་བླ་མ་རིན་ཆེན་གཏུམ་པོ་དེ་བཞུགས་ཡོད། །བདེ་སྟོང་དབྱེར་མེད་ངང་ནས༔ ཕུང་པོའི་བདུད་ཚོགས་ཞི་བའི་དངོས་གྲུབ་ཞིག་སྩོལ་མཛོད། །སྲིད་ལས་ངེས་པར་འབྱུང་བ་ཉམས་ལེན་གྱི་ཞིང་ས། །ཀུན་རྫོབ་བྱང་སེམས་འབྱོངས་པ་ཐེག་ཆེན་གྱི་ས་བོན། །ཡང་དག་ལྟ་བ་རྟོགས་པ་ཟབ་དོན་གྱི་སྙིང་པོ། །ཐུན་མོངས་ལམ་རིམ་སྨིན་པར་བྱིན་གྱིས་རང་རློབས་ཤིག །ཐ་མལ་སྣང་ཞེན་དག་པ་བསྐྱེད་རིམ་གྱི་མཐར་ཐུག །རླུང་སྔགས་དབྱེར་མེད་ཤེས་པ་བཟླས་བརྗོད་ཀྱི་དེ་ཉིད། །previous hit རིག་སྟོང་སྒྱུ་མར་རྫོགས་པ་གནས་ལུགས་ཀྱི་འཇོག་སོ། །ཁྱད་པར་ལམ་མཆོག་སྒོམ་པར་བྱིན་གྱིས་རང next hit་རློབས་ཤིག །ཨ་ཤད་གཏུམ་མོ་འབར་བའི་བདེ་དྲོད་ཀྱི་རེག་བྱ། །ཧཱུྃ་ཡིག་བྱང་ཆུབ་སེམས་ཀྱི་རྩེ་དགའ་ལ་རོལ་ནས། །རླུང་སེམས་དབུ་མར་ཐིམ་པའི་ཟུང་


JKT023_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་གི་ཡེ་ཤེས། །ཚེ་འདིར་མངོན་སུམ་འགྲུབ་པའི་སྨོན་ལམ་ཞིག་ཞུའོ། །ཅེས་པ་འདི་ཡང་སྒྲུབ་གནས་བྲག་དམར་ཟངས་ཡག་ནས་མཁའ་རྫོང་དུ་ཁྲོ་རྒྱལ་ཡང་གསང་གཏུམ་པོ་མཐིང་གའི་རས་བུང་བགྱིས་པའི་སྐབས་སུ། ཡོངས་རྫོགས་བསྟན་པའི་ཉི་མ་སྤྲུལ་པའི་སྐུ་མཆོག་མདོ་སྔགས་གླིང་པས་གང་ཤར་རྩོལ་མེད་ཤུགས་འབྱུང་དུ་གསུངས་པ་ཉིད་ཡི་གེར་འབྲི་བའི་བྱེད་པོ་གཏེར་སློབ་འདུལ་འཛིན་པདྨ་དྲི་མེད་བློ་གྲོས་གཞན་ཕན་ཆོས་ཀྱི་སྣང་བའམ། མིང་གཞན་རིན་ཆེན་དར་རྒྱས་དཔལ་བཟང་པོ་སྟེ་འགྲོ་རྣམས་བདེ་དྲོད་བསམ་མི་ཁྱབ་པའི་གཏུམ་མོ་མཐར་ཕྱིན་པར་གྱུར་ཅིག །པར་མ་སུ་ཁ་ཝནྟནྟུ། །།ཨེ་མ་ཧོ། ཙིཏྟ་རང་བྱུང་གསང་བའི་སྦུབས། །གཞོམ་དུ་མེད་པའི་ཡེ་ཤེས་ཀྱི། །ཐིག་ལེ་ཟག་པ་མེད་པའི་བདེ། །མངོན་སུམ་མཐོང་བས་ཕྱག་བགྱིའོ། །ཐོག་མ་ཐ་མ་མེད་པ་ཡི། །རང་བྱུང་འོད་གསལ་སེམས་ཀྱི་གཤིས། །འཁོར་བའི་དུས་སུ་མ་བཅིངས་ཤིང་། །མྱ་ངན་འདས་ཀྱང་གྲོལ་བ་མེད། །དེ་ནི་དཔལ་ཆེན་ཡང་དག་གོ །ཨོ་ཡིག་གཞོམ་དུ་མེད་པ་ཡི། །བདེ་ཆེན་ཡེ་ཤེས་གཅིག་ཉིད་ལས། །སྲིད་དང་ཞི་བའི་རྣམ་འགྱུར་ནི། །གར་མཁན་ལག་པ་བཞིན་ཏུ་སྣང་། །རུ་ལུ་གནས་ལུགས་མ་བཅོས་པ། །གདོད་མའི་ཀ་དག་ཆེན་པོའི་བབས། །རུ་ལུ་སྣང་ལུགས་ལྷུན་གྲུབ་ཀྱི། །སྒོ་བརྒྱད་མ་འགགས་འཆར་གཞིར་གནས། །ཀ་དག་ལྷུན་གྲུབ་ཟུང་འཇུག་པ། །དབྱིངས་དང་རིག་པ་དབྱེར་མེད་ཧཱུཾ། །མ་


JKT023_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་མ་བསླད་དེ་བཞིན་གཤེགས། །བློ་འདས་ངང་དུ་མཉམ་བཞག་པས། །སྒྲིབ་གཉིས་མ་སྤངས་ཐིག་ལེ་ཚེ། །མཁའ་ཀློང་དབྱིངས་སུ་རོ་གཅིག་བྱོ། །གཏིང་ཟབ་ཀུན་ཏུ་བཟང་མོའི་དབྱིངས། །རང་བཞིན་ལྷུན་གྲུབ་འདུས་མ་བྱས། །བྷ་ག་གསང་བ་ཆེན་མོའི་སྦུབས། །སྐུ་གསུམ་འདུ་འབྲལ་མེད་པར་རྫོགས། །དེ་ནི་ལྷ་སྔགས་ཡེ་ཤེས་ཀུན། །དབྱེར་མེད་ཐིག་ལེ་ཆེན་པོ་ཧཱུྃ། །ཆོས་རྣམས་ཟད་པ་དེ་ཡིན་ཏེ། །དཔལ་ཆེན་དགོངས་པའི་མཐར་ཐུག་གོ །དེ་ཡང་སྙིང་པོ་གཅིག་དྲིལ་ནས། །རང་སེམས་གསལ་སྟོང་ཟུང་འཇུག་ཉིད། །དོན་གྱི་ཡང་དག་དེ་ཡིན་ཞེས། །ཨོ་རྒྱན་མཁན་པོས་དེ་སྐད་གསུངས། །དེ་ཕྱིར་རང་སེམས་མ་བཅོས་པ། །རྣལ་མར་འཇོག་པ་ཁོ་ན་ལས། །ཡང་དག་གཞན་དུ་མེད་པར་ཁུམས། །རྡོ་རྗེ་གཟི་བརྗིད་དེ་སྐད་ལོ། །ཞེས་དཔལ་ཡང་དག་ལ་ཀུན་ཏུ་དགའ་བའི་ཚ་བ་ཤོད་ཀྱི་འབྲོག་ལྗོངས་སུ་སྐྱེ་བའི་མྱུ་གུ་བཟུང་བ། ལོ་ཙཱ་བ་རཏྣ་བི་ཛ་ཡས་ཡི་གེར་བྲིས་ཏེ་བྱ་བ་གཉིས་ཀས་སྟོང་པ་ཆེན་པོ་སྒོ་མེད་འབྲིང་པོར་མེ་ཉག་བླ་མ་ཆེན་པོས་དབུགས་དབྱུང་བའི་འཇའ་ས་ཐོབ་པ། ཡན་པ་བློ་བདེས་འོད་གསལ་ཤེལ་ཕུག་གི་ཉེ་འདབས་སུ་སྨྲས་པའོ། །།ཨ་ཧོ། གཟོད་ནས་རྣམ་པར་གྲོལ་བ་ཀ་དག་གི་གཤིས་ལུགས། །རང་མདངས་ཅིར་ཡང་འཆར་བ་ལྷུན་གྲུབ་ཀྱི་རོལ་མོ། །གང་འདུལ་སྤྲུལ་པའི་སྐུར་སྣང་ཁྱབ་བདག་གི་བླ་


JKT023_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

མར། །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རང་རློབས་ཤིག །དལ་འབྱོར་རྙེད་དཀའ་ཐོབ་པ་ད་ལན་ཙམ་ཡིན་པས། །ནམ་འཆི་ཆ་མེད་དྲན་པའི་སྐྱོ་ཤས་དང་འགྲོགས་ཏེ། །སྲིད་ལས་ངེས་འབྱུང་དྲག་པོས་དགེ་སྡིག་གི་བླང་དོར། །ཟོལ་མེད་ཚུལ་བཞིན་བརྩོན་པར་བྱིན་གྱིས་རང་རློབས་ཤིག །འགྲོ་ཀུན་ཕ་མར་ཤེས་པའི་ལེགས་བྱས་ཀྱི་མྱུ་གུ། །བྱམས་དང་སྙིང་རྗེ་ཆེན་པོའི་བདུད་རྩི་ཡིས་བྲན་པས། །སྨོན་དང་འཇུག་པའི་བདག་ཉིད་བྱང་ཆུབ་ཀྱི་སེམས་མཆོག །ནོར་བུའི་སྙེ་མ་སྨིན་པར༔ ཁྱད་པར་སྐབས་གནས་ཀུན་འདུས་རིན་ཆེན་གྱི་བླ་མ། །ཡིད་ལ་འབྲལ་མེད་བསྒོམ་པའི་མོས་གུས་ཀྱིས་བསྐུལ་བས། །ཐུགས་ཡིད་གཅིག་ཏུ་འདྲེས་པའི་དོན་བརྒྱུད་ཀྱི་འཕོ་བ། །སྙིང་གི་ཐིག་ལེར་སིམ་པར༔ གཞི་དབྱིངས་སེམས་ལས་འདས་པའི་ཡེ་ཤེས་ཀྱི་previous hit རང་ཞལ། །ལམ་དུས་བསལ་བཞག་མེད་པར་ལྷུག་པ་རུ་བསྐྱང་བས། །འབྲས་བུ་རིག next hit་སྟོང་ཁྱབ་བདལ་ཆོས་ཉིད་ཀྱི་དབྱིངས་སུ། །གདོད་མའི་གཏན་སྲིད་ཟིན་པར༔ མདོར་ན་འདི་ནས་བྱང་ཆུབ་སྙིང་པོ་ཡི་བར་དུ། །སྐྱབས་གནས་གཞན་ན་མེད་དོ་དྲིན་ཆེན་གྱི་བླ་མ། །མངོན་སུམ་བྱིན་གྱིས་རློབས་ཤིག་ཡེ་ཤེས་ཀྱི་སྐུ་ཅན། །ནམ་ཡང་འབྲལ་བ་མེད་པའི་སྨོན་ལམ་ཞིག་ཞུའོ། །ཞེས་པའང་ལེགས་དགོན་བྱང་འདྲེན་པ་པ་ར་མ་སྭ་རས་བཀྲ་


JKT023_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་པའི་ལྷ་རྫས་དང་། རིན་ཆེན་གཉིས་པའི་དོང་ཙེ་བཅས་རྒྱང་རིང་མོ་ནས་བསྐུལ་བའི་ངོར། གསོལ་འདེབས་ཞལ་གདམས་སྨོན་ལམ་དང་འབྲེལ་བ་མགུར་དབྱངས་ཀྱི་ཚུལ་དུ་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་ཏེ་དཔལ་ཟེ་ཆེན་གྱི་བྱང་འདྲེན་ཆེན་པོ་པུཎྱ་དྷརྨ་དྷཱ་ཏུའི་ཕྱག་གི་པདྨོར་མྱོང་གྲོལ་གྱི་བདུད་རྩི་དང་ལྷན་ཅིག་ཏུ་གཏད་པ་དོན་དང་ལྡན་པར་གྱུར་ཅིག། ༈ །།རྫོགས་པའི་སངས་རྒྱས་དོན་ཐམས་ཅད་ཡོངས་སུ་གྲུབ་པ་ལ་ཕྱག་འཚལ་ལོ། །ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་སྐུ། །ངེས་པ་ལྔ་ལྡན་ལོངས་སྤྱོད་ཆེན་པོར་རྫོགས། །གང་འདུལ་སྤྲུལ་པའི་རྣམ་རོལ་མཐའ་ཡས་པའི། །ཨོ་རྒྱན་རྡོ་རྗེ་འཆང་དེས་ཁྱོད་ལ་སྲུངས། །འདི་ན་དལ་བརྒྱད་འབྱོར་བཅུས་ཡོངས་ཕྱུག་ཅིང་། །འཁོར་ལོ་གསུམ་གྱི་དགེ་མཚན་རྨད་བྱུང་བའི། །བཤེས་གཉེན་གང་དེས་རིན་ཆེན་གཉིས་པ་ནི། །སྲང་འཁོར་དང་བཅས་ཁོ་བོའི་སུག་པར་སོན། །དེ་ཚེ་མཆོག་གསུམ་རྒྱ་མཚོར་མོས་གུས་ཀྱིས། །མངོན་སུམ་སད་པར་བྱས་པའི་སྤྱན་སྔ་རུ། །ཡན་ལག་བདུན་གྱི་བསགས་སྦྱངས་སྤེལ་གསུམ་བཅས། །སྨོན་ལམ་ཀུན་ཏུ་བཟང་པོའི་རྗེས་སུ་ཟློས། །ཨ་ཧོ། རྙེད་དཀའི་མི་ ལུས་ཐོབ་པ་ད་རེས་ཙམ་ཡིན་པས། །ནམ་འཆི་ཆ་མེད་བསམ་པའི་ངེས་འབྱུང་དང་སྦྲགས་ནས། །ལས་འབྲས་བླང་དོར་གནས་ལ་ཚུལ་བཞིན་དུ་བརྩོན་ན། །མཐོ་རིས་གོ་འཕང་ཐོབ་པ་མངོན་མཐོ་མི་


JKT023_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བཟང་། །འཁོར་བའི་སྡུག་བསྔལ་དྲན་པའི་ངེས་འབྱུང་དང་འགྲོགས་ནས། །ལས་ཉོན་ཀུན་འབྱུང་སྤོང་བའི་གཡར་དམ་དེ་བཙན་པོས། །ཐར་པའི་ལམ་བཟང་སྙིང་གི་བཅུད་ལེན་དུ་བརྟེན་ན། །འགོག་བདེན་མངོན་དུ་བྱེད་པ་ངེས་ལེགས་ཀྱི་ཐེམ་སྐས། ཀུན་རྫོབ་ཆོས་ཀུན་སྒྱུ་མའི་དཔེ་བརྒྱད་དུ་བལྟས་ནས། །དོན་དམ་སྤྲོས་པ་བྲལ་བའི་ངལ་འཚོ་དང་སྦྲགས་ཏེ། །གསང་ཆེན་ཟབ་མོའི་ལམ་གྱིས་ཐབས་མཁས་དང་སྦྱར་ནས། །རྣམ་མཁྱེན་ཕ་མཐར་སོན་པ་མྱུར་ལམ་གྱི་ཁྱད་ཆོས། །དེ་སྐད་རྒྱུ་དང་འབྲས་བུའི་ཐེག་པ་ཡི་གླུ་དབྱངས། །གང་ཤར་ལོངས་སྤྱོད་འཁོར་ལོའི་རྒྱུད་མང་ལ་བླངས་པས། །གདུལ་བྱའི་མོས་སྣང་དམ་པའི་ཆོས་ཕྱོགས་ལ་བསྒྱུར་ནས། །འབྲེལ་ཚད་དོན་དང་ལྡན་པའི་སྨོན་ལམ་ཞིག་ཞུའོ། ༈ །ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་རྡོ་རྗེའི་གླུ་དགེ་ལེགས་བདུད་རྩིའི་ཆར་འབེབས་ཞེས་བྱ་བ། ཨ་ཧོ། བཀྲ་ཤིས་དཔྱིད་ཀྱི་རྒྱལ་མོའི་ལེགས་བྱས་ཀྱི་ཤིང་རྟས། །གནས་མཆོག་འཆི་མེད་གྲུབ་པ་འོག་མིན་གྱི་དགའ་ཚལ། །ས་འདིར་མངོན་སུམ་དྲངས་པའི་ངོ་མཚར་གྱི་སྣང་བ། །ནམ་ཡང་ནུབ་པ་མེད་པའི་རྟེན་འབྲེལ་ཞིག་ཞུའོ། །སྐུ་བཞི་དབྱེར་མི་ཕྱེད་པ་བདེ་ཆེན་གྱི་ཉམས་འགྱུར། །སྟོན་པ་རྡོ་རྗེ་སློབ་དཔོན་རྣམ་རོལ་ཏུ་ཤར་བ། །ལྷར་བཅས་བསྟན་དང་འགྲོ་བའི་ཕན་བདེ་ཡི་བྱེད་པོར། །


JKT023_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་ཞིག་ཞུའོ། །ལས་སྨོན་ཟླ་བའི་བདུད་རྩི་ཕྱོགས་གཅིག་ཏུ་དཀར་བ། །འཁོར་ཚོགས་རིག་འཛིན་འདུས་པའི་སྐལ་བཟང་གི་ཚོམ་བུ། །ཚུལ་གནས་ཐོས་བསམ་བསྒོམ་པའི་དགའ་སྟོན་ལ་སྤྱོད་བཞིན། །རིང་འཚོའི་དགེ་མཚན་རྒྱས་པའི་དངོས་གྲུབ་ཞིག་ཞུའོ། །རྒྱལ་རྣམས་ཐུགས་ཀྱི་གསང་བ་འགོག་བདེན་གྱི་ཡེ་ཤེས། །ཆོས་ཚུལ་རྒྱ་མཚོའི་སྤྲིན་ཆེན་ལམ་བདེན་གྱི་རོལ་མོ། །འཇའ་ལུས་རྡོ་རྗེའི་ཐེམ་སྐས་ཐེག་མཆོག་གི་ཆར་ཆེན། །རྟག་པར་རྒྱུན་དུ་འབེབས་པའི་རྟེན་འབྲེལ་ཞིག་ཞུའོ། །གནས་དང་སྟོན་འཁོར་དམ་ཆོས་རྨད་བྱུང་གི་འདུ་བ། །དུས་གསུམ་ཀུན་ཏུ་ཁྱབ་པའི་དགེ་མཚན་གྱི་རྒྱལ་རྔས། །ཡིད་སྲུབ་དཔུང་བཅས་མིང་གི་ལྷག་མ་རུ་བཅོམ་ནས། །དོན་གཉིས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཞིག་ཞུའོ། །ཞེས་པའང་རིག་འཛིན་རྒྱལ་བའི་མྱུ་གུ་གཞོན་ནུ་ཐུགས་དགྱེས་པའི་སླད་དུ་ཆོས་ཚུལ་སྣ་ཚོགས་སྨྲ་བའི་དྲང་སྲོང་རྒན་པོ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་རབ་ཚེས་དཔལ་གདོང་གི་གནམ་ལོ་གསར་དུ་འཆར་བའི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བཅོ་ལྔའི་ཉི་མ་འཆར་ཀའི་དུས་དགེ་བར་གང་ཤར་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨ་ཧོ། ཨོ་ཡིག་མཆོག་ཏུ་མི་འགྱུར་འོད་གསལ་གྱི་ཡེ་ཤེས། །བཀྲ་ཤིས་མཚན་དཔེའི་དཔལ་འབར་རྡོ་རྗེ་ཡི་མཛེས་


JKT023_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ། །བསྐལ་བརྒྱར་ཞབས་པད་བརྟན་པའི་དགེ་ལེགས་ཀྱི་སྣང་བས། །ས་གསུམ་ཁྱབ་པར་མཛོད་ཅིག་ཡིད་བཞིན་གྱི་འཁོར་ལོ། །ཏཱ་རེ་སྙིང་རྗེའི་དབང་གྱུར་གཞོམ་མེད་ཀྱི་ཡེ་ཤེས། །ཆོས་ཕུང་ཡན་ལག་བརྒྱ་ལྡན་ནཱ་ད་ཡི་གསུང་གསང་། །ཞིང་འདིའི་གདུལ་བྱ་སྒྲོལ་ཕྱིར་འཆད་མེད་དུ་འདོམས་པའི། །རོལ་མོ་སྙན་པར་སྒྲོགས་ཤིག་ཡིད་བཞིན་གྱི་འཁོར་ལོ། །ཏུཏྟཱ་རེ་ཞེས་གདུང་སེལ་བདེ་ཆེན་གྱི་ཡེ་ཤེས། །སྲིད་ཞིའི་ཉམས་བརྒྱར་འཆར་བའི་བློ་འདས་ཀྱི་ཐུགས་མཆོག །གངས་ཅན་བསྟན་འགྲོའི་དོན་ལ་མཐའ་གཅིག་ཏུ་གཟིགས་པའི། །དགེ་མཚན་རྒྱས་པར་མཛོད་ཅིག་ཡིད་བཞིན་གྱི་འཁོར་ལོ། །ཏུ་རེ་ཐར་གླིང་སྣང་མཛད་འདོད་འབྱུང་གི་ཡེ་ཤེས། །ཕན་བདེའི་དངོས་ཀུན་མྱུར་སྩོལ་ཡོན་ཏན་གྱི་ནོར་བུ། །བསིལ་ལྡན་ཆེ་དགུའི་གཙུག་ཏུ་བགྲང་ཡས་ཀྱི་བསྐལ་པར། །འཚོ་གཞེས་བརྟན་པར་མཛོད་ཅིག་ཡིད་བཞིན་གྱི་འཁོར་ལོ། །སྭཱ་ཧཱ་གྲུབ་པ་ཆེན་པོའི་ཐོགས་མེད་ཀྱི་ཡེ་ཤེས། །ལེགས་རྒུའི་དངོས་ཀུན་སྦྱིན་མཁས་ཕྲིན་ལས་ཀྱི་ཉི་མ། །སྐལ་བཟང་གླིང་བཞིའི་མཁའ་ལ་ནུབ་ མེད་དུ་རྟག་པའི། །རྒྱལ་རྔ་བརྡུང་བར་མཛོད་ཅིག་ཡིད་བཞིན་གྱི་འཁོར་ལོ། །ཨ་ཧོ་ཨ་ཧོ་ཤྲཱི་བི་ཛ་ཡནྟཾ། །ཞེས་པའང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གྱུར་བདེ་ཆེན་གླིང་པ་ཉིད་སྐུ་ཁམས་ཅུང་རྙོགས་ཚུལ་གཞེས་པའི་སྐབས་


