Nitartha Digital Library
Tibetan
 
no previousno next

(༡)ཀློང་ཆེན་སྙིང་གི་ཐིག་ལེའི་རྟོགས་པ་བརྗོད་པ་ཌཀྐིའི་གསང་གཏམ་ཆེན་མོ་བཞུགས། །

(༢)ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །འོད་གསལ་རྡོ་རྗེ་སྙིང་པོ་ཀློང་ཆེན་སྙིང་གི་ཐིག་ལེ། །ཟབ་དོན་མན་ངག་གི་སྐོར་རྣམས་བྱུང་བའི་ལོ་རྒྱུས་ཅུང་ཟད་སྨྲན། ལུང་བསྟན་བཀའ་རྒྱ་མར། ལྷོ་ཕྱོགས་འོད་ཟེར་མིང་ཅན་སྤྲུལ་པའི་སྐུ ཟབ་དོན་སྙིང་ཐིག་ཆོས་ཀྱིས་འགྲོ་བ་འདྲེན འབྲེང་ཚད་རིག་འཛིན་ཞིང་དུ་འཕེན་པ་འབྱུང་ ཞེས་པ་ལྟར། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་གྱི་ཐུགས་རྗེའི་ཕྲིན་ལས་རླབས་པོ་ཆེས། ཚེ་རབས་སུ་བསྐྱངས་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་སྨོན་ལམ་དུས་སུ་སྨིན་པ་ལས། འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལ་བཟོད་དུ་མེད་པའི་སྐྱོ་ཤས་དང་ངེས་འབྱུང་དྲག་པོས་རྒྱུད་བསྐུལ་ནས་ཤྲཱི་བརྦ་ཏའི་གླིང་དུ་ལོ་གསུམ་སྙིང་པོའི་སྒྲུབ་

(༣)པ་ལ་རྩེ་གཅིག་ཏུ་གནས་པའི་ཚེ་གཏེར་ཁ་གོང་འོག་བཀའི་ཆུ་བོ་གཅིག་ཏུ་འདྲེས་པའི་གསང་བདག་དཔའ་བོ་དྲང་སྲོང་དྲི་མེད་ཞི་ཁྲོའི་བསྙེན་སྒྲུབ་ལ་གཞོལ་བའི་དུས་ཀྱི་ཐོ་རེངས་ཤིག་གི་ཆར། སྐྱོ་ཤས་དང་ངེས་འབྱུང་དྲག་པོས་རྐྱེན་བྱས་ཏེ། མདུན་གྱི་ནམ་མཁར་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ། རིག་འཛིན་འཇམ་དཔལ་བཤེས་གཉེན་སོགས་འོད་གསལ་གྱི་ངང་དུ་མཇལ་ཏེ་བརྡ་དོན་སྤྲོས་པ་མེད་པའི་དབང་མང་པོ་བསྐུར་བའི་མཐར་རང་ཉིད་ལ་ཐིམ་པ་ཞིག་བྱུང་བས་རང་བྱུང་གི་རྟོགས་པ་བྱུང་རྒྱལ་དུ་སྐྱེས། ཉམས་ཀྱི་འཛིན་སྟངས་བུང་། ལས་རླུང་དབང་དུ་འདུས། སྣང་བའི་རྫུན་ཕུག་རྡིབ། ཤེས་པ་ལ་བརྟུལ་ཞུགས་ཀྱི་དར་ཐོགས་ནས་ཚེ་འདིའི་སྣང་བ་ཕལ་ཆེར་བརྗེད་ནས་སྐྱེ་བ་འཕོས་

(༤)པ་ལྟ་བུ་ལ་མངའ་རིས་པཎ་ཆེན་གྱི་བག་ཆགས་འལ་འོལ་ཆད་ཆོད་དུ་གསལ་བ་ཁོ་ནའི་ངང་དུང་བྱམ་ཀླས། དེའི་ཚེ་རྨི་ལམ་ཞིག་ན། གནས་ངོ་མི་འཚལ་བ་ཞིག་ཏུ་བསམ་པ་ལྷུན་གྲུབ་མའི་ཞིང་བཀོད་ཡིན་ཟེར་བ་ཞིག་མཐོང་བའི་ཁྲོད་ནས་འབྲུག་ལ་ཆིབས་པའི་རྡོ་རྗེ་གྲོ་ལོད་རོལ་པའི་སྟབས་ཀྱིས་དཔའ་བ་རྡོས་བཅས་ལས་འདས་པ་འཇའ་ཚོན་གྱི་རྣམ་པར་འཆར་བ་ཞིག་གཡོ་འགུལ་བྱེད་ཅིང་འདུག་པས་དམ་ཅན་པ་ཡིན་སྙམ་པའི་མི་བན་མ་ཧོར་ཞིག་ན་རེ། འདི་ནི། ཨོ་རྒྱན་ཡི་དམ་ལྷ་དང་དབྱེར་མེད་པས། ཕ་ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེད ཟེར་བའི་ལྷ་དེ་ཡིན་པར་འདུག་ཟེར་བའི་མོད་ལ་ཡལ་སོང་། དེ་ནས་ཞག་ཤས་འདས་པའི་མེ་མོ་གླང་གི་ལོ་ཟླ་བ་བཅུ་པའི་མར་ངོའི་ཚེས་ཅུའི་ནུབ། སློབ་དཔོན་ཆེན་པོ་ལ་མོས་གུས་མཆི་མ་འཁྲུགས་པ་ཙམ་དུ་འབར། སྔོན་གྱི་བག་ཆགས་ར་རི་དྲན་པ་འདྲས་རྐྱེན་བྱས། སྣང་བ་སྐྱོ་ཆད་དེ་བ་ཞིག་ལ་རང་རེ་གདོང་དམར་བོད་ཀྱི་ཡུལ་མི་རྣམས་གདོལ་བར་སྤྱོད་པ། བསྟན་པ་གཟུགས་བརྙན་དང་ཆགས་སྡང་གིས་འཚོ་བའི་ཡུལ་དུ་དྭ་ཕྲུགས་མ་མཐར་ལུས་པ་བཞིན་དུ་འཁྱར། སངས་

(༥)རྒྱས་ཀུན་ལས་ལྷག་པའི་མགོན་པོ་ཐུགས་རྗེ་ཅན་དེ་ཟངས་མདོག་དཔལ་གྱི་རི་བོར་གཤེགས། ད་དུས་ནམ་གྱི་ཚེ་མཇལ་བའི་སྐལ་བ་མ་སྙམ་ནས་སེམས་སྡུག་ཚད་མེད་བ་ཞིག་ལངས། འཆི་མ་རྒྱུན་ཆད་མེད་པར་ཤོར་བའི་ངང་དུ་མནལ་བ་ན། རྟོགས་བརྗོད་ཆུ་ཟླའི་གར་མཁན་དུ་གསལ་བ་ལྟར་འོད་གསལ་གྱི་སྣང་བ་ཁྱབ་གདལ་དུ་འབྱམ་ཀླས་བའི་མུར་སེང་གེ་དཀར་མོ་ཡིད་དུ་འོང་བ་ཞིག་ལ་ཞོན་ནས་ནམ་མཁའི་དབྱིངས་ཕ་མཐའ་མི་འཚལ་བར་ཁྱེར་བ་ལས། ཅི་ཞིག་ན་ཡུལ་གྱི་སྣང་བ་བཀོད་དེ་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་ཡིན་སྙམ་པ་ཞིག་གི་བསྐོར་ལམ་དུ་སླེབས། དེའི་ཤར་ཕྱོགས་ཀྱི་ཁྱམས་དེར་འགྲོ་བའི་མོད་ལ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཞལ་མངོན་སུམ་དུ་མཇལ། ལྗོན་ཤིང་ལས་གྲུབ་པའི་ཟ་མ་ཏོག་ལེབ་ཆགས་གའུའི་རྣམ་པའི་མཚམས་ལ་རྩིས་བགགས་པ་ཞིག་ངེད་ལ་གཏད་ནས། དག་པའི་འཁོར་གྱི་སྣང་བ་ལ། ཁྱོད་ནི་ཁྲི་སྲོང་ལྡེའུ་བཙན། །མ་དག་གདུལ་བྱའི་སྣང་ངོ་རུ། ཁྱོད་ནི་སེང་གེ་རས་པ་ཡིན། །

(༦)ཀུན་ཏུ་བཟང་པོའི་ཐུགས་ཀྱི་གཏེར། །རིག་འཛིན་པདྨའི་ཀློང་ཆེན་བརྡ། །མཁའ་འགྲོའི་གསང་མཛོད་ཆེན་མོ་ཡིན། །དྷ་ཐིམ། ཞེས་གསུངས་པའི་མོད་ལ་དངོས་མེད་དུ་ཡལ་སོང་བས་སྣང་བ་ཟི་བུན་བུན་པ་ཞིག་བྱུང་། དེར་སྤྲོ་བ་ཆེན་པོ་བརྟས་ཏེ་སྒྲོམ་བུ་དེ་ཞལ་ཕྱེ་བར་ནང་ནས། ཤོག་སེར་ཧྲིལ་མོ་ལྔ་དང་། ཤེལ་དཀར་སྲན་འཕོས་ཙམ་པ་བདུན་བཅས་ཁྲོལ་གྱིས་དོན་བྱུང་། དེ་ཉིད་དུ་རིངས་སྟབས་ཀྱིས་ཤོག་དྲིལ་ཆེ་བདེ་ཞལ་ཕྱེ་བས། ག་ཕུར་ལ་སོགས་པའི་སྨན་བཟང་པོའི་དྲི་ངད་དཔག་ཏུ་མེད་པར་འཐུལ་བ་དང་། མགོ་ལུས་ཐམས་ཅད་སྤྲིད་ཆིལ་ལེ་བ་ཞིག་བྱུང་བར་གློ་བུར་གྱི་རྟོག་པ་སྐད་ཅིག་མར། འདིའི་གཏེར་བདག་དེ་གཟའ་ཡིན་པར་འདུག །བཀའ་ཤིན་ཏུ་གཉན་སྙམ་ནས་ཡིད་འཕྲིགས་སེ་བ་བྱུང་། དེ་རིམ་པས་ཁ་ཕྱེ་བས། ཕྱི་མཆོད་རྟེན་གྱི་དབྱིབས་སུ་ཡོད་པ་ལ་ནང་བློས་དཔྱད་དུ་མི་བཟོད་པའི་མཁའ་འགྲོ་གསང་བའི་བརྡ་ཡིག་གིས་ཐེ་རྩེར་ནེ་རྩེར་ཁེངས་པ་ཞིག་འདུག །དེ་ཀློག་པར་མ་ནུས་པས་སྒྲིལ་བར་བརྩམས་པ་ན། མིག་འཕྲུལ་ལྟར་སྐད་ཅིག་དེ་ཉིད་ལ་མཆོད་རྟེན་གྱི་རི་མོའང་

(༧)ཡལ། ནང་གི་བརྡར་རིས་རྣམས་བོང་ཡིག་ཉག་གཅིག་ཏུ་སོང་བས། ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་དུ་འདུག །བྱིངས་ཀློག་འཕྲ་བཞག །འདིའི་བཀའ་བབས་སུ་ཡིན། གཏད་རྒྱ་གང་ལ་མཛད། རང་གི་སྐྱེ་མཐའི་ལུང་བསྟན་གང་འདྲ་ཞིག་བསམས་ནས་གཤམ་དུ་བརྟགས་པས། ཆོས་རྒྱལ་ཡབ་སྲས་ཆོས་ཀྱི་སྐལ་བར་གདམས ཞེས་ཤིན་ཏུ་གསལ་བར་མཐོང་། འཕྲ་རྣམས་ཀྱང་བཀླགས་པས། ཚིག་ངན་ཡོངས་སུ་རྫོགས་པ་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་བློ་དོར་སྟབས་གཅིག་ཏུ་གསལ་བ་ལ། མཐར་ཆགས་སུ་ཀློག་མི་ཤེས་པ་ལྟ་བུའི་བརྗོད་དཀའ་བ་ཞིག་བྱུང་། དེར་དགའ་སྤྲོ་ཚད་མེད་པ་དང་བཅས་ཤེལ་འགའ་ཞིག་ཁ་ནང་དུ་བཅུག །ཤོག་སེར་རྣམས་ཁྱེར་ནས་གནས་སུ་ལྡོག་པར་སྙམ་པ་ན། བན་དྷེ་བརྫུ་བག་ཅན་ཞིག་གློ་བུར་དུ་ཟླ་བོར་བྱུང་ནས་དེ་ན་རེ། ང་ཁྱེད་ལ་འདི་འདྲ་ཡོང་བསམ་པ་སྔ་མོ་རང་ནས་ཡོད་ཟེར་ཞིང་ངག་སྣང་དཔེ་མེད་བྱེད་ཀྱིན་འདུག་པ་བཀའ་སྲུང་དྲང་སྲོང་ཆེན་པོར་ངེས་པ་རྙེད། དེ་ཁའི་མོད་ལ་

(༨)བསྐོར་ལམ་བྱང་གི་ཁྱམས་སུ་སླེབས། སླར་ཡང་ཤོག་དྲིལ་གཅིག་ཁ་ཕྱེ་བས། གནད་བྱང་ཐུགས་ཀྱི་སྒྲོམ་བུ་དང་ཐུག །ཡིད་ལ་ལྷག་པར་གསལ་བས་བདེ་བ་ཆེན་པོའི་ཉམས་བཟོད་མེད་དུ་འབར། བསམ་པར་འདི་ནི་མཐོང་གྲོལ་ཁོ་ནར་འདུག །དད་རང་གི་མ་དེ་ལ་སྟོན་དགོས་སྙམ་ཙ་ན། ནམ་མཁའི་མཐངས་ནས་མར་ཨ་མ་ཡིན་སྙམ་པའི་བུད་མེད་རྒྱན་ཆ་ཅན་སླད་དུ་བསམ་ཡས་མཆིམས་ཕུར་བརྡ་འགྲོལ་བྱེད་མཁན་དེ་བཙན་ཐབས་སུ་བྱུང་། མཐོང་གྲོལ་ལ་གཟིགས་ཤིག་བྱས་ནས་བསྟན་པས། དེ་ན་རེ། གསང་དགོས་རྒྱུ་དེ་སྟོན་པར་དགའ་དྲག་པའི་སྐྱོན་རང་འདུག །མཐོང་གྲོལ་མི་དགོས་མྱོང་གྲོལ་ཀྱང་ཡིན་པས་ཁྱོད་རང་ཟོ་ཞིག་ཟེར། ཤེལ་དང་ཤོག་སེར་ཐམས་ཅད་བཟར་བཅུག་བྱུང་བ་ཁྱུར་མིང་བྱས་པས། ཚིག་དོན་ཐམས་ཅད་བློ་ལ་པར་གྱིས་འདེབས་པའི་ངོ་མཚར་ཚད་ལས་འདས་པ་འདུག །དེ་གའི་མོད་ལ་ཉམས་སྣང་དེ་སད་ནས། དྲན་རིགས་བདེ་སྟོང་ཆེན་པོར་འབྱམས་ཀླས་ཤིང་། །དུས་དེའི་ཚེ་གཉིད་འོད་གསལ་གྱི་འཁོར་ལོར་འབྱམས་ཀླས་པ་སོགས་དག་པའི་སྣང་བ་རྒྱ་ཆེར་མཐོང་ཚུལ་དང་། སྐྱེ་བརྒྱུད་

(༩)ཀྱི་ལུང་བྱང་ཇི་ལྟར་གསལ་བ་སོགས་ཆུ་ཟླའི་གར་མཁན་ན་གསལ། ལོ་རྒྱུས་འདི་རྗེ་བླ་མར་སྙན་དུ་སྒྲོན་པས་རང་རིགས་གྲུབ་ཐོབ་བརྒྱུད་པའི་བཀའ་བབས་དངོས་གཏེར་ཟམ་མཆད་པའམ། ཡང་ན་དག་སྣང་དགོངས་གཏེར་གྱི་ཚུལ་དུ་ཆོས་ཀྱི་སྒོ་མོ་གྲངས་མེད་པར་འབྱུང་བར་སོམ་ཉི་བྲལ་ལ། འོན་ཀྱང་རེ་ཞིག་གཞན་ལ་ཤིན་ཏུ་གསང་བ་གལ་ཆེ་ཚུལ་སོགས་ཀྱི་ཕྱག་བྲིས་ལེ་ཚན་གྱི་ཁོངས་སུ་སྐྱེ་བརྒྱུད་ལུང་བསྟན་ཀྱང་ཕྱོགས་མཐུན་དུ་གསལ་བ་ལྟར་ཡིན་ཀྱང་། རང་བློར་ཡང་དེང་སང་དུས་སྙིགས་གཏེར་དང་དག་སྣང་ལ་བཞད་པ་དྲག་ཞན་ལ་མ་ལྟོས་པར་མང་དྲག་པས་མི་ཐམས་ཅད་ཐེ་ཚོམ་གྱི་དྲ་བར་ཚུད། ཡར་མཁའ་འགྲོའི་གསང་མཛོད་ཆེན་མོ་ལ་རང་དབང་སྒྱུར་ནུས་པའི་བརྡ་རྟགས་ལག་པའི་མཐིལ་དུ་མ་ཟིན་ན། རྩ་ཁམས་དངས་པའི་རང་རྩལ་ལ་ཚིགས་བཅད་ཐར་ཐེར་དུ་ཤར་བ་ལ་དག་སྣང་དུ་ངོས་འཛིན་བ་སོགས་ལས་རླབས་པོ་ཆེའི་རྒྱུར་འདུག་སྟེ་དེ་འདྲའི་རིགས་ཀྱང་མཐོང་ཐོས་མང་། ད་དུང་དཔའ་བོ་མཁའ་འགྲོའི་བསྐུལ་བྱང་འདྲ་བྱང་ན་ནི། ཚེ་

(༡༠)དང་ཕྲིན་ལས་ཀྱི་རྟེན་འབྲེལ་ལ་གནོད་པས་མི་བྱེད་དབང་མེད་ཡོད། གཞན་སྙིང་ལས་ཆུང་ངུའི་ངང་ནས་དྲན་པ་ལ་དམར་ཐག་བཅད་པ་རང་སོ་བཟོད་སྙམ་ནས་ལོ་བདུན་གྱི་བར་དུ་རླུང་ཕྱོགས་ཙམ་དུའང་མ་བསྒྲགས་པར་རྟོག་མེད་ཁོ་ནར་བཞག་གོ །དེ་ལྟ་ནའང་ས་མོ་ཡོས་ཀྱི་ལོར་འོག་མིན་དཔལ་གྱི་མཆིམས་ཕུའི་བྲེ་གུ་དགེའུ་འོག །ཉང་ཕུག་གོང་འོག་ཏུ་གྲགས་པའི་ལྷུན་གྲུབ་རང་བྱུང་གི་ཕུག་པར་ལོ་གསུམ་སྙིང་པོའི་སྒྲུབ་པ་ལ་རྩེ་གཅིག་ཏུ་གནས་པའི་ཚེ། ཇི་སྐད་དུ་སྒྲོན་མ་རྣམ་པར་བཀོད་པ་ལས། དགོངས་པ་བརྡ་དང་སྙན་བརྒྱུད་ནས། །གསང་སྔགས་དོན་གྱི་ཚད་མ་འབྱུང་། །དཔེ་ལ་བརྟེན་ནས་དོན་ངོ་ཤེས། །རྟགས་ལ་བརྟེན་ནས་ཡིད་ཆེས་འགྱུར། །ཅེས་གསུངས་པ་ལྟར། པཎ་ཆེན་བི་མ་ལའི་གསང་བ་གསུམ་གྱི་སྒྱུ་འཕྲུལ་དྲི་མེད་འོད་ཟེར་གྱི་རྫུལ་ཆགས་པ་ཀུན་མཁྱེན་ངག་གི་དབང་པོ་དེ་འོད་གསལ་གྱི་ངང་དུ་ཞལ་ལན་གསུམ་མཇལ་ནས་དགོངས་པའི་གསང་མཛོད་ཆེན་མོ་གཏན་ལ་དབབ་པར་བསྐུལ་ཞིང་རིགས་ལྔ་ཌཱཀྐིའི་གཙོ་མོས་བརྡ་འགྲོལ་གྱི་སྐབས་དབྱེ་ནས་རིམ་པར་སྐྱར་ཤོག་དཀར་བོའི་ངོས་སུ་སྣང་བར་བྱས་པ་

(༡༡)ཡིན་ལ། དེ་ཡང་གནད་བྱང་ཐུགས་ཀྱི་སྒྲོམ་བུར། རིག་འཛིན་དཔའ་བོ་མཁའ་འགྲོ་ཡིས། །བསྐུལ་མ་ཐེངས་གསུམ་དག་ཏུ་འོང་། དེ་ཚེ་མི་བརྗེད་དྲན་པའི་གཟུངས། གཟེར་དྲུག་གནད་ཀྱི་ལྡེ་མིག་གིས ཀློང་གསལ་དགོངས་པའི་གཏེར་ཁ་འབྱེད ཅེས་དང་། སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ པདྨ་ང་དང་དངོས་ཞལ་མཇལ བར་ཆད་སེལ་ཞིང་བྱིན་གྱིས་རློབ ཅེས་སོགས་ནས། དེ་ཚེ་གདམས་པ་གསང་ཞིང་སྤེལ། ཞེས་སྤྲེལ་ལོར་གསང་རྒྱ་འགྲོལ་བའི་དུས་ཚོད་ཡིན་པ་བཞིན། སྤྲེལ་ལོ་སྤྲེལ་ཟླ་བའི་ཚེས་བཅུའི་ཉིན་པདྨ་འོད་གླིང་སིནྡྷུ་རྒྱ་མཚོའི་ཞིང་ཁམས་བཀོད་པར་ཕྱི་ནང་གི་མཆོད་པ་གཟབས་རྒྱས་དང་བཅས་བདག་ཅག་འདུས་བར་བཅས་པས་མན་ངག་བཅུ་གསུམ་སྤྱི་དྲིལ་གསོལ་འདེབས་བསམ་པ་ལྷུན་གྲུབ་མའི་སྒོ་ནས་ཚེས་བཅུའི་ཆོ་ག་བསྟར་བ་ལས། སྤྱན་འདྲེན་གྱི་ཚེ་མོས་གུས་བླ་ན་མེད་པས་རྐྱེན་བྱས་དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་མཚན་དཔེའི་ལང་ཚོ་བལྟ་བས་ཆོག་མི་ཤེས་པ་དཔའ་བོ་མཁའ་འགྲོ་ཏིལ་གྱི་གོང་བུ་ལྟར་འཁྲིགས་པའི་ཀློང་ནས་རྡོ་རྗེའི་གར་

(༡༢)སྟབས་སྲིད་གསུམ་ཟིལ་གྱིས་གནོན་པའི་རང་བཞིན་དུ་སྒྱུར་ཞིང་། མནྡ་ར་བའི་མེ་ཏོག་གི་སིལ་མ་ཀུན་ཏུ་འཐོར་བའི་ངང་ཚུལ་ཅན་ཆུ་བུར་མིག་གིས་སྤྱོད་ཡུལ་དུ་གྱུར་པས་མོས་གུས་ཀྱིས་བརྒྱལ་བ་ཙམ་གྱི་ངང་ནས་སྐལ་བ་བཟང་པོའི་དགེ་མཚན་ཅི་ཡང་ཐོབ་བོ། །དེའི་ཚེ་ལྷོ་རྒྱུད་སྤྲུལ་པའི་སྐུ་མཆོག་རྣམ་པ་གསུམ་གྱིས་ཀྱང་མ་འདྲིས་བཞིན་དུ་ཐུགས་གཏེར་ཆེན་མོ་གཏན་ལ་དབབ་པ་ལེགས་སོའི་དབུགས་འབྱིན་དང་། ལྷ་རྫས་སྲིད་དུ་རིང་བའི་སྐྱེས་ཀྱི་གནང་ཆ་དང་བཅས། དངས་བ་སྟོན་པར་མཛད་པ་ནི་རྒྱལ་དབང་པདྨའི་།ཐུགས་བསྐྱེད་ཀྱི་མཐུས་བསྐུལ་བར་གདོན་མི་ཟ་མོད། དེ་བཞིན་དུ་ཀོང་སྨྱོན་སྦས་པའི་རྣལ་འབྱོར་ལའང་ཟབ་དོན་འདིའི་སྐོར་གསང་རྒྱའི་སྟབས་ཀྱིས་དོགས་པ་ཙམ་ཡང་མ་མཆིས་བའི་གནས་སུ་ཡོད་ཀྱང་། ལྐོག་གྱུར་མངོན་དུ་རིག་པ་ལྟར་ཚམ་ཚོམ་མེད་པའི་ངེས་ཤེས་ཀྱིས་ད་ལམ་ཅིས་ཀྱང་ཐུགས་གཏེར་གཏན་ལ་ཕེབས་པ་དགོས་ཞེས་གསུངས་པ་སྔོན་གྱི་སྨོན་ལམ་དུས་སུ་སྨིན་ཅིང་རྟེན་འབྲེལ་དུས་ལ་བབས་བར་གོ་ནས་དེར་འདུས་པ་དང་པོའི་འཁོར་ཟླ་བ་ཉ་བའི་གྲངས་ལ་སྨིན་གྲོལ་གྱི་སྒོ་འཕར་དབྱེ་བ་ནས་བཟུང་རིམ་པར་སྤེལ་

(༡༣)བ་ལས། ལོ་དེར་ཕྱི་ནང་གསང་བ་ཡང་གསང་དང་བཅས་པའི་བསྙེན་སྒྲུབ་མཐར་ཆགས་སུ་གཏོང་བ་རྣམས་མི་ཐེ་བའི་ཕྱི་སྒྲུབ་ཡིད་བཞིན་ནོར་བུ་ལ་བརྟེན་ནས་བཛྲ་གུ་རུ་འབྲུ་འབུམ་གཏོད་པ་པོ་ཉི་ཤུ་རྩ་གྲངས་སྐོར་བྱུང་བས་གང་འབྲེལ་དོན་དང་ལྡན་པའི་རྟེན་འབྲེལ་མངོན་དུ་གྱུར་པ་ཡིན་ལ། འོན་ཀྱང་དེ་ཉིད་ལས། བདག་ཉིད་ཆེན་པོ་པདྨ་སོགས སྤྲུལ་པའི་ལོ་པཎ་སྐྱེས་མཆོག་དང་ ཟབ་མོའི་རྟེན་འབྲེལ་མངའ་ཕྱུགས་པས ཕྱི་དུས་འགྲོ་དོན་དུས་བབ་ཚེ འགལ་རྐྱེན་རྣམ་པ་སྣ་ཚོགས་དང་ ཁྱད་པར་བ་དུད་བློན་དམ་སྲིའི་རིགས རྗེས་འབྲིངས་རྣམ་འགྱུར་ཅིར་ཡང་རྫུ བཀའ་དྲིན་དམ་ཚིག་ཁྱད་དུ་གསོད ཅེས་གསུངས་པ་ལྟར་ལྷོངས་དང་རྡུར་གྱི་རྣམ་པའང་དཔག་ཏུ་མེད་པ་བྱུང་སྟེ་ལས་བདག་གིར་ཤེས་ཤིང་རྐྱེན་ལ་བསྙེངས་མ་ཤོར་བའི་སྣང་བ་ཧུར་བོ་འདིས་སྒྱུ་མ་མཁན་སྒྱུ་མའི་རོལ་རྩེད་ལ་རྟོགས་པ་བཞིན་དུ་ལོག་སྒྲུབ་དང་སྐྱོ་ངལ་མཐའ་དག་བཟོད་པར་བྱས་ཏེ་དོན་གཉིས་བསྒྲུབ་པ་ལ་གཡེལ་བ་མེད་པའི་དམ་བཅའ་བརྟན་པ་འདི་ཇི་སྲིད་སྲོག་དབང་འགག་པ་ལ་ཉེ་བ་དེ་སྲིད་དུ་མི་གཏོང་བ་ཡིན་ལ། དེ་

(༡༤)ལྟ་ནའང་ཟབ་དོན་གྱི་མན་ངག་འདིའི་སྐོར་གྱི་ཡི་གེ་ན་གཅིག་ཀྱང་སྣོད་མིན་ལ་བཤད་པར་མ་བྱེད། སྟོན་པར་མ་བྱེད། །ཚིག་ཙམ་རླུང་གི་ཕྱོགས་སུའང་བསྒྲག་པར་མ་བྱེད་པར་ཡིད་བཞིན་གྱི་ནོར་བུ་ལྟ་བུར་ཟུང་ལ་སྒྲུབ་པ་སྙིང་པོར་གྱིས་ཤིག །རྒྱུ་སྦྱོར་བ་ལྷ་དབང་སྒྲོལ་མའི་དགོང་རྫོགས་སུ་བར་དུ་བསྐྲུན་པའི་དགེ་བས་ཐར་ལམ་མྱུར་ཐོབ་ཡོང་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།

(༡༥)གསང་བ་ཆེན་པོ་ཉམས་སྣང་གི་རྟོགས་བརྗོད་ཆུ་ཟླའི་གར་མཁན་ཞེས་བྱ་བ་བཞུགས།།

(༡༦)དཔལ་གདོད་མའི་མགོན་པོ་ལ་ཕྱག་འཚལ་ལོ། །མ་སྐྱེས་མི་འགག་རང་བཞིན་སྤྲོས་དང་བྲལ། །དམིགས་མེད་རང་གྲོལ་འོད་གསལ་འདུས་མ་བྱས། །ཤིན་ཏུ་རྣམ་དག་ཐ་མལ་རིག་པ་ལ། །དུས་གསུམ་འཕོ་མེད་དགོངས་པས་ཕྱག་བགྱིའོ། །ཀུན་བཟང་དགེ་བ་རྡུལ་ཙམ་མ་བརྟེན་ཀྱང་། །ཟག་མེད་རང་ངོ་ཤེས་པའི་དགེ་ཚོགས་ཀྱིས། །མངོན་བར་བྱང་ཆུབ་ཁམས་གསུམ་ཡིད་ཅན་རྣམས། །སྡིག་པའི་ས་བོན་མེད་བཞིན་འཁོར་བར་ལ་བྱམས། །དེ་ཕྱིར་རིག་དང་མ་རིག་ཆོ་འཕྲུལ་གྱིས། །འཁོར་འདས་སོ་སོར་ཕྱེ་བའི་མཚད་རིག་ཀྱང་། །འདི་ན་ལྷན་སྐྱེས་

(༡༧)བག་ཆགས་གཡོ་འཕྲུལ་པོས། །ད་དུང་བློ་བྲིད་བྱེད་པ་སེམས་པ་སྐྱོ། །གཞི་དབྱིངས་ཁྱད་ཆོས་དྲུག་ལྡན་མ་ལགས་པ། །ཐམས་ཅད་རྫུན་པའི་རྣམ་འགྱུར་ཆེན་པོ་རུ། །གོ་ཡང་དད་ལྡན་གདུལ་བྱ་དྲང་བའི་སླད། །ཉམས་སྣང་ཆུ་ཟླའི་གར་མཁན་འདིར་གསལ་བྱ། །དེ་ཡང་མདོ་ལས། རབ་འབྱོར་ཆོས་ཐམས་ཅད་རྨི་ལམ་ལྟ་བུ། མྱ་ངན་ལས་འདས་པའི་ཆོས་ལས་ལྷག་པའི་ཆོས་ཤིག་ཡོད་ན་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཞེས་ངས་བསྟན་ཏོ། །རབ་འབྱོར་ཆོས་ཐམས་ཅད་ཡང་དག་པ་མ་ཡིན་པ་ཀུན་ཏུ་བརྟགས་པ་མེད་བཞིན་དུ་སྣང་བ་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཞེས་དང་། བྱང་

(༡༨)ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། སྟག་དང་སེང་གེ་གླང་ཆེན་དྲེད། །སྤྲུལ་དང་དགྲ་རྣམས་ཐམས་ཅད་དང་། །སེམས་ཅན་དམྱལ་བའི་སྲུང་མ་དང་། །བྱད་མ་དེ་བཞིན་སྲིན་པོ་རྣམས། །སེམས་འདི་གཅིག་པུ་བརྟགས་པ་ཡིས། །དེ་དག་ཐམས་ཅད་བརྟགས་པར་འགྱུར། །ཞེས་འཁོར་འདས་ལམ་གསུམ་ཐམས་ཅད་རང་སྣང་ཁོ་ནའི་ལྡོག་ཆས་ཕྱེ་བ་ཉིད་ལས་དོན་དམ་པར་བདེན་པ་འགྲུབ་པ་སྤུ་ཙམ་མ་མཆིས་ན། དེ་ལས་ཀྱང་ཉིད་འཁྲུལ་དུ་གྱུར་པའི་རྨི་ལམ་བག་ཆགས་ཀྱི་སྣང་ཆ་ནི་ཤིན་ཏུ་ཡ་མ་བརླ་སྟེ་ཤཱནྟ་དེ་ཝས། འགྲོ་བ་རྨི་ལམ་ལྟ་བུ་སྟེ། །རྣམ་པར་དཔྱད་ན་ཆུ་ཤིང་འདྲ། །ཞེས་སོ། །དེ་ལྟ་ནའང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བའི་རྟེན་དེ་ལ་དགེ་མི་དགེའི་འཇུག་ལྡོག་བྱེད་པའི་མཁན་པོ་ནི་ལས་དང་དེའི་རྣམ་པར་སྨིན་པ་ཁོ་ན་ལས་བྱེད་པོ་

(༡༩)གཞན་མེད་པ་ནི་ཨོ་རྒྱན་ཆེན་པོས། གནོད་པའི་དམྱལ་དཔོན་ཆེན་པོ་དེ། །གལ་ཏེ་སེམས་ཅན་ཡིན་གྱུར་ན། །དེ་ཡི་སྡིག་པ་གང་དུ་འགྲོ། །ཞེས་སོ། །རྒྱུ་མཚན་དེས་ན་སོ་སོ་སྐྱེ་བོ་རྨོངས་པའི་རབ་རིབ་ཀྱིས་ལྗོངས་པ་དག་གིས་ཕྱིན་ཅི་ལོག་གི་ལས་ཐབས་སྒྲིབ་པའི་ཕུང་པོ་ཅན་ལའང་གཏན་ཚིགས་དང་ཤོག་ཁྲར་བྱས་ཏེ་ངོ་མཚར་གྱི་གླེང་གཞིར་བྱེད་ན། འདིར་བླ་ན་མེད་པའི་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབས་ཤིང་། མྱུར་ལམ་རྡོ་རྗེ་ཐེག་པའི་རྣལ་འབྱོར་གྱི་སྒོ་ནས་རང་རྒྱུད་ལ་གདོད་ནས་བཞུགས་པའི་རྡོ་རྗེ་བཞིའི་གནས་ལུགས་མངོན་སུམ་སད་པའི་རྟེན་འབྲེལ་དང་། སངས་རྒྱས་རྣམས་ཀྱི་ཐུགས་རྗེ་དང་བྱིན་རླབས་རང་གི་ཀུན་རྟོག་དང་འདྲེས་ནས་འཇུག་པའི་ཆོ་འཕྲུལ་ཆེན་པོ་ལ་སྣང་ཆའི་གཟུགས་བརྙན་ཅི་ཡང་སྲིད་པའི་ཕྱིར། །དེ་ཉིད་ལ་དག་པ་ཡེ་ཤེས་

(༢༠)ཀྱི་འཁོར་ལོའི་བརྡར་བཏགས་པ་སྟེ། དེའང་ནང་དགོངས་པའི་བརྟུལ་ཞུགས་ཀྱི་ན་འཕར་ཞིང་འཁོར་འདས་མཉམ་པ་ཉིད་དུ་རྩལ་རྫོགས་པའི་ཕྲིན་ལས་ཀྱི་རོལ་པ་ཚང་མེད་པས་མ་ཡིན་པར། ཐལ་མལ་གྱི་རྟོག་པ་ལ་བྲལ་ཐོབ་མེད་བཞིན་དུ་ལྷ་འདྲེས་བྱིན་གྱིས་བརླབས་པའི་དག་སྣང་དང་མངོན་ཤེས་རྫུ་འཕྲུལ་ལ་མཆོག་ཏུ་རློམ་པ་དག་ལ་གནས་སྐབས་སུ་སོ་སོ་སྐྱེ་བོ་དགའ་བའི་ནུས་པ་དང་། མཐོན་པོའི་གོས་ལ་སྙེགས་པའི་རང་སྟོབས་ཡོད་ཀྱང་མཐར་ཐུག་གྲོལ་བ་འགྲུབ་པའི་རྟེན་འབྲེལ་མེད་པས་ཚུལ་དེ་དག་དང་བདག་ཅག་གྲུབ་ཐོབ་བརྒྱུད་པའི་བུ་སྦས་པའི་རྣལ་འབྱོར་སྤྱོད་ཡུལ་མཉམ་པར་ནི་བལྟ་བར་མི་བྱའོ། །ཨེ་མ་སྤང་འཇིགས་མེད་ནམ་མཁའི་རྣལ་འབྱོར་གྱིས། ཆོས་འདི་བྱའི་གཟའ་གཏད་མ་མཐོང་བར། །བློ་གང་ཤར་རང་གྲོལ་ཆེན་པོའི་ཀློང་། །ཉམས་རྟོགས་བའི་བག་ཆགས་ཁོང་ནས་སང་། །ཕ་རྒྱལ་སྲས་པའི་རང་ཞལ་མཇལ། དོན་གདམས་པ་ཟབ་དགུའི་སྙིང་ཁུ་ཐོབ། །དེ་ཐོབ་ཙམ་མ་ལགས་རྒྱུད་ལ་ཤར། །ཚིག་ཁ་ཁྱེར་མ་ཡིན་གནད་ལ་ཕེབས། །ཚེ་ངེས་མེད་སྙིང་ལ་བརྣགས་པ་ཡིས། །ལས་འཁོར་བར་ཡི་ཆད་དྲག་པོ་ཤར། །དོན་སྙིང་པོའི་

(༢༡)སྒྲུབ་བ་ལྷུར་བླངས་ཚེ། །ཡིད་ཤེས་ཀྱི་ཆུ་མཚོར་འདི་ལྟར་མངོན། །ཕ་བཀའ་དྲིན་འཁོར་མེད་མཚོ་སྐྱེས་རྗེས། མི་ལས་ཅན་གྱི་འཕོགས་སུ་བྱིན་པ་ཡི། །ཆོས་པདྨ་སྙིང་ཐིག་ཧཱུྃ་སྒྲུབ་དེས། །སྣང་སྲིད་ཧཱུྃ་གླུར་བླངས་པའི་ཚེ། །ཤར་ཉིན་བྱེད་དབང་པོའི་འོད་ཟེར་དེ། །སྒྲུབ་ཁང་གི་ཐོད་ལ་འཚིང་བའི་སྐབས། །ཉམས་སྣང་ཤེས་ཟང་ཐལ་གྱི་འཆར་སྒོ་ལ། །ལྷོ་མོ་མཁའི་བྲག་གི་སྐུ་རྗེས་མཐོང་། །ཕྲག་དབྱིབས་ནི་མཆིམས་ཕུའི་ཇག་ཏུག་འདྲ། །བྲག་ཁ་དོག་གནག་སྣུམ་བག་ཆགས་ངོས། །ཁྱོན་ཞགས་ཚང་ཙམ་བེར་གྱི་སུལ་དང་བཅས། །ཤིན་ཏུ་གསལ་བའི་ངང་ཚུལ་མཇལ། །དེར་མོས་གུས་བཟོད་བླག་མེད་པའི་ངང་། །མིག་མཆི་མའི་དཔའ་རླབས་ཅིར་ཡང་གཡོ། །ཕ་ཨུ་རྒྱན་དྲན་ནས་ཚུགས་ཐབས་མེད། །གནས་དེ་རུ་ད་ལྟ་སླེབས་ན་སྙམ། །ཉམས་བདེ་སྟོང་གི་རྣམ་རོལ་ཅིར་ཡང་རྩེ། ཡང་དེ་ནས་མི་རིང་ཞག་འགའ་ན། །བྲག་ལྗང་ནག་མེ་ལོང་ལྟ་བུའི་དོར། །སུ་ཝརྞ་ས་བྱུགས་འདྲའི་ཞབས་རྗེས་གཉིས། འོད་གསལ་གཉུག་མའི་ངང་ནས་མཐོང་། །འདི་ཆེ་ཆུང་བློ་ཡིས་དཔྱད་མ་བཟོད། །སྤྱིར་མཐོང་སྣང་རིག་

(༢༢)པའི་རྩལ་ཡིན་པར་མ་ཟད་ལྷོ་མོན་ཕྱོགས་ལ་བྲག་ལ་ཕྲང་སོགས་སྐུ་རྗེས་བརྒྱ་ཙམ་ཡོད་པར་བཤད་པས་གང་ཡིན་ངོ་མ་འཚལ། ཞབས་རྗེས་ནི་ཕྱོགས་བཞིའི་བྲག་ལ་ཆེ་བཞི་དང་། གཞན་ནི་ཤིན་ཏུ་མང་ངོ་། །ལྟ་དུས་དེའི་ཚེ་འཁྲུལ་པའི་རྨི་ལམ་ལ། །རང་བེམ་རིག་བྲལ་དུ་ཉེ་བ་ལ། །ཉེ་འབྲེལ་གྱིས་བསྐོར་ནས་གདུང་བར་བྱེད། །དེར་འཆི་བྲོད་ཀྱི་གདེང་ཆེན་རྙེད་སྙམ་པས། །ཁོང་དེ་དག་ལ་ཐིམ་རིམ་གཤོད་པའི་ངང་། །ཆོས་ཉིད་ཀྱི་ངང་དུ་དྲན་པ་སྟོར། སྐབས་ཤིག་ཏུ་དྲན་བརྙེད་ཙན། །རང་སྲིད་པ་བར་དོར་སླེབས་ནས་གདའ། །ཕུང་པོ་ཞུགས་ལ་སྦར་བ་མཐོང་། །ཀྱཻ་ཕ་དེས་མྱ་ངན་ཆེན་པོ་བྱེད། །དཔག་ཆགས་ཤ་གཟུགས་ཀྱི་ཡིད་ངོ་ལ། །སེམས་དངོས་མེད་ལ་སྐྱེ་འཆིའི་རྨིང་འདོགས་བྲལ། །ངས་བདེན་པ་མཐོང་བས་བདེ་སྡུག་།རྫུན། །ཕ་ཁོ་རང་སྙིང་རྗེ་བསམས་ཙ་ན། །གཉིད་སད་ནས་བདེ་གསལ་ངང་ལ་འབྱམས། །རྗེ་བ་ངས་འགྲོ་བ་རིགས་དྲུག་གི །ས་བོན་བསྲེགས་པར་ལུང་བསྟན་མཛད། །དུས་འདི་ནས་ལུས་ཀྱི་ཤིག་སྲོ་རྣམས། །གར་སོང་ཆ་མེད་དུ་དག་པར་གྱུར། །སྤྱིར་བར་དོ་ལ་རྣམ་གྲངས་བཞིར་འཆད་པ་དང་། །ལ་ལར་དྲུག་

(༢༣)ཏུ་དབྱེ་བ་སོགས་སྣང་ཞིང་། ཁྱད་པར་ཆོས་ཉིད་དང་སྲིད་པའི་བར་དོ་འདིར་གསང་སྔགས་གསར་རྙིང་བཞེད་པ་ཅུང་ཟད་མ་མཐུན་ཞིང་། དེའི་དབང་གིས་རང་ལུགས་འཐད་ལྡན་དུ་སྒྲུབ་པ་དང་། གཞན་ཕྱོགས་ཚུལ་མིན་དུ་དགག་པ་སོགས་ཇི་སྙེད་ཅིག་འཆད་སྣང་སྟེ། སྐབས་འདིར་ཡང་དགོན་པའི་བར་དེ་འཁྲད་སྒྲོལ་དུ་གྲགས་པར་རོ་བ་སྲག་པ་ལ་སོགས་བྱེད་ན་མྱུར་དུ་ཆིག་ན་དགའ། །མ་ཚིག་ན་མི་དགའ། མྱུར་དུ་མི་སྣང་བར་སོད་ན་དགའ། ཡུན་རིང་དུ་ལུས་ན་ཡང་ཁ་སྦར་འཚངས། རུལ་པ་དང་དྲི་སྣོམ་ན་སྡུག་བསྔལ་ཆེན་པོ་བྱེད། རང་ལ་གདུང་བ་མེད་པ་ཀུན་ལ་ཞེ་སྡང་ཆེན་པོ་བྱེད་ཅིང་མི་དགའ་བའི་སྣང་བར་འདུག །སྔར་གྱི་ཁྱིམ་དང་མལ་ལ་སོགས་པར་འཁོར་ཞིང་ཉེ་བ་ཉེ་འབྲལ་རྣམས་ཁོ་རང་ཟས་ཟ་ཞིང་བདག་ལ་མི་སྟེར་བ་དང་། མིང་ནས་བཏོན་ཅིང་དུ་བ་དང་། ཤི་བའི་གཏམ་བརྗོད་པ་ལ་སོགས་པས་ཤིན་ཏུ་མི་དགའ་བར་གྱུར་ཏེ། གར་འགྲོ་གཏད་མེད་དུ་འགྲོ་བར་འདུག །ཅེས་སྲིད་པ་བར་དོའི་རང་བཞིན་རྒྱས་པར་དབྱེ་བ་ལྟར་ད་ལྟའི་རྨི་ལམ་དང་ཕྱིན་ཆད་ཀྱི་བར་དོ་གནད་གཅིག་པས་འཆད་ཚུལ་སྣ་ཚོགས་

(༢༤)ལ་ཀླན་ཀ་མ་དགོས་པར་རྟོགས་སོ། །ཨ་ཧེ། དུས་དེ་ཡི་གནས་སྐབས་ཐམས་ཅད་དུ། །ཕྱི་བཟུང་ཡུལ་རགས་པའི་རྣམ་རྟོག་འགགས། ནང་འཛིན་བྱེད་ཤེས་པ་གཏད་མེད་གྲོལ། །སེམས་བདེ་སྟོང་གི་ནམ་མཁའ་དངས་པའི་ཀློང་། །ལས་མངོན་སུམ་རིག་མདངས་ལྷག་མཐོང་གིས། །དཔལ་མ་ཧཱ་གུ་རུའི་ཞལ་སྐྱིན་མཇལ། །ཉམས་རྟོགས་འབུལ་ཞིབ་རྒྱས་ཞུས་པ་ན། །སྒོམ་ཡལ་གྲབས་ཡིན་འདུག་གསུངས་པ་ཐོས། །སྒོམ་བྱས་ཚད་ཉམས་ཞེན་རྣམ་རྟོག་ཡིན། །དེ་ཡལ་ན་ཉམས་ཡལ་རྟོགས་པ་ཤར། །དོན་སྤྲོས་བྲལ་བདེན་པ་མཐོང་བའི་བརྡའ། །ཆོས་ཡང་གསང་ཐུགས་ཀྱི་སྒྲུབ་པ་ཡི། །བསྙེན་སྒྲུབ་ལས་སྦྱོར་ཕ་མཐར་ཕྱིན། །མཚན་མ་རྫས་ཀྱི་སྐུ་རྟེན་དེ། །དངོས་གྲུབ་ལེན་ཁར་འགུལ་བ་སྙམ། །ནང་རིག་པ་དབྱིངས་ཀྱི་ཧེ་རུ་ཀ །གསལ་བརྟན་གྱི་ཡུལ་གསུམ་གྱང་དུ་གྱུར། །སེམས་ཡི་དམ་གྱི་ཕྱག་རྒྱར་རྩལ་རྫོགས་པས། །རྣམ་སྨིན་རིགས་འཛིན་གྱི་ལྡང་ཚད་ཤེས། །དེ་ནང་ལྟར་སྒྲུབ་པ་རྟ་གདོང་ཞལ། །ཕྱག་རྒྱར་བསྒྱུར་ནས་བསྒྲུབས་པའི་ཚེ། །གཉིད་མི་རྟོག་ཀུན་གཞིའི་མུན་པ་ནས། །ཡིད་གཅིག་པུར་ལངས་པའི་གསལ་སྣང་ལ། །

(༢༥)གནས་འོག་མིན་དཔལ་གྱི་མཆིམས་ཕུ་ཡི། །བྲག་དམར་གྱི་ཀེའུ་ཚང་དུ་སླེབས། དབྱིངས་རྣམ་འགྱུར་ཇི་བཞིན་མ་ཡིན་པའི། །རང་བྱུང་གིས་བྲག་སྐྱིབས་ཆེན་པོའི་ནང་། །ཕ་མཚོ་སྐྱེས་རྡོ་རྗེའི་སྣང་བརྙན་ལ། །འཁོར་རྒྱལ་བ་རིགས་ལྔས་མཛེས་པ་དེའི། །སྐུ་ཆེ་ཆུང་མི་ཚད་ཉིས་འགྱུར་ཙམ། །རིགས་གཙོ་དང་ཨོ་རྒྱན་གཉིས་ཀའི་ཕྱག །རཏྣའི་བྲོག་ཞུས་མཚན་པར་སྣང་། །དེར་རིག་འཛིན་ཧཱུྃ་ཆེན་འགྲོ་འདུལ་དང་། །མིག་འཕྲུལ་ལྟ་བུར་མཇལ་བ་ན། །བྲག་འདི་ལ་གུ་རུའི་ཞབས་རྗེས་ཡོད། །བདག་ཅག་གཉིས་འཚོལ་ལོ་གསུངས་པ་ལ། །གཉིས་ཀས་འཚོལ་བའི་འདུ་ཤེས་དང་། །གནས་དེ་ཡི་དཀོན་གཉེར་ཡིན་སྙམ་པའི། །བན་རྒན་སོང་ཞིག་ཁྱམས་དེར་འདུག་པ་དེས། །མཛུབ་རིས་དང་བཅས་བསྟན་བྱུང་བར། །དེ་ན་ཞབས་རྗེས་ཁྲུ་དོ་ཙམ། །འདམ་ལ་རྒྱབ་ལྟར་ཤིན་ཏུ་གསལ། །དེར་རང་ཉམས་འུར་ཏེ་ཏིང་འཛིན་གྱིས། །དབང་བཞི་བླངས་བའི་ནུས་པ་དེ། །ཐ་མལ་གྱི་བློ་ཡིས་དཔག་པར་དཀའ། །སེམས་གྱ་གྱུའི་ཀུན་རྟོག་འཆིང་བ་ཅན། །བཙན་ཐབས་སུ་གཏད་མེད་ཆེན་པོར་གྲོལ། །གཉིད་རྨི་ལམ་

(༢༦)གྱི་འཆར་སྒོ་རྫུན་པ་དེ། །ནང་དབྱིངས་སུ་ནུབ་པའི་ཟླ་བ་ལྟར། །མི་རྟོག་དབུ་མའི་གཤིས་ལ་ཐིམ། །དེ་ལུང་མ་བསྟན་དུ་མ་འབྱམས་པར། །རྩ་ཤེལ་སྦུག་ཅན་དུ་ཞུགས་པ་ལས། གཉིད་གཏི་མུག་གི་འཆིང་བ་ལས་བརྒལ་ཏེ། །བུམ་ནང་དུ་མར་མེ་སྦར་བ་བཞིན། །འོད་གསལ་གྱི་གོ་ཡང་མ་འགགས་ལ། །འཁོར་འདས་སོ་སོའི་མ་ཚང་རིག་ཅིང་། །བློ་དེར་འཛིན་གྱི་ཀུན་རྟོག་དང་བྲལ་བའི། །དབྱིངས་གཞོན་ནུ་བུམ་སྐུའི་ཞིང་ཁམས་མཐོང་། །ངས་སྔོན་ཆད་མ་མཐོང་དགུ་མཐོང་ཡང་། །འོད་གསལ་ལྷུན་གྲུབ་ཀྱི་ཞིང་མ་མཐོང་། །ཕ་པདྨའི་ཐུགས་རྗེ་བསམ་མི་ཁྱབ། །དོན་རང་རིག་རྩལ་གྱི་དབང་ཆེན་ཐོབ། །དེ་སླར་ཡང་ནམ་མཁར་འདྲེས་པ་ལྟར། ལྷག་མཐོང་གི་རིག་པས་དཔེ་ལས། །སྟོང་པའི་གསལ་མང་དུ་ཆེར་འབར་ནས། །སྣང་སྲིད་ཀུན་རྟོག་མེད་འོད་གསལ་དང་། །མེ་ལོང་ནང་གི་གཟུགས་བརྙན་ནམ། །རྒྱ་མཚོར་གཟའ་སྐར་བཀྲམ་པ་བཞིན། །དེར་འཛིན་མེད་པའི་བལྟད་མོ་མཐོང་། །དེ་ཕྱིར་གསལ་ཕྲ་མོའི་ཀུན་རྟོག་ལས། གཉིས་སྣང་གི་ཞེན་པ་ཤར་བ་ན། །ཡུལ་དཔལ་གྱི་གྲུ་འཛིན་པོ་ཏ་ལ། སྒོ་སྐར་ཁུང་བསམ་ལས་འདས་པ་དང་། །དེའི་སྟེང་

(༢༧)གི་ནམ་མཁར་འཕགས་སྐུ། །བཻ་ཌཱུར་གྱི་མདངས་ཅན་འོད་ཀྱི་སྐུ། །ཧ་ཅང་གསལ་འཚེར་མིན་བ་ཞིག །སྣང་བས་དེ་ལ་དེར་འཛིན་གྱི། །གཉིས་སྣང་དུ་ཞེན་པས་རྐྱེན་བྱས་ཏེ། །འོད་གསལ་གྱི་སྣང་བ་རང་སར་འགགས། །གཉིད་སང་རྒྱུ་མེད་ལ་སད་འདྲའི་ངང་། །ད་ལྟའི་ཤེས་བརྗེན་པར་འདུག །ཨེ་མ། རྗེ་རང་བྱུང་པདྨའི་བྱིན་རླབས་མཐུས། །ངས་རྫོགས་པ་ཆེན་པོའི་གཞི་དབྱིངས་དོན། །ཉམས་མྱོང་དུ་རྡོ་རུས་ཐུག་པར་མཇལ། །འོད་གསལ་རྫོགས་པ་ཆེན་པོ་ཡི། །རྒྱུད་སྡེ་དང་ཞུས་དག་ཕེར་བར་ཤེས། །འདིར་བརྗོད་བྱའི་གནས་ཚུལ་མ་ལགས་ཏེ། །དུས་མ་འདས་རིག་འཛིན་སྤྲུལ་པའི་གར། །དགོངས་བརྒྱུད་ཀྱི་འཁོ་བ་ཐབ་ངས་པ། །འགའ་སྲིད་ན་དེ་དག་ངོ་མཚར་ཞིང་། །ངེས་ཤེས་ཀྱི་དང་བ་འདྲེན་པའི་ཕྱིར། །འདིར་རྟོགས་པའི་འདྲ་འབག་ཡི་གེར་བཞག །སྤྱིར་འོད་གསལ་ལ་འཆད་ཚུལ་མང་ན་ཡང་། །ཀུན་གཞིའི་དྲི་མ་དག་ཅིང་གཞིའི་གནས་ལུགས་ལུང་མ་བསྟན་ལས་ཁྱད་ཆོས་དྲུག་གིས་འཕགས་པའི་གདོང་མའི་ནང་དབྱིངས་གཞོན་ནུ་བུམ་པའི་སྐུར་གྲགས་པ་འདི་ངས་གསང་རྫོགས་པ་ཆེན་

(༢༨)པོ་སྙིང་ཏིག་ཐུན་མོང་མ་ཡིན་པའི་དགོངས་པ་ཡིན་ལ། དེ་ལྟ་ནའང་ཀུན་ཏུ་བཟང་པོ་དང་ཞལ་མི་གཉིས་པ་ཀུན་མཁྱེན་ཀློང་ཆེན་བས་དགོངས་པའི་རྩལ་གྱིས་ཉམས་སུ་མྱོང་། བཤད་པའི་ལམ་ནས་གཏན་ལ་ཕབ་པས་འདི་དག་གི་བཤད་ཚུལ་གོལ་འཕྱུགས་མེད་པ་གང་གི་དགོངས་གཏེར་བསྟན་བཅོས་ཆེན་པོ་རྣམས་སུ་སྣང་བ་ནི། སུམ་ཅུ་རྩ་གསུམ་དུ་བགྲོད་མ་མྱང་བའི་གང་ཟག་ཆེ་གེ་མོ་ཞིག་ལ་དེའི་དངོས་གནས་ཞིབ་པར་བཤད་ཀྱང་དེ་འདྲ་ཞིག་གོ་སྙམ་པའི་ངོ་ལ་སྤྱི་ཙམ་ལས་ངེས་ཤེས་མི་སྐྱེ་ཞིང་ཡིན་ཚུལ་ཇི་བཞིན་པ་བློ་ཡུལ་དུ་སྣང་དཀའ་བ་ཙམ་དུའང་མ་ཟད། ཕྱི་རབས་ཀྱི་གང་ཟག་རྣམས་ཆིག་ཙམ་དང་གྲགས་པའི་རྗེས་སུ་འབྲང་བས་གསང་བ་ཆེན་པོ་འདི་ལྟ་བུ་བཤད་པ་ལས་ལྷ་མཐོང་འདྲེ་མཐོང་ཅུང་ཞིག་སྨྲས་ན་མགུ་བར་བྱེད་མོད། རྒྱུ་མཚན་དེས་ད་ལྟ་གངས་ཅན་འདིར་རྟོགས་པ་མཐོན་པོར་རློམ་ཞིང་སྒོམ་ཉིན་མཚན་འདྲེས་པའི་ཁས་ལེན་སྤྱི་བརྟོལ་དུ་བྱེད་པ་སྣང་ནའང་། ནང་དབྱིངས་གྲོལ་ས་ཆེན་པོ་འདིའི་གནད་རྟོགས་ཤིང་མྱོང་བ་ལྟ་ཅེ། གོ་བས་གཏན་ལ་ཕེབས་པའང་དཀོན་བར་སྣང་ངོ་། །དེ་ཡང་མཁའ་འགྲོ་ཡང་ཐིག་གི་མཐོང་

(༢༩)སྣང་རིན་པོ་ཆེ་འོད་ཀྱི་དྲ་བར། །སང་ཉིན་ཐོ་རངས་བླ་མ་གཟིམས་དུས་ཐུགས་འོད་གསལ་ལ་འབྱམས་ཏེ། ཡར་ཀ་དག་གི་སྣང་བ། བར་ལོངས་སྐུའི་ཚོམ་བུ། །མར་འགྲོ་དྲུག་གི་འཆར་ཚུལ། །སྒྲ་སྐད་སྣ་ཚོགས་བ་ཐོས་པ་ལ་ཐུགས་ཀྱིས་རིག་ཅིང་རགས་བར་མེད་པར་སྣང་བ་དང་། དེའི་སྐད་ཅིག་མ་སྔ་མན་དྲན་བསམ་རྒྱུན་ཆད་ནས། སྣང་བ་དམར་ལ་མཐིང་བ་ཙམ་གྱི་ངང་ལ་བརྒྱལ་བ་བཞིན་འབྱམས་སོ། །དར་གཅིག་ན་རྣལ་འབྱོར་མ་ངེས་འོངས་ནས། སྔ་མའི་དེ་ནི་གདོད་མའི་ཀ་དག་ཏུ་ནང་གསལ་ཐིམ་ལམ་རྨུགས་པར་བཞུགས་པའི་ངོ་སྤྲོད་ཡིན་ནོ། །བརྒྱལ་བ་ཞེས་བྱ་སྟེ་ཆོས་ཉིད་ཀྱི་ངང་དུ་བརྒྱལ་བས་སློང་དགོས་པ་ཡིན་ནོ། །ཕྱི་མ་ནི་ཕྱིར་གསལ་དུ་སྤྲུལ་སྐུ་འགྱེད་ཚུལ་དང་། །འཁྲུལ་པ་རིམ་གྱིས་སྣང་ཚུལ་རང་སར་ཤར་བའི་ངོ་སྤྲོད་ཡིན་ནོ་གསུངས་སོ། །ཞེས་བཤད་པ་དང་དོན་གཉིས་སུ་མེད་པར་འབྱོར་པས་རང་གིས་མྱོང་བ་ལ་ངེས་ཤེས་འདྲོངས་ཤིང་ཀུན་མཁྱེན་ཆེན་པོ་ལ་མོས་པའི་སྲོག་མཁར་གཞིག་ཏུ་མེད་པ་ཆུགས་པར་གྱུར་ཏོ། ༈ ལྷ་དེ་ཡི་ལས་སྦྱོར་ལ་བབས་ཆེ། །

(༣༠)ཉམས་རྨི་ལམ་དངས་བའི་མེ་ལོང་ངོར། །ཁོ་གནོད་སྦྱིན་བྲག་བཙན་དམར་པོ་དེ། །མི་གཞན་གྱིས་བདག་ལ་རྦད་པ་མཐོང་། །ངས་སྟོང་ཉིད་སྙིང་རྗེར་ཁྲོས་པའི་ངང་། །ཁོ་སྲིད་པ་རུ་ལོག་སྙིང་ཁ་རུ། །གནད་རང་གཤེད་དབབ་པའི་མཚོན་ཆས་གཟིར། །ཞག་གཉིས་ནས་སྒྲུབ་གཡོག་ས་མནྟས། །རྡོ་ཕ་བོང་ལོང་བུ་སྟར་རློན་ཙམ། །མངོན་སུམ་དུ་བྱིན་པ་བླ་རྡོར་བསྔགས། །གཅུན་པ་དང་ཤིས་བསྟན་པའི་ཕྱིར། །མལ་ཞབས་སུ་ཟིལ་གནོན་དགོངས་པས་གཟིར། །བཀའ་ནན་ཆད་མདོ་ལ་གནས་པའི། །སྲུང་མའང་ངོ་སྲུང་ཟས་ཕྱིར་འབྲེང་། །འདི་དག་ལ་གཏོར་མ་བྱིན་པ་ལས། །གནམ་ལྕགས་སྤུ་གྲིའི་གནད་དབབ་ཟབ། །འདྲེ་གནོད་སྦྱིན་གྱི་ཀུན་སྤྱོད་ཉམས་རེ་དགའ། །དུས་དེ་ཚེ་སྨིན་དྲུག་ཟླ་བའི་ནུབ། །དམྱལ་བ་ཡིན་ནོ་སྐང་བ་ཡི། །ཟབས་རིང་པོར་ལྷུང་བའི་སྣང་བ་ལ། །ཚེ་འདིར་ནི་ལས་དན་བསགས་པ་མེད། །བཅས་པ་དང་རང་བཞིན་ལས་འདས་པའི། ཕྲ་མོའི་སྡིག་པ་དག་ལ་ཡང་། །སྟེབས་བཞི་དང་བཅས་པས་བཤགས་མོད་དེ། །ཚེ་ཐོག་མེད་ནས་བསགས་པའི་རྣམ་སྨིན་ཞིག །དུས་ད་རེས་སྐབས་སུ་བབ་པ་ལ། །ཁོར་

(༣༡)སངས་རྒྱས་བྱོན་ཀྱང་རང་གིས་ནོངས། །དེ་འོན་ཏེ་དམྱལ་བའང་སེམས་ཀྱིས་བཟོས། །ནང་དྲན་རིག་གི་ངོ་བོར་ལྟ་སྙམ་ཚེ། འདིས་དམྱལ་བའི་སྐལ་བ་ཐེབས་པ་ཡིན། །ཁྱད་ད་ལམ་སོང་ཟེར་སྒྲ་ཞིག་ཐོས། །གཉིད་སད་དེ་སྐྱོ་ཤས་ངང་ལ་འབྱམས། །རྐྱེན་དེ་ཡིས་ནངས་པར་སྔོན་འགྲོ་ཡི། །ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཚེ། །ལས་དེ་འདྲ་མྱོང་བའི་སེམས་ཅན་ལ། །བཟོད་བླག་དང་བྲལ་བའི་སྙིང་རྗེ་སྐྱེས། །དབང་མེད་དུ་མཆི་མའི་ཆར་པ་བབས། །སྐྱོ་ཤས་ཀྱི་སྣང་བ་སངས་པའི་ཚེ། །བརྗོད་མེད་ཀྱི་ཉམས་རྟོགས་གསར་དུ་འཁྲུངས། །ཕ་བླ་མ་དྲན་པའི་མགུར་ཡང་བླངས། །སྡུག་བསྔལ་ཀུན་སྒྲིབ་པའི་བུད་ཤིང་དུ། །གསུངས་པ་དེ་ངོ་མཚར་ཅན་དུ་གདའ། །དཔེ་རྨི་ལམ་ཙམ་གྱི་དུཁས་ཀྱང་། །ཉམས་རྟོགས་འགུགས་པའི་ཕོ་ཉར་བྱུང་། །དེ་ཕྱིན་ཆད་སྡུག་བསྔལ་དང་གཏམ་ངན་ལ། །དངོས་གྲུབ་ཆེན་པོར་ལྟ་བ་ཡིན། །དེར་སླར་ཡང་ཅུང་ཟད་མནལ་བ་ན། །ཐུགས་རྒྱུད་རྟོགས་པའི་བྱིན་རླབས་མཐུས། །ཀུན་གཞིའི་རྣམ་རྟོག་ཆོས་སྐུར་སངས། །གསལ་བ་ལ་རྟོག་པ་མེད་པ་ཡི། །སྟོང་པའི་འོད་

(༣༢)གསལ་གྱི་ལྟད་མོར་འབྱམས། །དེར་མཆེད་པ་ཕྱིར་གསལ་དུ་གཡོས་པ་ལས། །སྣང་བའི་འོད་གསལ་གྱི་རིག་གདངས་སུ། །བྲག་ཉི་མ་ཤར་བའི་ལྡེབས་ཤིག་ལ། །རང་བྱོན་གྱི་བཀོད་པ་འགའ་ཞིག་མཐོང་། །རྐྱེན་དེ་ཉིད་ཀྱི་ཡིད་ཤེས་ལངས་པ་ལས། །གཉིད་ཡིན་མིན་རྟོག་དཔྱོད་ཕྲ་མོ་ཤར། །དེས་སྒོ་ལྔའི་རྩ་ནང་རླུང་ཞུགས་པས། །གཉིད་སད་རྒྱུར་སྣང་ཡང་འཁྲུལ་འབྱམས་མེད། །གཤིས་མི་རྟོག་རྗེན་པའི་ངང་ལ་གནས། །ཕྱིས་འོད་གསལ་ལ་སླབ་པའི་རྗེས་འཇུག་རྣམས། །དྲན་པ་རྒྱ་འབྱམས་ཀྱི་ཀུན་རྟོག་དང་། །མུན་པ་ལྟ་བུའི་གཏི་མུག་ལ། །འོད་གསལ་གྱི་མིང་འདེགས་མ་བྱེད་པར། །གནོད་འདི་དག་ཁོང་དུ་ཆུད་པར་གྱིས། །འདི་དགོངས་བརྒྱུད་འཕོ་བ་ཐོབ་པའི་མཐུ། །དུས་གཏན་དུ་ཟིན་པ་དཀའ་བ་སྟེ། །རླུང་དབུ་མར་ཞུགས་གནས་ཐིམ་གསུམ་གྱི། །རྩལ་ཡོངས་སུ་རྫོགས་ལས་གཞན་དུ་མིན། །དེའི་ཐོ་རེངས་ལྡངས་པའི་རྣལ་འབྱོར་ཚེ། །གཞི་སྨད་པའི་འོད་གསལ་དངས་བའི་དོར། །རང་གནས་པའི་སྨིན་མཚམས་ནམ་མཁའི་ཐད། །འཇའ་ ཚོན་སྣ་ལྔ་པའི་གུར་ཁྱིམ་ནང་། །སྐྱབས་ཀུན་འདུས་མཚོ་སྐྱེས་

(༣༣)རྡོ་རྗེ་མཇལ། །དེ་བལྟ་བྱ་དང་ལྟ་མཁན་དབྱེར་མེད་པས། །རེ་དོགས་ཀྱི་འཆིང་བ་གང་ཡང་མེད། །དེའི་ངང་ལ་དེ་ཉིད་གནས་འགྱུར་ཏེ། །ཡུལ་སིང་ག་ལ་ཡི་ཨཱ་ཙརྱ། །འཇམ་དཔལ་བཤེས་གཉེན་དུ་ལམ་གྱིས་སོང་། །སྐུ་དམར་སླུག་མཆོད་ལྟར་དངས་པ་ཡི། །ཕྱག་གཡས་ན་བེ་ཅོན་ཁྱད་འཕགས་བསྣམས། །གཡོན་བདག་གི་སྙིང་ཁར་སྡིགས་མཛུབ་ཀྱི། །ཕྱག་རྒྱས་བརྡ་ཐབས་སྟོན་པའི་མོད། །ཕྱག་མཚན་གྱི་བེ་ཅོན་བདག་ཉིད་ལ། །བྱིན་ཏེ་རང་ལ་དབྱེར་མེད་ཐིམ། །སྐུ་སྒྱུ་མ་ལྟ་བུའི་གསལ་སྣང་དེ། །ཀ་དག་གི་དབྱིངས་སུ་གཏད་མེད་ཡལ། །དུས་འདི་ནས་དགོངས་པའི་གསང་མཛོད་རྡོལ། །གསུང་རབ་ཀུན་གྱི་དགོངས་པ་ཁྲོལ། །ཀློང་ཆེན་རིག་པའི་རྩལ་ཆེན་རྫོགས། །སྣང་ཡུལ་བརྡ་དང་དཔེ་ཆར་ཤར། །མཆོག་གི་དངོས་གྲུབ་རྒྱུད་ལ་བཞག །གང་ཚེ་ལོངས་སྐུའི་ཆས་གྱོན་ཞིང་། །ལུས་རྣམ་སྣང་ཆོས་བདུན་དྲང་པོའི་ངང་། །ནམ་མཁར་བྱ་ལྟར་ལྡིང་བ་དང་། །གཅེར་བུར་རྒོད་ལྟར་འཕུར་བ་སོགས། །རྒྱ་གར་ཡིན་རྒྱུའི་སྨན་ལྗངས་ཤིན་ཏུ་ཁུལ་ཡངས་པ་ཞིག་ཏུ་སླེབས་པ་ན། བན་དེ་གཙོ་བོར་གྱུར་པའི་

(༣༤)ཁྲོམ་དམར་ནག་འཁྱིལ་བ་མདུན་ངོས་ནས་ཡོད་པར་སྣང་བ་ལ་གྲྭ་པ་རྟོག་གེ་བའི་རིགས་གསང་སྔགས་ཟབ་མོ་ལ་ལྷག་པར་སྡང་སེམས་དང་ལྡན་ཞིང་གྲུབ་པའི་ཆ་ལུགས་ཙམ་ལའང་ལོག་རྟོག་མི་བཟང་བ་ཡོད་འདུག་པས་ད་ལམ་སྣང་བ་སྤྲུལ་བསྒྱུར་ཞིག་བྱེད་དགོས་བསམ་ནས། འདི་སྐད་དུ། ད་རྣལ་འབྱོར་དབང་ཕྱུག་བི་རུ་བ། ནམ་མཁར་འཕུར་ན་འདི་ལྟར་འཕུར། །ས་ལ་འཛུལ་ན་འདི་ལྟར་འཛུལ། །ཞེས་ནམ་མཁར་གཞུ་འདོམ་ལྔ་བརྒྱ་ཙམ་ཤུགས་ཀྱིས་འཕར་ཞིང་། ས་ལ་འཛུལ་དགོས་སྙམ་པ་ན་གཉིད་སད། རྨི་ལམ་གྱི་རང་གཟུགས་ཅིར་ཡང་རྩེ། །འདི་ནམ་མཁའི་རླུང་ཟིན་ལྟས་སུ་ངེས། །ས་ནོན་ཅེས་བཤད་པའི་གཞུང་ཡང་ཡོད། །དེ་ཡན་ཆད་རང་ལོ་ཉེར་བརྒྱད་པའི། །འཁྲུལ་སྣང་སྒྱུ་མའི་མེ་ལོང་ངོ་། །ཞིང་བཀོད་ལ་ཌཱཀྐིའི་གསང་གཏམ་ཆེན་མོ་འདིར་འགོད། །མེ་གོས་སུ་བཀླུབས་པའི་གླང་གི་ལོའི། །དུས་ཆོ་འཁྲུལ་ཟླ་བའི་ཚེས་བཅུའི་ཉིན། །ཕ་རྗེ་བཙུན་ཨོ་རྒྱན་སྙིང་ནས་དྲན། །མིག་མཆི་མའི་དཔའ་རླབས་གཡོ་བཞིན་དུ། །ངག་གདུང་བའི་འོ་འདོད་ལྷང་ལྷང་སྙིལ། །ཕ་སངས་རྒྱས་གཉིས་པ་དེ་ཉིད་ཀྱི། །རྣམ་ཐར་དང་བཀའ་དྲིན་དྲན་པའི་མོད། །ཚེས་བཅུའི་དུས་དྲན་གསོལ་འདེབས་བརྩལ།

(༣༥)དེས་ཐུན་མཚེམས་ཀུན་ཏུ་གསོལ་བཏབ་པས། །ཞག་གསུམ་འདས་པའི་ཐོ་རངས་ཁར། །སྒོ་ལྔའི་གསལ་སྣང་ནུབ་པ་ཡིས། །ཀུན་གཞིའི་རྣམ་ཤེས་ཀྱི་མེ་ལོང་ངོར། །ལྗོངས་འདི་ཡིན་ངོ་མི་འཚལ་བའི་སར། །མདུན་ངོས་ནས་ལྷག་པར་ལྟར་སྣང་བའི། །གདུགས་རྒྱལ་མཚན་བ་དན་འཕན་ཕུར་སོགས། །བློས་དཔག་ཏུ་མེད་པས་སྔོན་བསུས་ཏེ། །སྤྲུལ་པའི་གུ་རུ་མཚན་བརྒྱད་རྣམས། །སྐུ་ཆེ་ཆུང་མི་ཚད་ཉིས་འགྱུར་ཙམ། །ལྷམ་མེ་ལྷན་ནེར་འབྱོན་པ་མཇལ། །དེར་མིག་འཕྲུལ་ལྟ་བུའི་གསལ་སྣང་ལ། །འཇའ་འོད་དུ་ཟླུམ་འཁྱིལ་དངས་པའི་ནང་། །སྐས་གདང་བུ་ལྔ་ལྡན་བཙན་ཐབས་སུ། །ནམ་མཁའི་ངོས་སུ་བཙུགས་པ་མཐོང་། །དེར་རྟོག་མེད་དུ་འཛེགས་ཏེ་འགྲོ་བའི་དང་། །ཕ་ཨོ་རྒྱན་དང་མཇལ་ལོ་སྙམ་ཙ་ན། །བུ་མ་ཆགས་པདྨའི་ས་ལ་ཤོག །ཅེས་གསུང་བ་རྣ་བར་ལྷང་གིས་གོ། །དེའི་མོད་ལ་རང་སྣང་རྡ་ཡབ་གླིང་། །དཔལ་གཡོ་རུའི་ཁྲ་འབྲུག་ཡིན་སྙམ་པའི། །ང་མཚར་གྱི་གཞལ་མེད་ཁང་དུ་སླེབས། །དབུས་འཇའ་ཚོན་གྱི་ལྡིང་གུར་བཀྲ་བའི་ཀློང་། །ཡབ་རིག་འཛིན་པདྨ་འབྱུང་གནས་དེ། །སྐུ་གསུམ་

(༣༦)རིགས་འདུས་ཀྱི་རྣམ་རོལ་ཅན། །རྟེན་མེད་དུ་བར་སྣང་དབྱིངས་ལ་བཞུགས། །གཡས་གཡོན་ན་བི་མ་པ་གོར་ཞབས། །འཁོར་དཔའ་བོ་ཌཱཀྐིའི་ཚོམ་བུས་མཛེས། །དབུས་རྡོ་ཡི་བཞུགས་ཁྲི་ཆེན་པོའི་སྟེང་། །རྟོག་མེད་ལ་རང་ཉིད་སླེབས་པའི་མོད། །མོས་གུས་ཀྱིས་དྲན་པ་དབང་མེད་སྟོང་། །རིག་པ་སྐར་མདའ་འཕངས་པ་བཞིན། །རྗེ་བཙུན་གུ་རུའི་ཐུགས་ཀར་ཐིམ། །དེར་རིག་པ་རྩལ་གྱི་དབང་ཆེན་ཐོབ། །ལམ་རྫོགས་པ་ཆེན་པོའི་གནད་ཤེས་ཤིང་། །དབྱིངས་གཞོན་ནུ་བུམ་སྐུའི་ཞིང་ཁམས་དེ། །རྒྱ་ཆད་དང་ཕྱོགས་ལྷུང་མེད་པར་མཐོང་། །ཞག་གཅིག་འདས་པའི་ཉམས་སྣང་བྱུང་། །དེ་སད་པའི་ཤེས་པ་སྐད་ཅིག་མར། །གསང་མཆོག་བདེ་བ་ཆེན་པོ་ནི། །ཡུམ་ཡེ་ཤེས་ཌཱཀྐིའི་འཚོ་རྒྱལ་མ། །བུ་མོ་མཛེས་མའི་ཆ་བྱད་ཅན། །ངེས་མཚན་ལྡན་གྱི་བྷན་དྷ་སྲུབས་མེད་ཅིག །བདག་ཉིད་ཀྱི་ལག་ཏུ་སྤྲོད་པ་དང་། །འདི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི། །དབུ་ཐོད་ངོ་མ་ཡིན་ནོ་གསུངས། །ཡང་ཅུང་ཞིག་དགོངས་ནས་ཐོད་པ་དེ། །རེ་ཞིག་ཕར་ལ་བླངས་པའི་མོད། །མིག་འཕྲུལ་ལྟ་བུའི་སྣང་ཆ་ལ། །སྔ་མ་དང་དབྱེ་བར་མི་བཟོད་པའི། །ཐོད་པ་ཞིག་

(༣༧)དེ་ཡི་ཟླ་ལ་སྦྱར། །གཉིས་ཀ་ལྷན་ཅིག་སྩོལ་བ་དང་། །ད་འདི་གཉིས་དབྱེ་བ་ཨི་ཕྱེད་གསུངས། །དེ་དཔྱད་དུ་མ་བཟོད་ནེམ་ནུར་དང་། །གསལ་སྣང་དེ་ནམ་མཁའི་འཇའ་ལྟར་ཡལ། །རྗེ་ཡབ་ཡུམ་དེ་སྙིང་ལ་དྲན་དྲགས་ནས། །སྐྱོ་ཤས་ཀྱིས་གདུངས་བ་བཟོད་ཐབས་བྲལ། །རིག་པ་བདུན་པའི་ཏནྟྲ་ལས། །བརྡ་དང་བརྡ་མཚོན་གོ་བ་ནི། དབང་གི་ནང་ནས་དབང་ཀའོ། །ཞེས་པའི་དོན་ལ་ངེས་ཤེས་རྙེད། །ལོ་དེ་ཡིས་ག་ཉ་བའི་ཟླར། །ལྷ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི། །ཡན་ལག་བཞི་ལྡན་གྱི་སྒྲུབ་ཆེན་བཙུགས། །སྲོད་ཐུན་དང་པོའི་བྱིན་འབེབས་ཚེ། །ཉམས་གཏད་མེད་ངང་ནས་ཤེས་པ་ལུས། །དཀྱིལ་འཁོར་གསུམ་ལྡན་གྱི་ཏིང་འཛིན་དང་། །ཆོས་ཉིད་ཀྱི་ངང་དུ་དྲན་པ་མྱོས། །དེར་སྤྲོས་བྲལ་ནམ་མཁའི་རྣལ་འབྱོར་པ། །རྗེ་ལྷ་བཙུན་མཁའ་འགྲོའི་དབང་ཕྱུག་དེ། །སྐུ་ཧ་ཅང་མི་བགྲེས་དར་ཡོལ་ཙམ། །མིག་འཕྲུལ་ལྟ་བུའི་ངང་དུ་མཐོང་། །ཉམས་རྟོགས་ཀྱི་བགྲོ་བས་མཉེས་པར་བྱས། །དུས་དེ་ཚེ་བཀོད་མཛེས་ཀྱི་ཁང་པའི་ནང་། །བཻ་བོའི་རྣམ་འཕྲུལ་གཏེར་བདག་གླིང་། །མཇལ་ཏེ་གསུང་

(༣༨)ལས་འདི་ལྟར་ཐོས། །འགྲོ་བའི་དོན་དུ་སྲིད་མེས་རྔ། །བསྐུལ་མཁན་བྱུང་ན་སྐད་སྙན་ཡོད། །ཅེས་གསུང་པ་གང་གི་རྟེན་འབྲེལ་ལས། །རིག་འཛིན་དེ་ཡི་མགུར་ཕུར་དུ། །གྲགས་པའི་ཕུར་པ་ངོ་མཚར་ཅན། །འདི་ཀོ་དངོས་གྲུབ་ཀྱི་རྫས་སུ་འབྱོར། །དེའང་སྙིགས་མའི་དུས་ན་རྩོད་པ་དང་བྲལ་བའི་གཏེར་སྟོན་ཆོས་རྗེ་གླིང་པས་ཁ་རེག་མགོ་དགུ་བདུད་མཚོའི་ཀློང་ནས་ཁྲོམ་གཏེར་དུ་སྤྱན་དྲངས་པའི་ལུང་བསྟན་ལས། དབུས་གཡེར་གཞུང་དུ་བྱང་སེམས་པདྨའི་མིང་ བཀའ་རྙིང་བསྟན་སྐྱོང་ཐབས་མཁས་འགྲོ་བ་འདུལ ཞེས་བཀའ་རྙིང་མའི་བསྟན་པ་བཤང་སྒྲུབ་ཀྱིས་འཛིན་པར་ལུང་གིས་བསྔགས་པ་ལྟར་ཚེ་འདི་ཉིད་ལ་དགེ་བའི་སྤྱིར་བསོད་ནམས་དང་དབང་ཐང་གིས་བརྒྱན་ལ་གས་ཆེ་བ་ཞིག་ལ་ངོས་འཛིན་པས། བདག་འདྲ་བ་མ་ཡིན་ཀྱང་། པདྨའི་མིང་ཙམ་ལ་མིང་འདྲ་དང་རུས་འདྲའི་ཐེ་ཚོམ་བཅད་པའི་དབང་པོ་ནི། བླ་མ་དགོངས་བདུས་ཀྱི་ལུང་བསྟན་བཀའ་རྒྱ་མ་ནས། མ་འོངས་པའི་ཚེ་ལུང་ཟིན་ཐམས་ཅད་ལ་མི་འགྱུར་བའི་བརྡ་རྟགས་གསུམ་གྱིས་གཟེར་ཡོད་བདེ་ཉིད་ལས། གང་ཡང་མི་འགྱུར་བརྡ་རྟགས་གསུམ་དང་ལྡན། ལུས་ལ་ལྟེ་སྨེ་སྙིང་ཁར་ཤ་མཚན་ཏེ ངག་གིས་སྟན་མགུར་སྔགས་ཆིག་རྩོལ་བ་ཅན པདྨ་ལས་བྱུང་

(༣༩)པདྨའི་མིང་ཅན་གཉིས ཡིད་ནི་རྩེ་གཅིག་གདུང་ཤུགས་ང་ཉིད་དྲན ཕུར་ཚུགས་འདི་མིན་ཡིད་ལ་མི་བྱེད་གསུམ དེ་གསུམ་འཛོམ་ན་མཆོག་ཡིན་གཉིས་འཛོམ་འབྲིང་ གཅིག་འཛོམ་ཐ་མ་གང་ཡང་ལས་ཅན་ཏེ ཞེས་པས་བསྟན་པ་ལྟར་ཁོ་བོའི་སྙིང་ཁར་ཕྱི་རྡོ་རྗེའི་དབྱིབས་སུ་མཚན་པའི་སྨེ་བ་དམར་པོའི་ཐིག་ལ་བཅུ་ཕྲག་གསུམ་དང་། ལྟེ་བར་དྲིལ་བུའི་དབྱིབས་ཀྱིས་ལ་པའི་སྨེ་བ་དམར་པོ་སུམ་ཅུ་ཙམ་ཡོད་པས་འོད་ཆོད་འས་ཚོད་ཀྱི་ཞེ་འདོད་བསྒྲུབ་ན་དེ་ཙམ་མོ། བཤེས་གཉེན་བསྟན་ནས་ཐ་སྙད་དང་གཞུང་ལུགས་ལ་བཅད་བརྡར་གྱིས་ངལ་དུ་བ་སོགས་ཅི་ཡང་མ་དགོས་པར་སྔོན་སྦྱངས་ཀྱི་རང་ལྟོབས་སྟོན་པའི་རྩལ་རྫོགས་པས་རིག་པ་ཕྱོགས་ཡན་དུ་གྲོལ་བས་རེ་དོགས་ཀྱི་འཕྲང་ལས་གྲོལ། །གང་བྱུང་དེས་ཆོག་ཏུ་ལ་བཟླ་བས་ཞེ་འདོད་ཀྱི་མ་ཚང་བ་རྡོལ་ནས་སུའི་ཁ་ལའང་མི་ཉན་ཞིང་གུ་ཡངས་བྱུང་རྒྱལ་ཆེན་པོར་སྤྱོད་ལ་སྣང་བ་དཔེ་ཆར་ཤར་བས་བྱས་ཚད་མན་ངག་ཏུ་གོ་ང་དེས་བླ་མ་དགོངས་འདུས་ཀྱི་ཆོ་གའི་རྣམ་བཤད་མཁྱེན་བརྩེའི་མེ་ལོང་རྩོམ་པའི་སྒང་ཡོལ་ལ་ཐུག་པའི་ཚེ། ཐོ་རེངས་ཀྱི་ཆ་ཞིག་ན་གཉིང་སད་དེ་ཤེས་རིག་སྤྲོས་བྲལ་གྱི་ངང་

(༤༠)དུ་ལ་བཟློ་བའི་ཚེ། །སྨིན་མཚམས་ཀྱི་ནམ་མཁའ་ནས་རྟ་སྐད་མངོན་སུམ་དུ་འཚེར་བ་ཐོས་པས་སྐད་ཅིག་མ་དང་པོ་ལ་ཤེས་པ་དགའ་ཡལ་ཡལ་བ་དང་འཇིགས་ཆུམ་ཆུམ་བ་གཉིས་ཀ་བྱུང་ངོ་། །ཨེ་མ། འདིའི་བསྟན་པ་འཛིན་པར་ལུང་བསྟེན་པའི། །ཁོང་པདྨའི་ལྗགས་ལྡན་མཆེད་དྲུག་ལས། །རྗེ་མ་ཧཱ་གུ་རུས་མིང་གི་དབང་། །པདྨ་དབང་ཆེན་དུ་བྱིན་གྱིས་བརླབས། །དབྱིངས་ལྷན་ཅིག་སྐྱེས་པའི་ཌཱཀྐི་མས། །ལྷ་དབང་ཆེན་པདྨའི་སྲོག་གི་སྙིང་། །མངོན་སུམ་དུ་ལག་པའི་རི་མོ་ལ། །རྩོད་པ་མེད་པར་བཞུགས་ཞེས་བཤད། །སྐབས་དེ་ཚེ་དགོངས་འདུས་སྲུང་བའི་མ། །མི་བསྲུན་ཤ་ཟ་ཧོར་མོ་ཆེ། །གསུང་མཆེམས་ཕུའི་གནས་ནས་ལྷགས་སོ། མཐེ་བོང་གཡས་ལ་ཧྱ་དང་ཧྲཱི་སོགས་མཐོང་ཕྱོགས་ཐ་དད་པའི་རི་མོ་གསལ་བར་འདུག ་སྙམ། །སྨན་བཙུན་གཡུ་ཡི་ལན་ཚར་ཅན། །དཔག་ཏུ་མེད་པའི་འཁོར་དང་བཅས། །མི་ཁོ་བོའི་མདུན་དུ་ཁྲོང་གིས་བྱུང་། །ངག་ཅི་ཡང་མི་སྨྲ་འཛུམ་པའི་དང་། །དུང་དཀར་པོ་ཡིད་དུ་འོང་བ་ཞིག །ངེད་ལ་སྤྲོད་པར་རྩོམ་པ་ན། །ད་འགྱེལ་སྟབས་སུ་ཅུང་ཟད་སོང་བ་ལས། །དུང་ཆག་གིས་དོགས་ནས་སློང་སློང་ཚེ། །

(༤༡)དེས་ཧར་གྱིས་ལངས་ནས་སླར་ལ་སྤྲད། ཁོ་བོས་དཔལ་གྱི་རི་བོ་ཡི། །གཙུག་ལག་གི་སྟེང་ནས་འབུད་སྙམ་ཚེ། །གཉིད་སད་པས་རྟེན་འབྲེལ་དེ་ཙམ་མོ། །དུས་རེ་ཞིག་བསྙེན་བསྒྲུབ་དམ་པོའི་ཚེ། །རང་གཉུག་མའི་བསྟི་གནས་ཡིན་སྙམ་པའི། ཁང་པ་བཀོད་མཛེས་ཞིག་གི་ནང་། །རྗེ་རིག་འཛིན་ཧཱུྃ་ཆེན་ཀཱ་ར་དེ། ཞལ་ཁྱིམ་ཟླ་བ་ལྟ་བུ་ལ། །སྐུ་ཤ་ཡང་རྒྱགས་པ་ལྟར་སྣང་བའི། །གཟི་བྱིན་མཚུངས་པ་མེད་པ་ཞིག །སྒྱུ་མ་ལྟ་བུའི་སྣང་ཆར་མཇལ། །ཉམས་རྟོགས་ཀྱི་གློང་མོ་མང་ཞུས་མཐར། །ད་ངེད་ཀྱི་སྒྲུབ་ཁང་འདི་ཉིད་དུ། །བློས་བླང་གི་དཀྱིལ་འཁོར་ཞིག་བཞེངས་ཞུས་པས། །ད་བློས་བླང་གསར་དུ་བཞེངས་པ་ལས། །ཆུང་ངུ་ཞིག་གསོ་དགོས་པ་ཞིག །གནས་གཞན་ན་འདུག་པ་ངས་བླངས་ཏེ། །བུ་ཁྱོད་ལ་སྤྲད་ཀྱི་ཞིག་གསོ་གྱིས། །ཞེས་གསུངས་ཏེ་མི་སྣང་གཞན་དུ་ཐལ། །ཡང་མཚོ་སྣ་ཕྱོགས་ནས་ཡིན་སྙམ་པའི། །བུད་མེད་མོན་མོའི་ཆ་བྱད་ཅན། །སྐྲ་ཐམས་ཅད་སྤྲོས་ཤེལ་གྱི་ལན་ཚར་ཅན། །ངོ་ཤེས་ཤེས་འདྲ་བ་གཅིག་ན་རེ། །གཏམ་སྙན་པའི་ངག་གིས་

(༤༢)སྔོན་བསུས་ནས། །དཔེ་བམ་པོ་ཞིག་ལག་ཏུ་སྤྲད་བྱུང་བ། ཁ་ཕྱེ་བས་གསོལ་འདེབས་ལེའུ་བདུན་མ། ཁ་གསར་པ་ཆེ་ཆུང་གསུམ་དུ་སྣང་། །སྔར་འདས་པའི་སྲིད་པ་མང་པོ་ལ། །ཆོས་འདི་ཡི་བདག་པོར་གྱུར་པ་དང་། ཀློང་ཆེན་གྱི་རིག་རྩལ་རྫོགས་པའི་བརྡར། །མ་མཁའ་འགྲོས་གནང་བ་བྱིན་ནམ་སྙམ། །ཀྱེ་ཧོ ལོ་དེ་ཡི་ཆུ་སྟོད་ཟླ་བའི་ཉིན། རྗེ་མཆོག་སྤྲུལ་མངའ་རིས་པཎ་ཆེན་གྱིས། །གཏེར་གནས་གསུམ་ནས་སྤྱན་དྲངས་པའི། །བཙན་གནོད་སྦྱིན་ཡ་བ་སྐྱ་བདུན་གྱི། །སྲོག་གཏད་དང་རྒྱུད་ལུང་ནོད་པའི་ནུབ། །ནམ་ཐོ་རེངས་ཐུན་གྱི་སྨད་ཆ་ནས། །གཉིད་ཡིན་མིན་དཔྱད་དུ་མ་བཟོད་པའི། །ཉམས་འཁྲུལ་པའི་སྣང་བ་རྫུན་པོ་ཆེར། །ཁོང་གནོད་སྦྱིན་ཆེན་པོ་བན་དྷེའི་གཟུགས། །ན་ཆེར་ཡོལ་གྱོན་པ་སྣུམ་བག་ཅན། །འཁོར་དང་བཅས་པ་བདག་དྲུང་ལྷགས། །ཕྱག་ཕུ་དུད་ཆེན་པོས་འཚལ་བ་ལ། །བདག་ཀུན་རྟོག་རང་ཁའི་བག་ཆགས་བློར། །རང་ན་ཚོད་ཆུང་ངུའི་བན་གཞོན་ལ། །ཁོང་ཆེ་བགྲེས་ཀྱིས་གུས་ཕྱག་མི་འཐད་སྙམ། །ཁྱེད་དེ་ལྟར་བགྱི་བར་མི་འོས་ཞེས། །ནན་ཆེན་པོས་ལྡོག་ཀྱང་བཙལ་བ་ན། །དེའི་རྐེ་ནས་

(༤༣)འུབ་ཀྱིས་བསྔམས་པ་ལས། །ཡིད་གུས་པའི་ཚུལ་གྱིས་འདི་སྐད་ཟེར། །ཁྱེད་ལ་གཏེར་སྟོན་རིན་པོ་ཆེས། །མངའ་རིས་པཎ་ཆེན། གཅུང་དགའ་བོའི་སྐྱེ་བ་ཡིན་གསུངས་པས། ཤཱཀྱ་ཐུབ་པའི་མཆེད་དུ་སྒྱུ་འཕྲུལ་མའི་བུ། །ལོ་རྒྱུས་དཀོན་བརྩེགས་ལས་དགའ་བོ་མངལ་འཇུག་གི་མདོ་དང་། དགའ་བོ་ལ་མངལ་ན་གནས་པ་བསྟན་པ་སོགས་ལས་གསལ། །དེས་གུས་པས་ལྷ་ཕྱག་བཙལ་བ་ཡིན། །སྔར་བྱང་བ་རིག་འཛིན་སྤྲུལ་པའི་སྐུས། །ཁྱེད་དབུ་བླར་བཞེས་ཤིང་གུས་འདུད་དང་། །བདག་རྐྱེན་དེ་འདྲ་མཛད་མོད་ཟེར། །དེར་ད་ལྟའི་རྣམ་རྟོག་རང་སར་ཡལ། །བག་ཆགས་འགའ་ཞིག་བློ་ལ་སྣང་། །ཤེས་པ་གཏད་མེད་དུ་ཡོད་ཙ་ན། །ཡང་ཁོ་ཡིས་དག་ནས་འདི་སྐད་ཟེར། །ཁྱེད་ལ་གཏེར་སྟོན་རིན་པོ་ཆེས། །ལོ་བཅོ་ལྔ་ཚེ་ཚད་ཡིན་ནོ་གསུངས། །ཞེས་སྨྲས་ཏེ་བདག་ལ་ཆེ་རེ་ལྟ། །ཕྱིས་རྩེ་ཆེན་བྲག་གི་བཀོད་པའང་བསྟན། །སྐྱབས་རིག་འཛིན་པདྨ་འབྱུང་གནས་དང་། །རྗེ་ཁྲི་སྲོང་ཡང་སྤྲུལ་མངའ་རིས་པ། །ཁོང་རིག་འཛིན་བརྒྱུད་པའི་ཐ་ཚིག་ལ། །ལྷ་འདི་ཡིས་མི་འདར་ཆད་ཐོབ་ཙན། །ཚུལ་དེ་ལ་བརྟེན་ནས་འདི་ཉིད་ཀྱི། །གསོལ་

(༤༤)ཀ་དུས་ཀྱི་ཕོ་བའང་བརྩམས། །ཚེ་མི་རྟག་ལུང་བསྟན་གློག་དང་འདྲ། །གཤིས་གདོད་ནས་དག་པའི་དག་པ་ལ། །དགྲ་སྐྱེ་འཆིའི་བག་ཆགས་མི་མངའ་ཡང་། །འདུ་བྱེད་ཀྱི་རྟ་བདུན་ཆུ་ལྷོར་ཕྱོགས། །འདི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་དང་། །རྟེན་འབྲེལ་གྱི་བདེན་པས་མ་ཟིན་ན། །མཁའ་དབྱིངས་ལ་ཤར་བའི་རྟན་ཐིག་འདྲ། །ལོ་ད་ཡི་སྨིན་དྲུག་ཟླ་བའི་ནང་། །དུས་ཡར་ངོའི་ཚེས་བཅུའི་ཐོ་རེངས་ཁར། །དབྱིངས་འོད་གསལ་གྱི་ནམ་མཁའ་དངས་པ་ལ། །བོད་གངས་ཆེན་གྱི་ལྷ་གཅིག་སྙིང་རྗེའི་གཏེར། །ལྷ་འཕགས་མཆོག་ཕྱག་ན་པདྨའི་སྐུ། །སྡུག་བསྔལ་རང་གྲོལ། ཤར་ནམ་མཁས་གར་ཁྱབ་སྐུས་ཁྱབ་པའི། །མཚན་དཔེའི་སྣང་སྣང་བརྙན་བཞེངས་སྟབས་ཅན། །དེ་མཐོང་བས་མོས་གུས་ཀྱི་མཆི་མ་འཁྲུགས། །གསོལ་འདེབས་ཀྱི་ཚིགས་བཅད་གསར་དུ་བརྩམས། །དུས་དེ་ནས་རང་ལོ་སུམ་ཅུ་པ། །མགོ་ཟླ་བའི་ཡར་ངོའི་ཚེས་བཅུའི་ནུབ། །བདག་གཅུང་གཞོན་དང་བསྡེབས་ནས་ཕྱིན་པའི་མོད། ཁང་པ་ཡིན་ནོ་སྙམ་པ་ཡི། །སྒོ་སྤུས་འབྱེད་ཞིག་ཕྱེ་ནས་སོང་ཙ་ན། །དཔལ་མཆིམས་ཕུའི་ལུང་བསྐྱིད་ཉམས་ཅན། །ལྗོངས་རྩི་ཤིང་ནགས་

(༤༥)ཚལ་སྨན་དྲིས་ཁེངས། །དབྱར་གུང་ཆེན་ལྟ་བུར་སྣང་ཉམས་སྤྲོ། །དབུས་དགེའུ་འོག་གི་ས་འཛིན་དེ། །དབྱིབས་ཕུར་པ་བཙུགས་པ་ལྟ་བུ་ལ། །གཏོང་རོང་པ་ཟབས་པའི་རྣམ་པར་སྣང་། །བྲག་དེའི་ཤར་སྒོའི་སྐེད་པ་ན། །མ་འཚོ་རྒྱལ་གཟིམས་ཕུག་ཡིན་སྙམས་པའི། །སྒྲུབ་ཕུག་གི་སྒྲོ་ཁུང་ཧ་རེ་མཐོང་། །དེར་འགྲོ་བའི་ལམ་པོ་ཡིན་རྒྱུ་བའི། །རྡོ་རིང་ལྟ་བུའི་ཐེམས་སྐས་ལ། །མི་དཀྱུས་མས་ཐར་ས་མེད་པར་མངོན། །དེར་ཤེས་པ་གཏད་མེད་དེ་ཁའི་ངང་། །རྡོ་སྐས་ལ་འཛེགས་ཏེ་འགྲོ་སྙམ་ཚེ། །ཐར་པའི་རེ་བ་མ་བྱུང་བས། །ཡིད་སྐྱོ་ཤས་ཀྱི་སྣང་བར་འདི་ལྟར་སེམས། །སྔར་ཡིན་ན་འདི་འདྲར་འགྲོ་བཞིན་ལ། །ང་ཐར་པའི་རེ་བ་ཟད་པ་འདི། །ལས་ཉོན་མོངས་ཀྱི་སྒྲིབ་པས་ཡིན་ནོ་སྙམ། །སེམས་མ་དགའ་ཉིད་དེ་ཡོད་པའི་ངང་། །རིག་པ་ཕུག་པའི་ནང་དུ་གཏད། །འོད་གསལ་གྱི་དགོངས་པས་བལྟས་ཙ་ན། །རྗེ་ལྷ་གཅིག་ཚངས་པ་ལྷའི་མེ་ཏོག །སྐུ་རྡོས་བཅས་མ་ཡིན་འོད་ཀྱི་ལུས། །ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་ཅན། །གཟི་བྱིན་མཚུངས་པ་མེད་པ་ཞིག །རང་སྣང་འོད་གསལ་གྱི་

(༤༦)ངང་དུ་མཇལ། །འདི་མངའ་བདག་གིས་མྱང་བ་ན་ཏིང་འཛིན་ལ། །ཆོས་རྫོགས་ཆེན་ཞུས་ནས་བསྒོམས་པའི་ཕུག །ཡིན་སྙམ་པའི་བག་ཆགས་ཝ་ལེར་དྲན། །ཕྱིས་བྲག་སྒོ་སེ་བས་འགགས་པ་ཡིས། །མི་ཀུན་གྱི་སྣང་དོར་མ་གྱུར་ཞིང་། །མདུན་ངོས་ཀྱི་བྲག་ལ་བྱང་སེམས་ཀྱི། །སྐུ་དོང་བརྐོས་འདུག་པ་སས་ནོན་ནས། །དབུ་རིབ་རིབ་ཙམ་ཡང་མི་འདུག་མོད། །ཉེ་འདབས་ན་རྡོ་ཡི་གཏུན་ཁུང་དང་། །ནང་ངོས་ལ་དུ་བའི་དྲེག་པ་སོགས། །སྔར་སྒྲུབ་ཕུག་ཡུན་རིང་བྱས་པའི་ཤུལ། །འདི་གསང་ཆེན་ཕུག་པར་འདུག་པའི་ཕྱིར། །ས་མོ་ཡོས་ལ་གནས་སྒོ་ཕྱེ། །སྟག་ཚང་ཕུར་པའི་ལུང་བསྟན་ལས། བི་མའི་སྤྲུལ་པ་པདྨའི་མིང་འཛིན་ལ ཡེ་ཤེས་རྩལ་རྡོལ་དག་སྣང་གནས་སྒོ་འབྱེད ཅེས་སོ། །མིང་ཡང་མེ་ཏོག་ཕུག་པར་བཏགས། །ལོ་གསུམ་སྒྲུབ་པའི་རྒྱལ་མཚན་བཙུགས། །མི་ཁོ་བོས་འོད་གསལ་བསྒོམས་པའི་མཐུས། །ཕྱིས་སུ་བསྡད་མི་ལ་ཏིང་འཛིན་འཆར། །བཀྲ་ཤིས་བྱིན་ཆགས་ཀྱི་སྒྲུབ་ཕུག་ཡིན། །དེ་འོན་ཀྱང་ཡུལ་དེར་རང་ཕྱོགས་པ། །སྔར་འདྲིས་ཀྱི་མཉམ་འགྲོགས་ཚོད་ཡོད་དང་། །འགའ་འགའི་སྡང་ཞེན་མཐུ་ཆེས་པས། །

(༤༧)ཕྱུགས་རྫིས་ཆར་ཡི་བས་རྙེད་པ་བཞིན། །སྟབས་ལེགས་ཙམ་དུ་འཛིན་པ་ལས། །མེད་ཕྱིར་བདེན་དང་རྫུན་པ་ཡི། །དག་སངས་ནི་ཅི་ཡང་བྱ་དོན་མེད། །དུས་དེ་ཚེ་འཁྲུལ་པའི་སྣང་ཆ་ལ། །དཔལ་མཆིམས་ཕུའི་ནང་ནས་འོངས་སྐད་པའི། །སྐྱེ་མཆེད་དངས་པའི་གཞོན་ནུ་ཞིག །ཤིན་ཏུ་འཛུམ་པའི་མདངས་དང་བཅས། །ཤོག་དྲིལ་ཞིག་ལག་པར་སྤྲོད་དུ་བྱུང་། ཁ་ཕྱེ་ནས་དེ་ཉིད་བཀླགས་པ་ན། །ཡི་གེ་ལེ་ཚན་གཉིས་སྣང་བའི། །ཡིག་ཕྲེང་གཅིག་འབྱར་གྱི་སྐེད་པ་ན། །ཁྱོད་སྤྲུལ་པའི་དགེ་སློང་ཨ་ཀར་མའི། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྨིན་མཚམས་ལས་སྤྲུལ་ཏེ་ཙན་དན་གོར་ཤི་ཤ་ལེན་དུ་རྒྱ་གར་འཕགས་པའི་ཡུལ་ས་བགྲོད། རྒྱལ་སྲས་ལྷ་རྗེ་དང་ཐུགས་རྒྱུད་གཅིག་པ་ཡིན་པར་གོ། སྐྱེ་བ་ཡིན་ནོ་ཞེས་པ་དང་། །གཞན་ལུང་བསྟན་གྱི་རྣམ་པ་འགའ་ཞིག་སྣང་། །དེ་ནས་རང་ལོ་སོ་གཅིག་པ། །ས་མོ་ཡོས་ཀྱི་བགྲང་བྱ་ལ། ལོ་གསུམ་གྱི་སྒྲུབ་པ་མཐའ་རུ་ཕྱིན། །དཔལ་གྱི་བསམ་ཡས་མཆིམས་ཕུ་རུ། །སྒྲུབ་པའི་རྒྱལ་མཚན་འཛུགས་སུ་ཕྱིན། །མཚུངས་མེད་རིག་འཛིན་བླ་མའི་དྲུང་། །

(༤༨)སྨིན་གྲོལ་ཟབ་མོའི་བཅུད་འཐུངས་ཤིང་། །རིགས་བསྡུས་པདྨ་གུ་རུ་ཡི། །བྱིན་རླབས་ཉེ་བརྒྱུད་ཐོབ་པ་ལ། །རྟེན་འབྲེལ་ཟབ་མོའི་ཕྲིན་ལས་སྒོ། །དཔལ་མགོན་རིག་འཛིན་བླ་མས་ཕྱེ། །དེ་ཚེ་བླ་མའི་གཟིམས་ཁང་གི །ཡང་ཐོག་ཉིད་དུ་མནལ་བ་ལ། །གཉན་ཟུར་ཕུང་ལྔ་པ་ཡིན་སྙམ་པའི། །ཁྱེའུ་དར་གྱི་གོ་ཟུ་ཅན། །ཡིད་དུ་འོང་བ་གཅིག་ན་རེ། ཁྱེད་ཆོས་རྒྱལ་ཕུན་ཚོགས་ཡིན་ཨཱ་ཟེར། །ངས་བཀྲ་ཤིས་སྟོབས་རྒྱལ་ཨེ་ཡིན་བྱས། །དེས་འོ་འོ་ཆོས་རྒྱལ་ཕུན་ཚོགས་ཟེར། །གཏམ་དེ་ཀོ་གཉིས་ཀས་ལན་གསུམ་བསྐྱར། །དམ་ཆོས་གྲོལ་བའི་ཐིག་ལེ་ཡི། །དཀའ་ཡི་སྲུང་མ་ཡིན་པར་རྟེགས། །རྗེ་བཙུན་པདྨའི་བཀའ་ལུང་བཞིན། །ཆོས་འདི་ནམ་མཁའི་ཕ་མཐའ་རུ། །བརྡལ་བའི་རྟེན་འབྲེལ་བསྒྲིགས་ན་ཡང་། །སྨོན་ལམ་མི་བསྲུན་སྐྱེ་བོ་འགས། །འདུན་པ་གཞན་དུ་བསྒྱུར་བ་ལས། །རེ་ཞིག་ཕྲིན་ལས་དེ་ཙམ་མོ། །དེ་ནས་དཔལ་གྱི་མཆིམས་ཕུ་ཡི། །འོག་མིན་རྡོ་རྗེའི་ཀེའུ་ཚང་དུ། །ལོ་གསུམ་སྒྲུབ་པའི་དམ་བཅའ་བཟུང་། །མུ་ཏོའི་བརྟུལ་ཞུགས་ལ་གནས་ཚེ། །རྨི་ལམ་སྒྱུ་མའི་བཀོད་པ་ལ། །ནེ་ཚོ་འདྲ་བའི་

(༤༩)འདབ་ཆགས་ཀྱིས། །དཀྱིལ་འཁོར་ཡིད་འོང་བཞེངས་པ་མཐོང་། །དཀྱིལ་འཁོར་གྲུབ་མ་ཐག་པ་ལ། །ཆོ་ག་བཏང་བའི་སེམས་བསྐྱེད་དེར། །སངས་རྒྱས་མེད་ལ་སེམས་ཅན་མེད། །ཡིན་པ་མེད་ལ་མིན་པ་མེད། །སོ་མ་རང་གདངས་ལྷུག་པའི་ངང་། །རང་གྲོལ་ཆེན་པོར་སེམས་བསྐྱེད་དོ། །ཟར་མུར་རྨི་ལམ་ཉམས་དེ་སད། །ཡང་གསང་བླ་མའི་སྒྲུབ་པ་དེ། །སྙིང་གི་དབུས་ན་ལྷམ་མེར་གསལ། །ཡང་གཅིག་ཤ་ཟ་ཌཱཀྐི་མ། །བུ་མོ་གཞོན་ནུའི་རྣམ་འགྱུར་ཅན། །ལག་ཏུ་ཟབ་ལམ་ཕོ་ཉའི་སྐོར། །དཔེ་ཆ་ཤོག་སྡེབས་གཅིག་ཁྱེར་ནས། །འདི་ཡི་བདེ་སྟོང་ཆེན་པོའི་ཉམས། །གང་ཡིན་རྒྱུད་ལ་མ་འཚལ་བས། །ཚིག་གིས་མ་ཡིན་རྒྱུད་ཐོག་ཏུ། །ངོ་སྤྲོད་གནད་སྨིན་ཞུ་ཟེར་བར། །དོན་དམ་ཤེས་རབ་ཡེ་ཤེས་ཀྱི། །དབང་བསྐུར་བྱས་པའི་རྗེས་ཐོབ་ཏུ། །ཟབ་མོའི་སྙན་བརྒྱུད་གདམས་པ་འདི། །ཀློང་ཆེན་ཉམས་ཀྱི་ཚུལ་དུ་གདམས། །ཀྱེ་ཧོ བརྗོད་མེད་བློ་འདས་ཀྱི་ཁང་མཛེས་ན། །དབྱིངས་ཆེན་རྣམ་དག་གི་ལུས་ཕྲ་མོ། །མཐའ་བརྒྱད་སྤྲོས་བྲལ་གྱི་བཞིན་རས་མཛེས། །ཡེ་

(༥༠)གྲོལ་མཉམ་ཉིད་ཀྱི་རྒྱན་ཆ་བཏགས། །མ་བཅོས་རང་བྱུང་གི་སྤྱོད་ལམ་དལ། །སྨན་དེ་ལ་བདག་གིར་སུ་ཡིས་བྱེད། །སྤྱིར་གྲུབ་ཐོབ་ཡོངས་ཀྱི་མཛའ་ན་མོ། །སྒོས་རིག་པའི་དཔའ་བོ་གཞོན་ནུ་ངས། །སྦྱོར་ཚེ་ཟུང་འཇུག་ཡངས་པར་སྦྱོར། །སྒྲོལ་ཚེ་དུག་ལྔའི་རྣམ་རྟོག་སྒྲོལ། །ཏ་ན་གནའི་གསང་སྤྱོད་འདི། །མཛད་མཁན་ཤིན་ཏུ་མང་ལགས་ཏེ། །མཁྱེན་མཁན་མེ་ལོང་རྡོ་རྗེ་ཙམ། །ང་མ་ལོང་རྡོ་རྗེའི་བརྒྱུད་པ་འཛིན། །དབྱངས་དེ་ལ་བསྐྱར་བཟློས་བྱེད་སྙིང་འདོད། །ཙིཏྟ་རང་བྱུང་གི་གུར་ཁང་ནང་། །བུ་རིག་པའི་རྒྱལ་པོ་དཔའ་བརྟུལ་ཆེ། །རྩ་ཡོ་འཁྱོག་མེད་པ་དབུ་མའི་ནང་། །འབངས་སྲོག་རྩོལ་གཉིས་པོ་རང་བཙོན་འཛིན། །ནོར་ཉི་ཟླ་སོ་སོས་བདག་གིར་བྱིད། །རླུང་ནུས་པ་ཅན་གཉིས་མ་འཆམས་པས། །ནད་འདུ་བ་རྣམ་བཞིའི་ཁ་རླངས་གཏོང་། །དུས་མ་ཡིན་པར་སྲོག་ལ་ཧུར་ཐུམ་བྱེད། །རླུང་ཕྲ་མོའི་ཚོགས་རྣམས་ཡན་དྲག་པས། །འོད་གསལ་འཇལ་སྤྲིན་གྱི་ཁང་མཛེས་བཤིག །འགྱུ་དྲན་མཐའ་མེད་ཀྱི་རྡུལ་ཕྲན་གཡོ། །རྣམ་མཁྱེན་བྱང་ཆུབ་ཀྱི་ཞལ་རས་བསྒྲིགས། །དུས་དེ་ཚེ་རིག་པའི་རྒྱལ་པོ་ངས། །སྙན་བརྒྱུད་

(༥༡)མན་ངག་གི་པོ་ཉ་བཏང་། །རྩ་ཨ་ཝ་དྷུ་ཏིའི་ཁྲི་མུན་དུ། །རླུང་ནུས་པ་ཅན་གཉིས་བརྩོན་ལ་བཅུག །ཁོད་རྒྱལ་པོའི་དཔལ་ཟིལ་མ་བཟོད་ནས། །གཟུང་འཛིན་གཉིས་ཟླ་སྒྲིལ་བྱེད་པར་འཆམས། །དེར་མི་དབང་གིས་བློན་པོ་རོ་རྐྱང་གཉིས། །ཁྲི་མུན་དུ་ཞལ་ལྕེ་གཅོད་ལ་མངགས། །བཙོན་པ་གཉིས་གཅིག་ཏུ་ཁ་འདྲིལ་བས། །རྩ་ཕྲན་གྱི་རླུང་རྣམས་དབང་མེད་འདུས། །ཁོང་ཐམས་ཅད་འདོད་པ་གཅིག་ཏུ་དྲིལ། །རྩོལ་བས་གཏུམ་མོའི་མེ་སྦར་ཞིང་། །སྲོག་གི་བདུད་རྩིའི་ཐིགས་པ་གཏིགས། །དེ་ལུགས་འབྱུང་བཞི་ཡི་ཕོ་ཉས་ཕབ། །ཆོས་དབྱིངས་ཡེ་ཤེས་ཀྱི་རྫིང་དུ་བསྐྱིལ། །ལུགས་ལྡོག་བཞི་ཡི་གནས་སུ་སྐྱོལ། །འགྲམ་བར་སོར་རྟོག་ཡེ་ཤེས་སླེབས། །དེས་ཟག་བཅས་ཀྱི་སྡོམ་པ་རྣམ་པ་གསུམ། །རྡོ་རྗེ་གསུམ་དུ་རྣམ་པར་དག །འཁོར་འདས་ཡེ་གྲོལ་གྱི་མནའ་གན་ཕུལ། །སྣང་སེམས་རོ་གཅིག་གི་རྟེན་འབྲེལ་སྒྲིགས་དུས་མིན་གྱི་འཚི་བ་ཕ་མཐར་བསྐྲད། །ལམ་རྟགས་ཀྱི་ཡོན་ཏན་མཐའ་ནས་རྒྱས། །དཔའ་བོ་དང་མཁའ་འགྲོ་ཚོགས་ཀྱིས་མཉེས། །སྒོམ་གསལ་འགྲིབ་མེད་པའི་མར་

(༥༢)མེ་སྦར། །སྣང་སེམས་དབྱེར་མེད་ཀྱི་སྲོག་མཁར་ཚུགས། །དེ་སེང་གེའི་འོ་མ་མངར་པོ་ཡིན། །མྱོང་མཁན་ཨུ་དུམ་ཝ་ར་ཙམ། །དབང་རིམ་པ་གསུམ་པའི་གསོབ་གྱོན་ཏེ། །ཉོན་མོངས་བྱུང་རྒྱལ་དུ་སྤྱོད་པ་དང་། །ཐུར་མའི་ཕྱག་རྒྱ་རྔོམ་པ་རྣམས། །འབྱུང་འཇུག་རླུང་གི་རྟེན་འབྲེལ་གྱིས། །ཀུནྡ་བཙན་ཐབས་སུ་འཆིངས་ན་ཡང་། །འབྲས་བུ་དབྱུང་བའི་ཤུགས་འགྲོ་དང་། །དབྱེ་བ་མེད་པར་རྒྱུད་ལས་བཤད། །ཀྱེ་མ་དུས་མཐར་དེ་འདྲ་མེད། །ཤལ་མ་རི་ཡིས་འཇིགས་པ་ཆེ། །མི་བདག་ལ་འདྲི་བའི་དོན་གཉེར་མ། དབྱིངས་ཀུན་ཏུ་བཟང་མོའི་མཁའ་ཀློང་དུ། །རིག་པ་བརྗོད་བྲལ་གྱི་དཔའ་བོས་སྦྱོར། །བདེ་སྟོང་བློ་འདས་ཀྱི་དང་ལ་ཞོགས། །འཇིག་རྟེན་པའི་སྙིང་སྡུག་ལ་རེ་མ་དགོས། །ཁྱིམ་ཐབས་དང་ཟང་ཟིང་མེད་པ་ལ། །སྐལ་བ་དང་མན་ངག་མེད་དོ་སྙམ། །དེ་མནོ་མཁན་འདུ་ཤེས་འཁྲུལ་ཆིབས་ཆེ། །མྱུར་ལམ་རྡོ་རྗེའི་ཐེག་པ་ལ། །འབྱུང་སྒོའི་དབང་ནི་རྣམ་བཞི་ཡོད། །དེ་ཀུན་ལ་གསང་ལམ་ཁྱད་འཕགས་རེ། །ཉམས་ལེན་ལྷོད་མེད་ཀྱི་གནམ་རུ་འགུགས། །དམ་ཚིག་ཟོལ་མེད་ཀྱི་གཞུ་རྒྱུད་སྒྲོན། །རྟེན་

(༥༣)འབྲེལ་སྨོན་ལམ་གྱི་མཐེབ་ལྟོང་སྤྲོད། །མདའ་འཕེན་པ་རྒྱལ་ཁམས་ཀུན་ལ་འཕེན། །འཕོག་པ་ལས་འབྲེལ་ཅན་ལ་འཕོབ། །འཚེངས་པ་གཏན་འདུན་འཚེངས་པ་ཡིན། །འགྲུབ་པ་ཚེ་གཅིག་སངས་རྒྱས་འགྲུབ། །ཀུན་གྱིས་སྤྱོད་ཡུལ་མ་ལགས་པས། །རྐུན་ནོར་བཞིན་དུ་ཨ་ཐམ་རྒྱ། །ཞེས་སྨྲས་པས་མོ་ཡི་སེམས་དགའ་ནས། སྐྱེས་རབས་དང་འབྲེལ་བའི་ཞབས་བརྟན་བརྩམས། །དགའ་བའི་རྣམ་འགྱུར་སྟོན་བཞིན་དུ། །རང་སྣང་སྟོང་པའི་ངང་ལ་ཡལ། །དེ་ཚེ་རླངས་ཆེན་དཔལ་སེང་གི། །ཡང་སྲིད་པདྨ་ཚེ་དབང་རྩལ། །འདི་རླངས་དཔལ་སེང་དངོས་ཀྱི་ཕུ་རབ་རྒྱུད་ལུགས་ཀྱི་དོན་དབང་བསྐུར་བ་ཡིན་ཀྱང་། དེ་དུས་བཀའ་རྒྱ་མ་གྲོལ་ཞིང་གཞན་སྣང་དང་བསྟུན་པའི་གསང་རྒྱའི་རྫུ་འཕྲུལ་གྱི་ངག་ཡིན་ནོ། །མཇལ་ཏེ་རང་གཏར་སྟག་ཚང་གི །རྡོ་རྗེ་ཕུར་པའི་དབང་བསྐུར་རྨིས། །ཨེ་དབྱིངས་ཉི་གཞོན་འཆར་ཀའི་ཕོ་བྲང་ཆེར། །ཝཾ་ཡིག་ཟླ་ཞུན་འཁྱིལ་བ་རྡོ་རྗེའི་ཁམས། །ཟུང་འཇུག་དཔལ་ལྡན་དང་པོའི་སངས་རྒྱས་སུ། །བསྒྲུབ་པའི་རྟེན་འབྲེལ་སྨོན་ལམ་འཛོམས་པའི་ཚེ། །རྡོ་རྗེ་ཕུང་པོའི་གྲོང་ཁྱེར་འཛམ་གླིང་

(༥༤)དབུས། །སྒྲ་གཅན་ས་ཡི་ཐིག་ལེར་བྱང་ཆུབ་སེམས། །དེ་སྟོང་གཉིས་མེད་ཆེན་པོར་སངས་རྒྱས་པ། །གཏི་མུག་ཆོས་དབྱིངས་ཡེ་ཤེས་ངོ་བོར་གྲུབ། །དེ་ཚེ་ཐ་མལ་རང་ཁའི་ཀུན་རྟོག་ཀུན། །མཐའ་བྲལ་གཉུག་མའི་རྒྱལ་སར་འཇོགས་པ་ལ། །འགྱུར་དྲན་སྣང་བའི་འཆར་སྒོས་ཕྱག་བྱས་ཤིང་། །ལྔ་བཅར་འཚོ་བའི་རྟེན་འབྲེལ་སྲོག་ཤིང་ཚུགས། གདོད་མའི་གསང་ལམ་སྟོན་པའི་ཆོ་ག་མཁན། །དམ་ཚིག་སེམས་དཔའ་གཡུང་དྲུང་འཁྱིལ་བ་ལ། །དབྱིངས་ཕྱག་ཨེ་ཀ་ཙ་རིའི་སྲོག་འདྲེས་ནས། །སློབ་བརྒྱུད་ཟླ་བ་ཉ་བའི་ཚོམ་བུ་བཀོད། །ལོ་དམར་སེར་ཅན་གྱི་དབྱུག་གུ་ཟླའི། །དུས་ཡར་ངོའི་ཚེས་བཅུའི་ནུབ་མོ་དེ། །ཡིད་ཀུན་རྟོག་གི་མེ་ལོང་དངས་པའི་ངོས། །དཔལ་ཨཽ་ཌཱི་ཡ་ནའི་སངས་རྒྱས་ཆེ། །སྐུ་གཞོན་མཛེས་གཡས་ན་ཧཱུྃ་ཀཱ་ར། །གཡོན་ཕྱོགས་ན་རང་ཉིད་འདུག་པའི་མོད། །དེས་ཕྱག་རྒྱའི་བརྡ་ཐབས་ནམ་མཁར་གདེངས། །མ་དབྱིངས་ཕྱུག་བདེ་ཆེན་འཚོ་རྒྱལ་དང་། །རྒྱ་གར་གྱི་རིག་འཛིན་ཧཱུྃ་ཀཱ་ར། །ཐུགས་ཡེ་ཤེས་ཆེན་པོར་གཉིས་སུ་མེད། །ཧཱུྃ་ཀཱ་ར་གསང་འཛིན་རྡོ་རྗེ་འཆང་། །བདག་ཉིད་ནི་འཕགས་མཆོག་སྙིང་

(༥༥)རྗེའི་གཏེར། །ངེད་རྣམ་གསུམ་རིགས་གསུམ་སྤྲུལ་པའི་གར། །ཞེས་གསུང་པའི་མོད་ལ་གཏད་མེད་ཡལ། །ཡང་ཁྱུ་མཆོག་དབྱུག་གུའི་ཟླ་བ་ལ། །འོག་མིན་གྱི་ལྗོན་པའི་བསིལ་གྲིབ་འོག །ལ་ཝའི་ལྡིང་གུར་ལ་བརྟེན་ནས། །དགོངས་འདུས་ཀྱི་དཀྱིལ་འཁོར་ཆེན་པོ་རུ། །བདུད་རྩིའི་སྒྲུབ་ཆེན་བཙུགས་པའི་ཚེ། །ཤིན་ཏུ་གྲང་བའི་ནམ་ཟླ་ལ། །མེ་ཏོག་པད་སྡོང་ཁ་བྱེ་ཞིང་། །ཐོ་རེངས་འོད་གསལ་གྱི་སྣང་ཆ་ལ། །རི་དོ་ཆད་ཅིག་གི་རྩེ་མོ་རུ། །རྒྱ་གར་གྱི་ཛ་ཀི་གཉིས་དང་ཕྲད། །དེ་ལ་བདག་གིས་འདི་སྐད་དུ། །རི་འདི་ལ་བསྐོར་བ་བྱས་པ་ན། །གྲུབ་ཐོབ་བརྒྱད་ཅུ་མཇལ་ཡོད་སྨྲས། །ཛོ་ཀི་དེས་ཅུང་ཞིག་བསམས་ནས་སུ། །རི་འདི་འདྲའི་རྒྱུས་ལ་ང་རང་ཞིབ། །གྲུབ་ཐོབ་བརྒྱད་ཅུ་དང་ལོས་ཀྱང་མཇལ། །ཁྱེད་གཡས་ཀྱི་ཕྱག་ན་ནེའུ་ལེ་འཛིན། །མཚན་ན་མཚན་ལྡན་གཟུངས་མ་བརྟེན། །གཡོན་གྱིས་འགྲམ་པ་གཟེངས་བསྟོད་ནས། །མགུར་ཡིད་ཁ་འཕྲོག་པར་ལེན་པ་མཐོང་། །དུས་ད་རེས་ཇི་བཞིན་ངོ་འཕྲོད་ཀྱང་། །མི་གཞན་གྱི་བློ་ལ་མ་ཤོང་དོགས། ཁ་རོག་

(༥༦)འདུག་པ་ལགས་སོ་ཟེར། །དེར་ངེད་ཀྱིས་ལན་དུ་གྲུབ་ཐོབ་དེའི། །མཚན་ཅི་འདྲ་བྱ་བ་ལགས་དྲིས་པས། །བྲག་ཁུང་པ་ཞེས་པར་གྲགས་སོ་ལོ། །ཤ་བ་ཁྱི་ཁྲིད་གྱི་གདོས་པའི་གནད། །དར་ངད་ལ་ཞུ་བ་ཟེར་བ་ན། །ངས་དེ་འདྲའི་དཔེ་ཆ་མེད་ཀྱང་མེད། །སྤྱིར་རྣལ་འབྱོར་གྱི་རི་ཁྲོད་འགྲིམ་པ་ལ། །མཐུ་ངན་སྔགས་ཀྱི་བསམ་པ་མི་རིག་བྱས། །དེར་རྣལ་འབྱོར་ཟླའོ་ཞིག་བྱུང་ནས། །དེས་བསྟན་ལ་ཕན་ན་དགོས་སོ་ཟེར། །དེའི་མོད་ལ་ཉམས་སྣང་དེ་སད་དོ། །གང་ཚེ་རྡོ་རྗེ་གཡུ་ཡིས་སྒྲོན་མ་དེས། །སྣམ་དཀར་ཡིད་དུ་འོང་བ་རྣམ་པ་གཉིས། །ཤིན་ཏུ་བརྩེ་བའི་འཛུམ་གྱིས་སྔོན་བསུས་ནས། །བདག་ལ་བྱིན་ནས་རིག་འཛིན་བུ་ཁྱོད་ཀྱི། །གྱོན་པའི་བསྣོན་མ་གྱིས་ཞེས་ཟེར་བ་དང་། །བརྩེ་དུང་མོས་པར་ལྡན་པའི་གླུ་འདི་བླངས། །རྒྱལ་སྲས་ལྷ་རྗེའི་སྤྲུལ་པ་བརྒྱ་རྩ་བརྒྱད། །ཡ་གྱལ་གཅིག་ནི་ཡར་རྗེ་ཨོ་རྒྱན་གླིང་། །འོད་གསལ་བླ་མ་ཨོ་རྒྱན་བསམ་གཏན་གླིང་། །ཞལ་མཇལ་འབྲེལ་བ་ཐོགས་པ་ཀུན་ལ་མཛོད། །ཅེས་པའི་མོད་ལ་གཏད་མེད་ཆོས་སྐུར་འཁྱིལ། །རེ་ཞིག་གི་ཆེ་ཐོར་ཐུན་

(༥༧)གྱི་སྒང་ལ་གཉིད་དུ་ཅུང་ཟད་ཤོར་བའི་སྣང་བ་ལ། །གནས་བསྐོར་དུ་འོངས་པ་ཡིན་སྙམ་པའི་བུད་མེད་ལྔ་དང་སྦྲགས་ནས་ཕྱིན་པ་ལས། དེའི་ཁྲོད་ནས་རང་གི་མ་ཡིན་སྙམ་པའི་བུད་མེད་རྒན་སོང་ཞིག་གི་ངོ་ཚ་དང་ཆུ་ལ་འཆོས་བཤིག་ནས་ངེད་ལ་ཤིན་ཏུ་བརྩེ་བའི་རྣམ་འགྱུར་མའི་བུ་ཆུང་ལ་བྱེད་པ་ལྟར་བཞིན་གཏུགས་པ་དང་། ཁ་སྦྱར་བ་མང་པོ་བྱེད་པའི་ངང་ནས་བྲག་ཕུག་ཡིད་དུ་འོང་བ་ཨོ་རྒྱན་ཆེན་པོའི་དབུ་རྗེས་ཡོད་པ་ཞིག་ཏུ་ཁྲིད། དེར་གནས་བཤད་ཀྱི་ཚུལ་དུ་འདི་འཚོ་རྒྱལ་གྱིས་ཕུར་བ་བསྒྲུབས་པའི་གཟིམས་ཕུག་ཡིན་ཟེར། ཁོང་རང་རྣམས་ཀྱིས་སྐད་སྒྲ་སྙན་པོས་མཎྜལ་དང་། གསོལ་འདེབས་ཡིད་འཕྲོག་པ་ཞིག་བྱས་སོང་། དེའི་མོད་ལ་བུད་མེད་ཅུང་གཟུགས་མི་སྡིག་པ་ཞིག་འདུག་པ་དེས་བསྐུལ་ནས་ངེད་རང་ལ་ཁ་གཏང་ནས། བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །ཞེས་པའི་ཤོ་ལོ་ཀ་ཚར་གསུམ་རྒྱ་གླིང་ལས་སྙན་པའི་དབྱངས་རྟ་ལ་དྲངས་ནས་ཟེར་བྱུང་བས་སྣང་བ་ཟི་བུན་པ་ཞིག་བྱུང་། དེའི་ཚེ་ལྷན་སྐྱེས་ཀྱི་ཤེས་པ་སྐད་ཅིག་མར། ད་ཁོང་

(༥༨)རྣམས་ཡར་ཀླུངས་རྟེན་གསུམ་མཇལ་དུ་འགྲོ་ཡོང་བས་སྨོན་ལམ་འདེབས་ལུགས་ཤིག་བསླབ་དགོས་བསམས་པ་དང་། །སྐད་ཅིག་ལ་རང་གི་ཕུ་བོ་ཡིན་སྙམ་པ་ཞིག་ཁྲོང་ངེ་བྱུང་ནས་དེས་བྱང་དྲངས་ཏེ། ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། །ཞེས་སོགས་ཤོ་ལོ་ཀ་བརྗོད་མཐར་ནམ་མཁའ་ལ་བྱ་ཁྱུ་འགྲོགས་པ་བཞིན་ཅོ་དིར་གྱིས་གྱེས་སོང་། །དེར་སྤུན་ཡིན་སམ་པའི་བུད་མེད་གཅིག་ད་དུང་བསྡད་ནས་བསླབ་དོན་ཞུ་རྒྱུ་འདྲ་ཡོང་དེ་འགོལ་འགོལ་ཞིག་གཏན་ནས་མ་བྱུང་ཟེར་ཞིང་། ངེད་ཀྱི་རྣ་བ་གཡོན་པ་ལ་ཁ་སྦྱར་ནས་གཏམ་ཤབ་ཤུབ་ཐོས་རྒྱུ་རང་མེད་པ་མང་ཞིག་ཟེར་བའི་ཐོས་པ་ཞིག་ལ་མི་ཆེན་ཚོ་ལའང་ངོ་འཛིན་རང་ཆེར་གནང་ཞན་འདྲ་ཟེར་བ་དང་། ཡང་ཤབ་བི་ཤུབ་བི་ཁོ་ན་ཟེར་བའི་སྒྲ་མགོ། །ཡང་ཐོས་པ་ཞིག་ལ། ཉིད་རང་ལུས་དབེན་པར་བཞུགས་དང་། སྟོན་དཔྱིད་ལ་སོགས་པའི་འཚོ་ཆས་ནི་འབད་མེད་དུ་ཡོང་། །ངག་དབེན་པར་བཞུགས་དང་ཟེར་བའི་མོད་ལ་སྐད་ཤུགས་ཆུད་དུ་རང་བཏང་བྱུང་བས། དེ་དག་མ་གོ །དེ་ལས་སྒྲ་དག་པར་གྱིས་དང་བྱས་པས་ད་དུང་སྐད་ཤུགས་དེ་བས་ཀྱང་ཇི་ཆུད་དུ་

(༥༩)སོང་བས་ཁོ་བོས་རྨི་ལམ་ཡིན་པར་ཤེས་ཏེ་དགོངས་པ་དབྱིངས་ལ་གཏད་པས་གཉིད་ལས་སད་དེ། དྲན་པ་བདེ་སྟོང་ཆེན་པོའི་ངང་དུ་རིང་ཞིག་འདས། །ལུང་བསྟན་དེ་ལ་བརྟེན་ནས་མི་ཆེན་སྡིག་ཏོ་ཅན་རྣམས་ཀྱིས་ངོ་སྲུང་མ་བགྱིས་སོ། །དེའི་ཚེ་ཟླ་བ་བརྒྱད་པའི་ཚེས་བཅུ་དྲུག་གི་ཉིན་སྒྲུབ་གནས་ཆེན་པོ་ཉིད་ལ་གནས་བསྟོད་ཅིག་བརྩམས་ཏེ་འོད་གསལ་འགྲོ་འོད་མེད་པའི་ངང་དུ་མནལ་བན། དབང་པོ་ཡུལ་ལྔའི་ཐ་མལ་གྱི་འཛིན་པ་དངས། གཟུང་ཡུལ་རགས་པ་ཡིད་ཤེས་ཀྱི་ཆུ་མཚོར་ཐིམ། ཀུན་གཞི་མི་རྟོག་པའི་ངང་དུ་སྣང་ཆའི་རྟེན་འབྲལ་ནུབ་པ་དང་། ལྷག་མཐོང་གསལ་བའི་ཡེ་ཤེས་ཀྱི་སྣང་བའི་འོད་གསལ་གྱི་མེ་ལོང་ཕྱིས་པའི་ངོས་ཤིན་ཏུ་དངས་པར་མ་བྱོན་བདེ་གཤེགས་སྙིང་པོ་རི་རབ་མར་མེའི་རྒྱལ་མཚན་སྣང་བའི་གྲོང་ཁྱེར་དུ་ཁམས་དྲུག་ལྡན་གྱི་མིའི་ཟོལ་བརྟེན་པ། དཔལ་བ་སམ་ཡས་པ་ཀུན་མཁྱེན་དག་གི་དབང་པོ་སྐུ་གཟུགས་བཟང་ལ་ན་བཟའ་ཆོས་གོས་རྣམ་གསུམ་གྱི་འཛེས་ཤིང་། སྐུ་ན་ཅུང་ཟད་སྨིན་པ། དེ་བཞིན་གཤེགས་པ་ལྟར་མཐོང་

(༦༠)ན་མི་མཐུན་པ་མེད་པ་ཞིག་དད་མིག་འཕྲུལ་ལྟ་བུར་མཇལ་ཏེ། བརྗོད་བྱ་དོན་གྱི་ཐུགས་རྒྱུད་འཕོ་བར་གྱུར་ཅིག །འཕོ་བར་གྱུར་ཅིག །རྗོད་བྱེད་ཚིག་གི་བརྒྱུད་པ་རྫོགས་པར་གྱུར་ཅིག །རྫོགས་པར་གྱུར་ཅིག །ཅེས་གསུང་སྒྲ་ལྷང་ལྷང་ཞལ་འདོན་མཛད་པ་ཐོས། །དེར་དྲན་པ་འཐོར་འགྲོ་བ་ལྟ་བུའི་དད་པ་དང་མོས་གུས་བཟོད་བླག་མེད་པ་ཞིག་སྐྱེས། ཕྱག་འཚལ་ལོང་མེད་པར་ཀུན་མཁྱེན་བླ་མའི་ཕྱག་གཉིས་ནས་འུབ་ཀྱིས་འཇུས། སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་ཅོད་པན་དུ་བཏགས་ནས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་མཁྱེན། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་མཁྱེན། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་མཁྱེན། །ཞེས་མོས་གུས་ཀྱིས་བརྒྱལ་བ་ཅམ་དུ་གསོལ་བ་བཏབ། ཁོ་བོ་ལ་དུས་ཕྱིས་དེ་སྐད་ཟེར་མཁན་ཡོད་ཕེབས། དེར་སྣང་བ་ལ། ཁམས་འདུས་མེ་ཏོག་ཕྲེང་ལྡན་ལ་སོགས་པར་གསུངས་པ་ལྟར་སེམས་ཅན་བསོད་ནམས་དམན་པས་སྐུ་དངོས་སུ་བཞུགས་དུས་དད་མོས་མེད་ཅིང་ལོག་སྒྲུབ་ཆེ་བའི་ཤུགས་ཀྱིས་ཐུགས་མུག་པར་བྱུང་འདུག་པའི་གསུང་ཅོང་ཡིན་པར་གོ་སྟེ། ངོས་ནས་ཁྱོད་ཀྱི་མཛོད་བདུན་དང་། སྙིང་ཐིག་རྣམས་ཀྱི་དགོངས་གཏེར་གཅིག་

(༦༡)པུའི་སྒོ་ནས་བསྟན་པ་དང་སེམས་ཅན་ལ་ཕན་བཏགས་པའི་བཀའ་དྲིན་དྲན་ཅིང་། ཆེ་བའི་ཡོན་ཏན་སངས་རྒྱས་དངོས་དང་མཚུངས་པའི་མོས་གུས་རྒྱུན་གཏན་བྱེད་བཞིན་པར་ལགས་མོད་ཞུས་པས། །ང་ལ་སྤྱན་ཧུར་གྱིས་གཟིགས་ནས། རིགས་ཀྱི་བུ་ཁྱོད་ལ་ད་ཅི་སྨོན་ལམ་གཏད་རྒྱའི་སྒོ་ནས་དོན་རྒྱུད་ཀྱི་དགོངས་པ་འཕོས་པ་ཡིན་པས། སྒྲུབ་པའི་སྲོག་མཁར་ཚུགས་ལ་སྐལ་ལྡན་ལ་རྒྱ་ཆེར་སྟོན་ཅིག །ཁྱོད་རང་གི་མགུར་མ་ཡང་ཤིན་ཏུ་ལེགས་པ་བྱུང་འདུག །གསུང་པའི་མོད་ལ་བསླབ་སྟོན་འདྲ་ཞུ་སྙམ་པ་དང་། སྐུ་གསུམ་གྱི་སྣང་ཆ་མིག་འཕྲུལ་ལྟ་བུར་དབྱིངས་སུ་ནུབ་སྟེ། ཀུན་མཁྱེན་བླ་མ་དྲན་པ་ལ་ཚུགས་ཐབས་མེད་པ་ཞིག་བྱུང་ངོ་། །བྲག་ཕུག་འགྲིམ་པའི་སྤྲང་བཙུན་བྷུ་སུ་ཀུ། །དབེན་པར་གནས་ནས་ན་ཚོད་མ་རྒས་པས། །རྟོགས་པ་སྐྱེ་བ་ཤེས་བྱར་མི་སྲིད་སྙམ། །དྲེགས་རློམ་ཅན་གྱིས་ག་ཞ་བྱེད་ན་ཡང་། །རྒྱལ་སྲས་པདྨ་དགེ་བའི་བཤེས་གཉེན་གྱི། །རྫུ་ལ་ཞུགས་བ་ཀློང་གསལ་དྲི་མེད་ཀྱི། །ཞལ་མཐོང་ཙམ་གྱིས་བག་ཆགས་སྡིག་སྒྲིབ་ཟད། །གསུང་ཐོས་ཙམ་ཀྱིས་རྟོགས་

(༦༢)པའི་ཀློང་ཆེན་རྡོལ། །ཐ་སྙད་ཆོས་ལ་བསླབ་གཉེར་མ་བགྱིས་ཀྱང་། །དཔེ་མཐོང་ཙམ་གྱིས་གདམས་པའི་གནད་མཚང་རིག །ཉིན་ཞག་གཅིག་ལ་སེམས་ཅན་སངས་རྒྱས་སུ། །བསྒྱུར་བའི་བཀའ་དྲིན་བསམ་ཀྱིན་བླ་མ་དྲན། །ཕྱི་ལྟར་ཧཱུྃ་ཆེན་འགྲོ་འདུལ་དྲི་མེད་རྗེ། །ནང་ལྟང་སིངྒའི་སློབ་དཔོན་མདྫུ་ཤྲཱི། །གསང་བ་ཡེ་ཤེས་སྐུ་ཅན་ཀློང་ཆེན་བས། །བརྡ་ཐབས་རྟེན་འབྲེལ་དུ་མས་དོན་རྒྱུད་བྱིན། །མཐོང་སྣང་ཟ་ཟི་ནམ་མཁའི་ཀློག་དང་འདྲ། །རྡོ་ལ་ཞབས་རྗེས་མུ་སྟེགས་ནག་པོས་འཇོག །ཉམས་རྟགས་དབང་པོའི་ཡུལ་དུ་མི་སྣང་བས། །གཞན་ལ་རྟག་བརྟན་ཐེར་ཟུག་སྨྲ་དོན་ཅི། །སྐུ་ཡི་བྱིན་གྱིས་བརླབས་པ་སྟེ་དང་པོའོ། །འདི་གནས་ཡིག་རྙིང་པར་ཉང་ཕུག་གོང་མར་གྲགས་པའི་དོན་ལ་ཉང་ཏིང་འཛིན་བཟང་པོའི་སྒྲུབ་ཕུག་བྱ་གཡབས་ཕུག་པ་ལྟ་བུའི་སྒ་ལོགས་གཡས་ཟུར་ན་ད་ལྟ་བྲག་གསེར་དུ་ཤིང་སྒྲོ་དཀར་སྐྱེས་ཤིང་། བྲག་ལོགས་ལ་མཆོད་རྟེན་གྱི་རི་མོ་གསུམ་ཡོད་པའི་བྲག་ཞོལ་འདེབས་དེར་འཇག་མའི་ལྷགས་སྐྱོབ་ཅམ་ལ་བརྟེན་ནས་འདུག་པའི་སྐབས་ཡིན་ནོ། །དེ་ནས་ཉང་ཕུག་འོག་མའི་ཐ་སྙད་གྲགས་

(༦༣)པ་ལ་བརྟེན་ནས་སྔ་རབས་བདག་གིས་ལྷོ་ཕྱོགས་ཀྱི་ཕྱིས་བྱུང་གི་བྲག་ཕུག་དེ་ལ་ཉང་ཕུག་གི་ཁ་བྱང་བྲིས་འདུག་ཀྱང་། སྔར་བཤད་པ་ལྟར་གསལ་སྣང་གི་བདེན་པས་ངེས་ཤེས་རྙེད་པའི་སྔོན་ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་དང་། དེ་རྗེས་མངའ་བདག་ཉང་གི་སྒྲུབ་ཕུག་ཡིན་པས་ཉང་ཕུག་འོག་མར་གྲགས་པ་ངེད་རང་གིས། ངོས་བཟུང་ཞིང་མེ་ཏོག་ཕུག་ཏུ་བཏགས་པའི་གནས་སུ་བཅད་མཚམས་ཤིན་ཏུ་དམ་ཞིང་མངའ་བདག་ཉང་གི་སྐྱེ་བ་བཅུ་གསུམ་དྲན། ངེས་འབྱུང་གིས་རྒྱུད་བརླན་པ་ཞིག་གི་ཚེ། །ཨ་འཐས་གཟུང་ཡུལ་གྱིས་འཛིན་ཆ་ཞིག་པའི་སྣང་ངོར་ཡང་གཅིག་ཀུན་མཁྱེན་སངས་རྒྱས་གཉིས་པ་དང་མཇལ་བ་ན། དཔེ་ཆ་བམ་པོ་ཞིག་གནང་ནས་འདིས་ཤིང་རྟ་ཆེན་མོན་གབ་པའི་ཚུལ་དུ་ཡོད་པ་མཐའ་དག་གསལ་བ་ཡོད། ཅེས་དང་། གསང་མཛོད་ཆེན་མོའི་བརྡ་འགྲོལ་གྱི་སྐོར་སྐབས་འདིར་གསུངས་ལ་ཡིན། ཡང་འདི་ཁྱོད་རང་གི་སྐྱེ་བརྒྱུད་ལུང་བྱང་ཡིན་ནོ་ཞེས་ཤོག་དྲིལ་ཞིག་གནང་བྱུང་བ་ཁ་ཕྱེ་བས། ཡི་གེ་གོང་འོག་རིམ་པ་གཉིས་ཀྱི་རྣམ་པར་འདུག་པའི་གོང་མར།

(༦༤)སྐྱེ་བ་སྔོན་མ་ནི་ཀུན་མཁྱེན་ཆོས་རྗེའོ། །ཞེས་འདུག །ཕྱི་མ་རྣམས་ཀློག་པར་རྩོམ་པ་ན། གསལ་སྣང་དེ་ནམ་མཁའ་ལ་སྤྲིན་དེངས་པ་བཞིན་སོང་ལ། འདིའི་ཚེ་སྐུའི་བྱང་དབྱིབས་སོགས་འདི་ལྟར་འདུག་སྙམ་པའི་འཛིན་ཤེས་རགས་པ་གང་ཡང་མ་བྱུང་ངོ་། །གསུང་གི་བྱིན་གྱིས་བརླབས་ནས་བསྟན་བཅོས་བརྩམ་པར་རྗེས་སུ་གནད་པ་སྟེ་ཞལ་མཐོང་གཉིས་པའོ། །དེ་ནས་ཟླ་ཤས་སོང་ཙ་ན། ཀུན་མཁྱེན་བླ་མ་ཉིད་པཎྜིཏའི་ཆ་བྱང་སྣུམ་བག་དང་ལྡན་ཞིང་། ཤིན་ཏུ་གཞོན་ཤ་ཆགས་པ་དགུང་ལོ་ཉི་ཤུ་རྩ་གྲངས་བའི་སྐུ་ན་ཅན། དབུ་ལ་པཎ་ཞྭ་རྣ་རིང་བཞེས་པ་ཞིག་དང་མཇལ་ཏེ། རྡོ་རྗེ་ཕུང་པོའི་དཀྱིལ་འཁོར་ལུས་དཀྱིལ་རྨད་དུ་བྱུང་བའི་རྟ་བབས་གོང་མ་གཉིས་ཀྱི་འཕྱར་འཕྲུལ་ལ་བརྟེན། ལྷུན་གྲུབ་རིགས་ལྔ་ཡབ་ཡུམ་ཟུང་དུ་འཇུག་པའི་བརྡས། འོད་གསལ་དག་པ་རབ་འབྱམས་ཀྱི་དབང་བསྐུར་ནས། ཅི་ཡང་མི་གསུང་བར་ཤིན་ཏུ་དགྱེས་པ་ཆེན་པོའི་ཞལ་འཛུམ་མུ་ལེ་བའི་ངང་ལ། དག་ཆེན་ཡེ་ཤེས་ཀྱི་སྣང་ཆ་དབྱིངས་སུ་ཐིམ་པར་གྱུར་པ་ནི་ཐུགས་ཀྱི་བྱིན་གྱིས་བརླབས་ནས་དོན་རྒྱུད་རྟོགས་པའི་

(༦༥)བདག་པོར་རྗེས་སུ་གནང་བ་སྟེ་ཞལ་མཐོང་གསུམ་པའོ། །དེའི་ཚེ་ཕྱི་ཡུལ་གྱི་སྣང་བ་གཏད་མེད་དུ་གྲོལ་ཏེ་མཉམ་གཞག་གི་དགོངས་པ་ལ་ཕྱོགས་ལྷུང་གི་རིས་མེད། ནང་འཛིན་པའི་འདུ་ཤེས་པ་ལ་རྩིས་གདབ་ཀྱི་རིས་མེད་པས་རང་གྲོལ་ཕྱོགས་ཡན་དུ་སངས། རྗེས་ཐོབ་ཤེས་རབ་ཀྱི་སྣང་ཆར་དགའ་བ་དང་སྐྱོ་བའི་ཡིད་ཀྱིས་དུས་འདས་ཏེ། དད་པ་དང་གདུད་ཤུགས་དྲག་པོའི་རྐྱེན་གྱིས་བསྟོད་པ་དབྱིད་ཀྱི་རྒྱལ་མོའི་རྒྱང་གླུ་ཞེས་བྱ་བ་དེ་ཡང་བརྩམས། ཤིང་རྟ་གསུམ་དང་མཛོད་ཆེན་བདུན་གྱི་བརྗོད་བྱའི་དོན་སྙིང་ལ་ཤར་བས་ཀུན་མཁྱེན་ཞལ་ལུང་། པདྨ་དཀར་པོ། གོལ་ཤོལ་ཚར་གཅོད་སོགས་མན་ངག་གི་གནད་ལྟ་སྒོམ་གྱི་བཅུད། ཉམས་ལེན་གྱི་མཚང་ལྟ་བུའི་གནད་ལག་བཅངས་མ་ཚིག་ཉུང་དོ་ན་གསལ་མང་པོ་ཡང་བྲིས། དེ་ཡང་སྒོམ་ཆེན་པ་ནི་བཤད་རལ་དང་རྟོག་དཔྱོད་ལ་གཙོར་འདོན་མི་བྱེད་ཅིང་། ཁྱད་པར་དུ་ཐོས་བསམ་ཙམ་ལ་བརྟེན་པའི་ཐ་སྙད་དང་གནས་ལུགས་བརྗོད་བྲལ་གྱི་དོན་གོ་པའི་ཕོ་ཚོད་ཙམ་གྱིས་གཏན་ལ་ཕབ་པའི་བསྟན་བཅོས་དང་མི་

(༦༦)འདྲ་བར་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་རྫོགས་པའི་སངས་རྒྱས་དང་། ཨོ་རྒྱན་ཆོས་རྗེ། བི་མ་ལ། མགོན་པོ་ཀླུ་སྒྲུབ་ལྟར་དབང་སྒྱུར་ནུས་པའི་བརྟུལ་ཞུགས་ཀྱིས་བསྟན་པའི་སྲོག་ཤིང་དུ་བསྒྲུབས་པ་ཀུན་མཁྱེན་ཆེན་པོའི་བསྟན་བཅོས་ཉི་ཟླའི་སྣང་བ་ལྟ་བུ་རྩོད་པ་དང་རྒོལ་ངན་གྱིས་གླགས་ལྟ་བར་མི་བཟོད་པ་འདི་དག་ཡོང་བཞིན་དུ་རང་ཅག་གི་སྲིན་བུའི་མེ་འོད་ལྟ་བུའི་གླེགས་བམ་ཆེན་པོ་བཅོས་པ་ལ་དགོས་པ་མེད་སྙམ་ནས་ལྷོད་དེ་སྡོད་པ་ལ་འདུན་ནོ། །འོན་ཀྱང་དགོངས་གཏེར་ཆེན་པོ་དེ་དག་གི་དོན་ལ་ཐོས་པ་དང་། བསམ་པ་དང་། སྒོམ་པ་དང་། བཀུར་སྟི་དང་། རི་མོར་བྱ་བ་དང་། བཤད་པ་དང་། སྒྲུབ་པའི་སྒོ་ནས་རང་རྒྱུད་སྨིན་གྲོལ་དུ་བསྒྲུབ་ཅིང་གཞན་དག་ལའང་བསྔགས་པར་བརྗོད་པ་དང་། རྒྱ་ཆེར་འདམས་པའི་སྤྱོད་པ་ལ་བསླབ་པར་དམ་བཅས་ཤིང་། དེ་ཡང་གཞོན་ནུ་ནོར་བཟང་གིས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་སྨོན་ལམ་དུ་བཏབ་པར། ལན་གཅིག་ཙམ་ཡང་དད་པ་སྐྱེས་པ་ནི། བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །ཞེས་བཤད་པ་ལྟར། གདུལ་བར་བྱ་བ་

(༦༧)གང་ཟག་གི་དད་པའི་མྱུ་གུ་གསར་དུ་བསྐྱེད་པ་དང་། བྱིན་རླབས་དོན་གྱི་ཉེ་བརྒྱུད་ལག་པའི་མཐིལ་དུ་ཟིན་པའི་རྟེན་འབྲེལ་གྱི་བདེན་པ་མི་འགོག་པའི་ཕྱིར་དུ། ཆོས་ཀྱི་རྣམ་གྲངས་དེ་དག་གི་དོན་ཟབ་པ་དང་རྒྱ་ཆེ་བ་ཇི་སྙེད་ཅིག་དགོངས་པའི་ཀློང་ནས་རང་ཤར་བའི་ཚུལ་དུ་བཀོད་པ་མན་ངག་གི་བསྟན་བཅོས་རིན་པོ་ཆེ་ལུང་གི་གཏེར་མཛོད་ལ་སོགས་པའང་བགྱིས་ནས་རྡོ་རྗེའི་གནས་ཆེན་པོ་རྣམས་གསལ་བར་བགྱིས་པ་ཡིན་ནོ།། །།རྒྱུ་སྦྱོར་བ་ལྷ་དབང་སྒྲོལ་མའི་དགོང་རྫོགས་སུ་བར་དུ་བསྐྲུན་པའི་དགེ་བས་ཐར་ལམ་མྱུར་ཐོབ་ཡོང་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།

(༦༨)

(༦༩)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས གནད་བྱང་ཐུགས་ཀྱི་སྒྲོམ་བུ་བཞུགས

(༧༠)འུྃ ཤ། ཊ་ཐ་ཨ་ག༴།།། ཀུན་བཟང་ཡངས་པའི་ཀློང་ལ་འདུད འོག་མིན་སྤྲུལ་པའི་གནྡྷོ་ལ བར་ཁང་གཡུ་ཞལ་འབར་བ་རུ ཐུགས་སྲས་རྗེ་འབངས་གྲོགས་གསུམ་ལ ཟབ་དོན་སྙིག་གི་ཐིག་ལེའི་སྐོར དམར་ཁྲིད་ལྐོག་བྱང་གནད་ཡིག་སྒྲོམ སྐུ་གསུམ་རང་བྱུང་མཁའ་འགྲོའི་བརྡས བསྟན་ཚེ་གསེར་གཡུའི་མཎྜལ་དང་ ཁྱད་པར་སྒོ་གསུམ་ལྟོས་མེད་ཕུལ དུས་གསུམ་མཁྱེན་པའི་གུ་རུ་རྗེ ད་ལྟ་དུས་བཟང་སྐལ་བ་ལྡན མ་འོངས་ལྔ་བརྒྱའི་ཐ་མ་དེར སེམས་ཅན་སྡུག་བསྔལ་དཔའ་ལ་གཡེང་ དེ་ཚེ་བདག་ཅག་རྗེ་འབངས་གྲོགས རྗེ་བཙུན་ཁྱེད་ཀྱི་ཐུགས་རྗེ་ཡིས གྲོལ་བ་ཐོབ་ཀྱང་གདུལ་བྱའི་དོན སྲིད་པར་

(༧༡)འུྃ ཉིད་མཚམས་ཡང་ནས་ཡང་ སྦྱོར་ཞིང་དག་པའི་གདུལ་བྱ་ཡི ཁ་ལོ་གྱེན་ལ་བསྒྱུར་འཚལ་ན དེ་དུས་ད་ལྟའི་འདུས་པ་རྣམས ས་ཕྱོགས་གང་དང་གང་དུ་འབྱུང་ ས་རྟགས་བསྟན་པའི་གནས་ཚུལ་སོགས ཀུན་མཁྱེན་གུ་རུས་གསུང་དུ་གསོལ ཞེས་ཞུས་མོས་གུས་གདུང་པ་ལས ཕྱག་གཡས་བཻ་རོ་ཙཱ་ན་དང་ གཡོན་པ་ཇོ་མོའི་སྤྱི་བོར་བཞག ཆོས་རྒྱལ་ཉིད་ལ་དབུ་གཏུགས་ནས ཉོན་ཅིག་ལས་ཅན་རྗེ་འབངས་གྲོགས མ་འོངས་ལྔ་བརྒྱའི་མཐའ་མ་དེར སེམས་ཅན་བསོད་ནམས་ཉམས་པའི་རྒྱུར རྟེན་གསུམ་འཇིག་ཅིང་རབ་གནས་ཡལ༔ ཆོས་བྱེད་དམོད་ཅིང་སྡིག་བྱེད་བསྟོད ཁྱད་པར་འདྲེ་རྒོད་སྤུན་དགུ་

(༧༢)ཡི ལས་མཐའ་སྙིང་ཞུགས་ཆེ་ཚུལ་འགས བླ་མར་བརྫུས་ནས་སློབ་བུ་བསླུ རྗེ་བོར་ཏ། ཤ་ན་ས་བདེ་སྐྱིད་འཕྲོག བན་དེར་བརྫུས་ནས་ཆོས་བྱེད་བཅོམ དེ་ཚེ་གནམ་ཐེལ་སྤྲུལ་པ་ཞིག ཤར་ནས་འབྱུང་སྟེ་ནུབ་ཏུ་འགྲོ དབུས་གཙང་གཞུང་ལ་ཆོས་སྡེ་དར བསོད་ནམས་དམན་པའི་སྐྱེ་འགྲོ་ཀུན དེ་ལ་བདུན་ཅིང་ཡིད་སྨོན་བྱེད སྤྲེའུས་མེ་ཁྱེར་སྲིས་ལ་རྐུ བྱ་ཡི་མགོ་སྤུ་གནམ་ལ་བསྲེག ཁྱི་ཡིས་མེ་མོའི་ནད་རྒྱལ་ཁུར ཕག་གིས་ས་རྐོ་རྡོ་སློག་བརྩོན བྱི་བས་བློ་གཏད་སྙིང་ལ་རྐུ གླང་གི་རྭ་རྩེ་རྡོ་ལ་བརྡར སྟག་གི་ལོ་ལ་དུག་མཚོ་ཁོལ གཟིག་སློག་གྱོན་པའི་ ག །གསུམ་གྱིས ཊ་ཐ་མོ་སློད་ཞིང་ཊ་མ་ཉ་རྩ་བ་འགྱེད དེ་ཚེ་ང་སྤྲུལ་སྐྱེས་བུ་ལ ཐུགས་རྗེར་ཕྱོགས་རིས་མ་མཆིས་པས ལྐོག་ཡིག་གསང་བའི་ལུང་བྱང་བཞིན བསྟན་འགྲོའི་བདེ་ཐབས་ལྷུར་ལེན་གཅེས དེ་དུས་ད་ལྟའི་རྗེ་འབངས་གྲོགས བི་མ་རྒྱལ་སྲས་ལྷ་རྗེ་རྣམས སྨོན་ལམ་ཐུགས་རྗེས་སྤྲུལ་པའི་སྲས རང་བྱུང་རྡོ་རྗེ་པདྨ་དབང་ གསང་མཚན་གར་དབང་འཇིགས་མེད་གླིང་

(༧༣)འུྃ རྟོགས་གྲོལ་དུས་མཉམ་ཐུགས་གཏེར་བདག འཕགས་པས་རྗེས་སུ་བཟུང་བའི་རྟགས ལག་གཡས་མཐིལ་ན་པདྨའི་སྤྱན དབང་ཆེན་གསུང་གི་རིག་འཛིན་ཕྱིར མཐེ་བོད་ཐུགས་སྲོག་ཧྱ་ཡིས་མཚན རྟོགས་པ་ཀློང་དུ་གྱུར་བའི་རྟགས ཚེམས་ལ་སྐྱེ་མེད་ཡི་གེ་ཨ སྙིང་རྗེ་ཆེ་ལ་རིག་པ་ཧུར ཤེས་རབ་ཆེ་ཞིང་འཛིན་ཆགས་ཆུང་ ཐུགས་སྒམ་ཚིག་བཙན་བློ་གྲས་ཟབ ངེས་མེད་སྤྱོད་པ་ཅིར་ཡང་སྟོན འཇིགས་པ་མེད་པའི་བརྟུལ་ཞུགས་ཅན ཞུམ་མེད་སྣང་བ་ཟིལ་གྱིས་གནོན དེ་ལ་ཐུགས་རྒྱུད་དངོས་གཏེར་རམ ཡང་ན་དགོངས་གཏེར་ཚུལ་དུ་འབེབས དངོས་ཉམས་རྨི་ལམ་མ་ངེས་པར ང་དང་ཞལ་མཇལ་དོན་དབང་བསྐུར ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོ པད་འབྱུང་ང་དང་རིག་འཛིན་ཉིད དགོངས་པ་གཅིག་དང་དབྱངས་གཅིག་འགྱུར ཐེག་ཀུན་དགོངས་པའི་ཀློང་ལ་ཤར རིག་འཛིན་དཔའ་བོ་མཁའ་འགྲོ་ཡིས བསྐུལ་མ་ཐེངས་གསུམ་དག་ཏུ་འོང་ དེ་ཚེ་མི་བརྗེད་དྲན་པའི་གཟུངས

(༧༤)གཟེར་དྲུག་གནད་ཀྱི་ལྡེ་མིག་གིས ཀློང་གསལ་དགོངས་པའི་གཏེར་ཁ་འབྱེད བརྡ་རྟགས་སྙིང་མཛོད་སྒྲོམ་བུར་བསྐྱིལ པདྨ་ང་ཉིད་སྤྱི་བོར་སྒོམ འཛད་མེད་ནམ་མཁའ་མཛོད་ཀྱི་བརྡ ཌཱཀྐི་གསང་བའི་བརྡ་འགྲོལ་བཞིན བཅས་བཅོས་ཕྲི་བསྣན་མེད་པར་བསྒྱུར ལོ་བདུན་སྦིར་གྱི་ཁ་བཞིན་སྡོམས སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ པདྨ་ང་དང་དངོས་ཞལ་མཇལ བར་ཆད་སེལ་ཞིང་བྱིན་གྱིས་རློབ དེ་ཚེ་ལས་ཅན་དག་པའི་འཁོར ད་ལྟའི་འདུས་པར་བཅས་པ་རྣམས རྒྱ་བོད་དབུས་གཙང་མ་ངེས་པར ལ་ལ་ཆེ་ཚུལ་བླ་དཔོན་གཟུགས ལ་ལ་འཁྲུལ་ཞིག་བྱ་བྲལ་དང་ ཁ་ཅིག་དམངས་དང་ཐ་ཤལ་ཚུལ མ་འགགས་སྤྱོད་པ་ཅིར་ཡང་སྟོན ཀུན་ཀྱང་ལྟེ་སྨེ་སྙིང་མཚན་སྤྲས ལས་ཀྱི་དབང་གིས་འདུད་པ་འབྱུང་ ཁྱད་པར་ད་ལྟའི་སྨོན་ལམ་མཐུས ནམ་སྙིང་ཉང་བན་མཆོག་དབྱངས་དང་ ལྷ་སྲས་སྤྲུལ་པས་ཆོས་སྒོ་འབྱེད དེ་ཚེ་གདམས་པ་གསང་ཞིང་སྤེལ འོན་ཀྱང་ད་དུས་ཡབ་སྲས་རྣམས ཐུགས་རྒྱུད་མཁའ་ལྟར་དག་ན་

(༧༥)འུྃ ཡང་ བཙུན་མོའི་བསླུ་བྲིད་གཡོ་རྒྱུ་ཆེ སྡིག་བློན་སྣང་བ་འབྲིང་མཁས་པས བདག་ཉིད་ཆེན་པོ་པདྨ་སོགས སྤྲུལ་པའི་ལོ་པཎ་སྐྱེས་མཆོག་དང་། ཟབ་མོའི་རྟེན་འབྲེལ་མང་འཕྱུགས་པས ཕྱི་དུས་འགྲོ་དོན་དུས་བབ་ཚེ འགལ་རྐྱེན་རྣམ་པ་སྣ་ཚོགས་དང་ ཁྱད་པར་བདུད་བློན་དམ་སྲིའི་རིགས རྗེས་འབྲེང་རྣམ་འགྱུར་ཅིར་ཡང་རྫུ བཀའ་དྲིན་དམ་ཚིག་ཁྱད་དུ་གསོལ ཕྲ་་མེན་དམར་རྒྱན་སྤྲེལ་གདོང་མས དང་པོར་གྲོགས་སུ་ར་ནས་འདུད བར་དུ་དམ་ཚིག་ཆུ་ལ་འཕོ ཐ་མར་གྱོད་དང་མི་ཁ་གཡོ སྔགས་ཀྱི་སྲུང་མས་མ་སྐྱོབ་ན ལོ་བརྒྱའི་ཚེ་ཡང་ཞག་པོར་བསྟུངས ད་ལྟའི་ལས་ཅན་རྣམ་ལྔ་དང་ ངང་ཚུལ་ཕོ་གྱོད་རྒྱལ་མོ་བཙུན དབྱིངས་ཕྱུག་མཁའ་འགྲོ་ཨེ་ཀ་ཛས ཆོས་སྲིད་རྟེན་འབྲེལ་ལེགས་ཚོགས་སྤེལ བཛྲ་རཏྣ་དྷརྨ་དབང་ ཤྲཱི་ཨཱ་ཡུ་ར་ཛྙཱ་ནའི་མིང་ དད་གུས་སྙིང་རྗེ་གཏོང་ཕོད་ཆེ རིགས་ལྔའི་གནས་སུ་སྨེ་བ་ཅན༔ དབུས་གཙང་ལྷོ་བྱང་སྟོད་སྨད་ནས ཕོ་མེར་མ་ངེས་རིམ་བཞིན་འབྱུང་ ཆོས་འདི་ཉམས་

(༧༦)ལོངས་བརྒྱུད་པ་འཛིན སོ་བདུན་ཀེག་ལ་བློ་བུར་འཚུབས བཞི་བཅུར་ལོངས་པའི་ལྔ་གསུམ་མཚམས ཕལ་ཆེར་དག་པའི་ཞིང་དུ་འགྲོ གཙུག་ལག་གསུམ་ལ་མཆོད་འབུལ་དང་ སྒྲུབ་གནས་རྣམས་སུ་མེ་ཚོགས་སྐོང་ རིགས་ལྔ་ཡེ་ཤེས་ཌཱཀྐི་ནིའི བདེ་སྟོང་བཅུད་ལན་དག་ལ་འབད དམ་འཁོན་གྲིབ་ལ་ཤིན་ཏུ་གཟབས༔ དེ་ཚེ་བཟང་ངན་ཅི་བྱུང་ཡང་ སུ་དང་ལྟ་སྤྱོད་མ་བསྟུན་པར བློ་གཏད་པདྨ་ང་ལ་གྱིས ཆོས་ཀུན་རྨི་ལམ་སྒྱུ་མར་སྦྱོངས འོད་གསལ་དགོངས་པའི་བརྟུལ་ཞུགས་བསྐྱེད སྙེམས་འགྲིགས་སེམས་ལ་ཐོག་བརྫིས་ཐོང་ གཉན་ས་འགྲིམ་ཞིང་མེ་ཚོགས་དང་ བསྐང་བཤགས་ཐུགས་དམ་གནད་ལ་གཟིར བར་ཆད་བཟློག་འགྱུར་ཐ་ཆིག་ཡོད རྟེན་འབྲེལ་དམ་ཚིག་མཐུན་གྱུར་ན ལྔ་བཅུའི་བར་དུ་འཚོ་ཡང་སྲིད དེ་བས་རིང་མིན་གདུལ་བྱ་ཡི ཁ་རྗེ་བསོད་ནམས་དག་ལ་རག དམ་ཉམས་ལོག་ལྟ་ཆེ་ན་ཡང་ སྙན་པས་རྒྱལ་ཁམས་ཕལ་ལ་ཁྱབ ཉི་ཤར་སྦར་མོས་མི་ཁེབས་བཞིན དུས་མཐར་རང་འོད་ལྷག་པར་གསལ བསྟེན་པ་མཐའ་ནས་རྒྱས་

(༧༧)འུྃ པ་འབྱུང་ གལ་ཏེ་ལུང་བསྟན་སྐྱེས་བུ་ཡང་ མ་དག་བདུད་ཀྱིས་བློ་བསྒྱུར་ནས ཟས་ནོར་ཆེད་དུ་དམ་ཚིག་གཏོང་ མདུན་ནས་བཅོས་མའི་མོས་གུས་འབར རྒྱབ་ནས་ལོག་ལྟའི་རྔ་བརྡུང་ན གྱོ་མེའི་ཁྲོད་ན་ནོར་བུ་བཞིན མ་ཚོགས་མཁའ་འགྲོ་ཡིད་འཕམ་ནས འཇའ་ཚོན་དར་གྱི་ལམ་པོ་ལ ཁྱོད་ཉིད་དྲངས་ཏེ་བཞག་ཐབས་མེད སྐྱེ་འཆི་རྨི་ལམ་སྒྱུ་མ་ཙམ ཐེ་ཚོམ་ཡིད་གཉིས་མེད་པ་རུ རྔ་ཡབ་དཔལ་གྱི་རི་བོར་ཤག ཕ་བུ་འཕྲད་པའི་དགའ་སྟོན་སྐྱོང་ ས་མ་ཡ ཞེས་གསུངས་ཡེ་ཤེས་འཚོ་རྒྱལ་མས ཆོས་སྐུ་བྱང་ཆུབ་སེམས་ཀྱི་རྟེན རང་བྱུང་ཤོག་སེར་ལྔ་ལྡན་ནང་ མི་བརྗེད་གཟུངས་ཀྱི་བརྡ་རིས་བཀོད འོད་གསལ་སྙིང་མཛོད་སྒྲོམ་དུ་སྩལ སྨོན་ལམ་དབང་བསྐུར་རྒྱ་ཡིས་བཏབ ནམ་ཞིག་སྨོན་ལམ་དུས་བབ་ཚེ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མས བག་ཆགས་སད་པའི་ཆ་གྱེན་དུ ཀློང་བྱང་བརྡ་རིས་ལག་ཏུ་སྤྲོད རྒྱུ་རྐྱེན་རྟེན་འབྲེལ་མ་འཛོམ་པར གཏན་ལ་ཕབ་ཀྱང་བར་ཆད་རྒྱུ བརྡ་

(༧༨)འགྲོ་ལ་ལུང་གིས་བསྐུལ་པའི་ཚེ མཁའ་འགྲོ་ཚོགས་ཀྱིས་མཉེས་བྱས་ནས གཞོམ་མེད་རྡོ་རྗེའི་དབྱངས་སུ་བསྒྱུར ས་མ་ཡ རྒྱ་རྒྱ་རྒྱ གསང་རྒྱ གར་དབང་འཇིགས་མེད་གླིང་པས་མཁའ་འགྲོ་གསང་བའི་བརྡ་རིས་ནས་ཞལ་བཤུས་པ་བསྟན་དུ་མེད་པའི་སྙིང་བྱང་ཡིད་བཞིན་ནོར་བུའོ། །རྒྱུ་སྦྱོར་བཟུང་མཛོད་ཚེ་རིང་དོན་འགྲུབ་ནས་བར་ཏུ་བསྐྲུན་པའི་དགེ་བས་འགྲོ་ཀུན་རྫོགས་པའི་ས་བྱས་ག་འཕར་ཐོབ་པའི་སྒྱུར་གྱུར་ཅིག་

(༧༩)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས རིག་འཛིན་རྩ་རྒྱུད་ཐོད་པའི་དུམ་བུ་བཞུགས

(༨༠)འུྃ ཨོཾ་ཨཱཧཱུྃ་མ་ཧཱ་གུ་རུ་སརྦ་ཧེ་རུ་ཀ རིག་འཛིན་གྱི་རྩ་རྒྱུད་ཐོད་པའི་དུམ་བུ་ཞེས་བྱ་བ དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ རྒྱུད་ཅེས་བྱ་བ་རྒྱུན་ཆགས་ཏེ རྒྱུ་ཡིས་མ་བསྐྱེད་རྐྱེན་ལས་གྲོལ རིག་པ་བདེ་གཤེགས་སྙིང་པོའི་རྒྱུད སྤྲོས་པ་རྣམ་དག་ངོ་བོ་ཉིད མ་བཅོས་མ་བསླད་དེ་བཞིན་གཤེགས དེ་ཉིད་མངོན་དུ་བྱ་བའི་ཐབས ལམ་གྱི་རྒྱུད་ནི་མཐའ་ཡས་ཀྱང་ ཐབས་ལ་བརྟེན་པ་ཕ་ཡི་རྒྱུད ཤེས་རབ་གཙོར་སྟོན་མ་ཡི་རྒྱུད ཆ་མཉམ་གཉིས་མེད་ཟུང་འཇུག་རྒྱུད རྟག་ཆད་ལས་གྲོལ་ལྟ་བ་དང་ ཡུལ་དུས་འབྲེལ་བའི་སྤྱོད་པ་དང་

(༨༡)འུྃ དཀྱིལ་འཁོར་ཕྱག་རྒྱ་གསལ་རྫོགས་དང་ ཕྲིན་ལས་བཞི་ཡིས་མཐའ་སྒྱུར་དང་ འཇུག་སྒོ་དབང་གི་བྱེ་བྲག་དང་ དེ་ཡི་སྲོག་འཛིན་དམ་ཚིག་དང་ ལྷ་ཡི་སྙིང་པོ་གསང་སྔགས་དང་ བདེན་པའི་མཐུ་ཅན་ཕྱག་རྒྱ་དང་། ལྷ་དང་སྙིང་ཉེར་བསྙན་པ་དང་ ཚོམ་བུ་ཚོགས་ཀྱི་སྒྲུབ་པ་དང་ བསོད་ནམས་ཚོགས་སྤེལ་མཆོད་པ་སྟེ རྒྱུད་ཀྱི་དངོས་པོ་བཅུ་གཅིག་ནི མདོ་ཆིངས་ཡིན་པར་མཁས་པས་བཟུང་ དེ་ཡང་རྒྱུད་ལུང་མན་ངག་གི ཁྱད་པར་འདི་ནི་ཤེས་བྱ་སྟེ སྟོན་པས་བཀའ་སྩལ་རྒྱུད་ཡིན་ལ ཞུ་བ་པོ་

(༨༢)ཡིས་བསྡུས་བ་ལུང་ དེ་ལ་བཅུས་དང་དཀྲུགས་དང་གབ ཇི་བཞིན་གསལ་བ་མན་ངག་སྟེ དབྱེ་ན་ངོ་བོ་ངེས་ཚིག་དང་ རྣམ་གྲངས་གསུམ་གྱིས་སྟོན་པ་ཡི ངོ་བོ་ཆོས་ཉིད་མ་འཁྲུལ་པ ངེས་ཚིག་ཐེ་ཚོམ་བྲལ་བ་སྟེ རྣམ་གྲངས་ཤེས་དང་ཉམས་སུ་བླང་ འཁྲུགས་པ་སྡེབ་པ་རྣམ་གསུམ་མོ དེ་ཡང་དྲང་དོན་བསྐྱེད་རིམ་དང་། ངེས་དོན་རྫོགས་རིམ་དགོངས་པ་ཅན བརྗོད་བྱས་ལྡོག་པའི་དོན་སྟོན་ཅིང་ དགོངས་མིན་དེ་ལས་ལྡོག་པའོ དེ་བཞིན་གབ་དང་མ་གབ་པ སྒྲ་ཇི་བཞིན་དང་མ་ཡིན་ཏེ མཐའ་དྲུག་གནད་ཀྱི་མན་ངག་གོ ཁྱད་པར་ཡིག་དོན་སྤྱི་དོན་གཉིས སྦས་པའི་དོན་དང་མཐར་ཐུག་སྟེ ཚུལ་བཞིའི་མན་ངག་ལ་བརྟེན་ནས རྒྱུད་རྒྱལ་ཟབ་མོའི་དོན་ལ་སྤྱོད འབྲས་བུའི་རྒྱུད་ནི་ངོ་བོའི་ཆོས སྣ་ཚོགས་དག་བྱའི་སྒྲིབ་པ་གང་ ལམ་གྱི་བདེན་པ་ཚོགས་གཉིས་མཐུས མངོན་དུ་གསལ་ནས་སྐུ་གསུང་།ཐུགས

(༨༣)འུྃ ཡེ་ཤེས་རྡོ་རྗེའི་རང་བཞིན་དུ མངོན་པར་བྱང་ཆུབ་ངོ་བོ་ཉིད ཚིག་དང་དཔེ་ལས་འདས་པའོ དེ་དག་གསལ་བར་བྱེད་པ་ནི རང་སྣང་ཉིད་ལས་རང་གིས་སྤྱོད སྟོན་བྱེད་གཙོ་དང་སྡུད་བྱེད་འཁོར བསྒྲུབ་བྱའི་ཆོས་དང་སྒྲུབ་བྱེད་ཀུན རང་ལས་ལོགས་སུ་མ་ཡིན་ཏེ ཡེ་ཤེས་ལྟར་དུ་ཀློང་དགུའི་རྩལ ཡི་དམ་ལྟར་དུ་སྒྲུབ་སྡེ་བརྒྱད བྱང་སེམས་ལྟར་དུ་ཉེ་བའི་སྲས རིག་འཛིན་ལྟར་དུ་འདི་ལྟ་སྟེ ཨོ་རྒྱན་རང་བྱུང་མཁའ་འགྲོའི་གླིང་ རོ་གླིང་བསིལ་བའི་ཚལ་ཆེན་དུ གདན་འཛོམ་གདུལ་བྱ་དུས་བབས་ཚེ འོག་མིན་གནས་སུ་ཧེ་རུ་ཀས༔ ལེགས་གསུངས་བདེ་གཤེགས་ཡོངས་རྫོགས་རྒྱུད མཆོད་རྟེན་བདེ་བྱེད་བརྩེགས་པ་རུ སྩལ་བ་ལས་ཀྱི་དབང་མོ་ཆེས ཕྱུངས་ཏེ་རིག་འཛིན་བརྒྱད་ལ་གཏད ཟ་ཧོར་ཡུལ་དུ་སྐུ་འཁྲུངས་པའི དྲི་མེད་ཆོས་ཀྱི་བཤེས་གཉེན་ལ ཆེ་མཆོག་བདུད་རྩིའི་སྒྲོམ་བུ་གཏད༔

(༨༤)མ་ལ་ཡར་འཁྲུངས་བྲམ་ཟེའི་བུ མི་ཏྲ་མདྫུ་ཤྲཱི་ལ སྐུ་མཆོག་འཇམ་དཔལ་སྒྲོམ་བུ་གཏད བཻ་ཏའི་ཡུལ་འཁྲུངས་བྲམ་ཟེའི་རིགས བློ་ཆེན་ནཱ་ག་རྫུན་ལ གསུང་མཆོག་པདྨའི་སྒྲོམ་བུ་གཏད སིང་ག་ལ་ཡི་ནགས་གླིང་དུ འཁྲུངས་པའི་ཧཱུྃ་ཆེན་ཀཱ་ར་ལ ཐུགས་མཆོག་ཡང་དག་སྒྲོམ་བུ་གཏད ཨུ་རྒྱན་ཐོར་ཅོག་ཅན་གྱི་ཡུལ འཁྲུངས་པའི་བྲ་བྷ་ཧ་སྟི་ལ ཕྲིན་ལས་ཕུར་པའི་སྒྲོམ་བུ་གཏད ཐོ་གར་ཡུལ་དུ་སྐུ་འཁྲུངས་པའི དྷ་ན་སཾ་སྐྲྀ་ཞེས་བྱ་བར ཁྲག་འཐུང་མངོན་རྫོགས་སྒྲོམ་བུ་གཏད མཁའ་འགྲོའི་གླིང་དུ་སྐུ་འཁྲུངས་པའི ལྷ་ཡི་ཟླ་བ་ཞེས་བྱ་ལ མཆོད་བསྟོད་དྲེགས་པའི་སྒྲོམ་བུ་གཏད མཚོ་གླིང་ཚལ་དུ་སྐུ་འཁྲུངས་པའི ཞི་བའི་སྙིང་པོ་ཞེས་བྱ་བར དྲག་སྔགས་དམོད་པའི་སྒྲོམ་བུ་གཏད ཀུན་ཀྱང་རང་རྒྱུད་མ་ཡིན་ཏེ ལྷ་དང་བཀའ་བབས་ལྟར་བསྟན་ཡང་ བསྒྲུབ་བྱ་སྒྲུབ་བྱེད་རོ་གཅིག་སྟེ གདུལ་བྱའི་བོ་རུ་སྣང་བ་ཙམ དེ་བཞིན་ཡོངས་རྫོགས་རི་ནེ་སྒྲོམ དྷ་ན་ཀོ་ཤའི་མཚོ་གླིང་དུ རྫུས་ཏེ་བྱོན་པའི་རིག་འཛིན་ལ

(༨༥)འུྃ ལས་ཀྱི་དབང་མོ་ཆེ་ཡིས་གཏད འདི་ནི་རིག་འཛིན་རྡོ་རྗེ་ཆོས སྟོན་པ་རང་ཉིད་སྡུད་བྱེད་ཀྱི ཚུལ་བཟུང་ཟབ་མོའི་གསང་བ་འཛིན གཙོ་དང་འཁོར་གྱི་ཚོམ་བུའི་ཚུལ ལྟར་དུ་བསྟན་པའི་མན་ངག་བཅུད གསང་སྔགས་ཀུན་གྱི་འབྲས་བུ་སྟེ མངའ་བདག་རྒྱལ་པོའི་ཆོས་སྐལ་ཡིན ཁྱོད་ཉིད་དག་དང་མ་དག་གི སྲིད་པའི་རྣམ་རོལ་བཅུག་གསུམ་གྱི སྐྱེ་བའི་མཐའ་བཅད་ཐུགས་རྗེའི་སྤྲུལ ཉི་ཤུ་རྩ་གཅིག་ལ་སོགས་པ གྲངས་ཅན་གྲངས་མེད་འགྱེད་པའི་དུས རང་རྒྱུད་སྦས་ཚུལ་ལྟར་བཞུགས་པའི གསུང་སྤྲུལ་བདུན་གྱི་གཅིག་ཤོས་ལ སྨོན་ལམ་གཏད་རྒྱའི་དབང་བསྐུར་བས། ནམ་ཞིག་འགྲོ་དོན་དུས་བབ་ཚེ རིག་འཛིན་ཁྱོད་ཀྱིས་བལྟར་ཡོད་ལ ཕལ་གྱིས་བཟུང་དུ་མེད་པ་ཡི མཁའ་འགྲོའི་ཡི་གེ་རྫུ་འཕྲུལ་ཅན སྐུ་གདུང་འབར་བའི་བརྡ་རིས་འདི༔ དབྱིངས་ཀྱི་མཁའ་འགྲོས་སྤྲད་པའི་མོད སོ་སོ་ཡང་དག་རིག་པ་བཞི དག་པ་ཆེན་པོའི་བརྟུལ་ཞུགས་ལ དབང་

(༨༦)སྒྱུར་ཆོས་ཀྱི་གཏེར་ལ་དབང་ འདི་མེད་བློ་ཡིས་བྱས་པའི་ཆོས ཟབ་མོའི་གཏེར་དུ་ཁུངས་འབྱིན་ཅིང་༔ རྫས་བག་བབྙཀ་གྱི་རི་མོ་ཡི པདྨའི་ཆོས་ལ་ཡ་ག་འཕོད༔ དེ་ཚེ་རྨོངས་པས་བརྟགས་དཀའ་ཡང་༔ མཁས་པས་རང་བཞིན་ཤེས་པ་ཡི གར་གྱི་དབང་ཕྱུག་འཇིག་མེད་གླིང་༔ འབྲེལ་ཆེད་དོན་དང་ལྡན་པར་ཤོག ས་མ་ཡ རྒྱ་རྒྱ་རྒྱ གུ་ཧྱ༔ དྷ་ཐིམ ༈ གྲི་གུའི་མཛོད་དྲུང་རྟ་དབང་གཤེགས་རྡོང་དུ། ཡོན་སྦྱར་དགེ་བས་བྱང་ཆུབ་མྱུར་ཐོབ་ཤོག། །།

(༨༧)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས རྩ་དབང་རྒྱལ་ཐབས་སྤྱི་བླུགས་བཞུགས ནང་ནུས་པ་འཇུག་པའི་དབང་ངོ་།

(༨༨)འུྃ རང་རིག་དོན་གྱི་ལྷ་ལ་འདུད གསང་ཆེན་རྡོ་རྗེ་ཐེག་པ་ནི འཇུག་སྒོ་དབང་ལ་དམ་ཚིག་སྲོག རང་བཞིན་གནས་ལུགས་བརྗོད་བྲལ་ཏེ༔ དེ་ཕྱིར་སྐལ་བ་མཆོག་ལྡན་གྱི༔ སློབ་མ་རྗེས་སུ་བཟུང་བའི་ཕྱིར རྩ་དབང་རྒྱལ་ཐབས་སྤྱི་བླུགས་བསྟན༔ ས་མ་ཡ དབེན་ཞིང་ཉམས་དགའི་གནས་མཆོག་ཏུ༔ དཀྱིལ་འཁོར་བཅའ་གཞི་ལེགས་པར་བསྒྲིགས དབུས་སུ་རཏྣའི་བུམ་པ་ལ ཁ་རྒྱན་མགུལ་ཆིངས་བཅུད་ཀྱིས་གཏམས གཡས་སུ་རང་གཞུང་པོ་ཏི་དང་ གཡོན་དུ་གསང་རྫས་བྷཉྫ་འགོད

(༨༩)འུྃ སྟེང་དུ་མེ་ལོང་སིན་དྷུར་བཅས༔ རྡོ་རྗེ་སེམས་དཔའི་མེ་ལོང་དང་༔ རིག་ཙཀ་རྣམས་ལ་ལྡིང་གུར་ཕུབ༔ བགེགས་བསྐྲད་རིག་འཛིན་འདུས་པ་ཡི ལས་གཞུང་བསྲང་ཞང་ནུས་ལྡན་སྒྲུབ༔ ཏིང་ངེ་འཛིན་གྱིས་བདག་འཇུག་བླང་༔ དེ་ནས་སློབ་མ་གྲལ་ལ་འཁོད༔ ལས་བུམ་ཆུས་བཀྲུས་བགེགས་གནས་དབྱུང་༔ སྲུང་འཁོར་བསྒོམ་ཞིང་ལོ་རྒྱུས་བཤད མཎྜལ་འབུལ་ཞིང་གསོལ་བ་གདབ༔ ཧོ༔བདག་ནི་སྐལ་ལྡན་རིགས་ཀྱི་བུ༔ ཐུགས་རྗེ་ཆེན་པོས་རྗེས་བཟུང་ལ དམ་ཚིག་ཆེན་པོའི་དཀྱིལ་འཁོར་དུ༔ འཇུག་ཅིང་སྨིན་པར་མཛད་དུ་གསོལ ཚར་གསུམ་ཞུ་ཞིང་ལན་སྦྱིན་པ ཏོ གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ འཇུག་པར་དཀའ་ལ་ཁེ་ཉེན་ཆེ༔ དམ་ཚིག་ཉམས་ན་བརླག་

(༩༠)འགྱུར་བས༔ དམ་བསྲུང་དབང་བསྐུར་སྦྱིན་པར་བྱ༔ ཞེས་བསྒྲག་སྐྱབས་སེམས་སྡོམ་པ་འབོག༔ ཡན་ལག་བདུན་པས་ཚོགས་བསགས་བྱ དེས་ནི་དབང་གི་གཞི་རྟན་འགྱུར༔ དེ་རྗེས་སློབ་བུ་ལྷར་བསྐྱེད་ནས༔ ཡེ་ཤེས་དབབ་ལ་ནན་ཏན་བྱ༔ ཏིཥྛ་བཛྲས་རྒྱས་བཏབ་ལ༔ བུམ་པ་སྤྱི་བོའི་གཙུག་ཏུ་བསྐུར ཧཱུྃ་བཀྲ་ཤིས་བུམ་པ་ལྷའི་གཞལ་ཡས ལྷ་དང་གཉིས་མེད་བདུད་རྩིའི་ཆུས སྐལ་ལྡན་བུ་ལ་དབང་བསྐུར་བས སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས༔ རྣམ་སྨིན་རིག་འཛིན་ཉེར་ཐོབ་ཅིང་༔ ཀུན་ཏུ་འོད་ཀྱི་ས་ནོན་ཤོག༔ རྩ་སྔགས་དང་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ གསང་རྫས་བདེ་སྐྱོང་མགྲིན་པ་བཞག ཧཱུྃ༔ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས དཀར་དམར་བྷན་དྷའི་ནང་དུ་བསྐྱིལ སྐལ་ལྡན་བུ་ལ་དབང་བསྐུར་བས རྩ་ཁམས་ཡི་གེའི་རྣམ་པར་སྨིན ཚེ་ལ་དབང་བའི་རིག་འཛིན་ཐོབ པདྨ་ཅན་གྱི་ས་ནོན་ཤོག རྩ་སྔགས་ཝཱཀྐ་ཨ་བྷི་ཥིཉྩ་ཨཱ མཚན་ལྡན་གཟུངས་མ་ལག་ཏུ་གཏད ཧཱུྃ་ཆོས་རྣམས་ཀུན་གྱི་འབྱུང་གནས་ཏེ བདེ་བ་ཆེན་པོ་གསང་བའི་ཡུམ རིགས་ཀྱི་བུ་ལ་སྦྱིན་པ་ཡིས དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར

(༩༡)འུྃ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ འཁོར་ལོ་ཚོགས་ཆེན་ས་ནོན་ཤོག རྩ་སྔགས་དང་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ འཁོར་བའི་མེ་ལོང་ཟླུམ་པོའི་སྟེང་ རྡོ་རྗེ་སེམས་དཔའི་མེ་ལོང་བསྟན༔ ཧོ ཀ་དག་མེ་ལོང་གཅིང་མའི་དགོས ལྷུན་གྲུབ་དྲངས་ཤེལ་དྲི་མེད་གསལ༔ བརྡ་རྟགས་རྫོགས་པའི་དབང་བསྐུར་བས དྲི་མེད་རིག་པའི་གནས་ལུགས་རྟོགས ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ནས བདེ་བ་ཆེན་པོའི་ས་ནོན་ཤོག རྩ་སྔགས་དང་དྷརྨ་དྷཱ་རྟུ་ཨ་བྷི་ཥིཉྩ་ཧཱུྃ གནས་ལུགས་དོན་གྱི་ངོ་སྤྲོད་གདབ མཐའ་བྲལ་དང་དུ་མཉམ་པར་གཞག ཕཊ་ཅེས་བརྗོད་ལ་སེམས་རིག་དབྱེ ཨཱཞེས་བརྗོད་ལ་དོན་ངོ་སྤྲད དེ་ནས་གླེགས་བམ་བཀའ་གཏད་བྱ ཧོ ཆོས་སྐུ་ཀུན་ཏུ་བཟང་པོ ལོངས་སྐུ་རྒྱལ་བ་རིགས་ལྔ༔ སྤྲུལ་སྐུ་དགའ་རབ་རྡོ་རྗེ སློབ་དཔོན་འཇམ་དཔལ་བཤེས་གཉེན༔ རིག་འཛིན་ཤྲཱི་སིང་ཧ པཎ་ཆེན་བི་མ་ལ་མི་ཏྲ༔ ཨོ་རྒྱན་པདྨ་ཐོད་ཕྲེང་ མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ མངའ་བདག་ཁྲི་སྲོང་ལྡེའུ་བཙན༔ རྒྱལ་སྲས་དྲི་མེད་འོད་ཟེར༔ ཀློང་ཆེན་ནམ་མཁའི་

(༩༢)རྣལ་འབྱོར་ལ་སོགས་རང་བཞིན་རྫོགས་པ་ཆེན་པོའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་མགོན་རིག་འཛིན་བླ་མ ཡི་དམ་མཁའ་འགྲོ་རྒྱ་མཚོ༔ ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས༔ དེང་འདིར་རྡོ་རྗེའི་སློབ་མ་རྣམས་ལ་དབང་བསྐུར་དུ་གསོལ བྱིན་གྱིས་བརླབ་ཏུ་གསོལ རྟོགས་པ་སྦར་དུ་གསོལ བརྟུལ་ཞུགས་བསྐྱེད་དུ་གསོལ༔ བྱ་རྩོལ་བློ་འདས་རྫོགས་པ་ཆེན་པོའི་ཀློང་དུ་དགོངས་པའི་བཙན་ས་ཟིན་ཏེ་ཚེ་གཅིག་ལུས་གཅིག་ལ་འཇའ་ལུས་འཕོ་བ་ཆེན་མོའི་སྐུ་མཆོག་བརྙེས་ནས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་འགོད་བར་མཛད་དུ་གསོལ ལན་གསུམ་བརྗོད་ཅིང་དོན་བརྒྱུད་འཕོ ཤེས་པ་གཏད་མེད་དད་ལ་གཞག དེ་ནས་དམ་ཚིག་བསྒོ་བ་ནི༔ རྣམ་དབྱེ་བཤད་ལ་རྗེས་ཟློས་བྱ༔ རྩ་བ་སྐུ་གསུང་ཐུགས་མཆོག་དང་ ཡན་ལག་དམ་ཚིག་ཉི་ཤུ་ལྔ་༔ མེད་དང་གཅིག་པུ་ཕྱལ་བ་སོགས ཆོ་ག་བཞིན་དུ་བསྲུང་བར་བགྱི ཞེས་བརྗོད་གཏང་རག་མཎྜལ་འབུལ༔ སླར་ཡང་བྲན་དུ་ཁས་བླང་ཕྱིར

(༩༣)འུྃ གཙོ་བོས་ཇི་ལྟར་བཀའ་སྩལ་པ དེ་དག་ཐམས་ཅད་བདག་གིས་བགྱི༔ ལན་གསུམ་བརྗོད་ཅིང་དགེ་བ་བསྔོ རྗེས་ཀྱི་བྱ་བ་སྤྱི་དང་མཐུན༔ ས་མ་ཡ འདི་ཁོ་ནའོ ༔ཚེ་འདས་ དམན་དོན་འགྲུབ་སྒྲོལ་མའི་དགེ་རྩར་བར་དུ་བསྐྲུན་པའི་དགེ་བས་འགྲོ་ཀུན་བྱང་ཆུབ་སྙིང་པོའི་རྒྱུར་གྱུར་ཅིག །

(༩༤)

(༩༥)ཀློང་ཆེན་སྙིང་གི་ཐིག་ལེ་ལས། དབང་གི་སྤྱི་དོན་སྙིང་པོ་དོན་གསལ་བཞུགས། །

(༩༦)དབང་གི་སྤྱི་དོན་སྙིང་པོ་དོན་གསལ་ཞེས་བྱ་བ། དྲི་མེད་སངས་རྒྱས་ཀུན་གྱི་ཡེ་ཤེས་ནི། །ཀུན་འབྱུང་ཁམས་ལས་གྲོལ་བའི་འོད་ཟེར་ཅན། །གྲགས་ཆེན་ཞིང་ཁམས་རྒྱ་མཚོའི་སྟོན་པ་རུ། །མངའ་དབང་རྫོགས་པ་བཅུ་གཉིས་སྤྱི་བོས་བསྙེན། །སློབ་མ་རྗེས་སུ་འཛིན་པའི་ཆོ་ག་འདིས་དབང་ཐམས་ཅད་ཀྱི་ཁོག་དབུབ་པར་བྱ་སྟེ། དེ་ལ་སྔོན་འགྲོ། དངོས་གཞི་རྗེས་སོ། །དང་པོ་ལ་བཞི། ས་ཆོག །ཐིག་ལས། སྟ་གོན། ར་ཁཱ་འབྱེད་པའོ། །དང་པོ་ས་ཆོག་ནི། གཞི་དེར་མཎྜལ་ཟླུམ་པོ་ཁྲུ་གང་པ། །བ་བྱུང་དང་དྲིས་

(༩༧)བྱུགས་པར་མེ་ཏོག་གི་ཚོམ་བུ་བཀོད། དེའི་མདུན་དུ་ཆུ་གཅིག་སྔོན་དུ་འགྲོ་བའི་མཆོད་པ་ལྔ། སའི་ལྷ་མོ་དང་། གཉུག་མར་གནས་པ་སོ་སོ་ལ་གཏོར་མ་རེ་བཤམ། བདག་གི་རྣལ་འབྱོར་དང་ལྡན་པས་བསང་སྦྱངས། འབྲུ་གསུམ་གྱི་བྱིན་གྱིས་བརླབ། སེ་གོལ་གཏོགས་པ་དང་བཅས། ཕྲི་ཐཱི་དྷི་ཝཱི་ས་མཱ་ཛ ཞེས་བརྗོད་པས་སའི་ལྷ་མོ་སེར་མོ་བུམ་པ་འཛིན་པ་དོ་ཤལ་དང་རྐང་གདུབ་ཀྱི་སྒྲ་སྒྲོགས་པ་ས་བདག་ཀླུ་གཉན་གྱི་འཁོར་དང་བཅས་པ་སྤྱན་དྲངས། ཨོཾ་པྲི་ཐཱི་དྷི་ཝཱི་ཨརྒྷཾ། པུཥེྤ་སོགས་ཀྱིས་མཆོད།

(༩༨)སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་དང་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །བདག་རྡོ་རྗེ་འཛིན་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ས་ཕྱོགས་འདིར་དཀྱིལ་འཁོར་ཆེན་པོ་བཞེང་གིས། སའི་ཕྱོགས་འདི་བདག་ལ་གནང་བར་མཛོད་ཅིག །ཅེས་བརྗོད་པས། དེས་ཀྱང་རིག་པ་འཛིན་པ་ཁྱོད་ཅི་དགའ་བར་བྱོས་ཤིག །ཅེས་གནང་བ་བྱིན་པར་བསམ། གཉུག་མར་གནས་པ་ལ་ཨ་ཀཱ་རོ་མུ་སོགས་ལན་གསུམ་གྱིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་

(༩༩)གཞན་དག་ལ། །ས་འདི་བདག་གིས་བསླང་བར་བགྱི། །དཀྱིལ་འཁོར་དོན་དུ་སྩལ་དུ་གསོལ། །ཅེས་དང་སྤྲོ་ན། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱང་བརྗོད། བཛྲ་མུས་མགྲོན་རྣམས་རང་གནས་སུ་གཏང་། གཞི་དེའམ་སྟེགས་བུའི་སྟེང་དང་ཁོར་ཡུག་ཏུ་ལག་མཐིལ་གཡས་ཀྱི་སོར་མོ་རྣམས་ཕྲལ་བསྐོར་ཞིང་། ཨོཾ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད་པས་དེ་ལས་འོད་ཟེར་བྱུང་སྟེ་མ་དག་པ་ཐམས་ཅད་སྦྱངས་པར་བསམ། ཨོཾ་བྷུ་ཁཾ་གྱིས་ས་ཕྱོགས་ཐམས་ཅད་ནམ་མཁའི་རང་བཞིན་དུ་བསམ། ཨོཾ་མེ་དི་ནི་བཛྲ་བྷནྡྷ་བྷནྡྷ་ཧཱུྃ་ཕཊ་ཀྱིས་རྡོ་རྗེའི་གཞིར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཕཊ་ཀྱིས་བསྲུང་བར་བྱའོ། །དེའང་རས་བྲིས་ལ་བརྟེན་ཚེ་དཀྱིལ་ཁང་རྙིང་པར། ས་

(༡༠༠)གཞི་རྡོ་རྗེར་བརླབས་ནས་བཟུང་བ་དང་། བཛྲ་རཀྵ་ས་བསྲུང་བ་ཙམ་གྱིས་ཀྱང་ཆོག་གོ །གཉིས་པ་ཐིག་ལས་ནི། སློབ་དཔོན་ཡབ་ཡུམ་གཙོ་བོའི་ང་རྒྱལ་ལ་གནས་པས་ཡབ་ཤར་ཡུམ་ནུབ་ཏུ་བལྟས་ཏེ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཨ་བརྗོད་པས། ཐིག་སྐུད་རིགས་ལྔའི་ངོ་བོར་གྱུར་པ་བཟུང་སྟེ། བྷྲཱུཾ་ཛྙཱ་ན་མ་ད་ལ་ཧཱུྃ་ཞེས་ལན་གསུམ་བརྗོད་ཅིང་ནམ་མཁའི་དབྱིངས་ལ་ཡེ་ཤེས་ཀྱི་ཐིག་བརྒྱད་དམ། ཚངས་ཐིག་གཉིས་ཙམ་གདབ་པའི་སྒྲས་སངས་རྒྱས་ཐམས་ཅད་སད་དེ་ཐིག་སྐུད་ལ་ཐིམ། དེ་ལས་ཐིག་སྐུད་གཉིས་པ་ཞིག་ཆད་པར་བསམ་ལ། ཐིག་གི་མེས་པོ་ཚངས་པའི་ཐིག །དེ་ལ་བྱ་རྗེས་ཀྱི་ས་ཐོན་པའི། །ཐིག་ཆེན་བརྒྱད་པོ་ལག་ཁྲིད་བཞིན། །བཏབ་ནས་ཆ་ཆེན་བཅུ་དྲུག་བགོ། ཚངས་ཐིག་གཉིས་པོའི་གཡས་གཡོན་ནས། །དང་པོར་ཕྱེད་གདབ་ཕྱི་མའང་གདབ། །གཉིས་པ་ཆ་ཕྲན་བཞི་རུ་བགོ། །གསུམ་བཞི་མི་གདབ་ལྔ་དབུས་དོར། །དྲུག་པ་ཕྱེད་གདབ་ཕྱི་མ་གདབ། །བདུན་པ་བཞི་བགོ་བརྒྱད་དབུས་དོར། །ཕྱི་རིམ་སྣ་ཚོགས་པདྨ་ནི། །མཚན་བཟང་གྲངས་ལ་ཆ་ཆེན་ཕྱེད། །འོད་ལྔའི་མུ་ཁྱུད་ཆ་ཕྲན་གཅིག །དུར་ཁྲོད་ཆ་

(༡༠༡)

(༡༠༡)ཆེ་ན་རྡོར་ཕྱེད། །མེ་རི་ཆ་ཆེན་གཅིག་རྣམས་བསྐོར། །གསུམ་པ་སྟ་གོན་ལ་ཡང་གསུམ། །དང་པོ་ལྷ་ཡི་སྟ་གོན་ནི། །ལྷ་གནས་རྣམས་སུ་དྲིའི་ཐིག་ལེར། །ཚོམ་བུ་བཀོད་ལ་མཆོད་པ་བཤམ། །བདག་བསྐྱེད་ལྡན་པས་ལྷ་ཚོགས་རྣམས། །ཆོགས་བསྒྲུབ་ཅིང་མ་ནུས་ན། །སྔགས་ཀྱིས་བསྐྱེད་ལ་མཆོད་བསྟོད་འབུལ། །བཟླས་པ་ཅི་རིགས་བགྱིས་པའི་རྫས། །ཧཱུྃ་ལས་ལྕེ་ནི་རྡོ་རྗེར་བསྒོམ། །རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །ཁྱེད་རྣམས་མཆོད་དང་སེམས་ཅན་དོན། །ནངས་པར་དཀྱིལ་འཁོར་བྲི་འཚལ་བས། །ཐུགས་ཀྱིས་དགོངས་ཏེ་གནང་བར་མཛོད། །ཅེས་གསོལ་གནང་བ་སྩལ་བར་བསམ། །སེམས་མ་རྡོ་རྗེ་མ་ཡི་རྒྱས། །ཡེ་ཤེས་དཀྱིལ་འཁོར་ནམ་མཁར་བཏེགས། །བཛྲོད་ཏིཥྠ་ལྷན་ཞེས་བརྗོད། དམ་ཚིག་བསྡས་ཏེ་ཡིག་བརྒྱ་བརྗོད། །ཚོམ་བུ་མཆོད་བཅས་རེ་ཞིག་བསྡུ། །གཉིས་པ་བུམ་པ་བཅུད་ལྡན་ལ། །ཆོག་སྔ་མ་ཇི་བཞིན་ལས། །བུམ་ལྷ་འོད་དུ་ཞུ་བ་ཙམ། །བུམ་པའི་སྟ་གོན་ཁྱད་པར་རོ། །གསུམ་པ་སློབ་མ་སྟ་གོན་ནི། །ཁྲུས་བྱ་བགེགས་བསྐྲད་མཎྜལ་དབུལ། །སློབ་

(༡༠༢)བུའི་བློ་ནི་འདི་ལྟར་བཅོས། །གསང་སྔགས་དངོས་གྲུབ་དོན་གཉེར་ན། །འཇིག་རྟེན་ཚེ་འདིའི་ཞེན་པ་དོར། །ཕ་རོལ་ལ་ནི་འདུན་པ་བསྐྱེད། །འདི་འབྲས་གཉེར་ན་ཕྱི་མ་འཇིག །ཕྱི་མ་གཉེར་ན་འདི་འབྲས་འགྲུབ། །དེ་བས་རང་གཞན་དོན་བྱའི་ཕྱིར། །བསམ་པ་བཟང་པོ་མཆོག་ལ་སྦྱོར། །ཅེས་དང་སླར་ཡང་བཀྲོལ་ལ་བཤད། །སློབ་མས་སྙིམ་པ་མེ་ཏོག་བཅས། །ཨེ་མ་དུས་གསུམ་རྒྱལ་བ་ཀུན་ཏུ་བཟང་། །རིགས་ལྔའི་སངས་རྒྱས་དགོངས་སུ་གསོལ། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་། །སོ་ཐར་བྱང་སེམས་སྔགས་སྡོམ་རྣམས། །མགོན་པོས་བདག་ལ་གནང་དུ་གསོལ། །ལན་གསུམ་ཞུ་ཞིང་དེའི་ལན་དུ། ཨེ་མ་སྣོད་དང་ལྡན་པའི་བུ། །གསང་སྔགས་ཆོ་ག་ཁྱོད་ལ་བསྟན། །འདས་དང་མ་བྱོན་ད་ལྟར་གྱི། །སངས་རྒྱས་མ་ལུས་ཐམས་ཅད་ཀྱང་། །གསང་སྔགས་ཆོ་ག་འདི་མཁྱེན་ནས། །རྫོགས་པའི་བྱང་ཆུབ་བརྙེས་པ་ཡིན། །བདུད་ཀྱི་དཔུང་ཡང་འདི་ཡིས་བཅོམ། །དེ་ལྟར་ཁྱེད་ཀྱང་རྗེས་སུ་ཞུགས། །ཞེས་བརྗོད་སྡོམ་པ་བྱིན་པ་ནི། །སྐྱེས་བུ་གསུམ་གྱི་བློ་རྩལ་རྣམས། །གོང་ནས་གོང་དུ་སྦར་བའི་བློས། །

(༡༠༣)ཀུན་བཟང་རིགས་ལྔའི་ལྷ་ཚོགས་ལ། །འདིར་བཟུང་བླ་མེད་བྱང་ཆུབ་བར། །གུས་པ་ཡིས་ནི་སྐྱབས་སུ་མཆི། །བླ་མ་ཀུན་བཟང་སྤྱན་སྔ་རུ། །ལུས་ངག་ཡིད་ཀྱིས་གཞན་རྣམས་ལ། །གནོད་པ་ལས་བཟློག་དག་པ་བསྒྲུབ། །དགེ་ཚུལ་དགེ་སློང་བྱང་ཆུབ་སེམས། །སོ་སོ་ཐར་པའི་སྡོམ་པ་ལ། །བདག་ནི་རྒྱུན་དུ་གནས་ཤིང་བསྲུང་། །ཞེས་པ་གསུམ་གྱིས་ཐུན་མོང་གི་སྡོམ་པ་དང་། །ཁྱད་པར་ཐེག་ཆེན་གྱི་རིགས་ལ་ནུས་པ་སད་པ་དང་། །སྨོན་སེམས་བརྟན་ཅིང་སྤྱོད་པ་ལ་སློབ་པའི་འདུན་པ་དྲག་པོས། །ཧོ བླ་མ་ཀུན་བཟང་དགོངས་སུ་གསོལ། །འདི་བཟུང་བྱང་ཆུབ་མ་ཐོབ་པར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །མ་དང་བུ་ཡི་འདུ་ཤེས་ཀྱིས། །མ་བསྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་དགྲོལ་དང་དབུགས་དབྱུང་ཕྱིར། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང་། །སྡོམ་པ་ལ་ནི་གནས་པ་ལྟར། །འདི་བཟུང་འཁོར་བ་མ་སྟོངས་པར། །བླ་མེད་འཇུག་པའི་བྱང་ཆུབ་སེམས། །ཕ་རོལ་ཕྱིན་དྲུག་སློབ་ཅིང་བསྒྲུབ། །ཀུན་དོན་ཚུལ་ཁྲིམས་གསུམ་གྱི་

(༡༠༤)དངོས། །ཐ་མལ་སྣང་ཞེན་ཉེས་སྤྱོད་སྡོམ། །སྐྱེད་རྫོགས་ཟབ་མོས་དགེ་ཆོས་སྡུད། །རྣམ་བཞིའི་ཕྲིན་ལས་གཞན་ཕན་སྤྱོད། །སྔགས་ཀྱི་ཆོ་གས་བསྡམ་པར་བགྱི། །ཞེས་ལན་གསུམ། དེ་ནས་སློབ་མ་རྡོ་རྗེ་སེམས་དཔར་གསལ་བ་ལ་ལས་ཆུས་འཐོར་ཞིང་། །གནས་གསུམ་དུ་དྲིའི་ཐིག་ལེ་བྱ་བ་དང་ལྷན་ཅིག །ཨོཾ་ཨཱཧཱུྃ་ཞེས་དང་མས་ནས་རིམ་བཞིན། །ཧཱུྃ་ཨཱཨོཾ་ཞེས་བྱིན་གྱིས་རློབ། །དེ་བཞིན་དུ་དྲིའི་ཐིག་ལེ་གདབ་ཅིང་། རྣ་བར་ཏྲཱཾ་ལྕེ་ལ་ཧྲཱིསྙིང་ལ་ཧཱུྃ། ཡན་ལག་བཞིར་ཧྲཱིསྙིང་ཁར་ཧཱ ཞེས་བརྗོད་ནས་སྐྱེ་མཆེད་རྣམས་རིགས་ལྔར་བྱིན་གྱིས་རློབ། དེ་ནས་སོ་ཤིང་བྱིན་ལ། པདྨ་འདབ་བརྒྱད་རེ་ཁཱ་ཅན་ནམ་མཎྜལ་དྲི་དང་བ་བྱུང་གིས་སྦགས་པའི་ཚོམ་བུར་ཤར་མཚན་བཀོད་པ་ལ། དངོས་གྲུབ་ཀྱི་ལྟས་བརྟགས་པའི་འདུན་པས། །བཛྲ་ཧས་ཧ། ཞེས་མིག་བཙུམ་ལ་དོར། ཕྱོགས་བཞི་དབུས་དང་ལྔར་བབས་ན། །རིགས་ལྔ་གང་ཡིན་དངོས་གྲུབ་ཐོབ། །སོགས་པའི་མཚན་མ་བཤད། དེ་ནས་དུང་ཞལ་དུ་གནས་པའི་ཁྱོར་ཆུ་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ་བྱིན་ཅིང་། ཆོས་ཐམས་ཅད་རྣམ་པར་དག་པ་ཡིན་པས། ཕུང་པོ་

(༡༠༥)འདིའི་སྡིག་པ་ཐམས་ཅད་རྣམ་པར་སྦྱོངས་ཤིག །རྣམ་པར་རྟོག་པ་ཐམས་ཅད་བསལ་བར་མཛོད། ཨོཾ་ཧྲཱིབི་ཤུདྡྷ་སརྦ་དྷ་རྨཱ་བཱ་པཾ་བི་ཤུདྡྷ་ནི་ཙ་སྱ་བི་ཤདྷ་ཡ་སརྦ་བི་ཀལྤནྡ་ཨ་ན་ཡ་ཧཱུྃ། ཞེས་ལག་པ་གཡས་སུ་ལན་གསུམ་བྱིན་ནས་བཏུང་བའི་ལྷག་མ་དཔུང་པ་གཡོན་རྒྱབ་ཏུ་དོར་བས་སྡིག་སྒྲིབ་དག་པར་བསམ། དེ་ནས་ཧཱུྃ་ལས་བྱུང་བའི་སྲུང་སྐུད་མདུད་པ་གསུམ་པ་ལས་ཆུས་བསངས་ནས་སྐྱེས་པའི་དཔུང་པ་གཡོན། བུད་མེད་ཀྱི་གཡས་སུ་བཅིངས་ཤིང་། ཨོཾ་སརྦ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦ་སྭཱ་ཧཱ། ཞེས་བཟླ། རྡོ་རྗེ་དང་བཅས་པའི་དྲི་ཆུས་རྒྱ་གྲམ་དུ་རེག་ནས། བཛྲ་རཀྵ་རཀྵ་སྭཱ་ཧཱ། ཞེས་བརྗོད། ཀུ་ཤ་ལས་ཆུས་བསང་། སྟོང་པའི་ངང་ལས་ཧཱུྃ་དང་དྷི་ལས་བྱུང་བའི་ཀུ་ཤ་ཆེ་ཆུང་སློབ་མ་ལ་བྱིན་ནས། ཨོཾ་བཛྲ་ཏིཀྵ་དྷི ཨོཾ་བཛྲ་རཀྵ་ཧཾཞེས་བདུན་བཟླ། འོ་དོ་ནུབ་རྨི་ལམ་མི་འཁྲུགས་པའི་ནུས་པ་ཅན་གྱིས་ཀུ་ཤ་ཆེ་བ་སྟན་དང་། ཆུང་བ་སྔས་སུ་གྱིས་ལ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མོས་བརྩེ་གཅིག་པས་གློ་གཡས་སར་ཕོབ་ལ་ཉོལ། ནང་པར་དག་མི་དགེའི་རྨི་ལམ་

(༡༠༦)ང་ལ་སྨྲོས་ཤིག །ཅེས་དང་། སྤྲོ་བ་བསྐྱེད་པ་ནི། འཇིག་རྟེན་རྙེད་པར་དཀའ་བ་མེ་ཏོག་ཨུ་དུམ་ཝཱ་ར། དེ་བས་ཀྱང་སངས་རྒྱས་རྙེད་པར་དཀའ། དེ་བས་ཀྱང་གསང་སྔགས་ཀྱི་ཆོས་རྙེད་པར་དཀའ་སྟེ། རྒྱུའི་ཐེག་པར་བསྐལ་པ་གྲངས་མེད་གསུམ་དུ་ངལ་དུས་ཀྱི་མཐའ་དང་། རྨོངས་པའི་སྒྲིབ་པ་ཕྱོགས་གཅིག་པ་ཉིད། གསང་སྔགས་སུ་ཐབས་མང་བ་དང་། དཀའ་བ་མེད་པ་དང་། བྱིན་རླབས་མྱུར་བ་དང་། དབང་པོ་རྣོན་པོའི་ཡེ་ཤེས་ལ་སྤྱོད་པས་ཚེ་གཅིག་ལ་སོགས་པར་མིག་འཕྲུལ་ལྟར་གྲོལ་བའི་ལམ་ཡིན་ཏེ། འདི་ལྟར་དཀྱིལ་འཁོར་གྱི་ཚོན་རྩི་མཐོང་བས་ཀྱང་སྡིག་པའི་ལས་ཇི་སྙེད་པ་ཟད་པར་འགྱུར་ན། སང་ནངས་པར་དཀྱིལ་འཁོར་ཆེན་པོར་ཞུགས་ནས་སྨིན་ཅིང་གྲོལ་ནུས་པ་རྒྱུད་ལ་འཇོག་པ་འོག་མིན་དུ་ཐར་ལམ་ལ་ཞུགས་པ་དང་སྐལ་བ་མཉམ་པ་ཡིན་པས་སྤྲོ་བ་ཁྱད་པར་ཅན་བསྐྱེད་ཅིག །ཅེས་བརྗོད་ནས་དགེ་བ་བསྔོ། །བཞི་པ་རེ་ཁཱ་འབྱེད་པ་ནི། ཚོན་རྣམས་དཔའ་བོ་འབྲུ་ལྔ་ལས། །རིགས་ལྔར་བསྐྱེད་ལ་མཆོད་བསྟོད་རྗེས། །ལྷ་རྣམས་འོད་ཞུའི་ངོ་བོར་བསམ། དེ་ནས་ཚོན་གྱི་རེ་ཁཱ་དབྱེ། །དབུས་སུ་འདབ་བརྒྱད་མུ་ཁྱད་གསུམ། །

(༡༠༧)དབུས་མཐིང་ཕྱོགས་བཞི་ཕྱོགས་ཀྱི་མདོག །མཚམས་བཞི་ཤར་ལྷོ་ནས་བརྩམས་ཏེ། །དམར་ལྗང་དཀར་སེར་མུ་ཁྱུད་གསུམ། །མཐིང་དམར་དཀར་ལ་གྲྭ་ཕྱོགས་མདོག །རྩིག་པ་ལྔ་ན་ནང་རིམ་བཞིན། །མཐིང་ཀ་ལྗང་དང་དམར་སེར་དཀར། །འདོད་སྣམ་དམར་ལ་ཕ་གུ་སེར། །དྲ་ཕྱེད་སྔོ་ལ་མདའ་ཡབ་དམར། །པུ་ཤུ་མཛེས་ཚོན་ཞིང་ཁམས་ལྗང་། །རྒྱུ་འབྲས་རྟ་བབས་མཛེས་ཚོན་ལ། །ཆུ་སྲིན་དམར་པོ་རྡོ་ར་དང་། དུར་ཁྲོད་བརྒྱད་སོགས་ཕྱོགས་ཀྱི་མདོག །པདྨ་སྣ་ཚོགས་འོད་ཕྲེང་དང་། རྡོ་རྗེ་མཐིང་ལ་མེ་འོད་ལྔ། །སྲབ་འཐུག་མེད་ཅིང་སྙོམ་པར་བྲི། །དཀྱིལ་འཁོར་སོ་སོའི་སྒོས་ཆོས་ནི། །ལྷ་ཡི་གནས་དང་རྟ་བབས་ཁྱད། །བླ་མའི་ཞལ་ལས་ཤེས་པར་བྱ། །སྟ་གོན་གྱི་ནི་ཡེ་ཤེས་པ། །སྔགས་རྒྱ་བཞི་ཡིས་ངལ་ལ་བསྟིམ། །ཐིག་ཚོན་ལྷག་མའི་ཡེ་ཤེས་གཤེགས། །དཀྱིལ་འཁོར་རྒྱན་དགོད་མཆོད་གཏོར་དང་། །བུམ་པ་གཉིས་སོགས་དབང་རྫས་རྣམས། །མ་ཚང་མེད་པར་འདུ་བྱའོ། །གཉིས་པ་དངོས་གཞི་ལ་གསུམ། དཀྱིལ་འཁོར་སྒྲུབ་མཆོད། །བདག་ཉིད་

(༡༠༨)འཇུག་པ། སློབ་མ་རྗེས་སུ་འཛིན་པའོ། །དང་པོ་ནི། དཔལ་ཆེན་འདུས་པའི་སྒོས་དབང་གི་ཚེའང་དབང་བྱང་འདི་ཉིད་ལ་བརྟེན་ནས་སྐབས་འདིར་དཀྱིལ་འཁོར་སྒྲུབ་མཆོད་རང་གཞུང་ལྟར་བྱ་ཞིང་། ཞི་ཁྲོའི་སྒོས་ཆོས་རྣམས་དོར། འདིར་དང་པོའི་སྨིན་བྱེད་གདན་གསུམ་ཚང་བའི་དཀྱིལ་འཁོར་ཞི་ཁྲོལ་བརྟེན་པ་ཡིན་པས། བགེགས་ལ་གཏོར་མ་བྱིན་ནས། ཧཱུྃ་ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ལུས་ངག་ཡིད་ལ་གནོད་པའི་བགེགས། །བར་ཆད་འབྱུང་པོ་ཐམས་ཅད་ཀུན། །འདི་རུ་མ་འདུག་གཞན་དུ་དེངས། །ང་ནི་དཔལ་ཆེན་རྟ་མགྲིན་རྒྱལ། །རྡོ་རྗེ་འཛིན་བྱེད་འབར་བའི་སྐུ། །ང་ཡི་བཀའ་ལས་འདས་གྱུར་ན། །ཐལ་བའི་རྡུལ་བཞིན་བརླག་པར་འགྱུར། །ཨོཾ་ཤྲཱི་བཛྲ་ཧྱ་གྷྲི་ཝ་ར་ཅ་ཧྲཱི་ཡ་ཧ་རི་ནི་ས་རཀྵ་ཨུ་ཙ་ཏ་ཡ་ཕཊ༔ བགེགས་ཐམས་ཅད་རྒྱ་མཚོའི་ཕ་མཐར་བྱེར་ནས་ཡེ་ཤེས་ཀྱི་མེ་དཔུང་གཅིག་ཏུ་འབར་བར་གྱུར། དེ་ནས་མཆོད་རྫས་རྣམས་ལ་བསང་ཆུ་འཐོར་ཞིང་། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨརྒྷཾ། པཱ་དྱཱ་ པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱཱ། ཤཔྟ། ཨོཾ་ཨཱཧཱུྃ། ཡོངས་

(༡༠༩)སུ་གྱུར་པ་ལས། ཕྱི་ནང་གི་མཆོད་པ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ས་དང་བར་སྣང་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས་གང་བར་གྱུར། །སྨན་གཏོར་རཀྵའི་སྔགས་ཀྱང་བརྗོད། ཕ་མས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་པ་ལ། དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ། དེ་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ། དེའི་ཆེད་དུ་བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོ་སྒོམ། ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་འཕྲད་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །དགའ་བ་ཆེན་པོ་དེ་དང་དུས་རྟག་ཏུ་མི་འབྲལ་བར་གྱུར་ཅིག །བདེ་སྡུག་གི་རྒྱུ་ཉེ་རིང་

(༡༡༠)ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག །ལན་གསུམ། དེ་ནས་བདག་མདུན་བུམ་གསུམ་འཇུག་པ་གཅིག་པས་ཞི་ཁྲོའི་དཀྱིལ་འཁོར་ཆེན་པོར་སྒོམ་པ་ནི། ཨོཾ་མ་ཧཱ་ཤུ་ནྱ་ཏ་སོགས་ངན་སོང་སྦྱོང་བ་བཞིན་ལ། བཟླས་པའི་ཚེ་ཞི་ཁྲོ་སོ་སོའི་སྙིང་པོ་ཅི་ནུས་དང་། བུམ་པ་ལ་དམིགས་ནས། བདག་གི་སྙིང་གནས་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་རྣམ་པར་རྒྱལ་བའི་ལྷ་རྣམས་ལ་ཕོག །བདེ་བའི་སྒྲས་བསྐུལ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས་པར་བསམ་ལ། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཨས་མགོ་དྲངས་པའི་དབྱངས་གསལ་ཅི་ནུས་བཟླ། དེ་བཞིན་དུ་ལས་བུམ་དུ་རྟ་མགྲིན་དམར་པོ་གཡས་དབྱུག་ཏོ་དང་། གཡོན་མེའི་ཞགས་པ་ཐོགས་པ་གསལ་ལ། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ ཁྲུས་སྔགས། ཨ་བྷི་ཥེ་ཀའང་བཟླའོ། །ཐུན་མཐར་དཀྱིལ་འཁོར་བ་དང་བུམ་པའི་ལྷ་གཉིས་ཆར་ལ་དམིགས་ཏེ་མཆོད་བསྟོད་དང་། ཨོཾ་ཨཱཧཱུྃ་གིས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་ལ། བུམ་པའི་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་བ་བུམ་ཆུ་དང་རོ་གཅིག་པར་

(༡༡༡)གྱུར། ཅེས་བརྗོད། གཉིས་པ་བདག་འཇུག་ནི། སློབ་མ་ལ་ཇི་ལྟར་བྱ་བ་བཞིན་དུ་བླང་ངོ་། །གལ་ཏེ་བསྐྱེད་རྫོགས་ལ་གོམས་པ་བརྟན་པོར་སོན་པས་རིག་པའི་མེ་ཏོག་དོར་བས་འཇུག་ན། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱབཛྲ་ས་མ་ཡ་ཨཱ༔ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ ཧཱ་བཛྲ་ས་མ་ཡ་ཧཱ ཨོཾ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ས་མ་ཡ་ཧོ ཞེས་ཏིང་ངེ་འཛིན་གྱིས་འཇུག་གོ །གསུམ་པ་སློབ་མ་རྗེས་སུ་འཛིན་པའི་ཆོ་ག་ལ། དཀྱིལ་འཁོར་དུ་འཇུག་པ་དང་། དབང་གིས་སྨིན་པར་བྱ་བ་གཉིས་ལས། དང་པོ་ནི། ལས་བུམ་གྱི་ཆུས་བཀྲུ་ཞིང་། བདུད་རྩི་འཁྱིལ་བའི་སྔགས་བཟླ། ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ། ཞེས་མིག་དར་འཆིང་། ཨ་ཁཾ་ཝཱི་ར་ཧཱུྃགིས་རིགས་ལྔའི་ས་བོན་སོ་སོ་ལས་སྐྱེས་པའི་མེ་ཏོག་གཏད། གསོལ་བ་གདབ་པ་ནི། ཀྱཻ་ཁྲོ་བོ་མི་བཟད་འཇིགས་པའི་སྐུ། །མཚོན་ཆ་སྣ་ཚོགས་ཕྱག་

(༡༡༢)ན་བསྣམས། །བདག་ཅག་འཁོར་བ་ལས་བསྒྲལ་ཕྱིར། ཁྱེད་ཀྱིས་གནང་སྟེ་གཏད་དུ་གསོལ། །ཅེས་པའི་ལན། ཁྱེད་རྣམས་སུ་ཡིན་ཅི་ལ་དགའ། །ལས་དང་སྐལ་བར་ལྡན་ནམ་ཅི། །སློབ་མས། བླ་མ་རྡོ་རྗེ་འཛིན་པ་དང་། །དཀྱིལ་འཁོར་ལྷ་ཚོགས་སྤངས་ནས་ནི། །སྐྱོབ་པ་གཞན་ན་མ་མཆིས་པས། །སྒོ་ཕྱེ་ཐར་པའི་གྲོང་བསྟན་འཚལ། །ལན་གསུམ། ཁྱེད་ནི་སྣོད་མཆོག་དམ་པ་སྟེ། །ཁྱོད་འདོད་པ་ནི་བདག་གིས་སྦྱིན། །སྤྲོ་བ་བསྐྱེད་ལ་ནང་དུ་ཤོག །ཅེས་བརྗོད་ལ་ཕྱིར་འབྲང་གི་བགེགས་བསྐྲད། སྲུང་བའི་འཁོར་ལོ་སྒོམ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་དེ་གསན་འཚལ། དེ་ལ་རང་ཅག་རྣམས་ཀྱིས་མི་ལུས་ཁྱད་པར་ཅན་འདི་སླན་ཆང་རྙེད་པར་དཀའ་ཞིང་། ཆོས་བསྒྲུབ་པའི་རྟེན་དལ་འབྱོར་ཚང་བ་འབའ་ཞིག་ལ་ལྟོས་དགོས་པའང་། འཕྲལ་བྱུང་གི་རྐྱེན་བརྒྱད་དང་། རིས་ཆད་ཡི་བློ་བརྒྱད་ཀྱིས་ཡུད་ཙམ་ལ་མི་ཁོམ་པར་འགྱུར་ཞིང་། ལས་མཐའ་ལོག་པའི་རིགས་ལ་ལྟོས་ན་འབྱོར་པ་བཅུ་ཡང་འདུ་འབྲལ་དང་བཅས་པས་ཡོན་ཏན་ཐམས་ཅད་ཚོགས་

(༡༡༣)བའི་མི་ལུས་རིན་པོ་ཆེ་ཡིན་པར་དཀའ་ཞིང་། སྤྱི་མཐུན་དུ་སྐྱེས་པའི་ནངས་པར་ནས་གཤིན་རྗེའི་ཕོ་ཉ་དང་འགྲོགས་པ། འབྱོར་རྒུད་དང་བདེ་སྡུག་སྣ་ཚོགས་བའི་རྟེན་འབྲེལ་ཚོགས་པ་ལས་ཀྱི་གཞན་དབང་ཅན་འགྱུར་བ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བལྟར་མི་མངོན་པ་དང་འགྲོགས་པས་མཐོ་རིས་ཀྱི་བདེ་འབྲས་ནི་རྩྭ་རྩེའི་ཟིལ་པ་ལྟ་བུ་ཤིན་ཏུ་ཡིད་བརྟན་མི་རུང་བ་ཡིན་པས། ངེས་འབྱུང་གི་བློ་ཁྱད་པར་ཅན་བསྐུལ་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པ་བསྒྲུབ་པའི་ཐབས་ལ་འབད་དགོས། དེ་ལ་སངས་རྒྱས་རྣམས་ནི་ཐུགས་རྗེ་ཚད་མེད་པས་སེམས་ཅན་ཡལ་བར་མི་འདོར་ཞིང་། ཕྲིན་ལས་ཚད་མེད་པས་གདུལ་བྱའི་ཁམས་དང་། དབང་པོ་དང་བསམ་པ་ལ་འཚམས་པའི་ཆོས་སྒོ་ཇི་སྙེད་པ་གསུངས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་འབྲས་བུའི་ཐེག་པ་ཡིན་ཏེ། དེའི་ཆོས་འཁོར་གྱི་གྲངས་ངེས་དང་རྣམ་དབྱེ་བསམ་པར་མི་ནུས་ཀྱང་། གངས་ཅན་པ་རྣམས་ཀྱིས་འགྱུར་གྱི་བྱེ་བྲག་ལས་གསར་

(༡༡༤)རྙིང་དུ་སྒྲོ་བཏགས་པའི་རྡོ་རྗེ་ཐེག་པ་སྔ་འགྱུར་ལ་མདོ་སྒྱུ་སེམས་གསུམ་གྱི་གྲུབ་པའི་མཐའ་ཆེན་པོ་གསུམ་འཆའ་བ་ལས། འདི་ནི་སེམས་ཕྱོགས་ཀྱི་གྲུབ་མཐའི་སྙིང་པོ་གཙོ་བོར་འདོན་པས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་ཞེས་གྲགས་ལ། ནང་གསེས་ཀྱི་དབང་དུ་ན། སྔགས་འོག་མ་ལྟར་ཁམས་ཀྱི་དྲི་མ་བླང་དོར་དང་བཅས་པའི་དལ་དུབ་ཀྱིས་སྦྱོང་བ་མ་ཡིན་ཀྱང་། སྣང་གྲགས་རིག་པའི་ཆོ་འཕྲུལ་དུ་མངོན་བྱང་ཆུབ་པ་དཔལ་ལྡན་སྒྱུ་འཕྲུལ་དྲ་བའི་སྙིང་པོ་དཔལ་ཆེན་ཞལ་ལུང་དང་ཧེ་རུ་ཀ་འདུས་པའི་བསྐྱེད་རིམ། དག་པའི་སྣོད་བཅུད་ཀྱང་འཕོ་མེད་བདེ་བ་ཆེན་པོའི་ཡེ་ཤེས་གཞན་དུ་མི་འགྱུར་བ་ཨ་ནུའི་མདོ་ལུང་གི་སྙིང་པོ་རིགས་བརྒྱ་དང་རིག་འཛིན་གྱི་བསྐྱེད་རྫོགས་རྒྱུད་ལུང་གབ་བྱང་དང་བཅས། རྒྱུ་རྐྱེན་དང་རྩོལ་སྒྲུབ་ལ་མ་ལྟོས་པ་ཕྱི་སེམས་སྡེ། སྐུ་གསུམ་རང་ཆས་ཀྱི་དབྱིངས་ལ་མི་འགྱུར་པ་ནང་ཀློང་སྡེ། མངོན་སུམ་རང་གནས་སུ་སྟོན་པ་གསང་བ་མན་ངག་གི་སྡེ། གནད་ལས་གནད་དུ་བསྡུས་པས་ཡིད་དཔྱོད་དང་འབྲས་བུ་ཕྱི་དུས་ལ་ལྟོས་མི་འཆའ་བ་ཡང་གསང་བླ་ན་མེད་པའི་སྡེ་

(༡༡༥)སྟེ་སེམས་ཕྱོགས་རྒྱ་མཚོའི་སྙིང་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལ་སོགས་པས་མན་ངག་གི་ཐུས་ཀ་ཚད་ལ་མ་ནོར་བ་སྟོན་ལ། དེ་ཉིད་ཀྱང་བདེ་བར་གཤེགས་པའི་བཀའ་རྒྱུད་དོན་དང་འབྲེལ་བས་ཚད་མ། རྡོ་རྗེ་འཛིན་པའི་བརྒྱུད་ལྡན་ལས་ཐོས་མན་ངག་ཚད་མ། རྣལ་འབྱོར་དབང་ཕྱུག་གི་ཉམས་མྱོང་ཚད་མ་རྟེན་ཅིང་འབྲེལ་འབྱུང་གི་ལོ་རྒྱུས་ཚད་མ་དང་། དབང་བཀའ་མ་དང་འབྲེལ་གི་ཆུ་བོ་མ་ནུབ་པ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ། མན་ངག་གི་སྣ་ཁ་མ་ལོག་པ་དག་ལ་མ་བརྟེན་ན། ཟབ་མོར་བཏགས་པ་ཙམ་ཡང་དག་དང་ལྟར་སྣང་གང་ཡིན་མ་འཚལ་བའི་རྨོངས་པ་ལམ་ནོར་བས་ངལ་བ་འབྲེས་མེད་དུ་བྱས་ལ། དེའི་ཕྱིར་གཏེར་ལུང་ལས། རྒྱལ་བས་དགོངས་པ་ཉིད་ཀྱི་ཚུལ། དགོངས་པ་བསབས་པ་དབང་གི་མཆོག །ཅེས་གདོད་མའི་མགོན་པོ་སྲས་དང་བཅས་པས་ཆོས་ཀྱི་བདག་པོ་ལ་དགོངས་པས་གནས་ལུགས་ཆོས་སྐུར་རྟོགས་པའི་དབང་ཐོབ། བརྡ་དང་བརྡ་མཚོན་གོ་བ་ནི། དབང་གི་ནང་ནས་དབང་བཀའོ། །ཞེས་པ་ལྟར་ཡེ་ཤེས་ཀྱི་མཁའ་འགྲོ་མས་

(༡༡༦)བརྡ་སྒྱུར་གྱི་ཤོག་སེར་དབྱིབས་དང་རྣམ་པ་ཐམས་ཅད་པ་བྱིན། རྫོགས་པའི་སངས་རྒྱས་དྲི་མེད་འོད་ཟེར་དང་དངོས་ཞལ་མཇལ་ཏེ། སྙེན་བརྒྱུད་ཀྱི་ཕ་ཕོགས་སྩལ་བའི་བརྒྱུད་པ་གསུམ་ལྡན་གྱི་སྟེང་། གོང་འོག་གི་བདག་པོ་རྣམ་གཉིས་ལ་སོགས་ཏེ། སྔོན་གྱི་དུས་ན་བྱོན་པའི་ལམ་སྟོན་ཆེན་པོ་རྣམས་ཀྱིས་བཞེད་པ་བཞིན་རྒྱུད་སྡེ་བཀའ་མ་དང་། སྒྲུབ་སྡེ་བཀའ་བརྒྱད་ལ་སོགས་པའི་དབང་གི་ཆུ་བོ་མ་ནུབ་པའང་ཉན་ཅིང་འདྲེས་པར་བྱས་ནས། ཇི་སྐད་དུ་སྡུད་པ་ལས། རྒྱལ་བའི་ཉན་ཐོས་པ་དག་ཇི་སྙེད་ཆོས་སྟོན་དང་། འཆང་དང་རིག་པ་དག་དང་ལྡན་པར་བརྗོད་པ་དང་། མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། དེ་དག་ཀུན་ཀྱང་དེ་བཞིན་གཤེགས་པའི་སྐྱེས་བུའི་མཐུ། །ཞེས་པ་ལ་སོགས་པ་དང་། གཞན་དུ། བྱང་ཆུབ་སེམས་དཔའ་བསམ་པ་རྣམ་པར་དག་པ་ལ་ནི་རང་གི་ཡིད་ཀྱིས་སྤྱོད་པ་ཉིད་ལས། མན་ངག་དང་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ་། །ཞེས་པ་ལྟར་རྒྱལ་བའི་ཡེ་ཤེས་རྣམ་པ་ཐམས་ཅད་བས་དགོངས་ཤིང་མཁའ་འགྲོའི་གསང་མཛོད་ལ་མངའ་སྒྱུར་བ་བྱིན་གྱིས་བརླབས་པ་དང་རྗེས་

(༡༡༧)སུ་གནང་བའི་བཀར་རྩོད་པ་མེད་ཅིང་། སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོས་ཞལ་ནས་གསུངས་པའི་བཀར་བསྙོན་མེད་དུ་གྲུབ་པ་ལ་ཟབ་མོ་གཏེར་གྱི་རིང་ལུགས་མ་ནོར་བ་ཞེས་བྱ་སྟེ། མཆོག་གཟིགས་ཀྱི་བརྒྱུད་པ་མ་ཆད་པ་དང་། ཉམས་པ་དང་འདྲེས་ཁྱེར་གྱིས་བར་མ་ཆོད་པ་དང་། ཚིག་ལ་གྲིམས་པའི་སླེབ་པ་སོ་སོ་སྐྱེ་བོས་བསླད་པ་མ་སོང་བས་བྱིན་རླབས་ཆེ་ཞིང་། སྒྲུབ་ཐག་ཉེ་བ་ཡིན་ནོ། དེ་ལྟ་བུའི་སྔགས་ཀྱི་ཉེ་ལམ་དམ་པ་ལ་དབང་། བསྐྱེད་རིམ། རྫོགས་རིམ། བཤད་པ་སྟེ་སྔ་འགྱུར་བཀའ་བབས་ཀྱི་ཆུ་བོ་བཞིའི་ཞལ་ལུང་དང་ལྡན་པ་ལས། དེང་རིམ་པར་དབང་གི་ཆོ་ག་ལས་ཞི་ཁྲོའི་དཀྱིལ་འཁོར་ཆེན་པོར་སྨིན་པར་བྱ་བའི་སྐབས་སུ་བབས་པས་སྙིམ་པ་མེ་ཏོག་དང་བཅས་འདིའི་རྗེས་ཟློས། ཨེ་མ་དུས་གསུམ་རྒྱལ་བ་ཀུན་ཏུ་བཟང་། །རིགས་ལྔའི་སངས་རྒྱས་དགོངས་སུ་གསོལ། །ཅེས་པ་ནས། ཐུན་མོང་དང་ཁྱད་པར་གྱི་སྡོམ་པ་བྱིན་པ། །སྔགས་ཀྱི་ཆོ་གས་བས་དམ་པར་བགྱི། །ཞེས་པའི་བ་

(༡༡༨)ལ། ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པའི་ཕྱིར། །སློབ་མའི་སྙིང་གར་རྡོ་རྗེ་བཞག་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་བསྒྲུབ་པའི་བློ་བཅོས་མིན་དེ་ཉིད། སྙིང་གར་ཀུན་རྫོབ་བྱང་སེམས་ཀྱི་ངོ་བོ་ཟླ་བ་ཉ་གང་བའི་སྟེང་། །དོན་དམ་བྱང་སེམས་ཀྱི་རང་བཞིན་རྡོ་རྗེ་རྩེ་ལྔ་པ་འོད་དང་འོད་ཟེར་དུ་འབར་བར་གྱུར་པར་བསམ་ལ་འདིའི་རྗེས་ཟློས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ཏ་ཡ་མི། ལན་གསུམ། དམ་གཞག་ནི། ནང་མཆོད་བྱིན་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་ཉམས་ན་བསྲེད་པར་བྱེད། །བསྲུང་ན་དངོས་གྲུབ་ཐམས་ཅད་ཐོབ། །དམ་ཚིག་བདུད་རྩིའི་ཆུ་འདི་འཐུངས། ས་མ་ཡ་ཨི་དན་ན་རཀྐན རིགས་ལྔའི་སྡོམ་བཟུང་ཁྱད་པར་བ་ལ་དམིགས་ནས་འདིའི་རྗེས་ཟློས། སངས་རྒྱས་རིགས་ཀྱི་དམ་ཚིག་ཏུ། །རྒྱལ་སྲས་སངས་རྒྱས་ཐམས་ཅད་དང་། དཔའ་བ་རྣལ་འབྱོར་མ་རྣམས་བསྙེན། །རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་། །བྱང་ཆུབ་སེམས་ནི་སྤང་མི་བྱ། །རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །པདྨ་

(༡༡༩)ཀྱི་དམ་ཚིག་ཏུ། །ཐེག་པ་གསུམ་དང་ཆོས་རྣམས་བཤད། །ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །འགྲོ་བའི་དོན་ལ་བརྩོན་པར་བྱ། །ལྷ་ཡི་ཕྱག་རྒྱ་བླ་མའི་སྟན། །བཞོན་པ་ལ་སོགས་མི་སྨད་ཅིང་། བསྟན་པ་སྐྱོང་རྣམས་བརྙས་མི་བྱ། །བླ་མ་སངས་རྒྱས་དྲན་བྱེད་ཅིང་། བསྟན་གཡོ་ལྷ་དང་མཉམ་པར་སྦྱོར། །མདོར་ན་རྒྱལ་བས་གང་བསྒྲགས་པ། །དེ་དག་ཐམས་ཅད་བདག་གིས་བཟུང་། །ལན་གསུམ། དེ་ནས་ལྷ་དང་སྐལ་བ་མཉམ་པའི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་ཡིན་པས་འདིའི་རྗེས་ཟློས། ཀྱེ་རིགས་ལྔ་བདེ་བར་གཤེགས་པ་དང་། །བླ་མ་ཡི་དམ་མཁའ་འགྲོ་དགོངས། །སྒོ་བ་ཆེན་པོ་ཁྱད་རྣམས་ཀྱིས། །སྒོ་ཕྱེ་ཐར་པའི་གྲོང་བསྟན་འཚལ། །ལན་གསུམ་གྱི་རྗེས་ལ། བླ་མས་ཨཱ་ཁཾ་ཝཱི་ར་ཧཱུྃ བརྗོད་ལ་བཅུག་པར་བསམ། སློབ་མས་གནས་གསུམ་དུ་ཐལ་མོ་སྦྱར་བའི་སྐུ་གསུང་ཐུགས་ཕྱག་བྱེད་བཞིན་པར། ཨོཾ་ན་མ་ཏི་ཧཱུྃ། ཨོཾ་ན་མ་མེ་ཧཱུྃ། ཨོཾ་ན་མ་ན་མ་ཧཱུྃ། བརྗོད་ནས་ཕྱི་འཇུག་བྱ། ནང་ལྟར་འཇུག་པ་སློབ་དཔོན་དང་དཀྱིལ་འཁོར་གྱི་

(༡༢༠)བདག་པོ་གཉིས་སུ་མེད་པའི་སྲས་སུ་བྱ་བའི་ཕྱིར་དམིགས་པ་འདི་བཞིན་དུ་མཛོད། །གཙོ་བོའི་མདུན་ཐད་ཤར་སྒོའི་དབང་སྟེགས་ལ་འཁོད་པས། །དཀྱིལ་འཁོར་གྱི་བདག་པོའི་ཐུགས་ཀ་ནས་འོད་ཟེར་བྱུང་། སློབ་མའི་རྣམ་སྨིན་གྱི་ཕུང་པོ་སྦྱངས། རྣམ་པར་ཤེས་པ་ཧཱུྃ་དུ་གྱུར་པ་ཡབ་ཀྱི་ཞལ་ནས་དྲངས། རྗེས་སུ་ཆགས་པའི་ཡེ་ཤེས་ཀྱིས་བསྐུལ་ཏེ་ཡུམ་གྱི་པདྨོར་ལྷུང་། སྲས་ཀྱི་ཚུལ་དུ་གཙོ་བོའི་རྣམ་པ་གཉིས་པ་ཞིག་བྱུང་བ་སྔར་གྱི་དབང་སྟེགས་ལ་འཁོད་པའི་གནས་གསུམ་དུ་ཕྱག་མཚན་གསུམ་དང་། ཡི་གེ་གསུམ་གྱིས་མཙན་པ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཀྱིལ་འཁོར་གྱི་ལྷའི་རྣམ་པར་སྙིང་ནང་དུ་ཐིམ་པར་བསམ་ལ། རོལ་མོའི་སྒྲ་དང་བཅས་བབས་དྲུག་གིས་བྱིན་འབེབས་སམ། ཨོཾ་བཛྲ་པྲ་བེ་ཤ་ཡ་པྲ་བེ་ཤ་ཡ་ཧཱུྃ་ཧཱུྃ། མང་དུ་བརྗོད་ལ་ནན་ཏན་བྱ། ལུས་ངག་ཡིད་ལ་ཕེབས་པའི་རྟགས། འདར་ཞིང་འཕར་གཡོ་སཾ་སྐྲྀ་ཏའི། །བརྡ་སྐད་གླུ་ལེན་དུ་བ་དང་། བདེ་གསལ་མི་རྟོག་ལྷག་པའི་ལྷས། །སྤོག་ན་རྡོ་རྗེའི་འདུག་སྟངས་ཀྱི། །སྙིང་གར་གཡུང་དྲུང་འཁོར་བར་སྒོམ། །

(༡༢༡)ཧཱུྃ་དང་ཨ་ར་ལི་ཕཻཾ་གྱི། །གླུ་ཡིས་བསྐུལ་ཞིང་ལྟ་བས་གཅུན། །ཏིཥྛ་བཛྲ་ས་བརྟན་པར་བྱ། །དེ་ནས་མེ་ཏོག་དོར་བ་ནི། །ཀྱེ་བདེ་གཤེགས་རིགས་ལྔའི་ཕོ་བྲང་དུ། །འབྲེལ་བའི་མེ་ཏོག་འདི་དོར་བས། །ལས་འཕྲོ་གང་ཡོད་ལྷ་དང་མཇལ་བར་ཤོག །ཨོཾ་བུཥེྤ་སིདྡྷི་སྟེྭ། །ལྷུང་ན་བསྐྱར་ཞིང་སྤྱི་བོར་བཅིང་། པྲ་ཏེ་གྷྲི་ཧ་ན་ཨི་མཾ་སཏྭ་མ་ཧཱ་བྷ་ལ། ལྷག་ལྷ་སྤྱི་བོར་ཐིམ་པར་བསམ། །གདོང་གཡོགས་ཕྱེ་ཞིང་དཀྱིལ་འཁོར་བསྟན། །སྟོན་པ་རིགས་ལྔའི་སངས་རྒྱས་ཀྱིས། །ཁྱོད་ཀྱི་མ་རིག་འཁོར་བའི་མིག །ཡེ་ཤེས་སྤྱན་དུ་དབྱེ་ཡེ་བ་ལྟར། །དེ་བཞིན་ཁྱེད་ཀྱིས་འགྲོ་བ་རྣམས། །ཡེ་ཤེས་སྤྱན་དུ་འབྱེད་པར་ཤོག །ཙུཀྵུ་པྲ་བེ་ཤ་ཡ་ཕཊ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ། ཁྱེད་ནི་སྡིག་པ་ཀུན་ལས་གྲོལ། །དཀྱིལ་འཁོར་ཆེན་པོ་འདི་ལ་ལྟོས། །ལུང་ངག་ཡིད་ཀྱི་དད་པ་བསྐྱེད། །དངོས་གྲུབ་ཐམས་ཅད་ཁྱེད་ཀྱིས་ཐོག །དམ་ཚིག་སྔགས་ལ་བརྩོན་པར་གྱིས། །ཀྱེ་རིགས་གྱི་བུ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པའི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་བརྡ་

(༡༢༢)དོན་རྟགས་ཀྱིས་མཚོན་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་འདི་ནི་རྟེན་གཞལ་ཡས་ཁང་སྟེ། ནང་ལྟར་ཕུང་པོ་ཁམས་དང་སྐྱེ་མཆེད་མཚོན་ལ། དེ་ན་བཞུགས་པའི་བརྟེན་པ་ཡེ་ཤེས་ཀྱི་ལྷ་ནི་རང་གི་སེམས་རྣམ་ཤེས་ཚོགས་བརྒྱད་སེམས་བྱུང་དང་བཅས་པ་དམ་པ་རིགས་བརྒྱའི་ལྷ་ཚོགས་སུ་བཞུགས་པ་དེ་དྲན་པར་གྱིས་ཤིག །འཇུག་པའི་ཆོ་གའོ། །གཉིས་པ་དབང་བསྐུར་བ་ནི། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་སྤྱན་དྲངས། མཆོད་ཅིང་བསྟོད། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལའང་སྩལ་དུ་གསོལ། །ཅེས་གསོལ་བ་བཏབ་པས། གཤེགས་པ་རྣམས་ཀྱིས་དགོངས་པ་མཛད། །གཤེགས་མ་རྣམས་ཀྱིས་དབང་བསྐུར། །སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། །སེམས་མ་རྣམས་ཀྱིས་གླུ་གར་སྒྱུར། །ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་དེ། །ཀུན་ཀྱང་དབང་གི་བྱ་བ་ལ་དགྱེས་པར་གྱུར། །སློབ་མ་མི་བསྐྱོད་བར་གསལ་ལ།

(༡༢༣)བུམ་པ་བཏེག་ནས། ཧཱུྃ། རྣམ་ཤེས་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ཞེ་སྡང་སྦྱོང་བྱེད་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི། །དཔལ་ལྡན་ཐུགས་ཀྱི་དབང་བསྐུར་རོ། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། རིགས་ཀྱི་བུ་ཁྱོད་ལ་མི་བསྐྱོད་པ་ཆུ་ཡིས་དབང་བསྐུར་བས་ཡིད་ཀྱི་སྒྲིབ་པ་ཐམས་ཅད་དག །སངས་རྒྱས་ཐམས་ཅད་ཀྱི་།ཐུགས་ཀྱི་དབང་ཐོབ། རྣམ་པར་ཤེས་པ་རྡོ་རྗེ་མི་བསྐྱོད་པ་དང་ཆུའི་ཁམས་མཱ་མ་ཀཱི་ར་སངས་རྒྱས། ཞེ་སྡང་ཆོས་དབྱིངས་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རྡོ་རྗེའི་རིགས་ཀྱི་ཐུགས་འཁྲུལ་པ་མེད་པས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་རིན་འབྱུང་དུ་གསལ་ལ། དབུ་རྒྱན་ཐོགས་ནས། ཧཱུྃ། ཚོར་བའི་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ང་རྒྱལ་སྦྱོང་བྱེད་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི། །དཔལ་ལྡན་ཡོན་ཏན་དབང་བསྐུར་རོ། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། རིགས་ཀྱི་བུ་ཁྱོད་ལ་རིན་འབྱུང་གི་ངོ་བོ་དབུ་རྒྱན་འདི་བསྐོན་པ་ཙམ་གྱིས་ཤེས་བྱའི་སྒྲིབ་པ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ། ཚོར་བའི་ཕུང་པོ་རིན་ཆེན་

(༡༢༤)འབྱུང་ལྡན་དང་སའི་ཁམས་སངས་རྒྱས་སྤྱན་དུ་དག །ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རིན་ཆེན་རིགས་ཀྱི་ཡོན་ཏན་ཐམས་ཅད་མཁྱེན་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་སྣང་བ་མཐའ་ཡས་སུ་གསལ་ལ། རྡོ་རྗེས་དབང་བསྐུར་ཞིང་། ཧཱུྃ། འདུ་ཤེས་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་འདོད་ཆགས་སྦྱོང་བྱེད་པའི། །སོ་སོར་རྟོགས་པའི་ཡེ་ཤེས་ཀྱི། །དཔལ་ལྡན་གསུང་གི་དབང་བསྐུར་རོ། །ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱི རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེས་དབང་བསྐུར་བས་ངག་གི་སྒྲིབ་པ་ཐམས་ཅད་དག །སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ། འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་དང་མེའི་ཁམས་གོས་དཀར་མོར་སངས་རྒྱས་འདོད་ཆགས་སོ་སོར་རྟོགས་པའི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་པདྨའི་རིགས་ཀྱི་གསུང་འགག་པ་མེད་པའི་ཆོས་ཀྱི་སྒྲ་དབྱངས་ཀྱིས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་དོན་གྲུབ་ཏུ་གསལ། དྲིལ་བུ་འཛིན་པས། ཧཱུྃ། འདུ་བྱེད་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ཕྲག་དོག་སྦྱོང་བྱེད་པའི། །བྱ་བ་གྲུབ་པའི་ཡེ་ཤེས་