JKT023_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མི་ཕྱེད་པའི་ཡེ་ཤེས་རོལ་པའི་རྩལ་འཚང་བ་ཨེ་ཝཾ་ཟུང་དུ་འཇུག་པའི་གསང་གསུམ་རྟག་པ་དམ་པའི་རྒྱལ་ཐབས་ལ་བདག་གིར་མཛད་ཅིང་ཡོན་ཏན་དང་ཕྲིན་ལས་རྒྱུན་གྱིས་རྟག་པའི་དགེ་མཚན་མངོན་སུམ་དུ་སྣང་བའི་སླད། འཆི་མེད་ཡིད་བཞིན་འཁོར་ལོའི་བསམ་གཏན་ལ་སྙོམས་པར་ཞུགས་པའི་ཚེ། ཐུགས་དམ་གནད་ནས་སྐུལ་བའི་རྡོ་རྗེ་སྒྲ་མའི་མཆོད་སྤྲིན་འཕགས་མ་དགྱེས་པའི་འབངས་ཡིད་ཀྱི་ཟླ་བས་སྤྲོས་པ་ན། བྱིན་རླབས་ཀྱི་ཟིལ་གཟུགས་ཅན་བཞིན་དུ་འཆར་བའི་ལེགས་བྱས་དེ་ཇི་ལྟ་བར་སིདྡྷི་རསྟུ།། ༈ །།དཔལ་རྡོ་རྗེ་སེམས་དཔའ་ལ་ཡང་སྙིང་གི་སྒོ་ནས་བསྔགས་པའི་རྡོ་རྗེའི་གླུ་གསང་བདག་བཞད་པའི་དབྱངས་སྙན་ཞེས་བྱ་བ། ཨོཾ་གྱི་རང་བཞིན་ལྷུན་གྲུབ་གཉིས་མེད་ཀྱི་ཡེ་ཤེས། །བདག་དོན་དག་པ་གཉིས་ལྡན་ཆོས་སྐུ་ཡི་ཀློང་ན། །གཞན་ཕྱིར་གཟུགས་སྐུའི་རྣམ་འཕྲུལ་མཁའ་ཁྱབ་ཏུ་འཆར་བའི། །དཔལ་ལྡན་སྐུ་གསུམ་དབྱེར་མེད་ཆེན་པོ་ལ་འདུད་དོ། །བཛྲ་གཞི་ལམ་འབྲས་བུའི་ཆོས་རྣམས་ཀུན་མ་ལུས། །གཅིག་དང་དུ་མ་ལས་འདས་previous hit རང་བྱུང་གི་རིག next hit་པ། །གཟུང་འཛིན་རྟོག་པས་མི་ཕྱེད་བྱང་ཆུབ་ཀྱི་སེམས་ཉིད། །རྡོ་རྗེ་རྡུལ་བྲལ་སྟོང་པའི་ངོ་བོ་ལ་འདུད་དོ། །སཏཱ་རིག་སྟོང་ལྷན་སྐྱེས་འགྱུར་མེད་དུ་བརྟན་པས། །འཁོར་འདས་ཆོས་ཀུན་མཉམ་པ་ཉིད་དབྱིངས་སུ་བསྡུས་པའི། །གནས་ལུགས་མངོན་སུམ་རྟོགས་པ་སྒྲིབ་བྲལ་གྱི་འབྲས་བུ། །སེམས་དཔའ་ཟག་མེད་སྙིང་རྗེའི་རང་གདངས་ལ་འདུད་


JKT023_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ཨཱཡིག་ཐབས་དང་ཤེས་རབ་ཟུང་འཇུག་གིས་མཚོན་པའི། །འབྱུང་དང་ཕུང་པོ་རྣམ་དག་ཟབ་གསལ་གྱི་དབྱིངས་ལས། ཁ་སྦྱོར་བདེ་བའི་སྐུ་ཅན་ལྷར་སྣང་དང་རྟོག་ཚོགས། །སྒྱུ་འཕྲུལ་དྲྭ་བ་གཅིག་པུའི་རྣམ་རོལ་ལ་འདུད་དོ། །ཕུན་སུམ་ཚོགས་པ་ལྔ་ལྡན་འོག་མིན་ཕྱི་ཞིང་དུ། །ཐབས་དང་ཤེས་རབ་དབྱེར་མེད་གླེང་བསླང་གི་སྦྱོར་བས། །གསང་བའི་མཐར་ཐུག་བསྟན་པ་སྙིང་པོ་ཡི་རྒྱུད་སྡེའི། །དགོངས་དོན་འཁྲུལ་མེད་རྟོགས་པར་བྱིན་གྱིས་རང་རློབས་ཤིག །གཞི་དབྱིངས་བདེན་གཉིས་མི་ཕྱེད་ཆོས་སྐུ་རུ་ཤེས་པས། །ལམ་མཆོག་ཏིང་འཛིན་ལྔ་ཡི་འཇུག་པ་དང་སྦྱར་ཏེ། །འབྲས་བུ་སློབ་པའི་previous hit རིག་འཛིན་རྣམ་བཞི་ལ་བརྟེན་ནས། །མི་སློབ་ཟུང་འཇུག་ཐོབ་པར་བྱིན་གྱིས་རང next hit་རློབས་ཤིག །བརྗོད་བྱ་རྗོད་བྱེད་དགོས་འབྲེལ་རྨད་བྱུང་དང་ལྡན་པས། །ཆོས་ཀུན་སྣང་བཞིར་གདམས་ནས་སྐལ་བཟང་ལ་གཏད་པའི། །ངེས་དོན་སྙིང་པོའི་བཤད་སྒྲུབ་ཕྲིན་ལས་ཀྱི་སྣང་བས། །ཕན་བདེའི་པདྨོ་རྒྱས་པའི་སྨོན་ལམ་ཞིག་ཞུའོ། །ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཡང་སྙིང་གི་སྔགས་ཀྱི་ངེས་པ་དང་། དཔལ་གསང་བ་སྙིང་པོའི་རྒྱུད་དོན་ཟུང་དུ་འབྲེལ་བས་མངོན་པར་བསྔགས་པའི་བཛྲ་ཀཱི་རྟིའི་རྒྱུད་མངས་རིག་འཛིན་གྱི་བཙུན་པ་རྡོ་རྗེ་ཐུགས་མཆོག་རྩལ་གྱི་དད་གསུམ་སོར་མོས་བསྒྲེངས་པ་སྟེ། འདིས་ཀྱང་ཡིད་ཅན་རྒྱ་མཚོའི་རྡུལ་སྙེད་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་


JKT023_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ལ་མྱུར་དུ་དབུགས་འབྱིན་པའི་རྒྱུར་གྱུར་ཅིག ༈ །དཔལ་བདེ་བ་ཆེན་པོ་པདྨ་སཾ་བྷ་བ་ལ་རྩ་སྔགས་དང་སྦྱར་བའི་གསོལ་འདེབས་རྗེས་དྲན་གྱི་རྡོ་རྗེའི་གླུ་ཁ་སྦྱོར་ནཱ་དའི་དབྱངས་སྙན་ཅེས་བྱ་བ། ཨ་ཧོ། ཨོཾ་གྱི་རང་གཟུགས་ལྔ་ལྡན་ཡེ་ཤེས་ཀྱི་སྒྱུ་འཕྲུལ། །ལོངས་སྤྱོད་ཡོངས་རྫོགས་འཁོར་ལོའི་དགའ་སྟོན་ལ་རོལ་པ། །རབ་འབྱམས་རྒྱལ་བའི་སྤྱི་དཔལ་ཟུང་འཇུག་གི་སྣང་བརྙན། །འཆི་མེད་སྐུ་ཡི་རྡོ་རྗེ་མཚོ་སྐྱེས་རྗེ་མཁྱེན་ནོ། །ཨཱཡིག་ཐབས་དང་ཤེས་རབ་སྲོག་རྩོལ་གྱི་རྒྱུ་བ། ཁ་སྦྱོར་ཨ་ཝ་དྷུ་ཏིའི་ཕྱག་རྒྱ་རུ་བསྡམས་པས། །མི་ཤིགས་ནཱ་དའི་སྒྲ་དབྱངས་མཁའ་ཁྱབ་ཏུ་འཆར་བའི། །འགགས་མེད་གསུང་གི་རྡོ་རྗེ་མཚོ་སྐྱེས་རྗེ་མཁྱེན་ནོ། །ཧཱུཾ་གི་ངོ་བོར་སོན་པའི་སྟོང་ཉིད་ཀྱི་གཤིས་ལུགས། །བདེ་ཆེན་ལྷན་ཅིག་སྐྱེས་པའི་ངལ་འཚོ་དང་སྦྱར་བས། ཁམས་གསུམ་རྟོག་པའི་འཇུག་ལྡང་ཆོས་དབྱིངས་སུ་སིམ་པའི། །ཟག་མེད་ཐུགས་ཀྱི་རྡོ་རྗེ་མཚོ་སྐྱེས་རྗེ་མཁྱེན་ནོ། །བཛྲ་ལྟ་བུའི་རྒྱུན་མཐའི་ཏིང་འཛིན་ལ་བརྟེན་ནས། །རང་བཞིན་མེད་པའི་གནས་ལུགས་མངོན་སུམ་དུ་གཟིགས་པས། །ཟབ་ཞི་སྤྲོས་པ་བྲལ་བའི་འོད་གསལ་གྱི་ངོ་བོ། །དབྱེར་མེད་ཡེ་ཤེས་རྡོ་རྗེ་མཚོ་སྐྱེས་རྗེ་མཁྱེན་ནོ། །གུ་རུ་བླ་ན་མེད་པའི་ཐུགས་རྗེ་ཡི་ལང་ཚོ། །སྙིང་རྗེས་ཡོངས་སུ་གང་བའི་འཇོ་སྒེག་དང་སྦྲགས་ནས། །འཁོར་བ་ཇི་སྲིད་གཞན་


JKT023_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ལྷུན་གྲུབ་ཏུ་འབྱུང་བའི། །ཡོན་ཏན་ཕ་མཐའ་ཡས་པའི་མཚོ་སྐྱེས་རྗེ་མཁྱེན་ནོ། །པདྨ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རིག་གདངས། །རྒྱུན་མི་འཆད་པར་འགྲོ་བའི་སྣང་ངོ་རུ་འཆར་བས། །མཐོང་ཐོས་དྲན་པས་ཕན་བདེའི་དངོས་པོ་ཀུན་སྩོལ་བའི། །ཕྲིན་ལས་བསམ་གྱིས་མི་ཁྱབ་མཚོ་སྐྱེས་རྗེ་མཁྱེན་ནོ། །སིདྡྷི་རྣམ་གཉིས་གདུལ་བྱའི་བསམ་པ་དང་མཐུན་པར། །འགོག་པ་མེད་པར་འཇོ་བའི་ཡིད་བཞིན་གྱི་ནོར་བུ། །སྲིད་ཞིའི་མཐའ་ལ་མི་གནས་བསམ་བརྗོད་ལས་འདས་པའི། །དྲན་པས་སྙིང་གི་གདུང་སེལ་མཚོ་སྐྱེས་རྗེ་མཁྱེན་ནོ། །ཧཱུྃ་ཡིག་ཆ་ལྔས་མཚོན་པའི་རིགས་རྣམས་ཀྱི་ཁྱབ་བདག །ཁ་སྦྱོར་བདུན་ལྡན་འབྱམས་ཀླས་དཀྱིལ་འཁོར་གྱི་གཙོ་མཆོག །དཀོན་མཆོག་རྩ་གསུམ་རྒྱ་མཚོའི་འཆར་གཞི་རུ་བཞུགས་པའི། །སྐྱབས་གནས་ཀུན་འདུས་བླ་མ་མཚོ་སྐྱེས་རྗེ་མཁྱེན་ནོ། །ཨ་ཧོ་བཀའ་དྲིན་མཉམ་མེད་ཨོ་རྒྱན་གྱི་སློབ་དཔོན། །ཁྱོད་ཞབས་སྙིང་ནས་དྲན་པའི་སྨྲེ་སྔགས་ཀྱི་གདུང་བས། །ཡང་ཡང་གསོལ་བ་འདེབས་པའི་དད་ལྡན་གྱི་སློབ་བུར། །མངོན་སུམ་བྱིན་གྱིས་རློབས་ཤིག་མཚོ་སྐྱེས་ཀྱི་རྡོ་རྗེ། །དེ་སྐད་ཀུན་བཟང་པདྨ་ཐོད་ཕྲེང་གི་གསང་སྔགས། ཁ་སྦྱོར་རྡོ་རྗེ་ནཱ་དའི་གླུ་དབྱངས་ཀྱི་མཆོད་སྤྲིན། །མགྲིན་པ་ལོངས་སྤྱོད་འཁོར་ལོའི་དགའ་ཚལ་ནས་བླངས་


JKT023_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

པས། །དོན་གཉིས་ཡིད་བཞིན་འགྲུབ་པའི་དངོས་གྲུབ་ཞིག་ཞུའོ། །ཞེས་དཔལ་བདེ་བ་ཆེན་པོ་པདྨ་སཾ་བྷ་ཝའི་རྩ་སྔགས་ཀྱི་ངེས་པ་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་བརྗོད་བྱ་དང་སྦྱར་བའི་གསོལ་འདེབས་འདི་ཡང་། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་ཀྱིས་དབང་ཆེན་སྤྲེའུ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུའི་དུས་ཀྱི་མཆོད་པའི་སྐབས་ཤིག་ཏུ་བཛྲ་གཱི་ཏིའི་མཆོད་སྤྲིན་དུ་སྤྲོས་པའོ། ༈ །ཕ་རྒྱལ་བ་ཀུན་དངོས་པདྨ་འབྱུང་། །འབངས་སྙིང་ནས་དད་པས་གསོལ་བ་འདེབས། །ལམ་ཚུལ་བཞིན་སྒྲུབ་པར་བྱིན་གྱིས་རློབས། །སྲིད་པས་བསྡུས་པའི་འཇིག་རྟེན་འདིར། །ཕྱི་སྣོད་ནང་བཅུད་གང་ལ་ཡང་། །རྟག་པའི་དངོས་པོ་མ་མཆིས་པས། །རེ་དོགས་དགྲ་གཉེན་གྱི་མདུད་པ་ཁྲོལ། །སྙིང་པོ་མེད་པའི་ནོར་རྫས་ཚོ། །འཆི་བའི་དུས་གཅིག་ཀྱང་ཁྱེར་དུ་མེད། །འདོད་ཆགས་ཀྱི་སྲེད་པ་ཡོངས་སུ་ཁྲོལ། ཁོང་ཀུན་བྱེད་སེམས་ཀྱི་རྒྱལ་པོ་ཆེ། །དོན་བརྟགས་ན་གཞི་མེད་རྩ་བ་བྲལ། །བདེ་གསལ་མི་རྟོག་གི་ཞེན་པ་ཁྲོལ། །ལམ་རྫོགས་པ་ཆེན་པོའི་ལྟ་བ་དེ། །དཔེ་དོན་དང་བྲལ་བར་ཉམས་ལོང་ཞིག །ཚིག་གོ་ཡུལ་གྱི་མདུད་པ་ཡོངས་སུ་ཁྲོལ། །ཕྱི་སྣོད་དེ་པདྨ་འོད་ཀྱི་ཞིང་། །ནང་བཅུད་དེ་གུ་རུ་རིན་པོ་ཆེ། །མ་དག་པའི་སྣང་བའི་འཛིན་ཞེན་ཁྲོལ། །བརྗེད་མེད་ཀྱི་ཤེས་པའི་རང་རྩལ་དེ། །མི་འགག་པའི་བསྐྱེད་རིམ་སྣ་ཚོགས་ཤར། །གདོས་བཅས་ཀྱི་


JKT023_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་ཞེན་ཡོངས་སུ་འཁྲོལ། །ང་པདྨས་བྱིན་བརླབས་རྗེས་བཟུང་མཐུས། །རང་བྱུང་གི་གསང་མཛོད་མངོན་དུ་གྱུར། །ཐེག་བརྒྱད་ཀྱི་བློ་འདས་རྣལ་འབྱོར་དོན། །གཉུག་མ་ཡི་དོན་ལ་ལྷུན་གྲུབ་ཤོག །ཅེས་པ་འདི་ཡང་ཨཱ་ཡུར་མིང་གིས་རིགས་འདུས་གུ་རུ་རིན་པོ་ཆེའི་ཚོགས་ཀྱི་འཁོར་ལོ་བསྐོར་བའི་དུས་བྱུང་རྒྱལ་དུ་བརྗོད་པའོ། །།ཧེ་ཧེ། སྒྱུ་མའི་མཛེས་མ་འཇའ་ཚོན་གོས་སུ་གྱོན། །ཆུ་ཟླའི་བཞིན་རས་ནམ་མཁའི་མེ་༧ཏོག་ཐོགས། །མོ་གཤམ་བུ་ཁྲིད་སྨིག་རྒྱུའི་སྐོམ་ལ་འཐུང་། །རུ་སྦལ་སྤུ་ཡི་ལྭ་བ་འཐག་པར་བྱེད། །རི་བོང་རྭ་ལས་བཟོས་པའི་སྐས་བགྲོད་དེ། །རྨི་ལམ་ཁང་བཟང་དབུས་སུ་ཕྱིན་ནས་ཀྱང་། །བྲག་ཅའི་གླུ་ལེན་མེ་ལོང་གཟུགས་ལ་རྩེ། །དྲི་ཟའི་གྲོང་ཁྱེར་དབུས་ནས་གར་ལ་རོལ། །མིག་ཡོར་རྒྱན་གྱིས་ལུས་ལ་ཉེ་བར་མཛེས། །དེ་ལྟར་སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །ཡུལ་སྣང་མ་འགགས་སྒྱུ་མའི་དཔེ་བཅུ་ལ། །ཡུལ་ཅན་མ་གྲུབ་སྤྲོས་བྲལ་གདོད་མའི་གཤིས། །གཉིས་འཛིན་གདོད་ནས་དག་པ་ཆོས་སྐུའི་ཀློང་། །བདེན་གཉིས་ཟུང་དུ་འཇུག་པའི་འོད་གསལ་ཆེ། །ཤེས་རབ་ཕར་ཕྱིན་དོན་དམ་ཡེ་ཤེས་རྩལ། །སྐྱེ་འགག་གནས་བྲལ་ངང་ནས་རྗེན་པའི་སྦུབས། །བློ་ཡི་མཚན་མས་མ་དཔྱད་རྫོགས་པ་ཆེ། །previous hit རང་བཞིན་གདོད་ནས་སངས་རྒྱས་ཀ་དག་དབྱིངས། །དབྱིངས་རིག next hit


JKT023_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་འཇུག་འགག་མེད་ལྷུན་གྲུབ་ངང་། །སྲིད་དང་ཞི་བའི་ཆོས་རྣམས་མ་བཙལ་རྫོགས། །འདི་ནི་འོད་གསལ་གླིང་པའི་གསང་ཚིག་སྟེ། །དྲན་རིག་ཀུན་ཏུ་བཟང་པོའི་ཞལ་གདམས་ཡིན། །མཐའ་བྲལ་སྙིང་དབུས་གཞོན་ནུ་བུམ་སྐུའི་སྦུབས། །གཉིས་ཆོས་མཚན་མར་འཛིན་པའི་ཚོགས་ཀུན་ཨ། །ཡི་གེ་གཞན་ལ་གསང་རྒྱ། ༈ །ཨ་ཧོ། མགོན་རྒྱལ་བ་ཡོངས་ཀྱི་སྤྱི་མེས་སུ་གྱུར་ཡང་། །བློ་ཚུར་མཐོང་གདུལ་བྱར་མི་གཟུགས་སུ་བྱོན་པའི། །མགོན་ཁྱབ་བདག་འཁོར་ལོའི་མགོན་པོ་ལ་འདུད་དོ། །ཡང་དྲེད་པོའི་བློ་སྣ་ཆོས་ཕྱོགས་སུ་སྒྱུར་ཐོང་། །དུས་དེང་སང་སྟོན་པ་སངས་རྒྱས་ཀྱི་བསྟན་པ། །དཔེ་ནུབ་རིར་གཟིམ་པའི་ཉི་མ་ལྟར་མཐོང་ནས། །ཡིད་སྐྱོ་ཤས་ངེས་འབྱུང་ཟླ་བ་ཡི་ཕོ་ཉས། །ལས་བྱས་པ་དོན་ལྡན་འོད་དཀར་དེ་སྤྲོའོ། ཁོང་ཁ་སང་ལང་ཚོ་མཚར་སྡུག་previous hit རང་རྒྱས་པའི། །མི་རྣམ་རིག next hit་བཀྲ་བ་དེ་རིང་གི་དུས་སུ། །ལུས་དུར་ཁྲོད་ཆེན་པོར་གཅེར་བུ་རུ་སོང་ཞིང་། །འཁོར་ཤ་ཟན་མང་པོས་བསྐོར་བ་དེ་མཐོང་ངོ་། ཁང་སྟེང་ན་གདུགས་དཀར་བླ་བྲེ་རུ་བྲེས་ཤིང་། །ཕྱི་འོག་ཁྲི་དང་གཟི་བྱིན་རྒྱས་པ་ཡི་བླ་དཔོན། །དུས་དེ་རིང་སྦྱིན་སྲེག་ཐལ་བ་རུ་སོང་ཞིང་། །རླུང་ངར་མའི་ཞགས་པས་བཏབ་པ་དེ་ཐོས་སོ། །དེ་མཐོང་ཐོས་ཡིད་ཀྱི་སྐྱོ་གྲོགས་སུ་ཕེབས་པས། །ལས་


JKT023_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཅིས་ཀྱང་དགོས་མེད་ལྷ་ཆོས་དེ་དྲན་ཡང་། །དུས་དེང་སང་གློ་བུར་བདུད་རིགས་ཀྱི་ཕོ་ཉས། །དབང་མེད་པར་གློ་བུར་འཁྲིད་པ་ལ་འཇིགས་སོ། །ཨ་ཧོ། previous hit རངརིག next hit་གི་གཤིས་ལུགས་གཞོན་ནུ་དེ་བུམ་སྐུ། །ཡིད་དཔྱོད་དང་ཚིག་བྲལ་མངོན་སུམ་གྱི་གཞི་དབྱིངས། །རྟོག་ཚོགས་ཀྱི་འགྱུ་འཕྲོ་ཤར་གྲོལ་གཉིས་དུས་མཉམ། །འཁོར་འདས་ཀྱི་རྩ་བ་བདེན་གྲུབ་དང་བྲལ་ཏེ། །སྣང་སྟོང་གི་དབྱིངས་སུ་རིག་སྟོང་དེ་ཞུགས་པས། །གྲགས་སྟོང་གི་ངང་ནས་གླུ་དབྱངས་འདི་བླངས་སོ། །ཚོར་སྟོང་གི་མཁའ་རུ་ཉེར་ལེན་ཀུན་ཐིམ་པས། །གློ་བུར་གྱི་འཁྲུལ་ཆོས་ཀ་དག་ཏུ་ཞིག་སོང་། །འདི་དྲང་དོན་སྐྱོ་གླུའི་བདེན་གཏམ་ཡིན། །ངེས་དོན་སྒྲོ་བཏགས་རྫུན་ཚིག་ཡིན། །གང་ཤར་ཐོལ་བྱུང་བྲིས་པ་ཡིན། །ཡིན་ལུགས་གསུམ་པོ་རྟོགས་གྱུར་ཅིག ༈ །ན་མོ་གུ་རུ་ཛྙཱ་ནཱ་ཡ། སྙན་པར་རབ་ལྡན་མཚན་གྱི་སྤྲིང་ཡིག་ནི། །གང་དུ་བསྟི་བ་ཙམ་ནས་དོན་ཡོད་པའི། །སངས་རྒྱས་འཇིག་རྟེན་སྒྲོན་མར་གྱུར་བ་དང་། །མི་ཕྱེད་ཁྱབ་བདག་བླ་མས་དགེ་ལེགས་མཛོད། ༡ །གང་ཞིག་འཁོར་བའི་མཚོ་ལ་བྱིང་གྱུར་ཅིང་། །སྡུག་བསྔལ་གསུམ་གྱི་རླབས་ཕྲེང་གིས་འཁྱུད་ཚེ། །དལ་འབྱོར་རིན་ཆེན་གྲུ་བོ་མཆོག་ཐོབ་དུས། །མྱུར་དུ་དགེ་བའི་ཟུར་ཕུད་བསྒྲེང་བར་བྱ། ༢ །ཁྱད་པར་སྲིད་དང་ཞི་བའི་གནས་ཀུན་


JKT023_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །རྟག་བརྟན་གཞོམ་བྲལ་ཕྱག་རྒྱས་བཏབ་མིན་ན། །ངེས་པར་འཆི་བའི་སེམས་པས་ཡིད་བསྐུལ་ཏེ། །ཐར་པ་མཆོག་གི་གླིང་དུ་བཀྲི་ལ་བརྩོན། ༣ །བདེ་དང་སྡུག་བསྔལ་བར་མའི་འདུ་བྱེད་ཀྱིས། །མ་འདྲེས་ཐགས་སུ་བཏགས་པའི་ཟ་འོག་རིས། །དགེ་དང་གཅིག་ཤོས་ལས་ཀྱིས་བསྐྱེད་གྱུར་ན། །བསོད་ནམས་མ་ཡིན་ཚུལ་ལ་སུ་ཞིག་སྨོན། ༤ །དེ་ཕྱིར་རྒྱལ་ཀུན་ཐོར་ཚུགས་ཀྱིས་བསྙེན་པའི། །འཁོར་ལོའི་མགོན་པོའི་ཞལ་གྱི་པད་དཀར་ལས། །ལུང་རྟོགས་སྦྲང་རྩིའི་བཅུད་ལེན་རབ་བླངས་ཏེ། །དོན་ལྡན་ཐར་པའི་ལུས་སྟོབས་རབ་རྒྱས་ནས། ༥ །གཞི་ཡི་དབང་མཆོག་རང་གནས་ལྷན་ཅིག་སྐྱེས། །ལམ་དུས་རྒྱུ་གཉིས་རྐྱེན་བཞིས་སྨིན་པར་བྱེད། །འབྲས་བུ་འོད་ཟེར་ཆེན་པོའི་བྱེད་ལས་ཀྱིས། །མི་སློབ་ལམ་གྱི་སྐལ་བ་མཆོག་ལ་སྦྱོར། ༦ །སྣང་སྟོང་ཟུང་འཇུག་རིག་པའི་གདངས་རྩལ་ལས། །ཕྱག་རྒྱ་བཞི་ལྡན་ཡོངས་གྲུབ་གདན་གསུམ་སྐུ། །ཏིང་འཛིན་ཉམས་ལྔས་ལམ་གྱི་རྩལ་རྫོགས་པའི། །དང་པོའི་རིམ་པས་སྐྱེ་བའི་བག་ཆགས་སྦྱངས། །བདེ་ཆེན་མཆོག་གི་ཞུ་བདེའི་རོལ་མོ་ནི། །འཁོར་ལོ་བཞི་ཡི་དཀྱིལ་འཁོར་ནས་འཁྲོལ་བས། །གཟུང་འཛིན་རྟོག་པའི་དྲྭ་བ་རྣམ་དག་པའི། །རྫོགས་པའི་ཚུལ་འདིས་འཆི་བའི་དྲི་བཅས་འཆིང་། ༨ །མཉམ་བཞག་བློ་


JKT023_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ཀ་དག་གདོད་མའི་གཞི། །རྗེས་ཐོབ་ལྷུན་གྲུབ་དབྱིངས་རིག་ཟུང་འཇུག་ལམ། །ལྷུན་གྲུབ་སྐུ་གསུམ་ནང་གསལ་ཆེན་པོའི་འབྲས། །ཚུལ་འདི་འབྲས་བུའི་ཐུས་ཀ་དག་ཏུ་བསྟན། ༩ །དེ་སོགས་གཞི་དང་ལམ་སོགས་དབྱེ་བའི་ཚུལ། །བདེན་རྣམ་ཤིང་རྟའི་བཞོན་པ་ལ་བརྟེན་ནས། །ཞི་བདེ་རིན་ཆེན་གླིང་དུ་ཉེར་བཀྲི་ཕྱིར། །རྣམ་ཀུན་བརྩོན་པའི་ལག་པས་ཉེར་བཟུང་འཚལ། ༡༠ །གང་ལ་དེ་ན སྐད་སྤྲིང་པའི་རྟེན་བཟང་པོ། །བདུད་རྩི་ཕུར་མ་རིལ་བུ་བཅས་པའི་སྐྱེས། །འདི་ཉིད་ཕུལ་བས་དུས་རྣམས་ཐམས་ཅད་དུ། །མི་ཕྱེད་དགེ་མཚན་གསར་པས་མཛའ་གྱུར་ཅིག ༡༡ །སརྦ་ས་མནྟ་ཤུ་བྷོ། ༈ །ཨོཾ་ཨཱཧཱུཾ། རིག་པ་འདི་ནི་ཡིན་པ་མེད་པ་སྟེ། །སྣ་ཚོགས་སྣང་བ་སྒྱུ་མའི་ཟློས་གར་འདྲ། །ཐམས་ཅད་རོ་མཉམ་གཉུག་མར་གཅིག་པའི་ངང་། །བློས་བྱས་བཟང་འདོད་ཐམས་ཅད་སྐྱུར་ལ་ཞོག །ལྟ་བ་འདི་ནི་མོ་གཤམ་སྐྱེས་བུ་སྟེ། །རྡུལ་རྫས་ལས་འདས་ཐ་སྙད་བཏགས་པའི་གཞི། །བསམ་གྱིས་མི་ཁྱབ་ཚིག་གི་ཡུལ་ལས་འདས། །རང་ཤེས་རང་གྲོལ་ཆེན་པོར་སྒྱུར་ལ་ཞོག །སྒོམ་པ་ འདི་ནི་ནམ་མཁའ་མདུང་སྐོར་ཏེ། །ཅིར་ཡང་འཆར་ལ་ཅིར་ཡང་བྱེད་དུ་བཏུབ། །བཟང་ངན་མེད་པའི་ད་ལྟའི་ཤེས་པ་ལ། །རེ་དོགས་ཡིད་དཔྱོད་བཟོ་བཅོས་སྒྱུར་ལ་ཞོག །སྤྱོད་པ་འདི་ནི་སྨོན་པའི་


JKT023_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་ཚུལ་ཏེ། །གཞན་ངོར་མི་དོགས་རང་ངོར་རེ་བ་མེད། །དོན་ལ་དམིགས་གཏད་འདི་ཡིན་རྡུལ་ཙམ་བྲལ། །གང་ཤར་དེ་གའི་ངང་དུ་སྐྱུར་ལ་ཞོག །འབྲས་བུ་འདི་ནི་སྨིག་རྒྱུའི་ཆུ་བོ་སྟེ། །བཟང་པོ་ཐོབ་མེད་ངན་པ་ཤོར་དུ་མེད། །གདོད་ནས་ཡོད་པའི་previous hit རིག་པ་དེ་ཉིད་ལ། །བཅས་བཅོས་མ་བྱེད་རང next hit་སྣང་ཆེན་པོར་སྒྱུར། །ད་ནི་ལྟ་མེད་སྒོམ་མེད་སྤྱོད་པ་མེད། །འབྲས་བུ་གཡང་མེད་ཅི་དགའ་གཉའ་ཡངས་ངང་། །ཡེ་ཤེས་བླ་མའི་ས་ལ་ད་ལྟ་ཕྱིན། །འདི་ལ་སོམས་ནས་བྱ་བྱེད་མཐའ་དག་སྐྱུར། །མཐར་ཐུག་དོན་གྱི་ལྟ་སྒོམ་སྤྱོད་པའི་དོན། །ཚིགས་སུ་བཅད་པའི་གླུ་འདི་གླུ་ཡི་གས་གཏད་མེད་པའི་ངང་དུ་ཕཊ། །ཧྲིཨཱ་ཧཱུཾ་ཕཊ་གཟུང་འཛིན་དབྱིངས་སུ་གཏོར། ༈ །ཨ་ཧོ། ཀ་དག་བསམ་བརྗོད་བྲལ་བའི་བློ་འདས་ཀྱི་གཤིས་ལུགས། །ལྷུན་གྲུབ་འོད་གསལ་རོལ་མོའི་འཇོ་སྒེག་དང་སྦྲགས་པས། །ཟུང་འཇུག་སྐུ་གསུམ་དབྱེར་མེད་རང་ངོ་རུ་གྲོལ་བའི། །ཁྱབ་བདག་དོན་གྱི་བླ་མ་སྙིང་དབུས་ནས་དྲན་བྱུང་། །མངོན་སུམ་ཡེ་ཤེས་རྟོགས་པར་བྱིན་གྱིས་རང་རློབས་ཤིག །མཉམ་གཞག་འཕོ་མེད་ཁྱབ་གདལ་ལྷུན་རྫོགས་ཀྱི་གཤིས་ལུགས། །རྗེས་ཐོབ་ཚོར་དྲུག་རང་གྲོལ་གཉུག་མ་ཡི་ངང་དུ། །ལྟ་སྒོམ་སྤྱོད་པའི་མིང་འདོགས་ཐ་སྙད་ཀུན་བྲལ་བའི། །


JKT023_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ད་ལྟའི་ཤེས་པ་རྗེན་པ་ལམ་ཁྱེར་དུ་མཛོད་ཅིག །སྒོམ་ཞེས་དམིགས་གཏད་འཇུར་བུའི་དྲྭ་བ་ལས་འདས་ཤིང་། །མི་བསྒོམ་ཉོན་མོངས་འཁྲུལ་པའི་གཞན་དབང་དང་བྲལ་བའི། །གཟོད་ནས་བློ་བྲལ་འགྱུར་མེད་ཡོངས་གྲུབ་ཀྱི་ངང་དུ། །རྟོག་ཚོགས་གང་ཤར་རང་གྲོལ་དུས་མཉམ་དུ་མཛོད་ཅིག །བྱུང་ཚོར་རྟོག་པས་མ་བསླད་རང་གསལ་གྱི་ཡེ་ཤེས། །དཔེ་དང་ཚིག་གིས་མི་མཚོན་previous hit རང་ངོ་རུ་རིག next hit་པས། །བསམ་གྱིས་མི་ཁྱབ་དགོངས་པའི་ཐིག་ལེ་རུ་རོལ་པ། །འདི་ཀ་ཉམས་ལེན་ཀུན་གྱི་དེ་ཉིད་དུ་མཐོང་ངོ་། །ཨ་ཧོ། སྤྱིར་རྒྱ་གར་འཕགས་པའི་ཡུལ་གྲུ་ན། །གྲུབ་མཐའ་སྨྲ་བ་རྣམ་བཞི་ཞེས། །རླུང་ལྟར་དུ་གྲགས་པ་བརྟན་པ་ཡི། །མཐར་ཐུག་འོད་གསལ་དབུ་མ་ཆེ། །ཡང་མཆོག་གཟིགས་རྣམས་ཀྱིས་བཀྲལ་བའི་གཞུང་། །ཡིད་ལ་མི་བྱེད་ཕྱག་རྒྱ་ཆེ། །ཟབ་གསང་གི་སྦས་དོན་མཐར་ཐུག་པ། །རང་བཞིན་རྫོགས་པ་ཆེན་པོ་རྣམས། །དོན་ངོ་བོ་བློ་ལས་འདས་པའི་གཤིས། །ད་ལྟའི་ཤེས་པ་རྗེན་པར་འདུས། །འདི་ཀ་ལ་མ་ཡེངས་སྐྱོང་མཁས་ན། །ངེས་དོན་འབབ་སྟེགས་གཅིག་བུ་ཡིན། །ང་སྨྱོན་པའི་ཚིག་ལ་གཏད་སོ་མེད། །ཇི་ལྟར་བརྗོད་ཀྱང་ཟད་པ་མེད། །སྙིང་གི་ཐིག་ལེ་འདི་ལས་མེད། །དེ་སྐལ་བཟང་གི་སྙིང་ལ་དམ་དུ་སྦོས། །ཞེས་པ་ཡང་དད་དམ་བློ་གྲོས་


JKT023_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །འགྱུར་མེད་ཀྱི་ངང་ཚུལ་རབ་བརྟན་པ། །ཉེ་གནས་ཨོ་ཌི་ཡཱ་ནའི་ངོར། །མདོ་མེད་ཀྱི་ཆོས་དྲེད་དེ་ཡིས་སྨྲས། །ས་མ་ཡ། ༈ །རང་ཚུལ་དྲང་པོར་བརྗོད་པའི་གླུ་དབྱངས་བདེན་མེད་སྒྱུ་མའི་རོལ་མོ་ཞེས་བྱ་བ། ཨ་ཧོ། གཅིག་པུ་ཡང་མ་ཡིན་འཁོར་འདས་ཀུན་ཁྱབ་ཅིང་། །དུ་མར་ནི་མི་གནས་བློ་བྲལ་གྱི་གཤིས་ལུགས། །བསམ་བརྗོད་ལས་རྣམ་གྲོལ་གཉུག་མ་ཡི་སྦུབས་སུ། །ངང་བཞག་གི་རིག་པས་ཅེར་མཐོང་དུ་འདུད་དོ། །སྔོན་སྨོན་གྱི་ས་བོན་རྣམ་དཀར་ལ་བཤེས་པས། །དུས་འདི་རུ་དལ་འབྱོར་མི་ལུས་མཆོག་ཐོབ་ཅིང་། །རང་གཞན་གྱི་གྲུབ་མཐའི་གནད་གསང་ཀུན་མ་ལུས། །སོ་སོ་རུ་འབྱེད་པའི་བློ་གྲོས་ཀྱང་ཐོབ་བོ། །རིས་མེད་ཀྱི་དམ་པའི་རྣམ་ཐར་ལ་བསམ་ཚེ། །ཕྱོགས་མེད་ཀྱི་དག་སྣང་ཁྱབ་བརྡལ་དུ་སྐྱེས་ནས། །བཟོད་མེད་ཀྱི་དད་གསུམ་སྙིང་དབུས་ནས་འབར་ཚེ། །དོན་མེད་ཀྱི་སྒྲོ་སྐུར་རང་ས་རུ་ཞིག་སོང་། །དགྲ་གཉེན་ལ་ཆགས་སྡང་རྟོག་པ་ཀུན་སྤངས་ཏེ། །གཟའ་གཏད་དང་བྲལ་བའི་དབུ་མ་རུ་གནས་པས། །རང་གཞན་གྱི་འགྲོ་བས་བྱམས་པ་འདི་མཐོང་ཚེ། །ཉམས་དགའ་ཡི་ཤེས་པ་རྩིས་གདབ་དང་བྲལ་ལོ། །ཁྱད་པར་དུ་ཡེ་ཤེས་སྐུ་ཅན་གྱི་བླ་མ། །རིག་འཛིན་གྱི་དབང་ཕྱུག་འཇིགས་མེད་ཀྱི་གླིང་པའི། །བྱིན་རླབས་ཀྱི་རོལ་བ་སྙིང་དབུས་སུ་ཐིམ་པས། །


JKT023_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་གསང་གི་ལམ་གནད་ཐོལ་བྱུང་དུ་ཤར་རོ། །ཡིད་ཆེས་པའི་ཆོས་ཀྱི་གཏེར་མཛོད་དུ་སོང་ཞིང་། །མགྲིན་པ་འདི་གླུ་ཡི་རོལ་མོ་རུ་འཁྲོལ་བས། །ཡང་དག་གི་ལམ་མཆོག་ལྷུག་པ་རུ་འཇོ་ཚེ། །སྐལ་བཟང་ཀུན་དགའ་བའི་དགའ་སྟོན་པ་སྦྱར་རོ། །དེ་སྐད་དུ་གང་ཤར་རང་གྲོལ་གྱི་གླུ་དབྱངས། །བདེན་རྫུན་དང་བྲལ་བར་བླངས་བ་ཡི་དགེ་བས། །འབྲེལ་ཐོགས་དང་མོས་གུས་ལྡན་པ་ཡི་ཚོགས་ཀུན། །རང་སྣང་གི་ཡེ་ཤེས་མངོན་གྱུར་དུ་བརྙེས་ཤོག །ཅེས་པའང་དད་དམ་གྱི་སྣང་བ་མི་ཕྱེད་བའི་བརྟུལ་ཞུགས་དགེ་བ་ཅན་ཨོ་ཌི་ཡཱ་ནའི་ཆེད་དུ་བརྗོད་པའོ། །ཨ་ཧོ། དཔལ་སྐུ་བཞིའི་དབང་ཕྱུག་རྡོ་རྗེ་འཆང་། །ཚུར་མཐོང་གི་སྣང་ངོར་མི་གཟུགས་ཅན། །མགོན་དྲིན་ཆེན་བླ་མའི་ཞབས་ལ་འདུད། །ཡོངས་གྲུབ་ཀྱི་གནས་ལུགས་རྟོགས་པར་ཤོག །རྙེད་དཀའ་བའི་དལ་འབྱོར་མི་ལུས་ཐོབ། །དད་དམ་གྱི་ངང་ཚུལ་མི་དམན་ཞིང་། །མཚན་ལྡན་གྱི་བླ་མས་རྗེས་བཟུང་བའི། །སྐལ་བཟང་འདི་འདྲ་ངོ་མཚར་ཆེ། །གནད་གསང་ཆེན་ཟབ་མོའི་ཆོས་དང་འཕྲད། །དོན་ཉམས་སུ་ལེན་པའི་སྤོབས་པ་ཐོབ། །བློ་བྲལ་གྱི་རིག་པ་མཐོང་བ་འདི། །འདུན་མའི་ནང་གི་ཡང་རྩེ་ཡིན། །ད་ཟུང་འཇུག་ཉམས་སུ་ལེན་པའི་ཚེ། །དེ་ཁོ་ན་ཉིད་ལྟ་བས་གཏན་ལ་ཕབ། །ཚུལ་བཞིན་དུ་ཡེངས་མེད་ཀྱི་དྲན་པ་བསྒོམ། །ཤར་


JKT023_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ་དུས་མཉམ་གྱིས་སྤྱོད་པ་མཛོད། །སྐད་ཅིག་མ་ད་ལྟའི་ཤེས་པ་ལ། །དུས་གསུམ་གྱི་རྣམ་རྟོག་བྲལ་བ་ཡིས། །བརྗོད་དུ་མེད་པ་འདི་ཀ་ཉིད། །བསམ་མི་ཁྱབ་པའི་ལྟ་བ་ཡིན། །ཧྲིལ་གྱིས་བསྒྲིམས་ལ་ལྷོད་ཀྱིས་གློད། །ཆེད་འཛིན་གྱི་གཉེར་ཁ་རང་སར་ཞི། །ཡེངས་དང་མ་ཡེངས་རྩིས་གདབ་འདས། །འདི་བློ་དང་བྲལ་བའི་སྒོམ་པ་ཡིན། །ཐོལ་སྐྱེས་ཀྱི་རྣམ་རྟོག་ཤར་བའི་ཚེ། །previous hit རངརིག next hit་གི་ཀློང་དུ་རང་སར་ཞི། །གཉེན་པོ་ཡི་བཅོས་བསྒྱུར་དགོས་པ་མེད། །འདི་ཚུལ་འཆོས་དང་བྲལ་བའི་སྤྱོད་པ་ལགས། །འཁོར་འདས་ལ་ཐོབ་ཤོར་མ་གྲུབ་ཅིང་། །རེ་དོགས་ཀྱི་མདུད་པ་དབུ་མར་ཞིག །མྱོང་ཐོག་ཏུ་ངེས་ཤེས་བྲལ་བ་དེ། །གཞི་འབྲས་དབྱེར་མེད་ཀྱི་འབྲས་བུ་ལགས། །previous hit རངརིག next hit་ངོ་བོ་སྤྲོས་པ་དང་བྲལ། །རྟག་ཆད་ཀྱི་བློ་ཡིས་ཐུག་པ་མེད། །སྣང་སེམས་ཀུན་རྟེན་ཅིང་འབྲེལ་འབྱུང་ཙམ། །འདི་འོད་གསལ་དབུ་མ་མ་ལགས་སམ། །ཆོས་ཅན་གྱི་སྣང་བ་ཐམས་ཅད་ལ། །ཆོས་ཉིད་ཀྱི་རོལ་པས་གཟེར་ཐེབས་ནས། །མི་ཕྱེད་པའི་བདེ་ཆེན་ཐིག་ལེར་གྲོལ། །འདི་ཕྱག་རྒྱ་ཆེན་པོ་མ་ལགས་སམ། །འཁོར་འདས་ཀྱི་རྟོག་ཚོགས་རིག་ངོར་རྫོགས། །བཟང་ངན་གྱི་རྩིས་གདབ་དབྱིངས་སུ་ཞི། །ཀ་དག་དང་ལྷུན་གྲུབ་ཟུང་འཇུག་གཤིས། །འདི་རྫོགས་པ་ཆེན་པོ་མ་ལགས་ནི །