(༡༢༥)གྱི། །དཔལ་ལྡན་འཕྲིན་ལས་དབང་བསྐུར་རོ། །ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨ རིགས་ཀྱི་བུ་ཁྱོད་ལ་དྲིལ་བུ་འདི་གཏད་པ་ཙམ་གྱིས་ཀུན་གཞིའི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་དབང་ཐོབ། འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་དང་རླུང་གི་ཁམས་དམ་ཚིག་སྒྲོལ་མར་སངས་རྒྱས། ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་གྲོལ་ཏེ་ལས་ཀྱི་རིགས་ཀྱི་འཕྲིན་ལས་ཐོགས་པ་མེད་པར་གྲུབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། སློབ་མ་རྣམ་སྣད་དུ་གསལ་ལ། མིང་དབང་བྱིན་པར་མོས་ཏེ། ཧཱུྃ། གཟུགས་ཀྱི་ཕུང་པོ་རྣམ་དག་ཅིང་། ཉོན་མོངས་གཏི་མུག་སྦྱོང་བྱེད་པའི། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི། །དཔལ་ལྡན་སྐུ་ཡི་དབང་བསྐུར་རོ། །ཨོཾ་བུང་དྷ་ཆེ་གེ་མོ་ཨ་བྷི་ཥིཉྩ་ཧཱུྃ། རིགས་ཀྱི་བུ་ཁྱོད་ལ་རྣམ་པར་སྣང་མཛད་མིང་གི་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག་ནས། སངས་རྒྱས་ཐམས་ཅད་ཀྱི་སྐུའི་དབང་ཐོབ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དང་ནམ་མཁའི་ཁམས་དབྱིངས་ཕྱུག་མར་སངས་རྒྱས། གཏི་མུག་མེ་

(༡༢༦)ལོང་ཡེ་ཤེས་སུ་གྲོལ་ཏེ། དེ་བཞིན་གཤེགས་པའི་རིགས་ཀྱི་སྐུ་འགྱུར་བ་མེད་པ་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །ཞེས་རིགས་དབང་ལྔས་གསང་སྔགས་ཕྱི་བའི་དབང་ཡང་ཞར་བྱུང་དུ་རྫོགས་པའོ། །རྡོ་རྗེ་སློབ་དཔོན་གྱི་དབང་ནི། ཐུགས་ཀྱི་དམ་ཚིག་རྡོ་རྗེ་གསོར་བ་དང་། །གསུང་གི་དམ་ཚིག་དྲིལ་བུ་འཁྲོལ་བ་དང་། སྐུ་ཡི་དམ་ཚིག་འཁྱུང་རྒྱ་བྱེད་པ་སྟེ། །དམ་ཚིག་གསུམ་བྱིན་ལ། ཨོཾ་ཨཱཧཱུྃ། ཐབས་དང་ཤེས་རབ་གཉིས་མེད་ཅིང་། །སྣང་སྟོང་དབྱེར་མེད་འདི་བཟུང་ལ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཡི། །ཀུན་བཟང་རྡོ་རྗེ་འཛིན་ཁྱོད་ཀྱིས། །འགྲོ་ཀུན་རྗེས་སུ་བཟུང་བར་མཛོད། །རིགས་ཀྱི་བུ་ཁྱོད་ལ་གསང་བ་སྔགས་ཀྱི་ཕྱག་རྒྱའི་དམ་ཚིག་གི་ནད་ན་མཆོག་ཏུ་གྱུར་པ། རྡོ་རྗེ་ངང་དྲིལ་བུ་དཀྱིལ་འཁོར་ཐམས་ཅད་པའི་བདག་ཉིད་འདི་ལག་ཏུ་གཏད་པ་ཙམ་གྱིས། རྣམ་པ་ཐམས་ཅད་མཁྱེན་པའི་ས་བོན་ཐེབས། སངས་རྒྱས་ཐམས་ཅད་ཀྱི་མེས་པོ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པར་སངས་རྒྱས་ཏེ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་

(༡༢༧)ནུས་པར་གྱུར་ཅིག །ཅེས་བརྗོད། རྒྱལ་ཚབ་ཏུ་འོས་པའི་སློབ་བུ་ཡིན་ན། །པོ་ཏི། དུང་དཀར། ཕྱག་ཤིང་། འཁོར་ལོ་ལ་སོགས་པ་སྤྲད་ཅིང་ཁྲི་ལ་མངའ་གསོལ་བ་གཞན་དང་མཐུན། སླར་ཡང་རྣམ་རྒྱལ་བུམ་པ་བཟུང་ལ། ཧཱུྃ་བཀྲ་ཤིས་བུམ་པ་ལྷའི་གཞལ་ཡས། །ལྷ་དང་གཉིས་མེད་བདུད་རྩིའི་ཆུས། སྐལ་ལྡན་བུ་ལ་དབང་བསྐུར་བས། །སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས། །རྣམ་སྨིན་རིགས་འཛིན་ཉེར་ཐོབ་ཅིང་། ཀུན་ཏུ་འོད་ཀྱི་ས་ནོན་ཤོག །རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། རིགས་ཀྱི་བུ་ཁྱོད་ལ་དབང་ཐམས་ཅད་བརྟེན་པར་བྱེད་པ་རྣམ་རྒྱལ་གྱི་བུམ་པས་དབང་བསྐུར་བས། སྣོད་བཅུད་ལྷ་དང་གཞལ་ཡས། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱང་ལྷ་དང་ལྷ་མོར་གནས་དག་པ་ཡིན་པས། ཕྱི་ནང་ཐམས་ཅད་ལ་བརྙས་པར་བྱས་ན་ལྟུང་བར་གྱུར་པ་ཡིན་པས་དག་སྣང་དང་མོས་པ་གྱིས་ཤིག །སྐབས་འདིར་རིགས་བརྒྱའི་ལྷ་དབང་བསྐུར་ན། །སོ་སོའི་ཙིཀླི་གཏུགས་ལ། ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་

(༡༢༨)གྲུབ་ཅིང་། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག །ཀུན་བཟང་ཡབ་ཡུམ་གཉིས་ཀྱི་དབང་བསྐུར་རོ། །ཨོཾ་ཨཱཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། །ཞེས་ཀུན་ལ་འགྲེས་སྦྱར་ཞི་ཁྲོའི་ཕྱག་གི་བཀོལ་བྱང་བཞིན་ནོ། །དཔལ་ཆེན་འདུས་པའི་ཚེ། སྤྱི་བོར། ཆེ་མཆོག་ལྷ་ཚོགས་དབང་བསྐུར་བས། །ཆོས་དབྱིངས་ཡེ་ཤེས་རྟོགས་པར་ཤོག །ཨོཾ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོ་ཏ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། དཔྲལ་བར། འཇམ་དཔལ་སྐུ་ཡིས་དབང་བསྐུར་བས། མཉམ་ཉིད་ཡེ་ཤེས་རྟོགས་པར་ཤོག །ཨོཾ་ཧྲཱིཥྚི་ཝི་ཀྲི་ཏཱ་ན་ན་ཨ་བྷི་ཥིཉྩ་ཧཱུྃ། མགྲིན་པར། པདྨ་གསུང་གིས་དབང་བསྐུར་བས། །སོར་རྟོགས་ཡེ་ཤེས་རྟོགས་པར་ཤོག །ཨོཾ་པདྨ་ཏ་ཀྲི་ཏ་ཧྱ་གྷྲི་ཝ་ཨ་བྷི་ཥིཉྩ་ཧཱུྃ། སྙིག་གར། ཡང་དག་ཐུགས་ཀྱིས་དབང་བསྐུར་བས། །མེ་ལོང་ཡེ་ཤེས་རྟོགས་པར་ཤོག །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ། ལྟེ་བར། ཕུར་པ་ཕྲིན་ལས་དབང་བསྐུར་བས། བྱ་གྲུབ་ཡེ་ཤེས་རྟོགས་པར་ཤོག །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ་ཨ་བྷི་ཥིཉྩ་ཧཱུྃ། གསང་གནས། མ་མོ་རྦོད་གཏོང་དབང་བསྐུར་

(༡༢༩)བས། །དབྱིངས་གྲོལ་ཡེ་ཤེས་རྟོགས་པར་ཤོག །ཨོཾ་གུ་ཧྱ་ཛྙཱ་ན་ཤྲཱི་ཧེ་རུ་ཀ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ། བརླ་གཡས། འཇིག་རྟེན་མཆོད་བསྟོད་དབང་བསྐུར་བས། །ཀློང་གྱུར་ཡེ་ཤེས་རྟོགས་པར་ཤོག །ཨོཾ་བཛྲ་ཙཎྜ་སརྦ་དུཥྚཾ་ཨ་བྷི་ཥིཉྩ་ཧཱུྃ། བརླ་གཡོན། དམོད་པ་དྲག་སྔགས་དབང་བསྐུར་བས། །ལྷུན་གྲུབ་ཡེ་ཤེས་རྟོགས་པར་ཤོག །ཨོཾ་བཛྲ་སརྦ་དུཥྚ་ཨ་བྷི་ཥིཉྩ་ཧཱུྃ། སྤྱི་བོར། རིག་འཛིན་སློབ་དཔོན་དབང་བསྐུར་བས། །འདའ་ཀ་ཡེ་ཤེས་རྟོགས་པར་ཤོག །ཨོཾ་བཛྲ་མ་ཧཱ་གུ་རུ་ཨ་བྷི་ཥིཉྩ་ཧཱུྃ། དཔུང་པ་གཉིས། ཚོགས་བརྒྱད་གདུག་པ་ཀླུ་ཡི་གདོན། །ཟ་བྱེད་ཁྱུང་གིས་དབང་བསྐུར་རོ། །ཁྲོཾ་ག་རུ་ཌ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་བུམ་པའི་དབང་གིས་ལུས་དང་རྩའི་སྒྲིབ་པ་དག །བསྐྱེད་རིམ་བསྒོམ་པ་ལ་དབང་། ཕུང་ཁམས་སྐྱེ་མཆེད་ཚོགས་བརྒྱད་དབང་ཡུལ་དང་བཅས་པ་སྐུ་དང་ཡེ་ཤེས་སུ་འགྱུར་བའི་ས་བོན་ཐེབས། སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་གོ། གསང་རྫས་མགྲིན་པར་བཞག་སྟེ། ཧཱུྃ་ཡབ་ཡུམ་སྦྱོར་བའི་བྱང་ཆུབ་

(༡༣༠)སེམས། །དཀར་དམར་བྷནྡྷའི་ནང་དུ་བསྐྱིལ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །རྩ་ཁམས་ཡི་གེའི་རྣམ་པར་སྨིན། །ཚེ་ལ་དབང་བའི་རིགས་འཛིན་ཐོག །པདྨ་ཅན་གྱི་ས་ནོན་ཤོག །རྩ་སྔགས་དང་། ཝཱཀྐ་ཨ་བྷི་ཥིཉྩ་ཨཱརྗེས་འབྲེལ་དུ་བཟླས་ལུང་བྱིན་པ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་རྩ་བའི་སྔགས་ཕྲེང་ལུ་གུ་རྒྱུད་དུ་བྱུང་། སློབ་མའི་མགྲིན་པ་ནས་ཞུགས་སྙིག་གར་འཁོར་བས་འགྱུ་བའི་རླུང་ཁམས་མཐའ་དག་གྲགས་སྟོང་སྔགས་ཀྱི་འཁོར་ལོར་རྫོགས་པར་བསམ་ལ། རྩ་སྔགས་ཀྱི་རྗེས་ཟློས་ལན་གསུམ། དེས་ངག་དང་རླུང་གི་སྒྲིབ་པ་དག །བླ་མེད་ཀྱི་དམ་རྫས་ཁྱད་པར་ཅན་སྤྱོད་ཅིང་བཟླས་བརྗོད་དང་གཏུམ་མོའི་རྣལ་འབྱོར་ལ་དབང་། རླུང་བཅུ་ལས་སུ་རུང་བའི་ཡོན་ཏན་ཐམས་ཅད་ཐོབ། ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་བརྒྱུད་ལ་བཞག །རིག་ཙཀ་གཏད་ལ། ཧོཆོས་རྣམས་ཀུན་གྱི་འབྱུང་གནས་ཏེ། །བདེ་བ་ཆེན་པོ་གསང་བའི་ཡུམ། །རིགས་ཀྱི་བུ་ལ་བྱིན་པ་ཡིས། །དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར། །ཕྱག་རྒྱ་ཆེན་པོའི་རིགས་འཛིན་ཐོབ། །འཁོར་ལོ་

(༡༣༡)ཚོགས་ཆེན་ས་ནོན་ཤོག །རྩ་སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གཏད་པས། རིག་མ་དེས་པདྨ་བྷཉྫ་མོཀྵ་ཧོ ཞེས་པའི་སྒྲས་ཐར་པ་བསྟེན་པ་ལ་བསྐུལ། རྗེས་སུ་ཆགས་པའི་རོལ་མོས་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱོང་། ཡིད་དང་ཐིག་ལེའི་སྒྲིབ་པ་དག །རང་བཞིན་བརྒྱད་ཅུའི་རྟོག་ཚོགས་འགགས། །ཆོས་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག །དབང་བཞི་པ་ལ་མེ་ལོང་དང་ཤེལ་རྡོ་ནི་མཚོན་པའི་བརྡ་སྟེ། དཔེ་དོན་འབྲེལ་བའི་ཡེ་ཤེས་ཉམས་སུ་མྱོང་བར་བསམ་ལ། ཧོ ཀ་དག་མེ་ལོང་གཙང་མའི་ངོགས། །ལྷུན་གྲུབ་དངས་ཤེལ་དྲི་མེད་གསལ། །བརྡ་རྟགས་རྫོགས་པས་དབང་བསྐུར་བས། །དྲི་མེད་རིག་པའི་གནས་ལུགས་རྟོགས། །ལྷུན་གྲུབ་རིགས་འཛིན་ཉེར་ཐོབ་ནས། །བདེ་བ་ཆེན་པོའི་ས་ནོན་ཤོག །རྩ་སྔགས་དང་། དྷརྨཱ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱ༔ ཞེས་པའི་རྗེས་ལ། །སློབ་མ་ལུས་གནད་དང་ལྡན་པས་མཉམ་པར་འཇོག་ཏུ་བཅུག །དེའི་ངང་ལ་ཕཊ་དྲག་པོ་ཞིག་བརྗོད་ལ། །སེམས་གང་ཡིན་ཅེས་ཏབ་ཏབ་

(༡༣༢)ཏུ་དྲིས་བས་སྣང་བ་ཧད་དེ། ཕྱད་དེ། ཅི་ཟེར་ཆ་མི་དོད་པ་བྱུང་ཚོར་གྱི་སྤྲོས་པ་འགགས་པ་དེ་ཉིད་རིག་པ་རང་གནས་ཀྱི་ཡེ་ཤེས་སུ་ངོ་སྤྲད། དེའང་ལྟ་བ་ལུང་རིག་དང་འབྲེལ་བ་ཞེས་བྱ་བ་ཡིན་པས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་གྱུར་རྫོགས་པ་ཆེ། །ཞེས་པའི་ལུང་གིས་སྐྱོར། སློབ་དཔོན་ལྟ་དགོངས་ཅན་ཡིན་ན། ཐུགས་ཀར་ཨ་གཅིག་བསམ་པ་ལ་སློབ་མས་རིག་པ་གཏད་དེ་གཉིས་ཀས་མཉམ་པར་བཞག །སྒོམ་པ་ཉམས་མྱོང་དང་འབྲེལ་བའི་གཤིས་ནས། ཨ་ཉི་ཤུ་རྩ་གཅིག་བརྩེགས་མར་བརྗོད། དེས་ཀུན་གཞི་དང་ཤེས་བྱའི་སྒྲིབ་པ་དག །རྫོགས་པ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་སྒོམ་པ་ལ་དབང་། ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་རྒྱུད་ལ་བཞག །དེ་ནས་བཀའ་རྫོགས་ལུང་རྫོགས་ཕྱིར། གླེགས་བམ་སྤྱི་བོར་བཞག་བྱས་ལ། ཧོཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་

(༡༣༣)དཔལ་བཤེས་གཉེན་རིག་འཛིན་ཤྲཱི་སིང་ཧ། པཎ་ཆེན་བི་མ་ལ་མི་རྟ། ཨོ་རྒྱན་པདྨ་ཐོད་ཕྲེང་། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། རྒྱལ་སྲས་དྲི་མེད་འོད་ཟེར། ཀློང་ཆེན་ནམ་མཁའི་རྣལ་འབྱོར་ལ་སོགས། རང་བཞིན་རྫོགས་པ་ཆེན་པོའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་མགོན་རིག་འཛིན་བླ་མ། ཡི་དམ་མཁའ་འགྲོ་རྒྱ་མཚོ། ཆོས་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་དེང་འདིར་རྡོ་རྗེའི་སློབ་མ་རྣམས་ལ་དབང་བསྐུར་དུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ། རྟོགས་པ་སྦར་དུ་གསོལ། བརྟུལ་ཞུགས་བསྐྱེད་དུ་གསོལ། བྱ་རྩོལ་བློ་འདས་རྫོགས་པ་ཆེན་པོའི་ཀློང་དུ་དགོངས་པའི་བཙན་ས་ཟིན་ཏེ། ཚེ་གཅིག་ལུས་གཅིག་ལ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་མཆོག་བརྙེས་ནས་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་ལ་འགོད་པར་མཛད་དུ་གསོལ། ཅེས་ལན་གསུམ་དང་། བཤད་སྒྲུབ་ཀྱི་བརྒྱུད་པ་འཛིན་པ་དག་ལ་ཐོད་རྒལ་རིག་པའི་རྩལ་དབང་བསྐུར་བ་ཡེ་ཤེས་བླ་

(༡༣༤)མ་ལས་ཤེས་སོ། །དེ་ནས་དམ་ཚིག་བསྒྲག་པ་ནི། གྲངས་དང་རིམ་པའི་རྣམ་དབྱེ་བཤད་ལ། རྩ་བ་སྐུ་གསུང་ཐུགས་མཆོག་དང་། །ཡན་ལག་དམ་ཚིག་ཉི་ཤུ་ལྔ། །མེད་དང་གཅིག་པུ་ཕྱལ་བ་སོགས། ཆོག་བཞིན་དུ་བསྲུང་བར་བགྱི། །ལན་གསུམ། གཏང་རག་གི་མཎྜལ་ཕུལ། །སླར་ཡང་ལུས་དང་ལོངས་སྤྱོད་བླ་མའི་ཕྱོགས་སུ་བསྔོ་བ་ནི། དམ་ཚིག་གི་ཐ་ཚིག་ཡིན་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་བཀའ་སྩལ་པ། དེ་དག་ཐམས་ཅད་བདག་གིས་བགྱི། །ཁྱོད་ལ་བདག་ཀྱང་ཡོངས་སུ་འབུལ། །སློབ་མར་བཟུང་ནས་སྤྱད་དུ་གསོལ། །གསུམ་གྱི་རྗེས་ལ་དགེ་བ་བསྔོ། །གསུམ་པ་རྗེས་ཀྱི་ལས་ཁྲིགས་ནི། ཚོགས་འཁོར་བསྐོར། རྡོ་རྗེའི་གླུ་གར་བྱ། །གཏང་རག་དང་དངོས་གྲུབ་བླང་། རྡུལ་ཚོན་ཡིན་ན་ཨ་ཀཱ་རོས་བསྡུ་ཞིང་ཆུ་ཀླུང་ལ་གཤེགས། རས་བྲིས་ལ་བརྟན་བཞུགས་བྱ། བསྔོ་སྨོན་དང་། ཤེས་བརྗོད་ཀྱིས་མཐའ་བརྟེན་པ་སོགས་སྤྱི་ལྟར་བྱའོ། །དེའང་རང་བཞིན་བརྒྱད་ལྡན་གྱི་རྡོ་རྗེ་སློབ་དཔོན་དག་ལ་ནི་ཡི་གེ་འདི་ཙམ་གྱིས་མཚོན་ལ། གཞན་དུ་ལྷོངས་སུ་མ་གྱུར་པའི་གང་ཟག་རྣམས་ལ་ནི་མདོ་

(༡༣༥)སྔགས་ཀྱི་ལམ་སྤྱི་དང་བྱེ་བྲག་པ་དབང་གི་སྒྲོམ་ནས་ཁོང་དུ་ཆུད་པའི་སྐལ་བ་ཅན་ཉུང་བས་རང་དང་སློབ་མའི་དངོས་གྲུབ་ཀྱི་གེགས་སུ་འགྱུར་ཕྱིར་མདོ་སྒྱུ་སེམས་གསུམ་གྱི་རྒྱུད་སྡེའི་གནད་ལ་ངེས་པ་རྙེད་པར་མ་ནུས་ཀྱང་། ཁོ་བོས་བྱས་པའི་གྲོལ་ཏིག་གི་དབང་ཆོག་མཁྱེན་བརྩེའི་དགོངས་རྒྱན་ལས་སྤྱི་དོན་ཤེས་པ་བྱ་བ་ཁོ་ནའོ། །འདི་ལྟར་ཞི་ཁྲོ་དང་། དཔལ་ཆེན་ཅི་རིགས་པའི་དཀྱིལ་འཁོར་ཆེན་པོ་གཅིག་ཏུ་འཇུག་སྨིན་གྱི་ཆོ་ག་རྫོགས་པ་དག་ལ། རིག་འཛིན་དང་། ཐུགས་རྗེ་ཆེན་པོ་ལ་སོགས་པའི་སྒོས་དབང་ནི། སོ་སོའི་ལས་གཞུང་གི་བདག་མདུན་བུམ་གསུམ་སྒྲུབ་ཅིང་། རྩ་དབང་རྒྱལ་ཐབས་སྤྱི་བླུགས་ལྟར་ནང་ནུས་པ་འཇུག་པའི་དབང་གིས་ཆོག་པ་ཡིན་ནོ། །ཞེས་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ།། །།རྒྱུ་སྦྱོར་སྦྱིན་པའི་བདག་པོ་རྒྱལ་རྩེ་ཁུལ་སྒེར་ཁྲོ་དགའ་བས་བར་དུ་བསྐྲུན་པའི་དགེ་བས་འགྲོ་ཀུན་བྱང་ཆུབ་ཐོབ་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།

(༡༣༦)

(༡༣༧)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས ཕྱི་སྒྲུབ་བླ་མའི་རྣལ་འབྱོར་ཡིད་བཞིན་ནོར་བུ་བཞུགས༔ རིག་པ་དབྱིངས་ཀྱི་ལྷ་ལ་འདུད བླ་མ་ཕྱི་ལྟར་སྒྲུབ་པ་ནི མ་ངེས་གནས་སྐབས་ཐམས་ཅད་དུ ལུས་ནི་རྣམ་སྣང་ཆོས་བདུན་དང་༔ མོས་གུས་དྲག་པོའི་ཀུན་སློང་གིས ཤེས་པ་གཞན་དུ་མ་ཡེངས་པར གཞི་རྫོགས་རྟེན་བསྐྱེད་འདི་ལྟར་གསལ ཨེ་མ་ཧོ རང་སྣང་ལྷུན་གྲུབ་དག་པ་རབ་འབྱམས་ཞིང་༔ བཀོད་པར་བ་རྫོགས་ཟངས་མདོག་དཔལ་རིའི་དབུས རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ ངོ་བོ་འཚོ་རྒྱལ་ལ་རྣམ་པ་རྣལ་འབྱོར་མར་གསལ་བ་རྗེས་སུ་འཛིན་པའི་རྟེན་འབྲེལ་གྱི་མན་ངག །ཞལ་གཅིག་ཕྱག་གཉིས་དམར་གསལ་

(༡༣༨)གྲི་ཐོད་འཛིན ཞབས་གཉིས་དོར་སྟབས་སྤྱན་གསུམ་ནམ་མཁར་གཟིགས སྤྱི་བོར་པདྨ་འབུམ་བརྡལ་ཉི་ཟླའི་སྟེང་ སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང་ དབྱེར་མེད་མཚོ་སྐྱེས་རྡོ་རྗེ་སྤྲུལ་པའི་སྐུ དཀར་དམར་མདངས་ལྡན་གཞོན་ནུའི་ཤ་ཚུགས་ཅན ཕོད་ཁ་ཆོས་གོས་ཟབ་བེར་འདུད་མ་གསོལ ཞལ་གཅིག་ཕྱག་གཉིས་རྒྱལ་པོ་རོལ་པའི་སྟབས ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས དབུ་ལ་འདབ་ལྡན་པདྨའི་མཉེན་ཞུ་གསོལ མཆན་ཁུང་གཡོན་ན་བདེ་སྟོང་ཡུམ་མཆོག་མ སྦས་པའི་ཚུལ་གྱིས་ཁ་ཊཱཾ་རྩེ་གསུམ་སྣམས འཇའ་

(༡༣༩)འུྃ ཟེར་ཐིག་ལེ་འོད་ཕུང་ཀློང་ན་བཞུགས ཕྱི་འཁོར་འོད་ལྔའི་དྲྭ་བས་མཛེས་པའི་ཀློང་ སྤྲུལ་པའི་རྗེ་འབངས་ཉི་ཤུ་རྩ་ལྔ་དང་ རྒྱ་བོད་པཎ་གྲུབ་རིག་འཛིན་ཡི་དམ་ལྷ མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྤྲིན་ལྟར་གཏིབས གསལ་སྟོང་མཉམ་གནས་ཆེན་པོའི་ངང་དུ་གསོལ ཧཱུྃ་ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས པདྨ་གེ་སར་སྟོང་པོ་ལ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཧྲཱིབདག་ལུས་ཞིང་གི་རྡུལ་རྙེད་དུ༔ རྣམ་པར་འཕྲུལ་པས་ཕྱག་འཚལ་ལོ དངོས་བཤམས་ཡིད་སྤྲུལ་ཏིང་འཛིན་མཐུས༔ སྣང་སྲིད་མཆོད་པའི་ཕྱག་རྒྱར་འབུལ སྒོ་གསུམ་མི་དགེའི་ལས་རྣམས་ཀུན༔ འོད་གསལ་ཆོས་སྐུའི་ངང་དུ་བཤགས བདེན་པ་གཉིས་ཀྱིས་བསྡུས་པ་ཡི

(༡༤༠)དགེ་ཚོགས་ཀུན་ལ་རྗེས་ཡི་རང་ ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལ ཇི་སྲིད་འཁོར་བ་མ་སྟོངས་པར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས དུས་གསུམ་བསགས་པའི་དགེ་རྩ་ཀུན བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ རྗེ་བཙུན་གུ་རུ་རིན་པོ་ཆེ ཁྱེད་ནི་སངས་རྒྱས་ཐམས་ཅད་ཀྱི ཐུགས་རྗེ་བྱིན་རླབས་འདུས་པའི་དཔལ སེམས་ཅན་ཡོངས་ཀྱིས་མགོན་གཅིག་པུ ལུས་དང་ལོངས་སྤྱོད་བློ་སྙིང་བྲང་༔ ལྟོས་པ་མེད་པར་ཁྱེད་ལ་འབུལ༔ འདི་ནས་བྱང་ཆུབ་མ་ཐོབ་བར སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཀུན༔ རྗེ་བཙུན་ཆེན་པོ་པད་འབྱུང་མཁྱེ༔ བདག་ལ་རེ་ས་གཞན་ན་མེད༔ ད་ལྟའི་དུས་ངན་སྙིགས་མའི་འགྲོ༔ མི་ཟད་སྡུག་བསྔལ་འདམ་དུ་བྱིང་༔ འདི་ལས་སྐྱོབ་ཤིག་མ་ཧཱ་གུ་རུ༔ དབང་བཞི་བསྐུར་ཅིག་བྱིན་རླབས་ཅན་རྟོགས་པ་སྤོར་ཅིག་ཐུགས་རྗེ་ཅན༔ སྒྲིབ་གཉིས་སྦྱོངས་ཤིག་ནུས་མཐུན་ཅན ནམ་ཞིག་ཚེ་ཡི་དུས་བྱས་ཚེ༔

(༡༤༡)འུྃ རང་སྣང་རྔ་ཡབ་དཔལ་རིའི་ཞིང་ ཟུང་འཇུག་སྤྲུལ་པའི་ཞིང་ཁམས་སུ གཞི་ལུས་རྡོ་རྗེ་རྣལ་འབྱོར་མ གསལ་འཚེར་འོད་ཀྱི་གོང་བུ་རུ༔ གྱུར་ནས་རྗེ་བཙུན་པད་འབྱུང་དང་ དབྱེར་མེད་ཆེན་པོར་སངས་རྒྱས་ཏེ བདེ་དང་སྟོང་པའི་ཆོ་འཕྲུལ་གྱི ཡེ་ཤེས་ཆེན་པོའི་རོལ་པ་ལས ཁམས་གསུམ་སེམས་ཅན་མ་ལུས་པ འདྲེན་པའི་དེད་དཔོན་དམ་པ་རུ རྗེ་བཙུན་པདྨས་དབུགས་དབྱུང་གསོལ གསོལ་བ་སྙིང་གི་དཀྱིལ་ནས་འདེབས ཁ་ཙམ་ཚིག་ཙམ་མ་ཡིན་ནོ བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལ བསམ་དོན་འགྲུབ་པར་མཛད་དུ་གསོལ༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ ཞེས་ཁ་ཞ་ངོས་ལྐོག་མེད་པར་བློས་ལིངས་བསྐྱུར་གྱིས་བཟླས་པ་ཆུ་བོའི་རྒྱུན་བཞིན་བཟླ་བ་དང་མཉམ་དུ་དབང་བཞི་ལེན་པའི་དམིགས་པ་བྱ དམིགས་པ་མི་གསལ་བ་དང་ཁམས་འདུས་པ་སོགས་བྱུང་ན སྣང་སྲིད་སྣོད་བཅུད་ཐམས་ཅད་ཨོ་རྒྱན་

(༡༤༢)ཆེན་པོའི་སྐུ་གསུང་ཐུགས་ཀྱི་རོལ་པར་དག་སྣང་སྦྱངས་ཏེ་གསོལ་བ་ཕུར་ཚུགས་སུ་བཏབ ཉམས་སྤྲོ་བ་དང་རིག་པ་དངས་བའི་ཚེ་སྣང་བ་གཏང་མེད་དུ་བསྐྱུར་ནས་ད་ལྟའི་ཤེས་པ་སྐད་ཅིག་མ་ཡེ་རེ་བསྐྱང་༔ སྡུག་བསྔལ་གཏམ་ངན་ན་ཚ་སོགས་བྱུང་ན་བདག་གི་ལས་ངན་འཛད་པའི་ཐབས་སུ་བླ་མས་གནང་བ་ཡིན་པས་ང་རེ་དགའ་སྙམ་དུ་ཡིད་དངས་སྤྲོ་སིང་ངེ་བ་གྱིས་ལ་རླུང་རོ་འབུད་ཅིང་གསོལ་འདེབས་ལ་འབད གདོན་བགེགས་ཀྱིས་འཚེ་བ་བྱུང་ན་དེ་ལ་སྙིང་རྗེ་དུང་དུང་པ་བསྐྱེད་ལ་ཁོའི་སེམས རང་གི་རིག་པ་གུ་རུའི་།ཐུགས་གསུམ་དབྱེར་མེད་དུ་བསྲེས་ལ་གནོད་བྱེད་ཀྱི་རྣམ་རྟོག་རྩ་གདར་བཅད་དེ་བཛྲ་གུ་རུ་ལ་འབད རྟག་པར་གང་དུ་འདུག་པའི་གནས་ཟངས་མདོག་དཔལ་རི་དངོས་ཡིན་སྙམ་པ་ལས་ཐ་མལ་དུ་མི་བལྟ༔ དེས་ཞིང་ཁམས་འབྱོངས་པ་ཡིན་ནོ འགྲོ་བའི་ཚེ་སངས་རྒྱས་ཀྱི་ཞིང་ཁམས་རྡུལ་ཕྲ་རབ་ལ་བསྐོར་བ་བྱེད་པར་བསམ ཅི་ཟ་ཅི་འཐུང་གི་ཕུད་བདུད་རྩིའི་རང་བཞིན་དུ་བསམ་ཏེ་སྤྱི་བོའི་བླ་མ་ལ་འབུལ

(༡༤༣)འུྃ ཉལ་བའི་ཚེ་སྤྱི་བོ་ཚངས་པའི་བུ་ག་ནས་མར་ལ་ཡེར་གྱིས་བྱོན་ནས རང་གི་སྙིང་པདྨ་འདབ་བཞིའི་རྣམ་པར་གནས་པའི་ནང་དུ་བྱོན དེའི་འོད་ཟེར་གྱིས་རང་ལུས་སྣོད་བཅུད་དང་བཅས་པ་འོད་གསལ་དུ་སྦྱངས་པའི་སྣང་བ་ནང་གསལ་ཐིམ་ལམ་རྨུགས་པའི་ངང་དུ་ཁམས་གསོལ གལ་ཏེ་སད་པ་ན་འཕྲོ་རྒོད་རྒྱ་འབྱམས་དང་རྨི་ལམ་སོགས་ལ་བསམ་གཞིག་གི་འཕྲོ་བཅད་དེ་འོད་གསལ་གྱི་ངང་མདངས་ཁྱབ་གདལ་དུ་བསྐྱང་ ནངས་པར་ལྡངས་པའི་ཚེ་ཆུ་ལས་ཉ་འཕར་བ་བཞིན གཞི་ལུས་ཞིང་ཁམས་ཀྱི་བཀོད་པ་དང་བཅས་པ་གསལ་བཞིན་པའི་ངང་ལས་སྙིང་གའི་བླ་མ་དབུ་མའི་ལམ་བརྒྱུད་སྤྱི་བོའི་སྟེང་གི་བར་སྣང་ལ་ཡེ་རེ་ཁྱིལ་ལེར་དགྱེས་བཞིན་དུ་བཞུགས་པར་བསམ མདོར་ན་དུས་དང་རྣམ་པ་ཐམས་ཅད་དུ་ཕྱི་སྣོད་ཀྱི་འཇིག་རྟེན་ཟངས་མདོག་དཔལ་རིའི་ཕོ་བྲང་༔ ནང་བཅུད་ཀྱི་སེམས་ཅན་དཔའ་བོ་མཁའ་འགྲོའི་ཚོམ་བུ གསང་བ་སེམས་ཀྱི་འཕྲོ་འདུ་

(༡༤༤)རང་གྲོལ་བྱ་ལམ་རྗེས་མེད་དུ་ཤེས་པའི་ངང་ནས་སྙིང་པོ་བཛྲ་གུ་རུ་ཁོ་ན་ལ་འབད་ཅིང་ ཐུན་མཚམས་སུ་ཟངས་མདོག་དཔལ་རིའི་སྨོན་ལམ་འདོན་ཞིང་བསྔོ་བས་རྒྱས་འདེབས དུས་དང་དུས་མ་ཡིན་པ་སོགས་མདོར་ན་ནམ་འཆི་བ་ལ་བབས་པའི་ཚེ་གཞི་ལུས་རྡོ་རྗེ་རྣལ་འབྱོར་མའི་རྣམ་པ་འོད་ཀྱི་གོང་པུར་གྱུར་ནས་སྤྱི་བོའི་བླ་མ་ལ་བསྟིམས བླ་མ་རང་སེམས་གཉིས་སུ་མེད་པའི་ངང་ལ་ཤེས་པ་སྤྲོ་བསྡུ་དང་བྲལ་བར་བཞག་པ་ནི་འཕོ་བ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ལ འདི་ལྟ་བུའི་མན་ངག་ནི་བསྐྱེད་རིམ་གྱི་གནད རྫོགས་རིམ་གྱི་བཅུད གནས་ལུགས་ཀྱི་མ་ཚང་ མན་ངག་གི་མདུད་ཡིན་པས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཞལ་བསྡུར་ཀྱང་གནད་འདི་ལས་ཟབ་པ་འབྱུང་མི་སྲིད་པའི་ཟབ་རྒྱ་ཡིན་པས་སྐལ་ལྡན་རྣམས་ཀྱི་སྙིང་ལ་གཅེས་པར་ཟུང་ཞིག་ཨེ་མ་ཀློང་ཆེན་སྙིང་གི་ཐིག་ལེ་ལས ཕྱི་སྒྲུབ་བླ་མའི་རྣལ་འབྱོར་སྐོར ཟབ་གཉན་བྱིན་རླབས་ཚན་ཁ་ཆེ འོད་གསལ་དབུ་མའི་ཕོ་བྲང་

(༡༤༥)འུྃ དུ ཤེས་རིག་པདྨ་ཐོད་ཕྲེང་གིས བྱིན་རླབས་བརྡ་བརྒྱུད་ཚུལ་དུ་གདམས འགྲོ་དོན་དུས་ལ་བབ་པའི་ཚེ ཐུགས་གཏར་ནམ་མཁའ་མཛོད་ཀྱི་སྒོ རྟེན་འབྲེལ་ཟབ་མོའི་རྐྱེན་གྱིས་ཕྱེད ཤིན་ཏུ་ཟབ་པའི་མཐར་ཐུག་གོ ས་མ་ཡ རྒྱ་རྒྱ་རྒྱ ༈ དབང་བཞི་ལེན་པའི་དམིགས་པ་ནི བླ་མ་ལ་གདུང་བ་དྲག་པོའི་རྐྱེན་གྱིས་བདག་ཉིད་ལ་བརྩེ་བས་རྗེས་སུ་དགོངས་ཏེ གུ་རུའི་སྨིན་མཚམས་ན་ཨོཾ་ཡིག་ཆུ་ཤེལ་ལྟ་བུར་འཆེར་བ་ལས་འོད་ཟེར་འཕྲོས རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ལས་དང་རྩའི་སྒྲིབ་པ་དག །སྐུ་རྡོ་རྗེའི་བྱིན་རླབས་ཞུགས། བུམ་པའི་དབང་ཐོབ། བསྐྱེད་རིམ་གྱི་སྣོད་དུ་གྱུར། རྣམ་སྨིན་རིགས་འཛིན་གྱི་ས་བོན་ཐེབས། སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག །མགྲིན་པ་ན་ཨཱ༔ཡིག་པདྨ་རཱ་ག་ལྟར་འབར་བ་ལས་འོད་ཟེར་འཕྲོས རང་གི་མགྲིན་པ་ནས་ཞུགས།

(༡༤༦)ངག་གི་ལས་དང་རླུང་གི་སྒྲིབ་པ་དག །གསུང་རྡོ་རྗེའི་བྱིན་རླབས་ཞུགས། གསང་བའི་དབང་ཐོབ། བཟླས་བརྗོད་ཀྱི་སྣོད་དུ་གྱུར། ཚེ་དབང་རིགས་འཛིན་གྱི་ས་བོན་ཐེབས། ལོངས་སྤྱོད་རྫོགས་པའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག །ཐུགས་ཀའི་ཧཱུྃ་ཡིག་ནམ་མཁའི་མདོག་ཅན་ལས་འོད་ཟེར་འཕྲོས། རང་གི་སྙིང་གནས་ཞུགས། ཡིད་ཀྱི་ལས་དང་ཐིག་ལེའི་སྒྲིབ་པ་དག །ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། བདེ་སྟོང་ཙཎྜ་ལའི་སྣོད་དུ་གྱུར། ཕྱག་རྒྱའི་རིགས་འཛིན་གྱི་ས་བོན་ཐབས། ཆོས་སྐུའི་གོ་འཕང་གི་སྐལ་བརྒྱུད་ལ་བཞག །སླར་ཡང་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་གཉིས་པ་ཞིག་སྐར་མདའ་འཕངས་པ་བཞིན་དུ་ཆད། རང་སེམས་དང་ཐ་དད་མེད་པར་འདྲེས། ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་སྦྱངས། ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། ཚིག་གིས་མཚོན་པ་དོན་དམ་གྱི་དབང་ཐོབ། ཀ་དག་

(༡༤༧)འུྃ རྫོགས་པ་ཆེན་པོའི་སྣོད་དུ་གྱུར། ལྷུན་གྲུབ་རིགས་འཛིན་གྱི་ས་བོན་ཐེབས། མཐར་ཐུག་གི་འབྲས་བུ་ངོ་བོ་ཉིད་སྐུའི་སྐལ་བརྒྱུད་ལ་བཞག་གོ། དེ་རྗེས་གུ་རུའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དུ་མ་རོ་གཅིག་ཏུ་བསྲེས་པའི་ངང་ལ་ལྟ་བའི་ངང་མདངས་བསྐྱང་ཞིང་གསོལ་འདེབས་བསྙེན་བ་ལ་འབད། འདི་ནི་བླ་མ་ཆོས་སྐུའི་ཞལ་བལྟ་བ་ཞེས་བྱའོ

(༡༤༨)

(༡༤༩)དཀྱིལ་འཁོར་ཐམས་ཅད་ཀྱི་ངོ་བོ་བླ་མ་མཆོད་པའི་ཆོ་ག་དངོས་གྲུབ་རྒྱ་མཚོ་ཞེས་བྱ་བ་བཞུགས། །

(༡༥༠)གང་ཞིག་བསམ་གྱིས་མི་ཁྱབ་པའི། །ཡེ་ཤེས་ལྷན་ཅིག་སྐྱེས་པ་ནི། བླ་མའི་བྱིན་གྱིས་ཐོབ་པའི་ཕྱིར། །དེ་ཉིད་མཆད་པའི་ཆོ་ག་བཤད། །དེ་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་བླ་མའི་ཐུགས་རྗེ་དང་བྱིན་རླབས་ལ་བརྟེན་ནས་གྲོལ་ཞིང་དགྲོལ་བར་འགྱུར་བ་འབའ་ཞིག་ལས་སྟེས་དབང་དང་རང་བཟོས་གྲོལ་བ་མ་ཡིན་པའི་ཚུལ་ཡེ་ཤེས་གྲུབ་པ་ལས། སྐྱ་བ་འཛིན་པ་མེད་པར་ནི། །གྲུས་ཀྱང་ཕ་རོལ་ཕྱིན་མི་འགྱུར། །ཡོན་ཏན་ཐམས་ཅད་ཀུན་རྫོགས་ཀྱང་། །བླ་མ་མེད་ན་སྲིད་མཐའ་མིན། །ཞེས་སོ། །དེ་བས་ན་སྒོམ་པ་ཐམས་ཅད་ཀྱི་ནང་ནས་བླ་མ་སྒོམ་པ་དང་། མཆོད་པ་ཐམས་ཅད་ཀྱི་ནང་ནས་བླ་མ་མཆོད་པ་ལས་ལྷག་པའི་བསོད་ནམས་མེད་པའི་ཚུལ་ནམ་མཁའ་

(༡༥༡)ཀློང་ཡངས་ལས། ལྷ་སྐུ་འབུམ་ཕྲག་སྟོང་བསྒོམས་པས། །བླ་མའི་མོས་པ་ཁྱད་པར་འཕགས། །ཞེས་དང་། དེའི་ཚུལ་ཡང་བསྐྱེད་རྫོགས་གཞན་དག་བསྙེན་སྒྲུབ་ལས་སྦྱོར་དང་བོགས་འདོན་གྱི་གྲོགས་རྐྱེན་ལ་ལྟོས་པ་ལས་རང་ངོ་ངེས་མི་གྲོལ་ལ། འདིར་ནི་བ་ལ་མའི་སྣང་བ་མ་བྲལ་ན། །སངས་རྒྱས་རྣམས་དང་འབྲལ་མེད་གནས། །ཞེས་དང་། རྒྱུད་སྡེ་ལྔ་བཅུ་པ་ལས། གཡོ་མེད་མོས་གུས་ཟླ་དྲུག་གིས། །རྡོ་རྗེ་འཆང་གི་ས་ཐོབ་འགྱུར། །ཞེས་པ་ལ་དགོངས་ནས། སྡོམ་འབྱུང་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ཏེ། །བླ་མ་མཆོད་པ་ཡང་དག་བརྩམ། །འདི་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་པས་འདིང་དེའི་ཚུལ་ལག་

(༡༥༢)ཏུ་བླང་བའི་ཆོ་ག་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། དབང་དང་འབྲེལ་ན་ཚོན་དཀྱིལ་གཉིས་གང་རུང་གི་དཀྱིལ་འཁོར་སྒོ་རྫོགས་ཅན་སྤྱི་དང་མཐུན་པ་ལ་དབུས་ནས་རིམ་པར། རིན་ཆེན་ཟུར་བརྒྱད། རིག་འཛིན་སྣམ་བུ། པད་འདབ་བཅུ་བཞི། ཉེར་བཞི། ཞེ་ལྔ་པ་རྣམས་ལ་ལྷ་གནས་ཀྱི་དེའི་ཐིག་ལེ་བཀོད་པའི་ཤར་སྒོའི་གཡས་གཡོན་དུ་དབང་རྫས་ཀྱང་བཤམ། ཚོགས་གསོག་སྤྱིར་བཏང་ཙམ་ལ་དཀྱིལ་འཁོར་མ་གྲུབ་ན་བྲིས་སྐུ་ལ་སོགས་པའི་རྟེན་དང་སྤྱན་གཟིགས་དགྲམ། མཆོད་གཏོར་དང་ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་རྒྱ་ཆེན་པོ་འདུ་བྱ་བ་ནི་ཅི་ནས་ཀྱང་གལ་ཆེའོ། །གཉིས་པ་དངོས་གཞི་ལ་རྣམ་གྲངས་ཉེར་གཅིག་ལས། དང་པོ་སྐྱབས་སེམས་ནི། སངས་རྒྱས་ཆོས་དང་ཚོགས་སོགས་ལན་གསུམ། གཉིས་པ་བླ་མའི་མོས་གུས་ལ་བརྟེན་ནས་རྒྱུད་སྦྱོང་བ་ནི། མོས་གུས་དྲག་པོས། སྙིང་དབུས་དད་པའི་གེ་སར་བཞད་པ་ནས། །སྐྱབས་གཅིག་དྲིན་ཅན་བླ་མ་ཡར་ལ་བཞེངས། །ལས་དང་ཉོན་མོངས་དྲག་པོས་གཟིར་བ་ཡི། །

(༡༥༣)སྐལ་བ་ངན་པ་བདག་ལ་སྐྱོབ་པའི་ཕྱིར། སྤྱི་བོ་བདེ་ཆེན་འཁོར་ལོའི་རྒྱན་དུ་བཞུགས། །དྲན་དང་ཤེས་བཞིན་ཀུན་ཀྱང་བཞེངས་སུ་གསོལ། །ད་རེས་དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཚེ་རིང་ལྷ་དང་ཀླ་ཀློ་ལོག་ལྟ་ཅན། །སངས་རྒྱས་མ་བྱོན་ཞིང་དང་ལྐུགས་པ་སྟེ། །མི་ཁོམ་བརྒྱད་ལས་ཐར་བའི་དལ་བ་ཐོབ། །མིར་གྱུར་དབང་པོ་ཚང་དང་ཡུལ་དབུས་སྐྱེས། །ལས་མཐའ་མ་ལོག་བསྟན་ལ་དད་པ་སྟེ། །རང་ཉིད་འབྱོར་བ་ལྔ་ཚང་སངས་རྒྱས་བྱོན། །ཆོས་གསུངས་བསྟན་པ་གནས་དང་དེ་ལ་ཞུགས། །བཤེས་གཉེན་དམ་པས་ཟིན་དང་གཞན་འབྱོར་ལྔ། །ཐམས་ཅད་རང་ལ་ཚང་བའི་གནས་ཐོབ་ཀྱང་། །རྐྱེན་མང་ངེས་པ་མེད་པའི་ཆོས་སྤངས་ནས། །འཇིག་རྟེན་ཕ་རོལ་ཉིད་དུ་སོན་པར་འགྱུར། །བློ་སྣ་ཆོས་ལ་བསྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །ད་རེས་དལ་རྟེན་དོན་ཡོད་མ་བྱས་ན། །ཕྱི་ནས་ཐར་པ་བསྒྲུབ་པའི་རྟེན་མི་རྙེད། །བདེ་འགྲོའི་རྟེན་ལ་བསོད་ནམས་ཟད་གྱུར་ནས། །

(༡༥༤)ཤི་བའི་འོག་ཏུ་ངན་སོང་ངན་འགྲོར་འཁྱམ། །དགེ་སྡིག་མི་ཤེས་ཆོས་ཀྱི་སྒྲ་མི་ཐོས། །དགེ་བའི་བཤེས་དང་མི་མཇལ་ཚང་རེ་ཆེ། །སེམས་ཅན་ཙམ་གྱི་གྲངས་དང་རིམ་པ་ལ། བསམས་ན་མི་ལུས་ཐོབ་པ་སྲིད་མཐའ་ཙམ། །མི་ཡང་ཆོས་མེད་སྡིག་ལ་སྤྱོད་མཐོང་ན། །ཆོས་བཞིན་སྤྱོད་པ་ཉིན་མོའི་སྐར་མ་ཙམ། །བློ་སྣ་ཆོས་ལ་བསྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དེ་དྲིན་ཅན་བླ་མ་མཁྱེན། །གལ་ཏེ་མི་ལུས་རིན་ཆེན་གླང་ཕྱིན་ཡང་། །ལུས་རྟེན་བཟང་ལ་བྱུར་པོ་ཆེ་ཡི་སེམས། །ཐར་པ་བསྒྲུབ་པའི་རྟེན་དུ་མི་རུང་ཞིང་། །ཁྱད་པར་བདུད་ཀྱིས་ཟིན་དང་དུག་ལྔ་འཁྲུགས། །ལས་ངན་ཐོག་ཏུ་བབས་དང་ལེ་ལོས་གཡེང་། །གཞན་ཁོལ་བྲན་གཡོག་འཇིགས་སྐྱོབ་ཆོས་ལྟར་བཅོས། །རྨོངས་སོགས་འཕྲལ་བྱུང་རྐྱན་གྱི་མི་ཁོམ་བརྒྱད། །བདག་ལ་ཆོས་ཀྱི་འགལ། ཟླར་ལྷགས་པའི་ཚེ། །བློ་སྣ་ཆོས་ལ་བསྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །སྐྱོ་ཤས་

(༡༥༥)ཆུང་ཞིང་ངད་པའི་ནོར་དང་བྲལ། །འདོད་སྲེད་ཞགས་པས་བཅིངས་དང་ཀུན་སྤྱོད་རྩུབ། །མི་དགེ་སྡིག་ལ་མི་འཛེམ་ལས་མཐའ་ལོག །སྡོམ་པ་ཉམས་ཤིང་དམ་ཚིག་རལ་བ་སྟེ། །རིས་ཆད་བློ་ཡི་མི་ཁོམ་རྣམ་པ་བརྒྱད། །བདག་ལ་ཆོས་ཀྱི་འགལ་ཟླར་ལྷགས་པའི་ཚེ། །བློ་སྣ་ཆོས་ལ་བསྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །ད་ལྟ་ནད་དང་སྡུག་བསྔལ་གྱིས་མ་གཟིར། །བྲན་ཁོལ་ལ་སོགས་གཞན་དབང་མ་གྱུར་པས། །རང་དབང་ཐོབ་པའི་རྟེན་འབྲེལ་འགྲིག་དུས་འདིར། སྙོམས་ལས་ངང་དུ་དལ་འབྱོར་ཆུད་གསོན་ན། །འཁོར་དང་ལོངས་སྤྱོད་ཉེ་དུ་འབྲེལ་བ་ལྟ། །ལྟ་ཅིག་ཅེས་པར་བཟུང་བའི་ལུས་འདི་ཡང་། །མལ་གྱི་ནང་ནས་ས་ཕྱོགས་སྟོང་པར་བསྐྱལ། །ཝ་དང་བྱ་རྒོད་ཁྱི་ཡིས་འདྲད་པའི་དུས། །བར་དོའི་ཡུལ་ན་འཇིགས་པ་ཤིན་ཏུ་ཆེ། །བློ་སྣ་ཆོས་ལ་བསྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་

(༡༥༦)མ་མཁྱེན། །དགེ་སྡིག་ལས་ཀྱི་རྣམ་སྨིན་ཕྱི་བཞིན་འབྲང་། །ཁྱད་པར་དམྱལ་བའི་འཇིག་རྟེན་ཉིད་སོན་ན། །ལྕགས་བསྲེགས་ས་གཞིར་མཚོན་གྱིས་མགོ་ལུས་འབྲལ། །སོག་ལེས་གཤོག་དང་ཐོ་ལུམ་འབར་བས་འཚིར། །སྒོ་མེད་ལྕགས་ཁྱིམ་འཐུམས་པར་འོ་དོད་འབོད། །འབར་བའི་གསལ་ཞིང་གིས་འབུགས་ཁྲོ་ཆུར་འཚོད། །ཀུན་ནས་ཚ་བའི་མེས་བསྲེགས་བརྒྱད་ཚན་གཅིག །གངས་རི་སྟུག་པོའི་འདབས་དང་ཆུ་འཁྱགས་ཀྱི། །གཅོད་རོང་ཡ་ངའི་གནས་སུ་བུ་ཡུག་སྦྲེབས། །གྲང་རེག་རླུང་གིས་བཏབ་པའི་ལང་ཚོ་ནི། །ཆུ་བུར་ཅན་དང་ལྷག་པར་བརྡོལ་བ་ཅན། །སྨྲེ་སྔགས་རྒྱུན་མི་ཆད་པར་འདོན་པ་ཡང་། །ཚོར་བའི་སྡུག་བསྔལ་བརྣག་པར་དཀའ་བ་ཡི། །ཟུངས་ཀྱིས་རབ་བཏང་འཆི་ཁའི་ནད་པ་བཞིན། །ཤུགས་རིང་འདོན་ཞིང་སོ་ཐམ་པགས་པ་འགས། །ཤའུ་ཐོན་ནས་ལྷག་པར་འགས་ཏེ་བརྒྱད། །དེ་བཞིན་སྤུ་གྲིའི་ཐང་ལ་རྐང་པ་གཤོགས། །རལ་གྲིའི་ཚལ་དུ་ལུས་ལ་བཅད་གཏུབས་བྱེད། །རོ་མྱགས་འདམ་ཚུད་ཐལ་ཆེན་རབས་མེད་ཀློང་། །མནར་བའི་ཉེ་འཁོར་

(༡༥༧)བ་དང་འགྱུར་བ་ཅན། །སྒོ་དང་ཀ་བ་ཐབ་དང་ཐག་པ་སོགས། །རྟག་ཏུ་བཀོལ་ཞིང་སྤྱོད་པའི་ཉི་ཚེ་བ། །རྣམ་གྲངས་བཅོ་བརྒྱད་གང་ལས་འབྱུང་བའི་རྒྱུ། །ཞེ་སྡང་དྲག་པོའི་ཀུན་སློང་སྐྱེས་པའི་ཚེ། །བློ་སྣ་ཆོས་ལ་བསྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །དེ་བཞིན་ཕོངས་ལ་ཉམས་མི་དགའ་བའི་ཡུལ། །བཟའ་བཏུང་ལོངས་སྤྱོད་མིང་ཡང་མི་གྲག་པར། །ཟས་སྐོམ་ལོ་ཟླར་མི་རྙེད་ཡི་དགས་ལུས། །རིད་ཅིང་ལྡང་བའི་སྟོབས་ཉམས་རྣམ་པ་གསུམ། །གང་ལས་འབྱུང་བའི་རྒྱུ་ནི་སེར་སྣ་ཡིན། །གཅིག་ལ་གཅིག་བཟའ་གསོད་པའི་འཇིགས་པ་ཆེ། །བཀོལ་ཞིང་སྤྱོད་པས་ཉམ་ཐག་བླང་དོར་རྨོངས། །ཕ་མཐའ་མེད་པའི་སྡུག་བསྔལ་ཀྱིས་གཟིར་བའི། །ས་བོན་གཏི་མུག་མུན་པར་འཁྱམས་པ་བདག །བློ་སྣ་ཆོས་ལ་བསྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན། །ཆོས་ལམ་ཞུགས་ཀྱང་ཉེས་སྤྱོད་མི་སྡོམ་ཞིང་། །

(༡༥༨)ཐེག་ཆེན་སྒོར་ཞུགས་གཞན་ཕན་སེམས་དང་བྲལ། །དབང་བཞི་ཐོབ་ཀྱང་བསྐྱེད་རྫོགས་མི་སྒོམ་པའི། །ལམ་གོལ་འདི་ལས་བླ་མས་བསྒྲལ་དུ་གསོལ། །ལྟ་བ་རྟོགས་ཐོ་ཅོའི་སྤྱོད་པ་ཅན། །སྒོམ་པ་ཡེངས་ཀྱང་གོ་ཡུལ་འུད་གོག་འཐབ། །སྤྱོད་པ་ནོར་ཀྱང་རང་སྐྱོན་མི་སེམས་པའི། །ཆོས་དྲེད་འདི་ལས་བླ་མས་བསྒྲལ་ཏུ་གསོལ། །ནངས་པར་འཆི་ཡང་གནས་གོས་ནོར་ལ་སྲེད། །ན་ཚོད་ཡོལ་ཡང་ངེས་འབྱུང་སྐྱོ་ཤས་བྲལ། །ཐོས་པ་ཆུང་ཡང་ཡོན་ཏན་ཅན་དུ་རློམ། །མ་རིག་འདི་ལ་བླ་མས་བསྒྲལ་དུ་གསོལ། །རྐྱེན་ཁར་འཆོར་ཡང་འདུ་འཇི་གནས་སྐོར་སེམས། །དབེན་པ་བསྟེན་ཀྱང་རང་རྒྱུད་ཤིང་ལྟར་རེངས། །དུལ་བར་སྨྲ་ཡང་ཆགས་སྡང་མ་ཞིག་བའི། །ཆོས་བརྒྱད་འདི་ལས་བླ་མས་བསྒྲལ་དུ་གསོལ། །གཉིད་འཐུག་འདི་ལས་མྱུར་དུ་སད་དུ་གསལ། །ཁྲི་མུན་འདི་ལས་མྱུར་དུ་དབྱུང་དུ་གསོལ། །ཞེས་འབོད་པ་དྲག་པོས་ཐུགས་རྗེ་ལྷོངས་པར་བྱའོ། །གསུམ་པ་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་བྱང་སྡོམ་བླང་པའི་ཐོག་མར་ཚོགས་གསོག་ནི།

(༡༥༩)གང་ཞིག་ལུས་པ་མེད་པའི་སེམས་ཅན་གྱི། །མགོན་དང་དཔུང་གཉེན་གྱུར་ཀྱང་བདུད་སྡེའི་དགྲ། ཇི་ལྟ་ཇི་སྙེད་མཁྱེན་ཅིང་གཟིགས་པ་ཡི། །བཅོམ་ལྡན་བདག་གིས་སྡུམ་པར་མཆིས་སུ་གསོལ། །ལས་ཀྱིས་སྤྲུལ་པ་མ་ཡིན་འབྱོན་པའི་ཡུལ། །ལུས་ཀྱི་ཁང་བུ་བརྩེགས་པ་དྲི་བསུང་ཅན། །ཤེལ་དང་ནོར་བུ་ས་གཞི་ཀ་བར་ལྡན། །གཡུད་མར་མུ་ཏིག་བླ་བྲེ་དབྱངས་པ་དེར། །བདེ་གཤེགས་རིགས་ཀྱི་བུ་མཆོག་བཅས་པ་ལ། །སྤོས་ཆུས་གང་བའི་ནོར་བུའི་བུམ་པ་ནས། །ཁྲུས་ཀྱི་རིམ་གྲོ་བགྱིད་པའི་སྨིན་ལེགས་མ། །གླུ་གར་རོལ་མོའི་འགྱུར་བ་འགྲན་ལ་བརྩོན། །ཉེ་རེག་ཆོ་ག་མཁས་པའི་རི་དྭགས་མིག །དྲིལ་ཕྱིས་བསྐུ་མཉེའི་སྲི་ཞུས་གཡེང་བ་ཡང་། ཁ་དོག་གཅིག་ཏུ་མི་གནས་དབང་པོའི་ཚོན། །ཐགས་སུ་བཏགས་པ་མེད་པའི་ལྷ་རྫས་ཉོ། །དཔག་བསམ་ལྗོན་པས་བཙོད་པའི་པཉྩ་ལི། །ལྕིད་ཀྱིས་ནོན་སྤངས་སྲབ་འཇམ་ཡང་བའི་གོས། །དྲི་དང་སྦོས་ཆུས་བགོས་ཤིང་བྱུགས་པ་དང་

(༡༦༠)རིན་ཐང་བརྗོད་ལ་ཁྲེལ་བའི་རིན་ཆེན་རྒྱན། །གདུ་བུ་དཔུང་རྒྱན་སྙན་ཆ་ཅོད་པན་སོགས། །འདོད་པའི་ཡོན་ཏན་སྤངས་པའི་ཐུབ་དབང་ཀྱང་། །བཀྲེན་ལྡན་བསོད་ནམས་སླད་དུ་བདག་གིས་བཞེས། །འཇིག་རྟེན་དབང་ཕྱུག་ལ་སོགས་ཉེ་བའི་སྲས། །ངན་སོང་ཀུན་འདྲེན་ལ་སོགས་བསྐལ་བཟང་གི །སེམས་དཔའ་བཅུ་དྲུག་དང་ནི་ཁྱིམ་པའི་ཚུལ། །ཆོས་འཕགས་རྟག་ཏུ་དུ་དང་ལི་ཙ་བྱི། །དྲི་མ་མེད་པར་གྲགས་ལའང་དབུལ་བར་བགྱི། །སྟོང་གསུམ་ཅིག་ཅར་ཁྱབ་པའི་དྲིའི་བཞོན་པར། །འཁྱུད་པའི་ཙན་དན་སྤོས་ཀྱི་གསུང་ཞིམ་དྲིས། །བསོད་ནམས་ཕྱེ་བའི་འབྱུང་གནས་མཚན་དཔེའི་བྱད། །གསེར་སྦྱངས་བརྟན་པ་འགྲོག་ལ་བྱུག་པར་བགྱི། །བཏང་སྙོམས་ཡངས་པའི་ཤེལ་གྱི་ས་གཞི་ལ། །བྱམས་པའི་པདྨོ་གེ་སར་སྟོང་བརྡལ་བར། །སྙིང་རྗེའི་ཉི་ཟླ་བཀྲག་ཏུ་འཚེར་བ་བསྟར། །དགའ་ཆེན་བཅོམ་ལྡན་སྲས་བཅས་བཞུགས་སུ་གསོལ། །བབས་ཅོལ་གོམས་པ་མིན་པའི་ལུས་བཏུད་ཀྱིས། །སྙིང་ཁར་གུས་བཅས་མངོན་རྟོགས་ངོམས་པ་ལ། །མེ་ཏོག་དོག་པས་རབ་བཟུང་སྙིམ་པའི་སྣོད། །

(༡༦༡)གའུ་ཆུང་གི་བརྟུལ་ཞུགས་འཛིན་པ་ཡིན། །རིག་དང་ཞབས་སུ་ལྡན་སོགས་བདེ་གཤེགས་ཀྱི། །ཡོན་ཏན་མཐའ་དག་གནས་ཀྱི་བསྐལ་བ་བཞིན། །དད་པའི་སྐྱེད་མོས་ཚལ་དུ་འོངས་པའི་མོད། །སྐྱོ་བ་མིན་པའི་བ་སྤུ་གཅིག་ཏུ་ཟིང་། །ཟླ་གཞོན་ཁྲུས་ལ་འཇུག་པའི་རྫིང་བུའི་ནང་། །རྨ་བྱའི་བུ་མོ་འཇོ་སྒེག་རོལ་པ་ལྟའི། །ལང་ཚོའི་གྲངས་སྙེང་རྡུལ་གྱི་རྣམ་གྲངས་དང་། །ཤིན་ཏུ་འཕྲུལ་པ་སྐྱེད་བྱེད་ཕྱག་གིས་བྲེལ། །གཏོང་པའི་ཡན་ལག་རྫོགས་པའི་དངོས་འབྱོར་དང་། །དེས་ཀྱང་མཚོན་པ་དཔེ་མེད་ཡིད་ཀྱིས་སྤྲུལ། །བླ་ན་མཆིས་པ་མ་ཡིན་མཆོད་པའི་སྤྲིན། །ཀུན་ཏུ་བཟང་པོའི་ཡོན་ལ་ཕྲག་དོག་བགྱིད། །མུ་ཅོར་སྨྲ་བའི་ལས་དང་བག་ཆགས་སྡིག །དགེ་ལ་འཇིགས་ནས་གཞན་དུ་བྲོས་པའི་འཁྲུགས། །སྲིད་པའི་མུན་ནག་སྟུག་པོར་འཆབ་པ་ཀུན། །སྟོབས་བཞིའི་ཉིན་བྱེད་འབར་བས་སྦྱངས་ཤིང་བཤགས། །སྦྱོར་བ་གང་གིས་བདག་ཉིད་མ་འཁྲུགས་བཞིན། །བསམ་པའི་ཁྱད་པར་གཅིག་གིས་གཞན་དག་གི། །རྣམ་དཀར་

(༡༦༢)ལུང་ལ་འཕྲོག་པའི་ཆོམ་ཀུན་གྱི། །བརྟུལ་ཞུགས་རྗེས་སུ་ཡི་རང་ཁོ་ནས་བྱས། །ཐར་མེད་འཁོར་བའི་སྤྱོད་པ་མ་དུལ་ཞིང་། །རྣམ་པར་སྲ་མཁྲེགས་ཐ་བ་གང་གིས་ཀྱང་། །གདུལ་ཐབས་བརྟན་པ་བྲལ་ལ་ཆོས་འཁོར་གྱི། །རྩིབས་རྣོན་མུ་ཁྱུད་འཛིན་དེ་བསྐོར་བར་བསྐུལ། །རྒྱལ་དང་དེ་སྲས་རྣམས་ཀྱིས་སྤངས་གྱུར་པའི། །འགྲོ་འདིས་སྡུག་བསྔལ་གནས་སྐབས་རྟེན་མཐོང་ནས། །མྱ་ངན་འདའ་བ་མེད་པའི་གདན་ཁྲི་ལ། །དངོས་པོ་ཀུན་གྱི་རིན་ཐང་གཅིག་ཏུ་སྤུངས། །བདག་ཏུ་བལྟ་བས་འདར་བའི་རྣམ་དཀར་ཡང་། །སྲིད་པར་ལན་གཅིག་མཐོ་བའི་ཆོ་དེ་སྟེ། །བྱང་ཆུབ་བསྔོ་བའི་གསེར་འགྱུར་རྩིས་ཐེགས་པ། །འདི་ནི་སྟོན་པ་གཞན་གྱི་ལུགས་ལ་མེད། །ཆོག་ཤེས་བདུད་རྩིའི་བཏུང་བས་མ་ངོམས་ན། །སྐྱེས་བུའི་ཡིད་ལ་མ་བཟུང་མཆོད་སྤྲིན་ཡང་། །ཚིག་གི་ཕ་མཐར་འཁྱམ་ལ་སྐྲག་གྱུར་ནས། །བདག་ལུས་སྟན་དུ་དབུལ་ལའང་དོ་གལ་བགྱིད། །དཀོན་མཆོག་གསུམ་གྱི་འབངས་སུ་དམ་བཅས་པའི། །གྲིབ་བསིལ་སོ་ཀའི་མེ་ཏོག་འཇོ་སྒེག་ཅན། །རྣམ་ཀུན་འཁྲུགས་པའི་གཤིན་རྗེའི་མདུན་

(༡༦༣)སར་ཡང་། ཁྲོ་གཉེར་འཇིག་པའི་རིན་ཐང་ཟད་མི་ཤེས། །དེས་ནི་གཏི་མུག་མཐུས་ནོན་སྡིག་ལྡན་བདག བྱི་དོར་ཤིན་ཏུ་བརྟེན་པའི་དངས་ཤེལ་ལྟར། །བསོད་ནམས་རྙོག་པ་དངས་པའི་སེམས་ཀྱི་ནང་། །སེམས་བསྐྱེད་ཚོགས་ཐོབ་པའི་གཟུགས་བརྙན་རྡོམ། །ཉེས་པ་བརྒྱ་ཕྲག་གཡང་སར་ལྷུང་བ་ཡི། །རིམས་ཀྱིས་ཤིན་ཏུ་བཏབ་པའི་ནད་པ་རྣམས། །གསོ་དཔྱད་ཕལ་པའི་མདུན་སར་དབུགས་མི་ཕྱིན། །སྨན་པ་མཆོག་ལ་སྐྱབས་སུ་ལྷག་པར་དོང་། །མོས་པ་གང་གི་སླད་དུ་འདིར་གཤེགས་ནས། །སེམས་ཅན་ཁམས་ལ་དགོངས་པའི་སྟེན་མཆོག་ནི། །ཐེག་པ་ཆེན་པོའི་སྐྱེས་བུ་འབའ་ཞིག་པའི། །ཚོགས་ཀྱི་དབུས་ན་ལྷམ་མེར་མཛེས་པ་ལ། །སྐྱབས་སུ་འགྲོ་བ་གསུམ་གྱིས་གཞི་བཅས་ལ། །དགོངས་སུ་གསོལ་བ་གསུམ་གྱིས་སད་བྱས་ནས། །རྒྱལ་བ་སྲས་དང་བཅས་པའི་ཐུགས་བསྐྱེད་དང་། བསླབ་པའི་བརྟུལ་ཞུགས་མཐའ་དག་བླང་བ་ཡིན། །ཉོན་སྒྲིབ་ཟུག་རྡུའི་དུམ་བུ་བཅད་གྱུར་ཀྱང་། །ཤེས་སྒྲིབ་ཡུལ་གྱི་རོ་ལ་བཅགས་པ་ཡི། །ཉན་རང་དགྲ་བཅོམ་

(༡༦༤)མ་བསྒྲལ་བ་ལས་བསྒྲལ། །གཉིས་ཀའི་འཆིད་བས་ཀུན་ནས་དཀྲིགས་པ་ཡི། །ཚངས་པ་ལ་སོགས་སོ་སོའི་སྐྱེ་བོ་ནས། །སློབ་པ་འཕགས་པའི་བར་ལ་གནས་པ་ཡི། །སེམས་ཅན་མ་གྲོལ་བ་རྣམས་དགྲོལ་བ་དང་། །ཤིན་ཏུ་སྡུག་བསྔལ་དྲག་པོའི་ཤུགས་རིང་ལས། །དབུགས་འབྱིན་ཐོབ་པ་མེད་པའི་ངན་སོང་གསུམ། །དབུགས་འབྱིན་ཆེན་པོའི་གནས་ལ་སྦྱར་བ་དང་། །མདོར་ན་རྟེན་ཅིང་འབྲེལ་འབྱུང་བཅུ་གཉིས་ཀྱི། །འཁོར་ལོའི་རྒྱར་ཆུང་སེམས་ཅན་ཡོད་དོ་ཅོག །མི་གནས་ཡེ་ཤེས་མྱ་ངན་འདས་པའི་གྲོང་། །འགོད་བྱེད་ཆོ་གས་བཟུང་བའི་བརྗོད་པ་ནི། །སྔོན་བྱོན་དྲང་སྲོང་རྣམས་ཀྱི་ལུགས་ལ་བརྟེན། །བཞི་པ་ཚད་མེད་བཞི་པ་སྒོམ་པ་ནི། །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་སོགས་ལན་གསུམ། ལྔ་པ་སྨོན་འཇུག་སྟབས་གཅིག་ཏུ་བླང་བ་ནི། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་

(༡༦༥)ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ། །དྲུག་པ་སེམས་གཟེངས་བསྟོང་པ་ནི། །སྔོན་ཆད་གཞན་གྱི་དོན་ལ་ལྟ་ཅི་སྨོས། །རང་དོན་ཉིད་དུ་རྨི་བའང་མ་མྱོང་བའི། །རིན་ཆེན་སེམས་ཀྱི་ཁྱད་པར་དམ་པ་འདིས། །བདག་གི་སྲིད་པ་རིན་ཐང་མེད་པ་བྱས། །རིགས་ལས་ཉམས་པ་གང་ཞིག་ཆོ་རིགས་ཀྱི། །ལྷག་པར་བཙུན་པའི་གནས་ཐོབ་ཇི་བཞིན་དུ། །རྒྱལ་བ་ཀུན་གྱི་སྲས་སུ་དང་གྱུར་པས། །བྱང་ཆུབ་སེམས་དཔའི་མིང་གི་ཅོད་པན་འཐོབ། །སྲིད་གསུམ་བདག་པོ་བྱས་དང་དེ་ཉིད་ཀྱིས། །རྨོངས་པའི་བླ་དྭགས་དབྱངས་ལའང་དགའ་བྱེད་ན། །བྱང་ཆུབ་སེམས་དཔའི་གནས་ཐོབ་དེ་རིང་ཙམ། །དགའ་བའི་འཁྲི་ཤིང་སློང་ལ་ལྷ་ཡང་ཕྱོགས། །འཆི་བདག་འཇོམས་པའི་བདུད་རྩི་མི་ཟད་གཏེར། །དབུལ་བ་སེལ་བའི་ནོར་དང་ནང་ཞིའི་

(༡༦༦)སྨན། །སྲིད་ལས་དུབ་པའི་མགྲོན་པོའི་ངལ་སྟེགས་ཕྱིར། །བདག་ནི་དེང་ནས་འགྲོ་བའི་ཉེར་འཚོར་གྱུར། །བདུན་པ་བགེགས་ལ་བཀའ་བསྒོ་བ་ནི། ཨེ་མ་ང་ནི་རང་བྱུང་བ། །ཁྲོ་རྒྱལ་དཔལ་ཆེན་ཉིད་ཀྱི་སྐུ། །དངོས་གྲུབ་བར་ཆད་བྱེད་པའི་བགེགས། །འདི་རུ་མ་འདུག་གཞན་དུ་སོང་། །ཅི་སྟེ་འགྲོ་བར་མི་བྱེད་ན། །མགོ་བཅོ་ཚལ་བ་བརྒྱར་འགས་ཤིང་། །ལུས་ནི་དུམ་བུ་སྟོང་དུ་གཏུབས། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། བརྒྱད་པ་མཚམས་གཅོད་ནི། ཧཱུྃ། སྟེང་འོག་ཕྱོགས་མཚམས་ཡེ་ཤེས་མེ་དཔུང་འབར། །རྡོ་རྗེའི་རྭ་བ་དྲ་བ་གུར་དང་ནི། །བླ་རེ་མཚོན་ཆའི་འཁོར་ལོས་ནམ་མཁའ་ཁྱབ། །ཁྲོ་བོ་ཁྲོ་མོ་དཔལ་ཆེན་རྔམས་པའི་ཚོགས། །སྤྲིན་ཕུང་འཁྲིགས་ཤིང་ཧཱུྃ་སྒྲ་དི་རི་རི། ཧཱུྃ་ཧཱུྃ་ཧཱུྃ། །དགུ་པ་མཆོད་རྫས་བྱིན་གྱིས་རློབ་པ་ནི། ཨ་མྲྀ་ཏས་བསང་སྦྱངས། །སྟོང་པའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་ཕྱི་ནང་གསང་བའི་མཆོད་སྤྲིན་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་ཡོན་གྱི་སྤྲིན་ཕུང་ཟད་མི་ཤེས་པ་ཀུན་ཏུ་བཟང་པོའི་མཆོད་པའི་རྣམ་རོལ་དུ་རྒྱས་པར་གྱུར་ཅིག་

(༡༦༧)ན་མ སརྦ་ཏ་ཐཱ་ག་ཏ་སོགས་དང་། སྨན་གཏོར་རཀྟའི་སྔགས་ཀྱིས་བརླབ། བཅུ་པ་ཚོགས་ཞིང་བསྒྲུབ་པ་ནི། བདག་མདུན་བླ་འོག་ལྟར་གསལ་ཀྱང་སྤྱི་བོ་ཆེར་སོན་པ་དང་། ཚོགས་ཞིང་ཆུང་ངུར་སོན་པའི་ཀུན་རྟོག་རང་རྒྱུད་པ་སྤངས་ཏེ་ཏིང་ངེ་འཛིན་གྱི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པ་ཉམས་འོག་ཏུ་ཆུད་པས། ཨོཾ་སྭཱ་བྷཱ་ཝས་སྟོང་པར་སྦྱངས། རང་སྣང་ལྷུན་གྲུབ་དག་པ་རབ་འབྱམས་ཞིང་། །བཀོད་པ་རབ་རྫོགས་ཟངས་མདོག་དཔལ་རིའི་དབུས། །རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། །ཞལ་གཅིག་ཕྱག་གཉིས་དམར་གསལ་གྲི་ཐོད་འཛིན། །ཞབས་གཉིས་དོར་སྟབས་སྤྱན་གསུམ་ནམ་མཁར་གཟིགས། །སྤྱི་བོར་པདྨ་འབུམ་བརྡལ་ཉི་ཟླའི་སྟེང་། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང་། །དབྱེར་མེད་མཚོ་སྐྱེས་རྡོ་རྗེ་སྤྲུལ་པའི་སྐུ། །དཀར་དམར་མདངས་ལྡན་གཞོན་ནུའི་ཤ་ཚུགས་ཅན། །ཕོད་ཁ་ཆོས་གོས་ཟབ་བེར་འདུད་མ་གསོལ། །ཞལ་གཅིག་ཕྱག་གཉིས་རྒྱལ་པོ་རོལ་པའི་སྟབས། །ཕྱག་གཡས་རྡོ་རྗེ་

(༡༦༨)གཡོན་པ་ཐོད་བུམ་བསྣམས། །དབུ་ལ་འདབ་ལྡན་པདྨའི་མཉེན་ཞུ་གསོལ། །མཚན་ཁུང་གཡོན་ན་བདེ་སྟོང་ཡུམ་མཆོག་མ། །སྦས་པའི་ཚུལ་གྱིས་ཁ་ཊཾྭ་རྩེ་གསུམ་བསྣམས། །འཇའ་ཟེར་ཐིག་ལེ་འོད་ཕུང་ཀློང་ན་བཞུགས། །ཕྱི་འཁོར་འོད་ལྔའི་དྲ་བས་མཛེས་པའི་ཀློང་། །སྤྲུལ་པའི་རྗེ་འབངས་ཉི་ཤུ་རྩ་ལྔ་དང་། །རྒྱ་བོད་པཎ་གྲུབ་རིག་འཛིན་ཡི་དམ་ལྷ། །མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྤྲིན་ལྟར་གཏིབས། །གསལ་སྟོང་མཉམ་གནས་ཆེན་པོའི་དང་དུ་གསལ། །ཞེས་མོས་པས་བསྐྱེད་ནས། རྣམ་པ་བྱེ་བྲག་ཏུ་གསལ་གདབ་པ་ནི། ཧཱུྃ། སངས་རྒྱས་ཀུན་གྱི་ངོ་བོ་བླ་མ་རྗེའི། །ཐུགས་ཀ་ཆོས་ཀྱི་འཁོར་ལོའི་ལྟེ་བ་ལ། །མི་འཇིགས་སེང་གེ་བརྒྱད་ཀྱིས་བཏེག་པའི་ཁྲིར། །དང་པོའི་སངས་རྒྱས་ཀུན་བཟང་ཡབ་ཡུམ་བཞུགས། །པད་འདབ་བཞི་ལ་མདུན་ནས་རིམ་པ་བཞིན། །བདེ་གཤེགས་རི་རབ་མར་མེ་རྒྱལ་མཚན་ནི། །དྲུག་པ་རྡོ་རྗེ་འཆང་གི་རྣམ་པ་དང་། །ཧེ་རུ་ཀའི་ཆས། །དགའ་རབ་ཤཱི་སེང་ཛྙཱ་ན་སུ་ཏྲས་བསྐོར། །རྒྱལ་རིགས་གང་ཟག་ལས་སྐྱེས་འགོག་ལམ་གྱི། །

(༡༦༩)བདེན་གཉིས་ལུང་གི་ཆོས་ཚུལ་མ་ལུས་པ། །བདེན་པ་དབྱེར་མེད་རྟོགས་པའི་ངོ་བོར་རྫོགས། །དཀོན་མཆོག་གསུམ་གྱི་བདག་ཉིད་ཨེ་མ་ཧོ། ༈ རང་ཉིད་རྡོ་རྗེ་རྣལ་འབྱོར་མའི། །སྤྱི་བོར་པདྨ་འབུམ་བརྡལ་ནི། །ཟང་ཐལ་སྒྲིབ་གཡོགས་བྲལ་བའི་གཞིའི། །ནང་རིམ་རིན་ཆེན་ཟུར་བརྒྱད་ཀྱི། །ཤར་དུ་ཧཱུྃ་ཀཱར་རྡོ་རྗེ་གདེངས། །ལྷོ་རུ་བཤེས་གཉེན་རིན་ཆེན་འཛིན། །ནུབ་ཏུ་ཀླུ་སྒྲུབ་པདྨ་བསྣམས། །བྱང་དུ་པྲ་ཆེན་རྒྱ་གྲམ་གདེངས། །ཤར་ལྷོ་ནས་བརྩམས་མཚམས་བཞི་རུ། །དྷ་ན་སཾ་སྐྲི་ཐོད་རྔ་འཁྲོལ། །བི་མ་མི་ཏྲ་ཚེ་བུམ་འཛིན། །གུ་ཧྱ་ཙནྡྲ་མཆོད་སྡོང་བསྣམས། །ཤཱནྟིང་གརྦྷ་འཁོར་ལོ་གདེངས། །ཀུན་ཀྱང་གཡོན་པ་དྲིལ་བུ་འཛིན། །འཁོར་ལོས་སྒྱུར་བའི་ཆས་ཀྱིས་རིལ། །དེའི་ཕྱི་རིག་འཛིན་སྣམ་བུ་ལ། །རྒྱལ་གསུང་ལམ་བདེན་སེང་གེའི་སྒྲ། །རྡོ་རྗེའི་ཐེག་པ་རིམ་པ་དགུས། །འདྲེན་པའི་ཤིང་རྟ་ཆེན་པོ་ནི། །དཔལ་ཆེན་གྲུབ་པ་དགུ་ལ་སོགས། །སྤྲུལ་པའི་རྗེ་འབངས་ཉི་ཤུ་ལྔ། །ཕྱོགས་ལས་རྣམ་རྒྱལ་བརྟུལ་ཞུགས་སྤྱོད། །

(༡༧༠)པར་མཚམས་ཏིང་འཛིན་བཟང་པོ་ནས། །དྲིན་ཅན་བླ་མ་ཡན་ཆོད་ཀྱི། །རྫོགས་ཆེན་བརྒྱུད་པ་སྤྲིན་ལྟར་གཏིབས། ༈ དེའི་ཕྱི་པད་འདབ་བཅུ་བཞི་ལ། །སྤྱིར་བརྒྱད་ཅུ་རྩ་ལྔ་ལས་སློབ་དཔོན་པདྨ་དང་ཀླུ་སྒྲུབ་སྙིང་པོ་གོང་དུ་ཡོད་པ་རིག་པར་བྱའོ། །གྲུབ་པ་རྒྱའི་སྤྱི་མེས་ས་ར་ཧ། །མུ་སྟེགས་ཚར་གཅོད་འཕགས་པ་ལྷ། །ཉ་ལྟོ་ཟ་བ་ལཱུ་ཡི་བ། །ཡི་དམ་ཞལ་གཟིགས་ཡེ་ཤེས་ཞབས། །རིག་མ་ཁྱིར་སྤྲུལ་ཀུ་ཀུ་རི། །ཆུ་བོ་གྱེན་ལྡོག་བི་རཱུ་པ། །རྩོད་པའི་ཁྱུ་མཆོག་ཆོས་ཀྱི་གྲགས། །མཚོ་སྐྱེས་རྡོ་རྗེ་པདྨར་རོལ། །ནམ་མཁར་སྤྱོད་པ་ན་ལེནྟྲ། །དགའ་ལྡན་གནས་གཤེགས་ཐོགས་མེད་ཞབས། །རྡོ་རྗེ་དྲིལ་བུ་བུ་སྨད་ཅན། །སྟག་ཞོན་གང་བརྒལ་ཌྃ་བྷི་པ། །རྩོམ་མཁས་མཁར་གཤེགས་ཞི་བའི་ལྷ། །པདྨ་བཛྲ་ཁྱིམ་པའི་ཚུལ། །དེའི་ཕྱི་པད་འདབ་ཉེར་བཞི་ལ། །འཕགས་པས་ཞལ་བསྟན་བྷ་ཡ་རི། །དབུ་མའི་དོན་གཟིགས་ཟླ་བ་གྲགས། །ནག་པོ་རྡོ་རྗེ་དཀའ་།ཐུབ་ཅན། །རམས་མཁན་ཚངས་སྤྱོད་ནི་ལ་པ། །ཨིནྡྲ་བྷུ་ཏི་འདོད་ཡོན་སྤྱོད། །བྱིའུ་གསོད་བ་གྷུཎྜ་རི། །མཁའ་འགྲོས་བྱིན་བརླབས་ས་ར་སུ། །རྒྱ་མཚོར་དཀའ་སྤྱད་

(༡༧༡)སེང་གེ་བ། །རྒྱལ་བཏུལ་མཁར་གཤེགས་ཀ་ལ་ཀ །དགྱེས་རྡོར་ཞལ་གཟིགས་གླིང་བུ་པ། །ཀ་ལ་ལམ་པ་གཤེད་དམར་གྲུབ། །མགར་རྒྱ་ལ་བཏུལ་མེ་ཏོག་པ། །སྡོམ་པའི་ཞལ་གཟིགས་ཀུ་བུ་ཙ། །རྣལ་འབྱོར་རྒྱུད་འགྲོལ་ཀུན་དགའ་སྙིང་། །ཐབས་ལམ་དབང་ཐོབ་ཙརྱ་བ། །བྱ་ལམ་རྒྱ་བ་ཙ་པ་རི། །དབང་རྫོགས་མཁར་གཤེགས་ད་སི་རི། །མཉམ་པའི་ཚུལ་འཛིན་ཀ་རུ་ཀ། །རིགས་ངན་སེང་ཞོན་སི་དྷ་པ། །གནས་ལུགས་དོན་གཟིགས་སྒྲ་མཁན་ཞབས། །སྒྲོལ་མས་རྗེས་བཟུང་ཙནྡྲ་གོ། གཏི་མུག་ལམ་ལོངས་ལ་ཝ་པ། །ཉི་ཟེར་ལ་ཞོན་དག་གི་དབང་། །བྷཾ་ག་ཡ་པ་སྦྱངས་ཡོན་ཅན། །དེའི་ཕྱི་ཕྲད་འདབ་ཞེ་ལྔ་ལ། །གདོལ་པའི་རྣམ་འགྱུར་ཐ་ག་པ། །སྡེ་སྣོད་མཁྱེན་པ་གསེར་གླིང་ཞབས། །བྱང་ཆུབ་སེམས་འབྱོངས་མར་མེ་མཛད། །ཐུགས་དམ་ཞལ་གཟིགས་ས་ར་ཀ། དཔལ་གྱི་རི་བསྐོར་ན་ད་པ། །དུར་ཁྲོད་ཉུལ་བའི་ཀོན་ཏཾ་ལི། །མཛོ་མོ་ཆུར་སྒྲོལ་ཆེམ་བུ་པ། །ཨ་ཝ་དྷུ་ཏི་འཇིགས་བརྒྱད་ཐར། །རྩོད་པ་ལས་རྒྱལ་ཛཻ་ཏ་རི། །བྷ་ལིང་མཁར་

(༡༧༢)དཀྲོལ་བཟང་པོ་པ། །དུར་ཁྲོད་ཉུལ་བའི་སྨད་དཀྲིས་ཅན། །མགར་བའི་སྤྱོད་ཅན་ཏམ་བ་ཀ། །མདའ་འཚོང་བདག་པོ་ད་ཀི་པ། །སུ་ཏ་ལོ་ཀི་སྨད་འཚོང་ཁོལ། །ནམ་མཁའི་ལྷར་འགྲོ་སྤྲིན་ཤུགས་ཅན། །ཐགས་ཀྱིས་འཚོ་བ་ཏནྟྲ་པ། །རྫོགས་པའི་ཚུལ་འཛིན་ཟླ་བ་བཟང་། །ཤཱཀྱ་བཤེས་གཉེན་ཤིང་ཐུན་ལུས། །ཉ་པའི་རིགས་ཅན་ཙཎྜལཱི། །ནམ་མཁར་གཤེགས་པ་གླུ་དབྱངས་ཅན། །གདོལ་པ་ཏིལ་བརྡུངས་བྷ་ཝ་པ། །ཉ་དོལ་འདྲུད་པ་མི་ན་ར། །བརྟུལ་ཞུགས་སྤྱོད་པ་ཨ་ནནྟ། །རིགས་དན་མར་སྤྱོད་ཀརྞ་པ། །འཚོ་བ་སྟན་གཅིག་ཧྀ་ལ་པ། །འབྲས་སོ་ཟ་བ་ཀནྟ་པ། །རྔོན་པའི་ཚུལ་འཛིན་ཤ་ཝ་རི། །དྲི་མ་འཁྲུད་པའི་སེང་གེ་པ། །ཛ་ལན་དྷ་རྀ་གསད་གསོ་ནུས། །བར་དོར་གྲོལ་བ་ནག་པོ་སྤྱོད། །སྐྱོང་བྱེད་ཚུལ་འཛིན་ཕག་ཚང་བ། །ཡུམ་བཅས་འབུད་དཀྲོལ་བི་ན་ས། །སྤྱོད་པ་མཐར་ཕྱིན་ཤཱནྟི་པ། །སྣ་ཚོགས་ལུས་ཅན་མར་མེ་ལྷ། །ཏིལ་བརྡུད་ཀྱིས་འཚོ་ཏཻ་ལོ་པ། །ནཱ་རོ་རང་གི་སྲིད་མོ་བརྟེན། །ཁྱོ་ཤུག་མཁར་གཤེགས་ཀཾ་ཀ་ན། །དཱ་རི་ཀ་པ་སྨད་འཚོང་སྤྱོད། །མཆིལ། ལྷམ་མཁན་པོ་ཀུ་

(༡༧༣)མཱ་ར། །ཞིང་བའི་ལུས་ཅན་ཏོག་རྩེ་པ། །ནཱ་ག་བོ་དྷི་བ་ལང་སྐྱོད། །ལྐུགས་པའི་སྤྱོད་ཅན་བ་ཀ་པ། །ཤ་ཆེན་ཟ་བ་སི་ཡ་ལི། །སྒྲོལ་མའི་ཞལ་གཟིགས་ཉི་མ་སྦས། །ཚེ་ལ་དབང་ཐོབ་ཀ་མ་ལ། །མདོར་ན་སྔགས་ཀྱི་བརྟུལ་ཞུགས་ཀྱིས། །རྣམ་གྲོལ་ཐོབ་པོ་འཚལ་རྣམས་ཀུན། །གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི། །བདག་ཉིད་སངས་རྒྱས་ཀུན་གྱི་དངོས། །མོས་པའི་ཡིད་ཀྱིས་སྤྱན་དྲངས་ནས། །ཚོམ་བུ་གཅིག་ཏུ་གསལ་བ་ཡི། །གསེར་ཁྱམས་དཔའ་བོ་མཁའ་འགྲོ་དང་། །ཁྲག་འཁྱམས་དཔལ་མགོན་བདུན་ཅུ་ལ། །སྒོ་བཞིར་འཇིག་རྟེན་སྐྱོང་བ་བཞི། །འདོད་སྣམ་མཆོད་པའི་ལྷ་མོས་གཏིབས། །བརྟན་གཡོ་སྣོད་བཅུད་མ་ལུས་པ། །བླ་མའི་དཀྱིལ་འཁོར་གཅིག་ཏུ་རྫོགས། །བཅུ་གཅིག་པ་བྱིན་གྱིས་རློབ་པ་ནི། དེ་ལྟར་དུ་གསལ་བའི་གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱ༔ལས་པདྨ་དམར་པོ་ཨཱ་ས་མཚན་པ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་

(༡༧༤)པར་གྱུར། སྤྱི་བོ་ནས་རིམ་པར་རྡོ་རྗེའི་ཕྱག་རྒྱ་གནས་གསུམ་དུ་བཞག་ཅིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་བཞིན་ལས་མགྲིན་པར་ཝཱཀྐ། སྙིང་གར་ཙིཏྟ། ཞེས་སྦྱོར། བཅུ་གཉིས་པ་དབང་བསྐུར་བ་ནི། གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཀུན་བཟང་ཡབ་ཡུམ་གསལ་བའི་ཐུགས་ཀའི་འོད་ཀྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་སྤྲུལ་པ་མདུན་གྱི་ནམ་མཁའ་ལ་བྱོན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བསྐུར་བས་ལྷ་ཚོགས་རྣམས་བདེ་སྟོང་གི་རོས་ཚིམ། རྗེས་ཆགས་ཞུ་བདེའི་ཆུ་རྒྱུན་གྱིས་མགོ་བོའི་གནས་ལྔར་དབང་བསྐུར། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་དང་། ཁམས་དང་སྐྱེ་མཆེད་ལྷའི་རང་བཞིན་དུ་རྣམ་པར་དག །ཆུ་ལྷག་མ་གྱེན་དུ་བརྟན་པ་ཡོངས་སུ་གྱུར་པ་ལས་གཙོ་བོ་ལ་འོད་དཔག་མེད་དང་། གཞན་རྣམས་ལ་སོ་སོའི་རིགས་ཀྱི་

(༡༧༥)བདག་པོས་དབུ་བརྒྱན་པར་གྱུར། བཅུ་གསུམ་པ་སྤྱན་དྲང་བ་ནི། དེ་ལྟར་དུ་གསལ་བའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་དང་། རྔ་ཡབ་དཔལ་རི་སྤྲུལ་པའི་ཞིང་ནས་རིག་འཛིན་བླ་མའི་དཀྱིལ་འཁོར་མ་ལུས་ཤིང་ལུས་པ་མེད་པ་བཛྲ་ས་མཱ་ཛ ཧཱུྃ་ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས པདྨ་འབྱུང་གནས་ཞེས་སུ་གྲགས འཁོར་དུ་མཁའ་འགྲོ་མང་པོས་བསྐོར ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ གུ་རུ་པདྨ་སིདྡྷི་ཧཱུྃ ཡུལ་གྱི་མིང་ནི་རྒྱ་གར་ཡུལ གནས་ཀྱི་མཆོག་གྱུར་ཨོ་རྒྱན་གནས༔ དྷུ་མ་ཐ་ལ་མཁའ་འགྲོའི་གྲོང་༔ གླིང་གི་གླིང་མཆོག་རྔ་ཡབ་གླིང་ དོན་ལ་འོག་མིན་བདེ་ཆེན་ཞིང་ རྣམ་པ་མཁའ་སྤྱོད་སྤྲུལ་པའི་གནས རབ་ཏུ་དགའ་དང་དྲི་མ་མེད གནས་དང་ཉེ་བའི་གནས་ཡིན་ཏེ དེ་བཞིན་འོད་བྱེད་འོད་འཕྲོ་ལ ཞིང་དང་ཉེ་ཞིང་ཞེས་སུ་གྲགས སྦྱང་

(༡༧༦)དཀའ་བ་དང་མངོན་གྱུར་པ། ཚནྡྷ་ཉེ་བཱི་ཚནྡྷོ་སྟེ རིང་དུ་སོང་དང་མི་གཡོ་བ འདུ་དང་ཉེ་བའི་འདུ་བའོ ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན འཐུང་སྤྱོད་ཉེ་བའི་འཐུང་སྤྱོད་དེ༔ དཔེ་མེད་དཔེ་མེད་ཡེ་ཤེས་ཆེ རྡོ་རྗེ་འཛིན་དབང་ས་རྣམས་ནས རིག་འཛིན་བླ་མའི་ཚོགས་རྣམས་དང་ དཔའ་བོ་དང་ནི་རྣལ་འབྱོར་མ མཁའ་འགྲོ་དང་ནི་མཁའ་འགྲོ་མ མ་ལུས་འདིར་སྤྱོན་དགྱེས་པར་བཞུགས གནས་མཆོག་འདི་རུ་བྱིན་ཕོབ་ལ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ བཅུ་བཞི་པ་རིག་པའི་མེ་ཏོག་དོར་ནས་རང་སྣང་གི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བ་ནི ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱབཛྲ་ས་མ་ཡ་ཨཱ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མཱ་ཡ་སྭཱ ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་བརྗོད་པས་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་། ཏིང་ངེ་འཛིན་ལས་སྤྲུལ་པའི་དཀྱིལ་འཁོར་གྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་སོ་སོ་མ་ཡིན་ཐ་མི་དད་པའི་ཚུལ་གྱིས་

(༡༧༧)བཞུགས་ནས་དབྱེར་མེད་དུ་བྱ་བའི་ཕྱིར། ཨོཾ་ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ་གིས་ཡེ་ཤེས་པ་དམ་ཚིག་པ་ལ་ཆུ་ལ་ཆུ་བཞག་པ་བཞིན་དུ་བྱེར་མེད་དུ་ཐིམ། །ཨོཾ་བཛྲ་ས་མ་ཡ་ཧོས་དབང་དུ་གྱུར་ཅིང་དགྱེས་པར་བསམ་མོ། བཅོ་ལྔ་པ་ཡན་ལག་བདུན་པ་ཕུལ་ནས་གསོལ་བ་གདབ་པ་ནི། ཧྲཱི༔ བདག་ལུས་ཞིང་གི་རྡུལ་སྙེད་དུ རྣམ་པར་འཕྲུལ་པས་ཕྱག་འཚལ་ལོ དངོས་བཤམས་ཡིད་སྤྲུལ་ཏིང་འཛིན་མཐུས སྣང་སྲིད་མཆོད་པའི་ཕྱག་རྒྱར་འབུལ སྒོ་གསུམ་མི་དགེའི་ལས་རྣམས་ཀུན༔ འོད་གསལ་ཆོས་སྐུའི་དང་དུ་བཤགས བདེན་པ་གཉིས་ཀྱིས་བསྡུས་པ་ཡི དགེ་ཚོགས་ཀུན་ལ་རྗེས་ཡི་རངས ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལ ཇི་སྲིད་འཁོར་བ་མ་

(༡༧༨)སྟོངས་པར མྱ་ངན་མི་འདའ་བཞུགས་གསོལ་འདེབས དུས་གསུམ་བསགས་པའི་དགེ་རྩ་ཀུན བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ རྗེ་བཙུན་གུ་རུ་རིན་པོ་ཆེ ཁྱོད་ནི་སངས་རྒྱས་ཐམས་ཅད་ཀྱི ཐུགས་རྗེ་བྱིན་རླབས་འདུས་པའི་དཔལ སེམས་ཅན་ཡོངས་ཀྱི་མགོན་གཅིག་པུ ལུས་དང་ལོངས་སྤྱོད་བློ་སྙིང་བྲང་ལྟོས་པ་མེད་པར་ཁྱེད་ལ་འབུལ འདི་ནས་བྱང་ཆུབ་མ་ཐོབ་བར སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཀུན རྗེ་བཙུན་ཆེན་པོ་པད་འབྱུང་མཁྱེན བདག་ལ་རེ་ས་གཞན་ན་མེད ད་ལྟ་དུས་ངན་སྙིགས་མའི་འགྲོ མི་བཟད་སྡུག་བསྔལ་འདམ་དུ་བྱིང་ ནམ་ཞིག་ཚེ་ཡི་དུས་བྱས་ཚེ རང་སྣང་རྔ་ཡབ་དཔལ་རིའི་ཞིང་ ཟུང་འཇུག་སྤྲུལ་པའི་ཞིང་ཁམས་སུ གཞི་ལུས་རྡོ་རྗེ་རྣལ་འབྱོར་མ གསལ་འཚེར་འོད་ཀྱི་གོང་བུ་རུ གྱུར་ནས་རྗེ་བཙུན་པད་འབྱུང་དང་ དབྱེར་མེད་ཆེན་པོར་

(༡༧༩)སངས་རྒྱས་ཏེ བདེ་དང་སྟོང་པའི་ཆོ་འཕྲུལ་གྱི ཡེ་ཤེས་ཆེན་པོའི་རོལ་པ་ལས ཁམས་གསུམ་སེམས་ཅན་མ་ལུས་པ འདྲེན་པའི་དེད་དཔོན་དམ་པ་རུ རྗེ་བཙུན་པདྨས་དབུབས་དབྱུང་གསོལ གསོལ་བ་སྙིང་གི་དཀྱིལ་ནས་འདེབས ཁ་ཙམ་ཚིག་ཙམ་མ་ཡིན་ནོ༔ བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལ བསམ་དོན་འགྲུབ་པར་མཛད་དུ་གསོལ བཅུ་དྲུག་པ་གསོལ་འདེབས་བསྙེན་པས་ཐུགས་རྒྱུད་བསྐུལ་ནས་ཏིང་ངེ་འཛིན་གྱིས་དབང་བླང་བ་ནི། ཨོཾ་ཨཱཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ རིག་འཛིན་སྤྱིའི་སྙིང་པོ། ཨོཾ་ཨཱཧཱུྃ་བཛྲ་མ་ཧཱ་གུ་རུ་ཛྙཱ་ན་སིད་དྷི་ཧཱུྃ། ཞེས་བཟླ་ཞིང་། གུ་རུའི་སྨིན་མཚམས་ན་ཨོཾ་ཡིག་ཆུ་ཤེལ་ལྟར་འཚེར་བ་ལས་འོད་ཟེར་འཕྲོས། རང་གི་སྤྱི་བོ་ནས་ཞུགས་ལུས་ཀྱི་ལས་དང་རྩའི་སྒྲིབ་པ་དག །སྐུ་རྡོ་རྗེའི་བྱིན་རླབས་ཞུགས། བུམ་པའི་དབང་ཐོབ། བསྐྱེད་རིམ་གྱི་སྣོད་དུ་གྱུར། རྣམ་སྨིན་རིགས་འཛིན་གྱི་ས་བོན་ཐེབས། སྤྲུལ་སྐུའི་གོ་འཕང་ཐོབ་པའི་བསྐལ་བ་བརྒྱུད་ལ་བཞག །མགྲིན་པ་ན་ཨཱཡིག་པདྨ་རཱ་ག་

(༡༨༠)ལྟར་འབར་པ་ལས་འོད་ཟེར་འཕྲོས། རང་གི་མགྲིན་པ་ནས་ཞུགས། ངག་གི་ལས་དང་རླུང་གི་སྒྲིབ་པ་དག །གསུང་རྡོ་རྗེའི་བྱིན་རླབས་ཞུགས། གསང་བའི་དབང་ཐོབ། །བཟླས་བརྗོད་ཀྱི་སྣོད་དུ་གྱུར། ཚེ་དབང་རིགས་འཛིན་གྱི་ས་བོན་ཐེབས། ལོངས་སྤྱོད་རྫོགས་པའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག །ཐུགས་ཀའི་ཧཱུྃ་ཡིག་ནམ་མཁའི་མདོག་ཅན་ལས་འོད་ཟེར་འཕྲོས། རང་གི་སྙིང་གནས་ཞུགས། ཡིད་ཀྱི་ལས་དང་ཐིག་ལེའི་སྒྲིབ་པ་དག །ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། བདེ་སྟོང་ཙཎྜ་ལིའི་སྣོད་དུ་གྱུར། ཕྱག་རྒྱའི་རིགས་འཛིན་གྱི་ས་བོན་ཐེབས། ཆོས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག །སླར་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་གཉིས་པ་ཞིག་སྐར་མདའ་འཕགས་པ་བཞིན་དུ་སོང་། རང་སེམས་དང་ཐ་དད་མེད་པར་འདྲེས། ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་སྦྱངས། ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། ཚིག་གིས་མཚོན་པ་དོན་དམ་གྱི་དབང་ཐོབ། ཀ་དག་རྫོགས་པ་ཆེན་པོའི་སྣོད་དུ་གྱུར། ལྷུན་གྲུབ་རིགས་འཛིན་གྱི་ས་བོན་ཐེབས།

(༡༨༡)མཐར་ཐུག་གི་འབྲས་བུ་ངོ་བོ་ཉིད་སྐུའི་སྐལ་བ་རྒྱུད་ལ་བཞག་གོ། ཞེས་འདོན་སྒོམ་ཟུང་དུ་འཇུག་པས་ལམ་དབང་བ་ལ་འབད་པར་བྱའོ། །གལ་ཏེ་སྤྲོས་པ་ལ་དགའ་བས་དབང་བཞི་ལེན་པར་སྤྲོ་ན། བུམ་པ་གཞལ་མེད་ཁང་དུ་གསལ་བའི་ནང་དུ། རིགས་ལྔ་ཡབ་ཡུམ་བསྒོམ་ལ། ཨོཾ་ཨཱ༔ཧཱུྃ་སྭཱ་ཧཱ ཞེས་པ་ཅི་ནུས་དང་། ༈ ལས་བུམ་དུ་བདུད་རྩི་འཁྱིལ་པ་བསྒོམ་ལ་ཀུཎྜ་ལི་ཇི་ལྟར་འོས་པ་བཟླས་རྗེས་འོད་ཞུ་ཡང་བྱའོ། །བཅུ་བདུན་པ་མཆོད་པ་ལ་བཞི་ལས། དང་པོ་མཎྜལ་ནི། ཨོཾ་བཛྲ་བྷུ་མི་སོགས་བླ་མ་འཕགས་པའི་ལུགས་ལྟར་ཕུལ། གཉིས་པ་ལྷ་མོ་བཅུ་དྲུག་ནི། ༈ པདྨ་རྒྱས་པ་ལྟ་བུའི་ལང་ཚོ་ཅན། རེག་ན་བདེ་བའི་མཆོག་སྟེང་ཨུཏྤལ་མིག །གཟུགས་ཀྱི་རྣམ་འགྱུར་ངོམ་པའི་ཡིད་འཕྲོག་མ། །རྡོ་རྗེ་སྒེག་མོ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་བཛྲ་ལཱ་སྱེ་ཧཱུྃ་པྲ་ཏཱིཙྪ་ཧོ སྲིད་ན་རྣམ་པར་མཛེས་པའི་ཟླ་བས་ཀྱང་། །ད་ལྟ་ན་སྡུག་པའི་གཟུགས་ཀྱིས་ཆར་མི་ཉེ། །ནོར་བུའི་དོ་ཤལ་འཛིན་པའི་ཡིད་འོང་མ། །རྡོ་རྗེ་འཕྲེང་བ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་

(༡༨༢)ག་ཏ་ས་པ་རི་ཝཱ་ར་བཛྲ་མཱ་ལེ་ཏྲཱཾ་པྲ་ཏཱིཙྪ་ཧོ འཇམ་མཉེན་པུཎྜ་རི་ཀའི་ལང་ཚོ་ལ། རེག་འཇམ་དབང་པའི་གཞུ་ཡི་འཁྲི་ཤིང་ཅན། སྐད་སྙན་འགྱུར་ཁུགས་སྟོང་གི་གླུ་ལན་མ། རྡོ་རྗེ་གླུ་མའི་ཚོགས་ཀྱིས་མཉེས་གྱུར་ཅིག །གུ་རུ༴ བཛྲ་གླི་རྟི་ཧྲཱི བུང་བ་པདྨའི་ཚལ་ན་གཡོ་བ་བཞིན། །ཕྱག་ཞབས་གསེར་གཡུའི་གདུ་བུས་མཛེས་པའི་གར། །མིག་འཕྲུལ་ལྟ་བུར་འགྱུར་བའི་གཡོ་ལྡན་མ། །རྡོ་རྗེ་གར་མའི་ཚོགས་ཀྱིས་མཉེས་གྱུར་ཅིག །གུ་རུ༴ བཛྲ་ནཱི་རྟི་ཨཔྲ༴ ༈ བཅུ་དྲུག་ལང་ཚོས་མྱོས་པའི་རྣམ་འགྱུར་དེས། །སྙིང་ལ་དགའ་བའི་ཡ་མཚན་ཅིར་ཡང་སྟེར། །དྲི་ཞིམ་སྤོས་ཕོར་ཐོགས་པའི་སྨིག་ལེགས་མ། །རྡོ་རྗེ་བདུག་སྤོས་མ་ཡིས་མཉེས་གྱུར་ཅིག །གུ་རུ༴ བཛྲ་དྷུ་པེ་ཧཱུྃ་པྲ༴ ཚངས་དབང་འཆི་མེད་བུ་མོའི་འཇོ་སྒེག་ཀྱང་། ཤིན་ཏུ་མཛེས་པའི་ལང་ཚོས་བརྟན་པ་འཕྲོག །ཨུ་དུམ་ཝཱ་རའི་ཆུན་འཕྱང་ཡིད་འཕྲོག་མ། །རྡོ་རྗེ་མེ་ཏོག་མ་ཡིས་མཉེས་གྱུར་ཅིག །གུ་རུ༴ བཛྲ་པུཥྤ་ཏྲཱཾ་པྲ༴ ཡིད་འོང་ལྟ་ན་སྡུག་པའི་མཁུར་ཆོས་ལ། ལི་ཁྲིའི་ཐིག་ལེས་བསྡུས་པའི་རི་དྭགས་

(༡༨༣)མིག །ཉི་ཟླའི་སྒྲོན་མེ་ཐོགས་པའི་བཞིན་བཟང་མ། རྡོ་རྗེ་སྣང་གསལ་མ་ཡིས་མཉེས་གྱུར་ཅིག །གུ་རུ༴ བཛྲ་ཨཱ་ལོ་ཀེ་ཧྲཱི༔ འཆི་མེད་བུ་མོའི་མོའི་དཔལ་འཛིན་སྨིན་ལེགས་གཟུགས། །ཞལ་ནས་ཨུཏྤ་ལ་ཡི་དྲི་འཐུལ་ཞིང་། །བཟང་དྲུག་སྨན་གྱིས་བྱུགས་པས་དགྱེས་པ་བསྐང་། །རྡོ་རྗེ་དྲི་ཆབ་མ་ཡིས་མཉེས་གྱུར་ཅིག །གུ་རུ༴ བཛྲ་གྷནྡྷེ་ཨཔྲ༴ ༈ ལང་ཚོའི་ཆ་ཤས་རྫོགས་པའི་པདྨ་དང་། །རྣམ་འགྱུར་ཅིར་ཡང་འཆར་བའི་ཨ་བརྴ། །ཕན་ཚུན་འགྲན་པ་ལྟ་བུའི་གཟུགས་མཛེས་མ། །རྡོ་རྗེ་མེ་ལོང་མ་ཡིས་མཉེས་གྱུར་ཅིག །གུ་རུ༴ བཛྲ་རཱུ་པ་ཨོཾ༴ ཏིང་འཛིན་རི་མོ་མཁན་གྱིས་བྲིས་པའི་གཟུགས། །བཞིན་མཛེས་མནྡ་ར་བའི་ཐོད་བཅིངས་ཅན། །ཟླུམ་པོའི་རྔ་ལས་བདེ་སྟོང་སྒྲ་འབྱིན་མ། །རྡོ་རྗེ་རྔ་ཟླུམ་མ་ཡིས་མཉེས་གྱུར་ཅིག །གུ་རུ༴ བཛྲ་མྲྀ་ཏཾ་གི་ཧྲཱིཔྲ༴ རཏྣའི་སོར་གདུབ་འཁྲོལ་བའི་ཁུ་ཚུར་གྱིས། །དྲི་ཟའི་བུ་མོར་འགྲིན་པའི་ཏ་མྦུ་ར། རྣ་བའི་དབྱིང་དུ་སྒྲེང་བའི་ཡིད་འཕྲོག་མ། །རྡོ་རྗེ་བི་ཝ་ད་མ་ཡིས་མཉེས་གྱུར་ཅིག །གུ་རུ༴

(༡༨༤)བཛྲ་ཝཱི་ནི་ཧཱུྃ་པྲ༴ དགའ་བ་བཅུ་དྲུག་རླུང་གི་རྟར་སྐྱོན་ནས། །ཐིག་ལེ་བཅུ་དྲུག་གནས་སུ་དགག་པ་ལས། །སྟོང་ཉིད་བཅུ་དྲུག་གླིང་བུའི་སྒྲར་སྟོན་པའི། །རྡོ་རྗེ་གླིང་བུ་མ་ཡིས་མཉེས་གྱུར་ཅིག །གུ་རུ༴ བཛྲ་ཝཾ་སེ་ཏྭཱཾ་པྲ༴ ༈ ཟླ་གཞོན་པད་དཀར་ལྟ་བུའི་ལང་ཚོའི་དཔལ། །མིག་གི་བདུད་རྩིར་སྦྱིན་དང་ཆབས་གཅིག་པར། །སྙན་འགྱུར་རྫ་རྔའི་སྒྲ་སྒྲོགས་ན་ཆུང་མ། །རྡོ་རྗེ་རྫ་རྔ་མ་ཡིས་མཉེས་གྱུར་ཅིག །གུ་རུ༴ བཛྲ་མུར་ཛྙ་ཨ་པྲ༴ སྟོང་ཉིད་ནམ་མཁའི་རྒྱན་གྱུར་ལྷ་ཡི་གོས། །རིན་ཐང་བརྗོད་དུ་མེད་པའི་པཉྩ་ལི། །འཕྲུལ་ལྡན་སོར་རྩེས་སྒྲོན་པའི་མཛའ་ན་མོ། །རྡོ་རྗེ་རེག་བྱ་མ་ཡིས་མཉེས་གྱུར་ཅིག །གུ་རུ༴ བཛྲ་པརྴེ་ཏྲཱཾ༴ ཆགས་མེད་ཆགས་པ་ཆེན་པོའི་ཟུར་མིག་གིས། །དཔའ་བོའི་ཡིད་ལ་མྱོས་པའི་ཆོམ་རྐུན་འཇུག །ལག་ན་རོ་བརྒྱའི་དཔལ་འཛིན་ཞལ་ཟས་ཐོགས། །རྡོ་རྗེ་རོ་མའི་ཚོགས་ཀྱིས་མཉེས་གྱུར་ཅིག །གུ་རུ༴ བཛྲ་རཱ་ས་ཧྲཱིཔྲ༴ བདེ་བས་བདེ་བའི་མཐར་སོན་སྟོང་པ་ཉིད། །བདེ་ཆེན་ཆོས་ཀྱི་འབྱུང་གནས་མངའ་ཁུར་ཅན། །བདེ་སྟོང་ངང་ལས་རྒྱལ་ཀུན་བསྐྱེད་པའི་ཡུམ། །ཆོས་

(༡༨༥)ཀྱི་རྡོ་རྗེ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་དྷརྨ་དྷཱ་རྟུ་ཨཔྲ་ཏཱིཙྪ་ཧོ གསུམ་པ་གསང་མཆོད་ནི། དེ་མ་ཐག་པའི་ལྷ་མོ་རྣམས་དང་མཉམ་པར་རོལ་པའི་རྗེས་ཆགས་དགའ་བ་བཞིའི་ཡེ་ཤེས་སུ་ཤར་བའི་གཟུགས། ཆོས་ཉིད་ཀྱི་གླུ་སཾང་དང་ཧ་ལ་སོགས་པའི་སྒྲ། ཚོར་བ་བདེ་བ་ལས་འདས་པས་འཛག་བདེའི་རྒྱུན་ལམ་ཁྱབ་པའི་ཚུལ་ཁྲིམས་ཀྱི་དྲི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་ཀུན་ནས་ཉམས་བརྟས་པའི་རོ། །དཔེ་དོན་འབྲེལ་བའི་ཆོས་ཉིད་ཀྱིས་འཁོར་འདས་ཀུན་ལ་ཁྱབ་པའི་རེག་བྱ་སྟེ། ནང་གི་འདོད་ཡོན་བླ་ན་མེད་པས་མཉེས་པར་བསམ་ལ། ཨཱཐབས་དང་ཤེས་རབ་འདུ་འབྲལ་མེད་པའི་དང་། །བདེ་ཆེན་ཡེ་ཤེས་ཡུམ་གྱི་བྷ་གའི་ཀློང་། །བྱང་ཆུབ་སྙིང་པོ་དགྱེས་མཉམ་མཆོད་པ་ཡི། །རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་མཉེས་གྱུར་ཅིག །ཨ་ནུ་རཱ་ག་སརྦ་པཉྩ་ཧཱུྃ་ཧྲཱིཐཱ བཞི་པ་ཀུན་བཟང་མཆོད་སྤྲིན་ནི། ཨོཾ་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱི། །ཕྱོགས་བཅུ་ཐམས་

(༡༨༦)ཅད་སངས་རྒྱས་ཞིང་། །མཉེན་འཇམ་རེག་ན་བདེ་བ་དང་། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པར་བྲིས་ཤིང་སྤྲས་པ་དང་། །ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་བློ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང་། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་བྲ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དབུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང་། །རབ་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ལྷ་ལ་རྒྱས་པར་འབུལ། །སྐལ་ལྡན་གསལ་བའི་ཁྱད་པར་གྱི། །རིམ་གྱིས་ཡང་ན་ཅིག་ཅར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་། །མཆོད་པའི་ཕྱག་རྒྱ་ཆེན་པོར་སྒོམ། །བཅོ་བརྒྱད་པ་བསྟོད་པ་ནི། ༈ གང་གི་དྲིན་གྱི་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་འཆང་ཞབས་པད་ལ་འདུད། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་

(༡༨༧)མ་དགེ་འདུན་ཏེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མའི་སྐུ་གསུང་ཐུགས་ལ་འདུད། །འདྲེན་པ་རྣམས་ཀྱིས་ཡོངས་སྤངས་ཤིང་། །ངན་འགྲོའི་གཡང་སར་ཕྱོགས་པ་དག །ཐར་པའི་ལམ་དང་རབ་སྤྲོད་པའི། །དེད་དཔོན་ཆེན་པོ་ཁྱོད་ལ་འདུད། །གནས་དང་གནས་མིན་མི་ཤེས་ཤིང་། །ལམ་དང་ལམ་མིན་གྱི་ནར་འབྱན། །མུན་པ་ལས་ཀྱང་མུན་ནག་ཅན། །བདག་ལྟའི་སྒྲོན་མ་ཁྱེད་ལ་བསྟོད། །གང་སྐུ་མཐོང་བས་སྣང་བ་འགྱུར། །ཞི་བར་གཟིམས་པའི་སྙིགས་མས་ཀྱང་། །མཚམས་མེད་བྱང་ཞེས་མེད་ལས་གསུངས། །འབྲལ་ཚད་དོན་ལྡན་ཆེན་པོར་འདུད། །ཁྱེད་གསུང་ཐེས་པས་བླང་དོར་ཤེས། །ཉེས་སྤྱོད་ཆེན་པོའི་གཡང་ལས་སྐྱོབ། །རྒྱན་སྟུག་པོ་བཀོད་པ་ལས། འཇམ་དཔལ་ཕྱགས་གདན་ཆས་སྨྲ་བ་དེ་འདུག་གམ་དེའི་རུས་བུའམ། ར་བམ་པ་ཞིག་ཡོད་པ་མཐད་ན་ཡང་མཚམས་མེད་པའི་ལས་ལྔ་རྣམ་པར་བྱང་པར་འགྱུར་རོ། །ཞེས་སོ། །འགོག་ལམ་བདེན་པའི་ངོ་བོ་ཉིད། །ཐོས་གྲོལ་ཆེན་པོའི་དབྱངས་ལ་བསྟོད། །བདག་གིས་འབད་ཀྱང་མི་ཐར་བ། །ཁྱེད་ཐུགས་གཏད་པས་ཡུད་ལ་སྨིན། །མོས་

(༡༨༨)གུས་ཐོབ་ན་རྟོགས་པ་འཆར། །སྤྲོས་བྲལ་བསམ་མི་ཁྱབ་ལ་འདུད། །གྲངས་མེད་གསུམ་དུ་དཀའ་ཐུབ་ཀྱིས། །གདུངས་བས་དབང་པོ་ཚར་བཅད་ཀྱང་། །ཐབ་པོར་དཀའ་བའི་རྡོ་རྗེ་སེམས། །མ་ནོར་མངོན་སུམ་སྟོན་ལ་འདུད། །བླ་མ་ཡང་ཏིག །བླ་མ་སངས་རྒྱས་རིན་པོ་ཆེ། །བདག་ལ་རེ་ས་གཞན་ན་མེད། །ཐུགས་རྗེའི་སྤྱན་གྱིས་གཟིགས་མཛོད་ལ། །འཁོར་བའི་མཚེ་ལས་བསྒྲལ་དུ་གསོལ། །ཚེ་འདིའི་ལེགས་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་མེད་པ་དང་། །འཆི་ཁར་ཟབ་མོའི་འོད་གསལ་ཟིན། །བར་དོའི་འཕྲང་ལས་སྒྲོལ་བར་མཛོད། །ལུས་དང་ངག་ཡིད་རྩོམ་པ་ཀུན། །རྟག་ཏུ་གཞན་ལ་ཕན་པ་དང་། །རྐྱེན་རྣམས་ བྱང་ཆུབ་ལམ་མཆོག་ཏུ། །དེ་རིང་ཉིད་ནས་བསྒྱུར་དུ་གསོལ། །བདག་གིས་འབད་ཀྱང་ཐར་བར་དཀའ། །མགོནཔོ next hit་ཁྱེད་ཀྱི་ཐུགས་རྗེའི་གྲུས། །མགོན་མེད་བདག་དང་འགྲོ་བ་ཀུན། །ཐར་པའི་གླིང་དུ་ཕྱིན་པར་མཛོད། །གང་དག་བདག་ལ་དད་གྱུར་ཏམ། །སྨོད་དམ་སྐུར་པ་འདེབས་ཀྱང་རུང་། །དེ་དག་སྡིག་ཟང་ཉོན་མོངས་མེད། །སྲིད་པའི་ཆུ་བོ་སྤངས་བར་ཤོག །ནམ་ཞིག་བདག་གིས་མིང་

(༡༨༩)ཙམ་གྱིས། །འགྲོ་བའི་འདོད་དགུ་རབ་འགྲུབ་ཅིང་། །ཕྱོགས་བཅུ་གང་བའི་ཞིང་རྣམས་སུ། །མཆོད་པའི་སྤྲིན་གྱི་ཆར་འབེབས་ཤོག །དགེ་བ་འདི་ཡིས་ལུས་ཅན་ཀུན། །ཐམས་ཅད་སྲིད་ལས་རྣམ་གྲོལ་ནས། །ཡེ་ཤེས་དམ་པ་གཉིས་ཐོབ་སྟེ། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །བཅུ་དགུ་པ་བཤེགས་པ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པ་དང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་བདག་ལ་དགོངས་སུ་གསོལ། བདག་ཆེ་གེ་མོ་ཐོག་མར་འཁྲུལ་པ་ནས་བཟུང་སྟེ་དུས་དེ་རིང་ལ་ཐུག་གི་བར་དུ་མ་རིག་པའི་གཞན་དབང་དུ་སོང་སྟེ། ཀུན་འབྱུང་གི་ཉེ་བར་ལེན་པས་ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་མངོན་བར་འདུ་བྱས་ཏེ། ལུས་ཀྱི་སྒོ་ནས་སྲོག་བཅད་པ་དང་གསོད་སེམས་སྐྱེས་པ། མ་བྱིན་བླངས་པ་དང་། འདོད་པས་ལོག་པར་གཡེམ་བའི་རིགས། །ངག་གི་སྒོ་ནས་རྫུན། ཕྲ་མ་ཚིག་རྩུབ་ངག་ཀྱལ། ཡིད་ཀྱི་སྒོ་ནས་བརྣབ་སེམས། །གནོད་སེམས་

(༡༩༠)ལོག་ལྟ་སྟེ་མི་དགེ་བ་བཅུ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་ལ་སོགས་ཏེ་མཚམས་མེད་པ་ལྔ། དེ་དང་ཉེ་བ་ལྔ་ལ་སོགས་ཏེ་མི་དག་བའི་ཕྱི་མོ་རྣམས་ཀྱི་སྟེང་། བཅས་པའི་ཁྲིམས་དགེ་བསྙེན་དང་། དགེ་ཚུལ་དང་། དགེ་སློང་སྟེ་སོ་སྭོ་ཐར་པའི་སྡོམ་པ་རིགས་བདུན་ལ་ཕམ་ལྟུང་དང་ཉེས་བྱས་བྱུང་བ་དང་། བྱང་ཆུབ་སེམས་དཔའི་སྨོན་འཇུག་གི་བསླབ་བྱ་སྤྱི་དང་། རྩ་ལྟུང་དང་སྒོམ་པའི་རྣམ་གྲངས་ཐ་དད་པ་དང་འགལ་བ་དང་། ཁྱད་པར་དུ་རིག་པ་འཛིན་པའི་ཚུལ་ཁྲིམས་ཀྱི་བསླབ་པའི་གཞི་ལས། རྡོ་རྗེ་ཐེག་པའི་འདུལ་པ་དང་འགལ་བའི་ནོངས་པ་བླ་མ་སྨོད་པ་ལ་སོགས་པའི་རྩ་བའི་ལྟུང་བ་བཅུ་བཞི་དང་། ཡན་ལག་སྤོཾ་པོའི་རྣམ་གྲངས་བརྒྱད་ལས་ཕམ་པ་དང་། ཁ་ན་མ་ཐོ་བའི་མཐུས་བཅོམ་ཏེ་གསང་སྔགས་ཀྱི་དམ་ཚིག་སྤྱི་དང་བྱེ་བྲག་བ་ཕྲ་ཞིབ་བསྲུང་དཀའ་བ་ལས་འདས་པ་ཐམས་ཅད་དང་། རང་བཞིན་དུ་ཉོན་མོངས་པའི་གཞན་དབང་གིས་སེམས་ཟིལ་གྱིས་ནོན་ནས་དཀོན་མཆོག་གསུམ་དང་བླ་མ་ལ་བརྙས་པ་དང་། དམ་པའི་ཆོས་སྤངས་པ་

(༡༩༡)དང་། མཁན་པོ་ལ་མ་གུས་པ་དང་། བྱང་ཆུབ་སེམས་དཔའ་ལ་སྐུར་པ་བཏབ་པ་དང་། ཕ་མའི་དྲིན་ལན་མ་བཅལ་བ་དང་། དཀོན་མཆོག་གི་དཀོར་ཕྲོགས་པ་དང་། ཆངས་པར་མཚུངས་སྤྱོད་སུན་ཕྱུང་བ་དང་། བསམ་གཏན་སྒོམ་པའི་ཐུགས་དཀྲུགས་པ་དང་། དགེ་བ་ཅན་ཡི་ཚོགས་བཅག་པ་དང་། དད་པ་ཅན་སུན་ཕྱུང་པ་དང་། རྒྱུ་འབྲས་ལ་སྐུར་བ་བཏབ་པ་དང་། སེམས་ཅན་ལ་གནོད་པའི་ལས་བྱས་པ་དང་། ཁྲེལ་དང་ངོ་ཚ་སྤངས་པ་ལ་སོགས་ཏེ་མདོར་ན་སྡིག་པ་མི་དགེ་བའི་ལས་རང་གིས་བགྱིས་པ་དང་གཞན་ལ་བྱེད་དུ་བཅུག་པ་དང་། བྱས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་དེ་དག་ཀྱང་རྟག་པའི་སེམས་དང་། མངོན་པར་ཞེན་པ་དང་། གཉན་པོ་སྟོབས་ཞན་པ་དང་། ཡུལ་ཁྱད་པར་ཅན་དང་གཞི་ལས་བྱུང་བ་ལ་སོགས་པས་ཁ་ན་མ་ཐོ་བ་ཆེན་པོར་གྱུར་པས་མཚོན། མདོར་ན་མངོན་པར་མཐོང་བ་དང་། ངེས་པར་ལེགས་པའི་གོ་འཕང་ཐོབ་པ་ལ་བར་དུ་གཅོད་ཅིང་། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་བ་ཐམས་ཅད་སངས་རྒྱས་

(༡༩༢)དང་བྱང་ཆུབ་སེམས་དཔའ་ཀུན་ཏུ་ཐོགས་མེད་ཀྱི་གཟིགས་པར་ལྡན་པ་རྣམས་ཀྱི་སྤྱན་སྔར་ཤིན་ཏུ་གནོད་ཞིང་འགྱེད་པས་མཐོལ་ལོ་བཤགས་སོ། །སྔོན་ཆད་ནི་བཀའ་ལས་འདས་སོ། །ད་ནི་ཉེས་པ་ལ་ཉེས་པར་མཐོང་པ་ལགས་པས་མི་འཆབ་པོ། །མངོན་གྱུར་དུ་སྒྲོག་པས་མི་སྦེད་དོ། །ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ་ལགས་སོ། །མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་སྡིག་ལྡན་བདག་ལ་དགོངས་ཤིག །དེང་བདག་གི་འགྱོད་ཚངས་དང་དུ་མ་བཞེས་བསྐྱབས་མེད་དོ། །མགོན་མེད་དོ། །དཔུང་གཉེན་དང་བྲལ་ལོ། །དེ་བས་ན་སེམས་ཅན་གྱི་རང་བཞིན་ལས་དང་ཉོན་མོངས་པའི་གཞན་དབང་ཅན་ལགས་པས་དེ་ལ་དགོངས་ཏེ་ཚངས་པར་སྩལ་དུ་གསོལ། །ཉི་ཤུ་པ་དབང་བླང་བར་མོས་ན། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ། བགེགས་གཏོར་གཏང་། ཐོག་མར་སྡོམ་གཟུང་ནི། ཀྱེ་བླ་མ་རྡོ་རྗེ་འཛིན་པ་དང་། །རིགས་ལྔ་བདེ་བར་གཤེགས་པ་ནི། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །དེང་ནས་བྱང་ཆུབ་སྙིང་པོའི་བར། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། བླ་ན་མེད་པའི་དཀོན་

(༡༩༣)མཆོག་གསུམ། །བླ་མ་ལ་ཡང་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །དགེ་བ་ཀུན་ལ་རྗེས་ཡི་རང་། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །རིགས་ལྔའི་དམ་ཚིག་ལེགས་བཟུང་སྟེ། །རྡོ་རྗེ་དྲིལ་བུ་ལ་སོགས་པ། །དམ་ཚིག་རྫས་རྣམས་བཟུང་བར་བགྱི། །བླ་ན་མེད་པའི་དཀོན་མཆོག་གསུམ། །ནམ་དུ་ཡང་ནི་མི་གཏང་ཞིང་། །རྡོ་རྗེ་སློབ་དཔོན་མི་གཏང་ངོ་། །རྡོ་རྗེ་སྤུན་སྲིང་རྣམས་ལ་ཡང་། །ནམ་ཡང་སྨད་པར་མི་བྱའོ། །སེམས་ཅན་རྣམས་ལ་འཚེ་བ་སྤང་། །འཕགས་པ་རྣམས་ལ་སྨད་མི་བགྱི། །ཐེག་པ་དམན་ལ་མི་བརྙས་ཤིང་། །སྔགས་འཆང་སྤང་བར་མི་བྱའོ། །བསྙེན་བསྒྲུབ་ལས་ཀྱི་མཐའ་གཟུང་ཞིང་། །དཀྱིལ་འཁོར་འཁོར་ལོ་བསྒོམ་པར་བགྱི། །དམ་ཚིག་སྡོམ་པ་ལ་གནས་ཤིང་། །འཁྲུལ་པའི་བྱ་བ་མི་བགྱིའོ། །རང་གི་སེམས་ནི་ཡོངས་གདུལ་ཞིང་། །ཕྱོགས་མཐའ་གཏུགས་བའི་སེམས་ཅན་གྱི། །དོན་ནི་བླ་མེད་བདག་གིས་བསྒྲུབ། །མ་གྲོལ་བ་རྣམས་དགྲོལ་བ་དང་། །མ་སྒྲལ་བ་རྣམས་བསྒྲལ་བར་བགྱི། །དབུས་མ་ཕྱུང་རྣམས་

(༡༩༤)དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །ལན་གསུམ། དེ་ནས་འཇུག་པའི་བྱ་བ་རྣམས་ནི་སྔོན་དུ་རིག་པའི་མེ་ཏོག་དོར་བ་ལ་དོན་གྱིས་ཆ་བར་མ་ཟད་གཟོད་ནས་སྣང་བ་བླ་མའི་དཀྱིལ་འཁོར་དུ་སྦྱངས་ཤིང་གསལ་སྣང་དག་པ་རབ་འབྱམས་སུ་སློབ་པའི་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་ད་གདོང་ཀྱི་འཇུག་ཡུལ་མེད་པས། ལམ་དབང་ཐོད་རྒལ་དུ་བླང་བ་ནི། དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་སྤྱན་དྲངས། མཆོད་ཅིང་བསྟོད། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལའང་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། གཤེགས་པ་རྣམས་ཀྱིས་དགོངས་པ་མཛད། གཤེགས་མ་རྣམས་ཀྱིས་དབང་བསྐུར། སེམས་དཔའ་རྣམས་ཀྱིས་ཤིས་པ་བརྗོད། སེམས་མ་རྣམས་ཀྱིས་གླུ་གར་བསྒྱུར། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་དེ་ཀུན་ཀྱང་དབང་གི་བྱ་བ་ལ་དགྱེས་པར་གྱུར། བཀྲ་ཤིས་གང་

(༡༩༥)ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་བསྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །དེ་ཡང་ཆོས་ཉིད་མ་འཁྲུལ་བའི་བདེ་གཤེགས་སྙིང་པོ་ནི་རྡོ་རྗེ་སློབ་དཔོན་སྤྲུལ་བར་བཅས་པའི་དཀྱིལ་འཁོར་དུ་རྫོགས་པ་ལ། ཚོགས་བརྒྱད་འདུས་བྱས་པ་སློབ་མའི་ཚུལ་དུ་ཤར་བའི་ཕུང་ཁམས་སྐྱེ་མཆེད་དང་། ཉོན་མོངས་པ་ལའི་སྦྱང་གཞི་སྦྱོང་བྱེད་སྦྱངས་འབྲས་སོ་སོའི་རང་བཞིན་ཁོང་དུ་ཆུད་པས་རིགས་དབང་ལྔའི་དང་པོར་སློབ་མ་མི་བསྐྱོད་པར་གསལ་ལ། རྣམ་བུམ་བཏེག་ནས། ཧཱུྃ། རྣམ་ཤེས་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ཞེ་སྡང་སྦྱོང་བྱེད་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི། །དཔལ་ལྡན་ཐུགས་ཀྱི་དབང་བསྐུར་རོ། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། རིགས་ཀྱི་བུ་ཁྱོད་ལ་མི་བསྐྱོད་པ་ཆུའི་དབང་བསྐུར་བས་ཡིད་ཀྱི་སྒྲིབ་པ་ཐམས་ཅད་དག །སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ། རྣམ་པར་ཤེས་པ་རྡོ་རྗེ་མི་བསྐྱོད་

(༡༩༦)བ་དང་ཆུའི་ཁམས་མཱ་མ་ཀཱིར་སངས་རྒྱས། ཞེ་སྡང་ཆོས་དབྱིངས་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རྡོ་རྗེའི་རིགས་ཀྱི་ཐུགས་འཁྲུལ་བ་མེད་པས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སླེབ་མ་རིན་འབྱུང་དུ་གསལ་ཞིང་དབུ་རྒྱན་བསྐོན་ལ། ཧཱུྃ། ཚོར་བའི་ཕུང་པོ་རྣམ་དག་ཅིང་། ཉོན་མོངས་ང་རྒྱལ་སྦྱོང་བྱེད་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི། །དཔལ་ལྡན་ཡོན་ཏན་དབང་བསྐུར་རོ། །ཨོཾ་རཏྣ་ཨ་བྷི་ཥིཉྩ་ཏྲཱཾ། རིགས་ཀྱི་བུ་ཁྱོད་ལ་རིན་འབྱུང་གི་ངོ་བོ་དབུ་རྒྱན་འདི་བསྐོན་པ་ཙམ་གྱིས་ཤེས་བྱའི་སྒྲིབ་པ་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ། ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དང་སའི་ཁ་མས་སངས་རྒྱས་སྤྱན་དུ་དག །ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རིན་ཆེན་རིགས་ཀྱི་ཡོན་ཏན་ཐམས་ཅད་མཁྱེན་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་སྣང་བ་མཐའ་ཡས་སུ་གསལ་ལ། རྡོ་རྗེས་དབང་བསྐུར་ཞིང་། ཧཱུྃ་ འདུ་ཤེས་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་འདོད་ཆགས་སྤྱོད་བྱེད་པའི། །སོ་སོར་རྟོག་པའི་ཡེ་ཤེས་ཀྱི། །དཔལ་ལྡན་གསུང་གི་

(༡༩༧)དབང་བསྐུར་རོ། །ཨོཾ་པདྨ་ཨ་བྷི་ཥིཉྩ་ཧྲཱི༔ རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེས་དབང་བསྐུར་བས་དག་གི་སྒྲིབ་པ་ཐམས་ཅད་དག་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ། འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་དང་མོའི་ཁམས་གོས་དཀར་མོར་སངས་རྒྱས། འདོད་ཆགས་སོ་སོར་རྟོགས་པའི་ཡེ་ཤེས་སུ་གྲོལ་ཏེ་སངས་རྒྱས་པདྨའི་རིགས་ཀྱི་གསུང་འགགས་པ་མེད་པའི་ཆོས་ཀྱི་སྒྲ་དབྱངས་ཀྱིས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་དོན་གྲུབ་ཏུ་གསལ། དྲིལ་བུ་འཛིན་པས། ཧཱུྃ། འདུ་བྱེད་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་ཕྲག་དོག་སྦྱོང་བྱེད་པའི། །བྱ་བ་གྲུབ་པའི་ཡེ་ཤེས་ཀྱི། །དཔལ་ལྡན་ཕྲིན་ལས་དབང་བསྐུར་རོ། །ཨོ་ཀརྨ་ཨ་བྷི་ཥིཉྩ་ཨ རིགས་ཀྱི་བུ་ཁྱོད་ལ་དྲིལ་བུ་འདི་གཏད་པ་ཙམ་གྱིས་ཀུན་གཞིའི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དབང་ཐོབ། །འདུ་བྱེད་ཀྱི་ཕུང་པོ་དོན་ ད་གྲུབ་པ་དང་རླུང་གི་ཁམས་དམ་ཚིག་སྒྲོལ་མར་སངས་རྒྱས། །ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་གྲོལ་ཏེ་ལས་ཀྱི་རིགས་ཀྱི་ཕྲེན་ལས་ཐོགས་

(༡༩༨)པ་མེད་པར་གྲུབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་རྣམ་སྣང་དུ་གསལ་ལ། མིང་དབང་བྱིན་བར་མོས་ཏེ། ཧཱུྃ་གཟུགས་ཀྱི་ཕུང་པོ་རྣམ་དག་ཅིང་། །ཉོན་མོངས་གཏི་མུག་སྦྱོང་བྱེད་པའི། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི། །དཔལ་ལྡན་སྐུ་ཡི་དབང་བསྐུར་རོ། ཨོཾ་བུདྡྷ་ཆེ་མོ་ཨ་བྷི་ཥིཉྩ་ཧཱུྃ། རིགས་ཀྱི་བུ་ཁྱོད་ལ་རྣམ་པར་སྣང་མཛད་མིང་གིས་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག་ནས། སངས་རྒྱས་ཐམས་ཅད་ཀྱི་སྐུའི་དབང་ཐོབ། །གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དང་ནམ་མཁའི་ཁམས་དབྱིངས་ཕྱུག་མར་སངས་རྒྱས། །གཏི་མུག་མེ་ལོང་ཡེ་ཤེས་སུ་གྲོལ་ཏེ། དེ་བཞིན་གཤེགས་པའི་རིགས་གྱི་སྐུ་འགྱུར་བ་མེད་པ་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །རྡོ་རྗེ་སློབ་དཔོན་གྱི་དབང་ནི། །ཐུགས་ཀྱི་དམ་ཚིག་རྡོ་རྗེ་གསོར་བ་དང་། །གསུང་གི་དམ་ཚིག་དྲིལ་བུ་འཁོལ་བ་དང་། སྐུའི་དམ་ཚིག་འཁྱུད་རྒྱ་བྱེད་པ་སྟེ་དམ་ཚིག་གསུམ་བྱིན་ལ། ཨོཾ་ཨཱཧཱུྃ། ཐབས་དང་ཤེས་རབ་གཉིས་མེད་ཅིང་། །སྣང་སྟོང་དབྱེར་མེད་འདི་བཟུང་ལ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཡི། །ཀུན་

(༡༩༩)བཟང་རྡོ་རྗེ་འཛིན་ཁྱོད་ཀྱིས། །འགྲོ་ཀུན་རྗེས་སུ་གཟུང་བར་མཛོད། །རིགས་ཀྱི་བུ་ཁྱོད་ལ་གསང་བསྔགས་ཀྱི་ཕྱག་རྒྱའི་དམ་ཚིག་གི་ནང་ནས་མཆོག་ཏུ་གྱུར་པ་རྡོ་རྗེ་དང་དྲིལ་བུ་དཀྱིལ་འཁོར་ཐམས་ཅད་བའི་བདག་ཉིད་འདི་ལག་ཏུ་གཏད་པ་ཙམ་གྱིས། རྣམ་པ་ཐམས་ཅད་མཁྱེན་པའི་ས་བོན་ཐེབས། སངས་རྒྱས་ཐམས་ཅད་ཀྱི་མེས་པོ་གདོང་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པར་སངས་རྒྱས་ཏེ་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་ནུས་པར་གྱུར་ཅིག །སླར་ཡང་རྣམ་རྒྱལ་བུམ་པ་བཟུང་ལ། ཧཱུྃ་བཀྲ་ཤིས་བུམ་པ་ལྷའི་གཞལ་ཡས། ལྷ་དང་གཉིས་མེད་བདུད་རྩིའི་ཆུས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས། །རྣམ་སྨིན་རིགས་འཛིན་ཉེར་ཐོབ་ཅིང་། །ཀུན་ཏུ་འོད་ཀྱི་ས་ནོན་ཤོག །རྩ་སྔགས་དང་། ཀཱ་ཡ་ཨ་དྷི་ཥིཉྩ་ཨོཾ། རིགས་ཀྱི་བུ་ཁྱོད་ལ་དབང་ཐམས་ཅད་བརྟན་པར་བྱེད་པ་རྣམ་རྒྱལ་གྱེ་བུམ་པས་དབང་བསྐུར་བས་སྣོད་བཅུད་ལྷ་དང་གཞལ་ཡས། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱང་

(༢༠༠)ལྷ་དང་ལྷ་མོར་གནས་དག་པ་ཡིན་པས་ཕྱི་ནང་ཐམས་ཅད་ལ་བརྙས་པ་བྱས་ན་ལྟུང་བར་གྱུར་པ་ཡིན་པས་དག་སྣང་དང་མོས་པ་གྱིས་ཤིག །དེ་ལྟར་བུམ་པའི་དབང་གིས། །ལུས་དང་རྩའི་སྒྲིབ་པ་དག །བསྐྱེད་རིམ་བསྒོམ་པ་ལ་དབང་། ཕུང་ཁམས་སྐྱེ་མཆེད་ཚོགས་བརྒྱད་དབང་ཡུལ་དང་བཅས་པ་སྐུ་དང་ཡེ་ཤེས་སུ་འགྱུར་བའི་ས་བོན་ཐེབས། །སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་གོ། གསང་རྫས་མགྲིན་པར་བཞག་སྟེ། ཧཱུྃ་ ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས། །དཀར་དམར་བྷནྡྷའི་ནང་དུ་བསྐྱིལ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །རྩ་ཁམས་ཡི་གེའི་རྣམ་པར་སྨིན། །ཚེ་ལ་དབང་བའི་རིག་འཛིན་ཐོབ། །པདྨ་ཅན་གྱི་ས་ནོན་ཤོག །རྩ་སྔགས་དང་། ཝཱཀྐ་ཨ་བྷི་ཥིཉྩ་ཨཱ༔ རྗེས་འབྲེལ་དུ་བཟླས་ལུང་སྦྱིན་པ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཕྲེང་ཡུ་གུ་རྒྱུད་དུ་བྱུང་། སློབ་མའི་མགྲིན་པ་ནས་ཞུགས། སྙིང་གར་འཁོར་བས་འགྱུ་བའི་རླུང་ཁམས་མཐའ་དག་གྲགས་སྟོང་སྔགས་ཀྱི་འཁོར་ལོར་རྫོགས་པར་བསམ། རྩ་སྔགས་ཀྱི་རྗེས་ཟློས་ལན་གསུམ། དེས་ངག་དང་རླུང་གི་སྒྲིབ་པ་དག །བླ་མེད་

(༢༠༡)ཀྱི་དམ་རྫས་ཁྱད་པར་ཅན་སྤྱོད་ཅིང་བཟླས་བརྗོད་དང་གཏུམ་མོའི་རྣལ་འབྱོར་ལ་དབང་། རླུང་བཅུ་ལས་སུ་རུང་བའི་ཡོན་ཏན་ཐམས་ཅད་ཐོབ། །ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་བ་རྒྱུད་ལ་བཞག་གོ། །རིག་ཙག་གཏད་ལ། ཧོ ཆོས་རྣམས་ཀུན་གྱི་འབྱུང་གནས་ཏེ། །བདེ་བ་ཆེན་པོ་གསང་བའི་ཡུམ། །རིགས་ཀྱི་བུ་ལ་བྱིན་པ་ཡིས། །དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར། །ཕྱག་རྒྱ་ཆེན་པོའི་རིགས་འཛིན་ཐོབ། །འཁོར་ལོ་ཚོགས་ཆེན་ས་ནོན་ཤོག །རྩ་སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གཏད་པས། རིག་མ་དེས་པདྨ་བྷཉྫ་མོ་ཀྵ་ཧོ ཞེས་པའི་སྒྲས་ཐར་པ་རྟེན་པ་ལ་བསྐུལ། རྗེས་སུ་ཆགས་པའི་རོལ་མོས་དགའ་བ་བཞིའི་ཡེ་ཤེས་ཉམས་སུ་མྱོང་། །ཡིད་དང་ཐིག་ལེའི་སྒྲིབ་པ་དག །རང་བཞིན་བརྒྱད་ཅུའི་རྟོག་ཚོགས་འགགས། ཆོས་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞུག་གོ། །དབང་བཞི་པ་ལ་ཨ་མེད་དང་ཤེལ་རྡོ་མཚོན་པའི་བརྡ་སྟེ། དཔེ་དོན་འབྲེལ་བའི་ཡེ་ཤེས་ཉམས་སུ་མྱོང་བར་བསམ་ལ། ཧོ ཀ་དག་མེ་ལོང་གཙང་མའི་དོགས། །ལྷུན་

(༢༠༢)གྲུབ་དངས་ཤེལ་དྲི་མེད་གསལ། །བརྡ་རྟགས་རྫོགས་པའི་དབང་བསྐུར་བས། །དྲི་མེད་རིག་པའི་གནས་ལུགས་རྟོགས། །ལྷུན་གྲུབ་རིགས་འཛིན་ཉེར་ཐོབ་ནས། །བདེ་བ་ཆེན་པོའི་ས་ནོན་ཤོག །རྩ་སྔགས་དང་། དྷརྨ་དྷཱ་རྟུ་ཨ་བྷི་ཥིཉྩ་ཨཱ༔ ཞེས་པའི་མཐར། རང་བཞིན་མེད་པའི་ཆོས་ཉིད་ལ་མཉམ་པར་གཞག །རྗེས་ལ་དམ་ཚིག་ཁས་བླང་བ་ནི། གཙོ་བོས་ཇི་ལྟར་བཀའ་སྩལ་པ། དེ་དག་ཐམས་ཅད་བདག་གིས་བགྱི། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང་། ཆ་ཡིས་ཀྱང་ནི་སྦྱང་དུ་གསོལ། །གཏང་རག་གིས་མཎྜལ་ཕུལ། །ཉེར་གཅིག་བ་སྨན་གཏོར་རཀྟ་དང་། ཚོགས་ཀྱི་འཁོར་ལོ་ཕྱི་ནང་གི་འདོད་ཡོན་ལ་བརྟེན་པའི་དམ་ཚིག་སྐོང་བཤགས་ཆེན་མོ་ནི། རིག་འཛིན་གྱི་ཚོམ་བུ་དེ་དག་གི་ཐུགས་རྒྱུད་ཀྱི་སྤངས་རྟོགས་ཐེག་པ་རིམ་པ་དགུའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ཡིན་པས་རྣམ་སྤྲུལ་ཀྱང་མདུན་གྱི་ནམ་མཁའ་ལ་མགྲོན་ཐབས་ཀྱི་རྣམ་པར་སད་པར་བྱ་བ་ནི། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ སེམས་ནི་རྒྱ་ཆེན་མཆོག་ཏུ་རབ་བསྐྱེད་ཅིང་༔ འགྲོ་བ་འདི་དག་མ་ལུས་

(༢༠༣)སངས་རྒྱས་རྒྱུ འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ན སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུ རྒྱལ་བ་འཁོར་བཅས་མ་ལུས་གཤེགས་སུ་གསོལ བཛྲ་ས་མཱ་ཛ ཞེས་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་སྟྭཾ༔ གྱིས་གདན་འབུལ། དེ་ནས་གཏོར་ཚོགས་རྣམས་ལ་ནང་མཆོད་བྲན་ནས། ཨོཾ་ཀུན་བརྟགས་སྣང་བ་སྣོད་ཀྱི་གཏོར་གཞོང་དུ གཞན་དབང་སྲིད་པ་བཅུད་ཀྱི་གཏོར་མར་སྦྱངས ཡོངས་གྲུབ་ཆོས་དབྱིངས་ཀློང་ཆེན་དགོངས་པ་ཡིས༔ སྣང་སྲིད་གཞིར་བཞེངས་ཀུན་བཟང་མཆོད་པའི་སྤྲིན འཕོ་མེད་ནམ་མཁའ་མཛོད་དུ་མངའ་དབང་བསྒྱུར ཨོཾ་ཨཱཧཱུྃ། ལན་བདུན་གྱིས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་དང་། །ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་བྱིན་གྱིས་བརླབས། །ཨཱརང་བྱུང་ལྷུན་གྲུབ་འཇའ་ཟེར་ལུས་ཀྱི་

(༢༠༤)སྦུབས སྒྱུ་འཕྲུལ་ཚོགས་བརྒྱད་རོལ་པ་སྲིན་པོའི་གྲོང་ སྙིང་དབུས་ཟངས་མདོག་དཔལ་རིའི་ཕོ་བྲང་ནས། །རིགས་འདུས་མ་ཧཱ་གུ་རུའི་ཐུགས་དམ་བསྐངས༔ གཞི་དབྱིངས་སྟོང་གསལ་ཀུན་ཏུ་བཟང་པོ་ཡི གཞི་སྣང་ལོངས་སྐུའི་རྩལ་ལ་དགོངས་པ་འཕོས བརྡ་ཚིག་བློ་ལས་འདས་པའི་དཀྱིལ་འཁོར་ནས དགོངས་བརྒྱུད་དག་པ་གཉིས་ལྡན་ཐུགས་དམ་བསྐང་ ངེས་པ་ལྔ་ལྡན་ལྷུན་གྲུབ་ལོངས་སྐུའི་རྩལ༔ རིག་འཛིན་རིག་པའི་འཁོར་ལོ་བརྡ་སྟོན་ཅིང་༔ དགོངས་བརྡའི་དོན་རྒྱུད་ཚིག་རྫོགས་སྤྲུལ་པའི་གར སྙན་བརྒྱུད་ཐོས་གྲོལ་ཆེན་པོའི་ཐུགས་དམ་བསྐང་ མཚོན་བྱེད་རྟགས་ཀྱི་བརྡ་ཤོག་ཆེན་པོའི་དབང་༔ ལས་ཅན་སྐྱེས་བུའི་སྙིང་ལ་བསྐུར་བ་ལས མཚོན་བྱ་དོན་གྱི་དགོངས་པ་གསང་མཛོད་བརྡོལ གཏད་རྒྱ་སྨོན་ལམ་དབང་རྒྱུད་ཐུགས་དམ་བསྐང་༔ གདོད་ནས་ཀུན་ཏུ་བཟང་པོ་རང་རིག་ལ ཁྱབ་གདལ་དགོངས་པ་གུད་དུ་བཅད་པ་དང་༔ སངས་རྒྱས་གཞན་དུ་བཙལ་བའི་ནོངས་པ་ཀུན དག་ནས་བྱ་རྩོལ་བྲལ་བའི་ས་ལ་སྐྱོལ ཀ་དག་ཕྱོགས་ཡན་ཆེན་པོའི་

(༢༠༥)དགོངས་པ་ལ བགྲང་བྱའི་ཐེག་པ་ཐ་དད་མ་གྲུབ་ཀྱང་༔ ཀུན་རྟོག་གདུལ་བྱའི་ཁམས་དབང་བསམ་པའི་ཕྱིར། །ཐེག་པ་རིམ་དགུར་ཤར་བའི་ཐུགས་དམ་བསྐང་༔ འཁོར་བ་སྡུག་བསྔལ་ཆེན་པོར་ཤེས་པ་ཡིས༔ ཀུན་རྫོབ་བདེན་བཞིའི་ལམ་ལ་ར་བཞུགས་ནས། །བདག་འཛིན་འཆིང་བ་གཅོད་པ་ཉན་ཐོས་ཀྱི༔ ཚོམ་བུའི་དཀྱིལ་འཁོར་ལྔ་ཡི་ཐུགས་དམ་བསྐང་༔ སོ་ཐར་འདུལ་བའི་སྡེ་སྣོད་ཆེན་པོ་ཡིས༔ བཅས་དང་རང་བཞིན་འགལ་བའི་ཉེས་པ་ཀུན མི་འཆབ་མི་སྦེད་སྙིང་ནས་བཤགས་པར་བགྱི༔ བདག་ལ་འཕགས་པ་དགྲ་བཅོམ་བྱིན་གྱིས་རློབས༔ ལྷག་པའི་ཚུལ་ཁྲིམས་བསླབ་པས་རྒྱུད་བསྡམས་ཤིང་༔ ཕུང་སོགས་རང་བཞིན་མེད་པར་རྟོགས་པ་དང་ རྟེན་འབྲེལ་བཅུ་གཉིས་ལུགས་ལས་ལྡོག་པ་ཡི༔ རང་རྒྱལ་དཀྱིལ་འཁོར་བཞི་ཡི་ཐུགས་དམ་བསྐང་༔ རྣམ་དག་ཚུལ་ཁྲིམས་མི་གཡོ་ཏིང་འཛིན་གྱི༔ བསླབ་པ་མདོ་སྡེའི་བསྲུང་མཚམས་ཉམས་པ་ཀུན༔ འགྱོད་པས་བཤགས་སོ་བྱང་ཞིང་དག་

(༢༠༦)པ་དང་ ཚོགས་དང་བསེ་རུའི་རང་རྒྱལ་དངོས་གྲུབ་སྩོལ༔ ཆོས་ཀུན་སྒྱུ་མ་ལྟ་བུར་ཤེས་པའི་ངང་༔ སྙིང་རྗེའི་གཞན་དོན་སྒྲུབ་ལ་ཆེས་དཔའ་ཞིང་༔ བདེན་གཉིས་ལམ་འཁྱེར་མངོན་པའི་སྡེ་སྣང་ཀྱི༔ དཀྱིལ་འཁོར་ཕྱོགས་ཀྱི་གྲངས་ལྡན་ཐུགས་དམ་བསྐངས༔ སོ་སོར་རྟོགས་པའི་ཤེས་རབ་ཏིང་ངེ་འཛིན༔ རྟག་ཆད་མུ་བཞིའི་ལམ་དུ་གོལ་བ་དང་ སྙིང་རྗེའི་མྱུ་གུ་སྐམས་པའི་ནོངས་པ་ཀུན དག་ནས་ཀུན་ཏུ་འདི་ཀྱི་ས་ལ་སྐྱོལ༔ དག་པ་གསུམ་དང་གཙང་སྦྲ་གསུམ་སྤྱོད་ཅིང་། དམ་ཡེ་ཐ་དང་རྗེ་ཁོལ་རྣམ་པར་བསྒྲུབ༔ བལྟས་པས་བདེ་བ་ལམ་བྱེད་བྱ་རྒྱུད་ཀྱིས དཀྱིལ་འཁོར་དྲུག་གི་ལྷ་ཚོགས་ཐུགས་དམ་བསྐང་༔ ཀྲི་ཡའི་ཐབས་དང་ཡོ་གའི་རྣལ་འབྱོར་ལ ཆ་མཉམ་སྤྱད་བསམ་ནིང་ཐེག་པ་སྟེ མངོན་བྱང་ལྔ་ཡིས་དཀྱིལ་འཁོར་རྒྱལ་མཆོག་བསྒྲུབ སྦྱོང་རྒྱུད་དཀྱིལ་འཁོར་རྒྱ་མཚོའི་ཐུགས་དམ་བསྐང་༔ བྱ་སྤྱོད་རྒྱུད་སྡེའི་ལྷ་སྔགས་ཏིང་འཛིན་དང་༔ ཕྲ་རགས་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ མཁའ་སྤྱོད་ལ་སོགས་གྲུབ་

(༢༠༧)ཆེན་རྣམ་བརྒྱད་ཀྱི ཐུན་མོང་དངོས་གྲུབ་མཛད་མེད་ཆར་དུ་སྙིལ༔ ཕྱི་ནང་གསང་གསུམ་རྣམ་དག་བདེན་པ་ཡི༔ ལྷ་དང་རྣལ་འབྱོར་གཉིས་མེད་ཆེན་པོར་རྟོགས༔ ཕྱག་རྒྱ་བཞི་དང་ཟབ་གསལ་ཏིང་འཛིན་བརྙེས༔ ལིང་ཚེ་དགུ་ལྡན་ཡོ་གའི་ཐུགས་དམ་བསྐང་༔ བཟོད་པར་བཞེས་ནས་མཆོག་གི་དངོས་གྲུབ་སྩོལ ཞེས་པའི་མཚམས་ཚོགས་ཕུང་རིམ་པ་གསུམ་ལྷག་མ་དང་བཅས་པར་སྤེལ་ཞིང་སྨན་རག་འཐོར་བཞིན་པས བདེ་སྟོང་ཀློང་ཡངས་ཏིང་འཛིན་གསུམ་གྱི་སྦུབས༔ བསྐྱེད་རིམ་སྣོད་བཅུད་དག་པ་རབ་འབྱམས་སུ ཡོངས་ཤར་སྒྱུ་འཕྲུལ་ཞི་ཁྲོ་བཀའ་བརྒྱད་སོགས༔ ཚོམ་བུའི་དཀྱིལ་འཁོར་བཅུ་གཉིས་ཐུགས་དམ་བསྐང་༔ ཤེས་བྱ་ལྔ་དང་མི་སྤང་དང་དུ་བླངས སྒྲུབ་དང་སྤྱད་བྱའི་དམ་ཚིག་ཉི་ཤུ་ལྔ གསང་བཅུ་ལ་སོགས་ཉམས་ཆག་སྡིག་

(༢༠༨)སྒྲིབ་ཀུན བཤགས་སོ་རིགས་འཛིན་རྣམ་བཞིའི་ས་ལ་སྐྱོལ བཀོད་པ་ལུས་ཀྱི་གཞལ་མེད་ཁང་ཆེན་ནང་༔ རྩ་གསུམ་འཁོར་ལོ་ལྔ་ཡི་འཇའ་ཟེར་སྦུབས༔ དབྱིངས་དང་ཡེ་ཤེས་མཉམ་སྦྱོར་རིག་པའི་རྩལ༔ ཨ་ནུ་ཡོ་གའི་དཀྱིལ་འཁོར་ཐུགས་དམ་བསྐང་ རྣམ་ཤེས་ཚོགས་བརྒྱད་ཉེ་ཉོན་ཉི་ཤུ་དང་༔ སེམས་བྱུང་ལྔ་བཅུ་བརྒྱད་ཁྲི་བཞི་སྟོང་གི༔ རྟོག་ཚོགས་དག་ནས་དྲན་རྫོགས་ཕྱག་རྒྱའི་སྐུ ལྷན་སྐྱེས་བདེ་བ་ཆེན་པོའི་ས་ལ་སྐྱོལ༔ ཤེས་རིག་ཟང་ཐལ་གཉུག་མའི་གཞལ་ཡས་སུ ཡེ་གདངས་སྒྲོན་དྲུག་འཇའ་ཟེར་ཐིག་ལེའི་ཀློང་༔ རིག་པ་བཅུད་དུ་སྨིན་པ་ཨ་ཏིའི་ལྷ ཞལ་ཕྱག་འཛིན་པ་དག་པའི་ཐུགས་དམ་བསྐང་༔ རང་གྲོལ་རིག་པ་རྡོ་རྗེ་ལུ་གུ་རྒྱུད བཞུགས་སྟངས་གསུམ་དང་གཟིགས་སྟངས་རྣམ་གསུམ་གྱིས གཅུན་ཏེ་སྣང་བཞིའི་ཆོས་ཟད་གདོད་མའི་དབྱིངས༔ རང་གྲོལ་རིག་པ་རྡོ་རྗེ་ལུ་གུ་རྒྱུད༔ བཞུགས་སྟངས་གསུམ་དང་གཟིགས་སྟངས་རྣམ་གསུམ་གྱིས གཅུན་ཏེ་སྣང་བཞིའི་ཆོས་ཟད་གདོད་མའི་དབྱིངས༔ ལྷུན་གྲུབ་རྫོགས་པ་ཆེན་པོའི་ས་ལ་སྐྱོལ༔ མདོར་ན་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཀློང་༔ ཐ་དད་རིག་པས་བཏགས་པའི་སྲི་ཞུའི་མགྲོན རྡུལ་སྙེད་མ་ཚད་མེད་པ་ཐམས་

(༢༠༩)ཅད་དང་། །སྣང་བ་ཡབ་ཀྱི་རང་བཞིན་རཱ་ཧུ་ལ སྟོང་པ་ཡུམ་གྱི་ངོ་བོ་ཨེ་ཀ་ཙ ཟུང་འཇུག་ཐུགས་རྗེ་བཛྲ་ས་བྷུ་སོགས སྙིང་ཐིག་གཉེན་པོའི་བཀའ་བསྲུང་ཐམས་ཅད་དང་༔ ཨོ་རྒྱན་རྒྱ་གར་བལ་ཡུལ་ཁ་ཆེའི་གླིང་ འཞའི་ཡུལ་དང་བྲུ་ཤ་ཟངས་གླིང་ཡུལ༔ གསེར་གླིང་རྔ་ཡབ་ལངྐའི་གླིང་ཕྲན་དང་ རྒྱ་ནག་ལྗོངས་ཡུལ་གེ་སར་དམག་གི་གླིང་༔ ཙ་རི་ཏྲ་དང་ལྷོ་མོན་འབྲས་མོའི་གཤོངས མདའ་རིས་སྐོར་གསུམ་དབུས་གཙང་རུ་བཞི་དང་༔ མདོ་ཁམས་སྒང་དྲུག་སྦས་གནས་གཉན་པོའི་ཡུལ ལྗོངས་ལྔ་གླིང་དྲུག་གསེར་རི་ལྷུན་བོའི་སྤོ སུམ་ཅུ་རྩ་གསུམ་གནས་ཡུལ་དུར་ཁྲོད་གཉན༔ ཆོས་འཁོར་གཙུག་ལག་སྒྲུབ་གནས་དབེན་གནས་ཀྱི༔ འཁོར་ཡུག་ལྗོན་ཤིང་བྲག་ནི་མཚོ་གླིང་ལ༔ གནས་པའི་དཔའ་བོ་ཌཱ་ཀི་ཆོས་སྲུང་ཚོགས ཞལ་ནས་གསུངས་དང་རྗེས་སུ་གནང་བ་དང་༔ བྱིན་བརླབས་ལུང་བསྟན་དག་སྣང་བསྟན་བཅོས་དང་༔ ཐུགས་གཏེར་དགོངས་གཏོར་ཟབ་གཏེར་རྫས་གཏེར་སོགས གཏེར་རིགས་

(༢༡༠)བཅོ་བརྒྱད་ཆོས་ཀྱི་བཀའ་གཏད་ཅིང་༔ དཀྱིལ་འཁོར་རྒྱ་མཚོའི་མུ་རན་ལ་གནས་པའི༔ དམ་ཅན་ཌཱཀྐི་བསྟན་སྲུང་རྒྱ་མཚོ་ཡི ཐུགས་དང་འགལ་གྱུར་ནོངས་པ་ཅི་མཆིས་པ༔ སྙིང་ནས་བཤགས་སོ་ཚངས་པའི་ཞལ་རས་སྟོན༔ རྟག་ཆད་མཐའ་བྲལ་དབུ་མ་ཆེན་པོའི་སྦུབས༔ འཁོར་འདས་རོ་རྐྱང་ཟུང་འཇུག་ཕྱག་རྒྱ་ཆེར སྦྱར་བས་སྣང་སེམས་ཞེན་གྲོལ་རྫོགས་པ་ཆའི༔ ཏིང་འཛིན་ནམ་མཁའ་མཛོད་ཀྱི་སྒྱུ་འཕྲུལ་ལས གཟུང་འཛིན་ཕཊ་ཀྱིས་གཏོར་བའི་རྗེས་གཞིག་ཆེར བློ་བྲལ་ཐུག་ཕྲད་ཤེས་པའི་ངོ་བོ་རུ ཚོགས་བརྒྱད་ཀ་ནས་དག་པའི་བཀྲ་ཤིས་རྟགས སྣང་བ་རྒྱན་དུ་ཤར་བའི་རྒྱལ་སྲིད་བདུན རིག་སྟོང་རྗེན་པར་གྲོལ་བའི་འདོད་ཡོན་ལྔ༔ རྐྱེན་ངན་ལམ་དུ་ལོངས་པའི་ཕྱག་རྒྱ་གར༔ འབུལ་ལོ་མཆོག་ཐུན་དངོས་གྲུབ་རྒྱ་མཚོར་བསྐྱིལ༔ ཀློང་ཆེན་གཞོན་ནུ་བུམ་སྐུའི་ཀ་པཱ་ལར༔ དུག་གསུམ་རྣམ་རྟོག་དྲེགས་པ་བཏུལ་བའི་ཁྲག༔ སྐུ་གསུམ་ཡོངས་གྲོལ་ཆེན་པོའི་བ་ལིང་ཏ༔ རེ་དོགས་ཚར་གཅོད་ཤ་ལྔ་བདུད་རྩི་ལྔ ཉི་ཟླའི་དངས་མ་རྩ་བརྒྱད་ཡན་ལག་

(༢༡༡)སྟོང་ རང་བྱུང་ལྷུན་གྲུབ་ནང་གི་དམ་རྫས་ཀུན འབུལ་ལོ་བརྟུལ་ཞུགས་མཐར་ཕྱིན་དངོས་གྲུབ་སྩོལ༔ གདོད་མའི་སྟོང་ཆེན་དབྱིངས་ཀྱི་བྷ་གའི་ཀློང་༔ རྣམ་ཀུན་མཆོག་ལྡན་རིག་པའི་རྡོ་རྗེ་ཡིས༔ རྟེན་འབྲེལ་ལུགས་ལྡོག་འཁོར་བའི་བག་ཆགས་བསྒྲལ༔ འོད་སྟོང་དགའ་བཞིའི་ཉམས་རྩལ་རྫོགས་པའི་གར སྦྱོར་སྒྲོལ་བརྟུལ་ཞུགས་མཐར་ཕྱིན་གསང་བའི་རྫས༔ འབུལ་ལོ་གཞན་སྣང་དབང་འདུས་དངོས་གྲུབ་སྩོལ༔ མཚན་མ་རྫས་དང་མཚན་མེད་ཏིང་འཛིན་གྱི༔ ལས་བཞིའི་འཕྲིན་ལས་བསྒྲུབ་པའི་ཕྱག་རྒྱ་དང་། ཤུགས་སྒྲོལ་སྨོད་པའི་མཚོན་ཆ་ཁྱོད་ལ་འབུལ སྨོན་འཇུག་སེམས་བསྐྱེད་བྲག་ཕུག་ཞྭ་ལྟར་གྱོན ཆགས་མེད་འཁོར་བ་སྤངས་པའི་རྣལ་འབྱོར་ལ མ་ཉེས་ཁ་ཡོགས་ཅལ་སྒྲོག་ངན་སྦྱོར་བཤོམ སྒྲུབ་ལ་པར་གཅོད་ཐུགས་རྒྱུད་དཀྲུགས་པ་ཡི༔ སྨོན་ལམ་ལོག་པའི་དགྲ་འདྲེའི་སྙིང་ཁྲག་འཐུངས༔ མཐོན་མཐིང་རལ་པའི་གླེགས་བམ་མན་ཆད་ནས བདག་པའི་ཉེར་སྤྱད་ཕྲ་མོ་ཡན་ཆོད་དུ མདོར་ན་

(༢༡༢)རྣལ་འབྱོར་ཡིད་ལ་མཛའ་བའི་རྫས༔ རྩ་གསུམ་དམ་ཅན་ཌཱཀྐིའི་བླ་རྡོར་འབུལ༔ ནགས་ཁྲོད་བས་མཐའ་མཚོ་གླིང་བྲག་སྐྱིབས་སོགས༔ ཇེས་མེད་གནས་སུ་བྱང་ཆུབ་བསྒྲུབ་པའི་ཕྱིར སྟག་མོ་རི་སུལ་འགྲིམ་ལྟར་རྒྱུ་བའི་ཚེ༔ རྣལ་འབྱོར་ལུས་ལ་གྲིབ་མ་བཞིན་དུ་འགྲོགས༔ བརྟན་གཡོ་སྣང་སེམས་ཞེན་པས་བཅིངས་པ་ཡི༔ ཕྲ་རགས་རྣམ་རྟོག་གྱ་གྱུའི་སྒྱུ་འཕྲུལ་ཅན༔ སྲིད་ཞི་གཉིས་མེད་ཤར་གྲོལ་དུས་མཉམ་ཀློང་༔ འབུལ་ལོ་ཆོས་ཉིད་ཟང་སར་འཁྱོལ་བར་ཤོག༔ ཀུན་གཞིའི་ངང་ནས་ལས་རླུང་གཡོས་པའི་འཕྲུལ༔ བག་ཆགས་སེམས་ཉིད་མང་ལ་རྒྱར་འཐུམས་པ་ལས༔ བྱུང་བའི་ཤ་ཁྲག་དྲད་དབུགས་ཕུང་པོའི་ཁམས༔ འབུལ་ལོ་བདག་གས་འཇའ་ལུས་འགྲུབ་པར་ཤོག༔ འདིས་མཚོན་དུས་གསུམ་བསགས་པའི་དགེ་རྩ་ཀུན དྲན་རིག་ཟག་པ་མེད་པའི་ཡེ་ཤེས་ཀྱིས འཁོར་གསུམ་ཡེངས་དག་ཆེན་པོར་རྒྱས་བཏབ་ནས༔ གནས་ལུགས་རྫགས་པ་ཆེན་པོའི་ཀློང་དུ་ཨཱ༔ ཞེས་པའི་མཐར། ལྷག་མ་ཕྱི་རོལ་དུ་གཤེགས གསུམ་པ་རྗེས་ཀྱི་བྱ་བ་ལ་བརྒྱད་ལས་

(༢༡༣)དང་པོ་དངོས་གྲུབ་ཀྱི་དམ་རྫས་ཆོགས་ལ་རོལ་པ་ནི། ལས་སློབ་ཀྱིས་འདུས་པའི་གཙོ་བོ་ལ་བཏུད་དེ་ཕྱག་བྱས་ནས་རྣམ་ལྔ་འདོད་སྐོར་གྱི་ཕྱག་རྒྱ་དང་བསྒྲགས། ཧོ བླ་མ་དཔའ་བོ་ཆེན་པོ་དགོངས་སུ་གསོལ། །འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུས་པ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདའ་བ་ཡང་། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཞེས་པའི་ལན་དུ་སློབ་དཔོན་གྱིས་ཀྱང་ཕྱག་རྒྱ་དེ་ཉིད་དང་བཅས། བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འདོད་ཆགས་ལ་སོགས་དྲི་མ་སྤངས གཟུང་འཛིན་རྣམ་པར་བྲལ་བ་ཡི། །དེ་བཞིན་ཉིད་ལ་བདག་ཀྱང་འཚལ། །ཨ་ལ་ལ་ཧོ ཞེས་པས་བླང་ཞིང་། ལག་སོར་གཡས་གཡོན་རིགས་ལྔ་ཡབ་ཡུམ་དུ་མོས་ནས་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ལ་ནང་གི་སྦྱིན་སྲེག་ལྟར་དབུལ་བ་ནི། སློབ་དཔོན་གྱིས་བསྐུལ་ལ་ཚོགས་པ་ཐམས་ཅད་ཀྱིས། ཧོ བདག་ལུས་ཕུང་ཁམས་སྐྱེ་མཆེད་ནི། གདན་གསུམ་ཚང་བའི་ངོ་བོ་སྟེ། །དམ་པ་རིགས་བརྒྱའི་དཀྱིལ་འཁོར་ལྷ། །འགུལ་བསྐྱོད་

(༢༡༤)ཐམས་ཅད་བདེ་བ་ཆེ། །རྡོ་རྗེའི་དམ་ཚིག་བླ་ན་མེད། །བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོར། །གཉིས་མེད་མཉམ་པའི་ངང་དུ་རོལ། །རྣལ་འབྱོར་ལམ་གྱི་ཚོགས་རྫོགས་ནས། །ལས་ཀྱི་སྒྲིབ་པར་མི་འགྱུར་ཞིང་། །གཏན་པ་མེད་པའི་སྦྱིན་བདག་ཀྱང་། །ཐེག་ཆེན་འབྲས་བུར་སྤྱོད་པར་ཤོག །ཅེས་བརྗོད་ཅིང་ཐ་མལ་གྱི་རྟོག་པ་སྤངས་ལ་རང་ལུས་ཕུང་ཁམས་སྐྱེ་མཚད་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་བདག་ཉིད་དུ་མོས་པར་མཆོད་པའི་ཚུལ་གྱིས་ཚིམས་པར་རོལ་རྗེས། ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ། །སོགས་ཀྱིས་སྨོན་ལམ་གདབ། དེའི་ཚེ་ཚོགས་ཀྱི་དམ་རྫས་ལ་སྨོད་པ་དང་། ཐེག་དམན་གྱི་བློས་བླང་དོར་དུ་བལྟ་བ་དང་། འཐབ་རྩོད་དང་། ཀུ་ཅོ་དང་ཤགས་ལ་སོགས་པ་ནི་སྦོམ་པོ་བརྒྱད་ཀྱི་ཡ་གྱལ་ཡིན་པས་སྤང་བར་བྱའོ། །གཉིས་པ་རྡོ་རྗེའི་གླུ་གར་བྱ་བར་མོས་ན། སྐྱེ་བོ་ཐ་མལ་པས་དབེན་པའི་གནས་སུ། ལས་སླབ་ཀྱིས་སློབ་དཔོན་ལ་ཕྱག་བྱས་ཏེ། ཧོ དགོངས་སུ་གསོལ། མངའ་དབང་རྫོགས་པའི་དཀྱིལ་འཁོར་ཆེན་པོར་ཀུན་ཏུ་བཟང་པོའི་ཚོགས་མཆོད་རྒྱ་མཚོས་

(༢༡༥)ཕྱི་ནང་གི་འདུ་བ་དང་ཉེ་བའི་འདུ་བ་ལེགས་པར་མཆོད་ཟིན་པའི་གནས་སྐབས་འདིར་ནི་མུ་ཏིག་ཕྲེང་བ་ལས། ཚོགས་དང་དབང་བསྐུར་དཀྱིལ་འཁོར་འཇུག །དེ་ནས་གླུ་ལ་བརྩོན་པར་བྱ། །ཞེས་པའི་དོན་ལྟར་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་དགོངས་སྤྱོད་རྒྱ་མཚོས་རྡོ་རྗེའི་གླུ་གར་ལ་ཐུགས་གཏད་པ་ཞུ། ཞེས་གསོལ་ནས། དཔོན་སློབ་ཐམས་ཅད་འཁོར་ལོས་སྒྱུར་བའམ། ཧེ་རུ་ཀའི་ཆས་སུ་ཞུགས་ནས་བསམ་གཏན་གྱི་ངང་ལས་ལངས་ཏེ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱུང་རྒྱལ་དུ་བསྐྱང་བའམ། མོས་པས་སྤྱོད་པ་རྣམས་ནི་རང་བཞིན་གྱི་བསམ་གཏན་ལ་གནས་པས་ཆོས་ཉིད་ཀྱི་གླུ། ཨ་དཱི་ཀ་དཱི་ཏིང་པོ་དང་། ཐུང་ངུ་དང་། འཁྱོག་པོར་སྤེལ་བའི་དབྱངས་སྙན་པོས་བླང་ཞིང་། དེ་ནས་ཨོཾ་དང་། ཨེ་དང་། ཧཱུྃ་དང་། ཧེ་དང་། ལྱཻ་ཤག་ལ་སོགས་པས་སྣ་དྲངས་ཏེ་ཐོད་རྔ་དང་ཅང་ཏེའུའི་སྒྲ་དང་བཅས། ཨེ་མ་ཀཱི་རི་ཀཱི་རི། མ་སྟ་པཱ་ལི་པཱ་ལི། ས་མི་ཏ་སུ་རུ་སུ་རུ། ཀུ་ཏ་ལཾ། མ་སུ་མ་སུ། ཨི༚་ཀ་རཱ་སུ་ལི་བྷ་ཏ་ཡཱེ། ཅི་ཀཱིར་བྷུ་ལི་བ་ལ་ཡེ། ས་མུན་ཏ་ཙ་རྱ་སུ་བྷ་

(༢༡༦)ཡ། བྷི་ཏ་སན་བྷྱ་ཀུ་ལ་ཡཱི། ས་ཀ་རི་དྷུ་ཀཱ་ན། མ་ཏ་རི་བཱི་ཏ་ན། བར་ལི་ཧི་སཱ་ན། མ་ཁཱ་རྟ་ཀི་ལ་ནཱཾ། སཾ་བྷུ་ར་ར་མེ་ཀ་ཙ་དྷི་པ། སུ་རྱ་བྷ་ཏ་ར་ཨེ་པ་ཤ་ན་པ། ར་ན་བྷི་ཏི་ས་གྷུ་ར་ལཱ་པ། མ་སྨིན་ས་གུ་ལི་ཏ་ཡ་བ། འགུར་འགུར་ས་ག་ཁ་ར་ན་ལཾ། ན་ར་ན་ར། ཨི་ཐ་ར་ག་ཀཱ་ལ། སི་ར་ཎ་སི་ར་ཎ། བྷི་ས་ར་ས་པ་ལ། བྷུ་ན་དྷ་བྷུ་ན་དྷ། ཚི་ཥ་ས་ཀེ་ལཾ། ས་སཱ། རི་རཱི། ལི་ལཱི། ཨི་ཨཱི། མི་མཱི། ར་ར་རཱ། མ་སྐྱེས་པས་ནི་མི་འགག་ཅིང་། འགྲོ་དང་འོངས་མེད་ཀུན་ཏུ་ཁྱབ། །བདེ་ཆེན་ཆོས་མཆོག་མ་གཡོ་བ། མཁའ་མཉམ་རྣམ་གྲོལ་གོས་པ་མེད། །རྩ་བ་མེད་ཅིང་རྟེན་མེད་པ། །གནས་མེད་ལེན་མེད་ཆོས་ཆེན་པོ། །ཡེ་གྲོལ་ལྷུན་འབྱམས་ཡངས་པ་ཆེའི། །བཅིངས་མེད་རྣམ་པར་བཀྲོལ་མེད་པ། །ཁྱབ་གདལ་ཁང་བཟང་ཡེ་ཡོད་ཉིད། །ཁྱབ་མཉམ་པ་ལས་རྣམ་འདས་པ། །ཡངས་སོ་ཆེའོ་ནམ་མཁའི་དབྱིངས། །ཆོས་ཆན་འབར་བ་ཉི་ཟླའི་དཀྱིལ། །ལྷུན་གྱིས་གྲུབ་དང་མངོན་སུམ་པ། །རྡོ་རྗེ་རི་བོ་པདྨ་ཆེ། །ཉི་མ་སེང་གེ་ཡེ་ཤེས་གླུ། །སྒྲ་ཆེན་རོལ་མོ་མཚུངས་པ་མེད། །ནམ་མཁའི་མཐའ་ལ་ལོངས་

(༢༡༧)སྤྱོད་པ། །སངས་རྒྱས་སངས་རྒྱས་ཀུན་མཉམ་ཞིང་། །ཀན་བཟང་ཡངས་པ་ཆོས་ཀྱི་རྩེ། །མཁའ་དབྱིངས་བཟང་མོའི་དབྱིངས་རུམ་དུ། །ཀློང་གསལ་ལྷུན་གྲུབ་ཡེ་རྫོགས་ཆེ། །ཞེས་བླང་ངོ་། །ཕན་ཡོན་ནི་ཉི་ཟླ་ཁ་སྦྱོར་ལས། །ཟག་པ་མེད་པའི་རྡོ་རྗེའི་གླུས། །སངས་རྒྱས་ཀུན་གྱི་ཡིད་ཀྱང་ཚིམ། །རྣལ་འབྱོར་ང་ཡི་ཉམས་ཀྱི་གྲོགས། །མཁའ་འགྲོ་མ་ཡི་ཡིད་རྣམས་འཕྲོག །རིགས་དྲུག་འཁོར་བའི་ཞེན་པ་བཟློག །ཅེས་པ་ལ་སོགས་རྒྱ་ཆེར་གསུངས་སོ། །གསུམ་པ་བཤགས་པ་ནི། མ་འབྱོར་བ་དང་ཉམས་པ་དང་། །གཙོ་བོ་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་བགྱིས་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཡི་གེ་བརྒྱ་པའི་མཐར་བརྗོད་མེད་དོན་བཤགས་ནི། ཧོ རང་བཞིན་ངང་ལ་ཉས་པའི་སྐྱོན་མེད་པས། །བཤགས་དང་བཤགས་པར་བྱེད་པ་ཅུང་ཟད་མེད། །ཀུན་རྫོབ་སྒྱུ་མ་ཙམ་དུ་བཤགས་ན་ཡང་། །གཉིས་མེད་སེམས་ཀྱི་ངང་དུ་དག་གྱུར་ཅིག །ཅེས་རྟོག་པ་བསྐྱེད། བཞི་པ་གཤེགས་གསོལ་ནི། ཨོཾ་ཁྱེད་ཀྱི་སེམས་

(༢༡༨)ཅན་དོན་ཀུན་མཛད། །སོགས་བརྗོད་ལ། །བཛྲ་མུ ཡེ་ཤེས་པ་དབྱིངས་སུ་གཤེགས། །དམ་ཚིག་པ་རང་ལ་བསྡུ། །འཇིག་རྟེན་པའི་མགྲོན་རྣམས་རང་གནས་སུ་བཏང་རས་བྲིས་ཡིན་ན་བརྟན་བཞུགས་བྱའོ། །ལྔ་པ་བསྔོ་བ་ནི། ༈ དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །སོགས་ཤློ་ཀ་གཉིས་བརྗོད། དྲུག་པ་སྨོན་ལམ་གདབ་པ་ནི། ཧོ སྣང་སྲིད་ཐམས་ཅད་བླ་མའི་དཀྱིལ་འཁོར་དུ། །ཡོངས་གྲུབ་ཆེན་པོའི་མོས་གུས་ལ་གོམས་པས། །འོད་སྣང་མཐའ་ཡས་བདེ་ལྡན་ཞིང་གི་མགོན། །མངོན་སུམ་འགྲུབ་ནས་འགྲོ་ཀུན་འདྲེན་པར་ཤོག །ཅེས་དང་། དེ་མ་ཐོབ་པའི་ཚེ་རབས་ཀུན། །འཁྲུལ་པ་ལས་ཀྱང་ཉིང་འཁྲུལ་ཅན། །འཁོར་བ་སྡུག་བསྔལ་ཅན་ཕུང་པོར། །རྟག་འཛིན་འཆིང་བ་ལས་གྲོལ་ཤོག །སྙིགས་མ་ལྔ་ཡི་མཐར་སྐྱེས་པའི། །ཉོན་མོངས་གདོན་གྱིས་གཟིར་བ་རྣམས། །རྒྱུ་འབྲས་སྔ་ཕྱི་ལྟར་སྨིན་

(༢༡༩)པའི། །དྲང་དོན་ལམ་གྱིས་རྒྱུད་སྦྱངས་མཐར། །ཐེག་པ་གཞན་གྱིས་མི་འདུལ་བའི། །གསང་ཆེན་རྡོ་རྗེའི་ཐེག་པ་མཆོག །མ་ནོར་ཚུལ་བཞིན་སྟོན་ནུས་པའི། །བླ་མ་དམ་པ་མཇལ་བར་ཤོག །མཇལ་ནས་ཀུན་ཏུ་མཉེས་བྱེད་ཅིང་། །བར་གཅོད་རྐྱེན་གྱིས་མི་བརྫི་བར། །ཚུལ་བཞིན་བསྒྲུབ་པའི་རང་དབང་དང་། །དབང་བཞིས་རང་རྒྱུད་སྨིན་པར་ཤོག །བསྐྱེད་རྫོགས་གནང་ལ་མ་འཁྲུལ་བས། །སྣང་བའི་བདེན་ཞེན་ཞིག་པ་དང་། །རྩ་རླུང་ཐིག་ལེ་ལས་རུང་ནས། །མཐོང་ལམ་མྱུར་དུ་སྐྱེ་བར་ཤོག །བདེན་པ་མཐོང་བའི་ཆོས་ཉིད་ལ། །གཟུང་འཛིན་འཁྲུལ་པ་མི་གནས་པས། །རྒྱུ་འབྲས་དག་གྲོལ་ལ་ཞན་རྣམས། །བརྟུལ་ཞུགས་སྤྱོད་པས་འདུལ་བར་ཤོག །བདག་ལ་གཤེའམ་སྨོད་ཀྱང་རུང་། །སེམས་ཅན་ཉོན་མོངས་རང་བཞིན་ལ། །བཟོད་པ་ཐོབ་པའི་previous hit བྱང་ཆུབ་སེམས། །མི་སློབ་ལམ་གྱི་འབྲས་བུར་ཤོག །བདུན་པ་ཤིས་བརྗོད་ནི། གདོད་མའི་མགོནཔོ next hit་རིགས་ལྔ་གང་ཆེན་མཚོ༔ སྐུ་ལྔ་ལྷུན་རྫོགས་སྤྲུལ་པའི་

(༢༢༠)ཞིང་ཁམས་ལ བསྐལ་བཟང་སངས་རྒྱས་སྟོང་རྩ་བྱོན་པ་ཡིས སྒྲོལ་མའི་བསྐལ་བ་བཟང་པོའི་བཀྲ་ཤིས་ཤོག སྟོང་གསུམ་མི་མཇེད་རྡོ་རྗེ་ཐེག་པའི་ཞིང་འཕུར་འགྲེའི་བསྟན་པ་འབྱུང་གནས་ཨུ་རྒྱན་ཡུལ༔ གངས་རིའི་ཁྲོད་དུ་འབོད་པ་ཁྲི་སྲོང་རྗེའི ཐུགས་བསྐྱེད་བསྟན་པ་མཐར་རྒྱས་བཀྲ་ཤིས་ཤོག༔ འཛམ་གླིང་ས་ཡི་ལྟེ་བ་རྡོ་རྗེའི་གདན པཎ་གྲུབ་ཆོས་རྒྱལ་འཛོམ་པ་ཆོས་འཁོར་གསུམ མདོ་སྔགས་བསྟན་པ་དར་བ་གངས་ཅན་ལྗོངས རྒྱལ་བསྟན་ཡུན་དུ་གནས་པའི་བཀྲ་ཤིས་ཤོག བརྒྱད་པ་ཕན་ཡོན་བསྟན་པ་ནི། སྒྱུ་འཕྲུལ་དྲ་བའི་རྒྱུད་ལས། བླ་མ་དཀྱིལ་འཁོར་ཐམས་ཅད་ཀྱི དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཞེས་པས་དཀྱིལ་འཁོར་གྱི་འཁོར་ལོ་ནི་བླ་མའི་ཏིང་ངེ་འཛིན་ཀྱི་རྣམ་པར་སྤྲུལ་པ་ཙམ་ཡིན་ལ། བླ་མ་ནི་དཀྱིལ་འཁོར་གང་གི་དབང་ཕྱུག་གམ་སྦྲུལ་གཞིའི་ངོ་བོ་ཉིད་ཡིན་པས་རྡོ་རྗེ་ཐེག་པའི་ལམ་གྱི་སྨིན་གྲོལ་

(༢༢༡)ཟབ་མོའི་བྱིན་རླབས་ཐམས་ཅད་དང་པོར་བླ་མ་ལ་མ་བརྟེན་བར་མི་འགྲུབ་ཏེ། འདི་ལྟར་གཟུགས་བརྙན་ ནམ། རས་བྲིས་སམ། རྡུལ་ཚོན་ནམ། བློས་བླང་ལ་སོགས་པའི་མདུན་དུ་རར་བཟོ་དང་ཡིད་བྱེད་ཀྱིས་གྲོལ་བ་ཐོབ་པའི་གཏན་ཚིགས་གཅིག་ཀྱང་མེད་པའི་ཕྱིར། དེ་ཁོ་ན་ཉིད་བ་སྤུས་པར་ཡང་། ལོང་བས་རང་དགར་རི་བོ་ལ། །འཛེགས་པས་བདེ་བར་འགྱུར་མ་ཡིན། །ཞེས་པ་ལྟར་རོ། །རྒྱུ་ངེས་ན་སྤྱི་མདོ་ལས། བསྐལ་བ་འབུམ་གྱི་སངས་རྒྱས་ལས། །བླ་མ་གཉན་པར་ཤེས་པར་བྱ། །ཞེས་སོ། །གཉན་པའི་རྒྱུ་ཅེས་ཤེས་ན། དུས་གསུམ་དུ་གཤེགས་ཤིང་འབྱོན་པའི་སངས་རྒྱས་རྣམས་ཀྱི་ཐུགས་རྗེ་དང་མེ་ཤེས་ལ་སྒྲིབ་པ་མེད་ཅིང་། ཉེ་རིང་དང་ཕྱོགས་ཆ་མེད་ཀྱང་རང་ངོ་ནས་ཡོད་ལོ་དང་མོས་པ་ཙམ་བྱེད་པ་ལས་དངས་སུ་ཞལ་སྐྱིན་མི་མཇལ། གསུང་མ་ཐོས་པས་ལམ་བདེན་མངོན་སུམ་པར་འདོམས་པའི་མཐུ་མེད་ལ། བླ་མ་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཡིན་བཞིན་དུ་རང་དང་སྤྱོད་ཡུལ་མཐུན་

(༢༢༢)བ་ལྟར་གྱི་འགྲོ་བའི་གཟུགས་སུ་བྱོན་ནས་འགོག་ལམ་གཉིས་ཀྱི་བདེན་པ་མངོན་སུམ་དུ་འདོམས་པས་ཉི་མའི་སྔ་འདྲེས་ལའང་སེམས་ཅན་སངས་རྒྱས་སུ་གནས་བསྒྱུར་བ་མཐོང་ཆོས་ལ་གནས་པའི་ཕྱིར་ཏེ། འཇམ་དཔལ་རྩ་རྒྱུད་ལས། གང་ཕྱིར་སངས་རྒྱས་ཐམས་ཅད་ནི། །འདས་དང་མ་བྱོན་ད་ལྟར་གྱི། །ཐམས་ཅད་མི་ཡི་འཇིག་རྟེན་དུ། །མི་ཡི་ལུས་སུ་ཡང་དག་འབྱུང་། །ཞེས་དང་། གུར་ལས། གང་ཞིག་རྡོ་རྗེ་སེམས་དཔའ་ཞེས། །རྡོ་རྗེ་སློབ་དཔོན་གཟུགས་སུ་གནས། །སེམས་ཅན་ཕན་བཏགས་དམིགས་ནས་ནི། །ཐ་མལ་པ་ཡི་གཟུགས་སུ་སྤྲུལ། །ཞེས་གསུངས་པས་དད་པའི་ཁམས་གསོལ་བའི་གང་ཟག་ལ་རྣམ་པར་བསྒྱུར་བ་ཡང་མ་བཤད་དོ། །དེ་ལྟར་ཡིན་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་བླ་མ་ལ་དུས་གསུམ་དུ་ཕྱག་མཛད་ན། རང་ཅག་འཁོར་བའི་བཙོན་རར་ནི་ཆུད། ཉོན་མོངས་པའི་ལྕགས་སྒྲོག་གིས་བཅིངས་པ་རྣམས་ནི་ཅིའི་ཕྱིར་བླ་མ་མཆོད་པའི་ཆོ་ག་ལ་བཙོན་པར་མི་བྱེད། དེ་སྐད་དུ་རྡོ་རྗེ་གཙུག་ཏོར་གྱི་རྒྱུད་ལས། སློབ་དཔོན་ལ་ནི་དེ་

(༢༢༣)བཞིན་གཤེགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པ། །དུས་གསུམ་དུ་ནི་མོས་ཕྱག་འཚལ། །ཞེས་སོ། །མདོར་ན་སངས་རྒྱས་ཐོབ་པར་འདོད། པ་རྣམས་གྱིས་ནི་བསྟི་སྟང་དང་། རིམ་གྲོ་བསྐྱེད་ཅིང་། བསྒོམ་ཞིང་མཆོད་པར་བྱ་བའི་ཡུལ་བླ་མ་གཅིག་པོ་ལ་རག་ལས་པའི་ཚུལ་སྡུད་པ་ལས། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བརྟེན་ཏོ་ཞེས། །ཡོན་ཏན་ཀུན་གྱི་མཆོག་མདའ་རྒྱལ་བས་དེ་སྐད་གསུངས། །ཞེས་པ་ལ་སོགས་པའི་བརྗོད་བྱ་ཟད་མི་ཤེས་པ་ཡོད་དོ། །འདི་ནི་མདོ་ཁམས་རྫོགས་ཆེན་སྤྲུལ་པའི་སྐུ། །གཞོན་ནུ་སངས་རྒྱས་སྨོན་ལམ་འོད་ཟེར་དེའི། །རིགས་ཀྱི་བདག་པོ་བྲལ་ཐོབ་མེད་པའི་ལྷ། །སྟོན་པའི་ཞལ་སྐྱིན་གཅིག་ཏུ་མངོན་པར་གྲུབ། །རྒ་བས་ནོན་པའི་ལང་ཚོས་མ་བརྟོལ་ཡང་། །འཕེལ་འགྲིབ་སྤངས་པ་བསྟན་པའི་ཉི་མ་ནི། །བདེན་པ་གཉིས་ཀྱི་ཤིང་རྟའི་བཞོན་པ་ཅན། །དམ་པའི་བློ་གྲོས་ཉིན་མོའི་དཔལ་དུ་སྤྱོན། །ཐུགས་ཡིད་འདྲེས་པའི་སྨོན་པ་དུས་གསུམ་ཀུན། །འདུ་འབྲལ་དབྱེན་གྱིས་མི་ཕྱེད་དམ་ཆོས་མཛོད། །གདན་གསུམ་

(༢༢༤)མངོན་རྟོགས་ངོམ་པའི་རྣམ་སྣང་ཞལ། །མངོན་སུ་མ་མཐོང་བའི་དགེ་མཚན་འགྲུབ་གྱུར་ཅིག །ཞེས་པའང་སློབ་དཔོན་བཻ་རོ་ཙ་ནའི་བསྒྲུབ་གནས་རྒྱལ་རོང་བྲག་ལྷ་མགོན་པོ་དང་ཉེ་བའི་རྡོ་ཡུལ་ཞེས་བྱ་བར་སྔོན་གྱི་ལེགས་སྨོན་སྟོབས་སུ་གྱུར་པའི་ལས་ཅན་གྱི་སློབ་མ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་ཉེ་བར་ལེན་པའི་རྟེན་འབྲེལ་གྱིས་མཚམས་སྦྱར་ཏེ། བླ་སྒྲུབ་རྩ་བའི་གཏེར་གཞུང་ལ་མཁའ་འགྲོའི་བརྡ་བསྒྱུར་ཇི་ལྟར་གནས་པ་བཞིན་རིག་འཛིན་འཇིགས་མེད་གླིང་པས་དཔལ་ལྡན་པདྨ་འོད་གླིང་དུ་སྦྱར་བས་འགྲོ་ཀུན་བླ་མའི་གོ་འཕང་ལ་རེག་པའི་རྒྱུར་གྱུར་ཅིག།

(༢༢༥)འཕགས་ཡུལ་རིག་འཛིན་མཆོག་བརྒྱད་ཀྱི་གསོལ་འདེབས་དང་། ཀུན་མཁྱེན་ཆེན་པོའི་མཚན་བརྒྱད་གསོལ་འདེབས། །རྫོགས་ཆེན་རང་བྱུང་རྡོ་རྗེའི་སྐྱེས་རབས་གསོལ་འདེབས་བཅས་བཞུགས་སོ། །

(༢༢༦)འཕགས་ཡུལ་རིག་འཛིན་མཆོག་བརྒྱད་ཀྱི་གསོལ་འདེབས་ནི། རྣམ་ཀུན་མཆོག་ལྡན་ཆོས་སྐུའི་མཁའ་དབྱིངས་ལས། ཡན་ལག་བདུན་ལྡན་ལོངས་སྐུའི་ཉ་རྒྱས་ཟླ། །གདུལ་བྱའི་ཚོགས་ལ་བསམ་ཡས་སྤྲུལ་སྐུའི་ཚུལ། །སྒྱུ་འཕྲུལ་དྲ་བར་བསྒྱུར་ལ་གསོལ་བ་འདེབས། །ཤར་ཕྱོགས་བསིལ་བ་ཚལ་གྱི་དུར་ཁྲོད་དུ། །ཡང་དག་ཐུགས་ཀྱི་གསང་མཛོད་སྒོ་ཕྱེས་སྟེ། གྲུབ་བརྙེས་ཡིད་བཞིན་གཏེར་ལ་དབང་བསྒྱུར་བའི། །སློབ་དཔོན་ཧཱུྃ་ཀཱ་ར་ལ་གསོལ་བ་འདེབས། །ལྷོ་ཕྱོགས་ཀུ་ལ་རྫོགས་པའི་དུར་ཁྲོད་དུ། །འཇམ་དཔལ་སྐུ་ཡི་ས་བོན་ལེགས་བཏབ་པས། །རྡོ་རྗེ་བཞི་ཡི་འབྲས་

(༢༢༧)བུ་ཡོངས་སྨིན་པ། །འཇམ་དཔལ་བཤེས་གཉེན་ཞབས་ལ་གསོལ་བ་འདེབས། ནུབ་ཕྱོགས་ལངྐ་བརྩེགས་པའི་དུར་ཁྲོད་དུ། །པདྨ་གསུང་གི་ཆུ་གཏེར་རབ་བརྒལ་ནས། །ཇི་ལྟ་ཇི་སྙེད་མཁྱེན་པའི་ནོར་ཐོབ་པ། །ཀླུ་སྒྲུབ་སྙིང་པོའི་ཞབས་ལ་གསོལ་བ་འདེབས། །བྱང་ཕྱོགས་པདྨ་བརྩེགས་པའི་དུར་ཁྲོད་དུ། །ཕུར་པ་འཕྲིན་ལས་རྡོ་རྗེའི་མཚོན་བརྡུངས་པས། །སྲིད་གསུམ་དབྱིངས་སུ་སྒྲོལ་བའི་མཐུ་ཐོབ་པ། །པྲ་ཆེན་ཧ་སྟིའི་ཞབས་ལ་གསོལ་བ་འདེབས། །ཤར་ལྷོ་ལྷུན་གྲུབ་བརྩེགས་པའི་དུར་ཁྲོད་དུ། །རྦོད་གཏོང་མ་མོའི་དགའ་མར་རྟག་རོལ་བས། །ཟག་མེད་བདེ་ཆེན་ལང་ཚོ་རབ་རྒྱས་པ། །དྷ་ན་སངྀྐྲའི་ཞབས་ལ་གསོལ༴ ལྷོ་ནུབ་གསང་ཆེན་རོལ་བའི་

(༢༢༨)དུར་ཁྲོད་དུ། །ཡོན་ཏན་བདུད་རྩིའི་བཅུད་ལ་ལོངས་སྤྱད་པས། །འཕོ་མེད་འཇའ་ལུས་མཆོག་གི་སྐུར་བཞེངས་པ། །བི་མ་མི་ཏྲའི་ཞབས་ལ༴ ནུབ་བྱང་ཧེ་ཆེན་བརྡལ་པའི་དུར་ཁྲོད་དུ། །འཇིག་རྟེན་མཆོད་བསྟོད་དཔུང་ཚོགས་རབ་བརྔན་པས། །མ་རུངས་བདུད་སྡེའི་གཡུལ་ངོ་ཕ་མ་བྱས་པའི། །རམ་བུ་གུ་ཧྱའི་ཞབས་ལ༴ བྱང་ཤར་འཇིག་རྟེན་བརྩེགས་པའི་དུར་ཁྲོད་དུ། །དྲག་སྔགས་དམོད་པའི་མེ་དཔུང་རབ་འབར་བས། །ཕས་རྒོལ་རྩི་ཤིང་བསྲེགས་པའི་མཐུ་ཐོབ་པ། །ཤི༚ནྟ་གརྦྷའི་ཞབས་ལ༴ སྐུ་གསུམ་རྒྱལ་བའི་ཞིང་རྣམས་ཐམས་ཅད་དུ། །སྒྲུབ་སྡེ་བརྒྱད་ལ་མངོན་བར་བྱང་ཆུབ་ནས། །རིག་འཛིན་རྣམ་བཞིའི་གོ་འཕང་མཆོག་བརྙེས་པ། །ཨོ་རྒྱན་ཐོད་ཕྲེང་རྩལ་ལ༴ དེ་ལྟར་གསོལ་བ་བཏབ་པས་རྒྱལ་རྣམས་ཀྱི། །མཁྱེན་བརྩེ་ནུས་པའི་བྱིན་རླབས་དཔལ་ཡོན་ཀུན། །བདག་གི་ལེགས་ཐོབ་རྡོ་རྗེའི་སྐུར་སྨིན་ཏེ། །མ་ལུས་འགྲོ་བའི་དཔལ་དུ་

(༢༢༩)འགྱུར་བར་ཤོག །རིག་འཛིན་མཆོག་བརྒྱད་ཀྱི་གསོལ་འདེབས་བྱིན་རླབས་ཆར་རྒྱུན་ཞེས་བྱ་བ་འདི་ཉིད་རི་བོ་དགའ་ལྡན་པའི་རབ་འབྱམས་དོན་གྲུབ་རྒྱ་མཚོས་བསྐུལ་བའི་དོར་གསང་སྔགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ལེགས་པར་ནོད་ནས་ཐེ་ཚོམ་གྱི་བགེགས་མ་ཞུགས་པའི་རྫོགས་ཆེན་རྣལ་འབྱོར་བ་འཇིགས་མེད་འཕྲིན་ལས་འོད་ཟེར་ཞེས་པའི་བྱ་བྲལ་བས་ཐོལ་བྱུང་དུ་ཤར་བ་ཡིད་ཆེས་ཐོབ་ནས་བྱང་ཕྱོགས་མཚོ་སྔོན་ནས་སྤེལ་བ་འབྲེལ་ཐོབ་ཐམས་ཅད་ཀྱི་རྒྱུད་ལ་བྱིན་རླབས་འཇུག་པའི་རྒྱུར་གྱུར་ཅིག། ༈ ཀུན་མཁྱེན་ཆེན་པོའི་མཚན་བརྒྱད་ཀྱི་གསོལ་འདེབས་ནི། ༈ ན་མོ་གུ་རུ། སྙིགས་མའི་དུས་ཀྱི་གཏེར་སྟོན་པད་གླིང་བདག །ཨོ་རྒྱན་སྨོན་ལམ་ཐུགས་རྗེའི་དུས་སྐབས་ཀྱི། །བསྟན་པའི་མཐའ་ཉེ་ལྔ་བདོའི་བསྟན་ཞབས་འདིར། །བསམ་ཞིང་སྐྱེས་ནས་ཟབ་གཏེར་སྙིང་པོ་ལེན། །ཚེ་རབས་སྔ་མའི་སྐྱེ་བ་ཡང་ཡུང་དན། །དྲི་མེད་འོད་ཟེར་མཚན་བརྒྱད་གསོལ་བ་ལ། ཕ་ནི་བསྟན་པ་མ་ནི་བསོད་ནམས་སྐྱིད། །མི་སྐྱའི་དུས་ན་ཚུལ་ཁྲིམས་

(༢༣༠)རྡོ་རྗེ་ཞེས། །སྔོན་སྦྱངས་ལས་སད་འཁོར་བའི་འདུ་འཛིན་བོར། །ཚུལ་ཁྲིམས་རྡོ་རྗེའི་ཞབས༴ ལོ་ལྔ་ལོན་ནས་གསང་ཕུར་སློབ་གཉེར་ཕྱིན། །རང་གི་སློབ་དཔོན་དགེ་བ་སྙིང་པོ་ཡིས། །སྒྲ་ཚིག་དག་པས་ངག་གི་དབང་པོར་བཏགས། །སྙན་ངག་སྡེབས་སྦྱོར་བསྟན་བཅོས་ཀུན་ལ་མཁས། །ངག་གི་དབང་པོའི་ཞབས༴ ས་སྐྱར་ལམ་འབྲས་ཆོས་ལ་ཕྱིན་པའི་ཚེ། །ཀུན་དགའི་མཚན་ཅན་མཁས་བཙུན་གྲགས་པ་ཡིས། །གང་ལ་རེག་ཤེས་སྣ་ཚོགས་རང་གྲོལ་བཏགས། །གསང་སྔགས་ཕྱི་ནང་དགོངས་པ་མཁའ་ལྟར་གསལ། །སྣ་ཚོགས་རང་གྲོལ༴ དྭགས་ལྷ་སྒམ་པོར་ཕྱག་ཆེན་ཆོས་ལ་ཕྱིན། །སངས་རྒྱས་མཚན་ཅན་སྒྲུབ་བརྒྱུད་བླ་མ་ཡིས། །རིགས་རྩལ་སྒོ་དབྱེ་ནམ་མཁའི་རྣལ་འབྱོར་བཏགས། །རླུང་སེམས་དབང་ཐོབ་དབུ་མའི་མདུད་པ་གྲོལ། །ནམ་མཁའི་རྣལ་འབྱོར་ཞབས་ལ༴ རྩེ་ཐང་གནས་བཞིར་ཡོན་ཏན་གྲགས་པ་མཇལ། །ཕྱི་ནང་གྲུབ་མཐའ་ཀུན་ལ་ཐོགས་མེད་བྱུང་། །སློབ་

(༢༣༡)དཔོན་དགྱེས་ནས་ཕན་པ་བཟང་པོར་བཏགས། །རྒྱལ་བའི་གདུང་འཛིན་བསྟན་པའི་སྲོག་ཤིང་མཛད། །ཕན་པ་བཟང་པོའི་ཞབས་ལ༴ ལྷོ་བྲག་ཕྱོགས་ཕྱིན་གུ་རུའི་ལྷ་ཁང་དུ། །འབྱུང་གནས་རྡོ་རྗེ་ཆོས་དབང་རྒྱུད་དང་མཇལ། །བཀའ་བརྒྱད་ཡོངས་རྫོགས་རྒྱུད་སྡེ་མ་ལུས་གསན། །བླ་མ་དགྱེས་ནས་གུ་ཡངས་བློ་བདེར་བཏགས། །ཐོད་རྒལ་ཁྲེག་ཆོད་འཁོར་འདས་གཞི་རྩ་བྲལ། །གུ་ཡངས་བློ་བདེའི༴ སེ་བ་ལུང་དུ་རིན་ཆེན་གླིང་དང་མཇལ། །མཁའ་འགྲོའི་སྙིང་ཐིག་གཉེན་པོའི་ལྷ་གསུམ་ཐོབ། །ཨོ་རྒྱན་ལུང་བསྟན་དྲི་མེད་འོད་ཟེར་གྲགས། །ཀུན། བཟང་དགོངས་བ་འདུ་འབྲལ་མེད་པ་ཡི། །དྲི་མེད་འོད་ཟེར་ཞབས་ལ༴ ཡར་ལུང་ཤམ་པོ་གངས་ཀྱི་ར་བ་རུ། །རིག་འཛིན་ཆེན་པོ་ཀུ་མ་རཱ་ཛ་ལ། །རྫོགས་ཆེན་སྐོར་རྒྱུད་གདམས་པ་མ་ལུས་ཞུས། །རིག་འཛིན་དགྱེས་ནས་ཀློང་ཆེན་རབ་འབྱམས་བཏགས། །མཁས་པའི་

(༢༣༢)མཆོག་གྱུར་ཀ་དག་འབྲས་བུ་ཐོབ། །ཀློང་ཆེན་རབ་འབྱམས༴ གངས་རི་ཐོད་དཀར་མངོན་སུམ་དོན་ལ་སྦྱངས། །རིག་པའི་དོན་མཐོང་སྣང་སྲིད་ཆོས་སྐུར་རྟོགས། །རང་གིས་རང་ལ་འོད་ཟེར་གོ་ཆར་བཏགས། །རང་གཞན་སྨིན་གྲོལ་འབྲས་བུ་ཟང་སར་འཁྱོལ། །འོད་ཟེར་གོ་ཆའི་ཞབས་ལ་གསོལ་བ་འདེབས། །ཟངས་མདོག་དཔལ་རིར་ཨོ་རྒྱན་དགོངས་པ་ལོན། །བསམ་ཞིང་སྐྱེས་ནས་འགྲོ་བའི་དཔལ་དུ་ཤར། །གང་ལ་གང་འདུལ་ཟབ་མོའི་གཏེར་སྒོ་ཕྱིར། །ཨོ་རྒྱན་ཐུགས་སྲས་པདྨ་གླིང་བར་གྲགས། །འགྲོ་བའི་མུན་སེལ་བསྟན་པའི་སོ་ནམས་མཛད། །པདྨ་གླིང་པའི་ཞབས་ལ་གསོལ་བ་འདེབས། །འདི་ཕྱི་ཀུན་ཏུ་རིག་འཛིན་ཁྱེད་སྐུ་དང་། །འབྲལ་མེད་ཟབ་གཏེར་སྙིང་པོའི་དོན་འགྲུབ་ཅིང་། །མི་སྒོམ་མི་སྒྲུབ་མི་འབྲལ་དོན་མཐོང་ནས། །སྐྱབས་ཆེན་ཁྱེད་དང་དབྱེར་མེད་སྨིན་གྲོལ་ཤོག །ཅེས་པ་འདི་རིག་འཛིན་པདྨ་གླིང་པའི་གསུང་འབུམ་ལས་བྱུང་བའོ། །

(༢༣༣)རྫོགས་ཆེན་པ་རང་བྱུང་རྡོ་རྗེའི་སྐྱེས་རབས་གསོལ་འདེབས་ལུང་གསལ་ནི། མགོན་པོ་སྲིད་ཞིའི་ཁྱབ་བདག་ཀུན་ཏུ་བཟང་། །གཞི་རྒྱུད་བདེ་གཤེགས་སྙིང་པོའི་ངོ་བོ་ཉིད། །སྟོང་ཉིད་སྙིང་རྗེར་ཤར་བ་སྤྱན་རས་གཟིགས། །དགའ་རབ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །བཅོམ་ལྡན་འོད་སྲུང་དྲུང་ན་ཀྲྀ་ཀྲྀའི་སྲས། །ཉི་མའི་གཉེན་གྱི་མཆེད་གྱུར་གཅུང་མཛེས་དགའ། །སྲོང་བཙན་སྒམ་པོའི་རྣམ་སྤྲུལ་ཨ་ཀ་ར་མ། ཁྲི་སྲོང་ལྡེའུ་བཙན་ཞབས་ལ་གསོལ་བ་འདེབས། །བི་།།།རཝ་བ་དང་ལྷ་ལྕམ་པདྨ་གསལ། །གཙུག་ལག་འཛིན་དངོས་རྒྱལ་སྲས་ལྷ་རྗེའི་ཞབས་དྲི་མེད་ཀུན་ལྡན་ཡར་རྗེ་ཨོ་རྒྱན་གླིང་། །ཟླ་འོད་གཞོན་ནུ་གྲགས་རྒྱལ་ལ༴ པཎ་ཆེན་བཱི་མའི་དངོས་སྤྲུལ་བསམ་ཡས་པ། །མངའ་རིས་པཎ་ཆེན་ཆོས་རྒྱལ་ཕུན་ཚོགས་རྗེ། །བཀྲ་ཤིས་སྟོབས་རྒྱལ་འཛམ་གླིང་རྡོ་རྗེའི་གར། །འཇིགས་མེད་གླིང་པར་བསྒྱུར་ལ༴ འདི་འོག་ཡེ་

(༢༣༤)ཤེས་རྡོ་རྗེའི་རོལ་པ་ཡིས། །རྡོ་རྗེ་སྙིང་པོའི་རིང་ལུགས་བླངས་ནས་སླར། །གཤེ་ཞིང་བསྐུར་པ་འདེབས་པ་རྣམས་ཀྱི་དོན། །སྤྲུལ་པ་སྣ་ཚོགས་སྟོན་ལ་གསོལ་བ་འདེབས། །མདོར་ན་འོད་སྲུང་དྲུང་དུ་སེམས་བསྐྱེད་ནས། །བྱང་ཆུབ་སྤྱོད་པ་བརླབ་ཆེན་རྫོགས་པའི་མཐར། །རྣམ་པར་རྒྱལ་བ་ཅན་དུ་འཚང་རྒྱ་པའི། །འདུས་པ་དང་པོའི་འཁོར་དུ་སྐྱེ་བར་ཤོག །ཅི་མཛད་ལེགས་པར་མཐོང་བའི་དད་གུས་ཀྱིས། ཁྱེད་ཞལ་ཡིད་ལ་བྱེད་པ་ལ་གོམས་པས། །བླ་མ་མཆོག་དང་ནམ་ཡང་མི་འབྲལ་ཞིང་། །ཚོམ་བུ་གཅིག་ཏུ་མངོན་པར་འཚང་རྒྱ་ཤོག །ཅེས་པའང་རྗེ་བཙུན་ཛྙཱ་ནའི་མིང་ཅན་སོགས་ཆོས་ལྡན་འགས་བསྐུལ་མ་བྱུང་བ་ལས་འཁྲུལ་སྣང་ཤར་བ་དེ་ཙམ་སོར་བཞག་ནས་མཁྱེན་བརྩེའི་ལྷས་སོ། ༈ སྨྲས་པ། གདོད་མའི་འོད་གསལ་བདེ་བ་ཆེ། །ཁྱད་ཆོས་དྲུག་གིས་རང་ངོ་འཕྲོད། །དག་པ་གཉིས་ལྡན་ཆོས་ཀྱི་སྐུའི། །དབྱིངས་ལས་གཡོ་བ་མེད་བཞིན་དུ། །གཟུགས་སྐུའི་སྒྱུ་འཕྲུལ་ཡོངས་ཤར་བའི་

(༢༣༥)འཕགས་བོད་པཎ་གྲུབ་ཟླ་བྲལ་འགའི། །གསོལ་འདེབས་ཚིགས་སུ་བཅད་པའི་བར། །བདེ་རབ་ཚེ་རིང་རྡོ་རྗེ་ནས། །བསྐྲུན་བས་མཁའ་མཉམ་འགྲོ་ཀུན་གྱིས། །དབྱིངས་དང་རིག་པ་མངོན་གྱུར་ཤོག །ཅེས་པར་བྱང་ཉུང་བསྡུས་འདི་ཡང་ཤར་རྒྱལ་མོ་རོང་གི་སྔགས་བཙུན་པ་པདྨ་རང་གྲོལ་གྱིས་སྨྲས་པའོ། །སརྦ་མངྒ་ལཾ།

(༢༣༦)

(༢༣༧)འུྃ༔ ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ སྔོན་འགྲོ་དྲན་པ་ཉེར་གཞག་དག་བདོན་ཁྲིགས་སུ་སྡེབས་པ་རྣམ་མཁྱེན་ལམ་བཟང་བཞུགས༔

(༢༣༨)འུྃ༔ བླ་མ་དང་གཉིས་སུ་མེད་པའི་དཔལ་གདོད་མའི་མགོན་པོ་ལ་ཕྱག་འཚལ་ལོ༔ འདིར་རང་རྒྱུད་སྦྱོང་བྱེད་དྲན་པ་ཉེར་གཞག་ཇི་ལྟར་ཁྲིགས་སུ་སྡེབས་པ་ལ༔ ཐོག་མར་ངག་བྱིན་གྱིས་བརླབས་པ་ནི༔ ཨོཾ་ཨཱཧཱུྃ༔ ལྕེ་དབང་རཾ་ཡིག་ལས་བྱུང་མེས་བསྲེགས་ནས༔ འོད་དམར་རྣམ་པའི་རྡོ་རྗེ་རྩེ་གསུམ་སྦུབས༔ ཨཱ་ལི་ཀཱ་ལི་མཐ་སྐོར་རྟེན་འབྲེལ་སྙིང་༔ མུ་ཏིག་ཕྲེང་བ་ལྟ་བུའི་ཡིག་འབྲུ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད་པས་མཉེས༔ སླར་འདུས་ངག་སྒྲིབ་

(༢༣༩)འུྃ༔ དག་ནས་གསུང་རྡོ་རྗེའི༔ བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ༔ ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨ ལན་བདུན། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧཀྵ༔ ལན་བདུན། ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་ད་ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་སྭཱ་ཧཱ ལན་བདུན། བཞེངས་བསྐུལ་བླ་མ་རྒྱངས་འབོད་ནི། ཐོ་རང་ལྡངས་བའི་རྣལ་འབྱོར་ལ་བབས་

(༢༤༠)པ་ན༔ བླ་མ་མཁྱེན། བླ་མ་མཁྱེན། བླ་མ་མཁྱེན། ཞེས་གདུང་བ་དྲག་པོ་ས་བོས་ནས། སྙིང་དབུས་དད་པའི་གེ་སར་བཞད་པ་ནས༔ སྐྱབས་གཅིག་དྲིན་ཅན་བླ་མ་ཡར་ལ་བཞེངས༔ ལས་དང་ཉོན་མོངས་དྲག་པོས་གཟིར་བ་ཡི༔ སྐལ་བ་ངན་པ་བདག་ལ་སྐྱོབ་པའི་ཕྱིར༔ སྤྱི་བོ་བདེ་ཆེན་འཁོར་ལོའི་རྒྱན་དུ་བཞུགས༔ དྲན་དང་ཤེས་བཞིན་ཀུན་ཀྱང་བཞེངས་སུ་གསོལ། ད་རེས་དམྱལ་བ་ཡི་དྭགས་དུད་འགྲོ་དང་༔ ཚེ་རིང་ལྷ་དང་ཀླ་ཀློ་ལོག་ལྟ་ཅན༔ སངས་རྒྱས་མ་བྱོན་ཞིང་ངང་ལྐུགས་པ་སྟེ༔ མི་ཁོམ་བརྒྱད་ལས་ཐར་བའི་དལ་བ་ཐོབ༔ མི་གྱུར་དབང་པོ་ཚང་དང་ཡུལ་དབུས་སྐྱེས༔ ལས་མཐའ་མ་ལོག་བསྟན་ལ་དད་པ་སྟེ༔ རང་ཉིད་འབྱོར་པ་ལྔ་ཚང་སངས་རྒྱས་བྱོན༔ ཆོས་གསུངས་བསྟན་པ་གནས་དང་དེ་ལ་ཞུགས༔ བཤེས་གཉེན་

(༢༤༡)འུྃ༔ དམ་པས་ཟིན་དང་གཞན་འབྱོར་ལྔ༔ ཐམས་ཅད་རང་ལ་ཚང་བའི་གནས་ཐོབ་ཀྱང་༔ རྐྱེན་མང་ངེས་པ་མེད་པའི་ཚེས་སྤངས་ནས༔ འཇིག་རྟེན་ཕ་རོལ་ཉིད་དུ་སོན་པར་འགྱུར༔ བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན༔ ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ༔ གཉིས་སུ་མེད་དོ་དྲིན་ཅན་བླ་མ་མཁྱེན༔ ད་རེས་དལ་རྟེན་དོན་ཡོད་མ་བྱས་ན༔ ཕྱི་ནས་ཐར་པ་སྒྲུབ་པའི་རྟེན་མི་རྙེད༔ བདེ་འགྲོའི་རྟེན་ལ་བསོད་ནམས་ཟད་གྱུར་ནས༔ ཤི་བའི་འོག་ཏུ་ངན་སོང་ངན་འགྲོར་འཁྱམས༔ དགེ་སྡིག་མི་ཤེས་ཆོས་ཀྱི་སྒྲ་མི་ཐོས༔ དགེ་བའི་བཤེས་དང་མི་མཇལ་མཚང་རེ་ཆེ༔ སེམས་ཅན་ཙམ་གྱི། གྲངས་དང་རིམ་པ་ལ༔ བསམས་ན་མི་ལུས་ཐོབ་པ་སྲིད་མཐའ་ཙམ༔ མི་ཡང་ཆོས་

(༢༤༢)མེད་སྡིག་ལ་སྤྱོད་མཐོང་ན༔ ཆོས་བཞིན་སྤྱོད་པ་ཉིན་མོའི་སྐར་མ་ཙམ༔ བློ་སྣ་ཆོས༴ ལམ་གོལ༴ གཉིས་སུ༴ གལ་ཏེ་མི་ལུས་རིན་ཆེན་གླིང་ཕྱིན་ཡང་༔ ལུས་རྟེན་བཟང་ལ་བྱུར་པོ་ཆེ་ཡི་སེམས༔ ཐར་པ་བསྒྲུབ་པའི་རྟེན་དུ་མི་རུང་ཞིང་༔ ཁྱད་པར་བདུད་ཀྱིས་ཟིན་དང་དུག་ལྔ་འཁྲུགས༔ ལས་ངན་ཐོག་ཏུ་བབས་དང་ལེ་ལོས་གཡེངས༔ གཞན་ཁོལ་བྲན་གཡོག་འཇིགས་སྐྱོབ་ཆོས་ལྟར་བཅོས༔ རྨོངས་སོགས་འཕྲལ་བྱུང་རྐྱེན་གྱི་མི་ཁོམ་བརྒྱད༔ བདག་ལ་ཆོས་ཀྱི་འགལ་ཟླར་ལྷགས་པའི་ཚེ༔ བློ་སྣ་ཆོས༴ ལམ་གོལ༴ གཉིས་སུ༴ སྐྱོ་ཤས་ཆུང་ཞིང་དང་པའི་ནོར་དང་བྲལ༔ འདོད་སྲེད་ཞགས་པས་བཅིངས་དང་ཀུན་སྦྱོང་རྩུབ༔ མི་དགེ་སྡིག་ལ་མི་འཛེམ་ལས་མཐའ་ལོག༔ སྡོམ་པ་ཉམས་ཤིང་དམ་ཚིག་རལ་བ་སྟེ༔ རིས་ཆད་བློ་ཡི་མི་ཁོམ་རྣམ་པ་བརྒྱད༔ བདག་ལ་ཆོས་ཀྱི་འགལ་ཟླར་ལྷགས་པའི་ཚེ༔ བློ་སྣ་ཆོས༴ ལ་མ་གོལ༴ གཉིས་སུ༴ ད་ལྟ་ནད་དང་

(༢༤༣)འུྃ༔ སྡུག་བསྔལ་གྱིས་མ་གཟིར༔ བྲན་ཁོལ་ལ་སོགས་གཞན་དབང་མ་གྱུར་པས༔ རང་དབང་ཐོབ་པའི་རྟེན་འབྲེལ་འགྲིག་དུས་འདིར༔ སྙོམ་ལས་དང་དུ་དལ་འབྱོར་ཆུད་གསོན་ན༔ འཁོར་དང་ལོངས་སྤྱོད་ཉེ་དུ་འབྲེལ་བ་ལྟ༔ ལྟ་ཅི་གཅེས་པར་བཟུང་བའི་ལུས་འདི་ཡང་༔ མལ་བྱིན་ནང་ནས་ས་ཕྱོགས་སྟོང་པར་བསྐྱལ༔ ཝ་དང་བྱ་རྒོད་ཁྱི་ཡིས་འདྲང་བའི་དུས༔ བར་དོའི་ཡུལ་ན་འཇིགས་པ་ཤིན་ཏུ་ཆེ༔ བློ་སྣ༴ ལམ་གོལ༴ གཉིས་སུ༴ དགེ་སྡིག་ལས་ཀྱི་རྣམ་སྨིན་ཕྱི་བཞིན་འབྲང་༔ ཁྱད་པར་དམྱལ་བའི་འཇིག་རྟེན་ཉིད་སོན་ན ལྕགས་སྲེག །ས་གཞིར་མཚོན་གྱིས་མགོ་ལུས་འདྲལ༔ སོག་ལེས་གཤོག་དད་ཐོ་ལུམ་འབར་བས་འཚིར༔ སྒོ་མེད་ལྕགས་ཁྱིམ་འཐུམས་པོར་འོ་དོད་འབོད༔ འབར་བའི་གསལ་ཤིང་གིས་འབུགས་ཁྲོ་ཆུར་འཚོད༔ ཀུན་ནས་ཚ་བའི་མེས་བསྲེགས་བརྒྱད་ཚན་གཅིག༔ གངས་རི་སྟུག་པོའི་འདབ་དང་

(༢༤༤)ཆུ་འཁྱགས་ཀྱི༔ གཅོང་རོང་ཡ་ངའི་གནས་སུ་བུ་ཡུག་སྦྲེབས༔ གྲང་རེག་རླུང་གིས་བཏབ་པའི་ལང་ཚོ་ནི༔ ཆུ་བུར་ཅན་དང་ལྷག་པར་རྡོལ་བ་ཅན༔ སྨྲེ་ངག་རྒྱུན་མི་ཆད་པར་འདོན་པ་ཡང་༔ ཚོར་བའི་སྡུག་བསྔལ་བརྣག་པར་དཀའ་བ་ཡིས༔ ཟུངས་ཀྱིས་རབ་བཏང་འཆི་ཁའི་ནད་པ་བཞིན༔ ཤུགས་རིང་འདོན་ཅིང་སོ་ཐམ་པགས་པ་འགས༔ ཤའུ་ཐོན་ནས་ལྷག་པར་འགས་ཏེ་བརྒྱད༔ དེ་བཞིན་སྤུ་གྲིའི་ཐང་ལ་རྐང་པ་གཤོགས༔ རལ་གྲིའི་ཚལ་དུ་ལུས་ལ་བཅད་གཏུབས་བྱེད༔ རོ་མྱགས་འདམ་ཚུད་ཐལ་ཚན་རབ་མེད་ཀློང་༔ མནར་བའི་ཉེ་འཁོར་བ་དང་འགྱུར་བ་ཅན༔ སྒོ་དང་ཀ་བ་ཐབ་དང་ཐག་པ་སོགས། །རྟག་ཏུ་བཀོལ་ཞིང་སྦྱོང་བའི་ཉི་ཚེ་བ༔ རྣམ་གྲངས་བཅོ་བརྒྱད་གང་ལས་འབྱུང་བའི་རྒྱུ༔ ཞེ་སྡང་དྲག་པོའི་ཀུན་སློང་སྐྱེས་བའི་ཚེ༔ བློ་སྣ༴ ལམ་གོལ༴ གཉིས་སུ༴ དེ་བཞིན་ཕོངས་ལ་ཉམས་མི་དགའ་བའི་ཡུལ༔ བཟའ་བཏུང་ལོངས་སྤྱོད་མིང་ཡང་མི་གྲགས་པར༔ ཟས་སྐོམ་ལོ་ཟླར་མི་རྙེད་ཡི་དྭགས་

(༢༤༥)འུྃ༔ ལུས༔ རིད་ཅིང་ལྡང་བའི་སྟོབས་ཉམས་རྣམ་པ་གསུམ༔ གང་ལས་འབྱུང་བའི་རྒྱུ་ནི་སེར་སྣ་ཡིན༔ གཅིག་ལ་གཅིག་ཟ་གསོད་པའི་འཇིགས་པ་ཆེ༔ བཀོལ་ཞིང་སྤྱོད་པས་ཉམ་ཐག་བླང་དོར་རྨོངས༔ ཕ་མཐའ་མེད་པའི་སྡུག་བསྔལ་གྱིས་གཟིར་བའི༔ ས་བོན་གཏི་མུག་མུན་པར་འཁྱམས་པ་བདག༔ བློ་སྣ༴ ལམ་གོལ༴ གཉིས་སུ༴ ཆོས་ལམ་ཞུགས་ཀྱང་ཉེས་སྤྱོད་མི་སྡོམ་ཞིང་༔ ཐེག་ཆེན་སྒོར་ཞུགས་གཞན་ཕན་སེམས་དང་བྲལ༔ དབང་བཞི་ཐོབ་ཀྱང་བསྐྱེད་རྫོགས་མི་སྒོམ་པའི༔ ལམ་གོལ་འདི་ལས་བླ་མས་བསྒྲལ་དུ་གསོལ༔ ལྟ་བ་མ་རྟོགས་ཐོ་ཅེའི་སྤྱོད་པ་ཅན༔ སྒོམ་པ་ཡེངས་ཀྱང་གོ་ཡུལ་འུད་གོག་འཐག༔ སྤྱོད་པ་ནོར་ཀྱང་རང་སྐྱོན་མི་སེམས་པའི༔ ཆོས་དྲེད་འདི་ལས་བླ་མས་བསྒྲལ་དུ་གསོལ༔ ནང་ས་བར་འཆི་ཡང་གནས་གོས་ནོར་ལ་སྲེད༔ ན་ཚོད་ཡོལ་ཡང་ངེས་འབྱུང་སྐྱོ་ཤས་བྲལ༔ ཐོས་པ་ཆུང་ཡང་ཡོན་ཏན་ཅན་

(༢༤༦)དུ་རློམ༔ མ་རིག་འདི་ལས་བླ་མས་བསྒྲལ་དུ་གསོལ༔ རྐྱེན་ཁར་འཆོར་ཡང་འདུ་འཛི་གནས་སྐོར་སེམས༔ དབེན་པ་བརྟེན་ཀྱང་རང་རྒྱུད་ཤིང་ལྟར་རེང་དུལ་བར་སྨྲ་ཡང་ཆགས་སྡང་མ་ཞིག་པའི༔ ཆོས་བརྒྱད་འདི་ལས་བླ་མས་བསྒྲལ་དུ་གསོལ༔ གཉིད་འཐུག་འདི་ལས་མྱུར་དུ་སད་དུ་གསོལ༔ ཁྲི་མུན་འདི་ལས་མྱུར་དུ་དབྱུང་དུ་གསོལ༔ ཞེས་འབོད་པ་དྲག་པོས་ཐུགས་རྗེ་ལྷོངས་པར་བྱའོ། ༈ དེ་ནས་དང་པོ་སྐྱབས་འགྲོའི་ཚོགས་ཞིང་གསལ་འདེབས་པ་ནི། ༈ རང་ཉིད་འདུག་པའི་ས་ཕྱོགས་རིན་པོ་ཆེ༔ སྣ་ཚོགས་ལས་གྲུབ་ཞིང་ཁམས་མཛེས་ཡིད་འོང་༔ དེ་དབུས་དཔག་བསམ་སྡོང་པོ་ཡལ་ག་ལྔ༔ ལོ་འདབ་མེ་ཏོག་འབྲས་བུས་བརྒྱན་པ་ལ༔ རིན་ཆེན་འཕྱང་འཕྲུལ་དྲིལ་གཡེར་ལ་སོགས་ཀྱིས༔ རབ་བརྒྱན་མཁའ་དབྱིངས་ཁྱབ་པའི་དབུས་ཀྱི་ཆར༔ སེང་གེས་གཏེགས་པའི་རིན་ཆེན་ཁྲི་སྟེང་དུ༔ སྣ་ཚོགས་པདྨ་ཉི་ཟླའི་གདན་གྱི་དབུས༔ སྐྱབས་ཀུན་འདུས་པའི་དྲིན་ཅན་བླ་མ་ཉིད༔ ཨོ་རྒྱན་རྡོ་རྗེ་འཆང་དབང་ཡུམ་བཅས་ཀྱི༔

(༢༤༧)འུྃ༔ རྣམ་པར་གསལ་བའི་སྤྱི་བོར་ཐོ་བརྩེགས་སུ༔ ཕྱོགས་དུས་རྒྱལ་ཀུན་འདུས་ཞལ་འཇིགས་མེད་གླིང་༔ དཀར་ཆས་སེམས་ཉིད་ངལ་གསོའི་དབུ་གཙུག་དུ༔ དྲི་མེད་འོད་ཟེར་དགེ་སློང་ཆ་ལུགས་ཅན༔ དེ་སྟེང་མཚོ་རྒྱལ་དམར་མོ་མཁའ་འགྲོའི་ཆས༔ དེ་སྟེང་བཻ་རོ་པཎ་གྲུབ་ཆ་བྱད་ཅན༔ དེ་སྟེང་ཁྲི་སྲོང་རྒྱལ་པོའི་ཚུལ་ཅན་བཞུགས༔ དེ་ཡི་སྤྱི་གཙུག་བི་མ་པཎ་གྲུབ་ཆས༔ དེ་སྟེང་ཛྙཱ་ན་སུ་ཏྲ་འཇམ་དཔལ་བཤེས༔ ཤྲཱི་སེང་རྣམ་གསུམ་ཧེ་རུ་ཀ་པའི་ཆས༔ དེ་སྟེང་དགའ་རབ་རྡོ་རྗེ་སྤྲུལ་སྐུའི་ཆས༔ དེ་སྟེང་རྡོར་སེམས་ལོངས་སྐུའི་ཆ་ལུགས་ཅན༔ དེ་སྟེང་ཀུན་བཟང་མཐིང་གསལ་ཡུམ་དང་བཅས༔ འོད་ལྔའི་གུར་ཁྱིམ་འཇའ་ཚོན་དྲ་བའི་ཀློང་༔ རྫོགས་ཆེན་བརྒྱུད་པའི་བླ་མ་ཐམས་ཅད་གསལ༔ དེ་མཐར་ཡི་དམ་དཔའ་བོ་མཁའ་འགྲོས་བསྐོར༔ མདུན་གྱི་ཡལ་གར་བཅོམ་ལྡན་ཤཱཀ་ཐུབ་ལ༔ ཕྱོགས་དུས་སངས་རྒྱས་རྣམས་ཀྱི་བསྐོར་བར་བསམ༔ གཡས་ཀྱི་ཡལ་གར་

(༢༤༨)རྒྱལ་སྲས་འཇམ་དཔལ་ལ༔ ཉེ་སྲས་བྱང་སེམས་དགེ་འདུན་རྣམས་ཀྱི་སྐོར༔ གཡོན་གྱི་ཡལ་གར་མཆོག །ཟུང་རྣམ་གཉིས་ལ༔ ཉན་ཐོས་དགེ་འདུན་འཕགས་ཚོགས་རྒྱ་མཚོས་བསྐོར༔ རྒྱབ་ཀྱི་ཡལ་གར་འོད་ཀྱི་དྲ་བའི་ཀློང་༔ རྫོགས་ཆེན་རྒྱུད་དང་བཀའ་བསྟན་གླེགས་བམ་རྣམས༔ ཨཱ་ལི་ཀཱ་ལིའི་རང་སྒྲ་སྒྲོགས་བཞིན་གསལ༔ དེ་དག་བར་མཚམས་ཆོས་སྲུང་དམ་ཅན་སོགས༔ སྐྱབས་ཡུལ་ཀུན་གྱིས་བསྐོར་ནས་བཞུགས་པར་བསྒོམ༔ ༈ གཉིས་པ་སྐྱབས་སུ་འགྲོ་བ་ནི༔ དཀོན་མཆོག་གསུམ་དངོས་བདེ་གཤེགས་རྩ་བ་གསུམ༔ རྩ་རླུང་ཐིག་ལེའི་རང་བཞིན་བྱང་ཆུབ་སེམས༔ ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ལ༔ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི༔ རྩ་རླུང་ཐིག་ལེའི་རང་བཞིན་བྱང་ཆུབ་སེམས༔ ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ལ༔ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི༔ ལན་གསུམ། གསུམ་པ་སེམས་བསྐྱེད་ནི༔ ཧོ སྣ་ཚོགས་སྣང་བ་ཆུ་ཟླའི་རྫུན་རིས་ཀྱིས༔ འཁོར་བ་ལུ་གུ་རྒྱུད་དུ་འཁྱམས་པའི་འགྲོ༔ རང་རིག་འོད་གསལ་དབྱིངས་སུ་ངལ་བསོ་ཕྱིར༔ ཚད་མེད་བཞི་ཡི་དད་ནས་སེམས་བསྐྱེད་དོ༔ ལན་གསུམ། བཞི་

(༢༤༩)འུྃ༔ པ་རྡོར་སེམས་སྒོམ་བཟླས་ནི༔ ཨཱ བདག་ཉིད་ཐ་མལ་སྤྱི་བོ་རུ པད་དཀར་ཟླ་བའི་གདན་གྱི་སྟེང་༔ ཧཱུྃ་ལས་བླ་མ་རྡོ་རྗེ་སེམས༔ དཀར་གསལ་ལོངས་སྤྱོད་རྫོགས་པའི་སྐུ༔ རྡོ་རྗེ་དྲིལ་འཛིན་སྙེམས་མ་འཁྲིལ༔ ཁྱོད་ལ་སྐྱབས་གསོལ་སྡིག་པ་སྦྱོངས༔ འགྱོད་སེམས་དྲག་པོས་མཐོལ་ལོ་བཤགས༔ ཕྱིན་ཆད་སྲོག་ལ་བབས་ཀྱང་སྡོམ༔ ཁྱོད་ཐུགས་ཟླ་བ་རྒྱས་པའི་སྟེང་༔ ཧཱུྃ་ཡིག་མཐའ་མར་སྔགས་ཀྱིས་བསྐོར༔ བཟླས་པ་སྔགས་ཀྱིས་རྒྱུད་བསྐུལ་བས༔ ཡབ་ཡུམ་བདེ་རོལ་སྦྱོར་མཚམས་ནས༔ བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན༔ ག་བུར་རྡུལ་ལྟར་འཛག་པ་ཡིས༔ །བདག་དང་ཁམས་གསུམ་སེམས་ཅན་གྱི༔ ལས་དང་ཉོན་མོངས་སྡུག་བསྔལ་རྒྱུ༔ ནད་གདོན་སྡིག་སྒྲིབ་ཉེས་ལྟུང་གྲིབ༔ མ་ལུས་བྱང་བར་མཛད་དུ་གསོལ༔ ༈ ཞེས་པའི་མཐར་སྔགས་ཕྲེང་ལ་དམིགས་ནས༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏེ་ནོ་པ་ཏིཥྛ༔ དྲྀ་བྷོ་མ་བྷ་ཝ། སུ་ཏོ་ཥྻོ་མེ་བྷཱ་ཝ།

(༢༥༠)སུ་པོ་ཥྻོ་མ་བྷཱ་ཝ༔ ཨ་ནུ་རཀྟོ་མེ་བྷཱ་ཝ། སརྦ་སིདྡྷི་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙོ་མེ་ཅིཏྟཾ། ཤྲཱི་ཡེ ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧ༔ བྷ་ག་ཝ་ན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲི་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨ ཞེས་དམིགས་པ་དང་མོས་གུས་རྩེ་གཅིག་པས་རྣམ་རྟོག་གཞན་དུ་མ་ཡེངས་པར་ཡི་གེ་བརྒྱ་པ་འདི་ཉིད་ཅི་ནུས་བཟླས་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་བ་ཡིས་དམ་ཚིག་ལས་ནི་འགལ་ཞིང་ཉམས༔ བླ་མ་མགོན་པོས་སྐྱབས་མཛོད་ཅིག༔ གཙོ་བོ་རྡོ་རྗེ་འཛིན་པ་སྟེ༔ ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན༔ འགྲོ་བའི་གཙོ་ལ་བདག་སྐྱབས་མཆི༔ སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་པ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཅེས་བརྗོད་པས། རྡོ་རྗེ་སེམས་དཔའ་དགྱེས་བཞིན་འཛུམ་པ་དང་བཅས་པས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ་ཞེས་གནང་བ་བྱིན་ཞིང་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྐྱེན་

(༢༥༡)འུྃ༔ ལས་རང་ཉིད་ཀྱང་རྡོ་རྗེ་སེམས་དཔའ་སྣང་སྟོང་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་གྱུར་བའི་ཐུགས་སྲོག་ཧཱུྃ་གི་མཐའ་མར་ཡི་གེ་འབྲུ་བཞི་པོ་གསལ་བ་ལས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་དང་བཅས་པ་རྡོར་སེམས་རིག་ལྔའི་རྟེན་དང་བརྟེན་པའི་རང་བཞིན་དུ་སངས་རྒྱས་པར་བསམ་ལ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཞེས་ཅི་ནུས་བཟླས་མཐར་མཉམ་པར་བཞག་གོ །༈ ལྔ་པ་མཎྜལ་འབུལ་བ་ནི། ཨོཾ་ཨཱཧཱུྃ༔ སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང་༔ རིན་ཆེན་སྣ་བདུན་ལྷ་མིའི་འབྱོར་པས་གཏམས༔ བདག་ལུས་ལོངས་སྤྱོད་བཅས་པ་ཡོངས་འབུལ་གྱི༔ ཆོས་ཀྱི་འཁོར་ལོས་སྒྱུར་བའི་སྲིད་ཐོབ་ཤོག༔ འོག་མིན་བདེ་ཆེན་སྟུག་པོ་བཀོད་པའི་ཞིང་༔ ངེས་པ་ལྔ་ལྡན་རིགས་ལྔའི་ཚོམ་བུ་ཅན༔ འདོད་ཡོན་མཆོད་པའི་སྤྲིན་ཕུང་བསམ་ཡས་པ༔ ཕུལ་བས་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ སྣང་སྲིད་རྣམ་དག་གཞོན་ནུ་བུམ་པའི་སྐུ༔ ཐུགས་རྗེ་མ་འགགས་ཆོས་ཉིད་རོལ་པའི་རྒྱན༔ སྐུ་དང་

(༢༥༢)ཐིག་ལེའི་འཛིན་པ་རྣམ་དག་ཞིང་༔ ཕུལ་བས་ཆོས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ ཅེས་འཁོར་གསུམ་ཡོངས་སུ་དག་པའི་ཤེས་རབ་ཀྱི་འབུལ༔ ༈ དྲུག་པ་ཀུ་སུ་ལུའི་ཚོགས་གསོག་པ་ནི༔ ཕཊ ལུས་གཅེས་འཛིན་བོར་བས་ལྷ་བདུད་བཅོམ༔ སེམས་ཚངས་པའི་སྒོ་ནས་དབྱིངས་སུ་ཐོན༔ འཆི་བདག་གི་བདུད་བཅོམ་ཁྲོས་མར་གྱུར༔ གཡས་ཉོན་མོངས་བདུད་བཅོམ་གྲི་གུག་གིས༔ གཟུགས་ཕུང་པོའི་བདུད་བཅོམ་ཐོད་པ་བྲེགས༔ གཡོན་ལས་བྱེད་ཚུལ་གྱིས་བྷནྡྷ་ཐོགས༔ སྐུ་གསུམ་གྱི་མི་མགོའི་སྒྱེད་བུར་བཞག༔ ནང་སྟོང་གསུམ་གང་བའི་བཾ་རོ་དེ༔ ཨ་ཐུང་དང་ཧཾ་ཡིག་གིས་བདུད་རྩིར་ཞུ༔ འབྲུ་གསུམ་གྱི་ནུས་པས་སྦྱངས་སྤེལ་བསྒྱུར༔ ཨོཾ་ཨཱཧཱུྃ གྲངས་མང་བརྗོད་མཐར། ཕཊ ཡར་མཆོད་ཡུལ་མགྲོན་གྱི་ཐུགས་དམ་བསྐངས༔ ཚོགས་རྫོགས་ནས་མཆོག་ཐུན་དངོས་གྲུབ་ཐོབ༔ མར་འཁོར་བའི་མགྲོན་མཉེས་ལན་ཆགས་བྱང་༔ ཁྱད་པར་དུ་གནོད་བྱེད་བགེགས་རིགས་ཚིམ༔ ནད་གདོན་དང་བར་ཆད་དབྱིངས་སུ་ཞི༔ རྐྱེན་ངན་དང་བདག་འཛིན་རྡུལ་དུ་རློག ༔མཐར་

(༢༥༣)འུྃ༔ མཆོད་བྱ་དང་མཆོད་ཡུལ་མ་ལུས་ཀུན༔ གཤིས་རྫོགས་པ་ཆེན་པོར་མ་བཅོས་ཨཱ༔ ཅེས་མཉམ་པར་བཞག༔ འདིས་ནི་ཚོགས་དཔག་ཏུ་མེད་པ་འདུམ༔ འཆི་བ་བསླུ་ཞིང་ནད་གདོན་བར་གཅོད་ཞི་ནས༔ བར་དེའི་འོད་གསལ་ཟིན་པ་ལ་སོགས་ཕན་ཡོན་དཔག་ཏུ་མེད་དེ༔ ༈ བདུན་པ་བླ་མའི་རྣལ་འབྱོར་ནི། ཨེ་མ་ཧོ༔ རང་སྣང་ལྷུན་གྲུབ་དག་པ་རབ་འབྱམས་ཞིང་༔ བཀོད་པ་རབ་རྫོགས་ཟངས་མདོག་དཔལ་རིའི་དབུས༔ རང་ཉིད་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ༔ ཞལ་གཅིག་ཕྱག་གཉིས་དམར་གསལ་གྲི་ཐོད་འཛིན༔ ཞབས་གཉིས་དོར་སྟབས་སྤྱན་གསུམ་ནམ་མཁར་གཟིགས༔ སྤྱི་བོར་པདྨ་འབུམ་བརྡལ་ཉི་ཟླའི་སྟེང་༔ སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང་༔ དབྱེར་མེད་མཚོ་སྐྱེས་རྡོ་རྗེ་སྤྲུལ་པའི་སྐུ༔ དཀར་དམར་མདངས་ལྡན་གཞོན་ནུའི་ཤ་ཚུགས་ཅན༔ ཕོད་ཁ་ཆོས་གོས་ཟབ་བེར་འདུད་མ་གསོལ༔ ཞལ་གཅིག་ཕྱག་གཉིས་རྒྱལ་པོ་རོལ་པའི་སྟབས༔ ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས༔ དབུ་ལ་འདབ་ལྡན་པདྨའི་མཉེན་ཞུ་

(༢༥༤)གསོལ༔ མཆན་ཁུང་གཡོན་ན་བདེ་སྟོང་ཡུམ་མཆོག་མ༔ སྦས་པའི་ཚུལ་གྱིས་ཁ་ཊཾྭ་རྩེ་གསུམ་བསྣམས༔ འཇའ་ཟེར་ཐིག་ལེའི་འོད་ཕུང་ཀློང་ན་བཞུགས༔ ཕྱི་འཁོར་འོད་ལྔའི་དྲ་བས་མཛེས་པའི་ཀློང་༔ སྤྲུལ་པའི་རྗེ་འབངས་ཉི་ཤུ་རྩ་ལྔ་དང༔ རྒྱ་བོད་པཎ་གྲུབ་རིག་འཛིན་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྤྲིན་ལྟར་གཏིབས༔ གསལ་སྟོང་མཉམ་གནས་ཆེན་པོའི་ངང་དུ་གསལ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོ་དང་༔ རིག་འཛིན་གྲུབ་ཐོབ་རྒྱ་མཚོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཧྲཱིབདག་ལུས་ཞིང་གི་རྡུལ་སྙེད་དུ༔ རྣམ་པར་འཕྲུལ་བས་ཕྱག་འཚལ་ལོ༔ དངོས་བཤམས་ཡིད་སྤྲུལ་ཏིང་འཛིན་མཐུས༔ སྣང་སྲིད་མཆོད་པའི་ཕྱག་རྒྱར་འབུལ༔ སྒོ་གསུམ་མི་དགེའི་ལས་རྣམས་ཀུན༔

(༢༥༥)འུྃ འོད་གསལ་ཆོས་སྐུའི་ཀློང་དུ་བཤགས༔ བདེན་པ་གཉིས་ཀྱིས་བསྡུས་པ་ཡི༔ དགེ་ཚོགས་ཀུན་ལ་རྗེས་ཡི་རང་༔ ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལ༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དུས་གསུམ་བསགས་པའི་དགེ་རྩ་ཀུན༔ བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ༔ རྗེ་བཙུན་རུ་རུ་རིན་པོ་ཆེ༔ ཁྱོད་ནི་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་རྗེ་བྱིན་བརླབས་འདུས་པའི་དཔལ༔ སེམས་ཅན་ཡོངས་ཀྱི་མགོན་གཅིག་བུ ལུས་དང་ལོངས་སྤྱོད་བློ་སྙིང་བྲང་༔ ལྟོས་པ་མེད་པར་ཁྱོད་ལ་འབུལ༔ འདི་ནས་བྱང་ཆུབ་མ་ཐོབ་བར༔ སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཀུན༔ རྗེ་བཙུན་ཆེན་པོ་པད་འབྱུང་མཁྱེན༔ བདག་ལ་རེ་ས་གཞན་ན་མེད༔ ད་ལྟ་དུས་ངན་སྙིགས་མའི་འགྲོ༔ མི་ཟད་སྡུག་བསྔལ་འདམ་དུ་བྱིངས༔ འདི་ལས་སྐྱོབས་ཤིག་མ་ཧཱ་གུ་རུ༔ དབང་བཞི་བསྐུར་ཅིག་བྱིན་བརླབས་ཅན༔ རྟོགས་པ་སྤོར་ཅིག་ཐུགས་རྗེ་ཅན༔ སྒྲིབ་གཉིས་སྦྱོངས་ཤིག་ནུས་མཐུ་ཅན༔

(༢༥༦)ཨོཾ་ཨཱཧཱུྃ༔ བཛྲ་གུ་རུ་པདྨ་སིདྡྷ་ཧཱུྃ༔ ༈ བརྒྱ་རྩ་བརྒྱད་སོགས་གང་མང་བཟླས་མཐར། བརྒྱུད་པ་བརྒྱུད་པའི་གསོལ་འདེབས་ནི༔ ཨེ་མ་ཧོ༔ རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ཞིང་ཁམས་ནས༔ དང་པོའི་སངས་རྒྱས་ཆོས་སྐུ་ཀུན་ཏུ་བཟང་༔ ལོངས་སྐུ་ཆུ་ཟླའི་རོལ་རྩལ་རྡོ་རྗེ་སེམས༔ སྤྲུལ་སྐུར་མཚན་རྫོགས་དགའ་རབ་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་བྱིན་བརླབས་དབང་བསྐུར་སྩོལ༔ ཤྲཱི་སིང་ཧ་དོན་དམ་ཆོས་ཀྱི་རྗེ༔ འཇམ་དཔལ་བཤེས་གཉེན་ཐེག་དགུའི་འཁོར་ལོས་བསྒྱུར༔ ཛྙཱ་ན་སུ་ཏྲ་པཎ་ཆེན་བི་མ་ལར༔ གསོལ་བ་འདེབས་སོ་གྲོལ་བྱེད་ལམ་སྣ་སྟོན༔ འཛམ་བུ་གླིང་གི་རྒྱན་གཅིག་པདྨ་འབྱུང་༔ ངེས་པར་ཐུགས་ཀྱི་སྲས་མཆོག་རྗེ་འབངས་གྲོགས༔ ཐུགས་གཏེར་རྒྱ་མཚོའི་བརྡའ་གྲོལ་ཀློང་ཆེན་ཞབས༔ མཁའ་འགྲོའི་དབྱིངས་མཛོད་བཀའ་བབས་འཇིགས་མེད་གླིང་༔ གསོལ་བ་འདེབས་སོ་འབྲས་བུ་ཐོབ་གྲོལ་སྩོལ༔ གང་དེའི་མཁྱེན་བརྩེ་ནུས་པའི་རྒྱ་མཚོ་ཆེ༔ རྣམ་གསུམ་དད་པའི་ཡུར་བར་ལེགས་དྲངས་ཏེ༔ བསྐལ་བཟང་གདུལ་བྱའི་ཞིང་ས་བརླན་མཛད་པའི འཇིགས་མེད་