JKT023_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

སམ། །གཟུང་འཛིན་གྱིས་བཟོས་པའི་གཡོ་འཁྲུལ་པོ། །དོན་དམ་ལ་གྲུབ་པ་རྡུལ་ཙམ་མེད། །རྣམ་ཐར་གསུམ་ལྡན་གྱི་མངོན་རྟོགས་ཅན། །འདི་ཤེས་རབ་ཕར་ཕྱིན་མ་ལགས་སམ། །བདེ་སྡུག་གི་ཟུག་རྔུ་རང་སར་གྲོལ། །རེ་དོགས་ཀྱི་ཁེངས་སེམས་གཉུག་མར་ཐིམ། །ཕྱོགས་ལྷུང་དང་བསལ་གྲུབ་མེད་པའི་དངོས། །འདི་སྡུག་བསྔལ་ཞི་བྱེད་མ་ལགས་སམ། །སྣང་བ་ཀུན་ཐད་ཀར་ཆོད་པ་ལ། །བཟང་ངན་དུ་འཛིན་པའི་ཆེད་གཉེར་ཞིག །ཚོགས་དྲུག་གི་སྣང་བར་དགག་བསྒྲུབ་མེད། །འདི་དམ་ཆོས་གཅོད་ཡུལ་མ་ལམ་སམ། །དོན་དེ་ཕྱིར་མདོ་སྔགས་ཀྱི་ཟབ་དོན་ཀུན། །ཚིག་ཏུ་སྤྲོས་ན་ཟད་པ་མེད། །མྱོང་ཐོག་ཏུ་བཞག་ན་ཐམས་ཅད་འདུས། །འདི་བྱ་བ་བྲལ་བའི་ཉམས་ལེན་ཡིན། །ངས་གཞུང་ལུགས་ཀྱང་རྒྱ་ཆེར་མ་སྦྱངས་ཤིང་། །རྟོག་དཔྱོད་ཀྱི་ཞབས་ཏོག་མ་འགྲུབ་ཀྱང་། །བློ་འདས་ཀྱི་དོན་འདི་མངོན་དུ་མཐོང་། །ད་ཞེ་འདོད་ཀྱི་མཚན་མ་ཟད་དེ་མཆི། །ཨ་ཧོ་ཧོ་ཁ་ལྟ་ཚིག་སྐམ་གསུམ། །ལོག་རྟོག་ཅན་ལ་ཨ་ཐམ་རྒྱ། །དད་མོས་ཅན་གྱི་སྙིང་དུ་ཆོང་། །རིག་སྟོང་རྗེན་པར་གྲོལ་བར་ཤོག །ཅེས་པའང་དད་དམ་གྱི་སྤོབས་པ་གཅིག་ཏུ་བརྟན་པའི་ཉེ་གནས་ཨོ་ཌི་ཡཱ་ནར་གདམས་པའོ། ༈ །རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི། །ཁྱབ་བདག་དཔལ་ལྡན་བླ་མའི་ཞབས། །གུས་པའི་སྙིང་


JKT023_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

གར་བཀོད་ནས་ཀྱང་། །ལྟ་སྒོམ་སྤྱོད་པའི་གླུ་ཞིག་ལེན། །ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །གསང་ཆེན་ངེས་དོན་སྙིང་པོའི་ལམ། །ཚིག་གིས་མཚོན་ཡུལ་མ་ཡིན་ཡང་། །ཡེ་ཤེས་རྩལ་ལས་འདི་ལྟར་ཤར། །སྒྲ་དང་ཚིག་ལས་རྣམ་གྲོལ་ཞིང་། །དཔེ་ཡིས་མི་མཚོན་གཉུག་མའི་གཤིས། །ད་ལྟའི་རིག་པ་འདི་ཀ་ལ། །ལྟ་བ་མཐའ་བརྒྱད་སྤྲོས་བྲལ་ཟེར། །དེ་ཡི་ངང་ལས་རྣམ་རྟོག་རྩལ། །ཐོལ་སྐྱེས་ཐོལ་ནུབ་མེད་པར་གྲོལ། །དྲན་འཛིན་གཉེན་པོ་མི་དགོས་པ། །སྒོམ་པ་བློ་དང་བྲལ་བ་ཟེར། །ཚོགས་དྲུག་སྒྱུ་མའི་ལྟད་མོ་ལ། །ཇི་ལྟར་འཆར་ཡང་ཆོས་ཉིད་ཀློང་། །འགྲོ་འོང་བྲལ་བའི་སྲོག་ཤིང་ཅན། །སྤྱོད་པ་ཚུལ་འཆོས་བྲལ་བ་ཟེར། །བསམ་གྱིས་མི་ཁྱབ་ཡེ་ཤེས་ལ། །སྤང་བླང་བསལ་གྲུབ་ཆོས་མ་དམིགས། །ཡེ་གྲོལ་རྫོགས་པ་ཆེན་པོ་ལ། །འབྲས་བུ་མ་བཙལ་ལྷུན་རྫོགས་ཟེར། །དེ་སྐད་གང་ཤར་རྗེན་པའི་གཏམ། མ་བཅོས་དབུ་མའི་མཛོད་ཁང་ནས། །རེ་དོགས་མེད་པའི་སེམས་ཀྱིས་སྨྲས། །དགེ་བས་ཁམས་གསུམ་དོང་སྤྲུགས་ཤོག །ཅེས་པ་འདིའང་སྙིགས་དུས་ཀྱི་previous hit རིག་པ་འཛིན་པ་པདྨ་དགྱེས་པ་རྩལ་གྱི་གསང་གཏམ་མོ། །གུ་བྱ།། ༈ །།རྫོགས་པ་ཆེན་པོ་རང next hit་གྲོལ་རྣམ་ལྔའི་སྔོན་འགྲོའི་ཁྲིད་རིམ་བདེན་གཉིས་རང་གྲོལ་ཞེས་བྱ་བ། ན་མོ་གུ་ར་ཝེ། previous hit རངརིག next hit་འོད་གསལ་གཉུག་མའི་ཡེ་ཤེས་ལ། །


JKT023_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་བཞག་ཆེད་འཛིན་དམིགས་གཏད་ལས་འདས་ཕྱིར། །རྟག་ཏུ་ཡེངས་མེད་དྲན་པས་མཇལ་བའི་ཕྱག །མཉམ་རྗེས་མཐའ་གྲོལ་ཆེན་པོའི་ཀློང་ནས་བཙལ། །གང་ཞིག་རྣམ་གྲོལ་ལམ་མཆོག་དོན་གཉེར་བའི། །སྐལ་བཟང་སྐྱེས་བུའི་ཚོགས་ཀྱིས་ཐོག་མ་ནས། །འཇུག་པའི་ཡུལ་ནི་འདི་ཉིད་ཁོ་ན་ཞེས། །གསལ་བར་མཚོན་ཕྱིར་བདེན་གཉིས་རང་གྲོལ་བསྟན། །དེ་ཡང་དལ་བརྒྱད་འབྱོར་བཅུའི་རང་བཞིན་ཅན། །དཔེ་གྲངས་རྒྱུ་ཡི་སྒོ་ནས་རྙེད་དཀའ་བའི། །རྟེན་ལ་ཐར་པའི་སྙིང་པོ་ལེན་པའི་ཕྱིར། །བླ་མེད་རིན་ཆེན་གསུམ་ལ་སྐྱབས་སུ་འགྲོ། །སྤང་བླང་བསླབ་བྱ་ཆ་མཐུན་འབད་པས་བསྒྲུབ། །ཉིན་མཚན་རྟག་ཏུ་དཀོན་མཆོག་ཡོན་ཏན་བསམ། །དེ་ཡི་ཕན་ཡོན་ནང་པའི་གྲལ་ཚུད་ཅིང་། །འོག་མའི་གཞི་རྟེན་ཡོན་ཏན་དཔག་ཏུ་མེད། །དེ་སླད་རྙེད་དཀའི་དལ་བ་ཐོབ་གྱུར་ཀྱང་། །བརྟན་གཡོ་མི་རྟག་འཇིག་པའི་ངང་ཚུལ་ལ། །ཡང་ཡང་བསམས་ནས་བློ་སྣ་བསྟུང་བའི་ངང་། །སྨོན་དང་འཇུག་པའི་བྱང་ཆུབ་སེམས་མཆོག་བསྐྱེད། །ནམ་ཞིག་འཆི་ཚེ་དཀར་ནག་ལས་ཀྱི་འབྲས། །མི་བསླུ་ངེས་པར་རྗེས་སུ་འབྲང་བའི་ཕྱིར། །སྡིག་པའི་ཚོགས་ཀུན་སྟོབས་བཞི་ལྡན་པ་ཡིས། །བཤགས་སྡོམ་དྲག་པོས་རྡོར་སེམས་སྒོམ་བཟླས་འབད། །འཁོར་བ་གར་སྐྱེས་སྡུག་བསྔལ་


JKT023_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་གསུམ་གྱི། །ཞགས་པས་མ་བཅིངས་འགའ་ཡང་ཡོད་མིན་ཕྱིར། །ངེས་ལེགས་གོ་འཕང་བརྙེས་སླད་ཚོགས་གཉིས་པོ། །ཟུང་འཇུག་སྐུ་གསུམ་མཎྜལ་ཅི་ནུས་དབུལ། །གང་ཞིག་ཐོབ་ན་ཞི་བསིལ་བདུད་རྩིའི་གཏེར། །ཐར་པ་དམ་པའི་གོ་འཕང་བསྒྲུབ་པ་ལ། །ལམ་གྱི་གཙོ་བོ་བླ་མའི་རྣལ་འབྱོར་ནི། །ཕུར་ཚུགས་མོས་གུས་དྲག་པོས་གནད་དུ་བསྣུན། །དེ་ཡང་ཁྱབ་བདག་རྡོ་རྗེ་སེམས་དཔའ་ནི། །རིགས་དང་དཀྱིལ་འཁོར་ཀུན་གྱི་གཙོ་བོ་སྟེ། །དྲན་པས་སྲིད་དང་ཞི་བའི་གདུང་སེལ་ཕྱིར། །རང་གི་ངོས་ནས་སངས་རྒྱས་ཀུན་ལས་ལྷག །དང་པོའི་ལས་ཅན་རྣམས་ཀྱིས་སྤྱི་བོ་དང་། །དད་པ་བརྟན་པས་སྙིང་གི་དབུས་སུ་གསལ། །སྐྱིད་སྡུག་ལེགས་ཉེས་བཟང་ངན་ཅི་བྱུང་ཡང་། །དེ་ཁོ་ན་ལས་སྐྱབས་གཞན་འཚོལ་བ་མིན། །ཚུལ་འདིར་འབད་པས་གནས་སྐབས་ཕྲིན་ལས་བཞི། །རྩོལ་མེད་འགྲུབ་ཅིང་འཆི་བའི་འོད་གསལ་ཟིན། །བར་དོར་རང་གྲོལ་རང་བཞིན་སྤྲུལ་པའི་ཞིང་། །མིག་འཕྲུལ་བཞིན་བགྲོད་མཆོག་གི་གོ་འཕང་ཐོབ། །དེ་ལྟར་བསྒོམས་པའི་རྗེས་ཐོབ་འཁོར་གསུམ་གྱི། །རྟོགས་པས་མ་བཅིངས་རང་བཞིན་གཉུག་མའི་དབྱིངས། །བསྔོ་བས་རྒྱས་གདབ་དགེ་ཚོགས་གོང་འཕེལ་ཞིང་། །མྱུར་དུ་བྱང་ཆུབ་ས་ལ་རེག་པར་འགྱུར། །འོད་གསལ་རྫོགས་པ་


JKT023_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་ལྟ་སྒོམ་སྤྱོད། །མངོན་སུམ་ཅར་ཕོག་ཉམས་སུ་ལེན་པ་ཡི། །སྔོན་དུ་འགྲོ་བའི་རིམ་པ་འདི་ཉིད་ཀྱང་། །གཏད་མེད་རྣལ་འབྱོར་པདྨ་དགྱེས་པས་བཀོད། །སརྦ་མངྒ་ལཾ། ༈ །རྫོགས་པ་ཆེན་པོ་ལྟ་བ་གཅེར་མཐོང་རང་གྲོལ་ཞེས་བྱ་བ། རང་བཞིན་དྲི་བྲལ་ཤིན་ཏུ་རྣམ་དག་པའི། །བློ་འདས་བྱར་མེད་རྒྱ་ཡན་ལྷུག་པའི་ངང་། །སྤང་བླང་ཡེ་ཟད་ངོ་བོ་མཐོང་བ་ཡིས། །རྟག་ཏུ་འདུ་འབྲལ་མེད་པར་ཕྱག་བགྱིའོ། །ཀྱེ་ཧོ་ཉོན་དང་སྐལ་བཟང་དད་པ་ཅན། །ད་ནི་ཐར་པའི་ལམ་མཆོག་མྱུར་སྒྲུབ་ཕྱིར། །འཁོར་འདས་ཀུན་ལ་ཁྱབ་པའི་འོད་གསལ་དོན། །previous hit རིག་པ་གཅེར་མཐོང་རང next hit་གྲོལ་མཁྱེན་ལགས་སམ། །ཕྱི་རོལ་སྣང་བའི་ཡུལ་ལ་ཕར་བརྟགས་པས། །ཆོས་ཀུན་སྒྱུ་མ་ལྟ་བུར་ཡོངས་ཤེས་ཤིང་། །ནང་དུ་རང་གི་སེམས་ལ་ཚུར་བལྟས་པས། །བསམ་གྱིས་མི་ཁྱབ་བརྗོད་དུ་མེད་པར་མཐོང་། མཐོང་ཞེས་བྱའང་བླ་དྭགས་ཙམ་ཡིན་ཏེ། །རྟག་པས་མ་བཅིང་ཆད་པར་མ་ལྷུང་ཞིང་། །དབུ་མར་མི་གནས་འཛིན་ཞེན་ཟད་པ་འདི། །དཔལ་མགོན་བླ་མའི་དྲིན་གྱིས་རྟོགས་རྒྱུ་ཡིན། །རང་ལ་ཡོད་ཀྱང་རང་གིས་བསྒྲིབས་བྱས་ཤིང་། །གཞན་ནས་མ་བྱུང་གཞི་ལས་གཞི་སྣང་ནི། །ཕྲ་བའི་ཡེ་ཤེས་མེད་འཛིན་གྱིས་བཟུང་བས། །མཐའ་མེད་འཁོར་བའི་རྒྱ་མཚོ་འདི་རུ་ལྷུང་། །དེ་ཕྱིར་མྱོང་ཞེན་ཙམ་


JKT023_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གོ་ཡུལ་དང་། །ཡིད་ལ་བྱེད་པའི་ལྟ་བ་རྟོགས་པ་ཡང་། །བློ་དང་བཅས་པའི་སྦུབས་སུ་འཐུམས་པས་ན། །རང་བཞིན་རྡོ་རྗེ་སྙིང་པོའི་དོན་ལས་རིང་། །དོན་བརྒྱུད་ཡེ་ཤེས་སྙིང་དབུས་སིམ་པ་ལས། །གཞོན་ནུ་མ་ལ་པྲ་ཕབ་སྣང་བ་བཞིན། །རིག་སྟོང་རྗེན་པར་འདི་ཀར་ཅེར་གྲོལ་བས། །མཐོང་བ་ཙམ་གྱིས་མཐོང་བྱེད་འགགས་པར་འགྱུར། །མདོར་ན་དེ་ལས་མང་དུ་སྨོས་ཅི་དགོས། །བླ་མས་མ་བསྟན་སློབ་མས་མ་རྟོགས་ཤིང་། །བློ་ཡིས་མ་བསྐྱེད་རྒྱུ་རྐྱེན་མེད་པ་ཡི། །ཐ་མལ་ཤེས་པ་རང་གྲོལ་འདི་ཀ་ཡིན། །དེ་ཉིད་མ་རྟོགས་ཐབས་ཀྱི་ལམ་སྤྱོད་ཀྱང་། །ལྷག་མར་བཅས་ཕྱིར་གྲོལ་བར་མི་འགྱུར་ཞིང་། །སྣ་ཚོགས་ལམ་མང་འཚོལ་བས་དུབ་པའི་མཐར། །རང་གཞན་གཉིས་ཀ་ངལ་བའི་རྒྱུ་རུ་ཟད། །འདི་ནི་ཐེག་མཆོག་སྙིང་པོའི་ཡེ་ཤེས་ལ། །གོ་མྱང་བརྟན་པའི་བདུད་རྩིས་མྱོས་པ་ལས། །ཟུང་འཇུག་གཞོན་ནུ་བུམ་སྐུའི་གཏེར་མཛོད་ནས། །བསྟན་པར་ཕངས་ཀྱང་གང་ཤར་ལྷུག་པར་གདམས། །ཤུ་བྷཾ། ༈ །རྫོགས་པ་ཆེན་པོ་སྒོམ་པ་སྣང་སེམས་རང་གྲོལ་ཞེས་བྱ་བ། གང་གི་ཡེ་ཤེས་ཆེད་འཛིན་རྟོག་དཔྱོད་ཀྱི། །བློ་ལ་མི་གནས་ཡེངས་མེད་དྲན་པའི་ངང་། །བསྒོམ་དང་མི་བསྒོམ་དམིགས་གཏད་ལས་འདས་པའི། །དོན་དམ་ཀ་དག་ཆེན་པོའི་གཤིས་ལ་མཆོད། །


JKT023_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གཅིག་གསོན་དང་དོན་མཐོང་སྐལ་བཟང་ཀུན། །ད་ནི་སྣང་སེམས་རང་སར་གྲོལ་བའི་ཕྱིར། །སྤྱོད་ཡུལ་དག་པའི་དེ་ཉིད་བསྒོམ་འདོད་པས། །རྣམ་དག་ལམ་བཟང་འདི་ལ་ནན་ཏན་མཛོད། །དང་པོའི་ལས་ཅན་འདུ་བྱེད་དྲན་པ་ཡིས། །མཉམ་པར་བཞག་པའི་ངོ་བོ་མ་ཡེངས་བྱ། །ཆོས་ཉིད་གཉུག་མའི་ངང་ལས་རྟོག་ཚོགས་གང་། །ཤར་ཡང་རང་ཉིད་དྲན་པར་གནས་འགྱུར་ཏེ། །མཉམ་རྗེས་ཀུན་ཏུ་རང་སར་བཞག་པ་ཡིས། །གཡོ་བ་མེད་པས་ཞི་ལྷག་ཟུང་འཇུག་འགྲུབ། །དེ་ནས་དྲན་པ་ཉིད་ཀྱང་བློ་འདས་ཀྱི། །ངོ་བོ་རྒྱུན་ཆད་མེད་པའི་སྲོག་ཤིང་ཅན། །དྲི་མེད་གཅེར་བུར་མཐོང་བའི་མོད་ཉིད་ནས། །སྣང་སྤྱོད་ཐམས་ཅད་ཡེ་ཤེས་རོལ་པར་འཆར། །ནམ་ཞིག་རེས་འཇོག་མེད་པར་གཅིག་ཅར་དུ། །ཀློང་ཆེན་རིག་པའི་སྦུབས་སུ་དག་པའི་ཚེ། །ད་ལྟའི་ཤེས་པ་བཟོ་མེད་འདི་ཀ་ལ། །སྣང་སྲིད་འཁོར་འདས་ཀུན་གྱི་གནད་མཚངས་previous hit རིག །བརྟན་པ་མཐར་ཕྱིན་གཉིས་སུ་འཛིན་པའི་ཆོས། །ལན་ཚྭ་ཆུ་ལ་ཐིམ་ལྟར་རང next hit་ཞི་བས། །ཡེངས་གཞིའི་ཡུལ་དང་ཡེངས་རྒྱུའི་མཁན་པོ་ཟད། །གཏད་མེད་འོད་གསལ་དབུ་མའི་དབྱིངས་སུ་གྲོལ། །མཐར་ཐུག་གཞི་ལས་འཕགས་པའི་གཞི་སྣང་དུ། །སྲིད་དང་ཞི་བའི་རྩ་བ་ཟད་པས་ན། །མཁལ་ཁྱབ་རྡུལ་ཕྲས་དྭངས་མའི་ལུས་ཅན་


JKT023_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །སོ་སྐྱེས་བརྟགས་པའི་མཚོན་བརྗོད་དབྱིངས་སུ་ཟད། །མདོར་ན་སྣང་བ་སྒྱུ་མར་རྟོགས་པ་དང་། །སེམས་ཉིད་རྗེན་པར་རང་ངོ་འཕྲོད་པའི་ཚེ། །ཡེངས་མེད་དྲན་པས་ངང་བཞག་འབད་པ་ཡིས། །དམིགས་པ་མཐའ་དག་རང་སར་གྲོལ་བར་འགྱུར། །ཧྲིལ་གྱིས་སྒྲིམ་ལ་འཛིན་མེད་ལྷོད་ཀྱིས་ཀློད། །ཅེར་གྱིས་ལྟོས་ལ་ལྟ་བྱེད་མེད་པར་ཞོག །དྲན་པས་ཟུངས་ལ་དྲན་མེད་སྦུབས་སུ་སྐྱོལ། །འདི་ལས་གཞན་དུ་མེད་དོ་ཨེ་མ་ཧོ། །དེ་སྐད་ངེས་པ་དོན་གྱི་རྡོ་རྗེའི་གླུ། །རང་བྱུང་དྷུ་ཏཱིའི་དབུས་ནས་བླངས་པའི་མཐུས། །བློ་འདས་ཤེས་པ་ཟང་ཀ་རྒྱ་ཡན་དབྱིངས། །འཁྲུལ་སྣང་སྒྱུ་མའི་གར་མཁན་གྲོལ་གྱུར་ཅིག ༈ །རྫོགས་པ་ཆེན་པོ་སྤྱོད་པ་གང་ཤར་རང་གྲོལ་ཞེས་བྱ་བ། ལྟ་བས་མ་མཐོང་སྒོམ་པས་མ་བཅིངས་ཤིང་། །སྤྱོད་པས་མ་བཟུང་འབྲས་བུས་མ་བསླད་པའི། །རིག་སྟོང་རྗེན་པ་དོན་གྱི་ཡེ་ཤེས་ལ། །འདུ་འབྲལ་མེད་པའི་ངང་ནས་ཕྱག་བྱས་ཏེ། །ལམ་གྱི་ལམ་མཆོག་འོད་གསལ་སྙིང་པོ་ལ། །ཞུགས་པའི་སྐལ་བཟང་ཐོབ་ལ་འཕྲིན་འདི་གདམས། །དེ་ཡིས་སྤྱོད་པའི་འཛིན་པ་མ་ལུས་ཀུན། །བློ་འདས་དབུ་མའི་དབྱིངས་སུ་གྲོལ་གྱུར་ཅིག །ད་ནི་གང་ཤར་ཆོས་རྣམས་ཇི་སྙེད་ཀྱང་། །ཤར་དུས་ཉིད་ནས་བཟང་ངན་མེད་པར་མཉམ། །མཉམ་ཉིད་ཐ་མལ་ཤེས་པར་གྲོལ་བའི་