(༢༥༧)འུྃ༔ འཕྲིན་ལས་འོད་ཟེར་དཔལ་འབར་ལ༔ གསོལ་བ་འདེབས་སོ་དད་དམ་གོང་འཕེལ་མཛོད༔ ཤེས་བྱ་ཀུན་གཟིགས་ཀུན་བཟང་གཞན་ཕན་པའི༔ དོན་བརྒྱུད་མན་ངག་གདམས་པའི་ཨ་མྲི་ཏས༔ ལེགས་མྱོས་གང་འདུལ་སྤྱོད་པས་འགྲོ་ཁམས་སྒྲོལ༔ ཧེ་རུ་ཀ་དཔལ་ཡེ་ཤེས་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་ཆོས་ཟད་མཐར་ཕྱིན་ཤོག༔ རྒྱལ་ཀུན་གསང་བ་བསམ་མི་ཁྱབ་པའི་མཛོད༔ འཛིན་མཛད་རྡོ་རྗེ་ཆོས་དེ་མངོན་བརྙེས་ཀྱང་༔ སྙིང་རྗེའི་གཞན་དབང་ཁོ་ནས་ཕན་བདེའི་དཔྱིད༔ མཐའ་ཡས་འགྲོ་ལ་སྩོལ་མཛད་སྤྲུལ་པའི་སྐུར༔ ཡོངས་བཞེངས་རྒྱལ་བའི་སྲས་པོར་གསོལ་བ་འདེབས༔ དཔལ་ཆེན་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་༔ ལྷུན་གྲུབ་ཁ་སྦྱོར་བདུན་ལྡན་རྡོ་རྗེ་འཆང་༔ ཟླ་མེད་སྲིད་ཞིའི་སྟོན་པ་ཤཱཀྱའི་ཏོག༔ ཀུན་འདུས་ངོ་བོ་ཉིད་སྐུ་ཡར་སྡིངས་པ༔ ཀློང་ཆེན་རོལ་པ་རྩལ་ལ་གསོལ་བ་འདེབས༔ གདོད་མའི་མགོན་པོ་འཇིགས་མེད་གླིང་པ་དང་༔ གང་གི་

(༢༥༨)དངོས་སློབ་ཡར་མོ་སྡངས་པ་ཡིས༔ བརྩེ་བས་རྗེས་བཟུང་ཀློང་ཆེན་སྙིང་ཐིག་སོགས༔ ཟབ་མོའི་གདམས་བས་བསྐྱངས་པའི་བསྐལ་བཟང་ཅན༔ ཨོ་རྒྱན་ཟུར་རྗེ༴ སྲིད་ལས་ངེས་པར་བྱུང་བའི་ཞེན་ལོག་གིས༔ རྡོ་རྗེ་བླ་མ་དོན་ལྡན་མིག་བཞིན་བསྟེན༔ ཅི་གསུངས་བཀའ་སྒྲུབ་ཟབ་མོའི་ཉམས་ལེན་ལ༔ ལྟམས་ཀྱང་མེད་པའི་སྒྲུབ་ཚུགས་ཞེ་རུས་ཀྱིས༔ ཐུགས་རྒྱུད་དགོངས་པའི་བྱིན་བརླབ་འཕོ་བར་ཤོག༔ སྣང་སྲིད་འཁོར་འདས་ཡེ་ནས་འོག་མིན་ཞིང་༔ ལྷ་སྔགས་ཆོས་སྐུར་དག་རྫོགས་སྨིན་པའི་འབྲས༔ སྤང་བླང་བྱ་རྩོལ་མེད་པའི་རྫོགས་པ་ཆེ༔ ཤེས་ཉམས་ཡིད་དཔྱོད་ལས་འདས་རིག་པའི་གདངས༔ ཆོས་ཉིད་མངོན་སུམ་རྗེན་པར་མཐོང་བར་ཤོག༔ མཚན་མའི་རྟོག་པ་རྣམ་གྲོལ་འཇའ་ཟེར་སྦུབས༔ སྐུ་དང་ཐིག་ལེའི་ཉམས་སྣང་གོང་དུ་འཕེལ༔ རིག་རྩལ་ལོངས་སྐུའི་ཞིང་ཁམས་ཚད་ལ་ཕེབས༔ ཆོས་ཟང་བློ་འདས་ཆེན་པོར་སངས་རྒྱས་ནས༔ གཞོན་ནུ་བུམ་སྐུར་གཏན་སྲིད་ཟིན་པར་ཤོག༔ ཤིན་ཏུ་རྣལ་འབྱོར་ཉམས་འོག་མ་

(༢༥༩)འུྃ༔ ཆུད་ཏེ༔ རག་ལུས་དྭངས་མའི་དབྱིངས་སུ་མ་གྲོལ་ན༔ ནམ་ཞིག་ཚེ་ཡི་འདུ་བྱེད་བསྟུངས་པའི་ཚེ༔ འཆི་བ་འོད་གསལ་ཀ་དག་ཆོས་སྐུར་ཤར༔ བར་དོའི་སྣང་ཆ་ལོངས་སྤྱོད་རྫོགས་སྐུར་གྲོལ༔ ཁྲེགས་ཆོད་ཐོད་རྒལ་ལམ་གྱི་རྩལ་རྫོགས་ནས༔ མ་པང་བུ་འཇུག་ལྟ་བུར་གྲོལ་བར་ཤོག༔ གསང་ཆེན་འོད་གསལ་ཐེག་པ་མཆོག་གི་རྩེ༔ སངས་རྒྱས་གཞན་ནས་མི་འཚོལ་ཆོས་སྐུའི་ཞལ༔ མངོན་གྱུར་གདོད་མའི་ས་ལ་མ་གྲོལ་ན༔ མ་སྒོམ་སངས་རྒྱས་ཆོས་ལྔའི་ལམ་མཆོག་ལ༔ བརྟེན་ནས་རང་བཞིན་སྤྲུལ་པའི་ཞིང་ལྔ་དང་༔ ཁྱད་པར་པདྨ་འོད་ཀྱི་ཕོ་བྲང་དུ༔ རིག་འཛིན་རྒྱ་མཚོའི་གཙོ་མཆོག་ཨོ་རྒྱན་རྗེ༔ གསང་ཆེན་ཆོས་ཀྱི་དགའ་སྟོན་འགྱེད་པའི་སར སྲས་ཀྱི་ཐུ་བོར་སྐྱེས་ནས་དབུགས་དབྱུང་སྟེ༔ མཐའ་ཡས་འགྲོ་བའི་ཉེར་འཚོར་བདག་འགྱུར་ཤོག༔ རིག་འཛིན་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང་༔ ཆོས་དབྱིངས་བསམ་མི་ཁྱབ་པའི་བདེན་པ་ཡིས༔ དལ་འབྱོར་རྟེན་ལ་རྫོགས་སྨིན་སྦྱངས་གསུམ་གྱི༔ རྟེན་འབྲེལ་མངོན་གྱུར་སངས་རྒྱས་ཐོབ་པར་ཤོག༔ ཅེས་ཁ་ཞེ་ངོ་ལྐོག་མེད་པར་གསོལ་བ་

(༢༦༠)སྙིང་ནས་བཏབ་རྗེས། ༈ དགུ་པ་དབང་བཞི་བླངས་པ་ནི། གུ་རུའི་སྨིན་མཚམས་ནས་ཨོཾ་ཡིག་ཆུ་ཤེལ་ལྟར་འཚེར་བ་ལས་འོད་ཟེར་འཕྲོས༔ རང་གི་སྤྱི་བོ་ནས་ཞུགས་ལུས་ཀྱི་ལས་དང་རྩའི་སྒྲིབ་པ་དག༔ སྐུ་རྡོ་རྗེའི་བྱིན་རླབས་ཞུགས༔ བུམ་པའི་དབང་ཐོབ་བསྐྱེད་རིམ་གྱི་སྣོད་དུ་གྱུར༔ རྣམ་སྨིན་རིག་འཛིན་གྱི་ས་བོན་ཐེབས༔ སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག༔ མགྲིན་པ་ནས་ཨཱ་ཡཱིག་པདྨ་རཱ་ག་ལྟར་འབར་བ་ལས་འོད་ཟེར་འཕྲོས༔ རང་གི་མགྲིན་པ་ནས་ཞུགས༔ ངག་གི་ལས་དང་རླུང་གི་སྒྲིབ་པ་དག གསུང་རྡོ་རྗེའི་བྱིན་རླབས་ཞུགས༔ གསང་བའི་དབང་ཐོབ་བཟླས་བརྗོད་ཀྱི་སྣོད་དུ་གྱུར༔ ཚེ་དབང་རིག་འཛིན་གྱི་ས་བོན་ཐེབས༔ ལོངས་སྤྱོད་རྫོགས་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག༔ ཐུགས་ཀའི་ཧཱུྃ་ཡིག་ནམ་མཁའི་མདོག་ཅན་ལས་འོད་ཟེར་འཕྲོས༔ རང་གི་སྙིང་ཀ་ནས་ཞུགས་ཡིད་ཀྱི་ལས་དང་ཐིག་ལེའི་སྒྲིབ་པ་དག༔ ཐུགས་རྡོ་རྗེའི་བྱིན་རླབས་ཞུགས༔ ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ བདེ་སྟེང་ཙཎྜ་ལིའི་སྣོད་དུ་གྱུར༔ ཕྱག་རྒྱའི་རིག་འཛིན་གྱི་ས་བོན་ཐེབས༔ ཆོས་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག༔ སླར་

(༢༦༡)འུྃ༔ ཡང་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་གཉིས་པ་ཞིག་སྐར་མདའ་འཕངས་པ་བཞིན་ཆང་༔ རང་སེམས་དང་ཐ་དད་མེད་པར་འདྲེས༔ ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་དག༔ ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས༔ ཚིག་གིས་མཚོན་པ་དོན་དམ་གྱི་དབང་ཐོབ༔ ཀ་དག་རྫོགས་པ་ཆེན་པོའི་སྣོད་དུ་གྱུར༔ ལྷུན་གྲུབ་རིག་འཛིན་གྱི་ས་བོན་ཐེབས༔ མཐར་ཐུག་གི་འབྲས་བུ་ངོ་བོ་ཉིད་སྐུའི་སྐལ་བརྒྱུད་ལ་བཞག་གོ༔ ཅེས་འདོན་བསྒོམ་ཟུང་འཇུག་གི་དམིགས་པ་གསལ་ཐེབས་པ་བྱེད༔ ༈ བཅུ་པ་བསྡུ་བའི་ཆོ་ག་ནི༔ ནམ་ཞིག་ཚེ་ཡི་དུས་བྱས་ཚེ༔ རང་སྣང་རྔ་ཡབ་དཔལ་རིའི་ཞིང་༔ ཟུང་འཇུག་སྤྲུལ་པའི་ཞིང་ཁམས་སུ༔ གཞི་ལུས་རྡོ་རྗེ་རྣལ་འབྱོར་མ༔ གསལ་འཚེར་འོད་ཀྱི་གོང་བུ་རུ༔ གྱུར་ནས་རྗེ་བཙུན་པད་འབྱུང་དང་༔ དབྱེར་མེད་ཆེན་པོར་སངས་རྒྱས་ཏེ༔ བདེ་དང་སྟོང་པའི་ཆོ་འཕྲུལ་གྱི༔ ཡེ་ཤེས་ཆེན་པོའི་རོལ་པ་ལས༔ ཁམས་གསུམ་སེམས་ཅན་མ་ལུས་པ༔ འདྲེན་པའི་དེད་དཔོན་དམ་པ་རུ༔ རྗེ་བཙུན་པདྨས་དབུགས་དབྱུང་གསོལ༔ གསོལ་

(༢༦༢)བ་སྙིང་གི་དཀྱིལ་ནས་འདེབས༔ ཁ་ཙམ་ཚིག་ཙམ་མ་ཡིན་ནོ༔ བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལ༔ བསམ་དོན་འགྲུབ་པར་མཛད་དུ་གསོལ༔ གུ་རུའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ རང་ཉིད་འཚོ་རྒྱལ་དུ་གསལ་བའི་སྙིང་ཀར་རེག་པ་ཙམ་གྱི་འོད་ཀྱི་ཐིག་ལེ་དམར་པོ་གཅིག་ཏུ་གྱུར༔ དེ་ཉིད་ཀྱང་གུ་རུའི་ཐུགས་ཀར་ཐིམ་པས་དབྱེར་མེད་རོ་གཅིག་ཏུ་འདྲེས་པར་གྱུར༔ ཞེས་པའི་མཐར་དམིགས་པ་བསམ་བརྗོད་དང་བྲལ་བའི་དང་དུ་ཡུན་རིང་མཉམ་པར་བཞག་ནས༔ བཅུ་གཅིག་པ་རྗེས་ཀྱི་རིམ་པ་ནི། ཐུན་མཚམས་ཀྱི་ལྷར་ལངས་ཏེ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ༔ བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ༔ བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ༔ སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་ ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས༔ བླ་མའི་བྱིན་བརླབས་སེམས་ལ་འཇུག་པར་ཤོག༔ སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་༔ འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་

(༢༦༣)འུྃ༔ ཅིང་ ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས༔ རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག༔ དགེ་བ་འདི་ཡིས་སྐྱེ་བོ་ཀུན༔ བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས༔ བསོད་ནམས་ཡེ་ཤེས་ལས་བྱུང་བའི༔ དམ་པ་སྐུ་གཉིས་ཐོབ་པར་ཤོག༔ འགྲོ་ཀུན་དགེ་རྩ་ཇི་སྙེད་ཡོད་པ་དང་༔ བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་གང་༔ བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ༔ ཀུན་ཀྱང་ཀུན་ནས་བཟང་པོར་རེག་གྱུར་ཅིག འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་༔ ཀུན་ཏུ་བཟང་པོ་དེས་ཀྱང་དེ་བཞིན་དུ༔ དགེ་བ་གུན་གྱི་རྗེས་སུ་བདག་སློབ་ཅིང་ དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ༔ དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས༔ བསྔོ་བ་གང་ལ་མཆོག་ཏུ་བསྔགས་བ་དེ༔ བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་༔ བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ༔ མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པར་ཤོག༔ སྐྱེས་མ་ཐག་ཏུ་ཆོས་དང་ཕྲད་གྱུར་ནས༔ ཚུལ་བཞིན་སྒྲུབ་པའི་རང་དབང་ཡོད་པར་ཤོག༔ དེར་ཡང་

(༢༦༤)བླ་མ་དམ་པ་མཉེས་བྱེད་ཅིང་༔ ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག༔ ཆོས་རྟོགས་ནས་ནི་སྙིང་པོའི་དོན་སྒྲུབ་སྟེ༔ ཚེ་དེ་མ་སྲིད་པའི་རྒྱ་མཚོ་བརྒལ་བར་ཤོག༔ སྲིད་པ་དམ་པའི་ཆོས་རབ་སྟོན་བྱེད་ཅིང་༔ གཞན་ཕན་སྒྲུབ་ལ་སྐྱོ་ངལ་མེད་པ་ཤོག༔ རླབས་ཆེན་གཞན་དོན་ཕྱོགས་རིས་མེད་པ་ཡིས༔ ཐམས་ཅད་ཚེ་གཅིག་སངས་རྒྱས་ཐེབ་པར་ཤོག༔ ཅེས་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་ཁྲིགས་སུ་སྡེབས་པ་རྣམ་མཁྱེན་ལམ་བཟང་འདི་ཉིད རིག་འཛིན་ཆེན་པོ་འཇིགས་མེད་གླིང་པ་སོགས་དམ་པ་དུ་མའི་བཀའ་དྲིན་གྱིས་བསྐྱངས་ཞིང་། དམ་ཚིག་ལ་མོས་པ་ཐོབ་པའི་སྔགས་ཀྱི་རྣལ་འབྱོར་བ་ཆེན་པོ་འཇིགས་མེད་འཕྲིན་ལས་འོད་ཟེར་གྱིས་བྲིས་པའི་དགེ་བས། རྗེས་འཇུག་རྣམས་ཀྱིས་བླ་མ་སངས་རྒྱས་སུ་མཐོང་འབྲས་ཀྱིས་རང་རིག་ཀུན་ཏུ་བཟང་པོའི་རང་ཞལ་མངོན་དུ་གྱུར་ནས་འགྲོ་ཁམས་རྒྱ་མཚོ་ལ་ཕན་ཐོག་རྒྱུན་ ཆད་མེད་པའི་རྒྱུར་གྱུར་ཅིག །སྐྱབས་མགོན་རྔོ་བླ་རིན་པོ་ཆེས་ཆོག་སྒྲིགས་མཛད་པའི་སྔོན་འགྲོ་རྣམ་མཁྱེན་ལམ་བཟང་འདིར་བརྒྱུད་འདེབས་ཁ་བསྐོང་དགོས་རིགས། བླ་མ་སོ་སོའི་གསུང་ལ་དབྲི་བསྣན་དང་། ཚིག་ཕྲད་འགྱུར་བཅོས་སོགས་མ་བྱས་པར་

(༢༦༥)འུྃ སྒྲ་ཇི་བཞིན་བར་ཟུར་རྗེས་བཀོད་པའོ། ༈ རང་བྱུང་རིག་པ་མངོན་གྱུར་ནས། །གདོད་མའི་སངས་རྒྱས་སར་གཤེགས་པའི། །མཁྱེན་བརྩེ་འཇིགས་མེད་གླིང་པ་ལ། །འདས་རྗེས་གླེགས་བམ་བབས་པའི་དོན། །ཀློང་ཆེན་སྙིང་གི་ཐིག་ལེ་ཡི། །སྔོན་འགྲོ་རྣམ་མཁྱེན་ལམ་བཟང་འདི། །ཟུར་མཛོད་ཚེ་བརྟན་དོན་གྲུབ་དང་། །ཆ་བརྟན་ལྷ་མོ་བུམ་ས་ཀྱིས། །བར་བརྐོས་དགེ་བས་སྙིང་ཐིག་གིས། །བསྟན་པ་ཕྱོགས་བརྒྱར་འཕེལ་བ་དང་། སྦྱིན་བདག་ཚེ་བསོད་ལོངས་སྤྱོད་རྒྱས། །འགྲོ་ཕན་བྱང་ཆུབ་མྱུར་ཐོབ་ཤོག །སརྦ་མངྒ་ལཾ།

(༢༦༦)

(༢༦༧)འུྃ༔ ཀློང་ཆེན་སྙིག་གི་ཐིག་ལེ་ལས༔ ནང་སྒྲུབ་རིག་འཛིན་འདུས་པ་བཞུགས༔

(༢༦༨)འུྃ༔ བཛྲ་གུ་རུ་བི་དྱཱ་དྷ་ར་ཡེ༔ ནང་སྒྲུབ་རིག་འཛིན་འདུས་བ་ནི༔ དབེན་ཞིང་ཉམས་དགའ་ས་ཕྱོགས་དམར༔ རྩི་ཤིང་ནགས་ཚལ་མེ་ཏོག་རྒྱས༔ བཀྲ་ཤིས་ཡིད་འོང་གནས་མཆོག་དེར༔ དཀྱིལ་འཁོར་མཆོད་པའི་ཡོ་བྱད་དང་༔ སྤྱན་གཟིགས་ལ་སོགས་བློ་དང་སྦྱར༔ བདེ་བའི་སྟན་ལ་བག་ཕབ་ནས༔ སྦྱོར་དངོས་རྗེས་གསུམ་ཚང་བ་ཡི༔ རྟེན་འབྲེལ་ཟབ་མོས་ཉམས་སུ་བླང་༔ ས་མ་ཡ༔ དང་པོ་སྔོན་འགྲོའི་སྦྱོར་བ་ལ༔ རྣམ་གྲངས་བདུན་ལས་དང་པོ་ནི༔ མདུན་མཁར་ཚོགས་ཞིང་གསལ་བཏབ་སྟེ༔ ཁྱེད་ཤེས་དད་པས་སྐྱབས་སུ་འགྲོ༔ ན་མོ་བདག་དང་མཐའ་ཡས་སེམས་ཅན་ཀུན༔ མཆོག་གསུམ་ངོ་བོ་བླ་མ་དང་༔ རིག་འཛིན་རྒྱ་མཚོའི་དཀྱིལ་འཁོར་ལ༔ སྙིང་ནས་དད་པས་

(༢༦༩)འུྃ༔ སྐྱབས་སུ་མཆི ལན་གསུམ་གཉིས་པ་སེམས་བསྐྱེད་ནི༔ ཧོ༔ རིག་འཛིན་དཀྱིལ་འཁོར་འདིར་ཞུགས་ནས༔ ཕ་མ་འགྲོ་དྲུག་སེམས་ཅན་ཀུན༔ ཚད་མེད་སྙིང་རྗེས་སྒྲོལ་བའི་ཕྱིར༔ སྨོན་འཇུག་དོན་དམ་བྱང་སེམས་བསྐྱེད༔ ལན་གསུམ། གསུམ་པ་ཚོགས་གསོག་ནི༔ ཧོ ཆུ་ལས་ཆུ་ཝུར་ཇི་བཞིན་དུ༔ ཡེ་ཤེས་དབྱིངས་ལས་སྤྲུལ་པའི་ལྷར༔ མངོན་སུམ་རིག་པས་ཕྱག་འཚལ་ལོ༔ ཉམས་སྣང་གོང་འཕེལ་མཆོད་པར་འབུལ༔ རིག་པ་ཚད་ཕེབས་ངང་དུ་བཤགས ཆོས་ཉིད་ཟད་ལ་རྗེས་ཡི་རང་༔ འཕོ་ཆེན་ཀློང་ནས་ཆོས་འཁོར་བསྐོར༔ འཇའ་ལུས་ཆེན་པོར་བཞུགས་གསོལ་འདེབས༔

(༢༧༠)དགེ་ཚོགས་གཞོན་ནུ་བུམ་སྐུར་བསྔོ༔ བཞི་པ་བགེགས་ལ་བཀའ་བསྒོ་བ༔ ཧྲཱི སྣོད་བཅུད་སྤྲུལ་པའི་དཀྱིལ་འཁོར་འདིར༔ གླགས་ལྟ་བར་གཅོད་བདུད་ཀྱི་རིགས༔ གཏོར་མ་ལོང་ལ་གཞན་དུ་དེངས༔ བཀའ་ལས་འདའ་ན་རྡོ་རྗེས་གཞོམ༔ ཧཱུྃ་བཞིའི་སྔགས་དང་ཐུན་གྱིས་གཟིར ལྔ་པ་སྲུང་འཁོར་བསྒོམ་པ་ནི༔ ཧྲཱི༔ སྣང་སྲིད་དག་པ་རབ་འབྱམས་ལ༔ བགེགས་དང་བར་གཅོད་མིང་ཡང་མེད༔ གློ་བུར་རྣམ་རྟོག་འཁྲུལ་པའི་གདོན༔ ཆོས་དབྱིངས་ངང་དུ་མཚམས་གཅད་དོ༔ དྲུག་པ་ཡེ་ཤེས་བྱིན་འབེབས་ནི༔ ཧཱུྃ་ སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་ནས༔ དང་པོའི་སངས་རྒྱས་ཀུན་ཏུ་བཟང་༔ རིགས་ལྔ་ཡབ་ཡུམ་སྤྲུལ་འཁོར་བཅས༔ དགོངས་བརྒྱུད་བླ་མས་བྱིན་ཆེན་ཕོབ༔ སྒྱུ་འཕྲུལ་རྡོ་རྗེའི་ཕོ་བྲང་ནས༔ དགའ་རབ་འཇམ་དཔལ་ཤྲཱི་སིང་སོགས༔ བརྡ་བརྒྱུད་བླ་མས་བྱིན་ཆེན་ཕོབ༔ འགྲོ་འདུལ་སྤྲུལ་པའི་ཕོ་བྲང་ནས༔ རིག་འཛིན་བརྒྱད་དང་པདྨ་འབྱུང་༔ རྗེ་འབངས་ཉི་ཤུ་རྩ་ལྔ་སོགས༔ སྙན་བརྒྱུད་བླ་མས་བྱིན་ཆེན་ཕོབ༔ དཀྱིལ་འཁོར་འདི་ལ་བཀྲག་ཅིག་ཐོན༔ སྒྲུབ་རྫས་འདི་ལ་ཞག་ཅིག་བསྐྱིལ༔ ལུས་ངག་

(༢༧༡)ཡིད་ལ་བདེ་ཆེན་སྤོར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཧཱུྃ༔ཧཱུྃ་བིདྱཱ་དྷཱ་ར་ཨེ་ཨ་ར་ལི་ཕཻཾ་ཕཻཾ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཅེས་བརྗོད་རོལ་མོ་དྲག་ཏུ་དཀྲོལ༔ བདུན་པ་མཆོད་རྫས་བྱིན་རློབ་ནི༔ ཨོཾ་ཨཱཧཱུྃ༔ སྣང་སྲིད་ཐམས་ཅད་མཆོད་པའི་སྤྲིན༔ ཡེ་ཤེས་བདུད་རྩིར་བྱིན་བརླབས་པས༔ ཕྱི་ནང་གསང་བའི་མཆོད་རྫས་ཀུན༔ ཀུན་བཟང་རྣམ་འཕྲུལ་ཆེན་པོར་གྱུར༔ ཨོཾ་བཛྲ་ཨརྒྷཾ་སོགས། སརྦ་པཉྩ་རཀྟ་བྷཱ་ལིངྟ་མ་ཧཱ་སུ་ཁ་པཱུ་ཙ་ཨཱཧཱུྃ༔ ལན་གསུམ་བརྗོད་པས་བྱིན་གྱིས་བརླབས༔ གཉིས་པ་དངོས་གཞིར་རྣམ་གྲངས་བདུན༔ དང་པོ་རྟན་དང་བརྟེན་པར་བཅས༔ སྤྲོས་བྲལ་ངང་ནས་བསྐྱེད་པ་ནི ཧཱུྃ་མ་བཅོས་རིག་པ་སྟོང་གསལ་དང་༔ ལྷག་མཐོང་སྣང་ཆའི་རྟེན་འབྲེལ་ཀུན༔ ལྷུན་གྲུབ་དག་པ་རབ་འབྱམས་ཀྱི དཀྱིལ་འཁོར་ཆེན་པོར་ལྷུན་རྫོགས་པའི༔ ཕོ་བྲང་གཞལ་མེད་ཉམས་དགའ་བ༔ གྲུ་བཞི་སྒོ་བཞི་མཚན་ཉིད་ལྡན༔ བརྡ་དོན་རྟགས་གསུམ་ཡོངས་རྫོགས་པའི༔ ཕྱི་ནང་ཟང་ཐལ་ཆེན་པོའི་

(༢༧༢)དབུས༔ སྣ་ཚོགས་པདྨ་ཉི་ཟླའི་སྟེང་༔ ཧཱུྃ་ལས་སྐད་ཅིག་དྲན་རྫོགས་སུ༔ བདག་ཉིད་སངས་རྒྱས་ཀུན་གྱི་དངོས༔ སྣང་སྲིད་ཟིལ་གནོན་པདྨ་འབྱུང་༔ ཞལ་གཅིག་ཕྱག་གཉིས་དཀར་དམར་མདངས༔ ཐེག་གསུམ་རྫོགས་པའི་བརྡ་རྟགས་སུ༔ ཕོང་ཁ་ཆོས་གོས་བེར་འདུད་མན་བས༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྡིགས༔ གཡོན་པས་བྷནྡྷ་ཚེ་བུམ་བསྣམས༔ མཆན་ཁུང་གཡོན་ན་ལྷ་ལྕམ་མཛེས༔ དབུ་ལ་པདྨའི་མཉེན་ཞུ་གསོལ༔ རྒྱལ་པོ་རོལ་པའི་སྟབས་སུ་འགྱིངས༔ དབུ་གཙུག་འཇའ་ཟེར་ཐིག་ལེའི་ཀློང་༔ དགའ་རབ་རྡོ་རྗེ་ལོངས་སྐུའི་ཆས༔ དཀར་གསལ་རྡོར་དྲིལ་ཐུགས་ཀར་བསྣོལ དེ་ཡི་དབུ་གཙུག་ཐོག་མའི་མགོན༔ ཀུན་བཟང་ཡབ་ཡུམ་ནམ་མཁའི་མདོག ཕྱི་འཁོར་པདྨ་འདབ་བརྒྱད་སྟེང་༔ འོད་ལྔའི་ཐིག་ལེ་ཟླུམ་སྐོར་དབུས༔ དཔལ་ཆེན་གྲུབ་པའི་རིག་འཛིན་བརྒྱད༔ ཀུན་ཀྱང་ཧེ་རུ་ཀ་བའི་ཆས ཕྱག་གཉིས་ཌཱ་རུ་དྲིལ་ཁུ་འཁྲོལ༔ སྟང་སྟབས་ཕྱག་རྒྱ་གར་གྱིས་རོལ༔ ཕྱོགས་བཞི་ཕྱོགས་མདོག་མཚམས་བཞི་མཐིང་༔ སྒྲུབ་སྡེ་བརྒྱད་ཀྱི་ངོ་བོར་

(༢༧༣)འུྃ གསལ པར་མཚམས་རྒྱ་བོད་རིག་འཛིན་དང་༔ སྤྲུལ་པའི་རྗེ་འབངས་ཉི་ཤུ་ལྔ༔ རྣམ་འགྱུར་ཆ་ལུགས་མ་ངེས་ཤིང་༔ རྡོ་རྗེའི་གར་སྟབས་ཅིར་ཡང་བསྒྱུར སྟེང་ཕྱོགས་རྒྱུད་སྡེ་བཞི་དྲུག་གི༔ ཡི་དམ་དཔའ་བོ་མཁའ་འགྲོའི་ཚོགས༔ ཏིལ་གྱི་གོང་བུ་ལྟ་བུར་བཞུགས༔ ཕྱི་ཁྱམས་དཔལ་མགོན་བདུན་ཅུ་དང་། དབང་ཕྱུག་ཉི་ཤུ་རྩ་བརྒྱད་སོགས བཀའ་སྡོད་དམ་ཅན་རླུང་ལྟར་འཚུབས༔ སྒོ་བཞིར་གིང་ཆེན་སྡེ་བཞི་གསལ༔ ཀུན་ཀྱང་སྣང་སྟོང་རོལ་པའི་ངང་༔ གསལ་ལམ་འདྲེས་ལྷུན་གྱིས་གྲུབ༔ གནས་གསུམ་ཡི་གེ་གསུམ་གྱིས་མཚན༔ རྡོ་རྗེ་གསུམ་གྱི་ངོ་བོར་གྲུབ༔ དེ་ལས་འོད་ཟེར་རབ་འཕྲོས་པས རང་བཞིན་ཆོས་དབྱིངས་གནས་མཆོག་དང་༔ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཞིང་༔ གནས་ཡུལ་དུར་ཁྲོད་བརྒྱད་སོགས་དང་༔ ཁྱད་པར་རྔ་ཡབ་ལངྐའི་གླིང་༔ ཟངས་མདོག་དཔལ་གྱི་རི་བོ་ནས༔ རིག་འཛིན་འདུས་པའི་དཀྱིལ་འཁོར་ལྷ༔ སྤྱན་འདྲེན་གནས་འདིར་ས་མཱ་ཛ༔ གཉིས་པ་

(༢༧༤)སྤྱན་འདྲེན་སྤོས་རོལ་དང་། གདུང་བ་དྲག་པོའི་དབྱངས་ཀྱིས་འབོད༔ ཧཱུྃ་སྔོན་གྱི་བསྐལ་བའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོ་དང་༔ རིག་འཛིན་གྲུབ་ཐོབ་རྒྱ་མཚོས་བསྐོར༔ ཁྱོད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོ༔༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ༔ བཛྲ་ས་མ་ཡ་ཛཛ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཐབས་ཀྱིས་བསྐྱེད་པའི་དཀྱིལ་འཁོར་འདིར༔ ཤེས་རབ་དབྱིངས་ནས་དྲངས་པའི་ལྷ༔ རིག་འཛིན་བླ་མའི་དཀྱིལ་འཁོར་རྣམས༔ གཉིས་མེད་ངང་དུ་དགྱེས་པར་བཞུགས བཛྲ་ས་མ་ཡ་ཏིཥྠ་ལྷན༔ བཞི་པ་བརྡ་ཕྱག་འཚལ་བ་ནི༔ ཧཱུྃ་ལྷ་ཉིད་རང་ལ་རང་ཉིད་ལྷ༔ རང་བྱུང་སྤྲུལ་པའི་དཀྱིལ་

(༢༧༥)འུྃ འཁོར་ལ༔ བཟང་ངན་བླང་དོར་མ་མཆིས་ཀྱང་༔ རྟེན་འབྲེལ་བརྡ་ཡིས་ཕྱག་འཚལ་ལོ༔ ཨ་ཏི་བུ་ཧོ པྲ་ཏཱིཙྪ་ཧོ༔ ལྔ་པ་མཆོད་པའི་བྱེ་བྲག་ནི༔ ཨོཾ་ཨཱ༔ཧཱུྃ་ཕྱི་ནང་སྣོད་བཅུད་མཆོད་པའི་སྤྲིན༔ ཉེར་སྤྱོད་འདོད་ཡོན་སྣ་ལྔ་དང་༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན སྨན་གཏོར་རཀྟ་དངས་རེ་སྤྲོ སྒེག་བཞད་གཡོ་བའི་གར་མ་དང་༔ བདེ་ཆེན་སྦྱོར་བའི་རིག་མ་འབུམ༔ མཆོད་བྱ་མཆོད་བྱེད་མཆོད་ཡུལ་ཀུན༔ ཡེ་ཤེས་དབྱིངས་སུ་རྣམ་དག་པའི༔ མཆོད་པའི་ཕྱག་རྒྱ་ཆེན་པོ་སོགས༔ རིག་འཛིན་འདུས་པའི་ལྷ་ལ་འབུལ༔ བཞེས་ནས་དབང་དང་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་ ནས་ རཱུ་པ། ཤཔྟ། གནྡྷེ། རཱ་ས། པརྴེ་ཨཱཧཱུྃ༔ སརྦ་པཉྩ་བྷ་ལིང་ཏ་རཀྟ་མཱ་ཧཱ་སུ་ཁ་དྷརྨཱ་དྷ་རྟུ་ཨཱཧཱུྃ༔ དྲུག་པ་བསྟོད་པ་བྱ་བ་ནི༔ ཧྲཱི མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་གྱི་རྗེ༔ པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ༔ སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་

(༢༧༦)བསྟོད༔ བདེ་བྱེད་བརྩེགས་པར་ཟབ་རྒྱའི་དངོས་གྲུབ་བརྙེས༔ དུར་ཁྲོད་བརྒྱད་དུ་དགོངས་པའི་བཙན་ས་ཟིན༔ རབ་འབྱམས་དཀྱིལ་འཁོར་རྒྱ་མཚོར་མངའ་དབང་བསྒྱུར༔ མཆོག་གི་རིག་འཛིན་བརྒྱད་ལ་ཕྱག་འཚལ་བསྟོད༔ དགོངས་པ་ཀློང་ཆེན་ཡངས་པའི་མཁའ་ལ་འཕྱོ༔ རྣམ་འགྱུར་བརྟུལ་ཞུགས་སྤྱོད་པས་འགྲོ་བ་འདྲེན༔ རྨད་བྱུང་རྡོ་རྗེ་སྙིང་པོའི་དགོངས་སྲོག་འཛིན༔ ཐུགས་སྲས་རྗེ་འབངས་ཉེར་ལྔར་ཕྱག་འཚལ་བསྟོད༔ གཞན་ཡང་རིག་འཛིན་སྤྲུལ་པའི་དཀྱིལ་འཁོར་དུ༔ དམ་ཚིག་ཐུགས་རྗེས་འཁོད་པའི་རྩ་གསུམ་ལྷ༔ ཡེ་ཤེས་དབྱིངས་ལས་སྤྲུལ་པའི་ཕོ་ཉ་བ༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ བདུན་པ་འཛབ་དགོངས་གསལ་བ་ནི༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང་༔ ཧཱུྃ་ཡིག་མཐིང་གའི་མཐའ་བསྐོར་དུ༔ སྔགས་ཕྲེང་སྤུ་ཤད་ལྟ་བུའི་བསྐོར༔ འོད་ཟེར་འཕྲོས་པས་སྣོད་བཅུད་སྦྱངས༔ རྣམ་དག་ལྷ་ཡི་དལ་དུ་བསྒོམ༔ མ་གྲུབ་བར་དུ་མི་བཏང་ངོ་༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།

(༢༧༧)བསྙེན་པ་ཆུ་བོའི་གཞུང་བཞིན་བསྐྱལ༔ རེས་འགའ་ཧཱུྃ་གི་སྣང་གླུ་ལེན༔ ཤེས་པ་གཏད་མེད་ངང་ལ་བཏང་༔ རྗེས་ཐོབ་ལུ་གུ་རྒྱུད་ལ་གཟིར༔ འདི་ཉིད་བསྒྲུབས་པའི་རྣལ་འབྱོར་ལ༔ རིག་འཛིན་རྒྱ་མཚོས་བྱིན་གྱིས་བརླབ༔ མ་དང་ཌཱཀྐིས་ལུང་ཡང་སྟོན༔ ཕྱི་མ་རྔ་ཡབ་དཔལ་གྱི་རིར༔ ཐེ་ཚོམ་མེད་དོ་ས་མ་ཡ༔ གབ་བྱང་ལས༔ བསྙེན་པ་འབྲུ་འབུམ་སྔོན་སོང་ནས༔ རིག་འཛིན་སྲོག་སྒྲུབ་སྙིང་པོ་ནི༔ ཐོག་མཐའ་ཨོཾ་དང་ཧཱུྃ་བཞག་ནས༔ བར་ན་བཅུ་གཉིས་གྲོང་མཛེས་པ༔ རིག་འཛིན་སྲོག་གི་ཡང་སྙིང་ཡིན༔ ཨོཾ་ཨཱཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ འབུམ་ཕྲག་བཅུ་གཉིས་དངོས་གྲུབ་ཐོབ ཅེས་གསུངས་སོ༔ ༈ བརྡ་བརྒྱུད་རིག་འཛིན་རྒྱ་མཚོར་འདུད༔ རིག་འཛིན་སྒྲུབ་པའི་གབ་བྱང་ནི༔ ལྷ་ལ་ཡེ་ཤེས་སེམས་དཔའ་གབ༔ སྣང་སྲིད་ཟིལ་གནོན་ཐུགས་ཀ་རུ༔ རིག་འཛིན་རྒྱལ་པོ་རྡོ་རྗེ་ཆོས༔ སྐུ་མདོག་བྱུ་རུ་སྣུམ་བསྐུས་ལྟར༔ གསལ་འཚེར་བཀྲག་མདངས་ལྡན་པ་ལ༔ ཞལ་གཅིག་ཕྱག་གཉིས་ཞི་མ་ཁྲོ༔ གཅེར་བུ་རུས་བརྒྱན་ཐོར་ཚུགས་ཅན༔ རྡོ་རྗེ་དྲིལ་བུ་བསྣོལ་བའི་པ་ར༔ རྣལ་འབྱོར་སྔོན་མོ་

(༢༧༨)གྲི་ཐོད་ཅན༔ ཆ་ལུགས་ཡབ་འདྲ་གཉིས་ཀའང་༔ ཤིན་ཏུ་ཆགས་པའི་རྣམ་འགྱུར་ཅན༔ ཟག་མེད་བདེ་བ་ཆེན་པོ་སྦྱོར༔ མི་ལ་གཅེས་པ་རྣམ་ཤེས་ལྟར༔ ཕྱག་རྒྱ་རྟགས་ཀྱི་ལྷ་སྐུ་ཀུན༔ ཟིལ་གནོན་ཡེ་ཤེས་སེམས་དཔའ་ནི༔ ཤིན་ཏུ་གསལ་བརྟན་ཐོན་པ་གནད༔ ས་མ་ཡ༔ སྔགས་ལ་གབ་པ་འདི་ལྟ་སྟེ༔ བསྙེན་པ་འབྲུ་འབུམ་སྔོན་སོང་ནས༔ རིག་འཛིན་སྲོག་སྒྲུབ་སྙིང་པོ་ནི༔ ཐོག་མཐའ་ཨོཾ་དང་ཧཱུྃ་བཞག་ནས བར་ན་བཅུ་གཉིས་གྲོང་མཛེས་པ༔ རིག་འཛིན་སྲོག་གི་ཡང་སྙིང་ཡིན༔ ཨོཾ་ཨཱ༔ཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ༔ འབུམ་ཕྲག་བཅུ་གཉིས་དངོས་གྲུབ་ཐོབ༔ ས་མ་ཡ༔ ཏིང་འཛིན་དོ་ལིའི་མན་ངག་གབ༔ ལྷ་ལ་གསལ་བརྟན་ཐོན་པའི་ཚེ༔ ཐུགས་ཀའི་སྔགས་འཕྲེང་གཡས་བསྐོར་ལས༔ སྔགས་ཕྲེང་ལུ་གུ་རྒྱུད་དུ་འཕྲོས༔ ཡེ་ཤེས་སེམས་དཔའི་ཞལ་ནས་ཐོན༔ ཡུམ་གྱི་ཞལ་ཞུགས་སྐུའི་དབྱིངས་བརྒྱུད༔ ཐུགས་ཀའི་བཾ་ལ་གཡོན་དུ་འཁོར༔ མཁའ་གསང་ནོར་བུའི་ལཾ་བརྒྱུད་དེ༔ འགལ་

(༢༧༩)མེ་ལྟ་བུར་འཁོར་བ་ཡིས། ཡབ་ཡུམ་བདེ་བ་ཆེན་པོའི་ཉམས༔ བཟོད་དུ་མེད་པར་འབར་བ་ལས༔ །ཐུགས་རྗེའི་འོད་ཟེར་ཀུན་ཏུ་འཕྲོས གཙོ་དང་འཁོར་བས་ཐམས་ཅད་ཀྱང་༔ བདེ་སྟོང་ཡེ་ཤེས་ཉམས་འུར་བས༔ ཅང་ཏིའུ་དྲིལ་བུ་ཁྲོ་ལོ་ལོ༔ ཞལ་ནས་ཧཱུྃ་གླུ་ཀྱུ་རུ་རུ༔ དབྱིངས་རིག་གཉིས་མེད་བྱང་ཆུབ་སེམས༔ རྩལ་སྣང་དག་པ་རབ་འབྱམས་ཀྱི༔ དཀྱིལ་འཁོར་གཅིག་ཏུ་རྫོགས་པ་ལས༔ རིག་པ་གཏད་དེ་གཡོ་མེད་བཞག༔ ༈ རྗེས་ལ་ཚོགས་ཀྱི་རིམ་པ་ནི༔ སྲིད་པའི་འདོད་ཡོན་མཆོད་པར་བཤམ༔ ཁྱད་པར་ཤ་ཆང་མེད་མི་རུང་༔ དང་པོ་བྱིན་གྱིས་རློབ་པ་ནི༔ ཧཱུྃ་བདག་ཉིད་ཐུགས་ལས་རཾ་ཡཾ་ཁཾ༔ འཕྲོས་པས་ཚོགས་ཀྱི་ཉེས་སྐྱོན་སྦྱངས༔ ཨོཾ་ཨཱཧཱུྃ་གིས་བདུད་རྩིར་བསྒྱུར༔ འདོད་ཡོན་ནམ་མཁའ་མཉམ་པར་སྤེལ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱ༔ཧཱུྃ༔ གཉིས་པ་ཚོགས་ཞིང་སྤྱན་འདྲེན་ནི༔ ཧཱུྃ་འོག་མིན་བདེ་ཆེན་ཞིང་ཁམས་དང་༔ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་གླིང་༔ ཁྱད་

(༢༨༠)པར་རྔ་ཡབ་དཔལ་གྱི་རི༔ གནས་ཡུལ་དུར་ཁྲོད་བརྒྱད་སོགས་ནས༔ རིག་འཛིན་འདུས་པའི་ལྷ་ཚོགས་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དུར་ཁྲོད་ཚོགས་ཁང་ཉམས་རེ་དགའ༔ མཁའ་འགྲོའི་འདུ་བ་བག་རེ་དྲོ༔ རྣལ་འབྱོར་ཕོ་མོ་དམ་རེ་གཙང་༔ འདོད་ཡོན་ཚོགས་མཆོད་མདངས་དང་ལྡན འདིར་གཤེགས་ཚོགས་ལ་བྱིན་ཆེན་ཕོབ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གསུམ་པ་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ་རྩ་གསུམ་རིག་འཛིན་རྒྱ་མཚོ་དང་༔ ཌཱཀྐི་ཆོས་སྲུང་དམ་ཅན་ལ༔ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ག་ན་ཙཀྲ་པཱུ་ཙ་ཁཱ་ཧི༔ བཞི་པ་བར་པ་བཤགས་པ་ནི ཧཱུྃ༔ བདག་གི་ཚེ་རབས་ཐོག་མེད་ནས༔ གསང་སྔགས་ཐེག་ཆེན་སྒོར་ཞུགས་ཏེ རྩ་བ་ཡན་ལག་དམ་ཉམས་པ༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ བཛྲ་ས་མ་ཡ་ཨཱ ལྔ་པ་བསྒྲལ་ཞིང་བསྟབ་པ་ནི༔ ཧཱུྃ་མ་རིག་ལས་ཉོན་གཟུང་འཛིན་གྱིས་བསྐྱེད་པའི་བདག་འཛིན་རཱུ་ཏྲ་ཀུན༔ གཟུགས་

(༢༨༡)འུྃ༔ ལ་ཕོབ་ཅིག་ནྀྲ་ཏྲི་ཛ༔ རྣམ་ཤེས་ཆོས་དབྱིངས་ཀློང་དུ་ཕཊ༔ གཟུགས་ཕུང་ཚོགས་ཀྱི་འཁོར་ལོར་རོལ༔ རཱུ་ཏྲ་སརྦ་ཧ་ལ་པཉྩ་པཱུ་ཙ་ཁཱ་ཧི༔ དྲུག་པ་ལྷག་མ་བསྔོ་བ་ནི༔ ཧཱུྃ་དཀྱིལ་འཁོར་ཆེན་པོའི་མུ་རན་ལ༔ གནས་པའི་དབང་ཕྱུག་གིང་ལངྐ་༔ ལྷག་མའི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་སྒྲུབ་པའི་བར་ཆད་སྲུངས༔ ཨུཥྩི་ཊ་བྷ་ལིངྟ་ཁཱ་ཧི༔ བདུན་པ་ཐུགས་དམ་བསྐུལ་བ་ནི ཧཱུྃ་བཞེངས་ཤིག་རིག་འཛིན་འདུས་པའི་ལྷ༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ བྱང་ཆུབ་བསྒྲུབ་པའི་བར་ཆད་ཐུལ༔ སྣོད་བཅུད་འབྱུང་བའི་རྒུད་པ་སོལ༔ རྩ་རླུང་དབང་ཐང་ཉམས་པ་གསོས༔ སྒྲུབ་པའི་འབྲས་བུ་མཆིས་པར་མཛོད༔ བརྒྱད་པ་ཆད་ཐོ་བྱ་བ་ནི༔ ཧཱུྃ་སྔོན་ཚེ་འོག་མིན་བདེ་ཆེན་ཞིང་༔ ལྟ་གནས་གསུམ་སོགས་ཉམས་དགའ་བར༔ གསང་ཆེན་རྒྱུད་སྡེའི་གནས་བསྟན་ཚེ༔ རྡོ་རྗེ་ཐེག་པའི་བཀའ་སྲུང་རྣམས༔ དམ་ཚིག་གཉན་པོའི་གྲལ་དུ་བཞག༔ བར་དུ་གངས་ཅན་བོད་ཀྱི་ཡུལ༔ སློབ་དཔོན་པདྨ་ཐོད་

(༢༨༢)ཕྲེང་གིས༔ གསང་སྔགས་ཆོས་འཁོར་བསྐོར་བའི་ཚེ༔ སྲིད་པའི་ལྷ་སྲིན་ཆེ་དགུ་ཡི༔ སྲོག་སྙིང་ཕྲོགས་ཏེ་རྩིས་སུ་ཕབ༔ ཐ་མ་འོད་གསལ་དག་པའི་ཞིང་༔ བདེ་བ་ཆེན་པོའི་ཕོ་བྲང་དུ༔ རིག་འཛིན་པདྨ་དབང་ཆེན་ལ༔ པད་འབྱུང་དྲི་མེད་འོད་ཟེར་གྱིས༔ ཀློང་ཆེན་ཟབ་རྒྱའི་དབུགས་དབྱུང་ཞིང་༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མས༔ ཀློང་གསལ་བརྡ་རིས་སྤྲད་པའི་ཚེ༔ གཟའ་རྒོད་སྲོག་གི་སྤུ་གྲི་སོགས༔ བཀའ་སྲུང་གཉན་པོས་ཁས་བླངས་བཞིན༔ མཆོད་གཏོར་རྒྱན་ལྡན་འདི་བཞེས་ལ༔ ལས་བཞིའི་ཕྲིན་ལས་བསྒྲུབ་པར་མཛོད༔ དགུ་པ་བསྟན་མ་སྐྱོང་བ་ནི༔ ཧཱུྃ་དཔལ་གྱི་བཀའ་ཉན་བོད་ཁམས་སྐྱོང་༔ མ་སྲིད་བསྟན་མ་བཅུ་གཉིས་རྣམས༔ འདིར་བྱོན་གཏོར་མའི་བཤལ་ཆུ་བཞེས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ མ་མ་ཧྲཱི༚་ཧྲི༚་བྷ་ལིངྟ་ཁཱ་ཧི༔ བཅུ་བརྟ་བྲོ་བྱ་བ་ནི༔ ཧཱུྃ་རིག་འཛིན་རྒྱལ་བའི་དཀྱིལ་འཁོར་འདིར༔ ལོག་པར་འདྲེན་པའི་དམ་སྲི་ཀུན༔ མ་ནན་ནོ་ཐེག་པ་རིམ་དགུའི་རྒྱ༔ ནམ་ཡང་ལྡང་བར་མ་གྱུར་

(༢༨༣)འུྃ ཅིག༔ སྟྭཾ་བྷ་ཡ་ནན༔ བཅུ་གཅིག་དངོས་གྲུབ་བླང་བ་ནི༔ ཧོ རིག་འཛིན་དཀྱིལ་འཁོར་ལྷ་ཚོགས་རྣམས༔ བསྙེན་ཅིང་སྒྲུབ་པའི་དམ་ཚིག་ཐེམས༔ རྡོ་རྗེ་སེམས་དཔའི་ནམ་ཡང་ལངས༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ མི་གནས་ཡེ་ཤེས་གསང་བ་མཆོག༔ རྡོ་རྗེ་གསུམ་གྱིས་བྱིན་རློབ་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ ད་ལྟ་ཉིད་དུ་ཐོབ་པར་སྩོལ༔ ཨོཾ་ཨཱ༔ཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ ཀཱ་ཡ་ཝཱཀྐཱ་ཙིཏྟ་ཨ་ལ་ལ་སིདྡྷི་ཕ་ལ་ཧཱུྃ༔ བཅུ་གཉིས་ནོངས་པ་བཤགས་པ་ནི༔ ཧཱུྃ རིག་འཛིན་འདུས་པའི་དཀྱིལ་འཁོར་དུ༔ མཆོད་རྫས་མ་ཚང་སྒྲུབ་པ་གཡེལ༔ ཏིང་འཛིན་བྱིང་རྨུགས་འཐིབས་ལ་སོགས༔ འགལ་འཁྲུལ་ནོངས་པ་བཟོད་པར་གསོལ༔ བཛྲ་སཏྭ་སོགས་བརྗོད༔ བཅུ་གསུམ་རྫོགས་རིམ་བསྡུ་བ་ནི ཧོ ཆུ་ལ་ཆུ་བུར་རྡོལ་བ་བཞིན༔ རང་ལས་སྤྲུལ་པའི་དཀྱིལ་འཁོར་ལྷ༔ ཡེ་ཤེས་དབྱིངས་སུ་བཛྲ་མུ༔ རྗེས་ཐོབ་སྒྱུ་མའི་

(༢༨༤)ལྷ་སྐུར་ལྡང་༔ བཅུ་བཞི་བསྔོ་སྨོན་མཚམས་སྦྱོར་ནི༔ ཧོ༔ དུས་གསུམ་བསགས་པའི་དགེ་རྩ་ཀུན༔ རྣམ་མཁྱེན་གདོད་མའི་རྒྱུ་རུ་བསྔོ༔ བདག་སོགས་འདུས་པར་བཅས་པ་རྣམས༔ ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག༔ ལན་གསུམ༔ བཅོ་ལྔ་བཀྲ་ཤིས་བརྗོད་པ་ནི༔ ཧོ རིག་འཛིན་བརྒྱུད་པའི་བྱིན་རླབས་དང་༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ འཇིགས་བརྒྱད་ཞི་བའི་བཀྲ་ཤིས་ཤོག༔ ཚེ་བསོད་རྒྱས་པའི་བཀྲ་ཤིས་ཤོག༔ སྣང་བ་དབང་འདུས་བཀྲ་ཤིས་ཤོག༔ ལོག་འདྲེན་ཚར་གཅོད་བཀྲ་ཤིས་ཤོག༔ སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས༔ སྒྲ་གྲགས་བདེ་ཆེན་སྔགས་སུ་དག༔ དྲན་རྟོག་འོད་གསལ་ཆོས་སྐུར་སྨིན༔ འཇའ་ལུས་ཟང་ཐལ་བཀྲ་ཤིས་ཤོག༔ ཨེ་མ༔ འདི་ལྟར་ཤིན་ཏུ་ཟབ་པའི་གནད གཏེར་བཅུད་འདུས་པ་དགོངས་པའི་གཏེར༔ ཀློང་གསལ་དབྱིངས་ཀྱི་ཕོ་བྲང་དུ༔ བརྡ་ཚིག་རྡོ་རྗེའི་རོལ་མོར་འཁྲོལ༔ སྙིང་ལ་རྒྱས་བཏབ་སྦ་སྙམ་ཡང་༔ རིག་འཛིན་མཁའ་འགྲོའི་བརྫས་བསྐུལ་ནས༔ ལས་ཅན་རྗེས་འཇུག་དོན་

(༢༨༥)འུྃ ༔དུ་བཀོད༔ སྙིང་ལ་སྔོས་ཤིག་ས་མ་ཡ༔ ༔ ༈ རང་བྱུང་རིག་པ་མངོན་གྱུར་ནས། །གདོད་མའི་སངས་རྒྱས་སར་གཤེགས་པའི། །མཁྱེན་བརྩེ་འཇིགས་མེད་གླིང་པ་ལ། །འདས་རྗེས་གླེགས་བམ་བབས་པའི་དོན། །ཀློང་ཆེན་སྙིང་གི་ཐིག་ལེ་ཡི། །ནང་སྒྲུབ་རིག་འཛིན་འདུས་པ་འདི། །ཟུར་གཉེར་ཨོ་རྒྱན་ཕུན་ཚོགས་དང་། །ཚེ་རིང་སྒྲོལ་དཀར་མ་མས་ཀྱི། །པར་བརྐོས་དགེ་བས་སྙིང་ཐིག་གི། བསྟན་པ་ཕྱོགས་བརྒྱར་འཕེལ་བ་དང་། །སྦྱིན་བདག་ཚེ་བསོད་ལོངས་སྤྱོད་རྒྱས། །འགྲོ་ཕན་བྱང་ཆུབ་མྱུར་ཐོབ་ཤོག །སརྦ་མངྒ་ལཾ། །

(༢༨༦)

(༢༨༧)ལས་བུམ་ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་པར་གསལ་བའི་ཐུགས་ཀའི་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས། །སྐུའི་ཆ་ཐམས་ཅད་ནས་དག་བྱེད་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜལི་ཧ་ན་ཧ་ན་ཧཱུྃ་ཕཊ གང་ནུས་བཟླས། ཨོཾ་ཨཱཧཱུྃ། དམ་ཚིག་པ་ཆུར་ཞུ་བ་ལས་བདུད་རྩིས་བུམ་པ་གང་བར་གྱུར། རྡོར་དྲིལ་བྱིན་རླབས་ནི། ཨོཾ་མ་ཧཱ་བཛྲ་ཧཱུྃ ཨོཾ་བཛྲ་གྷཎྜེ་ཨ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་ར་ག་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ། ཅེས་ཐུགས་ཀར་འཁྱུད་རྒྱ་བྱ། དཀར་གཏོར་རླབས་པ། རཾ་ཡཾ་ཁཾ་བྷུཾ་ལས་རིན་པོ་ཆེའི་སྣོད་དུ་འབྲུ་གསུམ་ཞུ་བ་ལས་གཙང་ལྡན་གྱི་གཏོར་མ་འདི་དཀར་གསུམ་མངར་གསུམ་ལས་གྲུབ་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཧཱུྃ་ཧ་ཧོ་ཧྲཱི༔ ཆོས་ཉིད་རྣམ་དག་གི་ཕྱག་རྒྱ་ཐལ་མོ་ཁོང་སྟོང་སྙིང་ཁར་སྦྱར་ཏེ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱ སྭ་བྷཱ་ཝ་ཤུདྡྷོ྅ཧཾ ལན་གསུམ་མམ་བདུན་བརྗོད། རྫས་རྣམས་རང་བཞིན་གྱིས་དག་པའི་

(༢༨༨)སྟོང་པ་ཉིད་དུ་གྱུར། ནམ་མཁའ་མཛོད་ནི་ཐལ་མོ་ཁོང་སྟོང་སོར་མོ་རྩེ་སྤྲད་པའི་ཚིག་ཟུར་བཅག་པ་སྨིན་མཚམས་སུ་བཞག །ན་མ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱསརྦ་ཏངཾྑ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། འདོད་པའི་ཡོན་ཏན་ལྔ་ཟད་མི་ཤེས་པའི་ནམ་མཁའ་གང་བར་གྱུར། བདུད་རྩི་ཐལ་སྦྱོར་ནི་ཐལ་མོ་སྦྱར་བ་ཕྱིར་སྐྱེད་མཐེ་བོང་གཉིས་བསྣོལ་ཏེ་ཁའི་ཐད་ཀར་བཞག །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ ཡོ་བྱད་ཐམས་ཅད་བདུད་རྩིའི་རྒྱ་མཚོར་གྱུར། རྒྱ་ཆེན་ཤུགས་ལྡན་ནི་གཡས་རྡོ་རྗེ་ཁུ་ཚུར་བཅངས་པའི་འཛུབ་མོ་སྒེང་། །གཡོན་ས་གནོན་བྱས་ལ། ཨོཾ་ན་མ༔ སརྦ་ཏ་ཐ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཡོ་བྱད་ཐམས་ཅད་སོ་སོའི་བསམ་པ་དང་མཐུན་པར་གྱུར། ཡེ་ཤེས་སྐར་མདའ་ནི་གཡས་རྡོ་རྗེ་ཁུ་ཚུར་སྙིང་ཁར་བཅངས་གཡོན་མཆོད་སྦྱིན་གྱིས་སྣོད་འདེགས་པའི་ཚུལ་བྱས་ལ། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མ༔ ས་མནྟ་ར་སྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུྃ ཡོ་བྱད་ལ་མགྲོན་རྣམས་འཐབ་རྩོད་མེད་པར་ལོངས་སྤྱོད་པར་གྱུར། དབང་བསྒྱུར་འཁོར་ལོ་ནི་ལག་གཉིས་

(༢༨༩)ཀྱི་སོར་མོ་ནང་དུ་བསྣོལ་འཁྲིག་མ་ཁ་སྦྱར། མཐེ་བོང་གཉིས་གཤིབས་ཏེ་སྒྲེང་བ་སྤྱི་བར་བཞག་ལ། ན་མ ས་མནྟ་པུདྡྷ་ནཾ་གྲ་ཧེ་ཤྭ་རི་བྲ་བྷཉྫ་ཏི་མ་ཧཱ་ས་མ་ཡ་སྭཱ་ཧཱ། མགྲོན་རྣམས་ཐམས་ཅད་བདག་གི་དབང་དུ་གྱུར་པར་བསམ་ལ། ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨ་དྱ་ནུ་ཏྤནྣ་ཏྭཏྟ་ཨོཾ་ཨཱེཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ། ན་མོ་བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འགྲུབ་གྱུར་ཅིག །སྡེ་བརྒྱད་གསེར་སྐྱེམས་བཏང་རྗེས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། ཞི་དང་རྒྱས་

(༢༩༠)ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱི་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུག་འཕེལ་བ། །བདེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །བགེགས་གཏོར་བརླབས་བ། བྷྲཾུ་ལས་རིན་པོ་ཆེའི་སྣོད་ཀྱི་ནང་དུ་བགེགས་ཀྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛ ལན་གསུམ། ཨོཾ་ན་མ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་རམྦྷ་ར་ཧཱུྃ ལན་གསུམ་གྱི་རྗེས་བགེགས་གཏོར་གཏོང་། ཧཱུྃ་བཞིའི་སྔགས་ནི། ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ། ཨོཾ་གྀྷྲཧྣ་གྷྲྀཧྣ་ཧཱུྃ། ཨོཾ་གྷྲྀཧྣ་པཱ་ཡ་གྷྲྀཧྣ་པཱ་ཡ་ཧཱུྃ། ཨོཾ་ཨཱན་ཡ་ཧོ་བྷ་ག་ཝཱ་ན་བིདྱཱ་རཱ་ཛ་ཧཱུྃ་ཕཊ

(༢༩༡)ཀློང་ཆེན་སྙིང་ཐིག་ལས། རིག་འཛིན་བསྙེན་ཡིག་དང་། རིག་འཛིན་གབ་བྱང་གནད་ཀྱི་མིག་ཚགས་ཡུམ་ཀ་བདེ་ཆེན་རྒྱལ་མོའི་རྩ་བའི་བསྙེན་ཡིག །ཡུམ་ཀ་བདེ་ཆེན་རྒྱལ་མོའི་བསྙེན་ཡིག་ཡང་གསལ་ལུས་དཀྱིལ་བཅས་བཞུགས།

(༢༩༢)སངས་རྒྱས་པདྨའི་ཞབས་ལ་ཕྱག་འཚལ་ལོ། རིག་འཛིན་གྱི་བསྙེན་པ་བྱ་ན། འགལ་རྐྱེན་མེད་པའི་གནས་སུ་གཞི་བདག་ལ་གཏོར་མ་བཏང་ནས་ཕྲིན་ལས་བཅོལ། མཚམས་དམ་པར་གཅོད་པའི་སྔ་རོལ་དུ་གནས་ཁང་ལ་བྱི་དོར་བྱ། སྟེགས་ཀྱི་ཁར་འབྲུ་ཚོམ་ལ་སྨན་རག་གཏོར་གསུམ་ཉེར་སྤྱོད་དང་བཅས་པ་བཤམ། སྟན་གྱི་འོག་ཏུ་རྡོ་རྗེ་རྒྱ་གྲམ་འདྲི་ཟེར་ཏེ་ཕྱག་རྒྱ་ལ་སྨད་པའི་ཉས་པ་འབྱུང་ཉེ་བས་གཡུང་དྲུང་དང་རྩྭ་ཀུ་ཤ་བཏིང་། བག་ཕེབས་པར་འདུག་ལ་ཐུན་

(༢༩༣)མོང་གི་སྔོན་འགྲོས་རྒྱུད་ལེགས་པར་སྦྱང་། བླ་མའི་རྣལ་འབྱོར་གྱི་མཐར་དབང་བཞི་བླང་བ་ལ་ནན་ཏན་བྱས་པས་ཉམས་ཆག་དག་ཅིང་སྒྲུབ་པ་མཐར་ཕྱིན་པ་ཡིན། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་ནས་བཟུང་ཚིག་དོན་དང་འབྲེལ་བར་བྱ། དེ་ཡང་སེམས་བསྐྱེད་གསུམ་གྱི་དོན་པོ་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་བླ་མ་བསྒྲུབ་པར་བྱའོ་སྙམ་པ་སྨོན་སེམས། འཇུག་སེམས་ནི་གཞན་དོན་ལ་དངོས་སུ་འཇུག་པ་ཡིན་པས།

(༢༩༤)བགེགས་གཏོར་དང་མཆོད་ཚོགས་ཕངས་མེད་དུ་འབུལ་བ་སྦྱིན་པ། ཕྱི་ནང་གི་རྒྱུ་འགྲུལ་གཅོད་ཅིང་ངག་གཅད་བྱེད་པ་དང་འགལ་རྐྱེན་ཇི་ལྟ་བུ་བྱུང་ཡང་མཚམས་མི་གྲོལ་བ་སོགས་དམ་བཅའ་རས་སུ་མི་བོར་བ་ཚུལ་ཁྲིམས། །ཐུན་བཞི་འམ་དྲུག་ལ་སོགས་དང་པོ་ནས་ཇི་ལྟར་དམ་བཅས་པའི་དཀའ་སྤྱད་བཟོད་ཅིང་ཚོད་ཡོད་ཕྲི་གཞོལ་གྱི་དབང་དུ་མི་གཏོང་བ་བཟོད་པ། ཐུན་དངོས་དང་ཐུན་མཚམས་ཀྱི་བྱ་བ་གང་ལའང་སོས་དལ་ལེ་ལོའི་དབང་དུ་སྐད་ཅིག་ཀྱང་མི་གཏོང་བ་བརྩོན་འགྲུས། རྟེན་དང་བརྟེན་པའི་རྣམ་པ་གསལ་བ་ལ་སྒོ་ལྔ་སྡུད་ཅིང་ཐ་མལ་གྱི་འཛིན་རྟོག་ཟིལ་གྱིས་གནོན་པ་

(༢༩༥)ལས་ཅུང་ཟད་ཀྱང་མི་གཡེངས་པ་བསམ་གཏན། བསྐྱེད་རིམ་སྒོམ་མཁན་གྱི་སེམས་ཐ་མལ་རང་རྒྱུད་ཅན་མ་ཡིན་པར་ཆོས་ཉིད་མ་བཅོས་པའི་གསལ་ཆར་རང་བཞིན་ལྷུན་གྲུབ་ཏུ་འཆར་བ་ཤེས་རབ་སྟེ་རང་སའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་དོན་གོ་ཞིང་དེ་དོན་ལས་མི་འདའ་བ་འཇུག་སེམས་དང་། དེ་དག་ཐམས་ཅད་བློ་འདས་ཀྱི་དྲན་པའི་རྩིས་ཟིན་པ་ལ་དོན་དམ་སེམས་བསྐྱེད་ཀྱི་ཐ་སྙད་བཏགས་པའི་དོན་ཤེས་ན་མདོ་སྔགས་དགོངས་པ་གཅིག་ཏུ་མཐུན་པའི་གནད་ཀྱང་རིག་པ་ཡིན། འདིའི་ཡན་ལག་བདུན་པ་དོན་དམ་བདེན་པ་དང་འབྲེལ་བས། དབང་པོ་རབ་ཀྱི་རྫོགས་ཆེན་ཐོད་རྒལ་གྱི་དགོངས་

(༢༩༦)པ་ཤེས་ན་ལྷུན་གྲུབ་སྣང་སྟོང་དུ་ཤར་བ་ཟབ་མོའི་བསྐྱེད་རིམ་ལ་འབྱོར་ཀྱང་དེའི་སྣོད་དཀོན་པས་མོས་པས་དཔྱོད་པ་རྣམས་ཀྱིས་ཡན་ལག་བདུན་པ་སྤྱི་ལྟར་ཚོགས་གསོག་གི་འདུན་པ་ལ་སྦྱོར། དེ་ནས་གཏོར་མ་ཕྱི་རོལ་དུ་བསྐྱལ། དེའི་ཞོར་ལ་མཚམས་ཐོ་རྒྱལ་ཆེན་སྡེ་བཞི་དཔལ་མགོན་བདུན་ཅུ་དང་བཅས་པར་བསྐྱེད་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ཀྱིས་གཏོར་མ་ཕུལ་བས་དགྱེས་བཞིན་བཞུགས་ནས་བར་ཆད་སྲུང་བར་བསམ། སྒོ་བསྔ་མ། ཕྱི་ནང་གི་རྒྱུ་འགྲུལ་བཅད། མི་མེད་ཀྱི་ལུང་སྟོང་ཡིན་ཀྱང་མཚམས་རྒྱ་རལ་ན་ཉེས་པ་ཆེན་པོ་ཡོད་པས་སྐྱོ་སེང་སོགས་བག་ཡངས་མི་བྱ། ནང་དུ་ལོག །སྲུང་འཁོར་གྱི་གཙོ་བོ་རང་སེམས་སྐྱེ་འགག་མེད་པའི་གཞི་རྩ་བཅད་ལ་བགེགས་བདེན་མེད་དུ་ཤེས་པར་བྱ། དེ་ཙམ་བློས་མ་ནུས་ན་སྣ་ཚོགས་རྡོ་རྗེའི་གུར་ལྕགས་རྩོག་ཁ་སྦུབ་པ་ལྟ་བུ་བསྒོམ། དེས་ཚིག་དོན་ལ་ཇི་ལྟར་རྟོན་ན་རྣམ་རྟོག་ནི་གློ་བུར་བའི་བགེགས་ཡིན་ལ། ཆོས་ཉིད་ནི་གདོད་ནས་རྡོ་རྗེའི་ཁམས་སུ་

(༢༩༧)འགྱུར་བ་མེད་པའི་དོན་རྟགས་སོ། །དེ་ནས་བྱིན་འབེབས་སོགས་གོ་སླ། བསྐྱེད་རིམ་དངོས་གཞིའི་སྐབས་དོན་ལ། འདི་ནི་ཡོ་ག་འོག་མ་ལྟར་ཏིང་འཛིན་གསུམ་བསྐྱེད་མ་ཡིན་པར། ཆོས་ཐམས་ཅད་དབྱིངས་ནས་སངས་རྒྱས་པར་སྟོན་པ་ཨ་ནུ་ཡོ་གའི་དགོངས་པ་སྟེ། འདི་ལྟར་རང་བཞིན་གྱི་ཆོས་ཉིད་ལ་རྟོག་བཟོས་མ་བཅོས་པའི་རིག་པ་ངོ་བོ་ཉིད་ཀྱིས་སྟོང་ཀྱང་། གདངས་ཀྱིས་གསལ་བའི་ལྷག་མཐོང་གི་རྩལ་ལམ་སྣང་ཆ་ཐམས་ཅད་དག་པ་རབ་འབྱམས་ཡོངས་གྲུབ་ཆེན་པོའི་དཀྱིལ་འཁོར་དུ་གསལ་གདབ་པ་སྟེ། དེ་ཡང་དཀྱིལ་ནི་བརྟེན་པའི་ལྷ་ཡིན་ལ། འཁོར་ནི་རྟེན་གཞལ་ཡས་ཁང་དུ་ངེས་པར་བྱས་ནས་གྲུ་བཞི་སྒོ་བཞི་རྟ་བབས་ལ་སོགས་པ་རྣམ་པ་གཟུགས་སྣང་ཐམས་ཅད་དྲན་པ་ཉེ་བར་གཞག་པ་བཞི་ནས་བཟུང་བྱང་ཆུབ་ཕྱོགས་ཀྱི་ཆོས་ལ་དག་པ་སྦྱོར་བའི་བརྡ་དོན་རྟགས་གསུམ་ཤིང་རྟ་ཆེན་པོ་སོགས་ལས་ཤེས་པར་བྱ་ཞིང་། དེ་ལྟ་བུའི་

(༢༩༨)རྟེན་གྱི་དབུས་སུ་བརྟེན་པའི་ལྷ་བསྐྱེད་ཚུལ་ཡང་། སྐྱེ་གནས་བཞིའི་བག་ཆགས་སྦྱོང་ཚུལ་རགས་པ་གཉིས་མ་ཡིན་ཀྱང་ཕྲ་བ་གཉིས་ལས། ཉི་གདན་དྲོད། ཟླ་གདན་གཤེར། ཧཱུྃ་ཡིག་བར་སྲིད་ཀྱི་ཤེས་པ་འམ་རྟོགས་པ་མཐོན་པོས་དབང་སྒྲུབ་སོགས་དགོས་པའི་སླད་དུ་རྣམ་བྱང་དད་བསྟུན་ནས་མངོན་བྱང་བཞིས་བསྐྱེད་ཚུལ་གྱི་གོ་དོན་བསྐྱེད་རིམ་རྣམ་བཤད་འོག་མིན་བགྲོད་པས་ཤེས་ཤིང་། དེ་ལས་ཡོངས་སུ་གྲུབ་པའི་ལྷ་ནི་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་ས་མ་དངོས་སམ་ངོ་བོ་ཉིད་སློབ་དཔོན་སྣང་སྲིད་ཟིལ་གནོན་གྱི་མཚན་དཔེར་ཤར་བའི་དག་པ་སྦྱོར་ཚུལ་འདི་ལྟར་ཤེས་དགོས་ཏེ། ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རོ་གཅིག་པའི་བརྡར་ཞལ་གཅིག །ཐབས་དང་ཤེས་རབ་འབྲེལ་བས་ཕྱག་གཉིས། བདེ་སྟོང་ཟུང་དུ་འཇུག་པས་དཀར་ལ་དམར་མདངས་ཆགས་པ། ཉན་ཐོས་ཀྱི་ཐེག་པ་རྫོགས་པའི་རྟགས་སུ་ཆོས་གོས། བྱང་ཆུབ་སེམས་དཔའི་བེར་འདུང་། གསང་སྔགས་ཀྱི་ཕོད་ཆེན་མན་བས་པ།

(༢༩༩)སྤངས་རྟོགས་མཐར་ཕྱིན་པའི་སྔགས་ཀྱི་སངས་རྒྱས་སྐུ་ལྔའི་ངོ་བོ་ཉིད་ལྷུན་གྲུབ་རིགས་འཛིན་གྱི་གོ་འཕང་ལ་བཞུགས་པའི་རྟགས་སུ་ཕྱག་གཡས་གསེར་རྡོར་རྩེ་ལྔ་པ་དང་དེ་ཡང་གཟུང་འཛིན་དང་རྟོག་ཚོགས་ཀྱི་གདོན་ལ་བསྡིགས་པས་གདུག་པ་ཅན་ཚར་གཅོད་ཀྱི་ཕྲིན་ལས་དང་། འབྲས་བུའི་ཐེག་པ་འབའ་ཞིག་གིས་སེམས་ཅན་སྨིན་གྲོལ་མཛད་ཅིང་ཚེ་དབང་རིགས་འཛིན་གྱི་དངོས་གྲུབ་ཆེན་པོས་གདུལ་བྱ་རྗེས་སུ་འཛིན་པའི་རྟགས་སུ་གཡོན་ན་བྷནྡྷ་ཚེ་བུམ་བསྣམས་པ། སྲིད་ཞི་གཉིས་ཀ་ལ་མི་གནས་པའི་སྐུ་གསུམ་ཡན་ལག་བདུན་ལྡན་གྱི་བདག་ཉིད་ཡིན་བས་མཆན་ཁུང་ན་ལྷ་ལྕམ་འཁྲིལ་ཞིང་། རིགས་ལྔའི་དབང་རྟགས་རྫོགས་པའི་གཉེན་ཞུ་ཅན། རང་དོན་གྱི་མཛད་པ་བརྟུལ་ནས་གཞན་དོན་ལ་ཞུགས་པའི་བརྡར་ཞབས་གཉིས་རྒྱལ་པོ་རོལ་སྟབས་སུ་བཞུགས་པ། གདུལ་བྱ་རྣམས་ཐེག་པའི་ཡང་རྩེ་ནས་མྱ་ངན་འདས་པར་མཛད་པས་དབུ་གཙུག་ན་ཐེག་མཆོག་གི་

(༣༠༠)སྟོན་པ་གཉིས་བཞུགས་པ། འཁོར་བའི་རང་བཞིན་ཚོགས་བརྒྱད་གནས་སུ་དག་པའི་བརྡར་བྱང་ཆུབ་སེམས་དཔའ་བརྒྱད་དང་སྒྲུབ་སྡེ་བརྒྱད་ཀྱི་ངོ་བོ་ཉིད་རིག་འཛིན་བརྒྱད་ཀྱིས་བསྐོར་བ། མདོར་ན་ཡིད་དང་ཆོས་སུ་སྣང་བའི་གཉིས་སྣང་གི་འཁྲུལ་པ་ཐམས་ཅད་བསྐྱེད་པའི་གཞི་ཕྲ་རགས་ཀྱི་ཐིག་ལེ་ཐམས་ཅད་ཀྱི་རྩ་བ་ཁམས་དྲུག་གི་ནུས་པ་སྔགས་ཀྱི་ཐབས་ལམ་ཟབ་མོས་བཅོམ་པས་ཡེ་ཤེས་ཀྱི་ཐིག་ལེའི་བདག་ཉིད་དམ། རྣམ་འགྱུར་གྱི་བཀོད་པ་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་ཤར་བའི་སྤྲོ་བསྡུའི་བྱེད་པོ་རྡོ་རྗེ་སློབ་དཔོན་སངས་རྒྱས་གཉིས་པ་ང་ཉིད་དོ་ཞེས་མཚོན་པའི་ཕྱིར་སྟེང་ཕྱོགས་སུ་དམ་ཚིག་སྒྲུབ་དང་གྲུབ་པ་སྟེ་སྔགས་ཕྱི་པ་གསུམ་དང་། སྐུ་གསུང་ཐུགས་ཀྱི་རང་བཞིན་ནང་རྒྱུད་ཡོ་ག་གསུམ་སྟེ་རྒྱུད་སྡེ་དྲུག་གི་ལྷ་ཚོགས་ཐམས་ཅད་དང་། ལམ་དེ་དག་ལས་དངོས་གྲུབ་བརྙེས་པའི་རྒྱ་བོད་ཀྱི་རིག་འཛིན་རྣམས་མགྲོན་ཐབས་ཀྱི་ཚུལ་དུ་བཞུགས་པས་ན་ནང་སྒྲུབ་རིག་འཛིན་འདུས་པ་ཞེས་པའི་སྒྲ་དོན་ལ་གནས་པ་

(༣༠༡)ཡིན་ནོ། དེ་ནས་སྤྱན་འདྲེན་མཆོག་བསྟོད་སོགས་ཀྱི་དོན་ནི་གོ་སྲ་ཞིང་བྲིས་པས་ཀྱང་མི་ལང་ལ། བསྙེན་བསྒྲུབ་གཉིས་ཀྱི་འཛབ་དགོངས་ནི། དང་པོ་བསྙེན་རྒྱང་ལ། ཐུགས་ཀར་པདྨ་ཉི་ཟླའི་སྟེང་། སོགས་ཀྱི་དོན་ངེས་པར་བྱས་ནས་ཐོག་མར་ལྷ་ལ་གསལ་སྣང་ཅུང་ཟད་མ་ཐོན་བར་འོད་ཟེར་སྤྲོ་བསྡུ་བྱེད་མི་དགོས། ཆོས་ཉིད་གང་དུའང་མ་གྲུབ་པའི་གསལ་ཆའམ་གདངས་ལས་སྣང་བའི་འཁྲུལ་འཛིན་ཤར་བ་དེ་རྟེན་དང་བརྟེན་པའི་འཁོར་ལོར་འཆར་བ་ལ་སློབ། དེ་ལ་རྣམ་པ་གསལ་བ་ཟེར། མི་གསལ་བའི་གནས་སྐབས་སུ་བཤད་མ་ཐག་པའི་དག་པ་དྲན་པར་བྱས་པས་ལྷ་རང་རྒྱུད་དུ་འཛིན་པའི་གོལ་ས་སྦྱོང་། མདོར་ན་སྣང་གྲགས་རིག་གསུམ་ཐ་མལ་དུ་སོང་བའི་བསྙེན་བས་མི་ཆོད་པས། སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས། སྒྲར་གྲགས་བདེ་ཆེན་སྔགས་སུ་དག །དྲན་རྟོག་འོད་གསལ་ཆོས་སྐུར་སྨིན། །ཞེས་རང་ལུགས་ཀྱི་དག་རྫོགས་སྨིན་གསུམ་འདི་བསྙེན་པའི་མདོ་ཆིངས་ཆེན་པོ་

(༣༠༢)ཡིན། །ད་ལྟར་ལྷ་ལ་གསལ་སྣང་ཐོན་པའི་ཚེ་སྔགས་ཕྲེང་ཤིན་ཏུ་ཕྲབ་ལས་འོད་ཟེར་སྤྲོས། རྒྱལ་བ་སྲས་བཅས་མཆོད་ནས་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱས། འོད་ཟེར་ཚུར་འདུས་རང་ཉིད་ལ་ཐིམ་པས་སྒྲིབ་པ་བཞི་དག །དབང་བཞི་ཐོབ། སྐུ་བཞི་མངོན་དུ་བྱས་པར་བསམ་ལ་ཆོས་ཉིད་ཀྱི་དོན་ལ་མཉམ་པར་བཞག་པས་ཡེ་ཤེས་ཀྱི་ཚོགས་རྫོགས། དེ་ལྟར་ཚོགས་གཉིས་ལ་བརྟེན་ནས་ལྷ་དང་ཉེ་བར་བསྙེན་ཅིང་། བདག་བྱིན་གྱིས་རློབ་པ་ནི་རང་དོན་སྔོན་དུ་བྱ་བ་ཡིན། ཡང་འོད་ཟེར་སྤྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས་འགྲོ་དྲུག་རྒྱུད་ལྔའི་ལས་དང་བག་ཆགས་སྦྱངས། སྣོད་བཅུད་རང་རྒྱུད་དུ་འཛིན་པའི་ཞེན་རྟོག་ཉི་མ་ས་བ་མོ་བཞུ་བ་བཞིན་སྦྱངས་ནས། སྣོད་གཞལ་ཡས་ཁང་དང་བཅུད་རིག་འཛིན་གྱི་ལྷ་ཚོགས་སུ་དག་པར་སྒོམ། དེས་ནི་གཞན་དོན་ཕྲིན་ལས་ཀྱི་རྟེན་འབྲེལ་སྒྲིག །དོན་གཉིས་ལྷུན་གྲུབ་ཀྱིས་ལ་སྦྱོར། དེ་ལྟ་བུའི་དགོངས་དོན་རང་རྒྱུད་ལ་མ་གྲུབ་བར་དུ་མི་གཏོང་བའི་དམ་བཅའ་མཐར་

(༣༠༣)ཕྱིན་པ་སྨིན་པར་སློབ་པའི་བསྙེན་ཆད་ཡིན་ན་འབུམ་ཕྲག་བཅུ་གཉིས་ལ་སོགས་པའི་གྲངས་བསྙེན་ལས་རུང་ནི་མོས་སློབ་བག་ཆགས་བཟང་པོར་རེ་བ་ཙམ་ཡིན་པས་མཚམས་བཅད་བྱས་མིན་ལ་མི་ལྟོས་པར་དག་རྫོགས་སྨིན་གསུམ་གྱི་དགོངས་པ་དང་མ་བྲལ་ན་ཕྱི་མ་ཟངས་མདོག་དཔལ་རིར་ཉིད་མཚམས་སྦྱོར་བ་ལ་ཐེ་ཚོམ་མེད། །ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །ཞེས་པས་འཁྲུལ་སྣང་དང་སྡིག་སེམས་གོམས་པ་ལས་འཁོར་བ་དང་ངན་སོང་དུ་འཁོར་བ་ཡིན་ན། སྣང་གྲགས་རིག་གསུམ་དཀྱིལ་འཁོར་གྱི་འཁོར་ལོར་བསྒོམས་པའི་འབྲས་བུ་ལ་བསླུ་བ་མེད་པའི་བསྟན་པའི་ལྷག་ཞབས་ཅུང་ཟད་ཡོད་དུས་འདིར་བརྩོན་པ་བསྐྱེད་ཅིང་སྒྲུབ་པ་ཐམས་ཅད་ཀྱི་ནང་ནས་བླ་མ་སྒྲུབ་པ་མཆོག་ཏུ་གསུངས་ཤིང་། ཁྱད་པར་སློབ་དཔོན་ཆེན་པོ་ནི་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་ཡིན་པས་ཉིད་ཀྱི་ཞལ་ནས། ད་མཐོང་སངས་རྒྱས་ཐམས་ཅད་མཐོང་༔ ང་བསྒྲུབས་སངས་རྒྱས་ཐམས་ཅད་འགྲུབ༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་གསུངས་པ་ལ་བསླུ་བ་མེད་པ་མངོན་གསུམ་

(༣༠༤)ཚད་མའོ། །གཉིས་པ་སྒྲུབ་པ་ནི། ཐུགས་ཀར་ཡེ་ཤེས་སེམས་དཔའ་གསལ་བ་སོགས་ལྷ་དང་སྔགས་དང་ཏིང་ངེ་འཛིན་གྱི་ཁྱད་པར་ཐམས་ཅད་གབ་བྱང་གནད་ཀྱི་མིག་ཚགས་ལས་ཤེས་པར་བྱ་ཞིང་། གྲུབ་འབྲས་ཀྱི་ཁྱད་པར་ཡང་མདོའི་ལམ་ལྔ་སྔགས་ཀྱི་རིག་འཛིན་བཞིས་ས་བཅད་ནས་ཟངས་མདོག་དཔལ་རི་ལ་སོགས་དག་པའི་ཞིང་ཁམས་སུ་ལས་འཕྲོ་ཅན་བགྲོད་པ་ལ་མ་ལྟོས་པར་སྐྱེ་བ་འདི་ཉིད་ལ་སྐུ་ལྔའི་དབྱིངས་སུ་མངོན་པར་སངས་རྒྱས་པའི་ཁྱད་པར་རྡོ་རྗེ་སློབ་དཔོན་གྱི་མན་ངག་ལ་བརྟེན་ནས་ཤེས་པར་བྱའོ། །ཞེས་པའང་བརྒྱུད་འཛིན་གྱི་སློབ་མ་ཀུན་གྲོལ་ཅན་གྱིས་ནན་དུ་བསྐུལ་བའི་ངོར་ཆོས་ཀྱི་བདག་པོས་སོ།། །།

(༣༠༥)འུཾ། ཀློང་ཆེན་སྙིང་གི་ཐིག་ལེ་ལས། རིག་འཛིན་གྱི་ཚེ་བསྒྲུབ་བདུད་རྩིའི་བུམ་བཅུད་བཞུགས༔ ཕ ༈ འཆི་མེད་རིག་འཛིན་སྐུ་ལ་འདུད༔ ཚེ་བསྒྲུབ་བདུད་རྩིའི་བུམ་བཅུད་བསྟན དབེན་པའི་གནས་སུ་སྟེགས་བུའི་ཁར༔ རྡུལ་ཚོན་རས་ཚོམ་སྐབས་སྦྱར་གྱི༔ དཀྱིལ་འཁོར་དབུས་སུ་ལྡིང་ཁྲིའི་ཁར༔ ཚེ་བུམ་དབུས་ལ་ཚེ་རིལ་གནས༔ ཆེ་མདའ་རྒྱབ་ལ་ཆེ་ཆང་གཡོན ཆེ་གཏོར་མ་དུམ་བཤམས་མཆོད་པས་བསྐོར༔ བདག་དང་སྒྲུབ་རྟེན་དབྱེར་མེད་དུ༔ རིག་འཛིན་འདུས་པའི་ལས་གཞུང་བསྲང་༔ བསྟོད་པའི་འཇུག་ཏུ་ཛབ་ཁང་དབྱེ༔ ཧྲཱི ཚེ་དབང་རིག་འཛིན་པདྨ་འབྱུང་༔ སྣང་སྲིད་ཟིལ་གནོན་ཐུགས་ཁ་རུ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ དམར་གསལ་ལོངས་སྐུ་ཡུམ་དང་སྦྱོར༔ པདྨ་ར་གའི་བུམ་པ་འཛིན༔ ཐུགས་ཁར་ཉི་ཟླའི་གའུའི་ནང་ སྲོག་གི་སྙིང་པོ་ཡི་གེ་ཧྲཱི ཐ་མར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་འཕྲོས་པས་བརྟན་གཡོའི་བཅུད༔ རྒྱལ་བ་རིགས་འཛིན་དྲང་སྲོང་གི །ཚེ་བཅུད་བསྡུས་ལ་བཅུད་དུ་འདྲིལ བ་སྤུའི་བུ་ག་ཚུན་ཆོད་ཀྱང་༔ ཚེ་དཔག་མེད་པས་ཐམ་གྱི་གང་༔ ཀུན་ཀྱང་བུད་བ་ཚང་ཞིག་ལྟར༔ ཧྲཱི༔ སྒྲ་འཇམ་

(༣༠༦)ལ་སྙན་པར་སྒྲོག༔ འཆི་མེད་རིག་འཛིན་འགྲུབ་པར་འགྱུར༔ ངག་ཏུ་བརྗོད་ཅིང་ཡིད་ལ་བསམ འཇམ་རླུང་བུམ་པ་ཅན་དང་སྒྲགས ཨོཾ་ཨཱ༔ ཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུ་ར་ཛྙཱ་ན་མ་ཧཱ་པུཎྱཻ་ཚེ་བྷུཾ་ནྀྲ་ཛ༔ སརྦ་སིདྡྷི་ཧཱུྃ༔ ཐུན་མཚམས་རིག་འཛིན་ཚེ་འགུགས་ནི མདའ་དར་ཚད་བཞག་གདུད་ཤུགས་བསྐྱེད ཨོཾ་རང་སྣང་ཟངས་མདོག་དཔལ་གྱི་རི༔ ལྔ་ལྡན་རང་བྱུང་ཕོ་བྲང་ནས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད འཇའ་ལུས་རིག་འཛིན་ཚོགས་དང་བཅས༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ འཆི་མེད་ནམ་མཁའི་བཅུད་བསྡུས་ལ༔ རྣམ་ཤེས་ཁམས་ནས་ཡར་བའི་ཚེ༔ དབྱིངས་ཕྱུག་རིག་པའི་ཀློང་དུ་བསྐྱིལ༔ འགྱུར་མེད་སྲོག་གི་ཀ་བ་ཚུགས༔ ཚེ་མདའ་འདི་ལ་ཚད་ཅིག་སྟོན༔ སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུར༔ སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔ རྩ་སྔགས་བརྗོད། ཧཱུྃ ཤར་ནས་རིག་འཛིན་ཧཱུྃ་ཀ་ར ཡང་དག་ཐུགས་ཀྱི་ཀློང་ནས་བཞེངས༔ འབྱུང་བ་ཆུ་ཡི་བཅུད་བསྡུས་ལ༔ ཁྲག་གི་ཁམས་ནས་ཡར་བའི་ཚེ མ་མ་ཀཱི་ཡི་ཀློང་དུ་བསྐྱིལ༔ འགྱུར་མེད་སྲོག་གི༴ ཚེ་མདའ་འདི་ལ༴ བསྒྲུབ་རྫས་འཆི་མེད༴ སྐྱེ་འཆི་

(༣༠༧)མེད་པའི༴ ཏྲཾ ལྷོ་ནས་རིག་འཛིན་མཉྫུ་ཧྲཱི༔ འཇམ་དཔལ་སྐུ་ཡི་ཀློང་ནས་བཞེངས༔ འབྱུང་བས་ཡི་བཅུད་བསྡུས་ལ༔ ཤ་ཡི་ཁཾས་ནས་ཡར་བའི་ཚེ༔ སངས་རྒྱས་སྤྱན་མའི་ཀློང་དུ་བསྐྱིལ༔ འགྱུར་མེད༴ ཚེ་མདའ་འདི་ལ༴ བསྒྲུབ་རྫས་འཆི་མེད༴ སྐྱེ་འཆི་མེད་པའི༴ ནུབ་ནས་རིག་འཛིན་ན་ག་ཛུ༴ པདྨ་གསུང་གི་ཀློང་ནས་བཞེངས༔ འབྱུང་བ་མེ་ཡི་བཅུད་བསྡུས་ལ༔ དྲོད་ཀྱི་ཁམས་ནས་ཡར་བའི་ཚེ༔ གོས་དཀར་མོ་ཡི་ཀློང་དུ་བསྐྱིལ༔ འགྱུར་མེད༴ ཚེ་མདའ་འདི་ལ༴ བསྒྲུབ་རྫས་འཆི་མེད༴ སྐྱེ་འཆི་མེད་པའི ཨ བྱང་ནས་རིག་འཛིན་པྲ་བྷ་ཧ ཕྲིན་ལས་ཕུར་པའི་ཀློང་ནས་བཞེངས༔ འབྱུང་བ་རླུང་གི །བཅུད་བསྡུས་ལ༔ དབུགས་ཀྱི་ཁམས་ནས་ཡར་བའི་ཚེ༔ དམ་ཚིག་སྒྲོལ་མའི་ཀློང་དུ་སྐྱིལ༔ འགྱུར་མེད་སྲོག་གི༴ ཚེ་མདའ་འདི་ལ༴ བསྒྲུབ་རྫས་འཆི་མེད༴ སྐྱེ་འཆི་མེད་པའི༴ ཇ ཤར་ལྷོ་རིག་འཛིན་དྷ་ནས རྦོད་གཏོང་ཟིལ་གནོན་བརྟུལ་ཞུགས་བསྐྱེད༔ ཀློང་གྱུར་ཡེ་ཤེས་ལྕགས་ཀྱུ་ཡིས་

(༣༠༨)འཁྱམས་དང་ཡར་བའི་བླ་ཆེ་ཁུག༔ འགྱུར་མེད་སྲོག་གི༴ ཚེ་མདའ་འདི་ལ༴ བསྒྲུབ་རྫས་འཆི་མེད༴ སྐྱེ་འཆི་མེད་པའི༴ ཧཱུྃ ལྷོ་ནུབ་རིག་འཛིན་བི་མ་ལ༔ ཚེ་ལ་དབང་བའི་བརྟུལ་ཤུགས་བསྐྱེད༔ འདའ་ག་ཡེ་ཤེས་ཞགས་པ་ཡི༔ འཐོར་བ་ཁུག་ལ་ཟད་པ་སྲིངས༔ འགྱུར་མེད་སྲོག་གི༴ ཚེ་མདའ་འདི་ལ༴ བསྒྲུབ་རྫས་འཆི་མེད༴ སྐྱེ་ལཾ་མེད༴ བཾ ནུབ་བྱང་རིག་འཛིན་རོམ་གུ དྲེགས་པ་ཟིལ་གནོན་བརྟུལ་ཤུགས་བསྐྱེད༔ དབྱིངས་སྒྲོལ་ཡེ་ཤེས་ལྕགས་སྒྲོག་གིས༔ ལྷ་འདྲེས་བརྐུས་པའི་བླ་ཚེ་ཕྲོགས འགྱུར་མེད་སྲོག་གི༴ ཚེ་མདའ་འདི་ལ༴ བསྒྲུབ་རྫས་འཆི་མེད༴ སྐྱེ་འཆི་མེད་པའི༴ ཧོ བྱང་ཤར་རིག་འཛིན་ཤིནྟཾ་གྷ་ར མངོན་སྤྱོད་དམོད་པའི་བརྟུལ་ཞུགས་བསྐྱེད མཐའ་གྲོལ་ཡེ་ཤེས་དྲིལ་བུ་ཡིས བྱང་དུ་བཅུག་པའི་བླ་ཚེ་འཕོགས༔ འགྱུར་མེད་སྲོག་གི་ཀ་བ་ཚུགས༔ ཚེ་མདའ་འདི་ལ་ཚོད་ཅིག་སྟོན སྒྲུབ་རྫས་འཆི་མེད་བདུད་རྩིར་བསྒྱུར སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ༔ ཞེས་འཇུག་ཚེ་དྲ་བ་རྟགས་པའི་རྗེས རྒྱས་གདབ་ཚེ་མདའ་དྲང་པོར་བསྲང་

(༣༠༩)ཨཱ འབྱུང་ལྔའི་དབྱིངས་སུ་འཁྱམས་པའི་ཚེ ཡུམ་ལྔའི་ཀློང་དུ་རྒྱས་བཏབ་པས༔ ཡེ་ཤེས་ལྔ་ལ་སྐྱེ་འཆི་མེད༔ སྐུ་ལྔའི་དབྱིངས་སུ་ཚེ་སྦས་པ༔ རིགས་ལྔའི་རྒྱལ་བས་ཀྱང་མི་གཟིགས༔ དྷརྨཱ་དྷ་རྟུ་བཛྲ་རཀྵ ཅེས་བརྗོད་སྤྲོས་བྲལ་ལ་བཞག༔ ས་མ་ཡཱ༔ ལྷ་སྔགས་ཏིང་འཛིན་དམིགས་པའི་གནད ཀུན་ལས་ཁྱད་འཕགས་རིག་འཛིན་གྱི༔ སྒྲུབ་བདུད་རྩི་བུམ་བཅུད་འདི ཆོས་བདག་སྐྱེས་བུའི་སྲོག་འཐུད་ཕྱིར༔ ཀློང་བྱང་མཁའ་འགྲོའི་བརྡའ་རུ་བསྟན༔ དུས་བབ་འགྲོ་དོན་སྤྱོད་པར་ཤོག གུ་ཧྱ རྡ་ཐིམ༔ གཞན་ལ་ཚེ་ཡི་དབང་བསྐུར་ན སློབ་མ་ཁྲུས་བྱས་བགེགས་དང་ཕྲལ༔ བསྲུང་འཁོར་བསྒོམ་ལ་མཎྜལ་ཕུལ༔ ལོ་རྒྱུས་བཤད་ལ་སྐྱབས་སེམས་དང་༔ རྒྱུན་བཤགས་བྱས་རྗེས་གསོལ་བ་གདབ འཆི་མེད་མགོན་པོ་པདྨ་འབྱུང་ སྲོག་གི་འཇིགས་པས་སྐྲག་པ་ལ༔ ཐུགས་རྗེ་ཆེན་པོས་ཉེར་དགོངས་ལ༔ ཚེ་ཡི་དབང་དང་དངོས་གྲུབ་སྩོལ ལན་གསུམ་རྗེས་སུ་སློབ་མ་ནི༔ ལས་སྔགས་ཀྱི་བསངས་ལ་གུ་རུར་བསྐྱེད༔ སྤྱི་བོར་ཚེ་དཔག་མེད་ཡབ་ཡུམ༔ མཉམ་པར་སྦྱོར་བའི་མཁའ་གསང་ནས༔ བདེ་ཆེན་བྱང་སེམས་བདུད་

(༣༡༠)རྩིའི་རྒྱུན༔ བབས་པས་ལུས་གང་བདེ་བས་མྱོས རྡོ་རྗེའི་སྲོག་ལ་དབང་ཐོབ་དམིགས༔ སྤོས་རོལ་དང་བཅས་ཡེ་ཤེས་དབབ ཏིཥྛ་བཛྲ་ས་བརྟན་པར་བྱ༔ དེ་ནས་ཚེ་བུམ་སྤྱི་བོར་བསྐུར ཧྲཱི སྣང་སྲིད་གཞོན་ནུ་བུམ་པའི་སྐུ སྐྱེ་འཆི་བྲལ་བའི་བཅུད་ཀྱི་གཏམས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་ཤོག༔ རྩ་སྔགས་དང་༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ བདུད་རྩི་མགྲིན་པར་གཏད་ལ༔ ཧྲཱི༔ བདེ་ཆེན་ཡུམ་ལྔའི་བྷནྡྷ་རུ༔ འཆི་མེད་བྱང་སེམས་བདུད་རྩི་འཁྱིལ༔ སྐལ་ལྡན་བུ་ལ་བྱིན་པ་ཡིས༔ སྐྱེ་འཆི་མེད་པའི་དབང་ཐོབ་ཤོག༔ རྩ་སྔགས་དང་ ཝཀྐ་ཨ་བྷི་ཥིཉྩ་ཨཱ ཚེ་རིལ་སྙིང་གར་བཏུགས་ལ༔ ཧྲཱི བརྟན་གཡོའི་ཁམས་དང་སྟོབས་བཅུའི་དཔལ༔ ཡོངས་ཀྱི་བཅུད་འདུས་ཚེའི་རིལ་བུ རིགས་ཀྱི་བུ་ལ་བྱིན་པ་ཡིས༔ རྡོ་རྗེའི་སྲོག་ལ་དབང་ཐོབ་ཤོག༔ རྩ་སྔགས་དང་༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རྗེས་ལ་ཚེ་འགུགས་རྒྱ་ཡིས་བཏབ གཏད་རག་དབུལ་ཞིང་དམ་ཚིག་བསྲུང་༔ ཐུགས་རྗེ་ལྡན་པའི་སློབ་དཔོན་གྱིས༔ མོས་གུས་ལྡན་པའི་སློབ་མ་ལ༔ གཞུང་བཞིན་འདི་ནི་སུས་བསྐུར་བ འཆི་བདག་ཁ་རུ་ཚུད་ཀྱང་ཐོན༔ རིག་འཛིན་དམོད་པའི་

(༣༡༡)འུཾ། སྟོབས་བཙན་བས༔ བྱང་དུ་བནུག་ཀྱང་ཡ་མི་ང་༔ དེ་ཕྱིར་སྙིང་ལས་གཅེས་པར་ཟུང་༔ བཀའ་སྲུང་ལྕམ་དྲལ་མེལ་ཚེ་གྱིས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གངས་ཅན་གྱི་མ་ར་ཏི་ཀ་དཔལ་ཆུ་བོ་རིའི་ལྕགས་ཟམ་བྱང་ཆུབ་རྒྱུན་ལམ་གྱི་གནྡྷོ་ལར། རྗེ་གྲུབ་པའི་འཁོར་ལོས་བསྒྱུར་བའི་ཐུགས་རྗེའི་འཕྲིན་ལས་ལ་རང་གིང་མཛད་པའི་མཆོག་གི་སྤྲུལ་པའི་སྐུ་སོགས་རྩ་བའི་ཆོས་བདག་གསུམ་གྱི་སྐུ་ཚེ་རྟེན་འབྲེལ་ལ་དམིགས་ནས་རྒྱ་ཁྲོལ།། །།དགེའོ།།

(༣༡༢)

(༣༡༣)རིག་འཛིན་ཚེ་སྒྲུབ་དམིགས་གནད་གལ་མདོ་བཞུགས་སོ།

(༣༡༤)རིག་འཛིན་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ། །ཚེ་སྒྲུབ་བདུད་རྩི་བུམ་བཅུད་ཀྱི་དམིགས་རྐང་ཉེར་བསྡུས། བཅས་ཤོམ་རྣམས་གཞུང་ལྟར་གྲུབ་ནས་སྒོམ་དོན་བདག་དང་སྒྲུབ་རྟེན་དབྱེར་མེད་ཨ་ཏིའི་རྣལ་འབྱོར་གྱི་ངེས་པས་རིག་འཛིན་གྱི་ལས་གཞུང་བསྲང་ལ། བསྟོད་པའི་རྗེས། ཧྲཱི ཚེ་དབང་རིགས་འཛིན་པདྨ་འབྱུང་། །ཞེས་སོགས་ཀྱི་ཡེ་ཤེས་སེམས་དཔའ་ཚེ་དཔག་མེད་སྐུ་མདོག་དམར་གསལ་ལོངས་སྤྱོད་རྫོགས་སྐུའི་ཆ་བྱད་རང་འོད་ཀྱི་ཡུམ་དང་འཁྲིལ་ཞིང་ཕྱག་གཉིས་མཉམ་གཞག་གི་སྟེང་ན་པདྨ་རཱ་གའི་ཚེ་བུམ་འཛིན་ཅིང་ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་ཀར་སྣོད་བཅུད་མ་ལུས་པའི་ཁམས་ཀྱི་དངས་མ་ཉི་ཟླའི་གའུ་ཁ་

(༣༡༥)སྦྱོར་གྱི་ནང་དུ་ཐུགས་སྲོག་གི་སྙིང་པོ་ཧྲཱི༔དང་། དེའི་གཡས་བསྐོར་དུ་སྔགས་ཕྲེང་ལུ་གུ་རྒྱུད་དུ་འཁོར་ཞིང་འོད་ཟེར་བཀྲག་ལྡན་དུ་འཕྲོ་བ་ལ་གསལ་བརྟན་གྱི་རྩལ་རྫོགས་པའི་དམིགས་པ་རྩེ་གཅིག་ཏུ་བཞུར་ནས་སྙིང་པོ་བགྲངས་བས་སྔགས་ཕྲེང་རྣམས་ལས་འོད་ཟེར་དཀར་འཚེར་བ་ཐག་འཛིངས་པ་ལྟ་བུ་བུན་བུན་འཕྲོས། འོག་མིན་དག་པའི་ཞིང་གི་ངེས་པ་ལྔ་ལྡན་རྟག་པ་རྒྱུན་གྱི་འཁོར་ལོའི་ཡོན་ཏན་དང་། རིག་འཛིན་དང་དྲང་སྲོང་རྣམས་ཀྱི་སྐལ་པར་གནས་པའི་ཚེ་བཅུད། བརྟན་པ་སྣོད་ཀྱི་འཇིག་རྟེན་དང་། གཡོ་བ་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཁམས་དང་བཀྲག་མདངས་གཟི་བྱིན་དངས་བཅུད་

(༣༡༦)ཚེ་དཔལ་བསོད་ནམས་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་ལེན་པ་ལྟར་བསྡུས་ནས་རང་ཉིད་ལ་ཐིམ་པའི་མོད་འཁོར་འདས་ཀྱི་དངས་བཅུད་དེ་དག་ཐམས་ཅད་སྐད་ཅིག་ཉིད་ལ་བཅུད་དུ་འདྲིལ་ནས་ཚེ་དཔག་མེད་ཀྱི་སྐུ་རྡུལ་ཕྲ་རབ་ཏུ་གྱུར་པས་ལུས་ཀྱི་ནང་ཁོངས་བ་སྤུའི་བུ་ག་ཚུན་ཆོད་ཀྱང་ཐམ་གྱིས་འགགས་པས་རྡོ་རྗེའི་སྲོག་ལ་དབང་ཐོབ་ཅིང་། གཡུང་དྲུང་ལྟ་བུའི་ལུས་སུ་གྱུར་པར་དམིགས་ཤིང་། དེ་དག་ཀུན་ཀྱང་གཅིག་ལ་གཅིག་མི་རེག །གཅིག་གིས་གཅིག་མི་སྒྲིབ། ཡང་དོག་མེད་པ་ཏིལ་གང་ཕྱུར་བ་ལྟར་གནས་པ་ཐམས་ཅད་ཀྱི་ཞལ་ནས་ཚེའི་སྙིང་པོ་ཀུན་ལས་ཡང་སྙིང་དུ་གྱུར་པ་གནད་བསྐུལ་སྲོག་གི་རིག་པ་ཡི་གེ་འབྲུ་གཅིག་པོ་བུང་བ་ཚང་ཞིག་པ་ལྟར་འཇམ་ལ་སྙན་པ་སྒྲོགས་པར་བསམ་ལ། འཇམ་རླུང་བུམ་ཅན་དང་བཅས་པའི་འགོག་བཟླས་སམ། རྡོ་རྗེའི་བཟླས་པ་ཁོ་ན་ལ་གཞོལ་བ་ནི་དབང་པོ་ཡང་རབ་སྤྲོས་པ་དང་བྲལ་བ་རྣམས་ཀྱིས་རླུང་སེམས་དབྱེར་མེད་ཀྱི་ཚེ་སྒྲུབ་ཡིན་ནོ། །སྤྱིར་བཏང་གཞན་དོན་དུ་བསྒྲུབ་པ་དང་། ཏིང་ངེ་འཛིན་དང་རླུང་སྟོབས་ཞན་པའི་དང་པོའི་ལས་

(༣༡༧)ཅན་རྣམས་ཀྱིས་རང་ཉིད་ཀྱིས་སྒྲུབ་སྔགས་དང་། ཚེ་དཔག་མེད་རྣམས་ཀྱིས་ཧྲཱིསྒྲ་སྒྲོགས་པར་བསམས་ལ་འོད་ཟེར་སྤྲོ་བསྡུ་བྱ་བ་ནི་གཙོ་བོར་གཅེས་ཤིང་། གཞན་དོན་ལ་དམིགས་བྱའི་སྲོག་གི་ངོ་བོ་ཡི་གེ་ནིྲའི་རྣམ་པ་ཐུགས་སྲོག་གི་ཁོང་དུ་བསམ་ནས་དེ་ལ་ཚེ་བཅུད་སྡུད་ཅིང་། ཀུན་ལ་ཐུན་གྱི་སྨད་ཆར་རྡོ་རྗེའི་བཟླས་པ་ཅུང་ཟད་རེ་བྱས་པས་ལེགས་པར་འགྱུར་ལ། ཐུན་མཚམས་སུ་རིག་འཛིན་སོ་སོ་ལ་ཁྱད་པར་གྱི་དངོས་གྲུབ་བསྐུལ་བའི་ཚེ་འགུགས་ཟབ་གནད་ཅན་ལྟ་བ་བསྐྱེད་རིམ་གདུང་ཤུགས་གསུམ་ཀའི་དར་ཆ་དང་ལྡན་པས་བྱས་རྗེས། སྐྱེ་ཤི་མེད་པ་ཆོས་དབྱིངས་རང་བྱུང་གི་ཀློང་དུ་རྒྱས་གདབ་ཅིང་ཆེ་སྦ་བ་ཡང་ཤིན་ཏུ་ཟབ་པའི་གནད་དོ། སྦྱོ་བ་ཟུང་མཛོད་ཚེ་རིང་དོན་འགྲུབ་ནས་བར་ཏུ་བསྐྲུན་པའི་དགེ་བས་འགྲོ་ཀུན་རྫོགས་པའི་སངས་རྒྱས་གོ་འཕང་ཐོབ་པའི་སྒྱུར་གྱུར་ཅིག་

(༣༡༨)

(༣༡༩)ཚེ་སྒྲུབ་བདུད་རྩི་བུམ་བཅུད་གྱི་དབང་བཤད་ལྷན་ཐབས་སུ་བྱས་པ་བཞུགས། །

(༣༢༠)རིག་འཛིན་ཚེ་སྒྲུབ་ཀྱི་དབང་བཤད་ཉེར་བསྡུས་ལྷན་ཐབས་ནི། ཁྲུས་ནས་དབྱུང་། བགེགས་གཏོར་བཏང་། སྲུང་འཁོར་བསྒོམས་རྗེས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཕན་འདོད་ཀྱི་ལྷག་བསམ་ཡིད་ལ་མཆོག་ཏུ་བཅགས་ནས་དམ་པའི་ཆོས་ཉན་པ་ལ་ཞུགས་པ་ནི་སྐྱེས་བུ་ཆེན་པོའི་ལམ་བསོད་ནམས་ཚད་མེད་པའི་འཇུག་དོགས་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་ལ། ཕན་འདོད་དེ་ནི་དེ་འདྲའོ། །ཞེས་སོ། དེའི་ཕྱིར་སེམས་ཅན་ཐམས་ཅད་ཐུགས་ལ་བཅངས་ཏེ་གསན་པར་ཞུ། དེ་ཡང་སྣོད་ཀྱི་སྐྱོན་ཁ་སྤུ་བ་ཞབས་རྡོལ་དུག་ཅན་ཏེ་གསུམ། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཞེས་དྲི་མ་དྲུག་དང་བཅས་པའང་སྤང་བྱར་ངེས་པ་བྱས་ནས་འདུ་ཤེས་བཞི་བསྟེན་པར་བྱ་སྟེ། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ།

(༣༢༡)ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་གསུངས་པ་ལ་དྲན་པ་ཉེ་བར་བཞག་སྟེ་གསན་པ་ཞུ། འདི་ལྟར་དམ་པའི་ཆོས་ཀྱི་སྒྲ་ཙམ་ཐོས་ན་དུད་འགྲོའི་རྣ་ལམ་དུ་ཐོས་ནའང་ངན་སོང་གི་སྡུག་བསྔལ་ལས་གྲོལ་བའི་ནུས་པ་ཅན་ཡིན་པར་རྒྱལ་བའི་དབང་པོ་ཀློང་ཆེན་ཞབས་ཀྱིས། ཆོས་རྔ་སྒྲོག་པའི་སྒྲ་ཐོས་སེམས་ཅན་ཡང་། །ངན་སོང་རྣམ་གྲོལ་ཉན་རྣམས་སྨོས་ཅི་དགོས། །ཅེས་གསུངས་པའི་ཕྱིར་ཁྱེད་ཅག་རྣམས་ཆོས་སྒྲ་སྒྲོག་པ་ལ་མོས་པ་སྟོབས་སུ་གྱུར་པ་འདི་ཡང་སྲིད་པ་མང་པོར་ཚོགས་བསགས་པ་ཆོས་ཅན། དེ་ལྟ་ནའང་སློབ་དཔོན་ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་འགྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱི་ནས་ཡང་དག་འབྱོར་བ་ག་ལ་འགྱུར། །ཅེས་གསུངས་པས་ན། ད་རེས་ཡིད་

(༣༢༢)བཞིན་གྱི་ནོར་བུ་ལག་ཏུ་ལོན་པའི་དཔེས་ཀྱང་བརྒྱ་སྟོང་གི་ཆར་ཡང་མི་ཕོད་པའི་དལ་བའི་རྟེན་བཟང་འདི་ལྟ་བུ་རྙེད་པའི་གནས་སྐབས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་བའི་ཐབས་ལྷུར་ལེན་དགོས། དེ་ཅིས་ལེན་ན་ཁམས་དྲུག་ལྡན་ཀྱི་རྟེན་འདི་ཁོ་ན་ལ་ལྟོས་དགོས་པའི་ཕྱིར། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་ཞལ་ནས། ཆོས་སྤྱོད་དབང་པོ་ཐུལ་བ་ནི། །འཁོར་བ་རུ་ནི་ཇི་སྲིད་འཚོ། །དེ་སྲིད་བསོད་ནམས་ལ་སོགས་ཚོགས། །བྱང་ཆུབ་སྒྲུབ་བྱེད་རབ་ཏུ་སྐྱེ། །འཁོར་བར་སྲོག་ལས་གཅེས་པ་ནི། ཅི་ཡང་ཡོད་པར་མ་མཐོང་སྟེ། དེ་བས་མྱུར་དུ་ཐབས་མང་པོས། །འཆི་བ་བསླུ་བ་ཀུན་ཏུ་སྤྱད། །ཅེས་གསུངས་པ་ལྟར་མཐར་ཐུག་ངེས་ལེགས་ཀྱི་གོ་འཕང་དོན་དུ་གཉེར་བའི་ཆེད་དུ་ཚེ་དང་བསོད་ནམས་ལ་སོགས་པ་གནས་སྐབས་མངོན་པར་མཐོ་བའི་དཔལ་དང་ཡོན་ཏན་ལ་བརྟེན་པ་གསང་སྔགས་ཀྱི་ཁྱད་པར་ཡིན་ལ། དེ་ལྟ་བུའི་ཚུལ་ལ་རྒྱལ་བ་ཐབས་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་འཆི་མེད་སྒྲུབ་པའི་ཆོས་ཀྱི་རྣམ་གྲངས་ཇི་སྙེད་ཅིག་བསྟན་པ་རྣམས་ཀྱི་ནང་ནས་འདི་ནི་སྔ་འགྱུར་རྡོ་རྗེ་ཐེག་པའི་ཕྱོགས་སུ་གཏོགས་ལ། དེ་ལ་

(༣༢༣)ཞལ་ནས་གསུངས་པའི་བཀའ་མ། རྗེས་སུ་གནང་བའི་གཏེར་མ། བྱིན་གྱིས་བརླབས་པའི་དག་སྣང་མ་སྟེ་བརྒྱུད་པའི་བཀའ་སྲོལ་ཆེན་པོ་གསུམ་དུ་གྲགས་པ་ལས། ཁྱད་པར་དུ་གྱུར་པ་འདིའི་ལོ་རྒྱུས་ཅུང་ཟད་སྙན་དུ་གསོལ་ན། ལུང་བསྟན་བཀའ་རྒྱ་མར། ལྷོ་ཕྱོགས་འོད་ཟེར་མིད་ཅན་སྤྲུལ་པའི་སྐུ། །ཟབ་དོན་སྙིང་ཐིག་ཆོས་ཀྱིས་འགྲོ་བ་འདྲེན། །འབྲལ་ཚད་རིག་འཛིན་ཞིང་དུ་འཕེན་པ་འབྱུང་། །ཞེས་སྙིང་ཐིག་གི་རྫོགས་རིམ་དང་། རིག་འཛིན་གྱི་བསྐྱེད་རིམ་ལ་བརྟེན་ནས་རིམ་པ་བཞིའི་རྣལ་འབྱོར་ལ་སྦྱོར་བའི་ལམ་སྟོན་དུ་བསྔགས་པའི་ཕྱིར་རིག་འཛིན་འཇམ་གླིང་རྡོ་རྗེའི་གཏེར་ལུང་ལས་ཀྱང་། དབུས་གཡོར་གཞུང་དུ་བྱང་སེམས་པདྨའི་མིང་། །བཀའ་རྙིང་བསྟན་སྐྱོང་ཐབས་མཁས་འགྲོ་བ་འདུལ། །ཞེས་རྡོ་རྗེའི་ལུང་གིས་དབང་པོར་བྱས་པ་བཞིན། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཡབ་ཡུམ་གྱིས་རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པར་མིང་གིས་དབང་བསྐུར་བའི་སྐྱེས་བུ་ཉིད་ཀྱི་རྗེས་ལ་ཐོབ་པའི་རོལ་པ་དང་རྨི་ལམ་གྱི་སྣང་ཆ་སྒྱུ་མའི་རང་བཞིན་གཅིག་ཏུ་མཉམ་པའི་མིག་འཕྲུལ་ལྟ་བུའི་གསལ་

(༣༢༤)སྣང་ལ་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་གམ་དུ། ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མས་ཀློང་བྱང་ཡེ་ཤེས་ཀྱི་བརྡ་རིས་མངོན་དུ་སྤྲད་པ་ལས་བྱུང་བའི་ཆོས་སྡེ་གནད་བྱང་ཐུགས་ཀྱི་སྒྲོམ་བུ་ལས། དེ་དུས་ད་ལྟའི་རྗེ་འབངས་གྲོགས བི་མ་རྒྱལ་སྲས་ལྷ་རྗེ་རྣམས སྨོན་ལམ་ཐུགས་རྗེས་སྤྲུལ་པའི་སྲས རང་བྱུང་རྡོ་རྗེ་པདྨ་དབང་༔ གསང་མཚན་གར་དབང་འཇིགས་མེད་གླིང་ རྟོགས་གྲོལ་དུས་མཉམ་ཐུགས་གཏེར་བདག འཕགས་པས་རྗེས་སུ་བཟུང་བའི་རྟགས ལག་གཡས་མཐིལ་ན་པདྨའི་སྤྱན དབང་ཆེན་གསུང་གི་རིག་འཛིན་ཕྱིར མཐེ་བོང་ཐུགས་སྲོག་ཧྱ་ཡིས་མཚན རྟོགས་པ་ཀློང་དུ་གྱུར་པའི་རྟགས༔ ཚེམས་ལ་སྐྱེ་མེད་ཡི་གེ་ཨ སྙིང་རྗེ་ཆེ་ཞིང་རིག་པ་ཧུར ཤེས་རབ་ཆེ་ཞིང་འཛིན་ཆགས་ཆུང་ ཐུགས་སྒམ་ཚིག་བཙན་བློ་གྲོས་ཟབ ངེས་མེད་སྤྱོད་པ་ཅིར་ཡང་སྟོན འཇིགས་པ་མེད་པའི་བརྟུལ་ཞུགས་ཅན ཞུམ་མེད་སྣང་བ་ཟིལ་གྱིས་གནོན དེ་ལ་ཐུགས་རྒྱུད་དངོས་གཏེར་རམ ཡང་ན་དགོངས་གཏེར་ཚུལ་དུ་འབེབས༔ ཞེས་གསུངས་པ་ལྟར་ཀློང་བྱང་བརྡ་བསྒྱུར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་

(༣༢༥)རིག་འཛིན་གྱི་ཚེ་སྒྲུབ་བདུད་རྩི་བུམ་བཅུད་ཀྱི་ཚེ་དབང་འབུལ་བར་སྐབས་སུ་བབས་པ་ཡིན་ཏེ། དེ་ཡང་རྩ་བར། ལྷ་སྔགས་ཏིང་འཛིན་དམིགས་པའི་གནད ཀུན་ལས་ཁྱད་འཕགས་རིག་འཛིན་གྱི ཚེ་སྒྲུབ་བདུད་རྩི་བུམ་བཅུད་འདི ཆོས་བདག་སྐྱེས་བུའི་སྲོག་མཐུད་ཕྱིར བགྲོ་དབྱད་མཁའ་འགྲོའི་བརྡ་རུ་བསྟན ཅེས་གསུངས་པ་ལྟར། ཡེ་ཤེས་སེམས་དཔའ་ལ་བརྟེན་ནས་རྒྱལ་བ་འོད་མཚན་སྟོང་འབར་མངོན་དུ་བསྒྲུབ་ཅིང་ཚེ་དཔག་མེད་ཀྱི་གོ་ཆ་བསྐོན་པ། རིགས་ལྔའི་རིག་འཛིན་ལ་བརྟེན་ནས་འབྱུང་ལྔའི་ཁམས་ནས་བླ་ཚེ་བསྡུ་བ། དྷ་ན་སྐྲྀ་ལ་བརྟེན་ནས་བླ་འཁྱམས་འགུགས་པ། བི་མ་མི་ཏྲ་ལ་བརྟེན་ནས་ཚེ་ཟད་པ་བསྲིད་པ། རོམྦུ་གུ་ཧྱ་ལ་བརྟེན་ནས་ལྷ་འདྲེ་མཐུ་བོ་ཆེས་བརྐུས་པའི་བླ་ཚེ་འཕྲོག་པ། ཤཱིནྟཾ་གརྦྷ་ལ་བརྟེན་ནས་ཕ་རོལ་བན་བོན་གྱིས་བྱང་དུ་བཅུག་པའི་བླ་ཚེ་བསྡུ་བ། འབྱུང་འཇུག་གནས་གསུམ་སྔགས་ཀྱི་ངོ་བོར་རྒྱས་འདེབས་པ་ལ་སོགས་ཏེ་ཁྱད་ཆོས་དུ་མ་དང་ལྡན་པའི་ཕྱིར། ཐུགས་རྗེ་ལྡན་པའི་སློབ་དཔོན་གྱིས མོས་གུས་ལྡན་པའི་སློབ་མ་ལ

(༣༢༦)གཞུང་བཞིན་འདི་ནི་སུས་བསྐུར་བ འཆི་བདག་ཁ་རུ་ཚུད་ཀྱང་ཐོན བྱད་དུ་བཅུག་ཀྱང་ཡ་མི་ང དེ་ཕྱིར་སྙིང་ལས་གཅེས་པར་ཟུང་། །ཞེས་ཆེད་དུ་བསྔགས་པ་ཡིན་ལ། །དེ་ལྟ་བུའི་ཚེ་དབང་ཟབ་མོ་བསྐུར་བར་བྱེད་པ་ལ། བདག་རྡོ་རྗེ་སློབ་དཔོན་ཚེ་དབང་རིགས་འཛིན་དང་གཉིས་སུ་མེད་པའི་དཀྱིལ་འཁོར་གྱི་ངོ་བོར་རྫོགས་པ་ལ་མཎྜལ་འབུལ་བ་ཐུགས་ལ་བཏགས་པ་ཞུ། འོ་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་ཞིང་གཞི་བརྟན་པར་བྱ་བ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་ཕྱིར། །བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ། རྒྱུད་དག་པར་བྱ་ཕྱིར་ཡན་ལག་བདུན་གྱིས་ཚོགས་བསག་པ་རྣམས་ཚེགས་ཆུང་དུས་དོན་ཆེན་པོ་སྒྲུབ་པར་མ་ཟད། དབང་གི་འབྲས་བུ་ཆགས་པ་ལ་འང་མེད་དུ་མི་རུང་བ་ལགས་པས་དེ་དག་རང་རང་གི་ཚིག་དོན་ཡིད་ལ་བརྣག་པས་འདིའི་རྗེས་ཟློས་མཛད་པར་ཞུ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའི དག་པའི་མཆོད་

(༣༢༧)པ་བཞེས་སུ་གསོལ དངོས་གྲུབ་ཆུ་བོ་གཅོད་པའི་གེགས ཉེས་བྱས་མ་ལུས་བཤགས་པར་བགྱི ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས མ་ཆགས་སྤྱོད་ལ་རྗེས་ཡི་རང་ དག་པའི་མཐའ་བཞི་དྲི་མ་མེད རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ བདེ་གཤེགས་དབང་ཕྱུག་སེམས་ཅན་ལ དགོས་པ་གསུམ་ཕྱིར་ལུས་འབུལ་ལོ ཚེ་རབས་བགྲངས་པའི་དགེ་བ་ཀུན བསྡུས་ཏེ་previous hit བྱང་ཆུབ་ཆེན་པོར་བསྔོ ཞེས་པའི་རྗེས་ལ འཆི་མེད་མགོནཔོ next hit་པདྨ་ཉི་ཟླའི་སྟེང་༔ ཧཱུྃ་ལས་སྐད་ཅིག་དྲན་རྫོགས་སུ སློབ་མ་སངས་རྒྱས་ཀུན་གྱི་དངོས སྣང་སྲིད་ཟིལ་གནོན་པདྨ་འབྱུང་༔ ཞལ་གཅིག་ཕྱག་གཉིས་དཀར་དམར་མདངས ཐེག་གསུམ་རྫོགས་པའི་བརྡ་རྟགས་སུ༔ ཕོད་ཁ་ཆོས་གོས་བེར་འདུད་མནེབས ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྡིགས གཡོན་པ་བྷན་དྷ་ཚེ་བུམ་བསྣམས མཚན་ཁུང་གཡོན་ན་ལྟ་ལྕམ་མཛེས དབུ་ལ་པདྨའི་མཉེན་ཞུ་གསོལ

(༣༢༨)རྒྱལ་པོ་རོལ་པའི་སྟབས་སུ་འགྱིང་ སྤྱི་བོར་ཚེ་དཔག་མེད་ཡབ་ཡུམ མཉམ་པར་སྦྱོར་བས་མཁའ་གསང་ནས བདེ་ཆེན་བྱང་སེམས་བདུད་རྩིའི་རྒྱུན བབས་པས་ལུས་གང་བདེ་བས་མྱོས༔ རྡོ་རྗེའི་སྲོག་ལ་དབང་ཐོབ་དམིགས༔ ཧཱུྃ སྤྲོས་བྲལ་ཆོས་སྐུའི་ཕོ་བྲང་ནས༔ སོགས། ཏིཥྠ་བཛྲས་བརྟན་པར་བྱ། དེ་ནས་སློབ་དཔོན་ཚེ་དཔག་མེད་དུ་གསལ་བ་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་དཀར་འཚེར་བ་ཐག་འཛིངས་བ་ལྟ་བུ་བུན་བུན་འཕྲོས་འོག་མིན་དག་པའི་ཞིང་ངེས་པ་ལྔ་ལྡན་རྟག་པ་རྒྱུན་གྱི་འཁོར་ལོའི་ཡོན་ཏན་དང་ཕྲིན་ལས་རིག་འཛིན་དྲང་སྲོང་རྣམས་ཀྱི་བསྐལ་པར་གནས་པའི་ཚེ་བཅུད། བརྟན་ལ་སྣོད་ཀྱི་འཇིགས་རྟེན་དང་། གཡོ་བ་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཁམས་དང་བཀྲག་མདངས་གཟི་བྱིན་དངས་བཅུད། ཚེ་དཔལ་བསོད་ནམས་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་བསྡུས་ནས་ཁྱོད་རང་ལ་ཐེམ་པའི་མོས་པ་མཛོད། ཨོཾ་རང་སྣང་ཟངས་མདོག་དཔལ་གྱི་རི སོགས། དབང་དངོས་གཞི་གཏང་རག་མཎྜལ་དགེ་བ་བསྔོ་བ་རྣམས་བྱའོ།། །།

(༣༢༩)འུྃ༔ ཀློང་ཆེན་སྙིང་གི་ཐིག་ལེ་ལས ཡུམ་ཀའི་བྱིན་རླབས་དབང་གི་ཆོ་ག་བཞུགས་སོ

(༣༣༠)འུྃ༔ ན་ཧ་སྱ་།།། བྱིན་རླབས་དབང་གི་རིམ་པ་ནི མཁའ་འགྲོ་འདུ་བའི་དུས་གཉན་ལ ཚོན་དཀྱིལ་གཉིས་སམ་ཚོམ་བུའི་སྟེང་༔ བྷནྡྷ་མཚན་ལྡན་བདུད་རྩིས་བཀང་༔ ཨ་མྲྀ་ཏ་དང་ཉེར་ལྔས་བྲན སིནྡྷུ་རས་བཙགས་མེ་ལོང་ལ གཤེགས་མ་ལྔ་ཡི་ས་བོན་བྲི སྟེང་དུ་དྲིལ་བཅས་ལྡིང་གུར་ཕུབ ཉེར་སྤྱོད་ཚོགས་གཏོར་བཟང་དུ་བཤམ ལས་གཞུང་བསྲང་ལ་བཟླས་པ་བྱ ཚོགས་ཕུལ་རིག་པའི་མེ་ཏོག་དོར སློབ་མ་བཀྲུ་ཞིང་བགེགས་དང་བྲལ༔ ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན༔ སྲིད་པའི་འཁོར་ལོ་རྣམ་སྦྱོང་བ

(༣༣༡)འུྃ དེ་རིང་བཤད་པའི་རིན་ཆེན་གཏེར༔ གཙོ་བོས་བདག་ལ་བཀའ་དྲིན་སྩོལ། ལན་གསུམ་རྗེས་ཟློས་ལོ་རྒྱུས་བཤད༔ ཚད་མེད་བཞི་དང་སྐྱབས་སེམས་འབོག༔ དེ་ནས་དབང་གི་དོན་པོ་ནི༔ ཡེ་ཤེས་དབབ་ལ་ནན་ཏན་བྱ༔ སློབ་མའི་རྣམ་ཤེས་རཾ་ཡིག་ལས མེ་འབར་རྣམ་སྨིན་ཕུང་པོ་བསྲེགས འོད་ཀྱི་རྣམ་པའི་སྟོང་གཟུགས་ལས མཁའ་འགྲོ་བདེ་ཆེན་རྒྱལ་མོ་ནི ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར གཅེར་མོ་མཉམ་པའི་དོར་སྟབས་ཅན༔ ཤིན་ཏུ་ཆགས་དང་བཞད་པའི་ཞལ ཕྱག་གཡས་ཐོད་པའི་ཅིང་ཏིའུ སྙན་གྱི་ཐད་ཀར་གཏོད་ཅིང་འཁྲོལ གཡོན་བ་གྲི་གུག་ཡུ་བ་ནི༔ དཀུ་ལ་བརྟེན་ནས་མཆོག་ཏུ་འགྱིང་ བྷ་ག་རྒྱས་ཤིང་ནུ་མ་འབུར རིན་པོ་ཆེ་དང་གཞོན་ནུའི་རྒྱན༔

(༣༣༢)པུནྜ་རི་ཀའི་དོ་ཤལ་འཕྱང་༔ རུས་པའི་རྒྱན་དྲུག་སྐུ་ལ་མཛེས༔ གནག་སྣུམ་དབུ་སྐྲའི་ལན་ཚར་ཅན རིན་པོ་ཆེ་ཡི་རྩེ་བྲན་བརྗིད དབུ་མའི་སྤྱན་ནི་དབྱིངས་ལ་གཟིགས ཡོངས་སྐུའི་སྤྱན་གྱིས་འགྲོ་བ་འདུལ༔ སྤྲུལ་སྐུའི་སྤྱན་གྱིས་ཁམས་གསུམ་འགུགས སྐུ་ལ་རྒྱུད་སྡེའི་དཀྱིལ་འཁོར་རྫོགས འབུམ་ཕྲག་ཡངས་པའི་མཁའ་འགྲོས་བསྐོར ཐུགས་ཀར་ཨཱརྻ་ཏཱ་རེ་མ༔ ལྗང་སྔོན་ཞལ་གཅིག་ཕྱག་གཉིས་ཚུལ དེ་ཡི་ཐུགས་ཀར་ཡེ་ཤེས་ཀྱི༔ ཕག་མོ་གནག་སྣུམ་གྲི་ཐོད་ཅན སེམས་དཔའ་སུམ་བརྩེགས་གནས་ལྔ་རུ ཕྱག་མཚན་ལྔ་དང་ས་བོན་ལྔས མཚན་པ་དེ་ལས་འོད་འཕྲོས་པས འོག་མིན་གནས་དང་མཁའ་སྤྱོད་ཞིང་༔ གཡུ་ལོ་བཀོད་དང་པདྨ་འོད༔ རང་བཞིན་གནས་ནས་ཡེ་ཤེས་པ་དྲངས་ཏེ་གཉིས་སུ་མེད་པར་བསྟིམ༔ ཧཱུྃ། ཡུལ་གྱི་མིང་ནི་རྒྱ་གར་ཡུལ གནས་ཀྱི་མཆོག་གྱུར་ཨོ་རྒྱན་གནས དྷཱུ་མ་ཐ་ལ་མཁའ་འགྲོའི་གྲོང་ གླིང་གི་གླིང་མཆོག་རྔ་ཡབ་གླིང་ དོན་ལ་འོག་མིན་བདེ་ཆེན་ཞིང་༔ རྣམ་པ་མཁའ་སྤྱོད་སྤྲུལ་པའི་གནས དགྱེས་ཤིང་བཞུགས་པའི་ཡུལ་ཀུན་ནས ཆོས་སྐུ་ཡུམ་ཆེན་འཚོ་རྒྱལ་མ འབུམ་ཕྲག་མཁའ་འགྲོའི་

(༣༣༣)འུྃ འཁོར་དང་བཅས བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ གནས་མཆོག་འདི་རུ་བྱིན་ཕོབ་ལ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར བགེགས་དང་ལོག་འདྲེན་བར་ཆོད་སོལ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཛྙཱ་ན་ཝཱ་རཱ་ཧཱི་ཕེ༚་ཕེ༚ སྤོས་རོལ་དང་བཅས་བྱིན་ཆེན་དབབ༔ ཏིཥྠ་བཛྲས་བརྟན་པར་བྱ བདེ་སྐྱོང་བུམ་པ་སྤྱི་བོར་བཞག ཧེ གསང་སྔགས་དམ་ཚིག་བླ་ན་མེད རང་བྱུང་ལྷུན་གྲུབ་བུམ་པའི་དབང་ སངས་རྒྱས་ཀུན་གྱི་གསང་གསུམ་གྱིས དབང་བསྐུར་དམ་པ་ཁྱོད་ལ་སྦྱིན ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཛྙཱ་ན་ཝ་རཱ་ཧཱི་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ སྤྱི་བོར་བཏུགས་ཤིང་ཧུབ་གང་བྱིན༔ མགྲིན་པར་བཞག་ཅིང་ལྕེ་ལ་བླུད ཧོ བྱང་ཆུབ་སེམས་ཀྱི་དམ་ཚིག་ནི རྩ་ཁམས་ཡི་གེའི་འཁོར་ལོར་བསྟིམ བརྗོད་པ་མེད་ལས་ཐམས་ཅད་སྐྱེས གྲགས་སྟོང་གསུང་གི་དབང་ཐོབ་ཤོག རྩ་སྔགས་དང་ བྷོ་དྷི་ཙིཏྟ་ཨ་དྷི་ཥིཉྩ་ཧཱུྃ བགྲང་ཕྲེད་བཟུང་ལ་སྔགས་རྗེས་ཟློས སིན་དྷུ་ར་ཡི་དཀྱིལ་འཁོར་གཏང་ལ ཧོ ཡེ་ཤེས་རྣམ་པ་ཐམས་ཅད་པ༔ དགའ་

(༣༣༤)བ་བཞི་ལ་ཡང་དག་བརྟེན ཐབས་ཤེས་འབྲེལ་བའི་དམ་ཚིག་གི ཕྱག་རྒྱ་ཆེན་པོ་ཁྱོད་ཀྱིས་ལོངས ཛ༔ཧཱུྃ་བཾ་ཧོ ཨ་ཧོ་མ་ཧཱ་སུ་ཁ སན་དྷུ་ར་ནི་སྙིང་གར་བྱུག དྲིལ་བུ་དཀྲོལ་ཞིང་དེའི་སྒྲ་ལ དཔོན་སློབ་གཉིས་ཀས་རིག་པ་གཏད༔ ཧོ སྒྲ་ནི་གྲགས་པ་ཉིད་ནས་སྟོང་༔ དེ་བཞིན་སེམས་ལ་ངོ་བོ་མེད༔ ངོ་བོ་མེད་པའི་གནས་ལུགས་ལ བལྟ་བྱ་སྤངས་ནས་ཡང་དག་ལྟོས ཨ་ཨ་ཞེས་བརྗོད་དོན་ངོ་སྤྲད དབང་བཞི་རྫོགས་པའི་དམ་ཚིག་ཏུ རྡོ་རྗེ་སློབ་དཔོན་མི་སྤང་ཞིང་ མར་ངོའི་ཚེས་བུ་རྒྱུན་མི་གཙང་༔ གཞོན་ནུ་མ་ལ་བསྙེན་བཀུར་བྱ༔ རྟག་ཏུ་བྱང་ཆུབ་སེམས་གཉིས་བསྒོམ གཙོ་བོས་ཇི་ལྟར་བཀའ་སྩལ་པ སོགས་དང་དགེ་བ་རྫོགས་བྱད་བསྔོ ས་མ་ཡ༔ ཆོ་ག་གཅིག་གིས་བྱིན་རླབས་དང་ རྗེས་གནང་དབང་བསྐུར་གསུམ་རྫོགས་པ དམ་ཚིག་འཆལ་བར་མི་གཏོང་ཞིང་ ཉམས་སུ་ལེན་པའི་གང་ཟག་ལས རྣལ་འབྱོར་མའི་སྒྲོལ་མའི་ཕག་མོའི་གཞན་དུ་སྤེལ་ན་བཀའ་ཆད་འབྱུང་ ས་མ་ཡ རྒྱ་རྒྱ་རྒྱ

(༣༣༥)འུྃ བརྡ་རྒྱ༔ གཏེར་རྒྱ སྦས་རྒྱ ཟབ་རྒྱ༔ ཡུམ་ཀ་བདེ་ཆེན་རྒྱལ་མོའི་ལོ་རྒྱུས་བཞུགས ཌཱཀྐི་ལ་ན་མོ༔ཆུ་མོ་སྤྲུལ་གྱི་ལོར སྐུའི་དབེན་གནས་སྒྲགས་ཀྱི་ཡང་རྫོང་དུ་ཚོགས་ཀྱི་འཁོར་ལོ་སྟོང་རྩ་དང་༔ མཁའ་འགྲོའི་མེ་མཆོད་སོགས་ཀྱི་ཆེད་གནས་འབྲལ་དུ་ལྷགས་པ་ལས རེ་ཞིག་ན་གཡོ་རུ་སྒྲགས་ཀྱི་གྲོང་མོ་ཆེ་དང་ཉེ་བ་འཚོ་རྒྱལ་བླ་མཚོར་སླེབས་པའི་ཚེ༔ མྱོང་གྲོལ་བདུད་རྩིའི་ཕུར་མ་དང་ མཚོ་དར་བཅས་ཕུལ་བ་སྲོག་ཆགས་འཛུལ་བ་ལྟར་དལ་རིམ་གྱིས་གཏིང་དུ་སོང་པའི་དར་མཇུག་མཚོ་ཁར་སྐྱ་ཡ་ལེར་བསྡད་སོང་བས་ངོ་མཚར་གྱི་སྣང་བ་ཅུང་ཟད་སྐྱེས༔ དེར་དག་པའི་ཤེས་པ་ལྷན་སྐྱེས་སུ་ཤར་ནས་ཐ་མལ་གྱི་སྣང་བ་སྤངས་པས་ཆུ་ལ་བཏུང་བ་དང་༔ ཉེ་རེག་བྱས་པའི་ཚེ སྐད་ཅིག་དེར་བུང་བ་ཤིན་ཏུ་གནག་པ་མེ་ཏོག་ཨུཏྤ་ལའི་རྣམ་པ་ལྟ་བུ་ཞིག་འཕུར་ལྡིང་བྱེད་པ་དང་༔ རྒྱུད་མངས་ཀྱི་སྒྲ་ལྟ་བུ་སྦོམ་ལ་འགྱུར་བ་ལན་གསུམ་

(༣༣༦)སྒྲོགས་པའི་རྐྱེན་ལས་ཐ་མལ་གྱི་སྣང་བ་གཏད་མེད་དུ་སོང་༔ སྣང་སེམས་ཆོས་ཉིད་གསུམ་འདྲེས་པའི་ཀློང་ནས་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྐུ་མདོག་དམར་གསལ་རིན་པོ་ཆེ་དང་རུས་པའི་རྒྱན་དྲུག༔ མེ་ཏོག་གི་དོ་ཤལ་འཕྱང་འཕྲུལ་དུ་གཡོ་བ་ཞིག་གིས༔ རང་གི་མངོན་པར་རྟོགས་པའི་ཆོ་གས་སྙིང་པོ་དང་བཅས་པ་ལེགས་པར་བསྟན་ནས༔ མཁའ་འགྲོ་ང་ནི་ཆོས་སྐུའི་ཀློང་ནས་འོང་༔ འགྲོ་དང་འོང་བའི་རྣམ་རྟོག་ཡོད་མ་ཡིན༔ བུ་མོ་ང་ནི་གནས་ཡུལ་ཉེར་བཞིའི་བདག༔ རྔ་ཡབ་དཔལ་རི་སྤྲུལ་པའི་ཞིང་ནས་འོང་ བཀོད་པ་ལུས་ལ་སྔགས་ཀྱི་ཡོན་ཏན་རྫོགས བུ་མོ་ང་ནི་དུས་གསུམ་རྒྱལ་བའི་ཡུམ ད་ལས་མ་སྐྱེས་དཀོན་མཆོག་གསུམ་ཡང་མེད མཁའ་འགྲོ་ང་བསྒྲུབས་སྐུ་གསུམ་དངོས་གྲུབ་ཐོབ གདུལ་བྱའི་འགྲོ་དོན་ལྷོ་ནུབ་ཕྱོགས་ལ་ཡོད རྟེན་འབྲེལ་མ་འཆོལ་ལས་ཅན་སྐྱེས་བུའི་ཚེ ཐིག་ལེ་དྲུག་གི་ཀློང་དུ་ངས་གསོས་བཏབ ཞེས་གསུང་བའི་མོད་ལ་མཁའ་འགྲོ་

(༣༣༧)འུྃ གསང་བའི་ཡི་གེ་རྫུ་འཕྲུལ་གྱི་བཀོད་པ་ཟད་མི་ཤེས་པ་དང་གཉིས་སུ་མེད་པར་འདྲེས་ནས་སྙིང་གི་དབུས་སུ་ཐིམ་པར་བྱས་སོ དེའི་ཚེ་ཆོས་རྗེ་བྲག་ཕུག་པ་མདུན་ན་ཡོད་པ་ནན་གྱིས་བཏུད་ནས་གཟིགས་སྣང་ཅི་བྱུང་ཞེས་དྲི་བར་མཛད་པས་བཏང་སྙོམས་སུ་འཇོག་པའི་རྟེན་འབྲེལ་ནི་སད གསང་བའི་དམ་ཚིག་ཞག་ལྔར་བསྲུངས་ནས་དམར་ཕྱོགས་ཀྱི་མཁའ་འགྲོ་འདུ་བའི་ཚེས་ལ་ཚོགས་དང་མཆོད་པའི་འདུ་བ་རྒྱ་ཆེན་པོ་དང་བཅས་ཡང་རྫོང་དུས་དགྲའི་དབང་པོའི་ཕོ་བྲང་དུ་རྟེན་འབྲེལ་ཟབ་མོའི་མཚམས་སྦྱོར་དང་བཅས་རྒྱ་ཁྲོལ ཚེ་འདས་དམན་དོན་འགྲུབ་སྒྲོལ་མའི་དགེ་རྩར་པར་ཏུ་བསྐྲུན་པའི་དགེ་བས་འགྲོ་ཀུན་བྱང་ཆུབ་སྙིང་པོའི་རྒྱུར་གྱུར་ཅིག །

(༣༣༨)

(༣༣༩)མཁའ་འགྲོའི་གསོལ་འདེབས་བསྡུས་པ་བཞུགས་སོ།

(༣༤༠)འུྃ སྐྱེ་མེད་དབྱིངས་ཀྱི་མཁའ་འགྲོ་ཀུན་ཏུ་བཟང་ འགག་མེད་ལོངས་སྐུའི་ཞིང་ན་ཝ་ར་ཧི། །གང་འདུལ་སྤྲུལ་སྐུ་ཡེ་ཤེས་འཚོ་རྒྱལ་མར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །སྐུ་གསུམ་རྒྱལ་བའི་སྤྱི་གཟུགས་བླ་ན་མེད། །མཁའ་འགྲོ་ཡོངས་ཀྱི་མིང་པོ་ཧེ་རུ་ཀ། །མཁྱེན་རྩེ་འོད་ཟེར་འཇིགས་མེད་གླིང་པ་ལ། །གསོལ་བ་འདེབས་སོ༴ གང་གི་བཀའ་གཏེར་བདུད་རྩི་རྒྱ་མཚོའི་བཅུད། །རྣམ་གསུམ་དད་པའི་ཡུ་བར་ལེགས་དྲངས་པའི། །འཇིགས་མེད་འཕྲིན་ལས་འོད་ཟེར་དཔལ་འབར་ལ་

(༣༤༡)འུྃ༔ གསོལ་བ་འདེབས་སོ༴ ཤེས་བྱ་ཀུན་གཟིགས་ཀུན་བཟང་གཞན་ཕན་པའི། །མདོ་བརྒྱུད་མན་ངག་གདམས་པའི་ཨ་མྲི་ཏས། །ལེགས་མྱོས་གང་འདུལ་སྤྱོད་པས་འགྲོ་ཁམས་སྒྲོལ། །ཧེ་རུ་ཀ་དཔལ་ཡེ་ཤེས་རྡོ་རྗེ་ལ། །གསོལ་བ་འདེབས་སོ༴ འཇིགས་བྲལ་རྒྱལ་བའི་བསྟན་པ་རིས་མེད་དུ། །སྤེལ་མཛད་སྐལ་བཟང་འགྲོ་བའི་གཉེན་གཅིག་པུ། །འཇམ་དཔལ་དབྱངས་དངོས་ཆོས་ཀྱི་བློ་གྲོས་ལ། །གསོལ་བ་འདེབས་སོ༴ ཀུན་མཁྱེན་བླ་མའི་གསུང་གི་གསང་བ་ཀུན། །བཟུང་ནས་འགྲོ་ལ་སྤེལ་

(༣༤༢)མཛད་སྤྲུལ་པའི་སྐུ། །རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་ལ། །གསོལ་བ་འདེབས་སོ༴ གདོད་མའི་མགོན་པོ་སྒྱུ་འཕྲུལ་དྲ་བའི་གར། །སྔ་འགྱུར་བསྟན་པའི་བདག་པོར་ཉེར་བཞེངས་པའི། །དང་པོའི་སངས་རྒྱས་མར་མ་སྡིང་པ་ལ། །གསོལ་བ་འདེབས་སོ༴ གང་གི་བྱིན་རླབས་ཟག་མའི་ནུས་མཐུ་ལས། །ཆོས་ཉིད་དོན་གྱི་བདེན་པ་ཉེར་གཟིགས་པའི། །རྩ་བའི་བླ་མ་ཟུར་རྗེ་གླིང་པ་ལ། །གསོལ་བ་འདེབས་སོ༴ དེ་ལྟར་གསོལ་བ་བཏབ་པའི་མཐུ་ནུས་ཀྱི། །ཚེ་འདིའི་མི་མཐུན་རྒུད་པ་ཀུན་ཟང་ནས། །ས་ལམ་ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ། །བདག་གཞན་དོན་གཉིས་ལྷུན་འགྲུབ་འབྲས་སྨིན་ཤོག །རྒྱལ་ཀུན་སྐྱེས་ཡུམ་བདེ་ཆེན་འཚོ་རྒྱལ་མའི། །གསོལ་འདེབས་ཚིགས་སུ་བཅད་པའི་གསུང་བར་འདི། །གཞི་མའི་རབ་བྱུང་དཔལ་ལྡན་བསྟན་འཛིན་ནས།

(༣༤༣)འུྃ༔ བསྐྲུན་པས་འགྲོ་ཀུན་ཐར་ལམ་མངོན་གྱུར་ཤོག །

(༣༤༤)

(༣༤༥)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ ཡུམ་ཀ་འཚོ་རྒྱལ་བདེ་ཆེན་རྒྱལ་མོའི་རྩ་བའི་སྒྲུབ་པ་བདེ་ཆེན་དཔལ་ཕྲེང་བཞུགས་སོ༔

(༣༤༦)འུྃ༔ མཁའ་འགྲོ་བདེ་ཆེན་རྒྱལ་མོར་འདུད༔ དཀྱིལ་འཁོར་ཟླ་གམ་སྒོ་གཅིག་དབུས༔ ཆོས་འབྱུང་དམར་པོ་ལྷ་མཚན་ཅན༔ དེ་སྟེང་བདེ་སྐྱོང་མ་དཱ་ན༔ ཡང་ན་རིན་ཆེན་སྨན་བཅུད་གཏམས༔ ཤེལ་དང་མེ་ལོང་སྲོག་གི་རྟེན༔ ཕྱི་ནད་མཆོད་པས་མཐའ་ནས་བསྐོར ནུབ་ཀྱི་ཕྱོགས་སུ་ཁ་བསྟན་ལ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ༈ ན་མོ སྐྱེ་མེད་ཡེ་ཤེས་མཁའ་འགྲོའི་སྐུ༔ འགགས་མེད་རང་བྱུང་རྣལ་འབྱོར་མ༔ རྒྱལ་ཡུམ་རྡོ་རྗེ་ཕག་མོ་ལ༔ འདུ་འབྲལ་མེད་པར་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སྨོན་འཇུག་སེམས་བསྐྱེད་ནི༔

(༣༤༧)འུྃ ཧོ འདི་ནས་བྱང་ཆུབ་མ་ཐོབ་བར༔ ཡེ་ཤེས་མཁའ་འགྲོ་ཁྱོད་བསྒྲུབ་ནས༔ ཕྱོགས་རིས་བྲལ་བའི་སེམས་ཅན་རྣམས༔ བདེ་ཆེན་ས་ལ་འགོད་པར་བགྱི༔ ལན་གསུམ༔ གསུམ་པ་མཆོད་གཏོར་བརླབ ཨོཾ་ཨཱཧཱུྃ་དངོས་པོར་འཛིན་པའི་རྣམ་རྟོག་ཀུན༔ ཕྱི་ནང་གསང་གསུམ་མཆོད་པའི་སྤྲིན༔ ཀུན་ཏུ་བཟང་པོའི་འདོད་ཡོན་ནི༔ ནམ་མཁའ་ལྟ་བུར་འཛད་པ་མེད༔ སརྦ་བཱུ་ཛ་ས་མ་ཡ་ཧོ༔ བཞི་པ་བསྐྱེད་རིམ་ཨ་ཏིང་སྒོམ༔ ཨཱ སྣང་བ་ཐམས་ཅད་ཡུམ་ལྔའི་ཀློང་༔ སྲིད་པ་ཐམས་ཅད་མཁའ་

(༣༤༨)འགྲོའི་ངལ༔ རྒྱུ་རྐྱེན་ལས་འདས་གཞལ་ཡས་ཁང་༔ ཐིག་ལེ་ཉག་གཅིག་ཆོས་དབྱིངས་སྒོ༔ བདེ་ཆེན་འབར་བའི་ཕོ་བྲང་དབུས༔ ཆུ་སྐྱེས་གེ་སར་བཞད་པའི་སྟེང་༔ ཉི་མའི་གདན་ལ་མཁའ་འགྲོའི་གཙོ༔ ཆོས་སྐུའི་ཀློང་ན་ཀུན་བཟང་མོ༔ ལོངས་སྐུའི་ཞིང་ན་ཝཱ་ར་ཧི༔ སྤྲུལ་སྐུ་ཡེ་ཤེས་འཚོ་རྒྱལ་མ༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར༔ གཅེར་མོ་མཉམ་པའི་ངོར་སྟབས་ཅན༔ ཤིན་ཏུ་ཆགས་དང་བཞད་པའི་ཞལ༔ ཕྱག་གཡས་ཐོད་པའི་ཅང་ཏེའུ༔ སྙན་གྱི་ཐད་ཀར་གཏོང་ཅིང་འཁྲོལ༔ གཡོན་པ་གྲི་གུག་ཡུ་བ་ནི༔ དཀུ་ལ་བརྟེན་ནས་མཆོག་ཏུ་འགྱིང་༔ བྷ་ག་རྒྱས་ཤིང་ནུ་མ་འབུར༔ རིན་པོ་ཆེ་དང་གཞོན་ནུའི་རྒྱན༔ པུཎྜ་རི་ཀའི་ངོ་ཤལ་འཕྱང་༔ རུས་པའི་རྒྱན་དྲུག་སྐུ་ལ་མཛེས༔ གནག་སྣུམ་དབུ་སྐྲའི་ལན་ཚར་ཅན༔ རིན་པོ་ཆེ་ཡི་རྩེ་བྲན་བརྗིད༔ དབུ་མའི་སྤྱན་ནི་དབྱིངས་ལ་གཟིགས༔ ལོངས་སྐུའི་སྤྱན་གྱིས་འགྲོ་བ་འདུལ༔ སྤྲུལ་སྐུའི་སྤྱན་གྱིས་ཁམས་གསུམ་འགུགས༔ སྐུ་ལ་རྒྱུད་སྡེའི་དཀྱིལ་འཁོར་རྫོགས༔ ཐུགས་ཀ་།།།

(༣༤༩)འུྃ༔ དཔལ་གྱི་བེའུའི་དབྱིངས༔ བསྐྱེད་རང་བྱུང་ཡོངས་གྲུབ་ལྷ༔ འཁོར་ལོ་རྩིབས་ལྔའི་ལྟེ་བར་རུ༔ ཀུན་གཞི་ཡིད་ཆོས་གནས་དག་པའི༔ ཁྱབ་གདལ་རིག་པ་ཀུན་ཏུ་བཟང་༔ སྣང་སྟོང་གཉིས་མེད་ཡུམ་དང་སྦྱོར༔ རྩིབས་ལྔར་གཟུགས་ཚོར་འདུ་ཤེས་དང་༔ འདུ་བྱེད་རྣམ་ཤེས་དག་པའི་ལྷ༔ རྣམ་སྣང་རིན་འབྱུང་སྣང་མཐའ་དང་༔ དོན་གྲུབ་རྡོ་རྗེ་མི་བསྐྱོད་པར༔ ས་ཆུ་སྤྱན་དང་མཱ་མ་ཀཱི༔ མེ་རླུང་གོས་དཀར་དམ་ཚིག་སྒྲོལ༔ ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་ལྔར༔ གནས་དག་རིགས་ཀྱི་ཡུམ་ལྔས་འཁྲིལ༔ གཡས་ཕྱོགས་དབང་པོའི་རྩ་བཞི་ལ༔ རྣམ་ཤེས་དག་པའི་ནང་སེམས་བཞིར༔ ཡུལ་བཞི་དག་པའི་སེམས་མས་འཁྲིལ༔ མིག་ལས་སྙིང་སྒྲེག་མོ་མ༔ རྣ་བར་ཕྱག་རྡོར་གྲུ་མ་གཉིས༔ སྣ་ལ་ནམ་སྙིང་ཕྲེང་བ་མོ༔ ལྕེ་ལ་སྤྱན་རས་གཟིགས་གར་མ༔ གཡོན་ཕྱོགས་དབང་པོའི་རྩ་བཞི་ལ༔ དབང་པོ་དག་པའི་ཕྱི་སེམས་བཞིར༔ དུས་བཞི་དག་པའི་སེམས་མས་འཁྲིལ༔

(༣༥༠)མིག་ལ་བྱམས་པ་བདུག་སྤོས་མ༔ རྣ་བར་སྒྲིབ་སེལ་མེ་རྟོག་ཅན༔ སྣ་ལ་ཀུན་བཟང་ཨཱ་ལོ་ཀེ༔ ལྕེ་ལ་འཇམ་དཔལ་དྲི་ཆབ་མ༔ དཔྲལ་བ་ལྕེ་དང་སྙིང་ག་དང་༔ ལྟེ་བ་གསང་གནས་རྐང་མཐིལ་གཡོན༔ འཇིག་རྟེན་དྲུག་དང་ཉོན་མོངས་ལྔ༔ སེར་སྣར་ལྟ་བ་གནས་དག་པའི རིག་པའི་སྐྱེས་བུ་ཐུབ་པ་དྲུག༔ ཡན་ལག་བཞི་ལ་སེམས་ཅན་གྱི༔ ལུས་ཀྱི་རྣམ་པར་ཤེས་པ་དང་༔ དབང་པོ་རེག་བྱ་རེག་ཤེས་བཞི༔ གནས་དག་སྒོ་བ་ཡབ་བཞི་ལ༔ རྟག་ཆད་ལྟ་དང་བདག་ལྟ་དང་༔ མཚན་མར་ལྟ་བོ་གནས་དག་ཡུམ༔ ལག་གཡས་གཤིན་རྗེ་ལྕགས་ཀྱུ་མ༔ གཡོན་པར་སྟོབས་ཆེན་ཞགས་པ་མོ༔ རྐང་གཡོན་རྟ་མགྲིན་ལྕགས་སྒྲོག་མ༔ གཡས་པར་བདུད་རྩི་འཁྱིལ་དྲིལ་བུ༔ ཚད་མེད་བཞི་ཡི་ཕྲིན་ལས་ཅན། དག་བྱ་དག་བྱེད་རྫོགས་པ་ལས༔ ཡོངས་གྲུབ་གདན་གསུམ་ཚང་བའི་ལྷ༔ སྣང་ལ་རང་བཞིན་མེད་པར་གསལ༔ དེ་ཡི་བ་སྤུའི་བུ་ག་ལ༔ ཁྲག་འཐུང་རྒྱུད་སྡེའི་དཀྱིལ་འཁོར་ནི༔ མ་ལུས་ལུས་པ་མེད་པར་རྫོགས༔ ཀུན་ཀྱང་སྐུ་མདོག་ཕྱག་

(༣༥༡)འུྃ༔ མཚན་དང་༔ རྣམ་འགྱུར་མ་ངེས་སྒྱུ་འཕྲུལ་ནི༔ རང་བྱུང་རང་ཤར་ཆེན་པོའོ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོས་བསྐོར༔ རིགས་བདག་པདྨ་ཐོད་ཕྲེང་རྩལ ཨཱ་ཙརྱ་གཞོན་དཀར་གསལ་འཛུམ༔ ཧེ་རུ་ཀ་པ་ཅང་དྲིལ་འཁྲོལ༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད༔ བསྒོམས་པ་ཙམ་གྱིས་དངོས་གྲུབ་ཐོབ༔ ས་མ་ཡ༔ ལྔ་པ་སྤྱན་འདྲེན་གདུང་བའི་བློས༔ ཧཱུྃ ཡུལ་གྱི་མིང་ནི་རྒྱ་གར་ཡུལ༔ གནས་ཀྱི་མཆོག་གྱུར་ཨུ་རྒྱན་གནས༔ དྷུ་མ་ཐ་ལ་མཁའ་འགྲོའི་གྲོང་༔ གླིང་གི་གླིང་མཆོག་རྔ་ཡབ་གླིང་༔ དོན་ལ་འོག་མིན་བདེ་ཆེན་ཞིང་༔ རྣམ་པ་མཁའ་སྤྱོད་སྤྲུལ་པའི་གནས༔ དགྱེས་ཤིང་བཞུགས་པའི་ཡུལ་ཀུན་ནས༔ ཆོས་སྐུ་ཡུམ་ཆེན་འཚོ་རྒྱལ་མ༔ འབུམ་ཕྲག་མཁའ་འགྲོའི་འཁོར་དང་བཅས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་

(༣༥༢)སྩོལ༔ ཨོཾ་ཨཱཧཱུྃ་བཛྲ་ཛྙཱ་ན་ཌཱཀྐི་ནི་ཨེ་ཨ་ར་ལི་ཕེ༚་ཕེ༚་ཛ༔ དྲུག་པ་བཞུགས་གསོལ་ཕྱག་འཚལ་བ༔ ཧོ༔ གདོད་ནས་དམ་ཚིག་ཡེ་ཤེས་པ༔ གཉིས་སུ་མེད་པ་རྡོ་རྗེའི་སྟན༔ མཁའ་འགྲོ་སེམས་ཀྱི་ཆོ་འཕྲུལ་དུ༔ ལྷན་ཅིག་སྐྱེས་ལ་ཕྱག་འཚལ་ལོ༔ ན་མོ་ན་མ་ཧཱུྃ༔ བདུན་པ་འདོད་ཡོན་མཆོད་པ་འབུལ༔ ཧོ སྣང་ཞིང་སྲིད་པའི་ཆོས་སོ་ཅོག༔ འདོད་ཡོན་ལྔ་ཡི་རྒྱན་དུ་ཤར༔ སེམས་ཀྱི་ཡིད་བཞིན་གཏེར་ཆེན་པོ༔ བླང་དོར་མེད་པའི་དགྱེས་མཆོད་འབུལ༔ བཛྲ་ཛྙཱ་ན་ཌཱཀྐི་ནི་པུཥྤེ་ ནས་ ཤཔྟ། མ་ཧཱ་མུ་དྲ་རཀྟ་པཉྩ་བ་ལིངྟ་སརྦ་བཱུ་ཛ་ཨཱཧཱུྃ༔ བརྒྱད་པ་བསྟོད་ཅིང་སྨོན་ལམ་བཏབ༔ ཧཱུྃ རྒྱལ་བ་ཀུན་ཡུམ་རྡོ་རྗེ་རྣལ་འབྱོར་མ༔ སྣ་ཚོགས་ཡུམ་གྱུར་ཤེས་རབ་ཕ་རོལ་ཕྱིན༔ དགྱེས་ཆགས་བཞད་པའི་རྣམ་འགྱུར་འཚོ་རྒྱལ་ཡུམ༔ སངས་རྒྱས་པདྨའི་ལྕམ་ལ་ཕྱག་འཚལ་བསྟོད༔ མཐོང་བས་ཡིད་འཕྲོག་མཚན་དཔེའི་ལང་ཚོན་ཅན༔ ཐོས་བས་རྣམ་གྲོལ་འགག་མེད་བརྡ་ཡི་གསུང་༔ དྲན་པས་བདེ་སྟོང་ཡེ་ཤེས་བསྐྱེད་པའི་ཐུགས༔ ཌཱཀྐའི་རྗེ་མོ་མཁར་ཆེན་བཟའ་ལ་བསྟོད༔

(༣༥༣)བཅུ་དྲུག་དགའ་སྟེར་མཆོག་གི་ཕོ་ཉ་མོའི༔ གསལ་སྣང་སྒྱུ་མའི་ཏིང་འཛིན་དང་འགྲོགས་པས༔ ཕྱི་ནང་གཞན་གསུམ་རྩ་རླུང་ཐིག་ལེའི་ཁམས༔ ཀུན་ཏུ་བཟང་མོའི་ཀློང་དུ་དག་གྱུར་ཅིག༔ འདི་ལྟར་སྒྲུབ་པའི་འཛབ་དགོངས་ནི༔ རང་ཉིད་མཁའ་འགྲོའི་ཐུགས་ཀ་རུ༔ ཕག་མོ་མཐིང་ནག་གྲི་ཐོད་ཅན༔ སྙིང་དབུས་དགའ་འཁྱིལ་བཾ་མཚན་མཐར༔ སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས༔ ལྷ་སྐུའི་སྣང་ཞེན་གསལ་བར་བྱས༔ རིགས་བདག་བླ་མའི་ཐུགས་རྒྱུད་བསྐུལ༔ དེ་ལས་འོད་འཕྲོས་དོན་གཉིས་བྱས༔ བླ་མའི་སྐུ་ལས་བདུད་རྩིའི་རྒྱན༔ ཟག་མེད་བདེ་བ་ཆེན་པོར་བབས༔ དགའ་བ་བཞི་ཡི་བྱེད་ལས་ཀྱིས༔ དབང་བཞིའི་ཡེ་ཤེས་ཉམས་སུ་མྱོང་༔ ཨོཾ་པདྨོ་ཡོ་གི་ནི་ཛྙཱ་ན་ཝཱ་རཱ་ཧཱི་ཧཱུྃ༔ ཞེས་རྩ་སྔགས་དང་༔ ལུས་དཀྱིལ་ལ་དམིགས་ནས༔ ཨོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རྒྱལ་ཐབས་སྤྱི་བླུགས་ཚངས་པའི་དབང་༔ བསྐུར་ཐོབ་མེད་པའི་ཆོས་ཉིད་ལ༔ མཉམ་པར་གཞག་པ་གནང་

(༣༥༤)ཀྱི་གཟེར༔ བསྐྱེད་རྫོགས་རྣམ་གྲངས་མང་མི་དགོས༔ འདི་ཉིད་གཅིག་པུས་དངོས་གྲུབ་ཐོབ༔ ས་མ་ཡ༔ རྟགས་ཀྱི་རིམ་པ་བསམ་ཡས་ཀྱང་༔ མཆོག་ལ་དགོངས་པ་གཡོ་འགུལ་མེད༔ ཐུན་མོང་མཁའ་འགྲོ་འདུ་བ་དང་༔ ཛཇི་སྙེད་མཁྱེན་པའི་ཀློང་རྡོལ་བས༔ སྣང་བ་བརྡ་དང་ཆོས་སྐུར་འཆར༔ ཉམས་དགའ་བག་ཕེབ་རིག་པ་དངས༔ མཁའ་སྤྱོད་གྲུབ་སོགས་ཡོན་ཏན་བརྒྱད༔ དངོས་སུ་གྲུབ་ཅིང་རྨི་ལམ་དུ༔ བུད་མེད་དམར་མོ་འདུ་བ་དང་༔ མེ་ཏོག་དུང་མགྲོན་ཤེལ་དཀར་རྙེད༔ མངའ་དང་ཕྱག་མཚན་མཐོང་བ་སོགས༔ མཁའ་འགྲོ་འགྲུབ་པའི་རྟགས་སུ་བཤད༔ ཕྲིན་ལས་ཁ་བསྒྱུར་གཞན་དུ་ཤེས༔ ས་མ་ཡ༔ རྗེས་ཀྱི་རིམ་པ་ཚོགས་སྐོད་ནི༔ བསོད་ནམས་ནང་ནས་ཚོགས་འཁོར་མཆོག༔ མཁའ་འགྲོ་འདུ་བའི་དམ་ཚིག་རྫས༔ ནང་མཆོད་ཁྱད་པར་བཟང་དུ་བཤམ༔ ཧོ བདེ་བ་ཆེན་པོའི་སྣོད་མཆོག་ཏུ ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་ནི༔ བླང་དོར་མེད་པའི་དམ་ཚིག་རྫས༔ ཨོཾ་ཨཱཧཱུྃ་གིས་བདུད་རྩིར་གྱུར༔ ཚོགས་ཕུང་རིམ་པ་གསུམ་དུ་སྤྲོས༔ ཧཱུྃ་འོག་མིན་གནས་དང་མཁའ་སྤྱོད་ཞིང་༔ དཔའ་བོ་མཁའ་འགྲོ་འདུ་བའི་གནས༔ ཉི་ཤུ་རྩ་བཞི་

(༣༥༥)འུྃ༔ སྤྲུལ་པའི་ཡུལ༔ ནང་ལྟར་རྡོ་རྗེ་ཕུང་པོའི་གྲོང་༔ སྤྱི་བོ་ཛ་ལནྡྷར་དང་༔ སྨིན་མཚམས་པུལིླ་ར་མ་ལ༔ ལྟག་པའི་རྩ་ཁམས་ཨརྦུ་ཏ༔ མཛོད་སྤུ་རཱ་མེ་ཤྭ་རཱ་དང་༔ རྣ་བ་གཡས་པ་ཨོ་རྒྱན་ཡུལ༔ གཡོན་པ་གོ་དྷ་ཝ་རཱིའི་ཞིང་༔ མིག་གཉིས་དེ་ཝཱི་ཀོ་ནཱ་དང་༔ ཕྲག་པ་མཱ་ལ་ཝ་བརྒྱད་ན༔ བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ མཁའ་འགྲོ་དང་ནི་མཁའ་འགྲོ་མ༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ ལྕང་ལོའི་ཟར་བུ་ཏ་ལ་ལ༔ སྙན་ཆ་གདུ་བུ་ཀྱི་ལི་ལི༔ རུས་རྒྱན་གཡེར་ཁ་ཁྲོ་ལོ་ལོ༔ ཅང་ཏེའུ་དྲིལ་བུའི་སྒྲ་དང་བཅས༔ རྡོ་རྗེའི་གླུ་དང་གར་ལ་རོལ༔ འདོད་ཡོན་ལོངས་སྤྱོད་ཚོགས་སུ་འབུལ༔ དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཕྱི་ནང་བར་གཅོད་དབྱིངས་སུ་སྒྲོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ༈ ལོངས་སྤྱོད་འཁོར་ལོར་ལམ་བཱ་ཀ༔ མཆན་དང་མཁལ་ཁུང་ཀཱ་མ་རཱུ༔ ནུ་མ་གཉིས་ནི་

(༣༥༦)ཨོ་ཊི་སྟེ༔ ལྟེ་བ་ཏྲི་ཤ་ཀུ་ནའི་གྲོང་༔ སྣ་ཡི་རྩེ་མོ་ཀོ་ས་ལ༔ ཡ་རྐན་ཀ་ལིངྐ་ཡི་ཡུལ༔ སྙིང་ག་པཉྩི་ཀ་དང་ནི༔ ཧི་མཱ་ལ་ཡི་གྲོང་ཁྱེར་ན༔ བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ མཁའ་འགྲོ་དང་ནི་མཁའ་འགྲོ་མ༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ ལྕང་ལོའི་ཟར་བུ་ཏ་ལ་ལ༔ སྙན་ཆ་གདུ་བུ་ཀྱི་ལི་ལི༔ རུས་རྒྱུན་གཡེར་ཁ་ཁྲོ་ལོ་ལོ༔ ཅང་ཏེའུ་དྲིལ་བུའི་སྒྲ་དང་བཅས༔ རྡོ་རྗེའི་གླུ་དང་གར་ལ་རོལ༔ འདོད་ཡོན་ལོངས་སྤྱོད་ཚོགས་སུ་འབུལ༔ དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཕྱི་ནང་བར་ཆད་དབྱིངས་སུ་སྒྲོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ༈ མཚན་མ་བྲེ་ཏ་པུ་རིའི་ཞིང་༔ བཤང་ལམ་གྲྀ་ཧ་དེ་ཝཱའི་ཡུལ༔ མཐེ་བོར་མ་རོ་བརླ་རཥྚ བྱིན་བ་སུ་ཝརྞ་དྭཱི་པ༔ སོར་མོ་བཅུ་དྲུག་ནཱ་ག་ར༔ པུས་མོ་ཀུ་ལནྟཱ་དང་ནི༔ བོལ་གོང་སིནྡྷུའི་གྲོང་ཁྱེར་ན༔ བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ མཁའ་འགྲོ་དང་ནི་མཁའ་འགྲོ་མ༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔

(༣༥༧)འུྃ༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ ལྕང་ལོའི་ཟར་བུ་ཏ་ལ་ལ༔ སྙན་ཆ་གདུ་བུ་ཀྱི་ལི་ལི༔ རུས་རྒྱན་གཡེར་ཁ་ཁྲོ་ལོ་ལོ༔ ཅང་ཏེའུ་དྲིལ་བུའི་སྒྲ་དང་བཅས༔ རྡོ་རྗེའི་གླུ་དང་གར་ལ་རོལ༔ འདོད་ཡོན་ལོངས་སྤྱོད་ཚོགས་སུ་འབུལ༔ དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཕྱི་ནང་བར་གཅོད་དབྱིངས་སུ་སྒྲོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཚོགས་སྐོང་སྒྲེལ་མ་བྱེད་ན༔ ཧོ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་དགོངས་སུ་གསོལ༔ འདོད་ཆགས་ཞེ་སྡང་གཏི་མུག་དབང་གྱུར་བས༔ ལུས་ངག་སེམས་ཀྱིས་སྡིག་སྦྱང་མཐོལ་ཞིང་བཤགས༔ ཐེག་པ་དམན་པའི་དབང་དུ་གྱུར་པས་ན༔ ཡང་དག་དོན་མ་རྟོགས་པ་མཐོལ་ལོ་བཤགས༔ སྙིང་རྗེ་ཆུང་ཞིང་ཞེ་སྡང་དབང་གྱུར་པས༔ འགྲོ་བའི་དོན་མ་བགྱིས་པ་མཐོལ་ཞིང་བཤགས༔ ལེ་ལོ་གཉིད་ཀྱི་དབང་དུ་གྱུར་པ་ཡིས༔ སྒོམ་དང་སྒྲུབ་པ་གཡེལ་བ་མཐོལ་ཞིང་བཤགས༔ སེར་སྣ་འཇུར་གེགས་དབང་དུ་གྱུར་པས་

(༣༥༨)ན༔ མཆོད་པ་ལོ་ཟླར་འདས་པ་མཐོལ་ཞིང་བཤགས ང་རྒྱལ་ཁེངས་སེམས་དབང་དུ་གྱུར་པས་ན༔ བླ་མའི་སྐུ་གསུང་ཐུགས་དང་འགལ་བ་བཤགས༔ བརྩེ་གདུང་ཆུང་བའི་དབང་དུ་གྱུར་བས་ན༔ གྲོགས་མཆེད་ཐུགས་དང་འགལ་བ་མཐོལ་ཞིང་བཤགས༔ ཟླ་གྲོགས་ངན་པའི་དབང་དུ་གྱུར་པས་ན༔ ཕུད་དང་ལྷག་མར་གྱུར་པ་མཐོལ་ཞིང་བཤགས ཕུད་དང་ལྷག་མ་ཉམས་པའི་སྐྱོན་དབང་གིས༔ ཕུད་ཉུལ་ཐུགས་དང་འགལ་བ་མཐོལ་ཞིང་བཤགས༔ ཕུད་ཉུལ་ཐུགས་དང་འགལ་བའི་སྐྱོན་དབང་གིས༔ མཁའ་འགྲོའི་བཀའ་ཆད་གནས་གྱུར་མཐོལ་ལོ་བཤགས༔ སྒྲོལ་བའི་དུས་ན་སྙིང་རྗེ་ཆུང་བ་ཡིས སེམས་ཅན་གནས་མ་སྟོབས་བ་མཐོལ་ལོ་བཤགས ཉོན་མོངས་གནས་མ་སྟོབས་པའི་སྐྱོན་དབང་གིས༔ ཡུན་གྱི་སྒྲིབ་པར་གྱུར་པ་མཐོལ་ལོ་བཤགས སྦྱོར་བའི་དུས་སུ་ཏིང་འཛིན་མ་གསལ་བས༔ གཟུངས་མའི་ཐུགས་དང་འགལ་བ་བཟོད་པར་གསོལ༔ གཟུངས་མའི་ཐུགས་དང་འགལ་བའི་སྐྱོན་དབང་གིས༔ ཆགས་

(༣༥༩)འུྃ ཤིང་འཁོར་བར་སྐྱེ་བ་མཐོལ་ལོ་བཤགས༔ བཤགས་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཞེས་སྙིང་ཐག་པ་ནས་བཤགས་པས་དམ་ཚིག་ཉམས་ཆག་སོར་ཆུད་པར་འགྱུར་རོ༔ དེ་ནས་ལྷག་མ་ནི་ཁ་ཕྲུས་བཏབ་ལ༔ ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ནཱ་ཨཱ་དྱ་ནུ་ཏྤནྣ་ཏྭ་ཏ་ཨོཾ་ཨཱཧཱུྃ་ཕཊ་སྭཱ་ཧཱ༔ ཕཻཾ ལྷག་ལ་དབང་བའི་བཀའ་ཉན་ནི༔ མཁའ་འགྲོ་སུམ་ཅུ་རྩ་གཉིས་དང་༔ གིང་ཆེན་ཁྱོ་ཤུག་ལངྐ་འབུམ༔ ཕོ་ཉ་སུམ་བརྒྱ་དྲུག་ཅུའི་སྡེ༔ མགྱོགས་མ་བཞི་དང་འབར་མ་བརྒྱད༔ མ་མོ་བདུན་དང་སྲིད་མོ་བཞི༔ ཤུགས་འགྲོ་གནས་ཉུལ་ཕྲ་མེན་རྣམས༔ ལྷག་ལ་གདུང་ཞིང་ཚོགས་ཁང་འགྲིམ༔ ཕམ་ཕབ་བཟང་པོ་འདི་བཞེས་ལ༔ མི་མཐུན་རྐྱེན་དན་བར་ཆད་སོལ༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད༔ ཅེས་ཕྱི་རོལ་དུ་དོར༔ །ཐུགས་དམ་བསྐུལ་བ་ནི༔ ཧཱུྃ་བཞེངས་ཤིག་མཁའ་འགྲོ་འདུས་པའི་ལྷ༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ བྱང་ཆུབ་བསྒྲུབ་པའི་བར་ཆད་ཐུལ༔ སྣོད་བཅུད་འབྱུང་བའི་རྒུད་པ་སོལ༔

(༣༦༠)རྩ་རླུང་དབང་ཐང་ཉམས་པ་གསོས༔ སྒྲུབ་པའི་འབྲས་བུ་མཆིས་པར་མཛོད༔ ཆད་ཐོ་བྱ་བ་ནི༔ ཧཱུྃ དུས་གསུམ་ལས་འདས་ཀུན་ཏུ་བཟང་༔ རང་བཞིན་རྣམ་དག་འོག་མིན་དུ༔ གདན་གསུམ་ཚང་བའི་སྟོན་འཁོར་གྱིས༔ གསང་ཆེན་རྡོ་རྗེའི་ཆོས་འཁོར་བསྐོར༔ དངོས་འཛིན་དག་པའི་ལྷ་གནས་གསུམ༔ རྒྱུད་སྡེ་འབྱུང་བའི་གནས་སུ་བསྟན༔ སྔགས་ནི་ལས་ཅན་སྤྲུལ་པའི་ངོར༔ རང་བཞིན་ཉིད་དུ་འབྱུང་བའི་ཚེ༔ སྒྲགས་མདའ་འཚོ་རྒྱལ་བླ་མཚོ་རུ༔ དཔལ་ལྡན་རང་བྱུང་རྡོ་རྗེའི་རྒྱུད༔ གནས་གསུམ་མཁའ་འགྲོས་བྱིན་བརླབས་ཤིང་༔ སྲིད་ལེན་མེད་པའི་བརྡ་ཡིག་ལས༔ འཛད་མེད་གཏེར་གྱི་སྒོ་ཕྱེ་ཚེ༔ འཁྲུལ་པ་གཞི་ལ་དག་པ་ཡི༔ རྟེན་འབྲེལ་བཞིན་དུ་ཕྲིན་ལས་མཛོད༔ བསྟན་མ་སྐྱོང་བ་ནི༔ ཧཱུྃ༔ དཔལ་གྱི་བཀའ་ཉན་བོད་ཁམས་སྐྱོང་༔ མ་སྲིང་བསྟན་མ་བཅུ་གཉིས་རྣམས་འདིར་བྱོན་གཏོར་མའི་བཤལ་ཆུ་བཞེས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ རྟ་བྲོ་བྱ་བ་ནི། ཧཱུྃ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་འདིར༔ ལོག་པར་

(༣༦༡)འུྃ འདྲེན་པའི་དམ་སྲི་ཀུན༔ མནན་ནོ་ཐེག་པ་རིམ་དགུའི་རྒྱ༔ ནམ་ཡང་ལྡང་བར་མ་གྱུར་ཅིག སྟཾྭ་བྷ་ཡ་ནན དེ་ནས་མཆོད་ཅིང་བསྟོད་ལ༔ དངོས་གྲུབ་བླང་བ་ནི༔ ཧོ མཁའ་འགྲོ་སྒྲུབ་པའི་དམ་ཚིག་ད་ནངས་ཐེམས དངོས་གྲུབ་སྩོལ་བའི་དུས་ལ་ད་བབ་ན༔ མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དབང་བཅུའི་སྟོབས༔ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ༔ ཨོཾ་པདྨོ་ཡོ་གི་ནི་ཛྙཱ་ན་ཝཱ་རཱ་ཧཱི་བཛྲ་ཀཱ་ཡ་ཝཱ་ཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོ༔ སྒྲུབ་རྫས་གནས་གསུམ་གཏུགས་ཤིང་མྱོང་༔ ནོངས་པ་བཤགས་པ་ནི༔ ཧཱུྃ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ༔ མཆོད་རྫས་མ་ཚང་སྒྲུབ་པ་གཡེལ༔ ཏིང་འཛིན་བྱིང་རྨུགས་འཐིབས་ལ་སོགས༔ འགལ་འཁྲུལ་ནོངས་པ་བཟོད་པར་གསོལ༔ ཨོཾ་བཛྲ་སཏྭ་སོགས་བརྗོད༔ རྫོགས་རིམ་ནི༔ ཧོ ཆུ་ལས་ཆུ་བུར་རྡོལ་བ་བཞིན༔ རང་ལས་སྤྲུལ་པའི་དཀྱིལ་འཁོར་ལྷ༔ ཡེ་ཤེས་དབྱིངས་སུ་བཛྲ་མུ༔ རྗེས་ཐོབ་སྒྱུ་མའི་ལྷ་སྐུར་

(༣༦༢)ལྡང་༔ བསྔོ་བ་ནི༔ ཧོ མཁའ་འགྲོ་མ་ཡི་དཀྱིལ་འཁོར་དུ༔ བསྐྱེད་རྫོགས་བཟླས་བརྗོད་བགྱིས་པ་ཡི༔ དགེ་བའི་རྩ་བ་གང་ལགས་པ༔ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ སྨོན་ལམ་ནི༔ ཧོ སྣང་སྲིད་ཐམས་ཅད་དག་པ་མཁའ་སྤྱོད་ཞིང་༔ བདེ་ཆེན་འགྱུར་མེད་རྡོ་རྗེ་རྣལ་འབྱོར་མ༔ རྣམ་ཀུན་མཆོག་ལྡན་དོན་གྱི་ཕག་མོ་དང་༔ རང་ཞལ་མཇལ་ཏེ་མངོན་པར་བྱང་ཆུབ་ཤོག༔ བཀྲ་ཤིས་ནི༔ ཧོ རིག་འཛིན་བརྒྱུད་པའི་བྱིན་རླབས་དང་༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ འཇིགས་བརྒྱད་ཞི་བའི་བཀྲ་ཤིས་ཤོག༔ ཚེ་བསོད་རྒྱས་པའི་བཀྲ་ཤིས་ཤོག༔ སྣང་བ་དབང་འདུས་བཀྲ་ཤིས་ཤོག༔ ལོག་འདྲེན་ཚར་གཅོད་བཀྲ་ཤིས་ཤོག༔ སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས༔ སྒྲར་གྲགས་བདེ་ཆེན་སྔགས་སུ་དག༔ དྲན་རྟོག་འོད་གསལ་ཆོས་སྐུར་སྨིན༔ འཇའ་ལུས་ཟང་ཐལ་བཀྲ་ཤིས་ཤོག །གཞན་ཡང་བཀྲ་ཤིས་གང་རྒྱས་བྱའོ༔ ས་མ་ཡ གཏེར་རྒྱ ཟབ་རྒྱ་རིག་འཛིན་འཇིགས་མེད་གླིང་པས་སྒྲགས་མདའ་འཚོ་རྒྱལ་བླ་མ་ཚེར༔ མཁའ་འགྲོ་རང་བྱུང་རྒྱལ་མོའི་ཐུགས་ཀ་ནས༔ དཔལ་ལེན་པ་མེད་པའི་མཁའ་འགྲོའི་བརྡ་རིས་

(༣༦༣)འུྃ༔ སྤྱན་དྲངས་བ་ལས་བསྒྱུར་བསླད་ནས་ཆོག་ཁྲིགས་སུ་སྡེབས་པའོ༔ ༈ རང་བྱུང་རིག་པ་མངོན་གྱུར་ནས། །གདོད་མའི་སངས་རྒྱས་སར་གཤེགས་པའི། །མཁྱེན་བརྩེ་འཇིགས་མེད་གླིང་པ་ལ། །འདས་རྗེས་གླེགས་བམ་བབས་པའི་དོན། །ཡུམ་ཀ་བདེ་ཆེན་རྒྱལ་མོ་ཡི། །རྩ་སྒྲུབ་བདེ་ཆེན་དཔལ་འཕྲེང་འདི། །ཁེ་གཞིས་ཚེ་རིང་དོན་འགྲུབ་དང་། །མཆེད་སྤུན་བསོད་ནམས་རྒྱལ་པོ་ཡི། །པར་བརྐོས་དགེ་བས་སྙིང་ཐིག་གི། བསྟན་པ་ཕྱོགས་བརྒྱར་འཕེལ་བ་དང་། །སྦྱིན་བདག་ཚེ་བསོད་ལོངས་སྤྱོད་རྒྱས། །འགྲོ་ཕན་བྱང་ཆུབ་མྱུར་ཐོབ་ཤོག །བཀྲ་ཤིས།

(༣༦༤)

(༣༦༥)ཀློང་ཆེན་སྙིང་ཐིག་ལས། ཡུམ་ཀ་བདེ་ཆེན་རྒྱལ་མོའི་རྩ་བའི་བསྙེན་ཡིག་དང་། ཡང་གསལ་ལུས་དཀྱིལ་མངོན་བརྗོད་བཅས་བཞུགས་སོ། ། ༈ དུས་གསུམ་རྒྱལ་དང་རྒྱལ་སྲས་ཀྱི། །ཡུམ་གྱུར་རྡོ་རྗེ་ཆོས་དབྱིངས་མའི། །རྣམ་རོལ་བདེ་ཆེན་རྒྱལ་མོ་ལ། །འདུད་དོ་དངོས་གྲུབ་རྣམ་གཉིས་སྩོལ། །ཡུམ་ཀའི་བསྙེན་སྒྲུབ་བྱེད་པར་འདོད་པས་མཁའ་འགྲོ་འདུ་བའི་གནས་ཁྱད་པར་ཅན་དུ། རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་ཟླ་གམ་སྒོ་གཅིག་པོ་མདུན་བསྟན་གྱི་ལྟེ་བར་ཆོས་འབྱུང་དམར་པོ་བཾ་ཡིག་གིས་མཚན་པའི་སྟེང་། བྷནྡྷ་བཟང་པོ་ཆང་དང་ཆོས་སྨན་སིནྡྷུ་རས་

(༣༦༦)བྲན་པ་ཉིད་ཡུན་རིང་སྒྲུབ་ན་ཁ་མར་ཁུས་བཅད་པའམ། ཡང་ན་སྐམ་རྫས་རིན་པོ་ཆེ་དང་། མགྲོན་བུ་སྨན་བཅུད་འབྲུ་སྣ་བཟང་པོས་གཏམས་པས་ཀྱང་རུང་དེའི་ཁར་མེ་ལོང་ལ་སིནྡྷུ་རས་བཅགས་པར་གཞོན་ནུ་མའི་རྡུལ་གྱིས་ཆོས་འབྱུང་བསྣོལ་མ་བྲིས་པའི་དབུས་སུ་བཾ། མདུན་ནས་གཡོན་བསྐོར་གྱིས་ཆོས་འབྱུང་གི་གྲ་རེར་ཛྙཱ་ན་ཝཱ་ར་ཧཱི་ཧཱུཾ ཞེས་ཡིག་འབྲུ་རེ་བཀོད་པའི་སྟེང་ཤེལ་རྡོ་བཞག་སྟེ་ལྡིང་གུར་དམར་པོ་དབུབ། མཐར་ཕྱི་ནང་གི་མཆོད་པས་བསྐོར། ཁ་ནུབ་ཕྱོགས་ཨོ་རྒྱན་གྱི་ཞིང་དུ་བལྟས་ལ། སྐྱབས་སེམས་ནས་བཟུང་བསྐྱེད་རྫོགས་ཀྱི་དོན་ལ་བློ་བཞག་སྟེ། དེ་ཡང་སྣང་བ་ཐམས་ཅད་འབྱུང་བ་ལྔའི་རང་བཞིན་དུ་མ་གྱུར་པ་མེད་ལ། གཤེགས་མ་ལྔའི་དབྱིངས་སུ་གདོད་ནས་སངས་རྒྱས་པའི་ཚུལ། རྒྱུད་ལས། ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཞེས་བས་སྣང་སྲིད་ཐམས་ཅད་མཁའ་འགྲོའི་ཞིང་

(༣༦༧)ཁམས་སུ་རང་བཞིན་གྱིས་རྫོགས་པའི་དོན་བློ་ལ་ཆུད་པའི་ངང་ནས། སྤྲུལ་པ་གཟུགས་བརྙན་གྱི་རྟེན་དང་བརྟེན་པའི་སྣང་ཆ་ཚིག་དོན་འབྲེལ་བར་གསལ་གདབ་ཅིང་། དེ་ཡང་སྤྱི་བོ་ཛ་ལན་དྷ་ར་སོགས་ཡུལ་ཉི་ཤུ་རྩ་བཞི་དང་གནས་སུམ་ཅུ་རྩ་གཉིས་རྩ་ཐིག་རླུང་གསུམ་གྱི་རྟེན་དང་བརྟེན་པའི་འབྲེལ་བཀོད་ལུགས་དང་། སྐུའི་དབྱིབས་ལ་རྒྱུད་སྡེའི་དཀྱིལ་འཁོར་ཚོམ་བུའི་ཚུལ་དུ་རྫོགས་ཚུལ་ལ། དབང་པོ་རབ་ཀྱིས་གོ་དོན་ལྷོངས་བ། འབྲིང་གིས་མོས་པ་ལམ་བྱེད། ཐ་མས་གཙོ་མོ་དང་ཡེ་ཤེས་སེམས་དཔའ་གསལ་ཐེབས་པ་ལ་སློབ་པ་ནི་སྤྱི་དོན་ཡིན་ལ། དམིགས་གསལ་བསྙེན་བའི་དམར་བྱང་ནི། བདག་ཉིད་མཁའ་འགྲོའི་།ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོ་རྗེ་ཕག་མོ་སྐུ་མདོག་མཐིང་ནག་ཕྱག་གཡས་གྲི་གུག་ནམ་མཁར་འཕྱར་ཞིང་། གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པ། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་གར་གཏད་ཅིང་། གཡོན་བརྐྱངས་པས་པདྨ་

(༣༦༨)ཉི་གདན་ལ་གནས་པའི་མི་རོའི་སྙིང་ཁ་མནན་པ། གཅེར་བུ་ཕྱག་རྒྱ་ལྔ་དང་རུས་པའི་རྒྱན་དྲུག་གིས་སྤྲས་ཤིང་རྣ་ལྟག་ན་ཕག་ཞལ་དུར་བ། ཐུགས་ཀར་མཚན་ཉིད་བཞི་དང་ལྡན་པའི་དགའ་འཁྱིལ་གཡོན་དུ་ཀྱི་ལི་ལི་འཁོར་བའི་དབུས་སུ་བཾ། དའི་མཐའ་བསྐོར་རྩ་སྔགས་ཡིག་འབྲུ་བཅུ་གཉིས་པ་བྱི་རུ་འབྲུ་མར་གྱིས་བསྐུས་པ་ལྟ་བུ་བཀོད་པ་ལ་དྲན་པ་བཞག་སྟེ། ལྷ་སྐུ་ལ་གསལ་སྣང་མ་ཐོན་བར་དུ་སྒོམ། གསལ་སྣང་ཐོན་པ་དང་སྔགས་ཕྲེང་ལས་འོད་ཟེར་འཕྲོས་སྤྱི་བོ་ནས་ཐོན། རིགས་བདག་བླ་མའི་ཐུགས་རྒྱུད་བསྐུལ། བདེ་སྟོང་གི་མཆོད་པས་མཉེས། དེ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་མཆོད་ཅིང་གཡོས། ཚུར་འདུས་དངོས་གྲུབ་རྣམས་གཉིས་ཐོབ། ཡང་འཕྲོས་ཁམས་གསུམ་རྒྱུད་དྲུག་གི་སྡུག་བསྔལ་རྒྱུ་ངང་བཅས་པ་སྦྱངས། འཁོར་བ་གནས་སྦར་ནས་མིང་མེད་པར་བསམས་ཏེ། སྟོང་པ་ཉིད་ལ་བློ་བཞག །ཡང་རིགས་བདག་བླ་མའི་སྐུ་ལས་བདུད་རྩིའི་

(༣༦༩)རྒྱུན་བྱུང་། རང་ཉིད་མཁའ་འགྲོར་གསལ་བའི་སྤྱི་བོར་བབས་པ་དགའ་བ། མགྲིན་པར་མཆོག་དགའ། སྙིང་ཁར་ཁྱད་པར་གྱི་དགའ་བ། གསང་བར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་། རྩ་ཐིག་རླུང་གསུམ་གྱི་དྲི་མ་དག་ཅིང་ཡོན་ཏན་ཁྱད་པར་ཅན་ཐོབ། དེའི་འགྲོས་ཀྱིས་གསང་བ་སྔགས་ཀྱི་རྒྱུད་སྡེ་མ་ལུས་པའི་དབང་བཞི་ཐོབ། སྒྲིབ་བཞི་སྦྱངས་པར་བསམ། འདི་ནི་གནད་ཤིན་ཏུ་ཟབ་པ་ཡིན། ཚོགས་འཁོར་སྟོང་ལས་དགའ། བདག་འཇུག་དང་དབང་བསྐུར་འབུམ་སྡེའི་དོན་ཚང་། ཉམས་ཆག་དང་སྡིག་ལྟུང་འདག །དངོས་གྲུབ་ཆེན་པོའི་སྣོད་དུ་འགྱུར། རིག་པའི་རྩལ་ཁ་རྒྱས། ཉམས་རྟོགས་རང་བཞིན་གྱིས་འཕེལ། ཆོས་ཐམས་ཅད་ཀྱི་འབྱུང་གནས། རྒྱལ་བ་ཀུན་གྱི་ཡུམ་ཡིན་པས་སྐུ་ལ་རྒྱུད་སྡེའི་དཀྱིལ་འཁོར་རྫོགས། དེ་བསྒྲུབས་པས་གསང་སྔགས་ཀྱི་ཉེ་ལམ་ཟབ་མོའི་རྟེན་འབྲེལ་ཐམས་ཅད་འགྲིགས་པ་ཡིན་ནོ། །བསྙེན་

(༣༧༠)ཆད་ནི་ལས་རུང་ལ་འབྲུ་འབུམ། གྲངས་བསྙེན་ལ་བཞི་འགྱུར། མཐར་ཕྱིན་ལ་རྟགས་མཐོང་སྟེ། བསྙེན་རྟགས་ནི། གཞུང་ལས། རྟགས་ཀྱི་རིམ་པ་བསམ་ཡས་ཀྱང་ མཆོག་ལ་དགོངས་པ་གཡོ་འགུལ་མེད ཅེས་པ་ལ་སོགས་པ་ལྟར། མཆོག་གི་དངོས་གྲུབ་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་དང་། ཐུན་མོང་གི་དངོས་གྲུབ་གྲུབ་པ་ཆེན་པོ་བརྒྱད། ཕྲན་ཚོགས་ཀྱི་དངོས་གྲུབ་ཉིན་པར་མི། ནུབ་མོ་མཁའ་འགྲོ། ནད་ནུབ་ཟས་འདུ་བ་སྟེ་འདུ་བ་གསུམ་ལ་སོགས་པ་འབྱུང་བ་ཡིན་ནོ། །ཐུན་མཚམས་ཀྱི་བྱ་བ་ནི་གསང་སྔགས་སྤྱི་ལྟར་བྱ་ལ། ཁ་སྐོང་མེ་མཆོད་ནི་ལོགས་སུ་བཀོད་པ་ལས་ཤེས་པར་བྱའོ། །ཞེས་པའང་དཔལ་སྡིངས་རྗེ་བཙུན་དྲུང་གིས་ནན་དུ་གསོལ་བ་བཏབ་པའི་དོར་རིག་པ་འཛིན་པ་མཁྱེན་བརྩེའི་ལྷས་ཡུད་ཙམ་ལ་གྲུབ་པར་བགྱིས་པའོ། ༈ རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་བགྱིའོ། །འདིར་རིག་འཛིན་གྱི་ཡུམ་ཀ་ཤིན་ཏུ་ཟབ་པ་མཁའ་འགྲོ་བདེ་ཆེན་རྒྱལ་མོའི་བསྙེན་ཡིག་གི་ལྷན་ཐབས་

(༣༧༡)དོགས་སེལ་དུ་བརྗོད་པ། སྤྱིར་མ་དག་པ་སྣོད་བཅུད་དུ་སྣང་ཞིང་ཞེན་པའི་འཁྲུལ་པ་སྦྱོང་ཕྱིར་སྔགས་སུ་ལམ་བསྐྱེད་རྫོགས་རིམ་པ་གཉིས་གསུངས་ལ། དེའང་རྟེན་སྣོད་ཀྱི་འཇིག་རྟེན་བརྟེན་པ་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱང་འབྱུང་བ་ལྔ་ལས་མ་གྲུབ་པ་མེད་པས་ཕྱི་འབྱུང་ནི་ས་ཆུ་མེ་རླུང་ནམ་མཁའ་ལྔ་དང་ནང་འབྱུང་ཤ་ཁྲག་དྲོད་དབུགས་རྣམ་པར་ཤེས་པའི་ཁམས་ལྔ་ཡང་དེའི་རང་བཞིན་དུ་གནས་པ་ཉིད་ས་ཆུ་སྤྱན་ལ་སོགས་ཡུམ་ལྔའི་ངོ་བོ་ཉིད་དུ་གནས་དག་པའི་གོ་དོན་སློང་ནས་ས་འོག་ས་སྟེང་ས་བླ་སྟེ་བར་སྣང་སྟོང་པའི་ཆ་གསུམ་ལ་སྲིད་པ་གསུམ་དུ་གྲགས་པའང་སངས་རྒྱས་ཀྱི་ཞིང་དུ་རང་བཞིན་གྱིས་སངས་རྒྱས་བ་ཡིན་པར་ཤེས་པ་ཡིན་ནོ། །ཁྱད་པར་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་དབང་ཡུལ་རྣམ་ཤེས་ཚོགས་བརྒྱད་དང་བཅས་པ་མ་དག་པ་སེམས་ཅན་གྱི་དུས་དེ་དང་དེར་སྣང་ཡང་། བསྐྱེད་རིམ་ཟབ་མོའི་དག་བྱ་དག་འབྲས་ལས་ལྷའི་

(༣༧༢)རང་བཞིན་རྣམ་པར་དག་པའི་ངོ་བོ་ཆོས་ཉིད་མ་འཁྲུལ་པ་ཤས་ཤིང་ལམ་དུ་ལོངས་པའི་གསལ་སྣང་བརྟན་པ་ལ་ནི་རང་བཞིན་ཡོངས་གྲུབ་ཆེན་པོའི་བསྐྱེད་རིམ་ཞེས་བྱའོ། །དེ་ལ་དག་བྱ་གང་། དག་འབྲས་ཅི་ཞེ་ན། དག་བྱ་ནི་དྲི་མ་སྟེ་ཀུན་གཞི་དང་ཉོན་ཡིད་ཀྱི་ཐོག་མར་བསྐྱེད་པའི་ཕུང་པོ་ལྔ་འབྱུང་བ་ལྔ། རྣམ་པར་ཤེས་པའི་ཚོགས་ཞེས་བྱ་སྟེ་བདག་རྐྱེན་དང་དམིགས་རྐྱེན་གཉིས་ཀྱི་འབྲས་བུ་དབང་པོ་ལྔ་ལ་སོགས་པའི་སྐྱེ་མཆེད་ཕན་ཚུན་ཡུལ་དང་ཡུལ་ཅན་དུ་འབྲེལ་བ་རྣམས་ཡིན་ལ། དག་འབྲས་ནི་རང་ཤེས་རིག་པའི་རྒྱལ་པོ་དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་སོགས་ལྷའི་རྣམ་པར་ཤར་བའི་ཚུལ། དྲི་མེད་བཤགས་རྒྱུད་ལས། ཀུན་གཞི་གསང་བ་དག་པའི་དབྱིངས་ནས་ཡིད་རང་བྱུང་རང་ཤེས་རིག་པའི་རྒྱལ་པོ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡབ་ཅེས་པ་ལ་སོགས་པས་སྟོན་ལ། དེའང་ཡིད་ནི་བདག་པོའི་རྐྱེན་འཁྲུལ་པ་བསྐྱེད་པའི་བྱེད་པ་པོ་ཡིན་ལ། དེ་ལ་རང་བཞིན་

(༣༧༣)མེད་པར་ཤེས་པའི་གནས་ལུགས་དོན་གྱི་ཀུན་ཏུ་བཟང་པོ་རང་ཤེས་རིག་པའི་རྒྱལ་པོ་ཞེས་བྱའོ། །ཆོས་ཞེས་བྱ་བ་ནི་སྒྲ་ཡངས་པ་ཞིག་སྟེ་འདིར་དམིགས་པའི་རྐྱེན་ཡིད་ཀྱི་ཁམས་ཡིན་བས་འཁོར་འདས་ཀྱི་མཚན་ཉིད་ཐམས་ཅད་ལ་འཇུག་ཀྱང་སྐབས་འདིར་ཀུན་རྫོབ་ཏུ་སྣང་བའི་ཆོས་ཐམས་ཅད་དོན་དམ་བདེན་པའི་ཆོས་ཉིད་སྤྲོས་པ་དང་བྲལ་བའི་དབྱིངས་སུ་སྡུད་པར་བྱེད་ཅིང་དཀྱིལ་འཁོར་ཐམས་ཅད་བསྐྱེད་པའི་ཡུམ་དུ་ཤར་བས་ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ་ཞེས་བརྡར་བཏགས་པའོ། །གཉིས་པ་ནི་ཆོས་ཀྱི་སྐུ་སྟེ་དབྱིངས་ལ་བཞུགས་པ་ཉིད་ཀྱང་རེ་ཞིག་སྣང་སྟོང་ཟུང་དུ་འཇུག་པའི་ཐ་སྙད་མཚོན་ཕྱིར་ཞལ་ཕྱག་གི་རྣམ་པ་ཅན་དུ་བསྟན་པའོ། །དེ་སྐད་དུ། བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ། །ཞེས་འབྱུང་ངོ་། །དེ་བཞིན་དུ་ཕུང་པོ་ལྔ་ལ་མཚོན་ན། དོན་དམ་པར་སེམས་ཅན་གྱི་རྣམ་པར་ཤེས་

(༣༧༤)པའི་ཕུང་པོ་གནས་སུ་དག་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད་ཅེས་པ་ནས། བཅོམ་ལྡན་འདས་དཔལ་རྡོ་རྗེ་མི་བསྐྱོད་པ་ལ་ཕྱག་འཚལ་ལོ། །ཞེས་པ་ནས་རིམ་པར་དག་བྱ་དག་འབྲས་ཀྱི་མཚན་ཉིད་བཤད་པ་ལ་དཔྱད་པས་ལུས་དཀྱིལ་གྱི་ལྷའི་མངོན་རྟོགས་ཀྱང་ཞར་ལ་ཤེས་ཤིང་། འོན་ཀྱང་ཀུན་ཏུ་བཟང་པོ་ཡབ་མཉམ་གཞག་དང་ཡུམ་ཐལ་སྦྱོར་ཆོས་འབྱུང་གི་ཕྱག་རྒྱ་ཅན། རིགས་ལྔ་རྣམས་གཡས་རང་རྟགས་དང་། གཡོན་དྲིལ་བུ། ཡུམ་རྣམས་གཡས་དྲིལ་བུ་དང་གཡོན་རང་རྟགས། སོ་སོའི་སྐུ་མདོག་ཀྱང་རིགས་ཀྱི་ངེས་པ་བཞིན་ནོ། །དོན་དེ་སྟོན་པའི་ཕྱིར་རང་གཞུང་ལས། ཐུགས་ཀ་དཔལ་གྱི་བེའུའི་དབྱིངས མ་བསྐྱེད་རང་བྱུང་ཡོངས་གྲུབ་ལྷ སོགས་ནས། ཀུན་གཞི་ཡིད་ཆོས་གནས་དག་པའི ཁྱབ་གདལ་རིག་པ་ཀུན་ཏུ་བཟང སྣང་སྟོང་གཉས་མེད་ཡུམ་དང་སྦྱོར རྩིབས་ལྔར་གཟུགས་ཚོར་འདུ་ཤེས་དང་ འདུ་བྱེད་རྣམ་ཤེས་དག་པའི་ལྷ ཞེས་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་

(༣༧༥)དུ་དག་པ་སྐུ་མདོག་དཀར་པོ་ནས་རིམ་པར་བཤད་དོ། །དཔྱོད་ལྡན་ཡོད་ན་རྒྱུད་འགྲེལ་རྣམས་ལ་མི་མཐུན་པའི་ཆ་ཅུང་ཟད་ཡོད་དེ་རང་ལུགས་སུ་རིགས་བརྒྱའི་རྩ་བ་སྒྱུ་འཕྲུལ་གྱི་འགྲེལ་པ་ཕྱོགས་བཅུ་མུན་སེལ་ཉིད་བཙན་པར་བྱའོ། །འདི་ལྟ་བུའི་བསྐྱེད་རིམ་གྱི་སྒོ་ནས་ལྷའི་དག་བྱ་དག་འབྲས་མ་རྟོགས་ན་རྣམ་པ་གསལ་ཀྱང་རྨོངས་པས་ལྷ་ཁང་མཐོང་བ་དང་ཁྱད་པར་མེད་དེ་སྔགས་ཀྱི་ཐབས་ལམ་མྱུར་པོ་ནས་ལམ་བགྲོད་པའི་གནད་མི་ཤེས་སོ། །ཡང་ཕྱི་ལྟར་དུ་འཛམ་བུ་གླིང་འདིར་དཔའ་བོ་མཁའ་འགྲོ་རང་བཞིན་གྱིས་འདུ་བའི་ཡུལ་ཉི་ཤུ་རྩ་བཞི་ཡོད་པའང་། འཁོར་ལོ་སྡོམ་པ་ལས། ཀུ་ལུ་ཏ་དང་མ་རུ་དང་། སིནྡྷུའི་ཡུལ་དང་ནཱ་ག་ར། །སུ་ཝརྣ་དྲི་བ་སཽ་རཥྚི། །གྲི་ཧ་དེ་ཝ་པྲེ་ཏ་བར། །ཧི་མ་ལ་ཡ་ཀཉྩི་དང་། །ལམྦཱ་ཀའི་ཡུལ་ཀ་ལིངྐའི་། །ཀོ་ས་ལ་ཏྲི་ཤ་ཀུ་ནེ། །ཨོ་ཊ་ཀཱ་མ་རཱུ་པ་དང་། །མ་ལ་ཝ་དང་དེ་བི་ཀོ་ཏྲི། རཱ་མེ་ཤྭ་རཱི་གོ་དཱ་ཝ་ར། །ཨ་བུ་ཏ་དང་ཨོ་རྒྱན་དང་། །ཛ་ལནྡྷ་ར་པུ་ལིར་སོགས། །

(༣༧༦)ཡུལ་འདི་དག་གི་བུ་མོ་གང་། །དཔའ་བོ་གཉིས་མེད་རྣལ་འབྱོར་མ། །དེ་ཀུན་འདོད་པའི་གཟུགས་ཅན་ཏེ། །ཡིད་ཀྱི་ཤུགས་ཀྱིས་འཇུག་པ་ཡིན། །ཅེས་པ་དང་མཐུན་པ་རྒྱུད་སྡེ་གཞན་དག་ལས་བཤང་པ་ཡོད་དེ་རེ་ཞིག་ཡི་གེས་འཇིགས་སོ། །དེ་རྣམས་ཀྱང་ནང་ལྟར་དུ་རང་གི་ལུས་ལ་ཚང་བའི་ཚུལ་གྱིས་སྤྱི་བོ་ལ་སོགས་པས་སྟོན་ལ། གནས་དེ་དག་སོ་སོའི་རྩ་ཡོངས་སུ་གྱུར་པ་ལས་དཔའ་བོ་དང་། ཁམས་ཡོངས་སུ་གྱུར་པ་ལས་རྣལ་འབྱོར་མ་མིང་ཅན་ཟུང་དུ་འབྲེལ་པ་རེ་ཡོད་ཀྱང་མ་རྒྱུད་འཁོར་ལོ་སྡོམ་པའི་ལེའུ་ཞེ་གཅིག་པའི་དངོས་བསྟན་དུ། རྣལ་འབྱོར་མ་དྲུག་ཀུ་ལུ་ཏ། །མ་རུའི་ཡུལ་ན་མ་མོ་རྣམས། །སིན་དྷུའི་ཡུལ་ན་ལཱ་མ་སྟེ། །རིགས་ཀྱི་གཙོ་མོ་ནཱ་ག་རར། ལམ་པ་ཀ་དང་སཽ་རཥྚར། །རིགས་ཀྱི་ལྷ་མོ་རྣམས་ཡིན་ནོ། །ཡི་དྭགས་ཡུལ་དུ་ནག་མོ་ཆེ། །མཁའ་འགྲོ་གཟུགས་ཅན་མ་རུ་བཅས། །ཧི་མའི་རི་དང་ཀཱཉྩི་དང་། །པཉྩ་ལ་ཡུལ་ཀ་ལིངྐ་། བརྟུལ་ཞུགས་འཛིན་པའི་ཁྱིམ་ལྷ་མོ། །བྱིས་བཅས་མོ་རུ་བཤད་པའོ། །ཀོ་ས་ལར་ནི་ཤ་

(༣༧༧)ཟན་མ། །ཡི་དགས་གྲོང་དུ་ཤ་ཆེན་ཟ། །རྡོ་རྗེ་མཁའ་འགྲོ་སྦོམ་དབང་ཕྱུག །ཏྲི་ཤ་ཀུ་ནེར་ཁན་རོ་ཧ། །བུ་ལིང་མ་ལ་ཡ་དེ་བཞིན། །གསེར་རིར་སྨེ་ཤ་ཅན་རིགས་སྐྱེས། །བུད་མེད་སྟོང་ཕྲག་ཉི་ཤུ་གཅིག །ལྷག་མ་གཞན་དག་ཇི་སྙེད་པ། །དཔལ་ལྡན་ཧེ་རུ་ཀ་ཡི་ནི། །འཁོར་ལོ་རྣལ་འབྱོར་མ་ཡིན་ནོ། །ཤྲཱི་ཧེ་རུ་ཀ་ཡི་བསྲུབ་པ་ཆེ། །དེ་ཡི་དཀྱིལ་འཁོར་གཙོ་མོ་ཡིན། །མཁའ་འགྲོ་ཉི་ཤུ་རྩ་བཞི་འདིས། །རྒྱུ་དང་མི་རྒྱུའི་འཇིག་རྟེན་གསུམ། །འགྲོ་བ་ཀུན་ལ་འདི་ཡིས་ཁྱབ། །མཁའ་འགྲོ་མ་ཡི་དམ་ཚིག་འདི། །སྤྲུལ་པ་སྒོམ་པ་ཉིད་ཡིན་ཏེ། །བསམ་གཏན་སོགས་པ་ཅི་ཡང་རུང་། །ས་སྟེང་ན་ནི་རྫོགས་གྱུར་པའོ། །ཞེས་བཤད་པའི་ཕྱིར་སྔགས་ནི་དམ་ཚིག་དང་མོས་པས་འགྲུབ་པའི་ཕྱིར། ནང་གི་ཡུལ་ཉི་ཤུ་རྩ་བཞི་པོར་གཙོ་མོ་རྣམས་ཀྱི་རང་བཞིན་ངེས་པར་བྱས་ནས་དཔའ་བོ་མཁའ་འགྲོའི་གྲོང་ཁྱེར་བསམ་གྱིས་མི་ཁྱབ་པའང་མོས་པས་བསྐྱེད་པ་ལ་ཕན་ཡོན་དཔག་ཏུ་མེད་པ་ཡོད་དེ། དེ་ཉིད་ལས། སྔགས་པས་རྟག་ཏུ་

(༣༧༨)མཉམ་གཞག་པས། །མཚན་མ་ནམ་མཁའི་གོས་ཅན་བྱ། །སྐྱེས་ངའམ་གལ་ཏེ་གཡོན་པ་རུང་། །རྣལ་འབྱོར་མ་ཀུན་དཔའ་བོ་མཉེས། །ཕྱག་རྒྱ་གར་གྱི་མཆོད་པ་ཡིས། །རང་བྱུང་རྟག་ཏུ་མཆོད་ན་ནི། །མ་ལུས་ལུས་པ་མེད་འགྲུབ་ཅིང་། །གཡོན་པའི་མཆོད་པ་རབ་ཏུ་འཇུག །ཅེས་རྟགས་ཀྱི་སྒོ་ནས་མཁའ་འགྲོ་མ་ཚོགས་དང་། །ཀུན་སློང་གི་སྒོ་ནས་གཡོན་པ་ཞེས་བསྟན་པར་རིག་པར་བྱའོ། །དེ་བཞིན་དུ་འཁོར་འབུམ་ཕྲག་ཡངས་པའི་མཁའ་འགྲོ་ནི་རིགས་བསྡུས་པ་ཡིན་ཏེ། སྔ་འགྱུར་རྒྱུད་འབུམ་ལས། དྲི་ཟ་ཆེན་མོ་འབུམ་ཕྲག་དང་། །གྲུལ་བུམ་ཆེན་མོ་འབུམ་ཕྲག་དང་། །ཚངས་མ་ཆེན་མོ་འབུམ་ཕྲག་ལ་སོགས་པ་ཡོད་དེ་མཐའ་དག་སྨྲ་བ་མ་ལྡང་ངོ་། །དེ་ལྟར་གོ་དོན་སློང་ནས། ཡེ་ཤེས་སེམས་དཔའི་བཞུགས་གནས་ལ། །རྒྱུད་སྡེ་གཞན་དག་ནས། སྙིང་ག་ཀཉྩི་ཀ་དང་། དྲན་པ་ཧི་མ་ལ་ཡ་ཞེས་དག་སྦྱོར་སོ་སོར་བཤད་པ་ལྟར། འདིར་ཡང་ཐུགས་ཀའི་ཀུན་བཟང་ཡབ་ཡུམ་ཕག་མོར་གནས་བསྒྱུར་བ་ཡང་མ་ཡིན། ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀར་ཕག་མོ་སྣོད་

(༣༧༩)ལ་སྣོད་འཇུག་ལྟ་བུའི་རྣམ་རྟོག་གིས་བཏགས་པའི་བློ་ཞེན་གཅིག་གིས་གཅིག་ལ་ཐུག་རེག་དང་། ཕན་ཚུན་བསྒྲིབས་པ་ལྟ་བུའི་རྟོག་ངན་སྤངས་ནས། རང་བཞིན་མ་བཅོས་པའི་གནས་ལུགས་ཀྱི་གདངས་ལྷའི་རྣམ་པ་ཡོངས་སུ་རྫོགས་པར་གསལ་བའི་གཙོ་མོའི་ཐུགས་ཀའི་ཐད་འོད་ཀྱི་རྣམ་པའི་ཀློང་དུ་ཡེ་ཤེས་སེམས་དཔའ་རྡོ་རྗེ་ཕག་མོ་ཉིད་ལྷག་པར་དུ་གསལ་བ་ལ་རིག་པ་གཡོ་མེད་དུ་གཏད་ཅིང་འོད་ཟེར་སྤྲོ་བསྡུས་སོགས་བསྙེན་ཡིག་ལྟར་བྱ་བ་ནི་ཞལ་ཤེས་སྙན་བརྒྱུད་ཐུན་མོང་མ་ཡིན་པ་བཀའ་རྒྱ་ཅན་ནོ། །འོན་ཀྱང་ལུས་དཀྱིལ་གྱི་བཟླས་པའི་ཚེ་ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀར་ཉི་ཟླའི་གའུ་ཁ་སྦྱོར་ནང་ཐུགས་སྲོག་ཨ་ཡིག་ལ་སྔགས་ཕྲེང་གིས་བསྐོར་བ་སྒོམ་མོ། །ཞེས་པའང་དཔལ་སྡིངས་རྗེ་བཙུན་དྲུང་གི་མྱུར་ལམ་ཟབ་མོ་བསོད་ནམས་ཀྱིས་འཆུན་པའི་བཤད་སྒྲུབ་དམ་པ་དོན་གཉེར་མཛད་ཅིང་། ཕྱོགས་སུ་རིངས་པའི་ས་ནས་ཕོ་ཉ་ཆེད་དུ་མངགས་ཏེ་བསྐུར་པ་ལ་སྙིང་པོར་

(༣༨༠)དྲིལ་བའི་མན་ངག་བཅུད་དུ་དྲིལ་ནས་སྨྲས་ཤིང་། སྔོན་ཆད་ཉམས་ལེན་མི་བྱེད་པའི་གང་ཟག་མང་པོས་བཀའ་རྒྱ་བཀྲོལ་ཞིང་ཕྲོགས་པའི་ནོངས་པ་གང་མཆིས་པ་བདག་ཅག་གིས་བསམ་པ་བཟང་པོས་བཤད་པའི་རང་བཞིན་ལ་དགོངས་ནས་ཆོས་བདག་མཁའ་འགྲོ་རྣམས་ཀྱིས་བཟོད་པར་མཛོད་ལ་ཆོས་ཀྱི་བྱིན་རླབས་ཞུད་པ་དང་དངོས་གྲུབ་ཆེན་པོ་ལ་སྒྲིབ་པའི་གནས་མ་ལུས་པ་དག་ཚངས་ཆེན་པོར་མཛད་དུ་གསོལ། ཞེས་དཔལ་ལྡན་པདྨ་འོད་གླིང་དུ་བཀོད་པའོ།། །།མངྒ་ལཾ།

(༣༨༡)ཀློང་ཆེན་སྙིང་གི་ཐིག་ལེ་ལས། ཡུམ་ཀ་མཁའ་འགྲོའི་བདག་འཇུག་དབང་དོན་རབ་གསལ་བཞུགས་སོ། །

(༣༨༢)རང་བཞིན་མེད་པའི་ཆོས་ཉིད་ཀྱི། །རྟེན་འབྱུང་རྣམ་པར་ཐར་བའི་སྒོ། །རྡོ་རྗེ་བཙུན་མོའི་མཁའ་དབྱིངས་ལ། །རྣམ་ཀུན་མཆོག་ལྡན་དྲན་པས་རོལ། །རིག་འཛིན་ཡུམ་ཀའི་བདག་འཇུག་ལ་སྤྱི་དོན་རྣམ་པ་གསུམ་ལས། དང་པོ་སྦྱོར་བ་ནི། གཞི་མ་དུལ་བ་ཡིན་ན་ས་ཆོག་སྔོན་དུ་འགྲོ་བས་རྡུལ་ཚོན་ནམ་རས་བྲིས་གྲུབ་ན་རབ། མ་ནུས་ན་སྟེགས་བུའི་ཁར་ཚོམ་བུ་ལ་བྷནྡྷ་བདུད་རྩིས་བཀང་བ་ཆོས་སྨན་དང་བུམ་རྫས་ཉེར་ལྔས་བྲན་པའི་སྟེང་

(༣༨༣)མེ་ལོང་སིན་དྷུ་རས་བཅགས་པར་ཆོས་འབྱུང་བསྣོལ་མ་བྲིས་པའི་དབུས་སུ་དགའ་འཁྱིལ་དམར་པོ་མཚན་ཉིད་བཞི་ལྡན་ལ་ཏཱཾདང་། མདུན་ནས་བརྩམས་པས་གཡས་སྐོར་དུ་དགའ་འཁྱིལ་ཕྱོགས་མདོག་ཅན་བཞི་ལ་ཧ་རི་ནི་ས་ཡིག་མགོ་ཕྱིར་བསྟན་དུ་བཀོད། དེའི་སྟེང་དུ་དྲིལ་བུ་བཀབ་པ་དར་དམར་གྱི་ལྡེང་གུར་དང་བཅས་གཞུག །སྨན་གཏོར་རཀྟ་དང་ཉེར་སྤྱོད་ཀྱིས་བསྐོར། ཉེ་ལོགས་སུ་ལས་བུམ་བཅུད་ལྡན་ཀྱང་གཞག་གོ། གཉིས་པ་དངོས་གཞི་ལ་གཉིས་ལས། དང་པོ་དཀྱིལ་འཁོར་སྒྲུབ་པ་ནི། ཐ་མལ་གྱི་སྣང་ཞེན་མཁའ་འགྲོའི་དཀྱིལ་འཁོར་དུ་གསལ་ཐེབ་ན་བདག་མདུན་གྱི་གོ་ས་ལོགས་སུ་མ་བྱས་ཀྱང་རུང་ལ། རིག་པའི་མེ་ཏོག་དོར་བ་ཙམ་གྱིས་དཀྱིལ་འཁོར་དུ་འཇུག་པའི་དོན་རྫོགས་པ་ཡིན་ཀྱང་། དེ་ལྟར་

(༣༨༤)ལྷོངས་སུ་མ་གྱུར་པ་ལ་བདག་འཇུག་དམིགས་ཀྱིས་བསལ་བ་ཡིན་པས་བསྟོད་པའི་འཇུག་ཏུ་རྩ་སྔགས་ལ་ཕཊཛབཏགས་པའི་སྒྲ་གདངས་ཀྱིས་བདག་མདུན་ཐ་དད་དུ་དབྱེ་ནས་དེ་ལིའི་བཟླས་པ་དང་དེ་བཞིན་རང་བྱུང་བདེ་སྐྱོང་གི་བུམ་པའི་སྣོད་གཞལ་ཡས་ཁང་དང་། བཅུད་ལྷའི་རང་བཞིན་གྱི་ངེས་པ་དྲན་པའི་བུམ་བཟླས་དམིགས་ཕྱེད་པའི་མཐར་མཆོད་བསྟོད་དང་བཅས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་ལ་འོད་ཞུ་བྱ། ལས་བུཾ་དུ་རྟ་མགྲིན་ཐོད་དབྱུག་དང་སྡིག་མཛུབ་མཛད་པ་བསྐྱེད་ལ། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་ཅི་རིགས་པར་བཟླས་ནས་ཀྱང་ཨོཾ་ཨཱཧཱུྃ་གིས་མཆོད་ཡོན་ཕུལ་ལ་འོད་ཞུ་བྱའོ། །གཉིས་པ་བདག་འཇུག་ལ་དོན་བརྒྱད་ལས། དང་པོ་ནི། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་ནས་དབྱུང་། ཕྱི་རོལ་པ་ལ་གཏོར་མ་བྱིན་ནས་སྲུང་འཁོར་སྒོམ། ཙཀྵུ་བྷནྡྷས་མིག་དར་འཆིང་། ཨ་ཁཾ་ཝཱི་རས་མེ་ཏོག་བཟུང་། མཎྜལ་འབུལ་བ་རྣམས་བྱའོ། །གཉིས་པ་གསོལ་གདབ་ནི། ཀུན་

(༣༨༥)མཁྱེན་ཡེ་ཤེས་ཕུང་པོ་ཅན སོགས་ལན་གསུམ། གསུམ་པ་ཚོགས་བསག་པ་ནི། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། བཞི་པ་སྡོམ་བཟུང་ནི། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་འགྱུར་ཤོག །སྤྱོད་པ་རྨད་བྱུང་བསམ་ཡས་པ། །འགྲོ་ལ་ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་དམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ནི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་བརླབ་མཛོད། །ལན་གསུམ། བཞི་པ་དཀྱིལ་འཁོར་དུ་འཇུག་པ་ནི། །དེ་ནས་རིག་པ་བདེ་གཤེགས་སྙིང་པོའི་ངོ་བོ་ཉིད་སློབ་དཔོན་གྱི་ཕྱག་ལ་འཇུས་ནས་ཚོགས་བརྒྱད་གློ་བུར་པའི་རྟེན་ཐིག་ལེ་ཉག་གཅིག་པའི་སྒེར་ཁྲིད་པར་བསམ་ལ། ཨ་ཁཾ་ཝཱིར་ཧཱུྃ་ཞེས་ལན་གསུམ་བརྗོད། །ཨོཾ་ན་མ་ཏེ་ཧཱུྃ། ཨོཾ་ན་མ་མེ་ཧཱུྃ། ཨོཾ་ན་མ་ན་མ་ཧཱུྃ། ཞེས་སྐུ་གསུང་ཐུགས་ཕྱག་བྱ། ལྔ་པ་སྲས་སུ་བསྐྲུན་པ་ནི། རྗེ་

(༣༨༦)བཙུན་རྡོ་རྗེ་རྣལ་འབྱོར་མའི་མདུན་དུ་དབང་སྟེགས་པདྨ་འདབ་བརྒྱད་ལ་རང་ཉིད་འཁོད་བས་གཙོ་བོ་དང་རིགས་བདག་གི་ཐུགས་ཀ་ནས་རཾ་ཡིག་དམར་པོ་བདེ་བའི་བདག་ཉིད་ཅན་དུ་བྱུང་བས་ཀུན་གཞི་ཚོགས་བརྒྱད་དང་བཅས་པའི་རྣམ་སྨིན་གྱི་ཕུང་པོ་སྦྱངས། རྣམ་པར་ཤེས་པ་ཏཱཾ་ཡིག་ཏུ་གྱུར་བ་རིགས་བདག་གི་ཞལ་དུ་དྲོད་སྐུའི་དབྱིབས་བརྒྱུད། ཡུམ་གྱི་མཁའ་གསང་དུ་ལྷུང་། ཞུ་བདེ་དང་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་སུ་གྱུར་པ་སྔར་གྱི་དབང་སྟེགས་ལ་འཁོད་པར་གྱུར། དྲུག་པ་ཡེ་ཤེས་པ་དབབ་པ་ནི། འོད་ཀྱི་རྣམ་པའི་སྟོང་གཟུགས་ལས མཁའ་འགྲོ་བདེ་ཆེན་རྒྱལ་མོ་ནི ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར གཅེར་མོ་མཉམ་པའི་དོར་སྟབས་སོགས་ནས། སྐུ་ལ་རྒྱུད་སྡེའི་དཀྱིལ་འཁོར་རྫོགས ཐུགས་ཀར་ཨཱརྱ་ཧཱ་རེ་མ ལྗང་སྔོན་ཞལ་གཅིག་ཕྱག་གཉིས་ཚུལ དེ་ཡི་ཐུགས་ཀར་ཡེ་ཤེས་ཀྱི ཕག་མོ་གནག་སྣུམ་གྲི་ཐོད་ཅན སེམས་དཔའ་སུམ་

(༣༨༧)བརྩེགས་གནས་ལྔ་རུ ཕྱག་མཚན་ལྔ་དང་ས་བོན་ལྔས མཚན་པ་དེ་ལས་འོད་འཕྲོས་པས། འོག་མིན་གནས་དང་མཁའ་སྤྱོད་ཞིང་ གཡུ་ལོ་བཀོད་དང་པདྨ་འོད རང་བཞིན་གནས་ནས་ཡེ་ཤེས་པ དྲངས་ཏེ་གཉིས་སུ་མེད་པར་སྟིམ ཧཱུྃ ཡུལ་གྱི་མིང་ནི་རྒྱ་གར་ཡུལ སོགས་ཀྱི་མཐར། ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཛྙཱ་ན་ཝཱ་རཱ་ཧཱི་ཕི༚་ཕཻཾ ཞེས་སྤོས་རོལ་དང་བཅས་འཕར་གཡོ་འབྱུང་བ་ཙམ་དུ་ཡེ་ཤེས་པ་དབབ་རྗེས་ཏིཥྛ་བཛྲས་བརྟན་པར་བྱ། པྲ་ཏཱིཙྪ་བཛྲ་ཧོ ཞེས་རིག་པའི་མེ་ཏོག་དོར། པྲ་ཏི་གྷྲི་ཧ་ན་ཨི་མཾ་སཏྭ་མ་ཧཱ་པཱ་ལ ཞེས་མེ་ཏོག་སྤྱི་བོར་བཞག་ལ་ལྷག་ལྷ་ཐིམ་པར་བསམ། ཙཀྵུ་པྲ་བེ་ཤ་ཡ་ཕཊ ཅེས་པས་མཐོང་བ་བསྟན་པར་བསམ། བདུན་པ་གསོལ་གདབ་ནི། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་ཡོངས་སུ་སྐྱེས་བའི་ཕྱིར། །ནམ་མཁའི་རྡོ་རྗེས་དེང་བདག་སྩོལ། །

(༣༨༨)བརྒྱད་པ་དབང་བསྐུར་དངོས་ལ་བཞི་ལས། དང་པོ་བུམ་དབང་ནི། ཐོད་བུམ་སྤྱི་བོར་གཏུགས་ཤིང་། ཧོ གསང་སྔགས་དམ་ཚིག་བླ་ན་མེད རང་བྱུང་ལྷུན་གྲུབ་བུམ་པའི་དབང་ སངས་རྒྱས་ཀུན་གྱི་གསང་གསུམ་གྱི དབང་བསྐུར་དམ་པ་ཁྱོད་ལ་སྦྱིན ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཛྙཱ་ན་ཝཱ་རཱ་ཧཱི་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ ཞེས་བུམ་བཅུད་མྱོང་། གཉིས་པ་གསང་དབང་ནི། བདུད་རྩི་དེ་ཉིད་བླ་མ་ཡབ་ཡུམ་གྱི་བྱང་སེམས་དངོས་སུ་བསམ་ལ་ཡུམ་གྱི་མཁའ་གསང་ནས་བླངས་བར་མོས་ནས་ཧུབ་གང་བཏུང་སྟེ། ཧོ བྱང་ཆུབ་སེམས་ཀྱི་དམ་ཚིག་ནི རྩ་ཁམས་ཡི་གེའི་འཁོར་ལོར་བསྟིམ བརྗོད་པ་མེད་ལས་ཐམས་ཅད་སྐྱེས གྲགས་སྟོང་གསུང་གི་དབང་ཐོབ་ཤོག རྩ་སྔགས་དང་། བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ ཞེས་དང་རྗེས་འབྲེལ་དུ་བགྲང་ཕྲེང་དང་བཅས། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་བྱུང་། །བདག་བསྐྱེད་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་ལ་འཁོར་བར་བསམས་ལ་རྩ་སྔགས་ལན་

(༣༨༩)གསུམ་དང་། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །གསུམ་གྱི་མཐར། ཕྲེང་བ་མགོ་བོར་བཞག་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་ནས་ཀྱང་། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །ཞེས་བརྗོད། གསུམ་པ་ཤེར་དབང་ནི། དགའ་བཞིའི་བདག་ཉིད་སིནྡྷུ་རའི་རྟེན་དྲིལ་བུའི་བརྟེན་པ་དང་བཅས་པ་བླངས་ལ་ཐབས་ཤེས་འབྲེལ་པའི་ཐར་པ་བསྟེན་པ་མོས་ལ། ཧོ ཡེ་ཤེས་རྣམ་པ་ཐམས་ཅད་པ དགའ་བ་བཞི་ལ་ཡང་དག་བསྟེན ཐབས་ཤེས་འདྲེལ་བའི་དམ་ཚིག་གི ཕྱག་རྒྱ་ཆེན་པོ་ཁྱོད་ཀྱིས་ལོངས ཛ༔ཧཱུྃ་བཾ་ཧོ ཞེས་པས་རོལ་པ་ཆེན་པོའི་དམ་ཚིག་དང་། ཨ་ཧོ་མ་ཧཱ་སུ་ཁས་བདེ་བས་ཐབས་བྱས་པའི་ལྷན་སྐྱེས་ལ་ངེས་པ་བརྟན་པར་བསམ་ཞིང་སིནྡྷུ་ར་སྙིང་གར་བྱུག །བཞི་པ་དོན་དབང་

(༣༩༠)ནི། དྲིལ་བུ་དཀྲོལ་ཞིང་དེའི་སྒྲལ་རིག་པ་གཏད་ནས། ཐབས་ལས་བྱུང་བའི་དཔེའི་ཡེ་ཤེས་ཀྱིས་ཀྱང་མི་མཚོན་པའི་ཚེས་ཉིད་ལ་མཉམ་པར་བཞག་ནས། ཧོ སྒྲ་ནི་གྲགས་པ་ཉིད་ནས་སྟོང་ དེ་བཞིན་སེམས་ལ་ངོ་བོ་མེད ངོ་བོ་མེད་པའི་གནས་ལུགས་ལ༔ བལྟ་བྱ་སྤངས་ནས་ཡང་དག་ལྟོས ཨ་ཨ ཞེས་སྐྱེ་མེད་ཀྱི་དོན་ལ་བལྟའོ། །དེ་ལྟར་དབང་བཞི་སོ་སོའི་དག་བྱ་དག་འབྲས་ནི་བླ་མའི་རྣལ་འབྱོར་ལྟར་ཚིག་ཕྲད་བསྒྱུར་ནས་བརྗོད་པའང་རུང་སྟེ་དོན་ལ་ངེས་ཤེས་ལྷོངས་པར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་དམ་ཚིག་ཁས་བླང་པ་ལ་སྤྱི་དང་བྱེ་བྲག་གཉིས་ལས་དང་པོ་ནི། དབང་བཞི་རྫོགས་པའི་དམ་ཚིག་ཏུ རྡོ་རྗེ་སློབ་དཔོན་མི་སྤང་ཞིང་། མར་ངོའི་ཚེས་བཅུ་རྒྱུན་མི་གཅད གཞོན་ནུ་མ་ལ་བསྙེན་བཀུར་བྱ རྟག་ཏུ་བྱང་ཆུབ་སེམས་གཉིས་སྒོམ ལན་གསུམ། གཉིས་པ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །སོགས་ཤླཽ་ཀ་ལན་གསུམ་བརྗོད་ཅིང་༔

(༣༩༡)ཚོགས་ཀྱི་འཁོར་ལོ་དང་བསྔོ་སྨོན་སོགས་རྗེས་ཆོག་སྤྱི་ལྟར་བྱའོ། །འདིས་ནི་ཉམས་ཆག་ཐམས་ཅད་འདག་ཅིང་རྒྱུད་ལ་བྱིན་རླབས་འཇུག་པ་ཡིན་པས་ཡང་ཡང་བླང་བར་བྱའོ། །ཞེས་པའང་བསམ་ཡས་ནས་རབ་བྱུང་སློབ་དཔོན་དམ་ཚིག་རྡོ་རྗེའི་ངོར་རིག་འཛིན་འཇིགས་མེད་གླིང་པས་སོ། །ཚེ་འདས་དམན་དོན་འགྲུབ་སྒྲོལ་མའི་དགེ་རྩར་བར་དུ་བསྐྲུན་པའི་དགེ་བས་འགྲོ་ཀུན་བྱང་ཆུབ་སྙིང་པོའི་རྒྱུར་གྱུར་ཅིག་

(༣༩༢)

(༣༩༣)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས རིག་འཛིན་ཡུམ་ཀའི་མེ་མཆོད་ལས་བཞིའི་བང་མཛོད་བཞུགས༔

(༣༩༤)འུྃ རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་ལ་ཕྱག་འཚལ་ལོ༔ འདིར་ཚོགས་གཉིས་སྤེལ་བ་དང་ཉམས་ཆག་དག་པར་བྱ་བ་གཙོར་གྱུར་ལ་ཕྲིན་ལས་གཞན་བའི་ཁ་སྒྱུར་ཀྱང་བགྱི་བར་རུང་བའི་མཁའ་འགྲོའི་མེ་མཆོད་བྱ་བར་འདོད་ན དང་པོ་རྫས་གསག་པ་ནི མར་ཁུ༔ ཡ་མ་ཤིང་ ཏིལ་དཀར་ནག དཀར་གསུམ་མངར་གསུམ་དང་དྲི་བཟང་གིས་སྦགས་པའི་ཞོ་ཟན སོ་བ འབྲས ནས གྲོ སྲན་མ ཡུངས་དཀར

(༣༩༥)འུྃ ཀུ་ཤ དུར་ཝ ཤིང་ཏོག༔ དར་སྣ སྨན་སྣ རིན་པོ་ཆེའི་རིགས་དང་ ཁྱད་པར་གྱི་རྫས་བ་དམར་ཟལ་རྙེད་ན་རབ མ་རྙེད་ན་བ་གླང་གཞོན་ནུའི་ཤ ལས་མདོག་དང་མཐུན་པའི་མེ་དར་རྣམས་ཀྱང་གསོག གཉིས་པ་ཐབ་བཅའ་ཨ་མྲྀ་ཏས་སྤགས་པ། བ་ནི་བདག་གི་རྣལ་འབྱོར་དང་ལྡན་པས་འཁྱིལ་པའི་སྔགས་ཀྱིས་བསང་ཆུ་བསྒྲུབ༔ གང་དུ་བྱ་བའི་གཞི་མ་དུལ་བ་ཡིན་ན་ས་ཆོག་བྱ༔ དེ་ནས་རླན་ཅན་གྱི་ས་སྟེགས་འཇམ་པོ་

(༣༩༦)ལ༔ རྡུལ་ཚོན་གྱི་རེ་ཁཱ་རིམ་པ་གསུམ་དུ་བསྐོར་བའི་མཐིང་ཁར་བཾ དེའི་ཕྱི་པད་འདབ་བཞི་ཕྱོགས་མདོག་ལ་འབུམ་ཕྲག་ཡངས་པའི་མཁའ་འགྲོའི་སྲོག་སྙིང་ཧ་རི་ནི་ས་བཀོད ཕྱི་མ་རྡོར་དང་འོད་ཕྲེང་ངོ་ དེའི་སྟེང་ལྷ་རྫས་ལ་རུང་བའི་བུད་ཤིང་བཟང་པོ་རན་པར་བརྩེགས ཉེ་ལོགས་ཅི་བདེ་བར་མཆོད་གཏོར་བཟང་པོ་དང་ཚོགས་འཁོར སྲེག་རྫས་རྣམས་ཀྱང་འདུ་བྱའོ གསུམ་པ་དངོས་གཞིའི་རིམ་པ་ནི བསང་ཆུ་འཐོར་ཞིང་ ཨ་མྲྀ་ཏས་བསངས སྟོང་པའི་ངང་ལས་མཆོད་རྫས་དང་སྲེག་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་

(༣༩༧)འུྃ དངོས་པོ་ལས་ཐམས་ཅད་ལ་ཐོགས་པ་མེད་པར་བསྐུལ་ཞིང་ལྷ་ཚོགས་རྣམས་དགྱེས་པ་བསྐང་བའི་ནུས་ལྡན་དུ་གྱུར ནང་མཆོད་འཐོར་ཞིང་ ཨོཾ་ཨཱཧཱུྃ་ཧ་ཧོ་ཧྲཱི ལན་བདུན་བརྗོད༔ ལས་མཐུན་གྱི་མེ་སྦར་ལ ཨཱ ཆོས་རྣམས་རང་བཞིན་སྐྱེ་བ་མེད ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མའི ཀློང་ན་ལས་བཞི་རྫོགས་པའི་ཐབ སྤྱན་དང་མཱ་ཀཱིའི་མཁའ་དབྱིངས་སུ ཞལ་ཕྱག་སྤངས་པའི་མེ་ལྷ་ནི ཡུམ་ཆེན་ན་བཟའ་དཀར་མོ་ཉིད དམ་ཚིག་སྒྲོལ་མའི་བརྟུལ་ཞུགས་དང་ མཉམ་སྦྱོར་བྱིན་ཟ་འབར་བའི་ཀློང་༔ རྒྱུ་རྐྱེན་ལས་འདས་གཞལ་ཡས་ཁང་༔ ཐིག་ལེ་ཉག་

(༣༩༨)གཅིག་ཆོས་དབྱིངས་སྒོ བདེ་ཆེན་འབར་བའི་ཕོ་བྲང་དབུས ཆུ་སྐྱེས་གེ་སར་བཞད་པའི་སྟེང་ ཉི་མའི་གདན་ལ་མཁའ་འགྲོའི་གཙོ ཆོས་སྐུའི་ཀློང་ན་ཀུན་བཟང་མོ ལོངས་སྐུའི་ཞིང་ན་ཝཱ་རཱ་ཧཱི སྤྲུལ་སྐུ་ཡེ་ཤེས་འཚོ་རྒྱལ་མ ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར གཅེར་མོ་མཉམ་པའི་དོར་སྟབས་ཅན ཤིན་ཏུ་ཆགས་དང་བཞད་པའི་ཞལ ཕྱག་གཡས་ཐོད་པའི་ཅང་ཏེའུ སྙན་གྱི་ཐད་ཀར་གཏོད་ཅིང་འཁྲོལ གཡོན་པ་གྲི་གུག་ཡུ་བ་ནི དཀུ་ལ་བརྟེན་ནས་མཆོག་ཏུ་འགྱིང་ བྷ་ག་རྒྱས་ཤིང་ནུ་མ་འབུར རིན་པོ་ཆེ་དང་གཞོན་ནུའི་བརྒྱན༔ པུཎྜ་རི་ཀའི་དོ་ཤལ་འཕྱང་༔ རུས་པའི་རྒྱན་དྲུག་སྐུ་ལ་མཛེས༔ གནག་སྣུམ་དབུ་སྐྲའི་ལན་ཚར་ཅན རིན་པོ་ཆེ་ཡི་རྩེ་བྲན་བརྗིད དབུ་མའི་སྤྱན་ནི་དབྱིངས་ལ་གཟིགས ལོངས་སྐུའི་སྤྱན་གྱིས་འགྲོ་བ་འདུལ སྤྲུལ་སྐུའི་སྤྱན་གྱིས་ཁམས་གསུམ་འགུགས སྐུ་ལ་རྒྱུད་སྡེའི་དཀྱིལ་འཁོར་རྫོགས འབུམ་

(༣༩༩)འུྃ ཕྲག་ཡངས་པའི་མཁའ་འགྲོས་བསྐོར རིགས་བདག་པདྨ་ཐོད་ཕྲེང་རྩལ ཨཱ་ཙཱརྱ་གཞོན་དཀར་གསལ་འཛུམ ཧེ་རུ་ཀ་པ་ཅང་དྲིལ་འཁྲོལ དམ་ཚིག་ཡེ་ཤེས་གཉིས་སུ་མེད བསྒོམས་པ་ཙམ་གྱིས་དངོས་གྲུབ་ཐོབ སྤྱན་འདྲེན་པ་ནི ཧཱུྃ་ཡུལ་གྱི་མིང་ནི་རྒྱ་གར་ཡུལ གནས་ཀྱི་མཆོག་གྱུར་ཨོ་རྒྱན་གནས དྷུ་མ་ཐ་ལ་མཁའ་འགྲོའི་གོང་ གླིང་གི་གླིང་མཆོག་རྔ་ཡབ་གླིང་༔ དོན་ལ་འོག་མིན་བདེ་ཆེན་ཞིང་༔ རྣམ་པ་མཁའ་སྤྱོད་སྤྲུལ་པའི་གནས དགྱེས་ཤིང་བཞུགས་པའི་ཡུལ་ཀུན་ནས ཆོས་སྐུ་ཡུམ་ཆེན་འཚོ་རྒྱལ་མ འབུམ་ཕྲག་མཁའ་འགྲོའི་འཁོར་དང་བཅས བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ གནས་མཆོག་འདི་རུ་བྱིན་ཕོབ་ལ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར བགེགས་དང་ལོག་འདྲེན་བར་ཆོད་སོལ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱ

(༤༠༠)ཧཱུྃ་བཛྲ་ཛྙཱ་ན་ཌཱཀྐི་ནི་ཨེ་ཨ་ར་ལི་ཕཻཾ་ཕཻཾ་ཛཛ བཞུགས་གསོལ་ཕྱག་འཚལ་ནི ཧོ གདོད་ནས་དམ་ཚིག་ཡེ་ཤེས་པ གཉིས་སུ་མེད་པ་རྡོ་རྗེའི་སྟན མཁའ་འགྲོ་སེམས་ཀྱི་ཆོ་འཕྲུལ་དུ ལྷན་ཅིག་སྐྱེས་ལ་ཕྱག་འཚལ་ལོ༔ ན་མོ་ན་མ་ཧཱུྃ༔ མཆོད་པ་འབུལ་བ་ནི ཧོ སྣང་ཞིང་སྲིད་པའི་ཆོས་སོ་ཅོག འདོད་ཡོན་ལྔ་ཡི་རྒྱན་དུ་ཤར སེམས་ཀྱི་ཡིད་བཞིན་གཏེར་ཆེན་པོ བླང་དོར་མེད་པའི་དགྱེས་མཆོད་འབུལ བཛྲ་ཛྙཱ་ན་ཌཱཀྐི་ནི་པུཥྤེ་ནས་ཤཔྟ་མ་ཧཱ་མུ་དྲ་རཀྟ་པཉྩ་བྷ་ལིང་ཏ་སརྦ་པཱུ་ཛ་ཨཱཧཱུྃ བསྟོད་པ་ནི ཧཱུྃ རྒྱལ་བ་ཀུན་ཡུམ་རྡོ་རྗེ་རྣལ་འབྱོར་མ སྣ་ཚོགས་ཡུམ་གྱུར་ཤེས་རབ་ཕ་རོལ་ཕྱིན༔ དགྱེས་ཆགས་བཞད་པའི་རྣམ་འགྱུར་འཚོ་རྒྱལ་ཡུམ༔ སངས་རྒྱས་པདྨའི་ལྕམ་ལ་ཕྱག་འཚལ་བསྟོད༔ མཐོང་བས་ཡིད་འཕྲོག་མཚན་དཔེའི་ལང་ཚོ་ཅན ཐོས་པས་རྣམ་གྲོལ་འགག་མེད་བརྡ་ཡི་གསུང་ དྲན་བས་བདེ་སྟོང་ཡེ་ཤེས་བསྐྱེད་པའི་

(༤༠༡)འུྃ ཐུགས༔ཌཱཀྐིའི་གཙོ་མོ་མཁར་ཆེན་བཟའ་ལ་བསྟོད བཅུ་དྲུག་དགའ་སྟེར་མཆོག་གི་ཕོ་ཉ་མོའི༔ གསལ་སྣང་སྒྱུ་མའི་ཏིང་འཛིན་དང་འགྲོགས་པས༔ ཕྱི་ནང་གཞན་གསུམ་རྩ་རླུང་ཐིག་ལེའི་ཁམས ཀུན་ཏུ་བཟང་མོའི་ཀློང་དུ་དག་གྱུར་ཅིག༔ དགང་བླུགས་བཟུང་ལ༔ ཧཱུྃ་དགང་བླུགས་དཀྱིལ་འཁོར་མ་ལུས་པའི༔ ཞལ་གྱི་ངོ་བོར་རྣམ་དག་ཅིང་༔ རྡོ་རྗེའི་ལྗགས་སྟེང་ཧཱུྃ་ཡིག་གིས སྲེག་རྫས་བདུད་རྩིའི་རྒྱུན་དྲངས་ནས༔ ཐུགས་ཀའི་རྡོ་རྗེ་ཕག་མོ་མཉེས ལས་མཐུན་འོད་ཟེར་འཕྲོས་པ་ཡིས མཆོག་ཐུན་དངོས་གྲུབ་ཐོབ་པར་གྱུར ཞེས་བརྗོད་ཅིང་བསམ་ལ༔ ཨོཾ་པདྨོ་ཡོ་གི་ནི་ཛྙཱ་ན་ཝཱ་རཱ་ཧཱི་སརྦ་བཱ་པཾ་ཤཱནྟཾ་ཀུ་རུ་སྭཱ་ཧཱ ཞེས་བདུན་གྱིས་ཕུལ་ལ༔ རྣལ་འབྱོར་པ་བདག་དང་ཡོན་གྱི་བདག་པོ་ལ་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་བར་གཅོད་ཉམས་ཆག་ཉེས་ལྟུང་མ་དང་མཁའ་འགྲོའི་བཀའ་ཆད་ཐམས་ཅད་ཤཱམྟི༚་

(༤༠༢)ཀུ་རུ་སྭཱ་ཧཱ ཞེས་འདོད་དོན་གསོལ རྫས་གཞན་རྣམས་ཀྱང་གཅིག་ཏུ་སྦམས་ཏེ་འབུལ་ཚུལ་དེ་དང་འདྲ༔ ཞི་བྱེད་དམིགས་བསལ་ཡོད་ན་རྩ་སྔགས་ཤམ་བུ་སརྦ་བཱ་པཾ་གྱི་མམ་དུ༔ དམ་ཚིག་ཉམས་ཆག་ཤཱནྟི༚་ཀུ་རུ་སྭཱ་ཧཱ ཞེས་བ་ལྟ་བུའི་འབྱིན་འཇུག་བྱ དེ་བཞིན་དུ་རྒྱས་པ་ལ ཚེ་དང་བསོད་ནམས་པུཥྚི༚་ཀུ་རུ་ཧོ དབང་ལ༔ ཁམས་གསུམ་སྐྱེ་དགུའི་བླ་ཡིད་ཝཱ་ཤཾ་ཀུ་རུ་ཧོམངོན་སྤྱོད་ལ དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཕཊ༔ ཅེས་བསྒྱུར རྫས་ལ་མཚོན་ན༔ ཞི་བར་མར་ཁུ་དང་ ཏིལ་དཀར་ནག པད་ཁ་རྣམས་བུངས་བསྐྱེད༔ རྒྱས་པ་ལ་ཞོ་ཟན་དང་དུར་བ༔ རིན་པོ་ཆེ་དང་ཤིང་ཏོག་རྣམས དབང་ལ་རོ་མངར་ཞིང་སྣུམ་པའི་བཟའ་བཅའ་དང་ མེ་ཏོག་དང་འབྲས་བུ་དམར་པོའི་རིགས དགྲ་བགེགས་ཞི་བ་ལ་ཡུངས་དཀར་དང་གུ་གུལ་ཚ་བ་གསུམ་དང་ལན་ཚྭའི་ཁུ་བས་ཅུང་ཟད་སྔགས་བཞི་བའི་མཐུ་དང་ལྡན་པའི་མངོན་སྤྱོད་དོ ཚུལ་དེ་བཞིན་དུ་མཆོད་རྫས་དང་སྲེག་རྫས་ཐབ་དཀྱིལ་ལ་

(༤༠༣)འུྃ སོགས་པའི་ཁ་དོག་ལས་མཐུན་དང་ གཙོ་བོར་ཏིང་ངེ་འཛིན་གྱི་ལྡེ་ཁ་ནི་རྣོ་ལ་དར་གྱིས་གདགས་པ་བཞིན་ནོ རྫས་རྣམས་རྫོགས་པ་དང་ ཨོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ གོས་ཟུང་དང་ བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱ ཞེས་སོ་རྩི་དབུལ ཚོགས་ཀྱི་འཁོར་ལོས་མཆོད དངོས་གྲུབ་བླང་བའི་རྗེས་ཐོག་ཏུ་བྱོན་སྐྱེམས་ཕུལ་ལ ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད སོགས་ཀྱི་མཐར བཛྲ་མུ ས་ཡེ་ཤེས་པ་གཤེགས༔ དམ་ཚིག་པ་རང་ལ་འདྲེས་པར་བསམ དེ་ནས་བསྔོ་བ་ནི༔ མཁའ་འགྲོ་མ་ཡི་དཀྱིལ་འཁོར་དུ སྦྱིན་སྲེག་མཆོད་པ་འདི་ཕུལ་བས དགེ་བའི་རྩ་བ་གང་ལགས་པ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ ཞེས་ལན་གསུམ་དང་ སྨོན་ལམ་ནི ཧོ སྣང་སྲིད་ཐམས་ཅད་དག་བ་མཁའ་སྤྱོད་ཞིང་ བདེ་ཆེན་འགྱུར་མེད་རྡོ་རྗེ་རྣལ་འབྱོར་མ རྣམ་ཀུན་མཆོག་ལྡན་དོན་གྱི་ཕག་མོ་དང་ རང་ཞལ་

(༤༠༤)མཇལ་ཏེ་མངོན་པར་བྱང་ཆུབ་ཤོག ཤིས་པ་བརྗོད་པ་སྤྱི་དང་མཐུན་པར་བྱའོ མེ་ནི་དཀྱིལ་འཁོར་ལྷ་ཡི་ཞལ མངོན་སུམ་ཉིད་དུ་ལོངས་སྤྱོད་པས བསོད་ནམས་ནང་ན་སྦྱིན་སྲེག་མཆོག༔ རྣོ་ལ་མྱུར་བའི་ལས་བརྩམས་ན རྣལ་འབྱོར་ལྡན་པས་འདི་ལ་འབད ས་མ་ཡ རྒྱ་རྒྱ་རྒྱ རྗེ་བཙུན་དཔལ་སྡིངས་པས་གསོལ་བ་ནན་གྱིས་བཏབ་པས་ལོ་ཕྱི་མ་ལ་རྒྱ་ཁྲོལ༔

(༤༠༥)འུྃ མཁའ་འགྲོ་བདེ་ཆེན་རྒྱབ་མོ་ལས༔ སྐུ་གསུམ་བདུད་རྩིའི་བཅུད་ལེན་བཞུགས༔ འུྃ མཁའ་འགྲོ་མ་ལ་ཕྱག་འཚལ་ལོ༔ རླུང་ཟས་སྟོབས་ཀྱི་བཅུད་ལེན་ནི༔ བགེགས་འདུལ་ཁྲོ་བོའི་རྒྱལ་པོར་སྒོམ༔ ཁུ་ཚུར་གདེངས་ཤིང་ཧཱུྃ་གླུ་ལེན་པ ལག་པ་གཡས་གཡོན་གར་སྟབས་བསྒྱུར༔ དབང་པོའི་སྒོ་རྣམས་ཧཱུྃ་གིས་བཀག༔ བགེགས་ཀྱང་སྟོང་པ་ཉིད་དུ་བསམ༔ དེ་ནས་བླ་མའི་རྣལ་འབྱོར་སྒོམ མོས་གུས་དྲག་པོས་གསོལ་བ་གདབ༔ རྐང་པ་རྡོ་རྗེའི་འདུག་སྟངས་ལ ལག་པ་སྟ་ཟུར་གཡས་གཡོན་བཞག སྣ་བུག་གཉིས་ནས་དྲག་རླུང་དང་ ཁོང་འདར་ཐོན་པའི་ཧ་གསུམ་འབུད ངལ་བསོ་ཤེས་པ་དལ་བ་དང་༔ ཧུབ་སྒྲ་གསུམ་གྱིས་བསྟུད་མ་རུ༔ བྱ་ལམ་བཟའ་ཞིང་བུམ་ཅན་བཟུང་ ཧ་ཅང་མི་བསྡམ་ནམ་མཁའི་བཅུད༔ ཁོད་དུ་འུབ་ཀྱིས་དྲངས་བར་བསམ༔ མི་ཐུབ་སྣ་བུག་གཉིས་ཀ་ནས དྲག་འབུད་མ་ཡིན་དལ་བུས་བཏང་ རེས་འགའ་པུས་བྲང་སྦྱར་བྱས་ལ ལག་པ་གཉིས་ཀྱིས་ཨོལ་ཀོ་བརྟེན འཇམ་རླུང་དང་ནས་དབྱིངས་རིག་བསྲེ རྟགས་དང་ཡོན་ཏན་

(༤༠༦)བསམ་མི་ཁྱབ རགས་པའི་ཟས་ཀྱི་ཞེན་བ་ཆོད འབྱུང་བའི་སྙིགས་མ་ཤུགས་ལ་དངས སེམས་དང་རིག་པ་དངས་སྙིགས་བྱེད༔ གཉིད་ཀྱང་འོད་གསལ་ཆེན་པོར་འཆར ཡེ་ཤེས་ཆེན་པོའི་བཅུད་ལེན་ཡིན ས་མ་ཡ ལོངས་སྤྱོད་རྫོགས་སྐུ་རྡོ་རྗེ་སེམས༔ རྡོ་ཆེན་ཅོང་ཞིའི་བཅུད་ལེན་ནི ཆེ་ཆུང་ནས་ཕྱེད་ཙམ་དུ་བརྡུངས ཚགས་ཀྱིས་བཙགས་ལ་སྙོམས་བར་བྱ ཆུ་ཡིས་ལེགས་བཀྲུ་རྡོ་ཕྱེ་དང་ ཐལ་དྲི་སྤུ་ཙམ་མ་འདྲེས་གཅེས༔ འབྲི་ཡི་འོ་མ་མར་གསར་དང་༔ ཀར་བུར་སྤྲད་རྩི་སྦྱངས་པའི་ནང་༔ བཏབ་ནས་མ་ཚིག་ལེགས་པར་སྐོལ ཁུ་བ་རང་སིམ་འགྲོ་བར་བྱ གཡའ་མེད་སྣོད་བླུགས་མ་ཧུམས་གཅེས དགོངས་དང་ཐོ་རེངས་ཉིན་གུང་གསུམ ཐུར་མགོ་རེ་རེ་ཇ་ཡིས་ཕུལ འདུ་བའི་ནད་སེལ་སྒྲིབ་པ་བྱང་ ཉམས་དང་རྟོགས་པ་ཤུགས་ལ་འཕེལ དཔའ་བོ་མཁའ་འགྲོ་དབང་དུ་འདུ༔ གནད་དུ་སོང་ན་འབྱུང་བའི་ཁམས༔ ཉམས་བརྟས་བཀྲག་དང་གཟི་མདངས་འབར༔ སྟོབས་རྩལ་གླང་པོ་ཆེ་དང་མཉམ མི་མ་ཡིན་དང་བརྡ་འཕྲོད་ཅིང་༔ མངོན་ཤེས་རྫུ་འཕྲུལ་ཐོགས་པ་མེད

(༤༠༧)འུྃ ས་དང་ལམ་གྱི་ཡོན་ཏན་རྫོགས ས་མ་ཡ སྤྲུལ་སྐུ་འབྲུ་ཆེན་བཅུད་ལེན་ནི༔ ནས་ཆེན་སྤུན་པ་མེད་པ་དེ༔ རྡུལ་དྲི་བཀྲུས་ལ་ལེགས་པར་བྲུས རྫ་ནང་བླུགས་ལ་ཆང་ལྟར་བཙོ༔ སྐྱ་བས་དཀྲུགས་ཤིང་འབྲགས་མི་གཞུག༔ རྒྱུན་དུ་རླངས་པ་མ་ཤོར་གཅེས ཆུ་ཐག་ཆོད་ནས་གཞོང་བའམ༔ སྤུ་རྡུལ་མེད་པའི་སྣོད་དུ་སྐམ ཉིན་རེ་ནས་ཕུལ་རེ་ཡི་ཚད མར་ཚིལ་ལན་ཚྭའི་རྡོར་དང་བཅས འབྲུ་ཐུག་ཉིད་དུ་འཚོ་ཤེས་སྤྱད སྲིན་བུ་འཆི་བར་མི་འགྱུར་ཞིང་༔ དཀོར་དང་ལོག་འཚོའི་ཉེས་པ་དག༔ བྱ་བ་བཏང་བའི་རྣལ་འབྱོར་ལ༔ ཟས་ཀྱིས་ཕོངས་པ་འབྱུང་མི་སྲིད༔ དེ་ལྟར་བཅུད་ལེན་རྣམ་པ་གསུམ༔ བཟའ་དུས་ཡི་གེ་འབྲུ་གསུམ་དུ བསྒོམས་པས་བདུད་རྩིའི་ནུས་པ་འབྱིན ས་མ་ཡ དེ་ལྟར་སྐུ་གསུམ་བཅུད་ལེན་ནི ཁམས་དང་དབང་པོའི་ཁྱད་པར་གྱིས སོ་སོ་ཉམས་སུ་བླང་ནུས་མོད མོས་པས་སྤྱོད་པའི་གང་ཟག་ཕལ རིམ་བཞིན་ཆོས་ལོངས་སྤྲུལ་སྐུའི་ཚུལ ཉི་མ་རེ་མོས་ཉམས་བླངས་པས ལུས་སྟོབས་རྒུད་པར་

(༤༠༨)མི་འགྱུར་ཞིང་༔ ཡུན་དུ་བསྲིང་བའི་མཐུ་ཆེ་བས༔ ཟླ་བ་རེ་ལ་བདུན་ཕྲག་རེ རྟག་པ་རྒྱུན་གྱི་ཉམས་ལེན་འབད རྗེས་ལ་ཟོས་ལོག་མི་འབྱུང་ཕྱིར རགས་པའི་ཟས་ལ་རིམ་གྱིས་བསླབ བྱང་ཆུབ་བསྒྲུབ་པའི་ཆ་རྐྱེན་ཏེ༔ སྒྲུབ་པ་པོ་ཡི་དཔལ་དུ་ཤོག ས་མ་ཡ རྒྱ་རྒྱ་རྒྱ

(༤༠༩)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས ཡུམ་ཀ་མཁའ་འགྲོའི་ནང་སྒྲུབ་བདེ་ཆེན་སྙིང་པོའི་གཏེར་བུམ་བཞུགས༔ ༔

(༤༡༠)འུྃ བདག་ཉིད་ཆེན་པོ་པདྨ་ནི དབྱིངས་ཀྱི་ཡུམ་ལ་དབང་བསྒྱུར་བས མཁའ་འགྲོ་ཡོངས་ཀྱི་མིང་པོ་ཡིན ཆུ་སྐྱེས་ཞལ་གྱི་གེ་སར་ལས༔ བྱུང་བའི་ལྷ་མོ་མྱུར་དཔའ་སྒྲོལ གངས་རིའི་ཁྲོད་ན་མི་མོའི་ཚུལ༔ ཕྱི་ལྟར་དབྱངས་ཅན་འཚོ་རྒྱལ་མ༔ ནང་ལྟར་རྗེ་བཙུན་སྒྲོལ་མ་དངོས གསང་བ་རྡོ་རྗེ་ཕག་མོ་ཡིན༔ བསྙེན་པ་དབྱིངས་ཀྱི་ཡུམ་ལ་བྱ དོན་གྱི་ཕག་མོའི་ཞལ་མཐོང་འགྱུར༔ ཕྲིན་ལས་ཐུགས་རྗེའི་རྩལ་ཤུགས་ནི༔ བྱེ་བ་ཕྲག་བརྒྱའི་སངས་རྒྱས་དང་ སེམས་དཔའ་མཆོག་རྣམས་བསྙེན་བཀུར་ཞིང་༔ འགྲོ་སྒྲོལ་ཐུགས་བསྐྱེད་དམ་བཅའ་ལ༔ བྱེ་བ་ཕྲག་བརྒྱའི་སངས་རྒྱས་དང་ སེམས་དཔའ་མཆོག་རྣམས་བསྙེན་བཀུར་ཞིང་ འགྲོ་སྒྲོལ་ཐུགས་བསྐྱེད་དམ་བཅའ་ལ དཔའ་ཞིང་ཐུགས་རྗེ་མྱུར་པས་ན བཅོམ་ལྡན་སྣང་བ་མཐའ་ཡས་དང་ བསྐལ་བཟང་སངས་རྒྱས་སྟོང་རྩ་ཡིས བསྟོད་བསྔགས་རྒྱལ་སྲས་རྣམས་ཀྱིས་བསྟེན༔ ས་

(༤༡༡)འུྃ དང་ཕ་རོལ་ཕྱིན་པ་ལ དབང་སྒྱུར་སྒྲོལ་མ་རྣལ་འབྱོར་མའི རྣམ་པར་བསྒྲུབས་པས་བྱིན་རླབས་འགྱུར ས་མ་ཡ དེ་ལ་ལས་ཚོགས་ཉེར་གཅིག་གི དང་པོ་ཚད་མེད་བཞི་བསྒོམས་ནས གཞན་ཕན་རྟེན་འབྲེལ་སྒྲིག་པ་གཅེས སྙན་གྲགས་རྩ་བ་བྱང་ཆུབ་སེམས རང་སྣང་འགྱུར་ཆོ་གཞན་སྣང་འགྱུར རྩ་བའི་སྒྲུབ་པས་ཁོག་ཕུབ་ལ ཡེ་ཤེས་སེམས་དཔའ་གནས་བསྒྱུར་ན མཁའ་འགྲོའི་ཐུགས་ཀར་བདེ་ཟླའི་སྟེང་༔ མྱུར་མ་དཔའ་བའི་རྗེ་བཙུན་མ༔ དམར་མོ་ཁྲོ་འཛུམ་ཆགས་པའི་ཉམས ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས གཡས་འཁྱིལ་དུང་མཚན་ཨུཏྤལ་འཛིན གློག་ལྟར་མྱུར་བའི་སྤྱན་གཡས་པས ལྷ་དང་

(༤༡༢)བཅས་པའི་འཇིག་རྟེན་ན བདག་གི་སྙན་གྲགས་གསལ་བར་བསམ ཨོཾ་པདྨོ་ཡོ་གེ་ནི་ཏཱ་རེ་ཏུ་རེ་ཏུ་རེ་བོ་དྷི་ཅིཏྟ་སྭཱ་ཧཱ། ཐུགས་ཀར་ཟླ་གདན་ལ་ཏཱཾ་ཡིག་བཀོད་པའི་མཐའ་བསྐོར་སྔགས་འཕྲེང་ལས་མཐུན་གྱི་འོད་ཟེར་འཕྲོ་བར་བསམ་མོ། ཐུན་མཚམས་མཆོད་ཅིང་ཡིག་བརྒྱས་བཤགས མྱུར་མ་དཔའ་མོ་བརྒྱ་ཚར་བརྗོད སྨོན་སེམས་བསྐྱེད་ཅིང་དགེ་བ་བསྔོ༔ ཀུན་ལ་ཐུན་མཐར་ཚོགས་འཁོར་བསྐོར༔ ལས་མཐའ་མེ་མཆོད་ཉིད་ལ་གཏད༔ རྣོ་ལ་དར་གྱིས་གདགས་པ་བཞིན ས་མ་ཡ ༈ གཉིས་པ་བློ་དང་ཤེས་རབ་སྒྲུབ༔ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་ དབྱངས་ཅན་མ་ནི་སྟོན་ཟླའི་ཞལ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས མ་ལོང་ཧྲི་མཚན་ཨུཏྤ་ལ་འཛིན འོད་ཟེར་འཕྲོས་པས་རྒྱལ་རྣམས་ཀྱི༔ མཁྱེན་རབ་སོ་སོ་ཡང་དག་རིག༔ སྐར་མ་སྟོང་ཕྲག་ཚོགས་པ་ལྟའི བློ་གྲོས་གཏེར་ཁ་ཕྱེ་བར་བསམ ཨོཾ་པདྨེ་ཡོ་གི་ནི་ཏཱ་རེ་ཏུ་ཏྟཱ་རེ་

(༤༡༣)འུྃ ཏུ་རེ་པྲཛྙཱ་ཧྲི༚་ཧྲི༚་སྭཱ་ཧཱ རྨོངས་པའི་རྒྱུ་ནི་མ་རིག་པ ནང་ངང་གདོན་ཡང་དེ་ལ་བརྟེན་ རིག་པ་འདི་བསྒྲུབས་སྐྱེས་བུ་ནི ཤེས་རབ་ལྷ་ཡིས་རྗེས་སུ་འཛིན༔ ཐུན་མཚམས་གོང་འདྲ་ཕྱག་འཚལ་ནི༔ སྟོན་ཀའི་ཟླ་བ་ཀུན་ཏུ་བརྗོད༔ ས་མ་ཡ ༈ གསུམ་པ་བསོད་ནམས་སྟོབས་བསྐྱེད་ན༔ མཁའ་འགྲོའི་།ཐུགས་ཀར་པད་ཟླའི་སྟེང་ སེར་མོ་བསོད་ནམས་མཆོག་སྟེར་མ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་། །ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས ཆུ་སྐྱེས་སྟེང་ན་རིན་ཆེན་མཛེས སྐུ་ལས་ཉི་གཞོན་འཆར་ཀའི་འོད འཕྲོས་པས་བྱང་ཆུབ་སེམས་དཔའ་ཡི༔ འཇུག་པའི་སྤྱོད་པ་བདག་དབང་གྱུར ཀུན་གྱིས་བརྫི་བར་མི་ནུས་པའི དབང་བཅུའི་ཡོན་ཏན་ཐོབ་པར་བསམ རྩ་སྔགས་ཤམ་བུར མ་ཧཱ་པུ་ཎྱེ་སྭཱ་ཧཱ བསོད་ནམས་མེད་ན་ལོངས་སྤྱོད་དང་ ཚེ་ཡང་རྟག་པར་མི་ནུས་ན ཆོས་དོན་གཉེར་ལ་སྨོས་ཅི་དགོས

(༤༡༤)དེ་ཕྱིར་འདི་ལ་བརྩོན་པར་གྱིས ཐུན་མཚམས་གོང་འདྲ་ཕྱག་འཚལ་ནི སེར་སྔོ་ཆུ་ནས་སྐྱེས་ཀྱི་བརྗོད ས་མ་ཡ ༈ བཞི་པ་འཆི་མེད་ཚེ་སྒྲུབ་ན མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་ གཙུག་ཏོར་རྣམ་རྒྱལ་གསེར་མདོག་ཅན ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས ཨུཏྤལ་ལ་གནས་ཚེ་བུམ་འཛིན འོད་ཟེར་སྤྲོ་བསྡུས་འཁོར་འདས་ཀྱི དངས་བཅུད་བདག་ལ་ཐིམ་པར་བསམ རྩ་སྔགས་ཤམ་བུར ཨཱ་ཡུར་ད་ཏེ་བྷྲཾ་སྭཱ་ཧཱ སྤྲོས་པ་ཅན་ལ་ཚེ་རྫས་བཤམ ཚེ་དབང་བདུད་རྩི་བུམ་བཅུད་ཀྱི སྔགས་ལ་ཚིག་ཕྲད་བསྒྱུར་བས་འགྲུབ ཕྱག་འཚལ་དེ་བཞིན་གཤེགས་པའི་བརྗོད ས་མ་ཡ ༈ ལྔ་པ་དམིགས་བྱ་དབང་སྡུད་ན མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔ རིག་བྱེད་སྒྲོལ་མ་ལེ་བརྒན་མདོག ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི དཀོན་

(༤༡༥)འུྃ མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས ཨུཏྤལ་ལ་གནས་མདའ་གཞུ་འཛིན བར་ཞིང་རོ་བའི་འོད་ཟེར་གྱིས དམིགས་བྱའི་སྙིང་ལ་གཟིར་བ་ཡིས བརྟན་པ་འབྲལ་རྟེ་འདུད་པར་བསམ རྩ་སྔགས་ཤམ་བུར ཀུ་རུ་ཀུལླེ་ནིྲ་ཛསྭཱ་ཧཱ མཁན་སློབ་དགེ་འདུན་རྒྱལ་བློན་དང་ ཁྱིམ་བདག་ད་མའི་མིང་སྤེལ་བཅུག ཕྱག་འཚལ་ཏུཏྟཱ་ར་སོགས་བརྗོད༔ ས་མ་ཡ དྲུག་པ་སྨྱོ་བརྗེད་ཤ་ཟ་དང་༔ གནོད་སྦྱིན་གདོན་གྱི་སྟོབས་གཞོམ་ན༔ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་ འཇིགས་བྱེད་ཆེན་མོ་དམར་ནག་ཞལ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས ཨུཏྤལ་ལ་གནས་ཕུར་བུ་འཛིན༔ ཧཱུྃ་ག་ཚྭ་ཚྭ་འཕྲོས་པ་ཡིས གདོན་གྱི་མགོ་པོ་རབ་བཀས་ནས ཆོས་ཉིད་ངང་དུ་བརྒྱལ་བར་བསམ རྩ་སྔགས་ཤམ་བུང་ སརྦ་བིག་ནན་བི་ཧཱུྃ་ཕཊ་སྭཱ་ཧཱ

(༤༡༦)རྨོངས་བྱེད་གདོན་དང་སྨྱོ་འདྲེ་ཀུར འདི་ཡིས་གསོས་པར་ཐེ་ཚོམ་མེད ཕྱག་འཚལ་བརྒྱ་བྱིན་མེ་ལྷ་བརྗོད ས་མ་ཡ༔ ༈ བདུན་པ་གཡུལ་གྱི་འཁྲུལ་འཁོར་དང་༔ ཐོག་སེར་དྲག་པོ་འཇོམས་འདོད་ན མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔ གཏུམ་མོ་གཞན་གྱིས་མི་ཐུབ་མ ནག་མོ་མེ་འབར་ཁྲོ་གཉེར་ཅན༔ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས ཨུཏྤལ་ལ་གནས་རལ་གྲི་འཛིན ཐོག་སེར་སྡེ་བརྒྱད་འཁྲུལ་འཁོར་དང་༔ སྒྱོགས་སོགས་གཡུལ་གྱི་འཁྲུལ་འཁོར་གྱི དགྲ་གཤེད་ཐལ་བར་གྱུར་པར་བསམ རྩ་སྔགས་ཤམ་བུར བཛྲ་ཏ་ཀེ་ཧ་ན་ལི་ཙ་ཕཊ ཕྱག་འཚལ་ཏྲད་ཅེས་བྱ་དང་བརྗོད ས་མ་ཡ ༈ བརྒྱད་པ་གཞན་རྒོལ་མཚར་འབྲུ་གཞོམ༔ མཁའ་འགྲོ་ཐུགས་ཀར་པད་ཟླའི་སྟེང་ གཞན་མི་རྒྱལ་བའི་དཔའ་མོ་ནི དམར་ནག་ཁྲོ་གཉེར་ལྡན་པའི་ཞལ༔ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔ ཕྱག་གཡས་

(༤༡༧)འུྃ མཆོག་སྦྱིན་གཡོན་པ་ནི དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས ཨུཏྤལ་ལ་གནས་རྡོ་རྗེ་འཛིན ཆོ་ཞིང་རྩུབ་པའི་འོད་ཟེར་གྱིས༔ ཉོན་མོངས་བདུད་དགྲ་གསོད་པར་བསམ༔ རྩ་སྔགས་ཤམ་བུར ད་ཧ་པ་ཙ་ཧཱུྃ་ཕཊ་སྭཱ་ཧཱ ཕྱག་འཚལ་དུ་རེའི་འཇིགས་པ་བརྗོད ས་མ་ཡ ༈ དགུ་པ་འཇིགས་པའི་ཚོགས་སྐྱོབ་ན མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་ སེང་ལྡེང་ནགས་ཀྱི་སྒྲོལ་མ་ནི མར་གད་མདོག་ཅན་འོད་རབ་འཁྲུག ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས ཨུཏྤལ་ལ་གནས་འཁོར་ལོ་འཛིན མེ་སྤྲུལ་ཤ་ཟ་གླང་ཆེན་བཙོན ཆོམ་རྐུ་ན་སེངྒེ་རྒྱ་མཚོའི་རླབས རྒྱལ་པོའི་ཆད་པ་དགྲ་གདོན་མཛེ བཤེས་བྲལ་དབུལ་ཕོངས་གནམ་ལྕགས་ཐོག དོན་ཉམས་ལ་སོགས་འཇིགས་པ་ནི བརྒྱད་ཚན་གཉིས་ལས་སྐྱོབས་པར་བསམ རྩ་སྔགས་

(༤༡༨)ཤམ་བུར ང་ནཱ་ཏྲ་ཡ་སྭཱ་ཧཱ ཕྱག་འཚལ་དཀོན་མཆོག་གསུམ་མཚོན་བརྗོད ས་མ་ཡ ༈ བཅུ་པ་འཇིག་རྟེན་དབང་བྱེད་ན མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་ སྒྲོལ་མ་འཇིག་རྟེན་གསུམ་རྒྱལ་དམར ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས ཨུཏྤལ་ལ་གནས་རྒྱལ་མཚན་འཛིན འདོད་ལྷ་དབང་བྱེད་འོད་ཟེར་དང་༔ བཞད་པ་བརྒྱད་ལྡན་སྔགས་ཀྱི་སྒྲས གཞན་འཕྲུལ་དབང་བྱེད་སྔ་དང་བཅས རྨོངས་ཤིང་བདག་གི་དབང་གྱུར་ནས འཇིག་རྟེན་ཀུན་གྱིས་འདུད་པར་དམིགས རྩ་སྔགས་ཤམ་བུར ལོ་ཀ་པཱ་ཤཾ་ཀུ་རུ་སྭཱ་ཧཱ རྗེ་དཔོན་དབང་གྱུར་གཞན་སྨོས་ཅི༔ རྒྱལ་བློན་རབ་བྱུང་ཁྱིམ་བདག་དང་ ཡུལ་གྱི་གཙོ་བོ་རིག་གནས་མཁན༔ དཔལ་ཆེན་བུད་མེད་རིགས་བཟང་མོ ལྷ་ཀླུ་གནོད་སྦྱིན་ནོར་གྱི་ལྷ༔ སྐྱེད་མོས་ཚལ་དང་ཡུལ་མཁར་ཞིང་ ནར་ཕྲན་ནོར་དབྱིག་ཕྱུགས་ལ་སོགས གང་འདོད་དམིགས་

(༤༡༩)འུྃ པད་ལྡེ་ཁས་སྐྱུར ཕྱག་འཚལ་རབ་ཏུ་དགའ་བ་བརྗོད༔ ས་མ་ཡ ༈ བཅུ་གཅིག་དབུལ་བ་སེལ་འདོད་ན མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་ ནོར་གཏེར་དམར་སེར་ཁྲོ་གཉེར་ཅན ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས ཨུཏྤལ་ལ་གནས་གཏེར་བུམ་འཛིན འོད་ཟེར་འཕྲོས་པས་ཕྱག་སྐྱོང་སོགས༔ ས་གཞི་སྐྱོང་བའི་ཕོ་ཉ་བསྐུལ༔ ལྷ་ཀླུ་མི་ཡི་དཔལ་འབྱོར་དང་༔ ལོངས་སྤྱོད་ཆར་དུ་ཕབ་པ་ཡིས ཡུལ་ལྗོངས་དང་ནི་ཁྱིམ་གང་བསམ༔ རྩ་སྔགས་ཤམ་པུར༔ མ་མོ་བསུ་པུཥྚི་ཀུ་རུ་སྭཱ་ཧཱ ཕྱག་འཚལ་ས་གཞི་སྐྱོང་བ་བརྗོད གཏེར་བུམ་སྒྲུབ་དང་གཡང་འགུགས་སོགས༔ ཕྲིན་ལས་ཁ་ཚར་གདགས་སུ་རུང་༔ ས་མ་ཡ ༈ བཅུ་གཉིས་ཆར་ཆུ་བུ་དཔལ་སྤེལ ཡུལ་གྲུ་བཀྲ་ཤིས་བྱེད་འདོད་ན མཁའ་འགྲོའི་

(༤༢༠)།ཐུགས་ཀར་པད་ཟླའི་སྟེང༔ བཀྲ་ཤིས་དོན་བྱེད་སྒྲོལ་མ་སེར༔ ཞབས་གཉིས་རྟ་བབས་སྐྱེལ་མོ་ཀྲུང་༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས༔ ཨུཏྤལ་ལ་གནས་དཔལ་བེའུ་འཛིན༔ ཟླ་བའི་ལྷ་མོའི་དཔྲལ་བའི་ཟར་ལས་བདུད་རྩི་འཆར ཕབ་པས་རྩི་སྨན་ལོ་ཏོག་རྒྱས རིགས་བདག་ཉིད་ལས་འོད་འཕྲོས་པས མངྒལ་ཤྲཱི་མ་ཧཱ་བཱ་ནི་སྭཱ་ཧཱ ཕྱག་འཚལ་ཟླ་བིའི་དུམ་སོགས་བརྗོད ས་མ་ཡ ༈ བཅུ་གསུམ་གཡུལ་ལས་རྒྱལ་བྱེད་ན༔ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔ མེ་འབར་དབུས་གནས་རྗེ་བཙུན་མ དམར་མོ་སྤྱན་གསུམ་ཁྲོས་པའི་གདོང་༔ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས ཨུཏྤལ་ལ་གནས་རྡོ་རྗེ་གདེངས

(༤༢༡)འོད་ཟེར་རྡོ་རྗེའི་ཚྭ་ཚྭ་ཡིས གཞན་སྡེ་བཅོམ་ནས་ཚུར་འདུས་པ རྡོ་རྗེའི་རྭ་པའི་གུར་གྱུར་པའི༔ ནད་དུ་རང་སྲིད་སྲུང་པར་བསམ རྩ་སྔགས་ཤམ་བུར བཛྲ་ཛྭ་ལ་ཕཊ་ཕཊ རཀྵ་རཀྵ་སྭཱ་ཧཱ ཕྱག་འཚལ་བསྐལ་པའི་ཐ་མ་བརྗོད ས་མ་ཡ ༈ བཅུ་བཞི་འགོད་པོ་སྤུན་དགུ་དང་ སྡེ་བརྒྱད་གནོད་བྱེད་ཚོགས་གཞོམ་ན༔ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔ ཁྲོ་གཉེར་ཅན་མཛད་སྐུ་མདོག་ནག༔ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས ཨུཏྤལ་ལ་གནས་གཏུན་ཤིང་འཛིན༔ ཧཱུ་སྒྲ་སྒྲོགས་པའི་འོད་ཟེར་དང་ ཕྱག་ཞབས་ས་ལ་བསྣུན་ལ་ཡིས དམ་འགོང་རྒྱ་འདྲེའི་མགོ་བོ་བཀས ཆོས་ཉིད་དང་དུ་བརྒྱལ་བར་བསམ རྩ་སྔགས་ཤམ་བུར༔ ཧཱུྃ་ཧཱུྃ་ཧཾ་ཤཾ་ཏྲིག་ནན་ཕཊ ཕྱག་འཚལ་ས་གཞིའི་ངོས་སོགས་བརྗོད༔ ས་མ་ཡ༔ ༈ བཅོ་

(༤༢༢)ལྔ་སྡིག་བཞི་འདོད་ན༔ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་ རབ་ཏུ་ཞི་བ་སྐུ་མདོག་དཀར༔ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས ཨུཏྤལ་ལ་གནས་སྤྱི་བླུགས་འཛིན ཐུགས་ལས་དག་བྱེད་ལྷ་མོ་ནི༔ བུམ་པ་ཐོགས་པ་དཔག་མེད་སྤྲོས ཟླ་གདན་ལ་གནས་དམིགས་བྱ་ཡི ངན་སོང་སྡིག་སྒྲིབ་བཀྲུས་པར་བསམ རྩ་སྔགས་ཤམ་བུར སརྦ་པཱ་པཾ་ག་ཏེ་ག་ཏེ་སྭཱ་ཧཱ ཕྱག་འཚལ་བདེ་མ་དགེ་མ་བརྗོད གནས་ལུང་དག་ཀྱང་སྦྱར་དུ་རུང་ ས་མ་ཡ ༈ བཅུ་དྲུག་དགྲ་ཡི་མཐུ་སད་ཅིང་༔ བྱང་མའི་རིགས་སྔགས་སྟོབས་གཞམ་ན༔ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་ འབར་བའི་འོད་ཅན་སྐུ་མདོག་དམར ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས ཨུཏྤལ་ལ་གནས་རྒྱ་གྲམ་འཛིན འོད་ཟེར་འཕྲོས་པས་དགྲ་བོ་དང་༔

(༤༢༣)འུྃྃྃྃ བྱད་མའི་མཐུ་སྟོབས་ངག་ནུས་བཤིག དྲང་སྲོང་དག་ལ་དབང་ཐོབ་དམིགས རྩ་སྔགས་ཤམ་བུར ཏྲཾ་དུ་ཏྲི་ན་ཏྲཾ་དུ་ཕཊ སྭཱ་ཧཱ ཕྱག་འཚལ་ཀུན་ནས་བསྐོར་རབ་བརྗོད༔ ས་མ་ཡ༔ ༈ བཅུ་བདུན་དགྲ་ཇག་ཚོམ་རྐུན་དང་ རྔོན་པ་ཅན་གྱི་ཁ་འཆིང་ན༔ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་ དཔག་མེད་གནོན་མ་གུར་གུམ་མདོག ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས ཨུཏྤལ་ལ་གནས་མཆོད་རྟེན་འཛིན །ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་ཧཱུྃ༔ ཞབས་མཐིལ་ས་ལ་བརྡབས་པ་ཡིས སྟོང་གསུམ་ཕ་རོལ་གནས་པའི་རི༔ མནྡ་ར་དང་འབིགས་བྱེད་དང་༔ འདོད་དང་གཟུགས་ཁམས་གཟུགས་མེད་ལྡེག དྲག་ཤུལ་སྟོབས་ཀྱིས་དམིགས་བྱའི་གཟུགས ཞབས་ཀྱི་འོག་ཏུ་མནན་པར་བསམ༔ རྩ་སྔགས་ཤམ་བུར༔ ཧཱུྃ་ཧཱུྃ་བཾ་ཧོ༔ སྭཱ་ཧཱ༔ ཕྱག་འཚལ་ཏུ་རེའི་ཞབས་

(༤༢༤)བརྡབས་བརྗོད༔ ས་མ་ཡ ༈ བཅོ་བརྒྱད་སྦྱར་དང་དབྱིག་གི་དུག གཟའ་ཀླུ་གནོད་སྦྱིན་སྡེ་ཚོགས་ཀྱི༔ མཐོང་རེག་ཁ་རླངས་དུག་བསྲུང་ན༔ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་༔ སྒྲོལ་མ་རྨ་བྱ་ཆེན་མོ་དཀར ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས རི་དྭགས་ ཟླ་བ་ཉ་གང་། རྟགས་ཅན་ཨུཏྤལ་འཛིན༔ འོད་ཟེར་འཕྲོས་པས་བརྟན་གཡོའི་དུག༔ ལྷག་མ་མེད་པར་གཞིལ་བར་བསམ༔ རྩ་སྔགས་ཤམ་བུར སརྦ་བི་ཥ་ཏཱ་ར་ཕཊ ཕྱག་འཚལ་ལྷ་ཡི་མཚོ་རྣམས་བརྗོད༔ དུག་དབྱུང་བྱེད་ན་བུམ་སྒྲུབ་དང་ འབྲེལ་བར་ཆུས་བཀྲུ་རྨ་བྱས་བྱ་བ ཧོ འགལ་རྐྱེན་ཐམས་ཅད་དུག་ལ་བརྟེན དུག་གི་རྒྱུ་ནི་ཉོན་མོངས་པ༔ རིག་པ་མཆོག་གི་སྨན་ཚན་འདིས༔ སེམས་ཅན་ཁམས་ནི་དུག་མེད་ཤོག ཕྱག་འཚལ་སྔགས་སྦྲེལ་བརྒྱ་ཚར་བརྗོད ས་མ་ཡ ༈ བཅུ་དགུ་པས་ནི་རྩོད་པ་དང་༔ རྨི་ལམ་ངན་པ་ཐམས་ཅད་སེལ༔ མཁའ་འགྲོའི་ཐུགས་ཀར་

(༤༢༥)འུྃ པད་ཟླའི་སྟེང་ རྗེ་བཙུན་མི་ཕམ་རྒྱལ་མོ་དཀར ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས ཨུཏྤལ་ལ་གནས་གདུགས་དཀར་འཛིན སྣ་ཚོགས་རྡོ་རྗེའི་ཚྭ་ཚྭ་ཡིས ཕ་རོལ་དག་གི་ནུས་པ་བཅོམ དབུ་བརྒྱན་ལ་སོགས་རྒྱན་བརྒྱད་ཀྱིས གོ་ཆ་བརྗིད་པ་ལྟར་བསྲུངས་པས རྩ་རླུང་ཐིག་ལེ་འཁྲུགས་པ་ཡི རྨི་ལམ་ངན་པ་བསལ་བར་བསམ དབུ་བརྒྱན་ལ་སོགས་རྒྱན་བརྒྱད་ཀྱིས གོ་ཆ་བརྗིད་པ་ལྟར་བསྲུངས་པས རྩ་རླུང་ཐིག་ལེ་འཁྲུགས་པ་ཡི རྨི་ལམ་ངན་པ་བསལ་བར་བསམ སྙན་ཆ་དཔུང་རྒྱན་གཉིས་ཕྱག་ཞབས་གདུ་བུ་གཉིས་མགུལ་ཆུན་སྐ་རགས་བ་ཏེའི་སྨད་དཀྲིས་རྣམས་སོ། །རྩ་སྔགས་ཤོམ་བུར ཧཱུྃ་ཧཱུྃ་ཕཊ་ཕཊ་རཀྵ་རཀྵ་མཱཾ་སྭཱ་ཧཱ ཕྱག་འཚལ་ལྷ་ཡི་ཚོགས་རྣམས་བརྗོད༔ ས་མ་ཡ ༈ ཉི་ཤུ་པ་ཡིས་རིམས་ནད་སལ༔ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་ དམར་སེར་ལྷ་མོ་རི་ཁྲོད་མ༔ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི དཀོན་མཆོག་གསུམ་མཚོན་སྐྱབས་

(༤༢༦)སྦྱིན་རྒྱས ཨུཏྤལ་ལ་གནས་ཟ་མ་ཏོག ཉི་མ་ཟླ་བའི་སྤྱན་རྒྱས་པས ནད་བདག་ཚར་བཅད་ཉི་མ་ལས་འབར་བའི་འོད་ཀྱིས། རི་མས་གསོས་ ཟླ་བ་ལས་བདུད་རྩིའི་རྒྱུན་བྱུང་བས། བསམ རྩ་སྔགས་ཤམ་བུར ན་ལ་ཏཱ་རེ་མ་ནོ་ཧ་ར་ཧཱུྃ་ཧ་ར་སྭཱ་ཧཱ༔ ཕྱག་འཚལ་ཉི་མ་ཟླ་བ་བརྗོད ས་ཡ་ཡ ༈ ཉེར་གཅིག་ནད་པའི་བླ་ཚེ་བསླུ༔ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་ འོད་ཟེར་ཅན་མ་སྐུ་མདོག་དཀར སྐུ་གསུང་ཐུགས་ལས་ཨོ་ཨཱཧཱུྃ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས ཨུཏྤལ་ལ་གནས་གསེར་ཉ་འཛིན ཡི་གེ་གསུམ་ལས་འོད་འཕྲོས་པས གདོན་དང་རོ་ལངས་གནོད་སྦྱིན་གྱིས ནད་པའི་བླ་དང་ཚེ་བརྐུས་པ སླར་ལ་མནང་བཞིན་སྤྲད་པར་དམིགས ཨོཾ་པདྨོ་ཡོ་གེ་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་རི་ཙྱཻ་ཚེ་བྷྲཱུཾ་ནྀྲ་ཛ༔སྭཱ་ཧཱ ཚེ་ལ་མདའ་དང་བླ་ལ་གཡུ ཁམས་ཀྱི་རྟེན་དུ་དར་མཚོན་དཔྱངས༔ རྟེན་འབྲེལ་བླུ་ལུག་ཉིད་ལ་བརྟག མ་གྲུབ་

(༤༢༧)འུྃ བར་དུ་བསྐྱར་ཞིང་འབད ཐུན་མཚམས་བླ་གླུད་བཟང་པོ་ལ༔ བཟང་པོ་ལ༔ གླུང་ཕྲན་ཟན་འབྲུལ་ཆད་བུ་བརྒྱ འབྲུག་ཀུ་མ་བྱིན་བརླབས་སཾ་བྷར བརྒྱ་རྩ་བརྒྱད་བསྔོ་ལན་རེ་བཞིན ཧཱུྃ་ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས སྲེད་དང་ཆགས་དང་ཞེན་པ་དང་ དྲན་དང་བཟུང་ངང་བསམ་དང་རེག༔ གློང་དང་ཞི་དང་གྲོལ་བར་མཛོད༔ ཅེས་དང་སྒྲོལ་མ་ཡིད་ལ་བྱས ཐལ་སྦྱར་དེ་ཉིད་གསུམ་བཀོད་མཐར ཐལ་མོ་རྡེབ་ཅིང་འབབ་ཆུར་དོར༔ སྲོག་བསླུ་བྱ་ཞིང་ཉེའུ་འདོན དུས་མིན་འཆི་བ་ངོས་པར་བཟློག༔ ས་མ་ཡ རྒྱ་རྒྱ་རྒྱ ༈ བཅངས་པས་མི་མཐུན་ཕྱོགས་བསྲུང་ཞིང་༔ མཐོང་བས་སྡིག་པ་ལས་གྲོལ་བའི༔ ཡུམ་འཁོར་དཔལ་གྱི་གདུ་བུ་ལ མཐོང་གྲོལ་ཙཀྲ་ཞེས་སུའང་གྲགས མཁའ་འགྲོ་འདུ་བའི་དུས་གཉན་ལ༔ མུ་ཁྱུད་རིམ་པ་བདུན་གྱི་དབུས པདྨ་འདབ་བཞི་དབུས་དང་ལྔའི༔ ཁོང་དུ་འོད་ལྔའི་ཐིག་ལེའི་ཀློང་༔ གཤེགས་མ་ལྔ་ཡི་ས་བོན་ནི ཏཱཾ་ཡིག་དབུས་

(༤༢༨)སུ་གནས་པ་བྲི དེའི་ཕྱི་མ་ཁྱུད་དང་པོ་ལ༔ ཨོཾ་པདྨོ་ལོ་གི་ནི་ཛྙཱ་ན་ཝཱ་རཱ་ཧཱི་ཧཱུྃ ན་མོ་ཨཱརྱ་ཏཱ་རེ༔ ཨོཾ་ཏཱ་རེ་ཏཱི་སྭཱ་ཧཱ༔ ན་མོ་རཏྣ་ཏྲ་ཡ་ཡཱ ན་མ་ཨར་ཨ་ཝ་ལ་ཀི་ཏེ ཤྭ་ར་ཡ༔ བོ་དྷི་སཏྭ་ཡ མ་ཧཱ་སཏྭ་ཡ མ་ཧཱ་ཀ་རུ་ནི་ཀ་ཡ ཨོཾ་ཏ་རེ་ཏུཏྟཱ་རེ་ཏུ་རེ་མཱཾ ཀྲི་ཏེ་སརྦ་དུཥྚ་ནཾ ཛཾ་བྷ་ཡ སྟཾ་བྷ་ཡ མོ་ཧ་ཡ བྷན་དྷ་ཡ ཧཱུྃ་ཧཱུྃ་ཕཊ་ཕཊ སརྦ་དུཥྚཾ་སྟཾ་བྷ་ནི་ཏཱ་ར་སྭཱ་ཧཱ༔ ཞེས་བྲི་དེའི་ཕྱི་པད་འདབ་བརྒྱད མདུན་ནས་བརྩམས་པའི་གཡས་བསྐོར་དུ དང་པོར། ཨོཾ་པདྨོ་ཡོ་ག་ནི་ཏཱ་རེ་ཏུ་རེ་པྲཛྙཱ་ཧྲི༚་ཧྲི༚་སྭཱ་ཧཱ གཏི་མུག་གླང་པོའི་འཇིགས་པ་ལས་སྐྱོབས་ཤིག་རཀྵ གཉིས་པར་ཐོག་མཐའ་འདྲ་བ་ལ༔ མ་ཧཱ་པུ་ཎྱེ་སེར་སྣ་ལྕགས་སྒྲོག་གི་འཇིགས༴ གསུམ་པར། ཨཱ་ཡུ་རྡ་ཏེ་བྷྲུཾ་སྭཱ་ཧཱ ཐེ་ཚོམ་ཤ་ཟེའི་འཇིགས༴ བཞི་པར་མངྒ་ལ་ཤྲཱི་མ་ཧཱ་པཱ་ནི་སྭཱ་ཧཱ འདོད་པ་ཆུ་བོའི་དཔའ་རླབས་ཀྱི༴ ལྔ་པར། སརྦ་པཱ་པཾ་ག་ཏེ་ག་ཏེ་སྭཱ་ཧཱ། ཞེ་སྡང་མེའི༴ དྲུག་པར། ཧཱུྃ་ཧཱུྃ་བཾ་ཧོ་སྭཱ་ཧཱ ལྟ་ངན་ཚོམ་རྐུན་གྱི༴ བདུན་པར།

(༤༢༩)འུྃ སརྦ་བི་ཥ་ཏཱ་ར་ཕཊ སྭཱ་ཧཱ ཕྲག་དོག་དུག་སྦྲུལ་གྱི༴ བརྒྱད་པར། ཧཱུྃ་ཧཱུྃ་ཕཊ་ཕཊ རཀྵ་རཀྵ་མཱཾ་སྭཱ་ཧཱ ང་རྒྱལ་སེང་གེའི་འཇིགས༴ སྤྲོ་ན་སྒྲུབ་བྱའི་དངོས་གྲུབ་ཀྱི༔ འདོད་གསོལ་རེ་རེ་བཞིན་དུ་སྦྱར དེའི་ཕྱི་རྩིབས་ནི་བཅུ་གསུམ་ལ༔ རྩ་སྔགས་ནི་ཐོག་མཐའ་འདྲ་སྟེ་རྩིབས་དང་པོར ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བྷོ་དྷི་ཙིཏྟ་སྭཱ་ཧཱ༔ ཕ་རོལ་གྱི་ལྕེ་འབབ་པའི་འཇིགས་པ་ལས་སྲུངས་ཤིག གཉིས་པར། མུ་ཏཱ་ནིྲ་ཛ་སྭཱ་ཧཱ མིང་སྤེལ་དམིགས་བསལ་འཇུག །ས་གཡོ་བའི་འཇིགས་པ༴ གསུམ་པར། སརྦ་བིག་ནན་བཾ་ཧཱུྃ་ཕཊ སྨྱོ་བྱེད་ཀྱི་གདོན་ལས༴ བཞི་པར༴ བཛྲ་ཏ་ཀ་ཧ་ན་ལི་ཅ་ཕཊ གནམ་ལྕགས་དང་འཁྲུལ་འཁོར་གྱི་འཇིགས༴ ལྔ་པར། ད་ཧ་པ་ཙ་ཧཱུྃ་ཕཊ སྭཱ་ཧཱ༔ རྒྱལ་པོའི་ཆད་པའི༴ དྲུག་པར་དཱན་ཏྲ་ཡ་སྭཱ་ཧཱ དུས་མ་ཡིན་པར་འཆི་བའི་

(༤༣༠)འདུན་པར། ཀོ་པ་པཱ་ཤཾ་ཀུ་རུ་སྭཱ་ཧཱ མཛའ་བཤེས་དང་བྲལ་བའི༴ བརྒྱད་པར། མ་མ་བཱ་སུ་པུཥྚི༚་ཀུ་རུ་སྭཱ་ཧཱ༔ མུ་གེ་དང་ཕོངས་པའི་དགུ་པར། བཛྲ་ཛྭ་ལ་རཀྵ་སྭཱ་ཧཱ ཕ་རོལ་གྱི་དམག་ཚོགས་ཀྱི༴ བཅུ་པ་ལ་ཧཱུྃ་ཧཱུྃ་སྭཱ་ཧཱ མཛེ་ནད་དང་ཁྱབ་མཇུག་གི༴ བཅུ་གཅིག་པར། ཏྲི་དུ་ཏྲི་ན་ཏྲི་དུ་ཕཊ་སྭཱ་ཧཱ༔ བྱད་ཕུར་དང་རིགས་སྔགས་ཀྱི༴ བཅུ་གཉིས་པ་ལ་མ་ནོ་ཧ་ར་ཧཱུྃ་ཧ་ར་སྭཱ་ཧཱ གྲིབ་དང་རིམས་ནད་ཀྱི༴ བཅུ་གསུམ་པ་ལ། མ་རི་ཙྱེ་ཚེ་བིྷྲུ་ནིྲ་ཛ་སྭཱ་ཧཱ རོ་ལངས་དང་གནོད་སྦྱིན་གྱི་འཇིགས༴ རྩིབས་མཆན་བཅུ་གསུམ་དག་ལ་ནི། ཨོཾ་ཨ་ན་ལེ་ཨ་ན་ལེ ༡ ཁ་ས་མེ་ཁ་ས་མེ ༢ བཻ་ར་བཻ་ར ༣ སཽ་མེ་སོ་མེ ༤ ཤཱནྟེ་ཤཱནྟེ ༥ དཱནྟེ་དཱནེྟ ༦ བི་ཥ་དེ་བི་ཥ་དེ ༧ བཱི་རེ་བཱི་རེ ༨ དེ་བི་བཛྲ་དྷ་རི ༩ བྷནྡྷ་བྷནྡྷ་ནི༔ ༡༠ བཛྲ་པཱ་ཎི་ཕཊ། ༡༡ ཨོཾ་ཧཱུྃ་ཧཱུྃ་དྲུཾ་ཧྲཱི་ཥྚྃ་ཕཊ་སྭཱ་ཧཱ༔ ༡༢ ཧཱུྃ་དྲུཾ་བྷནྡྷ་ཕཊ༔ ༡༣ དེའི་ཕྱི་མུ་ཁྱུད་བཞི་པ་ལ༔ མཐོང་གྲོལ་ཡབ་

(༤༣༡)འུྃ༔ ཀྱི་དགོངས་པ་བྲི༔ ལྔ་པ་རེག་གྲོལ་ཡུམ་སྙིང་པོ༔ དྲུག་པར་ཐིག་ལེ་ཉེར་ལྔའི་དབུས ཡེ་ཤེས་ཆེན་པོའི་སྙིང་པོ་ནི༔ སྡེ་མཚོན་ཉི་ཤུ་རྩ་ལྔ་དང་༔ བར་མཚམས་ཀློང་རྗོ་པ་ཡ་ག་དྲུག་བཀོད། བདུན་པར་ཕྱག་མཚན་ཉེར་གཅིག་དང་ བརྒྱད་པར་དབྱངས་གསལ་རྟེན་སྙིང་བྲི༔ དགུ་པར་རྡོ་རྗེའི་ཕྲེང་བ་དང་༔ བཅུ་པ་ཉིད་ན་པ་ཏྲའོ བསྲུང་པ་རྐྱང་པར་ལྟོ་བ་དང་༔ བཏགས་གྲོལ་མུ་ཁྱུད་གསུམ་དོར་རོ ཀུན་ཀྱང་ཚོན་གྱི་རྣམ་པར་དབྱེ༔ ཨ་མྲི་ཏ་དང་དྲི་བཟང་བྱུག༔ མགུལ་དུ་བཏགས་ན་རང་རྒྱུད་ལ༔ གནས་པའི་ཉོན་མོངས་དུག་རྣམས་སྤྱོད༔ ཕྱི་ལ་གཡེངས་ན་རྫི་ཕྱོགས་ཀྱིས༔ ཕོག་པའི་སེམས་ཅན་དོན་བྱེད་འགྱུར གྲོང་ཁྱེར་དག་དང་ཕྱུགས་ཀྱི་ལྷས གཡུལ་གྱི་ཕུ་མ་ལ་བཅུགས་ན༔ འཇིགས་པ་མེད་པའི་གནས་ཐོབ་འགྱུར༔ རིགས་སྔགས་དང་ནི་མཁྱུད་དཔྱད་ཀྱི༔

(༤༣༢)རྟེན་འབྲེལ་བདེན་པ་བསམ་མི་ཁྱབ༔ རྒྱལ་བའི་འཕྲིན་ལས་ཚད་མེད་ཕྱིར དོན་འབྲས་གྲུབ་ལ་བསླུ་བ་མེད སྒྲིབ་པའི་ནད་ན་ཐེ་ཚོམ་ཆེ དངོས་གྲུབ་དད་པ་ཅན་ལ་འབྱུང་༔ ཤིན་ཏུ་ཟབ་པའི་སྔགས་རྒྱུད་འདིའི༔ བརྡ་རིས་མཚོ་རྒྱལ་བླ་མཚོར་རྒྱ༔ བརྡ་གྲོལ་སེང་གེ་རོང་དུ་འབྱུང་༔ གྲུ་གཟིངས་ཆུ་བོའི་གཞུང་ལ་འབེབས༔ རྟེན་འབྲེལ་སྣ་ཁ་མ་ལོག་ན༔ འགྲོ་དོན་ཉི་འོག་ཉིད་ལ་སྤྱོད སྙིང་གི་བུ་དང་འཕྲད་ནས་ཀྱང་ འགྲོ་དོན་ནམ་མཁའི་མཐར་ཐུག་ཤོག ས་མ་ཡ རྒྱ་རྒྱ་རྒྱ གཏེར་རྒྱ དགོངས་རྒྱ བརྡ་བརྒྱ ལས་ཚོགས་འདི་གཞན་བསྐུལ་ཡང་ཡང་བྱུང་ཡང་རིང་ཞིག་གཏེར་རྒྱ་མ་ཁྲོལ དེ་རྗེས་ནོར་སྐྱོང་གི་ལོ་སྒྲོལ་མ་འབུམ་ཐེར་བསགས་པའི་རྐྱེན་གྱིས་རྗེ་བཙུན་མའི་བྱིན་རླབས་ཁོ་ནས་ཀློང་གིས་བརྡ་རིས་གྲོལ དེ་ལོ་ཆར་ཞོད་ཤིན་ཏུ་དཀོན་པ་ལ་བཀྲ་ཤིས་སྲོང་བཙན་བད་

(༤༣༣)སོར་ཡུམ་ཀའི་ཚོགས་སྐོད་དང་བཅས་འདུན་བསྒྱུར་བས་རིགས་བདག་གི་ལས་ཚོགས་བཅུ་གཉིས་པ་ལ་ངེས་པ་རྙེད་པའོ།། །།༈ རྒྱུ་སྦྱོར་སྦྱིན་པའི་བདག་པོ་བཀའ་དྲུང་ཞོལ་ཁང་པས་དངུལ་སྲང་ཉི་ཤུ་ཐམ་པ་གནང་བར་མཁའ་འགྲོའི་གཏེར་བུམ་འདི་དང་། མཁའ་འགྲོའི་བསུན་བཟློག་གྲངས་གསོག་དང་བཅས་པ། དྲག་པོ་རྟ་ཁྱུད་འབར་བ་ལ་བརྟེན་ནས་ཀླུའི་གདོན་འགྲོ་ལ་སོགས་བར་དུ་བསྐྲུན་པའི་དགེ་བས་ཕ་མས་གཙོས་པའི་འགྲོ་ཀུན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །མངྒ་ལཾ། །

(༤༣༤)

(༤༣༥)སྒྲོལ་མཎྜལ་བཞི་བའི་ཆོ་ག་ཀླུ་དཔང་དགོངས་རྒྱན་བཞུགས། །

(༤༣༦)དེ་མཚན་དེ་ཡི་ཨུཏྤལ། །རྣ་ལུང་དཔྱངས་པའི་གདེངས་ཀ་ནི། །འཇིགས་པ་བརྒྱད་ཀྱི་མི་མཐུན་ཕྱོགས། །ཁོ་ནར་ངེས་པས་ཕྱག་བགྱིའོ། །འདིར་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལ་སོགས་པའི་འགལ་རྐྱེན་ཐམས་ཅད་ཞི་བར་བྱེད་བསྒྲོལ་མ་མཎྜལ་བཞི་པའི་ཆོ་ག་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི་གཙུག་ལག་ཁང་དང་དགོན་པ་སོགས་གནས་གཙང་ཞིང་ཡིད་དུ་འོང་བར་བརྟེན་གསུམ་སྤྱི་དང་། ཁྱད་པར་རྗེ་བཙུན་མའི་སྣང་བརྙན་བྱིན་རླབས་ཅན་བཤམས་

(༤༣༧)བའི་ཟུར་བཞིར་མཎྜལ་བཞི་དང་། ལོགས་བཞིར་མཆོད་པ་སྣ་ལྔ་བྲེང་ཆགས་རེ། ཅི་རིགས་པར་གཏོར་མ་དཀར་ཟླུམ། དཀར་གསུམ་མངར་གསུམ་གྱིས་བརྒྱན་པ་ཚར་བཞི་ཡང་བཤམས། གཞན་ཡང་བུམ་པ་བཅུད་ལྡན་ལ་སོགས་པའི་ཁྲུས་ཀྱི་ཡོ་བྱད་དང་། ཚར་རེ་བཞིན་གསོ་རྒྱུའི་མཆོད་པ་སོགས་ཉེ་བར་འདུ་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། དཀོན་མཆོག་སྤྱི་ལ་བརྟེན་ནས་ཚོགས་བསག་པ་དང་། རྗེ་བཙུན་མ་སྒོས་ལ་བརྟེན་ནས་ཚོགས་བསག་པའོ། །དང་

(༤༣༨)བོ་ལའང་རྣམ་གྲངས་བཅུ་གཅིག་ལས། དང་པོ་ནི་རང་ཉིད་ཀྱང་ཁྲུས་བྱ་ཞིང་གཙང་སྦྲ་ལ་གནས་པས་སྐྱབས་སུ་འགྲོ་བ་དང་སྨོན་སེམས་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །སོགས་ཀྱི་ཤློ་ཀ་ལན་གསུམ། གཉིས་པ་བྱང་སྡོམ་བླང་བ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ཕྲད་པར་གྱུར་ཅིག །སོགས་ཚད་མེད་བཞི་བསྒོམ་པ་ལན་གསུམ་གྱི་མཐར། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོ་བ་སྔོན་དུ་བཏང་ནས། ཇི་ལྟར་སྔོན་གྱི་བདེ་གཤེགས་

(༤༣༩)ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་ལ། དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། རིམ་པ་བཞིན་དུ་བསླབ་པར་བགྱི། །གསུམ་གྱི་མཐར། དེང་དུ་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་དེང་གྱུར། །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་བགྱི། །ཞེས་པས་དགའ་བ་བསྒོམ།

(༤༤༠)གསུམ་པ་ས་གཞི་བྱིན་རླབ་ནི། ཐམས་ཅད་དུ་ཡང་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻ་ཌཱུརྱའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །བཞི་པ་མཆོད་པ་བྱིན་བརླབ་ནི། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཨཱ ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་ཕྱི་ནང་གསང་བའི་མཆོད་སྤྲིན་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་ཡོན་གྱི་སྤྲིན་ཕུང་ཟད་མི་ཤེས་པ་ཀུན་ཏུ་བཟང་པོའི་མཆོད་པའི་རྣམ་རོལ་དུ་རྒྱས་པར་གྱུར་ཅིག །ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་ཝི་དྱེ་ཤཔྟ་ཨཱ༔ཧཱུྃ་དང་སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་ཀྱང་འདོན། ལྔ་པ་སྤྱན་འདྲེན་གྱི་སྔ་རོལ་དུ་དཀོན་མཆོག་གི་ཡོན་ཏན་རྗེས་སུ་དྲན་པར་བྱ་བ་ནི། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་

(༤༤༡)ལྡན་འདས་ཏེ་དེ་བཞིན་གཤེགས་པ་དེ་ནི་བསོད་ནམས་དག་གི་རྒྱུ་མཐུན་པ། དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ། བཟོད་པས་རབ་ཏུ་བརྒྱན་པ། བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི། དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ། མཚན་རྣམས་ཀྱི་མེ་ཏོག་རྒྱས་པ། སྤྱོད་ཡུལ་རན་པར་མཐུན་པ། མཐོང་ན་མི་མཐུན་པ་མེད་པ། དད་པས་མོས་པ་རྣམས་ལ་མངོན་པར་དགའ་བ། ཤེས་རབ་ཟིལ་གྱིས་མི་ནོན་པ། སྟོབས་རྣམས་ལ་བརྫིབ་མེད་པ། སེམས་ཅན་ཐམས་ཅད་ཀྱི་སྟོན་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ། འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས་ཀྱི་དེད་དཔོན། ཡེ་ཤེས་དཔག་ཏུ་མེད་པ། སྤོབས་པ་བསམ་གྱིས་མི་ཁྱབ་པ། གསུང་རྣམ་པར་དག་པ། དབྱངས་སྙན་པ། སྐུ་བྱད་བལྟ་བས་ཆོག་མི་ཤེས་པ། སྐུ་མཚུངས་པ་མེད་པ། འདོད་པ་དག་གིས་མ་གོས་པ། གཟུགས་དག་གིས་ཉེ་བར་

(༤༤༢)མ་གོས་པ། གཟུགས་མེད་པ་དག་དང་མ་འདྲེས་པ། སྡུག་བསྔལ་དག་ལས་རྣམ་པར་གྲོལ་བ། ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ། ཁམས་རྣམས་དང་མི་ལྡན་པ། སྐྱེ་མཆེད་རྣམས་བསྡམས་པ། མདུད་པ་རྣམས་ཤིན་ཏུ་བཅད་པ། ཡོངས་སུ་གདུང་བ་དག་ལས་རྣམ་པར་གྲོལ་བ། སྲིད་པ་ལས་གྲོལ་བ། ཆུ་བོ་ལས་བརྒལ་བ། ཡེ་ཤེས་ཡོངས་སུ་རྫོགས་པ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ། མྱ་ངན་ལས་འདས་པ་ལ་མི་གནས་པ། ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ། སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ། འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆེ་བའི་ཡོན་ཏན་ཡང་དག་པ་རྣམས་སོ། །དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་

(༤༤༣)བྱང་བ། བཅོམ་ལྡན་འདས་ཀྱིས་ཆོས་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་བསྟོད་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་སོ་སོ་རང་གི་རིག་པར་བྱ་བ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདུལ་བ་ལ་ལེགས་པར་བརྟེན་པ། ངེས་པར་འབྱུང་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ། རྟེན་པ་ཡོད་པ། རྒྱུ་བ་བཅད་པའོ། །ཐེག་པ་ཆེན་པོའི་དགེ་འདུན་ནི་ལེགས་པར་ཞུགས་པ། རིག་པར་ཞུགས་པ། དྲང་པོར་ཞུགས་པ། མཐུན་པར་ཞུགས་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། བསོད་ནམས་ཀྱི་དཔལ་གྱི་ཞིང་། ཡོན་ཡོངས་སུ་བྱང་བ་ཆེན་པོ། །སྦྱིན་པའི་གནས་སུ་གྱུར་པ། ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ། །དྲུག་པ་སྤྱན་འདྲེན་དངོས་ནི། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་

(༤༤༤)སྡེ་དཔུང་བཅས་མི་བཟང་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་ན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེའི་རྣམ་དགོངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱོད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡང་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །བཛྲ་ས་མཱ་ཛ༔ ཞེས་རོལ་ཆེན་བྱ། བདུན་པ་བཞུགས་གསོལ་ནི། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡེ་སྟཾ། ཞེས་གདན་དབུལ། བརྒྱད་པ་ཁྲུས་གསོལ་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། ཤེལ་གྱི་

(༤༤༥)གྱིས་གཞི་གསལ་ཞིང་འཚོར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ། །གསེར་སྦྱངས་གཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་ཕྱུགས་པར་བགྱི། །ཞེས་བརྗོད་ཅིང་ཚིག་དོན་འབྲེལ་བར་གོས་ཟུང་འབུལ་བ་དང་། དྲིའི་

(༤༤༦)བྱུག་པ་འགྱེད་པ་ཡང་བྱའོ། །བརྒྱད་པ་མཆོད་པ་ནི། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །སོགས་ཕལ་པོ་ཆེ་ལས་བྱུང་བའི་ཡན་ལག་བདུན་པ་དང་། སྤྲོ་ན། ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡྷ་ར་དང་པདྨ་དང་། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང་། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཀྱིས་བྱུགས་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བྱ། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང་། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་

(༤༤༧)གསེར་གྱི་ཡུ་བ་ཅན། །འཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་བལྟ་ན་སྡུག་པ་སྒྲེང་བ་ཡང་། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །ང་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་ཚིམས་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག། དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་འཆད་པར་འབབ་པར་ཤོག། ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་ལྟར་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །དུས་གསུམ་གཤེགས་པའི་སངས་རྒྱས་ཀུན། །ཆོས་དང་ཚོགས་ཀྱི་མཆོག་

(༤༤༨)བཅས་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་བདག་ཕྱག་འཚལ། །བྱང་ཆུབ་སེམས་ཀྱི་གཞི་རྣམས་དང་། །མཆོད་རྟེན་རྣམས་ལ་བདག་ཕྱག་འཚལ། །མཁན་པོ་དེ་བཞིན་སློབ་དཔོན་དང་། །བརྟུལ་ཞུགས་མཆོག་ལ་ཕྱག་འཚལ་ལོ། །དགུ་པ་བསྟོད་པ་ནི། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་བ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསློབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །སྤྲོ་ན། དགའ་བ་བརྒྱད་ལྡན་འཆི་མེད་གྲོང་ཁྱེར་ནས། །བྱང་ཆུབ་སེམས་ཀྱི་དམ་པ་

(༤༤༩)ཏོག་དཀར་པོ། ཤཱཀྱའི་རིགས་ཀྱི་ཐིག་ལེར་འཛིན་པའི་སྣོད། །སྒྱུ་འཕྲུལ་ལྷ་མོ་རི་དྭགས་མིག་ཅན་ཡིན། །འོད་སྟོང་ཤར་གྱི་རིལ་ཆ་ས་པ་བཞིན། །ལྷུམས་ཀྱི་གེ་སར་བཞད་པ་ལུམྦིའི་ཚལ། །ཚངས་དང་དབང་པོས་སྲི་ཞུས་མཛེས་བྱས་ཤིང་། །བྱང་ཆུབ་རིགས་སུ་ལུང་བསྟན་ལ་ཕྱག་འཚལ། །ལང་ཚོས་དྲེགས་པའི་ཤཱཀྱ་གཞོན་ནུའི་དབུས། །སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་རོལ་རྩེད་མཐུ། །ཀུན་གྱིས་ཁྱོད་ལ་བཏུད་ཅིང་གྲགས་པ་ཡིས། །སྐྱེ་དགུའི་རྣམ་ཤེས་མིག་དང་རྣ་བར་རྫོགས། །འདོད་སྲེད་ཞགས་པས་གཞན་དབང་མ་གྱུར་བཞིན། །ཡབ་གཅིག་དགྱེས་སླད་བཙུན་མོའི་སྒྱུ་མ་ལ། །སྒྱུ་མའི་ལྟ་བས་བལྟས་ནས་རྒྱལ་པོའི་ཁབ། །བསྐྱངས་པས་དོན་ཀུན་གྲུབ་པ་ལ་ཕྱག་འཚལ། །ཤིན་ཏུ་གཡོ་ཞིང་འཇིགས་པ་རྒྱལ་སྲིད་ཀྱི། །ལྕགས་ཀྱུའི་དབང་དུ་མ་གྱུར་འགའ་མེད་ཀྱང་། །ངེས་པར་འབྱུང་བའི་རྐྱེན་བཞིས་ཁྱོད་ཀྱི་ཐུགས། །ཕྲོགས་ནས་རང་བྱུང་དགེ་སློང་ཉིད་དུ་བསྟན། །བརྩོན་འགྲུས་རླབས་

(༤༥༠)ཀྱིས་མི་ངལ་ནཻ་རཉྫ་ར། དཀའ་ཐུབ་གདུང་བ་བཟོད་པའི་སྙིང་སྟོབས་དང་། །ཀུན་རྟོག་འདུལ་བ་འཛིན་པའི་བསམ་གཏན་ལ། །ཕྱོགས་བཅུའི་བདེ་གཤེགས་དགྱེས་ལ་ཕྱག་འཚལ་ལོ། །གྲངས་མེད་གསུམ་གྱི་སྲིད་དུ་རྣམ་རིག་ཀུན། །ཚོགས་གཉིས་ཐ་གུས་བཅིངས་བ་དོན་ཡོད་ཕྱིར། །བྱང་ཆུབ་ཤིང་དྲུང་བདུད་རྣམས་སྐྲག་བྱས་ནས། །མངོན་པར་རྫོགས་སངས་རྒྱ་བ་རྒྱལ་ཀུན་གཤིས། །འཁོར་བ་གཏིང་མཐའ་མེད་པའི་གཡང་ས་ལ། །རྒྱུག་པའི་འགྲོ་བ་འཁོར་ལོ་གསུམ་གྱི་གྲུས། །བསྒྲལ་ནས་ཐར་པ་དང་ནི་རྣམ་མཁྱེན་གྱི། །གོ་འཕང་བཀྲི་བ་ཁྱོད་ལ་ཕྱག་འཚལ་ལོ། །རྟོག་ཅིང་དཔྱོད་ཀྱང་སྡོམ་པ་མིན་པའི་ཆང་། །འཐུངས་བས་ཆེས་གཟིར་མུ་སྟེགས་སྟོན་པའི་ལྕེ། །མཉན་དུ་ཡོད་པའི་ཆོ་འཕྲུལ་མཐུས་བཅད་པས། །སྐྱེངས་དང་གཟི་བརྗིད་ཉམས་པའི་ཆོ་ག་རྫོགས། །རྫུ་འཕྲུལ་རྐང་པ་བཞི་ལ་མཆོག་ཐོབ་ཁྱོད། །སྐྱེ་རྒན་འཆིའི་ཚོར་བ་མི་མྱོང་ཡང་། །ངེས་པར་ཕ་རོལ་འགྲོ་འདི་མི་སེམས་རྣམས། །སྐྱོ་སླད་མྱ་ངན་འདའ་སྟོན་དར་

(༤༥༡)ཕྱག་འཚལ། །བསོད་ནམས་ཉམ་ཆུང་གྱུར་བའི་འགྲོ་བ་རྣམས། །དཀར་པོའི་ཆོས་རབ་འཕེལ་བའི་ཚོང་ཟོང་ནི། །འཛད་པ་མེད་པའི་རིང་བསྲེལ་ཆ་བརྒྱད་དུ། །བཞག་སྟེ་ཆོས་ཀྱི་དབྱིངས་སུ་གཟིམས་བ་ལྟར། །བདག་ཀྱང་རྫོགས་སྨིན་སྦྱངས་གསུམ་མཐར་ཕྱིན་ནས། ཁམས་གསུམ་ལས་འདས་འོག་མིན་ཆེན་པོ་རུ། །མངོན་བར་སངས་རྒྱས་སྤྲུལ་པའི་མཛད་པ་བཅུས། །ཀུན་མཁྱེན་ཁྱེད་དང་འགྲོ་དོན་མཉམ་པར་ཤོག །བཅུ་པ་མཎྜལ་འབུལ་བ་ནི། ཨོཾ་བཛྲ་བྷཱུ་མི་ཨཱཧཱུྃ་སོགས་ཀྱིས་དབུལ། །བཅུ་གཅིག་པ་འདོད་དོན་གསོལ་བ་ནི། ཕན་བདེ་འབྱུང་བའི་གནས་གཅིག་པུ། །བསྟན་པ་ཡུན་རིང་གནས་པ་དང་། །བསྟན་པ་འཛིན་པའི་སྐྱེས་བུ་རྣམས། །སྐུ་ཚེའི་རྒྱལ་མཚན་བརྟན་གྱུར་ཅིག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་བརྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །གཙུག་ལག་རྣམས་ནི་ཀློགས་

(༤༥༢)བ་དང་། ཁ་ཏོན་གྱིས་བརྒྱན་ལེགས་གནས་ཤིང་། །རྟག་ཏུ་དགེ་འདུན་མཐུན་བར་ཤོག །དགེ་འདུན་དོན་ཡང་འགྲུབ་པར་ཤོག །ཕྱོགས་རྣམས་ཀུན་ན་ལུས་དང་སེམས། །སྡུག་བསྔལ་ནད་པ་ཇི་སྙེད་པ། །དེ་དག་བདག་གི་བསོད་ནམས་ཀྱིས། །བདེ་དགའ་རྒྱ་མཚོ་ཐོབ་པར་ཤོག །དེ་དག་འཁོར་བ་ཇི་སྲིད་དུ། །ནམ་ཡང་བདེ་ལས་ཉམས་མ་གྱུར། །འགྲོ་བས་བྱང་ཆུབ་སེམས་དཔའ་ཡི། །བདེ་བ་རྒྱུན་མི་འཆད་ཐོབ་ཤོག །འཇིག་རྟེན་ཁམས་ན་དམྱལ་བ་དག །གང་དག་ཇི་སྙེད་ཡོད་པ་རྣམས། །དེ་དག་ཏུ་ནི་ལུས་ཅན་རྣམས། །བདེ་ཆེན་བདེ་བས་དགའ་བར་ཤོག །གྲང་བས་ཉམ་ཐག་དྲོ་ཐོབ་ཤོག །བྱང་ཆུབ་སེམས་དཔའི་སྤྲིན་ཆེན་ལས། །འབྱུང་བའི་ཆུ་བོ་མཐའ་ཡས་ཀྱིས། །ཚ་བས་ཉམ་ཐག་བསིལ་བར་ཤོག །དུད་འགྲོ་རྣམས་ནི་གཅིག་ལ་གཅིག །ཟ་བའི་འཇིགས་དང་བྲལ་བར་ཤོག །སྒྲ་མི་སྙན་པའི་མི་བཞིན་དུ། །ཡི་དྭགས་རྣམས་ནི་བདེ་བར་གྱུར། །ལོང་བ་རྣམས་ཀྱིས་མིག་མཐོང་ཞིང་། །འོན་པས་རྟག་ཏུ་སྒྲ་ཐོས་

(༤༥༣)ཤོག །ལྷ་མོ་སྒྱུ་འཕྲུལ་ཇི་བཞིན་དུ། །སྒྲུམ་མའང་གནོད་མེད་བཅའ་བར་ཤོག །གཅེར་བུ་རྣམས་ཀྱིས་གོས་དག་དང་། །བཀྲེས་པ་རྣམས་ཀྱིས་ཟ་ས་དང་ནི། །སྐོམ་པ་རྣམས་ཀྱིས་ཆུ་དག་དང་། །བཏུང་བ་ཞིམ་པོ་ཐོབ་པར་ཤོག །བཀྲེན་པ་རྣམས་ཀྱིས་ནོར་ཐོབ་ཤོག །མྱ་ངན་ཉམ་ཐག་དགའ་ཐོབ་ཤོག །ཡི་ཆད་རྣམས་ཀྱང་ཡིད་སོས་ཤིང་། །བརྟན་པ་ཕུན་སུམ་ཚོགས་པར་ཤོག །སེམས་ཅན་ནད་པ་ཇི་སྙེད་པ། །མྱུར་དུ་ནང་ལས་ཐར་གྱུར་ཅིག །འགྲོ་བའི་ནད་ནི་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག །སྐྲག་པ་རྣམས་ནི་འཇིགས་མེད་ཤོག །བཅིངས་པ་རྣམས་ནི་གྲོལ་བར་འགྱུར། །མཐུ་མེད་རྣམས་ནི་མཐུ་ལྡན་ཞིང་། །སེམས་ནི་ཕན་ཚུན་མཉེན་གྱུར་ཅིག །མགྲོན་པོ་དག་ནི་ཐམས་ཅད་ལ། །ཕྱོགས་རྣམས་ཐམས་ཅད་བདེ་བར་ཤོག །གང་གི་དོན་དུ་འགྲོ་བྱེད་པ། །དེ་འབད་མི་དགོས་འགྲུབ་གྱུར་ཅིག །གྲུ་དང་གྲུ་ཆེན་ཞུགས་པ་རྣམས། །ཡིད་ལ་བསམ་པ་

(༤༥༤)འགྲུབ་གྱུར་ཏེ། །ཆུ་ཡི་ངོགས་སུ་བདེར་ཕྱིན་ནས། །གཉེན་དང་ལྷན་ཅིག་དགའ་བར་ཤོག །མྱ་ངན་ལམ་གོལ་འཁྱམས་པ་རྣམས། །མགྲོན་པོ་དག་དང་འཕྲད་གྱུར་ནས། །ཆོམ་རྐུན་སྟག་སོགས་འཇིགས་མེད་པར། །མི་ངལ་བདེ་བླག་འདོད་པར་ཤོག །དགོན་སོགས་ལམ་མེད་ཉམ་ང་བར། །བྱིས་པ་རྒན་པོ་མགོན་མེད་པ། །གཉིད་ལག་མྱོས་ཤིང་རབ་མྱོས་རྣམས། །ལྷ་དག་སྲུང་བ་བྱེད་པར་ཤོག །ལྷ་ཡང་དུ་ས་སུ་ཆར་འབེབས་ཤིང་། །ལོ་ཏོག་ཕུན་སུམ་ཚོགས་པར་ཤོག །རྒྱལ་པོ་ཆོས་བཞིན་བྱེད་གྱུར་ཅིག །འཇིག་རྟེན་དག་ཀྱང་དར་བར་ཤོག །སྨན་རྣམས་མཐུ་དང་ལྡན་པ་དང་། །གསང་སྔགས་བཟླས་བརྗོད་འགྲུབ་པར་ཤོག །མཁའ་འགྲོ་སྲིན་པོ་ལ་སོགས་པ། །སྙིང་རྗེའི་སེམས་དང་ལྡན་གྱུར་ཅིག །ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །དཀའ་བ་སྤྱད་པ་མེད་པར་ཡང་། །ལྷ་བས་ལྷག་པའི་ལུས་ཀྱིས་ནི། །དེ་དག་སངས་རྒྱས་མྱུར་ཐོབ་ཤོག །previous hit བྱང་ཆུབ་སེམས་དཔའ་རྣམས་ཀྱིས་

(༤༥༥)ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོནཔོ next hit་ཡིས་ནི་གང་དགོངས་བ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །ཅེས་བརྗོད། གཉིས་པ་མཎྜལ་བསྙེན་པ་ཚར་གསུམ་གྱི་དང་པོ་ལ་རྣམ་གྲངས་བཅུ་གཉིས་ལས། དང་པོ་རྟེན་བསྐྱེད་པ་ནི། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་སཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་ཆོས་ཐམས་ཅད་དེ་བཞིན་ཉིད་དུ་རྟོགས་པས་ཡེ་ཤེས་ཀྱི་ཚོགས་དང་། དེ་ལྟར་མ་རྟོགས་པ་རྣམས་ལ་སྙིང་རྗེ་ཆེན་གྲངས་གསོག་གི་ཚེ་རྟེན་བསྐྱེད་ཚར་གཅིག་སོང་རྗེས་པོ་ཏ་ལ་ཡི་སོགས་ནས་སྤྱན་འདྲེན་གྱིས་འཐུས། པོའི་ངང་ནས་སྒྱུ་མ་ལྟ་བུའི་ལྷ་སྐུར་ལངས་ཏེ་གཞན་དོན་བྱེད་པ་བསོད་ནམས་ཀྱི་ཚོགས་སུ་ངེས་པས། སྟོང་པའི་ངང་ལས་བཾ་ལས་པདྨ་དང་། ཨ་ལས་ཟླ་བའི་ངལ་གྱི་སྟེང་དུ་ཏཱཾ་ལས་ཨུཏྤ་ལ་ཏཱཾ་གྱིས་མཚན་པ་དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་པ་ལས་མདུན་གྱི་རྟེན་རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང་གུ་

(༤༥༦)བཅུ་དྲུག་ལོན་པའི་རྣམ་པ་མཛེས་ཤིང་། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ཤམ་ཐབས་ཅན། སྟོང་གཡོགས་དང་དར་སྲབ་མོས་ནུ་མ་བཀབ་པ། དབུ་སྐྲ་ལི་བའི་གཡོན་ཕྱོགས་གྱེན་དུ་བརྫེས་ཤིང་གཡས་ངོས་ནས་ཐུར་དུ་ཅུང་ཟད་འཕྱང་བ། ཕྱག་གཡས་མཆོག་སྦྱིན་དང་གཡོན་པ་ཐུགས་ཀར་ཨུཏྤ་ལའི་རྩ་བ་ནས་བཟུང་བའི་མེ་ཏོག་འཁོར་ལོས་མཚན་པ་རྣ་བའི་ཐད་ཀར་སླེབ་པ། ཟླ་བའི་རྒྱབ་ཡོལ་ཅན། དེའི་མཐའ་སྐོར་དུ་བད་འདབ་བཅུ་པ་ཉིས་རིམ་ལ་སྒྲོལ་མ་གཞན་ཉི་ཤུ་པོ་བཞུགས་སྟངས་གཙོ་མོ་དང་འདྲ་བ་ལ་སྐུ་མདོག་དང་ཕྱག་མཚན་གྱི་ཁྱད་པར་མདུན་ནས་རིམ་པས་གཡས་སྐོར་དུ་མྱུར་མ་དཔའ་མོ་དམར་ལ་ཁྲོ་འཛུམ་ཆགས་པའི་ཉམས་ཅན་ཨུཏྤ་ལའི་སྟེང་ན་དུང་གཡས་འཁྱིལ་འཛིན་པ། དེ་བཞིན་དུ་དབྱངས་ཅན་མ་སྟོན་ཟླའི་ཞལ་མེ་ལོང་ཧྲི་གྱིས་མཚན་པ། སེར་སྔོ་བསོད་ནམས་མཆོག་སྟེར་རིན་པོ་ཆེ། གཙུག་ཏོར་རྣམ་རྒྱལ་གསེར་མདོག་ཚེམ། རིག་བྱེད་མ་ལེ་བརྒན་

(༤༥༧)མདོག་མདའ་གཞུ། འཇིགས་བྱེད་ཆེན་མོ་དམར་ནག་ཕུར་བུ། གཞན་གྱིས་མི་ཐུབ་མ་ནག་མོ་ཁྲོ་གཉེར་ཅན་རལ་གྲི། །གཞན་མི་རྒྱལ་བ་དམར་ནག་ཁྲོ་གཉེར་ཅན་རྡོ་རྗེ། འཇིག་རྟེན་གསུམ་རྒྱལ་དམར་མོ་རྒྱལ་མཚན། ནོར་གཏེར་དམར་མོ་ཁྲོ་གཉེར་ཅན་གཏེར་བུམ། བཀྲ་ཤིས་དོན་བྱེད་མ་སེར་མོ་དཔལ་པེ། དགྲ་དབུང་འཇོམས་མ་དམར་མོ་རྡོ་རྗེ་རྭ་གདངས། ཁྲོ་གཉེར་ཅན་མཛད་ནག་མོ་གཏུན་ཤིང་། རབ་ཏུ་ཞི་བ་དཀར་གསལ་སྤྱི་བླུགས། འབར་བའི་འོད་ཅན་དམར་མོ་རྒྱ་གྲམ། དཔག་མེད་གནོན་མ་དུར་སྨྲིག་མཆོད་རྟེན། རྨ་བྱ་ཆེན་མོ་དཀར་གསལ་ཟླ་བ། མི་ཕམ་རྒྱལ་མོ། དཀར་གསལ་གདུགས་དཀར། རི་ཁྲོད་ལྷ་མོ་དམར་སེར་ཟ་མ་ཏོག །འོད་ཟེར་ཅན་མ་དཀར་དམར་སྒེར་ཉ་འཛིན་པ། ཐམས་ཅད་ཀྱང་རྟ་བབས་ཀྱི་སྐྱིལ་མོ་ཀྲུང་དང་ཐུགས་ཁར་པདྨ་དང་ཟླ་བའི་ད་ལ་ལ་ཏཱཾ་ཡིག་རེ་རེས་མཚན་པ་དེའི་འོད་ཟེར་གྱིས་རི་བོ་པོ་ཏ་ལ་ནས་རྗེ་བཙུན་མ་སྒྲོལ་མ་ལ་སངས་རྒྱས་དང་

(༤༥༨)བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛ གཉིས་པ་སྤྱན་འདྲེན་པ་ནི། པོ་ཏ་ལ་ཡི་གནས་མཆོག་ནས། ཏཱཾ་ཡིག་ལྗང་གུ་ལས་འཁྲུངས་ཤིང་། །འོད་དཔག་མེད་པས་དབུལ་བརྒྱན། །དུས་གསུམ་སངས་རྒྱས་ཕྲིན་ལས་མ། འགྲོ་བའི་དོན་ཕྱིར་གཤེགས་སུ་གསོལ། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མདའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ན། །སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ། །ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུ། །རྒྱལ་བ་འཁོར་བཅས་མ་ལུས་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཇ གསུམ་པ་དབང་བསྐུར་བ་ནི། མེ་ཏོག་དམ་པ་ཕྲེང་བ་དམ་པ་སོགས་ཤློ་ཀའི་མཐར། པུཥྤེ་སོགས་དང་། གསོལ་བ་གདབ་པ་ནི། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱིས། །བདག་ལ་དབང་བསྐུར་མཛད་དུ་གསོལ། །ཅེས་བརྗོད་

(༤༥༩)པས། དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པ་བདུད་རྩིས་གང་བ་ཕྱག་ན་བསྣམས་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་བས་སྐུ་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་མོ་ལ་དོན་ཡོད་གྲུབ་པ་དང་། གཞན་རྣམས་ལ་སོ་སོའི་རིགས་ཀྱིས་དབུ་བརྒྱན། དབང་གི་ལྷ་རྣམས་སྒྲོལ་མར་གྱུར་ནས་ཛ༔ཧཱུྃ་བཾ་ཧོ ཞེས་པས་གཉིས་མེད་དུ་ཐིམ་པར་གྱུར། བཞི་པ་ཕྱག་རྒྱས་བཅིང་པས་རྒྱས་གདབ་པ་ནི། ཐལ་མོ་ཁ་སྦྱར་ནས་གུང་མོ་གཡས་བས་ཅིག་ཤོས་ཀྱི་སེན་མོ་བཀབ། སྲིན་ལག་གཉིས་ནང་དུ་བཀུག་ལ་མཐེ་བོང་མནན་པ་ཨུཏྤལ་ཁ་བྱེ་བའི་རྒྱ་དཔྲལ་བ། མགྲིན་པ། སྙིང་ག །བུས་མོ་གཡས་གཡོན་དུ་འཇོག་པ་དང་སྦྲག །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་ལན་རེ་བརྗོད། ལྔ་པ་ཡན་ལག་

(༤༦༠)བདུན་པ་ནི། ལྷ་དང་ལྷ་མིན་ཅོད་པཎ་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །རྗེ་བཙུན་འཕགས་མ་སྒྲོལ་མ་དང་། ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་པ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་བགྱིའོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་མའི་ཚོགས་ཀྱིས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོ་སྐྱེ་བོ་ལ་སོགས་པས། །དུས་གསུམ་དགེ་བ་ཅི་བསགས་པ། །བསོད་ནམས་ལ་ནི་བདག་ཡི་རང་། །སེམས་ཅན་རྣམས་ཀྱི་བསམ་པ་དང་། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོངས་པར། །མྱ་ངན་མི་འདའ་ཐུགས་རྗེ་

(༤༦༡)ཡིས། །སྡུག་བསྔལ་རྒྱ་མཚོར་བྱིངས་པ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག །དྲུག་པ་ཁྲུས་གསོལ་ནི། དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲེབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ། །གསེར་

(༤༦༢)སྦྱངས་བཙོམ་བྱི་དོར་བྱིས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །བདུན་པ་མཆོད་པ་ནི་ལྷ་མོ་བཅུ་དྲུག་གི་མཆོད་ཕྲེང་བྱ། །བརྒྱད་པ་ནི་མཎྜལ་རྒྱས་པ་འབུལ། །དགུ་པ་བསྟོད་པ་ནི། ཐུགས་རྗེ་ཆེན་པོའི་བདག་ཉིད་ནི། །ཆུ་སྐྱེས་ཞལ་གྱི་གྲངས་གསོག་གི་ཚེ་མེ་ཏོག་དམ་པ་སོགས་ཤློ་ཀ་གསུམ་གྱིས་འཐུས། གེ་སར་ལས། །རྣམ་སྤྲུལ་ལྷ་མོ་མྱུར་དཔའ་སྒྲོལ། །འཇིགས་པ་ཐམས་ཅད་སྐྱོབས་ལ་འདུད། །ཉོན་མོངས་ཆུ་གཏེར་ཆེན་པོའི་ཀློང་། །རྣམ་པར་འཁྱམས་པའི་སེམས་ཅན་ཀུན། །གཏི་མུག་གླང་པོའི་གཞན་དབང་གིས། །ཟིལ་གྱིས་ནོན་སྐྱོབ་མ་ལ་འདུད། །འདོད་སྲེད་གོམས་དང་ཆོས་ཉིད་དོན། །ཡུལ་ལ་འཆིང་བའི་ལྕགས་སྒྲོགས་དང་། །ཀུན་ནས་དཀྲིས་པའི་ཐེ་ཚོམ་གྱི། །ཤ་ཟའི་འཇིགས་པ་སྐྱོབས་ལ་འདུད། །འདོད་པ་ཆུ་བོའི་དཔའ་རླབས་དང་། །དེ་བཞིན་ཞེ་སྡང་གོམས་པ་ལས། །གྱུར་པའི་རྒྱུ་མཐུན་གཏུམ་པོའི་མེ། །ཅིག་ཅར་གསོད་མཛད་མ་ལ་འདུད། །གོ་འཕང་མཆོག་ལ་ཆོམ་རྐུན་གྱི། །བརྟུལ་ཞུགས་འཇིག་ཚོགས་ལ་བལྟ་དང་། །སྣང་བ་དགྲར་གྱུར་ཕྲག་དོག་གི། །ལྟོ་འགྲོའི་

(༤༦༣)འཇིགས་བ་སྐྱོབ་ལ་འདུད། །ང་རྒྱལ་སེངྒེའི་སྡེར་མོ་ཡིས། །ཚུལ་ཁྲིམས་ལྟ་བ་མཆོག་འཛིན་དང་། །རྒྱལ་པོའི་ཆད་པ་དག་གདོན་མཛེ། བཤེས་བྲལ་དབུལ་ཕོངས་གནམ་ལྕགས་ཐོག །དོན་ཉམས་ལ་སོགས་འཇིགས་པའི་ཚོགས། །མ་ལུས་སྐྱོབ་ལ་བདག་བསྟོད་དོ། །ཞེས་དང་བཅུ་པ་ཕྱག་འཚལ་བ་ནི། ཕན་ཡོན་དྲན་པའི་སྒོ་ནས་ཕྱག་དང་བཅས། ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སོགས་ནས། འཇོམས་པ་ཏུ་རེའི་རབ་མཆོག་ཉིད་མ། །ཞེས་པའི་བར་གྱི་ཕྱག་འཚལ་ཚར་གཉིས་བྱ། བཅུ་གཅིག་པ་མཎྜལ་བསྙེན་པ་ནི། རྗེ་བཙུན་མའི་ཐུགས་ཀར་པདྨ་དང་ཟླ་བའི་དལ་ལ་ཏཱཾ་ཡིག་ལྗང་གུའི་མཐར་སྔགས་ཕྲེང་གིས་བསྐོར་བ་ལ་དམིགས་ནས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པ་ཡི་གེ་བཅུ་པའི་བསྙེན་པ་སྟོང་ཕྲག་བཅུ་སྔོན་དུ་སོང་ནར་བ་མ་སོང་ན་སྟོང་ཕྲག་གཅིག་བཟླས་རྗེས། ཕྲིན་ལས་ཁ་བསྒྱུར་གྱི་བཟླས་པ་ནི། དང་པོར་

(༤༦༤)བསོད་ནམས་འཕེལ་བའི་རྒྱུ་བྱང་ཆུབ་ཀྱི་སེམས་རྒྱས་པར་འདོད་ན། རྩ་སྔགས་ལ། བྷོ་དྷི་ཙིཏྟ་སྭཱ་ཧཱ། ཞེས་པ་དང་། དེ་བཞིན་དུ་འཇིགས་པ་ཆེན་པོ་བརྒྱད་སྐྱོབས་པར་འདོད་ན་སྭཱ་ཧཱའི་གོང་དུ། དཱ་ན་ཏྲ་ཡ་སྦྱར། ཤེས་རབ་འཕེལ་བ་ལ། པྲཛྙཱ་ཧྲཱི༚་ཧྲཱི༚་བསོད་ནམས་བསྐྱེད་པ་ལ། མ་ཧཱ་པུཎྱེ། ཚེ་སྒྲུབ་ན། ཨཱ་ཡུར་དཱ་ཏེ་བྷྲཾ། དབང་བྱེད་ལ། ཀུ་རུ་ཀུ་ལླ་ནཾྲ་ཛ༔ གདོན་ལ། སརྦ་བི་ག་ནན་བཾ་ཧཱུྃ་ཕཊ། གཡུལ་ངོ་སོགས་ལ། བཛྲ་ཏ་ཀ་ཧ་ན་ལི་ཙ་ཕཊ མཚང་འབྲུ་བ་ལ། ད་ཧ་པ་ཙ་ཧཱུྃ་ཕཊ། འཇིག་རྟེན་དབང་དུ་བྱེད་ན། ལོ་ཀ་པཱ་ཤ་ཀུ་རུ། དབུལ་བ་སེལ་ན། མ་མ་བ་སུ་པུཥྚི༚་ཀུ་རུ། བུ་དཔལ་ཆར་ཆུ་སྤེལ་ན། མངྒ་ལ་ཤྲི་མ་ཧཱ་པཱ་ཎི། འགྱེད་པ་ལ། བཛྲ་ཛྭ་ལ་ཕཊ་ཕཊ༔ རཀྵ་རཀྵ་ཕུང་བྱེད་ལ། ཧཱུྃ་ཧཱུྃ་ཧཾ་ཤཾ་ཏྲིག་ནན་ཕཊ སྡིག་པ་ལ། སརྦ་པཱ་བཾ་ག་ཏེ་ག་ཏེ། བྱང་ཕུར་ལ། ཏྲཾ་དུ་ཏྲིན་ཏྲཾ་དུ་ཕཊ། དགྲ་ཇག་དང་གཅན་གཟན་ལ། ཧཱུྃ་ཧཱུྃ་བཾ་ཧོ དུག་རིགས་ལ། སརྦ་བི་ཥ་ཏར་ཕཊ རྩོད་པ་དང་རྨི་ལམ་ངན་པ་ལ། ཧཱུྃ་ཧཱུྃ་ཕཊ་ཕཊ་རཀྵ་རཀྵ་མཱཾ། རིམས་ནད་ལ། ནཱ་མ་ཏཱ་རེ་མེ་ནོ་ཧ་ར་ཧཱུྃ་ཧ་ར་སྭཱ་ཧཱ། ནད་པའི་བླ་

(༤༦༥)ཚེ་བསླུ་ན། མ་རི་ཙྱཻ་ཚེ་བྷྲཱ་ནྀྲ་ཛ་སྭཱ་ཧཱ། དེ་དག་གི་དམིགས་གནད་ཁྱད་པར་བ་ནི་བདེ་སྙིང་གཏེར་བུམ་ལས་རྟོགས་པར་བྱ་ཞིང་། ལས་སྒྲུབ་སོ་སོའི་ཕྱག་འཚལ་ཁོལ་བཏོན་བརྒྱ་རྩ་བརྗོད་པ་མན་ངག་གོ། །བཅུ་གཉིས་པ་གསོལ་བ་གདབ་པ་ནི། ཏཱ་རེ། ཞེས་མཚན་སྔགས་བརྒྱ་ཕྲག་གསུམ་གྱི་ས་བོན་ནས། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང་། །ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། །ཐམས་ཅད་མཁྱེན་བསྒྲུབ་པར་བྱེད་པ་ལ། །བར་གཅོད་གདོན་བགེགས་རིམས་དང་ནད་ལ་སོགས། །དུས་མིན་འཆི་བར་གྱུར་པའི་ནད་རྣམས་དང་། །རྨི་ལམ་ངན་དང་མཚན་མ་ངན་པ་དང་། །འཇིགས་པ་བརྒྱད་སོགས་ཉེར་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །འཇིག་རྟེན་

(༤༦༦)འཇིག་རྟེན་ལས་ནི་འདས་པ་ཡི། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་རྣམས། །འཕེལ་ཞིང་རྒྱས་པའི་དོན་རྣམས་མ་ལུས་ཀུན། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང་། །རྟག་ཏུ་ཁྱེད་བསྒྲུབ་ཞལ་མཆོག་མཐོང་བ་དང་། །སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །བདག་གིས་ཚེ་རབས་ཀུན་ཏུ་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞི་དཔལ། །ཡུམ་གྱུར་ཨུཏྤལ་བསྣམས་པའི་བཀྲ་ཤིས་ཤོག །ཅེས་དང་། ཕན་བདེ་འབྱུང་བའི་གནས་གཅིག་པུ། །སོགས་དང་། ལྷ་ཡང་དུས་སུ་ཆར་འབེབས་ཤིང་། །ལོ་ཏོག་ཕུན་སུམ་ཚོགས་པར་ཤོག །རྒྱལ་པོ་ཆོས་བཞིན་བྱེད་པ་དང་། འཇིག་རྟེན་དག་

(༤༦༧)ཀྱང་དར་བར་ཤོག །སོགས་ཀྱིས་སྨོན་ལམ་གདབ་བོ། །མཎྜལ་གཉིས་པ་ནི། ལྷ་དང་ལྷ་མིན་ཅོད་པཎ་གྱིས། །སོགས་དང་། རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །སོགས་པའི་ཡན་ལག་བདུན་པ་ནས། །ཁྲུས་གསོལ། མཆོད་ཕྲེང་། མཎྜལ། བསྟོད་པ། ཕྱག་འཚལ་ཉེར་གཅིག་ཚར་གསུམ་བཟླས་པ། གསོལ་གདབ་སྨོན་ལམ་གྱི་བར་སྔར་བཞིན་བལྡབ། དེ་བཞིན་དུ་མཎྜལ་གསུམ་པ་ལའང་ཕྱག་འཚལ་ཉེར་གཅིག་ཚར་བདུན་སྦར་བའི་ཁྱད་པར་ཙམ་མོ། །གྲངས་གསོག་བྱེད་ན་འདི་ཡན་ཆད་བལྡབ། གསུམ་པ་རྗེས་ཀྱི་རིམ་པ་ལ་ལྔ་ལས། དང་པོ་གཏོར་མ་འབུལ་བ་ལ། ཆ་བཞིའི་དང་པོ་རྗེ་བཙུན་མ་ལ་འབུལ་བ་ནི། ཁ་པོ་ཏ་ལར་བལྟས་པའམ། འདུན་པ་བཅོས་ཏོ། ལག་པ་རྡོ་རྗེ་ཐལ་མོ་སྙིང་ཁར་སྦྱར་ནས། གཏོར་མ་བསངས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱ༔ཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པར་གྱུར། འབྲུ་གསུམ་

(༤༦༨)ལན་བདུན་གྱིས་བརླབས། ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ། ནམ སརྦ་བུདྡྷ་བོ་དྷི་སཏྭ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱས་ནཱ་མཱཾ་ཧཻ་ཧེ་བྷ་ག་ཝ་ཏེ་མ་ཧཱ་སཏྭ། སརྦ་བུདྡྷ་ཨ་ཝ་ལོ་ཀི་ཏེ། མ་བི་ལཾ་པ། མ་པི་ལཾ་བ། མ་པི་ལཾ་བ། ཨི་དཾ་བ་ལིང་གྲྀཧྞ་བ་ཡ་གྲྀཧྞ་བ་ཡ་ཧཱུྃ་ཧཱུྃ་ཛ་ཛ་སརྦ་བི་པཉྩ་རེ་སྭཱ་ཧཱ། ཞེས་ལན་གསུམ་གྱི་མཐར། རྗེ་བཙུན་མ་སྒྲོལ་མས་བདག་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩོལ་བ་དང་། འཇིགས་པ་ཆེན་པོ་བརྒྱད་ལ་སོགས་པ་ལས་ཐར་བར་མཛད་དུ་གསོལ། སྲིད་པའི་དུ༔ ཁ་ཐམས་ཅད་ཞི་བར་མཛད་དུ་གསོལ། ཆ་གཉིས་པ། ཨ་ཀཱ་རོ་མུ་ཁཾ་གསུམ་གྱིས་རྡོ་རྗེའི་ཆོས་སྐྱོང་རྣམས་ལ་འབུལ་ལོ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་

(༤༦༩)གྲུབ་ཀུན་གྱིས་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་པད་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཕུན་སུམ་ཚོགས་པའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །གས་ཕྲིན་ལས་བཅོལ། ཆ་གསུམ་པ་ཨ་ཀཱ་རོ་མུ་ཁཾ་གསུམ་དང་། གཞི་བདག་གཉུག་མར་གནས་པ་ལ་འབུལ་ལོ། །གནས་མགྲོན་གྱི་དམ་ཚིག་བསྲུང་བ་དང་འོག་ཞིང་སྡོང་གྲོགས་གཉེན་པོ་མཛད་དུ་གསལ། ཆ་བཞི་པ། ན་མ༔ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་སོགས་གསུམ། རིགས་དྲུག་སྙིང་རྗེའི་མགྲོན་ལ་བསྔོའི། །མྱུར་དུ་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམ་ཀླས་ལ་ཕྱག་

(༤༧༠)འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །སྡིག་པ་ཅི་ཡང་མི་བྱ་ཞིང་། །སོགས་དང་། སྦྱིན་པ་རྒྱ་ཆེན་གྱུར་བ་སོགས་སྨོན་ལམ་གདབ། གཉིས་པ་ནོངས་བཤགས་ནི། མ་འབྱོར་བ་དང་ཉམས་པ་དང་། །གཙོ་བོ་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་བགྱིས་པ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཆད་པ་དང་ནི་ལྷག་པ་དང་། །ཆོ་གའི་ཡན་ལག་ཉམས་པ་སོགས། །བདག་གི་བརྗེད་ངེས་ཅི་མཆིས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་པར་གསོལ། །ཅེས་དང་། ཡི་གེ་བརྒྱ་པ་ལན་གསུམ་བརྗོད། གསུམ་པ་ནི་རྟེན་ལ་བརྙན་བཞུགས་དང་། གློ་བུར་པ་རྣམས་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་གཤེགས་གསོལ་བྱ། བཞི་པ་དགེ་བ་བསྔོ་བ་ནི། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །བསོད་ནམས་སྟོབས་ཆེན་འདི་ཡི་མཐུས། །སྦྱིན་བདག་འཁོར་དང་བཅས་རྣམས་ལ། །ཚེ་འདིར་བསམ་པའི་དོན་གྲུབ་

(༤༧༡)ཅིང་། །བར་ཆད་ཞི་ནས་བཀྲ་ཤིས་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །གཞན་ཡང་སྐྱེ་བ་འདི་ཉིད་དུ། །མི་མཐུན་ཕྱོགས་ཀུན་ཞི་བའང་ཚེ་རིང་ནད་མེད་ཕུན་སུམ་ཚོགས། །གཏན་དུ་བདེ་བ་ཐོབ་པར་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་སོགས་བརྗོད། ལྔ་པ་ཤིས་བརྗོད་ནི། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །ཞེས་སོགས་ཀྱིས་མཐའ་རྒྱས་སུ་བྱའོ། །དེ་ལྟར་སྒྲོལ་མ་མཎྜལ་བཞི་བར་གྲགས་པའི་ཆོ་ག་ལ་ཡིག་ཆ་མང་དུ་སྣང་ཡང་། །རྩ་བའི་ཁུངས་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྒྲོལ་མ་མངོན་པར་འབྱུང་བའི་རྒྱུད་ལ་བརྟེན་ནས་བསྡུ་བ་མཛད་པ་ཉིད་ཀྱང་དེ་ཉིད་ཀྱི་མངོན་རྟོགས་རང་ས་མ་ཟིན་པ་དང་། ཚིག་ཚོགས་ལ་ཐལ་བ་རྣམས་བཏང་སྙོམས་སུ་བྱས་ཤིང་། མན་ངག་ལས་བྱུང་བ་འགའ་ཞིག་གསར་དུ་བསྣན་ནས་ཀླགས་ཆོག་ཏུ་བཀོད་པ་འདི་ཡང་མདོ་ཁམས་བ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་ནན་ཏན་ཆེན་པོའི་ངོར་རྒྱལ་བའི་མྱུ་གུ་མཁྱེན་བརྩེའི་ལྷས་སོ།། །།

(༤༧༢)

(༤༧༣)འུྃ ཡུམ་ཀ་མཁའ་འགྲོ་བདེ་ཆེན་རྒྱལ་མོ་ལས མཁའ་འགྲོའི་བསུན་ཟློག་ངོ་མཚར་སྣང་བ་བཞུགས༔

(༤༧༤)འུྃ སྣ་ཚོགས་ཡུམ་ལ་ཕྱག་འཚལ་ལོ རིག་འཛིན་རྣམས་ལ་དཔའ་བོ་དང་ མཁའ་འགྲོའི་བསུན་མ་བཟློག་ཐབས་བསྟན ལས་དཀྱིལ་པདྨ་འདབ་བཞིའི་དབུས ཆོས་འབྱུང་བསྣོལ་མ་དགའ་འཁྱིལ་ཅན འདབ་བཞིར་རིགས་བཞིའི་ཕྱག་མཚན་བྲི དབུས་སུ་འཁར་གཞོང་གཙང་མའི་ནང་ སྐུ་མཁར་གྲུ་བཞི་པུ་ཤུ་ཅན དེ་སྟེང་རིགས་ལྔའི་འབྲང་རྒྱས་བཀོད དབུས་སུ་ཁམས་མཐུན་ན་མཁའ་དང་༔ ཕྱོགས་བཞིར་རིགས་བཞིའི་མདོག་ཅན་བཞི རྒྱང་བུ་མདའ་འཕང་ཤིང་རིས་གཟུགས དཀོར་ཆ་བཟའ་བཏུང་ཚོགས་ཚད་དང་༔ ལྷོ་བྱང་ལ་ཀླུང་མཐུན་རྫས་དང་༔ གསེར་གཡུ་དཀར་

(༤༧༥)འུྃ མངར་ཕུང་སྐྱེམས་བསག ཁྱད་པར་ཚོགས་འཁོར་བཟང་པོ་དང་༔ མཁའ་འགྲོ་སྡེ་ལྔའི་གཏོར་མ་བཤམ༔ ཉེ་ལོགས་བླ་གླུད་བཟང་པོ་ལ གླུད་ཕྲན་བསྒྲུབ་བྱའི་ལོ་གྲངས་བསྐོར མཐེབ་ཀྱུ་ཤ་དུམ་རིལ་བུ་དང་ ཆང་བུའི་གྲངས་ཀྱང་དེ་བཞིན་ནོ དེ་ནས་བདག་བསྐྱེད་བཟླས་པའི་རྗེས ཕཊ་ཇས་མདུན་བསྐྱེད་འཛབ་ཁང་དབྱེ མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་ གཙུག་གཏོར་རྣམ་རྒྱལ་གསེར་མདོག་ཅན ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས ཨུཏྤལ་ལ་གནས་ཚེ་བུམ་འཛིན འོད་

(༤༧༦)ཟེར་སྤྲོ་བསྡུས་འཁོར་འདས་ཀྱི དངས་བཅུད་བདག་ལ་ཐིམ་པར་བསམ༔ ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨཱ་ཡུར་ད་ཏེ་བྷྲཾུ་སྭཱ་ཧཱ ཞེས་བཟླས་མདུན་རྟེན་དཀྱིལ་འཁོར་སྒྲུབ བསུན་བཟློག་རྐྱང་བར་བསྒྲུབ་མི་དགོས དེ་ནས་ལས་བུམ་རྨེ་བརྩེགས་བསྒྲུབ༔ ལས་དཀྱིལ་སྒྲུབ་པ་འདི་ལྟ་སྟེ༔ ཨོཾ་མ་ཧཱ་ཤུ་ནྱ་ཏས་སྟོང་པར་སྦྱངས སྟོང་པའི་ངང་ལས་སྣང་སྲིང་འཁོར་འདས་ཀྱི་ཆོས་ཐམས་ཅད་རྡོ་རྗེ་བཙུན་མོའི་བྷ་ག་རྣམ་ཐར་གསུམ་དང་ལྡན་པའི་ཆོས་འབྱུང་བསྣོལ་མས་མཚན་པའི་དབུས་སུ་གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་འདུ་བའི་ཞིང་ ཨོཾ་རྒྱན་དྷཱུ་མ་ཐ་ལ་གཙོ་བོར་གྱུར་པའི་མཐའ་བསྐོར་དུ ཛ་ལནྡྷ་ར པུལླཱི་ར་མ་ལ༔ ཨརྦུ་ཏ རསྨི་ཤྭ་རཱ གཽ་ཏཱ་ཝཱ་རཱི༔ དེ་ཝཱི་གོ་ཊཱ་ མཱ་ལ་ཝ་སྟེ་གནས་དང་ཉེ་བའི་གནས་རྣམ་པ་བརྒྱད༔ ཀཱ་མ་རཱུ

(༤༧༧)འུྃ ཨཽ་ཊི་ཡ ཏྲི་ཤ་ཀུ ཀོ་ས་ལ ཀ་ལིངྐ ལཾ་བཱ་ཀ་སྟེ་ཞིང་དང་ཉེ་བའི་ཞིང་རྣམ་པ་དྲུག༔ ཀཉྩི་ཀ་དང་ཧི་མཱ་ལ་ཡ་སྟེ་ཚནྡྷོ་དང་ཉེ་བའི་ཚནྡྷོ་རྣམ་པ་གཉིས པྲེ་ཏ་པུ་རི གྲྀ་ཧ་དེ་ཝ སཽ་རཱཥྚ་སུ་ཝརྞ་དྭི་པ་སྟེ་འདུ་བ་དང་ཉེ་བའི་འདུ་བ་རྣམ་པ་བཞི༔ ནཱ་ག་ར་སིནྡྷུ མ་རུ ཀུ་ལུ་ཧཱ་སྟེ་འཐུང་སྤྱོད་དང་ཉེ་བའི་འཐུད་སྤྱོད་རྣམ་པ་བཞི་རྣམས་ལས་ཡུལ་ཉི་ཤུ་རྩ་བཞིའམ༔ ཧེ་རུ་ཀའི་གནས་བཅུ འཁོར་བ་མྱང་འདས་སུ་སྒྲོལ་བའི་དུར་ཁྲོད་ཆེན་པོ་བརྒྱད མདོར་ན་ས་བཅུ་དང་ལམ་ལྔའི་ཡོན་ཏན་སྟོབས་སུ་གྱུར་པའི་གནས་སུམ་ཅུ་རྩ་གཉིས་ལ་སོགས་པ་རྣམས་དང་རང་བཞིན་གར་བཞུགས་ཀྱི་གནས་ནས་དཔའ་བོ་དང་མཁའ་འགྲོའི་ཚོགས་ཏིལ་གྱི་གང་བུ་རྡོལ་བ་བཞིན་དུ་སྤྱན་དྲངས་པར་གྱུར༔ སྤོས་རོལ་དང་དབྱངས་སྙན་པོས ཧཱུྃ་ཡུལ་གྱི་མིང་ནི་རྒྱ་གར་

(༤༧༨)ཡུལ གནས་ཀྱི་མཆོག་གྱུར་ཨོ་རྒྱན་གནས དྷཱུ་མ་ཐ་ལ་མཁའ་འགྲོའི་གྲོང་ གླིང་གི་གླིང་མཆོག་རྔ་ཡབ་གླིང་༔ དོན་ལ་འོག་མིན་བདེ་ཆེན་ཞིང་༔ རྣམ་པ་མཁའ་སྤྱོད་སྤྲུལ་པའི་གནས རབ་ཏུ་དགའ་དང་དྲི་མ་མེད གནས་དང་ཉེ་བའི་གནས་ཡིན་ཏེ དེ་བཞིན་ཞིང་དང་ཉེ་ཞིང་དང་༔ ཚནྡྷོ་ཉེ་བའི་ཚནྡྷོ་དང་༔ འདུ་དང་ཉེ་བའི་འདུ་བ་དང་༔ འཐུང་སྤྱོད་ཉེ་བའི་འཐུང་སྤྱོད་ཉིད༔ ཕ་རོལ་ཕྱིན་བཅུའི་སར་རྫོགས་པ ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན དཔེ་མེད་ཡེ་ཤེས་ཡེ་ཤེས་ཆེ༔ རྡོ་རྗེ་འཛིན་དབང་ས་རྣམས་ནས༔ དཔའ་བོ་དང་ནི་རྣལ་འབྱོར་མ མཁའ་འགྲོ་དང་ནི་མཁའ་འགྲོ་མ༔ མ་ལུས་འདིར་སྤྱོན་དགྱེས་པར་བཞུགས གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་པདྨ་ཡོ་གི་ནི་ཛྙཱ་ན་ཝཱ་རཱ་ཧཱི་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲི༚་ཧྲ་ཛཛ༔ ཞེས་སྤྱན་དྲངས དེ་ལྟར་དྲངས་པའང་ནང་ལྟར་དུ་

(༤༧༩)འུྃ རང་ལུས་ཀྱི་ཁམས་ཉི་ཤུ་རྩ་བཞི་པོ་དང་དབྱེར་མེད་དུ་གདོད་ནས་དྲེས་པའི་ངེས་པ་བརྟན་པར་བྱས་པ་ལ་ཚོགས་ཀྱི་འཁོར་ལོ་ཕྱི་ནང་གསང་གསུམ་གྱིས་མཉེས་པར་བྱས་པས་ཁམས་ཀྱི་ཐིག་ལེའི་ཚོགས་ཀྱི་རྣམ་པར་འགྱུར་བ་མི་བརྟེན་ལ་རྒས་ཤིང་རྒུད་པ་དང་འཆི་བའི་ངང་ཚུལ་ལས་བཟློག་པར་བྱེད་པ་ནི་དོན་དམ་པར་མཁའ་འགྲོའི་བསུན་མ་བཟློག་པའི་གནད་ཕལ་གྱིས་མི་རྟོགས་པ་ཉིད་ཡིན་པ་ལས དང་པོ་ཕྱིའི་ཚོགས་ནི ཧཱུྃ་བདེ་བ་ཆེན་པོའི་སྣོད་མཆོག་ཏུ ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་ནི སོགས་ལས་བྱང་ལྟར་ལྷག་མའི་བར་བྱའོ དེ་ནས་ནང་དང་གསང་བའི་ཚོགས་ནི་མན་ངག་ལྟར་བྱའོ དེ་ནས་ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་གི་བསུན་ཁ་བཟློག་པ་ནི༔ གཞོན་ནུ་མ་གྲོང་བའི་ཆོས་ཀྱིས་མ་གོས་བ་ལྔའམ དེ་ཡང་རིགས་བཟང་དཔལ་ཅན་འཛོམ་ན་རབ དེ་མིན་ཆས་ཞུགས་པ་ལྔས་དང་པོ་བསུ་བའི་ཚུལ་དུ་རང་མདོག་དང་མཐུན་

(༤༨༠)པའི་དར་མཚོན་གཅིག་པ་རེ་ལག་པ་གཉིས་ཀས་བཟུང་བའི་སྣེ་མོ་རྡོ་རྗེ་སློབ་དཔོན་གྱི་སྟན་འོག་ཏུ་ཆུད་པ་ནས་ཅུང་ཟད་གཡབ་ཅིང་ ཀྱེ་གསོན་ཅིག་འདིར་ཚོགས་སྐྱེས་བུ་རྣམས ཁྱེད་ལ་འབོད་པའི་དོན་ཅི་འཚལ༔ བདག་ལ་འོང་བའི་ག་ལ་འདི་མཆིས༔ འདི་ནས་ཤར་གྱི་ཕྱོགས་རོལ་ན༔ ཀྱེ་གསོན་ཅིག་འདིར་ཚོགས་སྐྱེས་བུ་རྣམས ཁྱེད་ལ་འབོད་པའི་དོན་ཅི་འཚལ བདག་ལ་འོང་བའི་ག་ལ་འདི་མཆིས འདི་ནས་ཤར་གྱི་ཕྱོགས་རོལ་ན༔ མངོན་པར་དགའ་བའི་ཞིང་ཁམས་ཡོད༔ དེ་བཞིན་ལྷོ་ན་དཔལ་ལྡན་བརྩེགས ནུབ་ན་པདྨ་བརྩེགས་པ་དང་༔ བྱང་ན་ལས་རབ་གྲུབ་པ་ཡོད ཤར་ལ་སོགས་པའང་བཏགས་པ་ཙམ བརྟགས་པ་ཙམ་ནས་མིང་ཞིག་གྲུབ དེ་ལ་ཞིང་དང་གནས་ཞེས་གྲགས ཁྱད་པར་དཔའ་བོ་མཁའ་འགྲོ་ཡི སྤྲུལ་པའི་ཞིང་ཁམས་བསམ་ལས་འདས མཁའ་སྤྱོད་དག་པའི་ཞིང་ནས་འོངས ཉི་ཤུ་རྩ་བཞིའི་ཡུལ་ནས་འོངས དུར་ཁྲོད་ཆེན་པོ་བརྒྱད་ནས་འོངས༔ དཔའ་བོ་མཁའ་འགྲོའི་གནས་ནས་འོངས འོད་པ་གང་གི་དོན་ཡིན་ན༔ འདི་ན་བཞུགས་པའི་སྐྱེས་མཆོག་ལ༔ གདུང་ཞིང་ཕྲེང་བའི་སེམས་ཀྱིས་འོངས

(༤༨༡)འུྃ སྐྱེ་བོ་དད་མེད་བསམ་རླག་ལ༔ ཁྲེལ་ཞིང་གདུང་པའི་སེམས་ཀྱིས་འོངས ཚེ་ལ་ལོག་ལྟ་སྒྲོ་སྐུར་གཟན༔ གྲིབ་ལ་དམ་ཚིག་ཉམས་པ་ཐུ ནང་ལ་འདུ་བ་རྣམ་བཞི་ལྡང་ རྩ་རླུང་ཐིག་ལེའི་གནད་འཕྱུགས་ན༔ སྐྱེས་མཆོག་བཞུགས་པའི་གནས་མ་མཆིས ང་ནི་རྡོ་རྗེ་ཌཱཀྐི་ནི འཁོར་ཡང་འབུམ་ཕྲག་ཡངས་པས་བསྐོར འཇའ་ཚོན་དཀར་པོའི་དར་ལམ་ལ རིག་འཛིན་བླ་མ་གཤེགས་རེེ་རེ་ན མངོན་པར་དགའ་བ་ཉམས་རེ་དགའ༔ དེ་ན་སྐྱེ་དང་འཆི་བ་མེད རྒ་དང་ན་བ་ག་ལ་སྲིད༔ དེ་ན་དམ་ཚིག་ཉམས་པ་མེད༔ དེ་ན་ལོག་ལྟ་ཅན་ཡང་མེད བླ་མའི་བཞུགས་གནས་དེ་རུ་བཟང་༔ ལམ་ལ་དར་ལམ་དཀར་པོ་འཇམ སྐྱེས་བུ་ཆེན་པོ་དེར་གཤེགས་ཤིག༔ ང་ནི་རིན་ཆེན་ཌཱཀྐི་ནི འཁོར་ཡང་འབུམ་ཕྲག་ཡངས་པས་བསྐོར འཇའ་ཚོན་སེར་པོའི་དར་ལམ་ལ༔ རིག་འཛིན་བླ་མ་གཤེགས་རེར་ན དཔལ་ལྡན་བརྩེགས་པ་དངས་རེ་སྤྲོ༔

(༤༨༢)དེ་ན་སྐྱེ་དང་འཆི་བ་མེད༔ རྒ་དང་ན་བ་ག་ལ་སྲིད དེ་ན་དམ་ཚིག་ཉམས་པ་མེད དེ་ན་ལོག་ལྟ་ཅན་ཡང་མེད བླ་མའི་བཞུགས་གནས་དེ་རུ་བཟང་༔ ལམ་ལ་དར་ལམ་སེར་པོ་འཇམ སྐྱེས་བུ་ཆེན་པོ་དེར་གཤེགས་ཤིག ང་ནི་པདྨ་ཌཱ་ཀི་ནི འཁོར་ཡང་འབུམ་ཕྲག་ཡངས་པས་བསྐོར༔ འཇའ་ཚོན་དམར་པོའི་དར་ལམ་ལ༔ རིག་འཛིན་བླ་མ་གཤེགས་རེར་ན པདྨ་བརྩེགས་པ་མདངས་དང་ལྡན དེ་ན་སྐྱེ་དང་འཆི་བ་མེད རྒ་དང་ན་བ་ག་ལ་སྲིད༔ དེ་ན་དམ་ཚིག་ཉམས་པ་མེད དེ་ན་ལོག་ལྟ་ཅན་ཡང་མེད༔ བླ་མའི་བཞུགས་གནས་དེ་རུ་བཟང་༔ ལམ་ལ་དར་ལམ་དམར་པོ་འཇམ སྐྱེས་བུ་ཆེན་པོ་དེར་གཤེགས་ཤིག༔ ང་ནི་ཀརྨ་ཌཱཀྐི་ནི འཁོར་ཡང་འབུམ་ཕྲག་ཡོངས་པས་བསྐོར འཇའ་ཚོན་ལྗང་གུའི་དར་ལམ་ལ རིག་འཛིན་བླ་མ་གཤེགས་རེ་རན ལས་རབ་གྲུབ་པ་བྱིན་རེ་ཆགས དེ་ན་སྐྱེ་དང་འཆི་བ་མེད རྒ་དང་ན་བ་ག་ལ་སྲིད༔ དེ་ན་དམ་ཚིག་ཉམས་པ་མེད དེ་ན་

(༤༨༣)འུྃ ལོག་ལྟ་ཅན་ཡང་མེད བླ་མའི་བཞུགས་གནས་དེ་རུ་བཟང་༔ ལམ་ལ་དར་ལམ་ལྗང་གུ་འཇམ སྐྱེས་བུ་ཆེན་པོ་དེར་གཤེགས་ཤིག༔ ང་ནི་དེ་བཞིན་གཤེགས་པའི་རིགས༔ འཁོར་ཡང་འབུམ་ཕྲག་ཡངས་པས་བསྐོར འཇའ་ཚོན་མཐིང་གའི་དར་ལམ་ལ༔ རིག་འཛིན་བླ་མ་གཤེགས་རེ་རེ་ན༔ མེ་རེ་འབར་བ་བཀྲག་དང་ལྡན༔ དེ་ན་སྐྱེ་དང་འཆི་བ་མེད རྒ་དང་ན་བ་ག་ལ་སྲིད༔ དེ་ན་དམ་ཚིག་ཉམས་པ་མེད༔ དེ་ན་ལོག་ལྟ་ཅན་ཡང་མེད༔ བླ་མའི་བཞུགས་གནས་དེ་རུ་བཟང་༔ ལམ་ལ་དར་ལམ་སྔོན་པོ་འཇམ སྐྱེས་བུ་ཆེན་པོ་དེར་གཤེགས་ཤིག༔ དེ་ནས་བསུན་མའི་ཚོགས་ལ་སྐྱེམས་དྲངས་ལ་འདི་སྐད་དོ ཀྱཻ བསུན་མའི་མགྲོན་རྣམས་ཚུར་གསོན་དང་༔ འདི་ན་བཞུགས་པའི་སྐྱེས་མཆོག་ལ གདུང་ཞིང་འཕྲེང་བ་ཁྱེད་བདེན་ཏེ འགྲོ་བའི་བསམ་པ་ཐ་དད་པས༔ འདྲེན་པ་སྤངས་རྣམས་རྨོངས་པའི་སྐྱོན༔ ཐེག་པ་ཆེན་པོའི་སྐྱེས་

(༤༨༤)བུ་རྣམས དེ་ལ་ཁྲོ་བའི་སྐབས་མི་དབྱེ༔ བསོད་ནམས་ལྡན་པའི་སྐྱེ་བོའི་ཚོགས དམ་པ་རྣམས་ལ་དད་ཅིང་འདུན འདི་ཕྱིའི་ལམ་སྟོན་རེ་བས་ན༔ འདི་མེད་འཇིག་རྟེན་ལོང་བར་འགྱུར སངས་རྒྱས་བསྟན་པ་སུ་ཡིས་འཛིན ཁྱད་པར་གསང་སྔགས་ཟབ་མོ་ཡི དམ་ཚིག་གཉེན་པོས་འབྲེལ་བ་ལ༔ ཉམས་པའི་བཀའ་ཆད་བྱུང་སྲིད་ན སླར་ལ་གནོང་ཞིང་བཤགས་པས་སྦྱངས དབྱིངས་ཀྱི་མཁའ་འགྲོ་གཡེང་བའི་རྒྱུ༔ ལྟ་བ་ནོར་ན་དབུ་མར་སྦྱོར རྟག་ཆད་མེད་པས་ཐུགས་དམ་བསྐང་༔ སྒོམ་པ་ཡེངས་ན་རིག་པ་འཛིན དབྱིངས་ཀྱི་མཁའ་འགྲོ་གཡེལ་བའི་རྒྱུ༔ ལྟ་བ་ནོར་ན་དབུ་མར་སྦྱོར རྟག་ཆད་མེད་པས་།ཐུགས་དམ་བསྐང་༔ སྒོམ་པ་ཡེངས་ན་རིག་པ་འཛིན ལྷག་མཐོང་གསལ་བས་ཐུགས་དམ་བསྐང་ སྤྱོད་པ་ནོར་ན་ཚོགས་ཀྱིས་བསྐང་ འགྱོད་ཚངས་ཚན་པོས་ཐུགས་དམ་བསྐང་ འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ ཡེ་ཤེས་གྲུབ་ཀྱང་ཕོ་ཉར་སྟོན ལེགས་ཉེས་སྟངས་འཛིན་བདག་པོ་རྣམས སྐྱོན་མཐོང་ཙམ་ན་བར་ཆད་རྩོམ ཁྱེད་རྣམས་ཐུགས་དང་འགལ་སྲིད་ན༔ ཚོགས་དང་གཏོར་མ་རྒྱན་

(༤༨༥)འུྃ དང་ལྡན སྐུ་མཁར་འབྲང་རྒྱས་རྣམ་པ་ལྔས༔ སྐུ་ཡི་དམ་ཚིག་ཉམས་པ་བསྐང་༔ ཕྲིན་ལས་གྱེར་དབྱངས་བཟླས་བརྗོད་ཀྱིས གསུང་གི་དམ་ཚིག་ཉམས་པ་བསྐང་༔ ནམ་རྒྱང་མདའ་འཕང་ཤིང་རིས་ཀྱིས ཐུགས་ཀྱི་དམ་ཚིག་ཉམས་པ་བསྐང་ མཐུན་པའི་དམ་རྫས་དཀོར་ཆ་དང་ གསེར་སྐྱེམས་གཡུ་སྐྱེམས་ཕུད་ལྷག་གིས ཚངས་མ་ལ་སོགས་དབང་ཕྱུག་དང་༔ དྲི་ཟ་གྲུལ་བུམ་མི་འམ་ཅི༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་ཡི༔ ཐུགས་དམ་གཉེན་པོ་སྐངས་གྱུར་ནས གྲིབ་དང་བར་ཆད་དབྱིངས་སུ་སོལ རྩ་རླུང་ཐིག་ལེ་ཉམས་པ་གསོས ཁྱད་པར་བསུན་མའི་མགྲོན་རྣམས་ལ༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་མཐུས མི་ལས་དགའ་བའི་གླུང་བཟང་འབུལ༔ མི་ལས་གླུད་འདི་མི་དགའ་རྒྱུ༔ དངོས་ལས་བྱད་དང་རྣམ་འགྱུར་མཛེས སྐྱེ་མཆེད་བཅུ་གཉིས་འདི་ལ་ཚང་༔ རྒྱལ་དུ་ཞི་བའི་མཆོད་གཏོར་བཞེས རྡོ་རྗེ་མཁའ་

(༤༨༦)འགྲོའི་དར་ཐག་བསྡུས མི་ལས་གླུང་འདི་མི་དགའ་རྒྱུ༔ དངོས་ལས་བྱང་དང་རྣམ་འགྱུར་མཛེས དབང་པོ་སྣ་ལྔ་འདི་ལ་ཚང་༔ རྒྱལ་དུ་རྒྱས་པའི་མཆོད་གཏོར་བཞེས རིན་ཆེན་མཁའ་འགྲོའི་དར་ཐག་སྡུས༔ མི་ལས་གླུད་འདི་མི་དགའ་རྒྱུ དངོས་ལས་བྱད་དང་རྣམ་འགྱུར་མཛེས༔ ཕུང་པོ་སྣ་ལྔ་འདི་ལ་ཚང་༔ རྒྱལ་དུ་དབང་གི་མཆོད་གཏོར་བཞེས་པ་པདྨ་མཁའ་འགྲོའི་དར་ཐག་སྡུས མི་ལས་གླུད་འདི་མི་དགའ་རྒྱུ དངོས་ལས་བྱང་དང་རྣམ་འགྱུར་མཛེས༔ ཁམས་ཆེན་བཅོ་བརྒྱད་འདི་ལ་ཚང་༔ རྒྱལ་དུ་དྲག་པོའི་མཆོད་གཏོར་བཞེས ལས་ཀྱི་མཁའ་འགྲོའི་དར་ཐག་བསྡུས མི་ལས་གླུད་འདི་མི་དགའ་རྒྱུ༔ དངོས་ལས་བྱ་དང་རྣམ་འགྱུར་མཛེས༔ རྟོགས་ན་གདན་གསུམ་ཚང་བའི་ལྷ རྒྱལ་དུ་མཆོག་གི་མཆོད་གཏོར་བཞེས དེ་བཞིན་རིགས་ཀྱི་དར་ཐག་སྡུས༔ བསྡུས་ནས་འདི་ན་གནས་མེད་ཀྱི༔ དཔའ་བོ་མཁའ་འགྲོའི་བསུན་མ་རྣམས ད་ནི་གཤེགས་ཤིག་ཏ་ལ་ལ༔ ད་ནི་བཞུད་ཅིག་སི་ལི་ལི༔ རྒྱལ་

(༤༨༧)འུྃ བའི་བཀའ་ལ་མི་ཉན་མེད༔ བདེན་པའི་ཚིག་ལ་མི་བརྟེན་མེད བརྔན་དང་ནོར་ལ་མི་ཆགས་མེད༔ རྟེན་འབྲེལ་རྒྱུ་འབྲེས་འཆོལ་བ་མེད༔ བདག་དང་རྒྱུ་སྦྱོར་སློབ་མ་ཡི༔ ལྷག་བསམ་རྣམ་དག་བདེན་པའི་མཐུས༔ བསུན་མའི་མགྲོན་ལ་རྫོངས་བཏབ་པས རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ལ གནས་པའི་དཔའ་བོ་མཁའ་འགྲོའི་སྲོག༔ གནས་པ་རྩ་དང་གཡོ་ལ་རླུང་༔ བཀོད་པ་བྱང་ཆུབ་སེམས་མཆོག་གི༔ རྟེན་འབྲེལ་གནས་མལ་འཕྱུགས་པ་ལས བླ་ཡི་རྟེན་མཁར་ཞིག་པ་དང་༔ ཚེ་ཡི་རྒྱ་མདུད་དྲལ་བ་དང་༔ སྲོག་གི་ལྗོན་ཤིང་ཆག་པ་དང་༔ རླུང་གི་དུས་སྦྱོར་འགགས་པ་སོགས༔ སྐང་ཅིག་ཉིད་ལ་སོར་ཆུད་ནས བླ་ཚེ་ཡར་ངོའི་ཟླ་བ་ལྟར འཕེལ་ཞིང་བརྟན་པའི་ཕྲིན་ལས་མཛོད ཅེས་བརྗོད་བསུན་མའི་མགྲོན་རྣམས་ཀྱིས༔ གླུད་གཏོར་མི་མངོན་གནས་སུ་བསྐྱལ༔ རྟེན་འབྲེལ་བདེན་པ་མཐུ་ཆེབས ངེས་པར་བསུན་ཁ་བཟློག་པར་འགྱུར༔ ས་མ་ཡ༔ ༈ དེ་ནས་

(༤༨༨)བརྟན་བཞུགས་དང་འབྲེལ་ན སྣ་ཚོགས་རྡོ་རྗེའི་རེ་ཁཱ་ལ༔ སློབ་དཔོན་བཞུགས་བྱས་རྨེ་བརྩེགས་ཀྱི བུམ་ཆུས་ཁྲུས་གསོལ་རས་ཀྱིས་ཕྱི འདི་ནི་སྦྱིན་པའི་རང་བཞིན་ཆུ སེར་སྣའི་དྲི་མ་སྦྱོང་མཛད་ཅིང་༔ གཏོང་བ་དྲི་ཡིས་ལེགས་བགོས་ཆུ ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ༔ འཆལ་བའི་དྲི་མ་སྤྱོད་མཛད་ཅིང་༔ བསྲུངས་བ་དྲི་ཡིས་ལེགས་བགོས་ཆུ༔ ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ འདི་ནི་བཟོད་པའི་རང་བཞིན་ཆུ༔ ཁོང་ཁྲོའི་དྲི་མ་སྦྱོང་མཛད་ཅིང་༔ རླབས་ཆེན་དྲི་ཡིས་ལེགས་བགོས་ཆུ ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ༔ འདི་ནི་བརྩོན་འགྲུས་རང་བཞིན་ཆུ༔ ལེ་ལོའི་དྲི་མ་སྦྱོང་མཛད་ཅིང་ ནན་ཏན་དྲི་ཡིས་ལེགས་བགོས་ཆུ ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ འདི་ནི་བསམ་གཏན་རང་བཞིན་ཆུ རྣམ་གཡེངས་དྲི་མ་སྦྱོང་མཛད་ཅིང་༔ མཉམ་གཞག་དྲི་ཡིས་ལེགས་བགོས་ཆུ༔ ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ འདི་ནི་

(༤༨༩)འུྃ ཤེས་རབ་རང་བཞིན་ཆུ རྨོངས་པའི་དྲི་མ་སྦྱོང་མཛད་ཅིང་༔ ལྷག་མཐོང་དྲི་ཡིས་ལེགས་བགོས་ཆུ༔ ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ༔ ཞེས་དང་སྒྲུབ་སྔགས་དག་ཀྱང་བརྗོད༔ སློབ་དཔོན་ཚེ་མཐའ་ཡས་པར་བསྒྲུབ༔ ཤུ་ནྱ་ཏཱ་ས་སྟོང་པར་སྦྱངས སྟོང་པའི་ངང་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི་སྟེགས་ཀྱི་ཤར་དུ་གླང་པོ་ཆེ༔ ལྷོར་རྟ་མཆོག ནུབ་ཏུ་རྨ་བྱ༔ བྱང་དུ་ཤང་ཤང་ ཟུར་བཞིར་སེངྒ་བརྒྱད སྟེང་དུ་པདྨ་དང་ཉི་ཟླའི་གདན་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་འཁོར་ལོ་དང་སྣ་ཚོགས་རྡོ་རྗེའི་སྟན་ལ་ཧྲཱི༔ ལས་རྡོ་རྗེ་སློབ་དཔོན་རིགས་ཐམས་ཅད་ཀྱི་བདག་ཉིད་རྒྱལ་བ་འོད་མཚན་སྟོང་འབར་སྤྲུལ་སྐུའི་ཆ་བྱང་ཅན་ཕྱག་གཉིས་མཉམ་གཞག་གི་སྟེང་ན་ལྷུང་བཟེད་ལ་གནས་པའི་ཚེའི་བུམ་པ་བདུད་རྩིའི་བཅུད་ལྡན་གྱིས་གང་བ་བསྣམས་པའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་

(༤༩༠)ཕྱོགས་བཅུར་རབ་འབྱམས་ནམ་མཁའི་མཐའ་ཀླས་པའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་བདེ་གཤེགས་ཚེ་མཐའ་ཡས་པའི་དཀྱིལ་འཁོར་རྒྱ་མཚོའི་རྣམ་པར་བྱོན་ནས་རྡོ་རྗེ་སློབ་དཔོན་དང་རོ་གཅིག་ཏུ་འདྲེས་པར་གྱུར ཚེ་མདའ་གཡབ་ཅིང་༔ ཧཱུྃ༔ ཤར་ནས་རྡོ་རྗེ་མཁའ་འགྲོ་སྲ་བའི་དབྱིངས ལྕགས་ཀྱུ་ཐོགས་པའི་ཕོ་ཉ་འབུམ་ཕྲག་གིས ཤ་ཡི་ཁམས་ནས་ཡར་བའི་བླ་ཚེ་སྡུས དྲི་ཟའི་ལག་ནས་བླ་དང་ཚེ་ཁུག་ཅིག ལྷོ་ནས་རིན་ཆེན་མཁའ་འགྲོ་མཉེན་པའི་དབྱིངས ཞགས་པ་ཐོགས་པའི་ཕོ་ཉ་འབུམ་ཕྲག་གིས ཁྲག་གི་ཁམས་ནས་ཡར་བའི་བླ་ཚེ་སྡུས གྲུལ་བུམ་ལག་ནས་བླ་དང་ཚེ་ཁུག་ཅིག ནུབ་ནས་པདྨ་མཁའ་འགྲོ་དྲོ་བའི་དབྱིངས ལྕགས་སྒྲོག་ཐོགས་པའི་ཕོ་ཉ་འབུམ་ཕྲག་གིས དྲོད་ཀྱི་ཁམས་ནས་ཡར་བའི་བླ་ཚེ་སྡུས ཀླུ་དབང་ལག་ནས་བླ་དང་ཚེ་ཁུག་ཅིག བྱང་ནས་ཀརྨ་མཁའ་འགྲོ་གཡོ་བའི་དབྱིངས༔ དྲིལ་བུ་ཐོགས་པའི་ཕོ་ཉ་འབུམ་ཕྲག་གིས རླུང་གི་ཁམས་ནས་ཡར་བའི་

(༤༩༡)འུྃ བླ་ཚེ་སྡུས གནོད་སྦྱིན་ལ་གནས་བླ་དང་ཚེ་ཁུག་ཅིག ཨོཾ་པདྨོ་ཡོ་ག་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨཱ་ཡུར་ད་ཏེ་བྷྲཱུྃ་སྭཱ་ཧཱ དེ་ནས་ཚེ་བུམ་ཕྱག་ཏུ་ཕུལ ཧྲཱི སྣང་སྲིད་གཞོན་ནུ་བུམ་པའིསྐུ སྐྱེ་འཆི་བྲལ་པའི་བཅུད་ཀྱིས་གཏམས རིག་འཛིན་ཁྱེད་ལ་ཕུལ་བ་ཡིས འཆི་མེད་རྡོ་རྗེའི་སྲོག་འགྲུབ་ཤོག རྩ་སྔགས་ཤམ་བུར ཨཱ་ཡུར་ད་ཏེ་བྷྲཱུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ བདུད་རྩི་ཕུལ་ལ ཧྲཱི༔ བདེ་ཆེན་ཡུམ་ལྔའི་བྷན་དྷ་རུ འཆི་མེད་བྱང་སེམས་བདུད་རྩིར་བསྐྱེལ རིག་འཛིན་ཁྱེད་ལ་ཕུལ་བ་ཡིས༔ སྐྱེ་འཆི་མེད་པའི་དབང་ཐོབ་ཤོག རྩ་སྔགས་དང་༔ ཝཱཀྐ་ཨ་བྷི་ཥིཉྩ་ཨཱ༔ ཚེ་རིལ་ཕུལ་ལ ཧྲཱི བརྟན་གཡོའི་ཁམས་དང་སྟོབས་བཅུའི་དཔལ ཡོངས་ཀྱི་བཅུད་འདུས་ཚེའི་རིལ་བུ རིག་འཛིན་ཁྱེད་ལ་ཕུལ་བ་ཡི རྡོ་རྗེའི་སྲོག་ལ་དབང་ཐོབ་ཤོག རྩ་སྔགས་མཐར ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ ཚེ་མདའ་པདྨོ་པད་མ་རྒྱས་གདབ་ཅིང་ ཨཱ༔ འབྱུང་ལྔའི་དབྱིངས་

(༤༩༢)སུ་འཁྱམས་པའི་ཚེ ཡུམ་ལྔའི་ཀློང་དུ་རྒྱས་བཏབ་པས ཡེ་ཤེས་ལྔ་ལ་སྐྱེ་འཆི་མེད སྐུ་ལྔའི་དབྱིངས་སུ་ཚེ་སྤས་པས རིགས་ལྔའི་རྒྱལ་བས་ཀྱང་མི་གཟིགས དྷརྨ་དྷཱ་རྟུ་བཛྲ་རཀྵ ཞེས་བརྗོད་ཡོན་དང་མཎྜལ་ཕུལ དེ་ནས་རྡོ་རྗེ་སློབ་དཔོན་ནི གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི བདག་ཉིད་ཆེན་པོར་བརྟན་བཞུགས་བྱ ཧོ རྡོ་རྗེ་སློབ་དཔོན་གཟུགས་ཀྱི་ཕུང་པོ་ནི སྣང་མཛད་རྒྱལ་པོ་དེ་བཞིན་གཤེགས་པའི་རིགས ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དང་ འདུ་ཤེས་རྒྱལ་པོ་སྣང་བ་མཐའ་ཡས་ཞལ འདུ་བྱེད་རྒྱལ་པོ་དོན་ཡོད་གྲུབ་པ་ཆེ རྣམ་པར་ཤེས་པ་མི་བསྐྱོད་རྒྱལ་པོའི་ཕྱིར རྟག་པར་རྒྱུན་གྱི་འཁོར་ལོའི་ཆོས་ཉིད་ལ རིགས་ལྔའི་རང་བཞིན་ཉིད་དུ་བརྟན་པར་བཞུགས ས་ཁམས་རྣམ་པར་དག་བས་སངས་རྒྱས་སྤྱན༔ ཆུ་ནི་མཱ་མ་ཀི་དང་མེ་གོས་དཀར རླུང་ཁམས་དམ་ཚིག་སྒྲོལ་མ་ནམ་མཁའི་དབྱིངས༔ ཡུམ་ལྔའི་རང་བཞིན་ཉིད་དུ་བརྟན་པར་བཞུགས དེ་

(༤༩༣)འུྃ བཞིན་མིག་ལ་སོགས་པའི་སྐྱེ་མཆེད་རྣམས རྡོ་རྗེ་མཐོང་ཐོས་སྣོམ་དང་མྱོང་བ་དང་ བྱ་བའི་རང་བཞིན་དེ་ཡི་བཙུན་མོ་བཞི༔ ཕྱི་སེམས་བཞི་ཡི་ངོ་བོར་བརྟན་པར་བཞུགས༔ བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་ཐོས་སྣོམ མྱོང་བར་བྱེད་པའི་བཙུན་མོ་དུས་བཞི་སྟེ ཡུལ་དང་ཡུལ་ཅན་སྦྱོར་བའི་ནང་སེམས་བཞིའི༔ རང་བཞིན་ཉིད་ལས་མི་འགྱུར་བརྟན་པར་བཞུགས༔ སྒོ་གསུམ་འཛིན་པར་བཅས་པ་ཁྲོ་བོ་བཞི རྟག་ཆད་བདག་མཚན་ལྟ་བ་རིགས་ཀྱི་ཡུམ༔ ཚད་མེད་བཞི་ཡི་ངང་ལས་མི་གཡོ་བའི སྒོ་མ་བཞི་ཡི་ངོ་བོར་བརྟན་པར་བཞུགས༔ མདོར་ན་སློབ་དཔོན་ལུས་ཀྱི་དཀྱིལ་འཁོར་ནི༔ གདན་གསུམ་ཚང་བའི་ངོ་བོ་ཉིད་ཀྱི་ཕྱིར༔ རྒྱུ་འབྲས་སྤང་གཉན་དག་པའི་རང་བཞིན་ཅན འཁོར་འདས་མཉམ་པ་ཉིད་དུ་བརྟན་པར་གསོལ༔ ཞེས་པའི་དོན་ལ་ངེས་ཤེས་བསྐྱེད དོན་གྱི་བརྟན་བཞུགས་བླ་ན་མེད༔ དེ་ནས་ཚོགས་ཀྱི་འཁོར་ལོ་ཡིས༔ ཞལ་བསྲོ་བཀྲ་ཤིས་

(༤༩༤)རྫས་བརྒྱད་འབུལ ཤིས་པ་བརྗོད་ཅིང་དགེ་བ་བསྔོ ས་མ་ཡ བསུན་མ་བཟློག་ཐབས་མང་ན་ཡང་ གནད་ཀྱི་གདམས་པ་འདི་ཉིད་ཡིན མཁའ་འགྲོའི་གསང་མཛོད་མ་གཏགས་པ༔ ཀུན་འབྱུང་བློ་ལ་འདི་མི་འཆར བསྟན་པ་འཛིན་སྐྱོང་སྤེལ་བ་ཡི༔ སྐྱེས་བུ་རྣམས་ཀྱི་དཔལ་དུ་ཤོག དྷ་ཐིམ གུ་ཧྱ་རྒྱ རིག་འཛིན་འཇིགས་མེད་གླིང་པས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོའི་ཟུར་ལྕོགས་རིག་འཛིན་ཕོ་བྲང་དུ་ནམ་མཁའ་མཛོད་ཀྱི་བརྡ་ལས་བསྒྱུར་བའོ༔ ༈ གྲངས་གསོག་ཚེ་བསུན་བཟློག་རྒྱས་པའི་མཚམས་སུ་གླུང་གཏོར་རིལ་བུ་དང་བཅས་པ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ནས་ཕུལ་ཏེ། ཧཱུྃ་རིགས་ལྔའི་རྒྱལ་བ་གང་ཆེན་མཚོའི། །སྐུ་ལ་ཞིང་ཁམས་ཡོངས་རྫོགས་པའི། །དེ་སྙེད་སངས་རྒྱས་བྱང་སེམས་དང་། །དཔའ་བོ་ཌཱཀྐི་རྣལ་འབྱོར་མ། །སྟོང་གསུམ་བྱེ་བ་ཕྲག་བརྒྱའི་ཞིང་། །ཧེ་རུ་ཀ་ཡི་གནས་བཅུ་དང་། །ནང་ལྟར་རྡོ་རྗེ་ལུས་ཀྱི་གྲོང་། །ཨོ་རྒྱན་དྷུ་མ་ཐ་ལ་སོགས། །གནས་དང་ཡུལ་གྱི་

(༤༩༥)འུྃ དཔའ་བོ་དང་ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས། །འདིར་བྱོན་དམ་ཚིག་གདན་ལ་བཞུགས། །ཉེར་སྤྱོད་འདོད་ཡོན་གླུང་གཏོར་དང་། །ཚོགས་ཀྱི་འཁོར་ལོས་ཐུགས་དམ་བསྐང་། །སྡོམ་གསུམ་དམ་ཚིག་ཉམས་པ་བཤགས། །རྩ་རླུང་ཐིག་ལེའི་གནས་འཕྱུགས་ན། །དཔའ་བོ་མཁའ་འགྲོའི་བསུན་ཁ་ལྡང་། །རང་མལ་བཞུགས་ཤིང་བར་ཆད་ཟློག །རིགས་ལྔ་ཡེ་ཤེས་ཌཱཀྐི་ཡིས། །སྤྱན་འདྲེན་དར་ཐག་དབྱིངས་སུ་སྡུས། །དཔའ་བོ་རྡོ་རྗེ་སློབ་དཔོན་འདི། །བསྟན་པ་རྒྱ་མཚོའི་སྒྲོན་མ་ཡིན། །སེམས་ཅན་ཡོངས་ཀྱི་དཔུང་གཉེན་ཕྱིར། །སྤྱན་འདྲེན་དར་ལམ་བརྐྱང་སྲིད་ན། །ཁྱེད་རྣམས་དམ་ཚིག་ཉམས་པར་འགྱུར། །དམ་ཚིག་འདི་ནི་མཁའ་འགྲོའི་སྲོག །སྲོག་ལ་མི་གཅེས་གང་ཡང་མེད། །ཚོགས་གཏོར་གླུད་བཟང་འདི་བཞེས་ལ། །དབྱིངས་ཀྱི་རྗེ་མོས་སྲོག་མཁར་ཚུགས། །འཁོར་གྱི་མཁའ་འགྲོས་བླ་རྐུན་ཆོམ་

(༤༩༦)ཤུགས་འགྲོ་གནས་ཉུལ་རང་གནས་དེངས། སྐྱེས་བུ་ཆེན་པོ་ལོ་བརྒྱའི་བར། །ཞབས་པད་བརྟན་པའི་འཕྲིན་ལས་མཛོད། མངྒ་ལཾ། ༈ གང་ཆེན་མཚོ་ཡི་ཞིང་ཁམས་ལ། །ཇི་སྙེད་བཀོད་པའི་གནས་ཡུལ་དང་། །དཔའ་བོ་མཁའ་འགྲོའི་གྲོང་ཁྱེར་ནས། །རྡོ་རྗེ་རིན་ཆེན་པདྨ་ལས། །འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས། །འདིར་སྤྱོན་ཉེར་སྤྱོད་འདོད་ཡོན་དང་། །ཚོགས་ཀྱི་འཁོར་ལོས་ཐུགས་དམ་བསྐང་། །ཐེག་པ་གསུམ་དང་རིག་འཛིན་གྱི། །སྡོམ་གསུམ་དམ་ཚིག་ཉམས་པ་བཤགས། །བསྟན་པ་རྒྱ་མཚོའི་སྒྲོན་མེ་ཆེ། །སེམས་ཅན་ཡོངས་ཀྱི་དཔུང་དང་གཉེན། །འདི་ན་བཞུགས་པའི་སྐྱེས་མཆོག་གི། ཚེ་འཕྲང་བར་ཆད་དབྱིངས་སུ་སོལ། །དཔའ་བོ་མཁའ་འགྲོའི་བསུན་ཁ་ཟློག །ཞབས་པད་བརྟན་པའི་བཀྲ་ཤིས་སྩོལ། ༈ འདི་བསུན་ཟློག་རྒྱས་པ་ཚོགས་བརྒྱ་དང་འབྲེལ་སྐབས་ཡུམ་ཀའི་ཚོགས་ཀྱི་སྐོང་བཤགས་མལ་དུ་འཛུད་པ་ལག་ལེན་ནོ། །

(༤༩༧)རྡོ་རྗེ་ལྷ་མོ་བཅུ་དྲུག་གི་མཆོད་ཕྲེང་དྲི་ཟའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ། །

(༤༩༨)འཕགས་པ་ཀུན་ཏུ་བཟང་པོ་དང་བྱང་ཆུབ་མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེའི་ལྷ་མོ་བཅུ་དྲུག་གི་མཆོད་འཕྲེང་དྲི་བའི་རྒྱུད་མང་ནི། མཆོད་རྫས་རྣམས་ལ་བསང་ཆུ་འཐོར་ཞིང་། ཨཱོཾ་ཧཱུྃ་ཏྲཱཾ་ཧྲཱི་ཨཱ ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་ཕྱི་ནང་གསང་བའི་མཆོད་སྤྲིན་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་ཡོན་གྱི་སྤྲིན་ཕུང་ཟད་མི་ཤེས་པ་ཀུན་ཏུ་བཟང་པོའི་མཆོད་པའི་རྣམ་རོལ་དུ་རྒྱས་པར་གྱུར་ཅིག །ན་མ༔ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ལན་གསུམ་བརྗོད། སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་ཀྱང་འདོན། དེ་ནས་དབྱངས་ཤིན་ཏུ་སྙན་པ་དང་བཅས། པདྨ་རྒྱས་པ་ལྟ་བུའི་ལང་ཚོ་ཅན། །རེག་ན་བདེ་བའི་མཆོག་སྟེར་

(༤༩༩)ཨུཏྤལ་མིག །གཟུགས་ཀྱི་རྣམ་འགྱུར་ངོམ་པའི་ཡིད་འཕྲོག་མ། །རྡོ་རྗེ་སྒེག་མོ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ལཱ་སྱེ་ཧཱུྃ པྲ་ཏཱིཙྪ་ཧོ༔ སྲིད་ན་རྣམ་པར་མཛེས་པའི་ཟླ་བས་ཀྱང་། །བལྟ་ན་སྡུག་པའི་གཟུགས་ཀྱི་ཆར་མི་ཉེ། །ནོར་བུའི་དོ་ཤལ་འཛིན་པའི་ཡིད་འོང་མ། །རྡོ་རྗེ་ཕྲེང་བ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་མཱ་ལེ་ཏྲཱཾ པྲ་ཏཱིཙྪ་ཧོ འཇམ་མཉེན་པུཎྜ་རི་ཀའི་ལང་ཚོ་ལ། །རེག་འཇམ་དབང་པོའི་གཞུ་ཡི་འཁྲི་ཤིང་ཅན། །སྐད་སྙན་འགྱུར་ཁུག་སྟོང་གི་གླུ་ལེན་མ། །རྡོ་རྗེ་གླུ་མའི་ཚོགས་ཀྱིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་བཛྲ་གཱི་རྟི་ཧྲཱི པྲ་ཏཱིཙྪ་ཧོ བུང་བ་པད་མའི་ཚལ་ན་གཡོ་བ་བཞིན། །ཕྱག་ཞབས་གསེར་

(༥༠༠)གཡུའི་གདུ་བུས་མཛེས་པའི་གར། །མིག་འཕྲུལ་ལྟ་བུར་བསྒྱུར་བའི་གཡོ་ལྡན་མ། །རྡོ་རྗེ་གར་མའི་ཚོགས་ཀྱིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་བཛྲ་ནཱི་རྟི་ཨཱ༔ པྲ་ཏཱིཙྪ་ཧོ བཅུ་དྲུག་ལང་ཚོས་མྱོས་པའི་རྣམ་འགྱུར་དེས། །སྙིང་ལ་དགའ་བའི་ཡ་མཚན་ཅིར་ཡང་སྟེར། །དྲི་ཞིམ་སྤོས་ཕོར་ཐོགས་པའི་སྨིན་ལེགས་མ། །རྡོ་རྗེ་བདུག་སྤོས་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་བཛྲ་དྷུཔེྤ་ཧཱུྃ པྲ་ཏཱིཙྪ་ཧོ ཚངས་དབང་འཆི་མེད་བུ་མོའི་འཇོག་སྒེག་ཀྱང་། །ཤིན་ཏུ་མཛེས་པའི་ལང་ཚོས་བརྟན་པ་འཕྲོག ཨུ་དུམ་ཝཱ་རའི་ཆུན་འཕྱང་ཡིད་འཕྲོག་མ། །རྡོ་རྗེ་མེ་ཏོག་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་བཛྲ་པུཥྤེ་ཏྲཱཾ པྲ་ཏཱིཙྪ་ཧོ ཡིད་འོང་བལྟ་ན་སྡུག་པའི་མཁུར་ཚོས་ལ། །ལི་ཁྲའི་ཐིག་ལེས་བསྐུས་པའི་རི་དྭགས་མིག །ཉི་ཟླའི་སྒྲོན་མེ་ཐོགས་པའི་བཞིན་བཟང་མ། །རྡོ་རྗེ་སྣང་གསལ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་

(༥༠༡)ཐཱ་ག་ཏ་ས་བཱ་རི་ཝཱ་ར་བཛྲ་ཨ་ལོ་ཀེ་ཧྲཱི པྲ་ཏཱིཙྪ་ཧཱོ འཆི་མེད་བུ་མོའི་དཔལ་འཛིན་སྨིན་ལེགས་གཟུགས། །ཞལ་ནས་ཨུཏྤ་ལ་ཡི་དྲི་འཐུལ་ཞིང་། །བཟང་དྲུག་སྨན་གྱི་བྱུག་པས་དགྱིས་པ་སྐོང་། །རྡོ་རྗེ་དྲི་ཆབ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་བཛྲ་གྷྲནྡྷེ་ཨ པྲ་ཏཱིཙྪ་ཧོ ལང་ཚོའི་ཆ་ཤས་རྫོགས་པའི་པདྨ་དང་། །རྣམ་འགྱུར་ཅིར་ཡང་འཆར་བའི་ཨ་དརྴ། །ཕན་ཚུན་འགྲན་པ་ལྟ་བུའི་གཟུགས་མཛེས་མ། །རྡོ་རྗེ་མེ་ལོང་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་བཛྲ་དྡུ་པ་ཨོཾ་པྲ་ཏཱིཙྪ་ཧོ༔ ཏིང་འཛིན་རི་མོ་མཁན་གྱིས་བྲིས་པའི་གཟུགས། །བཞིན་མཛེས་མནྡྷ་ར་བའི་ཐོད་བཅིངས་ཅན། །ཟླུམ་པོའི་རྔ་ལས་བདེ་སྟོང་སྒྲ་འབྱིན་མ། །རྡོ་རྗེ་རྔ་ཟླུམ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་བཛྲ་མྲི་ཏཾ་གི་ཧྲཱི༔ པྲ་ཏཱིཙྪ་ཧོ༔ རཏྣའི་སོར་

(༥༠༢)གདུབ་འཁྲོལ་བའི་ཁུ་ཚུར་གྱིས། །དྲི་ཟའི་བུ་མོར་འགྲན་བའི་ཏ་མ་བུ་ར། རྣ་བའི་དཔྱིད་དུ་སྒྲེངས་པའི་ཡིད་འཕྲོག་མ། །རྡོ་རྗེ་པི་ཝང་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་བཛྲ་ཝི་ནི་ཧཱུྃ་པྲ་ཏཱིཙྪ་ཧོ༔ དགའ་བ་བཅུ་དྲུག་རླུང་གིས་རྟར་བསྐྱོན་ནས། །ཐིག་ལེ་བཅུ་དྲུག་གནས་སུ་དག་པ་ལས། །སྟོང་ཉིད་བཅུ་དྲུག་གླིང་བུའི་སྒྲར་སྟོན་པའི། །རྡོ་རྗེ་གླིང་བུ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པཱི་ར་ཝཱ་ར་བཛྲ་ཝཾ་སེ་ཏྲཾ་པྲ་ཏཱིཙྪ་ཧོ ཟླ་གཞོན་པད་དཀར་ལྟ་བུའི་ལང་ཚོའི་དཔལ། །མིག་གི་བདུད་རྩིར་སྦྱིན་དང་ཆབ་གཅིག་པར། །སྙན་འགྱུར་རྫ་རྔའི་སྒྲ་སྒྲོག་ན་ཆུང་མ། །རྡོ་རྗེ་རྫ་རྔ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏས་པཱ་རི་ཝཱ་ར་བཛྲ་མུ་རཉེྫ་ཨ པྲ་ཏཱིཙྪ་ཧོ སྟོང་ཉིད་ནམ་མཁའི་རྒྱན་གྱུར་ལྷ་ཡི་གོས། །རིན་ཐང་བརྗོད་དུ་མེད་པའི་པཉྩ་ལི། །འཕྲུལ་ལྡན་སོར་རྩེས་སྒྲོན་པའི་འཛའ་ན་མོ། །རྡོ་རྗེ་རེག་བྱ་མ་ཡིས་

(༥༠༣)མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་བཛྲ་སྤརྴེ་ཏྲཱཾ་པྲ་ཏཱིཙྪ་ཧོ ཆགས་མེད་ཆགས་པ་ཆེན་པོའི་ཟུར་མིག་གིས། །དཔའ་བོའི་ཡིད་ལ་མྱོས་པའི་ཆོམ་རྐུན་འཇུག །ལག་ན་རོ་བརྒྱའི་དཔལ་འཛིན་ཞལ་ཟས་ཐོགས། །རྡོ་རྗེ་རོ་མའི་ཚོགས་ཀྱིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་བཛྲ་རཱ་ས་ཧྲཱི པྲ་ཏཱིཙྪ་ཧོ བདེ་བས་བདེ་བའི་མཐར་སོན་སྟོང་པ་ཉིད། །བདེ་ཆེན་ཆོས་ཀྱི་འབྱུང་གནས་མངལ་ཁུར་ཅན། །བདེ་སྟོང་ངང་ལས་རྒྱལ་ཀུན་བསྐྱེད་པའི་ཡུམ། །ཆོས་ཀྱི་རྡོ་རྗེ་མ་ཡིས་མཉེས་གྱུར་ཅིག །གུ་རུ་སརྦ་ཏ་ཐཱ་ག་ཏ་ས་པཱ་རི་ཝཱ་ར་བཛྲ་དྷརྨཱ་དྷཱ་རྟུ་ཨཱ༔ པྲ་ཏཱིཙྪ་ཧོ དེ་ལྟར་ཤིན་ཏུ་རྨད་དུ་བྱུང་བ་རྡོ་རྗེ་ལྷ་མོ་བཅུ་དྲུག་ལ་ནང་གསེས་ཀྱིས་དབྱེ་ན། ཕྱི་སྒེག་བཞི། ནང་སྒེག་བཞི། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཏེ་གསང་བའི་རིགས་མ་ལྔ། ཐུན་མོང་འདོད་ཡོན་གྱི་ལྷ་མི་གསུམ་སྟེ་དེ་ཉིད་རྣམ་པ་བཅུ་དྲུག་གི་རང་བཞིན་དུ་བསྙད་པ་ལས། དང་པོ་ཕྱི་སྒེག་

(༥༠༤)བཞིའི་ཕྱག་རྒྱ་ནི་བཛྲ་ལཱ་སྱེ་ལ་རྡོ་རྗེ་ཁུ་ཚུར་གཉིས་དཀུར་བརྟེན་ནས་གཡོན་དུ་ཅུང་ཟད་འགྱིངས་པའོ། །བཛྲ་མཱ་ལྱེ་ལ་རྡོ་རྗེ་ཐལ་མོ་གཉིས་ནད་ནས་ཐུར་ལྡོག་གཡོ་བས་ཕྲེང་བ་འདོག་པའི་ཚུལ་ལོ། །བཛྲ་གཱི་རྟི་ནི་གླུ་མ་སྟེ། གླུ་མའི་ཕྱག་མཚན་པའི་ཝང་ཡིན་པས་དེ་ཉིད་སྒྲིངས་པའི་ཚུལ་འོག་ནས་འབྱུང་ངོ་། །བཛྲ་ནཱི་རྟི་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་སྤྱི་བོར་གར་བྱེད་པའི་ཚུལ་ལོ། །གཉིས་པ་ན་སྒེག་བཞིའི་ཕྱག་རྒྱ་ནི། བཛྲ་དྷུ་པེ་ནི་ཐལ་སྦྱར་ཚིག་པ་བཅག་པ་བདུག་སྤོས་ཀྱི་ཁང་པ་ལྟར་རོ། །བཛྲ་པུཥྤེ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཁ་བ་ཀན་ལ་མེ་ཏོག་འཐོར་བའི་ཚུལ་ལོ། །བཛྲ་ཨ་ལོ་ཀེ་ནི་རྡོ་རྗེ་ཁུ་ཚུར་ལས་མཐེ་བོང་གཉིས་མར་མེ་ལྟར་སྒྲིང་བའོ། །བཛྲ་གྷནྡྷེ་ནི་གཡོན་པའི་མཐེབ་མཛུབ་སྦྱར་གཞན་རྣམས་བརྐྱངས་པ་ཁ་བཀན་ཏེ་དུང་ཆོས་ལྟར་བྱས་པའི་སྙིམས་པ་ནས་གཡས་པའི་མཐེབ་མཛུབ་ཀྱི་དྲིའི་བྱུགས་པ་འགྱེད་པའི་ཚུལ་ལོ། །གསུམ་པ་གསང་བའི་རིག་མ་ལྔ་ལས། སྐུའི་རིག་མ་བཛྲ་རུ་པ་ནི་གཡོན་པའི་ཁུ་ཚུར་གྱི་སྟེང་དུ་གཡས་པའི་ཐལ་མོ་སྙིང་གནས་ཕྱིར་བསྟན་པ་མེ་ལོང་ལྟར་བྱའོ། །གསུང་གི་རིག་མ་བཛྲ་མྲི་ཏཾ་གི་ནི་རྔ་ཟླུམ་བརྡུང་བ་ལྟར་གཡོན་པ་ཅུང་ཟད་གྱེན་ལ་ཕྱོགས་གཡས་པའི་སོར་མོ་རྣམས་

(༥༠༥)གཡོ་བས་པའོ། །ཐུགས་ཀྱི་རིག་མ་བཛྲ་ཝི་ནིའི་ཕྱག་རྒྱ་ནི་པི་ཝང་སྒྲེང་བ་ལྟར་གཡོན་གྱེན་དུ་སྒྲེང་བའི་མཐེ་བོང་གིས་རྒུང་སྲིན་མནན་ཏེ་མཛུབ་མོ་དང་མཐེའུ་ཆུང་བརྐྱང་། གཡས་པའང་དེ་བཞིན་བྱས་པས་སྒྲིང་པའོ། །ཡོན་ཏན་གྱི་རིག་མ་བཛྲ་ཝཾ་སེ་ཏྲཱཾ་ནི་གླིང་བུ་འབུད་པའི་ཕྱག་རྒྱ་སྙིང་ཁའི་མདུན་ན་བྱེད་པའོ། །འཕྲིན་ལས་ཀྱི་རིག་མ་བཛྲ་མུ་རཉྫེ་ནི་ལག་པ་གཉིས་ཀ་སྙིང་ཁའི་ཐད་ནས་ཁ་ཕྱིར་བསྟན་ལ་སོར་མོ་རྣམས་གཡོབ་བས་རྫ་རྔ་བརྡུང་བ་ལྟར་བྱེད་པའོ། །བཞི་པ་ཐུན་མོང་། འདོད་ཡོན་གྱི་ལྷ་མོ་གསུམ་ལས། བཛྲ་སྤརྴེ་ནི་ལག་པ་སོ་སོའི་མཐེབ་མཛུབ་གུང་སྲིན་རྣམས་རྩེ་སྤྲང་། མཐེའུ་ཆུང་བསྒྲེངས་ལ་གོས་འབུལ་བའི་ཚུལ་ལོ། །བཛྲ་རཱ་ས་ནི་རྡོ་རྗེ་ཐལ་མོ་ཁ་སྦུབས་ལ། བརྐྱང་པ་སླར་གྱེན་དུ་ལྡོག་པ་བཤོས་འདེགས་པའི་ཚུལ་ལོ། བཛྲ་དྷརྨཱ་ནི་མཁའ་དབྱིངས་ཆོས་འབྱུང་གི་ཕྱག་རྒྱ་སྟེ། མཐེ་བོང་གཉིས་རྩེ་སྤྲད། གཞན་རྣམས་བརྐྱངས་པའི་སྲིན་ལག་གཉིས་རྩེ་སྤྲད་པའོ། །ཀུན་ལ་བད་སྐོར་གྱིས་སྔོན་བསུས་ནས་རང་སྔགས་དང་ཕྱག་རྒྱ་བསྟུན་ཞིང་། རྡོ་རྗེ་སེ་གོལ་གཏོགས་པས་

(༥༠༦)བསྣོལ་ཏེ་ནུ་མ་གཡས་གཡོན་གྱི་སྟེང་དུ་འཇོག་པའོ། །དེ་ལྟར་རྡོ་རྗེ་རིག་མ་བཅུ་དྲུག་གི། མཆོད་འཕྲེང་དྲི་ཟའི་བུ་མོས་བླངས་པའི་གླུ། །རྒྱུད་མང་སྟོང་གི་འགྱུར་དང་ལྡན་པ་འདི། །ངག་དབང་དབྱངས་ཅན་ལྷ་མོས་བདག་ལ་བྱིན། །སྨྲས་པ། རྒྱལ་ཀུན་དགྱེས་བསྐྱེད་རྡོ་རྗེ་ཡི། །ལྷ་མོ་བཅུ་དྲུག་མཆོད་ཕྲེང་བར། །དགེ་སློང་དགེ་འདུན་རིན་ཆེན་ནས། །བསྐྲུན་པས་ཚོགས་གཉིས་མྱུར་རྫོགས་ཤོག །སརྦ་མངྒ་ལཾ།

(༥༠༧)འུྃ ཡུམ་ཀ་བདེ་ཆེན་རྒྱལ་མོ་ལས དཔའ་བོ་དཔའ་མོའི་བསུན་བཟློག་བཞུགས འུྃ ཡེ་ཤེས་མཁའ་འགྲོའི་སྐུ་ལ་བདུད ལས་ཅན་དཔའ་བོ་དཔའ་མོ་ལ མཁའ་འགྲོའི་བསུན་བཟློག་བྱ་འདོད་ན གཏོར་ཚོགས་འདུ་བྱ་གཞུང་བསྲང་ལ བཟླས་བརྗོད་ཚོགས་སྐོང་བགྱིས་པའི་མཐར དར་ལམ་མཁའ་འགྲོའི་མཆོད་གཏོར་བཤམ དབྱིངས་རང་སྣང་རྣམ་དག་འོག་མིན་དང་ ཞིང་དག་པ་མཁའ་སྤྱོད་སྤྲུལ་པའི་གནས ཡུལ་ཉེར་བཞིའི་དཔའ་བོ་མཁའ་འགྲོ་རྣམས དེང་ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ ཡོངས་སྣང་སྲིད་མཆོད་སྤྲིན་རྒྱ་མཚོ་དང་༔ ཚོགས་བདེ་སྟོང་དངོས་བཤམས་ཡིད་སྤྲུལ་རྫས དབྱིངས་དག་མཉམ་ནམ་མཁའི་མཛོད་དུ་འབུལ མ་མཁའ་འགྲོའི་དམ་ཚིག་ཉམས་ཆག་བསྐང་༔ བདག་སྒྲུབ་མཆོག་བུ་ལ་དངོས་གྲུབ་སྩོལ༔ དབྱིངས་སྲ་བའི་རང་བཞིན་སངས་རྒྱས་སྤྱན ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་འབུམ ཡོངས་ཞི་བའི་མཆོད་གཏོར་འདི་བཞེས་ལ༔ ཤར་དར་ལམ་དཀར་པོའི་བསུན་མ་ཟློག༔ མེ་ལོང་ཡེ་ཤེས་ངང་དུ་བཞུགས དབྱིངས་མཉེན་པའི་རང་བཞིན་མཱ་མ་ཀཱི༔ ལྷོ་རིན་ཆེན་རིགས་ཀྱི་མཁའ་འགྲོ་འབུམ ཡོངས་རྒྱས་པའི་མཆོད་གཏོར་འདི་བཞེས་ལ༔ ལྷོ་དར་ལམ་སེར་པོའི་བསུན་མ་ཟློག༔ མཉམ་ཉིད་ཡེ་ཤེས་དང་དུ་བཞུགས དབྱིངས་དྲོ་བའི་རང་བཞིན་གོས་དཀར་མོ༔ ནུབ་པདྨ་རིགས་

(༥༠༨)ཀྱི་མཁའ་འགྲོ་འབུམ ཡོངས་དབང་གི་མཆོད་གཏོར་འདི་བཞེས་ལ༔ ནུབ་དར་ལ་མ་དམར་པོའི་བསུན་མ་ཟློག༔ སོར་རྟོགས་ཡེ་ཤེས་ངང་དུ་བཞུགས དབྱིངས་གཡོ་བའི་རང་བཞིང་དམ་ཚིག་སྒྲོལ༔ བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་འབུམ༔ ཡོངས་དྲག་པོའི་མཆོད་གཏོར་འདི་བཞེས་ལ བྱང་དར་ལམ་ལྗང་གུའི་བསུན་མ་ཟློག༔ བྱ་གྲུབ་ཡེ་ཤེས་ངང་དུ་བཞུགས དབྱིངས་ནམ་མཁའི་རང་བཞིན་དབྱིངས་ཕྱུག་མ དབུས་སངས་རྒྱས་རིགས་ཀྱི་མཁའ་འགྲོ་འབུམ༔ ཡོངས་མཆོག་གི་མཆོད་གཏོར་འདི་བཞེས་ལ༔ དབུས་དར་ལམ་མཐིང་ཀའི་བསུན་མ་ཟློག༔ ཆོས་དབྱིངས་ཡེ་ཤེས་ངང་དུ་བཞུགས ཉི་ཤུ་རྩ་བཞིའི་གནས་མཆོག་དང་ འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས༔ གླུང་གཏོར་བཟང་པོ་འདི་བཞེས་ལ༔ འདིར་བཞུགས་དམ་པའི་སྐྱེས་བུ་ཡི༔ ཚེ་འཕྲང་བར་གཅོད་དབྱིངས་སུ་སོལ༔ བླ་དང་སྲོག་གི་ཀ་བ་ཚུགས རྩ་ཐིག་རླུང་གི་རྒུད་པ་སོལ༔ ཚེ་འགྱུར་བ་མེད་པ་རྡོ་རྗེའི་ཁྲིར སྲོག་གཞོམ་ཞིག་བྲལ་བ་གཡུང་དྲུང་ལུས་བླ་གཟི་འོད་འབར་བ་ཉི་ཟླ་བཞིན༔ དུས་འཕོ་འགྱུར་མེད་པར་རྟག་བརྟན་གསོལ ཅེས་བརྗོད་གཏོར་གླུད་ཕྱོགས་ཕྱོགས་གཤེགས མཁའ་འགྲོའི་བསུན་མ་བཟློག་པར་འགྱུར ས་མ་ཡ༔ རྒྱ་རྒྱ་རྒྱ

(༥༠༩)ཡུམ་ཀ་མཁའ་འགྲོའི་ལས་ཚོགས་བཞི་པ་དང་འབྲེལ་བར། ཚེ་དབང་གི་མཚམས་སྦྱོར་བཞུགས། །

(༥༡༠)མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཆི་མེད་ཚེའི་དབང་བསྐུར་ཞུ་སྙམ་པའི་ཐུགས་བསྐྱེད་དེ་གསན་འཚལ། དེ་ལ་རང་ཅག་རྣམས་མི་ལུས་ཀྱི་རྟེན་ཁྱད་པར་ཅན་ཐོབ་པ་ནི་ད་རེས་ཙམ་ཡིན་ཏེ། ད་རེས་ཀྱི་རྟེན་སྟོང་ལོག་ཏུ་སོང་ན་སླད་ནས་འདི་འདྲ་བའི་ལུས་རྟེན་རྙེད་པ་མ་ཡིན་པའི་ཚུལ། འདུལ་བ་རྣམ་འབྱེད་ལས། དགེ་སློང་དག་ངན་སོང་པའི་འགྲོ་བ་ལ་ལྟོས། ཕྱི་ཕྱིར་མི་ཉིད་ཀྱི་དངོས་པོ་ཐོབ་པ་ཡང་ཤིན་ཏུ་དཀའོ། །ལོག་པར་ལྟ་བའི་སྟོན་པ་འདི་དག་ལ་ལྟོས། ཡང་དག་པའི་དགེ་བའི་བཤེན་གཉེན་དང་ཤིན་ཏུ་འཕྲད་པར་དཀའོ། །ཞེས་གསུངས་པ་ཡིན་ལ། དེ་ཙམ་དུ་རྙེད་པར་དཀའ་བའི་རྒྱུ་མཚན་གང་ཡིན་ན། སྤྱིར་ངན་སོང་གསུམ་གྱི་འགྲོ་བ་ལ་ལྟོས་ན་མིའི་ལུས་རྟེན་ཐོབ་པ་མི་སྲིད་པའི་ཚོད་ཡིན་བས། མཐོང་ཆོས་སུ་མི་དང་སྲོག་ཆགས་གཞིན་གྱི་མང་ཉུང་ཁོ་ནས་ཀྱང་ཤེས་ལ། མི་ཡང་ཆོས་ལྡན་གྱི་བྱ་བ་ལ་ཞུགས་པ་ནི་ཉིན་མོའི་སྐར་མ་ཙམ་ལས་མི་འདུག་ན།

(༥༡༡)གནས་སྐབས་ཀྱི་བདེ་འབྱོར་ནི་རྟག་པ་མ་ཡིན་པས་འགྱུར་བའི་རང་བཞིན་ཅན་དང་། དེའི་སྟེང་དུ་སྡུག་བསྔལ་གྱི་སྡུག་བསྔལ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་རྟག་ཏུ་མནར་བས་རི་དྭགས་མཐའ་ལ་གཅུར་བ་ལྟ་བུའི་དང་ནས་ད་ལྟའི་སྡུག་བསྔལ་ལ་སྤྱོད་ཅིང་། ཕྱི་མའི་སྡུག་བསྔལ་གྱི་རྒྱུ་སྒྲུབ་པ་ནི་མཆེད་ཤིན་ཏུ་ཆེ། དེ་བས་ན་འཁོར་བའི་རང་བཞིན་ནི་སྡུག་བསྔལ་གྱི་བཙོན་ར། འཕྲལ་ཉམས་དགའ་ཡང་ཕུགས་མཐའ་སྐྱོབ། བྱས་ཚད་སྡིག་པ། བསགས་ཚད་གཞན་དབང་བྱ་བ་མང་བ། དོན་ཉུང་བ། བསོད་ནམས་མ་ཡིན་པ་ཁོ་ན་དང་འབྲེལ་ཆེ་བས་འདི་ལས་ཐར་བའི་ཐབས་ལ་མ་འབད་ན་ཤི་འཕོས་ནས་ངན་སོང་དུ་འཁྱམ་པ་ལས་འོས་མེད། ངན་སོང་དུ་སྐྱེས་ན་དམྱལ་བ་ནི་ལྕགས་བསྲེགས་ཀྱིས་གཞི་མེ་འབར་བའི་ཀློང་དུ་སོག་ལེ་དང་སྤུ་གྲི་ལ་སོགས་པའི་མཚོན་ཆ་རྣོན་པོའི་དཔལ་གྱིས་ལུས་གཤགས། རི་དཔར་དུ་བཅར། མགོ་ལུས་དཔྲལ། ཁྲོ་ཆུར་འཚོད། མཚོན་ཆའི་དཔལ་ལ་འདྲད། གློ་སྙིང་ཡན་ཆད་མེར་འབར་བ་ལ་སོགས་པའི་ཚ་དམྱལ་བརྒྱད། ཁ་ཆར་བུ་ཡུག་

(༥༡༢)རླུང་དང་བཅས་པའི་དཀྱིལ་ན་ལུས་སྤྲེབས་ཤིང་། གྲང་དང་ཀྱིས་ཤ་ལྤགས་དུམ་བུར་གས་པའི་གྲང་དམྱལ་བརྒྱད། སྡུག་བསྔལ་གྱི་རྣམ་གྲངས་འདི་མི་འབྱུང་བྱ་བ་མེད་པའི་ཉི་ཚེ་ཉེ་འཁོར་བ་གཉིས་ཏེ་དམྱལ་ཁམས་བཅོ་བརྒྱད། ལོ་ཟླ་མང་པོར་ཡང་ཟས་སྐོམ་གྱི་མིང་མི་ཐོས་ཤིང་ཚ་གྲང་ཁོད་མི་སྙམས་པའི་ཡི་དགས་སྡེ་ཚན་གསུམ། མཐུ་ཆེ་བ་གང་ཡིན་པ་དེས་ཉམས་ཆུང་བ་དེ་ཟ་ཞིང་། གཞན་ཡང་ལས་ཀྱི་དབང་གིས་གཅིག་ལ་གཅིག་བཟའ་བ་དང་། མིས་བཀོལ་བ་དང་། ཤ་དང་པགས་པའི་དོན་དུ་གསོད་པ་དང་། གསོད་ལུགས་མི་འདྲ་བས་སྡུག་བསྔལ་དང་འཇིགས་སྐྲག་དཔག་ཏུ་མེད་པ་དེ་རང་ཐོག་ཏུའང་འབབ་ངེས་པ་ཡིན་ན་དེའི་སྡུག་བསྔལ་ཇི་ལྟར་བཟོད་ནུས། གལ་ཏེ་བདེ་འགྲོ་ཐོབ་ཀྱང་། མི་ལ་སྐྱེ་རྒན་འཆི། ཡོད་པ་བྲི་ཡིས་དོགས་པ་དང་། མེད་པ་བཙལ་གྱིས་མི་རྙེད་པ་དང་། དགྲ་དང་འཕྲད་པ་དང་། གཉན་དང་བྲལ་བ་དང་། དཔྱ་ཁྲལ་གྱིས་གདུངས་པ་ལ་སོགས་རང་རེས་མཐོང་ཞིང་མྱོང་བ་འདི་ལགས་མོད། དེ་བཞིན་དུ་འདོད་ཁམས་ཀྱི་ལྷ་རྣམས་ནི་རེ་ཞིག་བདེ་བ་ལྟར་སྣང་ཡང་། ཧ་ཅང་བག་མེད་པས་གཡེངས་ནས་ཕྱི་མའི་དོན་བསྒྲུབ་པ་ལ་གཡེལ་བས། རེ་ཞིག་ན་སྔ་མའི་ལས་ཟད་དེ། སྟན་ལ་མི་དགའ་བ་དང་། མེ་ཏོག་གི་ཕྲེང་བ་རྙིད་བ་དང་། ལུས་ལ་རྡུལ་

(༥༡༣)འབྱུང་བ་དང་། ལྷ་ཟླ་བོས་སྤོང་ཞིང་འདུ་ཤེས་འཁྲུལ་བ་དང་། ཕྱི་མ་སྐྱེ་འགྱུར་གྱི་གནས་རིགས་ངན་པ་མཐོང་ནས་འཇིགས་པ་ལ་སོགས་པའི་འཆི་བའི་ལྟས་མཐོང་ནས་སྡུག་བསྔལ་ཤིན་ཏུ་མི་བཟོད་པ་ཡོད་ལ། ཁམས་གོང་མ་དག་ཀྱང་བསམ་གཏན་གྱི་བདེ་བས་འཚོ་བའི་ལས་ཟད་དེ་སྲིད་པ་འོག་མར་ལྟུང་བ་མང་བས། འགྱུར་བའི་སྡུག་བསྔལ་གྱིས་གདུང་ཞིང་། སྲིད་པ་ཕྱི་མར་འདུ་བྱེད་པའི་སྡུག་བསྔལ་གྱིས་ཉམས་ཐག་ལ། ཁྱད་པར་ལྷ་མ་ཡིན་རྣམས་ནི་ལྷའི་དཔལ་ལ་མི་བཟོད་པའི་ཕྲག་དོག་གིས་སེམས་རྣལ་དུ་མི་གནས་པས་རྟག་ཏུ་འཁྲུག་རྩོད་འབའ་ཞིག་གིས་གདུང་ཞིང་། གཡུལ་ངོར་ཡན་ལག་ཆད་པ་དང་། མཚོན་ཆས་སྣད་པ་ལ་སོགས་པས་ཤིན་ཏུ་སྡུག་བསྔལ་བའི་ཕྱིར་ན་འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་པའི་ཚུལ། དྲན་པ་ཉེར་གཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་དམ་

(༥༡༤)ཡིན། །ཞེས་སོ། །དེ་ལྟ་བུའི་འཁོར་བ་ལས་ཐར་བའི་ཐབས་ནི་དམ་པའི་ཆོས་ཁོ་ན་ལས་གཞན་གང་ཡང་མ་ཡིན་ཀྱང་རང་ཅག་རྣམས་ནི་ལས་ངན་ལ་གོམས་པས་མི་རྟག་པ་ལ་རྟག་པར་འཛིན། སྡུག་བསྔལ་བ་ལ་བདེ་བར་འཛིན་པས། དགེ་བའི་ཚོགས་སུ་ནི་བློ་འཇུག་པར་ཤིན་ཏུ་དཀའ། སྡིག་པའི་ལས་ནི་རྩེད་མོའི་ཞོར་ཙམ་དུའང་འདུ་བྱེད་ཅིང་། ཁྱད་པར་ཚེ་འདིའི་དོན་ཏུ་གཉེར་བའི་ལས་ཐམས་ཅད་ནི་དངོས་སམ་རྒྱུད་ནས་སྡིག་པའི་གཡོ་བཀོལ་འབའ་ཞིག་ལས་མ་འདས་པ་ཡིན་པའི་ཚུལ། ཁྱིམ་པ་རང་བཞིན་པ་གཅིག་ལ་ལྟོས་ཀྱང་། ཤ་ཁྲག་ལ་ཚགས་ནས་སྲོག་གཅོད། ཚོང་དང་གཡོ་རྒྱུ་ལ་བརྟེན་ནས་མ་བྱིན་ལེན་པས་མཚོན་མི་དགེ་བཅུ་ལ་རྟག་ཏུ་སྤྱོད་པ་ཡིན་ན། དེའི་འབྲས་བུ་ངན་སོང་དུ་འགྲོ་བ་ལས་འོས་ཅི་ཡོད། དེ་བས་ན་ད་ལྟ་རང་དབང་ཡོད་དུས་སྡིག་པ་སྤོང་ཞིང་དགེ་བའི་ལས་བསྒྲུབ་པ་ལ་བརྩོན་དགོས་ཏེ། སློབ་དཔོན་ཆེན་པོས། འདི་ནི་འཇིག་རྟེན་སྐྱོ་བའི་ཡུལ་ཡིན་པས། །སྐྱེ་བོའི་བདེ་སྐྱིད་ཕུན་སུམ་ཚོགས་འདྲ་བ། དབྱར་གྱི་ཆུ་དང་རྨི་ལམ་ནོར་རྫས་ལྟར། །བདེན་པ་མེད་ཅིང་མྱུར་དུ་མི་རྟག་པས། །སྐྱོ་བའི་འདུ་ཤེས་རྟག་ཏུ་བསྐྱེད་འཚལ་ལོ། །འདི་ཉིད་ལས་ལོག་བག་ཆགས་ཆགས་པ་དང་། །སྐྱེས་བུའི་དཔལ་ལ་ངོ་མཚར་ཆེར་

(༥༡༥)བྱེད་པ། །དེ་ནི་བསོད་ནམས་དམན་པའི་རིགས་ཅན་ཏེ། །ཁྱེད་ཀྱི་སྙིང་ནི་ཤིང་སྡོང་ཁོང་རུལ་ལྟར། །ཕྱི་ནས་ཐར་བའི་ལོ་འབྲས་མི་འབྱུང་ངོ་། །ཀྱེ་མ་ཀྱི་ཧུད་ཚེ་འདིའི་དཔལ་འབྱོར་ལ། །རྟག་ཅིང་ཕུན་སུམ་ཚོགས་འདྲར་ཤེས་པའི་བློ། །བྱིས་པའི་ནང་ནས་ཐ་ཤ་ལ་སྐྱེས་བུ་སྟེ། །འཇིག་རྟེན་འདི་ན་དེ་བས་བླུན་པ་སུ། །སྔར་ཡང་མ་བྱུང་ཕྱིས་ཀྱང་མི་འབྱུང་ངོ་། །ཅེས་སོ། །དེ་བས་ན་འཆི་བ་ན་མ་ཡང་མ་ཤེས་ཤིང་། དེའི་ཚེ་ད་ལྟའི་ནོར་རྫས་དང་། དབང་ཐང་དང་། ཉེ་འབྲེལ་དང་། མཛའ་བཤེས་དང་འགྲོགས་དབང་ནི་མེད། །རང་གི་ལུས་འདི་ཡང་དུར་ཁྲོད་འཇིགས་པར་འདོར་ཞིང་འབྲལ་དགོས། ད་ལྟ་གཏན་དུ་སྡོད་དབང་ཡོད་པ་ལྟ་བུའི་སེམས་ཀྱིས་རང་ཕྱོགས་ལ་ཆགས། གཞན་ཕྱོགས་ལ་སྡང་། ལོངས་སྤྱོད་དང་ཁ་དྲག་ལ་སོགས་པ་སྒྲུབ་ཀྱང་། དེ་རིང་ཡོད་པ་སང་ཉིན་ནས་མེད་པའི་གནས་སྐབས་ཉམས་སུ་མྱོང་ནས་སྲིད་པ་བར་དོའི་འཕྲང་ལ་བཤར་དགོས། དེའི་ཚེ་དབང་ཡོད་དང་། ནོར་རྫས་དང་། གཉེན་བཤེས་ཀྱིས་ཕན་བ་ཏིལ་གྱི་འབྲུ་ཙམ་མེད་པས། སྐྱབས་དང་རོ་ལྟོས་སུ་གྱུར་པ་ནི་དམ་པའི་ཆོས་ལས་གཞན་སུ་ཡང་མེད་པའི་ཕྱིར། ད་ལྟ་ནས་བླ་མ་དཀོན་མཆོག་ལ་བློ་གཏད་དེ་བློ་

(༥༡༦)གདེང་ཐུབ་པའི་ཆོས་ལ་འབད་དགོས། དེ་ལྟར་འབད་པའང་མིའི་ལུས་རྟེན་ཡུན་དུ་འཚོ་བ་ལ་ལྟོས་དགོས་པས་རྡོ་རྗེ་ཐེག་པའི་ལམ་ནས་ཚེ་བསྒྲུབ་ཅིང་ཡུན་དུ་བསྲིང་པའི་ཐབས་ཇི་སྙེད་ཅིག་གསུངས་པ་རྣམས་ལས་འདི་ནི་ལུང་བསྟན་བཀའ་རྒྱ་མ་ལས། ལྷོ་ཕྱོགས་འོད་ཟེར་མིང་ཅན་སྤྲུལ་པའི་སྐུ༔ ཟབ་དོན་སྙིང་ཐིག་ཆོས་ཀྱིས་འགྲོ་བ་འདྲེན༔ འབྲེལ་ཚད་རིག་འཛིན་ཞིང་དུ་འཕེན་པ་འབྱུང་ ཞེས་རྡོ་རྗེའི་ལུང་གིས་དབང་པོར་བྱས་པ་བཞིན། མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་གསུང་གི་སྤྲུལ་པ་ཀུན་མཁྱེན་རྫོགས་ཆེན་པ་རང་བྱུང་རྡོ་རྗེའམ། རིག་འཛིན་འཇིགས་མེད་གླིང་པ་ཉིད་ལ་གཡོར་སྒྲགས་ཀྱི་གྲོང་མོ་ཆེ་དང་ཉེ་བ་འཚོ་རྒྱལ་བླ་མཚོ་ནས་དཔལ་ལེན་པ་མེད་པའི་མཁའ་འགྲོའི་བརྡ་རིས་བབས་པ་ལས་བྱུང་བའི་ཆོས་སྡེ་མཁའ་འགྲོའི་ནང་སྒྲུབ་བདེ་ཆེན་སྙིང་པོའི་གཏེར་བུམ་གྱི་ལས་ཚོགས་བཞི་པ། རྗེ་བཙུན་སྒྲོལ་མ་གཙུག་གཏོར་རྣམ་རྒྱལ་མ་ལ་བརྟེན་ནས་ཚེ་དབང་བསྐུར་བ་ཡིན་པས། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ་རྗེས། འདི་ལྟར་མིའི་ལུས་རྟེན་རྙེད་པའི་ཁྱད་པར་དཀོན་མཆོག་གི་མཚན་ཐོས་པ་ཙམ་ལའང་ཕན་ཡོན་

(༥༡༧)དཔག་ཏུ་མེད་ན། དེ་ལ་སྙིང་ཐག་པ་ནས་སྐྱབས་སུ་སོང་ན་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་པ་སྨོས་ཅི་དགོས་ཏེ། མདོ་སྡེ་ལས་བརྒྱ་པ་ལས། བྱ་ཞིག་ནམ་མཁའ་ལས་བབས་ནས་ངའི་མདུན་དུ་འདུག་པ་མཐོང་ངམ། གསོལ་བ། བཙུན་བ་བཅོམ་ལྡན་འདས་མཐོང་ལགས་སོ། །བཀའ་སྩལ་བ། དགེ་སློང་དག་བྱ་དེ་ང་ལ་སེམས་དགའ་བར་གྱུར་ནས་སོང་བ་ལས་ཁྲུས་བསད་དེ། དེང་ལ་སེམས་དགའ་བཞིན་དུ་སེམས་འཕོས་ནས་རྒྱལ་པོའི་ཁབ་འདི་ཉིད་དུ་ཚོང་དཔོན་གྱི་རིགས་སུ་སྐྱེས་ནས་ཆེར་སྐྱེས་པ་དང་། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་ངོ་། །དེ་ང་ལ་སེམས་དགའ་བཞིན་དུ་སེམས་འཕོས་ནས་རྒྱལ་པོའི་ཁ་བ་འདི་ཉིད་དུ་ཚོང་དཔོན་གྱི་རིགས་སུ་སྐྱེས་ནས་ཆེར་སྐྱེས་པ་དང་། ང་ཉིད་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་ངོ་། །དེ་རབ་ཏུ་འབྱུང་ནས་ན་ཚོད་ཀྱི་ལོ་བདུན་ལོན་པ་ཁོ་ནས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་དོ། །ཞེས་གསུངས་ན། དཀོན་མཆོག་ལ་བརྟེན་པའི་རྒྱུ་འབྲས་ནི་བསམ་གྱིས་མི་ཁྱབ་པས་སྐྱབས་སུ་སོང་བ་གཅིག་པོའི་ཕན་ཡོན་ཀྱང་གཟུགས་ཅན་དུ་སོང་ནམ་མཁའི་སྣོད་དུ་མི་ཆུད་པའི་ཚུལ། ཇི་སྐད་དུ། སྐྱབས་སོང་འདི་ལ་གཟུགས་མཆིས་ན། །ནམ་མཁའ་འདི་ཡང་སྣོད་དུ་ཆུང་། །རྒྱ་མཚོ་ཆེན་པོའི་ཆུ་ཡི་གཏེར། །ཕུལ་ལ་གཞལ་བས་ཟད་མི་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་

(༥༡༨)གནས་སྐབས་གྲི་མངོན་མཐོ་དང་རང་ཞི་བདེ་ཙམ་ལ་དམིགས་པ་ནི། སྐྱབས་འགྲོ་ཉི་ཚེ་བ་ཡིན་པས། སྐྱེས་བུ་ཆེན་པོའི་སེམས་ཀྱིས། །མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་སུམ་པར་དམིགས་ལ། དེ་དག་གི་ཡོན་ཏན་ལ་ཡིད་ཁྱེད་ཤེས་ཀྱི་དད་པ་དང་བཅས། །མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་ཆེད་དུ་དམིགས་ནས། སྐྱབས་སུ་འགྲོ་ཞིང་དེ་དང་རྗེས་སུ་འབྲེལ་བར་སེམས་ཅན་ཐམས་ཅད་ཕ་མར་ཤེས་པའི་བྱམས་པ་དང་། བྱས་པ་ཤེས་པའི་སྙིང་རྗེ་དང་། དྲིན་དུ་གཟོ་བའི་དག་བ་དང་། ཉེ་འཁོན་མེད་པའི་ཕན་སེམས་བཞིའི་ལྷག་བསམ་ལྡན་པས་སྨོན་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཆོས་དང་ཚོགས་ཀྱི། སོགས་ལན་གསུམ། དེ་ལྟར་སྐྱབས་སུ་སོང་ནས་བསླབ་བྱ་གསུམ་ལ་བསླབ་དགོས་ཏེ། དང་པོ་དགག་པའི་བསླབ་བྱ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་རང་ཉིད་འཁོར་བ་ན་འཁོར་བ་འཇིག་རྟེན་བའི་ལྷ་དང་དབང་པོ་ཆེ་ལ་སྐྱབས་སུ་མི་བཟུང་། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་འཚེ་བ་མི་བྱེད། དགེ་འདུན་ལ་སྐྱབས་སུ་སོང་ནས་མུ་སྟེགས་ཅན་ནམ་དེ་དང་ཕྱོགས་

(༥༡༩)མཐུན་པ་ལ་མི་འགྲོགས། གཉིས་བསྒྲུབ་པའི་བསླབ་བྱ་ནི། སྐུའི་རྟེན་ཆག་དུམ་ཡན་ཆད་དང་། གསུང་གི་རྟེན་གླེགས་བམ་གྱི་རས་མོ་དང་། དགེ་འདུན་གྱི་རྟེན་ལྷན་པ་སེར་པོ་ཡན་ཆད་ལ་བསྟི་སྟང་དུ་བྱ། གསུམ་པ་ཆ་མཐུན་གྱི་བསླབ་བྱ་ནི། སྐྱེས་བུ་དམ་པ་ལ་བརྟེན། དམ་པའི་ཆོས་ལ་ཐོས་བསམ་བྱ། དགེ་འདུན་དང་རྗེས་སུ་མཐུན་པར་སྤྱོད། རྣམ་པ་ཐམས་ཅད་དུ་དཀོན་མཆོག་ཡིད་ལ་བྱེད་པ་དང་མ་བྲལ་བས་སྐྱབས་འགྲོ་འདོན་པ་ལ་བརྩོན་པར་བྱ་ཞིང་། དེ་བཞིན་དུ་སྨོན་སེམས་ཀྱི་བསླབ་བྱ་སེམས་ཅན་ཐམས་ཅད་ནི་ཚེ་རབས་གཞན་དང་གཞན་དག་ཏུ་བདག་གི་ཕ་མར་གྱུར་བ་ཤ་སྟག་ཡིན་པ་ལ་དྲིན་ཤེས་པ་དང་། དྲིན་དྲན་པ་དང་། བྱས་པ་དྲིན་དུ་གཟོ་བའི་ལྷག་པའི་བསམ་པ་རྒྱ་ཆེན་པོས་བདག་ལས་གཞན་གཅེས་ཀྱི་ཕན་སེམས་དང་། བདག་གཞན་བརྗེ་བ་དང་། ཐ་ནའང་བདག་གཞན་མཉམ་པའི་སེམས་ཀྱིས་མཐུན་པར་བལྟས་ནས་ཕན་འདོགས་པ་འབའ་ཞིག་ལས་གནོད་སེམས་ཅུང་ཟད་ཀྱང་མི་བསྐྱེད་པ་ནི་རྒྱལ་བ་དགྱེས་པའི་བྱ་བ་སྒྲུབ་པ་ཡིན་པའི་ཚུལ། ཚིགས་སུ་བཅད་པ་བཅུག་ཅིག་པ་ལས། སེམས་ཅན་རྣམས་ལ་ཕན་མཆོག་དེ་ནི་ང་ལ་ཕན་མཆོག་ཡིན། །སེམས་ཅན་

(༥༢༠)རྣམས་ལ་གནོད་མཆོག་དེ་ནི་ང་ལ་གནོད་མཆོག་ཡིན། །ང་དང་སེམས་ཅན་རྣམས་ནི་བདེ་སྡུག་མཚུངས་པས་ན། །ང་ཡི་གཟུགས་ཀྱི་སྐུ་ནི་སེམས་ཅན་དོན་དུ་བསྒྲུབས་པ་ཡིན། །ཞེས་གསུངས་པས། འདུས་བྱས་ཀྱི་དགེ་བ་ལ་བྱང་ཆུབ་ཀྱི་སེམས་ལས་རྣམ་པར་སྨིན་པ་རྒྱ་ཆེ་བ་མེད་ཅིང་རྫོགས་པའི་སངས་རྒྱས་ཐོབ་པའི་རྒྱུ་མ་ནོར་བ་ཡིན་པས་རྟག་ཏུ་བསམ་པ་བཟང་པོ་ལ་གནས་འཚལ། དེ་ལྟ་བུས་ཀུན་སློང་བཅོས་ནས་བསོད་ནམས་ཀྱི་ཚོགས་ཆེན་པོ་འདུ་བའི་སྒོ་ནས་ཡན་ལག་བདུན་པས་རྒྱུད་སྦྱང་བའི་ཕྱིར་ནམ་མཁའ་གང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་སྤྱན་སྔར་དད་པའི་སེམས་ཀྱིས། ཕྱག་འཚལ་བ་དང་། མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བ་དང་། སྡིག་པའི་ལས་རྣམས་གནོང་འགྱོད་དྲག་པོས་བཤགས་པ་དང་། རང་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བསྐྱེད་པ་དང་། རྒྱལ་དང་དྲ་སྲས་སྤྲུལ་པའི་གཟུགས་བརྙན་དང་བཅས་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། དགེ་བ་རྫོགས་བྱང་དུ་བསྔོ་བ་སོ་སོའི་དོན་ལ་ངེས་ཤེས་ཁྱད་པར་ཅན་ཡིད་ལ་ཁྱེད་པས་འདིའི་རྗེས་ཟློས་མཛད་པར་འཚལ། ཕྱག་འཚལ་བ་དང་མཆོད་

(༥༢༡)ཅིང་བཤགས་སོགས་བརྗོད། དེ་ནས་དབང་གི་དོན་པོ་ཚེ་དང་ཡེ་ཤེས་དབབ་པའི་ཕྱིར་དམིགས་པ་འདི་བཞིན་དུ་མཛོད། ལས་བུམ་ཆུས་བསང་། སྭ་བྷཱ་ཝས་སྦྱངས་སྟོང་པའི་ངང་ལས་སློབ་མ་རྣམས་ཀུན་གཞིའི་རྣམ་པར་ཤེས་པ་ཨ་དཀར་པོར་གསལ་བ་ཡོངས་སུ་གྱུར་བ་ལས། དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་འཕགས་མ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་བདག་ཉིད་རྗེ་བཙུན་སྒྲོལ་མ་གཙུག་ཏོར་རྣམ་པར་རྒྱལ་མ་སྐུ་མདོག་གསེར་བཙོམ་ལྟ་བུ་ཞབས་ཕྱེད་སྐྱིལ་གྱིས་བཞུགས་པའི་ཕྱག་གཡས་མཆོག་སྦྱིན་དང་། གཡོན་དཀོན་མཆོག་གསུམ་མཚོན་གྱི་ཕྱག་རྒྱས་མེ་ཏོག་ཨུཏྤལ་འཛིན་པའི་སྟེང་ན་ཚེ་བུམ་བཅུད་ལྡན་གྱིས་བརྒྱན་པའི། སྤྱི་བོར་ཨོཾ། མགྲིན་པར་ཨཱ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་དང་དངོས་གྲུབ། སྣོད་བཅུད་བརྟན་གཡོ་ཀུན་གྱི་དངས་བཅུད་བཀྲག་མདངས་དང་བཅས་པ་བསྡུས་ནས་བསྒྲུབ་བྱ་རྣམས་ལ་ཐིམ་པས། འཆི་བ་མེད་པའི་ཚེ་དང་རྡོ་རྗེ་ལྟ་བུའི་རྫོགས་ཐོབ་པའི་མོས་པ་མཛོད། ཅེས་བརྗོད་ལ། ཚེ་འགུགས་ནི་མངའ་དར་གཡབ་ཅིང་། ཧཱུྃ་ཡེ་ཤེས་དབྱིངས་ནས་ཚེ་

(༥༢༢)འགུགས་མ བདེ་གཤེགས་སངས་རྒྱས་མཁའ་འགྲོ་མ དམར་མོ་ཚེ་ཡི་བུམ་པ་འཛིན ཆོས་ཀྱི་དབྱིངས་ནས་ཚེ་ཁུག་ཅིག༔ ཧཱུྃ་ནམ་མཁའི་དབྱིངས་ནས་ཚེ་འགུགས་མ སངས་རྒྱས་མཁའ་འགྲོ་གཤིན་རྗེ་མོ སྔོན་མོ་ཚེ་ཡི་བུམ་པ་འཛིན ནམ་མཁའི་ཁམས་ནས་ཚེ་ཁུག་ཅིག ཧཱུྃ་རླུང་གི་ཁམས་ནས་ཚེ་འགུགས་མ རྡོ་རྗེ་མཁའ་འགྲོ་སྐྱོད་བྱེད་མ མཐིང་ནག་ཚེ་ཡི་བུམ་པ་འཛིན རླུང་གི་ཁམས་ནས་ཚེ་ཁུག་ཅིག ཧཱུྃ་མེ་ཡི་ཁམས་ནས་ཚེ་འགུགས་མ༔ རིན་ཆེན་མཁའ་འགྲོ་སྲེག་བྱེད་མ སེར་མོ་ཚེ་ཡི་བུམ་པ་འཛིན མེ་ཡི་ཁམས་ནས་ཚེ་ཁུག་ཅིག ཧཱུྃ་ཆུ་ཡི་ཁམས་ནས་ཚེ་འགུགས་མ པདྨ་མཁའ་འགྲོ་རྨོངས་བྱེད་མ དམར་མོ་ཐེ་ཡི་བུམ་པ་འཛིན ཆུ་ཡི་ཁམས་ནས་ཚེ་ཁུག་ཅིག ཧཱུྃ་ས་ཡི་ཁམས་ནས་ཚེ་འགུགས་མ ལས་ཀྱི་མཁའ་འགྲོ་ཙག་ཏི་ཀ ལྗང་གུ་ཚེ་ཡི་བུམ་པ་འཛིན ས་ཡི་ཁམས་ནས་ཚེ་ཁུག་ཅིག ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨཱ་ཡུར་ད་ཏེ་བྷྲཱུྃ་སྭཱ་ཧཱ། དེ་ནས་དབང་བསྐུར་བའི་སྔོན་དུ་རྗེ་བཙུན་མ་ལ་ཕྱག་འཚལ་བ་འདིའི་རྗེས་ཟློས་མཛོད། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བ་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་

(༥༢༣)སྲས་ཀྱིས་ཤིན་ཏུ་བརྟེན་མ། །ཞེས་པའི་རྗེས་ཚེ་དབང་དངོས་དང་རྒྱས་གདབ་ནི་བདུད་རྩི་བུམ་བཅུད་བཞིན་ནོ། །ཞེས་དད་མེད་ཀྱི་མདུན་སར་རང་བསྟོད་ཀྱི་མཚམས་སྦྱོར་སྒྲོགས་བ་ནི་འཇིག་རྟེན་གྱི་གྲགས་ཚོད་དང་ཡང་འགལ་བར་ཤེས་ཀྱང་རྗེ་བཙུན་དཔལ་སྡིངས་པའི་ཐུགས་འདོད་ནན་ཆེས་བས་རེ་དོགས་མེད་པའི་དང་ནས་སྨྲས་པའོ། ༈ རྒྱུ་སྦྱོར་བ་ཕྱག་ཟུར་ཚེ་རིང་དོན་འགྲུབ་ནས་དངུལ་སྲང་གསུམ་ཞོ་གང་སྐར་ལྔ། རྣམ་རྒྱལ་བུ་འཁྲིད་ནས་དངུལ་སྲང་གསུམ་ཞོ་བཞི་པར་ཡོན་དངུལ་སྲང་གང་ཞོ་དོ། དགེ་རིན་ནས་དངུལ་ཞོ་དྲུག་སྐར་ལྔ་བཅས་ཀྱི། གྲུབ་པའི་ཁོག་ཕུག་ཟ་མ་ཏོག་ཤོག་གྲངས་བཅུ་གསུམ། ཡུམ་ཁའི་ཚེ་དབང་མཚམས་སྦྱོར་ཤོག་གྲངས་བརྒྱད་བཅས་བར་དུ་བསྐྲུན་པའི་དགེ་བས་རྣམ་མཁྱེན་བླ་ན་མེད་པའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །བཀྲ་ཤིས།

(༥༢༤)

(༥༢༥)ཡུམ་ཀ་མཁའ་འགྲོའི་ལས་ཚོགས་ལས། གཏེར་བུམ་སྒྲུབ་པའི་ལྷན་ཐབས་བཞུགས་སོ། །

(༥༢༦)རྗེ་བཙུན་སྒྲོལ་མ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །མཁའ་འགྲོའི་ལས་ཚོགས་བཅུ་གཅིག་པའི་སྒོ་ནས་གཏེར་བུམ་སྒྲུབ་པ་དང་། གཡང་འགུགས་ལྷན་ཐབས་ནི། རིན་པོ་ཆེའམ། རྫའི་བུམ་པ་བྲེ་གང་ཤོང་བ་ལས་མི་ཆུང་བར་ལི་ཁྲི་བྱུགས་པ་ལ། བཀྲ་ཤིས་རྟགས་བརྒྱད་གྱི་རི་མོ་བྲི། པྲ་རྩིས་མནན། ནང་གི་རྨིང་ཞབས་སུ་ཞིང་ས་བཟང་པོ་དགུ། རྐྱ་བོད་ཀྱི་གནས་ཆེན་དང་། རི་རྒྱུད་བཟང་པོ་བཀྲ་ཤིས་པ་ལ་སོགས་པའི་ས་རྡོ་ཆུ་ཤིང་། ཕྱུགས་འཕེན་གྱི་ལག་ནས་བྱུང་བའི་འབྲུ་སྣ་དང་གོས་དང་། ནོར་དབྱིག་གཙང་མ། རིན་པོ་ཆེ་སྣ་ལྔ། དར་སྣ། ནས་འབྲས། གྲོ་སྲན། ལ་སོགས་པའི་འབྲུ་སྣ་བཟང་པོ། ཛ་ཏི། ལི་ཤི། གུར་གུམ། ཙན་དན། དབང་ལས། འབྲས་བུ་གསུམ། གེ་སར་གསུམ། དུག་རིགས་

(༥༢༧)མེད་པའི་སྨན་སྣ། ཀླུ་སྨན་ཁྲོལ་བུ་ཚོགས་པ་དང་། ཁྱད་པར་སའི་སྙིང་པོ་གསེར། ཆུའི་སྙིང་པོ་སྡུག །མེའི་སྙིང་པོ་ཤེལ། རླུང་གི་སྙིང་པོ་ག་བུར་སོགས་དང་། དཀར་གསུམ་མངར་གསུམ་བཅུད་སྨན་ཉེར་ལྔ། གཞན་ཡང་ཤིང་ཏོག་སོགས་བཟའ་བཅའ་བཟང་པོས་བཀང་བའི་སྟེང་དུ་ཐུགས་རྗེ་ཆེན་པོའི་པྲ་ཁྲིད་ལས་བཤད་པའི་ནོར་རྒྱུན་མའི་ཙཀྲ་ཇི་བཞིན་ལ་རྟེན་སྙིང་ནང་དུ་མུ་ཁྱུད་མཐོལ་གཅིག་བསྐོར་བར་ལས་སྒྲུབ་གཟུངས་འདྲི། ཙན་དན་དང་དྲི་བཟང་གིས་བྱུགས་པའི་ལྟེ་བ་མ་ཆགས་པར་ལྟེ་བ། འབྱོར་ན་གནོད་སྦྱིན་མོ་དགུའི་འཁོར་ལོས་ཕྱི་ནས་དྲིལ་གཉིས་ཀ་ལ་དར་གྱི་ན་བཟའ་གསོལ། བུམ་པའི་མདུན་རྟགས་དང་འཁོར་ལོའི་ཞལ་ཕྱོགས་བསྒྲིགས། རྒྱ་ཤོག་ལ་གྲང་གསེར་གྱིས་ནམ་

(༥༢༨)མཁའ་མཛོད་ཀྱི་སྔགས་འདོད་གསོལ་དང་བཅས་བྲིས་པའི་ཤོག་དྲིལ་ཀྱང་བཙུད། ཁ་བ་ལ་ཚོན་སྣ་ལྔས་བཅད། ཤིང་ལ་སོགས་པའི་ཁ་གཅོད་ཀྱི་ནང་ལ་པདྨ་འདབ་བཞིའི། དབུས་སུ་མཱུཾ། ཤར་དུ་ལཱཾ། ལྷོར་མཱཾ། ནུབ་ཏུ་པཱཾ། བྱང་དུ་ཏཱཾ། ཞེས་དང་། ཕྱི་ལ་ནོར་བུའམ་གཡུ་དྲུང་བྲིས། སྲོག་ཆགས་དང་རླན་གཤེར་མི་འཇུག་པའི་བཅའ་ག་བྱ། རྟེན་འཛུགས་བྱེད་ན་ཤོད་ཁང་སོགས་མི་གཙང་དྲི་ངའི་གནས་མ་ཡིན་པར་རི་གླིང་རོལ་མཚོ་དང་བཅས་པའི་བཀོད་པ་བྲིས་པའམ་སྨན་སྣ་བསྲེས་པའི་བཀྲ་ཤིས་ཀྱི་ས་ལ་བྱ། དེའི་སྟེང་བུམ་པ་དར་གྱི་ན་བཟའ་དང་བཅས། རྩི་བཅུད་ལས་གྲུབ་པའི་ནོར་བུ་འབར་བས་ཁ་བརྒྱན་པ་བཞག །བང་རིམ་རྣམས་ལ་བཀྲ་ཤིས་རྫས་རྟགས། རྒྱལ་སྲིད་བདུན། རལ་གྲི། རྒྱ་མཚོའི་ཀླུའི་པགས་གམ་ལ་ཆ་མཐོ་དམ་ཅན། སྐྱེད་ཚལ། ཁང་བཟང་། གོས། ལྷམ་སྟེ་ཉེ་བའི་རིན་ཆེན་བདུན་དང་། འདོད་ཡོན་གྱི་ལྷ་མོ་བྲིས་འབུར་ཅི་རིགས་པ་གདུགས་དང་རྒྱལ་མཚན་བ་དན་དང་བཅས་པ་བཞག །འཇུག་པ་དེ་ཉིན་ཆོག་མ་ལྟ་བུར། ཕྱིང་དཀར་སྟེང་ཙན་

(༥༢༩)དན་གྱི་ཕྱེ་མས་སྦགས་པའི་འབྲུད་ཀར་གྱི་གཡུ་དྲུང་བྲིས་པའི་སྟེང་དུ་བཀོད་རྒྱབ་ཏུ་མདའ་དར། གཡས་སུ་ཕྱེ་མར་དཀར་མོ་ལག་གཡས། གཡོན་དུ་གཡང་ཆང་། མདུན་དུ་མཆོད་གཏོར་དང་ཉེར་སྤྱོད། ཅི་རིགས་པར་གཡང་འགུགས་ཀྱི་ཕོ་ཉ་ཚེ་རིང་མའི་རྟེན་གཏོར་དང་གཡང་གཏོར་ནོར་བུ་མིག་གསུམ་པ་མདའ་བྱ་རྒོད་མས་བརྒྱན་པ། མ་མགོན་ལྕམ་བྲལ་གྱིས་གཏོར་མ་ཀུན་གྱི་མཐའ་སྐོར་ཟས་ནོར་སྲིད་པའི་ཕུན་ཚོགས་འབྱོར་ཚད་བཤམས། དེ་ནས་མཁའ་འགྲོའི་ལས་གཞུང་གིས་བདག་མདུན་མཉམ་བསྒྲུབ་བྱ། བསྟོད་པའི་མཚམས་སུ། མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་ ནོར་སྟེར་དམར་སེར་ཁྲོ་གཉེར་ཅན༔ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི༔ དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས ཨུཏྤལ་ལ་གནས་གཏེར་བུམ་འཛིན འོད་ཟེར་འཕྲོས་པས་ཕྱོགས་སྐྱོང་སོགས༔ ས་གཞི་སྐྱོང་བའི་ཕོ་ཉ་བསྐུལ ལྷ་ཀླུ་མི་ཡི་དཔལ་འབྱོར་དང་ ལོངས་

(༥༣༠)སྤྱོད་ཆར་དུ་བབས་པ་ཡིས ཡུལ་ལྗོངས་དང་ནི་ཁྱིམ་གང་བསམ ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་པཱ་སུ་པུཥྚི་ཀུ་རུ་སྭཱ་ཧཱ། ཞེས་རྩ་སྔགས་དང་། ལས་སྒྲུབ་གཟུངས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲ་ཡ། ན་མོ་མ་ཎི་བྷ་དྲ་ཡ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡ། ཏདྱ་ཐཱ། ཨོཾ་ས་མ་ས་མ། སི་མི་སི་མི། སུ་མུ་སུ་མུ། ཙནྡྷ་ཙནྡྷ། ས་ར་ས་ར། ཙ་ར་ཙ་ར། ཀ་ར་ཀ་ར། ཀུ་རུ་ཀུ་རུ། མུ་རུ་མུ་རུ། སཏྲ་ཡ་ནི། ཨ་ད་མ་ཡ་ནི། དྷ་ར་རུ་སྭཱ་ཧཱ། ན་མོ་བཻ་ཤྲ་མ་ཎ་ཡེ། ཧ་ན་ཧ་ན། སྡུད་དུ་སྡུད་དུ། མ་མ་ཀུན་ན་ཀུན་ན་ན་ཡེ་སྭཱ་ཧཱ། ཞེས་ཅི་ལྕོགས་བཟླ། རྒྱལ་ཆེན་སྡེ་བཞི་ལ་སོགས་དཔལ་མགོན་བདུན་ཅུ། ས་གཞི་སྐྱོང་བའི་ཆོ་གས་ལས་ལ་བཀོལ་བས་སྲིད་པའི་ལོངས་སྤྱོད་ཆར་དུ་བབས་པས་ཡུལ་ལྗོངས་དང་ཁྱིམ་ཐམས་ཅད་གང་བར་བསམ། ཐུན་མཐར་མཆོད་ཅིང་། ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། ཐམས་ཅད་འགུགས་པར་ནུས་པ་ཉིད་མ། ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུྃ་གིས། ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། ཞེས་བརྒྱ་ཚར་བརྗོད། སྐབས་འདིར་མ་མགོན་དང་ཚེ་རིང་མའི་གསོལ་ཁ་

(༥༣༡)བྱ། བསོད་ནམས་འཕེལ་བ་ལས་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བ་ཡིན་པས་ཚོགས་སྐོང་ཀྱང་ཅི་ནུས་བགྱིད། དེ་ནས་གཡང་འགུགས་ནི། མདའ་དར་གཡོབ་ཅིང་། ༈ ཧཱུྃ ཤར་གྱི་ཕྱོགས་ནས་གཡང་འགུགས་མ། རྡོ་རྗེ་ཡུམ་ཆེན་སངས་རྒྱས་སྤྱན། ཕྱག་ན་མདའ་དར་བུམ་པ་འཛིན། འབྱུང་བ་ས་ཡི་བཀྲག་མདངས་བཅུད། ཕྱྭ་དང་གཡང་དུ་འདིར་ཁུག་ཅིག །ལྷོ་ཡི་ཕྱོགས་ནས་གཡང་འགུགས་མ། རིན་ཆེན་ཡུམ་ནི་མཱ་མ་ཀཱི། ཕྱག་ན་མདའ་དར་བུམ་པ་འཛིན། འབྱུང་བ་ཆུ་ཡི་བཀྲག་མདངས་བཅུད། ཕྱྭ་དང་གཡང་དུ་འདིར་ཁུ་གཅིག །ནུབ་ཀྱི་ཕྱོགས་ནས་གཡང་འགུགས་མ། པདྨ་ཡུམ་ཆེན་ན་བཟའ་དཀར། ཕྱག་ན་མདའ་དར་བུམ་པ་འཛིན། འབྱུང་བ་མེ་ཡི་བཀྲག་མདངས་བཅུད། ཕྱྭ་དང་གཡང་དུ་འདིར་ཁུག་ཅིག །བྱང་གི་ཕྱོགས་ནས་གཡང་འགུགས་མ། ལས་རབ་ཡུམ་ཆེན་དམ་ཚིག་སྒྲོལ། ཕྱག་ན་མདའ་དར་བུམ་པ་འཛིན། འབྱུང་བ་རླུང་གི་བཀྲག་མདངས་བཅུད། ཕྱྭ་དང་གཡང་དུ་འདིར་ཁུག་ཅིག །

(༥༣༢)དབུས་ཀྱི་ཕྱོགས་ནས་གཡང་འགུགས་མ། དབྱིངས་ཀྱི་དབང་ཕྱུག་ཀུན་ཏུ་བཟང་། ཕྱག་ན་མདའ་དར་བུམ་པ་འཛིན། འབྱུང་བ་ནམ་མཁའི་བཀྲག་མདངས་བཅུད། ཕྱ་དང་གཡང་དུ་འཛིར་ཁུག་ཅིག །བཙུན་མོ་དཔལ་ལྡན་ནོར་གྱི་རྒྱུན། སྐུ་མདོག་བཙོ་མ་གསེར་གྱི་མདོག །ཞལ་གཅིག་ཕྱག་གཉིས་ཕྱེད་སྐྱིལ་བཞུགས། ཤིང་ཏོག་བི་ཛ་པུ་ར་དང་། རིན་ཆེན་འབྲས་ཀྱི་སྙེམ་འཛིན། ཤིན་ཏུ་མཛེས་ལྡན་དབུ་སྐྲ་གྲོལ། མུ་ཏིག་ནོར་བུའི་དོ་ཤལ་དང་། ཨུཏྤལ་མེ་ཏོག་ཕྲེང་བས་བརྒྱན། འབྲས་ལྡན་བྱང་ཆུབ་ཤིང་ལ་བརྟེན། རིན་ཆེན་འབྲུ་ཡི་བང་མཛོད་དང་། རྟ་དང་བ་གླང་གཡག་ལུག་ཕྱུགས། ཚེ་དང་བསོད་ནམས་དབང་ཐང་གཏེར། ལོངས་སྤྱོད་ནོར་གྱི་དངོས་གྲུབ་ཀུན། ཆར་ལྟར་འབབ་པའི་གཡང་ཁུག་ཅིག །ཟླ་བའི་འོད་ཟེར་དབྱངས་ཅན་མ། འཕགས་མ་དང་ནི་སྔས་མ་དང་། ནོར་སྦྱིན་མ་དང་རབ་སྦྱིན་མ། ལྷ་མོ་མཛེས་མ་རབ་བཟང་དང་། དབུལ་བ་སེལ་བ་ཁྱེད་རྣམས་ཀྱིས། རིན་ཆེན་འབྲུ་ཡི་བང་མཛོད་དང་། རྟ་དང་བ་གླང་གཡག་ལུག་ཕྱུགས། ཚེ་དང་བསོད་ནམས་དབང་ཐང་གཏེར། ལོངས་

(༥༣༣)སྤྱོད་ནོར་གྱི་དངོས་གྲུབ་ཀུན། ཆར་ལྟར་འབབ་པའི་གཡང་ཁུག་ཅིག །ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང་། མཁས་ཤིང་བུ་མང་དཔལ་དང་ལྡན། དྲི་ཟ་ཀུན་གྱི་བདག་པོ་ཡིན། སྨིན་དྲུག་ལ་སོགས་ཤར་སྐར་བདུན། རྒྱལ་དང་རྣམ་པར་རྒྱལ་མ་དང་། དོན་གྲུབ་མ་དང་མི་ཕམ་མ། དགའ་མཆོག་མ་དང་དགའ་བདེ་དང་། དགའ་ཅན་མ་དང་དགའ་འཕེལ་མ། ལྷ་མོ་གཞོན་ནུ་བརྒྱད་རྣམས་ཀྱིས། རིན་ཆེན་འབྲུ་ཡི་བང་མཛོད་དང་། རྟ་དང་བ་གླང་གཡག་ལུག་ཕྱུགས། ཚེ་དང་བསོད་ནམས་དབང་ཐང་གཏེར། ལོངས་སྤྱོད་ནོར་གྱི་དངོས་གྲུབ་ཀུན། ཆར་ལྟར་འབབ་པའི་གཡང་ཁུག་ཅིག །ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ། མཁས་ཤིང་བུ་མང་དཔལ་དང་ལྡན། གྲུལ་བུམ་ཀུན་གྱི་བདག་པོ་ཡིན། མཆུ་དང་གྲེ་སོགས་ལྷོ་སྐར་བདུན། དཔལ་ལྡན་མ་དང་གྲགས་ལྡན་མ། གྲགས་པ་ཐོབ་དང་གྲགས་འཛིན་མ། ལེགས་པར་ལངས་དང་རབ་སྔ་དང་། ལེགས་པར་སད་དང་བདེ་སྒྲུབ་མ། ལྷ་མོ་གཞོན་ནུ་བརྒྱད་རྣམས་ཀྱིས། རིན་ཆེན་འབྲུ་ཡི་བང་མཛོད་

(༥༣༤)དང་། རྟ་དང་བ་གླང་གཡག་ལུག་ཕྱུགས། ཚེ་དང་བསོད་ནམས་དབང་ཐང་གཏེར། ལོངས་སྤྱོད་ནོར་གྱི་དངོས་གྲུབ་ཀུན། ཆར་ལྟར་འབབ་པའི་གཡང་ཁུ་གཅིག་ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང་། མཁས་ཤིང་བུ་མང་དཔལ་དང་ལྡན། ཀླུ་རྣམས་ཀུན་གྱི་བདག་པོ་ཡིན། ལྷ་མཚམས་ལ་སོགས་ནུབ་སྐར་བདུན། རྣ་ཆ་སྲ་མཁྲེགས་མ་དང་ནི། པདྨ་དཀར་དང་སྐྱེ་རེངས་དང་། ཆ་མེད་གཅིག་དང་དགུ་པ་དང་། རོལ་དང་གནག་དང་སྟོབས་མྱུར་སྲིད། ལྷ་མོ་གཞོན་ནུ་བརྒྱད་རྣམས་ཀྱིས། རིན་ཆེན་འབྲུ་ཡི་བང་མཛོད་དང་། རྟ་དང་བ་གླང་གཡག་ལུག་ཕྱུགས། ཚེ་དང་བསོད་ནམས་དབང་ཐང་གཏེར། ལོངས་སྤྱོད་ནོར་གྱི་དངོས་གྲུབ་ཀུན། ཆར་ལྟར་འབབ་པའི་གཡང་ཁུག་ཅིག །བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས། མཁས་ཤིང་བུ་མང་དཔལ་དང་ལྡན། གནོད་སྦྱིན་ཀུན་གྱི་བདག་པོ་ཡིན། མོན་གྲུ་ལ་སོགས་བྱང་སྐར་བདུན། རབ་ཆགས་ལྷ་མོ་སྟོང་ལྷ་མོ། ས་དང་དེ་བཞིན་པདྨ་ཅན། རྒྱལ་པོ་ཆེ་ལ་ཉེ་གནས་དང་། རེ་དང་ཁྲེལ་ཡོད་དཔལ་ལྡན་མ། ལྷ་མོ་གཞོན་ནུ་བརྒྱད་རྣམས་ཀྱིས། རིན་ཆེན་འབྲུ་ཡི་

(༥༣༥)བང་མཛོད་དང་། རྟ་དང་བ་གླང་གཡག་ལུག་ཕྱུགས། ཚེ་དང་བསོད་ནམས་དབང་ཐང་གཏེར། ལོངས་སྤྱོད་ནོར་གྱི་དངོས་གྲུབ་ཀུན། ཆར་ལྟར་འབབ་པའི་གཡང་ཁུ་གཅིག །རི་རྒྱལ་ལྷུན་པོའི་སྟེང་ཕྱོགས་ན། དབང་པོ་ལ་སོགས་ལྷ་ཆེན་བརྒྱད། རོལ་མཚོ་ལ་གནས་ཀླུ་ཆེན་སྡེ། གོ་ལའི་ཁྱིམ་གྱི་དྲང་སྲོང་ཚོགས། ཕྱོགས་སྐྱོང་བཅུ་དང་འཇིགས་བྱེད་སོགས། དཔལ་མགོན་བདུན་ཅུའི་ཚོགས་རྣམས་ཀྱིས། རིན་ཆེན་འབུ་ཡི་བང་མཛོད་དང་། རྟ་དང་བ་གླང་གཡག་ལུག་ཕྱུགས། ཚེ་དང་བསོད་ནམས་དབང་ཐང་གཏེར། ལོངས་སྤྱོད་ནོར་གྱི་དངོས་གྲུབ་ཀུན། ཆར་ལྟར་འབབ་པའི་གཡང་ཁུག་ཅིག །གླིང་ཆེན་བཞི་དང་གླིང་ཕྲན་བརྒྱད། རི་རབ་ཟོམ་དང་གསེར་རི་བདུན། རོལ་མཚོ་ལྷ་གནས་རྒྱ་མཚོའི་རུམ། ས་ཆུ་མེ་རླུང་ནམ་མཁའི་ལྷ། རི་དང་ནགས་ཚལ་སྐྱེད་མོས་ཚལ། གཙུག་ལག་ཁང་དང་རྒྱལ་པོའི་ཁབ། གྲོང་དང་གྲོང་ཁྱེར་ལ་གནས་པའི། ལྷ་ཡི་ཕྱྭ་དང་སྣོད་ཀྱི་གཡང་། རིན་ཆེན་འབྲུ་ཡི་བང་མཛོད་དང་། རྟ་དང་བ་གླང་

(༥༣༦)གཡག་ལུག་ཕྱུགས། ཚེ་དང་བསོད་ནམས་དབང་ཐང་གཏེར། ལོངས་སྤྱོད་ནོར་གྱི་དངོས་གྲུབ་ཀུན། ཆར་ལྟར་འབབ་པའི་གཡང་ཁུག་ཅིག །མཁར་གྱི་རྩེ་དང་སྒྱེད་པོའི་ལྷ། ཐབ་ལྷ་ཡུ་མོ་འབར་བ་དང་། མུ་དང་སྣང་དང་མཁར་གོང་ལ། གནས་པའི་ཞིང་ལྷ་ཚས་པ་དང་། ཁྱིམ་ལྷ་གེལ་ཐུང་ནང་ལྷ་དང་། སྒོ་ལྷ་རྟ་གཡག་ཕྱུགས་ཀྱི་ལྷ། རྨ་གཡང་ཚོང་ལྷ་དོན་གྲུབ་དང་། རྟ་ལྷ་དམག་དཔོན་ནོར་ལྷ་མཆོག །ཁ་རྗེ་དབང་ཐང་སྙན་གྲགས་ལྷ། སྤུ་གུ་མི་ལ་འགོ་བ་ཡི། སྲོག་ལྷ་མོ་ལྷ་དགྲ་ལྷ་དང་། ཕོ་ལྷ་ཡུལ་ལྷ་མོ་ཟླ་ཞག །སྤར་སྨེ་ཚེས་གྲངས་དུས་ཚོད་ལྷའི། སྣོད་ཀྱི་ཕྱྭ་དང་བཅུད་ཀྱི་གཡང་། རིན་ཆེན་འབྲུ་ཡི་བང་མཛོད་དང་། རྟ་དང་བ་གླང་གཡག་ལུག་ཕྱུགས། ཚེ་དང་བསོད་ནམས་དབང་ཐང་གཏེར། ལོངས་སྤྱོད་ནོར་གྱི་དངོས་གྲུབ་ཀུན། ཆར་ལྟར་འབབ་པའི་གཡང་ཁུག་ཅིག །ཁྱད་པར་གཡང་ཅན་ནོར་གྱི་ལྷ། ཇོ་མོ་བཀྲ་ཤིས་ཚེ་རིང་མ། མཁའ་འགྲོའི་རྒྱལ་མོ་སྤུན་ལྔ་ཡི། འཆི་མེད་ཚེ་དང་རིགས་བརྒྱུད་བུ། རྨ་གཡང་ནོར་དང་རྐང་བཞི་ཕྱུགས། མངོན་ཤེས་གཏེར་དང་ཟས་གོས་

(༥༣༧)ནོར། ལོ་ཏོག་བཅུད་དང་བཟའ་ཤིང་དཔལ། ཆར་ཆུ་རྒྱས་ཤིང་ལོ་འབྲས་འཕེལ། ཕན་ཚུན་མཛའ་དང་ནད་ཡམས་མེད། བཀྲ་ཤིས་ཕུན་སུམ་ཚོགས་པའི་གཡང་། འབད་པ་མེད་པ་དེང་འདིར་ཁུག །མདོར་ན་ལྷ་དང་མིའི་དྲང་སྲོང་། ཚོགས་ཀྱི་བདག་པོ་གནོད་སྦྱིན་སྟེ། ནམ་མཁའ་ལྡིང་དབང་མིའམ་ཅི། ལྟོ་འཕྱེ་ཆེ་དང་འཕྲོག་མའི་བུ། སྣ་ཚོགས་གཟུགས་སྤྲུལ་རྫུ་འཕྲུལ་ཅན། སྲིད་པ་ཆགས་པའི་སྣོད་དང་བཅུད། མ་ལུས་ལུས་པ་མེད་པ་ཡི། ཕྱྭ་གཡང་མ་འཁྱོམ་ཁྱི་ལི་ལི། ཕྱྭ་གཡང་མ་ཡར་ནུ་རུ་རུ། ཕྱྭ་གཡང་མ་གོད་ཏ་ལ་ལ། རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། བླ་དང་ཚེ་དང་བསོད་ནམས་དང་། དབང་ཐང་རྟེན་དུ་གནས་འདིར་བཞུགས། དགའ་འཕྱིལ་བཞིན་དུ་ཀྱི་ལི་ལི། གཡུ་དྲུང་བཞིན་དུ་འདུ་རུ་རུ། རྒྱ་མཚོ་བཞིན་དུ་མེ་རེ་རེ། གནས་འདིར་བརྟན་པའི་བཀྲ་ཤིས་སྩོལ། ཞེས་གཡང་འགུགས་པ་དང་ལས་སྒྲུབ་གཟུངས་སྔགས་བཟླ་བ་སྤེལ་མར་ཅི་ནུས་བྱ། རྗེས་ཀྱི་བྱ་མ་ལ་གཡང་གཏའ་སྡོམ་པ་སོགས་ས་བོན་ལུགས་དང་འབྲེལ་བས་འདིར་ཤིས་པ་བརྗོད་པ་ཉིད་སྐབས་

(༥༣༨)སུ་བབ་སྟེ། ཡོན་བདག་གོས་རྒྱན་གསར་པས་ཀླུབས། སྟན་བཟང་པོ་ལ་འདུག །ཕྱེ་མར་ལ་སོགས་བཟའ་བཏུང་གིས་ཞལ་བསྲོ། །དེ་ནས་མེ་ཏོག་འཐོར་བཞིན་པས་གྲུབ་ན་མདོ་སྡེ་བཀྲ་ཤིས་བརྩེགས་པ་སྒྲོག །འཇུག་པ་དེར། མ་ཆགས་ཐོགས་མེད་འཁོར་ལོ་རིན་པོ་ཆེ། །འཁོར་ལོ་རིན་ཆེན་བཀྲ་ཤིས་གང་ཡིན་པ། བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཐེག་ཆེན་སྟོབས་ལྡན་གླང་པོ་རིན་པོ་ཆེ། །གླང་པོ་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅང་ཤེས་ཤུགས་ལྡན་རྟ་མཆོག་རིན་པོ་ཆེ། །རྟ་མཆོག་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཀུན་ལ་དབང་བསྒྱུར་བློན་པོ་རིན་པོ་ཆེ། །བློན་པོ་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལོག་རྟོག་དཔུང་འཇོམས་དམག་དཔོན་རིན་པོ་ཆེ། །དམག་དཔོན་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཐམས་ཅད་ཀུན་སྐྱེད་བཙུན་མོ་རིན་པོ་ཆེ། །བཙུན་མོ་རིན་ཆེན་བཀྲ་ཤིས་

(༥༣༩)གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེ་མ་ཐག་ཏུ་བདག་ཅག་བདེ་ལེགས་ཤོག །བསམ་འཕེལ་དོན་གྲུབ་ནོར་བུ་རིན་པོ་ཆེ། །ནོར་བུ་རིན་ཆེན་བཀྲ་ཤིས་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བདག་དང་སྐལ་ལྡན་རིགས་ཀྱི་བུ། །དེང་གི་རྒྱུ་སྦྱོར་ཡོན་གྱི་བདག །སངས་རྒྱས་རྣམས་ཀྱིས་བྱིན་བརླབས་ནས། །བཀྲ་ཤིས་དམ་པའི་མདོ་སྡེ་འདི། །ང་ཡིས་བརྗོད་པའི་བསོད་ནམས་ཀྱིས། །ནམ་མཁའ་ལྟ་བུར་ཀུན་ཁྱབ་ཅིང་། །ཉི་ཟླ་ལྟ་བུར་ཀུན་གསལ་ཏེ། །སྐར་ཚོགས་ལྟ་བུར་གྲངས་མང་ཞིང་། །སྤྲིན་ཚོགས་ལྟ་བུར་ལྷུན་སྡུག་སྟེ། །འཇའ་ཚོན་ལྟ་བུར་མཛེས་སྡུག་ཅིང་། །རི་རབ་ལྟ་བུར་བརྟན་བརྗིད་ཆེ། །ས་གཞི་ལྟ་བུར་ཀུན་སྐྱེད་ཅིང་། །རྒྱ་མཚོ་ལྟ་བུར་གཏིང་ཟབ་ལ། །ལྗོན་ཤིང་ལྟ་བུར་འདབ་རྒྱས་ཏེ། །ཡིད་བཞིན་ནོར་བུ་རིན་ཆེན་ལྟར། །དགོས་འདོད་བཀྲ་ཤིས་ཆར་ལྟར་འབབ་གྱུར་ཅིག །ཨོཾ་ཨཱ༔ཧཱུྃ་རཏྣ་བྲུཾ་ནི་ཨ། བཀྲ་ཤིས་བར་གྱུར་ཅིག །ཅེས་པའང་གཙང་

(༥༤༠)དཔལ་སྡིངས་རྗེ་བཙུན་མས་རིང་མོ་ཉིད་ནས་བསྐུལ་ཞིང་། མདོ་ཁམས་བ་ཚོགས་གཉིས་ཅན་གྱིས་བསྟུད་ནས་བསྐུལ་བའི་ངོར་གཡོ་རུ་རྫོགས་ཆེན་བ་རང་བྱུང་རྡོ་རྗེས་ལྷན་ཐབས་སུ་བཀོད་པའོ། །༈ མཁའ་འགྲོའི་གཡང་འགུགས་བསེ་རག་རྫོང་ཐབས་བཞུགས་སོ། །ནོར་སྒྲུབ་སྒབ་འདྲེ་མ་ནོན་ན ཞབས་རྡོལ་སྣོད་དུ་བཅུད་བླུགས་འདྲ དེའི་ཕྱིར་ཐེའུ་བྲང་སྲིས་རྐུན་གཟུགས གཅེར་བུ་ཐལ་མོ་བཟེད་པའི་མདུན འབྲུ་སྣ་ཟས་སྣ་ཆངས་བུ་དང་༔ སྦང་མ་ལ་ཕུག་ཐལ་ཟན་དང་ ཆང་ཆུ་གོས་དུམ་སྔོ་ངད་སོགས ངན་ངོན་ཟས་དང་ཏིང་ལོ་བསགས ཨ་ཀཱ་རོས་བརླབས་འདི་ལྟར་གྱེར ཀྱཻ སྲིད་གསུམ་འདི་ན་སུ་ཡང་རུང་། མ་རིག་འཛིན་པའི་ཉེར་ལེན་ལས དུག་ལྔའི་རང་གཟུགས་ཅན་དུ་འཁོར བརྐུ་དང་སེར་སྣའི་རྒྱུ་མཐུན་ལས༔ ཐེའུ་བྲང་ཡི་དྭགས་བསེ་རགས་ནི༔ ནོར་ལ་གང་སྟོངས་བདག་པོ་སྟེ ཁྱོད་ལ་དེ་རིང་བརྔན་བྱིན་གྱིས༔ མི་ཡི་དཔལ་དང་ཕྱུགས་ཀྱི་གཡང་༔ ནོར་གྱི་ཕྱྭ་དང་འབྲུ་ཡི་བཅུད བཟའ་བཏུང་སྲིས་ལ་མ་བརྐུ་བར༔ རི་རབ་ཆེན་པོའི་བྱང་གི་ཕྱོགས སྒྲ་མི་སྙན་པའི་

(༥༤༡)གྲོང་ཁྱེར་ན ཟས་ནོར་ལོངས་སྤྱོད་བསམ་མི་ཁྱབ ཕོངས་དང་མུ་གེའི་སྡུག་བསྔལ་མེད དེ་རུ་ཁྱོད་ལ་ལམ་བསྟན་གྱིས ཏིང་ལོས་ལམ་སྒྲོན་གྱིས་ལ་སོང་ ཆངས་བུས་ལམ་རྒྱགས་གྱིས་ལ་སོང་ འདི་རུ་སྡོང་བའི་གནས་མེད་ཀྱིས ཡི་དམ་ལྷ་ཡིས་མཐུ་བྱིན་དང་ ཁྲོ་བོ་ཁོ་མོའི་ཚྭ་ཚྭ་ཡིས ཁྱོད་ཀྱི་མིང་གཟུགས་བརླག་འགྱུར་ན ད་ལྟ་ཉིད་དུ་ཕྱིར་དེངས་ཤིག གཙྪ ཞེས་རོལ་མོ་དང་ཐུན་གྱིས་བསྐྲད། སྲུང་འཁོར་བསྒོམ། འདི་ནི་ཤིན་ཏུ་གལ་ཆེ་བ་འདུག་གོ། །འདི་གཡང་འགུགས་བཟླས་པ་ཚར་རྗེས། མ་མགོན་དང་ཚེ་རིང་མའི་བསྐང་གསོའི་མཇུག །གཡང་འགུགས་དངོས་གཞིའི་མགོར་གཏང་ངོ་། །དགེ་ལེགས་འཕེལ་བར་གྱུར་ཅིག །རྒྱ་སྦྱོར་བདེ་དམ་ཟུར་ཕྱག་རང་གྱི་བར་ཏུ་བསྐྲུན་པའི་དགེ་བས་འགྲོ་ཀུན་མཐར་པ་ཆེན་པོའི་གྲོང་ཁྱེར་

(༥༤༢)

(༥༤༣)བདེ་བ་ཅན་དུ་འགྲོད་པའི་ཆོག་དཔག་མེད་མྱུར་ལམ་ཞེས་བྱ་བ་དང་། བདེ་བ་ཅན་གྱི་ཞིང་བཀོད་སྨོན་ལམ་བཞུགས།

(༥༤༤)བདེ་བ་ཅན་དུ་བགྲོད་པའི་ཆོ་ག་དཔག་མེད་མྱུར་ལམ་ཞས་བྱ་བ། སངས་རྒྱས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །འདི་ལ་སྦྱོར་བ་དངོས་གཞི་རྗེས་གསུམ་ལས་དང་པོ་སྦྱོར་བ་ལའང་དྲུག་གི །དང་པོ་ཤོམ་ནི་གང་དུ་བྱ་བའི་གནས་ཁང་བྱི་དོར་བྱས་ཤིང་རྒྱན་བཀད་དང་། སྐུ་གསུང་ཐུགས་རྟེན་དགྲམ། མཆོད་པ་སྣ་ལྔ་བརྒྱ་རྩ་འབྱོར་ན་རབ། མ་མཐའ་ཡང་བཅུ་ཕྲག་རེ་ལས་མི་ཉུང་བ་བཤམ། གཞན་དོན་སྦྱོང་བ་དང་འབྲེལ་ན་བུམ་སྟེགས་པདྨ་

(༥༤༥)འདབ་བརྒྱད་ལ་ཁྲུས་བུམ་ལ་སོགས་འོག་ཏུ་དགོས་པ་རྣམས་ཀྱང་བཤམས། གཉིས་པ་ནི། གྲུབ་ན་དཀར་ཆ་བཞི་དང་། མ་ནུས་ན་གཞི་བགེགས་སོ་སོར་གཏོར་མ་བཤམ་ལ། བགེགས་ལ་ཨ་ཀཱ་རོ་དང་། གཞི་བདག་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། དཔལ་དང་གྲགས་དང་སྐལ་བ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་

(༥༤༦)ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་བསྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཕུན་སུམ་ཚོགས་པའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཅེས་པས་བསྔོ། །གསུམ་པ་སྐྱབས་སུ་འགྲོ་བ་དང་སྨོན་སེམས་བསྐྱེད་པ་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །སོགས་ལན་གསུམ། བཞི་པ་འཇུག་པའི་

(༥༤༧)དོན་དུ་ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །ལན་གསུམ། ལྔ་པ་བྱང་སྡོམ་བླང་བ་དངོས་ནི། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལ། །རིམ་པ་བཞིན་དུ་སློབ་པར་

(༥༤༨)བགྱི། །ལན་གསུམ། དེང་དུ་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །བདག་གིས་དེ་རིང་སྐྱོབས་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་བགྱི། །ལན་གསུམ། དྲུག་པ་ས་གཞི་བྱིན་བརླབ་ནི། ཐམས་ཅད་དུ་ཡང་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻ་ཌཱུརྱའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །ཅེས་བརྗོད་ཅིང་བསམ་མོ། །གཉིས་པ་དངོས་གཞི་ལ། །བདག་མདུན་གཉིས་ལས། །དང་པོ་བདག་བསྐྱེད་ནི། པདྨ་དྲ་བའི་རྒྱུད་ཀྱི་དགོངས་པ། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཧྲཱི མཁའ་ཁྱབ་གཞལ་ཡས་ཞིང་གི་བཀོད་པ་ནི། །ཞིང་ཁམས་ཆེན་པོ་གསེར་གྱི་ས་གཞིའི་དབུས། །འབྱུང་བ་ཡོངས་རྫོགས་དངས་མའི་རིན་ཆེན་མཚོ། །ཡོངས་སུ་རྒྱས་པའི་དབུས་

(༥༤༩)སུ་སྐྱེས་པ་ཡི། །པདྨའི་སྡོང་པོ་ཁྲི་འཕང་གསུམ་དང་ལྡན། །ཡལ་ག་མེ་ཏོག་འབྲས་བུའི་ཕུར་གྱི་ལྡིང་། །ཆུ་བྱ་སྣ་ཚོགས་ཐེག་གསུམ་ཆོས་སྒྲ་སྒྲོག །ཕན་ཚུན་ཆོས་ཀྱི་རོས་ཚིམས་གར་སྟབས་བསྒྱུར། །ཡལ་འདབ་རེ་རེའང་མཆོད་པའི་ལྷ་མོས་བརྒྱན། །སྙན་པའི་གླུ་དབྱངས་མཛེས་པའི་གར་གྱིས་མཆོད། །རིགས་འཛིན་དུ་མ་གསེར་གཡུ་བྱུ་རུ་ཡི། །མདོག་མཚུངས་བུང་བའི་ཚུལ་བཟུང་ཐེག་ཆེན་ཆོས། །བརྡ་དང་སྟོབས་ཀྱི་སྐལ་ལྡན་རྣམས་ལ་སྒྲོགས། །རིན་ཆེན་ནེའུ་སེང་བྲག་རིའི་ཚལ་གྱིས་བསྐོར། །དེ་དག་རྣམས་ལ་དྲང་སྲོང་རིག་འཛིན་གནས། །མ་ཡེངས་བསམ་གཏན་ཏིང་འཛིན་རོས་གང་བའི། །ཡེ་ཤེས་རྒྱ་མཚོ་ལྷུན་གྱིས་གྲུབ་པར་བཞུགས། །ཕྱོགས་མཚམས་མ་ལུས་ཡེ་ཤེས་འོད་ཀྱི་གུར། །རབ་མཛེས་མདངས་བཀྲ་རིམ་གསུམ་རྣམ་པར་གསལ། །སྟེང་ཕྱོགས་ནམ་མཁའི་འོད་ཀྱི་སྤྲིན་ཕུང་ན། །རིག་འཛིན་ལྷ་དང་མཁའ་འགྲོ་དཔག་མེད་ཀྱིས། །བདུད་རྩིའི་

(༥༥༠)ཁྲུས་གསོལ་མེ་ཏོག་མནྡྷ་ར། ཁ་དོག་སྣ་ཚོགས་ཆར་འབེབས་རོལ་མོ་སྒྲོག །རི་བོ་ཆེན་པོ་པོ་ཏ་ལ་འདྲ་ཡི། །ཇི་ལྟར་རབ་འབྱམས་དག་པའི་ཞིང་གི་དབུས། །འོད་སྣང་དཀྱིལ་འཁོར་ཆུ་སྐྱེས་ཟླ་བའི་སྟེང་། །སྐད་ཅིག་དྲན་རྫོགས་ཆུ་ལས་ཉ་འཕར་ལྟར། །བདག་ཉིད་ཧྲཱི དཀར་མདངས་ལྡན་འོད་འཕྲོས་པས། །རྒྱལ་བ་སྲས་བཅས་སྤྱན་དྲངས་ཧྲཱི༔ལ་ཐིམ། །སླར་འཕྲོས་འགྲོ་དྲུག་སྡུག་བསྔལ་སེལ་བྱས་ནས། །དེ་ལྟར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། །བདག་ཉིད་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །སེམས་ཉིད་ངལ་བསོ་ཞལ་གཅིག་ཕྱག་གཉིས་པ། །དཀར་གསལ་མདངས་ལྡན་ཞི་འཛུམ་བཞད་པའི་ཚུལ། །ཕྱག་གཡས་མཆོག་སྦྱིན་དགོས་འདོད་རེ་བ་སྐོང་། །གཡོན་པ་སྟ་ཟུར་ནས་བརྐྱངས་གདན་སྟེང་མཛད། །པད་དཀར་ཡུ་བ་མཐེབ་མཛུབ་ལ་གནས་པའི། །ཡལ་ག་ལོ་འདབ་སྙན་ཤལ་ཕྱོགས་ཀུན་མཛེས། །སྲིད་ཞིར་མི་གནས་ཞབས་གཉིས་བརྐྱང་བསྐུམ་ཚལ། །ཡིད་འོང་མཚན་དང་དཔེ་བྱད་ལྷུན་གྱིས་གྲུབ། །སྨིན་མཚམས་

(༥༥༡)མཛོད་སྤུར་འོད་ལྔའི་ཐིག་ལེར་འཁྱིལ། །ཞི་ཚུལ་དགུ་ལྡན་རྒྱན་ཆ་བཅུ་གསུམ་འཆང་། །དབུ་སྐྲ་ཐོར་ཚུགས་ཟུར་ཕུད་ནོར་བུས་སྤྲས། ཀུན་ནས་བཀྲག་མདངས་འོད་དང་གཟི་བརྗིད་འབར། །ཐུགས་རྗེས་བརྩེབས་འགྲོ་ལ་ལྷག་གེར་གཟིགས། །འོད་ཕང་སྟུག་པོ་སྤྲིན་ལྟར་འཁྲིགས་པའི་ནང་། །འགགས་མེད་ཆོས་ཀྱི་སྐུ་དང་དབྱེར་མེད་བཞུགས། །ཞེས་གསལ་བཏབ་ལ་བཟླ་བ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི ཞེས་ཅི་རིགས་བཟླའོ། །གཉིས་པ་མདུན་བསྐྱེད་ལ་བདུན་ལས། ངང་པོ་མཆོད་པ་བྱིན་བརླབ་ནི། དངོས་འཛིན་དང་འབགས་བཙོག་ཏུ་གྱུར་པ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་ལྷ་རྫས་ལས་གྲུབ་པའི་མཆོད་སྤྲིན་འཕགས་པ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་པ་རྒྱ་མཚོ་དང་གཉིས་སུ་མེད་པར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝཱ་ཏེ། བཛྲ་སཱ་ར་པྲ་མདྷ་ནེ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སཾ་མྱཀཾྶ་བུདྡྷཱ་ཡ།

(༥༥༢)ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛ་བཛྲེ། མ་ཧཱ་བིདྱཱ་སྭཱ་ཧཱ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སི་ཀྲ་མ་ཎ་བཛྲེ། སརྦ་ཀརྨཱ་ཨ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་ལན་གསུམ། གཉིས་པ་ཚོགས་ཞིང་བསྒྲུབ་པ་ལ། རྣམ་བྱང་དང་མཐུན་པའི་མོས་པ་ལམ་བྱེད་ཀྱིས་བསྐྱེད་ཆོག་ནི། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས་དང་། གཟུང་འཛིན་ལྟར་སྣང་བའི་ཡུལ་ལྔ་ཡིད་ཤེས་དང་བཅས་པ་འཆི་སྲིད་ཆོས་སྐུ་དང་གཉིས་སུ་མེད་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བར་དོའི་སྲིད་པ་དང་། ཡིད་ཤེས་རྫུས་སྐྱེས་ཀྱི་གནས་ངན་ལེན་ཀུན་ནས་རྣམ་པར་དག་པ་བདེ་བ་ཅན་གྱི་ཞིང་ཁམས་སུ་གཞི་ཐམས་ཅད་ལག་མཐིལ་ལྟར་ཀུན་ཏུ་མཉམ་ཞིང་ཆུ་ཞེང་དང་སྲིད་དུ་མི་མངོན་པའི་ཐ་གྲུ་ཀུན་ནས་ཡངས་པ་ལ་འཇིག་རྟེན་ན་མི་སྤྱོད་པའི་རིན་པོ་ཆེ་རྣམ་པ་སྣ་ཚོགས་གཅལ་དུ་བཀྲམ་པས་བཀྲག་ཏུ་ལ་རྟས་པ། རི་ནག་པོ་དང་། ལྷུན་པོ་དང་། ཆུ་གཏེར་དང་། འཁོར་ཡུག་ལ་སོགས་པའི་བསྟི་གནས་ཕལ་པ་མེད་པས་ཀུན་ནས་ཉམས་དགའ་ཞིང་ཤིན་ཏུའང་བལྟ་ན་

(༥༥༣)སྡུག་པ། འབྱོར་པ་རྒྱས་་པ། བདེ་བ་ལོ་ལེགས་པ་ལྷ་དང་མི་འབའ་ཞིག་པ་ལས་ངན་སོང་དང་ལྷ་མིན་མེད་པ། རིན་པོ་ཆེའི་རིགས་ཁ་དོག་སྣ་ཚོགས་ལས་གྲུབ་པའི་ཤིང་ལྗོན་པ་རྩ་བ་དང་། ཡལ་ག་དང་། ལོ་འདབ་དང་། མེ་ཏོག་དང་འབྲས་བུ་རྣམས་གསེར་དང་། དངུལ་དང་། བཻ་ཌཱུརྱ་དང་སྤུག་དང་། མུ་ཏིག་དམར་པོ་དང་། ཤེལ་དང་། རྡོའི་སྙིང་པོ་སྟེ་རིན་པོ་ཆེ་སྣ་བདུན་ལས་བྱས་ཤིང་བལྟ་ན་སྡུག་པ་དཔག་ཚད་སྟོང་དང་དྲུག་བརྒྱའི་དཔང་དང་ལྡན་པ། གསེར་གྱི་དྲ་བས་བརྒྱན་པ་རྣམས་རླུང་གིས་བསྐྱོད་པ་ལས། སྙན་པ་དང་། མཐུན་པ་དང་། ཡིད་དུ་འོང་བའི་སྒྲ་དབྱངས་ཆོག་མི་ཤེས་ཤིང་དྲི་བསུང་རྒྱས་པའི་མེ་ཏོག་གི་མི་འགྲེང་བདུན་གྱི་སྲིད་དུ་ཀུན་ནས་བཀྲམ་པ་རྣམས་ནི་མནན་ན་སོར་བཞིས་ནེམ་ཞིང་། བཏེག་ན་དེ་སྙེད་ཀྱིས་མཐོ་བ། གཞན་ཡང་ལྷའི་མེ་ཏོག་ཨུཏྤལ་དང་། པདྨ་དང་། ཀུ་མུད་ཏ་དང་། པདྨ་དཀར་པོའི་ཚལ་ཡིད་དུ་འོང་ཞིང་། འདམ་རྫབ་སྤངས་པའི་གསེར་གྱི་