JKT023_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། །སྔ་ཕྱི་མེད་དོ་ཀུན་བཟང་དགོངས་པའི་ཀློང་། །ཕྱི་རོལ་ཡུལ་གྱི་སྣང་བ་སྣ་ཚོགས་པ། །ཚོགས་དྲུག་ལྟད་མོར་ཤར་བའི་མོད་ཉིད་ནས། །གཉིས་སུ་འཛིན་པ་ཞིག་པའི་ཕྱམས་བརྡལ་འདི། །དུས་གསུམ་རྒྱལ་བ་ཡོངས་ཀྱི་གཤེགས་ཤུལ་ཡིན། །སྔོན་བསུའི་རྟོག་པ་ཐམས་ཅད་དབྱིངས་སུ་ནུབ། །ད་ལྟའི་རྟོག་པ་ཐམས་ཅད་ཐད་ཀར་ཆོད། །མ་འོངས་རྟོག་པ་ཀུན་ལ་གཟའ་གཏད་བྲལ། །ཨི། དུས་གསུམ་དུས་མེད་རང་གྲོལ་ཆེན་པོར་སྤྱོད། །དེ་སྐད་བརྗོད་དུ་མེད་པའི་ཡི་གེའི་སྤྲིན། །བརྗོད་བྱར་བྱས་པའི་ལམ་གྱི་འདྲ་འབག་འདི། །ཆགས་བྲལ་པདྨ་དགྱེས་པའི་སྙིང་དབུས་ནས། །previous hit རིག་སྟོང་སེམས་ཀྱི་རྡོ་རྗེས་བསྟན་ཏེ་སོང་། ༈ །རྫོགས་པ་ཆེན་པོ་འབྲས་བུ་འཁོར་འདས་རང next hit་གྲོལ་ཞེས་བྱ་བ། གཟོད་ནས་འཁྲུལ་བྲལ་གཏིང་གསལ་ཡེ་ཤེས་ནི། །ཕྲ་བའི་རང་བཞིན་འདུས་བྱས་ལས་འདས་ཕྱིར། །ཀུན་རྫོབ་ཆོས་ཀུན་དབྱིངས་སུ་ཐིམ་པ་ཡིས། །དོན་དམ་འགོག་བདེན་རྫོགས་པ་ཆེན་པོར་འདུད། །གང་ཞིག་ཡང་དག་དོན་ལ་བློ་སྦྱངས་ཏེ། །ལམ་གྱི་རིམ་པ་མཐར་ཕྱིན་མཚན་ཉིད་ནི། །མདོར་བསྡུས་རྡོ་རྗེའི་གླུ་རུ་བསྒྲགས་པ་ཡིས། །སྲིད་དང་ཞི་བའི་རྫུན་ཕུག་གཅིག་ཅར་རྡེབ། །འདི་ནི་འཁོར་དང་མྱ་ངན་འདས་པ་སྟེ། །སྤང་བླང་བསལ་གྲུབ་ཆོས་འགའ་མ་མཆིས་པས། །ཐོབ་བྱའི་འབྲས་བུ་གུད་


JKT023_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ན་མ་དམིགས་ཀྱང་། །བཞུགས་ཚུལ་མངོན་དུ་གྱུར་ལ་འབྲས་བུར་བརྗོད། །ཀ་དག་གཞོན་ནུ་བུམ་སྐུའི་རང་རྩལ་ནི། །ལྷུན་གྲུབ་སྐུ་དང་ཡེ་ཤེས་རོལ་པ་ཅན། །ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་རྡོ་རྗེའི་སྤྲིན། །རྣམ་པ་ཀུན་གྱི་མཆོག་ལྡན་དེ་ལ་སྣང་། །གློ་བུར་བསལ་རུང་དྲི་མའི་ཚོན་རྣམས་ཀུན། །ཇི་བཞིན་ཉིད་དུ་བཞག་པའི་མཐུས་བཅོམ་པས། །སྤངས་པ་ཕུན་ཚོགས་བྲལ་བྱ་ལས་འདས་པ། །མངོན་སུམ་རྗེན་པར་རྟོགས་པས་དབུགས་འབྱིན་བྱ། །དེ་ཕྱིར་རིས་སུ་བཅད་པའི་སངས་རྒྱས་ཞེས། །གུད་ན་མེད་དོ་བཟོ་མེད་བདེ་བ་ཆེ། ཁོར་ཡུག་འོད་གསལ་རོལ་པར་འབྱམས་ཀླས་ཚེ། །སློབ་པ་མིན་པའི་དེ་ཉིད་རང་སར་གྲོལ། །ཤིན་ཏུ་ཞི་བས་སྲིད་ལ་མི་གནས་ཤིང་། །འགག་མེད་རྩལ་གྱིས་མྱང་འདས་མཐར་མ་ལྷུང་། །མཚན་མ་མེད་པའི་ཐུགས་རྗེའི་ཟློས་གར་གྱིས། །འགྲོ་སྒྲོལ་བར་དུ་རྟག་པའི་ཕྲིན་ལས་བརྙེས། །དེ་སྐད་ཤེས་པར་བྱ་བའི་དོན་གྱི་མཆོག །མཆོག་གསང་འབྲས་བུའི་ཐུས་ཀ་གསལ་སྟོན་གང་། །གང་བློ་སྤྲོས་དང་བྲལ་བའི་རྗེས་ཐོབ་ལས། །ལས་སྣང་སྒྱུ་མའི་རོལ་མོར་སྤྱོད་བཞིན་བཀོད། ༈ །ཨོཾ་སྭ་སྟི་སིདྡྷཾ། སྤངས་རྟོགས་ཡོན་ཏན་ལྡན་པའི་ཡེ་ཤེས་ཐུགས། །མཚན་བཟང་ལྟ་ན་ལྷུན་སྡུག་ཕུང་པོ་ཅན། །སྟོན་པ་རྫོགས་པའི་སངས་རྒྱས་ལ་བཏུད་


JKT023_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །དམ་པའི་ཆོས་ཀྱི་གཏམ་འདི་སྤྲོ་བར་བྱ། །གང་ཞིག་སྲིད་པའི་གནས་ལས་ཡོངས་ཐར་ཞིང་། །མྱ་ངན་འདས་པའི་མཐའ་རུ་ལྷུང་མིན་པར། །མི་གནས་ཐར་པའི་གོ་འཕང་མངོན་བརྙེས་aཕྱིར། །ཐོས་བསམ་སྒོམ་པའི་ཤེས་རབ་བསྐྱེད་པར་མཛོད། །དེ་ཡང་རྒྱལ་བའི་ཆོས་སྒོ་ཇི་སྙེད་པ། །མདོར་བསྡུས་རྒྱུ་དང་འབྲས་བུའི་ཐེག་པ་གཉིས། །ཕྱི་མ་ལ་ཡང་སྔགས་དང་མཚན་ཉིད་ཀྱིས། །རྣམ་པར་དབྱེ་བ་ཇི་སྙེད་ཐོས་པར་བྱ། །དེ་དོན་རྟག་དང་གུས་སྦྱོར་བརྩོན་འགྲུས་བཅས། །མངོན་སུམ་དང་ནི་རྗེས་དཔག་ཤེས་རབ་ཀྱིས། །ཡང་ཡང་གོམས་པའི་བསམ་པ་བསྐྱེད་པ་ཡིས། །གྲུབ་མཐའ་མ་འདྲེས་ཡོངས་རྫོགས་མཁྱེན་པར་མཛོད། །དེ་ལྟར་ཐོས་དང་བསམ་པས་གཏན་ཕབ་དོན། །རང་གི་སེམས་རྒྱུད་འདུལ་ལས་གཞན་མིན་ཕྱིར། །རྩེ་གཅིག་སྒོམ་པའི་ཉམས་མྱོང་རྟོགས་གོམས་གྱིས། །ཡེ་གྲོལ་གདོད་མའི་རྒྱལ་སྲིད་ཟིན་པར་གྱིས། །སྐྱེ་བ་མེད་པས་རྟག་པའི་མཐའ་གྲོལ་ཞིང་། །འགག་པ་མེད་པས་ཆད་པའི་ཡུལ་མ་དམིགས། །ཀུན་ལ་རབ་ཏུ་མི་གནས་དབུ་མའི་དོན། །ཚིག་ཙམ་མ་ཡིན་རྒྱུད་ལ་འདྲིས་པར་མཛོད། །ཞི་གནས་ཀྱིས་ནི་ཉོན་མོངས་མགོ་གནོན་ཞིང་། །ལྷག་མཐོང་གིས་ནི་སྒྲིབ་ཀུན་དྲུང་ནས་འབྱིན། །དེ་གཉིས་ཟུང་འཇུག་རང་ངོར་འདྲེས་པའི་ཚེ། །


JKT023_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་གྱིས་མི་ཁྱབ་ཡེ་ཤེས་མངོན་དུ་འགྱུར། །དེ་ལྟར་རྟོགས་ཀྱང་སྡོམ་པ་རྣམ་གསུམ་དང་། །ཕྱིན་དྲུག་ལམ་སོགས་ཁྱད་དུ་མི་བསད་པར། །གང་ཤར་སྒྱུ་མའི་རོལ་པས་སྤྱོད་ཤེས་ན། །ཀུན་ཀྱང་རྟོགས་པའི་བོགས་འདོན་མཆོག་ཏུ་འགྱུར། །ཚུལ་འདི་ཆོས་དང་འཇིག་རྟེན་གཉིས་ཀ་ཡི། །སྤྱོད་པ་གང་ཡང་མ་ནུས་ཆལ་ཆོལ་མཁན། །སྨྱོན་པ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་སྨྲས། །རང་གཞན་འགྲོ་ཀུན་བདེ་ཆེན་གནས་ཐོབ་ཤོག །སརྦ་མངྒ་ལཾ་བྷཱུ་ཡཱ་ཏ།། །།ཧེ་ཧོ། དྲན་ཤེས་ཀྱི་གཉེན་པོས་མ་ཟིན་པས། །སྤྱོད་ཚུལ་ཀུན་སྨྱོན་པའི་ཟློས་གར་འདྲ། །སྤྲེའུ་དང་འདྲ་བའི་ངོ་མཚར་ཅན། །གང་ཤར་གྱི་གླུ་འདི་གསན་པར་མཛོད། །ཁྱེད་འཁོར་བ་ལ་ངེས་པར་འབྱུང་བ་ཡིས། །བླ་མེད་ཀྱི་ཐང་པར་ཞུགས་འདོད་ན། །སེམས་ཀྱི་གླང་ཆེན་སྲབ་མེད་དེ། །དྲན་ཤེས་ཀྱི་ཐག་པས་རྟག་ཏུ་ཆིངས། །བསླུ་མེད་ཀྱི་སྐྱབས་གཅིག་དཀོན་མཆོག་ལ། །བློ་སྙིང་བྲང་གསུམ་རྒྱུན་དུ་གཏོད། །ཕྱི་ནང་རིག་པའི་གཞུང་ལུགས་སོགས། །ཆོས་སྤྱོད་རྣམ་བཅུར་འབད་པས་བསྟེན། །མཚན་ལྡན་གྱི་བླ་མ་རྟག་ཏུ་བསྟེན། །ཅི་གསུང་གི་བཀའ་བཞིན་སྒྲུབ་པར་མཛོད། །བྱ་བྱེད་མང་པོའི་དགོས་པ་མེད། །བྱར་མེད་ཀྱི་ངང་དུ་དྲན་རིག་སྡུད། །ཚིག་དེ་སྐད་ལྷག་བསམ་དཀར་པོ་ཡིས། །སྨོན་པའི་ཡང་


JKT023_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱོན་དྲེད་པོ་དེས། །སྨྱོན་པ་གཟུང་བླའི་བུ་ལ་གདམས། །སྨྱོ་སེམས་དབྱིངས་སུ་ཞི་བར་ཤོག །ཕཊ། ཕཊ། ཕཊ། ༈ །ཨ་ཧོ། འཇིགས་མེད་གདོད་ནས་རྣམ་དག་ཧེ་རུ་ཀཿ ལྷན་སྐྱེས་བདེ་ཆེན་ལང་ཚོ་ལ་ཆགས་པས། །འགྲོ་ཀུན་སྐུ་བཞིའི་གླིང་དུ་སྦྱོར་བ་པོས། །ཁྱོད་ལ་དགེ་ལེགས་གཡོ་མེད་མཛད་གྱུར་ཅིག ༡ །གང་ཤར་སྣང་བ་གཏད་མེད་རང་ས་རུ། །གྲོལ་བས་ཤེས་བྱའི་རྩིས་གདབ་ལས་འདས་ཀྱང་། །འགག་མེད་རོལ་པ་གཟུགས་སུ་འཕོས་པའི་གཏམ། །སྣ་ཚོགས་རྡོ་རྗེ་སྒྲ་མའི་དབྱངས་སུ་ལེན། ༢ །བསྐལ་མང་ཚོགས་གཉིས་ཟོང་གིས་བསྒྲུབས་པ་ཡི། །དལ་བརྒྱད་འབྱོར་བཅུའི་ཙིནྟ་མ་ཎི་མཆོག །ངེས་འབྱུང་སྙིང་རྗེ་དག་སྣང་རྣམ་གསུམ་གྱི། །དགོས་དགུ་ལྷུག་པར་སྩོལ་ཁྱོད་གཅིག་ཏུ་དགེ ༣ །གཟོད་ནས་རང་བཞིན་མེད་པའི་ཡེ་ཤེས་ནི། །ད་ལྟའི་ཤེས་པ་འདི་ལས་མ་འདས་ཕྱིར། །ཡིན་ལ་ཡིན་བཞིན་རྟོགས་པའི་གསལ་སྣང་ནི། །འགག་མེད་སྒྱུ་མའི་དཀྱིལ་འཁོར་གཅིག་ཏུ་ཤར། ༤ །དེ་ཡིས་གནས་སྐབས་མཐར་ཐུག་ཇི་སྙེད་དུ། །ཕན་བདེའི་ཐེམ་སྐས་རྩེ་མོར་འཛེགས་པ་གང་། །ད་དུང་དུ་ཡང་རྐང་སྟེགས་མཐོར་བསྒྲུབས་ན། །ཐར་པ་ཆེན་པོའི་གྲོང་དུ་ཕྱིན་པར་འགྱུར། ༥ །ཕན་ཚུན་དད་དམ་མདུད་རྒྱ་དམ་པོ་ཡིས། །མ་ཉམས་སྦྲེལ་བའི་མངོན་


JKT023_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་ཆབ་ཤོག་ལ། །ཐབས་ཤེས་དར་གྱི་ཅོད་པན་མཛེས་སྤྲས་གང་། །མངོན་སུམ་ཉིད་དུ་འདྲེན་བྱེད་བདུད་རྩིར་སླེབས། ༦ །ཁྱད་པར་བརྡ་སྤྲོད་ཡི་གེ་ལེ་ཚན་དང་། །ཆེན་པོ་གསུམ་གྱི་ངོ་སྤྲོད་གཏམ་བཟང་རྣམས། །ཇི་ལྟར་འདོད་པ་བཞིན་དུ་མངོན་གྲུབ་པས། །སྔོན་མེད་སྤྲོ་དགའི་ལང་ཚོ་ཅིར་ཡང་བརྟས། །འདི་ན་མཆིས་པའི་རྣལ་འབྱོར་གཞོན་ནུ་ཡང་། །བསམ་བརྗོད་བྲལ་བའི་ངང་དུ་མཉམ་གཞག་ཀྱང་། །སྙིགས་དུས་རང་བཞིན་ཚུལ་མིན་ལོག་སྤྱོད་ལ། །ཤིན་ཏུ་སྐྱོ་བའི་མཆི་མ་ཅིར་ཡང་གཡོས། ༨ །བཟོད་དཀའི་སྡུག་བསྔལ་ཆུ་བོ་བར་མེད་དུ། །ཡུན་རིང་དུས་ནས་བྱིངས་མོད་ད་དུང་ཡང་། །དེ་ལ་མངོན་དགའི་རྒྱུ་འབྲས་སྒྲུབ་པ་ཡི། །སྤང་བླང་གོ་ལྡོག་འདི་ལ་ཡིད་སྐྱོ་སྐྱེས། ༩ །དོ་ནུབ་ཙམ་ཡང་མི་འཆིའི་གདེངས་མེད་ཅིང་། །ཤི་ནས་རྒྱུ་འབྲས་རྗེས་སུ་འབྲེང་ངེས་ཀྱང་། །ད་དུང་ཚེ་འདིའི་དགྲ་གཉེན་འཚོ་རྩིས་ལ། །རྟག་བརྟན་ཐེར་ཟུག་བྱེད་འདིར་ཡིད་སྐྱོ་སྐྱེས། ༡༠ །རྒྱལ་པོའི་ཁྲིམས་ཡལ་སྣོད་བཅུད་དགེ་མཚན་ལོག །མཐོ་བ་དམར་འབེབས་དམའ་བ་མཐོར་འདོན་ཅིང་། །ཉེས་མེད་ལ་འཚེ་གདུག་པ་ཅན་རྣམས་ཀུན། །སྟོབས་འབྱོར་ལྡན་པའི་ཚུལ་ལ་གཅིག་ཏུ་སྐྱོ། ༡༡ །ཕན་པར་སྨྲས་ཀྱང་ལོག་པའི་སེམས་འཆང་ཞིང་། །མཐུན་པར་སྤྱོད་ན་


JKT023_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

མདོ་མེད་དྲེད་པོར་སྒྲོགས། །གང་ལྟར་བགྱིས་ཀྱང་འཁོན་ལ་ཞི་དུས་མེད། །མཛའ་བཤེས་འཁོར་གཡོག་འདི་ཡང་ཡིད་སྐྱོའི་རྒྱུ། ༡༢ །དེ་རིང་མཛའ་བ་སང་ཉིན་དགྲར་གྱུར་ཅིང་། །སྔ་དྲོའི་དད་པ་ཕྱི་དྲོ་ལོག་ལྟའི་རྒྱུ། །སྟོན་ཀའི་སྤྲིན་ལས་མྱུར་བའི་ངང་ཚུལ་འདིར། །ཤིན་ཏུ་ཁམས་འདུས་ལངས་པས་མཆི་མ་དཀུ། ༡༣ །ཕྱོགས་ཀུན་སྡིག་སྤྱོད་ཀླ་ཀློས་རབ་ཁེངས་ཤིང་། །རང་གཞན་ཀུན་ཀྱང་དེ་ཡི་ཟླ་བོར་སྤྱོད། །ཆོས་པར་སྒྲོ་བཏགས་དམྱལ་བའི་ས་མཁན་དངོས། །འདི་འདྲའི་རང་རྒྱུད་འདི་ལ་མི་སྐྱོ་སུ། ༡༤ །མཉམ་གཞག་དོན་ལ་མོས་ཀྱང་ཤེས་བྱར་སྡང་། །ཐོས་བསམ་དོན་དུ་གཉེར་ཀྱང་སྒོམ་སྒྲུབ་སྨད། །རྒྱལ་བསྟན་ཡ་མ་ཟུང་དུ་གྱུར་པའི་ཚེ། །རྟགས་ཙམ་འཛིན་པ་ཡིན་སྙམ་སྐྱོ་བ་འཕེལ། ༡༥ །དད་གསུམ་མེ་ཏོག་དཀར་པོའི་རྣ་རྒྱན་ཡང་། །མཉམ་འགྲོགས་ཚོན་རིས་མང་། པོས་སྨྲ་ཕབ་པས། །ཚེ་གཅིག་ཐར་པའི་ལམ་སྣ་འགགས་པའི་འོག །རྡོ་རྗེའི་དམྱལ་བར་ཁྲིད་འདིར་ཀྱི་ཧུད་སྐྱོ། ༡༦ །མདོར་ན་ཆོས་བཞིན་སྤྱོད་ཚེ་ཀུན་གྱིས་སྨད། །དེ་དང་འགལ་བར་འཛིན་ལ་ཡོངས་ཀྱིས་བསྟོད། །གང་ལྟར་བྱས་ཀྱང་སྒྲོ་སྐུར་རྒྱུར་འགྱུར་བའི། །སྣང་ཚུལ་འདི་ཉིད་ཁོ་ནས་སྐྱོ་བ་འཕེལ། ༡༧ །དེ་ཡང་ཡུལ་དུས་གང་ཟག་གང་གིས་ཀྱང་། །ཤིན་ཏུ་སྐྱོ་བའི་ཕོ་ཉ་གཅིག་གྱུར་