(༥༥༤)བྱེ་མ་བརྡལ་བ་ལ་སྤྲུལ་པའི་བྱ་ངང་པ་དང་། བཞད་དང་། ཁྲུང་ཁྲུང་དང་། དུར་པ་དང་། ཀ་ར་ན་ད་དང་། ནེ་ཙོ་དང་། རི་སྐེགས་དང་། ཀུ་ལ་ན་དང་། ཀ་ལ་པིངྐ་དང་། རྨ་བྱ་ལ་སོགས་པས་མགྲིན་པའི་རྒྱུད་མངས་འཁྲོལ་བ་སྤོས་ཆུའི་ཀླུང་ཀུན་ཏུ་བཀྲམ་པ་དག་ཀྱང་འབབ་སྟེགས་བདེ་བས་ཅ་ཅོའི་སྒྲ་གཏན་ནས་མི་འབྱུང་ཞིང་རྣམ་པར་བདེ་བ་དང་། ཡིད་ལ་འབབ་པ་དང་། མཉན་པས་ཆོག་མི་ཤེས་པ་དང་། མི་རྟག་པ་དང་། ཞི་བ་དང་། བདག་མེད་པ་དང་། ཚད་མེད་བཞི་དང་། དཀོན་མཆོག་གསུམ་དང་ས་དང་ཕ་རོལ་ཏུ་ཕྱིན་པ་དང་། སྟོབས་བུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། མངོན་པར་ཤེས་པ་ལྔ་དང་། འོད་ཟེར་ཆེན་པོའི་དབང་བསྐུར་བ་ཐོབ་པའི་སྒྲ་འབྱུང་བས་མཆོག་ཏུ་དགའ་བ་རྒྱ་ཆེན་པོ་ཐོབ་ཅིང་། སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། སྒྲིབ་པ་དང་། ངན་སོང་དང་། ངན་འགྲོ་ལ་སོགས་པ་ཚོར་བ་སྡུག་བསྔལ་བའི་སྒྲ་ཙམ་ཡང་མེད་པར་དགྲ་བཅོམ་འགོག་

(༥༥༥)པའི་སྙོམས་པར་ཞུགས་པ་ལྟ་བུའི་བདེ་བ་དང་ལྡན་པས་བདེ་བ་ཅན་ཞེས་བྱ་ལ། དེ་བཞིན་དུ་གོས་དང་། རྒྱན་དང་། སྐྱད་མོས་ཚལ་དང་། བར་སྣང་ལ་འབྱུང་བའི་གཞལ་མེད་ཁང་དང་། རོལ་མོའི་བྱེ་བྲག་དང་། མཆོད་རྫས་ལ་སོགས་པ་ལོངས་སུ་སྤྱད་པར་བྱ་བའི་འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་ལ་གཞན་འཕྲུལ་དབང་བྱེད་ཀྱི་གནས་དང་མཚུངས་པར་ལྡན་ཞིང་དངས་མའི་ཟས་ཀྱིས་ཚིམས་པར་འགྱུར་བ། གཟའ་དང་། རྒྱུ་སྐར་དང་། ཉིན་མཚན་དུ་གདགས་པ་དང་། ཁྱིམ་ཡོངས་སུ་འཛིན་པའི་འདུ་ཤེས་ཀྱང་མེད་ལ་དུས་དང་དུས་སུ་སྤོས་ཆུའི་སྤྲིན་ཆར་མངོན་པར་འབབ་ཅིང་ལྷའི་མེ་ཏོག་དང་། རིན་པོ་ཆེ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བླ་རེ་དང་། །རྔ་མའི་བསིལ་ཡབ་ལ་སོགས་པ་ནམ་མཁའ་ལ་འཛིན་ཅིང་། ལྷའི་བུ་མོ་དག་ཀྱང་རོལ་མོའི་སྒྲ་དབྱངས་དང་བཅས་གར་བྱེད་པ། མདོར་ན་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་ཕ་

(༥༥༦)རོལ་ཏུ་སོན་པས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་གྱི་བདེ་བའི་རྒྱུ་དང་ཡོན་ཏན་གྱི་ཚོགས་བསྐལ་པར་བརྗོད་ཀྱང་ཟད་མི་ཤེས་པ་དེའི་བླ་དཔག་ཚད་བརྒྱད་སྟོང་པའི་གཞལ་མེད་ཁང་གིས་མཛེས་པའི་དབུས་སུ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཁྲི་སྟེགས་རབ་ཏུ་མཐོ་བ་རྨ་བྱ་ཟློས་གར་རྩེན་པའི་དབུས་སུ་པཾ་ལས་པདྨ་དམར་པོ་འདབ་མ་སྟོང་དུ་བརྡལ་བ། དེའི་སྟེང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རང་གི་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཧྲཱི དམར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ས་བོན་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་རྒྱལ་བའི་དབང་པོ་དེའི་མཚན་ཡོངས་སུ་བརྗོད་ཅིང་བསྔགས་པ་བརྗོད་པ་ལ་ཞུགས་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྣང་མཐའ་ཡས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་ཅིང་རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་

(༥༥༧)ཉི་མ་བྱེ་བས་འཁྱུད་པའི་གཟི་བྱིན་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྟེང་དུ་ལྷུང་བཟེད་ཀྱིས་མཚན་པའི་ཕྱག་གཉིས་མཉམ་པར་བཞག་ཅིང་དར་དམར་སེར་གྱི་ཤམ་ཐབས། སྔོན་པོའི་བླ་གོས། དམར་པོའི་སྣམ་སྦྱར་ཅན། །དབུའི་གཙུག་ཏོར་ལྟར་མི་མངོན་པ་ལ་སོགས་པའི་མཚན་དཔེའི་རྒྱན་མ་ཚང་བ་མེད་པས་བརྒྱན་པའོ། །དེའི་གཡས་སུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། གཡོན་དུ་མཐུ་ཆེན་ཐོབ་གཉིས་གཙོ་བོ་ལ་ཞལ་ཕྱོགས་པས་འདུད་པ། མཐའ་བསྐོར་དུ་སངས་རྒྱས་ཀྱི་ཞིང་འདི་དང་། ཞིང་གཞན་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བའི་དགེ་བའི་རྩ་བ་དང་། རྒྱལ་བའི་ཡེ་ཤེས་ཆགས་པ་མེད་པ་ལ་ནེམ་ནུར་གྱི་བློས་བར་དུ་གཅོད་པ་དང་མ་ཡིན་པའི་ཁྱད་པར་ལས། ཉན་ཐོས་འགོག་པའི་ཆོས་ཅན་ལ་སོགས་ཏེ་པདྨའི་མངལ་ལ་སྐྱེད་མོས་ཚལ་དང་གཞལ་མེད་ཁང་དུ་འདུ་ཤེས་ཤིང་

(༥༥༨)བཤང་གཅི་མེད་པར་ལོ་ལྔ་བརྒྱར་གནས་ནས་འབྱུང་ལ། ཉེས་པ་ཟད་པ་རྣམས་ནི་སེམས་དང་བ་ཙམ་ལ་པདྨ་རྣམས་ལ་སྐྱིལ་མོ་ཀྲུང་བཅས་ཏེ་སྐད་ཅིག་ལ་རྫུས་ཏེ་འབྱུང་བའི་བྱང་ཆུབ་སེམས་དཔའ་ཡོངས་སུ་གྲུབ་པ་གྲངས་དང་བློས་མི་ཐུགས་པ་དང་། ཉན་ཐོས་དང་རང་སངས་རྒྱས་དང་། ལྷ་དང་མིའི་རྣམ་པ་ཅན་བར་སྣང་ལ་ཆགས་ཐོགས་མེད་པར་འགྲོ་བ། དེ་དག་ཀྱང་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། ལུས་ཡོངས་སུ་རྫོགས་པ། བསམ་གཏུན་དང་མངོན་པར་ཤེས་པ་ལ་མཁས་པ། ཤེས་རབ་ཀྱི་རབ་ཏུ་དབྱེ་བ་བཟོད་པ། དབང་པོ་རྣོ་བ། མ་བསྡམས་པ་མེད་པ། ཀུན་ཤེས་པ། མ་ཞུམ་པ། དབང་པོ་མི་གཡོ་བ། བཟོད་པ་ཐོབ་པ། སངས་རྒྱས་མཐོང་བ་དང་། ཆོས་ཉན་པ་དང་མི་འབྲལ་བ། ལོག་པར་མི་ལྟང་བ། ཡོན་ཏན་མཐའ་ཡས་མུ་མེད་པ་ཤ་སྟག་གོ །དེ་ལྟར་དུ་གསལ་བའི་གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་

(༥༥༩)གནས་དང་། བདེ་བ་ཅན་གྱི་ཞིང་ཁམས་ནས་previous hit མགོནཔོ་འོད་དཔག་ཏུ་མེད་པ་ལ་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་དང་། བྱང next hit་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་པར་གྱུར། ཞེས་སྙན་མནན་ལ། གསུམ་པ་སྤྱན་དྲང་བ་ནི། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མཱ་ཛ ཞེས་པས་སྤྱན་དྲངས། བཞི་པ་བཞུགས་གསོལ་ནི། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡེ་སྟཾ། གྱིས་གཙོ་འཁོར་རྣམས་ལ་གདན་འབུལ་ནས་བཞུགས་གསོལ་བྱ། །ལྔ་པ་མཆོད་བསྟོད་ལ་སོགས་པ་སྤྱོད་འཇུག་ལས། དེ་བཞིན་གཤེགས་པ་རྣམས་

(༥༦༠)དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་། །སྨན་གྱི་རྣམ་པ་གང་ཞིག་ཡོད་པ་དང་། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང་། །ཤིང་གང་འབྲས་བཟང་ཡལ་གདུད་པ་དང་། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་ངད་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང་། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང་། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། མཚོ་དང་རྫིང་བུ་པདྨས་བརྒྱན་པ་དང་། །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་ནས། ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་

(༥༦༡)དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་འདི་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱེད་ཀྱི་ཡོངས་སུ་བཟུང་བས་ན། །སྲིད་ན་མི་འཇིགས་སེམས་ཅན་ཕན་པར་བགྱི། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང་། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚོར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བར་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་

(༥༦༢)ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་གཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡྷ་ར་དང་པདྨ་དང་། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང་། །ཕྲེང་བ་སྤལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དང་རབ་ཡི། །རིན་ཆེན་སྒྲོན་མ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་

(༥༦༣)བསྟར་བ་སྤོས་ཀྱིས་བྱུགས་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བྱ། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང་། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །འཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་བལྟ་ན་སྡུག་པ་སྒྲེང་བ་ཡང་། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སེལ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པར་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་ལྟར་བདག་གིས་དེ་བཞིན་

(༥༦༤)གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །དྲུག་པ་བསྙེན་པ་བྱ་བ་ནི། མདུན་བསྐྱེད་གསུང་རྡོ་རྗེ་འོད་དཔག་མེད་དུ་གསལ་བའི་ཐུགས་ཀར་ཉི་གདན་ལ་ཧྲཱི༔ ཡིག་དམར་པོས་མཚན་པའི་མཐའ་བསྐོར་དུ་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས་པས་དོན་གཉིས་བྱས་པར་དམིགས་ལ། ཨོཾ་ཨ་མི་ཏཱ་བྷ་ཧྲཱི ཨཾ་ཨ་རོ་ལི་ཀ་ཧཱུྃ། ཞེས་བཟླ། བདུན་པ་ལས་སྦྱོར་ལ་གཉིས་ལས་དང་པོ་གསོན་པོའི་དོན་དུ་ཚེ་སྒྲུབ་བྱེད་ན་ཕྱག་མཚན་ཚེ་བུམ་དུ་སྒྱུར། སྙིང་གར་པདྨ་འདབ་བཞིའི་དབུས་སུ་ཉི་སྟེང་ཧྲཱི དམར་པོ་ལས་འོད་ཟེར་ཀུན་ཏུ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཉི་ཟླ་ལ་སོགས་པའི་ཚེ་དང་བསོད་ནམས་གཟི་བརྗིད་ཐམས་ཅད་བསྡུས་པས་རང་ལུས་གང་བར་བསམས་ཏེ། རླུང་ཁ་སྦྱར་ནས་ཐུགས་སྲོག་ལ་ཡིད་བཟླས་བྱ། ཐུན་བསྡུ་བ་ན་སྣོད་བཅུད་

(༥༦༥)འོད་དུ་ཞུ་བའི་དངས་མ་ཧྲཱི ཡིག་ལ་བསྡུས་པས་རྡོ་རྗེའི་སྲོག་ཐོབ་པར་བསམ་ལ་དགེ་བ་བསྔོ་བར་བྱའོ། །གཉིས་པ་ཐུན་མཚམས་ཀྱི་རྣལ་འབྱོར་ནི། །སྔགས་སྤྱིའི་བསྐྱེད་རིམ་ལྟར་རྟག་ཆད་ཀྱི་མཐའ་བསལ་བའི་དོན་ལ་འཇུག་མི་དགོས་ཏེ། འཇིག་རྟེན་གྱི་ཁམས་བདེ་བ་ཅན་ནི་ད་ལྟ་འཚོ་ཞིང་གཞེས་པའི་སངས་རྒྱས་ཀྱི་ཞིང་ཡིན་པས་རྣམ་པ་ཐམས་ཅད་དུ་དེ་སྒོམ་ཞིང་ཡིད་ལ་བྱེད་པ་དང་མི་འབྲལ་བས་ཐ་མལ་གྱི་སྣང་བ་ཞིང་ཁམས་སུ་གོམས་པ་ལ་སློབ་པའི་ཚུལ། །གང་ཞིག་སྟོན་པའི་མདོ་སྡེ་ལས། །ཀུན་དགའ་བོ་གང་དག་ཡང་དེ་བཞིན་གཤེགས་པ་དེ་ཡིད་ལ་བྱེད་ཅིང་དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་རྒྱུན་ཏུ་བསྐྱེད་ལ་སངས་རྒྱས་ཀྱི་ཞིང་དེ་ན་སེམས་ཡང་དག་པར་གཏོང་བ་དེ་དག་འཆི་བའི་དུས་ཉེ་བར་གནས་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་དའི་ཁ་དོག་དང་། དབྱིབས་དང་། ཆུ་ཞེང་དང་། ཞབས་འབྲིང་བ་དགེ་སློང་གི་དགེ་འདུན་ནི་འདྲ་བས་སངས་

(༥༦༦)རྒྱས་ཀྱི་སྤྲུལ་པ་དག་མདུན་དུ་གནས་པར་གྱུར་ཏེ། དེ་དག་དེ་བཞིན་གཤེགས་པ་མཐོང་བའི་རབ་ཏུ་དང་བ་ལ་དམིགས་པའི་ཏིང་ངེ་འཛིན་དེ་དང་བརྗོད་པ་མེད་པའི་དྲན་བས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །ཞེས་སོ། །དེ་བས་ན་དགེ་སློང་ཆོས་ཀྱི་འབྱུང་གནས་སྨོན་ལམ་ཕུན་སུམ་ཚོགས་པ་དེའི་དམ་བཅའ་བསྐུལ་བའི་ཕྱིར། །གལ་ཏེ་བདག་གིས་བྱང་ཆུབ་ཐོབ་ཚེ་སྨོན་ལམ་མཆོག །ཁྱད་པར་འཕགས་པ་རྣམ་པ་འདི་འདྲར་མ་གྱུར་ན། །སྟོབས་བཅུ་མངའ་བ་མཚུངས་པ་མ་མཆིས་སྦྱིན་པའི་གནས། །མི་ཡི་སེང་གེ་སེམས་ཅན་སྙིང་པོར་བདག་མ་གྱུར། །སེམས་ཅན་གང་དག་ང་ཡི་མིང་ཐོས་ནས། །ང་ཡི་ཞིང་དུ་རྟག་ཏུ་འོང་བར་ཤོག །ང་ཡི་སྨོན་ལམ་བཟང་པོ་དེ་རྫོགས་པས། །འཇིག་རྟེན་ཁམས་མང་དག་ནས་སེམས་ཅན་འོང་། །དེ་དག་ང་ཡི་ཞིང་དུ་ལྷག་ས་ནས་ནི། །དེ་དག་སྐྱེ་བ་གཅིག་ལས་ཕྱིར་མ་ལྡོང་། །དེ་ཕྱིར་བྱང་ཆུབ་སེམས་དཔའ་གང་ཞིག་འདིར། །བདག་གི་ཞིང་ཡང་འདི་འདྲར་གྱུར་པ་དང་། །བདག་གི་སྒྲ་དང་མིང་དང་ལྟ་བས་ཀྱང་།

(༥༦༧)སེམས་ཅན་མང་པོ་གྲོལ་བར་བྱ་ཞེས་པའི། །བདེན་པའི་གསུང་ལ་ཡིད་གཉིས་གནས་མེད་ན། །ཚེ་འདིའི་འདུ་བྱེད་སྟོངས་པར་ཕྱོགས་པའི་ཚེ། །འོད་ནི་དཔག་མེད་གཟི་བརྗིད་དཔག་མེད་པ། །སྐུ་ཚེ་དཔག་མེད་དགེ་འདུན་དཔག་མེད་པ། །བྱང་ཆུབ་སེམས་དཔས་བསྐོར་ཞིང་མཛེས་གྱུར་པའི། །སངས་རྒྱས་བསོད་ནམས་ཕུང་པོ་མཐོང་བར་ཤོག །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །གསུམ་པ་བསྔོ་བ་ནི། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག །བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། །ཀུན་ནས་ཀུན་ཀྱང་བཟང་པོ་རེད་གྱུར་ཅིག །རྣམ་སྣང་མངོན་བྱང་ལས། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཐམས་ཅད་ནད་ཀྱང་མེད་པར་ཤོག །ཡང་ན་དེ་བཞིན་གཤེགས་བསྔགས་པའི། །འདོད་པ་ཕུན་སུམ་ཚོགས་གྱུར་ཅིག །ཡང་

(༥༦༨)ན་སེམས་ཅན་ཐམས་ཅད་ཀྱང་། །རེ་བ་ཐམས་ཅད་ཡོངས་རྫོགས་པ། །སྒྲིབ་པ་མེད་པའི་ཚུལ་གྱིས་སུ། །མ་ཐོགས་པར་ནི་འགྲུབ་པར་ཤོག །དུད་འགྲོ་གཅིག་ལ་གཅིག་ཟ་བའི། །སྡུག་བསྔལ་ནམ་ཡང་འབྱུང་མ་གྱུར། །ཡི་དྭགས་རྣམས་ལ་ཟས་སྐོམས་སོགས། །ཐོགས་པ་མེད་པར་འབྱུང་བར་ཤོག །སེམས་ཅན་དམྱལ་བའི་སྡུག་བསྔལ་གང་། །མི་བཟད་རྣམ་པ་སྣ་ཚོགས་པ། །བདག་གི་བསོད་ནམས་མཐུ་ཡིས་ནི། །དེ་དག་མྱུར་དུ་ཞི་བར་གྱུར། །སེམས་ཅན་སྡུག་བསྔལ་ཐམས་ཅད་ལས། །སྙིང་རྗེ་ཆེན་པོ་སྐྱེས་ནས་ནི། །བསྒྲུབས་པ་དེ་དང་གཞན་དག་ཀྱང་། །དེས་ནི་ཡང་དང་ཡང་དུ་བསམ། །ཇི་ལྟར་བསམ་པ་འགྲུབ་པར་ཤོག །བཞི་པ་བཀྲ་ཤིས་ནི། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་སོགས་བརྗོད། །ལྔ་པ་ཕན་ཡོན་ནི། འོད་མདོ་ལས། གང་གིས་ཕྲ་རབ་རྡུལ་གྱི་འཇིག་རྟེན་ཁམས་བཤིག་ཅིང་བཏགས་ཏེ་རྡུལ་དུ་བྱས་གྱུར་པར། །དེ་བས་མང་བའི་འཇིག་རྟེན་རྣམས་ཀྱི་ཁམས། །རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པ་ལས། །གང་གིས་འོད་

(༥༦༩)དཔག་མེད་པའི་འོད་མཆན་དང་། །བདེ་བ་ཅན་གྱི་ཡོན་ཏན་ཁྱད་འཕགས་རྣམས། །ཐོས་ནས་དགའ་སྟེ་ཐལ་མོ་སྦྱོར་བྱེད་པ། །བསོད་ནམས་འདི་ཡིས་ཆར་ཡང་འགྱུར་མ་ཡིན། །དེ་ལྟ་བས་ན་དེ་བཞིན་གཤེགས་པ་དེའི། །ཡོན་ཏན་ཐོས་ནས་མགུ་དང་དད་བསྐྱེད་ལ། །བདེ་བ་ཅན་གྱི་འཇིག་རྟེན་ཁམས་མཆོག་ཏུ། །འགྲོ་བར་བྱ་ཕྱིར་མོས་པ་དྲག་པོ་བསྐྱེད། །གང་གིས་བདེ་བ་ཅན་གྱི་འཇིག་རྟེན་གྱི། །མིང་ཐོས་པ་ཡི་བསོད་ནམས་དེ་ལ་ནི། །ཞིང་མཆོག་ཐ་གྲུ་ཆེན་པོ་དེ་དག་ཀུན། །ཆ་དང་དཔེར་ཡང་འགྱུར་བ་མ་ཡིན་ནོ། །ཞེས་དང་། ཀུན་དགའ་བོ་ལངས་ལ་ནུབ་ཕྱོགས་སུ་ཕྱོགས་ཏེ། མེ་ཏོག་གཏོར་ལ་ཐལ་མོ་སྦྱར་ཏེ། གང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་རྡུལ་མེད་ཅིང་རྣམ་པར་དག་པ་བཞུགས་ཤིང་འཚོ་ལ་གཞེས་ཤིང་ཆོས་ཀྱང་སྟོན་པའི་ཕྱོགས་དེར་ཕྱག་འཚལ་ཞིག །དེ་ཡི་མཚན་ཡང་སྒྲིབ་པ་མེད་པར་ཕྱོགས་བཅུར་གྲགས་ཏེ། ཕྱོགས་རེ་རེ་ན་ཡང་

(༥༧༠)སངས་རྒྱས་བཅོམ་ལྡན་འདས་གསུང་ཆགས་པ་མི་མངའ་ཞིང་གསུང་ཐོགས་པ་མི་མང་བ་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ལན་འགའ་མ་ཡིན་པར་བསྔགས་པ་བརྗོད་ཅིང་བསྟོད་དེ་སྙན་པ་གསུངས་སོ། །ཞེས་སོགས་རྒྱ་ཆེར་ཡོད་པས་འདི་ཁོ་ན་ལ་བརྩོན་པར་བྱའོ། །མདོ་ལས་ཆོ་ག་དངོས་བསྟན་གབ་ན་ཡང་། །དོན་ལ་རྟོན་པ་རྒྱལ་བའི་ཕྲིན་ལས་ཕྱིར། །སྡོམ་པའི་ཀུན་སྤྱོད་མཚུངས་པ་ཡོ་ག་ལྟར། །བཀྲོལ་བས་སེམས་ཅན་ཀུན་ལ་སྨན་གྱུར་ཅིག །ཅེས་པའང་མདོ་ཁམས་པ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་ནན་ཏན་ཆེན་པོས་བསྐུལ་བའི་ངོར་རང་བྱུང་རྡོ་རྗེས་དཔལ་ལྡན་ཚེ་རིང་ལྗོངས་སུ་སྦྱར་བའོ།། ༈ བདེ་ཅན་ཞིང་གི་སྨོན་ལམ་བཞུགས་བཅོམ་ལྡན་འདས་རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་བསོད་ནམས་ཕུང་པོ་ལས་གྲུབ་པའི། །འོད་སྣང་མཐའ་ཡས་བདེ་བ་ཅན་གྱི་ཞིང་། །དེ་ན་བཞུགས་པའི་མགོན་པོ་འོད་དཔག་མེད། །སྐུ་ཚེ་དཔག་མེད་ཞབས་ལ་ཕྱག་འཚལ་ལོ། །བདེ་

(༥༧༡)བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག གང་ཁྱོད་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་། །དགེ་སློང་ཆོས་ཀྱི་འབྱུང་གནས་ཞེས་གྲགས་ཚེ། །ཞིང་ཁམས་བཟུང་བར་སྨོན་པའི་དམ་བཅའ་ལ། །བླ་མར་བྱའོ་མྱུར་དུ་སྐབས་དབྱེར་གསོལ། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །གཞོན་ཤ་ཤིན་ཏུ་ཆགས་པའི་ལག་མཐིལ་དང་། །མཉམ་པའི་དཔེ་བྱར་འོས་པའི་འགལ་ཟླ་ནི། །ཆུ་ཞེང་སྲིད་དུ་མི་མངོན་ཐ་གྲུའི་ཁྱོན། །རིན་ཅེན་སྣ་ཚོགས་གཅལ་དུ་བཀྲམ་པས་བྱས། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག ལྷུན་པོ་ཆུ་གཏེར་ཁོར་ཡུག་རི་ནག་པོའི། །བསྟི་གནས་ཕལ་བ་མེད་པས་ཉམས་དགའ་ཞིང་། །རིན་ཆེན་སྣ་བདུན་ལས་གྲུབ་ལྗོན་པ་ནི། །དཔག་ཚད་སྟོང་དང་དྲུག་བརྒྱའི་འཕོངས་སུ་སྙེགས། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །ཡལ་འདབ་མེ་ཏོག་འབྲས་བུས་དུད་པ་ལ། །གསེར་གྱི་དྲ་བས་དབྱངས་པར་དྲ་བཞོན་གྱིས། །བསྐུལ་ལས་ཆོག་མི་ཤེས་པའི་སྒྲ་དབྱངས་ཀུན། །ཡིད་འོང་སྙན་དང་

(༥༧༢)མཐུན་པ་དར་དིར་སྒྲོག །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །དྲི་བསུང་ལྷག་པར་རྒྱས་པའི་མེ་ཏོག་གིས། །ཀུན་ནས་ཀུན་ཏུ་བཀྲམ་པའི་བསྟི་སྟང་ནི། །མི་འགྲེང་བདུན་དུ་སྙེགས་པས་མི་ངོམས་པར། །མནན་ན་ནེམ་ལ་བཏེག་ན་སྤར་བས་འགྲན། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །ལྷ་དང་མི་ལས་ངན་སོང་ལྷ་མིན་གྱི། །མིང་ཙམ་མི་གྲགས་འབྱོར་ཞིང་རྒྱས་པ་དང་། །ལོ་ལེགས་ཕུན་སུམ་ཚོགས་པའི་བདེ་བ་ཡིས། །ངོམས་པ་མེད་པའི་དཔལ་ལ་མིང་ཆགས་པ། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །འབབ་སྟེགས་མཆོག་ཏུ་བདེ་བའི་སྤོས་ཆུའི་ཀླུང་། །ཅ་ཅོའི་གཞན་དབང་མ་ཡིན་ཡིད་ལ་འབབ། །རྣམ་པར་བདེ་དང་སྙན་པས་ཆོག་མི་ཤེས། །མི་རྟག་ཞི་དང་བདག་མེད་དོན་ལ་རྟོན། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །འདམ་རྫབ་སྤངས་པའི་གསེར་གྱི་བྱེ་མ་ལ། །བཞད་དང་ཁྲུང་ཁྲུང་ངང་དུར་ཀ་རན་ད། །ནེ་ཙོ་རི་སྐེགས་རྨ་བྱ་ཀུ་ལ་ན། །ཀ་ལ་པིང་ཀའི་རྒྱུད་མངས་ལ་བསྙེན་པ། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །

(༥༧༣)དེ་ལས་རྣ་བའི་འདུས་ཏེ་རེག་ཆོར་ཀུན། །རིན་ཆེན་རྣམ་གསུམ་སྒྲ་དང་ཚད་མེད་བཞི། །ས་དང་ཕར་ཕྱིན་སྟོབས་བཅུ་མི་འཇིགས་བཞི། །མ་འདྲེས་བཅོ་བརྒྱད་རྫོགས་པའི་དོན་དང་ལྡན། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །བལྟ་ན་སྡུག་པའི་སྐྱེད་ཚལ་ལྗོན་པ་ལས། །འདོད་པའི་ཡོན་ཏན་བརྒྱ་ཕྲག་མོད་ལ་འབྱུང་། །བར་སྣང་ལ་སྤྲུལ་གཞལ་མེད་ཁང་ལ་སོགས། །གཞན་འཕྲུལ་དབང་བྱེད་ཀྱིས་ཀྱང་དོ་ཟླར་མིན། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །དེ་ན་གཟའ་དང་རྒྱུ་སྐར་ཉིན་མཚན་ཆ། །ཁྱིམ་དང་དེ་ལ་ཡོངས་སུ་འཛིན་པའི་སེམས། །གཏན་ནས་མེད་ཀྱང་མཆོད་སྤྲིན་སྤྲོ་བ་ཡི། །ལྷ་ཡི་བུ་མས་ཤིན་ཏུ་ཉམས་བདེ་བ། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །གང་ན་འཚོ་ཞིང་གཞེས་པའི་རྒྱལ་བ་དེའི། །བསྔགས་པ་བརྗོད་ལ་གངྒཱའི་རྡུལ་སྙེད་ཀྱི། །སངས་རྒྱས་རྣམས་ཀྱང་བརྩོན་པ་མི་འདོར་བས། །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་པའང་བསྙེན། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །ཞིང་ཁམས་འདིར་སྔོན་

(༥༧༤)དགེ་བའི་རྩ་བ་ལ། །སྒྲིབ་པ་དང་བཅས་པདྨོའི་མངལ་འཛིན་དང་། །སྐྱེལ་མོ་ཀྲུང་བཅས་མོད་ལ་སྐྱེ་གཉིས་ཀ །སྐྱེས་བུ་ཆེན་པོའི་མཚན་དང་ཡང་དག་ལྡན། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །ཉན་རང་བྱང་སེམས་ལྷ་མོའི་རྣམ་པ་ཅན། །ཀུན་ཀྱང་དབང་རྣོན་བཟོད་པ་ཐོབ་པ་སྟེ། །བར་སྣང་ལ་འགྲོ་ལོག་པར་མི་ལྟུང་ཞིང་སངས་རྒྱས་མཐོང་དང་མི་འབྲལ་དམ་ཆོས་ཉན། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །བསམ་གཏན་དང་ནི་མངོན་པར་ཤེས་པ་ལ། །མཁས་པའི་ཤེས་རབ་ཀྱིས་ནི་རྣམ་དབྱེ་བཟོད། །མ་བསྡམས་མི་མངའ་དབང་པོ་མི་གཡོ་ཞིང་། །ཀུན་ཤེས་ཡོན་ཏན་མཐའ་ཡས་མུ་མེད་པ། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །ཀུན་འབྱུང་རྒྱུ་འབྲས་སྤངས་པའི་ལམ་བདེན་གྱིས། །འགོག་པ་མངོན་དུ་བྱས་པའི་དགྲ་བཅོམ་ཀྱང་། །རྣམ་ཐར་གསུམ་གྱི་དབྱིངས་ལ་དབུགས་ཕྱུང་ནས། །འོད་ཟེར་ཆེན་པོའི་དབང་བསྐུར་ལ་སྦྱོར་བ། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །སྐད་ཅིག་རེར་བསྟན་ཆོས་ཀྱི་རྣམ་གྲངས་ཀྱང་། །བགྲང་བར་མི་བཟོད་རྫུ་འཕྲུལ་

(༥༧༥)ཆེན་པོ་ཡིས། །ཞིང་ཁམས་གཞན་ཉུལ་ཆོས་ལས་ཐོབ་པ་ཡི། །བྱེ་བ་ཕྲག་བརྒྱའི་ཏིང་འཛིན་སྒོ་འབྱེད་པ། །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བར་ཤོག །མདོར་ན་གང་གི་མཚན་དང་སྒྲ་དང་ནི། །ལྟ་བ་ཡིད་ལ་གོམས་པར་བྱས་པ་ཡང་། །ཞིང་ཁམས་བདེ་བ་ཅན་དུ་དབུགས་འབྱིན་པའི། །ཐུགས་བསྐྱེད་དམ་བཅའ་བསླུ་བ་མེད་པའི་ཕྱིར། །ཁྱོད་ཀྱིས་གཞན་དོན་མཛད་པའི་དཔེ་ཟླ་ལ། །རྒྱ་མཚོའི་དུས་རླབས་ངལ་བའི་སྐབས་བསྟན་པས། །བུ་རམ་ཤིང་པའི་ཞལ་ནས་ཀུན་དགའ་བོ། །ཁྱོད་ལངས་ནུབ་ཀྱི་ཕྱོགས་སུ་ལ་སྟོན་ལ། །མེ་ཏོག་གཏོར་ནས་ཐལ་མོ་སྦྱར་བྱས་ཏེ། །རྫོགས་པའི་སངས་རྒྱས་འོད་སྣང་དཔག་ཏུ་མེད། །རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ་ལ། །ཕྱག་འཚལ་དེ་མཚན་སྒྲིབ་པ་མེད་པ་ནི། །ཕྱོགས་བཅུར་གྲགས་ནས་རྒྱལ་བ་དེ་རྣམས་ཀྱང་། །བསྔགས་པ་བརྗོད་པར་གསུངས་ན་བདག་ཅག་ནི། །ལུས་དང་ལོངས་སྤྱོད་ལྟོས་པ་མེད་པར་འབུལ། །བྱས་ཤིང་བསགས་པའི་སྡིག་སྒྲིབ་མཐོལ་བ་དང་། །ཆ་བས་གཅིག་

(༥༧༦)མཛད་པ་རྒྱ་མཚོར་ཡི་རང་འབུལ། །རྟག་པར་ཆོས་འཁོར་དང་བཅས་བཞུགས་སུ་གསོལ། །དགེ་རྩ་ཇི་སྙེད་མཆིས་པ་འགྲོ་བ་ཀུན། །བདེ་བ་ཅན་དུ་སྐྱེ་བའི་རྒྱུར་བ་ན། །སྨོན་པ་ཇི་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་འོད་མདོ་དང་མཐུན་པའི་སྨོན་ལམ་འདི་ནི། །མདོ་ཁམས་ནས་སློབ་བུའི་དམ་པ་འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་རིང་མ་ནས་བསྐུལ་ཞིང་། །ཉེ་ཆར་དེའི་གསལ་འདེབས་ལ་བརྩོན་པ་འཇིགས་མེད་བློ་གསལ་ཅན་གཉིས་ཀྱི་ངོར་རྒྱལ་བའི་མྱུ་གུ་མཁྱེན་བརྩེའི་ལྷས་སོ།། བཀྲ་ཤིས། །།

(༥༧༧)ཀེ །ཀློང་ཆེན་སྙིང་གི་ཐིག་ལེ་ལས། །བདེ་ཅན་དུ་བགྲོད་པའི་ཆོ་ག་དཔག་མེད་མྱུར་ལ་མ་ཁོངས་ཀྱི་ཁྲུས་ཆོག་དང་འབྲེལ་བའི་གཤིན་པོ་ལ་ལམ་བསྟན་བཞུགས། ༈ གཉིས་པ་ཁྲུས་ཆོག་འབྲེལ་བར་གཤིན་པོ་ལ་ལམ་བསྟན་བྱེད་ན། ཁྲུས་བུམ་དུ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོར་ལ་གྲི་དང་དྲིལ་བུ་འཛིན་པ་བསྐྱེད་ལ། ཏྲཱཾ་ཨ་ག།།།ལ་སརྦ་དུ་རྒ་ཏེ་སརྦ་པཱ་པཾ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླས་ལ་མཐར་ཡེ་ཤེས་པ་གཤེགས། ཨོཾ་ཨཱ ཧཱུྃ་གིས་དུང་ཆོས་གྱི་ཆུ་མཆོད་ཡོན་དུ་ཕུལ། དམ་ཚིག་པ་འོད་ཞུ་བྱའོ། །རང་གཞན་གང་གི་དོན་ཡིན་ཡང་། འདི་ནི་ཚོགས་བསག་པ་དང་། ཞིང་ཁམས་སྦྱོང་བ་གཙོ་བོར་གྱུར་པའི་ལམ་ཡིན་པས་བཟླས་པ་བརྒྱ་འཁོར་རེའི་མཚམས་སུ་ཡན་ལག་བདུན་པ་དང་བཟང་སྤྱོད་སྤྲེལ་ནས་གྲངས་གསོག་བྱ་བ་གསོན་གཤིན་གཉིས་ཀའི་དོན་ལ་འདྲའོ། །གཤིན་པོ་ལ་ལམ་བསྟན་གྱི་ཚེ་དང་པོ་རྟེན་ལ་རྣམ་ཧེས་

(༥༧༨)དགུག་པ་ནི། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་ནིྲཡོངས་སུ་གྱུར་པ་ལས་ཚེ་འདས་ཀྱི་ཕུང་པོ་དང་སྐྱེ་མཆེད་ལ་སོགས་པ་གསོན་གྱི་གནས་སྐབས་ཇི་ལྟ་བར་གྱུར། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། ཆོས་ཉིད་རང་བཞིན་གྱི་རྣམ་པར་དག་པའི་བདེན་པ་དག་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་བཅོམ་ལྡན་འདས་མགོན་པོ་འོད་དཔག་མེད་འཁོར་དང་བཅས་པའི་བདེན་པ་དང་། ཐུགས་བསྐྱེད་དང་སྨོན་ལམ་བསམ་གྱིས་མི་ཁྱབ་པའི་བྱིན་རླབས་ལ་བརྟེན་ནས་ཚེ་ལས་འདས་པ་ཆེ་གེ་མོའི་རྣམ་པར་ཤེས་པ་འགྲོ་བ་རིགས་དྲུག་སྲིད་པ་བར་དོ་གང་ན་གནས་ཀྱང་རྟེན་འདི་ལ་མཆིས་བར་གྱུར་ཅིག །ལན་གསུམ། གཉིས་པ་བགེགས་ལ་གཏོར་མ་སྦྱིན་པ་ནི། ཨོཾ་སརྦ་བི་གྷ་ནན་ན་མ༔ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ སརྦ་ཏ་ད་ཁཾ་ཨུངྒ་ཏེ་སྦར་ཎ་ཧི་མཾ་ག་གན་ཁཾ་ཚེ་ལས་

(༥༧༩)འདས་པའི་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་བགེགས་རྣམས་གཏོར་མ་འདིས་བརྔན་གྱིས་ལ་སོང་ཞིག །ལན་གསུམ་ཏིང་ལོ་ཆང་བུ་དང་བཅས་བསྐོར་ཞིང་། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུྃ གྲྀཧྞ་གྲྀཧྞ་ཧཱུྃ གྲྀཧྞ་པཱ་ཡ གྲྀཧྞ་པཱ་ཡ ཨཱ་ན་ཡ་ཧོ བྷ་ག་ཝཱ་ན་བིདྱཱ་རཱ་ཛ་ཡ་ཧཱུྃ་ཕཊ ཏིང་ལོས་སྣང་བ་དང་ཆང་བུས་བཟའ་བ་གྱིས་ལ་སོང་ཞིག །གསུམ་པ་མཚམས་བཅད་པ་ནི། མེའི་རྒྱ་བསྟན་ཏེ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙམ་ཐ་བྷཉྫ་རཏྣ་ཧཱུྃ་ཕཊ བཞི་པ་སྡིག་པ་སྦྱོང་བ་ལ། ལྔ་ལས། དང་པོ་རིག་སྔགས་ཀྱིས་སྦྱོང་བ་ནི་རྣམ་རྒྱལ་མའི་རྩ་རིག །ཡིག་བརྒྱ་སོགས་བཟླས་པའི་བྱེ་མ་དང་ཡུངས་ཀར་གྱིས་བྲབ་ཅིང་། ཨོཾ་ཤྭ་དྷ་ནི་ཤྭ་དྷ་ནི་སརྦ་པཱ་པཾ་བི་ཤྭ་དྷ་ནི་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨཱ་ཨཱ་ཝ་ར་ནི་བི་ཤུདྡྷེ་སྭཱ་ཧཱ། ཨོཾ་ན་མོ་བྷ་ག་ཝཱ་ཏེ་སརྦ་དུ་རྒ་ཏེ་པ་རི་ཤྭ་དྷ་ནི་རཱ་ཛ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་ས་མྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཤྭ་དྷ་ནི་ཤྭ་དྷ་ནི། བི་ཤྭ་དྷ་ནི་བི་ཤྭ་

(༥༨༠)དྷ་ནི། སརྦ་པཱ་པཾ་བི་ཤྭ་དྷ་ནི་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨཱ་ཨ་ཝ་ར་ཎ་བི་ཤུདྡྷེ་སྭཱ་ཧཱ། ཨོཾ་སརྦ་བིདྱཱ་སརྦ་ཨཱ་ཝ་ར་ཎ་བི་ཤྭ་དྷ་ཡ་ཧ་ན་ཧཱུྃ་ཕཊ ཨོཾ་སརྦ་བིད་ཧཱུྃ། ཨོཾ་སརྦ་བིད་ཕཊ ཨོཾ་སརྦ་བིད་ཨཱ ཨོཾ་སརྦ་བིད་ཏྲཊ ཨོཾ་སརྦ་བིད་ཨོཾ། ཨོཾ་སརྦ་བིད་སྭཱ༔ ཨོཾ་སརྦ་བིད་ཨཱ ཨོཾ་སརྦ་བདེ་ཧཱུྃ ཨོཾ་སརྦ་བིད་ཏྲཊ ཨོཾ་ཤ ཨོཾ་བྷ རིག་པ་ཆེན་པོ་འདིའི་བྱིན་རླབས་ཀྱིས་ཚེ་ལས་འདས་པའི་སྡིག་སྒྲིབ་དང་ངན་སོང་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་གང་མང་བརྗོད། གཉིས་པ་བུམ་ཆུས་མེ་ལོང་ངོས་སམ། རུས་བུ་སོགས་ལ་དངོས་སུ་བཀྲུ་ཞིང་། འོད་དཔག་མེད་མགོན་སྨོན་ལམ་དང་། །ནམ་མཁའི་སྙིང་པོའི་ཐུགས་བསྐྱེད་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །སེམས་ཅན་རྣམས་ལ་ཕན་འདོད་པས། །སྦྱིན་པའི་ཆུ་བོ་ལ་བརྟེན་ནས། །སེར་སྣའི་རྒྱུ་འབྲས་དག་པར་ཤོག །ཨོཾ་ཨ་མི་ཏེ་ཨ་མྲི་ཏེ། ཨ་མི་ཏོད་བྷ་བེ། ཨ་མི་ཏ་སཾ་བྷ་བེ། ཨ་མི་ཏ་བི་ཀྲནྟེ། ཨ་མི་ཏ་བི་ཀྲནྟེ་ག་མི་ནི་སརྦ་ཀརྨ་ཀླེ་ཤཀྵ་ཡཾ་ཀ་ར་

(༥༨༡)སྭཱ་ཧཱ། ན་མ ས་མནྟ་བུདྡྷ་ནཱཾ། ཨཱ་ཀ་ཤ་ས་མ་ཏ་ནུ་ག་ཏ་པི་ཙི་ཏྲཾ་བར་དྷ་ར་སྭཱ་ཧཱ། སྤྱན་རས་གཟིགས་ཀྱི་སྙིང་རྗེ་དང་། །ནམ་མཁའི་སྙིང་པོའི་ཐུགས་བསྐྱེད་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །སེམས་ཅན་རྣམས་ལ་ཕན་འདོད་པས། །ཚུལ་ཁྲིམས་ཆུ་བོ་ལ་བརྟེན་ནས། །ཁྲི༚ས་འཆལ་རྒྱུ་འབྲས་དག་པར་ཤོག །ན་མ༔ ས་མནྟ་བུདྡྷ་ནཱཾ། སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཀཱ་རུ་ཎ་མཱ་ཡ་ར་ར་ར་ཧཱུྃ་ཛ་སྭཱ་ཧཱ། མཐུ་ཆེན་ཐོབ་པའི་ནུས་སྟོབས་དང་། །ནམ་མཁའི་སྙིང་པོའི་ཐུགས་བསྐྱེད་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །སེམས་ཅན་རྣམས་ལ་ཕན་འདོད་པས། །བཟོད་པའི་ཆུ་བོ་ལ་བརྟེན་ནས། །ཁོང་ཁྲོའི་རྒྱུ་འབྲས་དག་པར་ཤོག །ན་མ ས་མནྟ་བུདྡྷ་ནཱཾ་ཛཾ་ཛཾ་སྭཱ་ཧཱ། སྒྲིབ་པ་རྣམས་སེལ་བྱིན་རླབས་དང་། །ནམ་མཁའི་སྙིང་པོའི་ཐུགས་བསྐྱེད་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །སེམས་ཅན་རྣམས་ལ་ཕན་འདོད་པས། །བརྩོན་འགྲུས་ཆུ་བོ་ལ་

(༥༨༢)བརྟེན་ནས། །ལེ་ལོའི་རྒྱུ་འབྲས་དག་པར་ཤོག །ན་མ༔ ས་མནྟ་བུདྡྷ་ནཱཾ། ཨཥྚ་སཏྭ་ཧི་ཏ་ཨ་བྷྱ་ག་ཏ་ཏཾ་ཧཾ་རཾ་རཾ་སྭཱ་ཧཱ། བྱམས་པ་དང་ནི་སའི་སྙིང་པོ། །ནམ་མཁའི་སྙིང་པོའི་ཐུགས་བསྐྱེད་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །སེམས་ཅན་རྣམས་ལ་ཕན་འདོད་པས། །བསམ་གཏན་ཆུ་བོ་ལ་བརྟེན་ནས། །རྣམ་གཡེང་རྒྱུ་འབྲས་དག་པར་ཤོག །ན་མ ས་མནྟ་བུདྡྷ་ནཱཾ། ཨ་ཛི་ཏཉྫ་ཡ་སརྦ་ཏྭ་ཤ་ཡ་ཨ་ནུ་ག་ཏ་སྭཱ་ཧཱ། ཧ་ཧ་ཧ་པུ་ན་ཏ་ནུ་སྭཱ་ཧཱ། འཇམ་དཔལ་དབྱངས་དང་ཀུན་ཏུ་བཟང་། །ནམ་མཁའི་སྙིང་པོའི་།ཐུགས་བསྐྱེད་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །སེམས་ཅན་རྣམས་ལ་ཕན་འདོད་པས། །ཤེས་རབ་ཆུ་བོ་ལ་བརྟེན་ནས། །རྨོངས་པའི་དྲི་མ་དག་པར་ཤོག །ན་མ༔ ས་མནྟ་བུདྡྷ་ནཱཾ། ཧེ་ཧེ་ཀུ་མ་རཱ་ཀ་ནི་མུགྟ་བ་ཐ་བ་ཐ་ཏ་སྨ་ར་སྨ་ར་པྲ་ཏིཛྙཱ་ན་སྭཱ་ཧཱ། ས་མནྟ་ནུ་ཀ་ཏ་བི་རཱ་ག་དྷརྨཱ་ནི་རཱ་ཛ་ཏ་མ་ཧཱ་མ་ཧཱ་སྭཱ་ཧཱ། གསུམ་པ་མཆོག་གསུམ་གྱི་བདེན་པས་སྦྱོང་བ་ནི། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་ཚེ་འདས་དུག་

(༥༨༣)གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་ཚེ་འདས་དུག་གསུམ་སྟེ། །བཅོམ་ལྡན་དམ་ཆོས་དུག་མི་མངའ། །དམ་ཆོས་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་ཚེ་འདས་དུག་གསུམ་སྟེ། །བཅོམ་ལྡན་དགེ་འདུན་དུག་མི་མངའ། །དགེ་འདུན་བདེན་པས་དུག་བཅོམ་མོ། །བཞི་པ་འབྱུང་བཞིའི་དུག་སྦྱོང་བ་ནི། །སོ་སོའི་སྟེང་དུ་ཀུ་ཤས་དུ་བྱུང་བའི་ཚུལ་དུ། ས་ནི་དུག་གི་ཕ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་ས་ཡི་ནང་དུ་སོང་། །ཆུ་ནི་དུག་གི་ཕ་ཡིན་ཏེ། །ཆུ་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་ཆུ་ཡི་ནང་དུ་སོང་། །མེ་ནི་དུག་གི་ཕ་ཡིན་ཏེ། །མེ་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་མེ་ཡི་ནང་དུ་སོང་། །རླུང་ནི་དུག་གི་ཕ་ཡིན་ཏེ། །

(༥༨༤)རླུང་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་རླུང་གི་ནང་དུ་སོང་། །ལྔ་པ་ཤིས་པ་བརྗོད་པ་ནི། བྱང་ཆུབ་སྙིང་པོར་གཤེགས་པ་ན། །ས་རྣམས་དྲུག་པོ་གཡོས་གྱུར་ཅིང་། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་པའི་བདེན་པ་རྣམས་གསུང་ཞིང་། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་གྱུར། །དེ་ནས་ཟས་བསྔོ་བ་ནི། །བཟའ་བཏུང་གྱ་ནོམ་པ་དང་། དྲི་བསུང་ཞིམ་པོའང་སྦྱར་ལ། ཨ་ཀཱ་རོས་བསྔོས་ལ། འགྲོ་བ་གང་དག་སྔ་མའི་ལུས་རྟེན་པོར་ཕྱི་མའི་ལུས་མ་རྙེད། །སྲིད་པ་བར་དོར་ཉམ་ང་བའི་འཕྲད་ལ་སྐྱབས་དང་སྐྱོབ་པ་མེད་པ། མགོན་དང་དཔུང་གཉེན་བྲལ་བ། མིང་བཞི་འདུས་པའི་ཕུང་པོ། ཚོར་བ་སྡུག་བསྔལ་གྱི་རང་བཞིན། འཇིགས་སྐྲག་འཁྲུལ་སྣང་

(༥༨༥)གིས་མནར་བ་གར་འགྲོའི་གཏད་པ་དང་བྲལ་བའི་བར་དོའི་སེམས་ཅན་ཆེ་གེ་མོས་གཙོ་བྱས་པ་རྣམས་ལ་འབུལ་ལོ། །བར་དོའི་སྡུག་བསྔལ་དང་བྲལ་ནས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །ན་མོ་བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་ས་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འགྲུབ་གྱུར་ཅིག །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །གསུམ་པ་རྗེས་ཀྱི་རིམ་པ་ལ་ལྔ་ལས། །དང་པོ་བཤགས་པ་དང་འབྲེལ་བར་ཐུགས་རྗེ་བསྐུལ་བ་ནི། ཕྱོགས་རྣམས་ཀུན་ན་བཞུགས་པ་ཡི། །རྫོགས་སངས་རྒྱས་དང་དེ་ཡི་སྲས། །ཐུགས་རྗེ་

(༥༨༦)ཆེན་པོ་མངའ་རྣམས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །ཐོག་མ་མེད་ལྡན་འཁོར་བ་ནས། །ཚེ་རབས་འདིའམ་གཞན་དག་ཏུ། །བདག་གིས་མ་འཚལ་སྡིག་བགྱིས་པ། །བགྱིད་དུ་སྩལ་བ་ཉིད་དང་ནི། །གཏི་མུག་འཁྲུལ་པས་བདག་ནོན་ཏེ། །རྗེས་སུ་ཡི་རང་གང་ཡིན་པ། །ནོངས་པ་དེ་ནི་མཐོང་བགྱིས་ནས། །བསམ་པ་ཐག་པས་མགོན་ལ་བཤགས། །བདག་གི་དཀོན་མཆོག་གསུམ་དང་ནི། །ཕ་མའམ་བླ་མ་གཞན་དག་ལ། །ཉོན་མོངས་སྒོ་ནས་ལུས་ངག་དང་། །ཡིད་ཀྱིས་གནོད་བགྱིས་གང་ལགས་དང་། །ཉེས་པ་དུ་མས་སྐྱོན་ཆགས་པའི། །སྡིག་ཅན་བདག་གི་སྡིག་པ་གང་། །ཤིན་ཏུ་མི་བཟད་བགྱིས་པ་དེ། །ཐམས་ཅད་འདྲེན་པ་རྣམས་ལ་བཤགས། །བདག་གི་སྡིག་པ་མ་བྱང་པར། །སྔོན་དུ་འགུམ་པར་འགྱུར་དུ་མཆི། །དེ་བས་འདི་ལས་ངེས་ཐར་བྱ། །མྱུར་བའི་ཚུལ་གྱིས་བསྐྱབ་ཏུ་གསོལ། །ཡིད་བརྟན་མི་རུང་འཆི་བདག་འདི། །བྱས་དང་མ་བྱས་མི་སྡོད་པས། །ན་དང་མི་ན་ཀུན་གྱིས་ཀྱང་། །གློ་བུར་ཚེ་ལ་ཡིད་མི་བརྟེན། །

(༥༨༧)ཐམས་ཅད་བོར་ཏེ་ཆ་དགོས་པར། །བདག་གིས་དེ་ལྟར་མ་ཤེས་པས། །མཛའ་དང་མི་མཛའི་དོན་གྱིས་ཕྱིར། །སྡིག་པ་རྣམ་པ་སྣ་ཚོགས་བྱས། །མི་མཛའ་རྣམས་ཀྱང་མེད་འགྱུར་ཞིང་། །མཛའ་བ་རྣམས་ཀྱང་མེད་པར་འགྱུར། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །དངོས་པོ་གད་དང་གང་སྤྱད་པ། །དེ་དེ་དྲན་པའི་ཡུལ་དུ་འགྱུར། །འདས་པ་ཐམས་ཅད་མཐོང་མི་འགྱུར། །རེ་ཞིག་གསོན་ཚེ་འདི་ཉིད་ལ། །མཛའ་དང་མི་མཛའ་དུ་མ་འདས། །དེ་དག་དོན་དུ་བྱས་པའི་སྡིག །མི་བཟད་གང་ཡིན་མདུན་ན་གནས། །དེ་ལྟར་བདག་ནི་གློ་བུར་ཞེས། །བདག་གིས་རྟོགས་པར་མ་གྱུར་པས། གཏི་མུག་ཆགས་དང་ཞེ་སྡང་གིས། །སྡིག་པ་རྣམ་པ་དུ་མ་བྱས། །ཉིན་མཚན་སྡོད་པ་ཡོད་མེད་པར། །ཚེ་འདི་རྟག་ཏུ་གོང་འགྱུར་ཞིང་། །བསྣོན་པ་གུད་ནས་འོད་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །བདག་ནི་མལ་ན་འདུག་བཞིན་དུ། །གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཀྱང་། །སྲོག་འཆད་

(༥༨༨)པ་ཡི་ཚོར་བ་དག །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །གཤིན་རྗེའི་ཕོ་ཉས་ཟིན་པ་ལ། །གཉེན་གྱིས་ཅི་ཕན་བཤེས་ཅི་ཕན། །དེ་ཚེ་བསོད་ནམས་སྐྱབས་གཅིག་པ། །དེ་ཡང་བདག་གིས་མ་བསྟེན་ཏོ། །མགོན་པོ་བག་མེད་བདག་གིས་ནི། །འཇིགས་པ་འདི་འདྲ་མ་འཚལ་ནས། །མི་རྟག་ཚེ་འདིའི་ཆེད་དག་ཏུ། སྡིག་པ་མང་པོ་ཉེ་བར་བསྒྲུབས། །སྐྱེ་བོ་ཡན་ལག་བཅད་པའི་སར། །དེ་རིང་ཁྲིད་པའང་བྲེད་གྱུར་ཏེ། ཁ་སྐམ་མིག་རྩ་ངན་པ་སོགས། །སྔ་ལས་གཞན་དུ་འགྱུར་སྣང་ན། གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ལྟའི། །ཤ་ཚུགས་ཅན་གྱིས་བཟུང་གྱུར་ཞིང་། །འཇིགས་ཆེན་ནད་ཀྱིས་ཐེབས་གྱུར་པ། །རབ་ཏུ་ཉམ་ཐག་སྨོས་ཅི་དགོས། །སུ་ཞིག་འཇིག་རྟེན་འདི་ལས་བདག །ལེགས་པར་སྐྱོབ་པར་བྱེད་འགྱུར་ཞེས། །བྲེད་ཤ་ཐོན་པའི་མིག་བགྲད་ནས། །ཕྱོགས་བཞིར་སྐྱབས་དག་འཚོལ་བར་བྱེད། །ཕྱོགས་བཞིར་སྐྱབས་མེད་མཐོང་ནས་ནི། །དེ་ནས་ཀུན་ཏུ་ཡི་མུག་འགྱུར། །གནས་དེར་སྐྱབས་ཡོད་མ་

(༥༨༩)ཡིན་ན། །དེ་ཚེ་བདག་གིས་ཇི་ལྟར་བྱ། །དེ་བས་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་བ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །བདག་ནི་འཇིགས་པས་རྣམ་སྐྲག་པས། །ཀུན་ཏུ་བཟང་ལ་བདག་ཉིད་དབུལ། །འཇམ་པའི་དབྱངས་ལའང་བདག་ཉིད་ཀྱིས། །བདག་གི་ལུས་འདི་དབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་པའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང་། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་བདག་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང་། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་འཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་

(༥༩༠)བ་རྣམས། །སྐྲག་ནས་ཕྱོགས་བཅུར་འབྱོར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱོད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེར་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱིས། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཞེས་གཞན་དོན་ལ་ཚིག་ཕྲད་བསྒྱུར། །དེ་ནས་སྦྱོང་བ་དང་འབྲེལ་ན་ལམ་བསྟེན་པ་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །འཁོར་བ་སྡུག་བསྔལ་ཅན་ཕུང་པོར། །འགྱུར་དང་འདུ་བྱེད་ཉིང་འཁྲུལ་ཅན། །ལས་ལ་སྐྱེ་ཞིང་ལས་ལ་བརྟེན། །དེ་ཕྱིར་དེ་ལ་མ་ཆགས་པར། །བླ་མ་དཀོན་མཆོག་རྣམས་ཀྱི་མཐུ། །དད་པའི་ཡུལ་ལ་ཤིན་ཏུ་སྣང་། །མོས་གུས་བསྐྱེད་ཅིག་རིགས་ཀྱི་བུ། །འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །བདེ་བ་ཅན་གྱི་ཞིང་ཁམས་ཡོད། །མགོན་པོ་འོད་དཔག་མེད་པ་བཞུགས། །གང་ཞིག་ཡིད་ལ་དྲན་པའི་མོད། །ཁྱེད་ཀྱང་དེ་རུ་ཕྱིན་འགྱུར་བས། །མགོན་པོ་དེ་ཡི་མཚན་ཟུང་ལ། །ཡིད་གཉིས་སྤོངས་ལ་དེར་གཤེགས་ཤིག །སྦྱང་བྱའི་རྣམ་ཤེས་ཧཱུྃ་གི་རྣམ་པ། །བདེ་

(༥༩༡)བ་ཅན་དུ་འཕངས་པའི་དེ་མ་ཐག་བྱང་བུ་བསྲེག་ཅིང་། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །སོགས་ཀྱིས་སྨོན་ལམ་བཏབ། །ཛ་ཡནྟུ།

(༥༩༢)

(༥༩༣)མཁའ་འགྲོའི་ལས་ཚོགས་བཅོ་ལྔ་པ་སྒྲིབ་སྦྱོང་གནས་ལུང་གི་ཆོ་ག་བསྒྲིགས་དག་བྱེད་གཏེར་བུ་མ་བཞུགས། །

(༥༩༤)བདེ་བར་གཤེགས་པ་ཀུན་གྱི་ཡུམ། །འཕགས་མ་སྒྲོལ་མ་རྣལ་འབྱོར་མ། །ཤེས་རབ་ཕ་རོལ་ཕྱིན་མ་ལ། །བརྟེན་ནས་གནས་ལུང་སྦྱོང་བ་བཤད། །དབེན་པའི་གནས་སུ་མཁའ་འགྲོ་བདེ་ཆེན་རྒྱལ་མོའི་རས་བྲིས་མཚན་ཉིད་དང་ལྡན་པ་དང་། མཆོད་གཏོར། དབང་རྫས། རྣམ་བུམ་དང་། ཁྲུས་བུམ། མདོར་ན་འོག་ཏུ་དགོས་པའི་སྦྱོང་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བསག་གོ། དེ་ནས་བདག་མདུན་འཇུག་པ་གཅིག་གི་ཚོགས་བསྐྱེད་ནས་བཟླས་པ་སྔོན་སོང་རྗེས། ཁྲུས་བུམ་ལ་དམིགས་ནས། སྭ་བ་ཧཱ་ཝས་སྦྱངས་སྟོང་པའི་ངང་ལས་པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་བྷྲཱུཾ་ཡིག་འོད་དུ་ཞུ་བ་ལ་ས་བྱུང་བའི་ཁྲུས་ཀྱི་བུམ་པ་རིན་པོ་ཆེའི་རང་བཞིན་ཡངས་ཤིང་རྒྱ་ཆེ་བ། ལྟ་བ་ལྡིར་བ། ཞབས་ཞུམ་

(༥༩༥)པ། མཆུ་འཕྱང་བ། མགྲིན་པ་ཕྲ་བ་ལྷའི་གོས་པཉྩ་ལི་ཀ་ས་དཔྲིས་ཤིང་། དཔག་བསམ་ཤིང་གིས་ཁ་བརྒྱན་པའི་ནང་མཁའ་འགྲོའི་གཞལ་མེད་ཁང་ཟླ་གམ་སྒོ་གཅིག་པའི་རྣམ་པར་གནས་པའི་དབུས་སུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་པདྨ་རིགས་ཀྱི་མཁའ་འགྲོ་བདེ་ཆེན་ཡེ་ཤེས་ཀྱི་རྒྱལ་མོ་སྐུ་མདོག་དམར་གསལ་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པའི་ཐུགས་ཀར་རྗེ་བཙུན་སྒྲོལ་མ་རབ་ཏུ་ཞིབ་སྐུ་མདོག་དཀར་གསལ་ཆུ་ཤེལ་གྱི་ཕུང་པོ་ལ་ཟླ་བ་ཤར་བ་ལྟ་བུ་དམིགས་བྱའི་སྡིག་སྒྲིབ་ཞི་བ་ལ་ཐུགས་བྱང་ཆུབ་སེམས་ཀྱི་འོད་ཟེར་སྤྲོ་བཞིན་པར་བཞུགས་པར་གྱུར། ཧཱུྃ་བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ན། །སེམས་ཅན་དོན་ལ་དགོངས་པའི་

(༥༩༦)དཀོན་མཆོག་གསུམ། །ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུ། །རྒྱལ་བ་འཁོར་བཅས་མ་ལུས་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛ ཡེ་ཤེས་ཀྱི་དཀྱིལ་འཁོར་མ་ལུ་ཤིང་ལུས་པ་མེད་པ་ཐམས་ཅད་མདུན་གྱི་ནམ་མཁར་བྱོན། ཛཧཱུྃ་བཾ་ཧོ ཞེས་བརྗོད་པས་དམ་ཚིག་པ་དང་གཉིས་སུ་མེད་པར་འདྲེས། ཨོཾ་ཨཱཧཱུྃ་གིས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་བྱིན་གྱིས་རློབ། །གནས་སོ་སོར་རིགས་ལྔའི་དབང་རྒྱ་བཅས་ལ། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱ བཛྲ་ས་མ་ཡ་ཨཱ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ། སྭཱ་བཛྲ་ས་མ་ཡ་སྭཱ། ཧཱ་བཛྲ་ས་མ་ཡ་ཧཱ། དབང་ལྷ་ཡབ་ཡུམ་རྗེས་ཆགས་ཞུ་བ་དེའི་ཆུ་རྒྱུན་བྱང་ཆུབ་སེམས་ཀྱི་རོལ་པས་དབང་བསྐུར། བདུད་རྩི་གྱེན་དུ་བརྟན་པ་གནས་སོ་སོའི་དབུ་རྒྱན་དུ་བཞུགས་པར་གྱུར། སྙིང་ཁའི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བུམ་ལྷ་ལས་བདུད་རྩིའི་རྒྱུན་བབས་པར་བསམ་ཞིང་། ཛབ་དགོངས་ཀྱི་དམིགས་པས་ཚེ་འདས་ཀྱི་སྡིག་སྒྲིབ་སྦྱོང་བར་བསམ་

(༥༩༧)མོ། །མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་ རབ་ཏུ་ཞི་བ་སྐུ་མདོག་དཀར༔ ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི ཨུཏྤལ་ལ་གནས་སྤྱི་བླུགས་འཛིན ཐུགས་ལས་དག་བྱེད་ལྷ་མོ་ནི བུམ་པ་ཐོགས་པ་དཔག་མེད་སྤྲོས ཟླ་གདན་ལ་གནས་དམིགས་བྱ་ཡི ངན་སོང་སྡིག་སྒྲིབ་བཀྲུས་པར་གྱུར ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་པཱ་པཾ་ག་ཏེ་ག་ཏེ་སྭཱ་ཧཱ༔ ཅེས་སྟོང་རྩ་ལས་མི་ཉུང་བར་བཟླས་རྗེས་ཚོགས་བསག་གི་ཕྱིར་དུ་མཆོད་ཕྲེང་རྒྱས་པའམ། མ་ནུས་ན། མེ་ཏོག་དམ་པ་ཕྲེང་བ་དམ་པ་སོགས། །ཤོ་ལོ་ཀ་གཉིས་ཀྱིས་མཆོད། དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་དང་། །སོགས་ཤོ་ལོ་ཀ་གཅིག་གིས་བསྟོད། ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། ཨོཾ་ཨཱ༔ཧཱུྃ་གིས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་བས། བུམ་པའི་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་བར་བསམ་མོ། །བར་འདིར་

(༥༩༨)ཚོགས་ཀྱི་འཁོར་ལོ་དང་། བདག་འཇུག་ཀྱང་བླང་ངོ་། །དེ་ནས་སྦྱོང་བ་ལ་འཇུག་པར་བྱ་སྟེ། །ཐོག་མར་རྟེན་ལ་དགུག་པ་ནི། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་སྟེང་དུ་ནྀྲ་ཡོངས་སུ་གྱུར་པ་ལས་ཚེ་འདས་ཀྱི་ཕུང་པོ་དང་སྐྱེ་མཆེད་གསོན་གྱི་གནས་སྐབས་ཇི་ལྟ་བར་ཡོད་པར་གྱུར། ན་མོ་བྱིན་རླབས་ཀྱི་རྩ་བ་བླ་མ་རྣམས་ཀྱི་བདེན་པ་དང་། བསླུ་བ་མེད་པ་དཀོན་མཆོག་གསུམ་གྱི་བདེན་པ་དང་། གསང་སྔགས་དང་རིགས་སྔགས་དང་གཟུངས་སྔགས་རྣམས་ཀྱི་བདེན་པ་དང་། དོན་དམ་རང་བཞིན་གྱི་རྣམ་པར་དག་པའི་བདེན་པ་དང་། ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། བཅོམ་ལྡན་འདས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ཡུམ་གྱུར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་རང་བཞིན་སྐྱེ་གནས་ཀྱི་བར་དོ་ནས་ཆོས་ཉིད་དང་སྲིད་པའི་བར་དོར་བརྒྱུད་ཁ་འཁྱལ་བའི་ཚེ་འདས་ཆེ་གེ་མོའི་རྣམ་པར་ཤེས་པ་འགྲོ་བ་རིགས་དྲུག །སྐྱེ་གནས་རྣམ་པ་བཞི། སྲིད་པ་བར་

(༥༩༩)མདོ་གང་དུ་གནས་ཀྱང་སྙིང་རྗེ་ཆེན་པོ་དང་གསང་སྔགས་ཟབ་མོའི་བདེན་པས་རྟེན་འདི་ལ་མཆིས་བར་གྱུར་ཅིག །ལན་གསུམ། རྣམ་པར་ཤེས་པ་འོད་ཀྱི་རང་བཞིན་དུ་རྟེན་ལ་ཐིམ་པར་གྱུར། ཛཧཱུྃ་བཾ་ཧོ༔ ཞེས་ཕྱག་རྒྱ་བཞིས་བཅིང་། ཕྱིར་འབྲང་གི་བགགས་སྦྱང་བའི་ཕྱིར། གཏོར་མ་གསུམ་རེ་རེ་ནས་བསྐོར་ཞིང་། ཨོཾ་སརྦ་བི་ག་ནན་ན་མ སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་མཐར། ཚེ་ལས་འདས་པའི་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་བགེགས་རྣམས་ལ་གཏོར་མ་འདི་བརྔན་དུ་སྦྱིན་གྱིས་སོང་ཞིག །ཅེས་སྤྲེལ་བ་ལན་གསུམ། ཏིང་ལོ་ཆང་བུ་དང་བཅས་བསྐོར་ཞིང་། སུཾ་བྷ་ནིའི་མཐར། ཏིང་ལོ་འདིས་སྣང་བ་དང་། ཆང་བུ་འདིས་ལམ་རྒྱགས་གྱིས་ལ་སོང་ཞིག །ཅེས་སྦྲེལ་བ་གསུམ་གྱི་མཐར། འབར་བ་མེའི་ཕྱག་རྒྱ་བསྟན་ཏེ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་མ་ཐ།

(༦༠༠)ད་ཧ་པ་ཙ་ཧཱུྃ་ཕཊ ཅེས་མཚམས་གཅད། དེ་ནས་རྟེན་གྱི་གཡས་སུ་མེ། གཡོན་དུ་ཆུ། མདུན་དུ་ཏིལ་བཞག་ནས། ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་སྙིང་གར་ཀཾ་ནག་པོའི་རྣམ་པར་གནས་པ་སྣ་སྒོ་ལས་སྡིག་པ་རྭ་ཅན་གྱི་རྣམ་པར་འཐོན། ཏིལ་ལ་ཐིམ་པ་ཡེ་ཤེས་ཀྱི་མེ་དང་ཆུ་བོར་དོར་བས་སྡིག་སྒྲིབ་དག་པར་གྱུར། ཨོཾ་བཛྲ་ཌ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་པཱ་པཾ་ད་ཧ་ན་བྷསྨི་ཀུ་རུ་སྭཱ་ཧཱ། ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སརྦ་པཱ་པཾ་ཤཱནྟི༚་ཀུ་རུ་སྭཱ་ཧཱ། གསང་སྔགས་ཟབ་མོ་བཟླས་པའི་བྱེ་མས་གྲབ་ཅིང་། རྩ་རིག་དང་ཡིག་བརྒྱ་གང་མང་བརྗོད། དེ་ནས་ཁྲུས་བུམ་གྱི་ཆུས་མེ་ལོང་ངོས་སུ་བཀྲུ་ཞིང་དམིགས་པ་ལྡན་པས། ཕྱག་འཚལ་བ་དེ་མ་དགེ་མ་ཞི་མ། མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །སྭཱ་ཧཱ་ཨོཾ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་པཱ་པཾ་ག་ཏེ་ག་ཏེ་སྭཱ་ཧཱ། ཞེས་ལན་མང་དུ་བཀྲུས་མཐར་འབྱུང་བའི་དུག་

(༦༠༡)དབྱུང་བ་ནི། ས་ལ་སོགས་པ་མདུན་དུ་བཞག་ལ། ཀུ་ཤའི་ཆུན་པོས་དབྱུང་བའི་ཚུལ་དུ། ས་ནི་དུག་གི་ཕ་ཡིན་ཏེ། ས་ནི་དུག་གི་མ་ཡང་ཡིན། བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་ས་ཡི་ནང་དུ་སོང་། །ཆུ་ནི་དུག་གི་ཕ་ཡིན་ཏེ། །ཆུ་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་ཆུ་ཡི་ནང་དུ་སོང་། །མེ་ནི་དུག་གི་ཕ་ཡིན་ཏེ། །མེ་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་མེ་ཡི་ནང་དུ་སོང་། །རླུང་ནི་དུག་གི་ཕ་ཡིན་ཏེ། །རླུང་ནི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་བརྗོད་པས། །དུག་གསུམ་རླུང་གི་ནང་དུ་སོང་། །ཧཱུྃ་ལཱ་མཱཾ་པཱཾ་ཏཾ་ཆེ་གེ་མོའི་འབྱུང་བའི་དུག་ཐམས་ཅད་ཤཱི༚ནྟ་ཀུ་རུ་སྭཱ་ཧཱ། བདེན་པའི་སྟོབས་ཀྱི་དུག་གཞོམ་པ་ནི། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་ཚེ་འདས་དུག་གསུམ་ཏེ། །བཅོམ་

(༦༠༢)ལྡན་སངས་རྒྱས་དུག་མི་མངའ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་ཚེ་འདས་དུག་གསུམ་སྟེ་བཅོམ་ལྡན་དམ་ཆོས་དུག་མི་མངའ། །དམ་ཆོས་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་ཚེ་འདས་དུག་གསུམ་སྟེ། །བཅོམ་ལྡན་དགེ་འདུན་དུག་མི་མངའ། །དགེ་འདུན་བདེན་པས་དུག་བཅོམ་མོ། །ཆེ་གེ་མོའི་ཉོན་མོངས་པ་དུག་གསུམ་ཐམས་ཅད་དཀོན་མཆོག་གསུམ་གྱི་བདེན་པས་ཤཱིནྟ་ཀུ་རུ་སྭཱ་ཧཱ། དེ་ནས་ཤིས་པ་བརྗོད་པ་ནི། བྱང་ཆུབ་སྙིང་པོར་གཤེགས་པ་ནས། །ས་རྣམས་དྲུག་པོ་གཡོན་གྱུར་ཅིང་བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱོད་ལ་བདེ་ལེགས་མཛད་པར་གྱུར། །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །ཆོས་ཀྱི་འཁོར་ལོ་བསྐོར་བ་ནས། འཕགས་པའི་བདེན་པ་རྣམས་གསུང་ཞིང་། །ཐུབ་པའི་སྙན་པ་གང་བྱུང་དེས། །ཁྱོད་ལ་བདེ་ལེགས་མཛད་པར་གྱུར། །ཁྱེད་ཅག་སྡིག་པར་མ་གྱུར་

(༦༠༣)ཅིག །ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཚོགས་ཀུན་དབང་དུ་མཛད་པ་དེས། །ཁྱོད་ལ་བདེ་ལེགས་མཛད་པར་གྱུར། །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །༈ ཚེ་ལས་འདས་པས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་སྡིག་པའི་ཕྱོགས་ལས་རྒྱལ་ཞིང་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །དེ་ནས་དབང་བསྐུར་བ་ནི། ཉེ་དུ་ལ་སོགས་པ་ཡིད་གཅུགས་བས་བྱང་བུ་བཟུང་ལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ། རྒྱུན་བཤགས་དང་སྡོམ་བཟང་ལ་དམིགས་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ་ཡེ་ཤེས་དབབ་པ་ནི། །ཚེ་འདས་ཀྱི་སྙིང་ཁར་རྣམ་པར་ཤེས་པའི་ངོ་བོ་རཾ་ཡིག་དམར་སེར་གསལ་བ་ལས་མེ་

(༦༠༤)འབར། །རྣམ་སྨིན་བག་ཆགས་ཀྱི་ལུས་གཞོབ་ཐུལ་གྱི་ཚིག །སྐད་ཅིག་ཉིད་ལ་བདེ་ཆེན་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྙིང་ནང་དུ་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་ནམ་མཁའ་ལས་ཁ་ཆར་བབས་པ་བཞིན་དུ་བྱོན་ནས་ཐིམ་པར་བསམ་ཞིང་། ཧཱུྃ་བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ན། །སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ། །ཡིད་ཀྱིས་སྤྲུལ་ཞིང་བཤམས་པའི་གནས་འདི་རུ། །རྒྱལ་བ་འཁོར་བཅས་མ་ལུས་གཤེགས་སུ་གསོལ། །ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཛྙཱ་ན་ཝཱ་རཱ་ཧཱི་ཕཻཾ་ཕཻཾ ཞེས་རོལ་མོ་དཀྲོལ། ཏིཥྛ་བཛྲ་ས་བརྟན་པར་བྱ། །བུམ་པ་སྤྱི་བོར་བཞག་ལ། ཧོ གསང་སྔགས་དམ་ཚིག་བླ་ན་མེད། །རབ་བྱུང་ལྷུན་གྲུབ་བུམ་པའི་དབང་། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །དབང་བསྐུར་དམ་པ་ཁྱོད་ལ་སྦྱིན། །རྩ་སྔགས་མཐར་ཀ་ལ་ཤ་

(༦༠༥)ཨ་བྷི་ཥིཉྩ་ཧཱུྃ། བདུད་རྩི་སྦྱིན་ཞིང་། ཧོ བྱང་ཆུབ་སེམས་ཀྱི་དམ་ཚིག་ནི། །རྩ་ཁམས་ཡི་གེའི་འཁོར་ལོར་བསྟིམ། །བརྗོད་པ་མེད་ལས་ཐམས་ཅད་སྐྱེས། །གྲགས་སྟོང་གསུང་གི་དབང་ཐོབ་ཤོག །རྩ་སྔགས་མཐར་བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སིན་དྷུ་རའི་དཀྱིལ་འཁོར་གཏད་ལ། ཧོ༔ ཡེ་ཤེས་རྣམ་པ་ཐམས་ཅད་པ། །དགའ་བ་བཞི་ལ་ཡང་དག་བརྟེན། །ཐབས་ཤེས་འབྲེལ་བའི་དམ་ཚིག་གི། །ཕྱག་རྒྱ་ཆེན་པོ་ཁྱོད་ཀྱིས་ལོངས། །ཛཧཱུྃ་བཾ་ཧོ ཨ་ཧོ་མ་ཧཱ་སུ་ཁ། དྲིལ་བུ་དཀྲོལ་ཞིང་། སྒྲ་ནི་གྲགས་པ་ཉིད་ནས་སྟོང་། །དེ་བཞིན་སེམས་ལ་ངོ་བོ་མེད། །ངོ་བོ་མེད་པའི་གནས་ལུགས་ལ། །བལྟ་བྱ་སྤངས་ནས་ཡང་དག་ལྟོས། །ཨ་ཨཱ ཞེས་ཚེ་འདས་ཀྱི་སེམས་དང་རང་སེམས་ཐ་དད་མེད་པར་བསྲེ། །གཏང་རག་གི་མཎྜལ་དབུལ། །གཙོ་བོས་ཇི་ལྟར་བཀའ་སྩལ་བ། །ཞེས་སོགས་བརྗོད་པར་

(༦༠༦)བསམ། དེ་ནས་འཁོར་བ་དང་འབྲེལ་བཅད་ནས་ལམ་བསྟན་པ་ནི། སྣང་གསལ་འོད་འཕྲོ་བཅིག་བཏེག་ནས། གསོན་ཅིག་ཚེ་འདས་རིགས་ཀྱི་བུ། །འཁོར་བ་སྡུག་བསྔལ་ཅན་ཕུང་པོ། །འགྱུར་དང་འདུ་བྱེད་ཉིད་འཁྲུལ་ཅན། །ལས་ལས་སྐྱེས་ཤིང་ལས་ལ་བརྟེན། །དེ་ཕྱིར་དེ་ལ་མ་ཆགས་པར། །བླ་མ་དཀོན་མཆོག་རྣམས་ཀྱི་མཐུ། །དད་པའི་ཡུལ་ལ་ཤིན་ཏུ་སྣང་། །མོས་གུས་བསྐྱེད་ཅིག་རིགས་ཀྱི་བུ། །འདི་ནས་ནུབ་ཀྱི་ཕྱོགས་རོལ་ན། །སྲིད་གསུམ་དྲི་མ་རབ་སྤངས་པ། །རང་བཞིན་སྤྲུལ་པའི་ཞིང་ཁམས་ནི། །པདྨོ་བརྩེགས་པ་ཞེས་བྱ་བར། །མགོན་པོ་འོད་དཔག་མེད་པ་བཞུགས། །གང་ཞིག་ཡིད་ལ་དྲན་པའི་མོད། །ཁྱེད་ཀྱིས་དེ་རུ་ཕྱིན་འགྱུར་བས། །དད་གུས་བསྐྱེད་ལ་དེ་མཚན་ཟུང་། །སྟོན་ཕ་དེ་ཡི་ཞལ་མཐོང་བའི། །མོད་ལ་སྒྲིབ་པ་རྣམ་པ་གཉིས། །ཡུད་ལ་སྤངས་ནས་མངོན་སངས་རྒྱས། །ཡིད་གཉིས་སྤངས་ལ་དེར་གཤེགས་ཤིག །ཅེས་བརྗོད་པའི་མོད་ལ་བྱེད་

(༦༠༧)བུའི་རྣམ་ཤེས་ཧཱུྃ་གི་རྣམ་པས་དེར་འཕངས། །བྱང་བུ་སྲེག་ཅིང་། ཧོ གསོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །ཕུང་པོ་ལྔ་ཡི་བུད་ཤིང་ལ། །རྒྱལ་བ་རིགས་ལྔའི་མེ་སྦར་རོ། །འབྱུང་བ་ལྔ་ཡི་བུད་ཤིང་ལ། །གཤེགས་མ་ལྔ་ཡི་མེ་སྦར་རོ། །རྣམ་ཤེས་བརྒྱད་ཀྱི་བུད་ཤིང་ལ། །སེམས་དཔའ་བརྒྱད་ཀྱི་མེ་སྦར་རོ། །སྐྱེ་མཆེད་དྲུག་གི་བུད་ཤིང་ལ། །ཐུབ་པ་དྲུག་གི་མེ་སྦར་རོ། །ཡུལ་དང་དབང་པོའི་བུད་ཤིང་ལ། །དག་བྱ་དག་བྱེད་མེ་སྦར་རོ། །ལུས་ངག་ཡིད་གསུམ་བུད་ཤིང་ལ། །རྒྱལ་བའི་སྐུ་གསུམ་མེ་སྦར་རོ། །སྐུ་གསུམ་ཡེ་ཤེས་ལྔ་ལྡན་པ། །འགྲོ་བའི་དོན་དུ་འགྲུབ་པར་ཤོག །ཅེས་དང་། ལམ་སྦྱང་བ་ནི། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱི། །རིན་ཆེན་ཕྲེང་བ་རྣམ་དག་པ། ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་སྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །

(༦༠༨)བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བརྟེན་ནས་སྡིག་སྒྲིབ་ཀུན་སྦྱངས་ནས། །འཕགས་པའི་ལམ་དེར་བགྲོད་པར་ཤོག །ཅེས་དང་། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །སོགས་སྨོན་ལམ་ཀྱང་གདབ་པས་ཚེ་འདས་དེ་ཉིད་བདེ་བ་ཅན་ནས་སླར་སྟེང་གི་ནམ་མཁའ་ལ་འོངས་ནས་དྲིན་ལེན་བསབ་ཕྱིར་མེ་ཏོག་འཐོར་ཞིང་རྒྱལ་བའི་ཕྲིན་ལས་ལ་ཆེད་དུ་བརྗོད་པ། །ཨེ་མ་སངས་རྒྱས་ངོ་མཚར་ཆེ། །ཨེ་མ་སངས་རྒྱས་ཕྲིན་ལས་འཕགས། །གང་ཕྱིར་བདག་ཅག་ངན་སོང་སྦྱངས། །བྱང་ཆུབ་སྤྱོད་པ་ཉིད་ལ་བཞག །སངས་རྒྱས་འདྲ་བའི་སྟོན་པ་མེད། །ཆོས་དང་འདྲ་བའི་སྐྱོབ་པ་མེད། དགེ་འདུན་འདྲ་བའི་ཞིང་ས་མེད། །སྔགས་དང་འདྲ་བའི་མྱུར་ལམ་མེད། །བདག་བཞིན་སེམས་ཅན་ཐམས་ཅད་ཀྱང་། །ལམ་མཆོག་འདི་ནས་དབུགས་དབྱུང་གསོལ། །ཅེས་བརྗོད་ནས་སླར་ཡང་བདེ་བ་ཅན་དུ་སོང་ས་ལམ་སྦྱངས་ཏེ། དབུས་ཕྱོགས་མེ་རི་འབར་བར་ཀུན་ཏུ་བཟང་པོའི་ཞིང་ཁམས་སུ་སངས་རྒྱས་པར་

(༦༠༩)གྱུར། ཅེས་བརྗོད་ཅིང་། བཟང་པོ་སྤྱོད་པའི་སྨོན་ལམ་འདོན། །ཆོ་གའི་རྗེས་ཆོག་རྣམས་དཀྱུས་བཞིན་བྱས་ལ། ཤི་རྒབ་གཅོད་པའི་ཕྱིར་ཤིས་བརྗོད་རྒྱ་ཆེན་པོ་ཡང་བྱའོ། །འདི་ལྟར་སྦྱང་བ་བགྱི་བའི་རིམ་པ་ལ་མིང་བཞི་འདུས་པའི་ཕུང་པོ་ཅན་མཐའ་དག་དབང་གི་རྟེན་དུ་རུང་མི་རུང་སོགས་དང་། དབང་གི་སྔོན་འགྲོའི་སྡོམ་བཟུང་རྣམ་པ་གསུམ་གྱི་ཐ་སྙད་ལ་བརྟེན་ནས་དངོས་གཞི་ཐོབ་ཚུལ་སོགས་ལ་དཔྱད་པ་བྱེད་པ་ཡོད་ཀྱང་། བྱང་ཆུབ་ཀྱི་སེམས་ལྷག་པའི་བསམ་པ་བརྟན་པོ་དང་མི་ལྡན་ན་ནི་ཆོ་གའི་ཐ་སྙད་རྫོགས་ཀྱང་བར་མ་དོའི་ཡིད་ཅན་ལ་ཕན་པའི་ཡོན་ཏན་སྒྲ་ཇི་བཞིན་པ་མི་ཐོབ་ལ། རང་འདོད་མེད་ཅིང་སྙིང་རྗེ་ཆེན་པོའི་བློ་ཡོངས་སུ་དག་པ་རྣམས་ལ་ནི་འདི་ཙམ་གྱིས་ཕན་པ་འགྲུབ་པར་ངེས་པ་རྙེད་ནས་ཚིག་གི་སྦྱོར་བ་ཉུང་བ་ཉིད་གཙོ་བོར་བྱས་པའོ། །ཞེས་པའང་རྒྱང་རུ་དཔལ་སྡིངས་རྗེ་བཙུན་མས་ནན་གྱིས་བསྐུལ་བའི་ངོར་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་སོ།། །།

(༦༡༠)

(༦༡༡)ཀློང་ཆེན་སྙིང་གི་ཐིག་ལེ་ལས། ཡུམ་ཀ་བདེ་ཆེན་རྒྱལ་མོ་ལས། སྒྲོལ་མ་རྣལ་འབྱོར་མ་ལ་བརྟེན་ནས་དུག་དབྱུང་བྱ་བ་བཀྲུའི་ལྷན་ཐབས་བཞུགས། །

(༦༡༢)ན་མོས་ཏ་ཛ་ཡ། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་པ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །མཁའ་འགྲོའི་ལས་ཚོགས་བཅོ་བརྒྱད་པ་དུག་དབྱུང་བྱེད་པར་འདོད་པས་བུམ་པ་བཟང་པོ་བཅུད་སྨན་ཉེར་ལྔས་གཏམས་པའི་ཁ་རྒྱན་རྨ་བྱའི་སྒྲོ་ཕོད་ལ་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཡན་ལག་བཀྲ་བ། རིན་པོ་ཆེའི་མཆུ་ཅན་གྱི་ཙ་ཀླི་གྲུབ་ན་བཀོད། མ་གྲུབ་ན་ཡིད་ཀྱི་ཆོ་གར་བྱ། ཉེར་སྤྱོད་བཟང་པོས་མཐའ་བསྐོར། ལས་གཞུང་གི་བསྟོད་པའི་རྗེས་ལ་འཛབ་དགོངས་ནི། །མཁའ་འགྲོའི་ཐུགས་ཀར་པདྨ་ཟླའི་སྟེང་ སྒྲོལ་མ་རྨ་བྱ་ཆེན་མོ་དཀར ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་ ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི དཀོན་མཆོག་གསུམ་མཚོན་སྐྱབས་སྦྱིན་རྒྱས རི་དྭགས་རྟགས་ཅན་ཨུཏྤལ་འཛིན འོད་ཟེར་འཕྲོས་པས་བརྟན་གཡོའི་

(༦༡༣)དུག ལྷག་མ་མེད་པར་གཞིལ་བར་བསམ ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱརེ་སརྦ་བི་ཥ་ཏཱ་ར་ཕཊ ཅེས་པ་རྒྱ་ཙམ་བཟླས་རྗེས། བུམ་པའི་ནང་དུ་འོ་མའི་རྒྱ་མཚོའི་དབུས་ན་རྨ་བྱའི་རྒྱལ་པོ་གསར་དུ་སྣང་བ་ཆེས་མཛེས་ཤིང་བ་ལྟ་ན་སྡུག་པ་རིག་པ་མཆོག་གི་སྔགས་སྒྲ་སྟོང་གསུམ་ཁྱབ་པ་ཙམ་དུ་དི་རི་རི་སྒྲོགས་པས་དམིགས་བྱའི་དུག་རྣམས་རང་བཞིན་མེད་པའི་ངང་དུ་དག་པར་བསམས་ལ་བཟླས་པ་ཅི་ནུས་བྱ། །ཐུན་མཐར་རྨ་བྱ་ཡེ་ཤེས་པ་ཁ་རྒྱན་ནམ་གཟུགས་བརྙན་དང་འདྲེས། དམ་ཚིག་པ་ཆུར་ཞུ་བར་མོས། དེ་ནས་བཀྲུ་བྱ་བ་བྱ་བ་ནི། བུམ་ཆུས་བཀྲུ་ཞིང་། ཧོ འགལ་རྐྱེན་ཐམས་ཅད་དུག་ལ་བརྟེན། །དུག་གི་རྒྱུ་ནི་ཉོན་མོངས་པ། །རིག་པ་མཆོག་གི་སྨན་ཆེན་འདིས། །སེམས་ཅན་ཁམས་ན་དུག་མེད་ཤོག །ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་བི་ཥ་ཏ་

(༦༡༤)ར་ཕཊ ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་བ་ནི་སེལ་མ། །ཞེས་སྔགས་དང་། །ཕྱག་འཚལ་སྤྲེལ་མ་བརྒྱ་ཚར་སོགས་ཀྱིས་བཀྲུ། །དེ་ནས་བྱ་བ་པ་ནི། རྨ་བྱ་བཟུང་ལ་དུག་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་བཞིན་དུ་བླང་བར་བསམས་ལ། དེ་བཞིན་གཤེགས་པས་ཁྱིམ་བདག་དཔལ་སྦས་ཀྱི་ཁ་ཟས་དུག་ཅན་བདེན་ཚིག་གིས་གསལ་བ་འདི་བྱིན་རླབས་ཤིན་ཏུ་ཆེ་བས། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་སངས་རྒྱས་དུག་མེད་པ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་ཆོས་ནི་དུག་མེད་པ། །ཆོས་ཀྱི་བདེན་པས་དུག་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །བཅོམ་ལྡན་དགེ་འདུན་དུག་

(༦༡༥)མེད་པ། །དགེ་འདུན་བདེན་པས་དུག་བཅོམ་མོ། །བདེན་པ་གང་གིས་ང་སངས་རྒྱས། །འཇིག་རྟེན་ཀུན་ལ་བླ་ན་མེད། །བདེན་པའི་ཚིག་ནི་དེ་ཡིས་སུ། །གང་ལུས་དུག་གིས་མི་ཚུགས་ཤོག །བདེན་པ་གང་གིས་ང་ཡི་ཆོས། །འཇིག་རྟེན་ཀུན་ལ་བླ་ན་མེད། །བདེན་པའི་ཚིག་ནི་དེ་ཡིས་སུ། །གང་ལུས་དུག་གིས་མི་ཚུགས་ཤོག །བདེན་པ་གང་གིས་ང་དགེ་འདུན། །འཇིག་རྟེན་ཀུན་ལ་བླ་ན་མེད། །བདེན་པའི་ཚིག་ནི་དེ་ཡིས་སུ། །གང་ལུས་དུག་གིས་མི་ཚུགས་ཤོག །ཤིང་གང་དུག་དང་བཅས་རྣམས་དང་། །སྲོག་ཆགས་གང་དག་དུག་བཅས་པ། །དེ་ཀུན་འདོད་ཆགས་དུག་ལས་བྱུང་། །འདོད་ཆགས་དུག་ནི་དུག་གི་མཆོག །ཤིང་གང་དུག་དང་བཅས་རྣམས་དང་། །སྲོག་ཆགས་གང་དག་དུག་བཅས་པ། །དེ་ཀུན་ཞེ་སྡང་དུག་ལས་བྱུང་། །ཞེ་སྡང་དུག་ནི་དུག་གི་མཆོག །ཤིང་གང་དུག་དང་བཅས་རྣམས་དང་། །སྲོག་ཆགས་གང་དག་དུག་བཅས་པ། །དེ་ཀུན་གཏི་མུག་དུག་ལས་བྱུང་། །

(༦༡༦)གཏི་མུག་འདི་ནི་དུག་གི་མཆོག །དྲག་པོའི་དུག་གིས་དུག་བཅོམ་སྟེ། །སྲུང་དང་ཡོངས་སུ་བཟུང་བ་བྱས། །སངས་རྒྱས་ཀུན་གྱིས་དུག་བཅོམ་པས། །རྫོགས་སངས་རྒྱས་ལ་སྐྱབས་སུ་དོད། །ཞེས་ཅི་ནུས་བརྗོད་པས་ཟླ་བ་སྒྲ་གཅན་ལས་ཐར་བ་ལྟ་བུར་འགྱུར་རོ། །ཁྲུས་ཁུ་ཟག་པ་ཟ་བའི་ཡི་དྭགས་ལ་སཾ་བྷ་རས་བསྔོ་ཞིང་། །གདོན་ལ་ཆོས་ཀྱི་སྦྱིན་པས་རྒྱུད་འགྲོལ་བ་ནི་སྙིང་རྗེ་ཆེན་པོའི་བློ་དང་ལྡན་པས། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །སོགས་དང་། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །ཞེས་པས་ངེས་དོན་གྱི་འབྲེལ་བ་བཞག །ཕུན་སུམ་ཚོགས་པ་མངའ་བ་ལ་སོགས་པས་ཤིས་པ་བརྗོད་པར་བྱའོ། །ཞེས་པའང་མཁྱེན་བརྩེའི་ལྷས་སོ།། བཀྲ་ཤིས།

(༦༡༧)ཀློང་ཆེན་སྙིང་གི་ཐིག་ལེ་ལས། ཡུམ་ཀ་མཁའ་འགྲོའི་ལས་ཚོགས་ལས། བླ་བསླུའི་ལྷན་ཐབས་སྲོག་འཚོའི་ལྗོན་པ་ཞེས་བྱ་བ་བཞུགས། །

(༦༡༨)རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ། །མཁའ་འགྲོའི་ལས་ཚོགས་ཉེར་གཅིག་པ་ལ་བརྟེན་ནས་བླ་བསླུའི་ལྷན་ཐབས་ལ། སྦྱོར་དངོས་རྗེས་གསུམ་ལས་དང་པོ་ནི། མཆོད་གཏོར་གྱི་ཉེ་ལོགས་ཅི་བདེ་བར་རི་རབ་མཚོན་བྱེད་ཀྱི་རེ་ཁཱ་གྲུ་བཞི་པ་ཕྱོགས་མདོག་ཅན་གྱི་དབུས་སུ་པད་འདབ་བརྒྱད་ཀྱི་ལྟེ་བ་ལ་སྨེ་བ་གླིང་དགུ་ཤེས་ན་བསྒྲུབ་བྱའི་བབས་སྨྲེ་དང་བསྟན། མ་ཤེས་ན་ལྔ་སེར་དབུས་བཞག་དཔེ་ལྟར་བྲིའོ། །འདབ་བརྒྱད་ལ་སྤར་ཁ་བརྒྱད། རི་རབ་ཀྱི་ཕྱོགས་བཞིར་གླིང་བཞི་གླིང་ཕྲན་གྱི་བཀོད་པ། དེའི་ཕྱི་རིམ་ཟླུམ་སྐོར་ཕྱོགས་མཚམས་བརྒྱད་དུ་བཅད་པ་བྲི། དེ་ཡང་གཞུང་

(༦༡༩)ལས། ཚེ་ལ་མངའ་དང་བླ་ལ་གཡུ། ཁམས་ཀྱི་རྟེན་དུ་དར་ཚོན་དཔྱད། །ཞེས་པས། སྨེ་བ་གླིང་དགུའི་སྟེང་དུ་མདའ་རྒྱང་མ་ལ་དར་ཚོན་སྣ་ལྔ་དྲི་མེད་ཁ་ཆེར་མ་ཉམས་པ་དང་བླ་གཡུ་བཏགས་པ་བཙུགས། ལྟོང་གི་ནང་དུ་རྣམ་ཤེས་ཚོགས་བརྒྱད་མཚོན་པའི། །ཨ་ཀ་ཙ་ཊ་པ་ཡ་ཤ༔ བྲིས་པ་བཅུག །སྤར་ཁའི་སྟེང་དུ་ངར་གླུད་བརྒྱད། གླིང་བཞི་སོ་སོའི་དབུས་སུ་རྒྱལ་ཆེན་སྡེ་བཞི་ལ་ཆབ་གཏོར་དང་ཉེར་སྤྱོད་རེ། ཕྱོགས་མཚམས་བརྒྱད་པོར་གདོན་བརྒྱད་ལ་ཕྱོགས་མདོག་དང་མཐུན་པའི་གཏོར་ཟླུམ་མཛུབ་གང་པ་རེ་ལ་ཆང་བུ་གང་མང་། སོ་སོར་ངར་གླུད་རེ་དང་། ནམ་རྒྱང་། མདའ་འཕང་། ཤིང་རིས་

(༦༢༠)ཚང་པ་རེ་དང་། འོ་ཕུད། ཆང་སྐྱེམས། ཆུ་ཕུད། འབྱུང་བའི་ཟས་ཤ་ཆང་ལ་ཕུག །འབྲས་ཆན། འབྲས་བུ་རྣམས་ཀྱང་བཤམ། ཅི་བདེ་བར་ཕྱིང་དཀར་གྱི་སྟེང་འབྲུ་ཚོམ་བརྒྱད་བཀོད་པའི་སྟེང་མཁར་གཞོང་ནང་དུར་བ་གཙང་པོ། མ་འབྱོར་ན་ཆུ་སྣ་གང་འཛོམ་བླུགས་པའི་སྟེང་མར་གྱི་བླ་ལུག་ཡོལ་གོར་བཅུག་པ་བཞག །ཞག་སྦྲེལ་དུ་བྱེད་ན་རྟེན་འབྲེལ་བརྟག་པའི་ཕྱིར། །ཤོག་བུ་གྲུ་བཞི་གཅིག་གི་དཀྱིལ་དུ་ནྀྲ་དང་མཐའ་སྐོར་དུ་ཚེ་དང་ལྡན་པ་ཆེ་གེ་མོའི་བླ་ཚེ་ཡར་བ་ཁུག་ཛ ཞེས་བྲིས་པའི་ཁུང་དུ་བསྒྲུབ་བྱའི་ལོ་གྲངས་ཀྱི་འབྲུ་དཀར་བཅུག་ལ་བླ་ལུག་གི་ཁོང་དུ་འཇུག །སྒྲེལ་གླུད་ཆེ་བ་གཅིག་ལ་གླུད་རྫས་འཛོམ་པར་བྱས་པའི་ཉེ་སྐོར་དུ་ཁ་གསོ་རྒྱུའི་གླུད་ཕྲན་བརྒྱ། །ཆང་བུ་བརྒྱ། །རིལ་བུ་བརྒྱ་རྣམས་བཤམ་ལ་བཞག །གཉིས་པ་ནི། །མཁའ་འགྲོའི་ལས་གཞུང་བསྲང་ལ་བཟླས་པ་ལ་

(༦༢༡)བབས་པ་ན། མཁའ་འགྲོའི་ཐུགས་ཀར་པད་ཟླའི་སྟེང་། །འོད་ཟེར་ཅན་མ་སྐུ་མདོག་དཀར། །སྐུ་གསུང་།ཐུགས་ལ་ཨོཾ་ཨཱཧཱུྃ། །ཞབས་གཉིས་རྟ་བབས་སྐྱིལ་མོ་ཀྲུང་། །ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི། །དཀོན་མཆོག་གསུམ་མཚན་སྐྱབས་སྦྱིན་རྒྱས། །ཨུཏྤལ་ལ་གནས་གསེར་ཉ་འཛིན། །ཡི་གེ་གསུམ་ལས་འོད་འཕྲོས་པས། །གདོན་དང་རོ་ལངས་གནོད་སྦྱིན་གྱིས། །ནད་པའི་བླ་དང་ཚེ་བརྐུས་པ། །སླར་ལ་མནངས་བཞིན་སྤྲད་པར་དམིགས། །ཨོཾ་པདྨོ་ཡོ་གི་ནི་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་རི་ཙྱི་ཚེ་བྷྲཱུཾ་ནྀྲ་ཛསྭཱ་ཧཱ། ཞེས་པའི་བཟླས་པ་དམིགས་གནད་དང་ལྡན་པ་ཅི་ནུས་བཟླས་རྗེས། །མདོས་ཡིས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ལ་གྱེར་བ་ནི། ཀྱེ། སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག །ཆགས་བྲལ་དམ་པའི་ཆོས་

(༦༢༢)ཏེ་བདེན་པའི་མཆོག །རིགས་གྲོལ་དགེ་འདུན་མཆོག་སྟེ་བདེན་པའི་མཆོག །བདེན་པའི་བཀའ་ལ་མི་ཉན་གང་ཡང་མེད། །འཆི་བའི་སྲོག་ལ་མི་ཆགས་གང་ཡང་མེད། །བརྔན་དང་རྒྱགས་ལ་མི་བརྟེན་གང་ཡང་མེད། །ཆོས་ཀྱི་དབྱིངས་སུ་མི་གཅིག་གང་ཡང་མེད། །དེ་བས་ཐམས་ཅད་བདེན་པའི་ངག་ལ་ཉོན། །ཀྱེ་བླ་མ་ཡི་དམ་མཁའ་འགྲོ་གསུམ། །བཀའ་དང་དམ་ལ་གནས་པ་ཡི། །མྱ་ངན་འདས་པའི་གདོན་གྱི་སྡེ། །ལེགས་ཉེས་སྟང་འཛིན་ཕན་གནོད་ཅན། །མཁའ་འགྲོ་ཤུགས་འགྲོ་གནས་ཡུལ་བདག །གིང་དང་ལངྐ་མ་བདུན་སྲིང་། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་དང་། །མགྱོགས་མ་བཞི་དང་འབར་མའི་ཚོགས། །སྤོར་མ་ཤུག་འགྲོ་བསྟན་མའི་སྡེ། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་། །འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ། །གདོན་གྱི་གཙོ་བོ་ཕྱོགས་སྐྱོང་བཅུ། །རྒྱལ་པོ་ཆེན་པོ་སྡེ་བཞི་སོགས། །གཙང་རིས་མགོན་པོ་བདུན་ཅུ་རྣམས། །དེ་རིང་མདོས་དང་གླུད་ལ་སྤྱོན། །དེང་གི་རྒྱུ་སྦྱོར་ཡོན་བདག་འདིའི། །རྩ་རླུང་ཐིག་

(༦༢༣)ལེའི་ཉེར་ལེན་དང་། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །རྟེན་འབྲེལ་དུས་སྦྱོར་ལོག་པ་ཡི། །བླ་དང་ཚེ་ལ་གཞོམ་སྲིད་ན། །མཆོད་སྦྱིན་འདོད་ཡོན་ལྔ་ལྡན་དང་། །མདོས་གླུད་བཟང་པོ་འདི་བཞེས་ལ། །བྱད་དང་རྦོད་གཏོང་ཁྲམ་ཁ་བསྒྱུར། །བླ་ཚེ་རང་གི་གནས་སུ་སྐྱོལ། །བླ་ལུག་ཞལ་ཁ་ནང་དུ་སྒྱུར། །ཀྱེ་སྟོང་གསུམ་སྟོང་གི་འཇིག་རྟེན་ན། །གླིང་བཞི་བྱེ་བ་ཕྲག་བརྒྱ་སྟེ། །གླིང་བཞིའི་ཁམས་ལ་དབང་བྱེད་པའི། །རྒྱལ་པོ་ཆེན་པོ་སྡེ་བཞི་ནི། །རང་རང་རིགས་ཀྱི་ལྷ་རྣམས་དང་། །ཉི་ཤུ་རྩ་བརྒྱད་སྡེ་དཔོན་ཡིན། །དེ་དག་འཁོར་ན་གནས་པ་ཡི། །ལྷ་དང་ལྷ་མིན་གསང་བ་བ། །སྟོང་ཕྲག་བྱེ་བ་ཕྲག་བརྒྱའི་གདོན། །འདི་དག་མི་ཡི་འཇིག་རྟེན་ལ། །ཀུན་ནས་གནོད་ཅིང་བླ་ཚེ་བརྐུ། །གནོད་པ་སྣ་ཚོགས་ལས་སྐྱོབས་ཕྱིར། །གདོན་གྱི་སྡེ་དཔོན་གཤེགས་སུ་གསོལ། །གཤགས་ནས་མཐུན་པའི་དམ་རྫས་བཞེས། །རང་རང་གདོན་ལ་བཀའ་ནན་གསོལ། །ཁྱེད་རྣམས་སྟོན་པའི་ཞལ་

(༦༢༤)མཐོང་ཞིང་། །བསྟན་པ་ལ་གུས་སེམས་ཅན་ལ། །ཕན་པར་བཞེད་པའི་དམ་ཚིག་ཅན། །ཡིན་ན་རང་གི་རིག་སྔགས་དང་། །མིང་དང་སྟོབས་དང་དབང་ཕྱུག་གི། བྱིན་གྱི་ནུས་པས་བསྲུང་དུ་གསོལ། །ཀྱེ་ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང་། །དྲི་ཟའི་གདོན་གྱི་བདག་པོ་སྟེ། །གདོན་དེས་བཏབ་པའི་སྐྱེ་འགྲོ་རྣམས། །གླུ་དང་བྲོ་དང་རྒྱན་ལ་དགའ། །བསྐམས་པ་མ་མཆིས་སྨྲ་ཞིང་རྒོད། །སྐོམ་དད་ཆེ་བའི་རིམས་ཀྱིས་འདེབས། །མིག་འཛུམ་རྒྱབ་ཀྱིས་ཕྱོགས་ཤིང་ལ། །དེང་གི་རྒྱུ་སྦྱོར་ཡོན་བདག་འདི། །དྲི་ཟའི་བྱང་དུ་ཆུད་པ་དང་། །བླ་ལ་བརྐུས་སམ་ཚེ་བསྟུངས་ན། །མདོས་གླུད་བཟང་པོ་འདི་བཞེས་ལ། །དྲི་ཟའི་བྱད་དང་གདོན་ལས་ཕྲོལ། །བླ་ཚེ་རང་གི་གནས་སུ་སྐྱོལ། །བླ་ལུག་ཞལ་ཁ་ནང་དུ་སྒྱུར། །ཡུལ་འཁོར་སྲུང་གི་རིག་སྔགས་དང་། །མིང་དང་སྟོབས་དང་དབང་ཕྱུག་གིས། །དྲི་ཟའི་གདོན་ལ་བཀའ་ནན་གསོལ། །བྱིན་གྱི་ནུས་པས་བསྲུང་དུ་གསོལ། །ཀྱེ་ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་བོ། །གྲུལ་བུམ་གདོན་གྱི་བདག་པོ་སྟེ། །

(༦༢༥)གདོན་དེས་བཏབ་པའི་སྐྱེ་འགྲོ་རྣམས། །སྐོམ་ངང་གཡེང་དང་བཞིན་རས་དམར། །འཁུམས་ནས་སར་ཉལ་ཁ་དོག་ངན། །རིང་ཅིང་སྐྲ་དང་སེན་མོ་རིང་། །དྲི་ང་རྫུན་དང་ཀྱལ་བ་མང་། །དེང་གི་རྒྱུ་སྦྱོར་ཡོན་བདག་འདི། །གྲུལ་བུམ་བྱད་དུ་ཆུད་པ་དང་། །བླ་ལ་བརྐུས་སམ་ཚོ་བསྟུངས་ན། །མདོས་གླུད་བཟང་པོ་འདི་བཞེས་ལ། །གྲུལ་བུམ་བྱད་དང་གདོན་ལས་ཕྲོལ། །བླ་ཚེ་རང་གི་གནས་སུ་སྐྱེལ། །བླ་ལུག་ཞལ་ཁ་ནང་དུ་སྒྱུར། །འཕགས་སྐྱེས་པོ་ཡི་རིག་སྔགས་དང་། །མིང་དང་སྟོབས་དང་དབང་ཕྱུག་གིས། །གྲུལ་བུམ་གདོན་ལ་བཀའ་ནན་གསོལ། །བྱིན་གྱི་ནུས་པས་བསྲུང་དུ་གསོལ་ཀྱེ་ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང་། །འདབ་བཟང་གདོན་གྱི་བདག་པོ་སྟེ། །གདོན་ངེས་བཏབ་པའི་སྐྱེ་འགྲོ་རྣམས། །སྐྱིགས་བུ་མང་ལ་དབུགས་ཀྱང་བྲང་། །རྡུལ་ཞིང་ཝུ་བ་ཁམ་ཆུ་འབྱུང་། །གཉིད་ཀྱིས་མྱོས་ཤིང་འདར་སྐྱུག་ཏུ། །དོག་པར་མཆི་ཞིང་སེན་མོ་སྟོན། །དེང་གི་རྒྱུ་སྦྱོར་ཡོན་བདག་འདི། །

(༦༢༦)ཀླུ་ཡི་བྱད་དུ་ཆུད་པ་དང་། །བླ་ལ་བརྐུས་སམ་ཚེ་བསྟུངས་ན། །མདོས་གླུད་བཟང་པོ་འདི་བཞེས་ལ། །འདབ་བཟང་བྱད་དང་གདོན་ལས་ཕྲོལ། །བླ་ཚེ་རང་གི་གནས་སུ་སྐྱོལ། །བླ་ལུག་ཞལ་ཁ་ནང་དུ་སྒྱུར། །མིག་མི་བཟང་གི་རིག་སྔགས་དང་། །མིང་དང་སྟོབས་དང་དབང་ཕྱུག་གིས། ཀླུ་ཡི་གདོན་ལ་བཀའ་ནན་གསོལ། །བྱིན་གྱི་ནུས་པས་བསྲུང་དུ་གསོལ། །ཀྱེ་བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས། །གནོད་སྦྱིན་གདོན་གྱི་བདག་པོ་ཡིན། །གདོན་དེས་བཏབ་པའི་སྐྱེ་འགྲོ་རྣམས། །རྒོད་ཅིང་འཇིགས་པ་སྨྲ་བར་བྱེད། །ཁྲོ་ཞིང་གཉིད་ལོག་ཤིན་ཏུ་ན། །གྱེན་དུ་བལྟ་ཞིང་སྐར་མ་སྙེགས། །འདར་ཞིང་སྒྲ་འབྱིན་ནུབ་མོ་དགའ། །ཁྱད་པར་ལུས་ངན་པོ་ཡི་བུ། །ཀུན་ཏུ་བརྒྱལ་དང་བསྐྱེད་པ་པོ། །གདོན་པོ་ཆེ་དང་བུམ་པའི་ལྟོ། །སོ་སོའི་འཁོར་ན་གནས་པ་ཡི། །གནོད་སྦྱིན་བྱེ་བ་དྲུག་ཅུ་བཞིས། །དེང་གི་རྒྱུ་སྦྱོར་ཡོན་བདག་འདི། །གནོད་སྦྱིན་བྱད་དུ་ཆུད་པ་དང་། །བླ་ལ་བརྐུས་སམ་ཚེ་བསྟུངས་ན། །མདོས་གླུད་བཟང་པོ་འདི་བཞེས་ལ། །གནོད་སྦྱིན་བྱད་

(༦༢༧)དང་གདོན་ལས་ཕྲོལ། །བླ་ཚེ་རང་གི་གནས་སུ་སྐྱོལ། །བླ་ལུག་ཞལ་ཁ་ནང་དུ་སྒྱུར། །རྣམ་ཐོས་སྲས་ཀྱི་རིག་སྔགས་དང་། །མིང་དང་སྟོབས་དང་དབང་ཕྱུག་གིས། །གནོད་སྦྱིན་གདོན་ལ་བཀའ་ནན་གསོལ། །བྱིན་གྱི་ནུས་པས་བསྲུང་དུ་གསོལ། །མདོར་ན་བཅིང་བ་ལྔས་བཅིང་ཤིང་། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གི །གནོད་སྦྱིན་བྱེ་བ་སྟོང་ཕྲག་སྡེ། །ལྷུན་པོའི་ངོས་དང་ངམ་གྲོག་གཡང་། །རྒྱ་མཚོ་ཆུ་ཀླུང་ལུ་མ་།རྫིང་། །སྐྱེད་མོས་ཚལ་དང་གཞལ་མེད་ཁང་། །ཀུན་དགའ་ར་བ་ནགས་ཚལ་བྲག །མཆོད་རྟེན་ལྗོན་ཤིང་གཅིག་པ་དང་། །གྲོང་དང་གྲོང་ཁྱེར་གྲོང་རྡལ་ལྗོངས། །རྒྱལ་པོའི་ཕོ་བྲང་དཀྱིལ་འཁོར་གནས། །ལྷ་ཁང་དུར་ཁྲོད་ཤོ་གམ་འཕྲང་། ཁང་སྟོང་ཕྱག་ལྷས་གླང་པོའི་བྲེས། །དཀའ་ཐུབ་གནས་དང་དཀོར་ཁང་དང་། །རི་སྣ་གྲོང་སྣ་བྲག་སྐྱིབས་སོགས། །གནས་དང་གནས་མིན་ལ་དབང་ཞིང་། །མིང་གཟུགས་སྐྱེ་མཆེད་སྣ་ཚོགས་པས།

(༦༢༨)དེང་གི་རྒྱུ་སྦྱོར་ཡོན་བདག་འདི། །བླ་དང་ཚེ་ལ་གཞོམ་སྲིད་ན། །མདོས་གླུད་བཟང་པོ་འདི་བཞེས་ལ། བཞི་བརྒྱ་རྩ་བཞིའི་ནད་ལས་ཕྲོལ། །བླ་ཚེ་རང་གི་གནས་སུ་སྐྱོལ། །བླ་ལུག་ཞལ་ཁ་ནང་དུ་སྒྱུར། །བདུད་ཀྱི་བདུད་ཆེན་རིག་སྔགས་དང་། །མིང་དང་སྟོབས་དང་དབང་ཕྱུག་གིས། །བླ་རྐུན་གདོན་ལ་བཀའ་ནན་གསོལ། །སེང་གེའི་གཟུགས་དང་གླང་ཆེན་སྟག །དོམ་དང་མ་ཧེ་སྤྱང་ཀི་དྲེད། །ཝ་དང་ཕག་རྒོད་སྦྲུལ་གྱི་གཟུགས། །རྟ་དང་བོང་བུ་རྔ་མོ་ལུག །ཁྱི་དང་བྱི་ལའི་གཟུགས་ཅན་སོགས། །མཆུ་སོ་ཁྲག་གིས་གོས་པ་དང་། །ཀེང་རུས་གཟུགས་དང་མཚོན་ཆ་ཅན། །རྣ་བ་འཕྱང་དང་རྣ་བ་མེད། །རྣ་བོ་ཆེ་དང་སྒྲ་ཆེན་འབྱིན། །ཆེ་ཞིང་གཏུམ་ལ་མི་སྡུག་གཟུགས། །སྤུ་གཞོལ་སེན་མོ་རིང་བ་དང་། །སྐྲ་བརྫེས་ལྕགས་མཆུ་ཟངས་སོ་ཅན། །ལག་པ་ཁྲག་གིས་དམར་བ་དང་། །སྙིམ་པར་ནང་ཁྲོལ་ཐོགས་པ་དང་། །ཡན་ལག་མ་ཚང་ཕྱེད་པའི་ལུས། །གསུས་པ་ཆེ་དང་ནུ་མ་འཕྱང་། །མགོ་ཆེ་ཡན་ལག་རིང་བ་དང་། །སྲིན་པོ་འདོད་དགུར་སྒྱུར་བའི་

(༦༢༩)གཟུགས། །ཆུང་མ་ཤ་ཟར་ལ་གཅིག་སོགས། །དཔག་ཚད་བརྒྱད་ཁྲིར་ཁྲག་ལ་རྔམས། །ཤིན་ཏུ་གཟུ་ལུམས་ཆེ་བའི་གདོན། །རྣམ་འགྱུར་རྣམ་པ་སྣ་ཚོགས་དང་། བྱད་དང་ཁྲམ་ཁ་ཀུན་གྱི་བདག །འདོད་པ་ཁམས་ཀྱི་དབང་ཕྱུག་མས། །དེང་གི་རྒྱུ་སྦྱོར་ཡོན་བདག་འདི། །བླ་དང་ཚེ་ལ་གཞོ་སྲིད་ན། །མདོས་གླུད་བཟང་པོ་འདི་བཞེས་ལ། །བཞི་བརྒྱ་རྩ་བཞིའི་ནད་ལས་ཕྲོལ། །བླ་ཚེ་རང་གི་གནས་སུ་སྐྱོལ། །བླ་ལུག་ཞལ་ཁ་ནང་དུ་སྒྱུར། །བདུད་ཀྱི་བདུད་ཆེན་རིག་སྔགས་དང་། །མིང་དང་སྟོབས་དང་དབང་ཕྱུག་གིས། །བླ་རྐུན་གདོན་ལ་བཀའ་ནན་གསོལ། །གདོན་གྱི་གཙོ་བོ་ཕྱོགས་སྐྱོང་བཅུ། །དེ་ཡི་འཁོར་ན་གནས་པ་ནི། །ལྷ་དང་ཀླུ་དང་ལྷ་མ་ཡིན། །མེ་དང་རླུང་ལྷ་གཤིན་རྗེ་དང་། །བདེན་བྲལ་དབང་ལྡན་ནམ་མཁའ་ལྡིང་། །མི་འམ་ཅི་དང་ལྟ་འཕྱེ་ཆེ། །ཡི་དགས་སྡེ་ཚན་སུམ་ཅུ་གཉིས། །འཕྲོག་མ་མ་བུ་ལྔ་བརྒྱ་དང་། །དྲི་ཟ་གྲུལ་བུམ་ལུས་སྲུལ་པོ། །སྐེམ་བྱེད་སྨྱོ་བྱེད་བརྗེད་བྱེད་དང་། །གྲིབ་

(༦༣༠)གནོན་རྣོན་པོ་ཚེ་རམ་འདོན། །རེ་ལྡེ་བདོན་དང་ཤ་ཁྲག་རྔམས། །ཞག་དང་ཚིལ་བུ་ལྷ་རྐང་དང་། །མངལ་དང་སྦྱིན་སྲེག་ཟ་བ་དང་། །དྲི་དང་ཕྲེང་བ་གཏོར་མ་ཟ། །མེ་ཏོག་འབྲས་བུ་ངར་སྣབས་དང་། །སྐྱུགས་པ་ལ་སོགས་མི་གཙང་ཟ། །སྟོར་ཁུད་ནས་འབབས་འཐུངས་པ་དང་། །བྱད་དང་སྐར་མ་རོ་ལངས་གདོན། །སྡིགས་པའི་སེམས་དང་དྲག་ཤུལ་དང་། །སྡང་བའི་སེམས་ལྡན་ཐམས་ཅད་ཀྱིས། །དེད་གི་རྒྱུ་སྦྱོར་ཡོན་བདག་འདི། །བླ་དང་ཚེ་ལ་གཞོམ་སྲིད་ན། །མདོས་གླུད་བཟང་པོ་འདི་བཞེས་ལ། །བཞི་བརྒྱ་རྩ་བཞིའི་ནད་ལས་ཕྲོལ། །བླ་ཚེ་རང་གི་གནས་སུ་སྐྱོལ། །བླ་ལུག་ཞལ་ཁ་ནང་དུ་སྒྱུར། །བདུད་ཀྱི་བདུད་ཆེན་རིག་སྔགས་དང་། །མིང་དང་སྟོབས་དང་དབང་ཕྱུག་གིས། །བླ་རྐུན་གདོན་ལ་བཀའ་ནན་གསོལ། །དེ་བཞིན་མངལ་ལ་མ་རུངས་བྱེད། །རྣམ་པ་སྣ་ཚོགས་ནད་ཀྱི་བདག །འཇོམ་པོ་བ་ལང་གཟུགས་ཅན་དང་། །རི་དྭགས་གཟུགས། །སྐེམ་བྱེད་གཞོན་ནུར་བརྫུ་ཞིང་འཕྲུལ། །བརྗེད་བྱེད་ཝ་གཟུགས་མ་མོའི་

(༦༣༡)གདོན། ཁུ་ཚུར་ཅན་ནི་བྱ་རོག་གཟུགས། །རྟ་ཡི་གཟུགས་ཅན་ཇི་མི་ཀ །འདོད་ཅན་རྡོ་རྗེ་ནམ་གྲུ་ཁྱི། །སྲུལ་པོ་ཕག་གཟུགས་བྱ་དང་ནི། །བྱི་ལའི་གཟུགས་ཅན་མ་དགའ་བྱེད། །བྱ་གག་གཟུགས་ཅན་གཉའ་ལག་ཅན། །བཞིན་རྒྱན་འུག་པ་མིག་འཕྱང་ནི། །ཕ་ཝང་གཟུགས་སྤྲུལ་བྱིས་པ་རྣམས། །སྐྲག་ཅིང་མ་རུངས་བྱེད་པའི་གདོན། །མི་བརྫུ་དགུ་རུ་བརྫུ་བ་དང་། །གཞན་ཡང་སྤར་སྨེ་ལོ་ཟླ་ཞག །དུས་ཚོད་ཆོས་གྲངས་གབ་ཚེའི་བདག །ཕྱི་ནང་གསང་བའི་ལྷ་མ་སྲིན། །སྡེ་བརྒྱད་སྟོང་སྡེ་ལན་ཆགས་དང་། །བགེགས་རིགས་གློ་བུར་ལྷག་པའི་གདོན། །ཡིད་གཟུགས་ཅན་དང་གསོན་པོའི་འདྲེ། །གསོད་དང་གཅོད་དང་མདངས་འཕྲོག་ལ། །དགའ་ཞིང་གནོད་པ་སྣ་ཚོགས་ཅན། །མཁའ་ལ་རྒྱུ་བའི་ཡི་དྭགས་ཀྱིས། །དེང་གི་རྒྱུ་སྦྱོར་ཡོན་བདག་འདི། །བླ་དང་ཚེ་ལ་གཞོམ་སྲིད་ན། །མདོས་གླུད་བཟང་པོ་འདི་བཞེས་ལ། །བཞི་བརྒྱ་རྩ་བཞིའི་ནད་ལས་ཕྲོལ། །བླ་ཚེ་རང་གི་གནས་སུ་སྐྱོལ་

(༦༣༢)བླ་ལུག་ཞལ་ཁ་ནང་དུ་བསྒྱུར། །བདུད་ཀྱི་བདུད་ཆེན་རིགས་སྔགས་དང་། །མིང་དང་སྟོབས་དང་དབང་ཕྱུག་གིས། །བླ་རྐུན་གདོན་ལ་བཀའ་ནན་གསོལ། །ཞེས་གྱེར་ཞིང་གསེར་སྐྱེམས་དང་། ཁྲག་སྐྱེམས་ཕྱོགས་ཕྱོགས་སུ་གཏོར་དེ་ནས་སློབ་དཔོན་སྒེག་པའི་རྡོ་རྗེའི་ལུགས་སུ་གྲགས་པའི་བློ་འགུགས་ཀྱི་སྔགས་འདི་ཡང་བཟླ་སྟེ། ཨོཾ་རྫབ་རྫབ་རྫུབ་རྫུབ་བྷི་ཏྲ་ཀློང་ནྀྲ་ཁུག་ཛཞེས་དང་དམིགས་གནད་ནི་ཕྱག་མཚན་ལ་གནས་པའི་གསེར་ཉ་དེ་ཉིད་བསྒྲུབ་བྱའི་བླ་གཟུགས་སུ་བསམས་ལ་བླ་ཚེ་འོད་ཀྱི་རྣམ་པ་བསྟིམས་པས་བཀྲག་མདངས་ཤིན་ཏུ་འབར་བར་བསམ་མོ། །བཟླས་པ་སྟོང་ཕྲག་རེའི་ཐུན་མཚམས་སུ་གླུད་ཕྲན་བསྔོ་བ་ནི། གཞུད་ལས། ཐུན་མཚམས་བླ་གླུད་བཟང་པོ་ལ། །གླུད་ཕྲན་ཟན་བྲུལ་ཆང་བུ་བརྒྱ། །འབྲུ་གསུམ་བྱིན་རླབས་སཾ་བྷ་རས་བརྒྱ་རྩ་བརྒྱད་བསྔོ་ལན་རེ་བཞིན། །ཞེས་པ་ལྟར། གླུད་ཆུང་གཅིག །རིལ་བུ་གཅིག །ཆང་བུ་གཅིག་རྣམས་ལ་ཆུ་ཆང་གིས་བྲན་ནས། ཨོཾ་ཨཱཧཱུྃ་

(༦༣༣)གིས་བརླབ། སཾ་བྷ་ར་གཅིག་གི་མཐར། ཧཱུྃ་ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཞེན་པ་དང་། དྲན་དང་གཟུང་དང་བསམ་དང་རེག །གློང་དང་ཞི་དང་གྲོལ་བར་མཛོད། །ཅེས་བརྗོད་པ་དང་གླུད་ཆེན་དུ་དོར། ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པའི། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །ཞེས་ཐལ་མོ་ལན་གཅིག་བརྡབ། དེ་འདྲ་བ་བརྒྱ་རྩ་བྱ། ཡས་གླུད་མ་འཛོམ་པའི་རིགས་ལ་ཆུ་གཏོར་གྱི་རྗེས་སུ་རང་ཉིད་སྒྲོལ་མར་གསལ། གླུད་ཆུང་སོགས་ལ་བརྟེན་ནས་འདི་ལྟར་བྱས་པས་ཀྱང་རུང་ངོ་། །ལྟས་བརྟག་པ་ནི། བར་མཚམས་ཅི་རིགས་པར་བསྒྲུབ་བྱ་དངོས་སམ་མིན་ནའང་རུང་སྟེ་བསྒྲུབ་བྱའི་བླ་ཚེའི་རྟེན་ཚེ་མདའ་ལ་དམིགས་ནས་བླ་ལུག་གི་སྣོད་བསྐོར་བས་དེ་ཕྱོགས་ལ་བློ་ལུག་གིས་བལྟས་ན་བླ་ཁུག་པའི་ལྟས་དང་། མ་ཁུག་ན་ཕྱིར་ལོག་ཏུ་བལྟ་བས་

(༦༣༤)བསྐྱར་བའི་ཚུལ་གཞུང་ལས། རྟེན་འབྲེལ་བླ་ལུག་ཉིད་ལ་བརྟག །མ་གྲུབ་བར་དུ་བསྐྱར་ཞིང་འབད། ཅེས་དང་། སྲོག་བསླུ་བྱ་ཞིང་ཉེའུ་འདོན། །དུས་མིན་འཆི་བ་ངེས་པར་བཟློག །ཅེས་སོ། །ཚུལ་དེ་ལྟ་བུ་ཞག་སྦྲེལ་ལམ་ཉིན་ཆོག་ཇི་ལྟ་བུ་བྱ་ཡང་ཐུན་ཕྱི་མར་ཆོས་སྲུང་གི་བསྐང་གསོ་དང་། ཚོགས་མཆོད་སོགས་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། རྒྱལ་ཆེན་སྡེ་བཞིའི་མཆོད་གཏོར་རྣམས་མ་གཏོགས་ཡས་གླུད་ཐམས་ཅད་སྣོད་དུ་བསྡུས་ཆུ་ཆང་གིས་བྲན། གསེར་སྐྱེམས་དང་གསུར་དུད་ཀྱིས་སྣ་དྲངས་ལ་འདེགས་པ་དང་སྦྲགས། ཀྱེ་སྟོང་གསུམ་སྟོང་གི་འཇིག་རྟེན་ནས། །གློ་བུར་ལྷགས་པའི་གདོན་ཚོགས་རྣམས། །དེ་རིང་རྒྱུ་སྦྱོར་ཡོན་བདག་གི །དཀོར་ལ་ངོ་སོ་མཆིས་པར་མཛོད། །མི་དང་དེ་ནི་གླུད་དུ་བརྗེས། །མི་བས་གླུད་དགའ་སྐྱེ་མཆེད་མཛེས། །བླ་ཡི་རིན་དུ་མཐུན་རྫས་བཅལ། །བླ་ལས་ཟང་ཟིང་གྱ་ནོམ་མང་། །ཚེ་ཡི་འཇལ་དུ་ཡོད་དགུ་སྤྲུགས། །ཚེ་ལས་བཟའ་ཆེ་དཀོར་ཆ་འཛོམ། །ཏིང་འཛིན་སྔགས་རྒྱས་འདོད་དགུར་

(༦༣༥)སྤེལ། །ཁྱེད་ལོ་རྫོངས་སུ་བཏབ་ཟིན་ན། །ཟས་སྐོམ་ནོར་ལ་མི་ཆགས་མེད། །བརྔན་དང་དྲིན་ལ་མི་བསམ་མེད། །མནའ་དང་ཆད་ལ་མི་བརྩི་མེད། །དེ་བས་ངོམས་ཤིང་ཚིམས་གྱིས་ལ། །ཚིམས་པའི་ངོ་ཅིག་དེང་འདིར་མཛོད། །བདེན་པའི་ཚིག་ལ་མེ་ཡང་ཉན། །འབྱུང་བའི་ཆུ་ལ་ས་ཡང་འཐུང་། །བྱམས་པའི་དྲིན་ལ་རླུང་ཡང་གཟོ། །སྟོང་པའི་སེམས་ལ་ནམ་མཁའ་ཤོང་། །དེ་ཕྱིར་ཡས་དང་དཀོར་བསྣམས་ལ། །རང་རང་སོ་སོའི་གནས་སུ་དེངས། །རྒྱ་མཚོ་རྡོལ་བའི་ནང་ཤེད་ན། །རིན་པོ་ཆེ་ཡི་གླིང་ཡང་ཡོད། །ནོར་འདོད་ཅན་རྣམས་དེར་གཤེགས་ཤིག །གྲུ་གསུམ་ས་དང་རྒྱ་གྲམ་ལམ། །ལ་ཀླུང་བརྒལ་བའི་བཞི་མདོ་ན། །ལྷ་སྲིན་འདུ་བའི་གནས་ཤིག་ཡོད། །དེ་ན་དམ་ཚིག་ཉམས་པ་དང་། །སེམས་ཅན་ཡོངས་ལ་གནོད་པ་དང་། །ལས་འབྲས་ཁྱད་དུ་གསོད་པ་ཡི། །བླ་ཚེ་འཁྱམས་པ་ཡོད་དོ་ཅོག །ཁྱེད་རྣམས་ཀུན་གྱི་བཟའ་སྐལ་དུ། །དཀོན་མཆོག་བདེན་པའི་

(༦༣༦)མཐུས་བཅད་ན། །དེ་རུ་གཤེགས་ཤིག་ཤ་ར་ར། །ཤུལ་རིང་ཞགས་པ་བཞིན་དུ་བསྡོག །ལ་ཆེན་ཐེམ་པ་བཞིན་དུ་རྒོལ། །ཆུ་ཆེན་དར་ལམ་བཞིན་དུ་བགྲོད། །རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། དུལ་ཞིང་ཡང་དག་སྡོམ་ལ་ཚེངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིགས་གང་ཡང་མེད། །འཆི་བའི་སྲོག་ལ་ཀུན་ཀྱང་འཛོམ། །འཚོ་བའི་ཟས་ལ་ཀུན་ཀྱང་འདུ། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཨོཾ་ཆེན་པོའམ་ཆུང་ངུ་གང་དག་གིས། །ལུས་ལ་མངོན་པར་གནོད་འགྱུར་བའི། །བར་ཆད་ཉེ་བར་སོལ་མཛོད་ལ། གདོན་ཁྱོད་རང་གི་གནས་སུ་དེངས། །དེ་ལྟར་བདག་གིས་ཅི་ནུས་ཀྱིས། །མཆོད་དང་བསྙེན་བཀུར་བྱས་པ་ཡི། །དམ་ཚིག་ལ་ནི་གནས་ནས་སུ། །བདག་གི་བསམ་པ་བསྐང་བར་མཛོད། །རྟག་ཏུ་དམ་ཚིག་ལ་གནས་ཤིང་། །འདིར་ནི་མཆོད་ཡོན་འཁོར་བཅས་ཀྱི། །བར་ཆད་ཉེ་བར་

(༦༣༧)སོལ་མཛོད་ལ། །གདོན་ཁྱོད་རང་གི་གནས་སུ་དེངས། །སརྦ་བྷཱ་ཏ་གཙྪ། ཞེས་ཡས་རྣམས་ཆུ་ཀླུང་ངམ་བཞི་མདོ་ཆེན་པོར་བསྐྱལ། དེ་ནས་རྒྱལ་ཆེན་གྱི་གཏོར་མ་རྣམས་ཨ་ཀཱ་རོས་བརླབ་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ནས་ཐོག་གི་ཡང་སྟེང་ཕྱོགས་སོ་སོར་གཤེགས་ལ་སྲུང་འཁོར་གྱི་ཚུལ་དུ་བཞུགས་པར་བསམ། ཆོ་གའི་རྗེས་ཆོག་རྣམས་སྤྱི་ལྟར་བྱའོ། །དེ་ལྟར་གྲུབ་ནས་ཚེ་མདའ་དང་། །བླ་ལུག་བསྒྲུབ་བྱ་ལ་དངོས་གྲུབ་ཀྱི་ཚུལ་དུ་གཏད་ལ་ཞག་བདུན་ཕྲག་ལ་སོགས་པར་སྔས་མགོར་འཛག །ཕྱི་ནས་བླ་གཡུ་མགུལ་དུ་གདགས་ཤིང་། བླ་ལུག་ལོངས་སྤྱོད། འབྲུ་ནས་མ་ཚང་ན་བླ་བསླུ་བསྐྱར་བར་བྱའོ། །བཀྲ་ཤིས། །།

(༦༣༨)

(༦༣༩)ཡུམ་ཀའི་གསང་སྒྲུབ་སེང་གེའི་གདོང་ཅན་ལས དབང་ཆོག་བྱིན་རློབས་ཆུན་པོ་བཞུགས་སོ

(༦༤༠)འུྃ བདུད་འདུལ་དྲག་མོའི་སྐུ་ལ་འདུད གསང་སྒྲུབ་སེང་གེའི་གདོང་ཅན་ཀྱི དབང་བསྐུར་གུད་དུ་ཕྱུང་བ་ནི དཀྱིལ་འཁོར་གཞུང་བཞིན་མཉྫིའི་སྟེང་ དབང་གཏོར་ཙཀ་ལི་དར་གདུགས་ཅན ཕྱག་མཚན་མཆོད་ཚོགས་འདུ་བྱས་ལ གཞུང་བཞིན་བདག་མདུན་རོ་གཅིག་སྒྲུབས དབང་གི་སྔོན་རྗེས་བྱ་བ་རྣམས ཡུམ་ཀའི་དབང་གི་ཁོག་ཕུབ་ལ ལོ་རྒྱུས་མཚམས་སྦྱོར་ཅི་རིགས་པ་ལས འདིར་རིག་འཛིན་འཇིགས་མེད་གླིང་པ་ལ་དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོས་མངོན་སུམ་པར་དགོངས་པ་གཏད་ཅིང་ བརྡ་བརྒྱུད་ཤོག་སེར་བྱ་ཁྲའི་གཟུགས་ཀྱི་ལྟོ་བ་ལ་སྙན་བརྒྱུད་མཁའ་འགྲོའི་བརྡ་ཡིག་ཏུ་ཤར་བ་ལས་བསྒྱུར་བའི་མཁའ་འགྲོ་མ་སེང་གེའི་གདོང་ཅན་གྱི་དབང་བསྐུར་བགྱི་

(༦༤༡)འུྃ བ་ལ་ཁྱེད་རང་གཞི་ལུས་སུ་གནས་པའི་མིག་གཉིས་ལ་ལཾ་ལཾ རྣ་བ་གཉིས་ལ་ཀཾ་ཀཾ སྣ་བུག་གཉིས་ལ་ངཾ་ངཾ་ ལྕེ་ལ་མཾ༔ ལྟེ་བར་སཾ སྙིང་གར་གཾ ཡིག་འབྲུ་དེ་རྣམས་ལས་འབར་བའི་འོད་ཟེར་གྱིས་རྣམ་སྨིན་གྱི་ལུས་རྟེན་དབང་ཡུལ་ཚོགས་བརྒྱད་རྣམས་བསྲེགས་ཤིང་སྦྱངས སྟོང་པའི་ངང་ལས་པད་ཉི་བདུད་བཞིའི་གདན་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་ཅན་སྐུ་མདོག་མཐིང་ནག་རྒྱན་དང་ཆ་ལུགས་རྫོགས་པར་གསལ་བའི་གནས་གསུམ་དུ་ཨོཾ་ཨཱ༔ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་བཞིན་ཆོས་ཉིད་ཀྱི་གནས་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་སློབ་མ་དང་གཉིས་སུ་མེད་པར་གྱུར ཅེས་བརྗོད་ལ་རྩ་སྔགས་

(༦༤༢)དང་རོལ་མོས་བྱིན་དབང་ ཏིཥྛ་བཛྲ་ས་བརྟན་པར་བྱ དེ་ནས་གཏོར་མ་སྤྱི་བོར་བཞག་ལ གཏོར་མ་འདི་ཉིད་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་དངོས་སུ་གསལ་བ་ཁྱེད་རང་གི་སྤྱི་བོ་ནས་ཞུགས་པས་ཕུང་ཁམས་སྐྱེ་མཆེད་གདན་གསུམ་ཚང་བའི་ངོ་བོར་སྨིན སེང་གེའི་གདོང་ཅན་དངོས་སུ་གྱུར་པའི་མོས་པ་མཛོད ཧོ སྐྱེ་བ་མེད་པའི་གཟུགས་སུ་སྐྱེས སྣང་སྟོང་དབྱེར་མེད་ལྷ་ཡི་སྐུ བུམ་པའི་དབང་གི་ངོ་བོ་ཉིད སྐུ་ལྔ་ཡེ་ཤེས་ལྔ་རྫོགས་ཤོག རྩ་སྔགས་མཐར ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བགྲང་ཕྲེང་མགྲིན་པར་བཞག་ལ ཨཱ་ལི་ཐབས་ཀྱི་ངོ་བོ་ཉིད ཀཱ་ལི་ཤེས་རབ་རང་བཞིན་ལས ཟུང་འཇུག་ཡིག་འབྲུ་བཅུ་གཉིས་བྱུང་ རྟེན་འབྲེལ་དུས་སྦྱོར་ལས་སྐྱེས་པའི ལས་རླུང་སྔགས་སུ་སྨིན་པར་ཤོག བསྙེན་སྒྲུབ་སྔགས་ཀྱི་རྗེས་གནང་བྱིན ཁ་ཊྭཾ་ཀ་སྙིང་གར་བཞག་ལ༔ ཧཱུྃ་ཕྱག་

(༦༤༣)འུྃ མཚན་ཐབས་མཆོག་བདེ་བ་ཆེ གསུམ་པའི་དབང་གི་ངོ་བོ་ཉིད༔ དགའ་བཞིས་སྦྱངས་པའི་དཔེའི་ཡེ་ཤེས༔ རྣམ་ཐར་གསུམ་ལྡན་ལ་གནས་ཤོག༔ རྩ་སྔགས་མཐར ཛཧཱུྃ་བཾ་ཧོ༔ དྷརྨ་དྷཱརྟུ་ཨ གྲི་ཐོད་གཏད་ལ༔ ཧཱུྃ་གྲི་གུག་གཟུང་འཛིན་རྩ་བ་གཅོད ཐོད་ཁྲག་ཞི་རྒྱས་ཆགས་པའི་ཉམས༔ ལས་བཞི་ལྷུན་གྲུབ་ཕྱག་མཚན་འདིས ཕྲིན་ལས་རྣམ་བཞི་འགྲུབ་པར་ཤོག༔ རྩ་སྔགས་མཐར༔ ཤནྟི་ང་པུཥྚི༚་པཱ་ཤད་མཱ་ར་ཡ་ཕཊ༔ རྗེས་ཆོག་ཡུམ་ཀའི་དབང་བཞིན་ནོ ས་མ་ཡ རྒྱ་རྒྱ་རྒྱ བ་རྒྱུ་སྦྱོར་བར་པ་ལྷ་རྒྱལ་ནས་བར་དུ་སྐྲུན་པས་འགྲོ་བ་དཀུན་ལ་ཕན་པའི་སྒྱུར་གྱུར་བསྔོའོ།། །།

(༦༤༤)

(༦༤༥)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ ཡུམ་ཀའི་གསང་སྒྲུབ་སེང་གེའི་གདོང་ཅན་མའི་སྒྲུབ་ཐབས་དང་རྩ་གསོལ་འདེབས། བསྙེན་ཡིག་དངོས་གྲུབ་རྒྱ་མཚོ་བཅས་བཞུགས་སོ༔

(༦༤༦)འུྃ བདག་ཉིད་ཆེན་པོ་པདྨ་ལ༔ ཚོགས་བརྒྱད་བསྒྲལ་བའི་དུར་ཁྲོད་དུ༔ ཆོས་ཉིད་སྒྲ་དང་ཆོས་ཉིད་ཟེར༔ ཆོས་ཉིད་འོད་ཀྱི་ཀློང་དཀྱིལ་ནས༔ དབྱིངས་ཀྱི་མཁའ་འགྲོས་ཆོས་འདི་གཏད༔ སིནྡྷུ་ར་ཡི་མཎྜལ་ནི༔ ཆོས་འབྱུང་བསྣོལ་མ་པད་འཁོར་ཅན༔ དུར་ཁྲོད་རྡོ་ར་མེ་རིས་བསྐོར༔ ཤེལ་ནི་དཀྱིལ་ཡིན་མེ་ལོང་འཁོར༔ ནང་མཆོད་དམ་རྫས་བཟང་དུ་བཤམས༔ དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི༔ ཧོ ཡིད་ཆོས་རྣམ་དག་ཀུན་བཟང་ཡབ་ཡུམ་ལ༔ སྣང་སྟོང་གཉིས་སུ་མེད་པར་སྐྱབས་སུ་མཆི༔ འགྲོ་ལ་དམིགས་པའི་སྙིང་རྗེ་ཆེན་པོ་དང་༔ ཆོས་ཉིད་དེ་བཞིན་ཉིད་དུ་སེམས་བསྐྱེད་དོ༔

(༦༤༧)འུྃ གཉིས་པ་སྔོན་གཏོར་བྱ་བ་ནི༔ ཧཱུྃ བགེགས་ཞེས་བྱ་བའང་སྡུག་བསྔལ་བདེན་པ་སྟེ༔ བདེ་གཤེགས་སྙིང་པོ་རང་བཞིན་མེད་པ་ལ གློ་བུར་རྣམ་རྟོག་ཀུན་འབྱུང་མ་རིག་གདོན༔ གཏོར་མ་ལོང་ལ་རྒྱ་མཚོའི་ཕ་མཐར་དེངས༔ ཧཱུྃ་བཞིའི་སྔགས་བརྗོད༔ གསུམ་པ་སྲུང་འཁོར་ནི༔ ཧཱུྃ༔ སེམས་ལས་སེམས་བྱུང་ཆོས་ཉིད་སྐྱེ་བ་མེད༔ འགགས་མེད་རྩལ་ལས་རྡོ་རྗེའི་ཆོས་བདུན་གྱི༔ སྲུང་བའི་འཁོར་ལོ་ཡོངས་གྲུབ་ཆེན་པོ་ལ༔ གཞན་དབང་ཀུན་བརྟགས་གདོན་གྱིས་གླགས་མི་རྙེད༔ དྷརྨ་དྷཱརྟུ་བཛྲ་རཀྵ༔ བཞི་པ་མཆོད་པ་བྱིན་བརླབ་ནི༔ ཧོ ཆོས་ཅན་ཀུན་རྫོབ་བདེན་པ་མཐའ་དག་ཀུན༔ ཐབས་དང་ཤེས་རབ་ཟུང་འཇུག་འདོད་ཡོན་རྫས༔ སྨན་གཏོར་རཀྟའི་དངོས་པོར་བྱིན་བརླབས་ཤིང་༔ ཉེར་སྤྱོད་

(༦༤༨)ཀུན་ཏུ་བཟང་པོའི་སྤྲིན་དུ་གྱུར༔ ཨོཾ་རཱུ་བ༔ ཤཔྟ་ གནྡྷེ་ རཱ་ས་ པརྴེ་ ཨརྒྷཾ་ནས་ ཤཔྟ་དྷརྨ་དྷཱརྟུ་ཨཱཧཱུྃ ཨོཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཨཱ༔ཧཱུྃ ཨོཾ་མ་ཧཱ་རཀྟ་ཨཱཧཱུྃ ཨོཾ་མ་ཧཱ་བྷ་ལིང་ཏ་ཨཱ༔ཧཱུྃ༔ སྨན་རག་གཏོར་མའི་སྔགས་ཀྱིས་བརླབས ལྔ་པ་རྣམ་བྱང་དང་མཐུན་པའི་ལྷའི་རྣལ་འབྱོར་སྒོམ་པ་ནི ཨཱསྟོང་པ་ཉིད་དང་མཚན་མ་མེད་པ་དང་༔ སྨོན་པ་མེད་པའི་ཏིང་འཛིན་རྣམ་གསུམ་ལས༔ རྣམ་ཐར་ཡོངས་རྫོགས་རྡོ་རྗེ་བཙུན་མོའི་མཁའ འོད་སྣང་སྟོང་གཟུགས་ཆོས་འབྱུང་བསྣོལ་མའི་དབུས༔ ཆུ་སྐྱེས་གེ་སར་ཐབས་ཤེས་ཉི་ཟླའི་སྟེང་༔ སྐྱེ་མེད་རྡོ་རྗེ་ཨ་ཡིག་ཡོངས་གྱུར་ལས༔ སྣང་སྟོང་ལྷུན་གྲུབ་གཞོན་ནུ་བུམ་པའི་སྐུ༔ སྐྱེ་མཆེད་ཡོངས་རྫོགས་རྡོ་རྗེ་བདག་མེད་མ ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་ག་ལ༔ ཁམས་གསུམ་ཟ་བྱེད་སེང་གེའི་གདོང་པ་ཅན༔ ཕྱག་གཡས་གྲི་གུག་ཕྱར་པས་གཟུང་འཛིན་གཅོད གཡོན་པས་ཐོད་ཁྲག་སྐྱེ་ཤིའི་རྩ་བ་འཇོམས༔ མཆན་ཁུང་རྡོ་རྗེ་

(༦༤༩)འུྃ༔ རྩེ་གསུམ་ཁ་ཊྭཾ་ག༔ མཚན་ཉིད་ཡོངས་རྫོགས་ཅང་ཏེའུ་དྲིལ་བུ་འཕྱང་། ཐབས་མཆོག་བདེ་ཆེན་ཡབ་དང་འདུ་འབྲལ་མེད༔ ཞབས་གཉིས་གཡས་བསྐུམས་འཁོར་བའི་སྐྱེ་སྒོ་དགག༔ གཡོན་བརྐྱངས་བདུད་བཞིའི་སྟེང་ན་སྒེག་ཅིང་འགྱིང་༔ ཕ་རོལ་ཕྱིན་དྲུག་རྫོགས་པའི་རུས་རྒྱན་དང་༔ ཐོད་སྐམ་དབུ་རྒྱན་ཕྱག་རྒྱ་ལྔ་ཡིས་སྤྲས༔ འདུ་བྱེད་ལྔ་བཅུ་དག་པའི་མགོ་ཕྲེང་འཕྱང་༔ ང་རྒྱལ་རྩད་གཅོད་སེང་གེའི་གཡང་གཞི་གསོལ༔ རྩིབས་དྲུག་མདུན་ནས་རིམ་པས་གཡས་བསྐོར་དུ༔ དབང་ཡུལ་སྐྱེ་མཆེད་དག་པའི་ཕྲ་མེན་དྲུག༔ གཟུགས་ལ་མི་སྤྱོད་ནག་མོ་བྱ་ལོང་གདོང་༔ སྒྲ་ལ་མི་སྤྱོད་མཐིང་ནག་སྐྱ་གའི་མགོ༔ དྲི་ལ་མི་སྤྱོད་དམར་སེར་དུར་པའི་གདོང་༔ རོལ་མི་སྤྱོད་ལྗང་ནག་དམུ་བྱའི་མགོ༔ རེག་བྱར་མི་སྤྱོད་ནག་མོ་སོ་བྱའི་གདོང་ ཆོས་དབྱིངས་ནམ་མཁར་སྤྱོད་པའི་བྱ་རྒོད་དཀར༔ ཀུན་ཀྱང་གཟུང་འཛིན་གཅོད་པའི་གྲི་གུག་དང་༔ ཆགས་སྡང་དབྱིངས་སུ་སྦྱོར་བའི་ཐོད་ཁྲག་འཛིན

(༦༥༠)རྟོག་མེད་རོ་ཡི་གདན་ལ་དོར་སྟབས་འགྱིང་༔ གཅེར་མོ་རིན་ཆེན་ཕྱག་རྒྱ་ལྔ་ཡིས་བརྒྱན༔ པད་འདབ་རྣམས་ལ་མཁའ་འགྲོ་སོ་གཉིས་དང་༔ གང་ལང་དབང་ཕྱུག་བསྟན་མའི་ཚོགས་ཀྱིས་བསྐོར༔ ཕྱག་རྒྱ་བཞི་ལྡན་རྡོ་རྗེ་གསུམ་གྱི་དང་༔ རང་དབང་རང་ཐོབ་རྡོ་རྗེ་ཕྱེད་བས་མཚན༔ མ་བསྐྱེད་རང་བྱུང་ཡོངས་གྲུབ་ཆེན་པོར་གསལ༔ དྲུག་པ་སྤྱན་འདྲེན་ནི༔ ཧཱུྃ དེ་བཞིན་ཉིད་དབྱིངས་སྤྲོས་བྲལ་ཆེན་པོ་ལ༔ གཤེགས་བྱོན་བཞུགས་སུ་གསོལ་བ་མི་དམིགས་ཀྱང་༔ ཐུགས་རྗེའི་སྣང་ཆ་གཟུགས་སྐུར་རོལ་པ་ལས༔ དམ་ཡེ་གཉིས་མེད་ཆེན་པོར་གཤེགས་སུ་གསོལ༔ ཨོཾ་སེང་ཧ་མུ་ཁ་ཧཱུྃ་ཧ་ཧེ་ཁ་ཊ་ཛབདུན་པ་བཞུགས་གསོལ་ནི༔ ཧཱུྃ༔ གདོད་ནས་དམ་ཚིག་ཡེ་ཤེས་གཉིས་མེད་ཀྱང་༔ གློ་བུར་བློ་ཡི་དག་བྱ་སྦྱང་བྱའི་ཕྱིར༔ གསལ་སྣང་ལྷ་སྐུར་རྫོགས་པའི་བསམ་གཏན་ལ༔ ལྷག་མཐོང་གསལ་བའི་ཡེ་ཤེས་བརྟན་པར་བཞུགས༔ བཛྲ་ས་མ་ཡ་ཏིཥྠ་སྭཱ་ཧཱ༔ བརྒྱད་པ་ཕྱག་འཚལ་བ་ནི༔ ཧཱུྃསྐྱེ་མེད་ཆོས་སྐུའི་ངང་ལས་འགག་མེད་རྩལ༔ ལོངས་སྤྱོད་རྫོགས་མཛད་མཁའ་འགྲོ་སེང་གེའི་གདོང་༔ ང་རྒྱལ་

(༦༥༡)འུྃ གཟུགས་ཀྱིས་ངར་འཛིན་འཇོམས་མ་ལ༔ མངོན་སུམ་བལྟ་བ་མཇལ་བའི་ཕྱག་བགྱིའོ༔ ཨ་ཏི་པུ་ཧོ༔ པྲ་ཏཱི་ཙྪ་ཧོ དགུ་པ་མཆོད་པ་ནི༔ ཧོ གཟུགས་སྣང་ལྷར་རྫོགས་མཆོད་པའི་ཕྱག་རྒྱ་ཆེ༔ སྒྲ་གྲགས་བཟླས་བརྗོད་རྡོ་རྗེའི་རོལ་མོར་འཁྲོལ༔ དྲི་མཆོག་ཚུལ་ཁྲིམས་སྤོས་ཀྱི་གླང་པོའི་ངད༔ རོ་དྲུག་ཚོགས་ཀྱི་འཁོར་ལོའི་འདོད་ཡོན་ཅན༔ རེག་བྱ་རྡོ་རྗེ་བདེ་ཆེན་དབྱིངས་ལ་སྤྱོད༔ ཆོས་ཀྱི་འབྱུང་གནས་རྡོ་རྗེ་བཙུན་མོའི་མཁའ༔ ཨེ་ཝཾ་ཟུང་འཇུག་སྨན་གཏོར་རཀྟ་དང་༔ བྱང་ཆུབ་སེམས་ཀྱི་འོད་ཟེར་ཀུན་བཟང་སྤྲིན༔ བླང་དོར་མེད་པའི་དགྱེས་མཆོད་ཆེན་པོར་བཞེས༔ ཤྲཱི་བཛྲ་སེང་ཧ་མུ་ཁ་རཱུ་བ ཤཔྟ་ གྷནྡྷེ་རཱ་ས་ པ་རྴེ་ ཨརྒྷཾ་ པཱ་དྱཾ་ པུཥྤེ་ དྷུ་པེ་ ཨཱ་ལོ་ཀེ་ གྷནྡྷེ་ ནེ་ཝི་དྱ་ ཤཔྟ་སརྦ་པཉྩ་རཀྟ་བྷ་ལིང་ཏ་དྷརྨ་དྷཱརྟུ་ཧོ༔ བཅུ་པ་བསྟོད་པ་ནི ཧཱུྃ བདེ་བའི་བདག་ཉིད་སྣ་ཚོགས་གཟུགས་ཅན་ལ༔ བདག་མེད་སེང་གེའི་སྒྲ་ཡིས་བདག་འཛིན་འཇོམས༔ ཡིད་དང་ཆོས་སུ་འཛིན་པའི་བྱ་བྱེད་ཀུན རྣམ་

(༦༥༢)ཀུན་མཆོག་ལྡན་དབྱིངས་སུ་སྦྱོར་ལ་བསྟོད༔ སྣང་སྟོང་དབྱེར་མེད་ནམ་མཁའི་རྡོ་རྗེ་ཅན༔ ཆགས་སྡང་དབྱིངས་སུ་སྦྱོར་བའི་གྲི་ཐོད་འཛིན༔ སྐྱེ་མཆེད་རྩ་བ་གཅོད་པའི་ཁ་ཊྭཱཾ་ཀ༔ ཐབས་མཆོག་ཡབ་དང་འདུ་འབྲལ་མེད་ལ་བསྟོད༔ ཀུན་འབྱུང་འཁོར་བའི་རྒྱུ་འབྲས་རྣམ་ཤེས་ཚོགས༔ ཡུལ་དང་ཡུལ་ཅན་གཉིས་མེད་བདེ་ཆེན་ཀློང་ སྦྱོར་མཛད་ཡེ་ཤེས་དབྱིངས་ཀྱི་ཕྲ་མེན་དྲུག༔ གནས་ཡུལ་ཉེར་བཞིའི་བདག་ཉིད་ཀུན་ལ་བསྟོད༔ བཅུ་གཅིག་པ་འཛབ་ཀྱི་དགོངས་པ་ནི༔ གཙོ་ལ་སེམས་བཟུང་བསྙན་པ་སྟེ༔ གཙོ་འཁོར་ཡོངས་རྫོགས་ཉེ་བསྙེན་ནོ༔ བཟླས་བརྗོད་བརྩོན་པ་སྒྲུབ་པ་སྟེ༔ འོད་ཟེར་སྤྲོ་བསྡུ་སྒྲུབ་ཆེན་པོ༔ ཐུགས་ཀར་ཉི་གདན་ཧཱུྃ་གི་མཐར༔ བསྙེན་སྔགས་སྤུ་ཤད་ལྟ་བུས་བསྐོར༔ ཨོཾ་བཛྲ་སིངྷ་མུ་ཁ་ཧཱུྃ་ཧ་ཧེ་ཕཊ ལས་རུང་འབྲུ་འབུམ་དུས་བསྙེན་བཞི༔ སྒྲུབ་སྔགས་མ་གལ་མེའི་འཁོར་ལོ་བཞིན༔ གཡོན་བསྐོར་མེ་སྟག་འཕྲོ་བར་སྒོམ༔ ཨཀསམརཙཤདར་སམརཡཕཊ འོད་ཟེར་ཕར་འཕྲོས་རྒྱལ་བ་མཆོད༔ བྱིན་རླབས་དངོས་

(༦༥༣)འུྃ གྲུབ་ཚུར་ལ་བསྡུ༔ སླར་འཕྲོས་འགྲོ་བའི་ལས་ཉོན་སྦྱངས༔ ཡུལ་དྲུག་རང་གར་འཛིན་པའི་དགྲ༔ ཡུལ་ཅན་རྣམ་པར་རྟོག་པའི་བགེགས༔ དག་པའི་སྣོད་བཅུད་ཆེན་པོར་སྦྱངས༔ གྲངས་དུས་བསྙེན་པ་གོང་བཞིན་ལ༔ མཆེན་མའི་བསྙེན་པ་རྟགས་མཐོང་སྟེ༔ སྨིན་པ་རིགས་འཛིན་རྣམ་བཞི་ལའོ༔ རྗེས་ཆོག་ཡུམ་ཀའི་གཞུད་ལྟར་ལས༔ རྗེས་ཀྱི་རིམ་པ་ཚོགས་སྐོང་ནི༔ བསོད་ནམས་ནང་ནས་ཚོགས་འཁོར་མཆོག༔ མཁའ་འགྲོ་འདུ་བའི་དམ་ཚིག་རྫས༔ ནང་མཆོད་ཁྱད་པར་བཟང་དུ་བཤམས༔ ཧོ བདེ་བ་ཆེན་པོའི་སྣོད་མཆོག་ཏུ༔ ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་ནི༔ བླང་དོར་མེད་པའི་དམ་ཚིག་རྫས༔ ཨོཾ་ཨཱཧཱུྃ་གིས་བདུད་རྩིར་བསྒྱུར༔ ཚོགས་ཕུད་རིམ་པ་གསུམ་དུ་སྤྲོ༔ ཧཱུྃ འོག་མིན་གནས་དང་མཁའ་སྤྱོད་ཞིང་༔ དཔའ་བོ་མཁའ་འགྲོ་འདུ་བའི་གནས༔ ཉི་ཤུ་རྩ་བཞི་སྤྲུལ་པའི་ཡུལ༔ ནང་ལྟར་རྡོ་རྗེ་ཕུང་པོའི་གྲོང་༔ སྤྱི་བོ་ཛ་ལནྡྷ་ར་དང་༔ སྨིན་མཚམས་པུལླཱི་ར་མ་ལ༔ ལྷག་པའི་

(༦༥༤)རྩ་ཁམས་ཨརྦུ་ཏ༔ མཛོད་སྤུ་རཱ་མེ་ཤྭ་རཱ་དང་༔ རྣ་བ་གཡས་པ་ཨོ་རྒྱན་ཡུལ༔ གཡོན་པ་གོ་དྷཱ་ཝ་རིའི་ཞིང་༔ མིག་གཉིས་དེ་ཝཱི་ཀོ་ཊཱ་དང་༔ ཕྲག་པ་མཱ་ལ་ཝ་བརྒྱད་ན༔ བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ མཁའ་འགྲོ་དང་ནི་མཁའ་འགྲོ་མ༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ དབུ་སྐྲ་ཐོར་ཚུགས་ལྡེམ་སེ་ལྡེམ༔ ལྕང་ལོའི་ཟར་བུ་ཏ་ལ་ལ༔ སྙན་ཆ་གདུ་བུ་ཀྱི་ལི་ལི༔ རུས་རྒྱན་གཡེར་ཁ་ཁྲོ་ལོ་ལོ༔ ༔ཅང་ཏེའུ་དྲིལ་བུའི་སྒྲ་དང་བཅས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ལོངས་སྤྱོད་འཁོར་ལོ་ལཾ་པཱ་ཀ༔ མཆན་དང་མཁལ་ཁུང་ཀཱ་མ་རུ༔ ནུ་མ་གཉིས་ནི་ཨོ་ཊི་སྟེ༔ ལྟེ་བ་ཏྲི་ཤ་ཀུ་ནའི་གྲོང་སྣ་ཡི་རྩེ་མོ་ཀོ་ས་ལ༔ ཡརྐ་ན་ཀ་ལིང་ཀོ་ཡི་ཡུལ༔ སྙིང་ག་ཀཉྩི་ཀ་དང་ནི༔ ཧི་མ་ལ་ཡི་གྲོང་ཁྱེར་ན༔ བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ མཁའ་

(༦༥༥)འུྃ༔ འགྲོ་དང་ནི་མཁའ་འགྲོ་མ༔ ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ ལྕང་ལོའི་ཟེ་བུ་ཏ་ལ་ལ༔ སྙན་ཆ་གདུ་བུ་ཀྱི་ལི་ལི༔ རུས་རྒྱན་གཡེར་ཁ་ཁྲོ་ལོ་ལོ༔ ཅང་ཏེའུ་དྲིལ་བུའི་སྒྲ་དང་བཅས༔ རྡོ་རྗེའི་གླུ་དང་གར་ལ་རོལ༔ འདོད་ཡོན་ལོངས་སྤྱོད་ཚོགས་སུ་འབུལ༔ དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཕྱི་ནང་བར་གཅོད་དབྱིངས་སུ་སྒྲོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མཚན་མ་པྲེ་ཏ་པུ་རིའི་ཞིང་༔ བཤང་ལམ་གྲྀ་ཧ་དེ་པའི་ཡུལ༔ མཐེ་བོང་མ་རོ་བརླ་རཱཥྚ༔ བྱིན་པ་སུ་ཝ་རྣ་དྭཱི་པ༔ སོར་མོ་བཅུ་དྲུག་ནཱ་ག་ར༔ པུས་མོ་ཀུ་ལནྟཱ་དང་ནི༔ བོལ་གོང་སིནྡྷུའི་གྲོང་ཁྱེར་ན༔ བཞུགས་པའི་དཔའ་བོ་རྣལ་འབྱོར་མ༔ མཁའ་འགྲོ་དང་ནི་མཁའ་འགྲོ་མ༔ ཚིགས་ཀྱི་འདུ་བར་གཤེགས་སུ་གསོལ༔ དབུ་སྐྲ་ཐོར་ཚུགས་ལྡེམ་སེ་ལྡེམ༔ ལྕང་ལོའི་ཟར་བུ་ཏ་ལ་ལ༔ སྙན་ཆ་གདུ་བུ་ཀྱི་ལི་ལི༔ རུས་

(༦༥༦)རྒྱན་གཡེར་ཁ་ཁྲོ་ལོ་ལོ༔ ཅང་ཏེའུ་དྲིལ་བུའི་སྒྲ་དང་བཅས༔ རྡོ་རྗེའི་གླུ་དང་གར་ལ་རོལ༔ འདོད་ཡོན་ལོངས་སྤྱོད་ཚོགས་སུ་འབུལ༔ དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཕྱི་ནང་བར་གཅོད་དབྱིངས་སུ་སྒྲོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཚོགས་སྐོང་སྦྲེལ་མ་བྱེད་ན༔ ཧོ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་དགོངས་སུ་གསོལ༔ འདོད་ཆགས་ཞེ་སྡང་གཏི་མུག་དབང་གྱུར་པས༔ ལུས་ངག་སེམས་ཀྱི་སྡིག་སྤྱད་མཐོལ་ཞིང་བཤགས༔ ཐེག་པ་དམན་པའི་དབང་དུ་གྱུར་པས་ན༔ ཡང་དག་དོན་མ་རྟོག་པ་མཐོལ་ལོ་བཤགས༔ སྙིང་རྗེ་ཆུང་ཞིང་ཞེ་སྡང་དབང་གྱུར་པས༔ འགྲོ་བའི་དོན་མ་བགྱིས་པ་མཐོལ་ཞིང་བཤགས༔ ལེ་ལོ་གཉིད་ཀྱི་དབང་དུ་གྱུར་པ་ཡིས༔ སྒོམ་དང་སྒྲུབ་པ་གཡེལ་བ་མཐོལ་ཞིང་བཤགས༔ སེར་སྣ་འཇུར་གེགས་དབང་དུ་གྱུར་པས་ན༔ མཆོད་པ་ལོ་ཟླར་འདས་པ་མཐོལ་ཞིང་བཤགས༔ ང་རྒྱལ་ཁེངས་སེམས་དབང་དུ་གྱུར་པས་ན༔ བླ་མའི་སྐུ་གསུང་ཐུགས་དང་

(༦༥༧)འུྃ༔ འགལ་བ་བཤགས༔ བརྩེ་གདུད་ཆུང་བའི་དབང་དུ་གྱུར་པས་ན༔ གྲོགས་མཆེད་ཐུགས་དང་འགལ་བ་མཐོལ་ཞིང་བཤགས ཟླ་གྲོགས་ངན་པའི་དབང་དུ་གྱུར་པས་ན༔ ཕུད་དང་ལྷག་མར་གྱུར་པ་མཐོལ་ཞིང་བཤགས༔ ཕུད་དང་ལྷག་མ་ཉམས་པའི་སྐྱོན་དབང་གིས༔ ཕུད་ཉུལ་ཐུགས་དང་འགལ་བ་མཐོལ་ཞིང་བཤགས༔ ཕུད་ཉུལ་ཐུགས་དང་འགལ་བའི་སྐྱོན་དབང་གིས ཕུད་དང་ལྷག་མ་ཉམས་པའི་སྐྱོན་དབང་གིས༔ ཕུད་ཉུལ་ཐུགས་དང་འགལ་བ་མཐོལ་ཞིང་བཤགས༔ ཕུད་ཉུལ་ཐུགས་དང་འགལ་བའི་སྐྱོན་དབང་གིས མཁའ་འགྲོའི་བཀའ་ཆད་གནས་གྱུར་མཐོལ་ལོ་བཤགས༔ སྒྲོལ་བའི་དུས་ན་སྙིང་རྗེ་ཆུང་བ་ཡིས༔ སེམས་ཅན་གནས་མ་སྟོབས་པ་མཐོལ་ལོ་བཤགས༔ ཉོན་མོངས་གནས་མ་སྟོབས་པའི་སྐྱོན་དབང་གིས༔ ཡུན་གྱི་སྒྲིབ་པར་གྱུར་པ་མཐོལ་ལོ་བཤགས༔ སྦྱོར་བའི་དུས་སུ་ཏིང་འཛིན་མ་གསལ་བས༔ གཟུངས་མའི་ཐུགས་དང་འགལ་བ་བཟོད་པར་གསོལ༔ གཟུངས་མའི་ཐུགས་དང་འགལ་བའི་སྐྱོན་དབང་གིས༔ ཆགས་ཤིང་འཁོར་བར་སྐྱེ་བ་མཐོལ་ལོ་བཤགས༔ བཤགས་

(༦༥༨)ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཞེས་སྙིང་ཐག་པ་ནས་བཤགས་ན་དམ་ཚིག་ཉམས་ཆག་སོར་ཆུད་པར་འགྱུར་རོ༔ དེ་ནས་ལྷག་མ་ནི་ཁ་ཕྲུས་བཏག་ལ༔ ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱ་ཨ་དྱ་ནུཏྤནྣ་ཏྭཏ་ཨོཾ་ཨཱཧཱུྃ་ཕཊ་སྭཱ་ཧཱ༔ ཕེ༚ ལྷག་ལ་དབང་བའི་བཀའ་ཉན་ནི༔ མཁའ་འགྲོ་སུམ་ཅུ་རྩ་གཉིས་དང་༔ གིང་ཆེན་ཁྱ་ཤུགས་ལངྐ་འབུམ༔ ཕོ་ཉ་སུམ་བརྒྱ་དྲུག་ཅུའི་སྡེ༔ མགྱོགས་མ་བཞི་དང་འབར་མ་བརྒྱད༔ མ་མོ་བདུན་དང་སྲིང་མོ་བཞི༔ ཤུག་འགྲོ་གནས་ཉུལ་ཕྲ་མེན་རྣམས༔ ལྷག་ལ་གདུང་ཞིང་ཚོགས་ཁང་འགྲིམ༔ ཕམ་ཕབ་བཟང་པོ་འདི་བཞེས་ལ༔ མི་མཐུན་རྐྱེན་ངན་བར་ཆད་སོལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཕྱི་རོལ་དུ་དོར ཐུགས་དམ་བསྐུལ་བ་ནི༔ ཧཱུྃ བཞེངས་ཤིག་མཁའ་འགྲོ་འདུས་པའི་ལྷ༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ བྱང་ཆུབ་བསྒྲུབ་པའི་བར་ཆད་ཐུལ སྣོད་བཅུད་འབྱུང་བའི་རྒུད་པ་སོལ༔ རྩ་རླུང་དབང་ཐང་ཉམས་པ་གསོས༔ སྒྲུབ་པའི་འབྲས་བུ་མཆིས་པར་

(༦༥༩)འུྃ༔ མཛོད ཆད་ཐོ་བྱ་བ་ནི ཧཱུྃ དུས་གསུམ་ལས་འདས་ཀུན་ཏུ་བཟང༔ རང་བཞིན་རྣམ་དག་འོག་མིན་དུ༔ གདན་གསུམ་ཚང་བའི་སྟོན་འཁར་གྱིས༔ གསང་ཆེན་རྡོ་རྗེའི་ཆོས་འཁོར་བསྐོར༔ དངོས་འཛིན་དག་པའི་ལྷ་གནས་གསུམ༔ རྒྱུད་སྡེ་འབྱུང་བའི་གནས་སུ་བསྟན སྔགས་ནི་ལས་ཅན་སྤྲུལ་པའི་ངོར༔ རང་བཞིན་ཉིད་དུ་འབྱུང་བའི་ཚེ༔ སྒྲགས་མདའ་འཚོ་རྒྱལ་བླ་མཚོ་རུ༔ དཔལ་ལྡན་རང་བྱུང་རྡོ་རྗེའི་རྒྱུད༔ གནས་གསུམ་མཁའ་འགྲོས་བྱིན་བརླབས་ཤིང་༔ སྲེད་ལེན་མེད་པའི་བརྡ་ཡིག་ལས༔ འཛད་མེད་གཏེར་གྱི་སྒོ་ཕྱེ་ཚེ༔ འཁྲུལ་པ་གཞི་ལ་དག་པ་ཡི༔ རྟེན་འབྲེལ་བཞིན་དུ་ཕྲིན་ལས་མཛོད༔ བསྟན་མ་སྐྱོང་བ་ནི ཧཱུྃ དཔལ་གྱི་བཀའ་ཉན་བོད་ཁམས་སྐྱོང་༔ མ་སྲིང་བསྟན་མ་བཅུ་གཉིས་རྣམས༔ འདིར་སྤྱོན་གཏོར་མའི་བཤལ་ཆུ་བཞེས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ རྟ་བྲོ་བྱ་བ་ནི ཧཱུྃ ཡེ་ཤེས་མཁའ་འགྲོའི་

(༦༦༠)དཀྱིལ་འཁོར་འདིར ལོག་པར་འདྲེན་པའི་དམ་སྲི་ཀུན༔ མནན་ནོ་ཐེག་པ་རིམ་དགུའི་རྒྱ༔ ནམ་ཡང་ལྡང་བར་མ་གྱུར་ཅིག༔ སྟཾ་བྷ་ཡ་ནན དེ་ནས་མཆོད་ཅིང་བསྟོད་ལ༔ དངོས་གྲུབ་བླང་བ་ནི ཧོ མཁའ་འགྲོ་སྒྲུབ་པའི་དམ་ཚིག་ད་ནངས་ཐེམས༔ དངོས་གྲུབ་སྩོལ་བའི་དུས་ལ་དབབ་ན༔ མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དབང་བཅུའི་སྟོབས༔ ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ༔ ཨོཾ་བཛྲ་སེང་ཧ་མུ་ཁ་ཧཱུྃ་ཧ་ཧེ་ཕཊ་བཛྲ་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷ་ཕ་ལ་ཧོ༔ སྒྲུབ་རྫས་གནས་གསུམ་དུ་གཏུགས་ཤིང་མྱོང་ ནོངས་པ་བཤགས་པ་ནི༔ ཧཱུྃ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ༔ མཆོད་རྫས་མ་ཚང་སྒྲུབ་པ་གཡེལ༔ ཏིང་འཛིན་བྱིང་རྨུགས་མཐིབ་ལ་སོགས༔ འགལ་འཁྲུལ་ནོངས་པ་བཟོད་པར་གསོལ༔ ཨོཾ་བཛྲ་སཏྭ་སོགས་བརྗོད༔ རྫོགས་རིམ་ནི༔ ཧོ ཆུ་ལས་ཆུ་བུར་རྡོལ་བ་བཞིན༔ རང་ལས་སྤྲུལ་པའི་དཀྱིལ་འཁོར་ལྷ༔ ཡེ་ཤེས་

(༦༦༡)འུྃ༔ དབྱིངས་སུ་བཛྲ་མུ༔ རྗེས་ཐོབ་སྒྱུ་མའི་ལྷ་སྐུར་ལྡང་༔ བསྔ་བ་ནི ཧོ མཁའ་འགྲོ་མ་ཡི་དཀྱིལ་འཁོར་དུ༔ བསྐྱེད་རྫོགས་བཟླས་བརྗོད་བགྱིས་པ་ཡི༔ དགེ་བའི་རྩ་བ་གང་ལགས་པ འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ༔ སྨོན་ལམ་ནི༔ ཧོ སྣང་སྲིད་ཐམས་ཅད་དག་པ་མཁའ་སྤྱོད་ཞིང་༔ བདེ་ཆེན་འགྱུར་མེད་རྡོ་རྗེ་རྣལ་འབྱོར་མ༔ རྣམ་ཀུན་མཆོག་ལྡན་དོན་གྱི་ཕག་མོ་དང་༔ རང་ཞལ་མཇལ་ཏེ་མངོན་པར་བྱང་ཆུབ་ཤོག འཇིགས་བརྒྱད་ཞི་བའི་བཀྲ་ཤིས་ཤོག༔ བཀྲ་ཤིས་ནི༔ ཧོ རིག་འཛིན་བརྒྱུད་པའི་བྱིན་རླབས་དང་༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ འཇིགས་བརྒྱད་ཞི་བའི་བཀྲ་ཤིས་ཤོག༔ ཚེ་བསོད་རྒྱས་པའི་བཀྲ་ཤིས་ཤོག སྣང་བ་དབང་འདུས་བཀྲ་ཤིས་ཤོག ལོག་འདྲེན་ཚར་གཅོད་བཀྲ་ཤིས་ཤོག༔ སྣང་ཞེན་ལྷ་སྐུའི་ཕྱག་རྒྱ་རྫོགས༔ སྒྲར་གྲགས་བདེ་ཆེན་སྔགས་སུ་དག༔ དྲན་རྟོག་འོད་གསལ་

(༦༦༢)ཆོས་སྐུར་སྨིན༔ འཇའ་ལུས་ཟང་ཐལ་བཀྲ་ཤིས་ཤོག༔ གཞན་ཡང་བཀྲ་ཤིས་གང་རྒྱས་བྱའོ༔ གསང་སྒྲུབ་སེང་གེའི་གདོང་ཅན་འདི༔ ཤིན་ཏུ་ཟབ་ཕྱིར་གུད་དུ་སྦས༔ རྣམ་བཅས་འཕུར་འགྲོའི་བརྡ་རིས་ལས༔ རྒྱལ་རིགས་གང་ཟག་བརྒྱུད་པ་རྫོགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ ཟབ་རྒྱ གསང་རྒྱ ཤོག་སེར་བྱ་ཁྲའི་གཟུགས་བརྙན་ལ་བརྡ་ཡིག་བྲིས་པ་ཞིག་ལས་ཕབ་པའོ༔ ཡུམ་ཀའི་གསང་སྒྲུབ་སེང་གེའི་གདོང་ཅན་གྱི་གསོལ་འདེབས་བྱིན་རླབས་ཆར་འབེབས་ནི༔ ཆོས་དབྱིངས་སྤྲོས་པ་བྲལ་བའི་ཞིང་ཁམས་ནས། །ཆོས་སྐུ་ཀུན་ཏུ་བཟང་མོ་ལ་གསོལ་བ་འདེབས། །སྤྲོས་བྲལ་བློ་འདས་རྟོགས་པར་བྱིན་གྱིས་རློབས། །ལྷུན་གྲུབ་འདུས་མ་བྱས་པའི་ཕོ་བྲང་ནས། །ལོངས་སྐུ་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས། །བདེ་སྟོང་རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །འགྲོ་འདུལ་ཐུགས་རྗེ་སྤྲུལ་པའི་གནས་མཆོག་ནས། །སྤྲུལ་སྐུ་ང་ཧ་མུ་ཁ་ལ་གསོལ་བ་འདེབས། །གཞན་དོན་རླབས་ཆེན་འགྲུབ་པར་བྱིན་

(༦༦༣)འུྃ ཀྱིས་རློབས། །དབང་ཡུལ་སྐྱེ་མཆེད་དག་པའི་ཕོ་བྲང་ནས། །རྡོ་རྗེ་ཕྲ་མེན་དྲུག་ལ་གསོལ་བ་འདེབས། །འཁྲུལ་རྟོག་ལྷ་རུ་འཆར་བར་བྱིན་གྱིས་རློབས། །རྟོག་ཚོགས་རང་སར་གྲོལ་བའི་ཕོ་བྲང་ནས། །མཁའ་འགྲོ་སུམ་ཅུ་གཉིས་ལ་གསོལ་བ་འདེབས། །ཉོན་མོངས་རང་ངོར་གྲོལ་བར་བྱིན་གྱིས་རློབས། །ཕྲིན་ལས་མུ་མཐའ་མེད་པའི་ཕོ་བྲང་ནས། །འབུམ་ཕྲག་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །འགྲོ་དོན་རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །དྲུག་ལྡན་གསང་ཆེན་རྡོ་རྗེའི་ཕོ་བྲང་ནས། །རིག་འཛིན་འཇིགས་མེད་གླིང་པ་ལ་གསོལ་བ་འདེབས། །ལྷ་ཚོགས་བླ་མར་ཤེས་པར་བྱིན་གྱིས་རློབས་བཀའ་གཏེར་དག་སྣང་ལྕགས་རི་ལེགས་སྲུང་བའི། །གཏེར་བདག་ཆོས་སྲུང་རྣམས་ལ་གསོལ་བ་འདེབས། །དགྲ་བགེགས་ནུས་མཐུས་སྒྲོལ་བར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། བདག་ཅག་སྒྲུབ་པོའི་སྒོ་གསུམ་གནས་འགྱུར་ནས། །སིདྷ་མུ་ཁའི་གསང་གསུམ་རྡོ་རྗེའི་ཁམས༔

(༦༦༤)མངོན་གྱུར་བསྟན་འགྲོར་ཕན་པའི་མཐུ་ཐོབ་ཤོག །དེ་ལྟར་ཡུམ་ཀའི་གསང་སྒྲུབ་ཀྱི། །གསོལ་འདེབས་བྱིན་རླབས་ཆར་འབེབས་འདི། །རིག་འཛིན་འཇིགས་མེད་གླིང་པ་ཡི། །ཞབས་པད་སྤྱི་བོར་ལེགས་བསྟེན་པ། །འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས། །བྲིས་འདི་འགྲོ་ལ་སྨན་གྱུར་ཅིག ༈ བླ་མ་དང་རྒྱལ་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་ཕྱག་འཚལ་ལོ། །གདོད་མའི་མགོན་པོ་ཀློང་ཆེན་སྒྱུ་མའི་འཕྲུལ། ནམ་མཁའི་རྣལ་འབྱོར་ཆེན་པོ་ཐིག་ལེའི་གཟུགས། །རོ་གཅིག་དོན་དམ་བདེ་བའི་རང་ཞལ་མཆོག །སྙིང་དབུས་མི་ཤིགས་རྡོ་རྗེའི་ཆོས་སུ་བསྟེན། །འདིར་རིག་འཛིན་ཡུམ་ཀའི་གསང་སྒྲུབ་སེང་གེའི་གདོང་ཅན་གྱི་བསྙེན་སྒྲུབ་ལ་འཇུག་པར་འདོད་པས་འགལ་རྐྱེན་མེད་པའི་གནས་སུ་བསྒྲུབ་པའི་གཞི་བཟུང་བའི་སྔོན་རོལ་དུ་གཞི་དེའི་གཉུག་མར་གནས་པ་ལ་གྲུབ་ན་ཆ་གསུམ་དང་། མིན་ནའང་གཏོར་མ་གསེར་སྐྱེམས་དང་བཅས་པ་བཤམས་པ་ཨ་ཀཱ་རོས་བསྔོས་ལ་མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་པས་བཀའ་བསྒོས་ཤིང་ཕྲིན་

(༦༦༥)འུྃ ལས་བཅོལ། སྟེགས་གཙང་མའི་ཁར་མེ་ལོང་ལ་བདུད་རྩི་ལྔ་དང་ཆང་གིས་སྤགས་པའི་སིནྡྷ་རའི་དཀྱིལ་འཁོར་དབུས་སུ་ཆོས་འབྱུང་བསྣོལ་མ་དང་། དེའི་མཐར་པད་འདབ་སོ་གཉིས་དུར་ཁྲོད་རྡོ་ར་མེ་རིས་བསྐོར་བའི་དབུས་སུ་ཤེལ་རྡོ་བཙུགས་པ་བཀོད། མ་གྲུབ་ན་གཏོར་མ་གཅིག་པོས་ཀྱང་རུང་། མཐའ་སྐོར་དུ་སྨན་གཏོར་རཀྟ་ཉེར་སྤྱོད་རྣམས་བཤམ། སྟན་བདེ་བ་ལ་འདུག་སྟེ་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱང་བ་དང་། བླ་མའི་རྣལ་འབྱོར་དབང་བཞི་ལེན་པ་དང་བཅས་པས་གསོལ་བ་གདབ། དེ་ནས་ཐུན་མོང་མ་ཡིན་པའི་སྐྱབས་འགྲོ་སེམས་བསྐྱེད་རྣམས་ཚིག་དོན་ལ་ཡིད་གཞོལ་བས་བྱ། བགེགས་གཏོར་ཕྱི་རོལ་དུ་དོར་ཏེ་རྒྱལ་ཐོ་བཙུགས་ལ་རྒྱལ་ཆེན་སྔ་བཞི་དཔལ་མགོན་བདུན་ཅུའི་དཔུང་དང་བཅས་པ་གསལ་བ་ལ་གཏོར་མ་བཤམས་པ་བསྔོས་ཏེ་བར་གཅོད་བསྲུང་བའི་ཕྲིས་བཅོལ། རྟན་བཞུགས་བྱ། དེ་ནས་བཟུང་སྟེ་ཕྱི་ནང་རྒྱུ་འགྲུལ་སོགས་མཚམས་དམ་དུ་བཅད། ནང་དུ་ལོག་ནས་

(༦༦༦)སྲུང་འཁོར་ལེགས་པར་སྒོམ། དེ་ནས་གནས་ཡོ་བྱིན་འབེབས་མཆོད་རྫས་རློབ་པ་རྣམས་དམིགས་འདོན་ཟུང་དུ་འཇུག་པར་བྱ། བསྐྱེད་རིམ་ལ་བབ་པ་ན། ཆོས་ཐམས་ཅད་མ་བསྐྱེད་ཡེ་ནས་རྫོགས་པ་རྣམ་བྱང་ཆེན་པོའི་བསྐྱེད་རིམ་དུ་ལྡང་བ་ནི། ཨཱ སྟོང་པ་ཉིད་དང་ལ་སོགས་པའི་ཚིག་དོན་གྱིས་གསལ་གདབ་པ་སྟེ། འདི་ལྟར་སྣང་སྲིད་དག་པ་རབ་འབྱམས་ཀུན་ཏུ་བཟང་མོ་རྡོ་རྗེ་བཙུན་མོའི་མཁའ་ཀློང་རྣམ་ཐར་གསུམ་ལྡན་གྱི་ངོ་བོ་རྣམ་པ་བདེ་ཆེན་ཆོས་ཀྱི་འབྱུང་གནས་གཞི་ལམ་འབྲས་བུའི་ངོ་བོར་རྫོགས་པ་ཨེ་ཀློང་བསྣོལ་མ་ཕྱི་འཁོར་པད་འདབ་སོ་གཉིས་སྲུང་བའི་འཁོར་ལོ་དང་བཅས་པ་གསལ་བའི་དབུས་ཡིད་དང་ཆོས་སུ་རྟོགས་པའི་སྣང་ཆ་ཐམས་ཅད་གདོད་ནས་ལྷའི་རང་བཞིན་རྡོ་རྗེ་བདག་མེད་སེང་གེའི་གདོང་པ་ཅན་ཕྱག་རྒྱ་རྟགས་ཀྱི་ལྷ་སྐུའི་ངོ་བོ་རྣམ་པ་ཉི་ཤུས་བྱང་ཆུབ་པའི་སྐུ་གདན་དང་བཅས་པ་གསལ་ཞིང་། དེ་ཡང་ལྷར་སྣང་ཕྱག་ཆེན། རྒྱན་དྲུག་ཆོས་རྒྱ། ཕྱག་རྒྱ་ལྔ་དམ་རྒྱ། ཕྱག་མཚན་ལས་རྒྱ་སྟེ་ཕྱག་

(༦༦༧)འུྃ༔ རྒྱ་བཞི་ལྡན་དང་། ཆོས་འབྱུང་གི་ཟུར་དྲུག་ལ་དབང་ཡུལ་སྐྱེ་མཆད་གནས་སུ་དག་པའི་ཕྲ་མེན་ནག་མོ་བྱ་ལོང་གདོང་ཅན་ལ་སོགས་པ་དྲུག །ཕྱི་འཁོར་གྱི་པད་འདབ་ལ་མཁའ་འགྲོ་འཇོམས་བྱེད་མ་ལ་སོགས་པའི་མཁའ་འགྲོ་སོ་གཉིས་དང་ཞིང་སྐྱོང་བའི་གིང་དང་ལང་དབང་ཕྱུག་ཉེར་བརྒྱད་བསྟན་མའི་ཚོགས་དང་བཅས་པ་རྣམས་ནི་མ་བསྐྱེད་རང་བཞིན་ཡོངས་གྲུབ་ཆེན་པོའི་དཀྱིལ་འཁོར་དམ་ཡེ་གཉིས་མེད་ཆེན་པོར་གསལ་བཏབ་སྟེ་རྣམ་པ་འཇིག་རྟེན་གྱི་སྲི་ཞུ་དང་སྒོ་བསྟུན་པའི་སྤྱན་འདྲེན་མཆོད་བསྟོད་རྣམས་ཚིག་ཕྱིར་ཡིད་ཕྱོགས་པར་བྱ། དེ་ནས་བཟླས་པ་ལ་འཇུག་པ་ཛ་པ་དགོངས་ནི། གཙོ་བོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་དེའི་མཐར་བཛྲ་སེང་ཧ་མུ་ཁའི་བསྙེན་སྔགས་ཡིག་འབྲུ་བཅུ་གཅིག་པའི་སྔགས་ཕྲེང་གཡས་སུ་འཁོར་བར་བསམས་ལ་བཟླས་པ་བྱ། དེ་ཡང་ལས་དང་པོ་པ་རྣམས་ཀྱིས་ལྷ་སྐུའི་རྣམ་པ་ཐམས་ཅད་པ་ཅིག་ཅར་ཡིད་ཡུལ་དུ་མི་ལྷོང་

(༦༦༨)པས་ཐོག་མར་གཙོ་བོའི་རྣམ་པ་གསལ་བར་སྒོམ། དེ་ཡང་མི་བདེན་བྲིས་སྐུ་སོགས་ལ་བལྟས་ཏེ་དེ་ཡིད་ཡུལ་དུ་ལོངས་པ་དང་རྣམ་པ་གསལ་བ་ལ་བསླབ། དེ་ལ་ཅུང་ཟད་གོམས་པ་བརྟན་ནས་རིམ་བཞིན་འཁོར་རྣམས་ཀྱང་གསལ་བར་བསྒོམ། ཕྱི་འཁོར་པད་འདབ་ཀྱི་ལྷ་གཞུང་དུ་མངོན་རྟོགས་མི་གསང་བ་རྣམས་ནི་སྐུ་མདོག་དང་ཕྱག་མཚན་གཅིག་ཏུ་མ་ངེས་ཤིང་རྣམ་པར་འགྱུར་བའི་ཆ་ལུགས་ཅན་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་གསལ་ལ་འགོག་བཟླས་དང་ཤུབ་བུ་སྤེལ་བའི་བཟླས་པ་བྱ། རེས་འགའ་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་མུ་མཐའ་མེད་པར་འཕྲོས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་མཆོད། སྐུ་གསུང་།ཐུགས་ཀྱི་དངོས་གྲུབ་ཐམས་ཅད་བསྡུས་ནས་རང་ཉིད་ལ་ཐིམ། ཡང་འཕྲོས་འགྲོ་བའི་ལས་དང་ཉོན་མོངས་པའི་རྒྱུ་འབྲས་ཐམས་ཅད་སྦྱངས། སངས་རྒྱས་ཀྱི་གོ་འཕང་ལ་བཀོད་དེ་དེ་དག་ཀྱང་སྔགས་ཀྱི་སྒྲ་དང་ཆོས་ཉིད་ཀྱི་ཟེར་བསམ་གྱིས་མི་ཁྱབ་པར་སྤྲོ་བར་བསམ་ལ་བཟླས་པ་བྱ། བསྙེན་ཚད་ནི་ལས་རུང་ལ་

(༦༦༩)འུྃ འབུམ་ཕྲག་བཅུ་གཅིག །དུས་བསྙེན་ལ་དེའི་བཞི་འགྱུར་རོ། །བསྙེན་པ་ཐེམ་ནས་སྒྲུབ་པའི་དམིགས་བཟླས་ཀྱི་ཁྱད་པར་ནི། གཙོ་བོའི་ཐུགས་སྲོག་གི་མཐར་ཡིག་འབྲུ་བཅུ་བཞི་པའི་སྔགས་ཕྲེང་གཡོན་བསྐོར་མགལ་གྱི་མེ་སྟག་འཕྲོ་བ་ལྟ་བུར་འཕྲོ་བར་བསམ་ལ་ཡིག་འབྲུ་བཅུ་བཞི་པ་བཟླ་ཞིང་བསྐྱེད་རིམ་གསལ་བ་དང་འོད་ཟེར་སྤྲོ་བསྡུ་བྱེད་པ་གོང་དང་འདྲ། ཐུན་མཚམས་ཚོར་སྲུང་ཟློག་གུད་དུ་ཕྱུང་བའི་དམིགས་གནད་དང་ལྡན་པས་སྔགས་དུམ་རེ་བཟླས་མཐར་བདེན་སྟོབས་བརྗོད་ལ་ཐལ་མོ་བརྡབ། ཡིག་འབྲུ་བཅུ་བཞི་པ་གྲངས་བསྙེན་ལ་འབུམ་ཕྲག་བཅུ་བཞི། དུས་བསྙེན་ལ་དེའི་བཞི་འགྱུར་རོ། །མཚན་མའི་བསྙེན་པ་ནི་རྟགས་མཐོང་གི་བར་དུ་སྟེ་བསྐྱེད་རིམ་རྣམ་གཞག་སོགས་སུ་གསལ་བ་བཞིན་བར་ཆད་དང་མ་འདྲེས་པའི་མཚན་མ་བརྟན་པོ་མཐོང་ན་སྒྲུབ་པའི་ཞག་དུ་ཀམ་རྫོགས་ཀྱང་དེ་མ་ཐག་པར་དངོས་གྲུབ་བླང་བ་ཙམ་རེ་བྱ་ཞིང་། སྨིན་པར་སློབ་པ་དག་གིས་ནི་རིག་འཛིན་གྱི་

(༦༧༠)གབ་བྱང་ལས་བཤད་པ་ལྟར་ཐོབ་བྱའི་འབྲས་བུ་རིག་འཛིན་རྣམ་པ་བཞིའི་གོ་འཕང་ལ་དོན་དུ་གཉེར་བའོ། །བསྙེན་སྒྲུབ་ཡན་ལག་བཞིའི་ངེས་པར་དབྱེ་ན་རང་གཞུང་དུ། གཙོ་ལ་སེམས་བཟུང་བསྙེན་པ་སྟེ། །གཙོ་འཁོར་ཡོངས་རྫོགས་ཉེ་བསྙེན་ནོ། །བཟླས་བརྗོད་བརྩོན་བསྒྲུབ་པ་སྟེ། །འོད་ཟེར་སྤྲོ་བསྡུ་སྒྲུབ་ཆེན་ནོ། །ཞེས་གཙོ་བོ་ལ་སེམས་འཛིན་ཐོབ་པ་བསྙོན་པ། གཙོ་འཁོར་ཡོངས་རྫོགས་ལ་གསལ་བརྟན་ཐོབ་པ་ཉེ་བསྙེན། བཟླས་བརྗོད་བརྟོན་ཞིང་སྒོམ་པ་ལ་བཟླ་བསྒྲུབ་པ། འོད་ཟེར་སྤྲོ་བསྡུས་སྣོད་བཅུད་སྦྱངས་ཤིང་སྣང་ཞེན་ཆོས་ཉིད་དུ་སྦྱོང་བསྒྲུབ་པ་ཆེན་པོའི་ཕྲིན་ལས་སུ་བསྟན་པ་སྟེ། སྤྱིར་བསྙེན་པ་ནི་ཡུལ་གཉན་པོ་ལ་འདྲིས་གདགས་པ་ལྟ་བུའི་དཔེས་མཚོན་ནས་བསྙེན་བྱའི་ཡེ་ཤེས་དེ་ཉིད་རང་རྒྱུད་ལ་ཉེ་བར་བྱེད་པ་བསྙེན་པ། དེ་ལས་ཐུགས་ཡིད་འདྲེས་པར་བྱེད་པ་ཉེ་བསྙེན། ཡེ་ཤེས་རང་དབང་དུ་བྱེད་བསྒྲུབ་པ། སྒྲུབ་པ་ཆེན་པོ་ནི་གཞན་དོན་གཙོ་བོར་གྱུར་པའི་ཕྲིན་ལས་རྣམ་པ་བཞི་བསྒྲུབ་པའི་ལས་དང་

(༦༧༡)འུྃ འབྲེལ་བ་ཡིན་ནོ། །བསྙེན་སྒྲུབ་གང་གི་ཚེ་ཡང་ཉིན་རེ་བཞིན་ཐུན་གྲངས་ཇི་ཙམ་བྱེད་པའི་ཐུན་ཐམས་ཅད་དུ་སྟོང་ཚིགས་ཀྱི་མཆོད་པ་དང་ཡིག་བརྒྱས་ཉེས་བྱས་བཤགས། སྲོད་ཐུན་གྱི་མཐར་ཚོགས་མཆོད་དང་ཆོས་སྲུང་ཡུམ་ག་ལྟར་སྤྱི་བྱེ་བྲག་པའི་གཏོར་བསྔོ་བྱ། ཐུན་བསྡུ་བའི་ཚེ་དག་པའི་སྣོད་བཅུད་ཐམས་ཅད་རིམ་གྱིས་གཙོ་བོ་ལ་ཐིམ། དེ་ཡང་ཐུགས་སྲོག་ཧཱུྃ་གི་ནཱ་དའི་བར་བསྡུས་ནས་སྤྲོས་བྲལ་གྱི་ངང་ལ་མཉམ་པར་གཞག་པས་རྟག་མཐབ་གཞིག །རྗེས་ཐོབ་ལ་ཡོངས་གྲུབ་སྒྱུ་མ་ལྟ་བུའི་ལྷ་སྐུར་ལམ་གྱིས་ལངས་ཏེ་ཆད་མཐའ་བསལ་ཞིང་སང་གྲགས་རི་གསུམ་དཀྱིལ་འཁོར་གསུམ་གྱི་ངང་དང་མ་བྲལ་བས་རྒྱུན་གྱི་སྤྱོད་ལམ་ལ་འཇུག །ནུབ་མོ་ཉལ་བའི་ཚེ་ཉེར་བསྡུ་གྲུབ་ནས་དགེ་བ་བསྔོ་བ་སོགས་ཀྱི་མཐར་སླར་ཡང་སྲུང་འཁོར་ལེགས་པར་གསལ་བཏབ་ནས་ཐུགས་ཀའི་སྔགས་ཕྲེང་འཁོར་བ་ལ་སེམས་བཟུང་སྟེ་དེ་ཉིད་བཟླ་བཞིན་པར་ཉལ། ནངས་པར་

(༦༧༢)ལྡང་བའི་རྣལ་འབྱོར་གྱི་ཚེ་བླ་མའི་རྣལ་འབྱོར་སོགས་སྔོན་འགྲོ་སྤྱི་བྱེ་བྲག་པ་ནས་བཟུང་བགེགས་གཏོར་མ་གཏོགས་འགྲོས་སྔར་བཞིན་བྱ། སྒྲུབ་པ་ཐོན་རྒྱུའི་ནངས་པར་གྱི་སྔ་དྲོའི་ཆར་མཆོད་གཏོར་གསར་དུ་བཤམ། ཚོགས་མཆོད་གཏང་། ཡུམ་ཀའི་ལས་བྱང་གི། བཞེངས་ཤིག་མཁའ་འགྲོ་འདུས་པའི་ལྷ། སོགས་ཀྱིས་།ཐུགས་དམ་བསྐུལ་ནས། མཁའ་འགྲོ་སྒྲུབ་པའི་དམ་ཚིག་ད་ནངས་ཐེམས། །ཞེས་སོགས་ཀྱི་མཐར་སྒྲུབ་རྟེན་བཏེག་སྟེ་སྤྱི་བོར་གཏུགས། གཏོར་མ་ལྷར་གསལ་བ་འོད་དུ་ཞུ་བ་སྤྱི་བོ་ནས་ཐིམ་པ་སྙིག་གའི་ཐིག་ལེ་ལ་འདུས་པས་མཆོག་ཐུན་གྱི་དངོས་གྲུབ་བདེ་བླག་ཏུ་ཐོབ་པར་བསམ། སླར་ཡང་གཏང་རག་གི་མཆོད་བསྟོད་དང་ཡི་གེ་བརྒྱ་པས་ནོངས་བཤགས་བྱ། བསྙེན་སྒྲུབ་ཁ་སྐོང་དུ་མེ་མཆོད་བྱེད་པར་སྤྲོ་ན་སྐབས་འདིར་རིག་འཛིན་ཡུམ་ཀའི་མེ་མཆོད་ཉིད་ལས་འདོན་པ་བསྒྱུར་ཏེ་སྲེགས་རྫས་རྣམས་རྩ་སྔགས་འབའ་ཞིག་གིས་འབུལ་ཞིང་རྗེས་ཐོགས་སུ་དངོས་གྲུབ་བླང་བའང་བྱ། དེ་རྗེས་

(༦༧༣)འུྃ ཆད་ཐོ་བསྟན་སྐྱོང་དགེ་བ་བསྔོ་བ། ཤིས་བརྗོད་སོགས་རྒྱས་པར་བྱ། དེ་ནས་རྒྱལ་ཆེན་ལ་གཏང་རག་གཏང་སྟེ་གཤེགས་སོལ་བྱས་ལ་མཚམས་ཐོ་འགྲོལ། རིམ་པས་བླ་མ་དང་མཆེད་གྲོགས་སོགས་ཐོག་མར་དམ་གཙང་དང་འཕྲད་ནས་མཚམས་ལས་སེང་བར་བྱའོ། །རང་ཉིད་ལ་འདི་ལྟར་འདྲི་བའི་ཉམས་མྱོང་གི་དྲི་མ་ཙམ་ཡང་མ་གོས་ཀྱང་དཔལ་སྡིངས་རྗེ་བཙུན་དྲུང་གིས་ལེགས་སོའི་སྐྱེས་དང་བཅས་ཏེ་བཀའ་ནན་གྱིས་བསྐུལ་མ་གནང་བར་རྗེ་བླ་མས་འདྲིར་རུང་བའི་གནང་བ་བསྩལ་བར་བརྟེན། གསུང་རྒྱུན་བཞིན་དུ་བཀའ་འབངས་ཀྱི་ཆར་གཏོགས་པ་ཐ་ཤལ་བས་ཟིན་ཐོར་བསྐྱལ་བ་ལ་ནོངས་པ་མཆིས་ན་ལྷ་དང་སྲུང་མས་བཟོད་པར་མཛོད་ཅིག །རང་བྱུང་རིག་པ་མངོན་གྱུར་ནས། གདོད་མའི་སངས་རྒྱས་སར་གཤེགས་པའི། མཁྱེན་བརྩེ་འཇིགས་མེད་གླིང་པ་ལ། འདས་རྗེས་གླགས་བམ་འབབས་པའི་དོན། །ཡུམ་ཀའི་གསང་སྒྲུབ་སེང་གདོང་མའི། །སྒྲུབ་ཐབ་བསྙེན་ཡིག་

(༦༧༤)བཅས་པའི་པར། །ཟུར་མཛོད་ཚེ་རིང་དོན་འགྲུབ་དང་། །རྣམ་རྒྱལ་བུ་འཁྲིད་བཟའ་འཚོ་ཡི། །པར་བརྐོས་དགེ་བས་སྙིང་ཐིག་གི །བསྟན་པ་ཕྱོགས་བརྒྱར་འཕེལ་བ་དང་། སྦྱིན་བདག་ཚེ་བསོད་ལོངས་སྤྱོད་རྒྱས། འགྲོ་ཕན་བྱང་ཆུབ་མྱུར་ཐོབ་ཤོག །སརྦ་མངྒ་ལཾ།།

(༦༧༥)འུྃ ཡུམ་ཀའི་གསང་སྒྲུབ་སེང་གེའི་གདོད་ཅན་ལས སྲུང་ཟློག་བྱད་མ་སྟོབས་འཇོམས་བཞུགས བདུད་འདུལ་སེང་གེའི་ཞལ་ལ་འདུད སྲུང་བཟློག་རྒྱུན་གྱི་རྣལ་འབྱོར་ལ གཉིས་ལས་དང་པོ་བསྲུང་བ་ནི མངོན་རྟོགས་གཞུང་བཞིན་བགོམས་པའི་མཐར བདག་ཉིད་མཁའ་འགྲོ་བདུད་འདུལ་མའི །ཐུགས་མཆོག་འོད་ཀྱི་དྲ་བའི་ཀློང་ པདྨ་ཉི་ཟླའི་གདན་སྟེངས་སུ ཕ་ལམ་ལས་གྲུབ་རྡོ་རྗེ་སེར རྩེ་ལྔའི་ལྟེ་བར་ཉི་གདན་དབུས ཧཱུྃ་ཡིག་མཐིང་ཀའི་ཀླད་ཀོར་ནང་ བླ་མ་ཁོག་པར་བསྲུང་བྱ་དང་ ཞབས་སུ་ཡུལ་མཁར་རྟ་ཕྱུགས་ལ མཐའ་སྐོར་སྔགས་ཕྲེང་འཁོར་བ་ཡི འོད་ཀྱིས་རྒྱལ་བ་སྲས་བཅས་མཆོད བྱིན་རླབས་དངོས་གྲུབ་གསེར་བཙོ་མའི། འོད་ཀྱི་རྣམ་པར་འདུས་པ་ཡང་ ཕྲ་རབ་རྡོ་རྗེའི་རྡུལ་གྱུར་ནས དམིགས་བྱའི་ལུས་ངག་ཡིད་གསུམ་དང ཕྱི་རོལ་རྡོ་རྗེའི་རྭ་གུར་ལ འདྲེས་པས་ཅིས་ཀྱང་མི་ཤིགས་གྱུར རྩ་སྔགས་ཡིག་འབྲུ་བཅུ་བཞིའི་ཤམ ཨོཾ་ཧྲཱིབཛྲ་ཛྭ་ལ་སརྦ་ཀརྨཱ་རཀྵ་རཀྵ་ཧཱུྃ བཟླས་རྗེས་མི་དམིགས་དང་ལ་བཞག གཉིས་བཟློག་པའི་རིམ་པ་ནི ཧཱུྃ སྲུང་འཁོར་གསལ་བརྟན་འབར་བ་ཡི ཐུགས་ཀའི་ཧཱུྃ་ལས་ཧཱུྃ་འཕྲོས་པས སྟོང་གསུམ་འཇིག་རྟེན་ཧཱུྃ་གིས་གང་ བྱད་གདོན་སྟོངས་ཤིང་ཟད་སར་བསྒྲལ སླར་འདུས་རྡོ་རྗེ་ར་བའི་ཕྱིར ཡེ་ཤེས་

(༦༧༦)མེ་དང་གཉིས་མེད་ཀློང་ ཡོངས་གྱུར་གནམ་ལྕགས་འཁོར་ལོ་ནི རྩིབས་སྟོང་འབར་བའི་རྣོ་དཔལ་ལ བྱང་ཕུར་རྦོད་གཏོང་སྲི་ཀེག་དང་ གནོད་བྱེད་དགྲ་གདོན་ལོག་འདྲེན་ཚོགས སོ་སོའི་གཟུགས་དང་བྱད་དབྱིབས་ལྟར རང་དབང་མེད་པར་བཀུག་བྱས་ནས སྤུ་གྲི་རེག་གཅོད་འཐོར་རླུང་གིས འཁོར་ལོ་གཡོན་དུ་བསྐོར་བ་ཡིས གཟུགས་ཕུང་ཐལ་བའི་རྡུལ་དུ་བརླག སྔགས་ཕྲེད་ལས་བྱུང་མེ་སྟག་གིས ལྷག་མ་རྗེས་ཤུལ་མེད་པར་བསྲེགས རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཕཊ རྩ་སྔགས་ཤམ ཙཀྲ་ཛྭ་ལ་སརྦ་དུཥྚ་ན་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཕཊ་ཕཊ བྷྱོ་ཟློག་ཟློག ཅེས་བཟླས་བདེན་སྟོབས་བརྗོད་པ་ནི་སངས་རྒྱས་ཀྱིས་ནི་བདུད་ཕམ་མཛད༔ ཆོས་མ་ཡིན་པ་ཆོས་ཀྱིས་སོ དགེ་འདུན་ཀྱིས་ནི་མུ་སྟེགས་ཕམ དབང་པོས་ལྷ་མིན་ཕམ་པར་གྱུར ལྷ་མིན་རྣམས་ཀྱིས་ཟླ་བ་ཕམ ནམ་མཁའ་ལྡིང་གིས་རྒྱ་མཚོ་ཡི ཀླུ་རྣམས་རབ་ཏུ་ཕམ་པར་གྱུར མེ་ཡིས་བུད་ཤིང་སྲེག་པ་དང་ རླུང་གིས་སྤྲིན་རྣམས་གཏོར་བ་དང་ རྡོ་རྗེས་རིན་ཆེན་ཕུག་པ་དང་ ལྷ་རྣམས་བདེན་པ་རབ་ཏུ་གནས བདེན་པ་འདི་དག་ཐམས་ཅད་ཀྱིས དེང་འདིར་བདེན་པ་འགྲུབ་གྱུར་ཅིག ཅེས་ཐལ་བརྡེབ་ལན་གསུམ་བྱ མཐར་ནི་བསྲུང་བྱ་སྲུང་བྱེད་དང་ བཟློག་བྱ་ཟློག་པར་བྱེད་པའི་ཆོས མི་དམིགས་དང་བཞག་དགེ་བ་བསྔོ སྤྲོས་མེད་སྲུང་ཟློག་ཟབ་མོ་འདི རྡོ་རྗེའི་མཁར་དུ་ཚུད་དང་འདྲ ས་མ་ཡ རྒྱ་རྒྱ་རྒྱ་

(༦༧༧)ཡུམ་ཀའི་གསང་སྒྲུབ་སེང་གེའི་གདོང་ཅན་ལས༔ བྱང་འགྲེལ་གནམ་ལྕགས་འཁོར་ལོ་བཞུགས། །

(༦༧༨)འུྃ བདུད་འདུལ་སེང་གེའི་ཞལ་ལ་འདུད རིག་སྔགས་སྟོང་གི་ནུས་པ་དང་༔ ཁྱང་མ་འབུམ་གྱིས་མཐུ་རྡུགས་པ འདི་ལ་བརྟེན་པའི་བྱད་འགྲོལ་བསྟན། དེ་ལ་དང་པོ་བཅའ་གཞི་ནི་སྟེགས་གཙང་མར་མཁའ་འགྲོའི་མཆོད་གཏོར་ཉེར་སྤྱོད་བཅས་བཤམས་པའི་མདུན་དུ་མཉྩིའི་ཁར་རིན་པོ་ཆེའི་བུམ་པ་མགུལ་ཆིངས་མཐིང་ག་གཙང་ཆུ་དང་ཤྭ་འོད་སེར་བའི་ཆུས་བཀང་བ་ལ རིན་ཆེན་སྣ་ལྔ ཐོག་ལྕགས་ཕྱེ་མ ཚྭ་བ་གསུམ ཁ་ཤའམ་ཤ་བའི་རྭ ཕག་གི་སྣའམ་གྲུམ་པའི་སོ ཁྱུང་དམ་བྱ་གླག་གི་སྡེར་མོའི་ཕྱེ་མ་བླུག་ལ་ཤིང་འབྲས་ཅན་གྱིས་ཁ་བརྒྱན མཉྩིའི་འོག་ཏུ་རི་རུད་གང་ཕུང་ས་བ་བསྲེས་པའི་འཇིམ་པ་ལ་ཧོ་མ་ཁུང་རླུང་དུ་བཟོས་པའི་ནང་དུ་ཆུ་མིག་ལྐུགས་པའི་ཆུ་བླུགས དེའི་ཟུར་གསུམ་ལ་དབྱེ་སྒྲོ་གཉིས་དང་དཔལ་འབར་བཙུགས བྱང་ལིང་༔ ཚོན་སྐུད་སྔོན་དམར ཐང་

(༦༧༩)འུྃ ཕྲོམ༔ ཉུངས་ཀར སྲིད་པའི་བྱེ་མ མདའ་བྱ་རྒོད་མ་དར་ཚོན་བཏགས་པ མེ་ལོང་ ཕུར་བ ཚེར་ཤིང་གི་མེ་ཧོ་མ བསད་གྲི སྤོན་གཏོར་རྣམས་འདུ་བྱའོ གཉིས་པ་སྒྲུབ་པ་ལ་གཉིས་ལས དང་པོ་བདག་བསྐྱེད་ནི་ལས་གཞུང་བཞིན་བྱས་ལ་ཡིག་འབྲུ་བཅུ་བཞི་པ་སྟོང་ཕྲག་ལས་མི་ཉུང་བར་བཟླའོ གཉིས་པ་ལས་བུམ་སྒྲུབ་པ་ནི༔ མཆོད་པ་གསོས་ལ༔ ལས་བུམ སྭ་བྷཱ་ཝས་སྦྱངས༔ སྟོང་པའི་ངང་ལས་བྷྲཱུཾ་ཡིག་ཡོངས་གྱུར་ལས སྣོད་ཀྱི་འཇིག་རྟེན་རིན་ཆེན་བུམ་པ་བཟང་༔ ཞབས་ཞུམ་འདོད་ཁམས་ལྟོ་ལྡིར་གཟུགས་ཁམས་ལ༔ མགྲིན་པ་རིང་ཞིང་ཁ་གཡེལ་གཟུགས་མེད་ཁམས ནང་ནི་རྣམ་ཐར་སྒོ་གསུམ་གཞལ་མེད་ཁང་༔ གཞི་ལམ་འབྲས་རྫོགས་ཆོས་འབྱུང་བསྣོལ་མའི་དབུས༔ ཡེ་ཤེས་མེ་དཔུང་རབ་ཏུ་འབར་བའི་ཀློང ཆུ་སྐྱེས་གེ་སར་ཐབས་ཤེས་ཉི་ཟླའི་སྟེང་༔ སྐྱེ་མེད་

(༦༨༠)རྡོ་རྗེ་ཨ་ཡིག་ཡོངས་གྱུར་ལས༔ སྐྱེ་མཆེད་ཡོངས་རྫོགས་རྡོ་རྗེ་བདག་མེད་མ༔ སོགས་ནས་བསྟོད་པའི་བར་སོང་རྗེས༔ མདུན་བསྐྱེད་བུམ་ལྷའི་ཐུགས་ཀ་རུ ཐུགས་སྲོག་ཧཱུྃ་ཡིག་སྔོན་པོ་ལ༔ ཡིག་འབྲུ་བཅུ་བཞིའི་ཤམ་བུ་རུ ཨོཾ་ཧྲཱི་བཛྲ་ཛྭ་ལ་སརྦ་བཛྲ་ཙྪིནྡ་ཡ་ཧ་ཧེ་ཧཱུྃ་ཕཊ ཅེས་བཏགས་པས་བསྐོར་བ་མགལ་མེའི་འཁོར་ལོ་ལྟར་བསྐོར་བ་ལས་བྱུང་བའི་འོད་ཟེར་མེ་སྟག་འཕྲོ་བས་བྱད་ཕུར་རྦོད་གཏོང་ཐམས་ཅད་ལྷག་མེད་དུ་བསྲེགས་པར་བསམ་ལ་བཟླས་པ་སྟོང་ཕྲག་སོགས་ཅི་ནུས་བཟླས་མཐར་མཆོད་བསྟོད་བྱས་ལ་བུམ་ལྷ་འོད་ཞུ་བྱའོ། །གསུམ་པ་ལས་སྦྱོར་ནི། བསྒྲུབ་བྱ་མདུན་དུ་འཁོད་ལ་བྱད་ཐག་གིས་བཅིངས། ཧོམ་ཁུང་མདུན་དུ་བཞག་པའི་ནང་དུ་ཚུད་པར་བསམ་ལ། ༈ དེ་ཡང་བྱད་ཞེས་བྱ་བའི་ངོ་བོ་ནི་རྗེས་སྔགས་ཏིང་ངེ་འཛིན་གསུམ་ཚོགས་པའི་རྟེན་འབྲེལ་ལ་བརྟེན་ནས་སྐྱེས་བུའི་སྒོ་གསུམ་འཆིང་ཞིང་རྨོངས་པར་བྱེད་ལ། དེ་འབྱུང་བའི་རྒྱུ་ནི་སྔོན་གྱི་ལས་ངན་དང་། རྐྱེན་ནི་རང་གི་ལུས་ངག་གི་སྤྱོད་པ་མི་གཟོ་བ་དང་། ཕ་རོལ་གྱི་བསམ་སྦྱོར་ངན་པ་ལས་འབྱུང་ལ། དེ་ལས་གྲོལ་བའི་ཐབས་ནི་རྡོ་རྗེ་འཆང་གི་བྱིན་བརླབས་ལས་རང་བཞིན་དུ་འབྱུང་བའི་སྔགས་རྒྱུད་ཀྱི་གདམས་པ་ཟབ་མོ་རྣམས་དང་། སྟོན་པ་དྲང་སྲོང་ཆེན་པོ་ལ་

(༦༨༡)འུྃ སོགས་ལྷ་དང་མིའི་དྲང་སྲོང་བདེན་ཚིག་གྲུབ་པ་རྣམས་ཀྱིས་སྟོན་པའི་ཚུལ་རྒྱུད་ལས། ནམ་མཁའ་མེད་པར་གྱུར་ན་ཡང་ སྔགས་ཀྱི་དངོས་གྲུབ་མེད་མི་སྲིད ལྷ་དང་དྲང་སྲོང་གིས་བཤད་པའི རིག་སྔགས་བསླུ་བར་མི་སྲིད་ན འདོད་ཆགས་བྲལ་བས་བཤད་པ་ཡི གསང་སྔགས་སྦྱོར་བས་བསླུས་པ་ནི མ་བྱུང་འབྱུང་བར་མི་འགྱུར་རོ ཞེས་པས་གསལ་ཏེ དེ་ལས་འདིར་སྔོན་བྱུང་དང་ཕྱིས་བྱུང་གི་ལོ་རྒྱུས་གཉིས་ལས་དང་པོ་ནི་རྣམ་པར་རྒྱལ་བའི་ཁང་པའི་གནས་སུ་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ། ཀྱཻ བཙུན་པ་བཅོམ་ལྡན་འདས་ཁྱེད་ནི་ཐམས་ཅད་མཁྱེན་པའི་གཙོ་བོ་ལྷ་མ་ཡིན་གྱིས་བདག་གིས་ལུས་ངག་ཡིད་གསུམ་བཅིངས་པ་ལས་དགྲོལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། བརྒྱ་བྱིན་ཁྱོད་ཀྱིས་ང་ལ་གང་དག་ཞུ་བ་ལེགས་སོ། །དེའི་ཕྱིར་ལེགས་པར་རབ་ཏུ་སྟོན་ལ་ཡིད་ལ་བཟུང་སྟེ། འདི་ཉིད་ལ་ནན་ཏན་དུ་གྱིས་ཤིག །གང་དག་ལུས་ངག་ཡིད་གསུམ་མནན་པ་དང་བཅིངས་པ་དེ་ལ་ནི་ནམ་ཡང་བདེ་བའི་སྐབས་མི་འབྱུང་བས། རིགས་སྔགས་ཀྱི་མཐུ་དང་ཏིང་ངེ་འཛིན་གྱི་ནུས་པ་དང་ལས་ཚོགས་གཉིས་ལས་ཁྱུད་པའི་འབྲས་བུ་ཐམས་

(༦༨༢)ཅད་ཉམས་པར་བྱ་བའི་ཕྱིར་དང་། འཇིག་རྟེན་ཕ་རོལ་གྱི་ཡོན་ཏན་དང་། བསོད་ནམས་དང་། བདེ་བའི་འབྲས་བུ་ནམ་ཡང་འབྱུང་བར་མི་འགྱུར་ཏེ། འདི་ལྟར་ཉི་མའི་འོད་ཟེར་ཕུན་སུམ་ཚོགས་པར་གྱུར་ཀྱང་སྤྲིན་གྱི་དབང་དུ་བྱས་པ་བཞིན་ནོ། །དེ་བས་ན་ལུས་ངག་ཡིད་གསུམ་བཅིངས་པ་ལས་གྲོལ་བར་བྱེད་པའི་ཐབས་ལ་བརྩོན་པར་བྱའོ། །དེ་ལྟར་བྱས་ན་བཅིངས་པའམ་མནན་པ་ལས་གྲོལ་བར་འགྱུར་ཏེ། སྒྲོན་མེའི་འོད་ཀྱིས་མུན་པ་སེལ་བའམ། མེ་ལྕེའི་ནུས་པས་ནགས་ཐམས་ཅད་བསྲེགས་པའམ། སེང་གེའི་སྐད་ཀྱིས་རི་དྭགས་ཐམས་ཅད་ཟིལ་གྱིས་གནོན་པ་བཞིན་དུ། རིགས་སྔགས་ཆེན་མོ་འདིའི་བྱིན་རླབས་ཀྱིས་བཅིངས་པ་ཐམས་ཅད་ལས་གྲོལ་བར་བྱེད་དོ། །ཞེས་གསུངས་ལ་ཕྱིས་བྱུང་གི་ལོ་རྒྱུས་ནི། རིག་པ་འཛིན་པ་ཐམས་ཅད་ཀྱི་རྒྱལ་པོ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་རྒྱལ་པོ་ཛའི་ཁབ་དང་ཉེ་བའི་རིམ་ལ་ཡ་གནམ་ལྕགས་འབར་བ་སེང་གེའི་ཟ་འགྲམ་ལྟ་བུར་མཁའ་འགྲོའི་ཚོགས་དཔོན་མཛད་ཅིང་བཞུགས་པའི་ཚེ། མུ་སྟེགས་ཀྱི་སྟོན་པ་གྷ་ན་པ་ཏི་ལ་སོགས་པ་ལྔ་བརྒྱས་སློབ་དཔོན་ལ་རྩད་པ་བྱས་པས་མ་ཐུབ་སྟེ། སླར་ཁྲོས་ནས་རི་སུལ་ཞིག་ཏུ་མུ་སྟེགས་ཀྱི་ངན་སྔགས་བཅས་ཆོག་ནག་པོ་ཞེས་བྱ་

(༦༨༣)འུྃ པ་བསྒྲུབས་པས་མཐུ་རྟགས་ཆེན་པོ་བྱུང་ནས་སློབ་དཔོན་ཉིད་ལག་ན་རྡོ་རྗེ་སེང་གེའི་ང་རོ་ཅན་ཞེས་བྱ་བའི་སྐུར་བཞེངས་ཏེ་རིགས་སྔགས་ཀྱི་སྦྱོར་བ་བཤིག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཚེ། མཁའ་འགྲོ་བདུད་འདུལ་སེང་གེའི་གདོང་ཅན་གྱིས་ཞལ་བསྟན་ནས་རིགས་སྔགས་ཀྱི་དངོས་གྲུབ་བྱིན་པས་དེ་ཉིད་དུ་མུ་སྟེགས་ཀྱི་སྟོན་པ་ངན་སྔགས་མཁན་གནམ་ལྕགས་ཐོག་གིས་བསྒྲལ། ཕྱི་རབས་ཀྱི་འགྲོ་བའི་དོན་དུ་གདམས་པ་ཟབ་མོ་འདི་མཁའ་ལྡིང་འབར་བའི་བརྡ་རིས་ལ་བྲིས་ཏེ་ཀློང་ལྔ་འདུས་པའི་གཏེར་སྒྲོམ་དུ་རྒྱས་བཏབ་པས་དམག་འཁྲུགས་དང་བྱད་ཕུར་དང་བའི་ཚེ། རིག་འཛིན་འཇིགས་མེད་གླིང་པ་ལ་བཀའ་བབས་པས་བརྒྱུད་པ་ཁུངས་ལ་ཐུག་པའི་མན་ངག་ཟབ་མོའི་སྒོ་ནས་བྱད་འགྲོལ། པ་ལ་ངེས་ཤེས་དང་དད་པ་བསྐྱེད་ནས་སློབ་དཔོན་མཁའ་འགྲོ་མ་སེང་གེའི་གདོང་ཅན་དངོས་སུ་མོས་པའི་མདུན་དུ་རང་ཉིད་ཕ་རོལ་མི་དང་མི་མ་ཡིན་གྱི་བྱད་དུ་བཅུག་པ་ལས་དབུགས་དབྱུང་བའི་མོས་པ་མཛོད། བརྡ་སྦྱར་ལ། ཐོག་མར་ཕྱོགས་སྐྱོང་དང་གཞི་བདག་ལ་ཕུད་དང་གཏོར་མ་ཨ་ཀཱ་རོས་བསྡོས་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་དོར།

(༦༨༤)དེ་ནས་ཡི་དམ་གྱི་ང་རྒྱལ་བརྟན་བས་བསང་གྲིའམ་གྲི་གུག་ཕྱར་ལ། ཧཱུྃ་བྱད་ཅེས་བྱ་བ་ཀུན་རྫོབ་སྟེ བསྒྲུབ་བྱའི་ལུས་ནི་བོམ་པོ་ལ སེམས་ནི་སྟོང་པ་ཉིད་ཡིན་ཀྱང་ གློ་བུར་རྣམ་རྟོག་ལས་གྲུབ་པའོ མིང་གཟུགས་འདུས་པའི་བླ་སྲོག་ལ ཕ་རོལ་མི་དང་མི་མིན་གྱིས རྫས་སྔགས་ཏིང་འཛིན་མཐུས་བསྐྱེད་པའི༔ འགུགས་འཆིང་སྡོམ་མྱོས་ཕྱག་རྒྱ་བཞིས སྒོ་གསུམ་བྱེད་དུ་བཅུག་པ་རྣམས གྲི་གུག་འབར་བའི་ཕྱག་རྒྱས་བཅད སྤུ་གྲི་རྣོན་པོའི་དཔལ་ལ་བསྐྱོན རིགས་སྔགས་འབར་བའི་མེ་ཡིས་སྲེག ཨཀ༔སམརཙཤདརསམརསཕཊ ལན་གསུམ་གྱི་རྗེས། བསྒྲུབ་བྱའི་ལུས་ངག་ཡིད་གསུམ་བྱང་དུ་བཅུག་པ་དང་། བཅིངས་པ་དང་། མནན་པ་དང་། ནུས་པ་བཤིག་པ་ཐམས་ཅད་གྲལ་བར་གྱུར་ཅིག །ཅེས་བྱད་ཐག་དུམ་བུར་གཏུབས དེ་ནས་མདུན་དུ་སྟན་པའི་སྟེང་དབྱེ་སྒྲོ་གཉིས་བཞག་ལ་རལ་གྲི་བསྣུན་ཞིང་ ཧཱུྃ་མི་ལ་འགོ་བ་ལྷ་ལྔ་སྟེ ལྷ་དང་མི་རུ་དབྱེན་སྦྱོར་བའི ཕྲ་མེན་ཕྲ་མ་མཁན་གཉིས་ཀྱིས་ཉེས་བྱེད་སྦྱོར་བ་ཞིག་གྱུར་ཅིག༔ འདི་ལ་འབྲུ་བཅུ་བཞི་དང་ ཨོ་མ་མ་སརྦ་བི་དྷ་བི་དྷ ཛ་ཡེ་ཛ་ཡེ བི་ཛ་ཡེ་བི་ཛ་ཡ ཨ་ཛི་ཏ་ཨ་པར་ཛི་ཏ་ཡེ་མ་མ་བྷེ་བྷྱ་པྲ་མ་ར་ངྙ ཧ་ཡེ་མ་མ་ཧཱུྃ་ཕཊ

(༦༨༥)འུྃ གཞན་གྱིས་མི་ཐུབ་པའི་རིག་སྔགས་ཆེན་མོ་འདིས་གང་དག་སྡང་བ་དང་ ལོག་པར་སེམས་པ་ཐམས་ཅད་ཞི་བར་གྱུར་ཅིག ཅེས་དུམ་བུར་གཅད༔ དེ་ནས་བྱད་ལིང་གི་སྟེང་དུ་བྱད་ཐག་དང་སྒྲོ་དུམ་བཞག་ལ ན་མོ་སངས་རྒྱས་ཀྱི་བདེན་པ་དང་ ཆོས་ཀྱི་བདེན་པ་དང་ དགེ་འདུན་གྱི་བདེན་པ་དང་ ཁྱད་པར་དུ་རིག་སྔགས་ཀྱི་རྒྱལ་མོ་མཁའ་འགྲོ་སེང་གེའི་གདོང་ཅན་གྱི་བདེན་པ་དང་ བྱིན་རླབས་ནུས་པའི་མཐུས བསྒྲུབ་བྱ་འདི་ཉིད་ལ་ཕ་རོལ་བན་བོན་མི་དང་མི་མིན་གྱི་བྱས་པའི་བྱད་ཁ་ཕུར་ཁ་ཟོར་ཁ༔ ཧོ་མ་དང་བར་བུ སྡེབས་གཤོར རླུང་འཁོར གྱི་མ་ཤང་ གཤེད་སྡེབས བསད་བསྐྲད དབྱེ་རྨོངས་ལ་སོགས་པ་དང་ རང་གི་སྦྱོར་ངན་ལོག་པའི་ནུས་པ་ཐམས་ཅད་དམིགས་པའི་རྟེན་འདི་ལ་ཁུག་ཅིག རང་གཤད་རང་ལ་ཕོབ་ཅིག ཅེས་ལན་གསུམ་གྱིས་བསྟིམ་ལ བྱད་མ་རང་གཤེད་དབབ་པ་འདི་བྱ་སྟེ ཕུར་པ་འདྲིལ་ལ ཧཱུྃ་ཕུར་ནི་སྐྱ་བ་མེད་པ་ལ པ་ནི་འགག་པ་མེད་པ་སྟེ སྐྱེ་འགགས་བྲལ་བའི་ཕུར་བ་ནི བྱད་མའི་རྣམ་ཤེས་ཚོགས་བརྒྱད་ལ བཏབ་ནས་དབང་དུ་བྱས་པ་ཡི བསྒྲུབ་བྱའི་རྣམ་པར་ཤེས་པའི་ཚོགས

(༦༨༦)བཅོམ་དང་ཉམས་པ་སོར་ཆུད་ནས༔ དབང་ཡུལ་སྐྱེ་མཆེད་གསལ་གྱུར་ཅིག ཡིག་འབྲུ་བཅུ་བཞི་ལ ཀཱི་ལ་ཀཱི་ལ་ཡ་ཧཱུྃ་ཕཊ ཅེས་བཏགས་པ་ཚར་བརྒྱད་བརྗོད་ཅིང་བྱད་ལིང་གཏུབས་དེ་ནས་མཐའ་སྡུད་འབྱུང་བཞིའི་སྦྱོར་བ་བཤིག་པ་ནི དཔལ་འབར་སྦར་ལ ཧོམ་ཁུང་གི་ཆུ་ལ་གསད་ཅིང་ ཧཱུྃ་འབྱུང་བཞི་འདུས་པའི་ལུས་རྟེན་ནི གྲུབ་ཀྱང་འབྱུང་བ་བཞི་ལ་གྲུབ བཤིག་ཀྱང་འབྱུང་བའི་ནུས་པས་བཤིག ཚ་ཞིང་བསྲེག་པ་མེའི་ཀློང་དུ ཧོམ་དང་སྦྱིན་སྲེག་ལས་གྱུར་བྱད འབྱུང་བའི་དགྲ་གཤེད་ཆེན་པོ་སྟེ མེ་དགྲ་ཆུ་ཡི་ནུས་པས་བསད ཨོཾ་ཤཱིནྟར་ཀ་རི་ནཾ་ཡེ་མ་མ་བཛྲ ཛྙན་པྲ་ཡ་ཙྪ་ཡཾ མ་མ་བྷི་དྷ་ར་ཡ ཧ་ཧ་ཧེ་ཧེ་ཧི་ཧི་ཧཱུྃ་ཧཱུྃ པྲ་ཀ་ར་ན་སརྦ་ས་ཙ་ཡ་ལ་སརྦ་བཛྲ་རཀྵ རཀྵཕཊ་ཕཊསྭཱ་ཧཱ ཧོམ་ཁུང་གི་ཆུ་སྲིད་པའི་བྱི་མས་མནན་ཅིང་ ཧཱུྃ་རླན་ཞིང་གཤེར་བ་ཆུའི་ཀློང་དུ ཀླུ་ལ་གཏད་ཁྲམ་ལས་གྱུར་བྱད འབྱུང་བའི་དགྲ་གཤེད་ཆེན་པོ་སྟེ ཆུ་དགྲ་ས་ཡིས་མནན་པར་བྱ སྔགས་གོང་བཞིན་བརྗོད ཧོམ། ཁུང་གིས་སྟེང་མདའ་བྱ་རྒོད་མ་བཙུགས་ལ་ཧོམ་ཁུང་བུམ་ཆུས་བཤིག་ཅིང་ ཧཱུྃ་སྲ་ཞིང་འཐས་པ་སའི་ཀློང་དུ གཤེར་དང་མནན་པ་ལས་གྱུར་བྱད འབྱུང་བའི་དགྲ་གཤེད་ཆེན་པོ་

(༦༨༧)འུྃ སྟེས་དགྲ་ཤིང་གིས་བསད་པར་བྱ སྔགས་གོ་བཞིན། དེ་ནས་བསྒྲུབ་བྱར་མེ་ལོང་ལ་ཧས་གདབ་ཏུ་བཅུག་ལ ཧཱུྃ་ཡང་ཞིང་གཡོ་བ་རླུང་གི་ཀློང་ འཁོར་ལོ་བསྐོར་བ་ལས་གྱུར་བྱད མེ་ལོང་སྟེང་དུ་སྐྱུགས་པ་ཡིས རང་བཞིན་མེད་པའི་དབྱིངས་སུ་ཡལ སྔགས་གོང་བཞིན་བརྗོད་པ་དང་མཉམ་དུ་བསྒྲུབ་བྱ་བུམ་ཆུས་བཀྲུ དེ་ནས་བྱད་ཐག་དང་དབྱེ་སྒྲོའི་དུམ་བུ་ཟངས་ཀྱི་གའུ་ལ་སོགས་པའི་བར་བུར་བཅུག་དུ་བ་མི་འཆོར་བ་བྱས་པ་ཧོམ་ནང་དུ་བཞག་ལ་མེ་སྦར་ཞིང་༔ སྭ་བ་ཧཱ་ཝས་སྦྱངས། སྟོང་པའི་དང་ལས་བསྐལ་པ་དུས་མཐའི་མེ་དཔུང་འབར་བའི་དབུས་སུ་དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་པ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེང་གེའི་གདོང་ཅན་བལྟར་མི་བཟོད་པའི་གཟི་བརྗིད་ཅན་ཞལ་གནམ་ས་ལྟ་བུར་བགྲང་བའི་ནང་དུ་ཕ་རོལ་མི་དང་མི་མ་ཡིན་པའི་བྱེད་གཟུགས་འདོད་ཆགས་ཁྲག་གི་རྒྱ་མཚོ། ཞེ་སྡང་རུས་པའི་གྲམ་བུ། གཏི་མུག་ཤའི་རི་བོར་གྱུར་པ་ཨ་ལ་ལ་ཞེས་གད་མོའི་སྒྲ་དང་བཅས་བཞེས་པར་གྱུར ཅེས་བརྗོད་ལ་སྔགས་ཀྱི་མཚོན་ཆ་ཉུངས་ཀར། སྨྱོ་བྱད་ཀྱི་རྫས་ཐང་ཕྲོམ་

(༦༨༨)འབྱུང་བ་བཞི་ལ་བརྟེན་བའི་བྱང་རྫས་རྣམས་བདུད་རྩིའི་རང་བཞིན་དུ་དམིགས་པ་ཕུལ་ལ། ཧཱུྃ། བྱད་མའི་བསམ་སྦྱོར་ངན་པ་རྣམས བདུད་འདུལ་དྲག་མོའི་ཞལ་དུ་སྟོབ༔ དགྱེས་པར་རོ ཅིག་ཁ་རཾ་ཁཱ་ཧི ཛཧཱུྃ་བཾ་ཧོ ཧ་ཧ་ཕཊ ཞེས་བརྗོད་ཅིང་རོལ་མོ་སྒྲོགས༔ བཛྲ་མུཾ ཡེ་ཤེས་པ་གཤེགས དམ་ཚིག་པ་མེ་ལྷའི་རྣམ་པར་གྱུར་པ་ལས་བསྒྲུབ་བྱས་ལན་བདུན་འགོད་པས་མཐུ་བྱད་ཀྱི་ནུས་པ་ལྷག་མེད་དུ་འཚིག་པར་བསམ། རྟེན་འབྲེལ་སྙིང་པོ་བརྗོད་སྟན་དཀར་གྱི་སྟེང་དུ་བཞག་ནས་ལག་ཏུ་མདའ་དར་གཏད་ཅིང་། བྱང་ཆུབ་སྙིང་པོར་གཤེགས་པ་ན། །སོགས་ཀྱི་ཤིས་པ་བརྗོད། དགེ་བ་བསྔོ། ཧོམ་རོ་ཆུ་ཀླུང་ཆེན་པོའམ། རི་རྩེར་རླུང་ལ་འཕྱར་བར་བྱའོ། །བདེ་གཤེགས་བཀའ་དང་ཌཱཀྐི་བརྡ ཕུ་རུའི་མན་ངག་གསུམ་རྫོགས་པའི བྱད་འགྲོ་ལ་གནམ་ལྕགས་འཁོར་ལོ་འདི སྙིང་གི་བུ་ལ་གཏད་དོ་རྒྱ ས་མ་ཡ ཟར་མཛོད་ཚེའི་དོན་འགྲུབ་དང་། ཕྱི་མ་འཛིན་རྣམས་རྒྱལ་བུ་ཁྲིད་ནས་བར་དུ་སྒྲུབ་པའི་དགེ་བ་ཡི་འགྲོ་ཀུན་རྫོགས་བྱང་མྱུར་ཐོབ་ཤོག །

(༦༨༩)འུྃ ཡུམ་ཀའི་གསང་སྒྲུབ་སེང་གེའི་གདོང་ཅན་ལས གཏོར་ཟློག་བྱད་གདོན་གཡུལ་འཇོམས་བཞུགས

(༦༩༠)འུྃ༔ བདུད་འདུལ་སེང་གེའི་ཞལ་ལ་འདུད༔ ལྔ་བརྒྱ་ཕྲག་བཅུའི་མཐར་ཉེ་ཚེ དམ་ཆོས་རྣམ་གཉིས་མི་ཤེས་བར དམ་པར་ཁས་འཆེ་སྟོབས་འབྱོར་འགྲན༔ རྟགས་ཙམ་འཛིན་ལ་དགེ་འདུན་རེ༔ ཁྲིམས་རྐུན་བྱེད་ཅིང་ཁྱིམ་སུན་འབྱིན བསྐྱེད་རྫོགས་གདེང་མེད་སྔགས་པར་རློམ དཀོན་མཆོག་ལས་ཀྱང་འབྱུང་པོར་དང་༔ དེ་ཚེ་མུ་སྟེགས་ཧིན་དུ་ཡི ཀླ་ཀློ་གཡོབ་ཅིང་བསྟན་ཞབས་སྡུད ང་སྤྲུལ་བྱང་ཆུབ་སེམས་ལྡན་རྣམས༔ མཐའ་དམག་བྱད་ཕུར་ཟློག་ལ་བརྩོན༔ ས་མ་ཡ འདི་ལ་སྦྱོར་དངོས་རྗེས་གསུམ་ལས༔ སྦྱོར་བ་བཅའ་གཞི་བཤམ་པ་ནི༔ སྟེགས་བུའི་སྟེང་དུ་སེང་གདོང་མའི རྡུལ་ཚོན་དཀྱིལ་འཁོར་འདུ་བྱས་ལ མཉྩིའི་སྟེང་དུ་ཟོར་གཏོར་བཀོད༔ སྨན་གཏོར་རཀྟ་ཉེར་སྤྱོད་བཤམ འོག་ཏུ་བྱེ་སྟེགས་ཟུར་གསུམ་ལས བསད་དཀྱིལ་དཔེའུ་ཆུང་ལྟར་བྱ དབུས་སུ་ཧོ་མ་ཁུང་རཱུ་པ་བཀོད༔ གཟུགས་ནི་ཡིད་ཀྱི་རྟེན་ཡིན་པས སྐྱེ་མཆེད་དབང་པོ་དོད་པ་དང་༔ ཡིད་ལ་བླ་འཁོར་དེ་གསོད་པས༔ བླ་དགས་གནད་ཡིག་ལྡན་པར་བྲི རྟེན་འབྲེལ་ནུས་པ་རྫས་ཡིན་

(༦༩༡)འུྃ༔ པས༔ ཟག་རྫས་དང་ནི་གནད་རྫས་བྱུག༔ མཐའ་བསྐོར་ཟོར་རྫས་ཐུན་རྫས་བཤམ བསྒྲལ་ལས་ཆས་རྣམས་འདུ་བྱས་ཤིང་༔ ཁྱད་པར་དམག་ཟློག་དམིག་བསལ་ལ༔ མ་མགོན་གཡུལ་མདོས་གཞུང་བཞིན་བཀོད གཉིས་པ་དངོས་གཞིའི་རིམ་པ་ལ༔ བདག་མདུན་ལས་ལ་སྦྱོར་བ་གསུམ༔ དེ་ལ་དང་པོ་བདག་བསྐྱེད་ནི དཔལ་ཆེན་འདུས་པའི་སྒོས་སྒྲུབ་གཞུང་༔ སྐབས་སུ་གང་བབ་རིག་པས་འཕྲུལ༔ གཉིས་པ་མདུན་བསྐྱེད་སྒྲུབ་རིམ་ལ༔ དང་པོ་མདུན་རྟེན་བསྐྱེད་པ་ནི༔ སྭ་བྷ་ཝས་སྦྱངས། མདུན་རྟེན་མི་དམིགས་སྟོང་པའི་ངང་༔ བྷྲཱུཾ་ཡིག་འོད་དུ་ཞུ་བ་ལས༔ རྡོ་རྗེ་ར་བའི་གུར་གྱི་དབུས༔ ཕ་ལམ་རྡོ་རྗེའི་མཆོད་རྟེན་ནི༔ རྣམ་པ་ཉི་ཤུས་བྱང་ཆུབ་པ༔ རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ༔ བུམ་ནང་མཁའ་འགྲོའི་དཀྱིལ་འཁོར་ནི ཧཱུྃ རྣམ་ཐར་ལོངས་རྫོགས་རྡོ་རྗེ་བཙུན་མོའི་མཁའ སོགས་གཞུང་ལྟར༔ མ་བསྐྱེད་རང་བྱུང་ཡོངས་གྲུབ་ཆེན་པོར་གསལ༔ ཧཱུྃ ཏོག་ལ་གཙུག་ཏོར་གདུགས་

(༦༩༢)དཀར་མོ ཉི་དཀྱིལ་ལྷ་མོ་འོད་ཟེར་ཅན ཟླ་ཕྱེད་ཁྲོ་གཉེར་ཅན་གསུམ་ལ རིགས་སྔགས་ལྷ་མོ་འབུམ་སྡེས་བསྐོར༔ ཆོས་འཁོར་བསྐལ་བཟང་སངས་རྒྱས་སྟོང་ བྲེ་ནང་སྒྲུབ་སྡེ་ཆེན་པོ་བརྒྱད༔ བང་རིམ་དབུས་སུ་པད་ཉིའི་སྟེང་༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་ དྲང་སྲོང་དྲི་མེད་ཁྲོ་བོའི་སྐུ སྔགས་རྒོད་ལོ་ཏྲི་པཱ་ལ་ནི མཐིང་ནག་དབུ་སྟོང་ཕྱག་སྟོང་རྔམས རྩ་ཕྱག་ཐུགས་ཀར་ཐལ་མོ་རྡེབ ལོག་འདྲེན་གནོད་བྱེད་རྡུལ་དུ་བྱེད ལྷག་མ་གཡས་རྣམས་རལ་གྲི་དང་ གཡོན་རྣམས་རྡོ་རྗེའི་ཐོ་བ་འཛིན༔ དགྲ་བགེགས་གདན་ལ་དོར་སྟབས་བགྲད རིགས་སྔགས་དམོད་པ་གྲུབ་པ་ཡི དྲང་སྲོང་བྱེ་བ་འབུམ་སྡེས་བསྐོར སེར་ཁྲིའི་ནང་དུ་ཐོད་མཁར་ཀློང་ ཁྲག་ཞག་རྒྱ་མཚོ་འཁྱིལ་བའི་དབུས༔ མི་རོ་རྟ་རོ་གཅལ་དུ་བཀྲམ བདུད་དང་གཤིན་རྗེ་སྲིན་པོའི་སྡེ༔ གནོད་སྦྱིན་ཤ་ཟ་རོ་ལངས་དང་ ཀེང་རུས་བྱ་གཅན་འཁྲིགས་པའི་ཀློང་༔ དཔལ་ལྡན་མ་མགོན་ལྕམ་དྲལ་དང་༔ བདུད་མགོན་ཚོགས་བདག་མཆོད་ལྔ་ལ༔ ལྷ་དམགས་བྱ་བ་འབུམ་སྡེ་དང་༔ དཔལ་མགོན་བདུན་ཅུ་རྩ་ལྔས་

(༦༩༣)འུྃ བསྐོར སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ འཇིགས་སུ་རུང་དང་དཔའ་བྱད་ཅན བྱད་ཕུར་གཡུལ་ངོ་ཟློག་ལ་རྔམས༔ རྡོ་རྗེའི་རྭ་གུར་ཕྱི་རོལ་ཏུ གནམ་ལྕགས་འབར་བའི་རྩིབས་འཁོར་ནི སྟོང་འོག་ཕྱོགས་མཚམས་བཅུར་ལྡན་པའི༔ ཡར་རྩེ་ཆོས་ཀྱི་དབྱིངས་དང་ནི༔ མར་རྩེ་དམིགས་བྱའི་སྙིང་ལ་ཟུག སོ་སོའི་ནང་ཁོངས་ཉི་གདན་སྟེང་ ཕྱོགས་སྐྱོད་གདན་ལ་ཁྲོ་བོ་བཅུ རང་རང་སྤྲུལ་པའི་དམག་དཔུང་བཅས མེ་སྟག་འཕྲོ་ཞིང་ཀུན་ནས་འབར༔ དེའི་ཕྱི་སྤུ་གྲི་རེག་གཅོད་རླུང་ ཡེ་ཤེས་མེ་ལྕེས་བསྐྱེད་པ་ལས༔ གཡོན་བསྐོར་འགལ་མེའི་འཁོར་ལོ་ལྟར༔ བསྐོར་ནས་དགྲ་བགེགས་ཉལ་ཉལ་གཏུབས༔ དེ་ལྟར་གསལ་བའི་ལྷ་ཚོགས་ཀྱི གནས་གསུམ་ཡི་གེ་འབྲུ་གསུམ་ལས༔ རང་འདྲའི་ཡེ་ཤེས་སྤྱན་དྲངས་བསྟིམ གཉིས་པ་སྤྱན་འདྲེན་པ་ནི ཧཱུྃ མགོན་པོ་ཀུན་གཟིགས་ཐུགས་རྗེ་ཅན བདུད་ཀྱི་བདུད་ཆེན་ལྷ་ཡི་ལྷ བཅོམ་ལྡན་རྒྱལ་བ་སྲས་བཅས་རྣམས དེང་འདིར་གདུང་བས་སྤྱན་འདྲེན་ན༔ ཐུགས་ལ་ཁྲོ་བ་མི་མངའ་ཡང་ སྙིགས་མ་ལྔ་ཡི་

(༦༩༤)མཐར་སྐྱེས་པའི ལོག་འདྲེན་འདུལ་ཕྱིར་དྲག་ཤུལ་དང་ རོལ་པའི་སྟོབས་ཀྱིས་གཤེགས་སུ་གསོལ ཨེ་ཧྱེ་ཧི་མ་ཧཱ་ཀཱུ་རུ་ཎི་ཀ་དྲྀ་ཤ་ཧོ གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ། དྲན་པ་ཉེ་བར་བཞག་པ་ནས༔ ཀུན་ཏུ་འོད་མཆོག་མན་ཆད་ཀྱི རྣམ་བྱང་རྫོགས་པའི་གཞལ་ཡས་སུ དམ་ཡེ་གཉིས་མེད་དང་དུ་བཞུགས བཛྲ་ས་མ་ཡ་ཏིཥྠ བཞི་པ་ཕྱག་འཚལ་ནི༔ ཧཱུྃ ལྷ་དང་རང་རིག་གཉིས་མེད་དུ ཤེས་ལ་སྲི་ཞུ་མི་མངའ་ཡང་༔ སེམས་ཅན་དོན་ལ་བསྐུལ་བྱའི་ཕྱིར བརྡ་དོན་དྲན་པའི་ཕྱག་གིས་མཆོད༔ ཨ་ཏི་བཱུ་ཧོ པྲ་ཏཱིཙྪ་ཧོ ལྔ་པ་ཉེར་མཆོད་ནི ཧཱུྃ ཡུལ་ལ་དབང་པོས་སྤྱོད་པ་ཡི༔ མཆོད་དང་མཆོད་བྱར་མི་དམིགས་ཀྱང་༔ སྐྱེ་མཆེད་ཡབ་དང་སྦྱོར་བའི་ཕྱིར ཡུལ་དྲུག་འདོད་ཡོན་ལྷ་མོར་རོལ བཛྲ་ཨརྒྷཾ་ནས། ནཻ་ཝི་དྱ་རཱུ་པ་ཤབྟ་སོགས། དྲུག་པ་སྨན་གཏོར་རཀྟའི་མཆོད་པ་ནི། ཧཱུྃ༔ གཏི་མུག་ཤ་ཆེན་བྷ་ལིང་ཏ༔ ཞེ་སྡང་རུས་པ་འདོད་ཆགས་ཁྲག ཐབས་ཤེས་བྱང་ཆུབ་སེམས་སྨིན་པའི༔ དམ་རྫས་སྨན་གཏོར་རཀྟས་མཆོད སརྦ་པཉྩ་རཀྟ་བྷ་ལིང་ཏ་ཧོ བདུན་པ་

(༦༩༥)འུྃ སྦྱོར་སྒྲོལ་གྱི་མཆོད་པ་ནི༔ ཧཱུྃ བདག་མེད་རྡོ་རྗེ་ཡུམ་ལྔའི་ཀློང་ བདག་ལྟའི་རུ་ཏྲ་ཚར་བཅད་པས འཁོར་ལོ་བཞི་དབྱིངས་ལྡོག་ཁྱབ་ཀྱི སྦྱོར་སྒྲོལ་མཆོད་པ་བླ་ན་མེད༔ མ་ཧཱ་སུ་ཁ་པཱུ་ཛ་ཧོ བརྒྱད་པ་ཕྱག་རྒྱ་བཞི་མཆོད་ནི༔ ཨཱ ལྷར་སྣང་དམ་ཚིག་ཕྱག་རྒྱ་དང་ སྣང་སྟོང་ཟུང་འཇུག་ལས་ཀྱི་ངང་༔ གྲོག་སྟོང་ཆོས་ཀྱི་ཕྱག་རྒྱའི་སྤྲིན༔ སྟོང་ཉིད་ཕྱག་རྒྱ་ཆེན་པོར་རོལ༔ དྷརྨ་དྷ་རྟུ་པཱུ་ཛ་ཧོ དགུ་པ་བསྟོད་པ་ནི། ཧཱུྃ མི་གནས་མི་དམིགས་ཆོས་ཀྱི་དབྱིངས༔ འགགས་མེད་ངང་ལས་ལོངས་སྐུར་རྫོགས སྣ་ཚོགས་ཐབས་ལས་སྤྲུལ་པའི་སྐུ གཞན་དོན་རྒྱུན་ཆད་མེད་ལ་འདུད༔ སྒྲ་ཚིག་བརྗོད་པར་མི་དམིགས་ཀྱང་༔ རླུང་དང་ཡི་གེར་འབྲེལ་པ་ལས གསང་སྔགས་རིགས་སྔགས་དངོས་གྲུབ་ཀུན གྲགས་སྟོང་རྡོ་རྗེའི་དབྱངས་ལ་འདུད ཟབ་ཞི་སྤྲོས་བྲལ་ནམ་མཁའི་དབྱིངས༔ སྟོང་དང་མི་སྟོང་བློ་ལས་འདས སྐྱེ་བ་མེད་ལས་སྣ་ཚོགས་སྐྱེ༔ རྡོ་རྗེའི་ཐུགས་ལ་ཕྱག་འཚལ་བསྟོད༔ རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལས སེམས་ཅན་

(༦༩༦)འདུལ་ཕྱིར་ཡོན་ཏན་གཟུགས འབར་དང་འཇལ་རྒྱས་ཆགས་པའི་ཉམས༔ དམ་ཅན་རྒྱ་མཚོའི་ཚོགས་རྣམས་དང་༔ དེ་དག་འཁོར་ན་གནས་པ་ཡི༔ འཇིག་རྟེན་འདས་དང་འཁོར་བའི་ཚུལ༔ ཡེ་ཤེས་གྲུབ་ཀྱང་ཕྲིན་ལས་བཞིའི བདག་ཉིད་ཆེན་པོ་ཀུན་ལ་བསྟོད༔ བཅུ་པ་བཟླས་པ་ནི། བདུད་འདུལ་དྲག་མོའི་།ཐུགས་ཀ་རུ༔ ཉི་སྟེང་ཐུགས་སྲོག་ཧཱུྃ་གི་མཐར༔ ལས་སྔགས་ཡེ་སྟག་འཕྲོ་བས་བསྐོར༔ དེ་ལས་བྱུང་བའི་འོད་ཟེར་གྱིས༔ ལྷ་ཚོགས་ཀུན་གྱི་ཐུགས་རྒྱུད་བསྐུལ༔ ཀུན་ཀྱང་རང་རང་གསང་སྔགས་དང་ རིགས་སྔགས་དམོད་པ་འབྲུག་ལྟར་ལྡིར སྒྲ་ལས་འོད་བྱུང་སྟོང་ཁམས་ཁེངས༔ ཕ་རོལ་བྱད་ཕུར་དམག་ཚོགས་དང་༔ སྡེ་བརྒྱད་ལོག་འདྲེན་ཐལ་བར་བརླག༔ འཁོར་འདས་བྱང་ཆུབ་སེམས་ཀྱི་ཀློང་༔ གཉིས་སྣང་དགྲ་འདྲེ་དབྱིངས་སུ་ཡལ ཞེས་གསལ་ལ། རྩ་སྔགས་ཤམ་བུར། ནྀྲ་ཏྲི་ཤ་ཏྲུཾ་ཨ་མུ་ཀཱ་སརྦ་ཙིཏྟ་རཱུ་པ་ད་ཧ་པ་ཙ་ཚིནྡྷ་ཧཱུྃ་ཕཊ བྷྱོ་བཟློག༔ ཅེས་དྲག་སྔགས་གནམ་ཐོག་བབས་པ་བཞིན་བཟླ་བར་བྱ་ཞིང་ཐུན་རྫས་ལ་ཡང་སྔགས༔ དམ་ཚིག་དག་དང་བསྐྱེད་རིམ་གསལ བཟླས་བརྗོད་ནུས་པ་རྫོགས་

(༦༩༧)འུྃ༔ བ་ལ༔ སྔགས་ཀྱི་དངོས་གྲུབ་འབྱུང་བས་སྒྲིམ༔ གསུམ་པ་ལས་ལ་སྦྱོར་བ་ལ༔ སྲུང་བཟློག་གཉིས་ལས་དང་པོ་ནི༔ རང་སྲུང་བཙན་པོའི་མཁར་མེད་ན༔ གོ་མེད་གཡུལ་དོར་ཞུགས་འདྲ་བས སྲུང་འཁོར་གུང་དུ་ཕྱུད་ལྟར་བྱ༔ གཉིས་པ་བསད་བཟློག་རྣམ་གཉིས་ལས༔ དང་པོ་བསད་པའི་རིམ་པ་ལ༔ དྲུག་ལས་དང་པོ་དམིགས་བྱ་བསྐྱེད་པ་ནི ཧཱུྃ རྟེན་དང་བརྟེན་པ་ཡོངས་རྫོགས་ཀྱི འོག་གཞི་རླུང་གི་དཀྱིལ་འཁོར་ལ༔ འབྱུང་བ་དགྲ་གཤེད་འཐབས་པའི་ཀློང་ གཤིན་རྗེའི་ལྕགས་མཁར་བཅུ་དྲུག་གིས༔ བསྐོར་བའི་འབྲུབ་ཁུང་ཁ་རུབ་ལ གཏིང་ཟབ་གཏི་མུག་མུན་ནག་ཀློང་ ནྀྲ་དང་ཏྲྀ་ལས་དམིགས་བྱའི་གཟིགས༔ ཤིན་ཏུ་རིད་ཅིང་ཉམ་ཐག་པའི༔ ཡན་ལག་ལྕགས་སྒྲོག་དྲ་བས་བཅིངས༔ སྙིང་གར་རྩིབས་བཅུའི་མར་སྣ་ཟུག༔ སྟེང་ན་བྱ་རོག་འུག་པ་འཐབས༔ དྲི་ངན་འཐུལ་བས་སྐྱོབ་པའི་ལྷ རང་དབང་མེད་པར་བྱེར་བྱེད་པའི༔ ཁ་ཁྱེར་གཤིན་རྗེའི་ཀིང་ཀང་དཔུང་༔ འགུགས་འཆིང་སྡོམ་མྱོས་ལས་ལ་བརྩོན གཉིས་པ་དགུག་པ་

(༦༩༨)ནི ཇ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ ཡི་དམ་ལྷ་ཡི་ཏིང་འཛིན་དང་༔ སྔགས་རྒོད་རྫས་ཀྱི་ནུས་པ་ཡིས༔ སངས་རྒྱས་བསྟན་པ་བཤིག་པ་དང་ བླ་མ་དཀོན་མཆོག་དབུ་འཕང་སྨད སེམས་ཅན་ཡོངས་ཀྱི་བདེ་སྐྱིད་འཇོམས༔ ཆོས་ལྡན་རྒྱལ་པོའི་རྒྱལ་སྲིད་འཕྲོག༔ སྒོས་སུ་རྣལ་འབྱོར་ཉེས་མེད་ལ སྔ་དགྲ་ལག་བརྡར་ཕྱི་དགྲ་སེམས ད་དགྲ་དོ་བརྡོ་ཕོད་འཛུགས་ཤིང་༔ ལེགས་བསུབས་ཉེས་སྒྲོགས་དུག་སྦྱོར་གཤོམ ཁ་དཀར་ཞེ་ནག་ལོག་འདྲེན་དམོད ལས་འབྲས་ཁྱད་གསོད་སྲུང་མར་གཤེ༔ དམིགས་ཡུལ་རཱུ་པ་བཅས་པ་འདིའི རྣམ་ཤེས་བླ་སྲོག་ཚེ་དང་བཅས༔ ཁམས་གསུམ་ས་དགུ་གར་གནས་ཀྱང་ ཀིང་ཀང་མོན་པའི་དམག་ཚོགས་རྣམས ག་ཏེ་ག་ཏེ་བླ་ལ་ཁྱེ༔ ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུང་༔ ཞགས་པ་ཅན་གྱིས་རྐེ་ནས་ཆིངས༔ ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམས༔ དྲིལ་བུས་བརྟན་པ་བྲལ་བར་གྱིས༔ ལྷ་དང་ཕྲོལ་ཅིག་པྲ་ཝེ་ཤ༔ ཞེས་འགུགས་འདྲེན་བྱས་ལ། ཡ་མ་རཱ་ཛ་ག་ཏེ་ག་ཏེ་ནྀྲ་

(༦༩༩)འུྃ ཏྲི་ཤ་ཏྲུཾ་བླ་ཤ་ཐུམ་རིལ་ཛཧཱུྃ་བཾ་ཧོ༔ ཞེས་བླ་རྟགས་མ་མཐོང་བར་དུ་བཟླ་ཞིང་སྐབས་མཚམས་སུ་བདེན་སྟོབས་བརྗོད དེ་ཡང་ཕ་རོལ་གྱི་དམག་དཔུང་བཟློག་པ་གཙོ་བོར་ཡིན་ན་ཐུན་མཚམས་ཐམས་ཅད་དུ་སངས་རྒྱས་སྟོང་དང་དྲང་སྲོང་གི་དམོད་པ་ལ་བརྟེན་ནས། བསོད་ནམས་དང་ཀླུང་རྟ་སྦུབ་པའི་སྔགས་དང་ཏིང་ངེ་འཛིན་ཟབ་གནད་ཅན་བླ་མའི་ཞལ་ལས་ཤེས་པར་བྱའོ༔ གསུམ་པ་བླ་རྟགས་བྱུང་ནས་ཚེ་ཁྲུས་ཀྱི་དགོངས་པས་གནས་སྦར་བ་ནི། ཕུར་བུ་སྙིང་གར་གཟུག་ཅིང་༔ ཧཱུྃ། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ གསད་ཅིང་གནན་པ་མ་ཡིན་ཏེ ཕུང་པོ་རྡོ་རྗེས་གཏམས་བྱས་ནས༔ རྣམ་པར་ཤེས་པ་རྡོ་རྗེར་བསྒོམ བཛྲ་ཀཱི་ལི་ཀཱི་ལ་ཡ་དང་རུ་ལུ་རུ་ལུ། བརྗོད་ཅིང་ཆོ་ལུང་ཁྲུས་ལུང་གི་དགོངས་པ་དང་ལྡན་པས་རྣམ་པར་ཤེས་པ་གཙོ་བོའི་ཐུགས་ཀར་སྦར༔ བཞི་པ་ཚོགས་དྲུག་གི་གནད་གཅོད་པ་ནི༔ ཧཱུྃ དབྱིངས་ན་བཞུགས་པའི་རྒྱལ་བ་ཞི་ཁྲོ་དང་ ཁྱད་པར་བདུད་འདུལ་སེང་གེའི་གདོང་པ་ཅན དྲང་སྲོང་ཁྲོས་པ་དམ་ཅན་རྒྱ་མཚོའི་ཚོགས༔ ཐུགས་དམ་བསྐུལ་ལོ་དྲག་པོའི་ཕྲིན་ལས་མཛོད༔ ཞིང་བཅུ་ཚང་

(༧༠༠)བའི་དམ་ཉམས་དགྲ་བོ་འདིའི ཕུང་པོ་ཁམས་དང་སྐྱེ་མཆེད་འབྲེལ་བ་ཡི༔ རྟེན་དང་བརྟེན་པ་ཆོས་ཀྱི་དབྱིངས་སུ་སྒྲོལ རྩ་སྔགས་དང་ལོག་དྲིའི་སྔགས་རྒོད་བཟླ་ཞིང་ ཕུར་པ་ཚོགས་དྲུག་གི་རྟེན་སོ་སོར་བཏང་ ལྔ་པ་བསད་གྲིས་གཏུབ་ཅིང་ཐོ་ཐུན་དབབ་པ་ནི ཧཱུྃ། དྲང་སྲོང་ཁྲོས་པའི་མཚོན་ཆ་ནི རལ་གྲིས་ཚལ་པ་སྟོང་དུ་བཀས༔ ཐོ་བས་རྡུལ་ཕྲན་ཕྱེ་མར་འཐག ཐུན་རྫས་མེ་སྟག་འཕྲོ་བ་ཡིས༔ བསམ་སྦྱོར་ངན་པ་རང་གཤེད་དུ འཁོར་ནས་རང་མཚོན་རང་ལ་ཟུག རང་སྡེ་རང་གིས་བརླག་བྱས་ནས དམིགས་པ་མེད་པའི་ཀློང་དུ་ཕཊ ཅེས་སྔགས་གོང་མ་བཟླ་བཞིན་པར་གཟུགས་ཕུང་རྡུལ་དུ་བརླག་པར་བྱའོ༔ དྲུག་པ་བསྟབ་པ་ནི༔ ཧཱུྃ དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས ཕུང་པོ་ཁམས་དང་སྐྱེ་མཆེད་དང་ ཡུལ་མཁར་གནས་རིས་སྡེ་དང་བཅས ཁྲོ་རྒྱལ་འབར་བའི་ཞལ་དུ་སྟོབ༔ དགྱེས་པར་རོལ་ཅིག་ཁ་རཾ་ཁཱ་ཧི རྣམ་ཤེས་ཆོས་ཀྱི་དབྱིངས་སུ་དྲོངས གཉིས་པ་ཟློག་པའི་རིམ་པ་ལ༔ དང་པོ་སྤྱིར་བསྐུལ་བ་ནི ཧཱུྃ ཞི་བ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་ འགྲོ་བ་འདུལ་ཕྱིར་ཞི་དང་ཁྲོ་བའི་སྐུ དུས་གསུམ་ཕྱོགས་

(༧༠༡)འུྃ བཅུའི་རྒྱལ་བ་སྲས་བཅས་དང་༔ དཔལ་མགོན་བདུན་ཅུ་སྲུང་མ་དབྱིངས་ནས་བཞེངས བདེ་གཤེགས་སྙིང་པོ་རང་བཞིན་མེད་པ་ལས༔ རང་རང་གློ་བུར་རྟོག་པས་འཁྲུལ་པའི་འགྲོ དུག་ལྔ་རང་རྒྱུད་ཞེན་པའི་འཁྲུལ་འཁོར་གྱིས འགོ་བརྒྱུད་ལྔའི་གནས་སུ་འཁོར་བྱས་ནས༔ ལས་ངན་སྤྱོད་པའི་རྣམ་སྨིན་རྒྱུ་འབྲས་ལས༔ བྱུང་བའི་ནད་མཚོན་དམག་འཁྲུགས་མུ་གེ་གདོན ལྟ་བ་ངན་དང་བདུད་ཀྱིས་བློ་བསྒྱུར་ནས༔ རང་གཞན་སྡུག་ལ་སྦྱོར་བའི་རྒྱུ་འབྲས་རྣམས༔ མངོན་སྤྱོད་དྲག་པོའི་རོལ་པས་ཚར་གཅོད་དེ སྐྱེ་མེད་དབྱིངས་ལ་སྦྱོར་བའི་ཕྲིན་ལས་མཛོད གཉིས་པ་སྒོས་སུ་བསྐུལ་བ་ནི༔ ཧཱུྃ༔ རྣམ་ཐར་སྒོ་གསུམ་རྡོ་རྗེ་བཙུན་མོའི་དབྱིངས༔ གཞི་ལམ་འབྲས་བུ་རྫོགས་པའི་ཕོ་བྲང་ནས དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་པ་ཅན༔ བདུད་བཞིའི་སྟེང་ན་འགྱིང་བས་སྒེག་སྒེག་འདྲ༔ མགོ་ཕྲེང་རྒྱན་དུ་འཆད་པས་དཔའ་དཔའ་འདྲ༔ སེང་ཞལ་ནམ་མཁར་གདངས་པས་

(༧༠༢)འཇིགས་འཇིགས་འདྲ༔ མཆེ་བ་ཟངས་ཡག་འབར་བས་དགོད་དགོད་འདྲ༔ ལྗགས་དམར་གློག་ལྟར་འཁྱུག་པས་གཤེ་གཤེ་འདྲ༔ ཨ་ཀའི་གད་རྒྱངས་སྒྲོགས་པས་དྲག་ཤུལ་གསུང་༔ འགྲོ་བ་མགོན་མེད་རྣམས་ལ་ཐུགས་བརྩེ་ཞིང་༔ ལོག་འདྲེན་གཡུལ་ངོ་བཟློག་ལ་ཤིན་ཏུ་རྔམས༔ ཀུན་ཀྱང་རྟོག་བྲལ་བདེ་བ་ཆེན་པོར་ཞི༔ གར་དགུའི་རོལ་པས་ས་དགུ་དབྱིངས་སུ་སྒྲོལ༔ ཧཱུྃ། ཁམས་དང་སྐྱེ་མཆེད་གནས་སུ་དག་པ་ལས༔ ཡེ་ཤེས་ལུས་ཅན་རྡོ་རྗེ་བཙུན་མོའི་སྐུས༔ གཏི་མུག་ལས་གྱུར་གླང་པོའི་འཇིགས་པ་དང་ རྨོངས་པས་ལས་འབྲས་ཁྱད་གསོད་བྱད་ཕུར་གདོན༔ དམག་དཔུང་གཡུལ་གཤོམ་རང་གཤེད་རང་ལ་ཟློག སྐུ་ལ་ཡེ་ཤེས་མེ་དཔུང་འབར་བ་ཡིས༔ ཞེ་སྡང་ལས་གྱུར་མེ་ཡི་འཇིགས་པ་དང་༔ ཕན་ཚུན་འཐབ་རྩོད་གཡུལ་དོར་འཇུག་པའི་སེམས བྱད་ཕུར་སྲི་ཀེག་ཐན་ལྟས་ངན་པ་བཟློག སྐུ་ལ་སེང་གེའི་སློག་པ་གསོལ་བ་ཡིས༔ ང་རྒྱལ་ལས་གྱུར་སེང་གེའི་འཇིགས་པ་དང་༔ བཅོམ་དང་དྲེགས་པས་རྒྱགས་པའི་གཡུལ་ངོ་ཡིས འགྲོ་བའི་བདེ་སྐྱིད་

(༧༠༣)འུྃ༔ འཕྲོག་པ་ཐམས་ཅད་ཟློག༔ ཕྱག་གཡས་གྲི་གུག་ནམ་མཁར་འཕྱར་བ་ཡིས༔ ཀླ་ཀློའི་ལྟ་བ་ངན་པ་ལས་གྱུར་པའི༔ དམག་དང་ཆོམ་པོས་འཚེ་བའི་འཇིགས་པ་དང་༔ བྱད་ཕུར་ངན་སྔགས་བཀྲ་མི་ཤིས་པ་ཟློག༔ ཕྱག་གཡོན་ཐོད་པ་ཁྲག་གིས་བཀང་བ་ཡིས༔ འདོད་པ་ལས་གྱུར་ཆུ་བོའི་འཇིགས་པ་དང་༔ གཞན་འབྱོར་དཔལ་ལ་རྔམས་པའི་ལྟ་བ་ཡིས༔ འགྱེད་དང་རྩོད་པའི་བསམ་སྦྱོར་ངན་པ་ཟློག༔ རྡོ་རྗེ་ཁ་ཊྭཱཾ་མཚན་དུ་བརྟེན་པ་ཡིས༔ ཕྲག་དོག་ལས་གྱུར་དུག་སྦྲུལ་འཇིགས་པ་དང་༔ གཞན་འབྱོར་དཔལ་ལ་མི་བཟོད་འཁུ་བ་ཡིས༔ རང་གཞན་སྡུག་ལ་སྦྱོར་བའི་གཡུལ་ངོ་ཟློག༔ ཕྱག་རྒྱ་ལྔ་ཡིས་སྐུ་ལ་བརྒྱན་པ་ཡིས༔ སེར་སྣ་ལས་གྱུར་ལྕགས་སྒྲོག་འཇིགས་པ་དང་ རང་དབང་བསྡམས་ཤིང་གཞན་དབང་འཕྲོག་པའི་སེམས༔ ཆོམ་པོས་འཚེ་དང་བཀྲ་མི་ཤིས་པ་ཟློག༔ སྐུ་ལ་རུས་པའི་རྒྱན་དྲུག་གསོལ་བ་ཡིས༔ ཐེ་ཚོམ་ལས་གྱུར་ཤ་ཟའི་འཇིགས་པ་དང་༔ འབྱུང་པོས་

(༧༠༤)རྒྱུད་བརླམས་བརླང་པོར་སྤྱོད་པ་ཡིས༔ བསྟན་འགྲོའི་ཕན་བདེ་བཤིག་པ་ཐམས་ཅད་ཟློག༔ ཧཱུྃ ཡུལ་དང་དབང་ཤེས་འབྲེལ་པ་ཚར་གཅོད་ཅིང་༔ ཚོགས་དྲུག་གནས་སུ་དག་པའི་ཕྲ་མེན་དྲུག༔ ཉོན་མོངས་ཉེ་བའི་ཉོན་མོངས་ལས་སྐྱེས་པའི༔ སེམས་བྱུང་རྒྱུ་འབྲས་གཅོད་ལ་དཔའ་བས་ན༔ ཕུང་པོ་ཁམས་དང་ཚོགས་བརྒྱད་ལས་གྱུར་པའི༔ སྲིད་པ་གསུམ་གྱི་རྒུད་པ་ཐམས་ཅད་དང་༔ ཆག་ཆེ་ཉམ་ང་ནད་མཚོན་མུ་གེ་གདོན༔ ལོ་ཉེས་སད་སེར་བཙའ་ཐན་ཤྭ་ལོག་དང་༔ ཐན་ལྟས་རྟགས་དང་རྨི་ལམ་མཚན་མ་ངན༔ ཕན་ཚུན་འཐབ་རྩོད་བན་བོན་སྔགས་པའི་བྱད༔ མུ་སྟེགས་ཕྲ་མེན་ངན་སྔགས་སྦྱོར་བ་དང་༔ དུས་མིན་འཆི་དང་རྨི་ལམ་ངན་པ་སོགས༔ བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་ཀུན༔ གཅིག་ཏུ་བསྡུ་ནས་ཞིང་བཅུ་ཚང་བ་ཡིས༔ དམ་ཉམས་དགྲ་དང་གནོད་པའི་བགེགས་ལ་བསྒྱུར༔ ཟློག་སྒྱུར་བཅོལ་བའི་ཕྲིན་ལས་དུས་ལ་བབ༔ ཧཱུྃ༔ ཕྱི་རིམ་པད་འདབ་སོ་གཉིས་ནས༔ རྒྱ་མཚོའི་འགྲམ།

(༧༠༥)འུྃ ལ་སོགས་པ་ཡི༔ གནས་ལ་དབང་བྱེད་མཁའ་འགྲོ་མ༔ སུམ་ཅུ་རྩ་གཉིས་སྐུ་བཞེངས་ཤིག༔ དགའ་བྱེད་མ་དང་འདྲེན་བྱེད་མ༔ གསོད་བྱེད་མ་དང་སྤོར་བྱེད་མ༔ འབར་བྱེད་མ་དང་གཟི་བརྗིད་མ༔ ཁྲོ་གཉེར་མ་དང་འཇོམས་བྱེད་མ༔ ཆགས་བྱེད་མ་དང་ཆབས་བྲལ་མ༔ འཁོར་ལོ་མ་དང་རྒྱས་འདེབས་མ༔ སྣ་ཚོགས་ལུས་འཆང་སྲུང་བ་མོ༔ གནོད་སྦྱིན་མ་དང་ཡང་དག་འཕྲོག༔ བྱ་རོག་གདོང་དང་འཇིགས་བྱེད་མ༔ བཞད་གདོང་མ་དང་འུག་གདོང་མ ཁྱི་གདོང་མ་དང་ཕག་གདོང་མ༔ རྔ་མོའི་གདོང་དང་བོང་བུའི་གདོང་༔ འཇོམས་བྱེད་མ་དང་རུས་འཆའ་མ༔ སེང་གདོང་མ་དང་རུས་ཕྲེང་ཅན༔ བུམ་སྣ་མ་དང་རྣམ་འཇོམས་མ༔ དྷ་ཤ་གྷྲི་ཝ་འབོད་སྒྲོགས་མ༔ ཀུན་ཀྱང་ཤིན་ཏུ་ཁྲོས་པའི་གཟུགས༔ ཕྱག་མཚན་རྣམ་པ་སྣ་ཚོགས་འཛིན༔ གསོད་ལ་རྒྱུག་ཅིད་གཅོད་ལ་རྔམས༔ མཐུ་རྩལ་ནམ་མཁའི་ཀློག་ལས་མྱུར༔ བསྟན་པ་བཤིག་པའི་དགྲ་བོ་ལ༔ མཐུ་

(༧༠༦)རྩལ་རྔམ་པའི་དུས་ལ་བབ༔ གཡུལ་གཤོམ་བྱེད་པའི་དམག་དཔོན་དང་༔ དམག་དཔུང་འཇོམས་པའི་དུས་ལ་བབ༔ ངན་སྔགས་བྱེད་པའི་མུ་སྟེགས་དང་༔ བན་བོན་འཇོམས་པའི་དུས་ལ་བབ༔ བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ༔ མཛོད་ཅིག་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ། སྒྲོལ་གིང་བཅོ་བརྒྱད་ཐུགས་དམ་བསྐུལ༔ ཀིང་ཀར་རྡོ་རྗེ་འབྱུང་པོ་དང་༔ རྡོ་རྗེ་གནོད་སྦྱིན་སྤྱང་ཀི་དང་༔ རྡོ་རྗེ་གཤིན་རྗེ་རོལ་པ་དང་༔ རྡོ་རྗེ་འཆི་བདག་དུས་མཚམས་དང་༔ རྡོ་རྗེ་རོལ་པ་འཆི་བདག་དང་༔ རྡོ་རྗེ་དུས་མཚམས་རོ་ལངས་དང་༔ རྡོ་རྗེ་འཇོམས་པ་གིང་ལྕམ་དང་༔ རྡོ་རྗེ་དབང་བསྐུར་འཕྲུལ་མོ་ཆེ༔ རྡོ་རྗེ་གློག་འགྱུ་མཐུ་མོ་ཆེ༔ རྡོ་རྗེ་རྣ་ཉན་སྒྲོལ་བྱེད་མ༔ རྡོ་རྗེ་ཟ་བྱེད་མྱོང་བྱེད་ཏེ༔ བཀའ་སྡོང་གཉིས་བཅས་ལྕམ་དྲལ་དང་༔ གིང་ལང་དབང་ཕྱུག་བསྟན་མའི་ཚོགས༔ ཀུན་ཀྱང་ཤིན་ཏུ་ཁྲོས་པའི་གཟུགས༔ ཕྱག་མཚན་རྣམ་པ་སྣ་ཚོགས་འཛིན༔ གསོད་ལ་རྒྱུག་ཅིང་གཅོད་ལ་བརྔམས༔

(༧༠༧)འུྃ༔ མཐུ་རྩལ་ནམ་མཁའི་ཀློག་ལས་མྱུར༔ བསྟན་པ་བཤིག་པའི་དགྲ་བོ་ལ༔ མཐུ་རྩལ་རྔམ་པའི་དུས་ལ་བབ༔ གཡུལ་གཤོམ་བྱེད་པའི་དམག་དཔོན་དང་༔ དམག་དཔུང་འཇོམས་པའི་དུས་ལ་བབ༔ ངན་སྔགས་བྱེད་པའི་མུ་སྟེགས་དང་༔ བན་བོན་འཇོམས་པའི་དུས་ལ་བབ༔ བསྐུལ་ལོ་སེམས་ཅན་དོན་ལ་བསྐུལ༔ མཛོད་ཅིག་དྲག་པོའི་འཕྲིན་ལས་མཛོད། །ཧཱུྃ༔ དྲན་པ་ཉེ་བར་བཞག་པ་ནས་བཟུང་སྟེ༔ རྣམ་པ་ཐམས་ཅད་རྫོགས་པའི་ཆོས་སྤྲིན་ཏོག༔ བལྟར་ནི་མངོན་པ་འོད་ཀྱི་ཕོ་བྲང་ནས༔ བདེ་གཤེགས་ཀུན་གྱི་མཐུ་སྟོབས་གཅིག་བསྡུས་པ༔ རིགས་སྔགས་བདག་མོ་གཙུག་ཏོར་གདུགས་དཀར་དང་༔ རྡོ་རྗེ་ཉི་མ་སྣང་བའི་གཞལ་ཡས་ནས༔ གཞན་གྱིས་མི་ཐུབ་ལྷ་མོ་འོད་ཟེར་ཅན༔ ཡེ་ཤེས་ཟླ་བ་གསལ་བའི་དཀྱིལ་འཁོར་ནས༔ བཞད་པ་བརྒྱད་ལྡན་ཁྲོ་གཉེར་ཅན་མ་སྟེ༔ རིགས་སྔགས་བདག་མོ་འབུམ་སྡེའི་ལྷ་ཚོགས་རྣམས༔ འགྲོ་ཀུན་སྡུག་བསྔལ་ཚོར་བས་ཉམ་ཐག་ཚེ༔ ཐུགས་དམ་

(༧༠༨)བསྐུལ་ལོ་སེམས་ཅན་དོན་ལ་བཞེངས༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་༔ བྱད་གདོན་གཡུལ་ངོ་ཟློག་པའི་དུས་ལ་བབ༔ ཧཱུྃ༔ ས་བཅུ་ཡོངས་རྫོགས་ཆོས་ཀྱི་འཁོར་ལོ་ནས༔ བསྐལ་བཟང་འདི་ལ་སྤངས་རྟོགས་མཐར་ཕྱིན་པའི༔ སྟོབས་བཅུ་མི་འཇིགས་རྣམ་བཞིའི་མཐུ་སྟོབས་ཅན༔ བསྐལ་བཟང་སངས་རྒྱས་སྟོང་དང་རྒྱལ་སྲས་ཚོགས༔ རྣམ་པ་བཞི་ཡི་འཁོར་དང་བཅས་པ་རྣམས༔ འགྲོ་ཀུན་སྡུག་བསྔལ་ཚོར་བས་ཉམ་ཐག་ཚེ༔ ཐུགས་དམ་བསྐུལ་ལོ་སེམས་ཅན་དོན་ལ་བཞེངས༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་༔ བྱང་གདོན་གཡུལ་ངོ་ཟློག་པའི་དུས་ལ་བབ༔ ཧཱུྃ༔ ཞལ་དང་གཉིས་མེད་བྲེ་ཡི་ཕོ་བྲང་ནས༔ བདེ་གཤེགས་ཡོངས་རྫོགས་གར་དགུའི་རོལ་པ་ཅན༔ འཁོར་འདས་ཀུན་གྱི་རྗེ་བཙུན་ཆེ་མཆོག་ནི༔ རྩ་ཞལ་ཉེར་གཅིག་ཕྱག་ནི་ཞེ་གཉིས་ན༔ ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་བསྣམས༔ རང་རང་རིགས་ཀྱི་སྤྲུལ་པ་བསམ་མི་ཁྱབ༔ སྐུ་མཆོག་འཇམ་དཔལ་ཁྲོ་བོའི་དཀྱིལ་འཁོར་

(༧༠༩)འུྃ དང་༔ གར་གྱི་དབང་ཕྱུག་པདྨ་གསུང་གི་ཚོགས༔ ཐུགས་ཀྱི་བདག་ཉིད་ཡང་དག་ཧེ་རུ་ཀ༔ ཕྲིན་ལས་རྡོ་རྗེ་གཞོན་ནུ་གཙོ་དང་འཁོར༔ མ་མོ་རྦོད་གཏོང་རིག་འཛིན་སྡེ་བཞི་དང་༔ འཇིག་རྟེན་མཆོད་བསྟོད་དམོད་པ་དྲག་སྔགས་ཚོགས༔ བདུན་བརྒྱ་ཉེར་ལྔ་བཀའ་སྡོང་དམ་ཅན་རྣམས༔ འགྲོ་ཀུན་སྡུག་བསྔལ་ཚོར་བས་ཉམ་ཐག་ཚེ༔ ཐུགས་དམ་བསྐུལ་ལོ་སེམས་ཅན་དོན་ལ་བཞེངས༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་༔ བྱད་གདོན་གཡུལ་ངོ་ཟློག་པའི་དུས་ལ་བབ༔ ཧཱུྃ༔ རྫུ་འཕྲུལ་རྐང་པའི་བང་རིམ་གཞལ་མེད་ནས༔ དྲང་སྲོང་ཁྲོས་པ་རྡོ་རྗེ་གཙུག་ཏོར་ཅན༔ དབུ་སྟོང་ཕྱག་སྟོང་ལོག་ཏྲི་པཱ་ལའི་སྒྲ༔ འུར་འུར་ཆེམ་ཆེམ་འབྲུག་སྟོང་ལྡིར་བ་བཞིན༔ བདེན་ཚིག་དམོད་པས་ལོག་འདྲེན་ཚར་གཅོད་པའི༔ དྲང་སྲོང་བྱེ་བ་འབུམ་སྡེའི་འཁོར་དང་བཅས༔ གནམ་ས་ཁ་རྡེབ་ལྟ་བུའི་ཐལ་མོའི་བར༔ དགྲ་བགེགས་འཐག་ཅིང་རལ་གྲི་ཐོ་བ་དང་༔ འཁོར་ལོ་གཏུན་ཤིང་དགྲ་སྟྭ་ཀླད་ལ་བསྐོར༔

(༧༡༠)འུྃ༔ ཐ་ནག་སྐུ་གདུང་ནག་པོའི་མེ་སྟག་གིས༔ ལོག་འདྲེན་རྣམ་ཤེས་ཚོགས་བརྒྱད་གནོན་ཅིང་གཟིར༔ འགྲོ་ཀུན་སྡུག་བསྔལ་ཚོར་བ་ཉམ་ཐག་ཚེ༔ ཐུགས་དམ་བསྐུལ་ལོ་སེམས་ཅན་དོན་ལ་བཞེངས༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་༔ བྱང་གདོན་གཡུལ་ངོ་ཟློག་པའི་དུས་ལ་བབ༔ གསུམ་པ་ཐུན་གཏོར་འཕངས་པ་ནི༔ ཧཱུྃ་རྣམ་པ་ཉི་ཤུས་བྱང་ཆུབ་པའི༔ བདེ་གཤེགས་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཡི་དམ་རྒྱལ་བ་ཞི་ཁྲོ་དང་༔ བདུད་བཞི་བསྣོལ་བའི་གདན་སྟེང་ནས༔ བདུད་ཀྱི་བདུད་ཆེན་སེང་གེའི་གདོང་༔ ཕྲ་མེན་མཁའ་འགྲོའི་ལྷ་ཚོགས་དང་༔ དཔལ་ལྡན་མ་མགོན་ལྕམ་དྲལ་སྟེ༔ མགོན་པོ་བདུན་ཅུ་རྩ་ལྔའི་ཚོགས༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ བདེན་པའི་མཐུ་དང་དཔུང་བསྐྱེད་ལ༔ སངས་རྒྱས་བསྟན་པ་བཤིག་པ་དང་༔ བླ་མ་དཀོན་མཆོག་དབུ་འཕང་སྨད༔ འགྲོ་བའི་བདེ་སྐྱིད་འཕྲོག་པ་སོགས༔ ཞིང་བཅུ་ཚང་བའི་དམ་ཉམས་དང་༔ ཡོངས་ལ་འཚེ་བའི་དགྲ་དང་བགེགས༔ དམར་

(༧༡༡)འུྃ གཏོར་ཁྲག་ཞག་འཁྱིལ་བའི་ཀློང་༔ ཁུག་ཅིག་ཤ་ཁྲག་དྲོད་དབུགས་རོལ༔ ཛ༔ བདེ་གཤེགས་འདུས་པའི་གཏོར་ཟོར་འདི༔ བསྟན་པ་བཤིག་པའི་དགྲ་བགེགས་ལ༔ དམིགས་ཀྱི་ལྷ་སྲིན་གཉན་པོ་རྣམས༔ ཀོ་ལོང་མ་སྡོམ་ཟོར་ལམ་ཕྱེས༔ ཟོར་ཆེན་རླུང་གིས་བསྐྱོད་ཙ་ན༔ འབྲོང་ཆེན་ངར་མའི་ཆོ་འདྲ་སྟེ༔ མཚོན་ཆ་སྣ་ཚོགས་ར་ལྟར་ཟིང་༔ ཁྱུང་ཆེན་ངར་མའི་སྡེར་འདྲ་སྟེ༔ གང་ལ་དམིགས་པའི་སྟེང་དུ་འབེབས༔ དམིགས་ལས་གཞན་དུ་མ་ལྡོག་ཅིག༔ ཇི་ལྟར་དམིགས་ན་ཕ་རོལ་མཐུས༔ མེ་ལ་ཧོམ་དང་ཧུ་ལ་གཏང་༔ ས་ལག་ཤོར་དང་རླུང་ལ་ཟོར༔ དྲང་སྲོང་ཁྲོས་པའི་དམོད་པ་དང་༔ བན་དྷེའི་མདོ་དང་བོན་པོའི་བཙོ༔ གྱི་མ་ཤང་གཤེད་སྡེབས་དགྲ་གཤེད་བསྐོར༔ དབྱེ་བསྐྲད་རྨོངས་རེངས་བསད་དང་བཅིངས༔ མུ་སྟེགས་ཕྲ་མེན་ངན་སྔགས་དང་༔ བུད་མེད་དམོད་ངན་སྡེ་བརྒྱད་བྱད༔ གཤིན་རྗེའི་འཁོར་ལོ་མ་མོའི་རིམས༔ གཟའ་ཀླུའི་དུག་དང་བདུད་བཙན་ཁྲམ༔

(༧༡༢)རྒྱལ་པོའི་སྨྱོ་འབོགས་དམུའི་གནམ་རྡོ༔ གྲིབ་གནོན་སྨྱོ་བྱེད་བརྗོད་བྱེད་གདོན༔ སྐེམ་བྱེད་རོ་ལངས་ལ་སོགས་པ༔ གདོན་རིགས་སུམ་བརྒྱ་དྲུག་ཅུ་སོགས༔ དེ་ལས་བྱུང་བའི་སད་སེར་དང་༔ རི་རུད་ཤྭ་ལོག་ས་གཡོས་དང་༔ ཐན་ལྟས་རྟགས་མཚན་རྨི་ལམ་ངན༔ འཇིགས་པ་བརྒྱད་དང་བཅུ་དྲུག་སོགས༔ བཀྲ་མི་ཤིས་པའི་དངོས་པོ་ཀུན༔ གཏོར་ཟོར་འདི་ལ་བསྟིམ་བྱས་ནས༔ སླར་ལ་རང་གཤེད་རང་ལ་ཕོབ༔ བྷྱོ་བྷྱོ་སྡང་བའི་དགྲ་ལ་བྷྱོ༔ བྷྱོ་བྷྱོ་གནོད་པའི་བགེགས་ལ་བྷྱོ བསམ་སྦྱོར་ངན་པའི་སྟེང་དུ་བྷྱོ བདག་སྲུང་མི་མཐུན་དགྲ་ལ་སྒྱུར༔ ཞེས་དགྲ་ཕྱོགས་སུ་འཕངས༔ གལ་ཏེ་དམག་བཟློག་གལ་ཆེན་དང་འབྲེལ་ན་སྐབས་འདིར་མ་མགོན་གཡུལ་མདོས་སྦྲེལ་བ་མན་ངག་ཡིན་ནོ༔ གསུམ་པ་རྗེས་ཀྱི་རིམ་པ་ལ༔ ཆོས་སྲུང་གི་སྐོར་བ་རྒྱས་པར་བྱ༔ དེ་ནས་ཚོགས་མཆོད་ནས་བཟུང་རྗེས་ཆོག་རྣམས་དཀྱུས་བཞིན་བྱ༔ དེ་ལྟ་བུས་བདུན་ཕྲག་ལ་སོགས་བསྒྲུབས་རྗེས་ཉིན་ཐ་མའི་ཚེ་ལྷག་མའི་རྗེས་སུ་སྒོ་དབྱེ་བྱ་བ་ནི། བླ་གབ་མེད་པའི་སར་ཕྱིན་ལ་ལམ་གཏོར་ལ་ཆབ་བྲན། གསེར་སྐྱེམས་བཤམ་ལ། ཧཱུྃ་དབང་པོ་

(༧༡༣)འུྃ༔ རྡོ་རྗེ་ཅན་ལ་སོགས༔ ཕྱོགས་སྐྱོང་ཆེན་པོ་བཅུ་རྣམས་དང་༔ རྒྱལ་ཆེན་བཞི་སོགས་གདོན་གྱི་བདག༔ རང་རང་འཁོར་དང་བཅས་པ་དང་༔ གནམ་སའི་སྒྲ་གཅན་སའི་ལྷ་མོ༔ དུས་མཚན་ཐུན་ཕྱེད་རཱ་ཧུ་དང་༔ བིཥྚི་དུས་ལ་དབང་བའི་ལྷ༔ རྟག་ཆགས་ཡུལ་ལྷ་གཉན་པོ་རྣམས༔ གསེར་སྐྱེམས་བརྔན་སྦྱིན་འདི་བཞེས་ལ༔ སྒོ་ཕྱེ་འཕྲང་སོལ་ཟོར་ལམ་ཕྱེ༔ སེམས་མེད་འབྱུང་བ་ཆེན་པོ་བཞིའི༔ ཀློང་དུ་དགྲ་བགེགས་དམིགས་བྱས་ནས༔ ཟོར་སྣ་དགྲ་ལ་གཏོད་བྱེད་ན༔ སེམས་ལྡན་ཀོ་ལོང་མི་འཚལ་ཏེ༔ དབུ་ཆུམ་ཞབས་བསྡུས་སྐུ་གཟུར་ལ༔ རང་བཞིན་མེད་པའི་དབྱིངས་ལ་བཞུགས༔ དཀར་ཕྱོགས་སྲུང་མའི་གྲོགས་དན་མཛོད༔ ཅེས་གསེར་སྐྱེམས་ཕྱོགས་བཅུར་གཏོར། དེ་ནས་ཐུགས་དམ་བསྐུལ ཆད་མདོ་གྱེར༔ འཕངས་སར་སླེབས་པ་དང་༔ སྡེ་བརྒྱད་སྤྱི་ལ་དམིགས་པའི་གསེར་སྐྱེམས་གཏོར་མ་གཏང་ ཤོག་ལིང་ཡོད་ན་ཧོམ་ཁུད་ནང་དུ་མགོ་མཇུག་ལྡོག་ལ་བཅུག༔ དེའི་འོག་ཏུ་མེ་ཆུའི་སྣོད་ཀྱང་གཞག བདེན་བརྗོད་སྔན་དུ་འགྲོ་བས་འགུགས་འདྲེན་དྲག་བ་བྱ༔ དག་པོའི་ཡུལ་མཐར་ས་ཞིང་མི་

(༧༡༤)ནོར་ཁ་རྗེ་དབང་ཐང་དང་བཅས་པ་ཧོམ་ཁུང་ནང་དུ་གསལ་བར་དམིགས་ལ་བྱ་གཅན་གཟན་ལ་རྦད་པ་བཞིན་དུ་ཟོར་རྫས་རྣམས་དམག་དཔུང་དང་དུག་རླངས་མཚོན་ཆའི་རང་བཞིན་དུ་དམིགས་ནས་ཐོག་མར་ཆོས་སྲུང་གི་གཏོར་ཟོར་དང་། རྗེས་ལ་གོང་གི་ཐུན་གཏོར་འཕེན་ཚིག་གིས་གཏོར་ཟོར་མེ་ཧོམ་དུ་སྦུབ་པ་ནི་འབྱུང་བ་བཞིའི་སྣོད་དུ་ལས་མཐའ་སྡུད་པའི་གནད་ཟབ་མོའོ༔ དེ་ནས་བསྟན་མ་སྐྱོང་༔ སྲུང་འཁོར་བསྒོམ༔ སྒོ་དྲུང་དུ་གཏོར་གནན་བྱ༔ ནང་དུ་འོག་ནས་ཚེ་གཟུངས་བཟླ༔ གཏང་རག་དང་དངོས་གྲུབ་ལེན་པ་སོགས་དཀྱུས་ལྟར་བྱའོ། །གསང་སྔགས་ཐབས་དང་རྟེན་འབྲེལ་གྱི༔ ཆེ་བས་བསྐྱེད་རྫོགས་གདེང་ལྡན་གྱིས༔ ཏིང་འཛིན་ལྡེ་ཁ་བསྒྱུར་ཤེས་ན༔ ལས་གང་འགྲུབ་པར་གདོན་མི་ཟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགོངས་རྒྱ༔ གཏེར་རྒྱ༔ གསང་རྒྱ༔ ༔

(༧༡༥)འུྃ༔ ཡུམ་ཀའི་གསང་སྒྲུབ་སེང་གདོང་མའི་གཏོར་ཟློག་གི་བཅའ་གཞི་གནད་ཀྱི་ཡིག་ཆུང་བཞུགས། ༈ གསང་འཛིན་སྟོན་པ་མཐུ་སྟོབས་ཀྱི་དབང་ཕྱུག་ལ་ཕྱག་འཚལ་ལོ། །རིག་འཛིན་ཡུམ་ཀའི་གསང་སྒྲུབ་སེང་གདོང་མའི་གཏོར་ཟློག་གི་བཅའ་གཞི་གནད་ཀྱི་ལག་ལེན་ལ། གང་དུ་བྱ་བའི་གནས་ཁང་མ་དུལ་བའི་ས་ཡིན་ན་ས་བླང་བའི་ཆོ་ག་གྲུབ་ན་བྱ། མ་གྲུབ་ནའང་གཞི་བདག་ལ་གཏོར་མ་བྱིན་ནས་བདན་བདར་སྔོན་དུ་གཏང་། སྟེགས་བུ་གྲུ་བཞི་བླ་འོག་ཅན་གྱི་ཁར་ཁྲག་ཆང་གིས་ཆག་ཆག་བཏབ་ནས་དཀྱིལ་འཁོར་དཔེའུ་ཆུང་བཞིན་བྲི། འབྲུ་ནག་ལ་འབྲུ་སྣ་ཅུང་ཟད་བསྲེས་པའི་གཏོར་ཆེན་མཚོ་ཡུངས་རྩང་དང་ཤ་ཁྲག་གིས་བརྒྱན་པ། དཀྱིལ་འཁོར་གྱི་སྟེང་དུ་མཉྫིལ་བཀོད། དེའི་མཐར་ཟོར་ཀོང་མཚེ་རྩང་། ཡུངས་གར་ནག །ལྕགས་ཟངས་ཕྱེ། མི་བསད་རྡོ། སྐེ་ཚེ་ཤངས་ཚེ་རྣམས་དུག་ཁྲག་གིས་ལྤགས་པའི་ཐུན་རྫས་ཀྱིས་དཀང་བས་མཐའ་བསྐོར། དེའི་མཐར་དྲག་པོའི་ཉེར་སྤྱོད་ལྔ་དང་སྨན་རག་གིས་བསྐོར། འོག་ཏུ་སྲིད་པའི་བྱེ་མ་ལ་བསད་དཀྱིལ་གྲུ་གསུམ་ལྟེ་བ་ཟབས་སུ་

(༧༡༦)བརྐོས་པའམ་བྲིས་ཀྱང་རུང་བས་ནང་ནག །ཕྱི་སྔོན་པོ་མཐའ་བསྐོར་མེ་རི་དང་བཅས་པའི་མཐའ་སྐྱེར་རྩང་བཙུགས་པར་རེ་སྣམ་ཀྱིས་དཀྲིས། གཡུལ་མདོས་སོགས་གལ་ཆེན་དང་འབྲེལ་ན་ཉི་མ་ལྷོར་བགྲོད་པའི་དུས་ཀྱི་ཉི་ནག་གམ་གཟའ་ཚེས་དྲག་པོ་དང་ཕ་རོལ་པའི་སྲོག་ཀླུངས་གཤེད་དུ་སྐོར་བའི་དུས་གནད་ཁྱད་པར་བ་དང་བསྟུན་ནས་དམིགས་བྱའི་ལིངྐ་འདུ་བྱེད་པ་ནི་རྫས་རྣམས་སྔ་རོལ་དུ་ཚད་པར་བསགས་ནས་དུག་ཤོག་ལ་བྱ་ཤ་ཟན་གྱི་སྒྲོ་རྐང་ངམ་མི་བསད་ཀྱི་མདའི་སྨྱུག་གུས་རྒྱ་སྣག་གིས་རཱུ་བ་སོར་མོ་བཅུ་གཉིས་པ་མཚན་ཉིད་དང་ལྡན་པར་བྲིས་པའི་སྙིང་གར་དགྲ་འདྲེ་གང་ཡིན་གྱི་སྲོག་ཡིག་ཛ༔ ཁ་སྤྲོད་ཀྱི་བར་དུ་ལྟེམ་པའི་མཐར། ཆེ་གེ་མོ་གླ་ཤ་ཐུམ་རིལ་ཛཧཱུྃ་བཾ་ཧོ ཅེས་པས་བསྐོར། དཔྲལ་བར་རུས། བརླ་ལ་བླ་དྭགས། མདོམས་སུ་ཕཊ། སྤྱི་བོར་ཨོཾ་ལཾ་ཧཱུྃ་ལཾ་སྟཾྭ་བྷ་ཡ་ནན། རྐང་མཐིལ་གཉིས་སུ་ཡཾ། ཡན་ལག་བཞི་ལ་ཛཧཱུྃ་བཾ་ཧོ༔ མཐའ་བསྐོར་བླ་འགུགས་སྔགས། ཡ་མ་རཱ་ཛ་དང་། རྣིྲ་ཏྲི་ཤ་ཏྲུཾ། མཐར་དམོད་མོ་གང་ཤེས་བྲི། དེའི་མཐར་ཛ་ཁྲོམ་གྱིས་བསྐོར། ལིང་ཁྲུས་ལེགས་

(༧༡༧)པར་བྱས། དྷ་དུ་ར་སོགས་དུག་ཁྲག་དང་གནད་རྫས་ཁྱད་པར་བ་གང་རྙེད་ཀྱིས་བྱུགས་པ་ལྕགས་སླང་ནང་དུ་བཅུག་པའི་ཁར་ཟན་གྱི་ཉ་བོ་ཞིག་ཀྱང་བཅུག །ཡང་ལིངྒ་འབུར་དུ་བྱེད་ན། རྒྱ་མཚོའམ་ཆུ་ཀླུང་ཆེན་པོའི་འགྲམས། གྲོག་མཁར་ས། ཏིལ་ནག །ལན་ཚ། ཆུའི་རྦ། སོ་ཏོག །ཤ་ཆེན་ལ་སོགས་པར་གནད་རྫས་ཀྱང་འདྲེས་པར་བྱས་པ་བོང་བུ་དང་ར་ཐུག་ལུག་ཐུག་སོགས་ཀྱི་གཅིན་གྱིས་སྦྲུས་ནས་ཉ་པོ་སོར་བཅུ་པའི་སྲོག་རྩའི་དོད། དུར་ཁྲོད་ཀྱི་རྩ་ཀུ་ཤ་ཤོག་བུར་རྣིྲ་ཏྲིའི་མཐར་བླ་འགུགས་ཀྱི་སྔགས་བྲིས་པས་དཀྲིས་པ་བཅུག་སྟེ་དབང་པོའི་སྒོ་ཉམས་དོད་པར་བཅོས། དུག་ཁྲག་སོགས་ཀྱིས་བྱུགས་པ་ལྕགས་སླད་དུ་བཅུག་སྟེ། དེའི་ཁར་དབྱེ་སྒྲོ་གཉིས་བསྣོལ་ཏེ་བཞག་པ་ལིང་ཁེབས་ཀྱིས་གཡོགས་པ་བསད་དཀྱིལ་གྱི་དབུས་སུ་གཞག །ཟོར་བཟློག་སྤྱིར་བཏང་ལ་ལྕགས་སླད་བྱེ་མས་བཀང་བའི་ལྟེ་བ་གྲུ་གསུམ་དུ་བྲུས་པའི་ཁ་ཁྱེར་ལ་མེ་རི་བྲིས་པར་རྩང་བཙུགས། ནང་དུ་ཟན་གྱི་ལིང་ག་བཅུག་པ་དར་ནག་གིས་གཡོགས་ཏེ་ཟློག་དཀྱིལ་མཐའི་

(༧༡༨)མེ་རི་ལྟ་བུའི་ཟུར་གཅིག་ཏུ་བཀར་བས་ཀྱང་རུང་། ལོག་ཅི་བདེ་བར་བདག་མདུན་གྱི་མཆོད་གཏོར་དང་ཆོས་སྐྱོང་སྤྱི་བྱེ་བྲག་པའི་གཏོར་མ་བཟང་བར་བཤམ། སྒྲུབ་ཞག་ཇི་ཙམ་བྱེད་པའི་ཐུན་རེར་ཟན་གྱི་ལིང་ཆུད་རེག་སར་དུ་བཤམས་པ་བསྒྲལ་སྟབ་མཐར་ལིང་རོ་གཏོར་ཆེན་ལྷར་གསལ་བ་ལ་འབུལ། གྲོལ་ཉིན་བསད་དཀྱིལ་གྱི་ལིང་ག་ཕྱུང་བར་གདབ་ལས་བྱ་བ་མ་གཏོགས་རྒྱུན་ལྟར་ཟློག་བསད་ཀྱི་སྔགས་བཟླས་མཐར་སྔར་ཟོར་རྫས་སུ་བཤད་པའི་ཐུན་རྫས་ཐོད་ངན་ནམ་གཡག་རྒོད་ཀྱི་རྭ་ནང་དུ་བླུགས་པར་མཆིལ་མ་མ་ཕོག་བར་ཕུས་བཏབ་པའི་ཐུན་གྱིས་བྲབ་ཅིང་། གུ་གུལ་བདུག །མཐར་ཤོག་ལིང་ཡོད་ན་ཟོར་གྱི་ཧོམ་ལ་བསྲེག་པའམ་དོ་གལ་ཆེ་ན་མནན་ཆས་ཚུལ་བཞིན་

(༧༡༩)འུྃ གསང་སྒྲུབ་སེང་གེའི་གདོན་ཅན་ལས ཕྲིན་ལས་གཞན་ཕན་འཁོར་ལོ་བཞུགས༔ ༈ བདག་མེད་སེར་གེའི་ཞལ་སྒོ་ལས བདག་ལྟའི་འགྲོ་ལ་ཕན་བཏགས་པའི ཕྲིན་ལས་གཞན་ཕན་འཁོར་ལོ་བསྟན ཞིང་ལ་ལྷགས་པ་སྲུང་བྱེད་ན འཁོར་ལོ་མུ་ཁྱུང་གསུམ་པའི་ལྟོར སྣ་ཚོགས་རྡོ་རྗེའི་ལྟེ་བ་རུ མཱུཾ་དྷ་ཏི་ཤྭ་རཱི་སྭཱ་ཧཱ མདུན་ནས་བརྩམས་པའི་དབུས་རྭ་བཞིར ལཾ་ཏེ་ཥ་ར་སྟི་སྭཱ་ཧཱ མཾ་མ་ཧོ་ར་སྟི་སྭཱ་ཧཱ པཱཾ་རཱ་ག་ར་སྟི་སྭཱ་ཧཱཏཱཾ་བཛྲ་ར་སྟི་སྭཱ་ཧཱ མཚམས་རྭ་བརྒྱད་ལ་རྟེན་སྙིང་འགོད ཙིབས་བཞི་གླང་པོ་ཉལ་སྟབས་ལྟོར འབྱུང་བ་བཞི་ཡི་སྔགས་ཤིམ་དུ ཡུལ་འདིར་ལྷགས་བསྲུང་ཞེས་བྲི གླང་སྣ་རྡོ་རྗེའི་འོག་ཏུ་མནན མཐའ་ལ་སྤྲིན་དང་རྡོ་རས་བསྐོར ན་བུན་འབུ་ཡི་ཁ་ཆུ་དང རྡོ་སོལ་ཚ་བ་གསུམ་གྱིས་ཕྱུག སཱཙྪའི་ནང་བཅུག་ཀླུ་བུམ་གྱི༔ སྟེང་བཞག་ཡུམ་ལྔའི་གསང་སྔགས་བཟླ བསངས་ཁྲུས་ཀླུ་གཏོར་ཀླུ་འབུམ་སྒྲོགས སྡེ་བརྒྱད་འབྱུང་པོར་བརྔན་སྦྱིན་བྱ བྱང་ཆུབ་སེམས་དང་ལྡན་པ་ཡིས རྒྱལ་བའི་བཀའ་སྒྲོགས་རྣམ་རྒྱལ་འདོན ཤིན་ཏུ་ཟབ་པའི་མན་ངག་གོ ས་མ་ཡ ༈ འབྲུམ་ནད་ཅེས་པ་རུས་པ་ལ ཚ་བ་ཞུགས་

(༧༢༠)བ་སྲུང་འདོད་ན གནམ་ས་བར་གསུམ་ལྟོ་བ་རུ ཁྲག་སྣ་གསུམ་བསྲེས་སྔགས་འདི་བྲི དང་པོ་མཁའ་ལྡིང་སྦྲུལ་ཟའི་ལྟོར དྲག་སྔགས་སོ་ལྔ་ཤམ་ལྡན་བྲི༔ ཨོཾ་བཛྲ་མ་ཧཱ་ཀྲོ་ནས་ནཱ་ག་དུན་ཙནྡྷེ་ཙནྡྷེ་མི་ལི་མི་ལི་བྷནྡྷ་བྷནྡྷ་ནཱ་ག་ནི་སྭཱ་ཧཱ ཧཱུྃ་ཧ་ཧེ་ཕཊ བྷྱོ་བྷྱོ འཆང་བ་ལ་འབྲུམ་ནད་རཀྵ་རཀྵ བར་སྣང་འཕྱོ་བ་སྒྲ་ཡི་ལྟོར རྩ་བའི་སྔགས་དང་སྒྲུབ་སྔགས་ཤམ དུནྟི༚་ཀཱ་ལ་ཏྲ་ག་རཀྴ་གྷ་གྷ་ཧུར་ཐུམ་ཛ་གྷ་ཡ ནཱ་ག་ནན༔ ཧ་ན་ཧ་ན་བཛྲ་ནན་རཀྵསྭཱ་ཧཱ འཆང་བ་ལ་འཐུམ་ནད་རཀྵས་ལ་རྐོ་བ་ཕག་གི་ལྟོར ཨོཾ་པརྞ་ཤ་བ་རི་ཕཊ་ནན་པརྴི་ནཱ་ག་ནན སརྦ་བྷི་རི་ཏ་ཧ་ན་ཧ་ན་བཛྲ་ནན བཛྲ་དུནྟི༚་ཀཱ་ལ་ཏྲག་རཀྴ་བྷྱོ འཆད་པ་ལ་རུས་ཚད་འབྲུམ་བུ་རཀྵརཀྵགུ་གུལ་གླ་རྩི་རྟ་བོན་དང་ ཐད་ཕྲོམ་བཙན་དུག་བོང་པ་ནག ཤ་ཆེན་རཀྟ་བྱ་རྒོད་ཤ སྟག་ཤ་རུ་རྟ་བཟང་པོ་དྲུག བྱུག་ལ་རབ་གནས་ནན་ཏན་བྱ གསང་སྟེ་བཅང་ལ་འགྲུབ་པར་འགྱུར ཐེ་ཚོམ་མེད་ན་ཤིན་ཏུ་ཟབ ས་མ་ཡ རྒྱ་རྒྱ་རྒྱ

(༧༢༡)ཀློང་ཆེན་སྙིང་གི་ཐིག་ལེ་ལས ཡོ་ག་གསུམ་གྱི་སྤྱི་ཆིངས་དཔལ་ཆེན་ཞལ་ལུང་བཞུགས།

(༧༢༢)འུྃ ཀུན་བཟང་གདོད་མའི་ཀློང་ལ་འདུད རིག་པ་ཐིག་ལེ་ཉག་གཅིག་ནི གཅིག་ནི ཆོས་རྣམས་ཀུན་གྱི་གྲོལ་ས་སྟེ༔ མདོ་སྔགས་ཐེག་པ་བསམ་ཡས་སུ བསྟན་ཀྱང་ཐེག་པ་གཅིག་ལས་མེད འདི་ཉིད་མ་རིག་རྟོག་ཅན་རྣམས ཐེག་པའི་ཚིག་ལ་རྩོད་པ་བྱེད ཇི་སྲིད་སེམས་ཅན་བློ་མང་བ༔ དེ་སྲིད་ཐེག་པ་བསམ་ཡས་སུ ཀུན་ཏུ་བཟང་པོ་ང་ཡིས་བསྟན༔ འོད་ཀྱང་འདིར་ནི་དབང་པོའི་ཁྱད༔ རབ་དང་འབྲིང་དང་ཐ་མ་གསུམ གསུམ་ཚན་གསུམ་དུ་དབྱེ་བ་ལས ཐེག་པའི་རྣམ་གྲངས་དགུ་རུ་བསྟན་ཀུན་འབྱུང་འདྲེན་པའི་ཐེག་པ་དང་༔ དཀའ་ཐུབ་རིག་བྱེད་ཐེག་པ་དང་ དབང་སྒྱུར་ཐབས་ཀྱི་ཐེག་པའོ དེ་ལས་ཚེ་གཅིག་མྱུར་

(༧༢༣)འུྃ གྲོལ་ལམ གང་ཟག་སྐལ་པ་མཆོག་ལྡན་ལ དབང་སྒྱུར་ཐབས་ཀྱི་ཐེག་པ་སྟེ རབ་ལ་རྫོགས་པ་ཆེན་པོའི་ལམ༔ འབྲིང་ལ་ཨ་ནུ་ཡོ་ག་ཆེ༔ དམན་ལ་མ་ཧཱ་ཡོ་གའོ བསྐྱེད་པའི་ངོ་བོ་རིམ་གྱིས་ཏེ གསང་སྔགས་ཀུན་གྱི་གཞི་ལྟ་བུ རྫོགས་པའི་རང་བཞིན་ཅིག་ཆར་ཏེ གསང་སྔགས་ཀུན་གྱི་ལམ་ལྟ་བུ རྫོགས་པ་ཆེན་པོ་བློ་བྲལ་ཆོས གསང་སྔགས་ཀུན་གྱི་འབྲས་བུར་བཤད དེ་ལ་ཧཱ་ཡོ་ག་ནི དོན་དམ་མ་སྐྱེས་ཆོས་ཉིད་རྩལ ཏིང་འཛིན་གསུམ་གྱི་ཆོ་འཕྲུལ་ལས སྣོད་བཅུད་འཛིན་ཞེན་སྦྱོང་བའི་ཕྱིར རྟེན་དང་རྟེན་པའི་འཁོར་ལོར་ཤར༔ དེ་ཡང་རིག་པས་བསྐྱེད་པའི་ལྷར༔ རང་རྒྱུད་རྩིས་གདབ་མེད་པའི་ཕྱིར རྟོག་པ་འབུལ་བའི་གཉེན་པོ་རུ གཙོ་དང་འཁོར་གྱི་རོལ་པ་དང་༔ ཞལ་ཕྱག་རྣམ་འགྱུར་མཐའ་ཡས་པའི རྟགས་དང་དོན་གྱི་བརྡ་

(༧༢༤)མཚོན་ནས སྣོད་བཅུད་སྤྲུལ་པའི་དཀྱིལ་འཁོར་དུ༔ སྒོ་གསུམ་ལྷ་སྔགས་ཏིང་འཛིན་གྱིས གོམ་པ་གདེང་དུ་གྱུར་པ་ལ བསླབ་ཕྱིར་བདག་སྲས་གཞན་སྲས་ནི། ཐུགས་རྗེའི་དབང་དང་ཤེས་རབ་དབང་༔ ཡེ་ཤེས་ཕྱག་རྒྱའི་འཁོར་ལོ་ལས༔ དང་པོ་བསྙེན་པ་བྱ་བ་ནི༔ སྣང་སྲིད་འཁོར་འདས་ཆོས་རྣམས་དང་ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན རྣམ་དག་ལྷ་ཡི་དཀྱིལ་འཁོར་དུ ཤེས་པར་བྱ་བ་དག་བསླབ་པས བདག་གི་སྲས་སུ་དེ་བཞིན་གཤེགས མངོན་དུ་བྱས་པར་གྱུར་བ་ཡིན གཉིས་པ་ཡེ་ཤེས་ལྷ་ཉིད་དང་༔ ཉེ་ལུས་དཀྱིལ་ཕྱར་ཉེ་བའི་བསྙེན་བ་ནི དེ་ཡི་བྱིན་རླབས་རྒྱུད་སྨིན་ཅིང་༔ བླ་ན་མེད་པའི་ཡེ་ཤེས་ལ༔ མངོན་པར་བྱང་ཆུབ་ཉིད་ལ་སློབ༔ གསེར་ལ་བསྲེག་བཅད་བརྡར་བ་བཞིན༔ རང་བཞིན་ནན་གྱིས་གོམས་པ་སྟེ༔ བདག་ཉིད་དེ་བཞིན་གཤེགས་པ་ཡི༔ སྲས་སུ་བྱས་པ་ཉིད་དུའོ༔ གསུམ་བསྒྲུབ་པ་བྱ་བ་ནི༔ བསྐྱེད་རྫོགས་གོམས་པའི་ཡེ་ཤེས་ཀྱི༔ ཚད་མེད་ཐུགས་རྗེ་ཆེན་པོའི་མཐུས༔ འགྲོ་བ་ཀུན་གྱི་དོན་མཐུན་པར༔ དམ་ཚིག་ཆེན་པོས་

(༧༢༥)འུཾ འཇུག་པ་སྟེ འདི་ནི་བདག་གི་སྲས་ཉིད་དུ དེ་བཞིན་གཤེགས་པ་བྱས་པའོ བཞི་བསྒྲུབ་པ་ཆེན་པོ་ནི ཚོགས་གཉིས་ཆེན་པོ་ལ་བརྟེན་ནས བདག་གཞན་གཉིས། ས་ཚོགས་སྒྲུབ་ཀྱི དཀྱིལ་འཁོར་བྱ་བ་ལ་ཞུགས་སྟེ སྤངས་རྟོགས་ཡོན་ཏན་མངོན་བྱས་པས དོན་གཉིས་ལྷུན་གྱིས་གྲུབ་པ་སྟེ འདི་ནི་དེ་བཞིན་གཤེགས་པ་ཡི སྲས་སུ་བདག་ཉིད་བྱས་པའོ དེ་ལྟར་བསྙེན་སྒྲུབ་ཡན་ལག་བཞིའི རོལ་པ་རྣམ་བཀོད་ཆོ་འཕྲུལ་ལས ཏིང་འཛིན་གདེངས་དུ་གྱུར་བའི་མཐུས ས་བཅུ་ལམ་ལྔའི་ཡོན་ཏན་ཀུན༔ ལུས་རྒྱུའི་སྦུབས་ནས་རྫོགས་པའོ དེ་ཡང་ཡུལ་གསུམ་གསལ་བ་དང་ དགྲ་གསུམ་བསད་དང་བདུད་བཞི་བཅོམ འཕྲང་གསུམ་བསལ་བར་གྱུར་ཚུལ་ནི བསོད་ནམས་དང་ནི་ཡེ་ཤེས་མཐུས བསྐྱེད་རྫོགས་གདེངས་དུ་གྱུར་པ་ལས རྣམ་རྟོག་རགས་པ་ཚོམས་གྱུར་ཏེ ཡེ་ཤེས་ལྷ་ཡི་ཕྱག་རྒྱ་ཀུན དང་པོ་ཡིད་ཀྱི་ཡུལ་དུ་གསལ དེ་ཡི་དངོས་སྣང་མཐུ་བརྟས་ཞིང་ སེམས་ཉིད་ཤིན་

(༧༢༦)ཏུ་སྦྱང་བའི་མཐུས རང་བཞིན་དབང་པོའི་ཡུལ་དུ་གསལ མཐར་ནི་བདེན་གཉིས་དབྱེར་མེད་ཀྱི ལུས་སེམས་ཤིན་སྦྱངས་ཐོབ་པའི་ལྷ ལུས་ཀྱི་ཡུལ་དུ་མངོན་སུམ་གསལ ཡུལ་གསུམ་གྱང་དུ་གྱུར་པ་ལས མ་དག་ལུས་ཀྱི་དངོས་སྣང་ཚོམས རྣམ་སྨིན་ཚེ་དབང་ཕྱག་རྒྱ་ཆེ ལྷུན་གྲུབ་རིག་འཛིན་རྣམ་པ་བཞིའི གོ་འཕང་མཆོག་ལ་གནས་པའོ དེ་ཚེ་བསྐྱེད་པའི་འཁོར་ལོ་ལ རྫོགས་རིམ་ཟབ་མོས་རྒྱས་ཐེབས་པས ཕྱི་དགྲ་ང་ཡིར་འཛིན་པ་དང་ ནང་དགྲ་བདག་ཏུ་འཛིན་པ་དང་ གསང་དགྲ་ཉོན་མོངས་གཟུང་འཛིན་ཀུན རྣམ་དག་ལྷ་ཡི་ཕུང་པོས་བཅོམ ཐ་མལ་ཕུང་པོའི་ཞེན་པ་ལས བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན བསམ་མི་ཁྱབ་པའི་ཡེ་ཤེས་ཀྱི འཕྲོ་འདུའི་བཀོད་པ་ཅིར་ཡང་སྣང་ དུག་ལྔ་ཆགས་འཛིན་བྲལ་བར་སྦྱོང་ འཕགས་པ་མཆོད་ཅིང་གཞན་དོན་བྱས དེ་ཚེ་ཉོན་མོངས་བདུད་བཅོམ་

(༧༢༧)འུྃ མོ དེ་ཡང་ཆགས་སྡང་འཛིན་རྟོག་ཀུན གཉིས་མེད་རང་བྱུང་ཡེ་ཤེས་རྩལ སྤངས་ཐབ་བྲལ་བའི་ཆོས་ཉིད་ལ དགག་སྒྲུབ་ཕྱོགས་ལྷུང་ལས་འདས་པས བསླུ་བྲིད་ལྷ་བུའི་བདུད་བཅོམ་མོ རྡོ་རྗེ་ཕུང་པོའི་ཡན་ལག་ལྔ༔ རྫོགས་པའི་སངས་རྒྱས་ལྔར་ཤེས་ཤིང་ རྣམ་དག་ལྷ་ཡི་སྐུར་གྱུར་བས ཐ་མལ་ཕུང་པོའི་བདུད་བཅོམ་མོ ཚོགས་གཉིས་འབྲས་བུའི་ཐུས་ཀ་ལས བསྐྱེད་རྫོགས་གདེང་གྱུར་སངས་རྒྱས་ཏེ དེ་ལ་སྐྱེ་དང་འཆི་བ་ཡི རྣམ་རྟོག་རང་མཚན་མེད་པས་ན འཆི་བདག་བདུད་ནི་བཅོམ་པའོ ཕྱོགས་རིས་བྲལ་བའི་ལྟ་བ་ཡིས ཐེ་ཚོམ་ཡིད་གཉིས་འཕྲང་ལས་གྲོལ གསལ་འགྲིབ་མེད་པའི་སྒོམ་པ་ཡིས བྱིང་རྒོད་གཉིས་འཛིན་འཕྲང་ལས་གྲོལ སྤྱོད་པ་མ་འཁྲུལ་དམ་ཚིག་གིས ཐེག་པ་དམན་པའི་འཕྲང་ལས་གྲོལ དེ་ལྟར་སྦྱང་གཞི་ལུས་ངག་ཡིད སྦྱོང་བྱེད་ལྷ་སྔགས་ཏིང་འཛིན་གྱིས སྦྱངས་འབྲས་བདེ་གཤེགས་སྐུ་གསུང་ཐུགས རྡོ་རྗེ་

(༧༢༨)གསུམ་གྱི་འཁོར་ལོ་རུ ཡོངས་སྨིན་དོན་གྱི་སངས་རྒྱས་ཏེ མ་ཧཱ་ཡོ་གའི་གྲུབ་མཐའ་རུ༔ སྤྱི་དཔལ་ཆེན་པོར་ངས་བཤད་དོ ས་མ་ཡཱ༔ ལུང་ཆེན་ཨ་ནུ་ཡོ་ག་ནི ཆོས་དབྱིངས་དོན་གྱི་ཀུན་བཟང་མོ མཁའ་ཀློང་རྣམ་པར་དག་པ་ནས རིག་པ་ཀུན་ཏུ་བཟང་པོར་ཤར དེ་ཡང་ཚིག་ལ་མི་ལྟོས་པར དབྱིངས་དང་ཡེ་ཤེས་དབྱེར་མེད་པའི རང་བཞིན་ལྷུན་གྲུབ་ལྟ་བའི་ངང་ ཀུན་རྫོབ་ལྷ་ཡི་དཀྱིལ་དང་འཁོར དྲན་རིག་རྩལ་གྱིས་བསྐྱེད་པ་ལས ལྷུན་གྲུབ་ཟབ་མོའི་ཏིང་འཛིན་གྱིས སྒྲིབ་གཉིས་དྲི་མ་རྣམ་སྦྱོང་ཞིང་ སྐུ་བཞིའི་འབྲས་བུ་བསྐྱེད་པ་ལ རྫོགས་པ་ཨ་ནུ་ཡོ་གར་བཤད དེ་ཡི་བདུད་བཞི་བཅོམ་ལུགས་ནི དུག་གསུམ་ཡེ་ནས་སྐུ་གསུམ་དུ རྟོགས་པས་ཉོན་མོངས་ཡེ་སངས་རྒྱས དགག་སྒྲུབ་བླང་དོར་ལས་འདས་པས ཉོན་མོངས་བདུད་ནི་བཅོམ་པའོ སྣང་བརྟགས་ཤེས་བྱས་སྒྲོ་བཏགས་པའི ཆོས་དང་གང་ཟག་གཉིས་ཀའི་བློ བདག་མེད་རོ་མཉམ་རྟོགས་པ་ཡིས གཟུང་འཛིན་ལྟ་བུའི་བདུད་བཅོམ་མོ ཕུང་པོ་ཁམས་དང་སྐྱེ་མཆེད་

(༧༢༩)འུྃ ཀུན མ་བསྐྱེད་ཡེ་རྫོགས་ལྷའི་ཕྱག་རྒྱར ཨ་ཧཾ་ལས་འདྲེས་ལྷུན་གྲུབ་པས ཞེན་འཛིན་ཕུང་པོའི་བདུད་བཅོམ་མོ ཆོས་ཉིད་རང་བཞིན་འགྱུར་མེད་ཀློང་ སྐྱེ་ཤི་བར་དོའི་བར་ལག་འགྱེལ དབྱིངས་ལ་གསལ་འགྲིབ་མི་མདའ་བས འཆི་བདག་བདུད་བཅོམ་རྫོགས་སངས་རྒྱས ས་མ་ཡ རང་བཞིན་རྫོགས་པ་ཆེན་པོ་ནི ལྷ་ཉིད་བྱང་ཆུབ་སེམས་དངོས་ལ སེམས་ཉིད་སངས་རྒྱས་ཤེས་པ་ཡི བསྐྱེད་དུ་མེད་དེ་ཡེ་ནས་ཡིན ངེས་མེད་ཅིར་ཡང་འཆར་བ་ལ མ་བཀག་མ་སྒྲུབ་རང་བཞིན་གསལ བསམ་བརྗོད་བྲལ་བའི་རང་མདངས་ལ མཚན་དཔེའི་ཕྱག་རྒྱ་ཅིར་ཡང་སྣང་༔ སྣང་ཙམ་ཉིད་ནས་མ་གྲུབ་སྟོང་ དེ་ཡི་བདུད་བཞི་བཅོམ་ལུགས་ནི རིག་པ་ནམ་མཁའ་ལྟ་བུ་ལ དུག་ལྔའི་སྐྱོན་གྱིས་གོས་མ་མྱོང་ དངུལ་ཆུ་ལྟ་བུའི་ཡེ་ཤེས་ཀྱི ཉོན་མོངས་བདུད་ཆེན་བཅོམ་པའོ སྲིད་གསུམ་ཡེ་ནས་སངས་རྒྱས་ལ སྐུ་དང་ཞིང་ཁམས་

(༧༣༠)ལྷུན་གྱིས་གྲུབ རྩོལ་སྒྲུབ་རྒྱུ་རྐྱེན་ལས་འདས་པས ལྟར་སྣང་ལྟ་བུའི་བདུད་ནི་བཅོམ བསམ་འདས་ཤེ་རབ་ཆེན་པོའི་དབྱིངས དངོས་སྣང་བྲལ་བའི་ཆོས་ཉིད་ལ གཟུང་འཛིན་རྟག་ཆད་བློ་མེད་པས འདུ་བྱེད་ཕུང་པོའི་བདུད་བཅོམ་མོ ངོས་བཟུང་མེད་པའི་རིག་པ་ལ དྲན་པ་གསལ་བའི་ཡེ་ཤེས་ཅན སྐྱེ་འཆི་ལས་འདས་ཆོས་ཀྱི་སྐུས འཆི་བདག་བདུད་བཅོམ་ཡེ་སངས་རྒྱས ཨ་ཏིའི་གྲུབ་མཐའ་ཆེན་པོའོ ས་མ་ཡཱ དེ་ལྟར་ཡོ་ག་རྣམ་པ་གསུམ ནང་གསེས་ཕྲ་མོར་དབྱེ་བ་ལ རྣམ་པ་དགུ་རུ་བསྟན་པ་ནི དཀྱིལ་འཁོར་རིམ་གྱིས་བསྐྱེད་པ་ལ མ་ཧཱའི་མ་ཧཱ་ཞེས་བྱའོ དཀྱིལ་འཁོར་ལྷུན་གྱིས་གྲུབ་པ་ལ མ་ཧཱ་ཨ་ནུ་ཞེས་བྱའོ དོན་དམ་མ་སྐྱེས་ཆོས་དབྱིངས་ལ མ་ཧཱའི་ཨ་ཏི་ཅེས་སུ་གྲགས དཀྱིལ་འཁོར་ཅིག་ཅར་རྫོགས་པ་ལ ཨ་ནུའི་མ་ཧཱ་ཞེས་སུ་འདོད ཀུན་རྫོབ་ལྷ་ཡི་དཀྱིལ་འཁོར་ལ དོན་དམ་ཆོས་དབྱིངས་རྣམ་དག་པ ཨ་ནུའི་ཨ་ནུ་ཞེས་བྱའོ ལྷ་དང་རང་རིག་གཉིས་མེད་པ ཨ་ནུའི་ཨ་ཏི་ཡོ་གའོ འཁོར་འདས་གདོད་ནས་དཀྱིལ་འཁོར་དུ ཤེས་པ་ཨ་ཏིའི་མ་ཧཱ་ལ རང་སེམས་

(༧༣༡)འུྃ ལྷ་སྐུར་ལྷུན་རྫོགས་པ༔ ཨ་ཏིའི་ཨ་ནུ་ཞེས་བྱའོ སེམས་ཉིད་ངོ་བོ་མེད་པའི་དབྱིངས སྤྲོས་པ་ཀུན་དང་བྲལ་བ་ནི༔ ཨ་ཏིའི་ཨ་ཏི་ཞེས་བྱ་སྟེ༔ གཞི་དང་ལམ་དང་འབྲས་བུ་ཡི བསྐྱེད་རྫོགས་རྣམ་པ་གསུམ་གསུམ་ལས དབྱེ་བ་དགུ་རུ་ངས་བཤད་དོ འདི་ན་དམ་ཚིག་གི་རྣམ་བཤད་འདུག་སྟེ་བསྒྱུར་འཕྲོ་བཞག་པས་མ་ཕེབས ཀུན་ལས་ཁྱད་འཕགས་གསང་ཆེན་གནད ཚིག་ཉུང་དོན་འདུས་རྒྱུད་སྡེའི་བཅུད ཡོ་ག་གསུམ་གྱི་སྤྱི་ཆིངས་འདི འཇམ་དཔལ་ཆོས་ཀྱི་བཤེས་གཉེན་གྱིས བྱིན་གྱིས་བརླབས་པའི་རིག་པ་འཛིན སྨིན་མཚམས་དཔའ་བོའི་རྒྱ་རྟགས་ཅན དེ་ལ་ལས་ཀྱི་དབང་མོ་ཆེས དགོངས་པའི་བརྡ་རིས་སྤྲས་པའི་ཚེ མཁའ་འགྲོའི་གསང་མཛོད་ཆེན་མོ་ལ དབང་སྒྱུར་ང་ཡི་དགོངས་པའི་མཐིལ དེ་ཡི་སྙིང་ལ་ཡང་དག་བཞུགས སྣང་བ་ཚིག་དང་དཔེ་ཆར་ཤར གཏེར་གྱི་ནང་ནས་ཡང་བཅུད་ཡིན སྐལ་ལྡན་སྙིང་གི་བུ་གསུམ་གྱིས༔ ཐེ་ཚོམ་མེད་པར་ལེན་དུ་འོང་༔ དེ་ལ་གཏད་རྒྱ་རྫོགས་པར་གྱིས སྣོད་མིན་བཤད་ན་བཀའ་འདི་འཆལ སྔགས་ཀྱི་བསྲུང་མས་བྱ་ར་གྱིས༔ འགྲོ་དོན་བསྟན་པ་མཐའ་རྒྱས་འགྱུར ས་མ་ཡ་དྷ་ཐི༚ ཡང་དགོན་སྤྲུལ་སྐུས་རིན་གཉིས་པ་སྲང་གསུམ་གྱིས་རྒྱེན་སྦྱར་བར་དུ་བསྒྲུབ་པ་དགེ་

(༧༣༢)

(༧༣༣)འུྃ དཔལ་ཆེན་བརྒྱུད་འདེབས་བཞུགས་སོ། །ཀུན་བཟང་ཡབ་ཡུམ་ཆེ་མཆོག་ཧེ་རུ་ཀ །རྡོ་རྗེ་ཆོས་དང་མཁའ་འགྲོ་ལས་ཀྱི་དབང་། །ཧཱུྃ་ཀར་བཤེས་གཉེན་ཀླུ་སྒྲུབ་སྙིང་པོ་ལ། གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །བྲ་ཆེན་ཧ་སྟི་དྷ་ན་སཾ་སྲི་ཏ། །དྲི་མེད་བཤེས་གཉེན་གུ་ཧྱ་ཙནྡྲ་ཆེ། །ཞི་བའི་སྙིང་པོ་པདྨ་ཐོད་ཕྲེང་ལ། །གསོལ་བ༴ འཇམ་དཔལ་རྡོ་རྗེ་ཚངས་པའི་མེ་ཏོག་སོགས་གྲུབ་ཆེན་བརྒྱད་དང་དགོངས་བརྡའ་སྙན་བརྒྱུད་ཀྱི། །བཀའ་བབ་གསུམ་ལྡན་རྩ་བའི་བླ་མ་ལ། །གསོལ་བ༴ དཀྱིལ་འཁོར་རྣམ་བཞིར་དབང་བཞིས་རྒྱུད་སྨིན་ནས། །སྒྲིབ་པ་བཞི་སྦྱང་རིག་འཛིན་བཞིའི་ལམ་ལ། །ཡེ་ཤེས་བླ་མའི་ས་མཆོག་ཀུན་བཟང་ཞལ། །ཚེ་འདི་ཉིད་ལ་མཐོད་པ་བྱིན་གྱིས་རློབས། །ཅེས་པའང་འཇིགས་མེད་གླིང་པས་སོ།། །།

(༧༣༤)

(༧༣༥)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས རིག་འཛིན་ཐུགས་བསྒྲུབ་དཔལ་ཆེན་འདུས་པ་བཞུགས

(༧༣༦)འུྃ༔ བིདྱཱ་དྷ་ར་ཏུ་ཊ མ་ཧཱ་ཤྲཱི་བསྟྲི་ཏ དཔལ་ཆེན་ཧེ་རུ་ཀ་ལ་འདུད མ་འོངས་ལྔ་བརྒྱ་ཐ་མའི་ཚེ མཐའ་ཡི་རྒྱ་འདྲེ་འབྱུང་པོ་དང་ དབུས་ཀྱི་དམ་སྲི་གློ་བུར་བསྡོངས ཆོས་པའི་སྙིང་ཞུགས་མི་དགེ་སྤྱོད སྐྱེ་བོའི་སྙིང་ཞུགས་སྡིག་རྒྱུན་སྤེལ རྨི་ལམ་བཙུན་པ་བྱ་སྤྲེལ་རྨི བག་མི་ཕེབས་ཤིང་སྙིང་རླུང་ལྡང་ དེ་ཚེ་གཉན་པོ་སྟོབས་ཀྱི་ལྷ ཕལ་གྱིས་ཐུལ་བར་མི་འགྱུར་བས༔ ཕྱི་ལྟར་བྱང་སེམས་ནང་རིག་འཛིན གསང་བ་དྲག་གཏུམ་འབར་བའི་ལྷ བདེ་གཤེགས་ཡོངས་རྫོགས་སྒྲུབ་སྡེ་བརྒྱད དཔལ་ཆེན་འདུས་པའི་སྒྲུབ་པ་འདིས ལོག་འདྲེན་འདུལ་བར་ཐེ་ཚོམ་མེད༔ ཤིན་ཏུ་གསང་ཞིང་རང་ཉམས་ལོངས བསྟན་འགྲོའི་དོན་དུ་སྙིང་སྟོབས་བསྐྱེད༔

(༧༣༧)འུྃ༔ ས་མ་ཡ དང་པོ་དབེན་ཞིང་ཉམས་དགའི་གནས གྲུབ་ཐོབ་ཞབས་ཀྱིས་བཅག་པ་དང་ ཁྱད་པར་དུར་ཁྲོད་རྩུག་འགྱུར་ཚལ དཀྱིལ་འཁོར་རྩིབས་བཅུ་སྒོ་རྫོགས་ཅན མཚན་ཉིད་ཚང་བར་བྲིས་པའི་སྟེང་ སྒྲུབ་རྫས་ཐོད་སྐུ་སྔགས་བྱང་དང་ ཙན་དན་འམ་ནི་སེང་ཕུར་སོགས སྤྲོས་བཅས་སྒྲུབ་ཡིག་ལྟར་དུའམ ཡང་ན་གཙོ་ཕུར་ཙམ་ལ་བརྟེན ཉེར་སྤྱོད་སྨན་གཏོར་རཀྟ་དང་ དཀྱིལ་འཁོར་རྒྱན་བཀོད་ལེགས་པར་བཀྲམ བདེ་བའི་སྟན་ལ་བག་ཕབ་ནས མཚམས་བཅད་གཡེལ་དང་མ་ཞུད་ཅེས དང་པོ་སྐྱབས་སུ་འགྲོ་བ་ནི ཧཱུྃ་བདེ་གཤེགས་ཡོངས་རྫོགས་དཀོན་མཆོག་གསུམ་གྱི་ངང་ དཔལ་ཆེན་འདུས་

(༧༣༨)བའི་ངོ་བོར་ཡོངས་ཤར་བ སྤྲོ་བསྡུའི་བྱེད་པོ་བྱང་ཆུབ་སེམས་ཀྱི་ལྷར རང་ངོ་ཤེས་པའི་ངང་ནས་སྐྱབས་སུ་མཆི ལན་གསུམ་གཉིས་པ་སེམས་བསྐྱེད་ནི ཧཱུྃ ཆོས་ཀྱི་དབྱིངས་ལ་ཕྱོགས་རིས་མཉམ་བརྡལ་ཡང་༔ མ་རྟོགས་འཁྲུལ་པར་འཁྱམས་པའི་བདག་འཛིན་བདུད འོད་གསལ་ཆོས་སྐུའི་ཀློང་དུ་བསྒྲལ་བའི་ཕྱིར དཔལ་ཆེན་ལྷ་ཚོགས་བསྒྲུབ་པར་སེམས་བསྐྱེད་དོ ལན་གསུམ་གསུམ་པ་ཚོགས་གསོག་ནི ཧོ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ༔ གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི དག་པའི་མཆོད་པ་བཞེས་སུ་གསོལ དངོས་གྲུབ་ཆུ་བོ་གཅོད་པའི་བགེགས ཉེས་བྱས་མ་ལུས་བཤགས་པར་བགྱི ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས༔ མ་ཆགས་སྤྱོད་ལ་རྗེས་ཡི་རང་

(༧༣༩)འུྃ དག་པའི་མཐའ་བཞི་དྲི་མ་མེད རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ བདེ་གཤེགས་དབང་ཕྱུག་སེམས་ཅན་ལ དགོས་པ་གསུམ་ཕྱིར་ལུས་འབུལ་ལོ ཚེ་རབས་བགྲངས་པའི་ལས་རྣམས་ཀུན བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ བཞི་པ་བགེགས་གཏོར་གཏོང་བ་ཅི། ཧཱུྃ ང་ནི་སྤྱི་དཔལ་ཆེན་པོ་སྟེ བྱང་ཆུབ་སྒྲུབ་ལ་བར་གཅོད་པའི གནོད་བྱེད་ལོག་འདྲེན་འབྱུང་པོ་རྣམས གཏོར་མ་ལོངས་ལ་ཕྱིར་དེངས་ཤིག གལ་ཏེ་བཀའ་ལས་འདའ་བྱེད་རྣམས མགོ་བོ་ཚལ་པ་བརྒྱར་བགས་ཤིང་༔ ལུས་ནི་རྡུལ་ཕྲན་བཞིན་དུ་བཤིག དྲག་སྔགས་མེ་དཔུང་ཐུན་བཅས་བརྡེག ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀཱ་ལ་རཱུ་པ་ཀརྨཱ་རཾ་རཾ་ཛྲ་ལ་རཾ་ཧཱུྃ་ཕཊ ལྔ་པ་མཚམས་གཅོད་སྲུང་འཁོར་ནི ཧཱུྃ བདག་ཉིད་ཞེ་སྡང་རྡོ་རྗེ་ཡི སྤྱན་མིག་ཉི་ཟླར་འབར་ཞིང་བསྲེག༔ ཐུགས་

(༧༤༠)ལས་ཁྲོ་བོའི་ཚྭ་ཚྭ་འཕྲོ སྟོང་གསུམ་སྤྲུལ་པ་མེ་ཡིས་འགེངས ཕྱོགས་མཚམས་མཚོན་ཆ་འཆོལ་བས་གཏམས བདག་མེད་སྟོང་པར་མཚམས་བཅད་དོ ཨོཾ་སཱུརྱ་ཙིཎྜ་བཛྲ་ཀྲོ་ཏ་ཛྭ་ལ་རཾ་རཾ་ཙཀྲ་ཝ་རྟི་མ་ཧཱ་ཀྲོ་ཏ་སརྦ་དུཥྚཾ་ཨེ་ཧཱུྃ་ཕཊ དྲུག་པ་བརྡ་སྒོ་དབྱེ་ཕྱག་འཚལ ནོངས་བཤགས་དམ་བཅའ་བཟུང་བ་ནི་ཧཱུྃ མ་རིག་ལིང་ཏོག་ཡེ་ཤེས་ཐུར་མས་དབྱེ སེམས་ཉིད་ལྷ་སྐར་རྟོགས་པའི་བརྡ་ཕྱག་འཚལ འགལ་འཁྲུལ་ནོངས་པ་ཆོས་སྐུའི་ཀློང་དུ་བཤགས དཔལ་ཆེན་སྲོག་གི་ཕྱིར་ཡང་མི་གཏོང་ངོ་ ཨ་ལ་ལ་ཧོ བདུན་པ་སྣོད་བཅུད་བྱིན་འབེབས་ནི ཧཱུྃ་དཔལ་ཆེན་འདུས་པའི་ལྷ་ཚོགས་རྣམས ཆོས་སྐུའི་ཀློང་ནས་།ཐུགས་རྗེ་བསྐྱེད ལོངས་སྐུའི་རྣམ་རོལ་ཅིར་ཡང་བསྒྱུར སྤྲུལ་སྐུའི་དཀྱིལ་འཁོར་བརྟེན་པར་བཅས དབང་བསྐུར་བྱིན་ཕོབ་རྟ་ཌ་མཚན་སྟོན ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ སརྦ་ས་མ་ཡ ཨ་བེ་ཤ་ཡ་ཕཻཾ་ཕེ༚ བརྒྱད་པ་མཆོད་

(༧༤༡)འུྃ པ་བྱིན་བརླབ་ནི ཧཱུྃ་དབྱིངས་ནས་ཡི་གེ་འབྲུ་གསུམ་ཆར་དུ་ཕབ མཆོད་རྫས་ཉེས་སྐྱོན་མ་དག་བསྲེགས་གཏོར་བཀྲུས བྷྲུཾ་ལས་རིན་ཆེན་ཨཱ་ལས་བྷནྡྷའི་ནང་༔ ཕྱི་ནང་གསང་གསུམ་མཆོད་སྤྲིན་རྒྱ་མཚོར་གྱུར ཨོཾ་བཛྲ་ཨརྒྷཾ བཱ་དྱཾ པུཥྤེ དྷུ་པེ དཱི་པཱཾ གྷནྡྷེ རཱུ་པ ཤཔྟ གྷནྡྷེ རཱ་ས བརྴེ་སརྦ་པཱུ་ཙ་ཨཱཧཱུྃ སྨན་གཏོར་རཀྟའི་སྔགས་ཀྱིས་བརླབ ཨོཾ་ཨཱཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི ཐ ཨོཾ་ཨཱ༔ཧཱུྃ་མ་ཧཱ་པ་ལཾ་ཏ་ཏེ་ཛྭ་བྷ་ལིངྟ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ ཨོཾ་ཨཱཧཱུྃ་མ་ཧཱ་རཀྟ་ས་མནྟ་མཎྜ་ལ་ཧཱུྃ་ཕཊ དགུ་པ་སྒོར་སྐྱེས་སྦྱོང་བ་རྒྱས་པ་ཆེན་པོའི་བསྐྱེད་རིམ་ནི ཧཱུྃ རང་བྱུང་རིག་པ་བདག་མེད་དེ་བཞིན་ཉིད རོལ་རྩལ་ཀུན་སྣང་སྙིང་རྗེ་ཆེན་པོའི་གདངས རྒྱུ་ཡི་རིག་པ་ཧཱུྃ་གིས་སྣོད་བཅུད་སྦྱངས དེ་ཉིད་གནས་འགྱུར་རྡོ་རྗེ་རྩེ་ལྔ་པ སྐད་ཅིག་ཡོངས་གྱུར་རྒྱུ་ཡི་ཧེ་རུ་

(༧༤༢)ཀ བརྗོད་མེད་ཀློང་ལྔ་ཡུམ་གྱི་མཁའ་ལ་ཤར ཐུགས་ལས་ཨེ་ཡཾ་ར་སུཾ་ཀེ༚་རཾ་ཆད ཨེ་ལས་ནམ་མཁའ་ཡཾ་ལས་གཡོ་བྱེད་རླུང་ ར་ལས་རཀྟ་སུཾ་ལས་ཞིང་ཆེན་གཞི ཀེ༚་ལས་རུས་པའི་རི་དབང་བང་རིམ་ཅན རཾ་ལས་བསྐལ་མེ་རབ་འབར་རྔམ་བརྗིད་ཀློང་ ཧཱུྃ་ལས་གནམ་ལྕགས་རྡོ་རྗེའི་བྲག་ཆེན་སྟེང་ ནམ་མཁའི་དབྱིངས་ནས་བྷྲཱུཾ་ཡིག་ལྔ་ལྡན་བབས བྷྲཱུཾ་རཏྣ་བྷཉྫ་ཛྙཱ་ན་ཙ་ཀྲ་མཎྜ་ལ་བྷྲཱུཾ བྷྲཱུཾ་ཡིག་གནས་འགྱུར་སྤྲུལ་པའི་གཞལ་མེད་ཁང་ ཕྱི་ནི་རིན་ཆེན་ནང་ནི་ཐོད་པའི་མཁར གྲུ་བཞི་སྒོ་བཞི་ཚད་དང་མཚན་ཉིད་ལྡན གུ་ཎ་ཏྭ་ར་རྟ་བབས་བང་རིམ་བརྒྱད ཆོས་འཁོར་རི་དྭགས་གདུགས་དང་ནོར་བུའི་ཏོག ཕྱི་རོལ་རིན་ཆེན་རྩིག་པའི་རྨིང་གི་གཞི༔ འདོད་སྣམ་དམར་པོར་ལྷ་མོ་བཅུ་དྲུག་འཁོར ཕ་གུ་སེར་པོ་དྲ་བ་དྲ་ཕྱེད་མཛེས༔ ཤར་བུ་མདའ་ཡབ་ཁང་བརྩེགས་རྡོ་རྗེའི་ཏོག ནང་ནི་དུར་ཁྲོད་རོལ་པའི་གཞལ་མེད་ཁང་ ཕྱི་འཁོར་

(༧༤༣)འུྃ རོ་གླིང་བརྒྱད་དང་རྡོ་རྗེའི་གུར བསྐལ་མེ་འུར་འུར་ཆེམ་ཆེམ་འབར་བའི་ཀློང་ འོག་མིན་གསང་ཆེན་རོལ་པའི་ཕོ་བྲང་ཆེ རབ་འཇིགས་གནམ་ལྕགས་ཙཀྲ་རྩིབས་བརྒྱད་དབུས བདེ་ཆེན་ཀུན་ཏུ་བཟང་མོའི་ཨེ་ཀློང་དུ༔ བྱོལ་སོང་གཙོ་རྣམས་དྲེགས་པ་ཆེ་དགུ་བརྫིས༔ མ་ཆགས་པདྨ་ཐབས་ཤེས་ཉི་ཟླ་འབར༔ རུ་ཏྲ་ཀྲོ་ཏི་ཏི་ར་བཾ པཾ་པདྨ་མཎྜ་ལ མ་སུརྱ་མཎྜལ ཨ་ཙནྡྲ་མཎྜ་ལ ཧཱུྃ རང་བྱུང་རྒྱུ་ཡི་ཧེ་རུ་ཀ ཡེ་ཤེས་དབྱིངས་ནས་གདན་ལ་བབས མཉམ་སྦྱོར་བདེ་བ་ཆེན་པོའི་སྒྲས འཕགས་པ་མཆོད་ཅིང་གཞན་དོན་བྱས༔ ཡོངས་གྱུར་འབྲས་བུའི་ཧེ་རུ་ཀ ཆེ་མཆོག་བཛྲ་ཐོད་ཕྲེང་རྩལ མཐིང་ནག་དབུ་གསུམ་ཕྱག་དྲུག་པ ཞབས་བཞི་གྱང་ཀྱི་དོར་སྟབས་བགྲད རྒྱལ་འགོང་བདུད་བཞིའི་སྤྱི་ནས་བརྫིས༔ གཡས་དཀར་དགོད་ཅིང་གཤེ་བའི་ཞལ༔ གཡོན་དམར་

(༧༤༤)ཨ་མ་གཙིགས་འཇིགས་པར་སྟོན དབུས་མཐིང་རྔམ་བརྗིད་ཁྲོ་བོའི་ཞལ༔ སྐུ་མཆོག་རིགས་ལྔ་དབུ་ལ་རྫོགས རྡོ་རྗེའི་བྱ་ཁྱུང་སྤྱི་བོར་ལྡིང་༔ སྤྱན་དགུ་ལྔགས་འགྲིལ་མཆེ་བ་གཙིགས གཡས་ཀྱི་དང་པོ་རྡོ་རྗེ་དང་ བར་པ་ཁ་ཊྭཱཾ་ཐ་མ་མེ གཡོན་གྱི་དང་པོ་བྷནྡྷ་དམར བར་པ་ཐོང་གཤོལ་ཐ་མ་ན ལྕགས་ཀྱི་སྡིག་པ་མགོ་དགུ་བསྣམས དུར་ཁྲོད་དཔལ་གྱི་ཆས་རྣམས་རྫོགས༔ གནམ་ཞལ་ཡུམ་མཆོག་ཀུན་བཟང་སྦྱོར གཡས་པ་གཙོ་ལ་བྱུང་ཁ་ཊྭཱཾ་བསྣམས གཡོན་པ་ཆགས་པའི་དུང་དམར་སྟོབས སྐུ་མདོག་སྔོན་མོ་རྒྱན་དང་ལྡན བསྐལ་བའི་མེ་དཔུང་འབར་བའི་ཀློང་༔ དགའ་བཞི་བདེ་བ་ཆེན་པོར་བཞུགས༔ དཔལ་ཆེན་ཡབ་ཡུམ་སྦྱོར་མཚམས་ནས ཕྱོགས་བཞི་མཚམས་བཞིའི་རྩིབས་སྟེངས་སུ༔ མཐིང་ནག་ཧཱུྃ་གི་ཡི་གེ་སྤྲོས ཁྲག་འཐུང་ཡབ་ཡུམ་

(༧༤༥)འུྃ སྲས་བཅས་བསྐྱེད ཧཱུྃ༔ ཧཱུྃ༔ ཧཱུྃ༔ ཧཱུྃ༔ ཧཱུྃ༔ ཧཱུྃ༔ ཧཱུྃ༔ ཧཱུྃ༔ ཧཱུྃ༔ ཆེན་སྔགས་ཀྱི་སྒྲ་བསྒྲགས་པས ཁྲོ་རྒྱལ་དཀྱིལ་འཁོར་ལྷུན་གྱིས་གྲུབ བསྐལ་པ་མེ་ལྟར་འབར་ཀློད་ནས རང་བྱུང་ཡེ་ཤེས་ཁྲོ་ཚོགས་ཤར ཤར་དུ་བཛྲ་ཧོ་རུ་མཐིང་༔ རྡོ་རྗེ་གཡས་ལ་ཁུང་ཁྲག་གཡོན བཛྲ་ཀྲོ་ཏི་ཤྭ་རི་སྦྱོར ལྷོ་རུ་འཇམ་དཔལ་གཤིན་རྗེ་སེར བེ་ཅོན་གཡས་ལ་སྡིགས་མཛུབ་གཡོན བཻ་ཏ་ཟ་བྱེད་ནག་མོ་ཡུམ ནུབ་ཏུ་དབང་ཆེན་རྟ་མགྲིན་དམར༔ རལ་གྲི་གཡས་ལ་པདྨ་གཡོན པདྨ་གཟི་ལྡན་ཁྲོ་རྒྱལ་ཡུམ བྱང་དུ་རྡོ་རྗེ་གཞོན་ནུ་ལྗང་༔ ཕྱག་གཉིས་རྡོ་རྗེ་ཕུར་བུ་འདྲིལ འཁོར་ལོ་རྒྱས་འདེབས་དཔལ་གྱི་ཡུམ ཤར་ལྷོར་བླ་མེད་ཧེ་རུ་ཀ མཐིང་ནག་བྱ་ཁྱུང་ཞིང་དབྱུག་ཐོགས ཡུམ་ཆེན་ཉིད་ཞི་བདེ་མཆོག་མ མ་ལྔ་ལ་སོགས་འཁོར་དང་བཅས

(༧༤༦)ལྷོ་ནུབ་རིག་འཛིན་རྡོ་རྗེ་དཀར ཐོད་དབྱུག་གཡས་ལ་དྲིལ་བུ་གཡོན བདེ་ཆེན་རྡོ་རྗེ་རྣལ་འབྱོར་ཡུམ ནུབ་བྱང་དྲེགས་པ་ཀུན་འདུལ་མཐིང་ ལྟོ་བ་གཡས་ལ་མདུད་ཐུང་གཡོན ཁམས་གཡུམ་སྲིད་པ་སྤྱི་འདུལ་ཡུམ བྱང་ཤར་སྟོབས་ལྡན་ནག་པོ་ཆེ ལྕགས་ཀྱུ་གཡས་ལ་སྦྲུལ་ཞགས་གཡོན འབྱུང་བ་ལྔ་ཡི་བདག་མོ་ཡུམ གཟུགས་ཁམས་མཁར་འདགས་འདོད་ཁམས་གནོན ཀུན་ཀྱང་རིགས་བཞིའི་འཁོར་དང་བཅས ཞབས་ཀྱི་ལྷ་ཆེན་ཕོ་མོ་བརྫིས ཆོས་ཉིད་མི་འགྱུར་ཡུམ་རྣམས་མཐིང་ གྲི་གུག་ཐོད་འཛིན་ཡབ་ལ་འཁྱུད ཕྱི་རོལ་སྒོ་བ་རིགས་བཞི་ནི ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ ཚོམ་བུ་དགུ་ཡི་དཀྱིལ་འཁོར་ལ བདུན་བརྒྱ་ཉེར་ལྔའི་ལྷ་ཚོགས་ཀུན ཉི་ལས་འོད་ཟེར་བཞིན་དུ་ཤར སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས མ་འདྲེས་ཡོངས་རྫོགས་

(༧༤༧)འུྃ ཆེན་པོར་གསལ བཅུ་པ་དབང་བསྐུར་བ་ནི ཧཱུྃ་རང་ལས་ཤར་བའི་དཔལ་ཆེན་ཚོགས མཐུ་རྩལ་ཡོངས་སུ་རྫོགས་བྱའི་ཕྱིར སྐུ་གསུང་ཐུགས་སུ་བྱིན་བརླབ་ཅིང་ ཡེ་ཤེས་ལྟ་རུ་དབང་བསྐུར་རོ ཨོཾ་ཨཱཧཱུྃ ཨོཾ་ཧཱུྃ་སྭཱ་ཧྲཱི ཨཱ རང་གི་སྤྱི་བོར་ཟླ་བ་ལ་ཨོཾ མགྲིན་པར་པདྨ་ལ་ཨཱ སྙིང་ཁར་ཉི་མ་ལ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། ཡི་གེ་གསུམ་ལ་ཐིམ དེ་ཡོངས་སུ་གྱུར་པ་ལས སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོར་རྣམ་པ་ཉི་ཤུའི་བྱང་ཆུབ་པའི་ལྷ སྤྱི་བོར་རྣམ་སྣང་དཀར་པོ་འཁོར་ལོ་འཛིན་པ མགྲིན་པར་སྣང་མཐའ་དམར་པོ་པདྨ་འཛིན་པ ཐུགས་ཀའི་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་འཛིན་པས་རྒྱས་བཏབ་པས་གཞི་ལམ་འབྲས་བུའི་ཡོན་ཏན་ཡོངས་སུ་རྫོགས་པར་གྱུར

(༧༤༨)རྡོ་རྗེ་རྩེ་ལྔ་པ་དང་གསུམ་པ་དང་ གཅིག་པའི་ཕྱག་རྒྱ་གནས་སོ་སོར་གཏུག་ཅིང་ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ དེ་བཞིན་དུ་ཝཱཀྐ་དང་༔ ཙིཏྟ་ཡང་སྦྱར་རོ ཡང་སྤྱི་བོའི་གནས་སོ་སོར་རིགས་ལྔའི་དབང་རྒྱ་བཅས་ལ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཏྨ་ཀོ྅ཧཾ དེ་བཞིན་དུ ཨོཾ་མ་ཧཱ་ཨ་དརྴ ཨོཾ་མ་ཧཱ་ས་མ་ཏ ཨོཾ་མ་ཧཱ་པྲ་ཏྱ་བཀྵ་ཎ ཨོཾ་མ་ཧཱ་ཀྲྀ་ཏྱ་ནུཥྛ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ སྤྱི་བོའི་གནས་ལྔར་དབང་ལྷ་ཡབ་ཡུམ་རྗེས་ཆགས་རྒྱས་པའི་ཞུ་བདེའི་ཆུ་རྒྱུན་བྱང་ཆུབ་སེམས་ཀྱི་རོལ་པས་དབང་བསྐུར ཉོན་མོངས་པ་ལྔ་ཡི་དྲི་མ་སྦྱངས་ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་འགྱུར་བས་ཀུན་བཏགས་ལ་གཞན་དབང་གིས་རྒྱས་བཏབ༔ ཆུ་ལྷག་མ་སྤྱི་བོར་ལུད་པ་ལས་གཞན་དབང་ལ་ཡོངས་གྲུབ་ཀྱི་རྒྱས་ཐེབས་ཤིང་ཡེ་ཤེས་འགྱུར་བ་མེད་པའི་བརྡར་དབུ་གཙུག་ན་རྡོ་རྗེ་ཕྱེད་པ་དང་ རིགས་བདག་སྣང་བ་མཐའ་

(༧༤༩)འུྃ༔ ཡས་ཀྱིས་དབུ་བརྒྱན་པར་གྱུར རང་གི་འདུན་པ་སེམས་པ་དང་༔ སྙིང་ཁའི་འོད་ཀྱི་རོལ་པ་ཆེན་པོས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ནམ་མཁའ་གང་བའི་དཀྱིལ་འཁོར་གྱི་འཁོར་ལོར་བཛྲ་ མཱ་ཛ ཞེས་སྙན་མནན་ལ བཅུ་གཅིག་པ་སྤྱན་འདྲེན་པ་ནི ཆིལ་ཆེན་དང་སྦྱར་སྤོས་བསྲེག་ཅིང་རོལ་མོའི་སྒྲ་དང་བཅས ཧཱུྃ འོག་མིན་ཆོས་དབྱིངས་བདེ་ཆེན་ཞིང་ཁམས་ནས ལྷུན་གྲུབ་རོལ་པ་ཡེ་ཤེས་ཀློང་དགུའི་གར ཞི་ཁྲོ་རབ་འབྱམས་དཔལ་ཆེན་བཀའ་བརྒྱད་ལྷ གདུག་པ་འདུལ་ཕྱིར་གནས་འདིར་གཤེགས་སུ་གསོལ ཨེ་ཧྱ་ཧི་ཛ ཧཱུྃ་བཾ་ཧོ ས་མ་ཡ་ཧྲིང་ཧྲིང་ཛཛ བཅུ་གཉིས་པ་བཞུགས་གསོལ་ནི ཧཱུྃ མ་དག་སྣང་བ་དག་པ་རབ་འབྱམས་ཀྱི རྟེན་དང་བརྟེན་པའི་འཁོར་ལོར་ཡོངས་ཤར་བ ཏིང་འཛིན་སྤྲུལ་པའི་ཞིང་མཆོག་ཉམས་དགའ་བར དམ་ཡེ་གཉིས་མེད་ངོ་བོར་བརྟན་པར་བཞུགས༔

(༧༥༠)ས་མ་ཡ་ཨ་བེ་ཤ་ཡ་ཏིཥྠ་ལྷན བཅུ་གསུམ་པ་ཕྱག་འཚལ་བ་ནི ཧཱུྃ རང་བྱུང་རང་ཤར་སྤྲུལ་པའི་དཀྱིལ་འཁོར་ལ བཟང་ངན་གཉིས་འཛིན་ཨ་འཐས་རྣམ་དག་ཀྱང་༔ རང་རིག་ཆོས་སྐུར་མཇལ་བའི་བརྡ་ཕྱག་གར སྤང་བླང་མེད་པའི་དང་ནས་བཙལ་བར་བགྱི༔ ཨ་ཏི་པུ་ཧོ ན་མ་ཡ་དྷི བཅུ་བཞི་པ་ཕྱག་རྒྱ་གར་མཆོད་ནི ཧཱུྃ སྒེག་པ་འཇིགས་རུང་སྐུ་ཡི་གར དགོང་གཤེ་དྲག་ཤུལ་གསུང་གི་གར སྙིང་རྗེ་བརྔམས་ཞི་ཐུགས་ཀྱི་གར༔ རང་བྱུང་གར་དགུའི་མཆོད་པ་བཞེས མ་ཧཱ་མུ་དྲ་པུ་ཙ་ཧོ བཅོ་ལྔ་པ་ཡེ་ཤེས་གླུའི་མཆོད་པ་ནི༔ ཧཱུྃ དགའ་བ་བཅུ་དྲུག་རྡོ་རྗེའི་གླུ ཡེ་ཤེས་གླུ་དང་མཉམ་སྦྱོར་བ༔ རང་ལས་བྱུང་ཞིང་རང་ལ་མཆོད མི་རྟོག་ཡེ་ཤེས་མངོན་དུ་སྟོན༔ མ་ཧཱ་ཛྙཱ་ན་ཏེ་ཏེ་ཧཱུྃ ཏེ་ན་ཏེ་ཏེ་ཧཱུྃ༔ བཅུ་དྲུག་པ་ཉེར་སྤྱོད་འདོད་ཡོན་གྱི་མཆོད་པ་ནི ཧཱུྃ༔ ཉེར་སྤྱོད་ལྔ་དང་འདོད་ཡོན་ཀུན དབང་པོ་ལྔ་ཡི་རྒྱན་དུ་ཤར མཆོད་པའི་ཕྱག་རྒྱ་

(༧༥༡)འུྃ ཆེན་པོ་ཡིས༔ དཔལ་ཆེན་ལྷ་ཚོགས་མཉེས་གྱུར་ཅིག ཨོཾ་ཤྲཱི་བཛྲ་ས་བཱ་རི་ཝཱ་ར་དྷུ་པེ་ཧཱུྃ བུཥེྤ་ཏྲཱཾ༔ ཨ་ལོ་ཀེ་ཧྲཱི༔ གནྡྷེ་ཧོ ནཻ་ཝི་དྱ་ཨཱ༔ ཤཔྟ་ཧཱུྃ སརྦ་པུ་ཛ་ས་མ་ཡ་ཧོ༔ བཅུ་བདུན་པ་གསང་བ་དུག་གསུམ་གནས་སུ་དག་པའི་མཆོད་པ་ནི ཧཱུྃ འདོད་ཆགས་ཁྲག་ཆེན་ཞེ་སྡང་རུས གཏི་མུག་ཤ་ཏ་དུག་གསུམ་ཡང་ གདོད་ནས་སྐུ་གསུམ་ཆེན་པོའི་དང་༔ རང་ལས་ཤར་ཞིང་རང་སར་གྲོལ ཧ་ལ་པཉྩ་པཱུ་ཛ་ཧོ བཅོ་བརྒྱད་པ་སྨན་མཆོད་ནི༔ རྡོ་རྗེའི་དམ་ཚིག་རྨད་པོ་ཆེ རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད༔ རྒྱུད་དྲུག་སྡུག་བསྔལ་འཇོམས་པའི་རྩི རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས ཨོཾ་ཨཱཧཱུྃ་སརྦ་པཉྩ་ཨཱ་མྲི་ཏ་ཧཱུྃ་ཧྲཱི ཐ དབྱིངས་རིག་ཡབ་ཡུམ་སྣང་སྟོང་ཧེ་རུ་ཀ ཆོས་ཀྱི་རྡོ་རྗེ་མཁའ་འགྲོ་ལས་ཀྱི་དབང་ རིག་འཛིན་འདུས་པ་བླ་མའི་དཀྱིལ་འཁོར་ལ མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ སརྦ་པཉྩ་

(༧༥༢)ཨ་མྲྀ་ཏ་ཁཱ་རཾ་ཁཱ་ཧི འཇམ་དཔལ་རྡོ་རྗེ་ཁྲི་སྲོང་ལྡེའུ་བཙན གྲུབ་ཆེན་བརྒྱད་དང་ལས་ཅན་དག་པའི་འཁོར བརྒྱད་པ་བདུན་ལྡན་ཐུགས་གཏེར་བདག་པོ་ལ༔ མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ སརྦ་པཉྩ་ཨ་མྲྀ་ཏ་ཁཱ་རཾ་ཁཱ་ཧི ཡེ་ཤེས་དགུ་རྫོགས་ཁྲག་འཐུང་དཀྱིལ་འཁོར་ལྷ དཔལ་གྱི་བཀའ་སྡོད་འཇིག་རྟེན་དྲེགས་པའི་སྡེ བདུན་བརྒྱ་ཉེར་ལྔ་བསམ་ཡས་ལྷུན་གྲུབ་ལ མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ སརྦ་པཉྩ་ཨ་མྲྀ་ཏ་ཁཱ་རཾ་ཁཱ་ཧི བཅུ་དགུ་པ་དངོས་གྲུབ་བླང་པ་ནི བདུད་རྩི་སྙིང་པོ་ཅན་གྱི་དབུས སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས ཡི་གེ་གསུམ་གྱི་རྣམ་པ་ཅན དམ་ཚིག་ཕྱག་རྒྱ་གཉེན་པོས་བླང་ ཀ་ཡ་སིདྡྷི་ཨོཾ ཝཀྐ་སིདྡྷི་ཨཱ ཙིཏྟ་སིདྡྷི་ཧཱུྃ མཐེབ་སྲིན་ཉི་ཟླའི་གའུས་བླང་ ཉི་ཤུ་པ་དམ་རྫས་གཏོར་མའི་མཆོད་པ་ནི ཧཱུྃ བྷ་ག་ཡངས་པའི་གཏོར་གཞོང་དུ ལིང་ག་འདོད་ཡོན་གཏོར་མར་འབར རྡོ་རྗེ་བཟའ་བའི་དམ་ཚིག་རྫས ཨ་

(༧༥༣)འུྃ ལ་ལ་སྟེ་དགྱེས་བར་རོལ མ་ཧཱ་བ་ལིང་ཏ་ཁཱ་ཧི ཉེར་གཅིག་པར་བྷའི་མཆོད་པ་ནི ཧཱུྃ ལྕང་ལོར་བཅས་པའི་དུང་ཆེན་དུ ཆགས་སྡང་དབྱིངས་སུ་བསྒྲལ་བའི་ཁྲག འཁོར་བ་གནས་སུ་དག་བྱའི་ཕྱིར བླང་དོར་མེད་པར་བཞེས་སུ་གསོལ མ་ཧཱ་རཀྟ་ཁ་ཧི ཉེར་གཉིས་པ་བདུད་རྩི་གསད་ནན་ནི ཧཱུྃ ཡབ་དང་ཡུམ་གྱི་རྒྱུ་གཉིས་ཀྱང་ ཕྱག་རྒྱ་བཞི་ཡི་རྐྱེན་གྱིས་སྦྱར༔ དུག་ལྔ་སྨན་དུ་གྱུར་པའི་རྫས ཛ་གད་དཔའ་བོའི་བདུད་རྩིས་མཆོད མ་ཧཱ་བཛྲ་ཨ་མྲྀ་ཏ་ཛ་གད་བུ་ཛ་ཧོ ཉེར་གསུམ་པ་སྦྱོར་སྒྲོལ་གྱི་མཆོད་པ་ནི ཧཱུྃ རྡོ་རྗེ་པདྨོའི་གྲོང་ཁྱེར་ལ སྙོམས་པར་ཞུགས་པར་རབ་བསྐུལ་བས ལྷ་ཚོགས་ཀུན་ཀྱང་བརྙེས་གྱུར་སྟེ སྡུག་བསྔལ་བདེ་བ་ཆེན་པོར་སྦྱོར རྣམ་རྟོག་བདག་མེད་དབྱིངས་སུ་སྒྲོལ ཛཧཱུྃ་བཾ་ཧོ ཏ་ན་ག་ན་བཱུ་ཛ་ཧོ ཉེར་བཞི་པ་བསྟོད་པ་ནི ཧཱུྃ མི་སྡུག་སྲིན་པོའི་སྐུ་ནི་སྒེག་ཅིང་དཔའ དྲག་ཤུལ་རྡོ་རྗེའི་གང་མོ་

(༧༥༤)གཤེ་བའི་སྒྲ མཆོག་ཏུ་ཞི་བའི་ཐུགས་ནི་སྙིང་རྗེ་བརྔམ གར་དགུའི་ས་གསུམ་རྣམ་གནོན་ཁྱོད་ལ་བསྟོད རྡོ་རྗེ་ཐོད་ཁྲག་ཆགས་སྡང་དབྱིངས་སུ་སྦྱོར༔ ཁ་ཊྭཱཾ་ཐོང་གཤོལ་དུག་གསུམ་ཐ་རྒོད་འཇོམས མེ་དཔུང་ལྕགས་སྡིག་རྣམ་རྟོག་རྒྱལ་འགོང་གཤེད རྟོག་མེད་དྲེགས་པ་འདུལ་ལ་ཕྱག་འཚལ་བསྟོད དགུང་བསྟོན་ནས་བྲག་པར་སླང་པ ཆོས་སྐུ་འགྱུར་བ་མེད་པས་སྐུ་མདོག་མཐིང་ དབུ་ནི་སྐུ་གསུམ་ཕྱག་ནི་ཕར་ཕྱིན་དྲུག ཞབས་ནི་ཚད་མེད་བཞི་ཡི་རང་བཞིན་ཏེ རྟགས་དང་ཡོན་ཏན་རྫོགས་པའི་སྐུ་ལ་བསྟོད ཆོས་ཉིད་གཅིག་ལ་ཡེ་ཤེས་ཀློང་དགུའི་རྩལ་གདུལ་བྱའི་ཁམས་ལ་དགྱེས་ཆགས་ཁྲོ་བའི་ཉམས རོལ་པའི་ཆོ་འཕྲུལ་མི་བཟད་འབར་བའི་སྐུ༔ བདུན་བརྒྱ་ཉེར་ལྔའི་དཀྱིལ་འཁོར་ལྷ་ལ་བསྟོད ཉི་ཤུ་རྩ་ལྔ་འཛབ་དོན་ལ༔ བསྙེན་དང་བསྒྲུབ་པ་ལས་སྦྱོར་རོ དང་པོ་ཞི་བར་བསྙེན་པ་ནི༔ ༈ བདག་ཉིད་ཆེ་མཆོག་ཡབ་ཡུམ་གྱི ཐུགས་མཆོག་འོད་

(༧༥༥)འུྃ༔ ཀྱི་དྲ་བའི་ཀློང་ གསལ་སྟོང་ཟུང་འཇུག་ཉི་ཟླའི་སྟེང་ ཀུན་བཟང་ཡབ་ཡུམ་ཞལ་སྦྱོར་ལ རྡོ་རྗེ་སྐྱིལ་ཀྲུང་མཉམ་བཞག་ཅན ཐུགས་ཁར་བདེ་གཤེགས་ཀུན་གྱི་སྲོག ཡི་གེ་འབྲུ་གསུམ་བརྩེགས་མར་གསལ དེ་ལས་འོད་འཕྲོས་སྣང་སྲིད་ཀུན ཡེ་ཤེས་ལྔ་རུ་སངས་རྒྱས་བསམ འཁོར་འདས་རོ་གཅིག་ལྟ་བའི་ངང་ ཨོཾ་ཨཱཧཱུྃ རིགས་རྣམས་ཀུན་གྱི་དབང་ཕྱུག་མཆོག སངས་རྒྱས་ཀུན་གྱི་མེས་པོ་སྒོམ༔ རྒྱལ་བའི་དཀྱིལ་འཁོར་བསམ་ཡས་ཀུན༔ བདེ་གཤེགས་གཅིག་སྒྲུབ་ཀུན་གྱི་དང་ གྲངས་ཀྱི་བསྙེན་པ་བྱེ་བ་གསུམ ཚེ་གཅིག་བྱང་ཆུབ་འདོད་པ་རྣམས འདི་ལ་རྟག་ཏུ་ནན་ཏན་གྱིས འབྱུང་འཇུག་སྔགས་སུ་གོམས་པ་ན ཕུང་པོ་འོད་སྐུར་དྭངས་པར་འགྱུར ས་མ་ཡཱ གཉིས་པ་ཁྲོ་བོར་བསྒྲུབ་པ་ནི༔ ཡེ་ཤེས་རྒྱལ་པོ་སྟངས་དཔྱལ་གྱི ཐུགས་ཀར་པདྨ་ཉི་ཟླའི་སྟེང་ གསེར་གྱི་རྡོ་རྗེ་རྭ་དགུ་པའི དབུས་རྭར་ཏིང་འཛིན་སེམས་དཔའ་ཧཱུྃ རཱ་བརྒྱད་མདུན་

(༧༥༦)ནས་རིམ་པ་བཞིན༔ ཐོག་མཐའ་གཉིས་དང་གྲོང་ཁྱེར་དྲུག ཀུན་ཀྱང་ཐུགས་ཀའི་ཧཱུྃ་ལ་བལྟ༔ ཤིན་ཏུ་ཕྲ་ཞིང་འོད་ཟེར་འབར༔ ཨཱོཾ་གུ་རུ་ཤྲཱི་བཛྲ་ཡཀྵ་ཀྲོ་དྷི་ཙིཏྟ་ཧཱུྃ ལྷ་ལ་གསལ་སྣང་ཐོན་པ་དང་༔ འཕྲོ་འདུའི་གཟེར་ལ་ལྡེ་ཁ་བསྒྱུར རང་རང་སྔགས་ཀྱི་ཡིག་འབྲུ་ལས༔ སྔགས་ཕྲེང་ལུ་གུ་རྒྱུད་དུ་ཐོན ཡབ་ནས་ཡུམ་གྱི་ཞལ་དུ་ཞུགས སྐུ་ཡི་དབྱིབས་བརྒྱུད་མཁའ་གསང་ནས རྡོ་རྗེ་ནོར་བུའི་ལམ་ཞུགས་སྟེ །ཐུགས་སྲོག་ཧཱུྃ་ལ་ཐིམ་ཞིང་འཁོར༔ བདེ་བ་ཆེན་པོའི་འོད་ཟེར་གྱིས རྒྱལ་བ་མཆོད་ཅིང་དངོས་གྲུབ་དབྱིག ཐམས་ཅད་བསྡུས་ནས་རང་ལ་བསྟིམ སླར་འཕྲོས་འགྲོ་བའི་ལས་ཉོན་སྦྱངས༔ ཀུན་ཀྱང་དཔལ་ཆེན་གོ་འཕང་ལ དང་པོར་མོས་པས་འགོད་པ་སྟེ ཐམས་ཅད་བསྡུས་ནས་རང་ལ་བསྟིམ སླར་འཕྲོས་འགྲོ་བའི་ལས་ཉོན་སྦྱངས ཀུན་ཀྱང་དཔལ་ཆེན་གོ་འཕང་ལ༔ དང་པོར་མོས་པས་འགོད་པ་སྟེ༔ ལྷ་དང་ཞིང་ཁམས་ཆོས་ཉིད་གསུམ གཅིག་ཏུ་འདྲེས་པའི་གཟེར་ཐེབས་ཚེ རང་སྣང་དོན་གྱི་འོག་མིན་དུ འཚད་རྒྱ་འདི་ལ་ཐེ་ཚོམ་མེད ཧཱུྃ ཧཱུྃ ཧཱུྃ ལྷ་ཚོགས་འཕྲོ་འདུ་བསམ་ཡས་ཀྱང་ གཙོ་བོ་གཅིག་པུའི་ཆོ་འཕྲུལ་སྟེ༔ དཔལ་ཆེན་སྲོག་ལ་དབང་ཐོབ་ན ཚོམ་བུའི་འཁོར་

(༧༥༧)འུྃ༔ ལོ་མ་བསྒྲུབ་ཤར ཨཱོཾབཛྲ་ཙཎྜ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ ལྷ་ཚོགས་ཀུན་ཀྱང་སྤྱི་དྲིལ་སྔགས འུར་ཆེམ་འབྲུག་གི་སྒྲ་བཞིན་སྒྲོག ལྔ་ལྡན་འོད་ཀྱིས་སྟོང་གསུམ་གང་ ནད་གདོན་ཞི་ཞིང་ཚེ་དཔལ་རྒྱས ཁམས་གསུམ་དབང་བསྡུས་དམིགས་བྱ་བསྒྲལ༔ རིག་འཛིན་བཞི་ཡི་གནས་ཐོབ་བསམ གཙོ་ལ་འབྲུ་འབུམ་ལས་རུང་སྟེ༔ གཞན་དུ་དེ་ཡི་བཞི་འགྱུར་ལ༔ སྤྱི་དྲིལ་བཅུ་ཆ་དག་ཏུའོ འདི་ནི་བླ་མ་ཡི་དམ་གྱི༔ རྣམ་པར་བསྒྲུབ་པས་བྱིན་རླབས་མྱུར གལ་པོ་ལ་སོགས་ཧེ་རུ་ཀའི༔ ཏནྟྲ་ཀུན་གྱི་བཅུད་ཀྱང་འདྲིལ ལས་ལ་མི་ལྟོས་དཔལ་ཆེན་པོའི༔ སྲོག་ནས་འཕྲོག་པས་རྣོ་ལ་མྱུར དབང་གི་ཆུ་བོ་མ་ཉམས་སྟེང་༔ བརྒྱུད་བ་བདུན་ལྡན་བསྒྲུབ་ཐག་ཉེ གསད་ཆེན་རྒྱུད་སྡེ་རྒྱ་མཚོ་ཀུན བསྒྲུབ་སྡེ་ཆེན་པོ་བརྒྱད་ལ་འདུ༔ རིག་འཛིན་བརྒྱད་དང་མཁས་པ་བཞི ཀོང་འོག་རྒྱ་མཚོ་ལྟ་བུའི་འཇིང་༔ བརྒལ་བར་མི་ནུས་བློ་དམན་ལ བཅུད་འདྲིལ་འདི་ལས་གཞན་མ་གསུངས གུ་ཧྱ༔ གསུམ་པ་ལས་ལ་སྦྱོར་བ་ནི སྐད་ཅིག་གནམ་ལྕགས་རྡོ་རྗེ་ནི རྩེ་དགུ་སྟོང་གསུམ་

(༧༥༨)གང་བའི་ཁྱོན སྦུབས་སྟོང་འབར་བའི་ལྟོ་བ་རུ༔ དཔལ་དགུ་བརྡམས་པའི་དྲག་སྔགས་སྒྲོག ཡར་རྩེ་བརྒྱད་ཀྱི་སྲོག་ཤིང་ལ ཐུབ་དབང་བདུད་འདུལ་ཆ་བྱད་ཅན༔ རྣམ་པ་བཞི་ཡིས་འཁོར་གྱིས་བསྐོར རྭ་ལ་རིག་འཛིན་གྲུབ་ཐོབ་བརྒྱད སྙན་ཞུ་ཕོད་ཆེན་སྡིགས་མཛུབ་ཅན༔ དྲང་སྲོང་དམོད་པ་ལས་ཀྱི་ཆས ཀུན་ཀྱང་ཛ བྷྱོ ཕཊ ཀྱི་སྒྲ དགུག་བསྒྲལ་སྤར་བའི་ལས་ལ་བརྩོན མར་རྩེ་དགུ་ཡིས་འགོད་པོ་དགུའི སྙིང་ག་དབང་ཆེན་གཞི་ལ་ཕུག་འཆང་བཟུང་ཙཀྲ་རྩིབས་བརྒྱད་པའི མཆན་ལ་སྤྲུལ་པའི་ལྕགས་སྡིག་འཕྱོ སྤུ་གྲི་གཡོན་དུ་འཁོར་བ་ཡི གནོད་བྱེད་དགྲ་གདོན་ཉལ་ཉལ་གཏུབ སྡིག་པས་ཧབ་ཧབ་ཟོས་པ་ཡི ལོག་པར་འདྲེན་པའི་དགྲ་འདྲེན་པའི་དགྲ་འདྲེ་དང་ ཁྱད་པར་འགོང་པོ་སྤུན་དགུའི་སྡེ རྫས་ལ་མེ་མཆེད་ལྟ་བུར་བསམ༔ ཨོཾ་ཨཱཧཱུྃ༔བཛྲ་ཡཀྵ་ཀྲོ་དྷ་སརྦ་དུཥྚཾ་ཧ་ན་ཧ་ན་ཧཱུྃ་ཕཊ༔ མ་འོངས་སྐལ་པའི་ཐ་མ་ལ སྔགས་ལ་སྤྱོད་ཅིང་དམ་ཚིག་གྲལ དེ་དག་འགོང་པོའི་དབང་གྱུར་སྟེ བྱ་རྱ་མི་རུང་སྣ་དགུ་སྤྱོད དེ་ཀུན་བདག་ཏུ་ལྟ་

(༧༥༩)འུྃ ལས་བྱུང་ དེ་ཡིས་རྒྱུ་འབྲས་འཇོམས་པ་ལ གཉེན་པོ་འདི་ལས་གཞན་དུ་མེད༔ སྲོག་ཆགས་བསད་དང་རིཆེན༔ སྙིལ དྲེགས་པ་དམ་ལ་ཆུད་པའི་རྟགས༔ ཉམས་དང་སྦྱར་ཞིང་རིག་པས་དཔག ཏིང་འཛིན་མི་ལྡན་རང་ལ་སྡིག དེ་ཕྱིར་མཁས་པས་འཚོ་ཤེས་བྱ སྲི་ཀ་བྱད་ཕུར་ལ་སོགས་པ ཀུན་ལ་རིག་པའི་ལྡེ་ཁ་བསྒྱུར བར་ཆད་འདུལ་བར་ཐེ་ཚོམ་མེད༔ རྗེས་ལ་ཚོགས་ལས་རིམ་པ་ནི ཧཱུྃ༔ དཔལ་ཆེན་ཐུགས་ལས་རཾ་ཡཾ་ཁ འཕྲོས་པས་ཚོགས་ཀྱི་དངོས་འཛིན་སྦྱངས༔ སྣང་སྲིང་བདེ་ཆེན་ཀ་པཱ་ལར བཅུད་རྣམས་རིགས་ལྔའི་དམ་རྫས་གྱུར ཨོཾ་ཨཱ༔ཧཱུྃ་ཧ་ཧོ་ཧྲཱི སྤྱན་འདྲེན་ནི༔ ཧཱུྃ འོག་མིན་ཆོས་དབྱིངས་ཕོ་བྲང་དང་ ཡན་ལག་བདུན་ལྡན་ལོངས་སྤྱོད་རྫོགས རང་བཞིན་སྤྲུལ་སྐུའི་ཞིང་ཁམས་ནས དཔལ་ཆེན་དཀྱིལ་འཁོར་ལྷ་ཚོགས་དང་ གནས་དང་ཉེ་གནས་རྣམ་པ་གཉིས ཡུལ་ནི་རོལ་པ་ཉེ་ཡུལ་རོལ ཞིང་དང་ཉེ་བའི་ཞིང་དང་ནི༔ འདུ་དང་ཉེ་བའི་འདུ་བ་དང་ ཚནྡྷོ་ཉེ་བའི་

(༧༦༠)ཚནྡྷོ་སྟེ ཧེ་རུ་ཀ་ཡི་གནས་བཅུ་དང་ དུར་ཁྲོད་ཆེན་པོ་བསིལ་པའི་ཚལ ཨོ་ཌི་ཡ་ནར་པདྨ་བརྩེགས༔ ཟ་ཧོར་ཡུལ་ན་ཁུ་བྱུག་ཀློང་ སིང་བའི་ཡུལ་ན་སྐུ་ལ་རྫོགས ཁ་ཆེའི་ཡུལ་ན་ཧེ་ཆེན་རོལ བལ་པོའི་ཡུལ་ན་ཡ་མ་ཁ ཐོ་གར་ཡུལ་ན་གསང་ཆེན་རོལ ལི་ཡུལ་འཇིག་རྟེན་མངོན་རྫོགས་ཏེ། དུར་ཁྲོད་ཆེན་པོ་བརྒྱད་རྣམས་ན༔ བཞུགས་པའི་དཔའ་བོ་མཁའ་འགྲོ་དང་། ཤུགས་འགྲོ་རྣལ་འབྱོར་ཞིང་སྐྱོང་རྣམས ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ ཚོགས་ཁང་འདི་ནི་སྤྲུལ་པའི་ཞིང་ ཚོགས་རྫས་འདོད་ཡོན་རོལ་པའི་རྒྱན༔ ཐབས་དང་ཤེས་རབ་ལྕམ་དྲལ་ལྡན རྡོ་རྗེའི་གླུ་གར་བྱིན་རེ་ཆགས ཅང་ཏི་དྲིལ་བུ་སྙན་ཅིང་འཁྲོལ འདི་ནི་དམ་ཚིག་མཆོག་གི་གནས གཤགས་དང་བརྩོད་པ་ཀུ་ཅོ་མང་ རིག་པ་བརྟུལ་ཞུགས་ཉམས་དང་ལྡན དམ་ཚིག་འདི་ནི་དང་དུ་བཞེས མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གུ་རུ་དེ་ཝ་ཌཀྐི་ནི་དྷ་རྨ་པ་ལ་ས་མ་

(༧༦༡)འུྃ ཡ་ཛ༔ཕུད་གང་པོ་ནི ཧཱུྃ སངས་རྒྱས་དམ་ཚིག་བླ་ན་མེད ཤ་ལྔ་བདུད་རྩི་རྣམ་པ་ལྔ བཟའ་བཅའ་བཏུང་བ་ཕྱི་ཡི་ཚོགས འདོད་ཡོན་ལྷ་མོ་རྣམ་པ་ལྔ༔ དབང་པོ་ལོངས་སྤྱོད་ནང་གི་ཚོགས བདེ་སྟོང་ཡེ་ཤེས་བླ་ན་མེད དགའ་བཞི་རྣམ་རོལ་གསང་བའི་ཚོགས དཀྱིལ་འཁོར་ལྷ་ལ་མཆོད་པ་འབུལ བཞེས་ནས་དབང་དང་དངོས་གྲུབ་སྩོལ ག་ན་ཙཀྲ་པུ་ཙ་ཧོ བར་བ་བཤགས་པ་ནི ཧཱུྃ༔ གང་ཞིག་འཁྲུལ་པར་གྱུར་བ་དེ་ནས་བཟུང་༔ རྣམ་སྨིན་ལུས་ལ་བརྟེན་པ་དེ་སྲིད་དུ༔ མི་དགེ་བཅུ་དང་མཚམས་མེད་ཉེ་བ་ལྔ ལྕི་བ་བཅུ་དྲུག་ལོག་པ་བརྒྱད་ལ་སོགས ཐེག་པ་གསུམ་དང་རིག་པ་འཛིན་པ་ཡི སྡོམ་གསུམ་དམ་ཚིག་ཉམས་པ་མཐའ་དག་ཀུན༔ ག་ན་ཚོགས་ཀྱི་འཁོར་ལོ་ལ་བརྟེན་ནས འཆབ་པ་མེད་པའི་སེམས་ཀྱིས་མཐོལ་ལོ་བཤགས དག་ཚངས་ཆེན་པོའི་དངོས་གྲུབ་བདག་ལ་སྩོལ ཧེ་རུ་ཀ་ཡི་ཡིག་བརྒྱ་བཟླའོ ཐ་མ་

(༧༦༢)བསྒྲལ་མཆོད་ནི ཨེ་ལས་ཐར་མེད་སྲིད་པའི་གྲུབ་ཁུང་ནང་ མ་རིག་འཁྲུལ་པས་བཅིང་པ་བདག་ལྟའི་དགྲ ཡེ་ཤེས་དབྱིངས་ལ་སྒྲིབ་པའི་གཟུང་འཛིན་བགེགས དག་ཆེན་ཡེ་ཤེས་རིག་པའི་ལྕགས་ཀྱུས་བཟུང་ མཉམ་པར་མ་བཞག་མེད་པའི་ཞགས་པས་ཆིངས ལྷག་མཐོང་ལུ་གུ་རྒྱུད་ཀྱི་དྲ་པས་སྡོམ རྗེས་ཐོབ་འཁྲུལ་པ་མེད་པའི་དྲིལ་བུས་མྱོས༔ ཕུང་པོ་ལྔ་ཡི་ཉེ་བར་ལེན་པ་ཀུན བདག་མེད་རྟོགས་པའི་མཚོན་གྱིས་རྣམ་པར་གཏུབས སྐྱེ་མེད་ཁྲོས་པའི་ལྷ་ཚོགས་ཞལ་དུ་བཏབ མཾ་ས། རཀྟ། ཙིཏྟ། གོ་རོ་ཙ་ན། བ་སུ་ཏ། ཀེ་ནི་རྟི། ཏན་ཙཀྲ་པུ་ཙ་ཁཱ་ཧི་ཁཱ་ཧི རྒྱས་པར་སྒྲོན་སྐབས་འདིར་བསྐང་བཤགས་རྡོ་རྗེའི་ཐོལ་གླུས་ཐུགས་དམ་བསྐང་ངོ་ དེ་ནས་ལྷག་མ་ནི ཞིང་པགས་ཀྱི་སྟེང་དུ་བཞག་ལ ཧེ་རུ་ཀའི་དམ་རྒྱུས་ཁ་ཁྱུ་དབབ༔ ཨ་ཀཱ་རོས་བརླབ་ཅིང་༔ སྦྱུགས་གླུ་དང་བཅས ཀྱཻ་དང་པོ་ཕུད་ཀྱིས་མི་མཆོད་དུ དཔལ་ཆེན་དཀྱིལ་འཁོར་ཚོགས་ཀྱི་བདག བར་དུ་བཤགས་པ་མི་

(༧༦༣)འུྃ བགྱི་རུ༔ རྣལ་འབྱོར་ལྡན་ལ་དམ་ཚིག་གཉན༔ ཐ་མ་བསྒྲལ་བཏབ་མི་བགྱི་རུ རྟོགས་པས་བདག་རྒྱུད་སྔོན་བསྒྲལ་ཕྱིར ད་ལྟ་ལྷག་མས་མི་མཆོད་དུ༔ མ་ཚོགས་དབང་ཕྱུག་གིང་ལངྐ་ ཕོ་ཉ་སུམ་བརྒྱ་དྲུག་ཅུ་སོགས ཀུན་ཀྱང་དཔལ་ཆེན་སྤྲུལ་པ་ཡིན ལྷག་མ་ཁ་ཆུས་མི་བྲན་དུ༔ དམ་ཚིག་གཅིག་ཏུ་བསྲེ་བའི་ཕྱིར འབངས་ཐོག་རྗེ་ཡིས་མི་མནན་དུ ཅི་བཅོལ་ལས་ལ་བསྐུལ་བའི་ཕྱིར རྗེ་ལ་འབངས་ཀྱིས་མི་རྒོལ་དུ༔ དྲག་ཤུལ་ལས་ཐབས་མྱུར་བའི་ཕྱིར ཧཱུྃ རྣམ་དག་རང་བཞིན་ཞི་བ་ལས༔ བཅོམ་ལྡན་དཔལ་ཆེན་སྤྲུལ་པ་ནི ཐབས་ཤེས་ཟླ་གསང་རོལ་པ་ལས དཀྱིལ་འཁོར་མུ་རན་སྐྱོང་བ་སྟེ ཁྱེད་ཅག་སྔོན་གྱི་ཡལ་གམ་ཅན ལག་ན་གློ་སྙིང་ནང་ཁྲོལ་ཐོགས༔ ལེགས་ཉེས་སྟངས་འཛིན་ཚོགས་ཁང་ཉུལ མཐུ་དང་རྫུ་འཕྲུལ་དཔག་ཏུ་མེད༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀས༔ དུག་གསུམ་

(༧༦༤)རུ་ཏྲ་བསྒྲལ་བའི་ཚེ ཁས་བླང་དམ་བཅའ་དྲན་གྱིས་ལ གྲིན་མོའི་ཟ་ལམ་ཆེན་པོ་རུ༔ ཕ་མ་ཕབ་ལོང་ལ་བསྟན་པ་བསྲུངས༔ བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད ཐུགས་དམ་བསྐུལ་བ་ནི༔ ཧཱུྃ་དམིགས་མེད་ཡེ་ཤེས་ཆོས་སྐུའི་ཕོ་བྲང་ནས༔ ལོངས་སྤྱོད་རྫོགས་བཞི་དང་ཁྲོ་བོའི་ལྷ ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་དགོངས༔ རིག་པའི་རང་བཞིན་བདེ་གཤེགས་སྙིང་པོ་ཡང་༔ མ་རིག་འཛིན་པའི་ཀུན་གཞི་ལུང་མ་བསྟན༔ སྒོ་ལྔའི་ཡུལ་དང་རྟན་ཅིང་འབྲེལ་བ་ལས རིགས་དྲུག་རྒྱུད་ལྔའི་གནས་སུ་འཁྱམས་པ་རྣམས༔ ལས་དང་ཉོན་མོངས་མཐུ་ཡིས་གཟིར་བའི་མཐུ༔ ཕྱི་རོལ་ཡུལ་ལ་སྒྲིན་པའི་སྡུག་བསྔལ་དང་༔ ནད་མཚོན་མུ་གེ་དགྲ་བགེགས་འབྱུང་པོའི་གདོན༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ཀུན མངོན་སྤྱོད་དྲག་པོའི་རོལ་པས་ཚར་བཅད་ནས༔ ལོག་རྟོག་དངོས་པོར་ཞེན་པའི་སེམས་ཅན་རྣམས༔ རྒྱུ་འབྲས་ཐེག་པ་གཞན་གྱི་གདུལ་དཀའ་བས

(༧༦༥)འུྃ རང་བྱུང་ཡེ་ཤེས་རྟོགས་པའི་ཕྲིན་ལས་མཛོད ཆད་ཐོ་བསྒྲག་པ་ནི༔ ཧཱུྃ དུས་གསུམ་རྣམ་དག་ཀུན་ཏུ་བཟང་པོའི་དུས མངོན་རྫོགས་ཡེ་ཤེས་དམ་པའི་འོག་མིན་དུ༔ ཀུན་གཞི་ཡིད་ཆོས་དག་པའི་སྟོན་པ་ཡིས༔ རང་སྣང་རང་བཞིན་མེད་པའི་འཁོར་ཚོགས་ལ༔ རྒྱལ་བ་དགོངས་རྒྱུད་རྫོགས་པའི་ཡོ་ག་གསུམ༔ བརྡའ་ཆག་བརྗོད་པ་བྲལ་བར་བསྟན་པའི་ཚེ༔ གྲགས་ཆེན་གསལ་བའི་སྟོན་པ་བཅུ་གཉིས་དང་ དགའ་རབ་དཔའ་བོ་གསང་འཛིན་རྡོ་རྗེ་ཆོས བརྡའ་རྒྱུད་རིག་འཛིན་གྲུབ་པ་མཆོག་རྣམས་ཀྱིས སྟོན་འཁོར་དགོངས་པ་གཅིག་པའི་དབང་ཐོབ་བཞིན ཚོགས་བརྒྱད་རང་གྲོལ་གཏོར་མ་འདི་བཞེས་ལ༔ འཁྲུལ་པ་གཞི་ལ་དག་པའི་འཕྲིན་ལས་མཛོད༔ དེ་རྗེས་གསང་སྔགས་བསྟན་པ་བྱུང་བའི་ཚེ འོག་མིན་དགའ་ལྡན་རི་རབ་ལྷུན་པོའི་རྩེ༔ ལྷ་གནས་གསུམ་དུ་གྲགས་པའི་གནས་མཆོག་དང་ ཤམྦྷ་ལ་དང་ཨོ་རྒྱན་ཟ་ཧོར་ཡུལ སིངྒ་ལ་དང་

(༧༦༦)གནམ་ལྕགས་འབར་བའི་རྩེ༔ མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་བ་རུ༔ རིག་འཛིན་སྡེ་སྣོད་མཐའ་དག་བབས་པའི་ཚེ འཇིག་རྟེན་འཇིག་རྟེན་འདས་པའི་མཁའ་འགྲོ་དང་༔ དཀྱིལ་འཁོར་མུ་རན་སྐྱོང་བ་ཐམས་ཅད་ཀྱིས༔ གཏོར་མ་ལེན་ཅིང་ལེགས་ཉེས་སྟངས་འཛིན་པའི ཁས་བླངས་དམ་བཅའ་བཞིན་དུ་ཕྲིན་ལས་མཛོད དེ་རྗེས་འགྲོ་དོན་དུས་ལ་བབ་པའི་ཚེ ཀླུ་སྒྲུབ་སྙིང་པོ་པདྨ་ཐོད་ཕྲེང་སོགས༔ གྲུབ་པའི་རིག་འཛིན་ཆེན་པོ་བརྒྱད་རྣམས་ཀྱིས༔ འཛམ་བུའི་གླིང་དུ་དར་ཞིང་རྒྱས་མཛད་ཅིང་༔ ཁྱད་པར་བྲག་དམར་དཔལ་གྱི་མཆིམས་ཕུ་རུ རིག་འཛིན་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ལྷ་སྲས་རྒྱལ་པོ་ཚངས་པའི་མེ་ཏོག་ལ༔ བསྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་ཞལ་ཕྱེ་ཞིང་༔ སེང་གེ་རྣམ་རོལ་ལས་བུ་རི་ཡི་རྩེར གནོད་སྦྱིན་ཐམས་ཅད་དམ་ལ་བཞག་པའི་ཚེ སྲོག་སྙིང་ཕུལ་ཏེ་ཆད་ཐོ་བཟུང་བ་ལྟར མཆོད་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད དེ་རྗེས་ཚོགས་བདུན་རོལ་པ་བལ་པོའི་

(༧༦༧)འུྃ ཡུལ རང་སྣང་མཆོད་རྟེན་བྱ་རུང་ཁ་ཤོར་དུ རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པ་ལ དབྱིངས་ཀྱི་མཁའ་འགྲོས་ནམ་མཁའ་མཛོད་ཀྱི་བརྡའི ཡེ་ཤེས་ལྔ་ལྡན་སྤྲུལ་པའི་ཤོག་སེར་ལས༔ བྲག་དམར་བྲེ་གུ་བརྩེགས་པའི་དགེའུ་རུ ཀུན་ཏུ་བཟང་པོ་དྲི་མེད་འོད་ཟེར་གྱིས༔ བཀའ་རྒྱ་ལུང་རྫོགས་གཏད་རྒྱ་དཀྲོལ་བའི་ཚེ སྤྱན་གཅིག་ཁྲག་ཏུ་ཁོལ་བའི་མ་མོ་དང་༔ བྱ་རོག་གཙུག་ཕུད་འཛིན་པའི་དྲང་སྲོང་གི༔ ཁས་བླངས་ཐ་ཚིག་བཞིན་དུ་ཕྲིན་ལས་མཛོད བཤལ་ཆུ་གཏོར་མར་བྲན་ལ་བསྟན་མ་སྐྱོང་བ་ནི བྷྱོ ཚོགས་བདག་བཀའ་ཡི་བདག་ཉིད་ནི ཁྲག་འཐུང་རྡོ་རྗེ་ནམ་མཁའི་ཡུམ གངས་རི་ཅན་གྱི་ཡུལ་ལྷ་ནི བདུད་དང་གནོད་སྦྱིན་སྨན་མོ་བཞི ཚུར་སྦྱོན་ཚུར་སྦྱོན་གཏོར་མ་ལོང་ རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་ དུས་སྦྱོར་བཅུ་གཉིས་གནས་དག་པས བལ་བོད་མཚམས་ན་ཚེ་

(༧༦༨)རིང་མ ལ་སྟོད་རྡོ་རྗེ་གཡའ་མ་སྐྱོང་ གནོད་སྦྱིན་གངས་ལ་ཀུན་བཟང་མོ འབྲོག་ཆེན་འཁོར་འདུལ་བགེགས་ཀྱི་གཙོ ཇོ་མོ་གངས་རར་སྤྱན་གཅིག་མ༔ བྱང་ན་མཁའ་ལྡིང་ཀླུ་མོ་རྒྱལ ཁ་རག་རྡོ་རྗེ་ཁྱུང་བཙུན་མ༔ རྨ་ཆེན་སྤོམ་རར་དྲག་མོ་རྒྱལ ཀོང་བཙུན་དེ་མོ་བོད་ཁམས་སྐྱོང་༔ འབྲོག་བཙན་རྡོ་རྗེ་སྨན་གཅིག་མ༔ ཇོ་མོ་ནགས་རྒྱལ་གཡར་མོ་བསིལ དབུས་ན་རྡོ་རྗེ་ཟུ་ལེ་སྨན༔ ཀུན་ཀྱང་པདྨའི་བཀའ་ཉན་ཏེ། ད་མ་ལ་གནས་ཤིང་རིགས་ལ་འོག ཐ་ཚིག་བཞིན་དུ་གཏོར་མ་ལོང་ མཐའ་ཡི་དམག་དང་རྒྱ་འདྲེའི་འཚུབ༔ མུ་སྟེགས་འགྱུ་བའི་སྒོ་འཕྲང་དང་ འགོང་པོ་སྤུ་ན་དགུའི་ནད་དལ་བསྲུང་༔ རྟག་ཆད་ཐར་པར་འཁྲུལ་པ་ཡི འཇིག་ཚོགས་ལྟ་བ་དབུ་མར་བཟློག བདེན་དོན་རྣམ་པ་བཅུ་གཉིས་ཀྱི བསྟན་པ་དར་བའི་ཕྲིན་ལས་མཛོད ཨོཾ་ལ་ལ ལེ་ལེ ཏཾ་ཏཾ་ཏེ་ཏེ་ཁ་རགྨམ་མ་སྲིང་འགྲོ་མ་ཧཱུྃ་བྷྱོ་ཧཱུྃ་ཧཱུྃ གཏོར་གཞོང་རི་རབ་ཏུ་བསམ་

(༧༦༩)འུྃ ལ་ཁ་སྦུབ་ལ དམ་སྲི་བྱ་བའི་སྡིག་ཅན་ཁྱོད འགྲོ་བ་ཡོད་ཀྱི་རྒྱུད་ལ་རྒོལ བྱང་ཆུབ་སེམས་ཀྱི་བརྟུལ་ཞུགས་བྲོས མནན་ནོ་སྟོང་ཆེན་འོག་ཏུ་མནན གཏད་ངོ་ཆུ་སྲིན་གྲེ་བར་གཏད སྐྱུར་རོ་གཤིན་རྗེའི་ཁ་རུ་བསྐྱུར བསྲེག་གོ་ཡེ་ཤེས་མེ་ཡིས་བསྲེག བདག་ཏུ་བལྟ་བ་མ་ཞིག་བར༔ བསྐལ་བ་ཞིག་ཀྱང་མི་བཏང་ངོ་ ཨོཾ་ཨཱཧཱུྃ སྟམྦྷ་ཡ་ལཾ་ནན དེ་ནས་དངོས་གྲུབ་བླང་བ་ནི སྔར་གཞིན་མཆོད་ཅིང་བསྟོང་ལ ཧཱུྃ བྱིན་བརླབས་ཀུན་གྱི་རྩ་བ་བླ་མ་ནི དངོས་གྲུབ་སྩོལ་ཕྱིར་དཔལ་ཆེན་རོལ་པའི་ལྷ རྣམ་ཐར་སྒོ་གསུམ་ཐུགས་ཀྱི་དཀྱིལ་འཁོར་ནས རང་བཞིན་ཡོངས་གྲུབ་བྱང་ཆུབ་སེམས་ཀྱི་དངོས༔ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ༔ ས་བཅུ་ལམ་ལྔ་དབང་བཅུ་ཕྱི་ནང་གཉིས༔ རིགས་འཛིན་བཞི་དང་སྐུ་ལྔ་ཡེ་ཤེས་ལྔ༔ གྲུབ་ཆེན་བརྒྱད་དང་འཕྲིན་ལས་རྣམ་པ་བཞི འཁོར་བའི་

(༧༧༠)རང་བཞིན་གློ་བུར་སྒྲིབ་པ་གཉིས༔ ཀུན་གཞིའི་ཁམས་ལ་བག་ལ་ཉལ་གྱི་ཚུལ ཤིན་ཏུ་རྣམ་དག་རྣམ་ཀུན་མཆོག་ལྡན་གྱི༔ དངོས་གྲུབ་དམ་པ་དེང་འདིར་སྩལ་དུ་གསོལ༔ རྩ་སྔགས་མཐར༔ སམྦྷོ་ཀཱ་ཡཱ ནི་རྨ་ཀཱ་ཡ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ ཞེས་བསྒྲུབ་རྫས་གནས་གསུམ་དུ་གཏུག་ཅིང་མྱོང་ངོ་༔ སླར་ཡང་གཏང་རག་གི་མཆོད་བསྟོད་ཐུལ་ལ བཤགས་པ་བྱ་བ་ནི ཧོ སྔགས་ཀྱི་དངོས་གྲུབ་མ་ལུས་པ དམ་ཚིག་ཉིད་ལ་བརྟེན་གྱུར་ཀྱང་ རྨོངས་དང་མ་རིག་ཉོན་མོངས་པས ཟིལ་གྱི་ནོན་པ་བདག་ཅག་ནི ཉེས་པ་དུ་མའི་སྣོད་ལགས་ཏེ མགོན་པོ་ཐུགས་རྗེ་ཆེ་རྣམས་ཀྱི ཐུགས་ལ་ཁྲོ་བ་མི་མངའ་ཡང་ ལེགས་ཉེས་སྟང་འཛིན་བདག་པོ་རྣམས སྐྱོན་མཐོང་ཙམ་ན་ཆད་པ་གཅོད འགལ་ཞིང་ནོངས་པ་ཅི་མཆིས་པ མཐོལ་ལོ་བཤགས་སོ་ཚངས་པར་སྩོལ ཡི་གེ་བརྒྱ་པ་ལན་གསུམ་གྱི་སྙིང་ནས་བཤགས་པར་བྱའོ༔ ཉེར་བསྡུ་ནི ཧཱུྃ སྣོད་བཅུད་

(༧༧༡)འུྃ ལྷ་དང་གཞལ་ཡས་སུ ཤར་བ་དོག་པའི་སྣོད་བཅུད་ཀྱང་༔ རྟན་ཉིད་བརྟན་པ་ལྷ་རྣམས་ཀྱང་ གཙོ་བོ་ལ་ཐིམ་དེ་ཡང་ཧཱུྃ ཞབས་ཀྱུ་ནས་བཟུང་ནཱ་དའི་བར རིམ་ཡལ་གདད་མའི་གཤིས་སུ་ཨ ཅེས་མཉམ་པར་བཞག སྤྱོད་ལམ་གྱི་རྣལ་འབྱོར་དུ་ལྡང་བ་ནི སླར་ཡང་རི། པ་བྱང་ཆུབ་སེམས རྗེས་ཐོབ་གཉུག་མའི་ཧེ་རུ་ཀ ཕྱག་རྒྱ་གཅིག་པའི་གནས་གསུམ་དུ༔ ཡི་གེས་མཚན་པས་རྣམ་རྟོག་བསྲུང་ བཛྲ་རཀྵ་ཧཱཾ ཅེས་རྡོ་རྗེའི་གོ་བགོ་ཞིང་ ཡི་གེ་བརྒྱ་པས་བརྟན་པར་བྱའོ། དེ་ནས་བསྔོ་སྨོན་ནི༔ ཧཱུྃ སྣང་གྲགས་རིག་པ་དཀྱིལ་འཁོར་གསུམ་གྱི་ངང་ བསོད་ནམས་ཡེ་ཤེས་རིམ་གཉིས་རྣལ་འབྱོར་ཚོགས མི་གནས་ཡེ་ཤེས་མྱ་ངན་འདས་པར་བསྔོ༔ ཀུན་ཀྱང་དཔལ་ཆེན་གོ་འཕང་ཐོབ་པར་ཤོག ལན་གསུམ བཀྲ་ཤིས་ནི༔ ཧཱུྃ༔

(༧༧༢)གདོད་མའི་མགོན་པོ་རིགས་ལྔ་གངས་ཆེན་མཚོ སྐུ་ལྔ་ལྷུན་རྫོགས་སྤྲུལ་སྐུའི་ཞིང་ཁམས་ལ༔ བསྐལ་བཟང་སངས་རྒྱས་སྟོང་རྩ་བྱོན་པ་ཡི སྒྲོན་མའི་བསྐལ་པ་བཟང་པོའི་བཀྲ་ཤིས་ཤོག སྟོང་གསུམ་མི་མཇེད་རྡོ་རྗེ་ཐེག་པའི་ཞིང་༔ འཕུར་འགྲོའི་བསྟན་པ་འབྱུང་གནས་ཨོ་རྒྱན་ཡུལ གངས་རིའི་ཁྲོད་དུ་འཁོད་པ་ཁྲི་སྲོང་རྗེའི ཐུགས་བསྐྱེད་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག འཛམ་གླིང་ས་ཡི་ལྟེ་བ་རྡོ་རྗེའི་གདན པཎ་གྲུབ་ཆོས་རྒྱལ་འཛོམ་པ་ཆོས་འཁོར་གསུམ མདོ་སྔགས་བསྟན་པ་དར་བ་གངས་ཅན་ལྗོངས རྒྱལ་བསྟན་ཡུམ་དུ་གནས་པའི་བཀྲ་ཤིས་ཤོག ས་མ་ཡཱ རྒྱ་རྒྱ་རྒྱ གཏེར་འདི་གཞི་ལམ་འབྲས་བུའི་རྒྱུད་རྒྱལ་བ་དགོངས་དང་རིག་འཛིན་གྱི༔ བརྡའ་ལས་དབང་དང་བྱིན་བརླབས་འབྱུང་ མཁའ་འགྲོ་གསང་བའི་ཡི་གེ་ལས ཚིག་དང་དོན་དུ་མི་འགལ་ཞིང་

(༧༧༣)འུྃ དངོས་གྲུབ་སྒྲུབ་ལ་མི་བསྒྲུབ པདྨ་ང་ཡི་ཁྱད་ཆོས་ཏེ༔ རང་བྱུང་རྡོ་རྗེའི་དཔལ་དུ་ཤོག གུ་ཧྱ དྷ་ཐིམ དགེའོ

(༧༧༤)

(༧༧༥)།ཐུགས་སྒྲུབ་དཔལ་ཆེན་འདུས་པའི་བསྙེན་ཡིག་བཞུགས། །

(༧༧༦)བླ་མ་དང་དཔལ་ཆེན་པོ་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། ཐུགས་སྒྲུབ་དཔལ་ཆེན་འདུས་པའི་བསྙེན་པ་བྱེད་པར་འདོད་པ་དག་དབང་ཐོབ་ཅིང་དམ་ཚིག་ལ་གནས་པ་གཞིར་བཞག་ནས་གནས་དབེན་ཅིང་བཀྲ་ཤིས་པའི་གནས་སུ། དཀྱིལ་འཁོར་རྩིབས་བཅུ་པ་སྒོ་རྫོགས་ཅན་རྡུལ་ཚོན་རས་བྲིས་གང་རུང་ལ་བརྟེན་པ་འམ། མ་ནུས་ན། འཁོར་ལོ་རྩིབས་བཅུ་པ་མུ་ཁྱུད་མེ་རི་དང་བཅས་པ། དེ་ཡང་མ་གྲུབ་ན་ཚོམ་བུ་ལ་བརྟེན་དུ་རུང་ཞིང་ཐོད་པ་དཔལ་ཅན་གྱི་ནང་གཙོ་བོའི་བྲིས་སྐུ་རབ་གནས་དང་ལྡན་པའི་རྒྱབ་ཏུ། ཙན་དན་ནམ་སེང་ལྡེང་གི་ཕུར་པ་སོར་མོ་བཅུ་གཉིས་པའི་མགུལ་དུ་དར་ནག་ལ་མཚལ་ལཾ་གསེར་གྱིས་སྔགས་བྱང་བྲིས་པ་བཙུགས་པ་དཀྱིལ་འཁོར་གྱི་དབུས་སུ་བཞག །དར་ནག་གི་ལྡིང་གུར་ཕུབ། མཐའ་སྐོར་དུ་

(༧༧༧)ཕྱི་ནང་གི་མཆོད་པ་བཀོད་ལེགས་སུ་བཤམས། བསྙེན་སྒྲུབ་ལས་རུང་ལ་དཔལ་གཏོར་ཙམ་ལའང་བརྟེན་དུ་རུང་ངོ་། །དེ་ནས་སྟན་བདེ་བ་ལ་འདུག་སྟེ་ཆེ་གའི་སྦྱོར་བ་ལ་ཚིག་དོན་གྱི་འབྲེལ་བཀོད་པའི་དམིགས་པ་དང་། མཚམས་ཐོ་གཟུགས་པ་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལ་བརྟེན་ཅིང་། ཁྱད་པར་བསྐྱེད་རིམ་དངོས་གཞིའི་སྐབས་དོན་ལ་རྣམ་བཤད་འོག་མིན་བགྲོད་པའི་ཐེམ་སྐས་ལ་བློ་རྩལ་འདོན། འདིར་བསྙེན་སྒྲུབ་རང་རྐྱང་གི་དམིགས་གནད་དམར་ཁྲིད་ནི། ཞི་བར་བསྙེན་པ། ཁྲོ་བོར་སྒྲུབ་པ། ལས་ལ་སྦྱར་བ། ཞེས་ས་བཅད་གསུམ་གྱིས་ཁོངས་འཛིན་ཚུལ་ཟླ་བ་གཅིག་ལ་མཚོན་ན། ཞག་བཅུ་བསྙེན་པ། ཞག་བཅུ་སྒྲུབ་པ། ཞག་བདུན་སྒྲུབ་ཆེན། ཞག་གསུམ་ལས་སྦྱོར་ལྟ་བུའི་དཔེས་ཤེས་པར་བྱ་ཞིང་། དེ་ཡང་བསྙེན་

(༧༧༨)སྒྲུབ་སྤྱི་བཏང་ལ། བསྙན་པར་ཞག་བདུན། སྒྲུབ་པར་ཞག་ཉི་ཤུ། ལས་སྦྱོར་ལ་ཞག་གསུམ་དུ་དཔེས་མཚོན་པའི། དང་པོ་བསྙེན་པ་ནི། རང་ཉིད་ཆེ་མཆོག་ཡབ་ཡུམ་དུ་གསལ་བའི་སྐུ་ལུས་འཇའ་ཚོན་སྒྲིབ་གཡོགས་དང་བྲལ་བ་ལྟ་བུའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཀུན་བཟང་ཡབ་ཡུམ་གསལ་བའི་ཐུགས་ཀའི་ཐད་དབུས་དྲང་པོར་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ས་བོན་ཡི་གེ་གསུམ་གྱི་རྣམ་པར་གནས་པ་ལ་རིག་པ་གཡོ་མེད་དུ་གཏད་ཅིང་། འབྲུ་གསུམ་ཡིད་བཟླས་སམ། མ་བདེན་ཤུབ་བུའི་བཟླས་པ་རྒྱུན་མི་ཆད་པས་རླུང་འབྱུང་འཇུག་གནས་གསུམ་གདོད་ནས་དག་པའི་སྔགས་སུ་གོམས་པར་བྱ་བ་དང་། ལྷན་ཅིག་དེ་ལས་འོད་ཟེར་འཕྲོས་པས་ཐ་མལ་གྱི་སྣང་ཞེན་སྤྲིན་དང་ཁུ་རླངས་དེངས་པ་བཞིན་དུ་རང་སར་དག་ནས། དབྱིངས་རིག་གཉིས་སུ་མེད་པའི་ལྟ་བའི་ངང་མདངས་བསྐྱེད་བ་ཡིན་ནོ། །རྟོགས་པ་མཆོག་ལ་གོམས་པར་བསླབ་པ་དང་བྱིན་རླབས་འཇུག་པར་འདོད་པ་རྣམས་འདི་ཁོ་ན་ལ་ཉམས་ལེན་

(༧༧༩)བྱའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི་སྤྱི་མེས་ཆེན་པོ་ཡིན་པས། ཞི་ཁྲོའི་རྣམ་པ་རིགས་བརྒྱ། རིགས་ལྔ། རིགས་གཅིག་གང་ཡང་སྒོམ་ཞིང་བསྙེན་པར་འགྱུར་ཏེ། གཅིག་བསྒྲུབས་པས་ཐམས་ཅད་འགྲུབ་པ་ཡིན་ནོ། །གཉིས་པ་སྒྲུབ་པ་ནི། ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀར་པད་ཉིའི་གདན་ལ་གསེར་གྱི་རྡོ་རྗེ་རྭ་དགུ་པ་གྱེན་ལངས་སུ་གསལ་བའི་དབུས་ར་སྦོམ་མཚམས་ཀྱི་ཁོངས་སེང་ནང་དུ་ཏིང་འཛིན་སེམས་དཔའ་ཡི་གེ་ཧཱུྃ་མཐིང་ག་འོད་ཟེར་ཁ་དོག་ལྔ་ལྡན་དུ་འཕྲོ་བ། ཧཱུྃ་གི་ཐད་ཀའི་རྭ་ནས་རིམ་པ་བཞིན་རྭ་བརྒྱད་སོ་སོའི་ཁོངས་སེང་དུ། ཨོཾ། གུ་རུ། ཤྲཱི། བཛྲ། ཡཀྴ། ཀྲོ་ཏ། ཙིཏྟ། ཧཱུྃ ཞེས་པའི་ཡི་གེ་རྣམས་ཁ་དོག་མཐིང་གསལ་སྤུས་བ་རིས་པ་ལྟ་བུ་ཐམས་ཅད་ཀྱང་ཁ་དབུས་རྭའི་ཧཱུྃ་ཡིག་ལ་བསྟན་པ་ཉི་མ་འཆར་ཀའི་ཟེར་ལྟར་བཀྲག་མདངས་མི་བཟོད་པ་ཙམ་དུ་བསམ་ལ་རེ་ཞིག་ལྷ་ལ་གསལ་སྣང་མ་ཐོན་བར་དུ་འོད་ཟེར་སྤྲོ་བསྡུ་སོགས་

(༧༨༠)བྱེད་མི་དགོས་ཏེ་ཐོད་སྐུ་ཡོད་ན་དེ་ལ་ཅེ་རེ་བལྟ་བ་དང་། ཡིད་ཡུལ་དུ་གོམས་འཇུག་པ་ལ་རེ་མོས་སུ་བསླབ། གསལ་སྣང་ཐོན་པ་དང་དོ་ལིའི་བཟླས་པ་ཞེས་བྱ་སྟེ། ཨོཾ་ཡིག་ནས་བཟུང་ཡིག་འབྲུ་སོ་སོ་ལས་ཡི་གེ་དེ་བཛྲ་བ་རེ་མར་མེ་གཅིག་བས་གཉིས་མཆེད་ཀྱི་ཚུལ་དུ་ཐོལ་ཐོལ་བྱུང་སྟེ། སྔགས་ཕྲེང་དུ་གྱུར་པ་ལུ་གུ་རྒྱུད་དུ་འབྲེལ་ཡེ་ཤེས་སེམས་དཔའི་གཙུག་ཏོར་ནོར་བུའི་རྩེ་མོ་ནས་ཐོན་ཡབ་གྱི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས། སྐུའི་དབྱིངས་བརྒྱུད་ཡུམ་གྱི་མཁའ་གསང་ནས་ཡབ་ཀྱི་རྡོ་རྗེ་ནོར་བུའི་ལམ་བརྒྱུད་དེ་ཡེ་ཤེས་སེམས་དཔའི་སྦྱོར་མཚམ་ནས་ཞུགས་དབུས་རྭའི་ཏིང་འཛིན་སེམས་དཔའི་ཧཱུྃ་ལ་བསྐོར་བ་བྱས་ནས་སྔ་མ་རྣམས་ཧཱུྃ་ལ་ཐིམ་པར་བསྒོམས་པས་ཐུགས་སྲོག་ཀྱང་གཟི་བྱིན་ལྷག་པར་འབར། དེ་ལས་འོད་ཟེར་འཕྲོས་རྟེན་དང་བརྟན་པ་ཐམས་ཅད་མུན་ཁུང་དུ་སྒྲོན་མེ་བཏེག་པ་བཞིན་དུ་གསལ། རྒྱབ་མདུན་སྟེང་འོག་གོ་མཚམས་མེད་པ་ནས་འོད་ཟེར་འཕྲོས་པའི་སྣེ་ལ་མཆོད་པའི་ལྷ་མོ་མཛེས་ཤིང་ཡིད་དུ་འོད་པ་ཞིང་གི་རྡུལ་དང་མཉམ་པ་སྤྲོས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་བདེ་སྟོང་གི་མཆོད་པ་ཕུལ། དབང་དང་བྱིན་རླབས་དངོས་གྲུབ་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་

(༧༨༡)ཐམས་ཅད་བསྡུས་ནས་བདག་ཉིད་ལ་ཐིམ། ཐུན་མོང་གི་དངོས་གྲུབ་གྲུབ་པ་བརྒྱད། ལམ་དང་འབྲེལ་བ་རིགས་འཛིན་བཞི། མཆོག་གི་དངོས་གྲུབ་མི་སློབ་པའི་ཟུང་འཇུག་མངོན་དུ་ཐོབ་པར་བསྒོམ། ཡང་འོད་ཟེར་འཕྲོས་འགྲོ་བ་དྲུག་གི་ལས་དང་ཉོན་མོངས་པ་ཐམས་ཅད་འོད་ཟེར་དེས་རེག་པ་ཙམ་གྱིས་སྦྱངས། སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་དུ་འཛིན་པའི་རྟོག་འཛིན་མ་དག་པ་ཐམས་ཅད་འོག་མིན་གྱི་ཞིང་དུ་བསྒྱུར་བ་ལ་བསླབ་པས་ལྷ་དང་ཞིང་ཁམས་ཆོས་ཉིད་གསུམ་བློས་བཀོད་པ་མ་ཡིན་པར་གཉིས་མེད་རང་ཤར་མ་བསྒོམས་ལྷུན་གྱིས་གྲུབ་པའི་བསྐྱོད་རིམ་རང་རྒྱུད་ལ་གྲུབ་པའི་ཚེ་རང་སྣང་དོན་གྱི་འོག་མིན་དུ་མྱུར་བ་ཉིད་དུ་འཚང་རྒྱའོ། །དེ་ཡང་བཟླས་པས་སྐྱོན་ཟབ་མོ་ཐུགས་ཀྱི་སྒྲུབ་པ་ཡིན་པས་སྐབས་ཅི་རིགས་པ་དང་ཐུན་མཚམས་ཐམས་ཅད་ལ་ཧཱུྃ་གི་བཟླས་པ་བགྱིས་པས་ཀྱང་འཐུས་པ་ཡིན་ནོ། །དེ་ལྟར་གཙོ་སྔགས་ཇི་ཙམ་བཟླ་བའི་བཅུ་

(༧༨༢)ཆ་སྤྱི་དྲིལ་ཁྲོ་བོའི་སྤྱི་སྔགས་ལ་བཟླ་བ་ཡིན་ཏེ། དོ་ལིའི་ཁྱད་པར་བདག་ཉིད་བླ་མ་དཔལ་ཆེན་པོ་ཡེ་ཤེས་སེམས་དཔའ་དང་བཅས་པའི་ཐུགས་ཀའི་པད་ཉི་ཟླ་གདན་སྟེང་ན་གནས་པའི་རྡོ་རྗེའི་མཐའ་སྐོར་དུ་ཁྲོ་བོའི་སྤྱི་སྔགས་གཡས་སྐོར་དུ་ཀྱི་ལི་ལི་འཁོར་ཞིང་འོད་ཟེར་ཁ་དོག་ལྔ་ལྡན་དུ་འཕྲོ་བ་ལས་སྔགས་ཕྲེང་ལུ་གུ་རྒྱུད་དུ་བྱུང་གཙོ་བོའི་ཞལ་ནས་འཐོན། ཡང་དག་གི་ཐུགས་ཀར་ཞུགས་སྦྱོར་མཚམས་ནས་འཐོན། གཤིན་རྗེའི་དཔྲལ་བར་ཐིམ་སྦྱོར་མཚམས་ནས་འཐོན། རྟ་མགྲིན་གྱི་མགྲིན་པ་ནས་ཞུགས་སྦྱོར་མཚམས་ནས་འཐོན། ཕུར་པའི་གསང་གནས་ནས་ཞུགས་ཞལ་ནས་འཐོན་རིམ་བཞིན་མ་མོ། རིག་འཛིན། མཆོད་བསྟོད། དྲག་སྔགས་རྣམས་ཀྱི་ཞལ་ནས་ཞུགས་སྦྱོར་མཚམས་ནས་འཐོན། ཅིག་ཤོས་ཀྱི་ཞལ་དུ་ཞུགས་སྦྱོར་མཚམས་ནས་འཐོན་ཏེ་འཁོར་བས་སྔགས་ཕྲེང་འོད་ཟེར་གྱི་དྲ་བས་ལྷ་ཚོགས་རྣམས་གསལ་བརྟན་ཤིན་ཏུ་འབར་ཞིང་བདེ་སྟོང་གི་རོས་ཚིམ།

(༧༨༣)ཀུན་ཀྱང་སྤྱི་དྲིལ་གྱི་དྲག་སྔགས་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་ལྟ་བུ་འུར་ཆེམ་དུ་སྒྲོགས་པར་སྒོམས་པས་བསྐྱེད་རིམ་ལ་བརྟུལ་ཞུགས་བརྟན་པོ་ཐོབ་ཅིང་རིག་པའི་རྩལ་འབར་བར་འགྱུར་ལ། སྔགས་ཕྲེང་ལས་འོད་ཟེར་ཁ་དོག་ལྔ་པ་ཕྱོགས་བཅུར་འཕྲོས་པས། དཀར་པོས། ནད་དང་མུ་གེ མེ་དང་ཆུ་ཆེན། དམག་དང་མཚོན་ཆ། རྒྱལ་པོའི་ཆད་པ་དང་དུས་མ་ཡིན་པའི་འཆི་བ་སྟེ། འཇིགས་བརྒྱད་ཞི་བའི་ཕྲིན་ལས། སེར་པོས། ཚེ་དང་བསོད་ནམས། དཔལ་དང་གཟི་བརྗིད། འཁོར་དང་ལོངས་སྤྱོད་དེ། འབྱོར་བ་དྲུག །དམར་པོས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱིས་བདག་བླ་མར་མཐོང་བ། རྒྱལ་པོར། སྡེ་དཔོན་དུ། ཕ་མར་མཐོང་བ་སྟེ། མོས་པ་བཞིས་བསྡུ་བའི་དབང་གི་ཕྲིན་ལས། ལྗང་གུས་དགུག་པ་དང་བསྒྲལ་བ་ལ་སོགས་ཏེ་དྲག་ཤུལ་གྱི་ལས་ཆེན་རྣམ་པ་བཅུ་གཉིས། འོད་ཟེར་མཐིང་ཁས། ཕྲིན་ལས་བཞི་པོ་མཆོག་ཏུ་བསྒྱུར་

(༧༨༤)བ་ནི། ལས་དང་ཉོན་མོངས་པ་དང་། ཀུན་གཞིའི་སྒྲིབ་པ་ཞི་བ། ལུང་དང་རྟོགས་པའི་ཡོན་ཏན་རྒྱས་པ། ཐར་པ་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་དབང་དུ་འགྱུར་བ། རྟོགས་པས་བདག་བསྒྲལ་ནས་ཐུགས་རྗེས་གཞན་སྒྲོལ་བ་སྟེ་མཆོག་གི་ཕྲིན་ལས་དང་རྣམ་པ་ལྔའི་རང་བཞིན་དུ་གྱུར་པར་བསམ། དེ་ཡང་གཙོ་བོར་གཤིས་མ་བཅོས་པའི་གདངས་ཀྱི་སྣང་ཆ་ལྷའི་སྐུར་ལམ་མེར་བསྒོམ་པ་ནི་གསལ་སྣང་མཚན་ཉིད་པ་ཡིན་ནོ། །སྐྱོ་བའི་ཚེ་ང་རྒྱལ་བརྟན་པོ་ལ་བསླབ་པས་བར་ཆད་ཀྱིས་མི་ཚུགས་པའི་དགོས་པ་ཙམ་ཡོད་ལ། གཞན་དུ་ཡི་དམ་གྱི་སྣང་ཆ་དང་། རྒྱན་དང་ཆ་ལུགས་སོགས་ལ་བརྡ་རྟགས་ཀྱི་རྩིས་མ་ཟིན་ན། ཞི་བས་འོད་པའི་ཁམས། ཁྲོ་བོས་རུ་ཏྲ་དང་སྲིན་པོར་གོལ་པས་སྐྱ་མཆེད་ཀྱི་བརྡ་རྟགས་དོན་གསུམ་ལས་གཞུང་གི་བསྟོད་པའི་དོན་དྲན་པར་བྱ། དུར་ཁྲོད་དཔལ་ཆས་ཀྱི་བརྡ་དོན་སྔ་འགྱུར་རྒྱུད་སྡེ་ནས་གསུངས་པ་དང་། བདེ་གསང་གཉིས་ནས་རང་ལུགས་དམིགས་བསལ་བཤད་པ་སོགས་

(༧༨༥)ཀྱི་འཐད་པ་འདིར་མ་བཀོད་ལ། བདུད་བཞི་བཅོམ་པ། འཕྲང་གསུམ་བསལ་བ། གསང་བའི་དགྲ་གསུམ་བསད་པ་ལ་སོགས་པའི་རྣམ་བཞག་ལུགས་འདིར་བརྡ་རྟགས་ལ་མི་འཇོག་པར་བདག་སྲས་གཞན་སྲས་ཀྱི་གོ་དོན་སློང་བའི་ཚུལ་དཔལ་ཆེན་ཞལ་ལུང་གིས་གོ་བར་བྱ་ཞིང་། ངེས་མཚུངས་པར་བསྐྱེད་རིམ་གྱི་ལམ་ནས་གང་ཟག་གཅིག་བགྲོད་པ་གཞན་ལ་མ་ལྟོས་པར་འཚང་རྒྱ་བའི་མཚན་ཉིད་ལེགས་པར་ཤེས་དགོས་པས་གབ་བྱང་གནད་ཀྱི་མིག་ཚགས་དང་། རྣམ་བཤད་འོག་མིན་བགྲོད་པའི་ཐེམ་སྐས་སོགས་ལས་ཤེས་པར་བྱའོ། །གསུམ་པ་ལས་སྦྱོར་ནི། གནམ་ལྕགས་ཀྱི་རྡོ་རྗེ་སྟོང་གསུམ་གྱི་ཁམས་མ་ལུས་པ་ཁེངས་པའི་ལྟོ་བ་སྦུབ་སྟོང་ཁྱོན་ཡངས་པའི་ཁོངས་སུ་དཔལ་དགུའི་ལྷ་ཚོགས་གསལ་ཞིང་། ཡར་མར་གྱི་རྭ་བརྒྱད་པོ་ཤིན་ཏུ་གདེངས་པའི་དབུས་རར་ཐུབ་དབང་ས་གནོན་མཉམ་གཞག་ཤཱ་རིའི་བུ་སོགས་ཐུན་མོང་གི་འཁོར་རྣམ་པ་བཞིས་བསྐོར་

(༧༨༦)བ། རྭ་བརྒྱད་པོར་རྒྱ་གར་གྱི་རིག་འཛིན་བརྒྱད་མངོན་རྟོགས་ལྟར་ཞལ་ནས་དགུག་པ་ཇ དང་། བསྒྲལ་བ་བྷྱོ རྣམ་ཤེས་ཆོས་དབྱིངས་སུ་ཕཊ ཀྱིས་སྦར་བའི་མངོན་སྤྱོད་ཀྱི་བརྟུལ་ཞུགས་ཅིག་ཅར་བ་ལ་བརྩོན་པ། རྭ་ཤམ་མ་བརྒྱད་དབུས་རྭ་དང་བཅས་པས་འགོང་པོ་སྤུན་དགུའི་གདོན་གཟུགས་ཀྱི་སྙིང་ག་ཕུགས་པས་སྐད་ངན་ཙི་རི་རི་སྒྲོགས་པ། འཆང་བཟུང་ལ་སྤུ་གྲི་འཁོར་ལོ་གཡོན་བསྐོར་དུ་འཁོར་བས་ལོག་པར་འདྲེན་པ་གཏུབས་ཤིང་། མཆན་ལ་སྤྲུལ་པའི་ལྕགས་སྡིག་མགོ་དགུ་རྭ་བཅོ་བརྒྱད་པ་སྤྲོས་པས་ལྷག་མེད་དུ་ཟོས་པར་བསམ་ཞིང་སྤྲོ་ན་དྲང་སྲོང་དམོད་པའི་ཐལ་བརྡེབ་ཀྱང་བྱ་ལ་རྗེས་ཀྱི་ལས་ཁྲིགས་དང་ཁ་སྐོང་སྦྱིན་སྲེག་སོགས་སྤྱི་དང་མཐུན་པ་ཉིད་དུ་བྱའོ། །འདི་ནི་བླ་མ་ཡི་དམ་གྱི་རྣམ་པར་སྒྲུབ་པས་བྱིན་རླབས་ཤིན་ཏུ་མྱུར་ལ། སྙིགས་མའི་དུས་ན་རྒྱལ་འགོང་དམ་སྲི་དར་བའི་དུས་ན་གཉེན་པོ་སྟོབས་ཀྱི་ལྷ་ཚན་ཆེ་ལ་བཀྲ་ཤིས་པ་ཡིན་པས་བར་ཆད་འདུལ་བའི་ཡི་དམ་གྱི་བཅུད་ཕུར་དུ་

(༧༨༧)གཟུང་བར་བྱའོ། །ཞེས་པའང་མོན་རྫ་དཀར་བླ་མའི་གསུང་གིས་ནན་ཆེན་བསྐུལ་བ་ལས་རྫོགས་ཆེན་པ་མཁྱེན་བརྩེའི་ལྷས་མཚོ་རྫོང་ལྷུན་གྲུབ་ཡང་རྩེར་སྦྱར་བའོ། རྒྱུ་སྦྱོར་བ་གནས་ཆུང་སྒོམ་ཆེན་ངག་དབང་ནས་བར་ཏུ་བསྐྲུན་པས་འགྲོ་ཀུན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །མངྒ་ལཾ། །

(༧༨༨)

(༧༨༩)འུྃ དཔལ་ཆེན་བཀའ་འདུས་རྒྱ་མཚོ་ལས འཇམ་དཔལ་གཤིན་རྗེ་འཆི་བདག་ཟིལ་གནོན་བཞུགས་སོ

(༧༩༠)འུྃ ཡི་ནི་མ།།། དཔལ་ཆེན་འདུས་པའི་ལྷ་ལ་འདུད ཁམས་དྲུག་ལྡན་པའི་ལུས་ཀྱི་རྟེན རྡོ་རྗེ་བཞི་ཡི་གོ་འཕང་ལ སྦྱོར་བ་རྡོ་རྗེའི་ཏནྟྲ་ལས རྒྱུ་འབྲས་དག་གྲོལ་ལམ་གྱིས་མིན དེ་ལ་གཟུགས་ཕུང་སྐུ་རྡོ་རྗེར འཇམ་དཔལ་སྐུ་ཡི་སྒྲུབ་པའི་གནད ཟླ་གསང་སྡིག་པ་སྟོབས་ཆེན་གྱི རྒྱུད་དོན་མ་ནོར་འདི་ཁོ་ནའོ ས་མ་ཡ རྒྱ་རྒྱ་རྒྱ སྒྲུབ་ཆེན་དཀྱིལ་འཁོར་གཞུང་བཞིན་ལ བསྙེན་པའི་དམ་ཚིག་ཕྱག་རྒྱ་ནི སེང་ལྡེང་རྡོ་རྗེ་བེ་ཅོན་ལ སྐུ་གསུང་ཐུགས་ཡོན་འཕྲིན་ལས་སྔགས རིན་ཆེན་གང་རུང་ཁུ་བས་བྲིས སྐུ་ཡི་སྙིང་པོ་བཅུ་བདུན་ནི ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ གསུང་གི་སྙིང་པོ་འབྲུ་དགུ་པ ཨོཾ་ཀཱ་ལ་རཱུ་པ་ཡ་ཨཱ་ཧཱུྃ་ཕཊ ཐུགས་ཀྱི་སྙིང་པོ་བཅོ་ལྔ་ནི ཨོཾ་ཧྲཱིཥྚི་ཝི་ཊི་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ ཉེ་བསྙེན་ཡོན་ཏན་འབྲུ་ཉི་ཤུ ཨོཾ་ས་མ་ཡ་མཉྫུ་ཤྲཱི་ཡ་མཱནྟ་

(༧༩༡)འུྃ ཀ་བ་ན་ཙ༔ ཏེ་རོ་ནི་ཧཱུྃ་ཛ འཕྲིན་ལས་སྙིང་པོ་བཅུ་བདུན་ནི ཡ་མ་མེ་དཀྵེ་ར་ཛ ས་ཏོ་རུ་ན་ཡོ་ནི་ར་ལ་ཙ་ནི ཞེས་བྲིས་དར་ནག་ཁུད་དུ་གྲིལ སྲིད་གསུམ་ལྟོ་རུ་འཆིང་བ་ཡི རུས་སྦལ་འཁོར་ལོའི་ནང་དུ་བཅུག དེ་ལ་འཁོར་ལོ་འདི་ཡིན་ཏེ༔ བེ་ཅོན་ཕྱག་རྒྱའི་ལེའུ་ལས དཀྱིལ་འཁོར་པདྨ་འདབ་བརྒྱད་ལ གྲུ་ཆད་མུ་ཁྱུད་གསུམ་བརྩེགས་བྱ དེ་ཡི་དབུས་ཀྱི་ལྟེ་བ་ལ༔ བར་དུ་འདུལ་སྙིང་པོ་འདི་དགོད་དོ ཨོཾ་ཐག་བྷ་ན་མཱ་ར་ན་ཎ ཤར་གྱི་པདྨ་ལ་སྲིན་པོ་དབང་དུ་བསྡུ་བའི་སྙིང་པོ ཨོཾ་རཀྴ་ཁ་ག་ན་ཎ ལྷོ་རུ་མུ་སྟེགས་དབང་དུ་བསྡུ་བའི་སྙིང་པོ ཨོཾ་ཏི་ར་ཏི་ཀ་ན་ཎ ནུབ་ཏུ་བགེགས་དབང་དུ་བསྡུ་བའི་སྙིང་པོ ཨོཾ་བིག་ནན་མཱ་ར་ཡ་ན་ཎ བྱད་དུ་ལོག་འདྲེན་དབང་དུ་བསྡུ་བའི་སྙིང་པོ ཨོཾ་ཀྲང་ཀ་རིན་ཎ མཚམས་ཀྱི་པདྨ་བཞི་པོ་ལ ཧཱུྃ་དྷ ཧཱུྃ་པཱཧཱུྃ་མ ཧཱུྃ་ས༔

(༧༩༢)རྣམས་བྲིའོ གྲུ་ཆད་བ་ཞི་ལ་ཐོད་པ་ལྕང་ལོ་ཅན་བཞི་བྲིའོ མུ་ཁྱུད་ཟླུམ་པོ་ལ་ཐོང་བའི་ཕྲེང་བ་བཏང་ དེའི་ཕྱི་རིམ་ལ་སྦྲུལ་བྲི དེ་ལྟར་དཀྱིལ་འཁོར་བཅས་ནས་ནི དོག་པ་དམར་པོས་བཅིངས་ནས་ནི དཀྱིལ་འཁོར་དབུས་སུ་དགོད་པར་བྱ དྲེགས་པ་ཟིལ་གནོན་མན་ངག་ཡིན སྤྲོས་པ་མེད་ཅིང་དམིགས་པ་གསལ ཤེས་པ་གསུམ་ལྡན་དོན་རིག་ན གཏོར་མ་གཅིག་པོས་ལས་ཀུན་འགྲུབ༔ འོག་མ་རྣམས་ལའང་དེ་ཡིས་འགྲེ༔ སྔོན་འགྲོ་དཔལ་ཆེན་འདུས་པ་ལྟར༔ སྨན་གཏོར་རློབས་པ་ཡན་སོང་རྗེས༔ ཡོ་ག་གོང་མའི་བསྐྱེད་རིམ་ནི ཨ རང་བཞིན་མི་གནས་མཉམ་པའི་ངང་ ལྷུན་གྲུབ་ཡེ་ཤེས་གཞལ་མེད་ཁང་ རིན་ཆེན་དུར་ཁྲོད་བརྟན་པར་གནས ཕྱི་ནང་གཉིས་མེད་བརྡལ་ཁྱབ་གསལ༔ གྲུ་གསུམ་མཐིང་ནག་འབར་བའི་དབྱིངས ཟླ་གམ་དམར་པོ་དབང་གི་ཚུལ༔ ལྷག་པའི་ཡེ་ཤེས་ཐོད་མཁར་བཞི ལྕགས་མཁར་བཅུ་གཉིས་བཅུ་དྲུག་འོབས༔ རྡོ་རྗེའི་གདུང་འཁོར་གྲུ་ཆད་བཞི བར་ཁྱམས་དམར་པོ་སྒོ་ཁྱུད་ལྡན གྲུ་བཞི་སྒོ་ལ་རྟ་བབས་ལྡན༔ རྩེ་མོ་གནམ་

(༧༩༣)འུྃ ལྕགས་འབར་བ་མཐོ ལྷ་བརྒྱད་ཀླུ་བརྒྱད་ཤིང་དང་རོ དྲ་བ་དྲ་ཕྱེད་ཆུ་ན་འཕྱང་སྤྲུལ༔ གླང་ཆེན་འབྲུག་དང་སེང་གེ་སྟག༔ རུས་སྦལ་ཆུ་སྲིན་གནམ་ལྕགས་ཐོག༔ ཞིང་དང་ཞིང་ཆུང་ཐོད་པར་ཁྱུད ཁ་ཁྱེར་ལྷ་མོས་མཛེས་པར་བྱེད༔ མ་བསྐྱེད་དབྱིངས་ནས་ཡེ་ཤེས་གསལ དྲག་པོ་ཨེ་ཡི་ཕོ་བྲང་དུ༔ ཀླུ་འབུམ་གཉན་ཁྲིས་བདག་སྟོང་༔ ཕྱོགས་སྐྱོང་མ་ཧེ་ཉི་ཟླའི་གདན དབུས་སུ་ཟིལ་གནོན་ལྷུན་གྲུབ་སྐུ མཐིང་ནག་དུག་ཚན་ཧ་ལའི་མདོག དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲང་༔ གཡས་པ་ཀུ་མུ་ཏ་འདྲ་བས༔ རོ་ཉེ་ཟ་དང་རྔམས་པར་གཟིགས གཡོན་པ་རཱ་ག་གཉན་ཁྲི་གསོལ༔ དབུས་མཐིང་དགྲ་བགེགས་ས་བདག་ཟ༔ རྡོ་རྗེ་འཁོར་ལོ་རལ་གྲི་གཡས བཅོན་གཏུན་ཤིང་སྡིགས་མཛུབ་འབར༔ གླང་ཆེན་ཀོ་རློན་དུར་ཁྲོད་ཆས སྦྲུལ་དང་རིན་ཆེན་ཙིཏྟས་བརྒྱན དབུ་ལ་རིགས་ལྔ་ཁྲོ་བོའི་སྐུ དྲེགས་པའི་སྙིང་དང་ནཱ་གའི་མགོའི༔ དོ་ཤལ་ཁྲོ་བོའི་ཆས་ཀ་རྫོགས༔ དེ་བཞིན་ཉིད་དབྱིངས་ཁྲོས་པའི་ཡུམ༔ མཐིང་ནག་སྙིང་སྟོབ་གྲི་ཐོགས་འཁྱུད༔

(༧༩༤)གཙོ་བོའི་ཐུགས་ཀར་ཡ་མའི་སྐུ ཞེ་སྡང་རྡོ་རྗེ་སྨུག་ནག་འཇིགས༔ འཁོར་ལོ་ཙིཏྟ་ཕྱག་ན་བསྣམས༔ ཡ་མའི་ཐུགས་ཀར་དྲེགས་བ་ཆེ ང་རྒྱལ་རྡོ་རྗེ་ལྗང་ནག་རྔམས༔ རྡོ་རྗེ་སྙིང་ཕྲེང་ཕྱག་ན་བསྣམས༔ དྲེགས་པའི་ཐུགས་ཀར་ཁྱམས་ཁང་སྟེ༔ ཕྲག་དོག་རྡོ་རྗེ་འཇིགས་པའི་སྐུ རུས་སྦལ་འཇིག་བསྣོལ་ཐུར་དུ་བལྟ༔ སྤྱི་གཙུག་འདབ་ཆགས་ཀུ་མུ་ཏ འདོད་ཆགས་རྡོ་རྗེ་ཟིལ་གནོན་སྐུ༔ རོ་ཉེ་འདྲེན་པའི་སྟོབས་ལྡན་དང་༔ ཕྲག་དོག་ཁྱུང་མོ་སྔོ་ནག་གཉིས ནུ་མར་སེང་གེ་དཔུང་པར་སྟག༔ སྟ་ཟུར་སྦྲུལ་ནག་ཅེ་སྤྱང་རྔམས༔ ཁྲོ་ཆུང་མང་པོས་སྐུ་ལ་གཏམས༔ ཐོད་མཁར་གློ་འབུར་བཞི་པའི་ཤར ཆོས་རྒྱལ་མ་ཧེ་ནག་པོ་ཞོན སྲིད་གསུམ་སྲོག་ལ་རྒྱལ་ས་འཛིན༔ ལྷོ་ཕྱོགས་ཡ་བ་ཏི་ནག་པོ ཆུ་གླང་ཞོན་ནས་ཁྲག་ལ་རྔམས༔ གྲུ་གསུམ་ཁ་བད་ཅན། ནུབ་ཏུ། ན་ཀ་ཨ་བ་གླང་མགོ་ནག དྲེལ་རྟ་ཞོན་ནས་རྒྱལ་བར་བྱེད བྱང་དུ་རལ་པ་ཚར་དགུ་སྨུག༔ སྦྲུལ་ནག་ཞོན་ནས་སྐྱེ་འགྲོ་གསོད༔ ཕྱ་སངས་ཏེ་ལ་པ་འཆར་ཀ་དང་༔ གྭ་དམར་མ་ཅོ་གྲུ་ཆད་འཛིན

(༧༩༥)འུྃ གཤེད་ཆེན་བཅུ་གཉིས་ཚོགས་དང་བཅས༔ དེའི་ཕྱི་ལྕགས་མཁར་བཅུ་དོང་གྲུ་གསུམ༔ གཉིས་ནང་༔ གཤེད་བཅུ་གཉིས་འོབས་རྣམས་ལ༔ ཞག་གཤེད་སོ་གཉིས་གཉིས་རེ་གནས༔ གྲུ་ཆད་བཞི་དང་བར་ཁྱམས་ལ བདུད་དང་མོན་པ་ཀི་ཀྱང་ཚོགས༔ རྒྱལ་བ་གཅིག་གི་ཡེ་ཤེས་ལ༔ དུ་མར་འཕྲུལ་ནས་རྒྱུག་ཅིང་འཕྲོག༔ དོན་དམ་གཉིས་མེད་གཅིག་ཏུ་རྫོགས༔ ཤར་སྒོར་དཀར་previous hit པོ་སྙིང་འབྱིན་དང་༔ ལྷོ་སྒོར་མགོན་ནག་ནུབ་སྒོར་བདུད༔ བྱང next hit་སྒོར་གནོད་སྦྱིན་ཁྲབ་ཅན་རྣམས འཁོར་ལོ་ཐུན་ཁྲག་གཡས་གཡོན་བསྣམས བདུད་དང་མུ་སྟེགས་རྒྱལ་པོ་དང་༔ ཐེ་བྲང་གཉན་དང་གནོད་སྦྱིན་བཙན༔ བཀྲག་མདངས་ཚེ་སྲོག་སྡུད་པ་དང་༔ མཛེ་འདྲེས་སྲིན་ཀླུ་སྲིན་གདོན༔ གཅན་གཟན་གདུག་པ་ཁ་འཆིང་ཞིང་ དམོད་པའི་དུག་དང་རིགས་བཞིའི་དུག ཐམས་ཅད་འཇོམས་ཤིང་ཟིལ་གྱིས་གནོན རྩ་བཅད་ཁྲག་སྐེམས་སྲོག་ཟུངས་གཅོད མ་གོ་གཅོད་ཚེ་སྲོག་རྟེན་འབྲེལ་འཆང་ མཁྲིས་པ་འབྱིན་ཅིང་ཤ་ཁྲག་རོལ བླ་དང་

(༧༩༦)དྲོད་དང་བརླན་དབུགས་འབྲལ ཤས་པ་དངས་སྙིགས་འབྱེད་པར་བྱེད འབྲས་བུ་ཆོས་སྐུ་ཟུག་རྡུ་མེད༔ བྱང་རྩོལ་གཡང་སའི་ཁོ་ཐག་ཆོད མ་བཅོས་དེ་ཉིད་གཉུག་མར་གནས༔ འཁོར་བ་དོང་སྤྲུག་ཀ་དག་ཀློང་༔ སྣང་སྟོང་གཉིས་མེད་ཡེ་ཤེས་སྐུ མི་ཟད་རྒྱན་གྱི་འཁོར་ལོར་རྫོགས༔ དེ་ལ་དབང་བསྐུར་བ་ནི༔ ཧཱུྃ་རང་ལས་ཤར་བའི་དཔལ་ཆེན་ལྷ༔ ལ་སོགས་དཔལ་ཆེན་གཞུང་ལྟར་ལ༔ སྤྱན་འདྲེན་གྱི་ནི་མ་ལ་དག་ཏུ ཧཱུྃ དབུས་ཕྱོགས་མཐིང་ནག་གྲུ་གསུམ་དཀྱིལ་འཁོར་ནས རལ་པ་ཁམ་ནག་གྱེན་དུ་འཁྱིལ་བའི་ལྷས༔ སུམ་ཅུ་རྩ་གསུམ་ལྷ་ཡང་འདར་ཞིང་སྡངས སྤྱན་མིག་གདངས་དགུ་གྱེན་དུ་ལྡོག་པ་ཡིས༔ ཕྱོགས་བཅུའི་ཁྲོ་བོ་ཀུན་ཀྱང་ཁ་སྦུབ་བསྲེགས༔ སྨིན་མ་གློག་སྟོང་འོད་དུ་ཤཱུ་ནྱ་ཏཱའི་ཚབ་ཏུ་ཨ་དརྴ་བཅུག་ལ་རིགས་བདག་རྣམ་སྣང་༔ འབར་བ་ལས སྤྲུལ་པའི་ཕོ་ཉ་མང་པོས་སྲིད་གསུམ་འགེངས༔ ཤངས་ནས་རླུང་འབྱུང་རྡོ་རྗེའི་འཚུབ་མ་ལྡང་༔ ས་གཞི་གཡོ་ཞིང་བར་སྣང་འཁྲུག་པར་བྱེད་མཆེ་བ་ཟླ་ཚེས་དཀར་པོ་གཙེགས་པ་ཡིས

(༧༩༧)འུྃ དགྲ་བགེགས་སྲོག་རྩ་དམར་པོ་གཅོད་པར་མཛད ཞལ་ནས་ཁྲོ་བོའི་བརྡ་སྐད་བྱུང་བ་ཡིས ཁམས་གསུམ་སྲིད་གསུམ་འགུལ་ཞིང་ལྡེག་པར་བྱེད སྨ་ར་སེར་པོ་མེ་སྟག་འཕྲོ་བ་ཡིས༔ སྟོང་ཁམས་འོད་ཀྱིས་འགེངས་ཞིང་དགྲ་བགེགས་བསྲེགས༔ ཕྱག་དྲུག་མཚོན་ཆ་གདུག་པ་མང་པོ་ནི གནོད་པའི་དགྲ་བགེགས་ཐམས་ཅད་ཐལ་བར་རློག ཐུགས་དམ་བསྐུལ་ལོ་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཡ་མཱནྟ་ཀ་ཡ་མ་རཱ་ཙཀྵ་ཡ་ན་ན ཛ༔ཧཱུྃ་བཾ་ཧོ གུ་ཧྱ༔ ཨ་ཀ་མ་ཛབཞུགས་གསོལ་ལ་སོགས་གཞུང་ལྟར་ལ༔ བསྟོད་པའི་ཁྱད་པར་འདི་ལྟར་རོ ཧཱུྃ མི་གནས་མི་དམིགས་ཆོས་སྐུར་དག་པ་ལས༔ བདུད་འདུལ་ཁྲོ་བོ་མཆོག་གི་སྐུར་སྤྲུལ་ཏེ ཐུགས་རྗེའི་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལ༔ ཁྲོ་རྒྱལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་བསྟོད༔ གཏུམ་ཁྲོ་མི་བཟད་རྩུབ་པའི་སྒྲར་ལྡན་པས༔ ཁྱོད་ཀྱི་མཚན་ཐོས་ཙམ་གྱིས་བགེགས་རྣམས་ཕུང་ འབར་བའི་སྐུ་མཐོང་གསུང་སྒྲ་ཐོས་པ་ཡིས༔ དགྲ་བགེགས་རློག་བྱེད་ཁྱོད་ལ་ཕྱག་འཚལ་བསྟོད༔ ལུས་ངག་

(༧༩༨)ཡིད་གསུམ་དང་བས་ཕྱག་འཚལ་ཞིང་ དད་པ་རབ་ཀྱིས་འཕགས་མགོན་མི་གཏོང་བར༔ འགྲོ་ལ་ཕན་ཕྱིར་ཁྲོ་རྒྱལ་ཁྱོད་བསྒོམས་ན༔ མི་མཐུན་ཚོགས་རྣམས་རྡུལ་དུ་བརླག་ཏུ་གསོལ༔ དེ་ནས་འཛབ་ཀྱི་དགོངས་པ་ནི༔ ཡ་མའི་ཐུགས་ཀར་ཉི་སྟེང་ཧཱུྃ༔ སྐྱེ་བ་མེད་པའི་ཡེ་ཤེས་ཀྱི༔ རྣམ་པའི་གཟུགས་བསྙན་ཡི་གེས་བསྐོར༔ ངོ་བོ་ལྷ་ཡི་སྐུ་རུ་བཤད ཨེ་ཀ་ཡ་མ་ཧེ་དུ་ན་སྙིང་ཁྲག་ར་མ་ཙ་ཡ་ཧཱུྃ་ཕཊ ཨེ་ནི་ཕྱག་རྒྱ་ཟིལ་གནོན་ཏེ ཀ་ནི་ཚེ་བདག་ནག་པོར་རྫོགས ཡ་ནི་ཡ་མ་ར་ཛ་སྟེ༔ མ་ནི་རྡོ་རྗེ་ཁྲོས་མའོ ཧེ་ནི་བྱ་ཁྱུང་རྒྱལ་པོ་སྟེ དུན་ནི་ལས་ཀྱི་འཆི་བདག་གོ སྙིང་ནི་ཁྱུང་མོ་རྣམ་གཉིས་ཏེ ཁྲག་ནིས་དྲེགས་པ་འཇོམས་བྱེད་དོ ར་ནི་ཞེ་སྡང་སྦྲུལ་ནག་སྟེ མ་ནི་བདུད་མོ་ཁྲག་རལ་ཅན༔ ཙ་ནི་སྲོག་བདག་རུས་སྦྲལ་རྔམས༔ ཡ་ནི་སྲོག་བདག་ལས་གཤིན་ཚོགས༔ མི་འགྱུར་རྩ་བའི་སྙིང་པོར་བཤད ལྷ་ལ་གསལ་སྣང་ཐོན་པ་དང་ རྒྱལ་བ་མཆོད་ཅིང་ཐུགས་དམ་བསྐུལ༔ དངོས་གྲུབ་སྡུད་པས་བདག་བྱིན་རློབས༔ དེ་ལ་བསྙེན་པ་ཞེས་སུ་བྱ

(༧༩༩)འུྃ ཡང་འཕྲོས་བརྟན་གཡོ་ཐ་མལ་པའི༔ སྣང་ཞེན་དག་པའི་སྣོད་དང་བཅུད ལྷ་དང་གཞལ་ཡས་ལ་སྦྱོར་བར་ཉེ་བསྙེན་ནམ་ནི་སྒྲུབ་པ་སྟེ༔ སྒྲུབ་ཆེན་དོ་ལིའི་བཟླས་པ་ལ བསླབ་པས་སྲོག་སྡོམས་གཟེར་བཞི་ཐོབ འདི་ནི་འཇམ་དཔལ་བཤེས་གཉེན་གྱིས༔ ཨོ་རྒྱན་རང་བྱུང་མཆོད་རྟེན་ནས དབྱིངས་ཀྱི་ཌཱཀྐིའི་།ཐུགས་མཛོད་བརྟོལ རྒྱུད་ལས་ལུང་དང་སྒྲུབ་ཐབས་སུ བསྡུས་འདི་པདྨའི་རིང་ལུགས་ཡིན རྗེས་ཀྱི་ལས་རིམ་གཞུང་བཞིན་བྱ ས་མ་ཡ རྒྱ་རྒྱ་རྒྱ་

(༨༠༠)

(༨༠༡)འུྃ དཔལ་ཆེན་བཀའ་འདུས་རྒྱ་མཚོ་ལས རྟ་མགྲིན་ཁམས་གསུམ་རོལ་བ་བཞུགས

(༨༠༢)འུྃ བརྗོད་པའི་སྒྲ་རྣམས་པདྨ་གསུང་ བརྗོད་མེད་དོན་ལ་རབ་སྦྱོར་བ རྟ་མཆོག་རོལ་བའི་སྒོས་སྒྲུབ་ནི དཀྱིལ་འཁོར་གཞུང་བཞིན་བཅས་པའམ ཙནྡན་ཕུར་པ་རྟ་ཞལ་གྱིས མཚན་པར་ལེ་བརྒན་དར་གྱི་ངོས པདྨ་ཅན་གྱི་རྡུལ་དང་པོས ༈ རྟ་མཆོག་རོལ་བའི་རྒྱུད་པས རྡོ་རྗེ་དབྱིངས གཽ་རཱི་མ་བརྒྱད གོ་ལ་མ་དྲུག ལོང་བ་སོ་གཉིས ཁམ་རྒྱ་དྲུག ཡུམ་བཞི ཁྱི་བརྒྱད སྤྱང་བརྒྱད སོ་སོས་བསྐོར་བའི་སྒོས་སྒྲུབ་ཀྱང་བཤད་མོད འདི་ནི་རང་གཞུང་རྩ་བའི་དཀྱིལ་འཁོར་ཀུན་འདུས་ཀྱི་དགོངས་པའོ གནས་ལྔར་ཡི་གེ་འབྲུ་ལྔ་ལ རྩ་སྔགས་ཀྱིས་བསྐོར་ཐད་ཀར་བཅིངས བྷནྡྷ་རྟ་ཞལ་བྲིས་པའི་ནང་ རྒྱབ་ བརྟེན་པའི་ཚུལ་བཅུག་དར་དམར་གྲིལ ལྡིང་གུར་ཕུབ་ལ་མཆོད་པས་བསྐོར དཔལ་ཆེན་འདུས་པའི་སྒྲུབ་གཞུང་གི

(༨༠༣)འུྃ བསྐྱེད་རིམ་བསྒྱུར་ཚུལ་འདི་ལྟའོ འོག་མིན་གསང་ཆེན་རོལ་བའི་ཕོ་བྲང་ཆེ རྩིབས་འཁོར་བཅུ་དྲུག་པད་འདབ་སོ་གཉིས་པའི ལྟེ་བ་ཟླ་གམ་དམར་པོ་སྒོ་གཅིག་དབུས བཾ་ལས་པདྨ་མཾ་ལས་ཉི་མའི་གདན རུ་དང་ན་ལས་ཀླུ་སྲིན་བསྣོལ་བའི་སྟེང་ ཧཱུཾ རང་བྱུང་རྒྱུ་ཡི་ཧེ་རུ་ཀ ཡེ་ཤེས་དབྱིངས་ནས་གདན་ལ་བབས མཉམ་སྦྱོར་བདེ་བ་ཆེན་པོའི་སྒྲས འཕགས་པ་མཆོད་ཅིང་གཞན་དོན་བྱས ཡོངས་གྱུར་འབྲས་བུའི་ཧེ་རུ་ཀ དཔལ་ཆེན་རྟ་མཆོག་རོལ་བ་ནི སྐུ་མདོག་དུས་མཐའི་མེ་ལྟར་འབར དབུ་ལྔ་ཕྱག་ནི་བཅུ་དྲུག་ལ ཁྱུང་གཤོགས་གདེངས་ཤིང་ཞབས་བརྒྱད་བགྲད གཤོག་རྩེ་བྱ་ཁྱུང་ཉི་ཟླས་མཆན དུར་ཁྲོད་དཔལ་གྱི་ཆས་རྣམས་རྫོགས ཤར་ལྷོ་ནུབ་བྱང་གཟིགས་

(༨༠༤)པའི་དབུ དྲི་ཟ་གཤིན་རྗེ་ཀླུ་དབང་དང་ གནོད་སྦྱིན་གདོན་ལ་མྱ་ངན་བསྐྱེད གཡས་སྔོ་གཡོན་སེར་ལྷག་མ་དམར སྟེང་ཞལ་རྔམས་པས་བདུད་བཞི་འདུལ ལྔ་ཀའང་རྟ་མགོ་ལྗང་ཞུར་འཚེར། །རིགས་ལྔའི་རྒྱལ་ལ་གདན་གསུམ་རྫོགས གཡས་པ་བརྒྱད་ཀྱི་དང་པོ་ནས རྡོ་རྗེ་ཁ་ཊྭཱཾ་དྲིལ་བུ་དང་ ལྕགས་ཀྱུ་སྦྲུལ་ཞགས་འཁོར་ལོའི་མཚོན རལ་གྲི་རྡོ་རྗེ་འཕྲེང་བའོ གཡོན་བརྒྱད་ཐོད་ཁྲག་པདྨ་སྙིང་ དབྱུག་པ་རྒྱ་གྲམ་བེ་ཅོན་མེ ཏྲི་ཤུ་ལ་དང་ཁྱུང་ཁྲ་འགྱེད༔ ཞབས་བརྒྱད་ཀླུ་བརྒྱད་རྒྱལ་བསེན་བརྫིས ཡུམ་ཆེན་པདྨ་གཟི་ལྡན་སྔོ༔ གཡས་པ་ཡིད་བཞིན་ནོར་འཛིན་འཁྱུད གཡོན་ན་རིན་ཆེན་ཟ་མ་ཏོག བརྡ་དང་བརྡ་ལེན་གྱིས་བསྐུལ་ནས སྦྱོར་བའི་རོལ་མོའི་དགྱེས་སྤྲིན་ལས༔ ཆོས་སྐུ་འབྲས་བུར་སྨིན་པའི་ལྷ༔ རྩིབས་འཁོར་བཅུ་དྲུག་ནང་ཁོངས་སུ༔ མདུན་ནས་བརྩམས་ཏེ་གཡས་བསྐོར་དུ བྷྱོ་ལས་གོ་ལ་མ་དྲུག་ནི མཛེས་པའི་རྒྱན་ཅན་ཏི་རས་ གཡས་ཞིང་དབྱུག གཡོན་ཐོད་ཁྲག མ་ལས་གསང་བའི་ཡུམ་ཆེན་ནི དྲ་བ་མོ་དང་གློག་

(༨༠༥)འུྃ འགྱུ་མ སྡེར་མོ་ཅན་དང་མཆེ་གཤོག་ཅན དཀར་སེར་དམར་ལྗང་གཡས་རང་རྟགས གཡོན་པ་དུང་དམར་བརྐྱང་བསྐུམས་ཚུལ ཕཊ་དྲུག་ལས་ནི་ཁམ་རྒྱ་མོ སྐུ་སྤྲུལ་དཀར་མོ་འཁོར་ལོ་དང་ གསུང་སྤྲུལ་དམར་མོ་པདྨ་འཛིན ཐུགས་སྤྲུལ་ནག་མོ་རྡོ་རྗེ་དང་ ཡོན་ཏན་སེར་མོ་དྲིལ་བུ་ལ ལས་ཀྱི་ལྗང་གུ་རལ་གྲི་འཛིན སྣ་ཚོགས་མདོག་ཅན་ཁ་ཊྭཱཾ་ག ཀུན་ཀྱང་གཡོན་པ་བྷནྡྷ་དམར པད་འདབ་རྣམས་ལ་ལི་ཛ་ལས མཁའ་འགྲོ་སུམ་ཅུ་རྩ་གཉིས་ཀྱི སྤྲུལ་པ་ལོང་བ་རྒྱབ་འབྲེལ་ནི སྒྲ་མེད་ཁོང་ནས་འབྲུག་སྟོང་ལྡིར སྙིང་མེད་དབྱིངས་ནས་ཡེ་ཤེས་གསལ སྙན་མེད་ཆོས་ཉིད་རང་སྒྲ་སྒྲོག མིག་མེད་ཡེ་ཤེས་སྤྱན་གྱིས་གཟིགས སྣ་མེད་འཕགས་པའི་ཚུལ་ཁྲིམས་མྱོང་ ཁ་མེད་བདེ་བའི་རོ་མྱོང་ཅན ཐོད་སྐྱའི་མགོ་ལ་གྱད་ཀྱི་ལུས གཟའ་རྒོད་མིག་དམར་ཆར་དུ་འབབས ཕྱོགས་བཞིར་བརྒྱད་ཚན་རེ་རེ་ཡི ཞོན་པ་སྟག་དང་ཆུ་སྲིན་གླང་ ཁྱུང་ཆེན་བརྒྱད་བརྒྱད་ལ་ཆིབས་ཤིང་ ཤར་ནས་

(༨༠༦)རིམ་བཞིན་གཡས་ཀྱི་ཕྱག ཤེལ་གསེར་བྱི་རུ་གཡུའི་དནྜ གཡོན་རྣམས་ཐོད་པ་ཁྲག་བཀང་ཐོགས གྲུ་ཆད་ཕྱི་ནང་གཉིས་པ་ལ ཀུ་ཛ་ལས་ནི་ཁྱི་བརྒྱད་དང་ སྤྱད་བརྒྱད་གཉིས་ཀའི་ཕྱོགས་བཞི་པོ དུང་དང་གསེར་དང་ཟངས་དང་གཡུ མཚམས་བཞིར་རང་རང་ཕྱེད་གཟུགས་མདོག མཆེ་བ་བཞི་གཙིགས་རྐན་སྒྲ་གཏོགས མཇུག་མ་སོགས་ལེ་བ་སྤུ་རྩད བྱི་རུ་དམར་པོའི་ཨ་ལུང་དབྱངས རྔམ་པའི་སྒྲ་སྒྲོག་ཀུན་ཏུ་རྒྱུག བར་ཁྱམས་བྷྱོ་ལས་ཕོ་ཉ་མོ སུམ་བརྒྱ་དྲུག་ཅུ་གློག་ལྟར་འཁྱུགས སྒོ་བཞིར་པདྨ་ཞིང་ཆུང་སྟེང་ ཧཱུཾ་ལས་ཤར་ནས་རིམ་བཞིན་དུ མགོ་དགུ་བདུན་ལྔ་སུམ་བརྩེགས་ལ རྐང་པ་གཅིག་པའི་ཁྲོ་བོ་ནི གཡས་རྣམས་འགུགས་འཆིང་སྡོམ་མྱོས་དང་ གཡོན་པ་ཐོ་ཆེན་འབར་བ་བསྣམས སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ མ་འདྲེས་ཡོངས་རྫོགས་ཆེན་པོར་གསལ ཧཱུཾ་རང་ལས་ཤར་བའི་དཔལ་ཆེན་ལྷ ཞེས་སོགས་དཔལ་ཆེན་གཞུང་ལྟར་ལ ཤཱུ་ནྱ་ཏ་དང་པྲཱ་ནྱ་བེཀྵ་བརྗེས་པའི་རིགས་བདག་སྣང་མཐའ སྤྱན་འདྲེན་གྱི་ནི་མལ་དག་ཏུ ཧཱུཾ་

(༨༠༧)འུྃ ཐུགས་རྗེའི་ལྕགས་ཀྱུས་ཐུགས་དམ་རྒྱུད་བསྐུལ་ཞིང་ བྱམས་པའི་ཞགས་པས་གནས་ནས་སྤྱན་འདྲེན་ནོ ལྕགས་སྒྲོག་བཀའ་ཡི་ཕོ་ཉས་གནས་བསྐྱོད་ལ བདེ་གཤེགས་བཞུགས་ཤིང་རྣམ་གྲོལ་དགྱེས་པ་བསྐྱེད། བཛྲ་ས་མ་ཡ་ཛ་ཛ ཏིཥྛ་ལྷན ཕྱག་འཚལ་ལ་སོགས་གཞུང་ལྟར་ལ མི་སྡུག་སྲིན་པོའི་བརྡ་བསྟོད་རྗེས བཻ་ཌཱུར་སྔོན་པོའི་རིན་ཆེན་རི་རབ་ལ ཉི་མ་སྟོང་གི་འོད་ཟེར་འབར་བ་ལྟར༔ སེམས་དཔའ་སྔོན་པོ་འོད་ཀྱི་དཀྱིལ་འཁོར་ཅན དཔལ་དང་གཟི་བརྗིད་འབར་ལ་ཕྱག་འཚལ་བསྟོད༔ འོད་ཕུང་སྟུག་པོ་སྤྲིན་ལྟར་འཐིབས་པ་ཡི འཇིགས་བྱེད་རྔམ་སྟབས་བརྐྱང་བསྐུམས་ཚུལ་དུ་བཞུགས ཟ་བྱེད་བསྐལ་བའི་མེ་ལྟར་འབར་བ་ཡིས གདུག་པ་ཞལ་དུ་འདྲེན་ལ་ཕྱག་འཚལ་བསྟོད མི་བཟད་མཆེ་བས་བརྒྱན་པའི་ཞལ་གདངས་ཤིང་ ཁམས་གསུམ་ཟ་བར་བྱེད་པའི་རྐན་སྒྲ་ཅན ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས བགེགས་དཔུང་བསྲེག་པར་མཛད་ལ་ཕྱག་འཚལ་བསྟོད དེ་ནས་འཛབ་

(༨༠༨)ཀྱི་དགོངས་པ་ནི ཐུགས་ཀར་རྒྱལ་བ་ཀུན་གྱི་ཡུམ པདྨ་གཟི་ལྡན་ཞི་མ་ཁྲོ ཕྱག་མཚན་མེད་དེ་འཛིན་འཛིན་འདྲའི སྙིང་ག་རིན་ཆེན་ཟུར་བརྒྱད་སྟེང་ ཉི་མའི་གདན་ལ་ཧྲཱིཡིག་མཐར ཨོཾ་ནི་པདྨ་ཧེ་རུ་ཀ ཧུ་ལུ་ཧུ་ལུ་ཡུམ་ཆེན་བཞི ཕཊ་ནི་ཁམ་རྒྱ་མ་དྲུག་གོ ཨེ་དང་ཨ་ནི་ལོང་བ་སྟེ ར་དང་ལི་ནི་དམུས་ལོང་ངོ་ ཧཱུཾ་ནི་ཁྲོ་བོ་མགོ་བརྩེགས་བཞི ཧྲཱི་ནི་ཟ་བྱེད་སྤྱང་ཀི་བརྒྱད ཛནི་ཁྱི་བརྒྱད་རྔམ་པའི་ཚོགས རྒྱུད་ཀྱི་ཁོང་སྙིང་ཕྱུང་བ་སྟེ རྗེས་ཀྱི་ལས་རིམ་གཞུང་ལྟར་བྱ ས་མ་ཡ རྒྱ་རྒྱ་རྒྱ སརྦ་མངྒ་ལཾ། །

(༨༠༩)འུྃ དཔལ་ཆེན་བཀའ་འདུས་རྒྱ་མཚོ་ལས ཡང་དག་སངས་རྒྱས་མཉམ་སྦྱོར་བཞུགས

(༨༡༠)འུྃ སངས་རྒྱས་མཉམ་སྦྱོར་ལྷ་ལ་འདུད ཡིད་ནི་ཡེ་ཤེས་ལ་སྦྱོར་བ ཡང་དག་ཐུགས་ཀྱི་སྒོས་སྒྲུབ་ནི ཁྲག་འཐུང་གལ་པོའི་ཏནྟའོ དཀྱིལ་འཁོར་གཞུང་བཞིན་བཅས་པའམ བྷནྡྷ་དགུ་དང་མར་མེ་དགུ སྒྲུབ་པའི་རྟེན་དུ་ངེས་བྱས་ནས བསྐྱེད་རིམ་བསྒྱུར་ཚུལ་འདི་ལྟའོ འོག་མིན་གསང་ཆེན་རོལ་བའི་ཕོ་བྲང་ཆེ ལྟེ་བ་ཟླ་གམ་དམར་པོ་སྒོ་གཅིག་ནང་ གསེར་འཁོར་རྩིབས་བརྒྱད་ཐབས་ཤེས་ཟླ་གམ་སྟེང་ པཾ་ལས་པདྨ་ཨ་ལས་ཟླ་བ་དང་ མ་ལས་ཉི་སྟེང་དབང་ཕྱུག་ཁྱོ་ཤུག་བཀུག དེ་སྟེང་དབྱིངས་ནས་རྒྱུ་ཡི་ཧེ་རུ་བབས ཞུ་བ་གླུས་བསྐུལ་སྒྲ་ཡིས་འོད་དུ་ཞུ གོང་བུའི་བདག་ཉིད་ཡོངས་སུ་གྱུར་པ་ལས འབྲས་

(༨༡༡)འུྃ བུའི་ཡང་དག་སངས་རྒྱས་མཉམ་སྦྱོར་ནི སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ གཡས་དཀར་བཞད་དང་གཡོན་དམར་གཤེ་བའི་ཞལ རྩ་ཞལ་རྔམ་བརྗིད་ཧཱུཾ་ཕཊ་གད་རྒྱངས་སྒྲོག ཐོད་སྐམ་དབུ་རྒྱན་ཁྲག་འཐུང་རིགས་ལྔས་མཚན སྤྱན་དགུ་སྡང་མིག་རྫི་སྨིན་ཨག་ཚོམ་འབར གཡས་གསུམ་གནམ་ལྕགས་རྡོ་རྗེ་ཁ་ཊཱཾ་དང་ རུ་ཏྲའི་དབྱི་ལས་གསང་བའི་རྡེའུ་ཆུང་ རྒྱུད་ལས་བཤད་པའི་རྡེའུ་ཆུང་འདི་བཞིན་ཡིན་ཏེ། བསྟན་པ་སྔ་དར་གྱི་ཚེ་བོན་ཤས་ཤོར་བས་བྲིས་འཐུར་ཚོར་དེ་ལྟར་སྣང་ཞིང་། དེས་གསར་མ་འགའ་ཞིག་སྔ་འགྱུར་ལ་བརྟག་དཔྱད་མེད་པའི་ལོག་རྟོག་དང་། རིང་ལུགས་དར་མ་ཐག་གི་ལོ་པཎ་གཉིས་སྐད་བརྡ་མ་འཕྲོད་པའི་ཚིག་དང་། ཡུལ་སྣང་

(༨༡༢)དང་ཤན་མ་འབྱེད་འགའ་རེ་སྣང་བ་ལ་བསྟིང་ཚིག་ཏུ་སྨྲ་ཡང་རྒྱུད་ཀྱི་རྡོ་རྗེའི་གནས་ཆེན་པོ་ལ་ངོ་མཚར་དུ་མཐོང་བའི་མིག་ལྡོངས་པའོ། །གཡོན་གསུམ་དུང་དམར་རྒྱུ་ཞགས་ཁྱུང་ཁྲ་འགྱེད༔ ཞབས་བརྒྱད་གཡས་བསྐུམས་གཡོན་བརྐྱང་དོར་སྟབས་བགྲད རྡོ་རྗེའི་ཁྱུང་གཤོག་ལ་སོགས་དཔལ་ཆས་དང་ དུར་ཁྲོད་ཆས་རྫོགས་གར་དགུའི་རོལ་བས་བརྗིད ཀྲོ་ཏི་ཤྭ་རཱི་གཡས་པ་ཡབ་ལ་འཁྱུད གཡོན་པ་ཐོད་ཁྲག་ཁྲོ་མོའི་ཆས་ཀུན་རྫོགས ཧཱུཾ་ལས་ཡབ་ཀྱི་རྡོ་རྗེ་ནོར་བུའི་དབྱིངས༔ ཟླ་བར་ཨོཾ་མཚན་ཨ་ལས་ཡུམ་གྱི་མཁའ རྣམ་ཐར་གསུམ་ལྡན་ཟེའུ་འབྲུའི་ཉི་མར་མཱུཾ ས་མ་ཧོཡིས་ཡབ་ལ་བརྡ་སྦྱར་བས ས་མ་ཡ་སྟྭཾ་ལན་གྱིས་དགྱེས་པ་བསྐྱེད སླར་ཡང་རཱ་ག་ཧཾ་གིས་བརྡས་བསྐུལ་བས རཱ་ག་ཡ་མིས་རྗེས་སུ་གནང་བ་བྱིན ཕྱག་རྒྱ་བཞི་ལྡན་ཛཧཱུཾ་བཾ་ཧོའི་སྒྲས སྟོད་སྨད་སྐེད་སྐབས་དབང་པོའི་སྒོ་རྣམས་སྤྲད དགའ་བ་བཞི་ལྡན་བྱང་ཆུབ་སེམས་ཀྱི་སྤྲིན ཨོཾ་གྱིས་ཕབ་ནས་ཧཱུཾ་གིས་དྷཱུ་ཏིར་དྲངས ཕཊ་ཀྱིས་འཕངས་པས་ཡུམ་མཁར་རྡུལ་དང་འདྲེས བདེ་

(༨༡༣)འུྃ སྟོང་ངང་ལས་མ་ཏྲཾ་ཛསྤྲོས་པས རྩིབས་བརྒྱད་ཟླ་ག་མ་ཉི་གདན་རོ་ཡིས་མཚན ཤར་དུ་གཾ་ལས་གཽ་རཱི་སྔོན་མོ་ནི གཡས་པ་ཞིང་དབྱུག་གཡོན་པ་དུང་ཁྲག་འཛིན སྡུག་བསྔལ་བདེན་པ་འཁོར་བ་ལུགས་ལྡོག་སྦྱོར ལྷོ་རུ་ཙི་ལས་ཙཽ་རཱི་ཧ་སེར་མོ ཐབས་ཤེས་མཉམ་པར་སྦྱོར་བའི་མདའ་གཞུ་བཀང་ ཀུན་འབྱུང་རྒྱུ་འབྲས་ཆོས་ཀྱི་དབྱིངས་སུ་འབིགས ནུབ་ཏུ་པཾ་ལས་པྲ་མོ་ཧཱ་དམར་མོ རྣ་ལྟག་ཕག་ཞལ་རྡོ་རྗེ་དུང་ཁྲག་བསྣུམས ཆགས་སྡང་རྣམ་གཉིས་ཡེ་ཤེས་དབྱིངས་སུ་སྦྱོར བྱང་དུ་པཾ་ལས་བཻ་ཏཱ་ལཱི་ནག་མོ ཕྱག་གཡས་རྡོ་རྗེ་གཡོན་པ་བ་དན་འཛིན གཟུང་འཛིན་རྣམ་རྟོག་ཕག་ལ་ཉལ་ཀུན་འཇོམས ཤར་ལྷོར་བུ་ལས་པུཀྐ་སཱི་དམར་སེར༔ འཁོར་བ་མྱ་ངན་འདས་ལ་སྦྱོར་བའི་ཕྱིར ཕྱག་གཉིས་ཞིང་གི་རྒྱུ་མ་འདྲེན་ཅིང་གསོལ ལྷོ་ནུབ་གྷཾ་ལས་གྷས་མ་རཱི་སེར་ནག རྡོ་རྗེ་ཐོད་ཁྲག་དཀྲུགས་ཤིང་འཐུང་བ་ཡིས༔ རྗེས་ཆགས་གདངས་ཀྱིས་ཆོས་སྐུ་

(༨༡༤)ཞེ་ལ་གནོན ནུབ་བྱང་སྨཾ་ལས་སྨ་ཤ་ནི་མཐིང་ནག བམ་ཆུང་རེངས་པའི་རྐང་པ་ནས་བཟུང་སྟེ དོན་སྙིང་ཟ་བས་རྟོག་མེད་དོན་ལ་སྦྱོར བྱང་ཤར་ཙི་ལས་ཙནྜ་ལཱི་སེར་སྐྱེ གཡས་པ་རྩེ་གསུམ་གཡོན་པ་བམ་ཆེན་འདྲལ སྐུ་གསུམ་མཚོན་ཆས་འཁོར་བའི་རྒྱུ་འབྲས་གཅོད ཀུན་ཀྱང་ཚོགས་བརྒྱད་ལ་སྡང་ཁྲོས་པའི་ཚུལ ཞལ་གདངས་མཆེ་གཙིགས་སྨིན་མ་སྨ་ར་དང་ དབུ་སྐྲ་དམར་སེར་ཕྱག་རྒྱ་ལྔ་ཡིས་བརྒྱན ཐོད་ཕྲེང་མི་ལྤགས་གཡང་གཞི་སྟག་ཤམ་དཀྲིས མེ་འབར་དབུས་ན་གཡོན་བརྐྱང་སྟབས་ཀྱིས་འགྱིང་ གཙོ་འཁོར་ཀུན་གྱི་དབང་པོའི་སྒོ་རྣམས་ལ ཁཾ་ཏྲཱ་ཧྲཱི་ཧ་ཧཱུཾ་ཧི་ཡོངས་གྱུར་ལས སྤྱན་ལ་རྣམ་སྣང་དཀར་པོ་འཁོར་ལོ་འཛིན རྣ་བར་རྡོ་རྗེ་ཉི་སེར་རིན་ཆེན་བསྣམས ཞལ་ལ་པདྨ་གར་དབང་དམར་རང་རྟགས ཤངས་ལ་རྟ་མཆོག་རོལ་བ་ལྗང་རལ་གྲི ཡིད་ལ་རྡོ་རྗེ་སེམས་དཀར་རྡོར་དྲིལ་འཛིན ལུས་ལ་ཁྲག་འཐུང་མཐིང་ནག་ཁ་ཊྭཱཾ་དྲིལ མ་འདྲེས་ཡོངས་རྫོགས་ཆེན་པོར་ལམ་

(༨༡༥)འུྃ གྱིས་གསལ དབང་བསྐུར་བ་ནི ཧཱུཾ རང་ལས་ཤར་བའི་དཔལ་ཆེན་ལྷ ལ་སོགས་དཔལ་ཆེན་གཞུང་ལྟར་ལ སྤྱན་འདྲེན་གྱི་ནི་མལ་དག་ཏུ ཧཱུཾ་དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ སྤྱན་འདྲེན་གཤེགས་སུ་གསོལ་ སྔགས་རང་གནས་རིགས་བདག་མི་བསྐྱོད་པ། བར་མི་དམིགས་ཀྱང་ ཐུགས་རྗེའི་བདག་ཉིད་ཆོས་སྐུ་དག་པ་ལས ཡེ་ཤེས་སྒྱུ་མར་རོལ་བཞིན་གཤེགས་སུ་གསོལ ཧཱུཾ་ཐུགས་རྗེའི་ལྕགས་ཀྱུས་རྒྱུད་བསྐུལ་ཞིང་ བྱམས་པའི་ཞགས་པས་སྤྱན་ཡང་འདྲེན ལྕགས་སྒྲོགས་བཀའ་ཡི་ཕོ་ཉས་བཏབ བདེ་གཤེགས་དྲིལ་བུས་དགྱེས་པ་བསྐྱེད རང་སྣང་དབྱེར་མེད་དཀྱིལ་འཁོར་ལ ཐུགས་རྗེའི་མགོན་གྱུར་མ་ལུས་རྣམས མི་ཕྱེད་དབྱིངས་ལ་འགོད་མཛད་པ བདག་ལ་དགྱེས་ཤིང་ཐིམ་པར་བཞུགས ཨོཾ་ཨེ་ཧྱ་ཧི་བྷ་ག་ཝཱན ཞེས་པད་རྒྱ་གཡོན་བསྐོར་དང་བཅས་སེ་གོལ་གཏོགས་པ་གསུམ་དང་ ཛ་ཧཱུཾ་བཾ་ཧོ རུ་ལུ་རུ་ལུ་ཛཧཱུཾ་བཾ་ཧོ

(༨༡༦)ཨེ་ཧྱ་ཧི་ཏྲཾ་ཤ་ཧོ ས་མ་ཡ་ཧོ ས་མ་ཡ་སྟྭཾ ཨེ་ཨ་ར་ལི་ཧོ ཧྲི༚་ཧྲི༚་ཧྲི༚ཛ ཕྱག་འཚལ་ལ་སོགས་གཞུང་ལྟར་ལ མི་སྡུག་སྲིན་པོའི་ཤློ་ཀ་ཡི་རྗེས བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང་ བྱམས་དང་སྙིང་རྗེར་དགྲ་ཟུར་མི་མངའ་ཡང་ གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད མི་གནས་མི་དམིགས་ཆོས་སྐུར་དག་པ་ལས བདུད་འདུལ་ཁྲོ་བོ་མཆོག་གི་སྐུར་སྤྲུལ་པ ཐུགས་རྗེའི་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལ སངས་རྒྱས་ཀུན་དང་མཉམ་པར་སྦྱོར་ལ་བསྟོད ཁྲོ་མོ་དབང་ཕྱུག་སྐུ་ལ་ཉེར་གནས་ཤིང་ ཐབས་དང་ཤེས་རབ་འབྲེལ་བའི་དཀྱིལ་འཁོར་འདིར མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་བ གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་བསྟོད ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་པ གཽ་རཱི་ལ་སོགས་བརྒྱད་ལ་ཕྱག་འཚལ་

(༨༡༧)འུྃ བསྟོད དེ་ནས་འཛབ་ཀྱི་དགོངས་པ་ནི ཧཱུཾ དཔལ་ཆེན་བཛྲ་ཧེ་རུ་ཀ དུང་ཁང་དཀར་པོའི་གཞལ་ཡས་ཁང་ མགྲིན་པ་པདྨའི་གསང་ཆེན་དང་ ཐུགས་ཀ་གསང་བའི་དཀྱིལ་འཁོར་དུ རང་སེམས་བྱང་ཆུབ་འབྲུ་བརྒྱད་ཉིད རུ་ལུ་གསེར་ཕྲིང་རིན་པོ་ཆེ གསེར་གྱི་བ་དག་འཛིངས་པ་དང་ མགལ་མེ་ཀླད་ལ་བསྐོར་བ་དང་ ལྕགས་ཀྱི་ཚྭ་ཚྭ་གཏམས་པ་ལྟར པར་འཕྲོས་པས་ནི་ཐུགས་དམ་བསྐུལ ཡེ་ཤེས་ལྷ་ལ་བསྙེན་པ་ཕུལ༔ སླར་འདུས་ཐུགས་ཀྱི་དཔལ་བེར་ཐིམ གཽ་རཱི་ལ་སོགས་བརྒྱད་རྣམས་ལ༔ དཔལ་བེ་རིན་ཆེན་ཟུར་བརྒྱད་སྟེང་ རུ་ལུ་འབྲུ་བརྒྱད་འཕྲོ་ཞིང་འདུ དངོས་གྲུབ་མཆོག་གི་གཏེར་དུ་བསམས ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ འདི་ནི་ཐུགས་ཀྱི་སྒྲུབ་པ་སྟེ དག་པ་ཐམས་ཅད་ཆོས་སྐུ་ལ སྦྱོར་བས་མཆོག་གི་དངོས་གྲུབ་མྱུར ཁྲག་འཐུང་གལ་པོའི་བཅུད་དུམ་ཡིན རྗེས་ཀྱི་ལས་རིམ་གཞུང་ལྟར་བྱ ས་མ་ཡ རྒྱ་རྒྱ་རྒྱ

(༨༡༨)

(༨༡༩)འུྃ དཔལ་ཆེན་བཀའ་འདུས་རྒྱ་མཚོ་ལས ཕུར་བ་བདུད་དཔུང་ཟིལ་གནོན་བཞུགས

(༨༢༠)འུྃ ཕྲིན་ལས་ཕུར་བའི་ལྷ་ལ་འདུད ཡིད་དང་ཆོས་ཀྱི་རྟོགས་ཚོགས་ཀུན བྱ་བ་ནན་ཏན་ཡེ་ཤེས་དབྱིངས སྦྱོར་བྱེད་བཛྲ་ཀུ་མཱ་ར རྡོ་རྗེ་ཁྲོས་པའི་སྒོས་སྒྲུབ་བསྟན ས་མ་ཡ དཀྱིལ་འཁོར་ཡོངས་རྫོགས་བདག་ཉིད་ཅན བསྙེན་ཕུར་དམ་ཚིག་ཆེན་པོའི་རྟེན བསྒྲུབ་དུས་དཀྱིལ་འཁོར་གཞུང་བཞིན་ལ ལྷ་གྲངས་མཉམ་པའི་ཕུར་བས་བརྒྱན རྒྱན་བཀོད་མཆོད་གཏོར་བཟང་དུ་བཤམ སྔོན་འགྲོ་དཔལ་ཆེན་གཞུང་ལྟར་ལ ཏིང་འཛིན་གསུམ་ལ་ཁྱད་ཆོས་ལྡན རྡོ་རྗེ་དེ་བཞིན་ཉིད་ཀྱི་དབྱིངས སྙིང་རྗེའི་འགལ་ཟླ་ལ་ཁྲོས་པས ཀུན་སྣང་བྱང་ཆུབ་སེམས་སུ་ཤར མཚོན་ཆེན་ཐུགས་ཀྱི་རྡོ་རྗེ་ནི ཡིག་འབྲུས་མཚན་པ་རྒྱུ་ཡིན་ནོ ཧཱུཾ་རྡོ་རྗེ་ཁྲོས་པས་ཞེ་

(༨༢༡)འུྃ སྡང་གཅོད ཐུགས་ནི་ཡང་དག་རྡོ་རྗེ་ཉིད སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ རྣམ་པར་མི་རྟོག་རྟོག་ལས་འདས སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི གསད་ཅིང་མནན་པ་མ་ཡིན་ཏེ ཕུང་པོ་རྡོ་རྗེས་གཏམས་བྱས་ནས རྣམ་པར་ཤེས་པ་རྡོ་རྗེར་སྒོམ མཚོན་ཆེན་སྔོན་པོ་འབར་བ་ནི ནམ་མཁའི་དཀྱིལ་ནས་ཐིག་པ་ཤར སྲོག་གི་གོ་རུ་ཤར་བ་དང་ སྙིང་གི་གོ་རུ་སྒོམ་པར་བྱ རྒྱུ་ལས་འབྱུང་བའི་ས་བོན་ཆད ཨེ་ཡཾ་ར་སུཾ་ཀེ༚་རཾ་བྷྲཱཾུ ཨེ་ལས་ནམ་མཁའ་ཡཾ་ལས་གཡོ་བྱེད་རླུང་ ར་ལས་རཀྟ་སུཾ་ལས་ཞིང་ཆེན་གཞི སོགས་གཞུང་ལྟར་ལ འོག་མིན་གསང་ཆེན་རོལ་བའི་ཕོ་བྲང་ཆེ རབ་འཇིགས་གནམ་ལྕགས་ཙཀྲ་རྩིབས་

(༨༢༢)བཅུའི་དབུས བདེ་ཆེན་ཀུན་ཏུ་བཟང་མོའི་ཨེ་ཀློང་དབྱིངས རྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་མཁར མ་ཆགས་པདྨ་ཐབས་ཤེས་ཉི་ཟླའི་སྟེང་ རུ་ཏྲ་ཕོ་མོ་བདུད་བཞི་བྱི་ཆིངས་བསྣོལ པཾ་པདྨ་མཎྜ་ལ མ་སཱུ་རྱ་མཎྜ་ལ ཨ་ཙནྡྲ་མཎྜ་ལ ཛཧཱུཾ་བཾ་ཧོཏི་ར་བཾ ཨོཾ་བཛྲ་ས་ཏྭ་ཧཱུཾ རྡོ་རྗེ་ཧཱུཾ་ཡིག་ཡོངས་གྱུར་ལས རྡོ་རྗེ་སེམས་དཔའ་ཡབ་ཡུམ་ནི མཚན་དང་དཔེ་བྱད་ཡང་དག་རྫོགས ཀུནྟ་ལྟ་བུར་དཀར་བའི་མདོག རིགས་ལྔ་ཁྲག་འཐུང་ཡབ་ཡུམ་བཅུ འདུས་པ་རྡོ་རྗེ་གཞོན་ནུའི་སྐུ ཨོཾ་བཛྲ་ཀླི་ལི་ཀླི་ལ་ཡ་དིཔྟ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ ཞེ་སྡང་ཁྲག་འཐུང་རྒྱལ་པོ་དང་ བདེ་བར་སྦྱོར་དང་སྒྲོལ་བའི་ཡུམ ཁྲོ་ཞིང་རྔམས་པའི་ཚུལ་བསྐྱེད་པས གདུག་པ་མ་ལུས་སྒྲོལ་བར་བྱེད ཨ་དང་ཧཱུཾ་གིས་རང་བཞིན་སྦྱར ཡུམ་གྱིས་ཡབ་ཀྱི་ལྕེ་གཞིབས་ནས ཡུམ་གྱིས་ཐུགས་

(༨༢༣)འུྃ ཀར་ཨུཏྤ་ལ་གཏད ཞུ་བ་གླུས་བསྐུལ་གདུང་བའི་སྒྲས ཧཱུཾ་རྡོ་རྗེ་གཞོན་ནུའི་རིག་འཛིན་རྣམས སྲིད་པ་རྡོ་རྗེར་བསྒྲུབ་མཛོད་ཅིག སྲིད་པ་རྡོ་རྗེ་ཕུར་བའི་ལྷ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད སྥ་ར་ཎ་ཕཊ་བརྗོད་པས རྒྱལ་བ་མཆོད་ཅིང་གཞན་དོན་བྱས སཾ་ཧ་ར་ཎ་ཧཱུཾ་བརྗོད་པས ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས ཡབ་ཡུམ་སྦྱོར་བའི་མཁའ་རུ་ཞུགས དགྱེས་ཆགས་ངང་ལ་འོད་དུ་ཞུ གོང་བུའི་བདག་ཉིད་ཧཱུཾ་དུ་གྱུར ཡོངས་གྱུར་འབྲས་བུའི་ཧེ་རུ་ཀ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི སྙིང་རྗེ་རྔམ་ཞིའི་ངང་ཉིད་ལས སྒེག་དཔའ་འཇིགས་སུ་རུང་བའི་སྐུ རྫུ་འཕྲུལ་ཞབས་བཞི་དོར་སྟབས་བགྲད རྣམ་པར་ཐར་བའི་དབུ་གསུམ་གྱིས སྐྲག་མཛད་བཞད་གཤེ་ཁྲོ་བོའི་ཞལ གཡས་དཀར་གཡོན་དམར་དབུས་མཐིང་ནག སྤྱན་དམར་སྨིན་མ་སྨ་ར་སེར ཁྲོ་གཉེར་ཆུ་ཡི་རླབས་བཞིན་

(༨༢༤)འཁྲུགས༔ ཕྱག་དྲུག་གཡས་ཀྱི་དང་པོ་ཡིས གསེར་གྱི་རྡོ་རྗེ་རྩེ་དགུ་དང་ བར་བ་རྡོ་རྗེ་རྩེ་ལྔ་བསྣམས གཡོན་གྱི་དང་པོ་མེ་་དཔུང་དང་ བར་མ་ཁ་ཊྭཱཾ་རྩེ་གསུམ་འཛིན མཐའ་གཉིས་རི་རབ་ཕུར་བ་འདྲིལ མཐིང་ནག་སྐུ་ལ་དུར་ཁྲོད་ཆས རིགས་ལྔ་ཐད་པ་ལྔ་ཡིས་བརྒྱན འཁོར་ལོ་རྒྱས་འདེབས་བདེ་བའི་ཡུམ ཞལ་གཅིག་ཕྱག་གཉིས་ཐོད་སྦྲུལ་བརྒྱན དྲིལ་བུ་ཐད་ཁྲག་འཛིན་པས་འཁྱུད ཨ་ཀ་ཙ་ཏི་སྒྲོལ་བའི་ཡུམ གྲི་གུག་ཐོད་ཁྲག་ཁམས་གསུམ་སྒྲོལ རེས་འགའ་ཁ་ཊྭཱཾ་རྩེ་གསུམ་བསྣམས གཡེར་ཀ་དྲིལ་བུ་ཉིད་ལས་ཀྱང་ རྟོག་མེད་ཆོས་ཀྱི་སྒྲ་འབྱིན་ཅིང་༔ མ་མོ་དྲུག་ཅུ་ཕོ་ཉར་འགྱེད ཧཱུཾ་ལས་རྡོ་རྗེར་ཟླ་དཀྱིལ་ཨོཾ བཾ་ལས་པད་འདབ་ཉི་མར་མཱུཾ ས་མ་ཡ་ཧོ ས་མ་ཡ་སྟྭཾ རཱ་ག་ཡཱ་ཧོ ར་ག་ཡཱ་མ བརྡ་དང་བརྡ་ལན་གྱིས་བསྐུལ་ནསཛཧཱུཾ་བཾ་ཧོའི་ཕྱག་རྒྱ་བཞིས སྟོང་པ་ཤིན་ཏུ་ཡོད་མེད་ལས ཆགས་པ་ལྕགས་ཀྱུ་རོལ་བ་ཞགས ཙུམྦྷ་སྒྲོག་ལ་སྒྲ་གྲགས་དྲིལ གཉིས་མེད་བྱང་ཆུབ་སེམས་ཀྱི་སྤྲིན དང་པོར་བབས་པ་ཡུམ་གྱིས་

(༨༢༥)འུྃ མཁའ གཞལ་མེད་ཁང་བྱུང་གཉིས་པ་གདན གསུམ་པ་ས་བོན་ཉིད་དུ་རྫོགས ཧཱུཾ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས འབར་བའི་ཁྲོ་བོ་མི་བཟད་པའི སྐུ་ཡི་དབྱིག་ཏུ་སྲས་བསྐྱེད་ཅིག ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨཱ་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུཾ་ཕཊ སྲས་མཆོག་ཀཱི་ལ་རིགས་ལྔ་ནི སྟོང་ཉིད་དབྱིངས་ལས་ལོངས་སྐུར་ཤར སྤྲུལ་པ་རྫས་ཀྱི་དཀྱིལ་འཁོར་དུ ཡུམ་གྱིས་བྷ་གར་ལྷུན་གྱིས་གྲུབ བཛྲ་ས་མཱ་ཛས་དྲངས་ནས༔ རིགས་ལྔ་སྟང་དཔྱལ་བཅུའི་རང་བཞིན ཐབས་ཀྱི་ཐལ་མོའི་བར་དུ་བྱོན བདེ་བའི་རླབས་ཀྱིས་དབང་རྣམས་རྫོགས དབང་རྟགས་རིགས་ལྔས་དབུ་ལ་བརྒྱན སྟོད་ནི་གཙོ་བོ་ཡབ་འདྲ་ལ སྨད་ནི་ཆུ་སྲིན་ཕུར་བུ་དབལ ལྕགས་བསྲེགས་འབར་བ་མེ་སྟག་འཕྲོ རྒྱ་མདུད་ནང་ནས་སྔགས་སྒྲ་སྒྲོགས ཆུ་སྲིན་ཁ་ནས་མེ་ལྕེ་དང་ སྡིག་སྦྲུལ་སྦལ་ལྕོང་ཆོ་འཕྲུལ་འགྱེད སྟོང་གསུམ་གདུག་པའི་ཀླུ་རྣམས་འདུལ ཐུགས་ཀར་དཀྱིལ་འཁོར་

(༨༢༦)ཡོངས་རྫོགས་དང་ དབུ་ལ་རིགས་ལྔའི་ཁྲག་འཐུང་རྫོགས༔ དགྲ་སྟ་གཡས་ལ་རང་རྟགས་གཡོན བར་བ་ཁ་ཊྭཱཾ་གཏུན་ཤིང་དང་ ཐ་མ་རི་རབ་ཕུར་བུ་འདྲིལ རྒྱུད་ལྔ་ཡེ་ཤེས་ལྔ་རུ་སྒྲོལ དུག་ལྔ་རྩད་ནས་གཅོད་པར་བྱེད སངས་རྒྱས་འདུས་པ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་སུ་བྱིན་གྱིས་རློབས ཨོཾ་བུདྡྷ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་བཛྲ་ནན ཛྭ་ལ་ཛྭ་ལ་པྲ་ཛྭ་ལ སྥུ་ཊ་སྥུ་ཊ་སརྦ་ན་ས་པ་ན་ཡེ་ཧཱུཾ་ཕཊ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཝཱཀྐ་བཛྲ་ནན སརྦ་དུཥྚཾ་ཧྲི་ཤོ་དྷ་ཡ་ཧཱུཾ་ཕཊ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཙིཏྟ་བཛྲ་ནན ཚིནྡྷ་ཚིནྡྷ་ཧཱུཾ་ཕཊ ཅེས་བྱིན་གྱིས་བརླབས་ནས་བྱུག་བདུག་བྲབ་གསུམ་གྱིས་གཟི་བྱིན་བསྐྱེད་པ་ནི ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་རཀྟ་ཛྭ་ལ་ནི་ཧཱུཾ་ཕཊ ལུས་ཀྱི་བཀྲག་དང་ལྡན་པ་དང་༔ བ་སྤུའི་བུ་ག་རྡོ་རྗེས་གཏམས མ་གུ་ཏ་ལ་པྲ་ཏ་ལ་ཧཱུཾ་ཕཊ བུདྡྷ་ཐམས་ཅད་འདུས་པའི་སྐུར ཁྲོ་བོ་དུ་མས་བྱིན་གྱིས་རློབས༔ བཻ་ཏ་ལཱི་མཎྜ་ལ་རཀྵ་རཀྵ་ཧཱུཾ་ཕཊ ལུས་ཀྱི་བ་སྤུའི་བུ་ག་ཀུན ཁྲོ་ཆུང་ཉིད་ཀྱིས་རབ་ཏུ་གཏམས ཁམས་གསུམ་

(༨༢༧)འུྃ གདུག་པ་བསྒྲལ་བའི་ཕྱིར གདུལ་བྱའི་གདན་ལ་བཞུགས་སུ་གསོལ ས་མ་ཡ་ཏིཥྠ ཞེས་ཕུར་བ་རྫས་ཀྱི་དཀྱིལ་འཁོར་དང་དབྱེར་མེད་དུ་བསམ་མོ། །དེ་ནས་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་བསྐྱེད་པ་ནི གཙོ་བོ་ཡབ་ཡུམ་ཐུགས་ཀ་ནས ལྕགས་ཀྱུ་ལྟ་བུའི་འོད་ཟེར་གྱིས ཕྱོགས་སྐྱོང་བཀུག་ནས་སྟན་དུ་བཏིང་ སྦྱོར་བའི་ལམ་ནས་སྒོ་ང་བཅུ ཕྱུང་ཏེ་སྔགས་ཀྱི་སྒྲ་གདངས་ལས ཁྲོ་བཅུ་ཁྲ་ཐབས་སོ་སོར་གྱུར ཨོཾ་བཛྲ་ཀྲོ་ཏ་ཧཱུཾ་ཀཱ་ར་ཧཱུཾ གརྫ་ཧཱུཾ་ཕཊ གརྫ་ཧཱུཾ་ཕཊ སྟེང་ཕྱོགས་ཉི་ཟླའི་གདན་སྟེང་དུ ཁྲོ་བོ་རྡོ་རྗེ་ཧཱུཾ་མཛད་ནི ཞལ་གཅིག་ཕྱག་གཉིས་མདའ་གཞུ་འགེངས ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ སྤྲུལ་པ་ཕག་དང་སྨིག་བུའི་མགོ ཨོཾ་བཛྲ་ཀྲོ་ཏ་བཱི་ཛ་ཡ་ཧཱུཾ ཧ་ན་ཧཱུཾ་ཕཊ ཧ་ན་ཧཱུཾ་ཕཊ ཤར་ཕྱོགས་དྲི་ཟའི་གདན་སྟེང་དུ ཁྲོ་བོ་རྡོ་རྗེ་རྣམ་པར་རྒྱལ ཕྱག་ན་རྩེ་གསུམ་འཁོར་ལོ་བསྣམས ཡུམ་ཆེན་རྡོ་རྗེ་སྙེམས་མ་དང་ སྤྲུལ་བ་སྟག་དང་བྱ་རྒོད་མགོ ཨོཾ་བཛྲ་ཀྲོ་ཏ་ནཱི་ལ་དནྜ་ཧཱུཾ ད་ཧ་ཧཱུཾ་ཕཊད་ཧ་ཧཱུཾ་