JKT023_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། །སྙིང་ནས་མཆི་མའི་རྦ་རླབས་གཡོ་བ་ཡིས། །བཟོད་དཀའི་སྡུག་བསྔལ་དྲག་པོས་མནར་བར་གྱུར། ༡༨ །བདག་ཀྱང་གཞན་དབང་བྱེད་པོས་མ་བཅིངས་ན། །མཚོ་སྐྱེས་བླ་མའི་གསང་མཛོད་འཛིན་པ་ལ། །སྔོན་དགེའི་སྤོབས་པ་ཅུང་ཟད་སད་མོད་དེ། །ད་ནི་སྐྱོ་ཤས་ཁོ་ནའི་གཉིད་ལ་གཡུར། ༡༩ །རང་སྣང་རྣམ་དག་ནོར་བུའི་མེ་ལོང་དུ། །རྩ་གསུམ་རྒྱལ་བའི་སྒྱུ་འཕྲུལ་འཆར་བ་ཡིས། །ལུང་བསྟན་དབང་བསྐུར་དབུགས་དབྱུང་མཆིས་གྱུར་ཀྱང་། །རེ་དང་དོགས་པའི་བློ་ནི་ཅི་དགར་ཡལ། ༢༠ །ཌཱ་ཀིའི་གསང་མཛོད་སྙིང་དབུས་སྦས་པའི་རླབས། །མགྲིན་པའི་ལམ་བ་ནས་སྔར་དུས་ཆ་ཤས་ཞིག །ཕྱུངས་མོད་སླར་ཡང་གསང་བའི་སྒོ་བསྡམས་པས། །རྟེན་འབྲེལ་སྣ་ཚོགས་དུས་ཀྱི་བྱེད་པོས་ཡལ། ༢༡ །གལ་ཏེ་སྔོན་གྱི་ལེགས་སྨོན་མཐར་སོན་ན། །བགྲང་བྱ་རྩེ་མོའི་མུ་ཁྱུད་ཀྱིས་བཅིངས་ནས། །ཕན་བདེའི་སྒོ་འཕར་ཅིར་ཡང་དབྱེ་མོད་དེ། །ཡིད་སྲུབས་སྙིང་ལ་ཞུགས་འགས་སྒྲིབ་བམ་སྙམ། ༢༢ །ཐ་སྙད་ཤེས་ཀྱང་དོན་དམ་མ་སྟོར་ཞིང་། །དེ་ཉིད་རྟོགས་རྩཀྱང་རིག་རྩལ་མ་འགགས་པ། །འདི་ཀོ་སྙིང་གི་ནོར་བུར་རྒྱས་བཏབ་ན། །འཕྲལ་ཕུག་ཕན་བདེ་ཅུང་ཟད་འབྱུང་ངམ་སེམས། ༢༣ །གཞན་དུ་བསྟན་དང་འགྲོ་ལ་ཕན་སྙམ་པའི། །རེ་བའི་བློ་ནི་རྨི་


JKT023_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཙམ་དུ་ཡང་། །མ་མཆིས་ཅི་ཕྱིར་ཤཱཀྱའི་རྒྱལ་པོ་དངོས། །བྱོན་ཡང་ཀུན་གྱིས་ཡིད་ཆེས་བྱེད་པ་དཀའ། ༢༤ །ཁྱད་པར་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ལ། །གཡེལ་ཞིང་དགོངས་པའི་བརྡ་ཡང་བག་ལ་ཞ། །དེ་ལྟར་གྱུར་ཚེ་རིང་པོར་མི་ཐོགས་པར། །ཚེ་ཡི་འདུ་བྱེད་སྟུང་བར་འགྱུར་གྱིས་དོགས། ༢༥ །གང་ལྟར་ཡིན་རུང་ད་ལྟའི་ཤེས་པ་ནི། །བཅོས་བསླད་བྲལ་བ་འདི་ཀའི་ངང་ཉིད་དུ། ། བདེ་སྡུག་རྟོག་པའི་ཆོ་རོལ་ལམ་ཁྱེར་བཞིན། །གཏད་མེད་རྣལ་འབྱོར་སྨྱོན་པ་གཅིག་ཏུ་བདེ། ༢༦ །སླད་མའི་ཆར་ཡང་འཆི་མེད་ཨོ་རྒྱན་རྗེའི། །ཐུགས་རྗེའི་གྲིབ་བསིལ་མཆོག་ཏུ་བསྟི་བ་ལས། །ཆོས་བཞིན་སྤྱོད་པའི་པད་མཚོ་མི་རྙིང་ཞིང་། །སྲོག་གི་འདུ་བྱེད་ཡུན་དུ་གནས་གྱུར་ཅིག ༢༧ །དེ་སྐད་གང་ཤར་སྐྱོ་བའི་ཚིགས་བཅད་འདི། །གཞན་དང་གཞན་ལ་སྟོན་པའི་ཡུལ་མིན་ཏེ། །ཅི་ཕྱིར་སྒྲོ་འདོགས་སྐུར་འདེབས་སྣ་ཚོགས་ཀྱིས། །རང་རྒྱུད་ལོག་ལྔའི་འདམ་དུ་བྱིངས་ཀྱིས་དོགས། ༢༨ །ཨ་ཧོ་དྲི་མེད་དར་གྱི་གཤོག་རླབས་ཟུང་། །བསྐྱོང་བཞིན་རྣམ་དཀར་དགེ་བའི་མལླི་ཀ །གཉུག་མ་ཐོབ་ཤོར་བྲལ་བའི་པད་རྫིང་ནས། །འགག་མེད་རིག་པའི་རོལ་རྩལ་ངོམས་བཞིན་སོང་། ༢༩ །ཞེས་པའང་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་དང་། ཀུན་མཁྱེན་འཇིགས་མེད་གླིང་པའི་ཡེ་ཤེས་ཀྱི་སྐུས་བྱིན་གྱིས་བརླབས་


JKT023_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གྲུབ་པ་མཆོག་གི་བསྟི་གནས་དཔལ་ལྡན་པདྨ་འོད་གླིང་ནས་རིག་པ་འཛིན་པ་འོད་གསལ་གླིང་པས་བསྲིངས་པ་ཛ་ཡནྟུ། ༈ །སེམས་previous hit རིག་ཤན་འབྱེད་ཡིད་དཔྱོད་རང next hit་གྲོལ་ཞེས་བྱ་བ། ཟག་པའི་ཆ་བཅས་ངོ་བོས་རབ་སྤངས་ཤིང་། །མྱང་འདས་ཡོན་ཏན་ལྷུན་གྱིས་གྲུབ་པ་ཅན། །མཉམ་རྗེས་མཐའ་གྲོལ་ཁོར་ཡུག་འོད་གསལ་ངང་། །འཛིན་མེད་བདེ་བ་ཆེན་པོས་ཕྱག་བགྱིའོ། །གཟོད་མ་ཉིད་ནས་བློ་ཡིས་མ་རེག་པའི། །དོན་དམ་བདེན་པ་མངོན་དུ་རྟོགས་པའི་ཚེ། །གཞན་དབང་འཁོར་བཅས་ཡོངས་སུ་ཟད་པའི་ཕྱིར། །སེམས་ལས་འདས་པའི་རིག་པ་མཁྱེན་པར་མཛོད། །དེ་ཡང་ཟབ་གསང་རྡོ་རྗེ་རྩེ་མོ་ཡི། །རྒྱུད་ཀྱི་རྡོ་རྗེའི་གནས་ཀྱི་ལུང་རྣམས་ལ། །རྡོ་རྗེའི་མིག་གིས་ལེགས་པར་བརྟགས་པའི་ཚེ། །མི་ཕྱེད་རྡོ་རྗེའི་རིགས་ལ་ངེས་པ་རྙེད། །སེམས་ནི་བྱུང་ཚོར་འགྲོ་འོང་དང་བཅས་ཤིང་། །ཕྱི་རོལ་ཡུལ་གྱི་རྣམ་ཆ་དང་འདྲེས་པས། །དེ་ཡིས་དེ་ལ་དཔྱད་པར་བཟོད་པའི་ཕྱིར། །བློ་ཡི་མདུན་ན་ཡོངས་སུ་གནས་པ་ཡིན། །རིག་པ་དྭངས་ཤིང་ཡུལ་མེད་ཀུན་ཏུ་གསལ། །ཐིམ་ལ་མ་རྨུགས་རྟག་ཆད་འཇུག་ལྡང་བྲལ། །བསམ་པའི་ཆོས་ཀྱིས་ཐ་དད་དབྱེར་མེད་ཕྱིར། །སོ་སོར་རྟོག་པའི་ཤེས་པས་དབང་དུ་འགྱུར། །ཁྱད་པར་ཡེ་ཤེས་སྐུ་ཅན་བླ་མ་ཡིས། །རྡོ་རྗེ་ཡེ་ཤེས་འཕོ་བའི་དབང་བསྐུར་གྱིས། །མངོན་སུམ་ཅར་


JKT023_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཕོག་ཉིད་དུ་ངོ་སྤྲད་པས། །སེམས་བྲལ་རིག་པ་རྗེན་པའི་དེ་ཉིད་མཐོང་། །རྣམ་པ་ཀུན་ཏུ་ལུས་སེམས་ཁོང་ལྷོད་ལ། །ཕྱི་རོལ་ནམ་མཁའི་ཁམས་སུ་ཤེས་པ་གཏད། །འདྲེན་བྱེད་གཡོ་མེད་ཧར་རེ་བཞག་པ་ཡིས། །ལམ་དུས་རིག་པའི་དྭངས་མ་ལྷུག་པར་འཆར། །དེ་ལྟར་མཐོང་བའི་ཉམས་སུ་མྱོང་བ་དེ། །བློ་དང་མིག་གི་རྣམ་འགྱུར་ཁོ་ན་ལ། །ལྟོས་མིན་རྟག་པར་ལམ་ཁྱེར་འབད་པ་ལས། །འདུ་འབྲལ་མེད་པའི་སངས་རྒྱས་ད་ལྟ་བརྙེས། །འདི་ནི་ཤིན་ཏུ་གསང་བའི་ཟབ་དོན་ཏེ། །སྙིང་ལ་ཕྱག་རྒྱས་བཏབ་པར་འོས་ན་ཡང་། །སྐལ་བཟང་རྣམ་དཔྱོད་ཅན་གྱི་བགོ་སྐལ་དུ། །དྲི་མེད་previous hit རིག་པའི་རྡོ་རྗེས་ཡུད་ལ་བསྟན། ༈ །རྫོགས་པ་ཆེན་པོ་རང next hit་གྲོལ་སྐོར་ལྔ་ལས། གེགས་སེལ་རིན་པོ་ཆེའི་དྲྭ་བ་ཞེས་བྱ་བ། ན་མོ་གུ་ར་ཝེ། གདོད་ནས་རང་སར་གྲོལ་བའི་ཆོས་ཉིད་ལ། །གེགས་དང་གོལ་ཤོར་ནོར་བའི་ཐ་སྙད་ལས། །རྣམ་པར་འདས་ཕྱིར་གཏད་མེད་དབུ་མའི་སྦུབས། །དུས་གསུམ་དུས་མེད་ཆེན་པོར་རྒྱལ་གྱུར་ཅིག །ཟབ་མོའི་དོན་ལ་མོས་པ་བརྟན་ན་ཡང་། །བསོད་ནམས་དམན་པས་མཚན་ལྡན་བླ་མ་དང་། །མ་མཇལ་ཡིད་དཔྱོད་ཙམ་ལ་གདིངས་བཅས་པའི། །སྐལ་བཟང་རྣམས་ལ་ཕྲིན་འདི་གདམས་པར་བྱ། །ཀྱེ་ཧོ་གཞི་གྲོལ་previous hit རིག་པ་ཟང་ཀ་མར། །ཡོད་མེད་ཡིན་མིན་དམིགས་གཏད་མཚན་


JKT023_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནུབ། །རང next hit་གསལ་རྗེན་པ་འདི་ཀ་ལྟ་བ་ཡིན། །དེ་ལ་ཆེད་འཛིན་ཞུགས་ན་གེགས་སུ་ཆེ། །མ་ཡེངས་ངང་གདངས་བསྐྱང་བ་ཙམ་ཉིད་ལས། །སླད་ནས་བསལ་བཞག་འཇུར་བུས་མ་བཅིངས་པའི། །ཁོར་ཡུག་ཆད་མེད་འདི་ཀ་སྒོམ་པ་ཡིན། །དེ་ལ་གཉེན་པོས་བཟུང་ན་གེགས་སུ་ཆེ། །ཚོགས་དྲུག་ཡུལ་དུ་ཤར་བའི་ཉམས་མྱོང་ཀུན། །ཤར་གྲོལ་རིས་མེད་ཆུ་དང་ཆུ་རླབས་བཞིན། །རོ་གཅིག་འདྲེས་པ་འདི་ཀ་སྤྱོད་པ་ཡིན། །བདེ་སྡུག་སྤང་བླང་ལངས་ན་གེགས་སུ་ཆེ། །གཞི་གནས་གདོད་ནས་དག་པའི་ཆོས་ཉིད་ལ། །གློ་བུར་དྲི་མ་བསལ་ནས་དག་པའི་ཚེ། །བློ་འདས་རྗེན་པར་མཐོང་བ་འབྲས་བུ་ཡིན། །དེ་ལས་གུད་དུ་བཙལ་ན་གེགས་སུ་ཆེ། །དེ་ཕྱིར་ད་ལྟའི་ཤེས་པ་སོ་མ་ལ། །བཅས་བཅོས་བསྒྱུར་བཀོད་མ་མང་གང་དགར་ཞོག །བྱིང་ན་རླུང་རོ་དགུ་ཕྲུགས་བྱས་པའི་རྗེས། ཁ་སྦྱོར་རླུང་བསྡམས་སྟོང་པའི་ཡེ་ཤེས་འཆར། །རྒོད་ན་སྙིང་གི་ཐིག་ལེར་སེམས་བཟུང་ཞིང་། །བདེན་མེད་བཞག་པས་གསལ་བའི་ཡེ་ཤེས་མཐོང་། །དུས་ཀུན་ཙིཏྟ་པདྨ་འདབ་བརྒྱད་དབུས། །ཁྱབ་བདག་བླ་མའི་གསང་གསུམ་གསལ་བཏབ་སྟེ། །གེགས་དང་བར་ཆད་རྣམ་པ་ཅི་བྱུང་ཡང་། །ཁྱེད་ཤེས་དད་པས་སྙིང་ནས་གསོལ་བ་འདེབས། །མཐར་ནི་ཀུན་བརྟགས་


JKT023_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྐུའི་སྣང་ཆ་ཡང་། །རིག་སྟོང་གཉུག་མའི་ངང་དུ་འཇའ་ལྟར་ཡལ། །དོན་དམ་འགོག་བདེན་བླ་མའི་ཞལ་མཇལ་བས། །ལམ་བདེན་གེགས་དང་བར་ཆད་དབྱིངས་སུ་དེངས། །དེ་ལྟར་ཤིན་ཏུ་གཅེས་པའི་གདམས་པ་འདི། །ཐེག་མཆོག་སྙིང་པོའི་ལམ་ལ་མོས་པའི་དོན། །ཆགས་བྲལ་པདྨ་དགྱེས་པས་གླུར་བླངས་པའི། །དགེ་བས་གེགས་དང་གོལ་ས་རང་གྲོལ་ཤོག །གུ་བྱ། ༈ །རྫོགས་པ་ཆེན་པོ་previous hit རང་གྲོལ་རྣམ་ལྔ་ལས། །བོགས་འདོན་བདུད་རྩིའི་ཟེགས་མ་ཞེས་བྱ་བ། ན་མོ་ཤྲཱི་གུ་ར་བེ། རིག next hit་པ་འདི་ཀ་ཟང་ཐལ་རྗེན་པར་ཤར། །ཤར་དང་མ་ཤར་རྩིས་གདབ་དབྱིངས་སུ་ནུབ། །ནུབ་མེད་རང་གསལ་རྟག་ཏུ་གནས་པའི་ཆོས། །ཆོས་ཉིད་གཤིས་པ་འགྲོ་འོང་མེད་པར་འདུད། །ལམ་གྱི་ངོ་བོ་ལྟ་སྒོམ་སྤྱོད་འབྲས་བཞིར། །ལམ་གྱི་གེགས་སེལ་གཟེར་བཞིས་ཐེབས་པའི་ཚེ། །ལམ་གྱི་བོགས་འདོན་གནད་དུ་ཆེ་བ་ཡིས། །ལམ་འདི་ཐུན་མོང་མིན་པའི་ཁྱད་པར་མཆོག །གདོད་ནས་སྟོང་པའི་ཀ་དག་བློ་བྲལ་དང་། །དེ་ཡི་ཐུགས་རྗེ་མ་འགགས་ལྷུན་གྲུབ་ལམ། །གཉིས་སུ་མེད་པར་ལྷུག་པར་མཐོང་བ་ཡི། །previous hit རང་གྲོལ་ལྟ་བའི་བོགས་འདོན་དེ་ལ་མཛོད། །འདི་ལྟར་སྣང་ཞིང་གྲགས་དང་རིག next hit་པའི་རྩལ། །ཐམས་ཅད་དངོས་བཟུང་མེད་པར་གང་དགར་བཏང་། །ཤར་མཁན་རང་གསལ་ངང་དུ་མཉམ་


JKT023_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

གཞག་པས། །ཡེངས་མེད་སྒོམ་པའི་བོགས་འདོན་དེ་ལ་མཛོད། །བདེ་སྡུག་ཡུལ་ཅན་ཇི་ལྟར་བྱུང་ཡང་རུང་། །དགའ་བྲོད་སྙེམས་བྱེད་ཐམས་ཅད་ཐད་ཀར་བཅད། །དུས་གསུམ་རྟོག་བྲལ་ཡེ་ཤེས་ལམ་དུ་ཁྱེར། །གཏད་མེད་སྤྱོད་པའི་བོགས་འདོན་དེ་ལ་མཛོད། །བཞིན་ལག་མཚན་དཔེའི་རིས་སུ་བཅད་པ་ཡིས། །སངས་རྒྱས་གུད་ན་མེད་དོ་སེམས་ཉིད་དབྱིངས། །འདི་ཀ་རླུང་སེམས་བྲལ་བར་ཐག་བཅད་པས། །རེ་བྲལ་འབྲས་བུའི་བོགས་འདོན་དེ་ལ་མཛོད། །དཔྱིད་ནི་མཐོ་ཞིང་དྭངས་ལ་བསིལ་བ་དང་། །དབྱར་ནི་མཚོ་གླིང་མེ་ཏོག་རྒྱས་པའི་ཚལ། །དགུན་ནི་རི་ཁྲོད་ནགས་ཚལ་བས་མཐའ་སོགས། །ཡིད་མཐུན་ཡུལ་གྱི་བོགས་འདོན་དེ་ལ་མཛོད། །དགྲ་དང་གཉེན་དང་འདུ་བྱེད་རྟོག་ཚོགས་ཀྱིས། །རང་ཡིད་ཆགས་སྡང་རླུང་གིས་བསྐྱོད་པའི་ཚེ། །རྩིས་གདབ་མེད་པ་སྨྱོན་པ་ལྟ་བུར་བྱ། །འཛིན་མེད་ཆོས་ཀྱི་བོགས་འདོན་དེ་ལ་མཛོད། །ཁྱད་པར་སྤྲིན་བྲལ་ནམ་མཁར་འདྲེན་བྱེད་གཏད། །ལུས་དང་རླུང་གི་རྒྱུ་བ་ལྷུག་པར་བཞག །ཡིད་ནི་ཅི་ཡང་མི་བསམ་ཕྱམ་མེར་བཏང་། །སེམས་བྲལ་རིག་པའི་བོགས་འདོན་དེ་ལ་མཛོད། །ཚུལ་འདི་དད་དང་ངེས་ཤེས་མཆོག་ལྡན་པའི། །དབང་རྣོན་རྣམས་ཀྱི་སྙིང་ལ་དམ་དུ་སྦོས། །དེ་ལས་གཞན་དུ་རྟོགས་པར་མི་


JKT023_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ཞེས། །previous hit རིག་སྟོང་གཉུག་མའི་རྡོ་རྗེས་དེ་སྐད་ལོ། །གུ་བྱ། ༈ །རྫོགས་པ་ཆེན་པོ་རང next hit་གྲོལ་རྣམ་ལྔ་ལས། འདའ་ཀ་མའི་གདམ་པ་སྒྱུར་ལམ་ཐིག་ལེ་ཞེས་བྱ་བ། ཆེན་པོ་གསུམ་གྱི་སྒྲོ་བཏགས་ཟད་པའི་དབྱིངས། །དེ་ཁོ་ན་ཉིད་དབྱིངས་ལ་གཉིས་མེད་འདུད། །ཚེ་འདིར་ཟུང་འཇུག་མངོན་དུ་མ་གྱུར་ན། །འདའ་ཀའི་གདམས་པ་འདི་ཉིད་ཡིད་ལ་ཟུང་། །ནམ་ཞིག་འདིར་སྣང་ནུབ་ལ་མངོན་ཕྱོགས་ཚེ། །རང་གི་སྤྱི་བོར་ཁྱབ་བདག་བླ་མ་བསྒོམ། །ལུས་དང་ལོངས་སྤྱོད་དགྲ་གཉེན་ཡུལ་ཁམས་ཀུན། །ཆགས་སྡང་མེད་པར་མཎྜལ་ཉིད་དུ་འབུལ། །རེ་དང་དོགས་པའི་ཕྲེང་བ་ཐད་ཀར་བཅད། །དེ་ནས་སྙིང་གའི་པདྨོར་གནས་པ་ཡི། །རང་སེམས་ངོ་བོ་འོད་གསལ་ཐིག་ལེ་དཀར། །ཕཊ་ཀྱིས་འཕངས་པས་བླ་མའི་ཐུགས་ཀར་ཐིམ། །ཐུགས་རྒྱུད་གཉིས་མེད་འདྲེས་པ་དེ་ཡི་ངང་། །ནམ་མཁའ་སུམ་སྤྲུགས་དབྱིངས་སུ་མཉམ་པར་གཞག །བར་དོ་མེད་པར་འཆི་བའི་འོད་གསལ་དང་། །རོ་གཅིག་འདྲེས་པས་གདོད་མའི་བཙན་ས་ཟིན། །ས་མ་ཡ། ཕྱི་རོལ་ཡུལ་གྱི་རྣམ་ཆར་མཐའ་ཀླས་ཀྱང་། །ནང་དུ་དེ་ཀུན་ངོ་བོ་གཅིག་པུ་ཉིད། །རང་གསལ་བརྗོད་མེད་འདི་ཀར་མཉམ་བཞག་པས། །ཟུང་འཇུག་སྒྱུ་མའི་ལྷ་སྐུ་འགྲུབ་པར་ངེས། །རྒྱ་རྒྱ་རྒྱ། འོན་ཀྱང་དུས་དེར་གྲོལ་བ་མ་ཐོབ་ནས། །གནས་རིགས་


JKT023_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ངེས་མེད་ཀུན་ཏུ་རྒྱུ་བའི་ཚེ། །བླ་མ་དང་ནི་དཀོན་མཆོག་དྲན་པའི་མཐུས། །རང་བཞིན་སྤྲུལ་པའི་ཞིང་དུ་འདུན་པ་གཏད། །ཆོས་ཉིད་བདེན་པ་བསམ་གྱིས་མི་ཁྱབ་པས། །དེ་རུ་དག་པ་རྒྱལ་བའི་མྱུ་གུར་སྨིན། །ཡང་ན་མངལ་སྒོ་ངན་པ་སྨོན་ལམ་མཐུས། །བཀག་སྟེ་རང་སེམས་ཧཱུཾ་གི་རྣམ་པ་དང་། །ཡབ་ཡུམ་དཔའ་བོ་ཌཱ་ཀིར་གསལ་བཏབ་སྟེ། །སྦྱོར་མཚམས་ཞུགས་པ་རྡོ་རྗེ་གསུམ་གྱི་དངོས། །ཡིན་པར་ངེས་ཤེས་གསལ་བཏབ་འཇུག་པ་ཡིས། །དལ་འབྱོར་ལྡན་པའི་མི་ལུས་མཆོག་ཐོབ་ནས། །ལམ་གྱི་ལྷག་མ་སྐད་ཅིག་ཉིད་བགྲོད་དེ། །མྱུར་དུ་བྱང་ཆུབ་ས་ལ་རེག་པར་འགྱུར། །གུ་རྒྱ། སྙིགས་དུས་འགྲོ་བ་བརྩོན་འགྲུས་ཆེས་ཞན་པས། །དམ་པའི་བླ་མ་བརྟེན་ཡང་ཉམས་ལེན་གཡེལ། །དེ་ཡི་དུས་སུ་གདམས་པའི་སྙིང་ཐིག་འདིས། །སྐལ་བཟང་འགའ་ཞིག་བཙན་ས་ཟིན་པར་ཤོག ༈ །གཟུང་བའི་ཆོས་རྣམས་མ་ལུས་ཀུན། །འཛིན་བྲལ་ཤེས་པ་དེ་ཀའི་ངང་། །བསལ་བཞག་འཕོ་འགྱུར་བྲལ་བ་ནི། །སངས་རྒྱས་ཀུན་གྱི་ཐུགས་ཡིན་ནོ། །རྡོ་རྗེའི་ཚིག་རྐང་དོན་དམ་པའི་རང་བཞིན་སྒྲིབ་བྲལ་དུ་སྟོན་པར་བྱེད་པའོ། ༈ །རྫོགས་པ་ཆེན་པོ་རང་གྲོལ་རྣམ་ལྔའི་ངོ་སྤྲོད་ཡེ་ཤེས་སྙིང་པོ་ཞེས་བྱ་བ། ན་མོ་ཛྙཱ་ན་གུ་རུ་བྷྱ༔ དེ་ལ་སྙིང་ཐག་པ་ནས་མངོན་སུམ་རང་གྲོལ་གྱི་དོན་ལ་


JKT023_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

མོས་པ་བརྟན་པའི་སྐལ་བཟང་གི་སློབ་མ་གཅིག་གམ། གཉིས་སམ། །གསུམ་ལ་སོགས་པར། ཤིན་ཏུ་དབེན་པའི་ནགས་ཚལ་དུ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་བརྒྱུད་པའི་གསོལ་། འདེབས་དབྱངས་དང་བཅས་པ་སྔོན་དུ་འགྲོ་བས་རྡོ་རྗེའི་གླུ་འདི་སྐད་དུ་བླངས་ནས་ངོ་སྤྲོད་བཙན་ཐབས་སུ་གདབ་པར་བྱའོ། །ཨེ་མ་ཧོ། གཞི་གྲོལ་རིག་པའི་ཡེ་ཤེས་ནི། །ལྷུན་གྱིས་གྲུབ་པའི་ཆོས་ཉིད་ཅན། །ཁྱབ་བདག་རྡོ་རྗེ་སེམས་དཔའ་ཡིས། །ཤིན་ཏུ་ཉེ་བའི་སློབ་བུ་རྣམས། །རྡོ་རྗེའི་ཐུགས་སུ་བྱིན་གྱིས་རློབས། །ཕཊ། ལྟོས་ཤིག་ལྟོས་ཤིག་བདེ་བ་ཆེ། །བལྟས་པས་མཐོང་བ་མེད་ན་ཡང་། །བསམ་གྱིས་མི་ཁྱབ་སྨྲ་བརྗོད་བྲལ། །འདི་ལ་རང་གྲོལ་ལྟ་བ་མཛོད། །ཕཊ། དེ་ཡི་ངང་དུ་མ་ཡེངས་ཤིང་། །ཆེད་དུ་འཛིན་པའི་དམིགས་གཏད་ནུབ། །བར་མེད་ཁྱབ་བརྡལ་ཆེན་པོར་ཡལ། །འདི་ལ་རང་གྲོལ་སྒོམ་པ་མཛོད། །ཕཊ། སྣ་ཚོགས་རྟོག་པའི་སྤུ་རིས་ལ། །བཟང་ངན་གྲུབ་བསལ་ཅི་ཤར་ཡང་། །ཐམས་ཅད་ཆོས་དབྱིངས་རོལ་པར་སྦྱོར། །འདི་ལ་རང་གྲོལ་སྤྱོད་པ་མཛོད། །ཕཊ། གང་ནས་མ་འོངས་གར་མི་འགྲོ། །ཀུན་ཁྱབ་ནམ་མཁའི་སྲོག་ཤིང་ཅན། །ཐ་མལ་ཤེས་པ་རྗེན་པའི་གཤིས། །འདི་ལ་previous hit རང་གྲོལ་འབྲས་བུ་མཛོད། །ཕཊ། སེམས་དང་བྲལ་བའི་


JKT023_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

རིག next hit་པ་ལ། །ཀ་དག་གཏིང་གསལ་མིག་གིས་ལྟོས། །བློ་དང་བྲལ་བའི་ཡེ་ཤེས་ལ། །གཉིས་འཛིན་མེད་པའི་ངང་དུ་ཞོག །ཕཊ། ཅེར་གྱིས་གྲོལ་བའི་རིག་གདངས་ལ། །དུས་གསུམ་རྟོག་པ་དབྱིངས་སུ་ཡལ། །ཀུན་གཞི་ལས་འདས་ཆོས་ཀྱི་སྐུར། །བྱར་མེད་བདེ་ཆེན་བཙན་ས་ཟིན། །ཕཊ། ཨ་ཧོ་ངོ་མཚར་རྡོ་རྗེའི་གླུས། །ཡིད་དཔྱོད་བྲལ་བའི་དགོངས་པ་བསྟན། །འདི་ལས་ གཞན་དུ་མ་འདའ་ཞིག །སངས་རྒྱས་ཀུན་གྱི་དམ་ཚིག་གོ །ཕཊ། ཅེས་ལན་གསུམ་བཏབ་མཐར། ཨ་ཉི་ཤུ་རྩ་གཅིག་བརྩེགས་མར་བརྗོད་ལ། །ཕཊ། ཅེས་བྱ་བས་མ་མཐོང་བའི་མཐོང་བ་བསྟན། །སློབ་དཔོན་གྱིས་ལུས་གནད་མཉམ་བཞག་དང་། མིག་ནམ་མཁའ་སྤྲིན་བྲལ་ལ་གཏད་ཅིང་། དཔོན་སློབ་གཉིས་ཀ་མཉམ་པར་བཞག་པ་ཡུན་རིང་དུ་བྱས་ལ་དགོངས་པའི་དྲོད་གཏད། །སླར་རོལ་མོའི་སྒྲས་ཉམས་དེ་ལས་སད་པར་བྱས་ཏེ། ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུའོ། །སྒྱུ་མ་ལྟ་བུའོ། །ཞེས་བརྗོད་ལ་ཧཱུྃ་ཞེས་ངར་ཆ་དང་བཅས་པ་འདྲེན་ནས་རྗེས་ཐོབ་ཀྱི་ཆོས་ཐམས་ཅད་སྣང་ལ་མ་གྲུབ་པར་ཐག་བཅད། དེ་ནས། ཀྱེ། སྐལ་ལྡན་རིགས་ཀྱི་བུ། དེ་རིང་ནས་མི་ཕྱེད་པ་ཆོས་སྐུའི་གྲོང་ཁྱེར་མངོན་དུ་མཐོང་བ་ཡིན་པས་ན་ལམ་འདི་ལས་འདའ་བར་མི་བྱའོ། །དགའ་དང་སྤྲོ་


JKT023_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དྲན་པ་ཉེ་བར་བཞག་ནས་རྡོ་རྗེའི་རྣལ་འབྱོར་ལ་བརྩོན་པར་གྱིས་ཤིག །ཅེས་ལན་གསུམ་དུ་བརྗོད་ལ་དབུགས་དབྱུང་ཞིང་། གཟེངས་བསྟོད་དེ། ཤིས་པ་བརྗོད་པས་མངའ་གསོལ་བར་བྱའོ། ། ས་མ་ཡ། ངོ་སྤྲོད་ཀྱི་རྡོ་རྗེའི་གླུའི་རིམ་པའོ། ༈ །འོད་གསལ་རང་བྱུང་གཉུག་མའི་ཕོ་བྲང་དུ། །འོད་གསལ་འགྲོ་འོང་བྲལ་བར་འབྱམས་ཀླས་པའི། །འོད་གསལ་གྲུབ་པའི་དཔའ་བོ་ཧེ་རུ་ཀཿ ཨོ་@རྒྱན་འོད་གསལ་གླིང་པ་ལ་གསོལ་བ་འདེབས། །འདིའང་རྨི་ལམ་དུ་སྔགས་སྲུང་མས་བསྐུལ་བར་བརྟེན་ནས་བྲིས་པའོ། །ཀུན་མཁྱེན་བླ་མས། དེ་ཚེ་རང་གཞན་ཐམས་ཅད་ཀྱི་སྤྱོད་ཚུལ། །ཆོས་ལྟར་བཅོས་པའི་གཟུགས་བརྙན་ལ་བལྟས་པས། །སྙིང་ནས་ངེས་འབྱུང་སྐྱོ་ཤས་ཀྱི་ཕོ་ཉས། །ཡིད་ནི་རྩེ་གཅིག་མཉམ་བཞག་ལ་སྨོན་སོང་། ༈ །མགོན་པོ་ཚེ་དཔག་ཏུ་མེད་པ་ལ་མངོན་པར་འདུད་པའི་རྡོ་རྗེའི་གླུ་འཆི་མེད་རྟག་པའི་རོལ་མོ་ཞེས་བྱ་བ། ཨ་ཧོ། ཨོ་ཡིག་མཆོག་ཏུ་མི་འགྱུར་བདེ་ཆེན་གྱི་ཡེ་ཤེས། །རྣམ་ཀུན་སྟོང་པའི་གཟུགས་བརྙན་ཟུང་འཇུག་ཏུ་སྣང་བ། །སྐུ་ཡི་རྡོ་རྗེ་ཚེ་དཔག་མེད་མགོན་ལ་འདུད་དོ། །རྩ་ཁམས་ལྷ་སྐུར་དག་པའི་དངོས་གྲུབ་ཅིག་སྩོལ་དང་། །ཨ་མཱ་ར་ཎི་འཆི་མེད་རྟག་པ་ཡི་དབྱངས་སྙན། །བརྒྱད་ཁྲི་བཞི་སྟོང་ཆོས་ཚུལ་རྒྱ་མཚོ་རུ་ཤར་བ། །གསུང་གི་རྡོ་རྗེ་ཚེ་དཔག་མེད་མགོན་ལ་འདུད་


JKT023_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །ལས་རླུང་སྔགས་སུ་རྫོགས་པའི་དངོས་གྲུབ་ཅིག་སྩོལ་དང་། །ཛི་བནྟི་ཞེས་འཕོ་མེད་གཉུག་མ་ཡི་འཚོ་བ། །བརྟན་གཡོ་སྲིད་ཞི་ཀུན་གྱི་ཁྱབ་བྱེད་དུ་རོལ་པ། །ཐུགས་ཀྱི་རྡོ་རྗེ་ཚེ་དཔག་མེད་མགོན་ལ་འདུད་དོ། །ཐིག་ལེ་བདེ་བར་སྨིན་པའི་དངོས་གྲུབ་ཅིག་སྩོལ་དང་། །ཡེ་ཞེས་གང་ལ་དགོངས་པའི་སྐལ་བཟང་གི་ཚོགས་ཀུན། །ཡིད་བཞིན་འདོད་པ་འཇོ་བའི་དཔག་བསམ་གྱི་ཤིང་aཆེན་། །ཡོན་ཏན་རྡོ་རྗེ་ཚེ་དཔག་མེད་མགོན་ལ་འདུད་དོ། །སྤངས་རྟོགས་རྩལ་ཆེན་རྫོགས་པའི་དངོས་གྲུབ་ཅིག་སྩོལ་དང་། །སྭཱ་ཧཱ་མངོན་མཐོ་ངེས་ལེགས་གྲུབ་པ་ཡི་དཔལ་ཀུན། །གང་འདུལ་ཅིར་ཡང་སྦྱིན་པའི་སྒྱུ་འཕྲུལ་དུ་འཆར་བ། །ཕྲིན་ལས་རྡོ་རྗེ་ཚེ་དཔག་མེད་མགོན་ལ་འདུད་དོ། །གཞན་ཕན་མཁའ་ཁྱབ་རྟག་པའི་དངོས་གྲུབ་ཅིག་སྩོལ་དང་། །ཕུན་སུམ་ཚོགས་པ་ལྔ་ལྡན་འོག་མིན་གྱི་ཞིང་ལྟར། །ཁྱབ་བདག་བླ་མ་ཞབས་པད་བསྐལ་བརྒྱ་རུ་བརྟན་ཅིང་། །ཐེག་མཆོག་འདུས་པའི་ཚོགས་ལ་སྨིན་གྲོལ་གྱི་བདུད་རྩིས། །གྲུབ་གཉིས་པདྨོ་རྒྱས་པའི་དངོས་གྲུབ་ཅིག་སྩོལ་དང་། །འཕགས་ པའི་དགེ་འདུན་བྱེ་བས་ས་ཆེན་ཀུན་ཁྱབ་ཅིང་། །བཤད་སྒྲུབ་ལས་ཀྱི་སྣང་བ་སྲིད་མཐའ་རུ་རྟག་པས། །འགྲོ་རྣམས་རྫོགས་ལྡན་གསར་པའི་དུས་སྟོན་ལ་སྤྱོད་བཞིན། །སྐུ་གསུམ་ལྷུན་གྱིས་གྲུབ་པའི་


JKT023_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

སྨོན་ལམ་ཞིག་ཞུའོ། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་ཟབ་མོ་དགོངས་གཏེར་གྱི་བཀའ་རྒྱ་འགྲོལ་བ་དང་ལྷན་ཅིག་ཏུ་གང་ཤར་གསོལ་བ་བཏབ་པས་འབྲེལ་ཚད་དོན་དང་ལྡན་པར་གྱུར་ཅིག། ༈ །རྗེ་བཙུན་སྒྲོལ་མ་ཡིད་བཞིན་འཁོར་ལོའི་གསང་བ་བསམ་གྱིས་མི་ཁྱབ་པ་རྗེས་སུ་དྲན་པའི་གླུ་འཆི་མེད་རྟག་པ་དམ་པའི་དབྱངས་སྙན་ཞེས་བྱ་བ། ཨ་ཧོ། ཨོ་ཡིག་བཀྲ་ཤིས་བྱེ་བའི་དགེ་ལེགས་ཀྱི་རེ་ཁཱ། །མཚན་བཟང་སྐུ་ཡི་ཆ་ཤས་རེ་རེ་ལ་རྫོགས་པས། །མཐོང་བས་ཡིད་འཕྲོག་ཡིད་བཞིན་འཁོར་ལོ་དེ་དྲན་བྱུང་། །འགྱུར་མེད་རྟག་པ་དམ་པའི་དངོས་གྲུབ་ཅིག་སྩོལ་དང་། །ཏཱ་རེ་སྲིད་མཚོ་སྒྲོལ་བའི་ཟབ་རྒྱས་ཀྱི་ཆོས་ཀུན། །འཕགས་མའི་གསུང་གི་གསང་བའི་རྒྱུད་མངས་ལས་ཤར་བ། །ཐོས་པས་རྣམ་གྲོལ་ཡིད་བཞིན་འཁོར་ལོ་དེ་དྲན་བྱུང་། །འགགས་མེད་རྡོ་རྗེ་ནཱ་དའི་དངོས་གྲུབ་ཅིག་སྩོལ་དང་། །ཏུཏྟཱ་རེ་ཞེས་གཟུང་འཛིན་གདུང་བ་ལས་སྐྱོབ་པའི། །ཤེས་རབ་ཕ་རོལ་ཕྱིན་མའི་ཡེ་ཤེས་ཀྱི་སྣང་བ། །དྲན་པས་མཆོག་སྟེར་ཡིད་བཞིན་འཁོར་ལོ་དེ་དྲན་བྱུང་། །འཁྲུལ་མེད་འོད་གསལ་སྙིང་པོའི་དངོས་གྲུབ་ཅིག་སྩོལ་དང་། །ཏུ་རེ་གློག་ལྟར་མྱུར་བའི་ཐུགས་རྗེ་ཡི་ལང་ཚོ། །སྤངས་རྟོགས་བྱེ་བས་སྒེག་པའི་བདེ་ཆེན་གྱི་དགའ་མ། །དོན་གཉིས་ཆར་འབེབས་ཡིད་བཞིན་འཁོར་ལོ་དེ་དྲན་


JKT023_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་། །རྩོལ་མེད་ཡོན་ཏན་མཐའ་ཡས་དངོས་གྲུབ་ཅིག་སྩོལ་དང་། །སྭཱ་ཧཱ་དགེ་ལེགས་དངོས་ཀུན་ཇི་བཞིན་དུ་སྦྱིན་པའི། །ཞི་རྒྱས་དབང་དྲག་མཆོག་གི་སྒྱུ་འཕྲུལ་གྱི་གཟི་བརྗིད། །སྲིད་ཞི་ཀུན་ཁྱབ་ཡིད་བཞིན་འཁོར་ལོ་དེ་དྲན་བྱུང་། །ཐོགས་མེད་ཕྲིན་ལས་འདོད་དགུའི་དངོས་གྲུབ་ཅིག་སྩོལ་དང་། །བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱ་རུ་རྟག་ཅིང་། །བཤད་སྒྲུབ་ལས་གསུམ་སྣང་བས་ས་ཆེན་ཀུན་ཁྱབ་སྟེ། །ཆོས་ལྡན་རྒྱལ་བློན་འབངས་བཅས་དགེ་བཅུ་ལ་སྤྱོད་བཞིན། །བསམ་དོན་ལྷུན་གྱིས་གྲུབ་པའི་དངོས་གྲུབ་ཅིག་སྩོལ་དང་། །མཁའ་ལ་ཡེ་ཤེས་ལྔ་ལྡན་འཇའ་སྤྲིན་དུ་འཁྲིགས་ཤིང་། །བར་སྣང་དགེ་ལེགས་མེ་ཏོག་ཆར་ཟིལ་དུ་འབེབས་པས། །ས་སྟེང་སྐྱེ་དགུ་བདེ་སྐྱིད་བཀྲ་ཤིས་ཀྱི་རྒྱངས་གླུས། །འཇིག་རྟེན་ཀུན་ཏུ་དགེ་བའི་སྨོན་ལམ་ཞིག་ཞུའོ། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་འཕགས་མ་ཡིད་བཞིན་ཟླ་བའི་སྒྲུབ་མཆོད་ཀྱི་སྐབས་གསང་བ་བསམ་གྱིས་མི་ཁྱབ་པ་རྗེས་སུ་དྲན་པའི་ཚུལ་གྱིས་གསོལ་བ་འདེབས་པའི་ངག་གི་གླིང་བུ་གང་ཤར་ཡིད་ཀྱི་སོར་མོས་བསྒྲེངས་པ་སྟེ་དགེ་ལེགས་ཀྱི་སྣང་བ་འཇིག་རྟེན་ཀུན་ཏུ་ཁྱབ་ཅིང་རྟག་པར་གྱུར་ཅིག ༈ །འཕགས་མ་རྣམ་པར་རྒྱལ་མའི་ཐུགས་དམ་སྐུལ་བའི་རྡོ་རྗེའི་གླུ་འཆི་མེད་རྟག་པའི་རྒྱུད་མང་ཞེས་བྱ་བ། ཨ་ཧོ། ཨོ་ཡིག་ཡེ་ཤེས་ལྔ་ལྡན་འོད་གསལ་གྱི་ཐིག་ལེ། །ཟུང་


JKT023_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་བདེ་ཆེན་གྲུབ་པའི་སྣང་བརྙན་དུ་ཤར་བ། །མི་ཤིགས་སྐུ་ཡི་རྡོ་རྗེ་རྣམ་རྒྱལ་གྱི་ལྷ་མོས། །རྩ་ཁམས་དྭངས་མར་དག་པའི་དངོས་གྲུབ་ཅིག་སྩོལ་དང་། །ཨ་མྲྀ་ཏ་ཞེས་བརྗོད་བྲལ་འཆི་མེད་ཀྱི་ཟིལ་དངར། །བརྟན་གཡོ་ཀུན་ལ་ཁྱབ་པའི་དབྱངས་སྙན་དུ་ཤར་བ། །འགག་མེད་གསུང་གི་རྡོ་རྗེ་རྣལ་རྒྱལ་གྱི་ལྷ་མོས། །སྲོག་རྩོལ་དབུ་མར་རྫོགས་པའི་དངོས་གྲུབ་ཅིག་སྩོལ་དང་། །ཨཱ་ཡུར་རྟག་པ་དམ་པའི་སྤྲོས་བྲལ་གྱི་ཚེ་བཅུད། །མཁྱེན་གཉིས་ལང་ཚོ་རྒྱས་པའི་རྩེ་དགའ་ལ་རོལ་པ། །འགྱུར་མེད་ཐུགས་ཀྱི་རྡོ་རྗེ་རྣམ་རྒྱལ་གྱི་ལྷ་མོས། །རྟོག་ཚོགས་ཆོས་སྐུར་སྨིན་པའི་དངོས་གྲུབ་ཅིག་སྩོལ་དང་། །དཱ་དེ་རྨད་དུ་བྱུང་བའི་སྤངས་རྟོགས་ཀྱི་རོལ་མོས། །འདོད་དགུ་ཡིད་བཞིན་འཇོ་བའི་སྤྲིན་ཆེན་དུ་ཤར་བ། །རྩོལ་མེད་ཡོན་ཏན་རྡོ་རྗེ་རྣམ་རྒྱལ་གྱི་ལྷ་མོས། །ཕན་བདེའི་དགེ་མཚན་རྒྱས་པའི་དངོས་གྲུབ་ཅིག་སྩོལ་དང་། །སྭཱ་ཧཱ་ལེགས་པའི་དངོས་ཀུན་གང་འདུལ་དུ་སྦྱིན་པ། །ངོ་མཚར་དབང་པོའི་གཞུ་བཞིན་སྣ་ཚོགས་སུ་ཤར་བའི། །ཐོགས་མེད་ཕྲིན་ལས་རྡོ་རྗེ་རྣམ་རྒྱལ་གྱི་ལྷ་མོས། །བསམ་ཀུན་ཡོངས་སུ་རྫོགས་པའི་དངོས་གྲུབ་ཅིག་སྩོལ་དང་། །དཔལ་ལྡན་བླ་མའི་ཞབས་པད་ལྷུན་པོ་ལྟར་རྟག་ཅིང་། །ཚུལ་ལྡན་འདུས་པའི་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ་བས། །ཆོས་ལྡན་རྒྱལ་