(༨༢༨)ཕཊ ཤར་ལྷོ་མེ་ལྷའི་གདན་སྟེང་དུ ནི་ལ་དནྜ་དབྱུག་པ་མེ ཡུམ་ཆེན་རྡོ་རྗེ་སྡེར་མོ་དང་ སྤྲུལ་པ་གཡག་དང་བྱ་རོག་མགོ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུཾ༔ པ་ཙ་ཧཱུཾ་ཕཊ པ་ཙ་ཧཱུཾ་ཕཊ ལྷོ་ཕྱོགས་གཤིན་རྗེའི་གདན་སྟེང་དུ ཁྲོ་བོ་རྡོ་རྗེ་གཤིན་རྗེའི་གཤེད ཕྱག་ན་ཐོད་དབྱུག་དགྲ་སྟ་བསྣམས ཡུམ་ཆེན་དུར་ཁྲོད་བདག་མོ་དང་ སྤྲུལ་པ་ཤ་བ་འུག་པའི་མགོ ཨོཾ་བཛྲ་ཀྲོ་ཏ་ཨཱ་རྱ་ཨ་ཙ་ལ་ཧཱུཾ བྷནྡྷ་ཧཱུཾ་ཕཊ བྷནྡྷ་ཧཱུཾ་ཕཊ ལྷོ་ནུབ་སྲིན་པོའི་གདན་སྟེང་དུ ཁྲོ་བོ་མི་གཡོ་མགོན་པོ་ནི ཕྱག་ན་རལ་གྲི་ཞགས་པ་བསྣམས ཡུམ་ཆེན་རྡོ་རྗེ་གཏུན་ཁུང་མ སྤྲུལ་པ་གཟིག་དང་ཁ་ཏའི་མགོ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧྲཱི ཧུ་ལུ་ཧཱུཾ་ཕཊ ཧུ་ལུ་ཧཱུཾ་ཕཊ ནུབ་ཕྱོགས་ཀླུ་དབང་གདན་སྟེང་དུ ཁྲོ་བོ་ཆེན་པོ་རྟ་མགྲིན་རྒྱལ ཕྱག་ན་ཞགས་པ་སྤུ་གྲི་བསྣམས ཡུམ་ཆེན་རྡོ་རྗེ་གཏུམ་མོ་དང་ སྤྲུལ་པ་བྱི་ལ་པུ་ཤུད་མགོ ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཙིཏྟ་ཧཱུཾ ཏིཥྠ་ཧཱུཾ་ཕཊ ཏིཥྠ་ཧཱུཾ་ཕཊ ནུབ་བྱང་རླུང་ལྷའི་གདན་སྟེང་དུ ཁྲོ་བོ་ཆེན་པོ་གཞན་ལས་རྒྱལ ཕྱག་ན་མདའ་དང་རྔ་ཡབ་བསྣམས ཡུམ་ཆེན་རྡོ་རྗེ་མདའ་

(༨༢༩)འུྃ སྙེམས་མ སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུནྜ་ལི་ཧཱུཾ ཚིནྡྷ་ཧཱུཾ་ཕཊ ཚིནྡྷ་ཧཱུཾ་ཕཊ བྱང་ཕྱོགས་གནོད་སྦྱིན་གདན་སྟེང་དུ ཁྲོ་བོ་རྡོ་རྗེ་བདུད་རྩི་འཁྱིལ ཕྱག་ན་དབྱུག་ཏོ་རྒྱ་གྲམ་བསྣམས ཡུམ་ཆེན་རྡོ་རྗེ་རླུང་འབྱིན་དང་ སྤྲུལ་པ་སེང་གེ་ཕ་ཝང་མགོ ཨོཾ་བཛྲ་ཀྲོ་ཏ་ཀྲི་ལོ་ཀྱ་བི་ཛ་ཡ་ཧཱུཾ བིནྡྷ་ཧཱུཾ་ཕཊ བིནྡྷ་ཧཱུཾ་ཕཊ བྱང་ཤར་འབྱུང་པོའི་གདན་སྟེང་དུ ཁྲོ་བོ་རྡོ་རྗེ་ཁམས་གསུམ་རྒྱལ ཕྱག་ན་ལྕགས་ཀྱུ་རིན་ཆེན་བསྣམས ཡུམ་ཆེན་རྡོ་རྗེ་གསོད་མ་དང་ སྤྲུལ་པ་དོམ་དང་སྲེ་མོང་མགོ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བཱ་ལ་ཧཱུཾ སྥོ་ཊ་ཧཱུཾ་ཕཊ སྥོ་ཊ་ཧཱུཾ་ཕཊ འོག་ཕྱོགས་ས་བདག་གདན་སྟེང་དུ ཁྲོ་བོ་རྡོ་རྗེ་སྟོབས་པོ་ཆེ ཕྱག་ན་རྡོ་རྗེ་ཐོང་གཤོལ་བསྣམས ཡུམ་ཆེན་རྡོ་རྗེ་བསྐྱོད་མ་དང་ སྤྲུལ་པ་དྲེང་དང་བྱི་བའི་མགོ ཡུམ་རྣམས་གཡས་པ་དྲིལ་བུ་དང་ གཡོན་པ་དུང་ཆེན་སྟོབས་ཅིང་འཁྱུད ཀུན་ཀྱང་རྡོ་རྗེའི་གཤོག་པ་གདེངས དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྗིད མཆེ་བ་ཅན་དང་གཤོག་

(༨༣༠)པ་ཅན ཕྲ་མེན་མགོ་བརྙན་ཉི་ཤུ་ནི རྩིབས་མཆན་རྣམས་ལ་གཉིས་གཉིས་གནས སྤྲུལ་དང་ཐོད་པས་རབ་ཏུ་བརྒྱན ཕུར་བ་ལྕགས་ཀྱུ་ཕྱག་ན་བསྣམས སྐྲ་བརྫེས་སྤྱན་དམར་མཆེ་བ་གཙིགས ལྷ་ཚོགས་ཀུན་ཀྱང་སྐུ་མདོག་ནག དུས་མཐའི་འོད་ཟེར་འབར་བ་འཁྲུགས དེ་ནས་སྒོམ་བཞི་བསྐྱེད་པ་ནི ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་བི་ད་ཡ་བིང་བིང་ཧཱུཾ་ཕཊ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ན་མས་མནྟ་ཧྲཱི༚་ཧྲཱི༚་ཧཱུཾ་ཕཊ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲ་སུ་རུ་བྲ་སུ་རུ་ཧཱུཾ་ཕཊ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ ཉི་ཟླ་ཡི་གེ་བཞི་ཉིད་ལས དྲོད་གཤེར་ལས་སྐྱེས་སྒོ་མ་བཞི ཤར་ཕྱོགས་དྲི་ཟའི་གདན་སྟེང་དུ སྐྱ་གའི་མགོ་ཅན་ལྕགས་ཀྱུ་མ ལྷོ་ཕྱོགས་གྲུལ་བུམ་གདན་སྟེང་དུ པུ་ཤུད་མགོ་ཅན་ཞགས་པ་མ ནུབ་ཕྱོགས་ཆུ་བདག་གདན་སྟེང་དུ སྲིན་བྱའི་མགོ་ཅན་ལྕགས་སྒྲོག་མ བྱང་ཕྱོགས་གནོད་སྦྱིན་གདན་སྟེང་དུ ཁ་ཡི་མགོ་ཅན་དྲིལ་བུ་མ དཀར་སེར་དམར་ལྗང་ཐོད་སྦྲུལ་བརྒྱན ཕྱག་གཡོན་ཕུར་བ་བགེགས་ལ་གཟིར མེ་

(༨༣༡)འུྃ དཔུང་དབུས་ན་ཀུན་ཀྱང་རྔམས དྲག་པོའི་ཚུལ་གྱིས་ཞེ་སྡང་འཇོམས མུ་རན་ལ་ནི་ཕུར་སྲུང་སྟེ ཨེ་ཡཾ་མ་ཡ་བཞི་པོ་ལས ཤྭ་ན་མུ་ཁ་བཞི་པོ་གསལ ཛཡིག་བཞི་ལས་ས་བདག་བཞི བྷྱོཡིག་བཞི་ལས་བདག་ཉིད་བཞི མཐུ་དང་རྫུ་འཕྲུལ་གློག་ལས་མྱུར བསྟན་པ་བསྲུང་ཞིང་ཉམས་པ་བདུན ཞེ་ལ་བརྣག་པའི་སྟོབས་ཀྱིས་སྒྲོལ གནས་གསུམ་བྱིན་བརླབ་ནི སྙིང་ཁ་མགྲིན་པ་སྤྱི་བོ་རུ ཟླ་བའི་དཀྱིལ་འཁོར་བསམས་ནས་ནི རྡོ་རྗེ་པདྨ་འཁོར་ལོ་དག ཧཱུཾ་ཨཱཨོཾ་གྱིས་མཚན་པ་ལས ཐུགས་གསུང་སྐུ་ཡི་རྡོ་རྗེར་སྒོམ རྡོ་རྗེའི་ཕྱག་རྒྱ་གནས་གསུམ་དུ་བཞག་ལ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ དེ་བཞིན་དུ་ཝཱཀྐ་དང་ ཀཱ་ཡ་སྦྱར༔ དབང་བསྐུར་བ་ནི སྙིང་ཁར་བྷྲཱུཾ་ལས་རིན་པོ་ཆེའི་གཞལ་མེད་ཁང་སྒོ་གཅིག་པའི་ནང་དུ་ཡེ་ཤེས་སེམས་དཔའ་རྡོ་རྗེ་མི་བསྐྱོད་པ་ཚོན་གང་བ་གསལ་བའི་སྒོ་སྲུང་རྟ་མགྲིན་ཡབ་ཡུམ་དུ་གསལ་ལ ཡེ་ཤེས་སེམས་

(༨༣༢)དཔའི་འོད་ཀྱིས་དབང་ལྷ་སྤྱན་དྲངས་པར་བསམས་ལ ཧཱུཾ་ཐབས་ཀྱི་སྤྱོད་པས་གཞན་དོན་དུ བྱམས་དང་སྙིང་རྗེས་གང་འདུལ་བ སངས་རྒྱས་འཕྲིན་ལས་རྫོགས་མཛད་པའི དབང་དང་བྱིན་རློབས་བདག་སྩོལ་ཅིག རིགས་ལྔའི་དབང་རྒྱ་གནས་སོ་སོར་བཞག་ལ ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ དེ་བཞིན་དུ་ཤུ་ནྱ་ཏའི་མལ་དུ། ཨ་དརྴ ས་མ་ཏ པྲ་ཏྱ་བཀྵ་ན ཀྲྀ་ཏ་ཨ་ནུཥྛ་བཅུག དེ་ནས་ཁམས་གསུམ་གྱི་སྲོག་ལ་དབང་བསྐུར་བ་ནི ཧཱུཾ་ཧཱུཾ་ཧཱུཾ འགྲོ་དྲུག་ཉོན་མོངས་བཅིངས་པ་རྣམས ཧཱུཾ་གིས་དུག་ཆེན་རབ་སྦྱངས་ཏེ ཨ་ནིྲ་སུ་ཏྲི་ཕྲེ་དུ་འགྱུར རཾ་ཡཾ་ཁཾ་ལས་མེ་རླུང་ཆུས འགྲོ་བ་རབ་སྦྱངས་ཧཱུཾ་དུ་གྱུར ཁམས་གསུམ་ཐམས་ཅད་རྡོ་རྗེ་སེམས ཏིལ་གྱི་གང་བུ་ལྟ་བུས་གང་ རྟ་མགྲིན་རྒྱལ་པོ་ཡེ་ཤེས་ལ བསྟིམས་པས་བྱང་ཆུབ་སེམས་རྒྱས་གྱུར ཡབ་ཡུམ་གཉིས་མེད་སྦྱོར་བའི་སྒྲས༔ ཡེ་ཤེས་ཁྲོ་བོ་སྤྱན་དྲངས་ངོ་ དེ་ནས་སྤྱན་འདྲེན་པ་ནི ཧཱུཾ་སྲིད་པ་ཕུར་བུར་སྒྲུབ་པ་དང་ དབང་དང་དངོས་གྲུབ་སྩོལ་བའི་

(༨༣༣)འུྃ ཕྱིར ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ ཁྲོ་བོ་ཆེན་པོ་གཤེགས་ནས་ཀྱང་ རྟགས་དང་མཚན་མ་སྟོན་པ་དང་ རྡོ་རྗེ་ཕུར་བའི་དངོས་གྲུབ་སྩོལ ཐུགས་རྗེའི་ལྕགས་ཀྱུས་རྒྱུད་བསྐུལ་ཞིང་ བྱམས་པའི་ཞགས་པས་སྤྱན་འདྲེན་ནོ ལྕགས་སྒྲོག་བཀའ་ཡི་ཕོ་ཉས་བཏབ བདེ་གཤེགས་དྲིལ་བུས་དགྱེས་པ་བསྐྱེད ཨེ་ཧྱ་ཧེ་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ བཞུགས་གསོལ་ནི ཧཱུཾ ཐུགས་མཆོག་གསལ་བའི་བྱིན་རླབས་ལས ཞེ་སྡང་གནས་སུ་འཇོམས་པ་དང་ མེ་ལོང་ཡེ་ཤེས་ཐོབ་བྱའི་ཕྱིར དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ དཀྱིལ་འཁོར་དབུས་སུ་བཞུགས་ནས་ཀྱང་ ཉོན་མོངས་མུན་པ་བསལ་དུ་གསོལ ས་མ་ཡ་ཏིཥྛ་ལྷན ཕྱག་འཚལ་ནི ཧཱུཾ་ཡང་དག་དོན་དུ་སྐུ་ནི་ཅིར་སྣང་ཡང་ བདུད་དང་སྲིན་པོའི་ང་རྒྱལ་མ་ཡིན་ཏེ འདུལ་བའི་དབང་གིས་རབ་རྔམས་མཆེ་བ་གཙིགས ཧཱུཾ་དང་ཕཊ་ཀྱི་སྒྲས་ནི་ཀུན་ཀྱང་བཀང་ ཉོན་མོངས་གདུག་པ་འདུལ་བའི་ཐུགས་རྗེ་

(༨༣༤)ཡིས བྱིན་རླབས་སྟེར་བའི་ལྷ་ལ་ཕྱག་འཚལ་ལོ ཨ་ཏི་པུ་ཧོ པྲ་ཏཱིཙྪ་ཧོ མཆོད་པ་ནི་སྤྲི་ན༔ སྒེག་དབའ་འཇིགས་རུང་སྐུ་ཡི་གར ཞེས་གར་དགུའི་མཆོད་པ་ནས་སྦྱོར་སྒྲོལ་གྱི་མཆོད་པའི་བར་ཐམས་ཅད་རྫོགས་པར་བྱ་ཞིང་ བསྡུ་ན་དེའི་ཚབ་ཏུ ཧཱུཾ་བླ་མེད་མཆོག་གི་མཆོད་པ་དམ་པ་ནི ཡེ་ཤེས་ལྔ་ཡིས་འོད་ཟེར་རྣམ་པར་འཕྲོ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྟའི་བར་དང་ སརྦ་པཉྩ་རཀྟ་བྷ་ལིངྟ་ཁཱ་ཧི རྒྱས་བསྡུས་ཇི་ལྟར་ཡང་ཕུར་བའི་སྒོས་ཆོས་རཀྟ་ཚར་གསུམ་ནི ཕུད་དང་རཀྟ་བསྲེས དང་པོ་ཕོ་ཉ་ལ་བཀའ་བསྒོས་ཏེ་མངོན་སྤྱོད་ཀྱི་ཚུལ་དུ་ཕུལ་ནས ཧཱུཾ་དངོས་གྲུབ་བར་གཅོད་བྱེད་པའི་བགེགས གདུག་ཅིང་སྡང་སེམས་ལྡན་པ་རྣམས ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས རྟོགས་ཤིག་གྲོགས་དང་བྲལ་བར་གྱིས རེངས་བར་ཁུག་ལ་སྨད་ཆུག་ཅིག ཕོབ་ཅིག་རྣམ་པར་གཟིར་བར་གྱིས

(༨༣༥)འུྃ ང་ཡི་དབང་དུ་གྱུར་ནས་ཀྱང་ བསྒོ་བའི་བཀའ་ནི་ཉན་པར་གྱིས མ་ཧཱ་རཀྟ་ཁཱ་ཧི གཉིས་པ་དམ་ཅན་ལ་ཐ་ཚིག་བསྒྲག་པའི་ཕྱིར་ཕུལ་ནས ཧཱུཾབྲན་དང་བཀའ་ཉན་ཕོ་ཉའི་ཚོགས ཁྱོད་ཀྱི་དམ་ཚིག་དུས་ལ་བབ སྔོན་ཆད་ཇི་ལྟར་དམ་བཅས་པའི མངོན་སྤྱོད་འཕྲིན་ལས་མྱུར་དུ་མཛོད མ་ཧཱ་རཀྟ་ཁཱ་ཧི གསུམ་པ་གནོད་བྱེད་ཀྱི་མཐུ་དང་རྫུ་འཕྲུལ་འཕྲོག་ཕྱིར་ཕུལ་ནས ཧཱུཾ་དངོས་གྲུབ་བར་ཆད་བྱེད་པའི་བགེགས གདུག་ཅིང་སྡང་སེམས་ལྡན་པ་རྣམས ལྷའམ་འོན་ཏེ་བདུད་ཀྱང་རུང་ ང་ལ་བར་ཆད་བྱེད་པ་རྣམས མཐུ་དང་རྫུ་འཕྲུལ་མེད་པར་མཛོད མ་ཧཱ་རཀྟ་ཁཱ་ཧི བསྟོད་པ་ནི ཧཱུཾ་སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་ དགོད་དང་གཤེ་དང་འཇིགས་པར་སྟོན་པ་དང་ སྙིང་རྗེ་རྔམ་ཞི་རྡོ་རྗེ་གཞོན་ནུའི་སྐུ ཞེ་སྡང་འཇོམས་པའི་ལྷ་ལ་ཕྱག་འཚལ་བསྟོད ཡབ་ཀྱི་ཐུགས་དམ་དགྱེས་པ་སྐོང་བའི་ཡུམ འཁོར་ལོ་རྒྱས་འདེབས་འདོད་ཆགས་འཇོམས་མ་དང་ ཨེ་ཀ་ཙ་ཏི་ཞེ་

(༨༣༦)སྡང་འཇོམས་མཛད་མ འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་ལ་བསྟོད ཡེ་ཤེས་ལྔ་ལྡན་ཕུར་བུས་དུག་ལྔ་འཇོམས འཕྲིན་ལས་ལྔ་ཡི་དྲེགས་པ་སྒྲོལ་བ་ལ ཐོགས་པ་མེད་པའི་ལས་མཛད་འདུས་པ་ལྔ སྲས་མཆོག་རིགས་ལྔའི་སྐུ་ལ་ཕྱག་འཚལ་བསྟོད ཡེ་ཤེས་རོལ་བའི་སྟོབས་བཅུས་མི་དགེ་འཇོམས སྐུ་གསུང་ཐུགས་ཀྱིས་གདུག་པ་སྒྲོལ་བར་མཛད ཡང་དག་དོན་གྱིས་ལོག་འདྲེན་འཇོམས་མཛད་པ ཁྲོ་བོ་ཡབ་ཡུམ་བཅུ་ལ་ཕྱག་འཚལ་བསྟོད བྱང་ཆུབ་བདེ་ལ་རོལ་བའི་ཕོ་ཉ་མོ གདུལ་བྱའི་དོན་ལ་ཁྲ་ཐབས་གཟུགས་འཛིན་ཅིང་ དྲེགས་པའི་ཚོགས་རྣམས་མ་ལུས་འདུལ་མཛད་པ ཕྲ་མེན་ཕོ་ཉའི་ཚོགས་ལ་ཕྱག་འཚལ་བསྟོད འཛབ་དགོངས་ནི སྒྲུབ་པ་དང་སྒྲུབ་ཆེན་སོགས་ལ བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཕཊཛས་འཛབ་ཁང་དབྱེ་ནས་བདག་མདུན་གྱི་རྣམ་པར་གསལ་བ་ཀུན་ལ་འགྲེ་ཞིང་བསྙེན་པ་ནི ཧཱུཾ་ཐུགས་ཀ་དཔལ་གྱི་བེའུའི་དཀྱིལ་འཁོར་ནས སྒོ་གཅིག་རིན་ཆེན་གཞལ་ཡས་ཁང་ བདེ་སྟོང་

(༨༣༧)འུྃ དབྱེར་མེད་ངང་ཉིད་ལས ཆོས་ཀྱི་སྐུ་ལས་ལོངས་སྐུར་ཤར པདྨ་ཟླ་བའི་གདན་ལ་བཞུགས སྐྱོན་གྱིས་མ་གོས་གཏི་མུག་སེལ ཡབ་ཡུམ་གཉིས་མེད་ཟག་མེད་སྐུ སྐུ་མདོག་དཀར་གསལ་རྣམ་དག་དབྱིངས རྡོ་རྗེ་དྲིལ་བུ་ཕྱག་ན་བསྣམས ཤེས་རབ་བྱང་ཆུབ་སེམས་དང་ལྡན རྟོགས་མེད་མི་འགྱུར་སྐྱིལ་ཀྲུང་བཞུགས མཁའ་དབྱིངས་བདེ་ཆེན་སྐུ་ལ་བསྟོད ཨོཾ་ནི་དཔལ་ཆེན་ཡབ་ཡིན་ཏེ བཛྲ་ཤེས་རབ་ཡུམ་ཡིན་ནོ། ཀཱི་ནི་ཡེ་ཤེས་ཁྲོ་བོ་ལ ལི་ནི་དབྱིངས་ཀྱི་ཁྲོ་མོ་ཡུམ ཀཱི་ནི་ཐབས་ཀྱི་མཆེ་བ་ཅན ལ་ནི་ཤེས་རབ་གཤོག་པ་ཅན ཡ་ནི་སྲས་མཆོག་ཕུར་བ་སྟེ ཧཱུཾ་ནི་ཕྱག་བརྙན་སྒོ་མ་བཞི སརྦ་ཐམས་ཅད་འདུས་པ་སྟེ བིག་ནི་དགྲ་དང་བགེགས་ཡིན་ཏེ ནན་ནི་དགྲ་དང་བགེགས་མནན་ནོ བཾ་ནི་དབང་དུ་སྡུད་པ་སྟེ༔ ཧཱུཾ་ནི་རླག་པར་བྱད་པའི ཕཊ་ཀྱིས་སྒྲོལ་བའི་འཕྲིན་ལས་མཛད༔ ཅེས་སོ ས་ཡ་ཐ་མ་བྱེ་བ་འབྲིང་ སྨིན་པར་འདོད་ལ་གྲངས་

(༨༣༨)ངེས་མེད འདི་ལ་ཡི་དམ་བྱེད་པ་རྣམས བར་ཆད་བདུད་ཀྱིས་མི་ཚུགས་ཤིང་ འཕྲིན་ལས་ཀུན་ལ་མངའ་བསྙེས་འགྱུར རྗེས་ལ་ཚོགས་ཀྱི་མཆོད་པ་སོགས ལས་གཞུང་བཞིན་དུ་ཤེས་པར་བྱ རྒྱུད་སྡེ་རྒྱ་མཚོའི་དོན་གྱི་དབྱིངས དགོངས་བརྡ་སྙན་རྒྱུད་ཤོག་སེར་ལས གཅུས་དཀྲུགས་གབ་པའི་གནད་གསལ་བ པདྨའི་རིང་ལུགས་དམ་པའོ ས་མ་ཡ རྒྱ་རྒྱ་རྒྱ ༈ ཁྲག་འཐུང་རིགས་བཞིའི་དགོས་སྒྲིབ་གཤིན་རྗེ་འཆི་བདག་ཟིལ་གནོན། རྟ་མགྲིན་ཁམས་གསུམ་རོལ་པ། ཡང་དག་སངས་རྒྱས་མཉམ་སྦྱོར། ཕུར་པ་བདུད་དཔུང་ཟིལ་གནོན་འདི་བཅས་རྒྱུ་སྦྱོར་བ་སྦྱིན་པའི་བདག་པོ་གོང་རྫོང་འཁྱམས་སྟོད་པས་དངུལ་སྲང་གསུམ། དོལ་གཞིས་རྩེ་དྲུང་བསྟན་འཛིན་ཆོས་གྲགས་ནས་དངུལ་སྲང་གང་ཞོ་ལྔ། ལས་དྲུང་ཞོལ་སྨད་པས་དངུལ་སྲང་དོ། །དོལ་ཁང་ཆུང་པས་སྣམ་ལྗང་ཐིག་སྦུབས་གཅིག །ཚེ་འདས་ཚེ་རིང་དབྱངས་ཅན་གྱིས་དགེ་རྩ་དངུལ་ཞོ་ལྔ། ཁ་འཕྲོས་དངུལ་སྲང་། དོ་དམ་ཟུང་ཕྱག་ནས་ལག་འདོན་བཅས་ཀྱིས་བར་དུ་བསྐྲུན་པས་འགྲོ་ཀུན་བྱང་ཆུབ་སྙིང་པོའི་གོ་འཕངས་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག། །།

(༨༣༩)འུྃ བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ལས༔ དཔལ་ཆེན་ཕྱག་རྒྱ་རྒྱས་པ་བཞུགས༔

(༨༤༠)འུྃ བཀའ་འདུས་ཆོས་ཀྱི་རྒྱ་མཚོར་འདུད སྟོང་པ་ཤིན་ཏུ་ཡོད་མེད་ཀྱི༔ རྣལ་འབྱོར་རྣམ་བཅས་ནམ་མཁའི་གཟུགས༔ སྤྱི་དཔལ་ཆེན་པོ་དོན་དམ་གྱི༔ ཕྱག་རྒྱ་རྒྱས་པ་ལྟར་སྒྲུབ་པ༔ ཤིན་ཏུ་ཟབ་ཕྱིར་གུད་དུ་སྦས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༈ ཆེ་མཆོག་བཛྲ་ཐོད་ཕྲེང་རྩལ༔ མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད༔ རྣམ་པར་ཐར་པའི་ཞབས་བརྒྱད་ཀྱིས༔ རྒྱལ་འགོང་བདུད་བཞི་སྤྱི་ནས་བརྫིས༔ དབུ་མའི་ཞལ་གསུམ་ཆོས་ཀྱི་སྐུ༔ ཁྲོ་དང་རྔམ་དང་བརྗིད་པ་དང་། གཡས་ཞལ་གསུམ་ནི་ལོངས་སྤྱོད་རྫོགས༔ དཀར་དམར་དགོད་གཤེ་ཆགས་པའི་ཉམས༔ གཡོན་ཞལ་གསུམ་ནི་སྤྲུལ་པའི་སྐུ༔ དམར་ནག་ཨམ་གཙིགས་འཇིགས་པར་སྟོན༔ རང་རང་ཞལ་ལ་སྐུ་གསུམ་རྫོགས༔ སྟོང་པ་བཅོ་བརྒྱད་རྫོགས་པའི་ཕྱག༔ དང་པོ་གཉིས་ཀྱིས་རྡོ་རྗེ་དུང་༔ གཟུང་འཛིན་ཆགས་སྡང་དབྱིངས་སུ་སྦྱོར༔ གཡས་པ་བརྒྱད་ན་མཐོང་ཐོས་སྣོམ༔ མྱོང་བའི་དབང་པོ་དག་པ་ལས༔ ཕྱི་སེམས་བྱམས་

(༨༤༡)འུྃ བསྒྲིབ་སེལ་དང་༔ ཀུན་ཏུ་བཟང་པོ་འཇམ་དཔལ་དབྱངས༔ རང་རང་དབང་ཤེས་དག་པ་ལས༔ ནང་སེམས་ས་སྙིང་རྡོ་རྗེ་འཛིན༔ ནམ་མཁའི་སྙིང་པོ་སྤྱན་རས་གཟིགས༔ གཡོན་པ་བརྒྱད་ན་དུས་བཞི་དང་༔ ཡུལ་བཞི་དག་པའི་བཙུན་མོ་བརྒྱད༔ བདུག་སྤོས་མེ་ཏོག་མར་མེ་དྲི སྒེག་མོ་གླུ་ཕྲེང་གར་མ་བསྣམས༔ ཐུགས་ཀ་དཔལ་གྱི་བེའུའི་དབྱིངས༔ ཡིད་ཆོས་གནས་དག་ཡེ་ཤེས་སེམས གདོད་མའི་མགོན་པོ་སྟང་དཔྱལ་སྦྱོར༔ ཕུང་པོ་ལྔ་དང་འབྱུང་བ་ལྔ༔ གནས་དག་རིགས་ལྔ་ཡབ་ཡུམ་བཅུ༔ དབུ་རྒྱན་བྷན་དྷའི་ནང་ན་བཞུགས༔ རྡོ་རྗེའི་བྱ་ཁྱུང་སྤྱི་བོར་ལྡིང་༔ དུར་ཁྲོད་དཔལ་གྱི་ཆས་རྣམས་རྫོགས༔ གནམ་ཞལ་ཡུམ་མཆོག་ཀུན་བཟང་སྦྱོར༔ ལ་སོགས་སྒྲུབ་ཐབས་གཞུང་བཞིན་སྦྱར༔ སྤྲོས་ལ་དགའ་ན་སྒོས་བཀའ་ཡང་༔ ཕྱག་རྒྱ་རྒྱས་པ་ལྟར་དུ་བསྐྱེད༔ བསྐལ་པའི་མེ་ལྟར་འབར་ཀློང་ནས༔ རང་བྱུང་ཡེ་ཤེས་ཁྲོ་ཚོགས་ཤར༔ ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ༔ ཤར་དུ་དབང་ཕྱུག་ཁྱོ་

(༨༤༢)ཤུག་བསྣོལ་བའི་སྟེང་༔ འབྲས་བུའི་ཡང་དག་སངས་རྒྱས་མཉམ་སྦྱོར་ནི༔ སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་བཞད་དང་གཡོན་དམར་གཤེ་བའི་ཞལ༔ རྩ་ཞལ་རྔམ་བརྗིད་ཧཱུཾ་ཕཊ་གད་རྒྱངས་སྒྲོག༔ ཐོད་སྐམ་དབུ་རྒྱན་ཁྲག་འཐུང་རིགས་ལྔས་བརྒྱན༔ སྤྱན་དགུ་སྡང་མིག་རྫི་སྨིན་ཨག་ཚོམ་འབར༔ གཡས་གསུམ་གནམ་ལྕགས་རྡོ་རྗེ་ཁ་ཊྭཱཾ་དང་༔ རུ་ཏྲའི་དཔྱི་ལས་གསང་བའི་རྡེའུ་ཆུང་༔ གཡན་གསུམ་དུང་དམར་རྒྱུ་ཞགས་ཁྱུང་ཁྲ་འགྱེད༔ ཞབས་བརྒྱད་གཡས་བསྐུམས་གཡོན་བརྐྱངས་དོར་སྟབས་བགྲད༔ རྡོ་རྗེའི་ཁྱུང་གཤོག་ལ་སོགས་དཔལ་ཆས་དང་༔ དུར་ཁྲོད་ཆས་རྫོགས་གར་དགུའི་རོལ་པས་བརྗིད༔ ཀྲོ་དྷི་ཤྭ་རླི་གཡས་པ་ཡབ་ལ་འཁྱུད༔ གཡོན་པ་ཐོད་ཁྲག་ཁྲོ་མེའི་ཆས་ཀུན་རྫོགས༔ རྣམ་ཤེས་རྣམ་དག་གོ་རཱི་བརྒྱད་ཀྱིས་བསྐོར༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུཾ་ཕཊ༔ ལྷོ་ཕྱོགས་ཨེ་ཡི་ཕོ་བྲང་དུ༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་༔ ཕྱོགས་སྐྱོང་མ་ཧེ་ཉི་ཟླའི་གདན༔ དབུས་སུ་ཟིལ་གནོན་ལྷུན་གྲུབ་སྐུ༔ མཐིང་ནག་དུག་ཆེན་ཧ་ལའི་མདོག༔ དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་པ་ཀུ་མུ་ཏ་འདྲ་བས༔ རོ་ཉེ་ཟ་

(༨༤༣)འུྃ དང་རྔམ་པར་གཟིགས༔ གཡོན་པ་རཱ་ག་གཉན་ཁྲི་གསོལ༔ དབུས་མཐིང་དགྲ་བགེགས་ས་བདག་ཟ༔ རྡོ་རྗེ་འཁོར་ལོ་རལ་གྲི་གཡས༔ བེ་ཅོན་གཏུན་ཤིང་སྡིགས་མཛུབ་འབར༔ གླང་ཆེན་ཀོ་རློན་དུར་ཁྲོད་ཆས༔ སྦྲུལ་དང་རིན་ཆེན་ཙིཏྟས་བརྒྱན༔ དབུ་ལ་རིགས་ལྔ་ཁྲོ་བོའི་སྐུ༔ དྲེགས་པའི་སྙིང་དང་ནཱ་གའི་མགོ༔ དོ་ཤལ་ཁྲོ་བོའི་ཆས་ཀ་རྫོགས༔ དེ་བཞིན་ཉིད་དབྱིངས་ཁྲོས་པའི་ཡུམ༔ མཐིང་ནག་སྙིང་སྟོབ་གྲི་ཐོགས་འཁྱུད༔ གཙོ་བོའི་ཐུགས་ཀར་ཡ་མའི་སྐུ༔ ཞེ་སྡང་རྡོ་རྗེ་སྨུག་ནག་འཇིགས༔ འཁོར་ལོ་ཙིཏྟ་ཕྱག་ན་བསྣམས༔ ཡ་མའི་ཐུགས་ཀར་དྲེགས་པ་ཆེ༔ ང་རྒྱལ་རྡོ་རྗེ་ལྗང་ནག་རྔམས༔ རྡོ་རྗེ་སྙིང་ཕྲེང་ཕྱག་ན་བསྣམས༔ དྲེགས་པའི་ཐུགས་ཀར་ཁྱམས་ཁང་སྟེ༔ ཕྲག་དོག་རྡོ་རྗེ་འཇིགས་པའི་སྐུ༔ རུས་སྦལ་འཇིང་བསྣོལ་ཐུར་དུ་བལྟ༔ སྤྱི་གཙུག་འདབ་ཆགས་ཀུ་མུ་ཏ༔ འདོད་ཆགས་རྡོ་རྗེ་ཟིལ་གནོན་སྐུ༔ རོ་ཉེ་འདྲེན་པའི་སྟོབས་དང་ལྡན༔ ཕྲག་དོག་ཁྱུད་མོ་སྔོ་ནག་གཉིས༔ ནུ་མར་སེངྒེ་དཔུང་བར་སྟག༔ སྟ་ཟུར་སྦྲུལ་ནག་ཅི་སྦྱར་རྔམས༔ ཁྲོ་ཆུང་མང་པོས་སྐུ་ལ་གཏམས༔ ལས་གཤིན་བཞི་དང་གྲུ་ཆད་བདག༔ གཤེད་ཆེན་

(༨༤༤)བཅུ་གཉིས་ཟླ་ཞག་གཤེད༔ བདུད་དང་མོན་པ་ཀི་ཀང་ཚོགས༔ ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ ཨེ་ཨ་ར་ལི་ཧཱུཾ་ཧྲཱིཛ ནུབ་ཏུ་ཀླུ་སྲིན་བསྣོལ་བའི་སྟེང་༔ དཔལ་ཆེན་རྟ་མཆོག་རོལ་པ་ནི༔ སྐུ་མདོག་དུས་མཐའི་མེ་ལྟར་འབར༔ དབུ་ལྔ་ཕྱག་ནི་བཅུ་དྲུག་ལ༔ ཁྱུང་གཤོག་གདངས་ཤིང་ཞབས་བརྒྱད་བགྲད༔ གཤོག་རྩེ་བྱ་ཁྱུང་ཉི་ཟླས་མཚན༔ དུར་ཁྲོད་དཔལ་གྱི་ཆས་རྣམས་རྫོགས༔ ཤར་ལྷོ་ནུབ་བྱང་གཟིགས་པའི་དབུ༔ དྲི་ཟ་གཤིན་རྗེ་གླུ་དབང་དང་༔ གནོད་སྦྱིན་གདོན་ལ་མྱ་ངན་བསྐྱེད༔ གཡས་སྔོ་གཡོན་དམར་ལྷག་མ་དམར༔ སྟེང་ཞལ་རྔམ་པ་བདུད་བཞི་འདུལ༔ ལྔ་ཀའང་རྟ་མགོ་ལྗང་ཞུར་འཚེར༔ རིགས་ལྔའི་རྒྱལ་ལ་གདན་གསུམ་རྫོགས༔ གཡས་པ་བརྒྱད་ཀྱི་དང་པོ་ནི༔ རྡོ་རྗེ་ཁ་ཊྭཱཾ་དྲིལ་བུ་དང་༔ ལྕགས་ཀྱུ་སྦྲུལ་ཞགས་འཁོར་ལོའི་མཚོན༔ རལ་གྲི་རྡོ་རྗེ་ཕྲེང་བའོ༔ གཡོན་བརྒྱད་ཐོད་ཁྲག་པདྨ་སྙིང་༔ དབྱུག་པ་རྒྱ་གྲམ་བེ་ཅོན་མེ༔ ཏྲི་ཤུ་ལ་དང་ཁྱུང་ཁྲ་འགྱེད༔ ཞབས་བརྒྱད་ཀླུ་བརྒྱད་རྒྱལ་བསེན་བརྫིས༔ ཡུམ་ཆེན་པདྨ་གཟི་ལྡན་མ༔ གཡས་པ་ཡིད་བཞིན་ནོར་འཛིན་འཁྱུད༔ གཡོན་པ་རིན་ཆེན་ཟ་མ་ཏོག༔ གོ་བ་མ་དྲུག་ཡུམ་ཆེན་བཞི༔ ཁམ་རྒྱད་མུས་ལོང་ཁྱི་སྤྱང་ཚོགས༔ ཕོ་ཉ་སུམ་བརྒྱ་དྲུག་ཅུས་

(༨༤༥)འུྃ ༡༢བསྐོར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུཾ་ཕཊ༔ བྱང་དུ་རུ་ཏྲ་བདུད་བཞིའི་སྟེང་༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ སྙིང་རྗེ་རྔམ་ཞིའི་ངང་ཉིད་ལས༔ སྒེག་དབའ་འཇིགས་སུ་རུང་བའི་སྐུ༔ རྫུ་འཕྲུལ་ཞབས་བཞི་དོར་སྟབས་བགྲད༔ རྣམ་པར་ཐར་པའི་དབུ་གསུམ་གྱིས༔ སྐྲག་མཛད་བཞད་གཤེ་ཁྲོ་བོའི་ཞལ༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ སྤྱན་དམར་སྨིན་མ་སྨ་ར་སེར༔ ཁྲོ་གཉེར་ཆུ་ཡི་རླབས་བཞིན་འཁྲུགས༔ ཕྱག་དྲུག་གཡས་ཀྱི་དང་པོ་ཡིས༔ གསེར་གྱི་རྡོ་རྗེ་རྩེ་དགུ་དང་༔ བར་པ་རྡོ་རྗེ་རྩེ་ལྔ་བསྣམས༔ གཡོན་གྱི་དང་པོ་མེ་དཔུང་དང་༔ བར་པ་ཁ་ཊྭཱཾ་རྩེ་གསུམ་འཛིན༔ མཐར་གཉིས་རི་རབ་ཕུར་པ་འདྲིལ༔ མཐིང་ནག་སྐུ་ལ་དུར་ཁྲོད་ཆས༔ རིགས་ལྔ་ཐོད་པ་ལྔ་ཡིས་བརྒྱན༔ འཁོར་ལོ་རྒྱས་འདེབས། །དེ་བའི་ཡུམ༔ ཞལ་གཅིག་ཕྱག་གཉིས་ཐོད་སྦྲུལ་བརྒྱན༔ དྲིལ་བུ་ཐོད་ཁྲག་འཛིན་པས་འཁྱུད༔ ཨེ་ཀ་ཛ་ཏི་སྒྲོལ་བའི་ཡུམ༔ གྲི་གུག་ཐོད་ཁྲག་ཁམས་གསུམ་སྒྲོལ༔ རེས་འགའ་ཁ་ཊྭཱཾ་རྩེ་གསུམ་བསྣམས༔ གཡེར་ཀ་དྲིལ་བུ་ཉིད་ལས་ཀྱང་༔ རྟོག་མེད་ཆོས་ཀྱི་སྒྲ་འབྱིན་ཅིང་༔ མ་མོ་དྲུག་ཅུ་ཕོ་ཉར་འགྱེད༔ སྲས་མཆོག་རིགས་ལྔ་ཁྲོ་བོ་བཅུ༔

(༨༤༦)ཕྲ་ཕྱག་དམ་ཅན་ཚོགས་ཀྱིས་བསྐོར༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ༔ ཤར་ལྷོར་བླ་མེད་ཧེ་རུ་ཀ༔ ལ་སོགས་རྩ་བའི་གཞུང་ལྟར་ལ༔ གཙོ་བོའི་དོན་རྟོགས་བསྟོད་པའི་མའི༔ སྐུ་གསུམ་དབུ་ནི་སྟོབས་བཅུའི་དབྱིངས་ལ་རྫོགས༔ མ་འདྲེས་བཅོ་བརྒྱད་ལྡན་པའི་ཕྱག་ཆ་ཡིས༔ ཡུལ་དང་ཡུལ་ཅན་ལྷར་སྣང་ཕྱག་རྒྱ་ཆེ༔ བདེ་སྟོང་སྒྱུ་འཕྲུལ་དྲ་བ་སྦྱོར་ལ་བསྟོད༔ ཀུན་གཞི་ཡིད་ཆོས་ཕུང་ཁམས་སྐྱེ་མཆེད་ཚོགས༔ སྐུ་གསུམ་ཡན་ལག་བདུན་ལྡན་རྣམ་བྱང་གི༔ བཞིན་ལག་མཚན་དཔེར་ཤར་བའི་ཧེ་རུ་ཀ རྣམ་པ་ཀུན་གྱི་མཆོག་ལྡན་ཁྱོད་ལ་བསྟོད ཆོས་ཉིད་གཅིག་ལ་སོགས་འཁོར་གྱི་བསྟོད་པ་སྦྲེལ༔ འདི་ནི་རྡོ་རྗེའི་ལམ་ཀུན་གྱི༔ བཀའ་འདུས་ཆོས་ཀྱི་རྒྱ་མཚོ་བསྟེན༔ ཕུང་ཁམས་ཚོགས་བརྒྱད་གཞན་དབང་ཅན༔ གདན་གསུམ་ཡོངས་གྲུབ་ཆེན་པོར་རྒྱ༔ གང་ཞིག་ཀུན་བརྟགས་བསྐྱེད་རིམ་ལ༔ ལྷར་སྣང་ཕྱག་རྒྱ་ཆེན་པོ་རུ༔ འདོད་པ་སྔགས་ཀྱི་གཟུགས་བརྙན་དེས༔ རྒྱུད་ལྔའི་བག་ཆགས་སྤྱོད་མི་ནུས༔ དེ་ཕྱིར་འདི་ནི་ཤེས་རབ་དང་༔ མོས་གུས་ཅན་གྱི་ཆོས་སྐལ་ཏེ༔ སྔགས་ཀྱི་བསྟན་པ་ཉམས་པའི་ཚེ༔ ལས་འཕྲོ་ཅན་གྱི་དཔལ་དུ་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྷ་ཐིམ༔

(༨༤༧)འུྃ ཐུགས་སྒྲུབ་དཔལ་ཆེན་འདུས་པ་ལས ཁྲག་འཐུང་རིགས་བཞིའི་སྒོས་དབང་བཞུགས

(༨༤༨)འུྃ རིགས་བཞི་ཧེ་རུ་ཀ་ལ་འདུད དབང་བསྐུར་མ་རྫོགས་དོན་ལ་གཡེལ རྒྱལ་བུ་རྒྱལ་སར་མ་ཕྱིན་པ༔ དེ་སྲིད་རྒྱལ་པོའི་མིང་མི་ཐོབ དེ་ལ་སྒོས་དབང་ཁྱད་པར་ནི སོ་སོའི་དཀྱིལ་འཁོར་དབང་རྫས་རྣམས འདུ་བྱས་རང་རང་གཞུང་བཞིན་སྒྲུབས བུམ་པར་དམིགས་ཕྱེད་བསྐྱེད་བཟླས་བྱ སྡོམ་བཟུང་དཀྱིལ་འཁོར་བསྟན་པའི་རྗེས བཀྲ་ཤིས་བུམ་པའི་མལ་དག་ཏུ གཤིན་རྗེའི་གཤེད་པོའི་བུམ་དབང་ནི ཧོ ཡེ་ཤེས་ལྷུན་གྲུབ་བུམ་པ་ཡི བརྟུལ་ཞུགས་དག་པའི་དབང་བསྐུར་བས འཁོར་བ་རྣམ་དག་ཆོས་སྐུར་གསལ རང་བྱུང་ཡེ་ཤེས་དབང་ཐོབ་ཤོག ཨེ་ཀ་ཡ་མ་གུ་ཧྱ་བྷ་ག་བྷོ་དྷི་ཙིཏྟ་ཧོ དེ་ནས་དུར་ཁྲོད་རྒྱན་གྱི་དབང་༔ ཧོ གླང་ཆེན་སྟག་ཤམ་ཞིང་ལྤགས་སྦྲུལ༔ ཐོད་པ་སྙིང་

(༨༤༩)འུྃ ཕྲེང་ཀེང་རུས་རྒྱན མེ་རི་དུར་ཁྲོད་དབང་བསྐུར་བས༔ དྲེགས་པའི་སྟོབས་དང་ལྡན་པར་ཤོག ཨེ་ཀ་ཡ་མ་ཧ་སྟི་མ་ཧཱ་ནཱ་ཀ་པཱ་ལི་ཙིཏྟ་ཛྭ་ལ་ནི་རི་ཧོ དེ་ནས་ཕྱག་མཚན་དབང་སྦྱིན་ལ༔ ཧོ རྡོ་རྗེ་བེ་ཅོན་དུག་ལྔ་ཟིལ་གྱིས་གནོན འཁོར་ལོ་གཏུན་ཤིང་གདུག་པ་གནས་སུ་འཇོམས རལ་གྲི་སྡིགས་མཛུབ་དུག་གསུམ་སྐུ་གསུམ་རྫོགས རིག་པ་སྟོབས་ཀྱི་སྒོ་གསུམ་དབང་ཐོབ་ཤོག ཨེ་ཀ་ཡ་མ་བྷི་ཧ་ཧུ་སྟི་ས་ར་ས་ཧོ མཉམ་པའི་བརྟུལ་ཞུགས་བམ་ཆེན་གྱི་དབང་ནི ཧོ རྡོ་རྗེ་པདྨ་མཉམ་སྦྱོར་ནས པདྨ་རཀྟ་བྱང་ཆུབ་སེམས བམ་ཆེན་སྨེ་བའི་དོན་དང་སྦྱར༔ བརྟུལ་ཞུགས་རོལ་པའི་དབང་བསྐུར་བས མི་ཟད་རྒྱན་གྱི་དབང་ཐོབ་ཤོག ཨེ་ཀ་ཡ་མ་གུ་ཧྱ་རཀྟ་བྷོ་དྷི་ཙིཏྟ་ཧོ མཾ་

(༨༥༠)ས་རཀྟ་ཙིཏྟ་ཧོ སྥུ་ཏ་ཀེ༚་ནི་རི་ཏི་ཧོ དཔའ་བརྟུལ་སྔགས་ཀྱིས་གཟི་སྦྱིན་བསྐྱེད ཧོ བམ་ཆེན་རོ་ལ་མཉམ་པར་རོལ རྡོ་རྗེ་བརྗིད་པའི་དབང་ཐོབ་ནས བདེ་ཆེན་མཉམ་ཉིད་ཐོབ་བར་ཤོག ཨེ་ཀ་ཡ་མ་ཨ་ཏི་པ་ཏི་སིདྡྷི་ཧོ ལོངས་སྤྱོད་དག་པའི་དབང་བསྐུར་ནི ཧཱུཾ འཆི་མེད་རང་བྱུང་ར་ས་ཡན བཀྲ་ཤིས་མཚན་ལྡན་ལྷག་པའི་རྫས འཕེལ་འགྲིབ་མེད་པར་དབང་བསྐུར་བས རིགས་ལྔ་ཡེ་ཤེས་ལྔ་ཐོབ་ཤོག ཨེ་ཀ་ཡ་མ་སརྦ་པཉྩ་ཨ་མྲྀ་ཏ་ཛྙཱ་ན་བུདྡྷ་ཧོ ཚེག་ལ་བྱིན་ནས ཧོ བཀྲ་ཤིས་དངོས་གྲུབ་གའུ་རུ མི་འགྱུར་བརྟན་པའི་ཚེ་བསྐྱིལ་ནས རང་རྟགས་ཚེ་ཡིས་དབང་བསྐུར་བས འཆི་མེད་བརྟན་པའི་དབང་ཐོབ་ཤོག ཨེ་ཀ་ཡ་མ་ཨཱ་ཡུཛྙཱ་ན་སིདྡྷི་ཧོ གཏོར་མ་གཏད་ནས། ཧོ སྣོད་ཀྱི་འཇིག་རྟེན་གཏོར་གཞོང་དུ བཅུད་ཀྱི་འཇིག་རྟེན་གཏོར་མར་གསལ འབྱུང་བ་རྣམ་ལྔ་གཏོར་མའི་རྒྱུ ལྷུན་གྲུབ་ཀུན་འབྱུང་གཏོར་མའི་རྒྱན འཛིན་ཆགས་མེད་པའི་སྟོབས་ཀྱིས་རོལ ཨེ་ཀ་ཡ་མ་མ་ཧཱ་བ་ལིངྟ་པཱུ་ཛཧོ མནའ་

(༨༥༡)འུྃ ཆུ་བླུད་ལ་དམ་ཚིག་བསྒྲག ཧོ སྣོད་མེད་བརྟུལ་ཞུགས་ཞན་པ་ལ སྤེལ་ཞིང་སྨྲས་ན་རྡོ་རྗེ་ཁྲོ་བོ་དང་ གཏུམ་པོ་གནོད་སྦྱིན་མཁའ་འགྲོ་དབང་ཆེན་གྱིས ལུས་འདྲལ་མགོ་གཤགས་ཙིཏྟ་ཁྲག་ཏུ་འཐུང་ ཁྱོད་ཀྱི་རྡོ་རྗེ་འཆང་ཆེན་ང་ཡིན་པས བཀའ་ཡི་ཟུར་ཡང་བཅག་པར་བྱ་བ་མིན བསྒོ་བ་བྱོས་ལ་དམ་ཚིག་སྲོག་ལྟར་སྲུངས གལ་ཏེ་འདས་ན་རྡོ་རྗེའི་དམྱལ་བར་ལྟུང་ ཨེ་ཀ་ཡ་མ་དུ་ན་རཀྟཾ་ཧོ འདི་ནི་རྡོ་རྗེ་དམྱལ་བའི་ཆུ ཚུལ་འདི་བསྲུངས་ན་དངོས་གྲུབ་ཐོབ ཉམས་ན་ཙིཏྟ་གཤགས་ཏེ་འཕོ རྡོ་རྗེའི་ཆུ་འདི་ཁྱོད་ཀྱིས་ལོངས། །བཛྲོད་ཀ་ཨི་དཾ་ཧོ རྗེས་ལ་ཚོགས་ཀྱི་འཁོར་ལོ་བྱ བམ་ཆེན་གསང་བའི་དབང་བསྐུར་ཏེ རྒྱུད་ཀྱི་ངེས་པ་ཁོ་ནའོ ས་མ་ཡ འུཾ རྟ་མཆོག་རོལ་པའི་སྒོས་དབང་ནི ས་ཆོག་སྟ་གོན་གཞུང་བཞིན་ལ ཕོ་བྲང་ལྟེ་བའི་ལྷ་གནས་དང་ བསྐྱེད་རིམ་རོལ་པའི་གཞུང་ལ་བརྟེན བུམ་པར་དམིགས་བྱེད་བཟླས་པ་བྱ བུམ་དབང་ཡན་ཆད་

(༨༥༢)གཞུང་ལྟར་ལ ལྷ་དབང་ཁྱད་པར་འདི་ལྟར་དབྱེ གཙོ་བོའི་སྐུ་སྤྱི་བོར་བཞག་ལ ཨེ་མ་གསང་མཆོག་གསང་བའི་བདག རིག་པ་བདེ་ཆེན་རྒྱལ་བའི་ཡབ སངས་རྒྱས་ཀུན་འདུས་རྒྱལ་པོ་ཡི སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས རིགས་ཀྱི་དབང་མཆོག་ཐོབ་པར་ཤོག ཀྲོ་ཏ་དེ་ཝཱ་ཨ་ཨཱཨ་བྷི་ཥིཉྩ་ཧཱུཾ རྟ་མགོ་ལྔས་དབང་བསྐུར་ལ ཧཱུཾ་དཔའ་བོ་ཡེ་ཤེས་སྒོ་སྲུང་ནི ཟླ་གམ་འོད་ཀྱི་ཐིག་ལེ་ཆེ འབར་བའི་ཡེ་ཤེས་རྟ་མགོ་ལྔས རྟ་མགྲིན་དབང་གི་སྐུ་ཐོབ་ཤོག ཧྱ་གྷྲི་ཝ་ཛྙཱ་ན་ཧྲཱིཧྲཱིཧྲཱིཧྲཱིཧྲཱིཨ་བྷི་ཥིཉྩ་ཧཱུཾ གཤོག་པས་དབང་བསྐུར་ལ ཧཱུཾ གཡས་པ་རྡོ་རྗེའི་གཤོག་པ་བརྒྱད་དུ་གདེངས གཡོན་པ་རིན་ཆེན་གཤོག་པ་བརྒྱད་དུ་གདེངས སྟེང་དང་འོག་དང་བར་བར་ན རྡོ་རྗེ་ཐེའུ་གཤོག་རེ་རེས་བརྒྱན གཤོག་པའི་དང་རུ་རྩེ་མཆན་ལ༔ དབང་གི་སྤྲུལ་པ་ཆེན་པོ་ནི བྱ་ཁྱུང་འབར་བའི་སྐུར་བསྟན་འདིས དེ་རིང་ཁྱོད་ལ་དབང་བསྐུར་བས༔ ཀླུ་གཉན་འདུལ་བའི་དབང་ཐོབ་ཤོག

(༨༥༣)འུྃ ཙིཏྟ་བཛྲ་ག་རུ་ཊ་ཨ་བྷི་ཥིཉྩ་ཧཱུཾ དུར་ཁྲོད་ཆས་བརྒྱད་གཏད་ལ ཧཱུཾ དཔལ་གྱི་སྐུ་མཆོག་གཉིས་མེད་རོལ་པའི་སྟབས དུར་ཁྲོད་ཆས་བརྒྱད་གསང་བའི་ངང་དུ་རོལ དུར་ཁྲོད་ཆེན་པོའི་དབང་མཆོག་འདི་བསྐུར་བས༔ ཏན་གན་རོལ་བ་རྟགས་ཆེན་དབང་ཐོབ་ཤོག ཧཱུཾ་ཀྲོ་དྷ་ཧུ་ལུ་ཧཱུཾ་ཕཊ ཨ་བྷི་ཤིཉྩ་ཧཱུཾ དཔལ་གྱི་ཆས་བརྒྱད་གཏད་ལ ཧཱུཾ དཔའ་བོ་ཏིང་འཛིན་རྣོན་པོ་སྟག་གི་ཆས རྣོ་གདུག་ཟློག་བྱེད་རྒྱ་གྲམ་ལྕགས་ཀྱི་ཆས ཤེས་རབ་ཏིང་འཛིན་རྡོ་རྗེ་འཆོལ་བའི་ཆས དབང་གི་བསེ་ཁྲབ་དམར་པོ་གཟི་བརྗིད་ཆས༔ དཔའ་བརྗིད་མཉེན་ལྕུག་སྦྲུལ་ནག་རྒྱན་གྱི་ཆས དབང་ཕྱུག་ཟ་བྱེད་ཏིང་འཛིན་མཆེ་བའི་ཚས རྡོ་རྗེའི་སླག་པ་མཐིང་ག་ལེབ་རྒན་ཆས༔ སྡུད་བྱེད་གཅན་གཟན་གཏུམ་པ་གཟིག་གི་ཆས བསྐུར་བས་རྣམ་ཐར་བརྒྱད་དང་ལྡན་པར་ཤོག རྩ་སྔགས་མཐར་ཀརྨཱ་ཨ་བྷི་ཥིཉྩ་ཧཱུཾ ཕྱག་མཚན་རྣམས་གཏད་ལ ཧཱུཾ རྡོ་རྗེ་ཁ་ཊྭཱཾ་དྲིལ་བུ་ལྕགས་

(༨༥༤)ཀྱུ་དང་ སྦྲུལ་ཞགས་མཚོན་ཆ་འཁོར་ལོ་རལ་གྲི་འབར རྡོ་རྗེའི་ཕྲེང་བ་ཐོད་ཁྲག་པདྨ་སྙིང་ དབྱུག་པ་རྒྱ་གྲམ་མེ་དཔུང་འབར ཏྲི་ཤུ་ལ་དང་ཁྱུབ་ཁྲ་འབར་བ་ཡིས རྒྱུད་དྲུག་རྩད་ནས་འབྱིན་པའི་དབང་ཐོབ་ཤོག རྩ་སྔགས་མཐར་མ་ཧཱ་མུ་དྲ་ཨ་བྷི་ཥིཉྩ་ཧཱུཾ ཡེ་ཤེས་སེམས་དཔའ་གཏད་ལ ཧཱུཾ ཐུགས་ཀར་སྔས་པ་གསང་བའི་ཡུམ རྒྱལ་བས་བསྔགས་པའི་གཟི་ལྡན་པདྨ་ཅན གསང་མཛོད་ཡུམ་གྱི་དབང་བསྐུར་བས ཤེས་རབ་ཕ་རོལ་ཕྱིན་མའི་དབང་ཐོབ་ཤོག པདྨ་རཱ་ག་ཀྲོ་དྷ་མ་ཨ་བྷི་ཥིཉྩ་ཧཱུཾ གོ་ལ་མ་དྲུག་དང་ཡུམ་བཞི་གཏད་ལ ཧཱུཾ སྲིད་གསུམ་སྒྲོལ་ཞིང་ལས་མཛད་དམ་སྲང་མ གསུང་ བྱ་དྲག་པོ་འདུལ་བའི་དབང་མོ་ཆེ གོ་ལ་མ་དང་ཡུམ་བཞིར་སྟོན་པ་སྟེ གསང་བའི་ལས་མཛད་མ་སྲིང་དབང་ཐོབ་ཤོག མ་མ་རུ་ཙ་ཨ་བྷི་ཥིཉྩ་ཧཱུཾ ཁོང་བརྒྱབ་འབྲེལ་གཏད་ལ ཧཱུཾ ཉོན་མོངས་དུག་གསུམ་ནད་ཀྱིས་གདུངས་པ་ཡི བདུད་དང་སྲིན་པོ་མ་ལུས་འདུལ་བ་དང་ ལས་ཀྱི་མཐའ་རྣམས་གྲུབ་པར་བྱ་བའི་ཕྱིར མཁའ་འགྲོ་

(༨༥༥)འུྃ དམུས་ལོང་ཚོགས་ཀྱི་དབང་བསྐུར་བས རྒྱབ་འབྲེལ་སུམ་ཅུ་རྩ་གཉིས་ལས་འཁོལ་ཤོག ཁྱི་སྤྱང་རྣམས་གཏད་ལ ཧཱུཾ ཡུལ་བརྒྱད་གནས་སུ་དག་པ་ཁྱི་སྤྱང་ཚུལ འགུགས་འདྲེན་ལས་ཀྱིས་དཔལ་གྱི་ཐུགས་དམ་སྐོང་ ཐོགས་མེད་སྒྲོལ་བའི་མཐུ་ལྡན་དབང་ཐོབ་ཤོག ཀུ་ཛ ཀུ་ཛ ཀུ་ཛ ཀུ་ཛ ཀུ་ཛ ཀུ་ཛ༔ ཀུ་ཛ ཀུ་ཛ ཨ་བྷི་ཥིཉྩ་ཧཱུཾ སྒོ་བ་བཞི་གཏད་ལ ཧཱུཾ ཡེ་ཤེས་དགུ་ཡིས་དོན་ལྡན་ཞིང་ ཐེག་པ་དགུ་ཡི་བྱེ་བྲག་ཚུལ མགོ་དགུ་ལ་སོགས་རྐང་གཅིག་ལྡན༔ སྒོ་བ་བཞི་ཡི་དབང་ཐོབ་ཤོག ཛ༔ ཧཱུཾ་བཾ་ཧོ ཨ་བྷི་ཥིཉྩ་ཧཱུཾ ཡི་གེ་འབྲུ་ལྔ་གནས་ལྔར་གཏད་ལ ཧཱུཾ ལྷ་ཡི་སྙན་དང་ལྷ་ཡི་སྤྱན དེ་བཞིན་སྔོན་གནས་རྗེས་དྲན་སོགས མངོན་ཤེས་ལྔ་ཡི་དབང་ཐོབ་ཤོག ཨོཾ་ཨཱཧཱུཾ་སྭཱ་ཧཱཨ་བྷི་ཥིཉྩ་ཧཱུཾ དེ་ནས་དྲག་པོ་སྒྲོལ་བའི་དབང་ རཱུ་བར་དགྲ་བགེགས་དགུགས་ཅིང་གཞུག༔ ཕུར་པ་སློང་བུའི་ལག་ཏུ་གཏད ཧཱུཾ དབྱིངས་དང་ཡེ་ཤེས་དོན་གྱི་ཕོ་ཉ་དང་ ཐབས་དང་

(༨༥༦)ཤེས་རབ་རྟགས་ཀྱི་ཕོ་ཉ་མོ རྡོ་རྗེ་དབང་གི་ཕུར་པ་འདི་བྱིན་པས༔ ཡེ་ཤེས་དབྱིངས་ལ་ཕུར་པ་འདེབས་པར་ཤོག རྩ་སྔགས་མཐར་ནྀྲ་ཏྲི་ཤ་ཏྲཱུཾ་མཱ་ར་ཡ་ཕཊ དེ་ནས་གོང་མའི་དབང་གསུམ་པོ གཞུང་བཞིན་བསྐུར་ལ་དམ་ཚིག་བསྒྲགས༔ རྗེས་ཀྱི་བྱ་བ་སྤྱི་དང་མཐུན༔ ས་མ་ཡ འུཾ ཆོས་དབྱིངས་ཡང་དག་ཐུགས་རྡོ་རྗེ ཟླ་གམ་དགུ་བའི་སྒོས་དབང་ནི༔ ས་ཆོག་སྟ་གོན་གཞུང་བཞིན་ལ། ཕོ་བྲང་ལྟེ་བའི་ལྷ་གནས་བསྒྱུར མར་མེ་དགུ་དང་བྷནྡྷ་ནི དུམ་བུ་གཅིག་པར་ཞིང་རས་སྦྱར༔ གཙོ་བོའི་སྐུའམ་སྔགས་བྱང་བྲི༔ ལྡིང་ཁྲིར་བཀོད་ཅིང་དབང་རྫས་གཞན གཞུང་བཞིན་བཤམས་ལ་མངོན་རྟོགས་སྒོམ༔ བུམ་དམིགས་ཕྱེད་པའི་བཟླས་པའང་བྱ རིགས་དབང་ལྔ་ཡན་གཞུང་བཞིན་ལ་མཐར་བརྟེན་བུམ་པའི་ཆུ་དབང་ནི ཧཱུཾ སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི ཆོས་དབྱིངས་ཡུམ་གྱི་བུམ་བ་ནས༔ འདི་ཉིད་ལ་ནི་དབང་བསྐུར་བས༔ བག་ཆགས་མ་ལུས་དག་གྱུར་ཅིག༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ ཞེས་དང་ཐོད་སྐུ་སྤྱི་བོར་བཞག

(༨༥༧)འུྃ ཧཱུཾ སངས་རྒྱས་ཀུན་གྱི་སྐུ་ཡི་དབང་ ཕྱག་མཚན་རྡོ་རྗེ་ཀ་པཱ་ལ སྐུ་ཡི་དངོས་གྲུབ་ཐོབ་བྱེད་པ ཁྲག་འཐུང་ཡབ་ཡུམ་དབང་བསྐུར་རོ ཨོ་ཀ་བཱ་ལ་སིདྡྷི་ཧེ་རུ་ཀ་ཀ་པཱ་ལ་ཨ་བྷི་ཥིཉྩ་ཧཱུཾ སྤྱི་བོར་བཞག་པས་ཐིམ་པར་བསམ༔ དྲིལ་བུའི་དབང་ནི༔ ཧཱུཾ སངས་རྒྱས་ཀུན་གྱི་གསུང་གི་དབང་༔ ཤེས་རབ་དབྱངས་ཀྱི་རྗེས་འགྲོ་བ༔ མཁའ་འགྲོ་སྒྱུ་མའི་སྙིང་པོ་འདི གྲགས་སྟོང་གསུང་གི་དངོས་གྲུབ་ཐོབ༔ ཝཱཀྐ་ཨ་བྷི་ཥིཉྩ་ཨཱ ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ ཞེས་འཁྲོལ་ཞིང་གཏད་ནས་སྒྲ་གྲགས་སྟོང་ལས་ཆོས་ཉིད་ཀྱི་དོན་ངོ་སྤྲད༔ རྡོ་རྗེ་གཏད་ལ ཧཱུཾ སངས་རྒྱས་ཀུན་གྱི་ཐུགས་ཀྱི་དབང་ གཉིས་མེད་ཡེ་ཤེས་བསྐྱེད་པ་པོ རྡོ་རྗེ་ལྟ་བུའི་ཏིང་འཛིན་ནི ཆོས་ཀྱི་རྒྱལ་པོར་དབང་བསྐུར་རོ ཙིཏྟ་སིདྡྷི་བཛྲ་ཨ་བྷི་ཥིཉྩ་ཧཱུཾ རྡོ་རྗེ་གཏད་དེ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེའི་ཆོས་བདུན་ལྡན་དུ་ངོ་སྤྲད༔ རྡོར་དྲིལ་ཟུང་འཇུག་ཏུ་གཏད་ནས༔ ཧཱུཾ ཐབས་དང་ཤེས་རབ་གཉིས་མེད་པའི དམ་ཚིག་རྡོ་རྗེ་དྲིལ་བུ་འདི༔ ཡོན་

(༨༥༨)ཏན་འཕྲིན་ལས་བསྒྲུབ་པའི་ཕྱིར འཕྲིན་ལས་རྫོགས་བྱེད་དབང་བསྐུར་རོ ཨོཾ་བཛྲ་གཎྜཱེ་ཨ་བྷི་ཥིཉྩ་མཾ ཁ་ཊྭཱཾ་ཀ་དང་གསང་བའི་རྡེའུ་ཆུང་གཏད་ལ ཧཱུཾ ཧེ་རུ་ཀ་དཔལ་ཁ་ཊྭཱཾ་ཀ མཁའ་འགྲོ་འབོད་པའི་རྡེའུ་ཆུང་ དཔའ་བོ་ཆེན་པོས་བླང་བར་བགྱི༔ ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་ མར་མེ་རྣམས་གཏད་ལ༔ ཧཱུྃ སྐྱེ་མེད་དབྱིངས་ལས་ཡེ་ཤེས་ཆེ སེམས་ཅན་མ་རིག་མུན་པ་སེལ སེམས་ཉིད་འོད་གསལ་ཆོས་ཀྱི་དབྱིངས༔ གསལ་བྱེད་མར་མེས་དབང་བསྐུར་རོ ཨོཾ་བཛྲ་ཨཱ་ལོ་ཀེ་ཛྙཱ་ན་ཨ་བྷི་ཥིཉྩ་མཾ༔ དེ་ལྟར་དབང་དྲུག་གི་བྱིན་རློབས་ལས་དབང་པོ་དྲུག་དང་སྐྱེ་མཆེད་བྱེད་པའི་རྣམ་པར་ཤེས་པའི་ཚོགས་དྲུག་འགགས་ནས་ཡེ་ཤེས་དྲུག་མངོན་དུ་གསལ་བ་ཡིན་ནོ ཞེས་རྟོགས་པ་བསྐྱེད དེ་ནས་དག་བརྗོད་ནི གལ་པོ་ལས གཞལ་ཡས་ཁང་ཆེན་ཡེ་ཤེས་ཏེ འཁོར་འདས་མཉམ་པ་གྲུ་བཞི་བ སྒོ་བཞི་དྲན་པ་ཉེར་གཞག་བཞི༔ རྣམ་ཐར་བརྒྱད་ལྡན་རྟ་བབས་སོ རིན་ཆེན་སྒོ་སྟེ་ཐུགས་རྗེའི་དང་༔ ཡང་དག་སྤོང་བཞི་ཏྭ་

(༨༥༩)འུྃ ར་ཎ དྲན་པ་ཉེར་གཞག་སྒོ་འཁྱུད་དང་ རྫུ་འཕྲུལ་རྐང་བཞི་སྒོ་ཡི་ཁྱམས ཕྲེང་བ་བྱང་ཆུབ་ཡན་ལག་བདུན༔ འཕགས་ལམ་བརྒྱད་ཀྱི་ཀ་བ་མཛེས༔ ལམ་གྱི་ཡེ་ཤེས་རྔ་ཡབ་དང་ ཉོན་མོངས་ཚོགས་འཇོམས་མུ་ཏིག་ཕྲེང་༔ དྲིལ་བུ་བ་དན་རླུང་བསྐྱོད་པ ཤེས་རབ་ཆོས་ཀྱི་སྒྲ་སྒྲོགས་དང་ ཆེ་བའི་ཡོན་ཏན་འདུས་པའི་རྟགས བདུད་བཞི་འཇོམས་པའི་རྒྱལ་མཚན་དང་༔ ཐོད་ཕྲེང་སྐུ་གསུམ་ཐོབ་པའི་རྟགས གཞལ་ཡས་ཁང་མཆོག་དམ་པའོ བཅུད་ལྡན་ཡེ་ཤེས་དཔལ་ཡང་དག གཉིས་ལྡན་ཟག་མེད་ཡུམ་གྱི་སྐུ༔ རྣམ་ཤེས་བརྒྱད་དག་མཁའ་འགྲོ་བརྒྱད སྣོད་བཅུད་ལྷ་དང་གཞལ་ཡས་ཁང་༔ ཕུང་པོ་ལྔ་ལ་སོགས་པའི་ཆོས༔ དེ་ནི་སྤང་བར་བྱ་བ་ཡིན ཐེག་པ་གསུམ་ནི་སྤང་བ་མིན༔ ཀ་ལི་ཏི་བཞིན་ཡོངས་སུ་ཟུང་ ཞེས་སོ༔ དེ་ནས་བུམ་དབང་གི་དག་བརྗོད་ནས་བཟུང་དབང་གོང་མ་རྣམས་ནི་གཞུང་བཞིན་ལ་བཀའ་གཏད་དོར་ཏེ་དམ་ཚིག་བསྒྲགས་

(༨༦༠)བས་མཐའ་བསྡུའོ ས་མ་ཡ འུཾ ཕུར་བ་ཕྲིན་ལས་སྒོས་དབང་ནི ས་ཆོག་སྟ་གོན་ལྷ་གནས་བསྒྱུར མངོན་རྟོགས་སྒོམ་དང་བུཾ་བཟླས་ནས༔ རིགས་དབང་ལྔ་ཡན་སྤྱི་ལྟར་ལ མཐའ་རྟེན་བུམ་པའི་ཆུ་དབང་ནི༔ ཧཱུཾ དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་གཉིས༔ གཡོན་ནས་ཡུམ་གྱིས་ཡབ་ལ་འཁྱུད༔ ཕྱག་གིས་བུམ་པ་རབ་ཏུ་བླང་ ཡེ་ཤེས་དབང་གི་ཆུ་བོ་འདི ཉོན་མོངས་མ་གོས་དཀར་ལ་འཚེར སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ སྤྱི་བོར་བུམ་པས་དབང་བསྐུར་བས ཉོན་མོངས་གསུམ་དང་དུག་གསུམ་སྦྱངས༔ དབང་གི་ཆུ་བོ་རྒྱུན་བཞིན་འབབ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དིཔྟ་ཙཀྲ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ གཙོ་བོའི་སྐུ་སྤྱི་བོར་བཞག་ལ ཧཱུཾ་ཀུན་ཏུ་བཟང་པོའི་རོལ་པ་ལས ཐུགས་རྗེས་ཁམས་གསུམ་གདུག་པ་འདུལ གཉན་པོ་ལས་སུ་རུང་མཛད་པའི འཇིགས་བྱེད་གཉེན་པོའི་དབང་ཐོབ་ཤོག

(༨༦༡)འུྃ ཨོཾ་བཛྲ་ཀླི་ལི་ཀླི་ལ་ཡ་ཧཱུཾ་ཕཊ ཀླ་ཡ་ཨ་བྷི་ཥིཉྩ་ཧཱུཾ དར་དམར་ལ་བྲིས་པའི་སྔགས་བྱང་མགྲིན་པར་གཏད་ལ ཧཱུཾ གསུང་གི་རང་བཞིན་མཚོན་བྱེད་པ ལེ་བརྒན་འབར་བའི་ཁ་དོག་ལ༔ སྙིང་པོ་ནུས་པའི་དོན་དང་ལྡན ནུས་པ་ཅན་གྱི་དབང་ཐོབ་ཤོག ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ ཝཱཀྐ་ཨ་བྷི་ཥིཉྩ་ཧཱུཾ ཕུར་པ་སྙིང་གར་བཞག་ལ ཧཱུཾ ཙིཏྟ་དམར་པོའི་གཞལ་ཡས་ན ཁམས་གསུམ་དབང་གི་བདག་པོ་སྟེ བརྐྱང་བསྐུམས་རབ་ཏུ་གདེངས་པ་ཡིས༔ གདུག་པ་འཇོམས་པའི་དབང་ཐོབ་ཤོག རྩ་སྔགས་མཐར་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ ཡོན་ཏན་དང་འགྲིན་ལས་ཡེ་ཤེས་སེམས་དཔའི་ཙཀླི་སྙིང་གར་བཞག་ལ ཧཱུཾ ཐུགས་ཀ་རིན་ཆེན་ཟུར་བརྒྱད་ལ འཕྲིན་ལས་སྣ་ཚོགས་ལྷུན་གྱིས་གྲུབ ཐམས་ཅད་ཀུན་ལ་རང་བཞིན་གནས༔ ཡེ་ཤེས་སེམས་དཔའི་དབང་ཐོབ་ཤོག རྩ་སྔགས་མཐར་གུ་ཎ་ཤ་ས་ཨ་བྷི་

(༨༦༢)ཥིཉྩ་ཧཱུཾ དུར་ཁྲོད་རྒྱན་རྣམས་གཏད་ལ ཧཱུཾ གླང་ཆེན་སྟག་ཤམ་ཞིང་ལྤགས་སྦྲུལ ཐོད་པ་ཚར་གསུམ་བྱུགས་རྫས་གསུམ རྡོ་རྗེའི་ཁྱུང་གཤོག་ལ་སོགས་པ དུར་ཁྲོད་དཔལ་ཆས་དབང་ཐོབ་ཤོག དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་ནི རྡོར་དྲིལ་གཏད་ལ་དམ་ཚིག་གསུམ་བྱིན་ནས༔ ཧཱུཾ ཐབས་ཀྱི་སྤྱོད་པས་གཞན་དོན་དུ བྱམས་དང་སྙིང་རྗེས་གང་འདུལ་བ སངས་རྒྱས་འཕྲིན་ལས་རྫོགས་མཛད་པའི དབང་དང་བྱིན་རློབས་འདིར་སྩོལ་ཏོ ཨོཾ་བྷོ་དྷི་ཙིཏྟ་ས་མ་ཡ་སྟྭཾ་ཨ་བྷི་ཥིཉྩ་མཾ ཞེས་རྟོགས་པ་བསྐྱེད མཆོག་དབང་གོང་མ་གཞུང་ལྟར་བྱ དེ་ནས་སྨད་ལས་སྒྲོལ་དབང་ནི སློབ་བུའི་ལག་ཏུ་ཕུར་པ་གཏད ལས་དྲུག་རྣམ་དབྱེ་ལེགས་བཤད་ལ ཧཱུཾ དངོས་གྲུབ་བར་ཆད་བྱེད་པའི་བགེགས སོགས་ཀྱིས་རཀྟ་ཚར་གསུམ་འབུལ༔ རྩ་དུམ་རྒྱུད་ཀྱི་དགོངས་པའོ རྗེས་ཀྱི་ལས་རིམ་སྤྱི་དང་མཐུན༔ ས་མ་ཡ དེ་ནི་སོ་སོའི་སྒོས་དབང་གིས སྨིན་པར་བྱེད་

(༨༦༣)འུྃ པའི་ལུགས་ཡིན་ཏེ དོན་ཚད་འཇུག་པ་བདེ་བའི་ཕྱིར རྒྱལ་ཐབས་སྤྱི་བླུགས་ལྟར་བསྐུར་ན ས་ཆོག་སྟ་གོན་ནས་བཟུང་སྟེ དཀྱིལ་འཁོར་ཆེན་པོར་འཇུག་པ་དང་ རིགས་པའི་དབང་ལྔས་སྨིན་པའི་བར གདན་གསུམ་ཚང་བའི་དཀྱིལ་འཁོར་ནི ཞི་ཁྲོའམ་དཔལ་ཆེན་འདུས་པ་ལ བརྟེན་རྗེས་སོ་སོའི་དབང་སྒྲུབ་དང་ འབྲེལ་བར་བུམ་དབང་རྗེས་འབྲང་རྣམས ཁོལ་བུར་བཏོན་ནས་བསྐུར་བའི་མཐར སྤྱོད་པ་དང་ནི་རིག་པ་དང་ མཉམ་པའི་བརྟུལ་ཞུགས་ཅན་གསུམ་ལ མཆོག་དབང་གོང་མ་གསུམ་པོའི་དོན བློ་དང་འཚམས་པར་བཀྲལ་ནས་སྟེར དབང་ལ་རྡོ་རྗེའི་ཐེག་པ་ཡི གཞི་ལམ་འབྲས་གསུམ་རྫོགས་པའི་ཕྱིར རྒྱུད་ཀྱི་དངོས་པོ་བཅུ་ཤེས་ཤིང་ བསྙེན་རྫོགས་རྟོགས་པས་རྒྱུད་གྲོལ་བའི རྡོ་རྗེ་སློབ་དཔོན་ཁོ་ན་ལས གཟུ་ལུམས་རང་དགར་སྤྱད་པ་ན སློབ་མ་སྨིན་པ་ལྟ་ཅི་སྨོས རང་གི་སྲོག་ལའང་ཧུར་ཐུམས་བྱེད དེ་ཕྱིར་མཁས་པས་འཚོ་ཤེས་སྤྱོད དུས་མཐར་གསང་སྔགས་འཆར་བའི་དུས༔ རང་

(༨༦༤)བྱུང་སྤྲུལ་པའི་རྡོ་རྗེ་དེས རྒྱུད་དོན་གསལ་བར་བྱེད་པར་ཤོག ས་མ་ཡ རྒྱ་རྒྱ་རྒྱ དགོངས་རྒྱ གཏེར་རྒྱ དྷ་ཐིམ སརྦ་མངྒ་ལཾ ༈ ཚེ་འདས་དམན་དོན་འགྲུབ་སྒྲོལ་མའི་དགེ་རྩར་བར་དུ་བསྐྲུན་པའི་དགེ་བས་འགྲོ་ཀུན་བྱང་ཆུབ་སྙིང་པོར་རྒྱུ་གྱུར་ཅིག། །།

(༨༦༥)དཔལ་ཆེན་བཀའ་འདུས་རྒྱ་མཚོ་ལས། སྒྲུབས་པའི་ཁོག་འབུབས་རིན་པོ་ཆེའི་ཟམ་ཏོག་ཅེས་བྱ་བ་བཞུགས། །

(༨༦༦)ཆོས་ཉིད་ཞི་ལས་མི་འགྱུར་རྡོ་རྗེ་ཅན། སྙིང་རྗེའི་གཞན་དབང་གར་དགུ་ལ་ཆགས་པ། །དཔལ་ཆེན་ཡོངས་རྫོགས་འདུས་པའི་སྒྲུབ་ཆེན་གྱི། །ཁོག་འབུབས་རིན་ཆེན་ཟ་མ་ཏོག་འདིའོ། །དེ་ལ་གཉིས། རྡོ་རྗེ་ཐེག་པའི་སྤྱི་དོན་བཤད་པ་དང་། བྱ་བའི་ལས་རིམ་བཤད་པའོ། །དང་པོ་ལ་བཞི། སྒྲུབ་གཞི་ལས་ཀྱི་ཕྱག་རྒྱ་དང་། །སྒྲུབ་བྱད་དམ་ཚིག་གི་ཕྱག་རྒྱ་དང་། བསྒྲུབ་བྱ་ཆོས་ཀྱི་ཕྱག་རྒྱ་དང་། བསྒྲུབས་འབྲས་ཕྱག་རྒྱ་ཆེན་པོའི། དང་པོ་ནི་དཀྱིལ་འཁོར་གྱི་ལས་རིམས་རྣམས་ཆོས་བྱ་བ་མོ་ཡུམ་གྱི་མཁའ་ཀློང་དང་འབྲེལ་བའོ། །གཉིས་པ་ནི་དེ་ཐམས་ཅད་ཡིད་བྱེད་པ་པོ་དམ་ཚིག་དང་སྡོམ་པའི་ཀུན་སྤྱོད་དང་འབྲེལ་བའོ། །གསུམ་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྟན་ནས་རིགས་འཛིན་རྣམ་པ་བཞིའི་ཆོས་ཉིད་ལ་འབྲེལ་བའོ། །བཞི་བ་ནི་སྐུ་གསུམ་ཡན་ལག་བདུན་ལྡན་གྱི་རང་བཞིན་ཕྱག་རྒྱ་ཆེན་པོའི་གོ་འཕང་ལ་འབྲེལ་བའོ། །གཉིས་པ་བྱ་བའི་ལས་རིམ་བཤད་པ་ལ་གཉིས། ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་གཞི་བཟུང་ནས་ལས་ཀྱི་རིམ་པས་དཀྱིལ་འཁོར་བཅའ་བ་དང་། དེ་ཉིད་བསྙེན་ཅིང་བསྒྲུབ་པའི་རིམ་པའོ། །དང་པོ་ལའང་སྔོན་འགྲོའི་ཆོ་ག་དང་། དངོས་གཞིའི་རིམ་པ་གཉིས་ལས། དང་པོ་ནི། རང་གཞུང་རྩ་བར། དང་པོ་དབེན་ཞིང་ཉམས་དགའི་

(༨༦༧)གནས། གྲུབ་ཐོབ་ཞབས་ཀྱིས་བཅག་པ་དང་། །ཁྱད་པར་དུར་ཁྲོད་རྩུབ་འགྱུར་ཚལ། །ཞེས་པས་མཚན་ཉིད་དང་ལྡན་པའི་གནས་སུ་སྔོན་འགྲོའི་དང་པོ་སའི་ཆོ་ག་ལ་ལྔ་ལས། དང་པོ་ས་བརྟག་པ་ནི། ཕྱེ་ལེགས་པར་བརྟགས་ཏེ་བརྐོས་པའི་རོ་ལྔ་བསམ་པས་ཤུལ་ཕྱུར་བུར་ཁེངས་པ་བཟང་། མ་ཁངས་ན་ངན་པས། སྦྱིན་སྲེག་ལ་སོགས་སེལ་ཐབས་བྱའོ། །གཉིས་པ་བླང་བ་ནི། གཞི་དེ་གཟུགས་ཅན་གྱིས་བདག་ན་རིན་བཅའ་ཞིང་ཚིག་གིས་བཀྲོལ་ཏེ་བླང་ངོ་། །མི་སྣང་བ་ལ་བླང་བ་ནི་གྲུབ་ན་གཉུག་མར་གནས་པ་ལ་ཆ་གསུམ་དང་མུན་ནའང་གསེར་སྐྱེམས་དང་གཏོར་མ་བཤམས་ལ་ཨ་ཀཱ་རོས་བསྔས་ཏེ་མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་ཕྲིན་ལས་བཅོལ། བྱེ་བྲག་ཏུ་ས་ལྷར་མཎྜལ་ཟླུམ་པོ་བ་བྱུང་དང་དྲིས་བྱུགས་པ་ལ་མེ་ཏོག་གི་ཚོམ་བུ་བཀོད་པའི་མདུན་དུ་ཉེར་སྤྱོད་དང་གཏོར་མ་བཤམས་ལ། བདག་ཉིད་ཡི་དམ་གྱི་སྐུར་གསལ་བས་སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་པཾ་ལས། སའི་ལྷ་མོ་གསེར་བཙོ་མའི་མདོག་ཅན་བུམ་པ་བསྣམས་པ་བསྐྱེད་ནས། ཨོཾ་པྲི་ཐཱི་དེ་ཝི་ས་མ་ཡ་ཛཛ ཞེས་བརྗོད་པས་སའི་ལྷ་མོ་ལ་ཀླུ་གཉན་ས་བདག་

(༨༦༨)གིས་བསྐོར་བ་སྤྱན་དྲངས། ཛཧཱུཾ་བཾ་ཧོས་བསྟིམ་ ཨོཾ་ཨཱཧཱུཾ་གིས་མཆོད་པ་བརླབ། རང་སྔགས་ལ་ཨརྒྷཾ་པུཥྤེ་སོགས་བཏགས་པས་ཉེར་སྤྱོད་དང་ཨ་ཀཱ་རོས་གཏོར་མ་བསྔོ། སྐྱོབས་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །དེ་ཕྱིར་ས་འདི་གནང་བར་མཛོད། །ཅེས་བརྗོད་བས་དེས་ཀྱང་རྡོ་རྗེ་འཛིན་པ་ཁྱེད་ཅི་དགའ་བར་ལོངས་སྤྱོད་ཅིག་ཅེས་གནང་བ་བྱིན་པར་བསམས་ལ། གཏོར་མ་ཕུལ་ལ་བཛྲ་མུཾ་གྱིས་རང་གནས་སུ་བཏང་ངོ་། །གསུམ་པ་དབང་དུ་བྱ་བ་ནི། ཙན་དན་ནམ་སེང་ལྡེང་གི་ཕུར་བུ་མདུན་དུ་བཀོད་ལ། བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཕུར་བུ་ལ་ཐིམ། དེ་ཉིད་དཔལ་རྟ་མགྲིན་གྱི་སྐུར་གྱུར་པར་བསམས་ཏེ་ཕུར་བུ་ས་ལ་གདབ་པའམ་བཀོད་ནས། ཧཱུྃ་པདྨ་ནྟ་ཀྲྀཏ་ཧཱུྃ་ཕཊ། ཅེས་བཏབ་ཏེ་ལན་བདུན་བཟླས་པས། ཕུར་བུ་ལས་འཕྲོས་པའི་འོད་ཟེར་དམར་པོས་ས་གཞི་ཁྱབ་ཅིང་བདག་གི་དབང་དུ་གྱུར་བར་བསམ་མོ། །བཞི་པ་སྦྱང་བ་ནི། ལག་པ་གཡས་པའི་སོར་མོ་ལྔ་ཕྲལ་བ་རྡོ་རྗེ་རྩེ་ལྔ་པར་བསམ་ལ་ཤར་དང་བྱང་ཅུང་ཟད་གཞོལ་

(༨༦༩)པའི་སྟེང་གི་ཁོར་ཡུག་ཏུ་བསྐོར་ཞིང་ས་ལའང་བཞག་ནས། ཨོཾ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྗོད་ཅིང་རྡོ་རྗེ་ལས་བྱུང་བའི་འོད་ཟེར་གྱིས་སྣོད་བཅུད་དུ་འཛིན་པ་སྦྱངས་བྷུ་ཁཾ་ཞེས་བརྗོད་པས་ས་ཕྱོགས་ཐམས་ཅད་ནམ་མཁའི་རང་བཞིན་དུ་གྱུར་པར་སྒོམ། ལྔ་པ་སྲུང་བ་ནི། རང་ཉིད་ཡི་དམ་དུ་གསལ་བའི་མིག་གཉིས་ཉི་ཟླ་མིག་འབྲས་ཧཱུྃ་ལས་མེ་དཔུང་འབར་བས་བགེགས་དང་ལོག་པར་འདྲེན་པའི་ཚོགས་ལ་གཟིར་བས་རྣམ་སྨིན་གྱི་ལུས་བསྲེགས་ཤིང་སེམས་ཆོས་ཉིད་ཀྱི་ངང་དུ་ར་རོས་པར་བསམས་ལ་རྐང་པ་རྡོ་རྗེའི་འགྲོས་ཀྱིས་བསྐོར་ཞིང་ཨོཾ་སཱུ་རྱ་ཙནྡྲ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ་ཅེས་བརྗོད་ཅིང་སྤྲོ་ན་ཆས་སུ་ཞུགས་ཏེ་རྐང་པ་བྱིན་གྱིས་བརླབས་ནས་གར་གྱི་གཞི་བཅའ་བ་སྔོན་དུ་བཏང་སྟེ་ཁྲོ་བོ་བཅུའི་སྟངས་སྟབས་ཕུར་བ་རྒྱུད་ལུགས་ལས་འབྱུང་བ་ལྟར་བྱའོ། །སྐབས་འདིར་དགེ་བའི་དཔུང་བསྐྱེད་ཕྱིར། སཙྪ་གདབ་པ། སྲོག་བསླུ་ཉེའུ་འདོན། བཤགས་སྐང་ཞི་བའི་སྦྱིན་སྲེག །མགྲོན་བཞི་ལ་མཆོད་སྦྱིན་ཅི་འབྱོར། གཟུངས་མདོ་སྒྲོག་པ། ཁྱད་པར་གནས་ཀྱི་ཤར་དུ་ཤེར་ཕྱིན། ལྷོར་སྟོབས་པོ་ཆེ། ནུབ་ཏུ་ལང་གཤེགས། བྱང་དུ་ཏོག་གཟུང་འདོན་པ་རྣམས་ཀྱི་འགྲུབ་བྱའོ། །དེ་ནས་མཚམས་གཅད་པ་ལ་ལྔའི། དང་པོ་ཕྱི་མཚམས་གཅད་པ་ནི། སྒྲུབ་

(༨༧༠)ཁང་གི་ཕྱི་རོལ་གོམ་པ་བདུན་ཅུ་རྩ་བཞིའི་སར་རྒྱལ་ཐོ་གཟུག་ཅིང་མཆོད་གཏོར་བཤམ་ལ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་བཅས། བཛྲ་ས་མཱ་ཛས་སྤྱན་དྲངས་ཛཧཱུྃ་བཾ་ཧོས་བསྟིམ། ཨོཾ་དིྷྲ་ཏ་ར་སྟ་ཧཱུྃ་ཛ ཞེས་བཟླ། རང་སྔགས་དེ་ལ་ཨརྒྷཾ་སོགས་བཏགས་པས་ཉེར་སྤྱོད་དང་ཨ་ཀཱ་རོས་གཏོར་མ་ཕུལ་ལ། ཧཱུྃ་རི་རབ་གླིང་བཞིའི་ཤར་ཕྱོགས་ནས། །དཔལ་ལྡན་རྒྱལ་པོ་ཡུལ་འཁོར་སྲུང་། །ཕྱོགས་བསྲུང་རེ་བ་བསྐང་བའི་ཕྱིར། །འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས། །དྲི་ཟའི་གདོན་རྣམས་མཚམས་ཆོད་ཅིག །ཅེས་འཕྲིན་ལས་བཅོལ། ཏིཥྛ་བཛྲས་བརྟན་པར་བྱ། དེ་བཞིན་དུ་གཞན་གསུམ་སོ་སོར་ཡང་རིགས་འགྲེ་བས་ལྷོར། རི་རབ་ཀྱི་ལྷོ་ཕྱོགས་ནས་རྒྱལ་པོ་འཕགས་སྐྱེས་པོ་འཁོར་བཅས། རང་སྔགས་བེ་རུ་དྷ་ཀ་ཧཱུྃ་ཛ ཧཱུྃ་རི་རབ་གླིང་བཞིའི་ལྷོ་ཕྱོགས་ནས། །དཔལ་ལྡན་རྒྱལ་པོ་འཕགས་སྐྱེས་པོ། །ཕྱོགས་བསྲུང༴ འདིར་བྱོན༴ གྲུལ་བུམ་གདོན་རྣམས་མཚམས་ཆོད་ཅིག །ཅེས་དང་ནུབ། རི་རབ་ཀྱི་ནུབ་ཕྱོགས་ནས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་འཁོར་བཅས། རང་སྔགས་བེ་རུ་བཀྵ་ཧཱུྃ་ཛ ཧཱུྃ་རི་རབ་གླིང་བཞིའི་ནུབ་ཕྱོགས་

(༨༧༡)ནས་དཔལ་ལྡན་རྒྱལ་པོ་སྤྱན་མི་བཟང་། །ཕྱོགས་བསྲུང་རེ་བ་བསྐང་བའི་ཕྱིར། །འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས། །ཀླུ་དབང་གདོན་རྣམས་མཚམས་ཆོད་ཅིག །ཅེས་དང་བྱང་། རི་རབ་ཀྱི་བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་བཅས། རང་སྔགས་བཻ་ཤྲ་མ་ཎ་ཧཱུྃ་ཛ ཧཱུྃ་རི་རབ་གླིང་བཞིའི་བྱང་ཕྱོགས་ནས། །དཔལ་ལྡན་རྒྱལ་པོ་རྣམ་ཐོས་སྲས། །ཕྱོགས་བསྲུང་རེ་བ་བསྐང་བའི་ཕྱིར། །འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས། །གནོད་སྦྱིན་གདོན་རྣམས་མཚམས་ཆོད་ཅིག །ཅེས་སོ་སོར་བསྒྱུར་རོ། །གཉིས་པ་བར་མཚམས་དམ་སྲི་མནན་པ་ནི། རླུ་པ་བྱ་མགོ་ཅན་གྱི་སྙིང་ཁར་ཡ་མ་དམ་སྲི་གམ་པ་རི་མཱ་ར་ཡ་ཛ ཞེས་བྲིས་པ་འབྲུ་བ་ཁུང་དུ་བཀོད། གསེར་སྐྱེམས་བཏང་། བདེན་བརྡར་དགུག་གཞུག་བྱས་ནས། དེའི་སྙིང་གར་ཕུར་པ་གདབ་ཅིང་། ཨཱརྱ་ཨ་ཙ་ལ་དམ་སྲི་བྷནྡྷ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བཟླ། ཐུན་གྱིས་བྲ་བས་ཐོད་པ་མཚན་དན་དུ་བཅུག་སྟེ་སྒྲུབ་ཁང་གི་ཐེམ་པའི་ཕྱི་རོལ་དུ་གནན། རོ་གཡམ་རྡོ་རྗེ་རྒྱ་གྲམ་བྲིས་བས་ཁ་གནད། འབྱུང་བ་ལྔས་རྒྱས་འདེབས། དེའི་སྟེང་དུ་དཔོན་སློབ་རྣམས་ལག་པ་ལུ་གུ་རྒྱུད་དུ་སྦྲེལ་ནས་སུམ་བྷ་ནི་བཟླ་བཞིན་པར་ལས་གཞུང་ལྟར་བྲོ་བརྡུང་ངོ་། །གསུམ་

(༨༧༢)བསྒོ་བྱང་གདགས་པ་ནི། རོ་རས་ས་མར་སོགས་གཤེད་པོའི་སྐུ་སྔགས་བྱང་དང་བཅས་པ་བྲིས་ལ་སྒོའི་ཡི་ཐེམ་ཕྱི་མར་གདགས་བཛྲ་ས་མཱ་ཛས་ཡེ་ཤེས་པ་སྤྱན་དྲངས། ཛ༔ཧཱུྃ་བཾ་ཧོས་བསྟིམ། ཨརྒྷཾ་ལ་སོགས་པས་མཆོད་ཅིང་གཏོར་མ་བསྔོ། ཧཱུྃ་ལྷ་སྲིན་སྡེ་བརྒྱད་འབྱུང་པོ་ཀུན། །ཁྱོད་ཀྱི་གཡོག་དང་འཁོར་ལགས་ན། །རྣམ་པར་སྨིན་པའི་ཆོས་ཤོད་ལ། བདག་གིས་འབྲས་བུ་མ་ཐོབ་པར། །སྒོ་འདི་ཚུན་ཆད་མ་གཏང་ཅིག །ཅེས་མེ་ཐོག་འཐོར། བཞི་པ་གསང་མཚམས་དམ་སྲི་མནན་པ་ནི། མ་ཊཾ་གྱི་གཟུགས་མགོ་བོ་ལྷོ་ནུབ། རྐང་པ་བྱང་ཤར་དུ་བསྟན་པ་གན་རྐྱལ་དུ་བཞག་ལ། ཡི་དམ་གྱི་ང་རྒྱལ་ལ་གནས་པས་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས། ཧཱུྃ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །དུས་གསུམ་རྒྱལ་བའི་སྐུ་སྤྲུལ་པ། །རིག་འཛིན་ངེས་པ་མང་པོ་ལ། །དངོས་གྲུབ་འཕྲོག་པར་བྱེད་པ་ཡི། །རུ་ཏྲ་རྟག་པའི་རྒྱལ་པོ་འདི། །ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས། །ཡུད་ཙམ་གྱིས་ནི་འདིར་ལུག་ལ། །སྡུག་བསྔལ་ཉམས་སུ་མྱོང་བར་གྱིས། །མ་ཊཾ་ཀ་རུ་ཏྲ་ཛ༔ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པས་དངོས་གྲུབ་ལ་བར་དུ་གཅོད་པའི་བདུད་དང་ལོག་འདྲེན་ཐམས་ཅད་ཨ་ཀརྴ་ཛ༔ ཏྲི་ཡཾ་ཛ ཛཧཱུྃ་བཾ་ཧོས་བསྟིམ་ལ། སྙིང་རྗེས་ཁྱོད་བསྒྲལ་དམ་ཚིག་གི་གསད་

(༨༧༣)གནན་བྱ་བ་མ་ཡིན་ཏེ། ཕུང་པོ་རྡོ་རྗེས་གཏམས་བྱས་ལ། །རྣམ་པར་ཤེས་པ་མྱ་ངན་འདའ། །ཧཱུྃ་ཆོས་ལ་བལྟ་དང་གང་ཟག་བལྟ། །རྟག་ཆད་བལྟ་བའི་སྡིག་ཅན་ཁྱོད། །བདག་མེད་སྟོང་པའི་ཐོ་བས་གཞོམ། །འཇིགས་བྱེད་ཆེན་པོའི་ཞབས་ཀྱིས་གནོན། །མ་རིག་སྒོ་ལྔའི་སྦུབས་ལས་དྲལ། རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཕཊ། ཅེས་རྩ་གསུམ་གྱི་ཕྱག་རྒྱ་སྙིང་གར་བསྣུན་པས་གཟུགས་ཕུང་ཧྲུལ་གྱིས་ཞིག་པའི་ཁོག་པར་བྲོས་སྤྱོད་པ་ནི། ཧཱུྃ་ སྟོང་གསུམ་སྟོང་གི་ལོ་ཀ་ན། །དབུས་ཕྱོགས་སྟོང་གི་འཇིག་རྟེན་ན། །དྲེགས་པ་བསྣོལ་བའི་གདན་སྟེང་ན། །རྡོ་རྗེ་ཁྲག་འཐུང་ཐོར་ར་ཆས། །ཞལ་གཅིག་ཕྱག་གཉིས་མཐིང་ནག་སྐུ། །རྡོ་རྗེ་དབྱིངས་ཕྱུག་ཡུམ་ལ་འཁྱུད། །རྡོ་རྗེ་ཐོད་ཁྲག་དཀྲུགས་ཤིང་གསོལ། །དུར་ཁྲོད་ཆས་ཀྱིས་ལྷ་སྲིན་འདུལ། །རྡོ་རྗེ་གཤོག་བས་བར་སྣང་བརྐྱངས། །སྤྱན་གསུམ་དམར་ཟླུམ་སྟོང་གསུམ་བསྲེགས། །མཆེ་བ་གཙིགས་པས་བདུད་བཞི་འཇོམས། །ལྗགས་དམར་ཀློག་སྟོང་འཁྱུག་པ་ཡིས། །སྟོང་གསུམ་མ་ལུས་གསལ་བར་བྱེད། །ཧཱུྃ་གི་སྒྲ་ནི་འབྲུག་བཞིན་སྒྲོགས། །བརྐྱང་བསྐུམ་ཞབས་གཉིས་བྲོ་བརྡུངས་པས། །བདུད་

(༨༧༤)ནི་ཕྱེ་མར་འཐག་བའི་བྲོ། །ཀླུ་ནི་ཡོངས་སུ་བརྗོད་པའི་བྲོ། །བགེགས་རྣམས་མེར་ནི་སྲེག་པའི་བྲོ། །མ་བདུད་ཐལ་བར་བརླག་པའི་བྲོ། །དུར་ཁྲོད་འདི་ལ་བྲོ་བརྡུངས་པས། །དམ་ཉམས་གཤེད་ནི་བརླག་པར་འགྱུར། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཕྱོགས་བཞིར་རིགས་བཞིའི་བྲོ་བརྡུངས་པས། །བར་ཆད་བགེགས་ནི་སྦྱང་བར་འགྱུར། །ཁྲོ་བཅུད་རྡོ་རྗེ་འགྲོས་ཀྱིས་བླངས། །དྲག་པོ་བྱ་བའི་འགྲོས་ཀྱི་བླངས། །བདུད་ཀྱི་སྒོ་ལ་འཇུག་ཐག་གཅད། །ས་ཡི་རྟེན་ཕུར་འོག་ཏུ་དགོད། །རྡོ་རྗེ་རྒྱ་གྲམ་ཐག་པས་དྲགས། །དཀྱིལ་འཁོར་སྟན་དུ་རུ་ཏྲ་བཞིན། །དུར་ཁྲོད་གཞལ་ཡས་ཁང་དུ་བཟུང་། །སྒྲུབ་པ་བྱེད་པའི་རྫས་སུ་བཟུང་། །ཐུགས་དམ་སྐོང་བའི་བདུད་རྩིར་བཟུང་། །ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཤིནྟི༚་སྭཱ་ཧཱ། པུཥྚི༚་སྭཱ་ཧཱ། བཱ་ཤཾ་སྭཱ་ཧཱ། མཱ་ར་ཡ་ཕཊ། ཅེས་བརྗོད་ལ་ཡན་ལག་ལྔ་སོ་སོ་དང་། དོན་སྙིང་དང་། ནང་ཁྲོལ་དང་། མཚན་མ་བརྒྱད་དཀྱིལ་འཁོར་གྱི་ཕྱོགས་མཚམས་བརྒྱད་དུ་བཀོད། བདག་གི་ཐུགས་ཀ་ནས་བྷྲཾཱུ་འཕྲོས་ཁོག་པ་ལ་ཐིམ་པས་ཁོག་པ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་གི་མཐའ་སྐོར་དུར་ཁྲོད་བརྒྱད་ཀྱིས་བསྐོར་བར་གྱུར་པར་བསམ་ཞིང་ཁུ་ཚུར་དཔུང་མགོར་བསྣོལ་དབྱེ་དང་བཅས། ཧཱུྃ་པྲ་བེ་ཤ་ཡ་ཕཊ་

(༨༧༥)ཅེས་ལན་བདུན་གྱིས་སྤྲུལ་པའི་དཀྱིལ་འཁོར་གྱི་སྒོ་ཕྱེ། ཧཱུྃ་ཧཱུྃ་ཧཱུྃ་ཧ་ན་ཧ་ན་ཕཊ་ཕཊ་ཕཊ་ཅེས་རྡོ་རྗེའི་གར་འགྲོས་ཀྱིས་ལན་གསུམ་བསྐོར་ནས་དཀྱིལ་འཁོར་ཀྱི་ནང་དུ་ཚུད་བར་སྒོམ་མོ། །ལྔ་འབར་བ་ལྟ་སྟངས་སོགས་ཀྱིས་ནད་མཚམས་གཅོད་པ་ནི། སོ་སོའི་དམིགས་པ་ཁོང་དུ་ཆུད་པས། ཧཱུྃ་བདག་ཉིད་ཞེ་སྡང་རྡོ་རྗེ་ཡི། །སྤྱན་མིག་ཉི་ཟླ་འབར་ཞིང་བསྲེགས། །ཐུགས་ལས་ཁྲོ་བོའི་ཚ་ཚ་འཕྲོ། །སྟོང་གསུམ་སྤྲུལ་པའི་མ་ཡིས་འགེངས། །ཕྱོགས་མཚམས་མཚོན་ཆ་འཆོལ་བས་གཏམས། །བདག་མོད་སྟོང་པར་མཚམས་བཅད་དོ། །ཨོཾ་སཱུ་རྱ་ཙཎྜ་བཛྲ་ཀྲོ་ཏ་ཛྭ་ལ་རཾ་རཾ་ཙཀྲ་ཝ་རྟི་མ་ཧཱ་ཀྲོ་དྷ་སརྦ་དུཥྚཾ་ཨེ་ཧཱུྃ་ཕཊ། གཉིས་པ་དངོས་གཞི་ཐིག་ཚོན་གྱི་རིམ་པའི་དང་པོ་ཐིག་ལས་ནི། གང་དུ་འདེབས་པའི་གཞི་དེར། བདུད་རྩི་ལྔ་དང་བ་བྱུང་ལྔས་བྱུག་ཅིང་། ཨོཾ་བཛྲ་ཨ་མྲི་ཏ་མཎྜ་ལ་ཧཱུྃ། ཁྲག་ཆེན་གྱིས་བྱུག་ཅིང་། ཨོཾ་རཀྟ་མཎྜ་ལ་ཧཱུྃ། ཀླད་ཆེན་གྱིས་བྱུག་ཅིང་། ཨོཾ་ཀཾ་ཀ་པཱ་ལ་མཎྜ་ལ་ཧཱུྃ། ཞེས་བརྗོད་ཅིང་ཁྱིམ་མེད་པར་བྱུག་ཅིང་། གཞན་དོན་དུ་དབང་བསྐུར་བ་སོགས་ཀྱི་ཚེ། ལྷ་དང་བུམ་པ་སློབ་མ་སྟ་གོན་ཀྱང་སྐབས་འདིར་བྱེ་བ་དབང་གི་སྤྱི་དོན་ལས་ཤེས་པར་བྱ་ལ། ཐིག་སྐུད་ཀྱི་རྒྱུད་དཔའ་བོའི་རིན་གྱིས་ཉོས་པའི་རས་བལ་ལ་གཞོན་ནུ་མས་བཀལ་བའི་སྲད་

(༨༧༦)བུ་ཚོན་སྣ་ལྔ་པ་སྲིད་དུ་དཀྱིལ་འཁོར་གྱི་ཉིས་འགྱུར་ལ་སྦོམ་ཕྲ་སྒོའི་ཉི་ཤུ་ཆར་བྱས་ལ་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོའི་ང་རྒྱལ་ལ་གནས་པ་ཤར་དང་ཐིག་གཡོག་ཡུམ་དུ་གསལ་བ་ནུབ་ཏུ་གནས་པས་ཐིག་སྐུད་ཨོཾ་ཧཱུྃ་ཏྲཱཾཧྲཱྃ ཨ་ཞེས་བརྗོད་པས་རིགས་ལྔའི་ངོ་བོར་གྱུར་བ་ཤར་ནས་ནུབ་ཏུ་དྲངས་བ་ བྷྲཱུཾ་ཛྙཱ་ན་མ་དཱ་ལ་ཧཱུྃ་ ཞེས་ལན་གསུམ་བརྗོད་ཅིང་སེ་གོལ་གཏོགས་པ་དང་བཅས་ནམ་མཁའི་དབྱིངས་ལ་ཡེ་ཤེས་ཀྱི་ཐིག་ཚངས་ཐིག་གཉིས་སམ་བཞི་དང་བརྒྱད་ལ་སོགས་པ་གཡས་བསྐོར་དུ་གདབ་ཅིང་ཐིག་གི་སྒྲ་ལམ་དྲི་བྱའི་དཀྱིལ་འཁོར་ནམ་མཁའ་ལ་བཀྲ་ལམ་གྱི་གསལ་བ་ལ་མཆོད་བསྟོད་བྱ། དེ་ནས་ལས་ཐིག་གདབ་བ་ནི་ཐིག་སྐུད་ལོག་སུ་ཡོད་ན་དང་། མེད་ན་དེའི་ཡེ་ཤེས་པ་བཛྲ་མུཾ་གྱིས་གཤེགས་པ་བདུད་རྩི་ལྔ་དང་དཀར་ཆལ་གྱིས་སྦགས་ལ་གདབ་ཚུལ་ནི། ཤར་ནས་ནུབ་ཐད་ཚངས་ཐིག་གདབ། །ལྷོ་བྱང་ཚད་ན་གཉིས་པ་གདབ། ཕྱོགས་བཞི་ཚད་ན་མཚམས་གཞི་གདབ། དཀྱིལ་འཁོར་ཆེ་ཆུང་ཇི་ཙམ་པའི། ཏོ་གནས་དབུས་ཀྱི་ལྟེ་བའི་བར། ཆ་མཉམ་གསུམ་གསུམ་རེ་རེ་ཡང་། །གསུམ་ཆར་དབྱེ་བ་ཆ་ཆེན་རེ། །ཀུན་ཀྱང་ནང་ནས་རིམ་པ་བཞིན། །དང་པོ་བྱེད་གདབ་ཕྱི་མའང་གདབ། །གཉིས་པ་ཆ་བཞིར་བགོ་བར་བྱ། །གསུམ་བཞི་མི་གདབ་ལྔ་དབུས་དོར། །དྲུག་པ་ཕྱེད་གདབ་ཕྱེད་མའང་གདབ། །དབུས་ཀྱི་ལྟེ་བ་འཁོར་ལོའི་ས། །ཆ་ཆེན་གཅིག་

(༨༧༧)དང་ཆ་ཕྲན་གཅིག །བསྐོར་བ་མུ་ཁྱུད་ནད་མ་ལ། །དེའི་ཕྱིར་ཆ་ཆེན་གཅིག་དང་ནི། །ཆ་ཕྲན་གཅིག་སྐོར་རྩིབས་བརྒྱད་ཀྱི། །ཕྱི་ཐིག་མུ་ཁྱུད་ཆ་ཕྲན་གཅིག །དབུས་ཀྱི་ལྟེ་བར་ཆོས་འབྱུང་སྟེ། །ཕྱི་རལ་ཆ་ཆེན་གསུམ་པོ་ནི། །ཚངས་པའི་ཐིག་གི་གཡས་གཡོན་དུ། །ནང་མ་གཉིས་པོ་ཆ་བཞིར་དབྱེ། །ཕྱི་མའི་དབུས་དོར་མཐའ་གཉིས་གདབ། །རྟ་བབས་དང་པོ་ཀ་རྒྱན་མཉམ། །གཉིས་པ་གསུམ་པ་གཅིག་ཕྱིར་བསྐྱེད། བཞི་པ་གཉིས་བསྐུམ་ལྔ་པ་གཅིག །ཕྱིར་འཕྱར་དྲུག་པ་གཉིས་སུ་བསྐུམ། །བདུན་པ་བརྒྱད་པ་རེ་རེ་འཕྱར། །སྣམ་བུ་གསུམ་པའི་ཕྱི་ཐིག་དང་། །ཚངས་ཐིག་རྒྱ་གྲམ་ཐེབས་མཚམས་ནས། །ཆ་ཕྲན་གཉིས་བསྐོར་གླང་རྒྱབ་དབུས། །སྣམ་བུ་དང་པོའི་ཕྱི་ཐིག་དང་། །སྒོ་ཚད་གཡས་གཡོན་ཕྲད་མཚམས་ནས། །ཆ་ཕྲན་གཉིས་རེའི་གཡས་གཡོན་དང་། །མུ་རན་ཆ་ཕྲན་རེ་རེའི་སྐོར། །སྣམ་བུ་གསུམ་པའི་ཕྱི་ཐིག་དང་། །ཚངས་ནས་གཉིས་ཕྱིན་འཇོམ་ས་ནས། །བཟུང་སྟེ་ཀ་རྒྱན་རྩེ་མོ་དང་། །དེ་ནས་འཕྲེད་གཉིས་གཅིག་ཕྱིར་ཕྱིན། །སྣ་ཚོགས་རྡོ་རྗེའི་ཕྱི་མཐའ་སྐོར། །པདྨ་ཆོས་འཁོར་གདུགས་ཀྱི་ས། །ཆ་ཆེན་ཕྱི་མར་རང་འགྲིགས་འགྱུར། །སྣ་ཚོགས་པད་འཁོར་ཆ་ཆེན་ཕྱེད། །འོད་ལྔའི་མུ་ཁྱུད་ཆ་ཕྲན་གཅིག །དུར་ཁྲོད་ཆ་ཆེན་རྡོར་ཕྱེད། །མེ་རི་ཆ་ཆེན་གཅིག་རྣམས་སོ། །སྒོས་སྒྲུབ་སོ་སོའི་ཆེ་ནི་ལྟེ་བ་བསྒྱུར་བ་

(༨༧༨)དང་སྒྲུབ་རྫས་ཀྱི་ཁྱད་པར་སོ་སོའི་གཞུང་ལས་ངེས་པར་བྱའོ། །གཉིས་པ་ཚོན་འགྱེད་པ་ནི། ཚོན་སྣ་ལྔ་པོ་མདོག་རིགས་ཀྱིས་དབྱེ་བས་ཕྱོགས་བཞི་དབུས་དང་ལྔར་གཞག་ཅིང་ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་རྡུལ་ཚོན་ལ་ཐིམ་ཡེ་ཤེས་ལྔའི་རང་བཞིན་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། འབྲུ་ལྔ་བརྒྱ་རྩ་སོགས་བཟླས་པས་རླབས་ཏེ་ཚོན་ཐོབ་ནི་མངོན་རྟོགས་བཞིན་མ་འདྲེས་པར་བྲིས་ལ། ལྷ་མཚན་དགོད་པ་ནི་ཡིག་འབྲུ་ཕྱག་མཚན་སྐུ་མདོག་དང་མཚུངས་པའི་ཐིག་ལེ་སོགས་ཅི་རིགས་པ་བཀོད་ལ་ཐིག་མཚོན་གྱི་ལྷག་མའི་ཡེ་ཤེས་བ་གཤེགས་གསོལ་བྱའོ། །སྒྲུབ་རྫས་དང་རྒྱན་དགོད་པ་ནི། བྷན་དྷ་དུམ་བུ་གཅིག་པའི་ནང་རོ་རས་ཀྱིས་གླན་པའི་འབྲལ་བ་ངོས་སུ་དབུ་བསྟན་པའི་དཔལ་ཆེན་པོའི་སྐུ་མངོན་རྟོགས་བཞིན་བྲིས་པ་རབ་གནས་དང་ལྡན་པ་ལྕགས་སམ་ཙན་དན་སེང་ལྡེང་གང་རུང་གི་ཕུར་པའི་མགུལ་དུ་ངར་ལ་བརྒན་ལ་གསེར་རམ་མཚལ་གྱིས་སྔགས་བྱང་བྲིས་པ་དབུས་སུ་བཀོད་པ་ལ་བྷན་དྷ་རྒྱབ་བརྟེན་པའི་ཞལ་ཤར་སྒོར་ཕྱོགས་པར་གཞག་ཅིང་ཐོང་སྐུ་མ་འབྱོར་ན་སྒྲུབ་ཕུར་ཙམ་ལའང་བརྟེན་དུ་རུང་ངོ་། །སྒྲུབ་དབང་སོགས་དང་འབྲེལ་ཚེ། རྣམ་རྒྱལ་གྱི་བུམ་པ་ཤར། དབུ་རྒྱན་ལྷོ། རྡོ་རྗེ་ནུབ། དྲིལ་བུ་བྱང་སྟེ་ལྷ་གནས་དང་མཐུན་བར་དགོད་ཅིང་། ལས་ཐམས་ཅད་པའི་བུམ་པ་སོགས་ཀྱང་དབང་གཞུང་

(༨༧༩)བཞིན་དུ་འདུ་བྱའོ། །དཀྱིལ་འཁོར་གྱི་མཐའ་བསྐོར་ཁྲོ་བ་བཅུའི་ཕུར་པ་འབྱོར་ན་སྔགས་ཀྱིས་གཟི་བྱིན་བསྐྱེད་དེ་ཕུར་གདན་ལ་བཀོད། གཞན་ཡང་སྲིད་པའི་དྲ་བ་གཅོད་ཕྱིར་ཕྱོགས་བཞིར་རལ་གྲི་བཞི། ཡེ་ཤེས་བཞིས་མ་རིག་པ་རྩད་ནས་གཅོད་ཕྱིར་མདའ་དར་མེ་ལོང་དང་བཅས་པ་བཞི་རྣམས་པ་ཕྱོགས་མཚམས་སུ་བཀོད་པ་རིགས་ལྔ་ཡེ་ཤེས་ལྔ་མཚོན་བྱེད་ཚོན་སྐུད་སྣ་ལྔས་དྲ་བར་སྦྲེལ། གདུགས། རྒྱལ་མཚན། བ་དན། དར་གྱི་ལྔ་ལྡི་ལ་སོགས་པས་མཛེས་ཞིང་བཀོད་ལེགས་པར་བརྒྱན་ཅིང་། མཆོད་རྫས་ཀྱི་ཤར་སྒོ་ནས་གཟུང་། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ལྔ་སོགས་ཐུན་མོང་གི་མཆོད་པ་ལྔ་དང་དབང་པོའི་མེ་ཏོག་ལ་སོགས་པའི་ནང་མཆོད། དཔལ་གྱི་བཤོས་བུ་ཤ་ཁྲག་གིས་བརྒྱན་པའི་གཏོར་ན། བརྒྱད་ཡན་ལག་སྟོང་ལས་སྦྱར་བའི་སྨན། དཔའ་བོའི་སྙིང་ཁྲག་པདྨ་རཀྟ་ལ་སོགས་པའི་ཚད་ལྡན་གྱི་རཀྟ་སོ་ལྔ་སྟེ་གསང་སྔགས་བླ་མེད་ཀྱི་ནང་གི་དམ་རྫས་དང་། གསང་བ་བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩིའི་ག་བུའམ་ཟླ་གམ་སྟེ། གཞན་ཡང་མཁའ་འགྲོ་ཆོས་སྐྱོང་གི་གཏོར་མ་དང་ཕྱི་ནང་གི་མཆོད་པའི་བྱེ་བྲག་ཅི་འབྱོར་བ་གཙང་ཞིང་དག་པས་མཐའ་བསྐོར་ཞིང་བཀོད་ལེགས་པར་བཤམ་མོ། །སྤྱི་དོན་གཉིས་པ་སྐྱབ་ཅིང་མཆོད་པའི་རིམ་པ་གསུམ་གྱི། དང་པོ་སྒྲུབ་པ་པོ་རྣམས་གནས་སུ་དགོད་པ་ནི། རྡོ་རྗེ་

(༨༨༠)རྒྱལ་པོ་དབུས་སུ་བཞུགས་པའི་དཀྱིལ་འཁོར་གྱི་ཤར་སྒོ་ནས་བརྩམས་ཏེ་རྡོ་རྗེ་རྒྱལ་ཐེབས། འཕྲིན་ལས་གཞུང་བསྲང་རྡོ་རྗེ་ལས་པ་དང་། བར་གཅེད་བགེགས་སྒྲོལ་སྦྲུགས་པའི་རྡོ་རྗེ་གིང་མཚམས་པ། དངོས་གྲུབ་བར་ཆད་ཀྱི་དུས་དང་དྲོད་འཛིན་རྡོ་རྗེ་སྤྱན་པ། འཕྲིན་ལས་སྐབས་སྦྱོར་གྱི་དུས་འཛིན་རྡོ་རྗེ་དུས་མཚམས། ཕྱི་ནང་བྱ་བྱེད་ཀ་ཡི་དྲོད་འཛིན་རྡོ་རྗེ་ཕྱག་ཚང་བ་སོགས་སྒྲུབ་པ་ཆེན་པོ་ལ་འདུ་བར་བོས་པའི་མཆེད་ལྕམ་རྣམས་ཀྱིས་རྡོ་རྗེ་སློབ་དཔོན་ནས་བཟུང་སྟེ་རིམ་པར་གྲལ་ཕྱག་དང་བཅས་སྟན་ལ་འདུག་སྟེ་ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱངས་ཏེ་སྤྲོས་བཅས་ཀྱི་བྱད་དུ་ཞུགས་པས་བྱ་ཞིང་། རྡོ་རྗེ་ཐེག་པའི་དམ་ཚིག་གི་རྟེན་ཅིག་ཤོས་རྡོར་བྲིལ་བྱིན་གྱིས་རློབ་པ་ནི། ཧཱུྃ་ཡེ་ཤེས་འབར་བའི་རྡོ་རྗེ་ཆེ། ཁྲོ་རྒྱལ་འབར་བའི་ཐབས་ཀྱི་སྐུ། བདེ་ཆེན་ཡབ་རྣམས་སྐུར་བཞུགས་པས། དགྱེས་པ་མཆོག་གི་འཕྲིན་ལས་མཛད་དུ་གསོལ། །མ་ཧཱ་བཛྲ་ཧཱུྃ་ཞེས་རྡོ་རྗེ་ལན་གསུམ་གསོར། ཧཱུྃ་ཤེས་རབ་ཆེན་པོའི་རང་བཞིན་ནི། །ཆོས་ཉིད་སྟོང་པ་ཆེན་པོའི་སྒྲས། །འཁོར་བའི་བག་ཆགས་ཟིལ་གྱིས་གནོན། །དུས་གསུམ་རྒྱལ་བ་ཀུན་ཀྱང་མཉེས། །མ་ཧཱ་གཎྜེ་ཧོ ཞེས་དྲིལ་བུ་འཁྲོལ་བ་གསུམ་སྟེ་དེ་ཁོ་ན་ཉིད་ངེས་པ་ནི་རྣམ་པ་ཐམས་ཅད་དུ་དྲན་པར་བྱའོ། །གཉིས་པ་སྒྲུབ་པའི་འཕྲིན་ལས་གཞུང་བསྲང་བ་ནི། ལས་གཞུང་གི་སྔོན་འགྲོ་ནས་བཟུང་བསྟོད་པའི་བར་མཐར་ཆགས་སུ་གྱེར་ལ་ཛབ་ལ་བབ་

(༨༨༡)བ་ན། ཧཱུྃ་བི་ཤྭ་བི་ཤུདྡྷེ་ཕཊ་ཛ ཞེས་པས་ཛབ་ཁང་ཕྱེ་ལ་བདག་མདུན་རྣམ་པ་གཉིས་སུ་བྱས་ནས་རྣམས་བརྟན་གྱི་ཞེས་པ་བསྐྱེད་ཅིང་སྒྲུབ་པ་དང་སྒྲུབ་པ་ཆེན་པོའི་འཕྲིན་ལས་ཀྱི་རིམ་པས་ཞི་བར་བསྙེན་པ། ཁྲོ་བོར་སྒྲུབ་པ། ལས་ལ་སྦྱར་བ་སྟེ་རྩ་བའི་ས་ཁོངས་གསུམ་བཟུང་བས་སྨིན་པར་སློབ་ཚུལ་རྣམ་བཤད་འོག་མིན་བགྲོད་པའི་ཐེམ་སྐས་དང་། རྩ་བའི་བསྙེན་ཡིག་ལས་གོ་དོན་ལྷོངས་པར་བྱས་ཤིང་། སྒྲུབ་མཆོག་ཙམ་པོ་ལ་བསྙེན་སྒྲུབ་ལས་གསུམ་སྟབས་གཅིག་ཏུ་བསྒྲུབ་པའི་ཚུལ་ནི། ཐུན་བཞིའི་དང་པོར་བསྙེན་སྒྲུབ་གཉིས་ཕྱེད་ཁྱེད། གཉིས་པར་སྒྲུབ་སྔགས། གསུམ་པར་ཁྲོ་བོ་སྤྱི་སྔགས། བཞི་པར་ཁྲོ་བོ་སྤྱི་སྔགས། མཐར་ལས་སྦྱོར་དམིགས་གནད་དང་ལྡན་པའི་ས་འཚམ་བཟླའོ། །ལས་སྦྱོར་མ་གཏོགས་པའི་ཐུན་ཐམས་ཅད་ལ་བསྟོང་ཚིག་མཆོད་པ་དང་ལས་སྦྱོར་གྱི་མཐར་དྲང་སྲོང་དམོད་བཟློག་གི་ཐལ་མོ་བརྡེབ་ཅིང་ཐུན་མཚམས་ཐམས་ཅད་དུ་ཟབ་མོ་ཐུགས་ཀྱི་སྒྲུབ་པ་ཧཱུྃ་སྒྲུབ་ལ་འབད་པར་བྱའོ། །དུས་གསུམ་མ་མ་དྲུག་ཏུ་ཉུལ་ལེ་བསྐྲད་པ་ནི། །ཟུད་ཅུད་དང་བཅས་ཀྱང་དུལ་གྱི་དུད་པས་བདུག་ཅིང་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོའི་སྐུལ་བ་ནི་རོལ་མོ་དང་བཅས། ཧཱུྃ་ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས། ཁྲག་མདོག་དམར་པོ་བསེ་ཡི་ལན་ཕྲན་ཅན། །སྤྱན་རྩ་དམར་པོ་ཉི་ཟླ་ལྟར་དུ་འཕྲོ། །

(༨༨༢)སྨིན་མ་གློག་འགྱུ་བར་སྣང་གོ་སྐབས་འབྱེད། །བུ་ཡུག་ཐོག་འབེབས་ཤངས་ནས་རྡོ་རྗེ་འཁྲུགས། །བཞད་པ་ཧེ་དང་དཔལ་གྱི་སྤུ་གྲིས་གཏམས། རྔམས་པའི་ལྗགས་འགྲིལ་བསྐལ་པའི་མེ་ཆེན་འབར། །ཨག་ཚོམས་མེ་འབར་རབ་འབྱམས་སྲིད་པ་བསྲེགས། །བསྐལ་པའི་འབྲུག་སྒྲ་སྙན་ནས་གསུང་སྒྲ་སྒྲོགས། །ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས། །སེན་མོ་ལྕགས་ཀྱུའི་རྩེ་ལས་བསྐལ་པའི་མེ་ཆེན་འབར། །བ་སྤུ་རྡོ་རྗེ་གནམ་ལྕགས་ཞུན་མ་འཁྲུགས། །སྨིན་མ་ལྕགས་ཀྱི་ཁྲོ་བཅུ་ཆར་འབེབས་ཤིང་། །ཞལ་གྱི་ཕུར་བས་སྲིན་པོ་ལྔ་བརྒྱ་གཟེར། །རལ་པའི་གསེབ་ནས་ཁྲག་གི་ཆར་ཆེན་འབེབས། །ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུངས་མ། །སྲིན་པོའི་སྙིང་འབྱིན་ཆང་བར་བཅུག་ནས་གསོལ། །ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ། །དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་མ་ལུས་སྒྲོལ། །ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ། །ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གྱོན། ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་གནོན། །དུས་ལ་བབས་ན་སྙིང་ཁྲག་དྲོན་མོ་འཐུངས། །སྲི་ལ་བབས་ན་སྲོག་རྩ་དམར་པོ་གཅོད། །དགྲ་ལ་བབས་ན་དུག་གི་ཁ་ཆུ་

(༨༨༣)འབེབས། །དགེ་བས་ལ་བབས་ན་རཱུ་བ་རྡུལ་དུ་རློག །དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་བྱུང་། །དམ་ཉམས་དགྲ་དང་འབྱུང་པོ་བགེགས་ཀྱི་ཚོགས། །ཕུང་པོ་དུམ་བུར་གཏུབ་ཅིང་དོན་སྙིང་མ་ལུས་བསྲེགས། །གུམ་བུ་པ་རྩེ། །རླུ་པ་རྩེ། རྩ་མེ་ཐུན་ངན་ཤ་སྟམ་བྷ་ཡཀྴ། བི་ན་ཡ་ག །ཕྱེ་མ་ཕྱེ་མ་རྡུལ་ཕྲན་རྡུལ་ཕྲན། །ཙིཏྟ་རྦད། ཅེས་བསྐུལ་ཞིང་ཐུན་གྱིས་བྲབས་ལ་གཟིར་རོ། །བྱིན་འབེབས་ནི། སྒྲུབ་པ་པོ་རྣམས་ལག་ཏུ་མདའ་དར་དང་རོལ་མོ་ཐོགས་ཏེ་དཀྱིལ་འཁོར་ལ་སྐོར་ཞིང་རིག་འཛིན་བརྒྱན་གྱི་བྱིན་དབབ་པ་ནི། རོལ་མོ་དབྱངས་ཀྱི་འགྱུར་པ་དང་བཅས། ཧཱུྃ། བསྐལ་པ་སྲིད་པའི་དང་པོ་ལ། བདག་མེད་རྡོ་རྗེ་ཧེ་རུ་ཀས། །གཟུང་འཛིན་ཏུ་ཏྲ་བསྒྲལ་བའི་ཚེ། །ཚོགས་བརྒྱད་དག་པའི་དུར་ཁྲོད་བྱུང་། །ཁོག་པ་གྲུ་བཞི་སྒོ་བཞི་པ། །བདེ་གཤེགས་བཞུགས་པའི་གཞལ་མེད་ཁང་། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །གདན་གསུམ་ངོ་བོར་བྱིན་ཕོབ་ཅིག །ཡུལ་གྱི་མིང་ནི་འཛམ་བུའི་གླིང་། །ཤར་ཕྱོགས་དུར་ཁྲོད་བསེལ་བའི་ཚལ། །རུ་ཏྲའི་སྙིང་དང་ཞིང་སྐྱོང་ནི། །གླང་མགོ་དཀར་པོ་གྲི་ཐོད་འཛིན། །ཕྱོགས་སྐྱོང་དབང་པོ་རྡོ་རྗེ་ཅན། །ཀླུ་དབང་མཐའ་ཡས་སྤྲུལ་མགོ་གདེངས། །

(༨༨༤)ཆུ་སྤྲིན་དཀར་ལ་ལྗོན་ཤིང་སེར། །གནས་མ་ཆེན་མོ་ཀེའུ་རཱི་མ། །མཆོད་རྟེན་བདེ་བྱེད་བརྩེགས་པ་ནས། །ཡང་དག་གྲབ་པའི་རིག་འཛིན་ནི། ཧཱུྃ་ཆེན་ཀཱ་རས་བྱིན་ཕོབ་ཅིག །ཧཱུྃ་ལྷོ་ཕྱོགས་དུར་ཁྲོད་ཁུ་ཕྱུག་ཚལ། །རུ་ཏྲའི་ལག་གཡས་ཞིང་སྐྱོང་ནི། །མ་ཧེའི་གདོང་ཅན་སྤྲུལ་ཞགས་བསྣམས། །ཕྱོགས་སྐྱོང་གཤིན་རྗེ་བོ་ཅོན་ཅན། །ཀླུ་དབང་འཇོག་བོ་སྤྲིན་སྡོ་སྐྱ། །ཆུ་ཀླུང་རླབས་ཅན་ལྗོན་ཤིང་ལྗང་། །གནས་མ་ཆེན་མོ་ཙ་རཱི་མ། །མཆོད་རྟེན་རིན་ཆེན་འོད་འཕྲོ་ནས། །འཇམ་དཔལ་གྲུབ་པའི་རིག་འཛིན་ནི། །མཉྫུ་མི་ཏྲས་བྱིན་ཕོབ་ཅིང་། །ཧཱུྃ་ནུབ་ཕྱོགས་དུར་ཁྲོད་པདྨ་བརྩེགས། །རུ་ཏྲའི་མཚན་མ་ཞིང་སྐྱོང་ནི། །ཆུ་སྲིན་གདོང་ཅན་ལ་ལི་ཧ། །ཕྱོགས་སྐྱོང་ཆུ་ལྷ་ཀླུ་དུང་སྐྱོང་། །སྤྲིན་ཆེན་སྒྲ་སྒྲོགས་ཆུ་ཤིང་དམར། །གནས་མ་ཆེན་མོ་པྲ་མ་ཧ། །མཆོད་རྟེན་གཟི་འོད་འབར་བ་ནས། །རྟ་མགྲིན་གྲུབ་པའི་རིག་འཛིན་ནི། །ཀླུ་སྒྲུབ་སྙིང་པོས་བྱིན་ཕོབ་ཅིག །ཧཱུྃ་བྱང་ཕྱོགས་དུར་ཁྲོད་པདྨ་བརྩེགས། །རུ་ཏྲའི་རྐང་གཡོན་ཞིང་སྐྱོང་ནི། །རྟ་གདོང་དུང་ཁ་ཆུང་མར་བཅས། །ཕྱོགས་སྐྱོང་གནོད་སྦྱིན་ཀླུ་སྟོབས་རྒྱུ། །ཆུ་ཀླུང་མྱོས་དང་སྤྲིན་ལྗང་འཁྲུགས། །ལྗོན་ཤིང་ཨ་སུ་ཏ་ན་མཛེས། །

(༨༨༥)གནས་མ་ཆེན་མོ་བེ་ཏ་ལཱི། །མཆོད་རྟེན་རང་བྱུང་བདེ་ཆེན་ནས། །ཕུར་པ་གྲུབ་པའི་རིག་འཛིན་ནི། །པྲ་བྷ་ཧ་སྟིས་བྱིན་ཕོབ་ཅིག །ཧཱུྃ་ ཤར་ལྷོ་དུར་ཁྲོད་ལྷུན་གྲུབ་བརྩེགས། །རུ་ཏྲའི་ནང་ཁྲོལ་ཞིང་སྐྱོང་ནི། །ར་གདོང་ཕྱོགས་སྐྱོང་མེ་ལྷ་སེར། །ཀླུ་ཆེན་པདྨ་ནོར་བུ་འཛིན། །ཆུ་ཀླུང་དུར་བྱེད་སྤྲིན་དམར་སེར། །ལྷོན་ཤིང་ཁྲོ་བོ་གེལ་བའི་སྟབས། །གནས་མ་ཆེན་མོ་པུཀྐ་སཱི། །མཆོད་རྟེན་ཀེའུ་ཏི་ཤན་ནས། །མ་མོ་གྲུབ་པའི་རིག་འཛིན་ནི། །དྷ་ན་སཾ་སྐྲྀས་བྱིན་ཕོབ་ཅིག །ཧཱུྃ་ ལྷོ་ནུབ་དུར་ཁྲོད་མ་ཧཱ་གུ་ཧྱ། །རུ་ཏྲའི་མགོ་བོ་ཞིང་སྐྱོང་ནི། །ཁ་དོག་སྔོན་པོ་མི་ལ་ཞོན། །ཕྱོགས་སྐྱོང་འབོད་སྒྲོགས་ཀླུ་པད་ཆེན། །སྤྲིན་སེར་ག་ན་ཆུ་ཀླུང་དམར། །ལྗོན་ཤིང་ཤཱི༚ནྟ་ཨུ་པ་ལ། །གནས་མ་ཆེན་མོ་གསྨ་རཱི། །མཆོད་རྟེན་ཆེན་པོ་ཀ་ནི་ནས། །ཡོན་ཏན་གྲུབ་པའི་རིག་འཛིན་ནི། །བི་མ་མི་ཏྲས་བྱིན་ཕོབ་ཅིག །ཧཱུྃ་ནུབ་བྱང་དུར་ཁྲོད་ཧེ་ཆེན་པོ། །རུ་ཏྲའི་ལག་གཡོན་ཞིང་སྐྱོང་ནི། །ཤ་བའི་གདོང་ཅན་འཕྱེ་བོའི་ཚུལ། །ཕྱོགས་སྐྱོང་རླུང་ལྷ་ཀླུ་ནོར་རྒྱས། །སྤྲིན་ཆེན་ཆར་འབེབས་ཆུ་ཀླུང་ནག །ལྗོན་ཤིང་ངོ་ལ་ནག་པོ་ལ། །གནས་མ་དུར་ཁྲོད་བདག་མོ་གནས། །མཆོད་

(༨༨༦)རྟེན་རང་བྱུང་ཀུ་མ་ནས། །མཆོད་བསྟོད་གྲུབ་པའི་རིག་འཛིན་ནི། །གུ་ཧྱ་ཙཎྜས་བྱིན་ཕོབ་ཅིག །ཧཱུྃ་བྱང་ཤར་དུར་ཁྲོད་ལོ་ཀ་ན། །རུ་ཏྲའི་རྐང་གཡས་ཞིང་སྐྱོང་ནི། །ཅེ་སྤྱང་གདོང་ཅན་རྩེ་གསུམ་འཆང་། །ཕྱོགས་སྐྱོང་དབང་ལྡན་ཀླུ་རིགས་ལྡན། །ཆུ་ཀླུང་ནག་པོ་སྤྲིན་ཉ་ཅན། །ལྗོན་ཤིང་ཧ་ལ་ཀཱ་ལ་ལ། །གནས་མ་ཆེན་མོ་ཙཎྜ་ལཱི། །མཆོད་རྟེན་གོ་མས་ལ་ནས། །དྲགས་སྔགས་གྲུབ་པའི་རིག་འཛིན་ནི། །ཤཱི༚ནྟ་གར་བྷས་བྱིན་ཕོབ་ཅིག །ཅེས་ཛབ་དབྱངས་བཟླ་བ་དང་བཅས་བྱིན་དབབ་པར་བྱའོ། །སྒྲུབ་ཆེན་གྱི་ཚེ་ཕྱག་རྒྱ་རྒྱས་པའི་མངོན་རྟོགས་དུས་གསུམ་མམ་བཞི་བྱེད་ཅིང་། བདུད་རྩི་སྨན་གྱི་སྒྲུབ་པ་ལ་ནི། སྔ་ཐུན་དང་པོ་ལ་རྩ་བའི་སྒྲུབ་གཞུང་བསྲང་སྟེ་བདག་བསྐྱེད་ཀྱི་བཟླས་པ་ཅི་ནུས་པས་བདག་རང་བཞིན་གྱི་དཀྱིལ་འཁོར་བསྒྲུབས་པའི་མཇུག་ཕྱག་རྒྱ་རྒྱས་པའི་མངོན་རྟོགས་གཞུང་བསྲང་སྟེ་མདུན་རྟེན་གྱི་ལྟེ་བ་ཞལ་བསྒྱུར་ནས་དཀྱིལ་འཁོར་བདུན་དང་སྦྱོར་བ་བརྒྱད་ལྡན་གྱི་བརྟེན་པ་སྒྲ་ཇི་བཞིན་པར་གསལ་བཏབ་ནས་རྒྱ་དར་གྱི་བཟླས་པ་བྱ་བ་ཉིད་དོ། །གང་གི་ཚེ་ཡང་ཐུན་མཐར་སྤྲོ་ན་ལྷ་མོ་བཅུ་དྲུག་གིས་མཆོད་ཅིང་བསྟོད་པ་མདོར་བསྡུས་དང་ཡི་གེ་བརྒྱ་པས་ཉེས་བྱས་བཤགས། ཚོགས་ཀྱི་འཁོར་ལོ་དུས་གསུམ་མམ་བཞིར་བསྐོར་བའི་ལྷག་མ་དཀྱིལ་འཁོར་གྱི་བྱང་ཤར་དུ་བཙོན་དུ་བཟུང་། སྲོད་ཐུན་གྱི་

(༨༨༧)མཐར་ཆོས་སྲུང་སྤྱི་བྱེ་བྲག་གི་བསྐང་གསོ་དང་ཆད་ཐོ་བསྟན་སྐྱོང་སོགས་མཇུག་ཆོག་རྣམས་དཀྱུས་བཞིན་ལ་ཉལ་བའི་རྣལ་འབྱོར་གྱི་ཚེ་བདག་ཉིད་གཉུག་མའི་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དུང་ཁྲག་འཛིན་པའི་།ཐུགས་ཀར་ཉི་ཟླའི་སྟེང་ཐུགས་སྲོག་ཧཱུྃ་གིས་མཚན་བ་ལ་རིག་པ་གཏད་དེ་དེ་ཉིད་བཟླ་བཞིན་པར་ཉལ་ལོ། །གསུམ་པ་དངོས་གྲུབ་བླང་བ་ནི། ནངས་པར་སྒྲུབ་པ་ཐོན་པའི་ཚེ་རྩེ་བའི་བཟླས་པ་ཅི་རིགས་པ་ཐོན་རྗེས་ཚོགས་ཀྱི་འཁོར་ལོ་རྒྱས་པར་བསྐོར་ཞིང་དངོས་གྲུབ་བསྐུལ་བའི་དོན་དུ་ཐུགས་དམ་བསྐུལ་ཞིང་རྩ་སྔགས་མཐར། དྷ་རྨཱ་ཀླ་ཡ། སམྦྷོ་ཀཱ་ཡ། ནི་རྨ་ཀཱ་ཡ་ཙིཏྟ་སིདྡྷི་ཕཱ་ལ་ཧཱུྃ་ ཞེས་བརྒྱའམ་ཉེར་གཅིག་བཟླས་ལ། ཉུ་ལེ་བསྐྲད། རིག་འཛིན་གྱི་བྱིན་འབབས་ལ་སྒྲུབ་རྫས་རྣམས་བཏེགས་ཏེ་ལས་གཞུང་གི་དངོས་གྲུབ་བླང་བའི་ཚིག་གིས་སྒྲུབ་རྫས་གནས་གསུམ་དུ་གདུགས་ཤིང་མྱོང་། །གཏང་རག་གི་མཆོད་བསྟོད་བྱས་ལ་དངོས་གྲུབ་ཀྱི་རྫས་དང་ཚོགས་ཀྱི་འཁོར་ལོ་ལ་རོལ། སྤྲོ་ན་དེའི་མལ་དུ་བདག་འཇུག་ལེན་ཆོག་དབང་དོན་རྒྱ་མཚོས་དབང་བསྐུར་བདག་འཇུག་བླངས་པའི་མཐར་དངོས་གྲུབ་བླང་ངོ་། །གཞན་དོན་དུ་དབང་བསྐུར་བྱེད་ནའང་སྐབས་འདིར་བྱའོ། །དེ་ནས་བསྒྲུབས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་སྦྱིན་སྲེག་གི་ཞལ་བསྲོ་བ་ནི་སྒྲུབ་

(༨༨༨)ཁང་གི་ཕྱི་རོལ་ལྷོ་ཕྱོགས་སམ། དཀྱིལ་འཁོར་གྱི་མདུན་ངོས་སུ་རྒྱས་ས་པའི་སྲེག་བླུགས་ཀྱི་ཐབ་ཏུ་དཀྱིལ་འཁོར་གྱི་ལྷ་རྣམས་མཚོན་པ་མེ་ཏོག་གི་ཚོམ་བུའམ་དབུ་རྒྱན་གྱི་རྣམ་པས་སྤྱན་དྲངས་པ་དཀྱིལ་འཁོར་གྱི་བདག་པོ་ལ་གཡས་སུ་བསྐོར་བ་དེ་ཉིད་ཀྱིས་བླངས་ཏེ་ཐབ་ཏུ་མེ་ཏོག་ཅུང་ཟད་དོར་ལ་གཞུང་བཞིན་ལྷ་རྣམས་གསལ་བཏབ་སྟེ་སྦྱིན་སྲེག་གི་མཆོད་འབུལ་དང་དངོས་གྲུབ་བླང་བའི་རྫས་དང་གཏོར་མ་ནས་ཀྱང་ཅུང་ཟད་འབུལ། སླར་ཡང་དཀྱིལ་འཁོར་གྱི་ལྷ་རྣམས་མཚོན་བྱེད་ཀྱི་སྤྱན་དྲངས་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བསྟིམ་དེ་ཇི་སྲིད་མ་བས་དུས་ཀྱི་བར་དུ་མཆོད་པས་སྲི་ཞུར་བྱའོ། །གལ་ཏེ་བསྙེན་པའི་ཁ་སྐོང་ལ་སོགས་པའི་དོན་དུ་སྦྱིན་སྲེག་བྱ་བར་སྤྲོ་ན་ཞི་བའི་ཐབ་ཏུ་སྲེག་རྫས་རྣམས་རྩེ་སྔགས་འབའ་ཞིག་གིས་འབུལ་བ་ཁྱད་པར་རོ། །དེ་ནས་ཆོས་སྐྱོང་གི་གཏང་རག་དང་སྔར་བཙོན་དུ་བཟུང་བའི་ལྷག་མ་དང་སྒྲུབ་པ་པོ་རྣམ་ཀྱིས་རོལ་པའི་ལྷག་མ་བསྡུས་ཏེ་དྲག་ཤུལ་གྱི་ལས་ལ་ཤིས་པར་འདོད་ན་དམེ་ལྷག་སྟེང་དང་བཀྲ་ཤིས་པར་འདོད་ན་གཙང་ལྷག་སྟེང་དུ་བསྣན་པ་རྡོ་རྗེ་སློབ་དཔོན་གྱི་ཁ་ཕྲུས་བཏབ་ཅིང་སྨན་རག་ཀྱང་བྲན་ཏེ་ཨ་ཀཱ་རོ་སོགས་ཀྱིས་བསྔོས་ཤིང་འཕྲིན་ལས་བཅོལ་ཏེ་རྒྱལ་ཐོའིཕྱི་རོལ་དུ་དོར། ཆོས་སྐྱོང་གི་གཏོར་མ་ཐོག་སྟེང་སོགས་གཙང་སར་གཤེགས། ཆོ་གའི་མཇུག་ཆོག་རྣམས་དཀྱུས་བཞིན་ལ་བཀྲ་ཤིས་སྨོན་རག་ཀྱང་བྲན་ཏེ་ཨ་ཀཱ་ར་སོགས་ཀྱིས་བསྔོས་ཤིང་འཕྲིན་ལས་བཅོལ་ཏེ་རྒྱལ་ཐོའི་ཕྱི་རོལ་དུ་དོར། ཆོས་སྐྱོང་གི་གཏོར་མ་ཐོག་སྟེང་སོགས་གཙང་སར་གཤེགས། །ཆོ་གའི་མཇུག་ཆོག་རྣམས་དཀྱུས་བཞིན་ལ་བཀྲ་ཤིས་སྨོན་ལམ་གྱིས་མཐར་

(༨༨༩)རྒྱས་སུ་བྱའོ། །དེ་ནས་ཁྱད་པར་གྱི་ལས་མཇུག་བསྡུ་བ་ནི། རྒྱལ་ཆེན་ལ་གཏང་རག་གཏོང་ཏེ་ཕྱི་ནང་གི་ཐོ་རྣམས་འགྲོལ་ཤིང་གཤེགས་བསྡུ་བྱ། གཟུགས་བརྙན་གྱི་དཀྱིལ་འཁོར་ལ་མཆོད་ཅིང་བསྟོད་དེ་བཟོད་པར་གསོལ་ལ་ཨོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད་ཅེས་སོགས་དང་བཛྲ་མུཾ་གྱིས་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས། རས་བྲིས་ཡིན་ན་བརྟན་བཞུགས་བྱ། ཐོད་སྐུ་ལ་སོགས་པའི་སྒྲུབ་རྫས་དང་རྒྱན་བསྡུས་ཏེ་དབེན་པར་འཇོག །ཨ་ཀཱ་རོའི་སྔགས་བརྗོད་ཅིང་ལག་གཡས་རྡོ་རྗེ་དང་བཅས་པས་དབང་ལྡན་ནས་བཟུང་རྡུལ་ཚོན་ཕྱགས་ལ་དམ་ཚིག་གི་དཀྱིལ་འཁོར་སྙིང་ཁའི་ཐིག་ལེར་འདུས་པར་བསམ། ཕུར་བུ་ཕྱུང་བའི་ཕུར་རྩེ་འོ་མས་བཀྲུ་ཞིང་ཤུལ་དུ་རིན་པོ་ཆེའི་གཏེར་གཞུག །རྡུལ་ཚོན་རྣམས་ལས་ཅུང་ཟད་འཕྲིན་ལས་ཀྱི་དོན་དུའང་བཟུང་ཞིང་བྱིངས་རྣམས་རིན་པོ་ཆེའམ་རྫའི་བུམ་པར་བླུགས་ལ་གཏོར་མ་དང་ལྷན་ཅིག་གཏེར་དུ་སྦ་བའམ་ཡང་ན་དབུ་རྒྱན་བསྐོན་ཏེ་མཆོད་རྫས་ཀྱིས་སྣ་དྲངས་ལ་ཆུ་ཀླུང་ཆེན་པོར་དོར་བའི་སྣོད་ཆུས་བཀང་སྟེ་ནང་དུ་ལོག་ནས་བསངས་གཏོར་བྱ། སླར་ཡང་རྡོ་རྗེའི་གླུ་གར་སོགས་དགའ་སྟོན་གྱིས་མཐའ་རྒྱས་སུ་བྱའོ། །རྒྱ་རོང་སྐུ་སྐྱེའི་གསུངས་ནན་མ་ལྡོག་པས། །རྒ་བར་ནོད་ཀྱང་ཀླད་ཀྱི་དོན་སྨོས་ནས། །ཀུན་ཏུ་སྦྱོར་བ་དབོན་པོ་འོད་ཟེར་ལ། །རྗེས་སུ་གནང་ནས་དཔྱད་གསུམ་དག་པས་བསྒྲུབས། དགེའོ།

(༨༩༠)

(༨༩༡)།ཐུགས་སྒྲུབ་དཔལ་ཆེན་འདུས་བ་ལས་ཧེ་རུ་ཀ་རིགས་བཞིའི་སྒོས་སྒྲུབ་བསྙེནཔའི་དམར་བྱང་བཞུགས། ༈ བཅོམ་ལྡན་འདས་ཁྲག་འཐུང་གི་རྒྱལ་པོ་ལ་ན་མ། རིགས་བཞིའི་ཁྲག་འཐུང་གི་བསྙེན་པ་བྱེད་ན། བསྙེན་རྐྱང་གི་དུས་ཚོམ་བུའི་ཁར་སོ་སོའི་སྒྲུབ་རྟེན་འབྱོར་ན་ཁྲིའུའི་ཁར་བཤམ། མ་འབྱོར་ན་གཏོར་མ་ཁོ་ནས་རུང་། སྒྲུབ་ཆེན་ལ་ཚོན་དཀྱིལ་གཉིས་གང་རུང་གི་ས་ཆོག་སྟ་གོན་རྣམས་དབང་གི་སྤྱི་དོན་ལྟར་བྱ། གཏོར་ཚོགས་བཟང་དུ་བཤམ། དེ་ནས་དང་པོ་འཇམ་དཔལ་གཤིན་རྗེའི་སྐབས། སྣང་སྲིད་ཐམས་ཅད་འཇམ་དཔལ་གཤིན་རྗེའི་རྟེན་དང་བརྟེན་པར་བསྐྱེད་པ་ལས་བདག་མདུན་གྱི་གཉིས་རྟོག་མི་དགོས། ཛཔྲ་ལ་བབ་པ་ན། ཡ་མ་རྭ་ཛའི་ཐུགས་ཀར་ཉི་སྟེང་ཧཱུྃ་ཡིག་མཐིང་ཀས་མཚན་པ་ལ་མདུན་ནས་བརྩམས་ཏེ་སྔགས་ཕྲེང་སྤུས་བྲིས་པ་ལྟར་ཤིན་ཏུ་ཕྲ་བ་གཡོན་བསྐོར་དུ་བཀོད་ལ་ཀློག་ཐབས་སུ་སེམས་འཛིན། དེའི་འོད་ཟེར་གྱིས་མུན་ཁུང་དུ་སྒྲོན་མེ་བཏེག་པ་ལྟར། དང་པོར་གཙོ་བོ་ཡབ་ཡུམ། དེ་གསལ་ཐེབས་ནས་ཕྱག་རྡོར་དང་རུས་སྦལ་ཏེ་རྩ་བའི་ལྷ་ལྔ་ཆར་གྱི་གསལ་སྣང་ལ་སློབ། དེ་ནས་རིམ་བཞིན་རྒྱན་གྱི་ལྷ་རྣམས་དང་བཅས་རྟེན་དང་བརྟེན་པ་ཐམས་ཅད་ཁྲ་ལམ་གྱི་གསལ་ན་རབ། མིན་

(༨༩༢)ཀྱང་དེ་ལ་འདུན་པ་བརྟས་པ་དང་འོད་ཟེར་སྤྲོ་བསྡུ་གཞུང་བཞིན་བྱ། ཆེར་གོམས་པ་དང་ཐུན་མཇུག་ཚོར། །ཐུགས་ཀའི་སྔགས་ཕྲེང་ལས་རང་འདྲ་གཉིས་པ་ཆད་དེ་ལུ་གུ་རྒྱུད་དུ་འབྲེལ་བ་ཞལ་ལས་ཐོན། ཡུམ་ཞལ་དུ་ཞུགས། ཡེ་ཤེས་སེམས་དཔའ་ལ་བསྐོར་བ་རྒྱུན་མི་ཆད་པ་ལ་དོ་ལི་ཟེར། སྒྲུབ་ཆེན་ལ་ཕཊ་ཛས་འཛབ་ཁང་དབྱེ་ནས་བདག་མདུན་ཕྱེ་ཞིང་དམིགས་པ་འདི་གཙོ། སྲོག་སྡོམ་གཟེར་བཞིའི་དོན་སོགས་དཔལ་ཆེན་གྱི་བསྙེན་ཡིག་དང་བསྐྱེད་རིམ་རྣམ་བཤད་དུ་གསལ། སྒོས་ཆོས་རྣམས་མ་གཏོགས་དམིགས་པ་འདིས་འོག་མ་རྣམས་ཀྱང་ཁོག་དབུབ། ༈ རྟ་མཆོག་རོལ་པ་ནི་ཡེ་ཤེས་སེམས་དཔའ་ཡུམ་པདྨ་གཟི་ལྡན་མ་སྐྱིལ་ཀྲུང་ཕྱག་གཡས་སྟེང་དང་གཡོན་པ་འོག་ཏུ་བྱས་པའི་སྡིགས་མཛུབ་སྙིང་གར་ཁ་སྤྲད་པའི་ཐུགས་ཀའི་དབྱིངས་ལ་རིན་ཆེན་ཟུར་བརྒྱད་དམར་པོའི་སྟེང་ཉི་གདན་ལ་ཧྲཱིཡིག་མཐར་སྔགས་ཕྲེང་བསྐོར་ཚུལ་དང་སྤྲོ་བསྡུ་སོགས་གོང་དང་འདྲ་རུང་བ་ལས། དང་པོ་འཕྲོ་འདུ་ལྷ་རྣམས་བསྐུལ། །གཉིས་པ་མ་མོ་མཁའ་འགྲོ་བསྐུལ། གསུམ་པ་ལས་ཀྱི་མཁའ་འགྲོ་བསྙེན། །བཞི་པ་གཉིས་མེད་དང་དུ་བསྙེན། །འཕྲོ་འདུ་འཕྲོ་བ་མ་དད་བཏུལ། །དེ་ལས་ཕར་མཆོད་ཚུར་དངོས་གྲུབ། །ཚ་ཚའི་ཚུལ་དུ་འཕྲོ་འདུ་བྱ། །དེ་ནི་སྒྲུབ་པ་ཆེན་པོའོ། །ཞེས་རྟ་མཆོག་རོལ་པ་

(༨༩༣)ལས་བཤད་པ་ལྟར་བྱའོ། ༈ ཡང་དག་གི་ཁྱད་པར། གནས་སོ་སོར་རིན་པོ་ཆེ་ཟུར་བརྒྱད་པ་རེ་ལས། ཀླད་པ་དུང་ཁང་གི་ནང་དུ་ཟླ་གདན་ལ། ཨོཾ་དཀར་པོ་ལ་རུ་ལུ་གསེར་གྱི་ཕྲེང་བ་ལྟ་བུ་དང་། མགྲིན་པར་པདྨ་འདབ་བརྒྱད་ཀྱི་སྟེང་ཨཱཡིག་དམར་པོ་ལ་རུ་ལུ་དམར་གསལ་མགལ་མེ་ཀླད་ལ་བསྐོར་བ་ལྟ་བུ་དང་། སྙིང་གར་ཉི་གདན་ལ་ཧཱུྃ་སྔོན་པོའི་མཐར་རུ་ལུ་སྔོ་ནག་ལྕགས་ཞུན་འཐོར་བ་ལྟ་བུས་བསྐོར། དེ་བཞིན་དུ་གོ་རཱི་མ་སོགས་ལྷ་མོ་བརྒྱད་ཀྱི་ཐུགས་ཀར་རིན་ཆེན་ཟུར་བརྒྱད་ལ་རུ་ལུའི་ཡི་གེ་མདུན་ནས་བརྩམས་འབྲུ་རེ་དང་། དབུས་ན་སོ་སོའི་མིང་ཡིག་ཐིག་ལེས་མཚན་པའི་ཐུགས་སྲོག་གནས་པ་ལ་སེམས་འཛིན་ཅིག་ཆར་དུ་ཐོབ་ན་རབ། མིན་ན་གཙོ་བོའི་ཐུགས་ཀ་ནས་རིམ་པར་གྱེན་དུ་སྔགས་ཕྲེང་ལ་སེམས་གཏད་དེ་རུ་ལུའི་བཟླས་པ་བྱས་པས་ཡི་གེའི་སྤྲིན་ནམ་མཁའ་གང་བར་སྤྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་བདེ་སྟོང་གི་མཆོད་པ་ཕུལ། ཐུགས་དམ་ཀྱི་རྒྱུད་བསྐུལ། ཡང་ཡི་གེའི་སྤྲིན་ལས་སྣོད་བཅུད་དུ་འཛིན་པའི་རྟོག་པ་སྦྱངས། དེ་རྣམས་ཚུར་འདུས་ཡི་གེ་སོ་སོ་ལ་ཐིམ། རྣམ་པར་ཤེས་པའི་ཚོགས་བརྒྱད་དང་ཡུལ་ལ་ཉེ་བར་ལེན་པའི་སེམས་ཤིན་ཏུ་རྣམ་པར་དག་ནས་ཚེ་

(༨༩༤)འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་ནས་མཆོག་གི་དངོས་གྲུབ་བདེ་བླག་ཏུ་ཐོབ་པར་བསམ་པ་སྟེ། ཧེ་རུ་ཀ་གལ་པོ་ལས། རང་སེམས་བྱང་ཆུབ་འབྲུ་བརྒྱད་ཉིད། །རུ་ལུ་གསེར་ཕྲེང་རིན་པོ་ཆེ། །གཅིག་ལས་མང་སྤྲོས་དགུ་རུ་ལྡན། །བསམ་འཕེལ་འབྲུ་བརྒྱད་རིན་པོ་ཆེ། །རྒྱལ་བ་ཀུན་གྱི་ཐུགས་ཀྱི་དབྱིག །གདོད་ནས་ཡེ་ཤེས་སྙིང་པོ་བས། །བྱིན་རླབས་འབྲུ་བརྒྱད་ཕྱག་རྒྱར་གསལ། །དྲོད་ཚད་རྟགས་དང་ལྡན་པ་ཡིས། །དེ་བཞིན་ཉིད་དུ་ཤེས་པར་བྱ། །ཅེས་དང་། ཀུན་གཞིའི་རྣམ་ཤེས་ཡུམ་སྐུར་གསལ། །ཡབ་ཡུམ་གཉིས་མེད་སྐུ་གསུང་ཐུག །ཐུགས་ཀྱི་ཡོན་ཏན་འབྱུང་བའི་གཏེར། །ཞེས་གསུང་བས་འདིས་ནི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྟེར་བ་མིན་ནོ། ༈ ཕུར་པའི་ཁྱད་པར་ནི། ཐུགས་ཀར་རིན་པོ་ཆེའི་གཞལ་མེད་ཁང་སྒོ་གཅིག་པའི་ནང་དུ་ཡེ་ཤེས་སེམས་དཔའ་རྡོ་རྗེ་མི་བསྐྱོད་པ་དཀར་པོ་ཡུམ་དང་བཅས་པ་པད་ཟླའི་གདན་ལ་བཞུགས་པའི་ཐུགས་ཀར་རྡོ་རྗེ་མཐིང་ནག་རྩེ་ལྔ་པ། དེའི་ལྟེ་བར་ཉི་དཀྱིལ་ལ་ཏིང་འཛིན་སེམས་དཔའ་ཧཱུྃ་མཐིང་ནག་ལ་སྔགས་ཕྲེང་གིས་སྐོར་བ་ལ་སེམས་རྩེ་གཅིག་ཏུ་བཟུང་ནས་རེས་འགའ་རྣམ་པ་གསལ། རེས་འགའ་དག་དྲན་སྒོམ་ཅིས་ཀྱང་གསལ་དཀའ་ན་ང་རྒྱལ་ལ་དྲན་པ་བརྟེན་ནས་འོད་ཟེར་སྤྲོ་

(༨༩༥)བསྡུས་དོན་གཉིས་བྱ་བ་ལ་གཙོ་བོར་བསླབ་ཅིང་། སྒྲུབ་པའི་དུས་དོ་ལི་ལ་བསླབ་པ་སྔར་བཞིན་ནོ། །འདིའི་དོ་ལིའི་ཁྱད་པར་སྔགས་ཕྲེང་དབུས་ར་ནས་འཐོན། དམ་ཚིག་སེམས་དཔའི་ཤངས་བུག་གཡས་པ་བརྒྱུད། མདུན་བསྐྱེད་ཡོད་སྐབས་དེའི་ཤངས་བུག་གཡོན་པ་ནས་རིམ་པར་ཤངས་གཡས། དེ་ནས་རང་གི་སྣ་བུག་གཡོན་པ་ནས་འཇུག་པའི་ཁྱད་པར་རོ། གལ་ཏེ་སྨད་ལས་ཀྱི་དམ་ཅན་ཉེ་བསྙེན་སོགས་འདོད་ན་རྒྱུད་ལུགས་ལོགས་སུ་བཀོད་པ་ལས་ཕུར་པའི་གྲུབ་མཐའ་དབྱིས་ཕྱིན་པར་ཤེས་པར་བྱའོ། །ཅེས་མདོ་ཁམས་པ་འཇིགས་མེད་བློ་གསལ་ཅན་གཉིས་ཀྱི་ངོར་ཆོས་ཀྱི་བདག་པོས་དེ་མ་ཐག་བཀོད་པའོ། །ཟུར་ཁང་མཛོད་ཟུར་ཆོ་དོན་གྱི་བར་ཏུ་བསྐྲུན་པས་སྙིང་ཐིག་གི་བསྟན་པ་དར་ཞིང་རྒྱས་ནས་ཡུན་རིངས་ཏུ་གནས་པར་གྱུར་ཅིག །

(༨༩༦)

(༨༩༧)འུྃ ཀློང་སྙིང་བཀའ་འདུས་རྒྱ་མཚོ་ལསབདག་འཇུག་དབང་དོན་རྒྱ་མཚོ་བཞུགས

(༨༩༨)འུྃ སྐུ་དང་ཡེ་ཤེས་བདག་ཉིད་ཅན མངོན་པར་བྱང་ཆུབ་བླ་མ་ནི ཅིར་ཡང་སྤྲུལ་པའི་ཡི་དམ་ལྷ ཁྲག་འཐུང་འདུས་པའི་ལྷ་ལ་འདུད འདིར་དཔལ་ཆེན་བཀའ་འདུས་རྒྱ་མཚོའི་དཀྱིལ་འཁོར་དུ་དབང་བསྐུར་བདག་འཇུག་བླང་བའི་ཆོ་ག་དབང་དོན་རྒྱ་མཚོ་ཞེས་བྱ་བ་ལ སྦྱོར་དངོས་རྗེས་གསུམ་ལས དང་པོ་ནི ས་ཆོག་ནས་བཟུང་དཀྱིལ་འཁོར་འདུ་བྱ་བའི་ལས་རིམ་དབང་གི་སྤྱི་དོན་ལྟར་རོ གཉིས་པ་དངོས་གཞི་ལ་གཉིས དཀྱིལ་འཁོར་བསྒྲུབ་མཆོད་དང་ བདག་འཇུག་གི་ཆོ་གའོ། དང་པོ་ནི་གང་དུ་འཇུག་བྱ་སོ་སོའི་སྒོས་སྒྲུབ་ལྟར་བསྐྱེད་རིམ་གྱི་གོ་དོན་ལྷོངས་སུ་གྱུར་པ་དག་གིས་བདག་མདུན་བུམ་གསུམ་ཆོ་ག་གཅིག་གིས་བསྒྲུབ་ཀྱང་རུང་བ་སྔོན་གྱི་བླ་མ་དངོས་གྲུབ་བརྙེས་པ་དག་གིས་ཕྱག་བཞེས་ཡིན་ལ ན་ཚོད་ཡོལ་ཡང་བྱིས་པའི་རྣམ་རིག་ཅན་རྣམས་ནི་ལས་དང་པོ་པ་བདག་མདུན་བུམ་གསུམ་གྱི་རྣམ་དབྱེ་ཕྱེད་པའང་མེད་ན་བསྐྱེད་རིམ་ལ་གོམས་བརྟན་གྱི་དངོས་དོན་ལ་ཇི་ལྟར་འབྱེད དེ་བས་ན་ཆོས་ལ་དབང་ཟབ་སྤངས་ཏེ སྒྲུབ་གཞུང་བཞིན་དུ་བདག་བསྐྱེད་བཟླས་པ་དང་བཅས་པའི་མཐར་མཆོད་བསྟོད་དང་ དེ་ནས་མདུན་

(༨༩༩)འུྃ བ་སྐྱེད་བསྒྲུབ་པའི་མཆོད་པ་གསོས་ལ རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ སོགས་ཀྱི་རྒྱུན་བཤགས་ལན་གསུམ བྱིན་འབེབས་དང་མཆོད་པ་བྱིན་རློབ་གཞུང་ལྟར་ལ མདུན་རྟེན་ཤུ་ནྱ་ཏཱ་ས་སྦྱངས རང་བྱུང་རིག་པ་བདག་མེད་དེ་བཞིན་ཉིད སོགས་ནས་བཟླས་པ་ཅི་ནུས་བྱའོ དེ་ལྟར་ནའང་འཇམ་དཔལ་སྐུ་ནི་ཡོངས་གྲུབ་ཀྱི་བསྐྱེད་རིམ་དང་ ལས་བུམ་སྒྲུབ་པ་གཉིས་ལས་དང་པོ་ནི ཤུ་ནྱ་ཏཱ་ས་སྦྱངས སྟོང་པའི་ངང་ལས་བུམ་གདན་པདྨ་འདབ་བརྒྱད་ཀྱི་སྟེང་དུ་བྷྲཱུཾ་ཡིག་ཡོངས་སུ་གྱུར་བ་ལས་འོད་སྣང་རིན་པོ་ཆེ་ལས་གྲུབ་པའི་བཀྲ་ཤིས་རྣམ་རྒྱལ་གྱི་བུམ་པ་ལྟོ་བ་ཟླུམ་ལ་ཞབས་ཞུམ་པ མགྲིན་པ་རིང་ལ ཁ་གཡེལ་བའི་མདུན་ངོས་ནས་མཆུ་འཕྱང་བ ལྷ་རྫས་ལས་གྲུབ་པའི་པཉྩ་ལི་ཀའི་མགུལ་ཆིངས་ཕྲོག་གསུམ་དང་ལྡན་པ

(༩༠༠)བྱང་ཆུབ་ལྗོན་པའི་ཁ་རྒྱན་ཅན ནད་ཆོས་སྐུའི་རང་བཞིན་ཡངས་ཤིང་མཐའ་མི་མངོན་པའི་གཟུགས་སྐུ་གཉིས་ཀྱི་ཆ་བཅུད་སོ་ལྔས་གཏམས་བ ཕྱི་བུམ་པའི་རྣམ་པ་ལ་ནས་ཡེ་ཤེས་ཀྱི་གཞལ་མེད་ཁང་རྣམ་པར་ཐར་པའི་སྒོ་གསུམ་གྱི་བདག་ཉིད་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་བརྡ་དོན་རྟགས་གསུམ་ཡོངས་སུ་རྫོགས་པའི་ཕོ་བྲང་ཆེན་པོར་མདུན་བསྐྱེད་ཇི་ལྟ་བའི་ལྷ་ཚོགས་གསལ་ལ་མ་འདྲེས་ཤིང་། སྣང་ལ་རང་བཞིན་མ་གྲུབ་པར་བཞུགས་པའི་གནས་གསུམ་དུ་ཡི་གེ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་བཛྲ་ས་མཱ་ཛ སྤྱན་འདྲེན་ནི ཧཱུྃ་དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུ སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་ །ཐུགས་རྗེའི་དང་ཉིད་ཆོས་སྐུ་རོལ་པ་ལས ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ ཨེ་ཧྱ་ཧི་བྷ་ག་ཝཱ་ན་མ་ཧཱ་ཀཱ་རུ་ཎི་ཀ་ཏྲྀ་ཤྱ་ཧོ ཛཧཱུྃ་བཾ་ཧོ ས་བསྟིམ མཆོད་པ་ནི། ཧཱུྃ་དངོས་སུ་འབྱོར་དང་ཡིད་གྱིས་རྣམ་སྤྲུལ་པའི སོགས་མཐར་རཱུ་བ་ནས་བརྴེའི་བར་དང་སརྦ་པཉྩ་རཀྟ་བ་ལི༚་ཏ་

(༩༠༡)འུྃ མ་ཧཱ་སུ་ཁ་དྷརྨ་དྷཱ་རྟུ་པཱུ་ཛ་ཧོ བསྟོད་པ་ནི ཧཱུྃ་རྡོ་རྗེ་གླུ་མའི་ལས་ཀྱི་ཕྱག་རྒྱ་ཡིས དབྱངས་ཀྱི་ཡན་ལག་ཆོས་ཀྱི་ཕྱག་རྒྱའི་སྤྲིན རིགས་ལྔའི་དམ་ཚིག་ཕྱག་རྒྱ་ལ་སྦྱར་ནས ལྷར་སྣང་ཕྱག་རྒྱ་ཆེན་པོར་བསྟོད་པར་བགྱི བཟླས་པ་ནི གཟུངས་ཐག་ལ་འཇུས་ནས བདག་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་འོད་ཀྱི་སྤུ་གུ་ཅན་ལ་འཁྲིལ་ཏེ་སོང་བས་བུམ་ལྷའི་ཐུགས་རྒྱུད་བསྐུལ བདེ་སྟོང་གི་ཡེ་ཤེས་བདུད་རྩིའི་རང་བཞིན་དུ་བབས་པས་བུམ་པ་གང་བར་བསམ་ཞིང་ རྩ་སྔགས་ལ་དབྱངས་གསལ་སྤྲེལ་བ་བཟླ མཐར་བདག་མདུན་བུམ་སོགས་གསུམ་ཀའི་དཀྱིལ་འཁོར་ལ་དམིགས་ནས་མཆོད་ཕྲེང་རྒྱས་པ་དང་ བསྟོད་པའི་རྗེས་ཡིག་བརྒྱས་ནོངས་པ་བཤགས དུང་ཆོས་ཕུལ་ལ ཨོཾ་ཨཱཧཱུྃ་བུམ་པའི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་འོད་དུ་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་གྱུར ཅེས་བརྗོད གཉིས་པ་ལས་བུམ་སྒྲུབ་པ་ནི སྭ་བྷཱ་ཝས་སྦྱངས སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་ཚད་དང་མཚན་ཉིད་རྫོགས་པ་བཅུད་ཀྱིས་གཏམས་པའི་དབུས་སུ་པཾ་ལས་པདྨ་དང་རཾ་ལས་ཉི་མའི་གདན་

(༩༠༢)ལ་ཧཱུྃ་ལས་ཁྲོ་ཆེན་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་ནག་མི་བཟད་པའི་ཉམས་ཅན ཕྱག་གཡས་སྣ་ཚོགས་རྡོ་རྗེ་དང་གཡོན་སྡིགས་མཛུབ ཞབས་གཉིས་དོར་ཐབས་སུ་བཞུགས་པའི་སྤྱི་བོར་ཨོཾ མགྲིན་པར་ཨཱ །ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་སྤྱན་དྲངས ཛཧཱུྃ་བཾ་ཧོ གཉིས་སུ་མེད་པར་གྱུར ཨརྒྷཾ་སོགས་ཀྱིས་མཆོད བསྟོད་པར་འོས་བས་བསྟོད། ཐུགས་ཀར་ཉི་དཀྱིལ་ཧཱུྃ་གི་མཐར་སྔགས་ཕྲེང་འཁོར་བ་ལས་འོད་ཟེར་མེ་སྟག་ལྟ་བུ་འཕྲོས་པས་གདོན་བགེགས་དང་སྡིག་སྒྲིབ་ཐམས་ཅད་བསྲེགས། བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར ཨོཾ་བཛྲ་ཨ་མྲྀ་ཏ་སོགས་ཅི་ནུས་བཟླ མཐར་དུད་ཆོས་འབུལ་ལ་ཨོཾ་ཨཱཧཱུྃ་བུམ་ལྷ་བདེ་སྟོང་གི་ངོ་བོར་ཞུ་བ་ཁྲོ་བོའི་རྡུལ་ཕྲ་རབ་ཏུ་གྱུར་བར་བསམ་མེ གཉིས་པ་ལ་བདག་འཇུག་དང་དབང་བླང་བ་གཉིས་ལས དང་པོ་ནི གཞི་རྒྱུད་བདེ་གཤེགས་སྙིང་པོ་གདོད་ནས་དཀྱིལ་འཁོར་གྱི་འཁོར་ལོ་རྫོགས་པ་འཇུག་ཅིང་དབང་བླངས་བའི་ཡུལ་དང་ རྣམ་སྨིན་གྱི་རྟེན་ཕུང་ཁམས་ཚོགས་བརྒྱད་ཀྱིས་བསྡུས་པའི་བག་ཆགས་

(༩༠༣)འུྃ གློ་བུར་པ་སྦྱང་གཞི་སློབ་བུའི་ཚུལ་དུ་ཤེས་པར་བྱས་ནས ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱ ཕྱི་རོལ་པ་ལ་གཏོར་མ་བྱིན་ནས་བསྐྲད བསྲུང་འཁོར་སྒོམ ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ ཞེས་མིག་དར་འཆིང་༔ ཨ་ཁཾ་བཱི་ར་ཧཱུྃ ཞེས་མེ་ཏོག་བཟུང་ལ་གསོལ་གདབ་ནི ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས གློ་བུར་འཁྲུལ་པས་བཅིངས་པ་བདག ཚོགས་བརྒྱད་སྲིད་མཚོ་ལས་བསྒྲལ་ཕྱིར རང་བྱུང་དཀྱིལ་འཁོར་བསྟན་དུ་གསོལ ལན་གསུམ བླངས་ཡུལ་གྱིས བླ་ན་མེད་པའི་དཀྱིལ་འཁོར་ནི དམ་ཚིག་རྒྱ་མཚོའི་གནས་ཡིན་ཏེ བསྲུང་ན་ཚེ་འདིར་དངོས་གྲུབ་ཐོབ ཉམས་ན་རྡོ་རྗེ་དམྱལ་བར་བསྲེག ལན་དུ ལྷ་དང་བླ་མར་གུས་བས་བདག སྲོག་ལ་བབས་ཀྱང་དམ་ཚིག་བསྲུང་ སོ་ཐར་བྱང་སེམས་རིག་འཛིན་གྱི སྡོམ་པས་བདག་རྒྱུད་དག་པར་སྩོལ ལན་གསུམ རྒྱུན་བཤགས་ནི རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ སོགས་ལན་གསུམ དེ་ནས་སྡམ་པ་བཟུང་བ་ནི དུས་གསུམ་དུས་མེད་སྟོན་པ་ཀུན

(༩༠༤)རྡོ་རྗེའི་ཆོ་ག་འདི་མ་བྱོན་ནས གོ་འཕང་མཆོག་ལ་གཞུགས་པའི་ཕྱིར སྐྱབས་ཀྱི་མཆོག་ཏུ་དཀོན་མཆོག་འཛིན རང་གིས་ཉེས་སྤྱོད་སྡོམ་བྱེད་ཅིང་ གཞན་གནོད་གཞི་དང་བཅས་པ་སྤོང་ སྨོན་དང་འཇུག་པའི་སེམས་གཉིས་བསྐྱེད ཕྱིན་དྲུག་ལ་སྤྱོད་དགེ་ཆོས་སྡུད རྟག་ཏུ་གཞན་ལ་ཕན་པ་སྒྲུབ མ་བསྒྲལ་བསྒྲལ་ཞིང་མ་གྲོལ་དགྲོལ དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་ སེམས་ཅན་བྱང་གྲོལ་གནས་ལ་དགོང་ ལྷ་ཡི་ཕྱག་རྒྱ་འགོང་བ་དང་། བླ་མའི་བཞོན་བ་བརྙས་སོགས་སྤོང་ ལྷ་དང་ལྷ་མིན་གསང་བ་པ བསྟན་པ་སྐྱོང་ལ་མཆོད་བྱེད་ཅིང་ བྱང་ཆུབ་རྡོ་རྗེ་འབྲལ་མི་བྱ མདོར་ན་དེ་ཡིས་གང་བསྒྲགས་པ བྱང་ཆུབ་བར་དུ་གཅེས་པར་གཟུང་ ལན་གསུམ དེ་ནས་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་བ་ནི བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་བྱའོ་སྙམ་བའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཉིད་སྙིང་ཁར་ཟླ་བ་ཉ་གང་བར་གྱུར་བའི་སྟེང་ དོན་དམ་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་རྩེ་ལྔ་པའི་རྣམ་པར་

(༩༠༥)འུྃ ཤར་བ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོ་བར་བསམས་ལ རྡོ་རྗེ་སྙིང་ཁར་བཟུང་སྟེ ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ཏ་ཡ་མི ལན་གསུམ་བརྗོད དེ་ནས་དམ་བཞག་ནི ནང་མཆོད་ལྕེ་ཐོག་ཏུ་བླངས་ལ འདི་ནི་རྡོ་རྗེའི་དམ་ཚིག་ཆུ ཉམས་ན་སྙིང་ཁྲག་སྡིག་པས་འཐུངས བདེ་ལེགས་ཡོན་ཏན་ཐམས་ཅད་འགྲིབ བསྲུངས་ན་ཡེ་ཤེས་སེམས་དཔར་གྱུར ཚེ་འདིར་མཆོག་གི་དངོས་གྲུབ་སྟེར ས་མ་ཡ་ཨི་དན་ན་རཀྐན དེ་ནས་ལྷ་དང་བསྐལ་བ་མཉམ་པའི་ཕྱིར་ཕྱི་ལྟར་འཇུག་པ་ནི ཧོ སྲིད་ཞིར་མི་གནས་ཕོ་བྲང་ཆེར འཇུག་པའི་སྒོ་ནི་ཚད་མེད་བཞི རྣམ་པར་ཕྱེ་ལ་ཡེ་ཤེས་ཀྱི དཀྱིལ་འཁོར་ཆེན་པོར་བདག་འཇུག་འཚལ ལན་གསུམ བྱང་ཆུབ་རྡོ་རྗེས ཨ་ཁཾ་བཱི་ར་ཧཱུྃ ཞེས་ཤར་སྒོ་ནས་རིམ་པར་ཁྲིད་པར་མོས་ལ སྒོ་སོ་སོར་སྐུ་གསུང་ཐུགས་ཕྱག་བྱ་བ་ནི ཐལ་མོ་གནས་གསུམ་དུ་སྦྱར་བ་དང་བསྟུན་ནས ཨོཾ་ན་མ་ཏེ་ཧཱུྃ ཨོཾ་ན་མ་མེ་ཧཱུྃ ཨོཾ་ན་མ་ན་མ་ཧཱུྃ ལན་བཞི་བརྗོད དེ་ནས་ནང་འཇུག་ནི དཀྱིལ་

(༩༠༦)འཁོར་གྱི་ཤར་སྒོར་དབང་སྟེགས་པདྨ་འདབ་མ་བརྒྱད་ལ་འཁོད་པས གཙོ་བོའི་ཐུགས་ཀ་ནས་འོད་ཟེར་བྱུང་ རང་གི་རྣམ་སྨིན་གྱི་ལུས་རྟེན་སྦྱངས རྣམ་པར་ཤེས་པ་ཧཱུྃ་ཡིག་ཏུ་གྱུར་པ་ཡབ་ཀྱི་ཞལ་ནས་དྲངས ཡབ་ཡུམ་མཉམ་པར་རོལ་བའི་རྗེས་ཆགས་ཞུ་བ་དེའི་ཐིག་ལེར་གྱུར་བ་ཡུམ་གྱི་མཁའ་གསང་དུ་བབས་གཙོ་བོའི་རྣམས་པ་གཉིས་པའི་སྲས་སུ་སྨིན་པ་སྔར་གྱི་དབང་སྟེགས་ལ་བཞུགས་པའི་གནས་གསུམ་དུ་ཕྱག་མཚན་གསུམ་ལ་གནས་པའི་ཡི་གེ་གསུམ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་བསྒྲུབ་བྱའི་དཀྱིལ་འཁོར་གྱི་ལྷའི་རྣམ་པས་རང་དང་རོ་གཅིག་ཏུ་འདྲེས་པར་བསམས་ལ སྤོས་རོལ་དང་བཅས་དབྱངས་སྙན་པོས ཧཱུྃ འཕགས་མཆོག་ཐུགས་རྗེའི་དུས་ལ་བབས སོགས་དང་ ཧཱུྃ་ཧཱུྃ་ཧཱུྃ ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཕེ༚་ཕེ༚ ཞེས་བྱིན་དབབ་ཚེ་ལུས་འཕར་གཡོ ངག་བརྡ་སྐད་སེམས་བདེ་གསལ་མི་རྟོག་པ་ཕེབ་པའི་རྟགས་སོ ཏིཥྠ་བཛྲས་བརྟན་པར་བྱ དེ་ནས་མེ་ཏོག་དོར་བ་ནི ཧོ སྨོན་པའི་ཡིད་ཀྱིས་རབ་བཟུང་བའི འཇུག་

(༩༠༧)འུྃ པའི་མེ་ཏོག་ཨུ་དུམ་ཝཱ་ར ལྷག་པའི་ལྷ་ལ་དེང་འབུལ་ན བྱང་ཆུབ་བར་དུ་མི་འབྲལ་ཤོག པུཥྤེ་སིདྡྷི་ཧོ ཞེས་དོར། ལྷག་ལྷ་རིགས་བདག་ཏུ་བྱོན་པར་བསམས་ལ་མེ་ཏོག་སྤྱི་བོར་བཞག པྲ་ཏི་གྷྲྀ་ཧ་ན་ཨི་མ་སཏྲ་མ་ཧཱ་བླ་ལ དེ་ནས་དཀྱིལ་འཁོར་བསྟན་པ་ནི ཨེ་མ་ཧོ་བདེ་གཤེགས་སྙིང་པོའི་ཁམས སྒྲིབ་བྱེད་གློ་བུར་ལིང་ཏོག་ནི ཡེ་ཤེས་ཐུར་མས་དབྱེ་བགྱིད་ན དཀྱིལ་འཁོར་འདིར་ལྟོས་དད་པ་བསྐྱེད ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ དེ་ནས་དཀྱིལ་འཁོར་བསྟན་པ་ནི ཧོ ཕུང་པོ་ཁམས་དང་སྐྱེ་མཆེད་ནི གདན་གསུམ་དཀྱིལ་འཁོར་ཉིད་ཡིན་ཀྱང་ རྩ་རླུང་ཐིག་ལེའི་སྒྲིབ་པས་བཅིངས དག་བྱེད་ལྷག་པ་གཟུགས་བརྙན་གྱིས མཚོན་པའི་ཏིང་འཛིན་དཀྱིལ་འཁོར་ནི རྣམ་བྱང་ཆེན་པོའི་བརྡ་དོན་རྟགས འདིར་ལྟོས་འདིར་ཞུགས་འདི་བསྒོམས་པས རྩ་དག་བསྐྱེད་རིམ་སྤྲུལ་སྐུར་འབྱོངས རླུང་དག་ཁ་སྦྱོར་ཡན་ལག་བདུན ཁམས་དག་རྣམ་ཀུན་མཆོག་ལྡན་གྱི

(༩༠༨)བདེ་ཆེན་ཡེ་ཤེས་ཁྱོད་ཀྱིས་མཐོང་ གཉིས་པ་དབང་བསྐུར་བ་ནི བདག་མདུན་གྱི་ཐུགས་ཀའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་རྣམ་པར་སྤྱན་དྲངས ཨརྒྷཾ་སོགས་ཀྱིས་མཆོད ཕུང་ཁམས་དག་པ་གཤེགས་པ་གཤེགས་མའི་གདན དབང་ཤེས་དག་པ་སེམས་དཔའ་སེམས་མ་སྟེ ལས་ཀྱི་བདག་པོ་ཁྲོ་བོ་ཁྲོ་མོའི་ཚོགས གདན་གསུམ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད ཅེས་བརྗོད་ལ་གསོལ་གདབ་ནི ནམ་མཁའི་རྡོ་རྗེས་རྒྱལ་བ་ལྔར དགོངས་ཤིང་ཇི་ལྟར་སྩོལ་བ་ལྟར མཆོད་པ་ཆེན་པོ་བརྡ་ཡི་དབང་ རིག་པ་འཛིན་པ་བདག་ལ་སྩོལ ལན་གསུམ་གྱིས་གསོལ་བ་བཏབ་པས དགོངས་ཤིང་ཇི་ལྟར་སྩོལ་བ་ལྟར མཆོད་པ་ཆེན་པོ་བརྡ་ཡི་དབང་ རིག་པ་འཛིན་པ་བདག་ལ་སྩོལ ལན་གསུམ་གྱིས་གསོལ་བ་བཏབ་པས དགོངས་ཤིང་ཇི་ལྟར་སྩལ་བ་ལྟར མཆོད་པ་ཆེན་པོ་བརྡ་ཡི་དབང་ རིག་པ་འཛིན་པ་བདག་ལ་སྩོལ ལན་གསུམ་གྱིས་གསོལ་བ་བཏབ་པས དེ་བཞིན་གཤེགས་པ་རྣམས་ཀྱིས་དགོངས་པ་མཛད གཤེགས་མ་རྣམས་ཀྱིས་དབང་བསྐུར སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད སེམས་མ་རྣམས་ཀྱིས་གླུ་གར་བསྒྱུར ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་དེ དབང་གི་བྱ་བ་མཛད་པར་གྱུར བཀྲ་ཤིས་གང་ཞིག་སེམས་ཅན་རྐུན་

(༩༠༩)འུྃ གྱི་སྙིང་ལ་གནས ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག མ་ལུས་སེམས་ཅན་བསྐྱེད་མཛད་བདེ་བ་ཆེན་པོ་སྟེ༔ དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག བརྗོད སློབ་མ་རྡོ་རྗེ་མི་བསྐྱོད་པར་གནས་བསྒྱུར་བའི་སྤྱི་མགྲིན་སྙིང་ག་གསུམ་དུ་ཕྱག་མཚན་གསུམ་ལ་གནས་པའི་ཡི་གེ་གསུམ་གྱིས་མཚན་པར་བསྒོམས་ལ རྣམ་བུམ་ཀྱང་དེར་གསལ་བས ཧཱུྃ རྣམ་ཤེས་ཕུང་པོ་ནམ་མཁའི་ཁམས ཞེ་སྡང་འཇོམས་མཛད་བཅོམ་ལྡན་འདས ཆོས་དབྱིངས་ཡེ་ཤེས་མི་བསྐྱོད་པའི བཀྲ་ཤིས་བུམ་པས་དབང་བསྐུར་རོ ཧཱུྃ་བཛྲ་དྷྲི་ཀ་མཱུཾ་དྷ་ཏི་ཤྭ་རཱི་ཨ་བྷི་ཥིཉྩ་ཧཱུྃ རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེ་མི་བསྐྱོད་པའི་ངོ་བོ་ཆུས་དབང་བསྐུར་བས་ཡིད་ཀྱི་སྒྲིབ་པ་དག སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དབང་ཐོབ རྣམ་པར་ཤེས་པ་རྡོ་རྗེ་མི་བསྐྱོད་པ་དང་ནམ་མཁའི་ཁམས་དབྱིངས་ཕྱུག་མར་སངས་རྒྱས ཞེ་སྡང་ཆོས་དབྱིངས་ཡེ་ཤེས་སུ་གྲོལ་ཏེ་སངས་རྒྱས་རྡོ་རྗེའི་རིགས་མཆོག་

(༩༡༠)གི་ཐུགས་རྣམ་པར་མི་རྟོག་པས་འགྲོ་བའི་དོན་བྱེད་ནུས་པར་གྱུར་ཅིག སློབ་མ་རིན་འབྱུང་དུ་གནས་བསྒྱུར་ཚུལ་སོགས་འདྲ དབུ་རྒྱན་ཐོགས་ལ ཧཱུྃ ཚོར་བའི་ཕུང་པོ་མཉེན་པའི་ཁམས ང་རྒྱལ་འཇོམས་མཛད་བཅོམ་ལྡན་འདས མཉམ་ཉིད་ཡེ་ཤེས་རིན་ཆེན་འབྱུང་ དབུ་རྒྱན་རིགས་ལྔས་དབང་བསྐུར་རོ སྭཱ་རཏྣ་དྷྲི་ཀ་མཱཾ་མེ་ཧ་ར་སྟི་ཨ་བྷི་ཥིཉྩ་ཧཱུྃ རིགས་ཀྱི་བུ་ཁྱེད་ལ་རིན་འབྱུང་གི་ངོ་བོ་གོ་འཕང་ཆེན་པོ་དབུ་རྒྱན་འདི་བསྐོན་པ་ཙམ་གྱིས་ཤེས་བྱའི་སྒྲིབ་པ་སྦྱངས སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་དབང་ཐོབ ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དང་ཆུའི་ཁམས་མཱ་མ་ཀཱི་ར་སངས་རྒྱས ང་རྒྱལ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྲོལ་ཏེ་སངས་རྒྱས་རིན་ཆེན་རིགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་གོ་འཕང་ཆེན་པོ་ལྔས་འགྲོ་བའི་དོན་བྱེད་ནུས་པར་གྱུར་ཅིག སློབ་མ་སྣང་མཐར་བསྒྱུར་ཚུལ་འདྲ་ཞིང་རྡོ་རྗེ་དེར་གསལ་བས ཧཱུྃ༔ འདུ་ཤེས་ཕུང་པོ་དྲོ་བའི་ཁམས འདོད་ཆགས་འཇོམས་མཛད་བཅོམ་ལྡན་འདས སོར་རྟོགས་ཡེ་ཤེས་སྣང་མཐའ་

(༩༡༡)འུྃ ཡས ཐབས་ཀྱི་རྡོ་རྗེས་དབང་བསྐུར་རོ ཨཱཾ་ཨ་རོ་ལི་ཀ་པཱཾ་རཱ་ག་ར་སྟི་ཨ་བྷི་ཥིཉྩ་ཧཱུྃ རིགས་ཀྱི་བུ་ཁྱོད་ལ་སྣང་བ་མཐའ་ཡས་ཀྱི་ངོ་བོ་རྡོ་རྗེས་དབང་བསྐུར་བས་ངག་དང་རླུང་གི་སྒྲིབ་པ་དག སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དབང་ཐོབ འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་དང་མེའི་ཁམས་གོས་དཀར་མོར་སངས་རྒྱས འདོད་ཆགས་སོ་སོར་རྟོགས་པའི་ཡེ་ཤེས་སུ་གྲོལ་ཏེ་སངས་རྒྱས་པདྨའི་རིགས་ཀྱི་གསུང་རྣམ་པ་ཐམས་ཅད་པས་འགྲོ་བའི་དོན་བྱེད་ནུས་པར་གྱུར་ཅིག སློབ་མ་དོན་གྲུབ་ཏུ་བསྒྱུར་ཞིང་དྲིལ་བུ་དེར་གསལ་བས ཧཱུྃ འདུ་བྱེད་ཕུང་པོ་བསྐྱོད་པའི་ཁམས ཕྲག་དོག་འཇོམས་མཛད་བཅོམ་ལྡན་འདས བྱ་གྲུབ་ཡེ་ཤེས་དོན་ཡོད་གྲུབ ཤེས་རབ་དབྱངས་ཀྱིས་དབང་བསྐུར་རོ ཧཱ་པྲཛྙཱ་དྷྲི་ཀ་ཏཱཾ་བཛྲ་ར་སྟི་ཨ་བྷིཉྩ་ཧཱུྃ རིགས་ཀྱི་བུ་ཁྱོད་ལ་དོན་གྲུབ་ཀྱི་ངོ་བོ་དྲིལ་བུས་དབང་བསྐུར་བས་ཀུན་གཞིའི་སྒྲིབ་པ་དག སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་དབང་ཐོབ འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་

(༩༡༢)གྲུབ་པ་དང་རླུང་གི་ཁམས་དམ་ཚིག་སྒྲོལ་མར་སངས་རྒྱས ཕྲག་དོག་བྱ་བ་གྲུབ་པའི་ཡེ་ཤེས་སུ་གྲོལ་ཏེ་སངས་རྒྱས་ལས་ཀྱི་རིགས་ཀྱི་འཕྲིན་ལས་ཐོགས་པ་མེད་པས་འགྲོ་བའི་དོན་བྱེད་ནུས་པར་གྱུར་ཅིག སློབ་མ་རྣམ་སྣང་དུ་གསལ་ལ་རྡོར་དྲིལ་མགོ་ཐོག་ཏུ་འཁྲོལ་པས ཧཱུྃ མིང་གཟུགས་ཕུང་པོ་སྲ་བའི་ཁམས གཏི་མུག་འཇོམས་མཛད་བཅོམ་ལྡན་འདས མེ་ལོང་ཡེ་ཤེས་དེ་བཞིན་གཤེགས་རྡོ་རྗེ་མིང་གིས་དབང་བསྐུར་རོ ཨོཾ་ཛཱི་ན་ཛི་ཀ་ལཱཾ་དེ་ཥ་ར་སྟི་བཛྲ་མ་ཧཱ་ཤྲཱི་ཨ་བྷི་ཥིཉྩ་ཧཱུྃ རིགས་ཀྱི་བུ་ཁྱོད་ལ་རྣམ་པར་སྣང་མཛད་མིང་གིས་དབང་བསྐུར་བས་གཟུགས་ཀྱི་ཕུང་པོར་འཛིན་པའི་སྒྲིབ་པ་དག སངས་རྒྱས་ཐམས་ཅད་ཀྱི་སྐུའི་དབང་ཐོབ མིང་གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དང་ སའི་ཁམས་སངས་རྒྱས་སྤྱན་མར་སངས་རྒྱས གཏི་མུག་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྲོལ་ཏེ སངས་རྒྱས་དེ་བཞིན་གཤེགས་པའི་རིགས་ཀྱི་རྡོ་རྗེ་ལྟ་བུའི་སྐུས་འགྲོ་བའི་དོན་བྱེད་ནུས་པར་གྱུར་ཅིག དེ་ནས་མཐའ་རྟེན་བུམ་པའི་ཆུ་དབང་ནི རྣམ་རྒྱལ་བུམ་པ་བཟུང་ལ ཧཱུྃ བཀྲ་

(༩༡༣)འུྃ ཤིས་བུམ་པ་ལྷའི་གཞལ་ཡས ལྷ་དང་གཉིས་མེད་བདུད་རྩིའི་ཆུས སྐལ་ལྡན་བུ་ལ་དབང་བསྐུར་བས སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས རྣམ་སྨིན་རིགས་འཛིན་ཉེར་ཐོབ་ཅིང་ ཀུན་ཏུ་འོད་ཀྱི་ས་ནོན་ཤོག རྩ་སྔགས་གང་ཡིན་མཐར བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ རྒྱས་པར་སྤྲོ་ན་མཐའ་རྟེན་བུམ་པའི་ཆུ་དབང་འདི་མི་བསྐྱོད་པ་མ་གཏོགས་དབང་བཞི་ཀ་ལ་སྦྱར་རོ དག་པ་བརྗོད་པ་ནི དེས་རྡུལ་ཚོན་སྤྲུལ་པའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ་ལུས་ཀྱི་ལས་གསུམ་དག གཟུགས་སུ་རྣམ་པར་རྟོག་པ་དང་རྩའི་ཁམས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སྦྱོངས དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་བྱིན་བརླབས་ཞུགས བསྐྱེད་རིམ་དམ་ཚིག་གི་ཕྱག་རྒྱ་སྒོམ་པ་ལ་དབང་ ཞི་བའི་ལས་དང་རྣམ་པར་སྨིན་པའི་རིགས་འཛིན་འགྲུབ གཅིག་ཀུན་ཏུ་འོད་ཀྱི་ས་ནོན འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་བྱས་པའོ༔ གསང་དབང་ནི མཎྜལ་ཕུལ་ལ བདེ་སྐྱོང་གི་སྣོད་དུ་བླ་མ་ཡབ་ཡུམ་སྙོམས་འཇུག་མཛད་པར་

(༩༡༤)མོས་ལ གསོལ་གདབ་ནི ཧོ སྟང་དཔྱལ་མཉམ་པར་རོལ་པ་ཡི གདན་གསུམ་སྐུ་ཡི་དཀྱིལ་འཁོར་ནས ཞུ་བདེས་དྲངས་པའི་བྱང་ཆུབ་སེམས སྐལ་བ་ཅན་ལ་སྩལ་དུ་གསོལ ལན་གསུམ་བདུད་རྩི་ལྕེ་ཐོག་ཏུ་འཇོག་ཅིང་དམིགས་པ་གསུམ་དྲན་པར་བྱས་ལ ཧཱུྃ ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས དཀར་དམར་བྷནྡྷའི་ནད་དུ་བསྐྱིལ སྐལ་ལྡན་བུ་ལ་བྱིན་པ་ཡིས རྩ་ཁམས་ཡི་གེའི་རྣམ་པར་སྨིན ཚེ་ལ་དབང་བའི་རིགས་འཛིན་ཐོབ པདྨ་ཅན་གྱི་ས་ནོན་ཤོག ཨོཾ་བྷ་དྷི་ཙིཏྟ་ཝཱ་ཀྐ་ཨ་བྷི་ཥིཉྩ་ཨ རྗེས་འབྲེལ་དུ་བཟླས་ལུང་ནི སློབ་དཔོན་གྱི་ཐུགས་ཁ་ནས་སྔགས་ཕྲེང་ལུ་གུ་རྒྱུད་དུ་བྱུང་ སློབ་མའི་མགྲིན་པ་ནས་བརྒྱུད་སྙིང་ཁར་འཁོར་བར་བསམས་ལ་རྩ་སྔགས་ལན་གསུམ་བཟླ དེས་གདན་གསུམ་སྐུ་ཡི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ ངག་གི་ལས་རྣམ་པ་བཞི་དག སྒྲ་ཚིག་རང་ཚན་དུ་འཛིན་པ་དང་རླུང་བཅུ་དག་པར་སྦྱངས གསུང་རྡོ་རྗེའི་བྱིན་རླབས་ཞུགས བཟླས་བརྗོད་དང་རྫོགས་རིམ་ཆོས་ཀྱི་ཕྱག་རྒྱ་སྒོམ་པ་ལ་དབང་ རྒྱས་པའི་ལས་

(༩༡༥)འུྃ ངང་ཚ་ལ་དབང་བའི་རིགས་འཛིན་འགྲུབ མ་ཆགས་པདྨ་ཅན་གྱིས་ནོན འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱས་པའོ སྲོག་ཐུར་སྦྱར་ལ་སྲོག་རྩོལ་བཅིངས ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས ཡི་གེ་གསུམ་དུ་དག་པར་བསམ ཤེར་དབང་ནི མཎྜལ་ཕུལ། རིག་ཙ་ཀ་གཏད ཧོ ཆོས་རྣམས་ཀུན་གྱི་འབྱུང་གནས་ཆེ བདེ་བ་ཆེན་པོ་གསང་བའི་ཡུམ རིགས་ཀྱི་བུ་ལ་བྱིན་བ་ཡིས དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར ཕྱག་རྒྱ་ཆེན་པོའི་རིགས་འཛིན་ཐོབ འཁོར་ལོ་ཚོགས་ཆེན་ས་ནོན་ཤོག པྲ་ཛྙཱ་ཛྙཱ་ན་དྷརྨ་དྷཱ་རྟུ་ཧོ ལྷ་མོ་དེས དུས་སྦྱོར་བཅུ་གཉིས་རླུང་གིས་ཁམས ཟ་བྱེད་རྡོ་རྗེའི་ཕོ་ཉ་མོ དགའ་བ་བཞི་ཡི་འབྱུང་གནས་ང་ ཆོ་ག་བཞིན་དུ་བསྟེན་ནུས་སམ ལན་དུ འདུལ་བ་མདོ་སྡེ་ཆོས་མངོན་ནས རྣམ་བཅས་ལྷ་མོ་དགག་མཛད་པ ཐབས་ལ་རྨོངས་པ་དག་ལ་དགོངས ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི ཁྱོད་ལས་འབྱུང་ཕྱིར་བདག་འཚལ་ལོ ལྷ་མོས

(༩༡༦)རྡོ་རྗེ་བཙུན་མོའི་ཆུ་སྐྱེས་ནི རྣམ་ཐར་གསུམ་གྱི་བདག་ཉིད་ཅན འདི་སྤངས་མཆོག་གི་དངོས་གྲུབ་མེད ཐར་བ་བསྟེན་ཅིག་དཔའ་བོ་ཆེ ཛཧཱུྃ་བཾ་ཧོའི་དམ་ཚིག་ཚིག་ལས ཨེ་ཝཾ་མཉམ་པར་རོལ་པ་ཡིས འཁོར་ལོ་བཞིར་བབས་ལྡོག་དང་ཁྱབ བདེ་ཆེན་འཁོར་ལོར་མཉམ་པར་བཞག ངེས་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་སུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ ཡིད་ཀྱི་ལས་གསུམ་དག ཡིད་དང་ཆོས་སུ་རྟགས་པ་ལས་བྱུང་བའི་རྣམ་ཤེས་ཚོགས་བདུན་དང་ རང་བཞིན་བརྒྱད་ཅུའི་རྟོག་པ་སྦྱངས ཐུགས་རྡོ་རྗེའི་བྱིན་རླབས་ཞུགས ཟུང་འཇུག་ལས་ཀྱི་ཕྱག་རྒྱ་བརྟེན་པ་ལ་དབང་ དབང་གི་ལས་དང་ཕྱག་རྒྱ་ཆེན་པོའི་རིགས་འཛིན་འགྲུབ ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་ནོན འབྲས་བུ་ཆོས་ཀྱི་སྐུ་མངོན་དུ་བྱས་པའོ དབང་བཞི་པ་ནི མཎྜལ་ཕུལ གསུམ་པའི་ལྷན་སྐྱེས་ལ་བརྟེན་པ་བཞི་པའི་ཡེ་ཤེས་ངོ་སྤྲོད་

(༩༡༧)འུྃ །བ་དངོས་དོན་ཉིད་ཀྱང་ སྤྱི་ཁྱབ་ལ་བརྡ་དབང་ལྟར་གསུངས་པས མེ་ལོང་དང་ཤེལ་རྡོ་བསྟན་ལ ཧཱུྃ་ཀ་དག་མེ་ལོང་གཙང་མའི་དོགས ལྷུན་གྲུབ་དངས་ཤེལ་དྲི་མེད་གསལ བརྡ་རྟགས་རྫོགས་པའི་དབང་བསྐུར་བས དྲི་མེད་རིག་པའི་གནས་ལུགས་རྟོགས ལྷུན་གྲུབ་རིགས་འཛིན་ཉེར་ཐོབ་ནས བདེ་བ་ཆེན་པོའི་ས་ནོན་ཤོག ཨ་ཨ་ཨ༔དེས་རྣམ་ཐར་སྒོ་གསུམ་གྱི་དཀྱིལ་འཁོར་དུ་རང་བཞིན་འོད་གསལ་རྫོགས་པ་ཆེན་པོའི་དབང་ཐོབ༔ དཔེ་དོན་འབྲེལ་བའི་ཆོས་ཉིད་ཉམས་སུ་མྱོང་ ཀུན་གཞི་དང་ཤེས་བྱའི་སྒྲིབ་པ་དག མཐོང་ལམ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང་ དྲག་ཤུལ་གྱི་ལས་དང་ལྷུན་གྱིས་གྲུབ་པའི་རིགས་འཛིན་འགྲུབ ཡེ་ཤེས་བླ་མའི་ས་ནོན འབྲས་བུ་ངོ་བོ་ཉིད་སྐུ་མངོན་དུ་བྱས་པའོ དེ་ནས་མཐའ་རྟེན་རྡོ་རྗེ་སློབ་དཔོན་གྱི་དབང་ནི རྒྱལ་ཚབ་ཏུ་འོས་པ་ཡིན་ན ཁྲི་ལ་བཞག གླེགས་བམ དུང་དཀར༔ ཕྱག་ཤིང་ འཁོར་ལོ་རྣམས་གཏད༔ ཇི་ལྟར་ཡང་ དམ་ཚིག་གསུམ་བྱིན་

(༩༡༨)བར་བྱ་སྟེ རྡོར་དྲིལ་གཏད་ལ ཧོ སོ་ཐར་བྱང་སེམས་རིག་པ་འཛིན་པ་ཡི དགག་དགོས་ཡོངས་རྫོགས་སྔགས་གྱི་དཀྱིལ་འཁོར་དུ ཡོན་ཏན་ཡར་འཕེལ་ཐབས་ལ་མཁས་པ་ཡི༔ རྡོ་རྗེའི་དམ་ཚིག་ཁྱོད་ཀྱིས་གསོར་བར་གྱིས མ་ཧཱ་བཛྲ་ཧཱུྃ ལན་གསུམ ཧོ༔ ཆོས་རྣམས་ཐམས་ཅད་བློ་ཡིས་བཏགས་པ་ཙམ རྣམ་ཐར་གསུམ་དང་ལྡན་པའི་ཤེས་རབ་ནི ངོ་བོ་ཉིད་མེད་གྲགས་སྟོང་སྒྲས་མཚོན་ཕྱིར དྲིལ་བུའི་དམ་ཚིག་འཁྲོལ་ཞིང་དཀུ་ལ་བརྟེན མ་ཧཱ་གཎྜེ་ཧཱུྃ ལན་གསུམ ཐབས་དང་ཤེས་རབ་འདུ་འབྲལ་མེད་པ་ཡི སྟོང་ཉིད་སྙིང་རྗེའི་བདག་ཉིད་ཆེན་པོ་ནི གཉིས་མེད་དམ་ཚིག་རྡོ་རྗེ་སློབ་དཔོན་དབང་༔ བསྡུ་བ་རྣམ་བཞིས་རྒྱལ་བའི་མཛད་པ་སྒྲུབས འཁྱུད་རྒྱ་བྱའོ དེ་ནས་དམ་ཚིག་ཁས་བླང་བ་ནི༔ རྩ་བ་སྐུ་གསུང་ཐུགས་མཆོག་དང་༔ ཡན་ལག་དམ་ཚིག་ཉི་ཤུ་ལྔ མེད་དང་གཅིག་པུ་ཕྱལ་པ་ཆེ ལྷུན་གྲུབ་བཞིན་དུ་བསྲུང་བར་བགྱི ལན་གསུམ་གྱིས་འདའ་ཀའི་དམ་བཅའ་སྙིང་ལ་བཀོད

(༩༡༩)འུྃ གཏང་རག་གི་མཎྜལ་ཕུལ རྗེས་ལ་དམ་ཚིག་གི་ཐ་ཚིག་ནི བདག་ལུས་ལོངས་སྤྱོད་ཁྱེད་ལ་འབུལ༔ ཇི་ལྟར་བཀའ་སྩལ་བཞིན་དུ་བགྱིད སྲོག་ལ་བབས་ཀྱང་དེ་བསྒྲུབ་ན དངོས་གྲུབ་མཐོང་བའི་ཆོས་ལ་སྩོལ བླ་མ་མཆོག་དང་ལྷག་པའི་ལྷ བྱང་ཆུབ་བར་དུ་མི་འབྲལ་ན༔ ཚ་ཡིས་ཀྱང་ནི་སྦྱང་དུ་གསོལ༔ ཞེས་བརྗོད་ན་མཁའི་དབང་ལྷ་རྣམས ཛ༔ཧཱུྃ་བཾ་ཧོ༔ ས་རང་ལ་བསྟིམ༔ དགེ་བ་བསྔོ་ཞིང་སྨོན་ལམ་གདབ༔ གསུམ་པ་རྗེས་ཀྱི་ལས་ཁྲིགས་ནི་སྤྱི་དོན་ལྟར་རོ དགོངས་བརྡ་མཁའ་འགྲོའི་ཡི་གེ་ལས རྒྱལ་གསུང་རྣམ་པ་ཐམས་ཅད་པ༔ བྱིན་རླབས་ཕུང་པོར་རང་ཤར་བའི མཚམས་སྦྱོར་ལེགས་པའི་བློ་གྲོས་ཡིན༔ དགེའོ སྐུ་གཤེགས་ལྷ་དབང་སྒྲོལ་མའི་དགེ་རྩར་པར་ཏུ་བསྐྲུན་པས་འགྲོ་ཀུན་བླ་མེད་བྱང་ཆུབ་མྱུར་ཏུ་ཐོབ་པར་གྱུར་ཅིག །

(༩༢༠)

(༩༢༡)འུྃ ཐུགས་སྒྲུབ་དཔལ་ཆེན་འདུས་པ་ལས་རོལ་པ་ཆེན་པོའི་གཏོར་བཟློག་བཞུགས

(༩༢༢)འུྃ དཔལ་ཆེན་འདུས་པའི་ལྷ་ལ་འདུད མ་འོངས་དུས་ཀྱི་སྙིགས་མ་ལ རྒྱ་འདྲེ་འཚུབས་ཤིང་མཐའ་དམག་རྡོལ ཀླ་ཀློས་རྒོལ་ཞིང་ཆོས་འཁོར་འཇིག ཆོས་པའི་ཚུལ་ཅན་དུག་ལྔ་རགས༔ ཁྱིམ་པ་སུན་འབྱིན་བསྟན་ཞབས་སྡུད མངོན་གྱུར་མི་ཤེས་ལྐོག་གྱུར་སྒྲོག དེ་ཚེ་ཕྱི་ནང་མ་ངེས་པའི ལོག་འདྲེན་ཐམས་ཅད་ཧེ་རུ་ཀའི གདུལ་བྱར་འགྱུར་བས་ཡི་དམ་འདི བསྙེན་ཅིང་སྒྲུབ་ནས་ལས་ལ་སྦྱོར དེ་ལ་རོལ་པ་ཆེན་པོ་ཡི གཏོར་མས་བཟློག་པའི་འཕྲིན་ལས་ལ སྤྱི་དོན་རྣམ་པ་གསུམ་ཡིན་ཏེ སྦྱོར་བ་དངོས་གཞི་རྗེས་གསུམ་མོ༔ དང་པོ་མ་དུལ་གཞི་ཡིན་ན༔ ས་ནི་བླང་དང་བཟུང་བ་གཅེས སྐྱང་ནུལ་ཁྲག་ཆེན་གྱིས་བྱུགས་ལ༔ བདུད་རྩི་ལྔ་ཡིས་ཆག་ཆག་གདབ སྲིད་པ་རུ་ལོག་མཚོན་པ་ཡི མ་ཏྲཾ་མགོ་བོ་ལྷོ་ནུབ་དང་ རྐང་པ་བྱང་ཤར་བསྟན་པའི་སྟེང་ མུ་ཁྱུད་རིམ་པ་བདུན་བསྐོར་བའི ལྟེ་བ་གྲུ་གསུམ་མཐིང་ནག་ལ ཟླ་གམ་དམར་པོ་གསུམ་དང་ལྡན དེའི་ཕྱིར་རྩིབས་བརྒྱད་ཕྱི་རོལ་དུ ཐོད་རྭ་གློ་འབུར་བཞི་ལྡན་གྱི༔ ཕྱི་མ་ཁྲག་མཚོ་རྡོ་རྭ་དང་ རྩིབས་ཤུན་ཐེ། མེ་རིས་བསྐོར་བའི་

(༩༢༣)འུྃ དབུས་ལྡིང་ཁྲིར དུག་ཁྲག་གིས་སྤྲུལ་དཔལ་ཆེན་པོའི གཏོར་ཆེན་འཁོར་བརྒྱད་མཐེབ་ཀྱུ་དང་ ཤ་དུམ་རྒྱུ་མའི་དྲ་ཕྱེད་དབྱངས མཚེ་ཡུངས་རྩང་གིས་བརྒྱན་པའི་རྩེར༔ བག་གཟན་ལ་བཟོས་བྱ་ཁྱུང་ནི རོ་ཉེ་འདྲེན་པའི་གནས་ལྔ་རུ ཁྲྃ་བུདྡྷ་ག་རུ་ཌ་ཙ་ལེ་ཧཱུྃ་ཕཊ བྱང་ཕུར་དང་བཀྲ་མི་ཤིས་པ་དགྲ་ལ་བྷྱོ་བཟློག དེ་བཞིན་པདྨ་བཛྲ་དང་ རཏྣ་ཀརྨའི་གནས་ཡིག་ནི སྤྱི་བོ་ནས་བཟུང་རིམ་བཞིན་བཅུག གཤོག་པར་བཟློག་པའི་སྔགས་བྱང་དང་༔ མཇུག་མར་དྲག་སྔགས་སོ་ལྔ་པ༔ བྲིས་པ་དུག་ཁྲག་གིས་བྱུགས་བརྒྱན སྲུང་བཟློག་འཁོར་ལོ་གཡས་གཡོན་དཔྱངས དེ་ལ་སྲུང་བའི་འཁོར་ལོ་ནི མུ་ཁྱུད་བརྒྱད་པའི་ལྟོ་བ་རུ༔ འབྲུ་གསུམ་བརྩེགས་པའི་མཐའ་བསྐོར་ནས མིག་མགོ་ཕྱིར་བསྟན་གཙོ་བོའི་སྔགས དེའི་ཕྱི་པདྨ་འདབ་བཞི་ལ མདུན་ནས་བརྩམས་ཏེ་གཡས་བསྐོར་དུ ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ བཛྲ་ཀྲོ་དྷི་ཤྭ་རཱི་སྟཾྭ༔ དེ་བཞིན་རཏྣ་པདྨ་དང་༔ ཀརྨ་ཤྲཱིར་འདོད་གསོལ་སྦྱར དེའི་ཕྱི་མཚོན་འཁོར་རྩིབས་བརྒྱད་ལ༔ མདུན་ནས་བརྩམས་

(༩༢༤)བའི་གཡས་བསྐོར་དུ ཨོཾ་བཛྲ་ཙཎྜ་རུ་ལུ་རུ་ལུ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ དེ་བཞིན་དུ་ཤར་ལྷོར་ཨོཾ་བཛྲ་ཙཎྜ་མ་མ་ཡོ་གི་ནི་སརྦ་དུཥྚཾ་སོགས ལྷོར་ཡ་མཱནྟ་ཀ ལྷོ་ནུབ་ཏུ་མ་ཧཱ་གུ་རུ ནུབ་ཏུ་ཧྱ་གྷྲི་ཝ ནུབ་བྱང་དུ་བི་ཤྭ་ཀཱ་ལ བྱང་དུ་ཀཱི་ལི་ཀཱི་ལ་ཡ བྱང་ཤར་དུ་རུ་དྲ་ཏནྟ་ཞེས་དང་རྩིབས་མཚན་སྲུང་བའི་སྔགས༔ དེའི་ཕྱི་ལིང་ཚེར་ཁྱུང་ལྔའི་སྔགས༔ དེའི་ཕྱི་རིན་ཆེན་ཟུར་བརྒྱད་སྟེང་༔ སོ་སོའི་རྩིབས་དང་ཕྱག་མཚན་སྤྲད༔ ཤར་ནས་རིམ་པར་རྡོ་རྗེ་དང་༔ བྱ་ཁྱུང་བེ་ཅོན་ཐོད་དབྱུག་དང་ རལ་གྲི་ཐོབ་ཕུར་པ་དང་ ལྕགས་ཀྱུ་རྩེ་མོ་ཕྱིར་བསྟན་བྲི དེའི་ཕྱི་དབྱངས་གསལ་རྟེན་སྙིང་སྤྲེལ རྡོ་ར་མེ་ཕྲེང་སྤྱི་ལྟར་རོ ཀུན་ལ་སྲུང་བའི་འདོད་གསོལ་སྦྱར གི་ཝཾ་ཀླ་རྩི་གུ་གུལ་དང་ བདུད་རྩི་ཨ་མྲྀ་ཏ་ཡིས་བྱུགས བཟློག་འཁོར་ཁྱད་པར་ས་བོན་ཁྲྃ པདྨའི་ཚབ་ཏུའང་རྩིབས་བཞི་དང་ ཟུར་བརྒྱད་སྤངས་པའི་ཕྱག་མཚན་འཚོལ དབྱངས་ཞལ་ཤེས་བཞིན། རྟེན་བཞག་ལ་སོ་ལྔ་བྲི ས་བོན་ཁྲྃ་གྱི་མདུན་དག་ནས ཡིག་མགོ་ནང་བསྟན་རྩིབས་མཚན་རྣམས ཁྲྃ་མཱ་ར་ཡ་རྦད་བྷྱོ་བཟློག་ཁྱད གྲི་ལྕགས་དམེ་མནོལ་མཛེ་ཁྲག་བྱུག ས་མ་ཡ༔ དཀྱིལ་འཁོར་ཤམ་བུ་ཞལ་ཤེས་བཞིན། རྩིབས་ལ་དཔལ་གཏོར་

(༩༢༥)འུཾ བརྒྱད ཁྲག་མཚོར་དབང་ཕྱུག་ཉེར་བརྒྱད་ཀྱི གཏོར་མ་རང་མདོག་བདུན་བདུན་བཀོད མཐའ་མར་རི་རུད་འདྲེ་ཅན་དང་ ཕུངས་བསྲེས་པའི་ཀོང་ཟོར་ན བརྒྱད་ཅུ་རྩ་གཅིག་གྲངས་ལྡན་ལ བྲག་ནག་མཚོ་དང་ཐོག་ལྕགས་ཕྱེ དུར་ཁྲོད་ཡུངས་ཀར་མི་བསད་རྡོ སྐྱེར་མདའ་ལྟས་ངན་སྒྲོ་ལྡེབས་ལ གྲི་ལྕགས་མདེའུ་གནམ་བསྟན་གཟུག མདོར་ན་ཟོར་རྫས་བྱེ་བྲག་རྣམས ཟོར་གྱི་གྱེར་བཞིན་ཚོགས་པར་བྱ འཇིག་རྟེན་སྡེ་གསུམ་གཙོར་གྱུར་ལ དོན་གྱི་བཀའ་སྲུང་ཚད་ན་ཡང་ ཁྲག་མཚོ་ནས་བཟུང་ཐོད་རྫས་རྣམས བཀའ་སྡོད་དཀྱིལ་འཁོར་ངོ་བོར་གྲུབ ལས་སྦྱོར་དམིགས་བསལ་དང་འབྲེལ་ན ཧོམ་ཁུང་ནང་དུ་ཟག་རྫས་དང་ ལྡན་པའི་ལིངྒ་བྱད་དུ་གཞུག དེ་ཡང་སློབ་དཔོན་ཞལ་ལས་ཤེས ཀུན་གྱི་མཐའ་མར་སྐབ་དཀྲིས་སྤྱ དྲག་པོའི་མཆོད་གཏོར་ཉེར་སྤྱོད་བཤམ སྤྱི་དོན་གཉིས་པ་དངོས་གཞི་ལ༔ གཉིས་ཀྱི་དང་པོ་བདག་མདུན་གཉིས༔ འཇུག་པ་གཅིག་པས་དཔལ་ཆེན་གྱི ལས་གཞུང་བསྲང་ལ་བསྙེན་སྔགས་བཟླས དེ་ནས་ཕཊ་ཛ ཞེས་བརྗོད་པའི རྐྱེན་གྱིས་བདག་མདུན་སོ་སོར་ཕྱེ ལྷ་ཚོགས་ཀུན་ཀྱང་སྤྱི་དྲིལ་སྔགས ཞེས་པའི་དམིགས་གནད་དང་ལྡན་པས ཁྲོ་བོ་སྤྱི་སྔགས་གཙོ་བོར་བཟླ གཉིས་

(༩༢༦)བསྲུང་འཁོར་ནི གཙོ་བོའི་ཐུགས་སྲོག་གི་ཀླང་ཀོར་དུ་བླ་མ ཧའི་ཁོག་པར་བསྲུང་བྱ༔ ཞབས་ཀྱུར་ཡུལ་མཁར་ནོར་ཕྱུགས་གསལ་བ སྲུང་དམིགས་ནི ཐུགས་སྲོག་ལས་འོད་ཟེར་འཕྲོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་འོད་ཟེར་སེར་པོའི་རྣམ་པར་བསྡུས་པ་གཙུག་ཏོར་འཁོར་ལོས་སྒྱུར་བའི་ངོ་བོ་ཉིད་རྡོ་རྗེའི་རྡུལ་ཕྲ་རབ་ཏུ་གྱུར་པས་སྲུང་བྱང་རྡོ་རྗེའི་གུར་ལ་ཐིམ་པས་རྡོ་རྗེའི་བཞུ་བླུགས་སུ་གྱུར་པས་ཅིས་ཀྱང་མི་ཚུགས་པར་བསྒོམ་ལ རྩ་བའི་བསྙེན་སྔགས་དང་སྲུང་སྔགས་རྣམས་སྟོང་ཕྲག་ཙམ་སྟེ ཨོཾ་ཨཱཨུཥིྞ་ཥ་བཛྲ་ཙཀྲ་ཝ་རྟི་བྷྲཱུཾ་སརྦ་ལ་ཀི་སྭཱ་ཧཱ ཞེས་སྲུང་འཁོར་བསྒོམ གསུམ་པ་ལས་སྦྱོར་ཁྱད་པར་ནི སྐད་ཅིག་གནམ་ལྕགས་རྡོ་རྗེ་ནི རྩེ་དགུ་སྟོང་གསུམ་གང་བའི་ཁྱོན སྦུབས་སྟོང་འབར་བའི་ལྟ་བ་རུ དཔལ་དགུ་རྔམ་པའི་དྲག་སྔགས་སྒྲོགས ཡར་རྩེ་བརྒྱད་ཀྱི་སྲོག་ཤིང་ལ ཐུབ་དབང་བདུད་འདུལ་ཆ་བྱད་ཅན རྣམ་པ་བཞི་ཡི་འཁོར་གྱིས་བསྐོར རཱ་ལ་རིག་འཛིན་གྲུབ་ཐོབ་བརྒྱད མཉེན་ཞུ་ཕོད་ཆེན་སྡིགས་

(༩༢༧)འུྃ མཛུབ་ཅན དྲང་སྲོང་དམོད་པ་ལས་ཀྱི་ཆས ཀུན་ཀྱང་ཛབྷྱོ་ཕཊ་ཀྱི་སྒྲ དགུག་བསྒྲལ་སྤར་བའི་ལས་ལ་བརྩོན མར་རྩེ་དགུ་ཡིས་འགོང་པོ་དགུའི སྙིང་ག་དབང་ཆེན་གཞི་ལ་ཕུག འཆང་བཟུང་ཙཀྲ་རྩིབས་བརྒྱད་པའི མཚན་ལ་སྤྲུལ་པའི་ལྕགས་སྡིག་འཕྱོ སྤུ་གྲི་གཡོན་དུ་འཁོར་བ་ཡིས གནོད་བྱེད་དགྲ་གདོན་ཉལ་ཉལ་གཏུབས སྡིག་པས་ཧབ་ཧབ་ཟོས་པ་ཡིས ལོག་པར་འདྲེན་པའི་དགྲ་འདྲེ་དང་ ཁྱད་པར་འགོང་པོ་སྤུན་དགུའི་སྡེ རྫས་ལ་མེ་མཆེད་ལྟ་བུར་བསམ ཨོཾ་ཨཱཧཱུྃ་བཛྲ་ཡཀྴ་ཀྲོ་ཏ་སརྦ་དུཥྚཾ་ཧ་ན་ཧ་ན་ཧཱུྃ་ཕཊ ཅེས་ཏིང་ངེ་འཛིན་གྱི་གནད་ལས་མ་ཡེངས་པར་བརྒྱ་རྩ་ཙམ་བཟླའོ བཞི་པ་ཐུན་རྫས་སྒྲུབ་པ་ནི དྲག་སྔགས་སོ་ལྔ་པ་ཅི་ནུས་བཟླས་པས་ཟོར་རྫས་དང་ཐུན་རྫས་རྣམས་ནད་མཚོན་མེ་དཔུང་གི་ཚྭ་ཚྭར་སྒོམ་མོ ལྔ་པ་སྦྱོར་སྒྲོལ་ཚོགས་ཀྱི་སྐོང་ནི ཚོགས་བྱིན་རློབ་ནས་བཟུང་ལྷག་མའི་བར་ལས་གཞུང་ལྟར་བྱའོ གལ་ཏེ་སྐོང་བརྒྱ་སོགས་གསོག་ན་སྐོང་བཤགས་རྡོ་རྗེའི་ཐོལ་ཀླུའམ་ཉེར་བསྡུས་ལ་ནི། བདེ་སྟོང་ཀློང་ཡངས་ཏིང་འཛིན་གསུམ་གྱི་

(༩༢༨)སྦུབས ཞེས་པ་ནས ལྷུན་གྲུབ་རྫོགས་པ་ཆེན་པོའི་ས་ལ་སྐྱོལ ཞེས་པའི་བར་གྱི་ཡོ་ག་གསུམ་པོ་ལྡབ་པོ། དྲུག་པ་བཟློག་པ་དངོས་ལ་སྤྱི་དོན་རྣམ་པ་བཅུ་གཅིག་ལས དང་པོ་གཟུ་དབང་ནི ཧཱུྃ ཁྱབ་བདག་གདོང་མའི་previous hit མགོནཔོ་ནས་བཟུང་སྟེ མངོན་པར་བྱང ་ཆུབ་དཔལ་མགོན་བླ་མའི་བར དགོངས་བརྡ་སྙན་བརྒྱུད་རྡོ་རྗེའི་སློབ་དཔོན་དང་༔ དཔལ་ཆེན་འདུས་པའི་ལྷ་ཚོགས་གཟུ་དང་དབང་༔ འགྲོ་ཀུན་བདེ་གཤེགས་སྙིང་པོའི་རང་བཞིན་ལ དགྲ་གཉེན་ཕྱོགས་ཆའི་སྡང་ཞེན་མ་དམིགས་ཀྱང་ གཟུང་འཛིན་གདོན་གྱིས་བརླམས་པའི་ཉམས་པ་བདུན བྱང་ཆུབ་སེམས་གཉིས་སྒོམ་པའི་དགྲ་རུ་ལངས དམ་ལས་ཉམས་པས་སློབ་དཔོན་མཆེད་ལ་བརྙས༔ བཀའ་ལས་ཉམས་པས་ལས་འབྲས་ཁྱད་དུ་བསད དོན་ལས་ཉམས་པས་བདེན་གཉིས་ཆད་པར་ལྟ ལས་ཀྱིས་ཉམས་པས་ཉེས་མེད་རྣམས་ལ་འཛུགས མཚན་པས་ཉམས་པས་ཆོས་ལ་ཕྱོགས་རིས་བཟུང་༔ འདོད་པས་ཉམས་པས་ཁྲེལ་མེད་འཕྲོག་བཅོམ་བྱེད ལོག་པས་ཉམས་པས་སེམས་ཅན་སྡུག་ལ་སྦྱོར འདི་

(༩༢༩)འུཾ ལ་མངོན་སྤྱོད་འཕྲིན་ལས་མི་མཛད་ན མཐར་གྱིས་འཆི་བ་སེམས་ཅན་ཀུན་ལ་ཡོད དུས་ལ་བབས་ན་དཔག་བསམ་ཤིང་ཡང་འགྱེལ བསམ་སྦྱོར་ངན་པའི་འབྲས་བུ་མཐར་ཕྱིན་ན ཚར་གཅོད་རྗེས་འཛིན་མཐུ་སྟོབས་རྫུན་དུ་ཟད ཆོས་ཉིད་བདེན་པས་བསླུ་བ་མེད་པ་དང་ སྔགས་ཀྱིས་སྒྲོལ་བ་སངས་རྒྱས་རྣམས་ཀྱི་མཐུས ཨ་བྷི་ཙརྱའི་དུས་ལ་དབབ་ན བརྣག་པའི་ལས་ལ་བཏང་སྙོམས་མ་མཛད་ཅིག དུས་གསུམ་སངས་རྒྱས་རྣམས་ནི་དབྱིངས་ནས་གཟིགས བདེན་གཉིས་རྒྱུ་འབྲས་བསླུ་མེད་གཟུ་དང་དཔང་ དཔལ་མགོན་ཆོས་སྐྱོང་རྣམས་ནི་མཐུ་རྩལ་བསྐྱེད ཉེས་ཅན་འདི་ལ་མངོན་སྤྱོད་འཕྲིན་ལས་མཛོད ཅེས་བརྗོད་ཅིང་ཡུས་གདབ གསེར་སྐྱེམས་ཕྱོགས་བཅུར་གཏོར་རོ གཉིས་པ་སྤྱིར་ཐུགས་དམ་བསྐུལ་བ་ནི ཧཱུྃ མི་གནས་ཡེ་ཤེས་ཆོས་སྐུའི་ཕོ་བྲང་ནས ལོངས་སྤྱོད་རྫོགས་པ་ཞི་དང་ཁྲོ་བོའི་ལྷ ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་དགོངས རིག་པའི་རང་བཞིན་བདེ་གཤེགས་སྙིང་པོ་ཡང་ མ་རིག་འཛིན་པའི་

(༩༣༠)ཀུན་གཞི་ལུང་མ་བསྟན སྒོ་ལྔའི་ཡུལ་དང་རྟེན་ཅིང་འབྲེལ་བ་ལས རིགས་དྲུག་རྒྱུད་ལྔའི་གནས་སུ་འཁྱམས་པ་རྣམས ལས་དང་ཉོན་མོངས་མཐུ་ཡིས་གཟིར་བའི་མཐུ ཕྱི་རོལ་ཡུལ་ལ་སྨིན་པའི་སྡུག་བསྔལ་དང་ ནད་མཚོན་མུ་གེ་དགྲ་བགེགས་འབྱུང་པོའི་གདོན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ཀུན མངོན་སྤྱོད་དྲག་པོའི་རོལ་པས་ཚར་བཅད་ནས ལོག་རྟོག་དངོས་པོར་ཞེན་པའི་སེམས་ཅན་རྣམས རྒྱུ་འབྲས་ཐེག་པ་གཞན་གྱིས་གདུལ་དཀའ་བས རང་བྱུང་ཡེ་ཤེས་རྟོགས་པའི་འཕྲིན་ལས་མཛོད གསུམ་པ་འཇམ་དཔལ་སྐུས་ལྷ་དང་དབྱེ་བ་ནི ཉ་བོའི་སྟེང་དུ་དབྱེ་སྒྲོ་གཉིས་བསྣོལ་ནས ཧཱུྃ་བསྐལ་བ་བརྒྱད་ཁྲི་བཞི་སྟོང་འབར་བའི་གཞལ་ཡས་ནས ལྕགས་མཁར་སྒོ་མེད་བཅུ་དྲུག་འབར་བའི་ནད་ཤེད་ན འོབས་ཆེན་བཅུ་གཉིས་འབར་བའི་དཀྱིལ་འཁོར་ནས ཐོད་མཁར་འབར་བའི་དབུས་ཕྱོགས་ནས ཕོ་བྲང་ལྕགས་མཁར་སྤུ་གྲིས་གཏམས་པ་ནས ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདན ལྟོ་འཕྱེ་ཕྱོགས་སྐྱོང་མ་ཧེ་བརྫིས་པའི་

(༩༣༡)འུཾ ཁྲིཐབ་ས་དང་ཤེས་རབ་ཉི་ཟླའི་གདན་སྟེང་ནས སྲོག་བདུད་འཇམ་དཔལ་ཚེ་བདག་ནག་པོ་བཞེངས རྔམས་པའི་ཚུལ་གྱིས་བླ་རྐུན་དགྲ་ལ་ཁྱེ ཚེ་བདག་ལས་ཀྱི་སྤྲུལ་པ་མངོན་ཕྱུངས་ཤིག ཧཱུྃ ཤར་གྱི་ཕྱོགས་ནས་བླ་འགུགས་པ དུང་གི་མོན་པ་སེངྒེའི་མགོ དབུ་དགུ་སྤྱན་དགུ་ཞལ་དགུ་གདངས ཕྱག་དགུ་ཞབས་དགུ་ཙིཏྟ་དགུ ཞབས་དགུས་སྟོང་གསུམ་བླ་ལ་རྒྱུད སྤྱན་དགུས་དགྲ་བོར་བལྟས་ནས་འཛིན སྙིང་དགུས་དགྲ་བོ་ཡིད་ལ་འཛིན ཕྱག་དགུས་ཁོང་ནས་ཙིཏྟ་འབྱིན ཞལ་དགུས་ཁ་མངར་མེད་པར་གསོལ ལྗགས་དགུས་ཁྲག་ལ་མྱོས་ཤིང་འཐུངས དགྲ་བོ་ལྷ་དང་ཕྲོལ་ལ་ཤོག ཀ་ལ་དུན་ཏི་ཙིཏྟ་རོ་མྱགས་སྲོག་ལ་ཐུམ་རི་ལི་ལི་བྷྱོ ཧཱུྃ ལྷོ་ཡི་ཕྱོགས་ནས་བླ་འགུགས་པ ལྕགས་ཀྱི་མོན་བསྟག་གི་མགོ དབུ་དགུ་སྤྱན་དགུ་ཞལ་དགུ་གདངས ཕྱག་དགུ་ཞབས་དགུ་ཙིཏྟ་དགུ ཞབས་དགུས་སྟོང་གསུམ་བླ་ལ་རྒྱུག སྤྱན་དགུས་དགྲ་བོར་བལྟས་ནས་འཛིན སྙིང་དགུས་དགྲ་བོ་ཡིད་ལ་འཛིན ཕྱག་དགུས་

(༩༣༢)ཁོང་ནས་ཙིཏྟ་འབྱིན ཞལ་དགུས་ཁ་མངར་མེད་པར་གསོལ ལྗགས་དགུས་ཁྲག་ལ་མྱོས་ཤིང་འཐུངས དགྲ་བོ་ལྷ་དང་ཕྲོལ་ལ་ཤོག ཧ་ལ་ཧ་ལ་དུན་ཏིང་ཙིཏྟ་རོ་མྱགས་སྲོག་ལ་ཐུམ་རི་ལི་ལི་བྷྱོ ཧཱུྃ ནུབ་ཀྱི་ཕྱོགས་ནས་བླ་འགུགས་པ བསེ་ཡི་མོན་པ་དེད་ཀྱི་མགོ དབུ་དགུ་སྤྱན་དགུ་ཞལ་དགུ་གདངས ཕྱག་དགུ་ཞབས་དགུ་ཙིཏྟ་དགུ ཞབས་དགུས་སྟོང་གསུམ་བླ་ལ་རྒྱུག སྤྱན་དགུས་དགྲ་བོར་བལྟས་ནས་འཛིན སྙིང་དགུས་དགྲ་བོ་ཡིད་ལ་འཛིན ཕྱག་དགུས་ཁོང་ནས་ཙིཏྟ་འབྱིན་ཞལ་དགུས་ཁ་མངར་མེད་པར་གསོལ ལྗགས་དགུས་ཁྲག་ལ་མྱོས་ཤིང་འཐུངས དགྲ་བོ་ལྷ་དང་ཕྲོལ་ལ་ཤོག རག་ཧོ་ཧེ་དུན་ཏིག་རོ་མྱགས་སྲོག་ལ་ཐུམ་རི་ལི་ལི་ལི་བྷྱོ ཧཱུྃ བྱང་གི་ཕྱོགས་ནས་བླ་འགུགས་པ གསེར་གྱི་མོན་པ་ཁྱུང་ཆེན་མགོ དཔུ་དགྲུ་སྤྱན་དགུ་ཞལ་དགུ་གདངས ཕྱག་དགུ་ཞབས་དགུ་ཙིཏྟ་དགུ ཞབས་དགུས་སྟོང་གསུམ་བླ་ལ་རྒྱུག སྤྱན་དགུས་དགྲ་བོར་བལྟས་ནས་འཛིན སྙིང་དགུས་དགྲ་བོ་ཡིད་ལ་འཛིན ཕྱག་དགུས་ཁོང་ནས་ཙིཏྟའབྱིན ཞལ་དགུས་ཁ་མངར་

(༩༣༣)འུཾ མེད་པར་གསོལ ལྗགས་དགུས་ཁྲག་ལ་མྱོས་ཤིང་འཐུངས དགྲ་བོ་ལྷ་དང་ཕྲོལ་ལ་ཤོག ཀརྨ་བྷ་ཏིང་དུན་ཏིང་རོ་མྱགས་སྲོག་ལ་ཐུམ་རི་ལི་ལི་བྷྱོ ཞེས་དང་ དཔྲལ་བའི་སྔགས ནིྲ་ཏྲི་ཤ་ཏྲུཾ་ཧ་ས་ཡ་ར་ཧྲི་ཏ་ན་ཧཱུྃ་ཕཊ ཅེས་བཟླ་ཞིང་དབྱེ་སྒྲོ་གཉིས་ཉ་བོ་ལ་གདབ གུ་གུལ་གྱིས་བདུག་གོ བཞི་པ་པདྨ་གསུང་གིས་གཟུགས་ལ་དབབ་ཅིང་བྱད་དུ་གཞུག་པ་ནི ཉ་པ་ལ་ཁྲག་ཆེན་བྲན་ལ ཧཱུྃ དམར་ནག་ཟླ་གམ་དཀྱིལ་འཁོར་ནས མཁའ་འགྲོ་མི་བཟད་བླ་འགུགས་མ སྐུ་ནི་ལེ་བརྒན་འབར་བ་ལ བྱུ་རུ་མདར་པོའི་མདངས་རལ་ཅན མཁའ་འགྲོའི་གདོང་ལ་རྔམ་བག་ཆེ རྒྱུག་པའི་སྟབས་ནི་སྤྱང་མོ་འདྲ ཁ་ནས་ཁྲག་མདའ་ཏ་ལ་ལ མིག་ནས་མེ་འབར་ལམས་སེ་ལམ སྣ་ནས་དུད་འཐུལ་ཐུ་ལུ་ལུ རྣ་བའི་གཙུག་ཏོར་གཡས་གཡོན་ལ ལྕགས་ཀྱི་བྱ་ཁྱུང་རེ་རེ་ཡོད རྟ་མགྲིན་དབང་གི་སྒྲ་ཐོས་པས དཔག་ཚད་དག་ཏུ་རྒྱུག་པའི་ཚེ གདུག་པའི་སྒྲ་སྐད་ཙེ་རེ་རེ ཚངས་རིས་ལྷ་ཡང་འདུན་མར་སྡུད རྒྱ་མཚོའི་གཏིང་དུ་རྒྱུག་པའི་ཚེ ཀླུ་རྣམས་ཀུན་ལ་

(༩༣༤)རྦད་ཁམས་གཏོང་ ཉམས་པའི་བླ་ཚེ་འགུགས་ཤིང་སྒྲོལ དམ་ཉམས་སྲོག་རྩ་གཡས་གཡོན་ནས ལྕགས་ཀྱུས་བཟུང་ཞིང་ཁྲིད་ནས་འོང་ དཔལ་ཆེན་འབར་བའི་ཕོ་ཉ་སྟེ དབང་གི་ཞིང་ཁམས་ཆེན་པོ་སྐྱོང་ དྲག་ཏུ་རྒྱུག་ལ་དགྲ་བགེགས་ཁུག ནྀྲ་ཏྲི་ཤ་ཏྲུཾ་ཙ་ཙ་པ་ལ་ཤ་ནི་ཀུ་རཾ་རྦད་ཁཾ ཨཱ་བེ་ཤ་ཡ་ཧཱུྃ་ཕཊ དེ་ནས་བྱང་དུ་འཇུག་པ་ནི ཕྱག་རྒྱ་བཞི་དང་ཕྱག་མཚན་བཞིས་གདབ་ཅིང་ ཛཧཱུྃ་བཾ་ཧོ ནྀྲ་ཏྲི་ཤ་ཏྲུཾ་ཤི་ཀྲི་ཨ་ན་ཡ་ཤི་ཀྲི་ཨ་ན་ཡ་ཧཱུྃ་ཕཊ ཅེས་བཟླའོ ལྔ་པ་ཡང་དག་ཐུགས་ཀྱིས་ཚེ་དང་དབང་ཐང་འཕྲོག་ཅིང་གནས་ལུང་བྱ་བ་ནི ཕུར་རྩེ་སྙིང་ཁར་གཏད་པས་གཟས་པོའི་བླ་ཚེ་འོད་དཀར་པོའི་རྣམ་པས་བླངས་པ་རང་ཉིད་ལ་བསྟིམ ཕུར་པ་ལས་བྱུང་བའི་ཡེ་ཤེས་ཀྱི་མེས་རིགས་དྲུག་གི་ས་བོན་བསྲེགས་ཤིང་སྦྱངས་པར་བལྟས་ལ༔ ཧཱུྃ སྒྲོལ་བ་གནས་ཀྱི་ཏིང་འཛིན་ཆེན་པོ་ནི དཔའ་བོ་འབྲུ་ལྔ་རླུང་ལྔའི་རྟ་ལ་ཞོན ཨ་ནྀྲ་སུ་ཏྲི་བྲེ་དུ་དྲུག་རྣམས་བསྲེགས གནས་སྦྱོང་ཏིང་འཛིན་རྒྱུ་རྣམས་བྱིན་གྱིས་བརླབས སྡུག་བསྔལ་མང་པོས་གཟིར་བའི་འགྲོ་བ་ལ སྙིང་རྗེའི་ཤུགས་ཀྱིས་སྡུག་བསྔལ་

(༩༣༥)འུཾ བཟློག་པའི་ཕྱིར ཉོན་མོངས་ཀུན་བསལ་རྒྱུད་དྲུག་ལམ་བཀག་ནས བྱང་ཆུབ་བགྲོད་ཕྱིར་འཕགས་ལམ་རྣམ་ཐར་བསྟན ཨ་ཨ་ཨཱ ཞེས་དང་ ཕུར་བསྐོར་སྔོན་དུ་འགྲོ་བས་ལོག་རྡུགས་འབྱམས་གསུམ་གྱི་ཉཻས་སྐྱོན་བསལ རུ་ལུའི་འཛབ་དབྱངས་བཟླ་བཞིན་དུ་ཕུར་རྩེས་རྣམ་པར་ཤེས་པ་ཨ་ཡི་རང་བཞིན་དུ་གྱུར་བ་ཡང་དག་ཐུགས་ཀྱི་ཀློང་དུ་སྦར་རོ དྲུག་པ་ཕུར་པ་འཕྲིན་ལས་ཀྱིས་ཀུན་གཞི་ཚོགས་བརྒྱད་དང་བཅས་པ་ཚར་བཅད་ནས་རྣམ་སྨིན་གྱི་ལུས་རྟེན་དང་འབྲེལ་གཅད་པ་ནི ཧཱུྃ བདག་ཅག་རྣལ་འབྱོར་སྒྲུབ་པ་པོས བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་ དུས་གསུམ་རྒྱལ་བའི་གདུང་འཚོབ་པའི རིག་འཛིན་བདག་ཅག་རྣམས་ལ་ནི གནོད་ཅིང་གདུག་པའི་དགྲ་དང་བགེགས བདུད་དང་བར་དུ་གཅོད་པ་དང་ དངོས་གྲུབ་འཕྲོག་ཅིང་འཚོ་བ་རྣམས ཁྲོ་བོ་ཆེན་པོའི་བྱིན་རླབས་ཀྱིས ཡུད་ཙམ་གྱིས་ནི་འདིར་ཁུག་ལ མངོན་སྤྱོད་ཚུལ་བཞིན་བསྒྲལ་བ་དང་ ལུས་ངག་རྡུལ་དུ་བཤིག་ནས་ཀྱང་ སྡུག་བསྔལ་ཉམས་སུ་མྱོང་བར་མཛོད ལས་སྔགས་དང་

(༩༣༦)བསྟུན་ནས་མིག་གཡས་གཡོན རྣ་བ་གཡས་གཡོན སྣ་བུག་གཡས་གཡོན ལྕེ་དང་མགྲིན་པ༔ སྙིང་ག་གསང་གནས་བཅུར་གདབ་ཅིང་ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ ཧ་ན་ཧ་ན ད་ཧ་ད་ཧ པ་ཙ་པ་ཙ མ་ཐཱ་མ་ཐཱ ཛྭ་ལ་ཛྭ་ལ སུ་རུ་སུ་རུ མུ་རུ་མུ་རུ ཀ་ཏ་ཀ་ཏེ ཛ་ཡེ་བི་ཛ་ཡེ ཨ་ཙིཏྟེ་ཨ་པ་ར་ཙིཏྟ་སརྦ་བིག་ནན་བཾ་ཧཱུྃ་ཕཊ བདུན་པ་མ་མོས་ཁྲག་ཐུན་དབབ་ནས་མྱོས་སུ་འཇུག་པ་ནི ཧཱུྃ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས ཁྱོད་ཀྱི་དམ་ཚིག་དུས་ལ་བབ སྔོན་ཆད་ཇི་ལྟར་དམ་བཅས་པའི མངོན་སྤྱོད་འཕྲིན་ལས་མྱུར་དུ་མཛོད རྩ་སྔགས་མཐར ནྀྲ་ཏྲི་ཤ་ཏྲུཾ་ཛྭ་ལ་པ་ཡ་ཧཱུྃ་ཕཊ བརྒྱད་པ་དྲེགས་འདུལ་གྱིས་གཏུན་དུ་བརྡུང་བ་ནི ཧཱུྃ བརྡུངས་ཤིག་རྡོ་རྗེ་འབར་བའི་གཏུན བཀའ་ལས་འདའ་བྱེད་སྡིག་ཅན་རྣམས རྡོ་རྗེ་མེ་དཔལ་སྙིང་བསྲེགས་ནས ལུས་ངག་རྡུལ་ཕྲན་བཞིན་དུ་རློགས ཁྲོ་མོ་འབར་བའི་གཏུན་ཁུང་དུ རྡོ་རྗེ་ཐོ་བས་བརྡུང་བྱས་པས ལྷ་ཡང་རང་སྟེ་བརླག་པར་གྱིས ནྀྲ་ཏྲི་ཤ་ཏཾ་ཏ་ཐ་ཡ་ཏ་ཐ་ཡ་ཧཱུྃ་ཕཊ དགུ་པ་དྲག་སྔགས་ཀྱིས་ཞལ་དུ་སྟོབ་པ་ནི ལིང་

(༩༣༧)འུཾ རོ་གཏོར་མར་བྲན་ཞིང་ ཧཱུྃ རྡོ་རྗེ་གསང་བའི་བཀའ་ལས་ནི སྡིག་ཅན་གང་ཞིག་འདའ་བྱེད་པ སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡིས ཀླང་པ་ཚལ་པ་བརྒྱ་རུ་ཁོས གདུག་ཅིང་སྡང་སེམས་ལྡན་པ་རྣམས ཞལ་དུ་སྟོབ་པོ་ཁ་རཾ་ཁཱ་ཧིནྀྲ་ཏྲི་ཤ་ཏྲུཾ་བྷདྡྷ་ཡ་བྷདྡྷ་ཡ་ཧཱུྃ་ཕཊ བཅུ་པ་ཟློག་པའི་ཕྲིན་ལས་གཞུང་བསྲང་བ་ནི ཧཱུྃ རྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་དབྱིངས གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ འཁོར་འདས་ཀུན་གྱི་སྤྱི་དཔལ་དབྱིངས་ནས་བཞེངས མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ ཧཱུྃ དབུ་རྒྱན་བྷནྡྷ་འབར་བའི་ཕོ་བྲང་ནས ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནི གདན་གསུམ་ཡོངས་རྫོགས་རོལ་པ་ཆེན་པོའི་ལྷ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་

(༩༣༨)རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱད་ཕུར་རྦོད་གཏོང་ཐ་ན་ལྟས་ངན་པ་ཀུན བཟློག་ཅིང་སྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུྃ ཆོས་སྐུ་འགྱུར་བ་མེད་པའི་དང་ཉིད་ལས གར་དགུའི་རྣམ་རོལ་ཆེ་མཆོག་ཧེ་རུ་ཀ སྒེག་པ་དཔའ་བ་འཇིགས་སུ་རུང་བའི་སྐུར རྔམ་དང་བརྗིད་པའི་ཡོན་ཏན་ཟང་མི་ཤེས རྩ་ཞལ་འཇིགས་རུང་རྡོ་རྗེ་ཁྲོས་པའི་དབུས གཏི་མུག་གདོན་ཚོགས་ཆོས་ཀྱི་དབྱིངས་སུ་ཟློག གཡས་དཀར་སྒྲ་སྒྲོག་ད་ཧ་པ་ཙའི་ཞལ ཧ་ཧར་དགོད་ཅིང་རུ་ལུའི་གད་རྒྱངས་སྒྲོག སྡང་བ་ཐམས་ཅད་རྣམ་པར་རྟོག་ཅིག་དང་ ཆོམས་ཤིག་སྒྲ་ཡིས་མོ་གདོན་སྲིན་མོ་འཇོམས འདོད་ཆགས་གདོན་ཚོགས་ལོངས་སྐུའི་དབྱིངས་སུ་ཟློག གཡོན་དམར་ཨི་གཙིགས་གཤེ་བར་སྟོན་པ་ནི རྡོ་རྗེ་ཁྲོ་བོ་འཚོལ་བ་ཆེན་པོ་སྟེ འགོང་པོ་སྤུན་དགུའི་སྡེ་རིས་སྲོག་ལ་རྔམས རྒྱལ འགོང་དམ་སྲི་གློ་བུར་ལྷགས་པའི་གདོན ཞེ་སྡང་གདོན་ཚོགས་སྤྲུལ་སྐུའི་དབྱིངས་སུ་ཟློག ཞི་བ་ཆེན་པོའི་ངང་ལས་མ་གཡོས་ཀྱང་ སྙིང་རྗེ་ཁྲོས་པའི་ཐུགས་ནི་

(༩༣༩)འུཾ འབར་ཞིང་རྔམས བརྗིད་པ་ཆུ་སྲིན་ཐབས་ཤེས་ཉི་ཟླ་འབར རྡོ་རྗེའི་གཤོག་པས་བར་སྣང་དབྱིངས་ཀུན་གཅོད དབང་གི་བསེ་ཁྲབ་རྡོ་རྗེའི་སློབ་པ་དང་ གནོད་གདུག་ཟློག་བྱེད་རྒྱ་གྲམ་བྱེའུའི་ཆས སྐྱེ་ཤི་རྩད་གཅོད་མཆེ་བ་ཟླ་ཚེས་དང་ ཡེ་ཤེས་མེ་དཔུང་འབར་བས་ལོག་འདྲེན་བསྲེགས རིག་པ་རང་སྣང་དཔལ་ཀྱི་ཆས་བརྒྱད་བརྒྱན དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱང་ཕུར་རྦོད་གཏོང་ཐུན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུྃ ཞིང་ཆེན་གཡང་གཞི་ཕྲིན་ལས་ཐབས་ལ་མཁས གླང་ཆེན་ཀོ་རློན་ཁྱབ་པ་ཐུགས་རྗེའི་གོས སྟག་གི་ཤམ་ཐབས་ཕྱི་ནང་གསང་གསུམ་སྡུད རྒྱལ་རིགས་དཀར་ཁྲའི་དབུ་རྒྱན་བརྗིད་པ་ལ རྗེ་རིགས་སེར་ཁྲའི་

(༩༤༠)སྙན་ཆ་ཐུར་དུ་འཕྱང་ བྲམ་ཟེ་དམར་ཁྲའི་མགུལ་ཆུ་དམངས་རིགས་ནི ནག་ཁྲའི་སྐུ་རགས་གདོལ་བ་ལྗང་ཁྲ་སྟེ ལྟོ་འགྲོའི་དབང་པོས་ཕྱག་ཞབས་གདུ་བུ་བྱས་ཐོད་པ་སྐམ་པོའི་དབུ་རྒྱན་རིགས་ལྔ་དང་ རློན་པའི་ས་རལ་འདུ་བྱེད་ལྔ་བཅུ་སྦྱོང་ ཚལ་བུའི་དབུ་བརྒྱན་སྐྱེ་མཆེད་གནས་སུ་དག རཀྟ་ཞག་དང་ཐལ་ཆེན་ཚོམ་བུ་སྟེ རྒྱལ་བྱེད་དཔའ་རྟོགས་དུར་ཁྲོད་རོལ་པའི་ཆས བདག་འཛིན་རུ་ཏྲའི་གོ་ཤེད་དུ་བརྒྱན་པ་ཡིས ལྷ་ཀླུ་གནོད་སྦྱིན་དྲི་ཟ་གྲུལ་བུམ་གདོན མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་སོགས གདོན་རིགས་སུམ་བརྒྱ་དྲུག་ཅུའི་གནོད་པ་ཟློག དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་པ་ལས དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཚོལ་པ་ལས བྱུང་བའི་གནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུྃ ཕ་རོལ་ཕྱིན་དྲུག་རྫོགས་པའི་