JKT023_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བློན་འབངས་བཅས་ལྷུན་གྲུབ་ཀྱི་འབྱོར་པ། །རྫོགས་ལྡན་དུས་ལྟར་རྒྱས་པའི་དངོས་གྲུབ་ཅིག་སྩོལ་དང་། །ལྷ་རྣམས་དགྱེས་པའི་མེ་ཏོག་ཆལ་ཆིལ་དུ་འབེབས་ཤིང་། །ཀླུ་རྣམས་དགའ་བའི་དུས་སྟོན་ས་སྟེང་དུ་སྣང་བས། །མི་རྣམས་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཀྱི་གླུ་དབྱངས། །འཇིག་རྟེན་ཀུན་ཏུ་སྙན་པའི་སྨོན་ལམ་ཞིག་ཞུའོ། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་ཟབ་གཏེར་གྱི་གསང་བ་གཏན་ལ་ཕབ་པའི་རྗེས་འབྲེལ་དུ་རབ་ཚེས་དཔལ་གདོང་ལོའི་ཆོ་འཕྲུལ་གྱི་ཟླའི་དཀར་ཕྱོགས་ཀྱི་ཟླ་བ་ཉ་ཡོངས་སུ་གང་བའི་དུས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པའི་ཉིན་གང་ཤར་བྲིས་པ་དཔལ་ལྡན་བླ་མ་དམ་པ་རྣམས་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཅིང་། ཕན་བདེའི་སྣང་བ་གསར་པས་ས་གསུམ་དུ་ཁྱབ་པའི་རྒྱུར་གྱུར་ཅིག། ༈ །དཔལ་ལྡན་བླ་མ་ལ་གསོལ་བ་འདེབས་པའི་རྡོ་རྗེའི་ཐོལ་གླུ་དད་པའི་ཕོ་ཉ་ཞེས་བྱ་བ། ན་མོ་གུ་རུ་བྷྱ༔ རྡོ་རྗེ་ལུས་གྱི་རྩ་ཁམས་ཇི་སྙེད་ཀྱི་རྒྱུ་བ། །འོད་གསལ་ཨ་བ་དྷཱ་ཏིའི་འཁྲི་ཤིང་ལ་རེག་པས། །གདན་གསུམ་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་ཏུ་ཤར་བའི། །དཔལ་ལྡན་བླ་མ་སྐུ་ཡི་རྡོ་རྗེ་ལ་འདུད་དོ། །ཕུང་ཁམས་ལྷ་སྐུར་དག་པར་བྱིན་གྱིས་རང་རློབས་ཤིག །མགྲིན་པ་ལོངས་སྤྱོད་འཁོར་ལོའི་དྲི་བཞོན་གྱི་རྒྱུ་བ། །ཐབས་ཤེས་ཨཱ་ལི་ཀཱ་ལིའི་རོལ་མོ་རུ་ཤར་བས། །ལུང་རྟོགས་ཆོས་ཕུང་རྒྱ་མཚོའི་འབྱུང་གནས་སུ་གྱུར་བའི། །དཔལ་


JKT023_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་བླ་མ་གསུང་གི་རྡོ་རྗེ་ལ་འདུད་དོ། །སྲོག་རྩོལ་དབུ་མར་ཐིམ་པར་བྱིན་གྱིས་རང་རློབས་ཤིག །དཀར་དམར་ཨ་ཧཾ་ལས་བྱུང་ཐིག་ལེ་ཡི་རྒྱུ་བ། །གཙུག་ཏོར་ནོར་བུའི་གདེངས་ཀར་འཕོ་མེད་དུ་བཅིངས་པས། །བདེ་སྟོང་ཟུང་དུ་འཇུག་པའི་དགའ་སྟོན་ལ་རོལ་པ། །དཔལ་ལྡན་བླ་མ་ཐུགས་ཀྱི་རྡོ་རྗེ་ལ་འདུད་དོ། །འགྱུར་བཅས་ཆོས་ཀུན་ཟད་པར་བྱིན་གྱིས་རང་རློབས་ཤིག །ཐ་མལ་གཟུང་དང་འཛིན་པའི་རྣམ་རྟོག་གི་རྒྱུ་བ། །འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ཐིམ་པས། །རྣམ་ཀུན་མཆོག་ལྡན་གནས་ལུགས་མངོན་སུམ་དུ་གཟིགས་པའི། །དཔལ་ལྡན་བླ་མ་ཡེ་ཤེས་རྡོ་རྗེ་ལ་འདུད་དོ། །བརྗོད་བྲལ་ཆོས་སྐུ་རྟོགས་པར་བྱིན་གྱིས་རང་རློབས་ཤིག །སྲིད་ལས་ངེས་པར་འབྱུང་བའི་བདུད་རྩི་ཡི་རེག་པས། །ཐར་པའི་ཕྱོགས་སུ་གྲོལ་བའི་བློ་གྲོས་ཀྱི་པདྨོས། །མཚན་ལྡན་བླ་མའི་ཞབས་པད་དུས་ཀུན་ཏུ་བསྙེན་པར། །ཁྱབ་བདག་དཔལ་ལྡན་བླ་མས་བྱིན་གྱིས་རང་རློབས་ཤིག །ཚུལ་གནས་མང་དུ་ཐོས་པའི་ནགས་ཚལ་གྱི་དབུས་ན། །བསམ་བྱུང་previous hit རིག་པའི་གྲིབ་བསིལ་ཕྱོགས་བརྒྱ་རུ་གཡོ་བས། །རང next hit་གཞན་རྨོངས་པའི་གདུང་བ་ཕྲ་མོ་རུ་བགྱིད་པར། །ཁྱབ་བདག་དཔལ་ལྡན་བླ་མས་བྱིན་གྱིས་རང་རློབས་ཤིག །རང་བྱུང་རྡོ་རྗེའི་བྲག་སྐྱིབས་ཉམས་དགའ་ཡི་དབུས་


JKT023_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ན། །རིམ་གཉིས་རྣལ་འབྱོར་ཟབ་མོའི་སྐྱོ་གྲོགས་དང་འགྲོགས་ཏེ། །ཚེ་གཅིག་ཟུང་འཇུག་རྡོ་རྗེའི་གོ་འཕང་ལ་རོལ་པར། །ཁྱབ་བདག་དཔལ་ལྡན་བླ་མས་བྱིན་གྱིས་རང་རློབས་ཤིག །ཅེས་པ་འདིའང་གཞོན་ནུ་འཇིགས་པ་མེད་པའི་བློ་གྲོས་ཀྱི་ཆུ་གཏེར་ལས་གང་ཤར་གྱི་རྟོག་པ་གླུར་བླངས་པའི་འཆར་གཞིའོ། །ཀ་དག་སྟོང་ཆེན་གཞོན་ནུ་བུམ་སྐུའི་བཀའ། །ཁ་སྦྱོར་བདུན་ལྡན་ལྷུན་གྲུབ་ལོངས་སྐུའི་ལུང་། །ག་ལ་བ་དེར་དམིགས་པའི་མོད་ཉིད་ནས། །ང་རྒྱལ་བདུད་འཇོམས་ཁྲག་འཐུང་ཆེན་པོའི་གཏམ། །ཅ་ཅོའི་ངག་དང་གནོད་ཅིང་རྩུབ་པའི་སེམས། །ཆ་ལུགས་འཇིགས་སུ་རུང་བ་སྣ་ཚོགས་གཟུགས། །ཇ་ཆང་མདངས་འཕྲོགས་སྣོད་བཅུད་ཐམས་ཅད་ལའང་། །ཉ་རྒྱས་ཟླ་བ་སྤྲིན་གྱིས་སྒྲིབ་པ་བཞིན། །ཏ་རུའི་ཚེར་ལྟར་རྩུབ་པའི་བསམ་སྦྱོར་གྱི། །ཐ་དད་གནོད་ཅིང་འཚེ་བའི་གདོན་བགེགས་རྣམས། །ད་ནས་བཟུང་སྟེ་ཡུལ་ཕྱོགས་འདི་ཉིད་དུ། །ན་མར་འགལ་རྐྱེན་སྤང་བའི་དམ་བཅའ་ཟུངས། །པ་སངས་ལྟར་དཀར་བྱང་ཆུབ་སེམས་མཆོག་བསྐྱེད། །ཕ་རོལ་ཚུ་རོལ་མཐའ་ལ་མི་གནས་པའི། །བ་བཟང་དཔག་བསམ་ཤིང་ལྟར་དགོས་པའི་ཚོགས། །མ་ལུས་འབྱུང་བའི་དོན་དམ་བྱང་སེམས་སྒོམས། །ཙ་མ་ར་ལྟར་ཁེངས་དྲེགས་བློ་འཆང་ན། །ཚ་གྲང་འབྱུང་འཁྲུག་རྡོ་རྗེའི་མཚོན་ཆར་གྱིས། །ཛ་


JKT023_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ལང་སྤྱོད་པ་ཐམས་ཅད་རྡུལ་བརླག་ནས། །ཝ་སྐྱེས་ལྟར་ཞུམ་གནས་སྐབས་ཐོབ་པར་འགྱུར། །ཞྭ་རེངས་བཏང་བའི་ས་བདག་ཀླུ་གཉན་སོགས། །ཟ་ལྟར་རྩུབ་པའི་གདུལ་དཀའི་འབྱུང་པོ་ཀུན། །འ་འུར་དྲག་ཤུལ་གཏུམ་པོའི་ཆོ་འཕྲུལ་གྱིས། །ཡ་མཱནྟ་ཀའི་ཞལ་དུ་བསྟབ་པར་ངེས། །ར་ཧུ་ལ་སོགས་སྡེ་བརྒྱད་ཆེན་པོ་དང་། །ལ་ཀླུང་ཀུན་ཉུལ་ཐེའུ་རང་ཕྲ་མོ་ཡན། །ཤ་ཟ་ཁྲག་འཐུང་རྒྱལ་བསེན་དམ་སྲིའི་ཚོགས། །ས་གསུམ་རྒྱུ་ཞིང་ཀུན་ཏུ་འཚེ་བྱེད་རྣམས། །ཧ་ལ་ལྟ་བུའི་གདུག་པའི་སེམས་ཞི་ནས། །ཨ་དོན་སྐྱེ་མེད་དོན་གྱི་འཇམ་པའི་དབྱངས། །དཀའ་བ་མེད་པ་མྱུར་དུ་ཐོབ་གྱུར་ཏེ། །ཕན་བདེའི་དོན་ཀུན་གྲུབ་པའི་བཀྲ་ཤིས་ཤོག །ཅེས་སངས་རྒྱས་གཉིས་པ་མཚོ་སྐྱེས་རྡོ་རྗེའི་ཞབས་རྡུལ་ལ་སྤྱི་བོས་རེག་པའི་འཇིགས་བྲལ་གྱི་སློབ་དཔོན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་པདྨ་འོད་གསལ་མདོ་སྔགས་གླིང་པའི་སྡེས་འཇམ་མགོན་རྡོ་རྗེ་འཆང་ཆེན་པོའི་ཆོས་གཞིས་ཕྱ་གཡང་བཀྲ་ཤིས་བདེ་ལྡན་གཡུང་དྲུང་འཁྱིལ་བར་བྲིས་པའི་ཡི་གེ་པ་ནི་སྡེ་སྣོད་འཛིན་པ་བཀྲ་ཤིས་པས་མཛད་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་མཐུ་ལ་བརྟེན་ནས་ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་བཀྲ་ཤིས་པར་གྱུར་ཅིག། ༈ །དགའ་བ་བཅུ་དྲུག་གི་སྙེམ་པ་ཆེན་པོའི་གླུ་དྲང་སྲོང་དྲེགས་པའི་གླིང་བུ་ཞེས་བྱ་བ། ཨ་


JKT023_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཧོ། །དྲན་པས་གདུང་སེལ་ཁྱབ་བདག་གི་བླ་མ། །ཡེ་ཤེས་སྐུ་ཅན་སྙིང་དབུས་སུ་བཞུགས་ནས། །འབྲེལ་ཚད་རྣམ་གྲོལ་གོ་འཕང་ལ་སྦྱོར་བའི། །བྱིན་རླབས་ཟབ་མོ་མངོན་སུམ་དུ་སྩོལ་ཅིག །སྔོན་སྨོན་དཀར་པོའི་ཉེ་རྒྱུ་ལ་བརྟེན་ནས། །མ་བསྒྲུབས་ཡི་དམ་ལྷ་ཞལ་དང་མཇལ་བ། །བསོད་ཟད་འདྲེ་མཐོང་མཁན་པོ་ནི་མ་ལགས། །མངོན་སུམ་བྱིན་བརླབས་ཐོབ་པ་འདི་དགའ་ཡོ། །མཚོ་སྐྱེས་བླ་མའི་ཐུགས་རྗེ་ལ་བརྟེན་ནས། །མ་འབད་ཆོས་ཀྱི་མཛོད་ཆེན་དུ་གྱུར་པ། །ས་བརྐོ་རྡོ་རློག་རྫུན་རིས་ནི་མ་ལགས། །སྤོབས་པའི་གཏེར་ཆེན་གྲོལ་བ་འདི་དགའ་ཡོ། །དྭངས་མ་ལས་རུང་གཟི་བརྗིད་ལ་བརྟེན་ནས། །མ་བོས་ཞིང་སྐྱེས་ཕོ་ཉ་རྣམས་འདུ་བས། །ལས་ངན་མུ་གེ་རྐུབ་འཕེལ་ནི་མ་ལགས། །བདེ་སྟོང་བརྟུལ་ཞུགས་གྲུབ་པ་འདི་དགའ་ཡོ། །རྩ་རླུང་དྭངས་པའི་རྟེན་འབྲེལ་ལ་བརྟེན་ནས། །གསལ་སྣང་མེ་ལོང་གཟུགས་བརྙན་བཞིན་ཤར་བ། །མི་ཆོས་བླ་མའི་མགོ་བསྐོར་ནི་མ་ལགས། །གང་སྨྲས་ཐོག་ཏུ་ཕེབས་པ་འདི་དགའ་ཡོ། །གནས་ལུགས་གཉུག་མའི་གསེང་ལམ་ལ་བརྟེན་ནས། །མ་བསྒོམ་དོན་དམ་མངོན་སུམ་དུ་གྱུར་པ། །ང་རྒྱལ་སྒོམ་ཆེན་རྒན་པོ་ནི་མ་ལགས། །རེ་དོགས་རྩད་ནས་ཟད་པ་འདི་དགའ་ཡོ། །བརྒྱུད་ལྡན་དམ་པའི་གཞུང་བཟང་ལ་བརྟེན་


JKT023_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །མ་འབད་གྲུབ་པའི་ངེས་གསང་ཀུན་མཐོང་བ། །རྩལ་བཤད་རྟོག་གེའི་ཚིག་སྐམ་ནི་མ་ལགས། །དོན་གྱི་དགོངས་ཟབ་རྟོགས་པ་འདི་དགའ་ཡོ། །རྩ་གསུམ་བྱིན་རླབས་སྙིང་དབུས་སུ་ཞུགས་པས། །མ་བརྩམས་ལས་བཞི་ཐོགས་མེད་དུ་འགྲུབ་པ། །རྔ་གོག་ཟད་ཟད་སྡུག་ཡུས་ནི་མ་ལགས། །རང་གཞན་ཕན་བདེར་སྦྱོར་བ་འདི་དགའ་ཡོ། །སྔོན་བསགས་བསོད་ནམས་འཕེན་ཤུགས་ལ་བརྟེན་ནས། །མ་བསྡུས་ཟང་ཟིང་སྤྲིན་བཞིན་དུ་འདུ་བ། །བརྒྱ་བཤིག་སྟོང་བསྒུགས་བསེ་རག་ནི་མ་ལགས། །འཕྲལ་བྱུང་འཕྲལ་དག་མཆོད་སྦྱིན་འདི་དགའ་ཡོ། །གཞན་ཕན་བཟང་པོའི་ལེགས་སྨོན་ལ་བརྟེན་ནས། །མ་བསྐུལ་ཁྲོམ་ཚོགས་ལང་ལོང་དུ་འུར་བ། །ཁྱི་རྒན་ལྷག་བདུད་སློང་མཁན་ནི་མ་ལགས། །འབྲེལ་ཚད་དོན་དང་ལྡན་པ་འདི་དགའ་ཡོ། །སྣང་བ་དབང་འདུས་རྟེན་འབྲེལ་ལ་བརྟེན་ནས། །མ་བསྟུན་བླ་དཔོན་དྲེགས་ལྡན་ཀུན་བཏུད་པ། །ཅི་དྲགས་ངོ་སྲུང་ཡི་དྭགས་ནི་མ་ལགས། །ཀུན་ལ་ཞེན་མེད་ཧུར་སྤྱོད་འདི་དགའ་ཡོ། །ལྷག་བསམ་དཀར་པོའི་རྟེན་འབྲེལ་ལ་བརྟེན་ནས་། །མ་བཤད་མོས་ལྡན་ཐར་ལམ་དུ་འཁྲིད་པ། །སྐྱིད་སྡུག་སྒོས་ཁུར་ཚོགས་དཔོན་ནི་མ་ལགས། གཞན་རྒྱུད་ངང་གིས་འགྱུར་བ་འདི་དགའ་ཡོ། །ཉེ་མཁོན་མེད་པའི་རྟེན་འབྱུང་ལ་བརྟེན་


JKT023_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །མ་རྩོལ་བསྟན་པ་རིས་མེད་དུ་སྤེལ་བ། །རེ་བས་བསྒྲུབས་པའི་ལས་ཐབས་ནི་མ་ལགས། །ཕྱོགས་མེད་རིས་མེད་བློ་བདེ་འདི་དགའ་ཡོ། །ཡོངས་ལ་སྙིང་བརྩེའི་གཞན་དབང་ལ་བརྟེན་ནས། །མ་ཆགས་མི་འཁོན་ཐམས་ཅད་དང་མཛའ་བ། །ངོ་སྲུང་མཐུན་འཇུག་བསླུ་བྲིད་ནི་མ་ལགས། །རྒྱལ་ཁམས་གཅེས་ཕྲུགས་གཞོན་ནུ་འདི་དགའ་ཡོ། །གང་ལ་བལྟས་ཀྱང་སྐྱོ་ཤས་དང་ངེས་འབྱུང་། །མ་བཅོས་སྙིང་ནས་ལམ་ལམ་དུ་འཆར་བ། །རྟོགས་ལྡན་གསར་པའི་ཙབ་ཙུབ་ནི་མ་ལགས། །མངོན་ཞེན་གཏིང་ནས་ཐོངས་པ་འདི་དགའ་ཡོ། །ཆོས་འགལ་བྱ་བ་རླབས་ཆེན་གྱི་བདུད་ལས། །མ་སྤངས་རང་བཞིན་ཤུགས་འབྱུང་གིས་དག་པ། །དགེ་སློང་གཞོན་ནུའི་ཚུལ་འཆོས་ནི་མ་ལགས། །ཆོས་དང་ཞུས་དག་ཕེར་བ་འདི་དགའ་ཡོ། །བླ་མ་ལྷ་ཡི་བྱིན་རླབས་ལ་བརྟེན་ནས། །མ་བཏུལ་རང་རྒྱུད་ཕྱོགས་མེད་དུ་གྲོལ་བ། །སྔགས་པ་རྒན་པོའི་ཟད་ཁམས་ནི་མ་ལགས། །ཤི་ཡང་འགྱོད་པ་མེད་པ་འདི་དགའ་ཡོ། །དགའ་བ་བཅུ་དྲུག་སྙེམས་པ་དང་འགྲོགས་ནས། །དྲང་སྲོང་དྲེགས་པའི་ངག་ཚིག་གི་གླིང་བུ། །རེ་དོགས་མེད་པར་ཐོལ་བྱུང་དུ་བསྒྲགས་པས། །འབྲེལ་ཚད་དོན་ལྡན་དགེ་ལེགས་སུ་གྱུར་ཅིག །ཅེས་པའང་མཚོ་སྐྱེས་ཀུན་ཏུ་འཆང་བ་དགྱེས་པའི་འབངས་ཀྱིས་རྨི་ལམ་དང་


JKT023_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་མ་ལྟ་བུའི་ཉམས་བན་བུན་གྱི་ངང་ནས་སྨྲས་པའོ། །།བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཕྱི་རོལ་སྣང་བ་ཐམས་ཅད་ཀུན། །སེམས་ཀྱི་ཆོ་འཕྲུལ་རྨི་ལམ་འདྲ། །རང་གི་སེམས་ལ་ཚུར་བལྟས་པས། །དང་པོར་སྐྱེ་མེད་སྟོང་སང་ངེ་། །བར་དུ་འགག་མེད་གསལ་ལམ་མེ། །ཐ་མར་གང་དུའང་མི་གནས་པར། །ཉམས་སུ་མྱོང་ཡང་བསམ་བརྗོད་འདས། །འདུ་འབྲལ་མེད་པ་གཉུག་མའི་གཤིས། །རིག་སྟོང་ཟུང་དུ་འཇུག་པ་ནི། །དོན་གྱི་མཁའ་སྤྱོད་དབང་མོ་སྟེ། །དེ་ཡི་ངང་དུ་མ་ཡེངས་ཤིང་། །བཟོ་བཅོས་མེད་པར་རྟག་ཏུ་བསྐྱང་། །འབྲས་བུའི་ལྷན་སྐྱེས་མངོན་གྱུར་ཤོག །བན་རྒན་ཡེ་ཤེས་ལའོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝ་ཏུ། དགེའོ། དགེའོ། དགེའོ།། །།


no previousཚར་ཆེན་ཆོས་ཀྱི་རྒྱལ་པོ་ལ་ལམ་ཟབ་བླ་མའི་རྣལ་འབྱོར་དང་འབྲེལ་བར་གསོལ་བ་འདེབས་པའི་རྡོ་རྗེའི་གླུ་བྱིན་རླབས་བདུད་རྩིའི་ཆར་འབེབས།next