(༩༤༡)འུཾ ཕྱག་ཆ་ནི གཡས་ཀྱི་དང་པོ་རྡོ་རྗེ་རྩེ་ལྔ་པས དུག་ལྔ་ཡེ་ཤེས་ལྔ་རུ་སྒྲོལ་མཛད་ཅིང་ ཤེས་རབ་ཕ་རོལ་ཕྱིན་དང་གཉིས་མེད་སྦྱོར ཅིས་ཀྱང་མི་ཤིགས་རྡོ་རྗེའི་ཆོས་བདུན་ཀྱིས རྟག་ཆད་ལྟ་དང་བདག་ཏུ་ལྟ་བ་ལས བྱུང་བའི་མུ་སྟེགས་ཕྲ་མེན་རིག་སྔགས་བྱད བྷྱོ བཟློག་དྲག་པོའི་ཕྲིན་ལས་དུས་ལ་བབ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱད་ཕུར་རྦོད་གཏོད་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ བར་པ་ཁ་ཊཾ་རྩེ་གསུམ་བསྣམས་པ་ཡིས ཡིད་དང་ཆོས་སུ་འཛིན་པའི་བྱ་བྱེད་འབིགས བསམ་གཏན་ཕ་རོལ་ཕྱིན་དང་གཉིས་མེད་སྦྱོར སྐུ་གསུམ་མཚོན་ཆས་དུག་གསུམ་ཚར་བཅད་ནས རྟེན་འབྲེལ་བཅུ་གཉིས་རྒྱུན་ལ་འཁོར་བ་ཡི

(༩༤༢)གཟུང་འཛིན་བག་ཆགས་དགྲ་གདོན་ཐལ་བར་རློག དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱོད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཐ་མ་ཡེ་ཤེས་མེ་དཔུང་བསྣམས་པ་ཡིས འཇིག་ཚོགས་ལྟ་བ་བསྲེགས་ཅིང་ལེ་ལོའི་གདོན བརྩོན་འགྲུས་ཕ་རོལ་ཕྱིན་དང་གཉིས་མེད་སྦྱོར ཡུལ་ལ་མངོན་པར་ཞེན་པ་ལས་བྱུང་བའི ཕྱོགས་རིས་སྡེ་འཁྲུགས་མཚོན་གྱི་བསྐལ་བ་ཟློག དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིས སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱད་

(༩༤༣)འུཾ ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ གཡོན་གྱི་དང་པོ་བྷནྡྷ་བསྣམས་པ་ཡིས ཆགས་སྡང་བཟོད་པའི་ཕ་རོལ་ཕྱིན་དང་སྦྱོར དུག་ལྔ་རང་རྒྱུད་ཞེན་པ་རུ་ཏྲའི་དངོས རྣམ་རོལ་ཡེ་ཤེས་ལྔ་ཡི་ངོ་བོར་སྡུད དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ བར་པ་ཐོང་གཤོལ་སེར་སྣའི་ཐ་རྒོད་འཇོམས སྦྱིན་པའི་ཕ་རོལ་ཕྱིན་དང་གཉིས་མེད་སྦྱོར༔ གཞན་འབྱོར་དཔལ་ལ་སྡང་བའི་རྒྱུ་འབྲས་ལས བྱུང་བའི་ལོ་ཉེས་སང་སེར་བཙའ་ཐན་དང་ མུ་གེའི་བསྐལ་པ་དམ་ཉམས་དགྲ་ལ་སྒྱུར དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ

(༩༤༤)རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ གཡོན་གྱི་ཐ་མ་སྡིག་པ་བསྣམས་པ་ཡིས ཉེས་སྤྱོད་གནས་ལ་ཞེན་པའི་དངོས་པོ་སྦྱོང་ ཚུལ་ཁྲིམས་ཕ་རོལ་ཕྱིན་དང་གཉིས་མེད་སྦྱོར ཁྲིམས་འཆལ་རྒྱུ་འབྲས་ལས་བྱུང་རྒྱལ་འགོང་དང་ སྨྱོ་འབོག་གདོན་ཚོགས་ཆོས་ཀྱི་དབྱིངས་སུ་ཟློག དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ༔ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ རྫུ་འཕྲུལ་ཞབས་བཞི་

(༩༤༥)འུཾ སྟངས་སྟབས་བགྲད་པ་ལས ཚད་མེད་རྣམ་བཞིས་འགྲོ་ཀུན་ཐར་ལམ་འགོད དུག་ལྔ་མ་སྤངས་དབྱིངས་སུ་དག་པའི་བརྡར འཇིགས་བྱེད་སེང་གེ་དཔའ་གཏུམ་སྟག་དང་དོམ གདུག་པ་གཟིག་དང་སྟོབས་ལྡན་གླང་པོ་ཆེ བརྗིད་པའི་མ་ཧེ་འཛིན་པ་ཆུ་སྲིན་དང་ ཞེ་སྡང་སྤྲུལ་གྱིས་དྲེགས་པ་ཕོ་མོ་བརྫིས ལྷ་བརྒྱད་ཀླུ་བརྒྱད་དབང་དུ་སྡུད་པ་དང་ དེ་དག་ལས་བྱུང་སོ་སོའི་གདོན་དང་བྱད རྣམ་པར་ཐར་པ་བརྒྱད་དང་གཉིས་མེད་སྦྱོར དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད་དུ་གསོལ པདྨ་ཉི་ཟླའི་གདན་ལ་རོལ་པ་ནི འཁོར་བའི་སྐྱོན་གྱིས་མ་གོས་ཐབས་ཤེས་འབྲེལ སྐྱེ་གནས་བཞི་པོ་གནས་སུ་དག་པ་ལས

(༩༤༦)རྣམ་བྱང་ཡོན་ཏན་རྫོགས་པའི་སྐུ་མཆོག་ལ ས་བཅུ་ལམ་ལྔའི་སྤངས་རྟོགས་རྫོགས་པ་ཡིས རྒྱུད་དྲུག་འཁོར་བའི་སེམས་ཅན་དབྱིངས་སུ་འདྲེན དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ རལ་པ་ཁམ་ནག་རྡོ་རྗེའི་ཏོག་གིས་མཛེས ཉི་ཟླ་གཟའ་སྐར་ཐམས་ཅད་ཟིལ་གྱིས་གནོན ཁྱིམ་དང་དུས་སྦྱོར་འདུ་འཕྲོད་ངན་པ་ལས ཐོག་དང་ས་གཡོས་སྐར་མདའ་ལྟུང་བ་སོགས གནས་དགྲ་ངན་པའི་བཀྲ་མི་ཤིས་པ་བཟློག དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས༔ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་

(༩༤༧)འུཾ བའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ་ དབུ་ལ་རྡོ་རྗེའི་བྱ་ཁྱུང་ལྡིང་བ་ཡིས གདོང་བས་གདོང་ཅན་གཤོག་པས་འདབ་ཆགས་ སྡེར་མོས་སྡེར་ཆགས་མཆུ་ཡིས་མཆུ་ཅན་དང་རྭ་ཡིས་རྭ་ཅན་ལྟས་ངན་བརྒྱད་ཅུ་གཅིག ཡེ་འགྲོག་སུམ་བརྒྱ་དྲུག་ཅུ་གློ་བུར་གདོན་ བདུན་བརྒྱ་ཉི་ཤུ་བྱིས་གདོན་བཅོ་ལྔ་དང ཀེག་སྲི་མོ་ངན་རྨི་ལམ་ངན་པ་སོགསམི་བརྫུ་དགུ་རུ་བརྫུ་ཞིང་འཕྲུལ་བ་ཟློགདགེ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་པ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུྃ་དཔལ་ཆེན་ཐུགས་ལས་སྤྲུལ་པའི་སྲས་མཆོག་བཞི

(༩༤༨)ཁྲ་བོ་ཡབ་ཡུམ་བཅུ་དང་ཅེ་སྦྱང་བརྒྱད སྒོ་སྐྱོང་ཕྱག་རྒྱ་བཞི་ལྡན་ལ་སོགས་པ ཆེ་མཆོག་ཡོན་ཏན་ལྷ་ཚོགས་དབྱིངས་ནས་བཞེངས དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བད་ཨག་ཅག་ཡོན་མཆོད་འ༔ཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུྃ རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པ་ལས སྒྲུབ་སྔ་ཆེན་པོ་བརྒྱད་ཀྱི་ཚོམ་བུར་ཤར ཤར་ཕྱོགས་ཟླ་གམ་འབར་བའི་དཀྱིལ་འཁོར་ནས མེ་ལོང་ཡེ་ཤེས་བཛྲ་ཧེ་རུ་ཀ ཞེ་སྡང་འཇོམས་པའི་དཔའ་བོ་ཆེན་པོ་སྟེ ཡང་དག་ཐུགས་ཀྱི་ལྷ་ཚོགས་དབྱིངས་ནས་བཞེངས དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་ལ་བ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་

(༩༤༩)འུཾ ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུྃ རཀྟའི་རྒྱ་མཚོ་ཆེན་བོ་འཁྱིལ་བའི་དབུས ཀེང་རུས་ཆེན་པོའི་རི་རབ་བརྩེགས་པའི་སྟེང་ རྡོ་རྗེའི་བྲག་ཆེན་གཏམས་པའི་ས་གཞི་ལ རབ་འཇིགས་རྡོ་རྗེ་འབར་བའི་གཞལ་ཡས་ཁང་ བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ན དཔལ་ཆེན་འཁོར་ཚོགས་མཐའ་ཡས་བཞུགས་པ་ནི ཡེ་ཤེས་ཚད་མེད་སྤྲུལ་པའི་ཐབས་མངའ་བས གད་མོས་དག་ལ་དེ་བཞིན་སྐུར་སྣང་ཞིང་ ཅི་ལ་ཅི་འདུལ་བཞིན་དུ་ཆ་ལུགས་སྟོན ཐུགས་མཚན་སྣ་ཚོགས་མཚོན་ཆའི་ཆར་འབེབས་ཤིང་ རུ་ལུའི་སྔགས་ཀྱི་སྒྲ་སྒྲོག་འབྲུག་སྟོང་ལྡིར གཟི་བརྗིད་སྤྱན་ལྡོག་མེ་སྟག་ཚ་ཚ་འཕྲོ ཞལ་གདངས་མཆེ་གཙིགས་དུག་གསུམ་ཞལ་དུ་རྔུབ མངགས་པའི་ཕོ་ཉ་མགྱོགས་བྱེད་གློག་སྟོང་འགྱུར བདུད་རྩི་དམར་གྱི་ཨརྒྷཾ་རྒྱུན་གྱིས་མཆོད འཛབ་དབྱངས་སྔགས་ཀྱི་ཕྲིང་བས་རྒྱུད་བསྐུལ་ན འདུལ་ངོས་

(༩༥༠)བསྒྲལ་བའིཞིང་དུ་གྱུར་ཏོ་འཚལ བྱིན་རླབས་ཚམ་རྔམས་དྲག་པོས་རྔུལ་དུ་རློག དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུྃ ལོག་རྟོག་འཁོར་བ་རྔུལ་དུ་བརླག་སླད་དུ དུར་ཁྲོད་ཞིང་གི་དབྱུག་པ་ཕྱག་ན་བསྣམས སྲིད་གསུམ་དབང་མཛད་སྔོན་མོ་གཽ་རཱི་མབསིལ་བའི་ཚལ་གྱི་མ་མོའི་དུས་ལ་བབ ཧཱུྃ ལོག་རྟོག་ལས་ཀྱི་སྐྱོན་རྣམས་འབུག་སླད་དུ ཐབས་དང་ཤེས་རབ་ལྡན་པའི་མདའ་འཕེན་ཞིང་ དབྱིངས་དང་ཡེ་ཤེས་སྦྱོར་བའི་ཙོ་རཱི་མ ལི་ཡུལ་ཚལ་གྱི་མ་མོའི་དུས་ལ་བབ ཧཱུྃ འཁོར་བ་མཐའ་དག་ཐུགས་རྗེས་བསྒྲལ་སླད་དུ མི་ནུབ་ཅ་ཧུ་སྲིན་རྒྱལ་མཚན་ཕྱག་ན་བསྣམས སངས་རྒྱས་སྲིད་གཙོ་དམར་མོ་བྲ་མོ་ཧ བལ་ཡུལ་ཚལ་གྱི་མ་མོའི་དུས་ལ་བབ ཧཱུྃ ས་དགུའི་རྟོག་འཇོམས་རྡོ་རྗེ་རྩེ་དགུ་འཕྱར

(༩༥༡)འུཾ རུ་ཏྲ་སྒྲོལ་མཛད་ཡེ་ཤེས་དབྱིངས་ལ་སྦྱོར ནག་མོ་འཇིགས་ཚུལ་སྟོན་མཛད་བཻ་ཏ་ལཱི ཐོ་གར་ཚལ་གྱི་མ་མོའི་དུས་ལ་བབ ཧཱུྃ རྒྱུད་དྲུག་འཁོར་བ་གནས་ནས་དྲང་སླད་དུ དུར་ཁྲོད་ཞིང་གི་རྒྱུ་ཞགས་ཕྱག་ན་བསྣམས ཆོས་ཀྱི་དབྱིངས་སྦྱོར་དམར་སེར་པུཀྐ་སཱི ཟ་ཧོར་ཚལ་གྱི་མ་མོའི་དུས་ལ་བབ ཧཱུྃ ཡེ་ཤེས་ལྔ་དང་ལྡན་པའི་དུང་ཆེན་དུ དབང་ལྔའི་ཐོད་ཁྲག་ཡེ་ཤེས་རྡོ་རྗེས་དཀྲུགས ཐུགས་རྗེ་ཐབས་མཁས་སྔོ་ལྗང་གྷསྨ་རཱི ཨོ་རྒྱན་ཚལ་གྱི་མ་མོའི་དུས་ལ་བབ ཧཱུྃ ཞེ་སྡང་ཆེན་པོ་གཏན་ནས་འཇོམས་སླད་དུ་ ཞིང་མཆོག་ཙིཏྟ་དམར་བོ་ཚོམས་ཀྱིས་འདྲེན ང་རྒྱལ་སེར་སྣ་སྦྱོང་མཐིང་སྨ་ཤ་ནཱི སེངྒེའི་ཚལ་གྱི་མ་མོའི་དུས་ལ་བབཧཱུྃ་ལོག་རྟོག་སྐྱོན་རྣམས་སོ་སོར་བསྒྲལ་སླད་དུ ཐུགས་རྗེའི་ཐབས་ཀྱིས་མགོ་ལུས་སོ་སོར་འདྲལ ་སེར་སྐྱ་འཇིགས་པའི་ཚུལ་ཅན་ཙཎྜ་ལའིགླིང་དབུའི་ཚལ་གྱི་མ་མོའི་དུས་ལ་བབདགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལརྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིསེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་པ་ལསབྱུང་བའི་

(༩༥༢)ནད་གདོན་ཆག་ཆེ་ཉམ་ང་དངཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེནའཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དངབྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུནབཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུྃ ཐུགས་ལས་སྤྲུལ་པའི་ཁྲག་འཐུང་རིགས་ལྔ་དང་གནས་དང་ཡུལ་གྱི་མ་མོ་མཁའ་འགྲོའི་ཚོགས དབང་མོ་ཉེར་བརྒྱད་སྒོ་སྲུང་གདོང་ཅན་བཞི ཡང་དག་ཐུགས་ཀྱི་ལྷ་ཚོགས་དབྱིངས་ནས་བཞེངསདགྲ་བགེགསཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱད་ཕུར་རྦོད་གཏོང་གཏན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུྃ ལྷོ་ཕྱོགས་ཐོད་མཁར་ལྕགས་ཀྱི་ཕོ་བྲང་ནསམཉམ་ཉིད་ཡེ་ཤེས་རཏྣ་ཧེ་རུ་ཀང་རྒྱལ་འཇོམས་པའི་དཔའ་བོ་ཆེན་པོ་སྟེ འཇམ་དཔལ་སྐུ་ཡི་ལྷ་ཚོགས་དབྱིངས་ནས་བཞེངསདགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ

(༩༥༣)འུཾ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་པ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུཾ ཆོས་དབྱིངས་དྲག་པོ་ཨེ་ཡི་གཞལ་ཡས་ནས ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་གི་གདན ལྟོ་འཕྱེ་ཕྱོགས་སྐྱོང་མ་ཧེ་བརྫིས་པའི་ཁྲིཐབས་དང་ཤེས་རབ་ཉི་ཟླའི་གདན་སྟེང་ནས སྲོག་བདུད་ཚེ་བདག་ནག་པོ་སྐུ་བཞེངས་ཤིག ཧཱུཾདབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད གཡས་དཀར་ཀླུ་བརྒྱད་ཞལ་དུ་གསོལགཡོན་དམར་ཀླུ་འབུམ་གཉན་ཁྲི་གསོལ དབུས་ཞལ་མཐིང་ནག་རྔམས་པ་ཡིས སྐུ་དགྲར་གྱུར་པའི་ལས་ངན་དངས་བདག་ཀླུ་སྲིན་སྡེ་བརྒྱད་ཀྱི དབང་པོ་ལྔ་དང་ཙིཏྟ་གསོལ ཕྱག་དྲུག་མཚོན་ཆ་འབར་བ་ཡིས ཞེ་སྡང་ཀླུ་གཉན་ས་བདག་དངདགྲ་བགེགས་མགོ་ལུས་ཚལ་པར་གཤོགསསྐུ་ལ་དུར་ཁྲོད་རྒྱན་ཆས་དངཀླུ་ཆེན་བརྒྱད་ཀྱི་མཆོག་བཅད་ནས

(༩༥༤)དོ་ཤལ་སྙིང་གི་ཕྲེང་བས་བརྒྱནམཆེ་བ་དགུ་ཁྲི་རྩད་ཕུར་གཏམས སྤྱན་ནས་དུག་གི་ཚ་ཚ་འཕྲོདབུ་སྐྲ་དམར་སེར་བ་སྤུ་ལསགདུག་རྩུབ་དམར་ནག་མེ་ཆེན་འབརདམ་ཉམས་དགྲ་བོ་སྡིག་ཅན་དང་གདུག་པའི་ཀླུ་གཉན་ས་བདག་བསྲེགསགང་ལ་བྱ་བ་ཁྱོད་ཤེས་ཀྱིསདམིགས་པ་གང་ཡི་མངོན་དུ་སྒྲོལཆག་ཆེ་ཉམ་ང་བྱད་ཕུར་དང་རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོད གཡོན་གྱི་ཕྱོགས་ནས་ཡུམ་གཅིག་མ བདུད་མོ་གསོད་བྱེད་རྒྱལ་མདོག་མཐིང་ནག་འཇིགས་པ་ལ དབུ་ལ་སྦྲུལ་ནག་རལ་བས་གཏིབསཞལ་ནས་མི་རོ་རྟ་རོ་ཐུལསྤྱན་ནས་ཁྲག་འཛག་ཐུ་ལུ་ལུ ཤངས་ནས་རླུང་ནག་འཚུབས་མར་འཁྱིལ གཡས་པ་དགྲ་བོའི་སྙིང་ཕྱུང་འཁྱུང གཡོན་བ་དུང་དམར་སྙིང་ཁྲག་སྟོབདྲག་ཏུ་བསྐུལ་ཞིང་རྦད་ཙ་ནམ་མོའི་ཀི་ཀང་དགྲ་ལ་འདེབས མོ་གདོན་འབུམ་སྡེ་གཟིར་ཞིང་འཇོམས་དམིགས་པ་གང་ལ་བྱ་བ་ཁྱོད་ཤེས་ཀྱིསདམིགས་པ་གང་ཡིན་མྱུར་དུ་སྒྲོལཆག་ཆེ་ཉམ་ང་བྱད་ཕུར་དང་རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོད ཚེ་བདག་ཐུགས་ཀྱི་དཀྱིལ་འཁོར་ནས གསོད་བྱེད་ཡ་མ་རཱ་ཛ་ནིསྐུ་མདོག་སྨུག་ནག་འཇིགས་ཚུལ་ཅན

(༩༥༥)འཾུ རྔམ་ཞིང་དྲེགས་བའི་ཆ་བྱད་ཀྱི སྡེ་བརྒྱད་ཀུན་གྱི་སྦྱོར་བ་འཇོམས བསྐུལ་ཞིང་དྲག་ཏུ་རྦད་ཙ་ན་ས་བདག་ཀླུ་གཉན་གཟིར་ཞིང་གནོན གང་ལ་བྱ་བ་ཁྱོད་ཤེས་ཀྱིས དམིགས་པ་གང་ཡིན་མྱུར་དུ་སྒྲོལ ཆག་ཆེ་ཉམ་ང་བྱད་ཕུར་དང་ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོད ཡ་མའི་ཐུགས་ཀྱི་དཀྱིལ་འཁོར་ནས དྲེགས་པ་ཕྱག་ན་རྡོ་རྗེ་ནི ལྗང་ནག་ཕྲིན་ལས་སྣ་ཚོགས་སྟོན གང་ལ་བྱ་བ་ཁྱོད་ཤེས་ཀྱིས དམིགས་པ་གང་ཡིན་མྱུར་དུ་སྒྲོལ ཆག་ཆེ་ཉམ་ང་བྱད་ཕུར་དང་ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོད དྲེགས་པའི་ཐུགས་ཀྱི་དཀྱིལ་འཁོར་ནས རུས་སྦལ་རྔམ་པ་མི་ཟན་ནི ཆགས་སྡང་ལྔ་ཡི་རྩ་བ་གཅོད དཀོན་མཆོག་དབུ་འཕང་སྨད་བ་དང་ རྒྱལ་བའི་བཀའ་གཅོག་དམ་ལས་འགལ སྡང་བའི་དགྲ་དང་གནོད་པའི་བགེགས གཤེད་ཀྱི་གསང་མཛོད་རེ་བར་ཆུག་ ཚེ་བདག་ནག་པོའི་སྤྱི་གཙུག་ན བྱ་ཁྱུང་རྒྱལ་པོ་མཐུ་བོ་ཆེ འཁོར་ལོ་འབར་བའི་གཤོག་རྩེ་ཡིས ཉམས་པའི་མདོ་ལུས་ཚལ་པར་གཤོགས སྟག་དང་སེང་གེ་རྔམ་པ་དང་ ཞེ་སྡང་དུག་སྦྲུལ་ནག་པོ་གཉིས

(༩༥༦)ཁ་ནས་མེ་འབར་དུག་ལྔ་བསྲེགས དམིགས་པ་གང་ཡིན་མངོན་དུ་སྒྲོལ ཧེ་ལེ་ཁྱབ་པ་ཤར་གྱི་བདུད བདུད་མོ་མཁའ་འགྲོ་རལ་གཅིག་མ སོ་འདར་འཁྲིག་བ་ལྟོ་ཡི་བདུད བདུད་མོ་བྲག་འཐོར་མྱོས་བྱེད་མ ནག་པོ་འཛུམ་མེད་ནུབ་ཀྱི་བདུད བདུད་མོ་རྡོ་རྗེ་མཆེ་གཙིགས་མ། རལ་པ་སྤྱི་བཅིངས་བྱང་གི་བདུད། བདུད་མོ་ལས་ཀྱི་ཁྲོ་གཉེར་མ རྒྱ་མཚོ་ཆེན་པོའི་གཏིང་རུམ་དང་ ལྕགས་མཁར་སྒོ་མེད་འོབས་ནང་ན གཤིན་རྗེ་བྱེ་བ་དགུ་ཁྲི་བཞུགས དྲག་ཏུ་བསྐུལ་ཞིང་རྦད་ཙ་ན སྟོང་གསུམ་ཤ་ལ་རོལ་ཞིང་གསལ དགྲ་བོའི་ཤ་ལ་ད་རོལ་ཅིག སྟོང་ཁྲག་ལ་མྱོས་ཤིང་འཐུངས དགྲ་བོའི་ཁྲག་ལ་ད་རོལ་ཅིག དྲག་ཏུ་བསྐུལ་ཞིང་མཆིས་ཙ་ན གནམ་ས་རི་ཀླུང་ལྡོག་ཅིང་འོད རི་རབ་སྐོང་རྡོར་འཕེན་ཞིང་འོང་ དམ་ཉམས་དགྲ་ལ་ཟོར་ཐུན་རྒྱོབ དགྲོ་བོའི་ཁོང་ནས་ཙིཏྟ་ཕྱུངས སྟོང་གསུམ་ནད་ཀྱི་དྲ་བ་ཞུག དམ་ཉམས་དགྲ་ལ་རིམས་ནད་ཕོབ སྣང་སྲིང་བྷྱོ་བཟློག་མེ་ཡིས་སྲེགས ཆག་ཆེ་ཉམ་ང་བྱད་ཕུར་དང་ རྦོད་གཏོང་བཟློག་བའི་ཕྲིན་ལས་མཛོད ཧཱུཾནུབ་ཕྱོགས་ཟླ་གདམ་དབང་གི་དཀྱིལ་འཁོར་ནས སོར་རྟོགས་ཡེ་ཤེས་པདྨ་ཧེ་རུ་ཀའདོད་

(༩༥༧)འཾུ ཆགས་འཇོམས་པའི་དཔའ་བོ་ཆེན་པོ་སྟེ པདྨ་གསུང་གི་ལྷ་ཚོགས་དབྱིངས་ནས་བཞེངས དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་པ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་བོ་བརྒྱད་དང་བཅུ་དྲུག་དང་ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུཾ དམར་ནག་ཟླ་གམ་འབར་བའི་དཀྱིལ་འཁོར་ནས རྟ་མགྲིན་རྒྱལ་པ་དྲེགས་པ་འདུལ་བའི་ལྷ སྐུ་མདོག་དམར་པོ་མེ་དཔུང་འབར་བ་འདྲ འབར་བའི་ཕྱག་ན་གདུག་བའི་ཕྱག་མཚན་འཛིན གདུག་བྱེད་ཞབས་ཀྱིས་ཀླུ་ཚོགས་གདན་དུ་བཏིང་ ན་བཟའ་འབར་བ་སྐུ་ཡི་རྒྱན་དུ་སྟོན གླང་ཆེན་ཀོ་རློན་བརྗིད་བ་སྐུ་ཡི་ཆས ཞིང་ལྤགས་གཡང་གཞི་དག་པ་གསུང་གི་ཆས སྟག་ལྤགས་དཔའ་བར་འགྲོ་བ་ཐུགས་ཀྱི་ཆས གདུ་བུ་དཔུང་རྒྱན་སྦྲུལ་ནག་གཟིལ་གནོན་ཆས རྡོ་རྗེའི་གཤོག་པ་གདུག་པ་ཟིལ་གནོན་

(༩༥༨)ཆས བྱ་ཁྱུང་འབར་བས་ཀླུ་གཉན་སྒུམ་བུར་འཐུ མཆེ་གཙིགས་རྐན་སྒྲས་བདུད་དཔུང་ཟིལ་གྱིས་གནོན དབུ་གཙུག་རྟ་སྐད་ལྷང་ལྷང་འཚེར་བ་ཡིས ངན་སོང་གནས་སྟོང་ཡེ་ཤེས་དོན་ལ་བསྐུལ ཡེ་ཤེས་མ་མོ་མཁའ་འགྲོ་ཕོ་ཉར་འགྱེད ཁྲོ་ཆུང་འབར་བས་བ་སྤུའི་གཏམས མཆེ་བ་རྣོན་པོས་སྐྱེ་ཤི་རྩད་ནས་གཅོད སྤྱན་མིག་ལྡོག་པས་ཁམས་གསུམ་བྲན་དུ་བཀོལ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུཾདམུས་ལོང་སུམ་ཅུ་རྩ་གཉིས་ནི རིགས་ཀྱི་སངས་རྒྱས་ཀུན་ལ་བསྐོར། ཞིང་ཁམས་ཆེན་པོ་ཡོངས་སུ་སྐྱོང་ འབར་བའི་ལས་ཀུན་སྒྲུབ་པར་བྱེད དཔལ་གྱི་དགྱེས་པ་རབ་ཏུ་སྐོང་ མི་བཟད་འབར་བའི་སྐུ་ལུས་ནི ར་རི་གདོང་ལ་ཀེང་ཐོད་འཛིན རིག་པ་ཆོས་ཉིད་དང་དུ་ཤར འཕྲོ་

(༩༥༩)འཾུ འདུའི་དགོངས་པས་འགྲོ་དོན་མཛད གར་སྟབས་བྱེད་ཅིང་གདུག་རྩུབ་འཇོམས སྒྲ་མེད་ཁོང་ནས་འབྲུག་སྟོང་ལྡིར སྙན་མེད་ཡེ་ཤེས་ཁོང་ནས་གསལ མིག་མེད་ཡེ་ཤེས་ཁོང་ནས་བལྟ མངོན་ཤེས་བྱང་ཆུབ་དོན་དུ་གསལ སྣ་མེད་དྲི་ཡང་ཁོང་ནས་མྱོང་ ལྕེ་མེད་རོ་ནི་བདེ་བར་ལྡན ཧཱུཾ ཤར་ནས་ལོང་བ་བརྒྱད་དུ་བྱུང་ཆིབས་སུ་སྟག་གུ་རི་བཀྲ་ཆིབས གང་དུ་མངགས་པའི་ས་ཕྱོགས་དེར གཟའ་རྒོད་མིག་དམར་ཆར་དུ་འབེབས རྡོ་རྗེ་རིགས་ཀྱི་ཞིང་ཁམས་སྐྱོང་ ཧཱུཾ ལྷོ་ནས་ལོང་བ་བརྒྱད་དུ་བྱུང་ ཆིབས་སུ་གཟིག་མོ་ཐིག་ལེ་ཆིབས གང་དུ་མངགས་པའི་ས་ཕྱོགས་དེར སྐར་མདའ་མང་པོ་ཆར་དུ་འབེབས རིན་ཆེན་རིགས་ཀྱི་ཞིང་ཁམས་སྐྱོང་ ཧཱུཾ ནུབ་ནས་ལོང་བ་བརྒྱད་དུ་བྱུང་ ཆིབས་སུ་ཆུ་གླང་སྔོན་པོ་ཆིབས གང་དུ་མངགས་པའི་ས་ཕྱོགས་དེར ཐོག་ཆེན་བར་སྣང་ཐིག་ཏུ་འདྲེན པདྨ་རིགས་ཀྱི་ཞིང་ཁམས་སྐྱོང་ ཧཱུཾ བྱང་ནས་ལོང་བ་བརྒྱད་དུ་བྱུང་ ཆིབས་སུ་བྱ་རྒྱལ་ཁྱུང་ལ་ཆིབས གང་དུ་མངགས་པའི་ས་ཕྱོགས་དེར ལྕགས་ཀྱི་ཚྭ་ཚྭ་སྐར་ལྟར་འཁྲུགས ལས་ཀྱི་རིགས་

(༩༦༠)ཀྱི་ཞིང་ཁམས་སྐྱོང དམུས་ལོང་འཁར་བའི་དུས་ལ་བབ ཆག་ཆེ་ཉམ་ང་བྱད་ཕུར་དང་ རྦོད་གཏོང་བཟློག་པའི་ལས་མཛོད་ཅིག ཧཱུཾ སྲིད་གསུམ་གདུག་པ་བསྒྲལ་བའི་ཕྱིར དཔལ་གྱི་ཁྱི་བརྒྱད་ལས་ལ་ཁྱེ ཟས་སུ་གཙང་དམེ་མེད་པར་ཟ ཁྱད་པར་མཾ་ས་ཤ་ཆེན་ཞིམ སྒོམ་དུ་ཁ་མངར་མེད་པར་འཐུངས ཁྱད་པར་ཁྲག་དང་དྲི་ཆུས་དོམས བང་ནི་ངལ་དུབ་མེད་བར་རྒྱུག ཁྱད་པར་གསང་བའི་དཀྱིལ་འཁོར་སྐྱོང ཧཱུཾ ཤར་གྱི་ཕྱོགས་ནས་རྒྱུག་པའི་ཁྱི དྲི་ཟ་འདུལ་ཕྱིར་འབྲུག་སྒྲ་ལྡིར འབྲུག་སྒྲ་ལྡིར་ཞིང་ལྷ་ཆེན་འདུལ ལྷོ་ཡི་ཕྱོགས་ནས་རྒྱུག་པའི་ཁྱི གློག་དམར་ལྡིངས་ཤིང་གཤེན་རྗེ་གནོན གཤིན་རྗེའི་རྒྱལ་མོའི་ཤ་ཟ་མོ ནུབ་ཀྱི་ཕྱོགས་ནས་རྒྱུག་པའི་ཁྱི རྡོ་རྗེ་ཁྱུང་འབྲུག་ཀླུ་གདོན་འདུལ ཀླུ་ཕྲུག་སྟོང་གི་སྙིང་འབྱིན་པོ བྱང་གི་ཕྱོགས་ནས་རྒྱུག་པའི་ཁྱི གནོད་སྦྱིན་རྒལ་ཚིགས་དྲ་བ་འཇོམས གནོད་སྦྱིན་སྟོང་གི་སྙིང་འབྱིན་པོ ཤར་ལྷོ་མཚམས་ནས་རྒྱུག་པའི་ཁྱི དྲང་སྲོང་མེ་ལྷ་དབུང་སྤྲིན་ཅིང་ མེ་ལྷའི་གདོན་གྱི་སྙིང་འབྱིན་མ ལྷོ་ནུབ་མཚམས་ནས་རྒྱུག་པའི་ཁྱི སྲིན་པོའི་ཐོད་རུས་ཟས་སུ་ཟ སྲིན་མོའི་ཁྲག་འཐུང་དབང་མོ་ཆེནུབ་

(༩༦༡)འུཾ བྱང་མཚམས་ནས་རྒྱུག་པའི་ཁྱི རླུང་ལྷའི་གདོན་གྱི་བ་དན་གཅོད རླུང་ལྷ་སྟོང་གི་སྙིང་འབྱིན་མ བྱང་ཤར་མཚམས་ནས་རྒྱུག་པའི་ཁྱི ཉི་ཟླ་གཟའ་སྐར་ཁ་རཾ་ཁཱ དབང་ལྡན་སྟོང་གི་སྙིང་འབྱིན་མོ ཀུན་ཀྱང་མི་བཟད་ཅི་འདྲ་ན རལ་པ་སེར་སྤྲིན་འཁྲིགས་པ་འདྲ མིག་ནས་ཁྲག་འཛག་ཐུ་ལུ་ལུ སྣ་ནས་འཐོར་རླུང་བུ་ཡུག་འཚུབས སྙན་ཆ་ཨ་ལོང་ཁྲ་ལ་ལ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུའི གདུག་པའི་དགྲ་བགེགས་རྡུལ་དུ་རློག ཆག་ཆེ་ཉམ་ང་བྱེད་ཕུར་དང་ རྦོད་གཏོང་བཟློག་པའི་ལས་མཛོད་ཅིག ཧཱུྃ ཡེ་ཤེས་རྟགས་ཀྱི་ཕོ་ཉ་མོ འབར་བ་ཐུགས་ཀྱི་དཀྱིལ་འཁོར་ནས སྤྱང་མོ་མི་བཟད་རྔམ་སྟབས་ཅན སྐུ་ནི་སྤྱང་མོ་འབར་བ་ལ རལ་པ་སྔོན་པོ་སི་ལི་ལི བ་སྤུ་རྩང་ཕུར་ཏ་ལ་ལ འཇུག་མ་ལྕགས་ཀྱི་སོག་ལེ་འདྲ མཆི་མ་ཁྲག་ཏུ་འཐིགས་པ་ལས སྤྱང་མོ་རྔམས་པ་བརྒྱད་བྱུང་སྟེ དྲག་པོའི་ང་རོ་སྒྲོགས་པ་ཡིས སངས་རྒྱས་རྣམས་ཀྱི་ཐུགས་དམ་བསྐུལ འགྲོ་བ་ཀུན་ལ་སྙན་པར་སྒྲོགས ངན་སོང་གནས་རྣམས་འཇོམས་པར་བྱེད སྲིད་པའི་རོལ་རྣམས་གཤོལ་

(༩༦༢)བས་གཤའ དཔལ་གྱི་ཞིང་ཁམས་ཆེན་པོ་སྐྱོང་ སངས་རྒྱས་རྣམས་ཀྱི་ཐུགས་དམ་སྐོང་ ཏ་ན་ག་ནའི་ཕྲིན་ལས་བྱེད སྐྱེ་ཤི་མེད་པའི་ལས་ལ་སྦྱོར འཆིང་གྲོལ་མེད་པའི་འབྲས་བུ་འགྲུབ ཤར་གྱི་ཕྱོགས་སུ་རྒྱུག་པའི་ཚེ དྲི་ཟའི་གྲོང་ཁྱེར་གཏན་ནས་འཇོམས ལྷོ་ཡི་ཕྱོགས་སུ་རྒྱུག་པའི་ཚེ གཤིན་རྗེའི་སྲོག་ཀྱང་འཕྲོག་པར་བྱེད ནུབ་ཀྱི་ཕྱོགས་སུ་རྒྱུག་པའི་ཚེ ཀླུ་དབང་གདོན་རྣམས་གཏན་ནས་རློག བྱང་གི་ཕྱོགས་སུ་རྒྱུག་པའི་ཚེ གནོད་སྦྱིན་མ་རུངས་གདུག་རྩུབ་འཇོམས ཤར་ལྷོ་མཚམས་སུ་རྒྱུག་པའི་ཚེ དྲང་སྲོང་མི་ལྷ་གནས་སུ་སྒྲོལ ལྷོ་ནུབ་མཚམས་སུ་རྒྱུག་པའི་ཚེ སྲིན་པོའི་གདོན་རྣམས་ཚར་གཅོད་འཇོམས ནུབ་བྱང་མཚམས་སུ་རྒྱུག་པའི་ཚེ རླུང་ལྷའི་གདོན་རྣམས་ཉལ་ཐག་གཅོད བྱང་ཤར་མཚམས་སུ་རྒྱུག་པའི་ཚེ དབང་ལྡན་འབྱུང་པོ་ཚུལ་བཞིན་སྒྲོལ ཡེ་ཤེས་སྤྱང་བརྒྱད་དུས་ལ་བབ ཆགས་ཆེ་ཉམ་ང་བྱད་ཕུར་དང་ སྦོད་གཏོང་བཟློག་པའི་ལས་མཛོད་ཅིག ཧཱུྃ བྱ་ཡི་བརྟུལ་ཞུགས་ཆེན་པོ་ནི རྡོ་རྗེའི་གཤོག་པ་གདངས་པ་ཡིས ཁམས་གསུམ་མ་ལུས་ཟིལ་གྱིས་གནོན རྡོ་རྗེའི་སྡེར་མོ་བཙུམས་པ་ཡིས

(༩༦༣)འུཾ སྲིད་གསུམ་མ་ལུས་ཟས་སུ་རྔམས གཙན་གྱི་མཆོག་སྟེ་ཀླུ་རྣམས་ཟ དེ་ཕྱིར་ཁྱུང་ཆེན་གཟན་ལ་རོལ རྒྱུད་དྲུག་ཅིག་ཅར་ཁྱུར་མིད་བྱེད གནམ་རུ་སྟོད་པའི་བྱིན་རླབས་ལས ཁ་དོག་ལྔ་ལྡན་ཁྱུང་གི་ཚོགས ལ་ལ་འཇོལ་ཞིང་ལ་ལ་ལྡིང་ ལ་ལ་འབབ་ཅིང་ལ་ལ་རོལ ཤ་ཆེན་ལ་སོགས་བཞེས་ནས་ཀྱང་ ཆག་ཆེ་ཉམ་ང་བྱང་ཕུར་དང་ རྦོད་གཏོང་བཟློག་པའི་ལས་མཛོད་ཅིག ཧཱུྃ སྒོ་བཞིར་ཡེ་ཤེས་འབར་བའི་ཚོགས གཞལ་ཡས་དབང་གི་ཤར་སྒོ་ནས པདྨ་ཞིང་ཆུང་གདན་སྟེང་ན ཁྲོ་བོ་མགོ་དགུ་རྐང་གཅིག་པ གཡས་གཡོན་ལྕགས་ཀྱུ་དགྲ་སྟ་བསྣམས ཤར་ནས་ཞི་བའི་ལས་མཛོད་ཅིག གཞལ་ཡས་དབང་གི་ལྷོ་སྒོ་ནས པདྨ་ཞིང་ཆུང་གདན་སྟེང་ན ཁྲོ་བོ་མགོ་བདུན་རྐང་གཅིག་པ གཡས་པ་ཞགས་པ་གཡོན་པ་མདའ རྒྱས་པའི་ཕྲིན་ལས་གྲུབ་པར་མཛོད གཞལ་ཡས་དབང་གི་ནུབ་སྒོ་ནས པདྨ་ཞིང་ཆུང་གདན་སྟེང་ན ཁྲོ་བོ་མགོ་ལྔ་རྐང་གཅིག་པ གཡས་པ་ལྕགས་སྒྲོག་གཡོན་རང་རྟགས དབང་གི་ཕྲིན་ལས་གྲུབ་པར་མཛོད གཞལ་ཡས་དབང་གི་བྱང་སྒོ་ནས པདྨ་ཞིང་ཆུང་གདན་སྟེང་

(༩༦༤)ན ཁྲོ་བོ་མགོ་གསུམ་རྐང་གཅིག་པ གཡས་པ་དྲིལ་བུ་གཡོན་ཐོབ་བ དྲག་པོའི་ཕྲིན་ལས་གྲུབ་པར་མཛོད ཧཱུྃ བྱང་ཕྱོགས་ལྗང་ནག་གྲུ་གསུམ་དཀྱིལ་འཁོར་ནས བྱ་གྲུབ་ཡེ་ཤེས་ཀརྨ་ཧེ་རུ་ཀ ཕྲག་དོག་འཇོམས་པའི་དཔའ་བོ་ཆེན་པོ་སྟེ ཕུར་པ་ཕྲིན་ལས་ལྷ་ཚོགས་དབྱིངས་ནས་བཞེངས དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནད་གདོན་ཆག་ཆ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱང་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུྃ རྣམ་ཐར་སྒོ་གསུམ་ཐུགས་ཀྱི་དཀྱིལ་འཁོར་ནས ཕྲིན་ལས་དྲག་པོའི་རོལ་པ་ཅིར་ཡང་སྣང་ སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་ དགོད་དང་གཤེ་དང་འཇིགས་པར་སྟོན་པ་དང་ སྙིང་རྗེ་རྔམ་ཞི་རྡོ་རྗེ་གཞོན་ནུའི་ལྷ བདུད་བཞིའི་སྟན་ལ་འགྱིང་བས་དཔའ་བའི་ཉམས དུར་ཁྲོད་ཆས་བརྒྱད་ལྡན་པས་ཤིན་ཏུ་སྒེག སྐུ་ཆེ་ཡན་ལག་རགས་པས་འཇིགས་སུ་རུང་ གཡས་ཞལ་

(༩༦༥)འཾུ དཀར་ལ་རྔམ་པ་ཧ་ཧར་དགོད གཡོན་ཞལ་དཔར་ལ་གདངས་པ་དགྲ་ལ་གཤེ དབུས་ཞལ་མཐིང་ལ་རྔམ་པས་ལོག་འདྲེན་ཟ རྡོ་རྗེ་ཁྲོས་པའི་ཐུགས་ནི་ཞེ་སྡང་གཅོད རྒྱུད་དྲུག་སྙིང་རྗེས་འདུལ་བས་ཤིན་ཏུ་ཞི གར་དགུས་གདུག་པ་འདུལ་ཕྱིར་དབྱིངས་ནས་བཞེངས བདེ་བའི་སྐུ་ལ་ཆོས་ཉིད་བསྐྱེད་པའི་ཡུམ འཁོར་ལོ་རྒྱས་འདེབས་སྲིད་པའི་འདོད་ཆགས་འཇོམས ཞེ་སྡང་ཚུལ་གྱིས་རུ་ཏྲ་ཚར་གཅོད་པའི སྒྲོལ་ཡུམ་ཨེ་ཀ་ཙ་ཏིའི་དུས་ལ་བབས དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱང་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུྃ བདེ་སྟོང་གཉིས་མེད་སྦྱོར་བའི་མཁའ་ཀློང་ལས རྟོག་ཚོགས་སྤྲུལ་པར་ཤར་བའི་སྲས་མཆོག་ནི རྡོ་རྗེ་རིན་ཆེན་པདྨ་དེ་བཞིན་གཤེགས ལས་ཀྱི་

(༩༦༦)རིགས་ཆེན་དཀྱིལ་འཁོར་ཡོངས་རྫོགས་བདག སྲིད་པ་རྡོ་རྗེ་ཕུར་བུར་སྒྲུབ་པའི་དབྱིབས ཟུར་གསུམ་དཔལ་གྱིས་དུག་གསུམ་རྩ་བ་གཅོད སྦལ་སྦྲུལ་སྡོམ་སྡིག་མང་པོ་ཀླུ་གཤེག་འབེབས འགྲོ་བརྒྱུད་ལྔའི་རྟོག་པ་དབྱིངས་སུ་གཅོད དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི་སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་པ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་

(༩༦༧)འུཾ བ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱང་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུྃ སྟེང་གི་ཕྱོགས་ནས་ཚངས་པ་འདུལ་བའི་ལྷ ཡེ་ཤེས་ལྔ་ལྡན་ཁྲོ་རྒྱལ་ཧཱུྃ་ཀཱ་ར བྲག་ཅ་ལྟ་བུའི་སྒྲ་འབྱིན་ཡུམ་ངད་རོལ མ་རིག་ཐ་རྒོད་སློག་པའི་ཕག་གི་མགོ འཁོར་བའི་འདམ་རྫབ་སྐེམ་བྱེད་སྨིག་བུའི་གདོང་ སྟེང་ཕྱོགས་ལྷ་གདོན་འདུལ་བའི་དུས་ལ་བབ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱིས སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་པ་ལས བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུྃ ཤར་གྱི་ཕྱོགས་ནས་དྲི་ཟ་འདུལ་བའི་ལྷ འོད་གསལ་བདུད་འཇིགས་ཁྲོམ་བོ་རྣམ་པར་རྒྱལ སྣང་བྱེད་ཆེན་མོ་རྡོ་རྗེ་སྙེམས་མ་འཁྲིལ སྣང་བ་དབང་སྒྱུར་ཕྲ་མེན་སྟག་མགོ་ཅན ཐོགས་མེད་ནམ་མཁའ་ལྟ་བུའི་བྱ་རྒོད་གདོང་ ཤར་

(༩༦༨)གྱི་གདོན་ཚོགས་འདུལ་བའི་དུས་ལ་བབ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་པ་ལས བྱུང་བའི་ནང་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱང་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུྃ ཤར་ལྷོ་མཚམས་ནས་མེ་ལྷ་འདུལ་བའི་ལྷ ལོག་རྟོག་འཇོམས་བྱེད་དབྱུག་པ་སྔོན་པོ་སྟེ གཉིས་མེད་ཟུང་འཇུག་རྡོ་རྗེ་སྡེར་མོས་འཁྲིལ རྣམ་པར་མི་རྟོག་ཕྲ་མེན་གཡག་མགོ་ཅན ཆོས་དབྱིངས་རྣམ་དག་ཕྱག་བརྙན་བྱ་རོག་གདོང་ ཤར་ལྷོའི་གདོན་ཚོགས་འདུལ་བའི་དུས་ལ་བབ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་པ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན

(༩༦༩)འུཾ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུྃ་ལྷོ་ཡི་ཕྱོགས་ནས་ཡི་དྭགས་འདུལ་བའི་ལྷ གཟུང་འཛིན་གཉིས་མེད་ཁྲོ་རྒྱལ་གཤིན་རྗེ་གཤེད མཁའ་དབྱིངས་རྣམ་དག་དུར་ཁྲོད་བདག་མོ་འཁྲིལ སྐྱེ་འགག་གཉིས་མེད་ཕྲ་མེན་ཤ་བའི་མགོ མི་ཤེས་མུན་པ་ལ་གཟིགས་འུག་པའི་གདོང་ ལྷོ་ཡི་གདོན་ཚོགས་འདུལ་བའི་དུས་ལ་བབ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱུད་དང་བཅུ་དྲུག་དང་༔ བྱང་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུྃ ལྷོ་ནུབ་མཚམས་ནས་བདེན་བྲལ་འདུལ་བའི་ལྷ རྡོ་རྗེ་ལྟ་བུར་བརྟན་པའི་མི་གཡོ་བ ཐབས་ཤེས་ཟུང་འཇུག་གཏུན་ཁུང་ཡུམ་དང་འཁྲིལ ཐིག་ལེ་ཉག་གཅིག་ཕྲ་མེན་གཟིག་གི་མགོ སྡུག་བསྔལ་མཚང་བརྟོལ་གསོད་བྱེད་ཁ་ཏྭའི་གདོང་ ལྷོ་ནུབ་གདོན་ཚོགས་འདུལ་བའི་

(༩༧༠)དུས་ལ་བབ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནང་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱང་ཕུར་རྦོད་གཏིང་ཐན་ལྟས་ངན་པ་ཀུན བཟློག་འཁྲིལ རྩོལ་སྒྲུབ་ཟིལ་གནོན་ཕྲ་མེན་བྱི་ལའི་མགོ འཇབ་འཕུར་ཐབས་ཤེས་འབྲེལ་བའི་བུ་ཤུད་གདོང་ ནུབ་ཀྱི་གདོན་ཚོགས་འདུལ་བའི་དུས་ལ་བབ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱང་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་

(༩༧༡)འུཾ དུ་གསོལ ཧཱུྃ ནུབ་བྱང་མཚམས་ནས་རླུང་ལྷ་འདུལ་བའི་ལྷ ཉོན་མོངས་ཉེ་བའི་ཉོན་མོངས་གཞན་ལས་རྒྱལ མཚན་མའི་རྣམ་རྟོག་འབིགས་བྱེད་མདའ་སྙེམས་འཁྲིལ སྦྱོར་སྒྲོལ་དབྱིངས་སུ་དག་པའི་སྤྱང་ཀི་དང་ ཡང་དག་ཉིད་ལྟ་གསོད་བྱེད་ཁྲ་ཡི་གདོང་ ནུབ་བྱང་གདོན་ཚོགས་འདུལ་བའི་དུས་ལ་བབ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནང་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུྃ བྱང་གི་ཕྱོགས་ནས་གནོད་སྦྱིན་འདུལ་བའི་ལྷ བདེ་བ་ཆེན་པོ་བདུད་རྩི་དབྱིངས་སུ་འཁྱིལ གཅིག་དང་དུ་བྲལ་རླུང་འབྱིན་ཡུམ་དང་འཁྲིལ ཞེ་སྡང་སྐྱོན་གྱིས་མི་འཇིགས་སེང་གེའི་མགོ དུག་གསུམ་མཐའ་ལ་མི་གནས་ཕ་ཝང་གདོང་ བྱང་གི་གདོན་ཚོགས་འདུལ་བའི་དུས་ལ་བབ དགྲ་བགེགས་ཤ་ཁྲག་གཏོར་

(༩༧༢)མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནད་གདོན་ཆགས་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱང་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུྃ བྱང་ཤར་མཚམས་ནས་དབང་ལྡན་འདུལ་བའི་ལྷ དུས་གསུམ་ཁམས་གསུམ་ཀུན་ལས་རྣམ་པར་རྒྱལ གཟུང་འཛིན་གཉིས་རྟོགས་གསོད་བྱེད་ཡུམ་དང་འཁྲོལ ཕྲ་མན་སྤྱོད་པ་བརླང་པོ་དོམ་གྱི་མགོ གང་དུ་མི་གནས་དུག་གཤོག་སྲེ་མོང་གདོང་ བྱང་ཤར་གདོན་ཚོགས་འདུལ་བའི་དུས་ལ་བབ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱང་བའི་ནད་གདོན་ཆ་ག་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུྃ འོག་

(༩༧༣)འུཾ གི་ཕྱོགས་ནས་ས་བདག་འདུལ་བའི་ལྷ དོན་དམ་བདེན་པ་ལ་གནས་སྟོབས་པོ་ཆེ མཁའ་དབྱིངས་ཀློང་དུ་བསྐྱོང་བྱེད་ཡུམ་དང་འཁྲིལ མཐའ་ལ་མི་གནས་ཡི་ཤེས་ཐོགས་མེད་དྲེད ཆོམ་རྐུན་ཡས་ཀྱི་གཤོག་ཅན་བྱི་བའི་གདོང་ འོག་ཕྱོགས་གདོན་ཚོགས་འདུལ་བའི་དུས་ལ་བབ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱང་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཛ རྟོགས་པས་སྣང་བ་དབང་སྡུད་ལྕགས་ཀྱུ་མ བྱམས་པ་ཆེན་པོས་དགྲ་བགེགས་གནད་ནས་འགུགས བསོད་ནམས་ཡེ་ཤེས་ཚོགས་ལྡན་པུ་ཤུད་མགོས ཡུལ་ལ་མངོན་པར་རྟོག་པ་དགུག་ཏུ་གསོལ ཧཱུྃ་སྟོང་པ་བཅོ་བརྒྱད་ལྡན་པའི་ཞགས་པ་མ སྙིང་རྗེ་ཆེན་པོས་ལོག་འདྲེན་རྣམ་ཤེས་འཆིང་ རྟོག་མེད་དོན་ལ་

(༩༧༤)སྦྱོར་བ་སྐྱེ་ཀའི་མགོས ཆགས་སྡང་ཉོན་མོངས་དགྲ་སྡེ་འཆིང་དུ་གསོལ བཾ་ཡོད་མེད་རྟག་ཆད་སྤངས་པའི་ལྕགས་སྒྲོག་མ དགའ་བ་ཆེན་པོས་ཤེས་སྒྲིབ་དབྱིངས་སུ་སྡོམས ཆོས་ཉིད་མངོན་སུམ་མཐོང་བ་སྲིན་བྱའི་མགོས གཟུང་འཛིན་ཡེ་ཤེས་དབྱིངས་སུ་སྡོམ་དུ་གསོལ ཧོ ཤེས་རབ་ཕ་རོལ་ཕྱིན་མཛད་དྲིལ་བུ་མ བཏང་སྙོམས་ཆེན་པོས་གྲགས་སྟོང་ཆོས་སྐུར་སྦྱོངས སྒོམ་པའི་ལམ་ལས་མི་ལྡོག་ཁྲ་ཡི་མགོས འགྱུར་མེད་ཆོས་སྐུའི་དབྱིངས་ལ་མྱོས་པར་གསོལ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུྃ དཔལ་གྱི་ཕུར་སྲུང་དུས་ལ་བབ ལྕགས་ཀྱི་སྦྱང་མོ་མགོ་དགུ་ནི ཕྱོགས་བཞིར་རྒྱུག་ཅིང་ཆོ་དེ་འདོན རྟག་ཏུ་ཤ་དང་ཁྲག་ལ་རྔམས ནང་ནུབ་སེམས་

(༩༧༥)འུཾ ཅན་འབུམ་འབུམ་ཟ གང་དུ་མནོས་སར་ཡུད་ཀྱིས་སླེབས དེ་འདྲའི་ལྕགས་ཀྱི་སྦྱང་མོ་ལ ལྕགས་ཀྱི་ཤྭ་ན་མུ་ཁ་ཞོན ཤར་ལྷོ་ནུབ་བྱང་ཀུན་ཏུ་རྒྱུག དྲི་ཟག་ཤིན་རྗེ་ཀླུ་དབང་དང་ གནོད་སྦྱིན་འཁོར་བཅས་ཉལ་ཐག་གཅོད མཚམས་བཞི་སྟེང་འོག་རྒྱུག་ཙ་ན སོ་སོའི་དམག་དཔུང་དབང་དུ་བྱེད བསྟན་པ་འཇིག་པའི་དགྲ་བོ་དང་ ཀུན་ལ་འཚེ་བའི་གདོན་ཚོགས་ཀྱི སྲོག་དབུགས་ཟ་བའི་དུས་ལ་བབ ཆག་ཆེ་ཉམ་ང་བྱད་ཕུར་དང་ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོད ཧཱུྃ དཔལ་ཆེན་ཕུར་པའི་སྲུང་མ་ནི ལྕགས་ཀྱི་ཁྱི་མོ་རྐང་གསུམ་མ མགྱོགས་པའི་བང་གིས་སྟོང་གསུམ་བསྐོར རླུང་གི་ཤུགས་ཀྱིས་ཐམས་ཅད་གནོན རྫུ་འཕྲུལ་རི་རབ་ཐལ་བར་རློག དེ་འདྲའི་ལྕགས་ཀྱི་ཁྱི་མོ་ལ ལྕགས་ཀྱི་ཤ་ན་མུ་ཁ་ཞོན དབུ་ལ་གཡག་མགོ་ཐོད་དུ་བཅིངས རྫི་རྣོ་སྲིད་གསུམ་ཀུན་ལ་གཟིགས སུམ་ཅུ་རྩ་གསུམ་དབང་དུ་སྡུད ཕྱོགས་བཞིའི་རྒྱལ་ཆེན་བྲན་དུ་ཁོལ བསྟན་པ་བཤིག་པའི་དགྲ་བོ་དང་ ལྷ་ཀླུ་གནོད་སྦྱིན་དྲི་ཟའི་གདོན གང་ལ་དམིགས་པ་ཁྱོད་ཤེས་ཀྱིས མྱུར་དུ་གསོད་པའི་

(༩༧༦)དུས་ལ་བབ ཆག་ཆེ་ཉམ་ང་བྱང་ཕུར་དང་ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོད ཧཱུྃ དཔལ་ཆེན་ཕུར་བའི་སྲུང་མ་ནི ཟངས་ཀྱི་ཝ་མོ་རྐང་གསུམ་མ ཉི་མ་ཟླ་བ་དབང་དུ་སྡུད སྲིན་པོའི་དོན་སྙིང་སྦར་གྱིས་འདེབས དེ་འདྲའི་ཟངས་ཀྱི་ཝ་མོ་ལ ཟངས་ཀྱི་སྲི་ལ་མུ་ཁ་ཞོན སྐུ་ནི་ཟངས་ཞུན་མེ་སྟག་འཕྲོ འཇོལ་བར་དམར་ནག་ལྷབ་ལྷུབ་གཡོ དུར་ཁྲོད་ཀུན་ཏུ་རྒྱུག་ཅིང་བརྒྱལ དགྲ་བོའི་ཤ་དང་ཁྲག་ལ་རྔམས བགེགས་རྣམས་དུས་མ་ཡིན་པར་གསོད ཐུན་དམར་འབེབས་ཤིང་དལ་ཡམས་གཏོང་ ཁྱོད་ཀྱིས་མི་སྒྲོལ་ཅི་ཡང་མེད སྒྲོལ་བྱེད་ཆེན་མོའི་དུས་ལ་བབ ཆག་ཆེ་ཉམ་ང་བྱང་ཕུར་དང་ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོད ཧཱུྃ དཔལ་ཆེན་ཕུར་བའི་སྲུང་མ་ནི གསེར་གྱི་འཕར་བ་ལྕེ་བརྒྱད་དེ ཕྱོགས་མཚམས་བརྒྱད་དུ་བརྐྱངས་པའི་ལྕེ རྡོ་རྗེ་རིན་ཆེན་པདྨ་དང་ རྒྱ་གྲམ་མེ་དང་རལ་གྲི་དང་ མདའ་མདུང་དགྲ་བོ་མཚོན་གྱི་ལྕེས ཕྱོགས་མཚམས་གདོན་ཚོགས་ཟིལ་གྱིས་གནོན དེ་འདྲའི་གསེར་གྱི་འཕར་བ་ལ གསེར་གྱི་སྲི་ལ་མུ་ཁ་ཞོན ཤར་ལྷོ་ནུབ་བྱང་ཁུས་བཏབ་ནས སྲིད་གསུམ་སྲོག་མ་དུ་ཞིང་ཟུག དམ་ཉམ་

(༩༧༧)འུཾ དགྲ་བོ་ལས་ངན་གྱི ནང་ཁྲོལ་འབྱིན་པའི་དུས་ལ་བབ བཞི་ཀའང་སྤྲུལ་པ་ཡང་སྤྲུལ་དང་ ཉིང་སྤྲུལ་རང་རང་གཟུགས་ཅན་འགྱེད སྟོང་གསུམ་འགེངས་ཤིང་དམིགས་པ་སྒྲོལ ལག་པ་གཡས་ན་ཕུར་པ་དང་ གཡོན་པ་ལྕགས་ཀྱུས་དགྲ་སྙིང་འབྱིན རོལ་དུ་ཁྱི་སྤྱང་འཕར་བ་ཁྲིད ཉམས་པ་གང་ཡིན་སྙིང་རྩ་ཆོད ཆག་ཆེ་ཉམ་ང་བྱད་ཕུར་དང་ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོད ཧཱུྃ རང་རྒྱུད་ཅན་དུ་སྟོན་པའི་ཚེ ས་བདག་ཆེན་མོ་བཞི་རུ་སྟོན དེ་བྱིན་གཟའ་ཡི་བུ་མོ་ནི སྐུ་མདོག་སེར་ནག་བེར་ནག་གསོལ རལ་པ་ཉིལ་ཞིང་གཟའ་རྣམས་སྡུད གཟའ་འདུལ་ཀི་ཀང་ཟིལ་གྱིས་གནོན ཆིབས་སུ་གཟའ་རྟ་ཞུར་པོ་ཆིབས གཟའ་རྒོད་འདུལ་བའི་དུས་ལ་བབ ཆག་ཆེ་ཉམ་ང་བྱད་ཕུར་དང་ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོད ཧཱུྃ བསེ་བྱིན་བཙན་གྱི་བུ་མོ་ནི ཆིབས་སུ་བཙན་རྟ་དམར་པོ་ཆིབས དམར་ནག་བེར་ཆེན་སྐུ་ལ་གསོལ བཙན་རྣམས་དབང་སྡུད་ཟིལ་གྱིས་གནོན སྙན་ཆ་རིན་ཆེན་གསེར་དུ་འཁྲོལ བ་སྤུ་ལྕགས་ཀྱུ་ལྟར་འཛིངས་བས ཉམས་པ་བཟུང་ནས་འཆོར་མི་

(༩༧༨)སྲིད བཙན་རྣམས་འདུལ་བའི་དུས་ལ་བབ ཆག་ཆེ་ཉམ་ང་བྱད་ཕུར་དང་ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོད ཧཱུྃ ཡ་བྱིན་བདུད་ཀྱི་བུ་མོ་ནི མཐིང་ནག་བདུད་རྟ་སྔོན་པོ་ཆིབས རང་མདོག་སེར་ཆེན་སྐུ་ལ་གསོལ རལ་པ་ཕུར་བའི་ལན་ཚར་ཅན གཡས་ན་གྲི་ཐོགས་དམ་ཉམས་བཤའ གཡོན་པས་མི་སྙིང་རྩེ་ནས་ཟ ཤན་པ་ཆེན་མོའི་དུས་ལ་བབ བདུད་ཀྱི་སྡེ་ཚོགས་ཆམ་ལ་ཕོབ ཆག་ཆ་ཉམ་ང་བྱད་ཕུར་དང་ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོད ཧཱུྃ ཕག་བྱིན་ཀླུ་ཡི་བུ་མོ་ལྗང་ ཀླུ་རྟ་རང་མདོག་ཆིབས་སུ་བཅིངས ལྗང་ནག་བེར་དང་རལ་པས་བརྒྱན བ་སྤུ་འཛིངས་ཤིང་ཅོད་པཎ་འཕུར ཀླུ་རྣམས་དབང་སྡུད་ཟིལ་གྱིས་གནོན གསུམ་ཀའང་ཕུར་པ་ལྕགས་ཀྱུ་བསྣམས རང་རང་རིགས་ཀྱི་གདོན་ཚོགས་འདུལ དམ་ཉམས་སྒྲོལ་བའི་དུས་ལ་བབ ཆག་ཆེ་ཉམ་ང་བྱད་ཕུར་དང་ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོད། ཧཱུྃ བདག་ཉིད་ཆེན་མོ་རེ་མ་ཏི ཆིབས་སུ་བྱ་རྒྱལ་ཁྱུང་ལ་ཆིབས ཞལ་གདངས་མཆེ་གཙིགས་གདུག་བསྒྲོལ ཁྱུང་ལ་མངའ་མཛད་སྤྲུལ་ང་འགྱེད སྲིད་པ་གསུམ་ཡང་སྡེར་མོས་གནོན

(༩༧༩)འུཾ མ་རུངས་འབྱུང་པོ་ཐལ་བར་རློག ཆག་ཆེ་ཉམ་ང་བྱད་ཕུར་དང་ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོད ཧཱུྃ བདག་ཉིད་ཆེན་མོ་རེ་མ་ཛ ཆིབས་སུ་ཤ་བ་ཡུ་མོ་ཆིབས ཞིང་ལྤགས་རློན་པའི་གཡང་གཞི་གསོལ གདུག་པ་རྩད་གཅོད་སྲིན་མོའི་ཆས སྤྲུལ་པ་རླུང་ནག་འཚུབས་མ་འགྱེད དམ་ཉམས་བསྒྲལ་བའི་དུས་ལ་བབ ཆག་ཆེ་ཉམ་ང་བྱད་ཕུར་དང་ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོད ཧཱུྃ བདག་ཉིད་ཆེན་མོ་རེ་མ་ཛུ ཆིབས་སུ་ཆུ་གླང་སྔོན་པོ་ཆིབས ནད་དོ་ཅོག་གི་སྣ་འདྲེན་ཅིང་ འབྱུང་པོ་ཐམས་ཅད་ཟིལ་གྱིས་གནོན ཉི་མ་ཟླ་བ་དབང་དུ་སྤུད ཁ་རླངས་ཐམས་ཅད་ནད་དུ་འབར དགྲ་བགེགས་སྒྲོལ་བའི་དུས་ལ་བབ ཆག་ཆེ་ཉམ་ང་བྱད་ཕུར་དང་ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོད ཧཱུྃ བདག་ཉིད་ཆེན་མོ་རེ་མ་དུ ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས སྐུ་མདོག་ནག་མོ་འཇིགས་པ་ལ༔ སྐུ་ལ་གློག་གི་མེ་སྟག་འཕྲོ སྤྱན་མིག་དམར་པོ་ཟངས་སུ་འབར གང་དུ་བལྟས་པ་མི་རུ་འབར རཀྴ་སྲིན་པོའི་དོན་སྙིང་འབྱིན རལ་པ་གསིགས་པས་སྟོང་ཁམས་འཁྲུགས ཀུན་ཀྱང་ཕུར་པ་

(༩༨༠)ཁྲམ་ཤིང་འཛིན ཆིབས་ཀྱི་སྔ་ལོང་ཕྱི་ལོང་ལ མཚོན་དུ་ནད་རྐྱལ་ཤོ་རྡེའུ་བཀལ སྤྲུལ་པས་སྟོང་གསུམ་ཁྱབ་པར་འགྱེད དམ་ཉམས་བསྒྲལ་བའི་དུས་ལ་བབ ཆག་ཆེ་ཉམ་ང་བྱད་ཕུར་དང་ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོད ཧཱུྃ རང་རང་རིགས་ཀྱི་མིང་པོ་ནི རྒྱལ་པོ་དཀར་པོ་གིང་དཀར་ཕུར བསེ་ཡི་སྐྱེས་བུ་དམར་པོ་འཇིགས བསེ་མདའ་བསེ་གཞུ་ཕུར་པ་འདྲིལ མ་ཧཱ་ཀ་ལ་མདོག་ནག་སྟེ བེ་ཅོན་ཕུར་པ་བརྒྱན་དང་ལྡན ཆིབས་ས་མ་ཡང་ན་རྐྱང་པར་སྟོན སངས་རྒྱས་བསྟན་པ་བཤིག་པ་དང་ དཀོན་མཆོག་སྐུ་དགྲ་དབེན་རྩ་འཇོམས ཆོས་ཁྲིམས་འདྲལ་དང་སློབ་དཔོན་དགྲ རྣལ་འབྱོར་འཇོམས་པ་ལ་སོགས་པ བསད་དང་དབབ་དང་ནད་ངན་གྱིས ཅི་ནས་བརླག་པར་ཁྱོད་ཀྱིས་གྱིས ཆག་ཆེ་ཉམ་ང་བྱད་ཕུར་དང་ རྦོད་གཏོང་བཟློག་པའི་ཕྲིན་ལས་མཛོད ཧཱུྃ ཤར་ལྷོ་སྲིད་པ་བདེ་འགྲོའི་དཀྱིལ་འཁོར་ནས ཀློང་འགྱུར་ཡེ་ཤེས་བླ་མེད་ཧེ་རུ་ཀ ཡུལ་དྲུག་དབྱིངས་ལ་སྦྱོར་བའི་མ་ལྔ་དང་ རྗེ་མོ་བཅུ་བཞི་སྨན་མོ་ལྔ་བཅུ་བརྒྱད སྲིད་མོ་སྒོ་མའི་ཆགས་རྣམས་དབྱིངས་ནས་བཞེངས དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་

(༩༨༡)འུཾ འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱུད་དང་བཅུ་དྲུག་དང་ བྱང་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུྃ ས་ཡི་རང་བཞིན་སངས་རྒྱས་སྤྱན་མའི་ཁམས ཆུ་ནི་མཱ་མ་ཀཱི་དང་མེ་གོས་དཀར རླུང་ནི་གཡོ་བའི་དབྱིངས་ཏེ་དམ་ཚིག་སྒྲོལ ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་ཆེན་མོ་སྟེ སྲིད་པ་གསུམ་ནི་སྣང་སྲིད་མ་མོའི་དལ མ་ནི་རྒྱལ་བ་ཀུན་གྱི་བྱང་ཆུབ་སེམས མོ་ནི་རང་བྱུང་ཡེ་ཤེས་ཀློང་ལྔའི་དབྱིངས དེ་ཕྱིར་སྲིད་པ་མ་མོའི་དཀྱིལ་འཁོར་ནི སྣང་སྲིད་ཐམས་ཅད་བསྐྱེད་ཅིང་སྡུད་པའི་གཞི ཡབ་དང་ཡུམ་དུ་རྟོག་པ་མི་མངའ་ཡང་ ཐབས་དང་ཤེས་རབ་འབྲེལ་བར་བསྟན་ནས་ཀྱང་ བྱང་དང་རྦོད་གཏོང་ཀུན་གྱི་བདག་མོར་བཞེངས དགྲ་བགེགས་ཁྲམ་ལ་འདེབས་པའི་དུས་ལ་བབ འབྱུང་བ་དགྲ་གཤེད་འཁྲུགས་པའི་ནད་དལ་རིམས

(༩༨༢)བརྟན་གཡོའི་རྟེན་འབྲེལ་ལོག་པའི་མི་མཐུན་རྐྱེན ལོ་དགྲ་སད་སེར་ཐོག་དང་ས་གཡོས་སོགས བྱུར་དང་བསྐལ་པ་ངན་པ་མཐའ་དག་ཀུན དམ་ཉམས་དགྲ་བོའི་སྟེང་དུ་བྷྱོ་བཟློག་སྒྱུར དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུྃ བཅོམ་ལྡན་བླ་མེད་ཧེ་རུ་ཀ གཡས་དཀར་གཡོན་དམར་དབུས་མཐིང་ཞལ རྡོ་རྗེ་ཁྱུང་དང་སྤྲུལ་ཞག་གཡས བྷནྡྷ་ཞིང་དང་གའུ་གོ་ཡོན སྲིད་པའི་མ་མོ་ཞབས་བཞིས་གཟིར བཞི་ཟུར་ཞབས་བརྒྱད་ཕྱོགས་མཚམས་གནོན མཁའ་བཞི་བདེ་ཀློང་གཅིག་ཏུ་འཁྱིལ དབུ་གཅིག་ཞལ་ལྔ་སྲིད་པ་གསལ རྡོ་རྗེ་དྲིལ་བུ་དྲིལ་ཞགས་དང་ བྷནྡྷ་བདུད་རྩི་གཡང་གཞི་བསྣམས སྣ་ཚོགས་འགྱུར་བའི་སྒྲ་མདོག་ལ གཉིས་མེད་བདེ་བས་ཡབ་གཅིག་སྦྱོར ཧཱུྃ སྣ་ཚོགས་

(༩༨༣)འུཾ མདོག་ཅན་སྲིད་པའི་བུ་མོ་ནི རྟག་པའི་རྒྱལ་མོ་དཔལ་ལྡན་དབུ་དགུ་མ གླིང་ཆེན་བཞི་དང་ས་གཞིའི་དབང་མོ་ཆེ རི་རབ་རྒྱ་མཚོ་ལ་དབང་གློག་མ་སྤྲིན གནམ་གྱི་ཡེ་རྔར་ས་ཡི་ཕུང་བྱེད་ནག རྣམ་འགྱུར་སྣ་ཚོགས་མ་ངེས་ཕྱག་མཚན་འཛིན ལ་ལ་མེ་ལོང་བྷནྡྷ་སྐམ་རློན་ཐོགས རྩིས་ཀྱི་མ་བདུན་གསང་བའི་མ་མོ་གསུམ ཝ་དང་ཁྱི་སྤྱང་འུར་པ་རོལ་དུ་ཁྲིད ཙནྟི་ཀ་དང་མ་མོ་ཙ་མུནིྜ རོ་ཁ་མཆེད་གསུམ་བྷནྡྷ་ཁྲག་བཀང་ཐོགས རོག་ཏིའི་སྲིང་མོ་མནོལ་གྱི་བདག་མོ་བཞི ཤར་གྱི་ཕྱོགས་ནས་སྟག་སྲིན་ཟོར་བའི་གདོང་ དཀར་མོ་ཟེར་བས་དགྲ་བོའི་སྐྱེ་བརྒྱུད་བཅོད ལྷོ་ཡི་ཕྱོགས་ནས་བམ་སྲིན་དྲེད་མོའི་གདོང་ སེར་མོ་སྤུ་གྲིས་དགྲ་བོའི་དོན་སྙིང་འབྱིན ནུབ་ཀྱི་ཕྱོགས་ནས་ཀོང་སྲིན་བ་ལང་གདོང་ དམར་མོ་ལག་ན་དབྱུག་ཏོས་ཀླད་པ་འགེམས བྱང་གི་ཕྱོགས་ནས་འབྲོག་སྲིན་ཆུ་སྲིན་གདོང་ སྔོན་མོ་དགྲ་སྟས་དགྲ་བོའི་མགོ་ལུས་གཤོགས གདོང་མོ་བཞི་དང་མ་བདུན་སྲིང་བཞི་སོགས བྱད་དང་རྦོད་གཏོང་བདག་མོ་དབྱིངས་ནས་བཞེངས དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་

(༩༨༤)འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུྃ ལྷོ་ནུབ་རིག་འཛིན་ཐོད་པའི་ཕོ་བྲང་ནས འདའ་ཀ་ཡེ་ཤེས་རིག་འཛིན་དྲག་པོ་རྩལ རྣམ་པར་སྨིན་དང་ཚེ་དབང་ཕྱག་རྒྱ་ཆེ ལྷུན་གྲུབ་རིགས་འཛིན་གྲུབ་པའི་རིག་འཛིན་བརྒྱད སྒོ་སྐྱོང་དཔའ་བོ་མཁལ་འགྲོ་དབྱིངས་ནས་བཞེངས དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་པ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱང་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུྃ༔ དྲན་པ་ཉེར་གཞག་ལ་སོགས་རྣམ་བྱང་ཆོས ལམ་ལྔ་ས་བཅུའི་སྤངས་རྟོགས་མཐའ་དག་ཀུན རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་

(༩༨༥)འུཾ གྱི རིགས་བཞིར་མངོན་བྱང་ཆུབ་པའི་རྣམ་བཅས་གཟུགས ཧཱུྃ་ཀ་ར་བཤེས་གཉེན་ནཱ་གཱ་རྫུ་ན་དང་ བྲ་བྷ་ཧ་སྟི་དྷ་ན་སཾ་སྐྲྀ་ཏ བི་མ་མི་ཏྲ་རོ་མྦུ་གུ་ཧྱ་དང་ ཤཱནྟི༚་གརྦྷ་གྲུབ་པའི་རིག་འཛིན་བརྒྱད མཉེན་ཞུ་ཕོད་ཆེན་རིན་ཆེན་རུས་རྒྱན་བརྗིད དམོད་པ་ལས་ཆས་དྲང་སྲོང་ཁྲོས་པའི་སྐུ ཐལ་མོ་རྡེབ་ཅིང་ཛ བྷྱོ་ཕཊཀྱི་སྒྲས དམ་ཉམ་དགྲ་བགེགས་དགུག་ཅིང་བསྒྲལ་བ་དང་ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར་བར་མཛད དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱང་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ སྐུ་གསུང་ཐུགས་ལས་སྤྲུལ་པའི་ཕོ་ཉ་ནི རིགས་བཞིའི་དཔའ་བོ་མཁའ་འགྲོ་ལས་མདོག་ཅན གཡས་པ་རང་རྟགས་གཡོན་པོ་ཐོད་ཁྲག་འཛིན ཉི་ཤུ་རྩ་བཞིའི་ཡུལ་ལ་

(༩༨༦)དབང་བྱེད་པའི ཞིང་སྐྱོང་མཁའ་འགྲོ་སྔགས་ལས་སྐྱེས་པ་དང་ རང་བཞིན་ལྷན་ཅིག་སྐྱེས་མ་ཡང་འཁོར་བཅས རིན་ཆེན་རུས་རྒྱན་དར་གྱི་ཅོད་པན་འཕུར༔ ཅང་ཏེའུ་དྲིལ་བུའི་སྒྲ་སྐད་ཀྱུ་རུ་རུ མཁའ་འགྲོའི་བརྡ་ཡིས་སྣང་སྲིད་དབང་དུ་སྡུད དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ༔ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱང་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུྃ ནུབ་བྱང་དྲེགས་པ་འདུལ་བའི་དཀྱིལ་འཁོར་ནས དབྱིངས་གྲོལ་ཡེ་ཤེས་བཛྲ་ཧེ་རུ་ཀ ང་རྒྱལ་འཇོམས་པའི་དཔའ་བོ་ཆེན་པོ་ནི བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་འདུལ་དང་ སྲིད་པ་སྤྱི་འདུལ་སྡེ་དཔོན་སུམ་ཅུར་བཅས འཇིག་རྟེན་མཆོད་བསྟོད་ལྷ་ཚོགས་དབྱིངས་ནས་བཞེངས དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་

(༩༨༧)འུཾ འཆོལ་བ་ལས བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་ བྱང་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ༔ ཧཱུྃ བཅོམ་ལྡན་དྲེགས་པ་ཀུན་འདུལ་ནི སྐུ་མདོག་མཐིང་ནག་ཁྲོ་ཞིང་རྔམས གཡས་ཀྱི་ཞལ་གསུམ་སྨུག་ནག་བགྲང་ གཡོན་གྱི་ཞལ་གསུམ་ཁམ་ནག་གཙིགས དབུ་སྐྲ་རལ་པ་མེ་དཔུང་འབར སྤྱན་དགུ་སྡང་མིག་ལྡོག་ཅིང་བགྲང་ ཤངས་ནས་སྲིད་པའི་རླུང་ནག་འཐོར སྙན་ནས་སྟོང་གསུམ་འབྲུག་སྒྲ་ལྡིར སྨ་ར་ཨག་ཚོམ་མེ་ལྟར་འབར༔ མཆེ་གཙིགས་སྲིད་གསུམ་རྩ་བ་གཅོད ཕྱག་དགུའི་གཡས་གཡོན་དང་པོ་ཡིས རྡོ་རྗེས་ཐོད་ཁྲག་དཀྲུགས་ཅིང་གསོལ གཡས་ཀྱི་ཕྱག་བརྒྱད་འོག་མ་ན དྲེགས་པའི་ལྷ་བརྒྱད་བསྒྲལ་བ་ཡི གཡང་གཞི་མགོ་བོར་བཅས་ཏེ་བསྣམས གཡོན་གྱི་ཕྱག་བརྒྱད་འོག་མ་ན ཀླུ་ཆེན་བརྒྱད་ཀྱི་བྷནྡྷ་རུ དྲེགས་པའི་སྙིང་ཁྲག་བཀང་ནས་གསོལ དཔའ་བོའི་ཆས་བརྒྱད་སྐུ་ལ་རྫོགས ཞབས་

(༩༨༨)བརྒྱད་བརྐྱང་བསྐུམས་ངོར་སྟབས་ཀྱིས ཁམས་གསུམ་བདག་པོ་སྡེ་བཞི་མནན ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་མ ཞལ་གཅིག་ཕྱག་གཉིས་མཐིང་ནག་སྐུ རྡོ་རྗེ་འཕྱར་ཞིང་ཐོད་ཁྲག་སྟོབ གཉིས་མེད་ཐུགས་ཀྱི་ཕྲིན་ལས་ཀྱིས འཇིག་རྟེན་དྲེགས་པ་བྲན་དུ་འཁོལ༔ ལྷ་སྲིན་སྡེ་བརྒྱད་ལས་ལ་འགྱེད དགྲ་བགེགས་གདུག་པ་རྩད་ནས་གཅོད ཆག་ཆེ་ཉམ་ང་བྱད་ཕུར་དང་ རྦོད་གཏོང་བཟློག་པའི་ལས་མཛོད་ཅིག ཧཱུྃ དཔལ་གྱི་བཀའ་བཞིན་ལས་མཛད་པའི ལྷ་ཆེན་དབང་ཕྱུག་ཆེན་པོ་ནི ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་ ཕྱག་གཡས་གྲི་གུག་ཙིཏྟི་གཡོན ལྷོ་མོ་ཨུ་མ་དེ་ཝི་ནི སྐུ་མདོག་མཐིང་ནག་གཙོ་ལ་འདུད ཕྱག་གཡས་རྩེ་གསུམ་ཐོད་ཁྲག་གཡོན༔ སེང་གེ་གླང་ཆེན་གདན་ལ་བཞུགས སྡེ་དཔོན་དྲེགས་པ་ཀུན་གྱི་གཙོས ཆག་ཆེ་ཉམ་ང་བྱད་ཕུར་དང་ རྦོད་གཏོང་བཟློག་པའི་ལས་མཛོད་ཅིག ཧཱུྃ བདུད་ཀྱི་རྒྱལ་པོའི་སྡེ་དཔོན་ནི ཁྲམ་ཤིང་གཡས་ལ་དགྲ་སྟ་གཡོན བདུད་རྟ་ནག་པོའི་ཁྲི་ལ་བཞུགས༔ སྦྱོར་ཡུམ་བདུད་མོ་རེ་མ་ཏི ཁྲམ་བམ་གཡས་ལ་ནད་རྐྱལ་གཡོན བོད་བུ་གྭ་དམར་གདན་ལ་བཞུགས

(༩༨༩)འུཾ གཤིན་རྗེའི་སྡེ་དཔོན་ཆེན་པོ་ནི བེ་ཅོན་གཡས་ལ་ཐོད་དབྱུག་གཡོན༔ སྦྱོར་ཡུམ་གཤིན་རྗེ་ཟ་བྱེད་མོ ཕྱག་གཉིས་སྲིད་པའི་འཁོར་ལོ་བསྐོར ཡབ་ཡུམ་མ་ཧེ་ཆུ་གླང་གནོན སྲིན་པོའི་སྡེ་དཔོན་གློག་ཕྲེང་ཅན ཕྱག་གཉིས་ཐོག་སེར་འདྲིལ་ཞིང་འཕེན སྲིན་མོ་སྦལ་མགོ་ཁྲག་མིག་མ ཕྱག་གཡས་ཕུར་པ་ཁྲག་ཕོར་གཡོན ཡབ་ཡུམ་འབྲུག་དང་རྔ་མོ་གནོན༔ གནོད་སྦྱིན་སྡེ་དཔོན་མེ་དབལ་ནི ཕྱག་གཡས་རིན་ཆེན་གཡོན་རལ་གྲི སྦྱོར་ཡུམ་གནོད་སྦྱིན་ནག་མོ་ནི ཕྱག་གཡས་སྤུ་གྲི་གཡོན་སྤྱང་མོ སྟག་སེང་ཕོ་མོ་ཞབས་ཀྱིས་མནན གཟའ་བདུད་སྡེ་དཔོན་ཆེན་པོ་ནི ཕྱག་གཡས་མདའ་གཞུག་གཡོན་སྤྲུལ་ཞགས སྐུ་སྨད་སྤྲུལ་འཁྱིལ་འབྲུག་ཆེན་གནོན སྦྱོར་ཡུམ་ཐོག་གི་བུ་ཡུག་ཅན གཡས་གཡོན་ཕྱག་གིས་སེར་ཐོག་འབེབས ཀླུ་རྒྱལ་སྡེ་དཔོན་ཆེན་པོ་ནི ཕྱག་གཡས་སྤྲུལ་ཞགས་གཡོན་ནད་རྐྱལ སྦྱོར་ཡུམ་ཀླུ་མོ་ནག་མོ་ནི སྦྲུལ་མགོ་ཕྱག་མཚན་ཡབ་ཀྱི་ཚུལ ཡབ་ཡུམ་ཆུ་སྲིན་རུས་སྦལ་གནོན ཀུན་ཀྱང་སྐུ་མདོག་མཐིང་ནག་ལ ཁྲོས་པའི་ཆ་བྱད་འཇིགས་

(༩༩༠)ཚུལ་ཅན དུར་ཁྲོད་གཡང་གཞིའི་ཆས་ཀྱིས་བརྒྱན རང་གི་ཚོགས་འདུལ་ཕྲིན་ལས་མཛོད ཆག་ཆེ་ཉམ་ང་བྱད་ཕུར་དང་ རྦོད་གཏོང་བཟློག་པའི་ལས་མཛོད་ཅིག ཧཱུྃ གནོད་སྦྱིན་ལྷ་ཡི་རྒྱལ་པོ་ནི ཤེལ་གྲི་བ་དན་དཀར་པོ་འཛིན རྒོད་དཀར་རུ་བཟང་ཞབས་ཀྱིས་མནན གནམ་རྒྱལ་ཆེན་པོ་སྡེ་དཔོན་ནི ཕྱག་གཡས་ལྡན་དཀར་གཡོན་ཤེལ་གྲི རྟ་དཀར་རྔོག་དམར་ཞབས་ཀྱིས་མནན སྤྱི་བདུད་རྒྱལ་པོ་གུ་རུམ་ཙེ ཕྱག་གཡས་བ་དན་གཡོན་ཤེལ་གྲི ཞབས་གཉིས་རྡོ་རྟ་གྲོ་བོ་གནོན དཀར་པོའི་སྡེ་དཔོན་ཆེན་པོ་གསུམ ཆག་ཆེ་ཉམ་ང་བྱད་ཕུར་དང་ རྦོད་གཏོང་བཟློག་པའི་ལས་མཛོད་ཅིག ཧཱུྃ སྲིད་པའི་མ་མོའི་སྡེ་དཔོན་མོ འཁོར་ལོ་གཡས་ལ་མེ་ལོང་གཡོན ཞབས་གཉིས་འབྲུག་མོ་མགོ་དགུ་གནོན སྔགས་ཀྱི་སྲུང་མ་ཆེན་མོ་ནི ཙིཏྟ་གཡས་ལ་སྤྱང་མོ་གཡོན དྲིལ་རྟ་ནག་མོ་ཞབས་ཀྱིས་གནོན མཁའ་འགྲོ་ནག་མོ་མགྱོགས་བྱེད་མ རྒྱུ་ཞགས་གཡས་ལ་ཚོན་དྲུག་གཡོན སོ་བྱ་ནག་པོ་ཞབས་ཀྱིས་གནོན ནག་མོའི་སྡེ་དཔོན་མ་མོ་གསུམ ཆག་ཆེ་ཉམ་ང་བྱད་ཕུར་དང་ རྦོད་གཏོང་བཟློག་པའི་ལས་མཛོད་ཅིག ཧཱུྃ རྡོ་རྗེ་བདུད་

(༩༩༡)འུཾ འདུལ་ནག་པོ་ནི གཡས་གཡོན་ཕྱག་གིས་ཐོད་ཁྲག་འཕེན བྲག་བཙན་སྲོག་ཟན་དམར་པོ་ནི མདའ་གཞུ་འགེངས་ཤིང་དར་དམར་འཕྱར༔ ཆེ་བཙན་འགོང་རྒྱལ་ཆེན་པོ་ནི ཤག་ལང་དང་ནི་ཞགས་པ་འཛིན༔ དམར་པོའི་སྡེ་དཔོན་རྒྱལ་པོ་གསུམ ཀུན་ཀྱང་རྟ་དམར་ཞབས་ཀྱིས་གནོན ཆག་ཆེ་ཉམ་ང་བྱད་ཕུར་དང་ རྦོད་གཏོང་བཟློག་པའི་ལས་མཛོད་ཅིག ཧཱུྃ བི་ན་ཡ་ག་བགེགས་ཀྱི་རྒྱལ ཕྱག་གཡས་ཁ་ཊྭྭཱཾ་གཡོན་ཐོད་ཁྲག ཕྱི་རོལ་སྐྱོང་བའི་མུ་སྟེགས་གཙོ ཏི་ཤུལ་གཡས་ལ་ ཐོད་ཁྲག་གཡོན དམུ་བདུད་ཆེན་པོ་བཀྲག་མེད་ནི མདའ་གཞུ་དང་ནི་ཤག་ལང་འཛིན ནག་པོའི་ཚོགས་ཀྱི་དེད་དཔོན་གསུམ བདུད་རྟ་རྣག་པོ་ཞབས་ཀྱིས་གནོན ཆག་ཆེ་ཉམ་ང་བྱད་ཕུར་དང་ རྦོད་གཏོང་བཟློག་པའི་ལས་མཛོད་ཅིག ཧཱུྃ༔ ཚངས་པའི་རྒྱལ་པོ་སྲོག་གི་བདག སྤུ་གྲི་གཡས་ལ་ཉི་ཞགས་གཡོན༔ སེང་གེ་དཀར་མོ་ཞབས་ཀྱིས་གནོན བདུད་ཀྱི་རྒྱལ་པོ་ནོར་གྱི་བདག བདུད་ཞགས་གཡས་ལ་སྤུ་གྲི་གཡོན བན་གླང་སྣ་རིང་ཞབས་ཀྱིས་གནོན སྐུ་ལྷའི་རྒྱལ་པོ་ཡུལ་གྱི་བདག ཕྱག་གཡས་

(༩༩༢)རྡོ་རྗེ་གཡོན་བ་དན ར་དཀར་གནམ་དུ་ཞབས་ཀྱིས་གནོན ནག་པོ་ཆེན་པོ་ཚོགས་ཀྱི་བདག ཕྱག་གཡས་བེ་ཅོན་གཡོན་ཐོད་ཁྲག རྟ་ནག་མགྱོགས་པ་ཞབས་ཀྱིས་གནོན ཕྱོགས་ཀྱི་སྡེ་དཔོན་ཆེན་པོ་ནི སྐུ་མདོག་དཀར་སེར་དམར་ནག་མཛེས ཀུན་ཀྱང་ཁྲོ་ཞིང་གཏུམ་པའི་ཚུལ ན་བཟའ་གཡང་གཞི་འཇིགས་པའི་ཆས སྣ་ཚོགས་མཛེས་པའི་རྒྱན་དང་ལྡན༔ རང་རང་འཁོར་གཡོག་ཚོགས་ཀྱིས་བསྐོར སྤྲུལ་པའི་ཆོ་འཕྲུལ་བསམ་མི་ཁྱབ མཆོད་བསྟོད་ཆེན་པོས་ཁྱེད་བསྒྲུབས་ན ཆག་ཆེ་ཉམ་ང་བྱད་ཕུར་དང་ རྦོད་གཏོང་བཟློག་པའི་ལས་མཛོད་ཅིག ཧཱུྃ བྱང་ཤར་དྲག་སྔགས་རོལ་པའི་དཀྱིལ་འཁོར་ནས མཐའ་གྲོལ་ཡེ་ཤེས་ཀརྨ་ཧེ་རུ་ཀ གཏི་མུག་འཇོམས་པའི་དཔའ་བོ་ཆེན་པོ་སྟེ བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་ནི ཡུམ་ཆེན་འབྱུང་བ་ལྔ་ཡི་བདག་མོ་དང་ སྔགས་བདག་དྲེགས་པ་བཅོ་བརྒྱད་ལྷ་སྲིན་བཅས དམོད་པ་དྲག་སྔགས་ལྷ་ཚོགས་དབྱིངས་ནས་བཞེངས དགྲ་བགེགས་ཤ་ཁྲག་གཏོར་མ་འདི་རོལ་ལ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི སེམས་དང་སེམས་བྱུང་རྒྱུ་འབྲས་འཆོལ་བ་ལས

(༩༩༣)འུཾ བྱུང་བའི་ནད་གདོན་ཆག་ཆེ་ཉམ་ང་དང་ ཕྱི་ནང་འབྱུང་བ་དགྲ་གཤེད་འཁྲུགས་པའི་རྐྱེན འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་༔ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་ཀུན བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ ཧཱུྃ དུར་ཁྲོད་ཆེན་པོ་རོལ་པའི་དཀྱིལ་འཁོར་ནས གཏུམ་དྲག་མེ་ལྟར་འབར་བའི་གཞལ་ཡས་ནས གདུག་བྱེད་རུ་ཏྲ་ཏི་རའི་ཁྲི་སྟེང་ན མདངས་ལྡན་པདྨ་ཉི་ཟླའི་གདན་སྟེང་ནས དྲེགས་པའི་བདག་པོ་རྡོ་རྗེ་འཛིན་པའི་གཙོ བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་བཞེངས ཧཱུྃ སྐུ་མདོག་མཐིང་ནག་རབ་ཏུ་འབར ས་དགུ་རྫོགས་པས་དབུ་དགུ་བསྟན སྟོང་པ་བཅོ་བརྒྱད་ལྡན་པའི་ཕྱག ཞབས་ཀྱིས་བརྗིད་པའི་བདུད་བཞི་གནོན དབུས་མཐིང་གཡས་དཀར་གཡོན་དམར་བ ཁྲོ་ཞིང་བཞད་དང་གཙིགས་པའི་ཞལ རལ་པ་ཁམ་ནག་སྲིད་རྩེར་འབར ཁམས་གསུམ་མ་ལུས་སྤྱན་གྱིས་གཟིགས ཤངས་ཀྱིས་སྲིད་གསུམ་མ་ལུས་རྡུབ སྙན་གྱིས་སྟོང་གསུམ་འབྲུག་སྒྲས་འགེངས ཚེམས་ཀྱིས་གནོད་གདུག་མ་ལུས་སྒྲོལ ལྗགས་ཀྱིས་གློག་དམར་འཇིག་རྟེན་

(༩༩༤)ཁྱབ ཁྲོ་གཉེར་འོད་ཀྱིས་དབང་དུ་སྡུད ཕྲིན་ལས་རིགས་ཀྱིས་དབུ་ལ་བརྒྱན བཅོ་བརྒྱད་ཕྱག་གི་དང་པོ་གཉིས དབང་སྡུད་རྡོ་རྗེ་དྲིལ་བུ་འཛིན གཡས་གཡོན་འོག་མའི་ཕྱག་བརྒྱད་ན དྲེགས་པའི་ལྷ་བརྒྱད་བྷནྡྷ་གཡས ཙིཏྟ་སྲོག་རྩ་གཡོན་ན་བསྣམས འབར་བའི་ཆས་ཀྱིས་སྐུ་ལ་བརྒྱན སྲུང་བའི་ལྷ་བརྒྱད་སྐུ་ལ་རྫོགས གཡས་གཡོན་ཞབས་ཀྱིས་དྲེགས་པ་གཟིར མ་རུངས་གདུལ་དཀའ་རྣམས་ཀྱི་གཤེད ལོག་ལྟ་རུ་ཏྲ་འདུལ་བའི་དཔལ འབྱུང་ལྔའི་བདག་མོ་གཉིས་མེད་ཡུམ དབུ་གསུམ་ཕྱག་དྲུག་ཞབས་བཞིར་སྦྱོར གྲི་གུག་ཏྲི་ཤུལ་བདུད་རྩི་གཡས བྷནྡྷ་ཞིང་ཆེན་གཡང་གཞི་གཡོན མཐིང་ནག་འོད་ཀྱིས་ཀུན་ཏུ་ཁྱབ ཆེད་འགའ་རིགས་ཀྱི་སྤྲུལ་པ་ནི དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲང་ སྐུ་མདོག་མཐིང་ནག་ཁྲོས་ཤིང་རྔམས ཕྱག་དྲུག་གཡས་གཡོན་དང་པོ་ཡིས རྡོ་རྗེས་དུང་ཁྲག་དཀྲུགས་ཤིང་གསོལ གཡས་གཡོན་གཉིས་ཀྱི་ཕྱག་བཞི་ཡིས ལྷ་བརྒྱད་ཀླུ་བརྒྱད་།ཙིཏྟ་རོལ ཡུམ་ཆེན་ཞལ་གཅིག་ཕྱག་གཉིས་མ སྐུ་མདོག་མཐིང་ནག་ཞབས་གཉིས་སྦྱོར གཡས་ཀྱིས་ནམ་མཁའ་སྟོང་ཁམས་འདེབས གཡོན་གྱིས་

(༩༩༥)འུཾ འཇིག་རྟེན་ས་གཞི་གནོན ཞལ་ནས་འབྱུང་བ་ལྔ་འཆང་མ དཔལ་ཆེན་ཡབ་ཡུམ་བྱིན་རླབས་ལས སྤྲུལ་པའི་དྲེགས་པ་ཕོ་མོའི་གཙོ བདུད་མོ་ནག་མོ་ཁ་རླངས་ཅན ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་ ཁྲམ་ཤིང་ཏྲི་ཤུལ་གཡས་ན་བསྣམས གཡོན་གྱིས་ཁ་ཊྭཱཾ་ཞགས་པ་འཕེན ན་བཟའ་ཞིང་ལྤགས་རློན་པ་གསོལ ཞབས་གཉིས་གདུག་པའི་སྙིང་གར་གཟིར བདུད་མོ་ནག་མོ་ཁྲག་འཛག་མ ཁྲམ་བམ་ཐོད་རློན་ཕྱག་ན་བསྣམས སྐུ་ལ་ཞིང་ལྤགས་གསར་པ་བགོས བདུད་རྟ་ནག་པོ་ཆིབས་སུ་བཅིབས ཞབས་ཀྱིས་དགྲ་བགེགས་ཤུགས་ཀྱིས་སྒྲོལ འཆི་བདག་གཤིན་རྗེ་ནག་པོ་ནི ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག ཕྱག་གཡས་ཐོད་ཁྲག་གྲི་གུག་གཡོན བཙུན་མོ་ཡུམ་ཆེན་ཟ་བྱེད་མ གྲི་གུག་ཐོད་པ་ཕྱག་ན་བསྣམས ཡབ་ཡུམ་ཞིང་ལྤགས་རློན་པ་གསོལ མ་ཧེ་ཁྲོས་དང་ཆུ་གླང་བཅིབས ཞབས་ཀྱིས་དགྲ་བགེགས་ཕོ་མོ་གཟིར སྲིན་པོ་གསོད་བྱེད་སྐུ་མདོག་ནག ཕྱག་ན་རལ་གྲི་ཐོད་ཁྲག་བསྣམས ཡུམ་ཆེན་གསོད་པར་བྱེད་མ་ཡང་ གྲི་གུག་མི་ཐོད་ཕྱག་ན་

(༩༩༦)རྣམས ན་བཟའ་ཞིང་ལྤགས་རློན་པ་གསོལ སྟག་སེང་རོལ་པ་ཆིབས་སུ་ཆིབས གནོད་སྦྱིན་གང་བ་བཟང་པོ་ཡང་ ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ དར་ནག་འཕྱར་ཞིང་ཞིང་ལྤགས་རྡེབ ཡུམ་ཆེན་ཤ་ཟ་རལ་གཅིག་མ ཡབ་ཀྱི་ཚུལ་འཛིན་སྤྲུལ་བ་མོ ཆིབས་སུ་གནམ་རུ་དཀར་པོ་བཅིབས ཐར་པ་ནག་པོ་རུ་ཏྲའི་གཙོ མཆོད་གཏོར་དུག་ཐུན་ཕྱག་ན་བསྣམས ཞིང་ལྤགས་གྱོན་ཞིང་དོམ་ནག་ཆིབས ཀླུ་བདུད་རྗེ་དཔོན་ནག་པོ་ནི དར་ནག་འཕྱར་ཞིང་ཏི་ར་འདྲེད བེར་ནག་གསོལ་ཞིང་དམུ་རྟ་ཆིབས མུ་སྟེགས་ཀ་ལ་ཡཀྴ་ནི མཐིང་ནག་ཁ་ཊྭཱཾ་ཏྲི་ཤུལ་འཛིན ཞིང་ལྤགས་བགོས་ཏེ་མ་ཧེ་ཆིབས ཁྱབ་འཇུག་རོག་ཏི་ནག་པོ་ཡང་ ཁྲམ་ཤིང་དགྲ་སྟ་ཕྱག་གིས་འཛིན སྤྲིན་ནག་བགོས་ཏེ་འབྲུག་སྔོན་ཆིབས ཀླུ་རྒྱལ་ཝ་རུ་ཎ་ཡི་རྗེ སེར་ནག་སྦྲུལ་གྱི་ན་བཟའ་གསོལ བུམ་པ་རུས་སྦལ་ཕྱག་གིས་འཛིན ཆིབས་སུ་ཆུ་སྲིན་མགོ་དགུ་བཅིབས རྒྱལ་པོ་ཧ་ར་

(༩༩༧)འུཾ མཛེས་ཞེས་བྱ་བ མདོག་དཀར་ཤེལ་གྲི་དར་དཀར་འཛིན སྲས་མཆོག་འབར་བ་དམར་པོ་ནི མདུང་རིང་གཡས་ལ་ཤེལ་གྲི་གཡོན རྡོ་རྗེ་མཛེས་པ་མདོག་དཀར་པོ རུ་མཚོན་དགྲ་སྟ་ཕྱག་གིས་འཛིན ཁུ་ལེ་ལག་དགུ་འབར་བ་ཡང་ མདོག་སེར་སྤྲུལ་པའི་ལག་དགུ་འགྱེད ཞིང་ལྤགས་བགོས་ཤིང་ཏི་ར་གནོན དྲག་སྔགས་བདག་པོ་གཙོ་འཁོར་ཡང་ རང་རང་རིགས་ཀྱི་འཁོར་འདུལ་ཞིང་ སོ་སོའི་སྤྲུལ་པ་བསམ་མི་ཁྱབ གཅོད་པར་བྱེད་པ་བདུད་ཀྱི་སྡེ འཆི་བར་བྱེད་པ་གཤིན་རྗེའི་སྡེ གསོད་བྱེད་ཤན་པ་སྲིན་པོའི་སྡེ གདུག་རྩུབ་འཆང་པ་གནོད་སྦྱིན་སྡེ དྲག་རྩལ་ལྡན་པ་ལྷ་ཡི་སྡེ ནད་གདོན་འབེབས་པ་མ་མོའི་སྡེ ནམ་མཁར་དབང་སྒྱུར་གཟའ་ཡི་སྡེ གླེན་ལྤགས་གདུག་པ་ཀླུ་ཡི་སྡེ སྡེ་བརྒྱད་དམོད་པའི་དྲག་སྔགས་ཅན མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ འཁོར་དང་སྡེ་རིས་བརྗོད་མི་ལང་ ཕྲིན་ལས་ལོངས་སྤྱོད་མི་ཟད་གཏེར ཡོན་ཏན་ནུས་པ་དཔག་ཏུ་མེད ཞེ་སྡང་ཅན་ལ་ཁྲོས་པར་སྟོན༔ ང་རྒྱལ་ཅན་ལ་ལྷག་པར་སྟོན འདོད་ཆགས་ཅན་ལ་མི་སྡུག་སྟོན

(༩༩༨)གཏི་མུག་ཅན་ལ་མྱོས་པར་སྟོན སེར་སྣ་ཅན་ལ་འཕྲོག་པར་བྱེད ཕྲག་དོག་ཅན་ལ་འཇིགས་པར་སྟོན ཁྱོད་ཀྱིས་མི་འདུལ་གཅིག་མེད་ཀྱི མཆོད་ཅིང་བསྐང་བའི་མཐུན་རྫས་བཞེས བཅོལ་ཞིང་གཉེར་བའི་ལས་མཛོད་ཅིག བསྟོད་ཅིང་བསྒྲུབས་པས་དགྱེས་མཛོད་ལ ཆག་ཆེ་ཉམ་ང་བྱད་ཕུར་དང་ རྦོད་གཏོང་བཟློག་པའི་ལས་མཛོད་ཅིག ཨོཾ་བཛྲ་ཙནྜ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཧཱུྃ་ཕཊ ཕཊདགྲ་བོའི་སྲོག་ལ་བཾ་རིལ་ཐུན་ཛ བཾ་མྱགས་མཱ་ར་ཡ་རྦད ཙ་ཚ་དུན་རིལ་བཾ་ལཾ་སྲོག་ལ་མྱགས མཱ་ར་ཡ་མྱགས ཙ་ཛདུན་རིལ་བཾ་སྲོག་ལ་རྦད སྲོག་དུན་བ་མྱགས ཙ་ལ་དུན་རྦད མཱ་ར་ཡ་ཛ སྲོག་ཐུན་བྷྱོ བྲིང་ཤག་རྦད དོ་གལ་ཆེན་དྲག་སྔགས་འདིར ནན་ཏན་བསྐྱེད་ལ་དམིགས་པས་གཟིར་བཅུ་གཅིག་པ་ཐུན་གཏོར་ནི ཧཱུྃ ཟློག་བྱེད་དཔལ་ཆེན་རོལ་པའི་ལྷ བཟློག་བསྒྱུར་ལས་མཛད་དུས་ལ་བབ བདག་དང་རྒྱུ་སྦྱོར་ཡོན་བདག་ལ སྔོན་ལས་འཕྲལ་རྐྱེན་བར་ཆད་བགེགས འཇིགས་པ་བརྒྱད་དང་བཅུ་དྲུག་སོགས བཀྲ་མི་ཤིས་པའི་དངོས་པོ་དང་ ཕྱི་ནང་དྲང་སྲོང་དམོད་པའི་མཚོན བན་བོན་མུ་སྟེགས་རིག་སྔགས་བྱད གཤིན་

(༩༩༩)འུཾ རྗེའི་འཁོར་ལོ་མ་མོའི་ཁྲམ ཕུར་བའི་དཔལ་ཁ་བོན་པོའི་བཙོ གླ་གློའི་གཡུལ་དང་ངན་སྔགས་སྦྱོར ལྷ་སྲིན་ཁྲོས་དང་གདོན་ཆེན་ཟུག སྡེབས་གཤོར་ཧོམ་དང་ཐུན་ཟོར་མནན གཏང་ཁྲམ་རྦོད་གཏོང་རྦད་འདྲེ་དང་ མི་ཁ་གླང་གཞི་འཐབ་རྩོད་མཆུ ཀེག་སྲི་ཐན་ལྟས་ངན་པ་ཀུན བསྟན་པ་བཤིག་པའི་དགྲ་བོ་དང་ ཡོངས་ལ་གནོད་པའི་བགེགས་གདོན་སོགས བསམ་སྦྱོར་ངན་པའི་སྟེང་དུ་བྷྱོ བཟློག་གོ་དམར་ཆེན་གཏོར་མས་ཟློག བསྒྱུར་རོ་ཟ་ཁ་དགྲ་ལ་སྒྱུར སྔ་ཐུན་ཐམས་ཅད་ལ་དཔལ་ཆེན་གྱི་ལས་གཞུང་བསྲང་ནས་བཟླས་པའི་རིམ་པ་དང་སྲུང་འཁོར། ལས་སྦྱོར། ཐུན་རྫས་སྒྲུབ་པ་ཡན་བྱ་ཞིང་། གུང་ཐུན་ལ། ཉིན་དང་པོར་གཤིན་རྗེའི་སྒོས་སྒྲུབ་དང་འབྲེལ་བར་ལྷ་དབྱེ། གཉིས་པ་དང་གསུམ་པར་རྟ་མགྲིན་གྱི་སྒོས་སྒྲུབ་དང་འབྲེལ་བར་གཟུགས་ལ་དབབ་པ་དང་། བྱད་དུ་གཞུག །བཞི་པར་ཡང་དག་དང་འབྲེལ་བར་གནས་སྤར་ཁྲུས་ལུང་། ལྔ་པ་

(༡༠༠༠)དང་དྲུག་པར་ཕུར་བ་དང་འབྲེལ་བར་གདབ་ལས་གཙོ་བོར་འདོན། དེ་ཀུན་ལ་སོ་སོའི་ཐུན་མཐར་སྟབ་པའི་བར་ཚང་བའི་བསྒྲལ་ལས་ཀྱིས་མ་རྡུག་བསྡུས་ནས། ཕྱི་དྲེ་བཟློག་གཞུང་གྱེར། སྐབས་ཅི་རིགས་པར་མ་མགོན་གྱི་གསོལ་ཁ་དང་། ཐུན་ཐ་མར་ཆད་མདོ་ནས་རྗེས་ཆོག་རྣམས་ཚང་བར་བྱ་ཞིང་། མཚན་མོའི་རྣལ་འབྱོར་ལ་འཇུག་པའི་ཁྱད་པར་སློབ་དཔོན་རྒྱུན་ལྡན་གྱི་ལག་ཁྲིད་ལས་ཤས་པར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་གཟེར་ཁ་ཡོད་མེད་གཉིས་ལས། དང་པོ་ནི་རྦོད་གཏོང་དང་ལྟས་ངན་དམིགས་བསལ་བཟློག་པའི་དོན་དུ་ཡིན་པས་དཀྱུས་ལ་མི་བྱེད་ལ། གལ་ཏེ་དགོས་ན་རྒྱལ་མཚན་རྣམ་དགུ། རྔ་ཁྱུང་། སྲིན་མོའི་ཟ་ལམ་བསྟན་པ་རྣམས་ལོགས་སུ་ཤེས་པར་བྱའོ། །གཉིས་པ་དཀྱུས་སུ་འཇུག་པ་ལ་དགུ་ལས། དང་པོ་དབང་ཕྱུག་མའི་བཟློག་བྱ་དགྱེར་བ་ནི། ཧཱུྃ ཁྲག་མཚོ་འབར་བའི་ཁྱམས་ཤེད་ན འདོད་ཆགས་དཔའ་ཀློང་འཁྲུགས་པ་ནས ལེགས་ཉེས་སྟངས་འཛིན་འཇིག་རྟེན་བདག དོན་དམ་དབྱིངས་ལས་མ་གཡོས་ཀྱང་ ཀུན་རྫོབ་སྤྲུལ་པར་ཤར་བའི་ཚེ སྲིན་མོ་དབང་ཕྱུག་ཉི་ཤུ་བརྒྱད མ་མོའི་གཟུགས་ལ་ཕྲ་མེན་གདོང་ མགོ་དང་ལུས་སུ་མི་མཚུངས་པས ལྟས་ངན་བཟློག་པའི་མངའ་བདག་ཡིན

(༡༠༠༡)འུཾ ཕྱག་མཚན་རྣམ་པ་སྣ་ཚོགས་པས ཐན་ལྷས་མི་མངོན་དབྱིངས་སུ་ཟློག ཧཱུྃ ཤར་ན་བཞུགས་པའི་མ་མོ་བདུན ཚངས་པ་སེར་མོ་ལྷ་ཆེན་དཀར སྲིན་མོ་སྨུག་ནག་རྟོགས་འདོད་སྔོ གཞོན་ནུ་དམར་མོ་བརྒྱ་བྱིན་དཀར ནག་མོ་དམར་ནག་བཅས་པ་ཡིས འདབ་ཆགས་ལྟས་ངན་ཉི་ཤུ་པོ དམིགས་ཀྱིས་བཟློག་པའི་ཕྲིན་ལས་མཛོད གླག་དང་ནེ་ལེ་རྒྱ་ཁྲ་ཡིས སྦྲུལ་བཟུང་ཀླུ་ཡི་ལྟས་ངན་ཡིན བཟློག་གོ་དམར་ཆེན་གཏོར་མས་ཟློག བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར དུར་བྱས་ཉ་ཁྱེར་མ་མོའི་ཐན བྱ་རོག་ལྕུང་ཀ་སྐྱ་ཀ་གསུམ སྡེར་འཛིངས་དགྲ་སྲི་ལངས་པའི་ལྟས བཟློག་གོ་དམར་ཆེན་གཏོར་མས་ཟློག བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར བྱ་རྒོད་མཁའ་ལ་གཤོག་འཛིངས་བྱེད གནམ་ཐེ་ཁྲོས་པའི་ལྟས་ངན་ཡིན བཟློག་གོ་དམར་ཆེན་གཏོར་མས་ཟློག བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར རྨ་བྱ་ཤ་ཆེན་ཟ་བ་དང་ རིགས་མི་མཐུན་གཉིས་རྐོ་བ སྲིད་པ་མ་བདུད་ལྟས་ངན་ཡིན བཟློག་གོ་དམར་ཆེན་གཏོར་མས་ཟློག བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར ཁྱིམ་ལ་བྱ་མ་བྱི་འཛེགས་དང་

(༡༠༠༢)སྲོད་ལ་བྱ་གག་འཚེར་བ་དང་ སྲིན་བྱ་ཐོག་ཏུ་འཁུན་པ་དང་ མཁའ་ལ་འདབ་ཆགས་བརྩེགས་པ་རྣམས ཕུང་སྲི་ལངས་པའི་ལྟས་ངན་ཡིན བཟློག་གོ་དམར་ཆེན་གཏོར་མས་ཟློག བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར འུག་པ་ཐོག་ཏུ་དགོད་པ་དང་ རི་བྱ་ཁྱིམ་དུ་ཞུགས་པ་དང་ ནེ་ཙོ་ཐལ་ནས་བབས་པ་རྣམས དུར་སྲི་ལངས་པའི་ལྟས་ངན་ཡིན བཟློག་གོ་དམར་ཆེན་གཏོར་མས་ཟློག བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར ཧཱུྃ ལྷོ་ན་བཞུགས་པའི་མ་མོ་བདུན རྡོ་རྗེ་སེར་མོ་བདུད་རྩི་དམར ཟླ་བ་དཀར་མོ་བེ་ཅོན་ནག སྲིན་མོ་དམར་གསུམ་དུར་ཁྲོད་བརྒྱལ་བ་དང་ སྤྱང་གསུམ་འོ་དོད་འབོད་པ་ནི མ་གཤིན་བཙན་གསུམ་ལྟས་ངན་ཡིན བཟློག་གོ་དམར་ཆེན་གཏོར་མས་ཟློག བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར ཐོ་རངས་སྒོ་ཁྱི་སྤད་ནས་དུ བྱི་བས་སྐྲ་ལ་ཟ་བ་དང་། སྲེ་མོང་བྱི་ཁྱེར་ལམ་སྲང་བཅད བྱི་ལ་ཁྱིམ་དུ་སྦྱོར་བ་དང་ མལ་དུ་སྲོག་ཆགས་རངས་པོ་ཁྱེར སྟག་གཟིག་

(༡༠༠༣)འུཾ སྒྲོལ་བའི་ཕྱིར དགའ་ཆེན་རོལ་པ་གར་དགུའི་ཉམས བཏང་སྙོམས་ཆེན་པོའི་ཀློང་ནས་བསྐྱོད བསྐྱོད་དང་སྐྱོད་བྱེད་མི་མངའ་ཡང་ དམར་ཆེན་གཏོར་མ་ཆེན་པོ་དང་ གཉིས་མེད་རོལ་པའི་དམག་དཔུང་འདི བརྒྱ་བྱིན་གཡུལ་ངོར་ཆས་པ་འདྲ རི་རབ་དག་ཀྱང་མགོ་མཇུག་ལྡོག རྒྱ་མཚོ་འཆོལ་ཞིང་སྐར་ཚོགས་འཁྲུགས ལྷ་མིན་མགོ་བོ་འགས་བྱེད་ན སྡང་བའི་དགྲ་ལ་སྨོས་ཅི་འཚལ དེ་ཕྱིར་ཕོ་བྲང་སྒོ་ཕྱེ་ལ ཤུལ་ལམ་དགྲ་བོའི་ཕྱོགས་སུ་སྟོན བཟློག་བསྒྱུར་ཕྲིན་ལས་དུས་ལ་བབ གསུམ་པ་གཞི་བདག་ལ་ཕོག་ཐུག་སེལ་ཕྱིར་བརྔན་སྦྱིན་གསེར་སྐྱེམས་ནི་བླ་གབ་མེད་པའི་ས་ནས ཧཱུྃ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུར གནས་པའི་ཆེ་དགུ་གཉན་དགུ་རྣམས དབང་ཕྱུག་ང་ཡི་ཟོར་ལམ་ལ རུ་ང་ཕྲག་དོག་མ་མཛད་ཅིག སྟེང་གི་ཉི་ཟླ་སྒྲ་གཅན་ནས འོག་གི་ས་བདག་ལྟོ་འཕྱེའི་བར རྟག་ཆགས་ལྷ་སྲིན་གཉེན་པོ་ལ ཟོར་སྣ་གཏད་པའི་གནས་མེད་ཀྱི སྟེང་ན་བཞུགས་བ་ཞབས་སྡུས་ཤིག བརྔན་དུ་དཀར་གཏོར་གསེར་སྐྱེམས་འབུལ བར་ན་བཞུགས་པ་ལོགས་སུ་

(༡༠༠༤)བའི་ལྟས་ངན་ཡིན བཟློག་གོ་དམར་ཆེན་གཏོར་མས་ཟློག བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར སྤྲེའུས་རྟ་དྲེལ་མ་ཧེ་ཞོན རྒྱལ་བློན་འཕུང་བའི་ལྟས་ངན་ཡིན བཟློག་གོ་དམར་ཆེན་གཏོར་མས་ཟློག བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར མཛོ་ལ་དུར་བྱ་ཞོན་པ་དང་ འཕར་བ་གྲོང་ལ་སྙེགས་པ་དང་ སྦལ་སྤྲུལ་ཉ་གསུམ་འཐབ་ཅིང་མནོལ དྲེད་མོ་རྔ་འབྲལ་བྲང་བརྡུང་རྣམས སྡེ་བརྒྱད་ཁྲོས་པའི་ལྟས་ངན་ཡིན བཟློག་གོ་དམར་ཆེན་གཏོར་མས་ཟློག བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར བུད་མེད་ལྔ་ཚོགས་སྦར་འཛིངས་བྱེད ཤེས་བཞིན་ངོ་ཚ་མེད་པར་མནོལ འོ་དོད་དྲག་པོ་འབོད་པ་ནི མ་ཡམས་དམ་སྲིའི་ལྟས་ངན་ཡིན བཟློག་གོ་དམར་ཆེན་གཏོར་མས་ཟློག བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར གཉིས་པ་སྒོ་དབྱེ་ནི། སྒྲབ་དཀྲིས་བསལ་ནས་ཟོར་ལ་མ་བཏོད་ལ ཧཱུྃ ཚོམ་བུ་དགུ་ཡི་དཀྱིལ་འཁོར་ན ཕྱག་རྒྱ་བཞི་ལྡན་སྒོ་སྲུང་རྣམས ཐུགས་རྗེའི་ཐབས་ཀྱི་ཕྱག་རྒྱ་དང་ སྟོང་ཉིད་ཤེས་རབ་དགོངས་པ་ཡིས ཕོ་བྲང་རྣམས་ཀྱི་སྒོ་དབྱེ་ཞིག དཔལ་ཆེན་རོལ་པའི་ལྷ་ཚོགས་རྣམས དབྱིངས་ལ་རྩོལ་རྟོག་མི་མངའ་ཡང་ བྱམས་པ་ཆེན་པོས་གདུལ་དཀའ་རྣམས སྙིང་རྗེའི་མཐུ་ཡིས་

(༡༠༠༥)འུཾ སྒྲོལ་བའི་ཕྱིར དགའ་ཆེན་རོལ་པ་གར་དགུའི་ཉམས བཏང་སྙོམས་ཆེན་པོའི་ཀློང་ནས་བསྐྱོད བསྐྱོད་དང་སྐྱོད་བྱེད་མི་མངའ་ཡང་ དམར་ཆེན་གཏོར་མ་ཆེན་པོ་དང་ གཉིས་མེད་རོལ་པའི་དམག་དཔུང་འདི བརྒྱ་བྱིན་གཡུལ་ངོར་ཆས་པ་འདྲ རི་རབ་དག་ཀྱང་མགོ་མཇུག་ལྡོག རྒྱ་མཚོ་འཆོལ་ཞིང་སྐར་ཚོགས་འཁྲུགས ལྷ་མིན་མགོ་བོ་འགས་བྱེད་ན སྡང་བའི་དགྲ་ལ་སྨོས་ཅི་འཚལ༔ དེ་ཕྱིར་ཕོ་བྲང་སྒོ་ཕྱེ་ལ༔ ཤུལ་ལམ་དགྲ་བོའི་ཕྱོགས་སུ་སྟོན བཟློག་བསྒྱུར་ཕྲིན་ལས་དུས་ལ་བབ གསུམ་པ་གཞི་བདག་ལ་ཕོག་ཐུག་སེལ་ཕྱིར་བརྔན་སྦྱིན་གསེར་སྐྱེམས་ནི་བླ་གབ་མེད་པའི་ས་ནས ཧཱུྃ ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུར གནས་པའི་ཆེ་དགུ་གཉན་དགུ་རྣམས དབང་ཕྱུག་ང་ཡི་ཟོར་ལམ་ལ རུ་ང་ཕྲག་དོག་མ་མཛད་ཅིག སྟེང་གི་ཉི་ཟླ་སྒྲ་གཅན་ནས འོག་གི་ས་བདག་ལྟོ་འཕྱེའི་བར རྟག་ཆགས་ལྷ་སྲིན་གཉེན་པོ་ལ ཟོར་སྣ་གཏད་པའི་གནས་མེད་ཀྱི སྟེང་ན་བཞུགས་པ་ཞབས་སྡུས་ཤིག བརྔན་དུ་དཀར་གཏོར་གསེར་སྐྱེམས་འབུལ བར་ན་བཞུགས་པ་ལོགས་སུ་

(༡༠༠༦)བྱོལ བརྔན་དུ་གཡུ་སྔོན་ཕུད་ཀྱིས་བྲན འོག་ན་བཞུགས་པ་དབུ་ཆུམ་ཤིག བརྔན་པུ་དམར་གཏོར་གསེར་སྐྱེམས་འབུལ བདག་གི་ཟོར་སྣ་གཉན་པོའི་ལམ ཕྱོགས་རྣམས་རང་བཞིན་མེད་པའི་དབྱིངས བརྒྱུད་ནས་དམ་ཉམས་དགྲ་བོ་དང་ རྒྱལ་བའི་བཀའ་ལ་མི་ཉན་པའི འབྱུང་པོའི་ཚོགས་ལ་འཕངས་པའི་ཕྱིར ལས་ཀྱི་སྟོང་གྲོགས་གཉན་པོ་མཛོད བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད ཅེས་གཏོར་མ་འབུལ་ཞིང་གསེར་སྐྱེམས་ཕྱོགས་བཅུར་གཏོར བཞི་བཟོར་བསྐུལ་ནི། ཧཱུྃ དཔལ་ཆེན་རོལ་པའི་ཕོ་ཉ་རྣམས མིག་ནས་ཁྲག་གི་ཚ་ཚ་འཕྲོ ཁ་ནས་བྷྱོ་བཟློག་ཕཊ་སྒྲ་སྒྲོགས རལ་པ་སྤུགས་པའི་སྐྲ་གསེབ་ནས ཁྲོ་ཆུ་ཁོལ་མའི་སྐྱིན་ཐང་འབེབས རྐང་ལག་ལྕགས་ཀྱི་སྡེར་མོ་ཡིས གནམ་ས་མེད་པར་སྦར་གྱིས་འདེབས རི་ཀླུང་མེད་པར་རྗེས་ཀྱིས་འགེངས ཟས་སུ་སེམས་ཅན་གསོན་པོ་ཟ བརྣག་བའི་གནས་སུ་ཡུད་ཀྱིས་ཕྱིན གང་ལ་བྱེ་བའི་དགྲ་བགེགས་གཉིས མ་ཐོགས་མྱུར་དུ་ཁྲིད་ལ་ཤོག དང་པོར་ཞེ་སྡང་ཕ་ཡིས་བསྐྱེད བར་དུ་འདོད་ཆགས་མ་ཡི་མངལ དེ་ནས་དྲི་ཟ་ཉེ་བར་འཁོར ཐ་མ་ཉོན་

(༡༠༠༧)འུཾ མོངས་དུག་ལྔའི་རྟེན ཕུང་པོ་ཁམས་དང་སྐྱེ་མཆེད་དང་ ཚོགས་བརྒྱད་རྩད་ནས་གཅད་པའི་ཕྱིར ཀླད་པའི་དཀྱིལ་དུ་རྡོ་ཟོར་ཡ ཉན་པའི་རྣ་ལ་མཚེ་ཟོར་ཡ ལྟེ་བའི་མིག་ལ་མདའ་ཟོར་ཡ སྣོམ་པའི་སྣ་ལ་ཁྲག་ཟོར་ཡ སྨྲ་བའི་ལྕེ་ལ་ཕུར་ཟོར་ཡ དྲན་པའི་སྙིང་ལ་དུག་ཟོར་ཡ འགྲོ་བའི་རྐང་ལ་མཚོན་ཟོར་ཡ ཡུལ་མཁར་ཁྱིམ་ལ་མེ་ཟོར་ཡ ཡོར་གྱི་དབྱིག་ལ་སྒོང་ཟོར་ཡ འོག་གི་རྟ་ལ་རྩད་ཟོར་ཡ མཆན་གྱི་བུ་ལ་ཡུངས་ཟོར་ཡ རབས་ཆད་དུད་པས་སྐྱེ་བརྒྱུད་ཆོད རི་རུད་ཕུངས་ས་ཡུལ་མཁར་བསྒྱེལ ཀོང་ཟོར་འབར་བས་ཆོམ་ལ་ཕོབ ཚོན་སྐུད་སྣ་ལྔས་བྱད་དུ་ཆུག ཚོར་མའི་ཤིང་གིས་གནོད་གདུག་སློངས༔ མདའ་ཁྲས་སྐྱེས་པ་གྲི་འཐབ་སྦྱོར འཕང་ཁྲས་བུད་མེད་དུག་སྦྱོར་གཡོས ལྕགས་ཟངས་དུག་ཁྲག་མྱོས་སུ་ཆུག ཁྲམ་ཤིང་གཤིན་རྗེའི་ཁ་རུ་རྫོངས ལོ་ཟླ་ཞག་ཏུ་མ་འགྱངས་པར མིང་ཙམ་མེད་པར་ཕུང་དུ་ཆུག ཙིཏྟ་ཀུ་ལུ་ནན ཙཀྲ་རཾ ཤག་ཤག་རཾ ཁཱ་ཧི་རཾ སུ་ཏྲི་ནི ཛ་ཏྲི་ཛི ཡ་ཡ ལྔ་པ་ཆད་མདོ་ནི་ལས་གཞུང་བཞིན་བྱ དྲུག་པ་རླུང་ལ་བསྐུར་བ་ནི ཟོར་རྫས་

(༡༠༠༨)རྣམས་དྲག་སྔགས་མེ་དཔུང་བཟླ་བཞིན་པས་བཏེག་ལ ཆོས་སྐྱོང་རྣམས་ཀྱི་བསྐུལ་དང་ གོང་གི་ཐུན་གཏོར་གྱི་ཚིག་གིས་འཕངས་བར་བྱའོ བདུན་པ་ཟོར་རྗེས་གཅོད་པའི་སྲུང་འཁོར་བསྒོམ བརྒྱད་པ་བསྟན་མ་བསྐྱང་ དགུ་པ་གཏོར་མནན་ནི སྒོ་དྲུད་དུས་ལ་བྲུབ་ཁུང་བྲུས་པ་ནྀྲ་ཏྲིས་མཚན་པ་ལ་དགྲ་བགེགས་དགུག་གཞུག་བྱས་ལ་གཏོར་གཞོང་རི་རབ་ཏུ་དམིགས་པ་སྦུབ་ལ་མེ་ཆུའི་རྒྱས་འདེབས་དང་བཅས ཧཱུྃ དམ་སྲི་བྱ་བའི་སྡིག་ཅན་ཁྱོད སོགས་ཀྱིས་མནན ནང་དུ་ལོག་ལ་དངོས་གྲུབ་བླང་བ་སོགས་རྗེས་ཆོག་རྣམས་ཚང་བར་བྱའོ རྒྱུད་སྡེའི་གཞུང་དང་སྒྲུབ་སྡེའི་མན་ངག་གནད ཚད་ལ་དོན་འདི་ལ་འཕངས་པ་ཟོར་གྱི་ལས རྒྱལ་རིག་གང་ཟག་ཌཱཀྐིའི་གཏད་རྒྱལ དབང་སྒྱུར་རིག་འཛིན་དེ་ལ་རྗེས་གདམས་པས བསྟན་འགྲོར་འཆེ་བའི་གདུག་པ་ཚར་ཆོད་ཤོག ས་མ་ཡ རྒྱ་རྒྱ་རྒྱ དྷ་ཐིམ

(༡༠༠༩)འུཾ ཐུགས་སྒྲུབ་དཔལ་ཆེན་འདུས་པ་ལས རོལ་པ་ཆེན་པོའི་གཏོར་ཟློག་གི་གཟེར་ཁ་ཟབ་མོ་གུད་དུ་ཕྱུང་བ་བཞུགས རོལ་པ་ཆེན་པོའི་གཏོར་ཟློག་ལས གཟེར་ཁ་རྣམ་པ་གསུམ་སྟོན་ཏེ རྒྱལ་མཚན་རྔ་ཁྱུང་ཟ་ལམ་མོ ཀུན་ལ་སོ་སོའི་བཅའ་ག་རྣམས འོག་གི་གྱེར་དང་མཐུན་པར་སྒྲིགས དང་པོ་རྒྱལ་མཚན་རྣམ་དགུ་ཡི བགེགས་ཆེན་ཟློག་པའི་གཟེར་ཁ་ནི ཧཱུྃ དཔལ་ཆེན་ཐུགས་ལས་སྤྲུལ་པའི་ཁྱུང མཐུ་སྟོབས་རྫུ་འཕྲུལ་སྟོབས་པོ་ཆེ ཁྱོད་ཀྱིས་མི་འདུལ་གཅིག་ཀྱང་མེད ཆེ་མཆོག་སྐུ་དང་གཉིས་སུ་མེད དབུ་ལ་རིན་ཆེན་འབར་བ་ཡིས མུ་གེའི་བསྐལ་པ་ངན་པ་ཟློག གཤོག་པ་མེ་རུ་འབར་བ་ཡིས ཀླུ་བདུད་ཧུ་ལུ་ཧུ་ལུ་དང་ ཐག་བཟངས་རིས་ཀྱི་དམག་དཔུང་ཟློག གདོང་པས་གཞན་འཕྲུལ་དབང་བྱེད་དང་ མཆུ་ཡིས་ཚངས་པའི་དམག་དཔུང་ཟློག རྭ་ཡིས་སྒྲ་གཅན་གདོད་ཐུག་དང་ སྡེར་མོས་དུས་མཚན་གཟའ་སྐར་བྱང་ མཇུག་མས་ལྟོ་འཕྱེའི་ གནོད་པ་ཟློག ཧཱུྃ ཤར་ཕྱོགས་ཡང་དག་གཏོར་མའི་སྟེང་ ཤེལ་གྱི་བྱ་ཁྱུང་ཟངས་མཆུ་ཅན རྟ་མགོ་ཅན་གྱི་གདོན་བརྫིས་ནས

(༡༠༡༠)ལག་པ་བཞི་པས་ནོར་སྙིང་འབྱིན ཤར་གྱི་གདོན་ཚོགས་བཟློག་ཏུ་གསོལ ཧཱུྃ ལྷོ་ཕྱོགས་གཤིན་རྗེའི་གཏོར་མའི་སྟེང་ གསེར་གྱི་བྱ་ཁྱུང་ལྕགས་མཆུ་ཅན གྲུལ་བུམ་སྤྱིའུ་ཚུགས་གདོན་བརྫིས་ནས ཆུ་སྲིན་གཟུགས་ཅན་མིག་ཚིལ་འདྲུ ལྷོ་ཡི་གདོན་ཚོགས་བཟློག་ཏུ་གསོལ ཧཱུྃ ནུབ་ཕྱོགས་རྟ་མགྲིན་གཏོར་མའི་སྟེང་ མེ་ཡི་བྱ་ཁྱུང་གསེར་མཆུ་ཅན འདབ་བཟང་ལྦ་བ་གསུམ་པ་བརྫིས ལུས་ཕྱེད་ལྡན་པའི་གདོན་ལ་ཟ ནུབ་ཀྱི་གདོན་ཚོགས་བཟློག་ཏུ་གསོལ ཧཱུྃ བྱང་ཕྱོགས་ཕུར་པའི་གཏོར་མའི་སྟེང་ གཡུ་ཡི་བྱ་ཁྱུང་རྡོ་རྗེའི་མཆུ གནོད་སྦྱིན་འཕྲོག་མ་བརྫིས་ནས་ཀྱང་ སྟག་གི་གཟུགས་ཅན་གདོན་ལ་ཟ བྱང་གི་གདོན་ཚོགས་བཟློག་ཏུ་གསོལ ཧཱུྃ ཤར་ལྷོ་མ་མོའི་གཏོར་མའི་སྟེང་ དུང་གི་བྱ་ཁྱུང་གསེར་མིག་ཅན རྣ་བོ་ཆེ་ཡི་གདོན་བརྫིས་ནས ཝ་ཡི་གཟུགས་ཅན་བརྗེད་བྱེད་ཟ ཤར་ལྷོའི་གདོན་ཚོགས་བཟློག་ཏུ་གསོལ ཧཱུྃ ལྷོ་ནུབ་རིག་འཛིན་གཏོར་མའི་སྟེང་ ར་གན་བྱ་ཁྱུང་དངུལ་མཆུ་ཅན རྐང་པ་གཅིག་པའི་གདོན་བརྫིས་ནས

(༡༠༡༡)འུཾ མ་ཧེའི་གཟུགས་ཅན་རྒྱུ་མ་འདྲེན ལྷོ་ནུབ་གདོན་ཚོགས་བཟློག་ཏུ་གསོལ ཧཱུྃ ནུབ་བྱང་མཆོད་བསྟོད་གཏོར་མའི་སྟེང་ བྱུ་རུའི་བྱ་ཁྱུང་ལྕགས་མཆུ་ཅན མགྲིན་བཅུའི་གདོན་ལ་བརྫིས་ནས་ཀྱང་ རྔ་བོང་གཟུགས་ཅན་མགོ་ལུས་འདྲ་ལ ནུབ་བྱང་གདོན་ཚོགས་བཟློག་ཏུ་གསོལ ཧཱུྃ བྱང་ཤར་དྲག་སྔགས་གཏོར་མའི་སྟེང་ ལྕགས་ཀྱི་བྱ་ཁྱུང་ཟངས་མཆུ་ཅན མིག་མང་གདོན་ལ་བརྫེས་ནས་ཀྱང་ སྨྱོ་བྱེད་རྐང་མང་ནང་ཁྲོལ་འབྱིན བྱང་ཤར་གདོན་ཚོགས་བཟློག་ཏུ་གསོལ གདོན་གྱི་གནོད་པ་ཆེས་ཆེན འདི་ཉིད་བྱ་ཡིས་གཞན་དུ་གཉན ས་མ་ཡ རྒྱ་རྒྱ་རྒྱ གཉིས་པ་རྔ་བོང་ཟློག་པ་ནི ཧཱུྃ བཅོམ་ལྡན་དཔལ་ཆེན་རོལ་པ་ཡི ལྟས་ངན་བཟློག་པའི་ཕྱི་མོ་ནི ཅི་མི་འདྲ་བའི་རྔ་བོང་ཡིན རྨིག་པས་གླང་པོའི་འཇིགས་པ་ཟློག རྐང་བཞིས་རྟ་དྲེའུ་གོད་ཁ་ཟློག མཇུག་མས་ཕྱགས་ལུག་གོང་ཁ་ཟློག ལྟོ་བས་ས་ནང་གློ་གོར་ཟློག མགྲིན་པས་དུག་སྦྲུལ་འཇིགས་པ་ཟློག གདོང་པས་གདོང་ཅན་ལྟས་ངན་ཟློག ཟློག་བྱེད་རྔ་བོད་དཔྲལ་བ་ན གླང་ཆེན་མགོ་དགུ་སྣ་ཞགས་

(༡༠༡༢)རྡེབ རྩིབ་འཁོར་བརྟབས་པ་མན་ངག་ཡིན། དམག་དཔུང་གཡུལ་ངོ་ལངས་པ་ཟློག དཔུང་གཡས་བྱི་ལ་དཀར་པོ་བརྒྱད ནམ་རྒྱད་མདའ་འཕང་བརྒྱད་བརྒྱད་ཀྱིས རྒྱལ་པོའི་གདོན་དང་འགོང་པོ་ཟློག དཔུང་གཡོན་ཁུ་བྱུག་ཕུག་རོན་བརྒྱད ནམ་རྒྱང་མདའ་འཕང་སྔོན་པོ། བརྒྱད་བརྒྱད་ཀྱིས དམུ་ཡི་གནམ་རྡོ་དཀར་པོ། བབས་པ་ཟློག དབྱི་གཡས་སྟག་མོ་ཕྲུག་གུ་པྲ སྔགས་པ་ནང་དམེ་བྱེད་བཟློག དཔྱི་གཡོན་བྱ་མིག་ཐོད་ནག་འཁུན ཡ་རབས་རིགས་བརྒྱུད་ཆད་པ་ཟློག རྩི་བས་ལོགས་གཉིས་ཀྱི་གཡས་སུ་ནི མི་དམར་རྟ་དམར་ཞོན་པ་བརྒྱད ནམ་རྒྱང་མདའ་འཕང་བརྒྱད་བརྒྱད་ཀྱིས སེར་པོ། གཉན་ནད་ཅིར་ཡང་བརྫུ་བ་ཟློག ཧཱུྃ དེ་ལ་ཞོན་པའི་ཐན་ཁྱུང་གིས རལ་པ་ལན་གསུམ་སྤྲུགས་པ་ལས ལྷག་པའི་དམ་ཚིག་ཉི་ཤུ་དང་ འགལ་བའི་ལྟས་ངན་དགྲ་ལ་ཟློག རལ་པའི་ལན་ཕྲན་དང་པོ་ལ སྤྱང་ཀིས་སེང་གེར་རྒོལ་བ་དང་ བླ་མ་ལ་རྒོལ་ཟ་མ་ཏོག་ཏུ་དུག་སྦྱར་གཡོས ཡུམ་ལ་བརྟེན་

(༡༠༡༣)འུཾ པ། གཉིས་པར་རིན་ཆེན་ལྕུག་མ་བཅད རྡོ་རྗེའི་སྤུན་ལ་ཁྲོས་པ། གངས་རི་ཞུ་བའི་ཞུན་ཆུ་བཏུངས བླ་མ་དང་དཀོན་མཆོག་གི་དཀོར་ལ་འབག་པ། གསུམ་པར་པདྨ་ཟེའུ་འབྲུ་དབྲལ ཚངས་སྤྱོད་ཅན་ལ་སྤྱོད་པ། བུག་རྡོལ་སྣོད་དུ་བདུད་རྩི་བླུགས སྣོད་མིན་ལ་གདམས་ངག་སྟོན་པ། བཞི་པར་མ་བརྟགས་འདྲེ་ཅན་བསྲེལ༔ བྱིན་གྱིས་མ་བརླབས་པར་ཆང་འཐུངས་པ། ཤེལ་དཀར་འདམ་རྫབ་ཁྲོད་དུ་བསྐྱུར གཞན་དོན་སྤངས་པ། ལྔ་པར་སེང་གེའི་འོ་མ་ཕོ བྱང་ཆུབ་ཀྱི་སེམས་སྤངས་པ། ཡིད་བཞིན་ནོར་བུ་ཐབ་ཏུ་བསྲེགས ཆོས་དང་གང་ཟག་བཟང་པོ་ལ་སྒུར་བ། དུག་པར་ཁྱུང་གི་གཤོག་པ་བཅག ཐབས་ཤེས་ཡ་བྲལ་གྱི་ཉམས་ལེན། གནམ་ལྕགས་སྡེར་མོས་ལ་བྲང་ བཀའ་ལ་གཟུ་ལུམས་རས་ཆོད། བདུན་པར་གཅན་གཟན་ལྷག་ལ་ཟོས ཚོགས་གཏོར་ལ་འབགས་རྩོག་དང་ཕུད་ཉམས་པ། རྡོ་རྗེས་གཏམས་བའི་བག་ཆེན་བཤིག བསྐྱེད་རིམ་མི་སྒོམ་པ། བརྒྱད་པར་རྡོ་རྗེའི་གོ་ཆ་དབྲལ དམ་བཅའ་རལ་དུ་འཇུག་པ། སྒྲོན་མེ་འབར་བ་རླུང་གིས་བསད ཏིང་འཛིན་མི་གསལ་བ། དགུ་བར་འབབ་ཆུའི་འོལ་ཀ་བཅད བཟླས་བརྗོད་རྒྱུན་བཅད་པ། རིགས་ལྔའི་ཕྱག་

(༡༠༡༤)རྒྱ་འདམ་དུ་བཅུག ཕུང་ཁམས་ལ་བརྙས་པ་བྱེད་པ། བཅུ་པར་རྡོ་རྗེའི་མཁར་རྫོང་བཤིག རྟོག་གེ་བས་སྔགས་ཀྱི་ལྟ་སྤྱོད་སྟོན་པ། རྒྱལ་མཚན་རྩེ་ཡི་ནོར་བུ་དབོག བླ་མ་ལ་མོས་གུས་ལག་བ་འདི་དག་སྔགས་པ་ཐུར་ལྷུང་བའི ལྟས་ངན་ཆེན་པོ་དགྲ་ལ་ཟློག ཧཱུྃ གཤོག་རུ་གཡས་ཀྱི་དང་པོ་ལ སེང་གེ་གངས་ཀྱི་སྟེངས་སུ་ལྷུང་ རྒྱལ་པོ་དམངས་སུ་བབས་པ་ཟློག གཉིས་པར་ཁྱུང་དང་གཡུ་འབྲུག་འཐབས བློན་པོ་ནང་འཐབས་བྱེད་པ་ཟློག གསུམ་པར་རྨ་བྱ་སྒོ་ང་བཅོག རྗེ་མོ་བྱི་ནལ་བྱེད་པ་ཟློག བཞི་པར་ལོ་ཐོག་སེར་བས་འཇོམས རྗེ་བོས་འབངས་ལ་མནར་བ་ཟློག ལྔ་པར་བྲག་ལ་སྒོ་ང་བརྡབས རྒྱལ་ཁྲིམས་ཞིག་པའི་ལྟས་ངན་རྣམས བཟློག་གེ་བསྒྱུར་རོ་ཁྱུང་གིས་ཟློག གཤོག་རུ་གཡོན་གྱི་དང་པོ་ལ དགེ་སྦྱོང་འཁར་གསིལ་ཐུར་དུ་སྦུབས བསླབ་པ་ཁྱད་དུ་གསོད་པ་ཟློག གཉིས་པར་མི་རིང་གཅེར་རྒྱུག་བྱེད ཕན་ཚུན་ངོ་ཚ་ཁྲེལ་ཉམས་ཟློག གསུམ་པར་དུག་སྦྲུལ་རྒྱ་མཚོར་འཁྱིལ བསམ་སྦྱོར་ངན་པའི་གཡོ་འཁྲུགས་ཟློག བཞི་པར་བུད་མེད་བྱད་ལ་འགེབས ཕུང་སྦྱོར་དུག་གཡོས་བྱེད་པ་ཟློག ལྔ་པར་ཤྭ་བུད་ཕྱི་མ་

(༡༠༡༥)འུཾ དུ་འཇུག ཆག་ཆེ་ཉམ་ང་ཐོག་ཏུ་བབས འཇིག་རྟེན་མི་དགེར་བྱེད་པ་ཡི ཐན་ལྟས་ངན་པ་དགྲ་ལ་ཟློག ཧཱུྃ ཁྱུང་གི་མཇུག་སྒྲོ་བརྒྱད་པོ་ཡིས སྤྲིན་ལ་མེ་ཆེན་མཆེད་པ་ཟློག ཉ་ཆེན་མཇུག་མ་གཡོ་བཟློག །ཉི་ཟླ་གཟའ་ཡིས་བཟུང་བཟློག ཁྲག་གི་སེར་བ་འབབ་པ་ཟློག རླུང་ནག་འཚུབས་མ་འཁྱིལ་བཟློག ཤིང་རྟ་གཤོག་པ་ཆག་པ་ཟློག རི་ཆེན་གྲོད་པ་བརྡོལ་བ་ཟློག ཕན་ཚུན་རྒྱབ་ཀྱིས་ཕྱོགས་པ་ཡིས བདེ་སྐྱིད་འཇོམས་པའི་ལྟས་ངན་ཀུན༔ བཟློག་གོ་དམར་ཆེན་གཏོར་མས་ཟློག བསྒྱུར་རོ་ཐན་ཁྱུང་འབར་བས་སྒྱུར ཞེས་བརྗོད་ཐན་ཁྱུང་ཞལ་ཁ་བསྒྱུར ས་མ་ཡ རྒྱ་རྒྱ་རྒྱ གསུམ་པ་སྲིན་མོའི་སྡེ་དཔོན་ནི ལྕགས་ཐག་མགོ་དགུའི་ཟ་ལམ་བསྟན ཡས་རྣམས་གཞུང་བཞི་ཚོགས་བགྱིས་ལ ཧཱུྃ བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ དམ་ཉམས་སྒྲོལ་བའི་ཕྲ་མེན་མ༔ སྒྱུར་བྱེད་ཆེན་མོ་སྤྱན་འདྲེན་ནོ སྲིན་མོ་ལྕགས་ཐག་མཐོ་དགུ་ཡི མིང་ནས་ཕྱུང་གིས་གཤེགས་སུ་གསོལ དབུ་དགུ་སྟེང་ཞལ་བྱ་ཡི་དབུ དུར་བྱ་ཁྲ་དང་བཞད་ཀྱི་མགོ ནང་ཁྲོལ་གློ་སྙིང་ཟ་ཞིང་རྡམས༔ བར་གྱི་

(༡༠༡༦)དབུ་གསུམ་དུད་འགྲོའི་མགོ དོམ་དང་དྲེད་དང་ཆུ་སྲིན་གདོང་ རྩ་བཅད་ཁྲག་དང་ནང་ཁྲོལ་ཟ རྩ་བའི་དབུ་གསུམ་ཁྲོ་མོ་སྟེ གཡས་དཀར་གཡོན་དམར་དབུས་མཐིང་ནག མཆེ་བ་ཟང་ཡག་མི་རོ་ཟ སྐུ་སྟོང་ཞིང་ལྤགས་ཐོད་སྤྲུལ་བརྒྱན སྐུ་སྨད་རེ་ལྡེའི་ཤམ་ཐབས་ཅན གཡས་དགུ་སྔོན་བསྒྲལ་སྙིང་འདྲད་འཛིན གཡོན་པ་དགུ་ན་ཐོད་ཟོར་བསྣམས སྟག་དང་སྤྱང་ཀི་གླ་བ་མོན དྲེད་མོ་མནོལ་གྲི་ཁྱི་ནག་གཡག ཞབས་བརྒྱད་དྲེགས་པའི་སྙིང་གར་བརྫིས འགྲོ་བ་འདུལ་ཕྱིར་གར་སྟབས་འགྱིང་ སྐྲ་དང་ཁ་སྤུ་མེ་རུ་འབར བྷྱོ ཁྱོད་ཀྱི་སྤྲུལ་པ་བཤད་ཅི་ན སེམས་ཉིད་མ་བཅོས་མུ་ཁ་ལ སེམས་ལས་སྐྱེས་པའི་བུ་མོ་བཅུ་གསུམ་དང་ དབྱིངས་ལས་སྐྱེས་པའི་མ་མོ་བཅུ་བཞི་དང་། ཡེ་ཤེས་མ་མོ་ཉི་ཤུའོ སྣང་སྲིད་ཀུན་ཁྱབ་ཤྭ་རཱི་མ ཐམས་ཅད་དགྱེས་སྐོད་ཡུམ་ཆེན་ལྔ དགྲ་རྣམས་སྒྲོལ་བའི་ཤུགས་སྒྲོལ་དྲུག དྲག་ཤུལ་དབང་ཆེན་མ་མོ་བདུན གནོད་སྦྱིན་སྙིང་གཅོད་སྲིན་མོ་བརྒྱད བཀའ་སྡོད་བློན་མོ་ཆེན་མོ་དགུ ཡང་གབ་དབང་གི་རྒྱལ་མོ་བཞི སེམས་ལས་བསྐྱེད་པའི་མ་མོ་

(༡༠༡༧)འུཾ བཞི དམ་ལ་གནས་པའི་སྲིན་མོ་བཞི ཡིད་ལ་གདུང་བའི་མཛའ་ན་བཞི ལུས་ལས་བསྐྱེད་པའི་བུ་མོ་བཞི མ་མོ་ཀུན་གྱི་གཙོ་མོ་བཞི བདུད་རྩི་སྒྲུབ་པའི་རྒྱལ་མོ་བཞི ཕུར་བུ་སྒྲུབ་པའི་བློན་མོ་བཞི མ་མོ་ཐུན་གྱི་བདག་མོ་བཞི ལས་ལ་གཤིན་པའི་བྲན་མོ་བཞི དར་དབུགས་འཕྲོག་པའི་ལྷ་མོ་བཞི མ་མོ་རྩ་ཁྲོ་བདག་མོ་བཞི དགྲ་བོའི་སྙིང་འབྱིན་ལྷ་མོ་བཞི ཀུན་གཞི་གནས་འགྱུར་བུ་གཅིག་མ གླིང་བཞིར་དབང་བསྒྱུར་དྲག་མོ་རྒྱལ སྟོང་གསུམ་དབང་བསྒྱུར་ཛ་ཛ་ཤྭ་རཱི་མ དགྲ་ལ་དབང་སྒྱུར་དཔལ་ལྡན་རི་མ་ཏི འཇིག་རྟེན་དབང་ཅན་སྨན་མོའི་ཚོགས གཤིན་རྗེའི་ལྕམ་མོ་ཉི་ཤུ་གཅིག ལས་མཁན་མ་མོ་བརྒྱད་ཅུ་གཅིག བྱང་ཤར་མཚམས་ཀྱི་སྲིད་གཅིག་མ ཐུགས་ཀྱི་སྤྲུལ་པ་ནག་མོ་བདུན ཚོགས་ཀྱི་ནག་མོ་ཉི་ཁྲིའི་ཚོགས༔ སྐུ་ཡི་སྤྲུལ་པ་དཀར་མོ་བདུན ཚོགས་ཀྱི་དཀར་མོ་ཉི་ཁྲིའི་ཚོགས གསུང་གི་སྤྲུལ་པ་དམར་མོ་བདུན ཚོགས་ཀྱི་དམར་མོ་ཉི་ཁྲིའི་ཚོགས ཡོན་ཏན་མ་མོ་སེར་ནག་བདུན ཚོགས་

(༡༠༡༨)ཀྱི་སེར་མོ་ཉི་ཁྲིའི་ཚོགས ཕྲིན་ལས་སྤྲུལ་པ་ལྗང་ནག་བདུན ཚོགས་ཀྱི་ལྗང་ནག་ཉི་ཁྲིའི་ཚོགས ཤ་ཁྲག་དམར་གཏོར་འདི་བཞེས་ལ༔ བྱང་ཕུར་རང་གི་གཤེད་དུ་ཕོབ ལྟས་ངན་དམ་ཉམས་དགྲ་ལ་སྒྱུར ནད་དལ་ཆགས་ཆེ་ཉམས་ང་ཀུན ཟོར་བ་འདི་དང་ལྷན་ཅིག་ཏུ བཟློག་བསྒྱུར་ཕྲིན་ལས་འགྲུབ་པར་མཛོད ཅེས་ཤ་ཁྲག་དང་གཏོར་མ་འབུལ གལ་ཏེ་ལྟ་དགོངས་དང་ལྡན་པས་བསྟན་དགྲ་དམིགས་བསལ་ལ་རྦད་ན སྔོན་ལ་སྤུ་གྲིའི་སྔགས་འདི་བཟླའོ ཨེ་བཾ་རཾ་ཁཾ་ཤིག་ཙིཏྟ་གཏུབས དགྲ་བོའི་སྲོག་ལ་ཐུན རྨུག་ལིང་ཤག་རྦད བཾ་རཾ་ཁཾ་ཤག ཙིཏྟ་རྡུབས དགྲ་བོའི་སྲོག་ལ་བྲེང་བྲེང་ ཡམ་ཡམ་ཐུམ་རི་ལི་ལི་བྷྱོ ཙིཏྟ་གཟེར་ཐུན སྟམ་བྷ་ཡ་ནན ཞེས་བཟླ་ཞིང་མཆིལ་མ་ཕྱིར་བསྐྱུར་རོ དེ་ནས་བསྐུལ་ནི ཧཱུྃ གཤིན་རྗེ་ཀུན་གྱི་ལྕམ་མོ་ནི ཐུགས་ཀྱི་སྤྲུལ་པ་མགོ་དགུ་མ ཡང་སྤྲུལ་མ་བདུན་ཤ་ཟའི་ཚོགས མ་ལུས་འཇོམས་པའི་མཐུ་མོ་ཆེ ཁྲག་དང་དུག་གི་འཚོ་དཀྱིལ་ནས དུག་རླངས་མུན་ནག་འཐིབས་པ་ལས སྲིན་མོ་ཁ་འདར་མགོ་དགུ་མ བདུད་དང་མུ་སྟེགས་བྲན་དུ་འཁྲོལ། སྲིན་མོ་

(༡༠༡༩)འུཾ ཆེན་མོ་ལས་ལ་བསྐུལ དོམ་དང་ཁྱི་མོ་བླ་ལ་ཁྱེ དྲག་ཏུ་བསྐུལ་ཞིང་མཆིས་ཙ་ན སྟོང་གསུམ་ཤ་ལ་རོལ་ཞིང་གསོལ ང་ཡི་ཤ་སྐལ་གང་ན་ཡོད སྟོང་གསུམ་ཟོས་ཀྱང་ཁྱོད་མ་འགྲངས དགྲ་བོའི་ཤ་དང་ཁྲག་ལ་རོལ དྲག་ཏུ་བསྐུལ་ཞིང་མཆིས་ཙ་ན༔ རི་རབ་རྩེ་ནས་སྙིལ་ཀྱིན་འོང་ རྒྱ་མཚོའི་གཏིང་ནས་རླབས་ཀྱིན་འོང་ དམ་ཉམས་ཤ་ལ་རོལ་ལས་ཤོག དྲག་ཏུ་བསྐུལ་ཞིང་མཆིས་ཙ་ན རང་ཤ་རང་གིས་ཟ་ཡིན་འོང་ རང་ཁྲག་རང་གིས་འཐུང་གིན་འོང་ རང་ཤ་ཟོས་ཀྱང་ཁྱོད་མ་འགྲངས རང་ཁྲག་བཏུངས་ཀྱང་ཁྱོད་མ་ངོམས དགྲ་བོའི་ཤ་དང་ཁྲག་ལ་རོལ དྲག་ཏུ་བསྐུལ་ཞིང་མཆིས་ཙ་ན གནམ་ས་རི་ཀླུང་བཟློག་ཅིང་འོང་ རྒྱ་མཚོ་ཟོར་དུ་འཕེན་གྱིན་འོང་ དམ་ཉམས་དགྲ་ལ་ཟོར་དུ་རྒྱོབ དྲག་ཏུ་བསྐུལ་ཞིང་རྦད་ཙ་ན ལུས་ཅན་མ་ལུས་བྲན་དུ་འཁྲོལ དམ་ལས་འདས་པའི་ཙིཏྟ་འབྱིན དགྲ་བོའི་ཁོང་ནས་ཙིཏྟ་ཕྱུངས དྲག་ཏུ་བསྐུལ་ཞིང་མཆིས་ཙ་ན སྣང་སྲིད་བྷྱོ་

(༡༠༢༠)བཟློག་མེ་ཡིས་བསྲེགས དགྲ་བོའི་ལུས་སྲོག་བག་ཆགས་བསྲེགས དྲག་ཏུ་བསྐུལ་ཞིང་མཆིས་ཙ་ན ལུས་ཅན་བླ་ལ་རྒྱུག་ཅིང་འོང་ སྤྲུལ་པའི་ཁྱི་མོ་ནག་མོ་དགུ དགྲ་ལ་རྦོད་ལ་བླ་དང་ཕྲོལ དྲག་ཏུ་བསྐུལ་ཞིང་མཆིས་ཙ་ན སྟོང་གསུམ་ནད་ཀྱི་དྲ་བར་འཆང་ དམ་ཉམས་དགྲ་ལ་རིམས་དལ་ཕོབ དྲག་ཏུ་བསྐུལ་ཞིང་མཆིས་ཙ་ན སྣང་སྲིད་ལུས་སྲོག་དངས་སྙིགས་འབྱེད ཚེ་ཁྲག་བསྡུས་ལ་རྩ་རྒྱུད་ཆོད སྲིན་མོ་ལྕགས་ཐག་མགོ་དགུ་མ སྤྱན་ནས་ཁྲག་འཛག་ཟུ་ལུ་ལུ ཤངས་ནས་དུག་རླངས་བུན་ནེ་བུན སྙན་ནས་འབྲུག་སྒྲ་དི་རི་རི ཞལ་གྱི་རྔམ་སྒྲས་སྟོང་གསུམ་ཕུང་ གཡས་པ་དགུ་ན་སྙིང་སྦྲམ་དགུ ཐོགས་ནས་དགྲ་བོའི་ཙིཏྟ་འབྱིན གཡོན་པ་དགུ་ན་ཐོད་པ་དགུ དགྲ་ལ་ཁྲག་མདའ་དུག་གཟེར་འཕེན དགྲ་བོའི་ཁོང་དུ་དུག་མདའ་རྒྱོབ ཀླད་པ་གཤོགས་ལ་ཀླད་ཁྲག་འཐུང་ ལུས་ཀྱི་སྲོག་ཕྲོལ་ཙིཏྟ་གཏུབས ཁྲག་མདའ་དུག་ཕུར་ཐུན་ཟོར་རྒྱོབ སྔགས་བའི་སྐུ་དགྲ་སྒྲོལ་ལ་ཤོག མ་མོའི་ཁྲམ་སྣ་དགྲ་ལ་སྒྱུར བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད ཅེས་བརྗོད་དགྲ་ཡུལ་མཐོང་སར་

(༡༠༢༡)འུཾ བསྐྱལ གཤིན་རྗེ་གཤེད་ཀྱི་སྤྲུལ་པ་སྟེ གྲོང་ཡུལ་གྱེར་ན་ཤིན་ཏུ་གཉེན ཏནྟྲའི་བཅུད་དང་མན་ངག་གནད དགོངས་པར་ལྡན་པའི་རྣལ་འབྱོར་གྱིས༔ བསྟན་འགྲོའི་ཆེད་དུ་བྱ་བ་ལས བོན་གྱེར་བྱས་ན་རང་ལ་སྡིགས༔ དེ་ཕྱིར་གུད་དུ་སྦས་བའོ ས་མ་ཡ༔ རྒྱ་རྒྱ་རྒྱ གུཧྱ༔ དྷ་ཐིམ

(༡༠༢༢)

(༡༠༢༣)དཔལ་ཆེན་སྲུང་བཟློག་འཁོར་ལོ་ཡི། ཞལ་ཤེས་གནད་དོན་གསལ་པ་བཞུགས།

(༡༠༢༤)ཁྱབ་བདག་པདྨ་ཀཱ་ར་ཡི། གསང་གསུམ་མི་ཟད་ནོར་བུའི་མཛོད། །དབང་བསྒྱུར་ཀུན་མཁྱེན་འཇིགས་མེད་གླིང་། རྣམས་ཀུན་བདེ་ཆེན་འཁོར་ལོར་སྦ། འདི་ན་རོལ་པ་ཆེན་པོ་ཡི། སྲུང་དང་བཟློག་པའི་ཙི་ཀ་ཉིད། ཇི་ལྟར་འདྲི་བའི་རིམ་པ་ཡི། ཞལ་ཞེས་གནས་དོན་གསལ་བྱེད་སྤེལ། དེ་ཡང་རས་ཤོག་གང་ཡང་རུང་། ཆེ་ཆུང་འཚམས་པའི་གཞི་དོས་སུ། དང་པོ་བསྲུང་བའི་འཁོར་ལོ་ལ། དབུས་དང་པདྨ་པད་ཤུན་དང་། འཁོར་ལོ་རྩིབ་བརྒྱད་ལིང་ཚ་ལྔ། །རིན་ཆེན་ཟུན་བརྒྱད་དབྱངས་རྟེན་སྙིང་། རྡོ་རྗེ་མེ་རིའི་ས་ཆོད་དེ། མུ་ཁྱུད་དགུ་པའི་ལྟོ་བ་རུ། འབྲུ་གསུམ་བརྩེགས་པའི་སྟེང་ནས་བརྩམས། ཡིག་མོག་ཕྱིར་བསྟན་སྔགས་ཤམ་བཅས། གཡས་བསྐོར་འགྲོས་ཀྱིས་མཐའ་ནད་འཇུག །ཨོཾ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོ་ཏ་ཙིཏྟ་ཧཱུྃ། མ་མ་ཀྲོ་ཏི་ཤྭ་རཱི་སྟྭཾ། བདེ་གཤེགས་བཀའ་བརྒྱད་རོལ་པའི་བྱིན་རླབས་ཀྱིས་བདག་ཅག་རྒྱ་སྦྱོར་དང་བཅས་པར་ནད་གདོན་པར་གཅོད་ཆག་ཚོ་ཉམ་ང་བྱད་ཕུར་རྦོད་གཏོང་ལོ་ཟླའི་ཀེག་ཆག་དན་པས་སརྦ་རཀྵ དེའི་ཕྱི་འདབ་བཞི་ཕྱག་ས་མདོག་ལ། །ཤར་

(༡༠༢༥)ནས་བརྩམས་ཏེ་གཡས་བསྐོར་དུ། །ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ བཛྲ་ཀྲོ་ཏི་ཤྭ་རཱི་སྟྭཾ མ་མ་སརྦ་རཀྵ དེ་བཞིན་དུ་ལྷོར། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ རཏྣ་ཀྲོ་ཏི་ཤྭ་རཱི་སྟྭཾ མ་མ་སརྦ་རཀྵ ནུབ་ཏུ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ པདྨ་ཀྲོ་ཏི་ཤྭ་རཱི་སྟྭཾ མ་མ་སརྦ་རཀྴ བྱང་དུ། ཨོཾ་ཀརྨཱ་ཤྲཱི་ཧེ་རུ་ཀ ཀརྨཱ་ཀྲོ་ཏ་ཤྭ་རཱི་སྟོ མ་མ་སརྦ་རཀྵ རེ་ཁཱ་དམར་སེར་པད་ཤུན་དཀར། དེའི་ཕྱི་མཚོན་འཁོར་རྩིབས་བརྒྱད་བསྔོ། །ཤར་ནས་བརྩམས་པས་གཡས་བསྐོར་དུ། །ཨོཾ་བཛྲ་ཙཎྜ་རུ་ལུ་རུ་ལུ་སརྦ་དུཥཾྚ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ དེ་བཞིན་དུ་ཤར་ལྷོར། ཨོཾ་བཛྲ་ཙནྜ་མ་མ་ཡོ་གི་ནི་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ ལྷོར། ཨོཾ་བཛྲ་ཙནྜ་ཡ་མཱནྟ་ཀ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ ལྷོ་ནུབ་ཏུ། ཨོཾ་བཛྲ་ཙཎྜ་མ་ཧཱ་གུ་རུ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ ནུབ་ཏུ། ཨོཾ་བཛྲ་ཙཎྜ་ཧྱགིྷྲ་ཝ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ། ནུབ་བྱང་དུ། ཨོཾ་བཛྲ་ཙཎྜ་བི་ཤྭ་ཀཱ་ལ་སརྦ་དུཥྚི་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ བྱང་དུ། ཨོཾ་བཛྲ་ཙཎྜ་

(༡༠༢༦)ཀཱི་ལི་ཀཱི་ལ་ཡ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ བྱང་ཤར་དུ། ཨོཾ་བཛྲ་ཙཎྜ་རཱུ་དྲ་ཏནྟྲ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ ཅེས་དང་རྩིབས་མཚན་བརྒྱད་དམར་པོར། གྲུང་བའི་སྔགས་ནི་ཚར་བརྒྱད་བཀོད། ཨོཾ་ཨཱ ཨུཥིྞ་ཥ་བཛྲ་ཙཀྲ་ཝཱ་རྟ་བྷྲུཾ་སརྦ་ལོ་ཀི་སྭཱ་ཧཱ དེའི་ཕྱི་ལིང་ཚེ་ལྗང་གུ་ལྔར། མདུན་ནས་བརྩམས་ཏེ་རིམ་པ་བཞིན། ཁྲོམ་བུདྡྷ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ འཆང་བ་ལ་རཀྵ༔ མདུན་གཡས་སུ། ཁྲོམ་བཛྲ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ འཆང་བ་ལ་རཀྵ རྒྱབ་གཡས་སུ། ཁྲོམ་རཏྣ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ འཆང་བ་ལ་རཀྵ རྒྱབ་གཡོན་དུ་ཁྲོམ་པདྨ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ འཆང་བ་ལ་རཀྵ མདུན་གཡོན་དུ། ཁྲོམ་ཀརྨཱ་གེ་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ འཆང་བ་ལ་རཀྵ དེ་ཡི་ཕྱི་རིམ་རིན་པོ་ཆེ། ཟུར་བརྒྱད་གསེར་མདོག་མཆན་དམར་སེར། །སོ་སོའི་རྩིབས་དང་ཕྱག་མཆན་སྤྲད། །ཤར་ནས་རིམ་པར་རྡོ་རྗེ་མཐིང་། །བྱ་ཁྱུང་དམར་པོ་གཤོག་སྔོན་དང་། བེ་ཅོན་དམར་པོ་ཐོད་དབྱུག་དཀར། རལ་གྲི་ཐོ་བ་ཕུར་བུ་དང་། ལྕགས་ཀྱུ་རྣམས་སྔོན་རྩེ་ཕྱིར་བསྟན། །ཁྱུང་གི་ཁ་ན་རོ་ཉེ་འདྲེན། །གཞན་རྣམས་དར་འཕྱངས་སྔོན་པོས་བརྒྱན། །དེའི་ཕྱི་མུ་ཁྱུད་ལྗང་གུ་ལ། །མདུན་ནས་བརྩམས་ཏེ་གཡས་བསྐོར་དུ། །ཨ་ཨཱ ཨི་ཨཱི ཨུ་

(༡༠༢༧)ཨཱུ རྀ་རཱི ལྀ་ལཱྀ ཨེ་ཨཻ ཨོ་ཨཽ ཨཾ་ཨ ཀ་ཁ་ག་གྷ་ང ཙ་ཚ་ཛ་ཛྷ་ཉ ཊ་ཋ་ཌ་ཌྷ་ཎ ཏ་ཐ་ད་དྷ་ན པ་ཕ་བ་བྷ་མ ཡ་ར་ལ་ཝ ཤ་ཥ་ས་ཧཀྵ ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་དུནྟེ་ཤཱནྟ་ཐཱ་ག་ཏྭ་ཧྱ་ཝ་དཏ ཏེ་ཥཱཉྩ་ཡོ་ནི་དོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ བདེ་གཤེགས་བཀའ་བརྒྱད་རོལ་པའི་བྱིན་རླབས་ཀྱིས་བདག་ཅིག་རྒྱུ་སྦྱར་དང་བཅས་པར་ནད་གདོན་བར་གཅོད་ཆགས་ཆེ་ཉམ་ང་བྱད་ཕུར་རྦོད་གཏོང་ལོ་ཟླའི་ཀག་ཆགས་ངན་པས་རྦ་རཀྵ དེ་རྒྱབ་རྡོ་རྗེའི་ཕྲེང་བ་སེར། ཕྱི་རིམ་མེ་རི་ཆོས་བསྐོར་བྲི། ག་ཧེ༚་རྩི་གུ་གུལ་དང་། །བདུད་རྩི་ཨ་མྲྀ་ཏ་ཡིས་བྱུག །གཏོར་ཆེན་ཕྲག་པ་གཡས་སུ་འཕྱར། །གྲོལ་ནས་བསྲུང་བྱའི་མགུལ་དུ་བཏག ༈ གཉིས་པ་བཟློག་པའི་འཁོར་ལོ་ནི། །མུ་ཁྱུད་རིམ་པ་སྔར་བཞིན་ལས། །པདྨའི་ཆབ་ཏུ་རྩིབས་བཞི་དང་། །ཟུར་བརྒྱད་སྤངས་ལ་ཕྱག་མཚན་བཀོད། །ལྟེ་བ་མཐིང་གར་ས་བོན་ཁྲོམ། །དེ་མདུན་ནས་བརྩམས་གཡོན་བསྐོར་དུ། །ཡིག་མགོ་ནང་བསྟན་མཐའ་ཕྱིར་འཇུག །ཨོཾ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོ་ཏ་ཙིཏྟ་ཧཱུྃ མ་མ་ཀྲོ་ཏི་ཤྭ་རཱི་ཧཱུྃ་ཕཊ བདག་ཅག་དཔོན་སློབ་ཡོན་མཆོད་ལ་ནད་གདོན་ཆག་ཆེ་ཉམ་ང་བཀྲ་མི་ཤིས་

(༡༠༢༨)པའི་རིགས་དང་ཕ་རོལ་གྱི་བྱད་ཕུར་རྦོད་གཏོང་ཧོམ་པར་བསྡེབས་གཤོར་རླུང་འཁོར་དབྱེ་བསྐྲད་རྨོངས་རེངས་གནན་གཏད་མདོ་སྒྲུབ་བཙོ་ཐ་ན་མི་ཁ་དམོད་མཆུ་ངན་པ་ཐམས་ཅད་དམ་ཉམས་དགྲ་བོའི་སྟེང་དུ་བྷྱོ་བྷྱོ་བཟློག །དེའི་ཕྱི་རྩིབས་བཞི་ཕྱོགས་ཀྱི་མདོག །མདུན་ནས་གཡས་བསྐོར་མགོ་ནང་བསྟན། ཨོཾ་བཛྲ་ཤཱི་ཧེ་རུ་ཀ བཛྲ་ཀྲོ་ཏི་ཤྭརཱི་ཧཱུྃ་ཕཊ དེ་བཞིན་དུ་ལྷོར། ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ། རཏྣ་ཀྲི་ཏི་ཤྭ་རཱི་ཧཱུྃ་ཕཊ ནུབ་ཏུ། ཨོཾ་པདྨ་ཤྲཱི་ཧེ་རུ་ཀ པདྨ་ཀྲོ་ཏི་ཤྭ་རཱི་ཧཱུྃ་ཕཊ བྱང་དུ། ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ ཨོཾ་ཀརྨ་ཀྲོ་ཏི་ཤྭ་རཱི་ཧཱུྃ་ཕཊ༔ རྩིབས་མཆན་དམར་པོར་མགོན་ནང་བསྟན། བྷྱོ་ཁྲོམ་རྦད་བྲི་རྩིབས་ཤུན་སྨུག །དེའི་ཕྱི་རྩིབས་བརྒྱད་མཐིང་ཀ་ཡི། །ཤར་ནས་གཡས་བསྐོར་མགོ་ནང་བསྟན། ཨོཾ་བཛྲ་ཙཎྜ་རུ་ལུ་རུ་ལུ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ནང་པ་སངས་རྒྱས་པའི་བདེན་མཐུ་དགྲ་ལ་བྷྱོ་བཟློག དེ་བཞིན་དུ་ཤར་ལྷོར། ཨོཾ་བཛྲ་ཙཎྜ་མ་མ་ཡོ་གི་ནི་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ མ་མོའི་ནད་དལ་དགྲ་ལ་བྷྱོ་བཟློག །ལྷོར། ཨོཾ་བཛྲ་ཙཎྜ་ཨ་མནྟ་ཀ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ གཤིན་རྗེའི་གཏད་ཁྲམ་དགྲ་ལ་བྷྱོ་བཟློག །ལྷོ་ནུབ་ཏུ། ཨོཾ་བཛྲ་ཙཎྜ་

(༡༠༢༩)མ་ཧཱ་གུ་རུ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ ཉན་ཐོས་ཀྱི་མདོ་སྒྲུབ་དགྲ་ལ་བྷྱོ་བཟློག །ནུབ་ཏུ། ཨོཾ་བཛྲ་ཙཎྜ་ཧྱ་གིྷྲ་ཝ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ གཟའ་ཀླུའི་གདོན་ཚོགས་དགྲ་ལ་བྷྱོ་བཟློག །ནུབ་བྱང་དུ། ཨོཾ་བཛྲ་ཙཎྜ་བི་ཤྭ་ཀཱ་ཡ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ དྲང་སྲོང་གི་དམོད་པ་དགྲ་ལ་བྷྱོ་བཟློག །བྱང་དུ། ཨོཾ་བཛྲ་ཙཎྜ་ཀི་ལི་ཀི་ལ་ཡ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ ཕུར་པའི་གདབ་ཁ་དགྲ་ཡ་བྷྱོ་བཟློག །བྱང་ཤར་དུ། ཨོཾ་བཛྲ་ཙཎྜ་རཱུ་ཏྲ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ ཕ་རོལ་བན་བོན་གྱི་དམོད་སྔགས་དགྲ་ལ་བྷྱོ་བཟློག །རྩིབས་མཚན་དམར་སེར་བརྒྱད་དག་ལ། །རིམ་བཞིན་སྔགས་འདི་ཚར་བརྒྱད་བཀོད། ཁྲོམ་མཱ་ར་ཡ་བྷྱོ་བྷྱོ་བཟློག་བཟློག དེའི་ཕྱི་ལིང་ཚེ་ལྗང་གུ་ལྔར། །མདུན་ནས་བརྩམས་ཏེ་རིམ་པ་བཞིན། ཁྲོམ་བུདྡྷ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་དགྲ་ལ་བྷྱོ་བཟློག །མདུན་གཡས་སུ། ཁྲོམ་བཛྲ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་དགྲ་ལ་བྷྱོ་བཟློག རྒྱབ་གཡས་སུ། ཁྲོམ་རཏྣ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ བྱད་

(༡༠༣༠)ཕུར་རྦོད་གཏོང་ཐན་ལྟས་དན་པ་དགྲ་ལ་བྷྱོ་བཟློག །རྒྱབ་གཡོན་དུ། ཁྲོམ་པདྨ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ བྱད་ཕུར་རྦོད་གཏོང་ཐན་ལྟས་ངན་པ་དགྲ་ལ་བྷྱོ་བཟློག །མདུན་གཡོན་དུ། ཁྲོམ་ཀརྨ་ག་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ བྱད་ཕུར་རྦོད་གཏོང་ཐན་ལྟས་དན་པ་དགྲ་ལ་བྷྱོ་བཟློག །དེའི་ཕྱི་ཟླུམ་འཁྱིལ་དམར་པོ་རུ། ཕྱག་མཚན་སྔ་མའི་འཕྲོས་ལྟར་ལ། ཁྱུང་གི་གདོད་དང་ཕུར་བུའི་དཔལ། ཕྱི་ངོས་བསྟན་པ་ཁྱད་པར་ཡིན། དེ་རྒྱབ་མུ་ཁྱུད་ལྗང་གུ་ལ། མདུན་ནས་བཙམས་ཏེ་གཡོན་བསྐོར་དུ། ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་པདྨ་ཀྲོ་ཏི་ཤྭ་རཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ གནོད་བྱེད་གདོན་བགེགས་འབྱུང་པོའི་སྙིང་རྩལ་དུཥྚཾ་ཧཱུྃ་ཕཊ༔ ནད་པ་སངས་རྒྱས་པའི་བདེན་མཐུ་དགྲ་ལ་བཟློག །ཕྱི་པ་མུ་སྟེགས་པའི་ངན་སྔགས་དགྲ་ལ་བཟློག །གཉིས་ཀའི་དྲང་སྲོང་གི་དམོད་པ་དགྲ་ལ་བཟློག །སྔགས་པའི་བྱད་ཕུར་རྦོད་གཏོང་དགྲ་ལ་བཟློག །བནྡེའི་མདོ་སྒྲུབ་བདེན་བདར་དགྲ་ལ་བཟློག །བོན་པོའི་དབྱེ་བ་སྐྲད་བཙོ་ཟོར་དགྲ་ལ་བཟློག །ཕྲ་མན་ཀླ་ཀློའི་ངན་སྦྱོར་དགྲ་ལ་བཟློག །སྡེ་བརྒྱད་ཟ་ཁ་ཟུག་པ་དགྲ་ལ་བཟློག །བུད་མེད་ཚོགས་པའི་སྨྲ་

(༡༠༣༡)མཆུ་དགྲ་ལ་བཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དགྲ་ལ་བཟློག །གདོན་རིགས་སུམ་བརྒྱ་དྲུག་ཅུ་དགྲ་ལ་བཟློག །དེ་རྒྱབ་རྡོ་རྗེའི་ཕྲེང་བ་ཕྱི་རིམ་དམར་ནག་མེ་ཐོན་བསྐོར། །གྲི་ལྕགས་དམེ་བསྣོལ་མཛེ་ཁྲག་བྱུག །གཏོར་ཆེན་ཕྲག་པ་གཡོན་དུ་འཕྱར། །གྲོལ་དུས་ཟོར་དང་ལྷན་གཅིག་བརྔག །གང་གི་གསུང་ཟབ་ནམ་མཁའི་ཁམས། །བློ་ཆུང་འདོམ་གྱིས་གཞལ་མིན་ཀྱང་། །ནན་གྱིས་ཞལ་ཁྲིད་ཉི་གཞོན་ལས། །ཐོབ་པའི་ཕྲ་ཟོར་འདིར་བསགས་པས། །འདྲ་མིན་སྨག་ཏུ་མི་འཕྱན་པར། །གཅིག་ཏུ་ངེས་པའི་ལམ་གྲོགས་སུ། །སེམས་ཏེ་ཨ་བྷཱ་ཡ་མ་ཏིས། བཀོད་ལ་ཉེས་པས་མི་ནོངས་ཤིང་། དགེ་བས་མཐའ་ཡས་འགྲོ་བ་ཀུན། རྣམ་བྱང་ཐོབ་པའི་རྒྱུར་གྱུར་ཅིག ༈ །རྒྱུ་སྦྱོར་བ་རྩིས་དབོན་ཁྲོ་དགའི། ལྕམ་ཚེ་རིང་བུ་འཁྲིད་ནས་ཞི་ཁྲོའི་ཞིབ་དཔྱོད་ལྷན་ཐབས་འདི་དང་། ཉམས་བསྐོངས་བསྲུང་བཟློག་འཁོར་ལོའི་ཞལ་ཤེས་བཅས་པར་ཏུ་བསྐྲུན་པས་རྫོགས་བྱང་མྱུར་ཏུ་ཐོབ་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།

(༡༠༣༢)

(༡༠༣༣)ཀློང་ཆེན་སྙིང་གི་ཐིག་ལེ་ལས ཆེ་མཆོག་བདུད་རྩི་འཁྱིལ་པ་ཡོན་ཏན་འདུས་པའི་དཀྱིལ་འཁོར་བཞུགས།

(༡༠༣༤)སྲིད་གསུམ་གདོད་ནས་བདུད་རྩི་ལྔ མ་བཅོས་རང་བཞིན་ལྷུན་གྲུབ་དང དེ་ཉིད་རྒྱལ་བའི་སྐུ་གསུང་ཐུགས འབད་རྩོལ་མེད་པར་ཡེ་སངས་རྒྱས འཇིག་རྟེན་ལོག་རྟོག་ཅན་རྣམས་དང ཐེག་དམན་སྐལ་བ་ཆུང་རྣམས་དང ང་དང་བདག་ཏུ་འཛིན་པས་འཁྲུལ གཙང་དང་དམེ་བའི་རྟོགས་པས་བཅིངས རྡོ་རྗེ་འཆང་གི་ཐབས་ཚུལ་ནི སྒྱུ་མ་མཁན་གྱི་བདེ་བླག་བཞིན འདུལ་བའི་ཕྲིན་ལས་ཚད་མེད་པས གཉིས་སུ་འཛིན་པའི་རྣམ་རྟོག་བདུད ཡེ་ཤེས་རྩི་ཡི་འཇོམས་པའི་ཐབས རྨད་དུ་བྱུང་བ་འདི་བསྟན་ཏོ ས་མ་ཡ དབང་ཐོབ་དམ་ཚིག་མཆོག་ལ་གནས བསྙེན་རྫོགས་ཏིང་འཛིན་དྲོད་ཆད་བརྙེས དེ་ལས་གཞན་གྱིས་བདུད་རྩི་དང་ བམ་གྱི་བསྒྲུབ་པ་མ་ཡིན་ནོ དེ་ལ་བྱ་བའི་རིམ་པ་ནི སྒྲུབ་པ་ཆེན་པོའི་ཁོག་ནས་དབྱུང་ དཀྱིལ་འཁོར་ཆེན་པོའི་ཕྱོགས་དང་དབུས མཚན་ལྡན་ཐོད་པ་ཁ་སྦྱར་ལྔ འཁོར་ལོ་རྩིབས་བཞི་མུ་ཁྱུད་ལྡན བཅུད་ནི་སྔོན་ཚེ་དཔལ་ཆེན་པོས ཛྭ་ལ་རཀྴ་བསྒྲལ་བ་ལས བྱུང་བའི་རྩ་བརྒྱད་ཡན་ལག་སྟོང་ མངོན་པ་བྱེ་

(༡༠༣༥)དང་སྤས་པ་ནང་ རྒྱལ་བླན་སྐྱོབ་དང་བཅས་པ་ཡི གྲངས་དང་དབྱེ་བ་བསམ་ཡས་ཀྱང་ འདི་ནི་རྒྱ་གར་རིག་འཛིན་ལུགས དྲི་ཆེན་དྲི་ཆུ་རཀྟ་དང་ མཾས་བྱང་སེམས་ཆད་དང་ཆུ འོ་མ་རྣམས་པ་བརྒྱད་དག་ལ སྒྲོན་མ་ལྔ་ཡི་སྐྱོབ་སྦྱར་ཏེ ཡན་ལག་སྟོང་གིས་བུངས་བསྐྱེད་དོ དྲི་ཆེན་གླང་ཤ་ཛཱ་ཏི་ཤར ཤ་ཆེན་རྟ་ཤ་ཀ་ཀོ་ལྷ རྡུལ་དང་རྨ་བྱ་ལི་ཤུ་ནུབ དྲི་ཆུ་ཁྱུང་ཤ་གུར་གུམ་བྱང་ བྱང་སེམས་སེང་ཤ་བཟང་དྲུག་དབུས བདེ་གཤེགས་རྣམས་ཀྱི་བྱིན་རླབས་ལས ས་གཞི་ཡུམ་གྱི་རང་བཞིན་ལ བྱང་ཆུབ་སེམས་ཀྱི་ཆར་ཕབས་པས རྩི་དང་བཅུད་དུ་སྨིན་པར་བྱས ཆུ་བོ་བཅུ་ལས་གྱེས་པ་ཡིས བདུད་རྩིར་གྱུར་ཏེ་རང་བཞིན་རྒྱས༔ རྩ་བ་སྡོང་བུ་ཡལ་ག་དང་ ལོ་མ་མེ་ཏོག་ཤུན་པ་དང་ ཁུ་བ་འབྲས་བུ་སྙིང་པོར་བཅས རོ་ནུས་དྲི་དང་ཁ་དོག་ལས རྩ་བ་གཅིག་ལ་ཡན་ལག་བརྒྱད ཡོན་ཏན་སྟོང་དང་བཅས་པ་ཡིས བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་ འགྲོ་བ་ཀུན་གྱི་གསོས་སུ་འགྱུར དེ་ཡི་ཕྱིར་ན་སྣང་སྲིད་ཀྱི རྩི་དང་བཅུད་དང་རིན་པོ་ཆེ མ་ལུས་ལུས་པ་མེད་

(༡༠༣༦)པ་ཀུན དུག་ལྔ་སྨན་དུ་བསྒྱུར་བས་ན དགག་བྱ་གང་ཡང་ཡོད་མ་ཡིན མཐུན་པའི་རིགས་ཀྱིས་སོ་སོར་དབྱེ སྨན་གྱི་རྒྱལ་པོ་ཨ་རུ་ར གཙོ་གྱུར་འབྲས་བུ་གསུམ་དང་ནི ཙན་དན་དཀར་དམར་ཨ་ཀ་རུ མུ་ལ་པ་ཏི་པ་ལེ་ཀ ག་བུར་ཐང་ཆུ་ཤིང་ཚ་དང་ གྷནྡྷ་བ་ཊ་ལི་ག་དུར དུ་རུ་ཀ་དང་ཞོ་ཤ་གསུམ སྟར་བུ་རྒུན་འབྲུ་ཐལ་ཀ་རྡོར རུ་རྟ་ཉེ་ཤིང་བུ་རམ་དང་ སྦྲང་རྩི་སེང་ལྡེང་སེ་འབྲུ་སོགས རོ་དང་ནུས་པ་ཁ་དོག་གིས སྐྱོན་དུ་མི་འགྱུར་དུག་བྲལ་སྨན རྙེད་ཆད་ཀུན་གྱིས་བཅེར་ཞིང་གཏམས ཚེ་དང་ཡོན་ཏན་རྒྱས་སྒྲུབ་ཕྱིར ཡུར་བ་ཆུ་རྩ་ལུག་རུ་སེར གི་ཝང་དྲི་བཟང་བུངས་ཆེར་བསྐྱེད ཀུན་ལ་བདུད་རྩི་འཁྱིལ་པའམ རྨེ་བརྩེགས་ལ་བརྟེན་སྦྱངས་ཁྲུས་གཅེས སྟེང་ནས་དར་ཚོན་སྣ་ལྔས་དགབ ཚོན་སྐུད་རྒྱས་བཅིངས་གཟུངས་ཐག་དྲངས ལས་གཞུང་བསྲང་ལ་བཟླས་བ་བྱ དེ་ནས་ཁྲོལ་བུ་སྦྱང་བའི་ཕྱིར སྤྲོས་པ་ཅན་ལ་རིགས་བརྒྱ་དང་ རིགས་ལྔ་སོགས་སུ་སྟོན་པ་ཡང་ གང་ལ་བརྟེན་པའི་དཀྱིལ་འཁོར་དེའི ཞི་ཁྲོའི་རྣམས་པ་མ་ལུས་པ ཡོངས་སུ་རྫོགས་པར་བྱ་ཕྱིར་དང་ གཟུང་འཛིན་རྟོགས་ཚོགས་བརྒྱ་ཕྲག་གིས གཉེན་པོར་དམ་པ་རིགས་བརྒྱ་དང་ རྟོག་ཚོགས་དེ་དག་ཉོན་མོངས་ལྔ དེ་ཉིད་རིགས་ལྔས་སྦྱོང་བ་དང་ རིགས་ལ་ཐ་དད་ཞེན་པ་ཡི

(༡༠༣༧)གཉེན་པོར་གསང་ཚན་རིགས་གཅིག་གིས སྦྱོང་བར་བསྟན་མོད་དེ་ལས་འདིར ལྷར་འཛིན་རྣམ་པ་ཐ་དད་དང་ སྨན་གྱི་དངོས་པོ་རང་རྒྱུད་པར འཛིན་པའི་རྟོག་པ་བསམ་ཡས་ཀུན བདུད་རྩི་ཡོན་ཏན་དཀྱིལ་འཁོར་འདིར དུ་མར་སྣང་ཡང་གཅིག་ཏུ་བརྟག ཨཱ རང་བྱུང་སྤྲུལ་པའི་ཕོ་བྲང་དབུས ཡཾ་ལས་རླུང་གི་དཀྱིལ་འཁོར་ནི འགྱུ་བྱེད་སྟོབས་ལྡན་གཞུ་ཡི་དབྱིབས དེ་སྟེང་རཾ་ལས་བསྐལ་པའི་མེ གྲུ་གསུམ་རྣམ་ཐར་གསུམ་དུ་འབར ཀཾ་ལས་མི་མགོའི་སྒྱེད་བུ་ནི སྐུ་གསུམ་མཚོན་པའི་སྟེང་ཉིད་དུ ཨ་ལས་བྷནྡྷའི་ཕོ་བྲང་ཆེ ཕྱི་དཀར་བྱང་ཆུབ་སེམས་ཉིད་མདངས ནང་དམར་བདེ་སྟོང་ཡེ་ཤེས་མཚོན དེ་ནང་རང་བྱུང་ལྷུན་གྲུབ་རྫས གྷོ་ཀུ་དྷ་ཧ་ན་ལས་ཤ བི་མུ་མ་ར་ཤུ་ལས་སྒྲོན ཧཱུྃ་ཨཱོཾ་སཱ་ཨཱཾ་ཧཱ་དང་ནི མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ཡིག་མཚན འོག་ནས་རླུང་གཡོས་མ་སྦར་བས གདོད་ནས་དག་པའི་བདུད་རྩིར་གྱུར དེ་དབུས་རིགས་རྣམས་ཀུན་བདག་ཉིད ཆེ་མཆོག་བདུད་རྩི་འཁྱིལ་པའི་སྐུ ལྗང་སེར་ཞལ་གཅིག་ཕྱག་གཉིས་པ ཡུམ་ལ་འཁྱུད་ནས་ཐལ་མོ་བཟེད བདུད་རྩིས་

(༡༠༣༨)བཀང་བའི་བུམ་པ་འཛིན རྫས་དང་སྨན་གྱི་རྟོག་པ་སྦྱངས བྱང་ཆུབ་སེམས་ཀྱི་སྤྲིན་ཚོགས་ལས བདེ་གཤེགས་མཆོད་ཅིང་གནས་ངན་སྦྱངས འཁོར་འདས་ཀུན་གྱི་དྭངས་མའི་བཅུད བྷནྡྷའི་ནང་དུ་རོ་གཅིག་འཁྱིལ གདོད་ནས་དམ་ཡེ་དབྱེར་མེད་དུ གནས་པ་དེ་ལྟར་ཞལ་བསྐྱུར་རྗེས དྲང་སྲོང་སྨོན་སྲུང་སྤྱན་ཡང་དྲོངས ཧཱུྃ ཚངས་པ་དག་གི་གཙོ་བོ་མཆོག དུང་གི་ཐོར་ཚུགས་ཁོང་སེང་ཅན ཚངས་པ་ཀུན་སྒྲོལ་ཆེན་པོ་དང་ དྲང་སྲོང་ཆེན་པོ་ལྗང་སྔོན་དང་ ཙ་ར་ཀ་དང་ནབས་སོ་སྐྱེས ཐ་སྐར་བུ་དང་ལྷ་སྐྱབས་དང་ རྒྱུན་ཤེས་དང་ནི་གཡོན་ཕྱོགས་ལྷ ཐང་ལ་གནས་དང་མེ་བཞིན་འཇུག རྐང་གཉིས་སྤྱོད་དང་ཀ་ཡ་ན ཤིང་ཁྱེར་དང་ནི་ལྗང་སྔོན་དུ ཉི་མ་ཟླ་བ་ཀླུ་རུ་བཅས བྲམ་ཟེ་གཞོན་ནུ་སྤྲིན་དང་ནི རིན་པོ་ཆེ་དང་གྷོ་ཏེ་ཤན གཞོན་ནུ་སྲེད་དང་མགྲོན་སྐྱབས་དང་ རྩིབས་ཀྱི་མུ་ཁྱུད་འཛིན་ལ་སོགས ཁྱེད་ཅག་འཁོར་དང་བཅས་པ་ཡིས སྔོན་ཆད་བསྒྲུབས་ནས་གྲུབ་པ་བཞིན འདིར་སྤྱོན་བདུད་རྩིའི་དངོས་གྲུབ་སྩོལ དེ་དག་གཙང་སྦྲལ་གནས་པས་རྟོག་པ་བསལ་བའི་ཆོས་བཤད་པ་ནི

(༡༠༣༩)ནང་མཆོད་འཐོར་ཞིང་ ཀྱཻ སྟོང་གསུམ་འཇིག་རྟེན་ཁམས་འདི་ནི ཚངས་དང་དྲང་སྲོང་གཙང་མ་ཟ དེ་དག་གྲོལ་བར་ངས་མ་བཤད ཀླུ་དང་བྲམ་ཟེ་གཙང་མ་སྤྱོད དེ་དག་གྲོལ་བར་ངས་མ་བཤད བྱོལ་སོང་རྩ་མཆོག་ཟ་བ་ཡང་ ཇི་སྲིད་འཚོ་ཡི་བར་དུ་སྤྱོད དེ་ཡང་གྲོལ་བར་ངས་མ་བཤད རྒྱུ་དང་འབྲས་བུ་འཁྲུལ་པའི་སྒྲ ཐམས་ཅད་བདུད་རྩིའི་རང་བཞིན་ཏེ དོན་དམ་ངེས་པའི་ལུང་འདི་ཉོན ཐབས་དང་ལྡན་པས་རིག་ཅིང་རྟོགས ཆོས་ཉིད་གཅིག་ལ་ཐ་དད་པས རིགས་ལྔའི་མཚན་ཉིད་ཡོན་ཏན་རྫོགས འདི་ལྟར་རྟོགས་ན་གྲོལ་བར་འགྱུར རང་བཞིན་གདོད་ནས་དག་པ་ཡིས མཉམ་ཉིད་དབྱིངས་སུ་རབ་རྟོགས་ཤིང་ གཉིས་མེད་དོན་གྱིས་ཟིན་པ་ན ཇི་ལྟར་དམིགས་པ་བཞིན་དུ་འགྲུབ གཙང་དང་མི་གཙང་རྟོག་པ་ཡིན མཁས་པས་གཉིས་སུ་བྱ་མི་སྤྱོད སྐུ་ལྔ་ཡེ་ཤེས་རྫོགས་པའི་ཕྱིར དྲི་ཆེན་གསེར་མདོག་རྣམས་སྣང་མཛད མངོན་འགྱུར་སྤྲུལ་པ་ཆོས་ཀྱི་སྐུ བྱང་ཆུབ་སེམས་ནི་དཀར་བའི་མདོག དྲི་མ་དག་པའི་ཡེ་

(༡༠༤༠)ཤེས་སྐུ མཾ་ས་ཡིད་བཞིན་རིན་ཆེན་འབྱུང་ སྣ་ཚོགས་འབྱུང་ལྡན་མཉམ་ཉིད་ས རཀྟ་ཆགས་མེད་དམར་བ་ནི དྲི་མེད་རྣམ་དག་པདྨའི་སྐུ དྲི་ཆུ་དག་བྱེད་ལྗང་ཁུའི་མདོག ཀུན་ཏུ་དོན་གྲུབ་ལས་རབ་སྐུ སྐུ་ལྔ་ལྷུན་གྲུབ་བདུད་རྩི་ལྔ རང་གི་ལུས་ལ་ངང་གི་གནས དྲི་ཆེན་དྲི་ཆུ་རཀྟ་དང་ མཱཾ་ས་བྱང་ཆུབ་སེམས་འདི་རྣམས སེམས་ཅན་རྟོགས་པ་ལྡོག་པའི་ཕྱིར གཙོ་བོར་དང་དུ་བླང་ཞིང་སྒྲུབ༔ མ་རྟོག་གཙང་དམེ་མེད་པར་སྤྱོད ཅེས་བརྗོད་སྣོད་བཅུད་ལ་དབང་བའི སྨན་གྱི་དྲང་སྲོང་རིག་འཛིན་སོགས གཙང་དམེའི་གཉིས་འཛིན་ཀུན་སྤངས་ནས ཕོ་བྲང་དབྱིངས་ལ་བཞུགས་པ་དེས འདོད་པའི་དངོས་གྲུབ་སྩོལ་བར་བསམ དེ་ནས་སྨན་གྱི་འཛབ་ལ་འཇུག བདག་ཉིད་རང་བཞིན་དཀྱིལ་འཁོར་ནས སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ འཁྲིལ་ཏེ་མདུན་བསྐྱེད་ཐུགས་ཀར་ཞུགས དེ་ལས་འོད་འཕྲོས་འཁོར་འདས་ཀྱི དངས་བཅུད་ཕྱག་གི་བུམ་པར་འཁྱིལ ཁོལ་ཞིང་ལུད་ནས་ཞལ་དུ་ཞུགས བྱང་ཆུབ་སེམས་ཀྱི་ངོ་བོར་ཞུགས ཡབ་ཡུམ་བདེ་རོལ་སྦྱོར་

(༡༠༤༡)མཚམས་ནས བདུད་རྩིའི་ཆར་རྒྱུན་འབེབས་པར་གྱུར ཨོཾ་ཨཱཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུན་དྷ་ལིར་ས་ཡ་ན་ཏ་ན་ཛ་ཡ་གུ་ཧྱ་སིད་དྷི་ཧཱུྃ་ཧྲཱི་ཐཱ སྟོང་མཆོད་དཔལ་གྱི་ཕོ་ཉ་བསྐུལ ཐུན་གྱིས་བརྡེག་ཅིང་པྲོ་ཡིས་གཟིར བར་གཅོད་ཉུལ་ལེ་བཟློག་ལ་བརྩོན དུར་ཁྲོད་བརྒྱད་ཀྱི་བྱིན་འབེབས་བྱ ཚོགས་ཀྱི་འཁོར་ལོས་དགྱེས་བ་སྐོང་ ཁྲོལ་བུ་ཞག་གསུམ་ཚར་བའི་རྗེས ལྷ་ཡང་འོད་ཞུ་བདུད་རྩིར་བསྟིམ ཐམས་ཅད་མཉམ་པ་ཉིད་དུ་སྦྱངས སྨན་ལ་ཆེ་བའི་ཡོན་ཏན་བརྗོད མཚན་དོན་སྦྱར་ནས་མཆོད་པ་ནི ལས་གཞུང་བཞིན་དུ་ཤེས་པར་བྱ དེ་ནས་དངོས་གྲུབ་བསྡུ་བ་ནི ཡུམ་གྱི་སྨན་གཞོང་ཁྱོགས་ལས་བཏེགས ཨེ་མ་ཐེགས་ཆེན་ཁྱད་པར་ཆེ ཨེ་མ་ཐབས་ཆེན་བླ་ན་མེད ཨེ་མ་ངོ་མཚར་རྨད་བྱུང་བ ལྟ་བ་རྨད་བྱུང་ངོ་མཚར་ཆེ སྤྱོད་པ་རྨད་བྱུང་ངོ་མཚར་ཆེ ཉོན་མོངས་མ་སྤངས་ངོ་མཚར་ཆེ ཡེ་ཤེས་ལྔ་རྫོགས་ངོ་མཚར་ཆེ སྐུ་ལྔ་ལྷུན་གྲུབ་ངོ་མཚར་ཆེ ཆོས་སྐུ་གཅིག་ལ་ཐ་དད་པ རིགས་ལྔའི་དངོས་གྲུབ་འདིར་ཐོབ་བོ ཡང་དག་འཆི་མེད་དོན་བརྙེས་སོ ཞེས་བརྗོད་རྡོ་རྗེ་རྒྱལ་པོ་ཡིས ཨེ་མ་ཧོ

(༡༠༤༢)དམ་རྫས་བདུད་རྩིའི་བཅུད་འདི་ནི མཐོང་དམ་ཐོས་སམ་རེག་པས་ཀྱང་། ཐམས་ཅད་དབང་ཕྱུག་བདག་གིས་ཐོབ ཐེ་ཚོམ་མི་འཚལ་ཨ་ལ་ལ ཞེས་བརྗོས་གུ་ཧྱ་ལག་གིས་བླང་ སྒྲུབ་དཀྱིལ་ཤར་དུ་ཞིང་ལྤགས་སྟེང་ ཐབས་ཤེས་མཚོན་པའི་སྟན་གཏུན་བཞག ཡབ་ཡུམ་བདུད་རྩི་འཁྱིལ་པ་ནི ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར རྡོ་རྗེ་ཐོད་པ་གཡས་གཡོན་བསྣམས ཟུང་འཇུག་སྦྱོར་བའི་མཁའ་ཀློང་དུ སྒྲོལ་བ་ཞེ་སྡང་རྡོ་རྗེའི་ལས གནས་ངན་སྦྱངས་ཤིང་ས་ལ་བཀོད ཨོཾ་ཨཱཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་རཾ ཞེས་འཐག་ངོ་བོ་བདེ་བའི་སྨན དཀར་དམར་བྱང་ཆུབ་སེམས་ཀྱི་སྤྲིན ཉལ་ཉལ་ལྷུང་ལྷུང་འབབ་པར་བསམ། ལྷོ་ཡི་ཕྱོགས་སུ་བཙགས་བྱ་སྟེ རིག་པ་ཡེ་གྲོལ་རྡོ་རྗེ་དང་ རྟོག་ཚོགས་ཐ་དད་དབྱེ་བར་བསམ ཨོཾ་ཨཱཧཱུྃ་སརྦ་པཉྩ་ཨ་མྲཾ་ཏ་མུ་པ་ལ་ཀྲི་ཧ་ན་ཨ་པ་ན་ཧོ་ས་མ་ཡ་ཧཱུྃ་ཕཊ ནུབ་ཏུ་གཉིས་སུ་འཛིན་པའི་སེམས་ཐ་དད་མེད་པ་མཚོན་ཕྱིར་སྦྱང་ ཆང་ཆུ་འོ་མ་རིན་ཆེན་སྤྲིང་ ཨོཾ་ཨ་མྲྀ་ཏ་ཛ་གང་བྱི་ཏ་པ་ཤོདྷ་ཡ་རཏྣ་ཙིཏྟ་བི་ཤུདྡྷེ་ཀུནྡྷ་ཡི་སྭཱ་ཧཱ དབྱིངས་དང་ཡེ་ཤེས་གཅིག་ཏུ་མཚོན མཉམ་པ་ཉིད་དུ་

(༡༠༤༣)འདྲེས་པར་སྤོལ ཨོཾ་ཨཱཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་མུ་ས་ལ་ཧཱུྃ་ཧྲཱི་ཐཱ བྱང་དུ་ཆོས་མ་རྡོ་རྗེ་ཡིས དངོས་གྲུབ་སྤེལ་ཕྱིར་ཕབས་ཀྱིས་བྲན མཆོག་ཆེན་རྐང་གིས་དཀྲུགས་ཤིང་བཅལ ཨོཾ་ཨཱཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ཡ་གྷི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཧྲཱིཐཱ རང་བཞིན་བདེ་བ་ཆེན་པོའི་སྣོད ལྷ་རྫས་དམར་པོའི་སྣོད་དུ་སྩལ བྷན་དྷའི་བར་བཅུག་རྒྱ་ཆིངས་གདབ དྲོད་ཀྱི་ཐབས་ལ་མཁས་བྱས་ཏེ སྣ་ཚོགས་དར་གྱི་ན་བཟའ་བཀླུབས དབུ་རྒྱན་བཅིངས་ཤིང་རྡོ་དྲིལ་བསྣོལ ཕོ་བྲང་ཆེན་པོར་མངའ་གསོལ་བྱ སྟེང་ནས་གཟུངས་ཐག་དྲོང་བྱ་ཞིང་ འོག་ཏུ་དྲོད་འབེབས་མར་མེ་སྦར དེ་ཡང་དུར་ཁྲོད་རྫས་ལའོ དེ་ནས་མཆོད་པ་བཟང་དུ་བཤམས བདག་དང་མདུན་བསྐྱེད་སྒྲུབ་རྫས་གསུམ རོལ་པ་གཅིག་ཏུ་ཤེས་པ་ཡིས དཔལ་ཆེན་འདུས་པའི་ལས་གཞུང་བསྲང་ རྩ་བའི་བཟླས་པ་ཐོན་པ་དང་ འཛག་ཁང་དབྱེ་སྟེ་མདུན་བསྐྱེད་ནི དཀྱིལ་འཁོར་དྲུག་དང་སྦྱོར་བ་བརྒྱད འདུས་པའི་རྣམ་པར་ཞལ་སྒྱུར་ནི ཕཊ་ཛ གཞལ་ཡས་ཕོ་བྲང་ཆེན་པོའི་དབུས ཡི་ལས་རླུང་དཀྱིལ་གཞུ་དབྱིབས་ཅན རཾ་ལས་མེ་དཀྱིལ་གྲུ་གསུམ་འབར ཨ་ལས་ནོར་བུ་རིན་པོ་ཆེ སྲུབས་མེད་བྷནྡྷ་འབར་བའི་སྣོད བདུད་རྩི་རང་བྱུང་གཞལ་ཡས་ཁང་ རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་

(༡༠༤༤)མཉམ དེ་དབུས་པདྨོའི་གེ་སར་ལ བདེ་སྟོང་ཐབས་ཤེས་ཉི་ཟླའི་གདན འོད་ཟེར་ཀུན་ནས་འབར་བའི་སྟེང་ དངོས་གྲུབ་ཆེན་པོའི་རང་བཞིན་ནི ཤ་ལྔ་བདུད་རྩི་ལྔ་ཡི་སྟེང་ ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ་ལས་ནི རྡོ་རྗེ་འཁོར་ལོ་རིན་པོ་ཆེ པདྨ་རྒྱ་གྲཾ་ཡིག་འབྲུ་ལྔས མཚན་པ་ཡོངས་གྱུར་སངས་རྒྱས་ལྔ ཡབ་ཡུམ་མཉམ་སྦྱོར་བདུད་རྩིར་ཞུ དེ་སྟེང་དཔའ་བ་འབྲུ་ལྔས་མཚན བདུད་རྩི་རང་བྱུང་དཀྱིལ་འཁོར་ནི སྣང་ལ་རང་བཞིན་མེད་པར་གསལ ཨོཾ་ཨཱཧཱུྃ་སྭཱ་ཧཱ། དཀྱིལ་འཁོར་བདག་པོ་ཡབ་ཡུམ་གྱི བྱང་ཆུབ་སེམས་ཀྱི་སྤྲིན་ཚོགས་ལས སྟོང་གསུམ་འཇིག་རྟེན་ཁྲོ་བཅུས་གང་ བགེགས་རྣམས་སྟོངས་ཤིང་ཟད་སར་བསྒྲལ སླར་འདུས་བདུད་རྩིའི་ཕོ་བྲང་གི ཕྱོགས་མཚམས་སྟེང་འོག་བཅུར་བཞུགས་ནས བགེགས་འདུལ་སྲུང་བའི་ལས་མཛད་གྱུར ཨོཾ་བཛྲ་ཀྲོ་དྷ་ཧཱུྃ ཀཱར་ཧཱུྃ ཞེས་ཕོ་བྲང་གི་སྟེང་གི་ནམ་མཁར་ཧཱུྃ་མཛད་དང་ དེ་བཞིན་དུ བི་ཛ་ཡ ནཱི་ལ་དཎྜ། ཡ་མཱནྟ་ཀ། ཨཱརྱ་ཨ་ཙ་ལ། ཧྱ་གིྟྲ་ཝ ཨ་བ་ར་ཛཱི་ཏ་ཨ་མྲྀ་ཏ་ཀུན་ལི། ཏྲཻ་ལོ་ཀྱ་བཱི་ཛ་ཡ། མ་ཧཱ་བཱ་ལ་ཧཱུྃ། ཞེས་འོག་གི་མེ་དཀྱིལ་ཀློང་ན་སྟོབས་པོ་ཆེ་བཞུགས་པར་གསོལ་ལོ རང་བྱུང་བདུད་

(༡༠༤༥)རྩིའི་ཕོ་བྲང་སྟེང་ འགྲོ་འདུལ་ཁྲོ་བོའི་དཀྱིལ་འཁོར་གྱིས བསྟེན་པའི་ཚུལ་དུ་ཁྲག་འཐུང་བཞི ཞལ་གཅིག་ཕྱག་གཉིས་ཡུམ་དང་འཁྲིལ ལས་མདོག་རང་རྟགས་ཐོད་པ་བསྣམས གཡས་གཡོན་ཞབས་ཀྱིས་ཕྱོགས་མཚམས་ཀྱི ཏ་ཀྲི་ཏ་བརྒྱད་པོའི་དབུ་ནས་བརྫིས༔ ཁྲོ་བོ་བཞི་ཡི་སྟེང་ཉིད་དུ བཛྲ་ཧེ་རུ་ཀ་ཡབ་ཡུམ མཐིང་ནག་ཞལ་གསུམ་ཕྱག་དྲུག་པ གཡས་གསུམ་རྩེ་དགུ་རྩེ་ལྔ་ཞིང་ གཡོན་གསུམ་དྲིལ་བྷན་ཁ་ཊཾྭཱ་བརྣམས ཞབས་བཞིས་རིགས་བཞིའི་ཁྲག་འཐུང་མནན སྐུ་གདུང་འབར་བའི་དཀྱིལ་འཁོར་ནི བདེ་ཆེན་ངང་དུ་དགྱེས་པར་བཞུགས དེ་སྟེང་དབྱིངས་མ་བདེ་རོལ་ཉམས གེལ་བའི་འདུག་སྟངས་ཞབས་བརྒྱད་ཀྱིས བཛྲ་ཁྲག་འཐུང་དབུ་གཉིས་བརྫིས རྩ་ཞལ་ཡུམ་གྱི་མཁའ་ལ་རྫོགས ཡེ་ཤེས་སྤྱན་གྱི་ཕྱེད་ནུབ་ཚུལ ནམ་མཁའི་མདོག་ཅན་བཅོ་བརྒྱད་ཕྱག རྩ་ཕྱག་རྡོར་དྲིལ་ཐུགས་ཀར་བསྣོལ གཡས་བརྒྱད་གནས་ཀྱི་མ་མོ་བརྒྱད གཡོན་བརྒྱད་ཡུལ་གྱི་ཕྲ་མེན་བརྒྱད ཕྱོགས་མཚམས་བརྒྱད་དུ་གཟིགས་

(༡༠༤༦)པའི་ཞལ བདེ་བའི་ཉམས་བརྒྱད་ཀུན་ཏུ་མཚོན དབུ་མའི་ཞལ་ལ་གསང་མཆོད་རྫོགས མཁའ་མཉམ་ཀློང་གི་དཀྱིལ་འཁོར་ནི གསལ་ལ་མ་འདྲེས་ལྷུན་གྱིས་གྲུབ མ་མ་ཀྲོ་ཏི་ཤྭ་རཱི་སྟྭཾ། དེ་སྟེང་ཆེ་མཆོག་ཧེ་རུ་ཀ སྐུ་ནི་སྨུག་ནག་དབུ་ཉེར་གཅིག བཞི་བཅུ་རྩ་གཉིས་ཕྱག་མཐིལ་ན ཐབས་ཤེས་ཞི་བའི་ལྷ་ཚོགས་བསྣམས ཞབས་བརྒྱད་ཡུམ་གྱི་དབུ་བརྒྱད་སྦྱོར ཡུམ་ཞལ་དབུ་མའི་སྨིན་མཚམས་མཁར རྡོ་རྗེ་ནོར་བུའི་སྦྱོར་བ་རྫོགས རྩ་ཞལ་ལྗགས་སྟེང་ཉི་ཟླའི་སྟེང་ སྲས་མཆོག་ས་ནུ་ཧེ་རུ་ཀ མདོག་དཀར་གསང་བ་ཡུམ་དང་བཅས ཞལ་གཅིག་ཕྱག་གཉིས་ཚོན་གང་པ ཕྱག་གཉིས་ཉི་ཟླའི་གའུ་སྦྱོར ལྗགས་སྟེང་འབྲུ་དགུའི་སྔགས་ཀྱིས་བསྐོར འཆི་མེད་རྡོ་རྗེའི་དཀྱིལ་འཁོར་ནི གསལ་བརྟན་གཟི་བྱིན་འོད་དུ་འབར ཨོཾ་ཨཱཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཋ་ སྐུ་གདུང་འབར་བའི་ལྡིང་གུར་འོག བདུད་རྩི་རང་བྱུང་དཀྱིལ་འཁོར་དབུས རྒྱ་གྲམ་འབར་བའི་ལྟེ་བ་རུ ཧྲཱི་ལས་དབང་ཆེན་རྟ་གདོང་ཞལ མདོག་དམར་ཞལ་གསུམ་ཕྱག་བཞི་པ གཡས་གཉིས་

(༡༠༤༧)པདྨ་བྷཉྫ་དང་ གཡོན་གཉིས་རྒྱ་གྲམ་སྡིགས་མཛུབ་མཛད གྲྭ་བཞིའི་ཡུམ་གྱི་མགུལ་ནས་འཁྱུད མི་ཕམ་ཁྲོ་གཉེར་རལ་གཅིག་མ རོ་ལངས་མ་བཞི་ལས་མདོག་ཅན སྐུ་སྨད་བདུད་རྩིའི་ནང་དུ་ནུབ གྲི་གུག་ཐོད་འཛིན་བདེ་སྟོང་ཕྱག ཡབ་ཀྱི་བརླ་བཞིར་དགྱེས་པར་འཁྲིལ ལྷུམས་དང་ཞབས་བཞིར་མཉམ་པར་སྦྱོར ཀུན་ཀྱང་བདེ་བ་ཆེན་པོའི་ཉམས སྦྱོར་བ་བརྒྱད་དུ་འབར་བ་ཡི སྒྲ་དང་འོད་ཀྱི་བརྟུལ་ཞུགས་ཀྱིས བདེ་གཤེགས་མ་ལུས་སྤྱན་དྲངས་ནས ཡེ་ཤེས་ལྔ་ཡི་དབང་བསྐུར་ཞིང་ རྡོ་རྗེ་གསུམ་དུ་རྒྱས་གདབ་པོ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་ས་བྷ་ཝ་ཨཱཏྨ་ཀོ྅་ཧཾ དེ་བཞིན་དུ ཝཱཀྐ་བཛྲ། ཙིཏྟ ཨ་ནུ་རཱ་ག ཀརྨ་བཛྲ ཞེས་སྦྱར སྤྱན་འདྲེན་མཆོད་བསྟོད་རྣམས་ཡེ་ཤེས་སྐུ་མཆོག་མའི་ཚིག་ཕྱིར་སེམས་གཞོལ་ཏེ མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད ཀྱི་བར་བརྗོད། སྨན་སྲུང་སྤྱན་དྲངས་རྟོག་པ་བསལ ཛབ་བསྐུལ་དམིགས་པའི་ཏིང་འཛིན་ནི མེ་དང་འདྲ་ལ་བཟླས་བརྗོད་ཀྱི རླུང་གིས་བར་མཚམས་མེད་པར་བསྐུལ དཀྱིལ་འཁོར་བདག་པོ་ཧེ་རུ་ཀའི ཐུགས་ཀར་

(༡༠༤༨) ཉི་དཀྱིལ་ཨ་ཡིག་ལ དགུ་པའི་སྔགས་ཕྲེང་གཡས་སུ་འཁོར དེ་ལས་འཕྲོས་པའི་འོད་ཟེར་གྱིས རླུང་གཡོས་མེ་སྦར་བདུད་རྩི་ཁོལ སྒྲ་དང་བཅས་པའི་ཟེགས་རླངས་ལས བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོས ཆེ་མཆོག་རྩ་བའི་དཀྱིལ་འཁོར་ལྔ མཉེས་བྱས་ཐུགས་དམ་གནད་ནས་བསྐུལ ཡོངས་རྫོགས་སྐུ་ཡི་དབྱིངས་བརྒྱུད་དེ སྲས་མཆོག་ས་ནུ་ཧེ་རུ་ཀའི ལྗགས་ཀྱི་སྔགས་འཁོར་རབ་ཏུ་བསྐུལ དེ་ཡི་འོད་ཀྱིས་ཞིང་ཀུན་གཡོས བདེ་གཤེགས་མ་ལུས་མཆོད་བས་མཉེས མཁྱེན་བརྩེ་ནུས་པའི་ཡོན་ཏན་དང་ ཡེ་ཤེས་ལྔ་ཡིས་བདུད་རྩིའི་བཅུད འོད་ཀྱི་རྣམ་པར་ཚུར་བསྡུས་ནས ལྗགས་ཀྱི་འཁོར་ལོ་ལ་བརྒྱུད་དེ དཀྱིལ་འཁོར་ལྔ་ཡི་སྐུའི་དབྱིངས་བརྒྱུད སྦྱོར་བའི་ལཾ་ནས་བདུད་རྩིར་བབས དབང་བསྐུར་བྱིན་བརླབས་གསལ་བརྟན་འབར སྦྱོར་བ་བརྒྱད་དུ་རྣམ་པར་རོལ ས་མ་ཡ་ཧོ ས་མ་ཡ་སྟྭཾ རླ་ག་ཧོ རཱ་ག་ཡཱ་མི ཨ་ལ་ལ་ཧོ བྷོ་དྷི་ཙིཏྟ་སྤ་ར་ཎ་ཕཊ༔ བརྡ་དང་བརྡ་ཡན་གྱིས་བསྐུལ་ཏེ སྟོང་པ་ཤིན་ཏུ་ཡོད་མེད་མཐུས སྲིད་པའི་འདོད་པ་རྣམ་དག་པ བདེ་མཆོག་བདེ་བའི་རོལ་མོར་འཁྲོལ སྦྱོར་མཚམས་

(༡༠༤༩)བརྒྱད་ནས་བྱང་ཆུབ་སེམས ཞིང་ཁམས་ཀུན་ཏུ་ཁྱབ་པར་འཕྲོས འཕགས་པ་མཆོད་ཅིང་གཞན་དོན་བྱས སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དབྱིགས འབྱུང་བས་བསྡུས་པའི་དངས་མའི་བཅུད ཀུན་ཀྱང་བདུད་རྩིའི་རང་བཞིན་ཏེ མུ་ཏིག་དཀར་པོ་དྲི་མེད་ལྟར རང་བཞིན་དཀྱིལ་འཁོར་ལ་ཐིམ་ཞིང་ སྤྲུལ་པའི་འཁོར་ལོར་འཁྱིལ་པར་གྱུར ཨོཾ་ཨཱཧཱུྃ་བཛྲ་ཨ་མྲྀ་ཧཱུྃ་ཧྲཱིཋ་ ཚིག་སྒྲིལ་བརྩོན་ཞིང་སྟོང་ཚིག་བརྗོད ཁོར་ཡུག་གསུང་མི་ཆད་དུ་བཟླ ཉུལ་ལེ་འོང་བའི་དུས་དྲུག་ལ ཕོ་ཉ་བསྐུལ་ཞིང་གཉེན་པོར་བསྐྲད སྤོས་རོལ་དང་བཅས་བྱིན་ཡང་དབབ བཞི་འམ་དྲུག་ཏུ་ཚོགས་འཁོར་བསྐོར ཐེ་ཚོམ་མེད་ན་ངེས་པར་འགྲུབ བསྐྱེད་རིམ་བསལ་ལས་ལྷ་མར་སྟོན བཟླས་བརྗོད་དག་པར་ཡ་མཚན་སྒྲ ཏིང་འཛིན་གསལ་ལས་འོད་དུ་འབར། སྨན་ཆ་སྙོམས་ལས་དྲི་དང་རླངས དམ་ཚིག་དག་ལས་མང་དུ་འཕེལ རྟགས་ལ་རློམ་སེམས་མི་བསྐྱེད་ཅིང་ མ་གྲུབ་སྤོགས་པའི་ཆོ་ག་བྱ གཡེལ་དང་ཞུད་པ་དམ་པོས་བཅས ཉམས་དང་འདྲེས་འཐབས་ཀྱིས་བསལ ཞིག་རལ་གསོ་བ་ཤིན་ཏུ་གཅེས དེ་ནས་གནད་བསྐུལ་སྔགས་ཀྱི་སྒོ ཨར་ལི་དང་ཕཻཾ་ཀྱི་མདེའུ སྒྲུབ་པའི་སྔགས་ཀྱི་མངའ་ལ་བསྐྱོན སྐལ་བ་རབ་ཀྱིས་ཐད་དང་ཞག འབྲིང་གིས་བདུན་ལ་

(༡༠༥༠)ཐམས་ཅད་ཀྱང་ ཉི་ཤུ་གཅིག་ལ་རྟགས་མཚན་རྣམས མཐོང་འགྱུར་འདི་ལ་ཐེ་ཚོམ་མེད དེ་ལྟར་མཐོང་ནས་ཨ་བེ་ཤས སྦྱོར་བ་བསྐུལ་ཏེ་བྱང་སེམས་དབབ པྲ་བེ་ཤ་ཡིས་གསང་སྒོ་དབྱེ ཀུནྡྷ་ལི་ཡིས་སྣོད་དུ་བསྐྱིལ ཧོ ཆེ་མཆོག་བདུད་རྩིའི་དཀྱིལ་འཁོར་འདིར ཡབ་ཡུམ་སྦྱོར་བའི་སྐུའི་དབྱིངས་ལས གཉིས་མེད་བྱང་ཆུབ་སེམས་ཀྱི་སྤྲིན མུ་ཏིག་འདུ་བའི་ཟིལ་བ་བཞིན འཕོ་ཞིང་གཡེ་བར་འབབ་པ་ཡང་ འཛག་བདེའི་སྲིད་པ་རྣམ་དག་པས རང་བཞིན་མེད་པར་འཁྱིལ་ཞིང་གནས ཨེ་མ་ཧོ འདི་ནི་རྡོ་རྗེའི་དམ་ཚིག་སྟེ སྣང་སྲིད་བདུད་རྩིར་སྨིན་པའི་ཕྱིར པདྨོ་ནོར་བུའི་གྲོང་ཁྱེར་ལས དངུལ་ཆུ་བཞིན་དུ་འདར་འཕྲིག་བཅས སྲིད་གསུམ་བྷནྡྷའི་སྣོད་དུ་བསྐྱིལ ཆགས་པ་ཀུན་བྲལ་སྐྱེ་མེད་དབྱིངས གཉིས་མེད་དོན་ལ་སྣ་ཚོགས་སྟོན ཨོཾ་ཨཱཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཨཱ་བ་ཤ་ཡ པྲ་བེ་ཤ་ཡ་ཕཻཾ་ཕཻཾ ཀུནྡྷ་ལི་ཧཱུྃ་ཧྲཱི་ཋཱ ཞེས་བཟླ་སྐབས་སུ་འདི་ལྟར་བསྐུལ། ཧཱུྃ ང་ནི་དཀྱིལ་འཁོར་ཀུན་བདག་ཉིད རྒྱལ་ཀུན་གསང་བའི་གཏེར་ལ་དབང་ ཁྲག་འཐུང་དཀྱིལ་འཁོར་ལྷ་ཚོགས་རྣམས ཐུགས་དམ་དབང་གིས་སྤྱན་འདྲེན་གཤེགས བླ་ན་མེད་

(༡༠༥༡)པ་རྡོ་རྗེ་ཡི དམ་ཚིག་མཆོག་དེ་བདག་སྒྲུབ་ན ཐུགས་ཀྱི་དགོངས་པར་མི་མཛད་ཅིང་ སྒྲུབ་པའི་འབྲས་བུ་གང་ཡིན་པ འདི་རུ་སྩོལ་བར་མི་མཛད་ན རྡོ་རྗེའི་ཕྱག་རྒྱ་གང་དུ་གཉན སྐུ་གསུང་ཐུགས་ཀྱི་ཡལ་གམ་ལ དགོངས་ནས་མཆོག་དང་ཐུན་མོངས་གི དངོས་གྲུབ་མ་ལུས་སྩལ་དུ་གསོལ ཅེས་པས་གནད་དབབ་སྦྱར་སྤོས་སྲེག དེ་ནས་བདུད་རྩི་དབང་དུ་བྱ ལྷ་སྔགས་ཏིང་འཛིན་ནུས་པས་བསྡུ ཧཱུྃ རྟ་མགྲིན་དབང་གི་དཀྱིལ་འཁོར་ནས རིགས་ཀྱི་ལྷ་མོ་བཞི་ངང་བཅས བདུད་རྩི་ལྔ་དང་འབྱུང་ལྔའི་བཅུད མཉམ་སྦྱོར་བྱང་ཆུབ་སེམས་སུ་སྡུད དེ་ཉིད་སྨན་དང་རོ་གཅིག་པ འཆི་མེད་བདུད་རྩིའི་དངོས་པོ་ཅན དངས་མ་འོད་ཟེར་ལྔའི་རྣམ་པས བདག་གི་སྙིང་དབུས་ཞུགས་པར་གྱུར ཨོཾ་ཨཱཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧ་ཡ་གྷྲིཝ་ཧུ་ལུ་ཧུ་ལུ་བྷནྡྷ་བྷནྡྷ་ཧཱུྃ་ཧྲཱིཋཱ བརྒྱ་རྩ་བརྒྱད་བཟླ་དངོས་གྲུབ་ནི གཞན་གྱིས་མི་འཕྲོག་བདག་ཐོབ་བསམ དེ་ལྟར་སྒྲུབ་པ་ཐོན་པ་ཡི ནངས་པར་ཚོགས་འཁོར་བཟང་དུ་བཤམས ཚེ་གལ་ལ་སོགས་དངོས་གྲུབ་རྫས ཇི་ལྟར་ཚོགས་པ་བཞིན་དུ་བསྡུ ཕྲིན་ལས་གཞུང་བསྲང་བཟླས་པའི་རྗེས དངོས་གྲུབ་བསྐུལ་

(༡༠༥༢)བའི་འཛབ་ལ་འཇུག རྡོ་རྗེ་སློབ་མར་བཅས་པ་ཡིས ཞུན་ཆེན་མར་མེ་ལག་ཏུ་བཏེག ཧཱུྃ བདག་ཅག་རིག་འཛིན་སྒྲུབ་པ་པོས ལོངས་སྤྱོད་དུར་ཁྲོད་རྫས་ལ་བརྟེན སྡོད་བུ་དུར་ཁྲོད་རས་ལ་གཏམས ཚིལ་ཆེན་མར་མེ་སྐར་ལྟར་བཀྲ བསྐྱེད་རིམ་བཟླས་བརྗོད་རྒྱུན་མ་བཅས གདུང་བ་དྲག་པོའི་ངར་དང་ལྡན དཔལ་ཆེན་ལྷ་ཚོགས་ཐུགས་དམ་བསྐངས དམ་ཅན་རྣམས་ཀྱང་དམ་ལ་འདུ རྡོ་རྗེའི་དམ་ཚིག་ཆེན་པོ་འདིའི བཀའ་ཡི་སྡུད་པོ་འཇམ་དཔལ་དང་ ས་ཡི་སྙིང་པོ་ལ་སོགས་ཀྱང་ ཐུགས་དམ་བསྐུལ་ལོ་བརྟུལ་ཞུགས་བསྐྱེད དངོས་གྲུབ་བསྐུལ་བའི་དུས་ལ་བབ སྐུ་གསུང་ཐུགས་དང་ཡོན་ཏན་དང་ ཕྲིན་ལས་འདུས་པའི་དབྱིག་ཆེན་པོ བདུད་རྩིའི་རྫས་ལ་བརྟེན་ནས་སྩོལ ཨོཾ་ཨཱཧཱུྃ སརྦ་པཉྩ་ཨ་མྲྀ་ཏ་མཉྫུ་ཤྲཱི་བྷྱ་བ་ལོ་ཀི་ཏི་ཧཱུྃ་ཧྲཱིཋ ཨ་ཧོ་སུ་ཁ་དྷརྨ་ཀཱ་ཡ་ན་ཨ་མྲྀ་ཏ་སིདྡྷི་ཧཱུྃ་ཧྲཱིཋ བརྒྱ་རྩ་བཟླས་ཏེ་དངོས་གྲུབ་བསྐུལ ཚོགས་འཁོར་བསྐོར་ཞིང་པོར་བཤགས་བྱ དེ་ནས་དངོས་གྲུབ་བླང་བ་ནི དཀྱིལ་འཁོར་བསྐོར་ཞིང་སློབ་དཔོན་གྱིས གཡོན་པའི་མཐེབ་སྲིན་སྦྱར་བྱས་པའི སྙིམ་པ་བདུད་རྩིའི་སྟེང་ནས་དགབ། ཧོ དཔལ་ཆེན་དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་

(༡༠༥༣)གསོལ བདུད་རྩི་སྒྲུབ་པའི་ཞགས་གྲངས་ད་ནངས་ཐེམ བདུད་རྩི་བསྒྲུབ་པའི་དམ་ཚིག་དེ་རིང་རྫོགས རྡོ་རྗེའི་ནམ་ལངས་དངོས་གྲུབ་ཉི་ཟླ་ཤར ཐུགས་དམ་དུས་ལ་བབ་པོ་ཐུགས་རྗེ་བསྐྱེད སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ལྔའི གསང་བ་བསམ་གྱིས་མི་ཁྱབ་བདུད་རྩིའི་ཆོས སྐྱེ་འཆི་མེད་པའི་དངོས་གྲུབ་ཆེན་པོའི་དབྱིག རིག་འཛིན་སྒྲུབ་པའི་རྫས་ལ་བརྟེན་ནས་སྩོལ གྲུབ་ཆེན་བརྒྱད་དང་འཕྲིན་ལས་རྣམ་པ་བཞི འདུ་བ་གསུམ་དང་འབར་བ་རྣམ་པ་གསུམ། དཔལ་བཅུའི་ཡོན་ཏན་མངོན་ཤེས་རྫུ་འཕྲུལ་སྟོབས མི་བརྗེད་གཟུངས་དང་གཡུང་དྲུང་ལྟ་བུའི་ཚེ རིགས་འཛིན་བཞི་དང་སྐུ་ལྔ་ལྷུན་རྫོགས་པ མ་ལུས་ལུས་པ་མེད་པའི་དངོས་གྲུབ་ཀུན ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ། །ཅེས་བརྗོད་བདུད་རྩིའི་ཕོ་བྲང་ལ དངོས་སུ་སྤྱད་ཕྱིར་གསང་སྔགས་འདིས རིག་པའི་མེ་ཏོག་དོར་བྱར་བྱ། །ཨོཾ་བྷི་བྷི་ཙིཏྟ་ཀཱ་ཡ་ཝཱཀྐ་ཙིཏྟ་མ་ཧཱ་ས་མ་ཡ་ཧ དེ་ནས་བདུད་རྩིའི་ཕོ་བྲང་དེ དངོས་གྲུབ་རྟེན་རིགས་མ་གྱིས་སྤྱན་དྲངས་ལ རྡོ་རྗེའི་བདེ་ཆེན་རྒྱལ་པོའི་སྤྱི་གཙུག་གནས་སུ་བཀོད བདག་ཉིད་རང་བཞིན་དཀྱིལ་འཁོར་ལ སྤྲུལ་

(༡༠༥༤)བའི་དཀྱིལ་འཁོར་མདུན་བསྐྱེད་ཐིམ་པར་བསམ། བདུད་རྩི་དཀྱིལ་འཁོར་ལྷ་ཚོགས་རྣམས བདག་ཉིད་རང་བཞིན་འཁོར་ལོ་ལ ཆུ་ལ་ཆུ་བཞག་ལྟ་བུའི་དང་ གཉིས་མེད་ཡེ་ཤེས་རང་དབང་བསྐུར དབང་གི་ནང་ནས་དབང་ཆེན་པོ སྒོ་གསུམ་སྐུ་གསུང་ཐུགས་དང་འདྲེས བསྐུར་ཐོབ་གཉིས་མེད་བདེ་ཆེན་དང་ རང་རིག་དཔལ་ཆེན་རོལ་པར་རྫོགས ཨོཾ་ཨཱཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨཱ་ཡུ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཏུ་མཱཾ ཞེས་ནོད་དཀྱིལ་འཁོར་གཙོ་མཆོག་དང་ གཉིས་སུ་མེད་པའི་ཐིག་ལེར་བསྒོམས དེ་ནས་བདུད་རྩིའི་ཕོ་བྲང་དབང་ སློབ་མའི་སྤྱི་བོར་བཞག་སྟེ་བསྐུར ཧཱུྃ སྣང་སྲིད་རྣམ་དག་དུད་ཆེན་སྣོད རྒྱུ་གཉིས་རྐྱེན་གསུམ་ལས་བྱུང་བའི སྐུ་གསུང་ཐུགས་ཀྱི་དངོས་གྲུབ་འདི བདེ་ཆེན་མཉམ་ཉིད་ཐུགས་ཀྱི་ངང་ ཆགས་འཛིན་རྣམས་དག་ཤེས་རབ་སྐུ གཉིས་མེད་དོན་ལ་སྣ་ཚོགས་སྟོན འདི་ནི་དོན་གྱི་བདུད་རྩིའོ མ་སྐྱེས་ཀུན་བཟང་ཆེ་བའི་མཆོག བདེ་ཆེན་ཀློང་ན་དབྱིངས་ཕྱུག་མ ཉོན་མོངས་རྣམ་དག་རིགས་ཀྱི་གཙོ ཡེ་ཤེས་ལྔར་རྫོགས་སྐུ་ལྔར་གྲུབ དུག་ལྔའི་རྟོག་པ་རང་སར་གྲོལ འདི་ནི་མིང་གི་བདུད་རྩིའོ ཕྱི་སྣོད་ནང་བཅུད་

(༡༠༥༥)ཐམས་ཅད་ཀུན བདུད་རྩི་རྣམ་པ་ལྔ་ཉིད་དེ སོ་སོ་རང་རིག་རྩ་བ་བརྒྱད དབྱིབས་དང་ཁ་དོག་ཕྱི་དང་ནང་ ཐབས་དང་ཤེས་རབ་རོ་དང་མཐུ སྐུ་དང་གསུང་དང་ཐུགས་ཉིད་དང་ ཡོན་ཏན་ཕྲིན་ལས་ཡན་ལག་སྟོང་ ངང་དང་རང་བཞིན་བདག་ཉིད་སྐུ དུས་གསུམ་དེ་ཉིད་ཤེས་པ་སྤྱོད དབང་གི་ནང་ནས་ཆེ་བའི་མཆོག སྐལ་ལྡན་བུ་ལ་སྦྱིན་པ་ཡིས བདུད་བཞི་ཉོན་མོངས་ནད་འཇོམས་སེལ ལྟ་སྤྱོད་ཕྲིན་ལས་དམ་ཚིག་དང་ ཡེ་ཤེས་དཀྱིལ་འཁོར་སྒྲུབ་པའི་ལུང་ འཁོར་འདས་ཆོས་དང་གཙང་མི་གཙང་ ལོག་རྟོག་སྤང་ལེན་སེམས་སུ་རྫོགས དུག་ལྔ་མ་སྤངས་ཡེ་ཤེས་ལྔ སྐུ་ལྔ་མ་བསྒྲུབས་རང་བཞིན་དང་ སྐྱེ་འཆི་མེད་པའི་གནས་ཐོབ་ཤོག ཨོཾ་ཨཱཧཱུྃ་མ་ཧཱ་ཤྲི་ཧེ་རུ་ཀ་ཀྲོ་ཏི་ཤྭ་རེའ་སྟྲཾ སརྦ་པཉྩ་ཨ་མྲི་ཏ་ཨ་བྷི་ཥིཉྩ་ཨཱ་བེ་ཤ་ཡ་ཨ་ཨཱ ཞེས་བསྐུར་དེ་ནས་དཀྱིལ་འཁོར་ལས སྡུད་པོ་འཇམ་དཔལ་རྣོན་པོ་ལ གནད་པ་སྩལ་ཏེ་གཏད་པར་བསམ ཡུམ་དང་ལས་ཀྱི་རྡོ་རྗེ་ཡིས སྔར་བཞིན་ཕོ་བྲང་ཡབ་ལ་དབུལ དེས་ཀྱང་རིངས་པའི་ཚུལ་

(༡༠༥༦)གྱིས་བླངས ཨ་ཧོ་མ་ཧཱ་སུ་ཁ་ཧོ དམ་རྫས་བདུད་རྩིའི་བདུད་འདི་ནི སོགས་ཀྱི་བརྡ་ལན་སྔར་བཞིན་གདབ རྒྱ་རྣམས་བཀྲོལ་ཞིང་འདི་སྐད་བརྗོད མཁའ་དབྱིངས་ཕྱག་རྒྱ་གཉན་པོ་མཆོག དཔལ་གྱི་ཐ་ཚིག་དམ་པར་དགྲོལ པདྨ་ས་མ་ཡ་པྲ་བེ་ཤ་ཡ་ཕཊ སྣོད་ཞལ་ཕྱེ་བའི་དེ་མ་ཐག བདུད་རྩི་སྨན་གྱི་དྲངས་མ་ནི དཀར་དམར་སྔོ་བའི་འོད་ཟེར་གྱི རྣམ་པས་བདག་གི་གནས་གསུམ་དུ ཐིམ་པར་བསམ་ཞིང་འདི་སྐད་དོ སྲོག་གི་རྒྱུན་གསུམ་ངོ་བོ་གཅིག གནས་གསུམ་བྱང་ཆུབ་སེམས་ལ་ཐིམ དོན་དམ་གཉིས་མེད་ཐིག་ལེ་ལས སྐུ་གསུང་ཐུགས་ཀྱི་རྡོ་རྗེར་གྱུར མ་ཧཱ་གུ་ཧྱ་ཀཱ་ཡ་ཝཱཀྐ་ཙིཏྟ་སིད་དྷི་ཧྲཱིཧ་ཧཱུྃ འདི་ནི་སངས་རྒྱས་ཐམས་ཅད་ཀྱི དབང་བསྐུར་སྤྱོད་ཡུལ་དམ་པའོ། །ས་གནས་ས་རུ་འཕར་བ་མཚོན སྨན་གྱི་འཕེལ་རྟགས་དྲིལ་བུར་གཞལ བདེ་སྐྱོང་མ་དཱ་ན་ཡིས་བཀང་ དེ་ལ་བདུད་རྩིའི་པུར་མ་བྲན གཞུང་བཞིན་མཚན་དོན་སྦྱར་བས་མཆོད ལྕེ་ཡི་དམ་ཚིག་རྡོ་རྗེས་མྱང་ དབང་པོའི་སྒོ་དང་ཡན་ལག་ལའང་ མཐེབ་སྲིན་སྦྱར་བས་ཐིག་ལེ་བྱ དེ་ནས་བདུད་རྩིའི་ཆ་ཤས་ནི རཏྣའི་ག་འུར་གཏེར་དུ་སྩལ ཆེ་མཆོག་བདུད་རྩི་འཁྱིལ་པའི་སྐུ ཕོ་བྲང་ནང་དུ་བཞུགས་པར་བསྒོམས སྤྱི་བོའི་གཙུག་གམ་མགུལ་དུ་གདགས རྩ་གསུམ་

(༡༠༥༧)དམ་ཅན་སྤྲིན་བཞིན་འདུ ཀུན་གྱིས་བཀུར་ཞིང་གང་འབྲེལ་འཆོངས སྨན་ནི་ཆ་གསུམ་དག་ཏུ་བཅད དང་པོ་རྩ་གསུམ་ལྷ་ལ་བསྔོ དེ་ལས་གཞན་གྱི་དོན་ཡང་བྱ གཉིས་པ་དཔའ་བོ་རྡོ་རྗེས་བཟུང་ ཐ་མ་འདུས་པའི་ཚོམ་བུར་སྤེལ ཐུན་བཞི་ཀུན་ལ་རྟག་ཏུ་མྱང་ མ་གྲུབ་ནངས་པར་རེ་རེ་བཞིན ཐ་མའང་དུས་བཟང་ཚོགས་འཁོར་དང་ བཟླ་བའི་དུས་ན་ངེས་པར་སྤྱད ཚེ་རིང་ནད་མེད་བདེ་བ་དང་ ལང་ཚོ་ཁ་དོག་སྟོབས་གཟི་བརྗིད འཕེལ་ཞིང་དབང་པོ་རྣམ་རིགས་གསལ མཁའ་ལ་འགྲོ་ཞིང་སྦྱོར་ངན་གྱི ནུས་པས་མི་ཚུགས་ཏིང་འཛིན་གསལ ཁྱད་པར་ཡོན་ཏན་བསམ་མི་ཁྱབ ལུས་ལ་གནས་པའི་བདུད་རྩི་ལྔ དྲངས་མར་གྱུར་ནས་འཆི་མེད་འགྲུབ འདུ་བའི་ནང་སེལ་བདུད་བཞི་འཇོམས བཅུད་ལེན་ཀུན་གྱི་རྒྱལ་པོ་ཡིན སྤངས་རྟོགས་ཡོན་ཏན་ངང་གི་འཕེལ འདི་སྒྲུབ་རྒྱལ་བའི་སྲས་སུ་དགོངས རྟོག་ལ་ཡེ་ཤེས་སྨན་སྦྱར་བསེ དུག་ལྔ་ཡེ་ཤེས་ལྔ་རུ་རྫོགས གང་དུ་བསྒྲུབས་པའི་གནས་མཆོག་དེ ཉི་ཤུ་རྩ་བཞིའི་ཡུལ་དང་མཉམ དཔའ་བོ་མཁའ་འགྲོ་ཤུགས་ལ་འདུ བཀྲིས་བྱིན་ཆགས་ཏིང་འཛིན་འཕེལ ས་དགྲ་ཞི་ཞིང་ཆར་ཆུ་ཕེབས ལྷ་ཀླུ་དགའ་བས་སྣང་བཅུད་རྒྱས རྩི་དང་ལོ་ཏོག་ཕུན་སུམ་ཚོགས དེ་བས་རྣམ་འབྱོར་ཆེ་རྣམས་ཀྱིས སེམས་བསྐྱེད་ཏིང་འཛིན་དམ་རྫས་ཀྱི ཆོ་གར་ལྡན་པ་འདི་སྒྲུབས་ཤིག དེ་ཡི་བསོད་ནམས་བརྗོད་མི་ལང་ རྡོ་རྗེའི་དམ་ཚིག་གནས་

(༡༠༥༨)ལ་ཡང་ རང་བཞིན་སྤྱད་པའི་ཡོན་ཏན་ལས བསྒྲུབས་པའི་ཡོན་ཏན་དེ་ལྟའོ རྗེས་ཀྱི་ལས་ཁྲིགས་སྒྲུབ་ཆེན་བཞིན ས་མ་ཡ ཀླུ་དང་བྲམ་ཟེ་དྲང་སྲོང་རིགས གཙང་སྒྲ་དཀའ་ཐུབ་བརྟུལ་ཞུགས་ཀྱི རྟོགས་པས་ཀུན་ནས་གཟིང་བ་རྣམས འོག་མིན་གནས་སུ་ཧེ་རུ་ཀས རྡོ་རྗེའི་དམ་ཚིག་ཆེན་པོའི་གནས ལེགས་པར་བསྟན་པའི་བདུད་རྩིས་བཏུལ དེ་བཞིན་ཀུན་དཀྲིས་ཉོན་མོངས་ཅན༔ རྡོ་རྗེའི་ལམ་དང་བྲལ་གྱི་དོགས ཕུན་སུམ་ཚོགས་པ་ལྔའི་ཡན་ལག ལྡན་པའི་ལུས་ཀྱི་སྣང་སྲིད་ཀུན ར་ས་ཡ་ནའི་འཁོར་ལོ་རུ སྦྱངས་རྟོགས་སྦར་བའི་མན་ངག་བཅུད འཇམ་དཔལ་རྣོན་པོས་རྒྱུད་དུ་བསྡུས དེ་ཡི་བྱ་བའི་རང་བཞིན་རྣམས རྣམ་ཤེས་བྲལ་བའི་སེང་གེ་བཞིན འདྲ་མིན་འཆོལ་པར་དར་བའི་ཚེ འཇམ་དཔལ་རྣོན་པོའི་ཐུགས་བསྐྱེད་དང་ བདག་ཉིད་ཆེན་པོ་པདྨ་ཡིས ཀློང་བྱང་ཌཱཀྐིའི་བརྡ་རིས་ཀྱིས རྒྱུད་དོན་ཇི་བཞིན་གཏན་ལ་འབེབས རྟེན་འབྲེལ་གསུམ་གྱི་འཁྲུལ་འཁོར་ལས ཚིག་བརྒྱུད་རྡོ་རྗེའི་རོལ་མོར་འཁྲོལ ས་མ་ཡ རྒྱ་རྒྱ་རྒྱ་

(༡༠༥༩)སྨན་སྒྲུབ་ལག་ལེན་ཟིན་ཐོ་བཞུགས་སོ། །བདུད་རྩི་ཡོན་ཏན་གྱི་དཀྱིལ་འཁོར་ལན་མ སྤྱིར་སྨན་སྒྲུབ་ཀྱི་ལག་ལེན་ལ། ཤ་ལྔ་བདུད་རྩི་ལྔ་ལ་བརྟེན་པ་རྒྱ་གར་རིག་འཛིན་གྱི་ལུགས། རྩ་བརྒྱད་ཡན་ལག་སྟོང་ལ་བརྟེན་པ་དྲང་སྲོང་སྨན་པའི་ལུགས། སྨན་སྣ་བརྒྱ་དང་རྩ་བརྒྱད་ལ་བརྟེན་བ་ཚངས་པ་ལྷའི་ལུགས་ཞེས་གྲགས་ཀྱང་གླེང་གཞི་ཙམ་དུ་ཟད་ལ། དེ་ལ་རྒྱུད་འབུམ་ནང་གི་བདུད་རྩི་བམ་པོ་བརྒྱད་པ་དང་། བཀའ་བརྒྱད་བདེ་གཤེགས་འདུས་པ་ཁུངས་དང་རྩ་བ་ཉིད་ཀྱང་། དེ་གཉིས་ནས་བཤད་པའི་བྱ་བ་དང་བྱེད་པ་པོ་གཉིས་ཀའི་རྒྱུ་རྐྱེན་ཚོགས་པར་དཀའ་མོད། སྨན་ལ་འབྲུ་རྩམ་བསྲེ་བའི་གཟུ་ལུམས་དང་། སྦྱང་རྟོགས་སྦར་བའི་ནུས་པ་མ་མཆིས་བཞིན་དུ་ཐ་མལ་གྱི་ཟག་རྫས་སྦྱོར་བ་སོགས། རྨེ་བ་བརྩེགས་པའི་ཉམས་གྲིབ་སྒྲུབ་པ་སྤངས་ལ། རིམ་གཉིས་ལ་ནུས་པ་ཐོབ་ངེས་ཀྱི་བདུད་རྩི་ལྔ་དང་། དེ་བཞིན་དུ་སྒྲུབ་པ་པོ་རང་ཉིད་རྟོགས་པས་རང་རྒྱུད་གྲོལ་ནས་གཙང་རྨེའི་བླང་དོར་ཟད་ཅིང་སྤྱད་རྟོགས་སྦར་བའི་ནུས་པ་ཐོབ་

(༡༠༦༠)པ་ཡིན་ཚེ་ཤ་ལྔ་དངོས་བསྟན་སྦྱར་དུ་རུང་ལ། གཞན་དུ་གོང་མ་ཁྱད་པར་ཅན་གྱིས་བསྒྲུབས་པའི་ཕབ་ལ་གཙོ་བོར་བརྟེན་པ་གཅེས་སོ། །དེ་དག་གི་སྐྱོབ་ཏུ་སྦྱར་བའི་སྨན་ནི་བཟང་དྲུག་གཙོ་བོར་གྱུར་པའི་སྨན་དུག་རིགས་མེད་པ་མཐའ་དག་སྦྱར་དུ་རུང་ཡང་རོ་དང་། ཁ་དོག་དང་། ནུས་པའི་སྤྱང་ཀིར་གྱུར་པ་སྤང་བའི་ཕྱིར་གཞི་མ་ཨ་རུ་ར་གསེར་མདོག་འབྱོར་ན་རབ། དེ་མིན་ཤ་ཆེན་འཕེལ་བྱེད་ལ་སོགས་ཤ་རུས་བྲལ་བའི་ཤ་རྐྱང་ཇི་ཙམ་འབྱོར་བ་དང་། སྐུ་རུ་ར་དེའི་ཕྱེད་ཆ་ཙམ། བ་རུ་ར་དེའི་ཡང་གསུམ་ཆ་ཙམ་ལ། ཤིང་ཚྭ། སེང་ལྡེང་གི་སྙིང་ཁུ། ཤིང་མངར། ཁ་ཆེ་གུར་གུམ། སུག་སྨེ་ལ། རུ་རྟ། ཙནྡ་དཀར་དམར། སེ་འབྲུ། ལི་ཤི་སོགས་ཇི་ཙམ་མང་བ་ལེགས་ཤིང་། ཀ་ར། བུ་རམ། སྦྲང་རྩི་སོགས་ཀྱང་དེ་མཚུངས། རོ་ཚ་བ་དང་ཁ་དོག་གནག་པའི་རིགས་མང་པོ་མི་གཏོང་། དེ་ལྟར་སྨན་རྣམས་ཚོགས་པ་དང་། སྒྲུབ་ཆེན་བཀའ་བརྒྱད་ཀྱི་སྒྲུབ་ཁོག་ལྟར། རྒྱལ་ཐོ་གཟུགས་པ་ནས་གཟུང་མ་ཏྲཾ་བསྒྲལ་བ་ཡན་ཟིན་རྗེས། དཀྱིལ་འཁོར་གྱི་གཞི་དེར་མུ་ཁྱུད་རིམ་པ་གཉིས་བསྐོར་བའི་ལྟེ་བར་ཆོས་འབྱུང་། ཟླ་གམ་གསུམ་ལ་རླུང་དཀྱིལ་གཞུའི་དབྱིབས་བ་དན་ཅན། མུ་ཁྱུད་ཕྱི་མ་ལ་ཆོས་འབྱུང་གི་ཟུར་དང་བསྟུན་པའི་

(༡༠༦༡)ཐོད་སྐམ་གསུམ་དང་། བར་མཚམས་ཐམས་ཅད་མེ་རིས་བསྐོར། ཆོས་འབྱུང་གི་ནང་མར་མེ་རོ་རས་ཀྱི་སྡོང་བུ་ཅན་དགུ་དང་། མེ་རིའི་ཕྱིར་ཁྲོ་བཅུའི་ཕུར་བ་བཀོད། །དེའི་སྟེང་དུ་སྒྲོམ་ཁྲི་སྟེང་ཤོད་དང་། ཉིས་བརྩེགས་ཀྱི་འོག་མ་སྨན་འགོད་ཡུལ་ལ་རློན་སྒྲུབ་ལ་མར་མེ་སྦར་དགོས་པས་མེ་ལྕེས་གནོད་པ་བསྲུང་ཕྱིར་རྒྱ་ཁྲ་མིག་མང་རིས་དང་། སྟེང་མའི་ཐོག་སྟེང་རྡུལ་ཚོན་ནམ། རས་བྲིས་འདིང་བ་གང་འོས་བྱ། དཀྱིལ་འཁོར་ལ་དབང་རྫས་བཀོད། དེ་ནས་སྨན་ཁྲོལ་བུར་བསྒྲུབ་ཕྱིར། རྒྱ་ཁྲ་མིག་མང་རིས་ཀྱི་སྟེང་ཐོད་པ་ལྔ་ཚོམ་མམ། སྨན་མང་པོ་ཡོད་ན་སྨན་གཞོང་ཆེན་པོར་མཚོན་པ་ཙམ་དུ་ཐོད་པ་ལྔ་ཚོམ་དང་བཅས་ནང་ཁོངས་ཐམས་ཅད་ཁྲོལ་བུས་བཀང་། དེ་ཡང་ཤ་ལྔ་བདུད་རྩི་ལྔ་སོ་སོའི་སྐྱོབས་དང་བཅས་རིགས་དང་མཐུན་པར་འགོད་ཚུལ་སྒྲུབ་གཞུང་ལྟར་ཏེ། དྲི་ཆེན་གླང་ཤ་ཛཱ་ཏི་ཤར། །ཞེས་པས་མཚོན་ནོ། དེ་ལྟར་མོད་ཀྱི་ཕྱིས་འབྱུང་སྨན་འབོར་ཆེན་པོ་སྒྲུབ་པའི་སྲོལ་ངར་བས་དེ་ལྟར་ན་བཏགས་བཙག་གི་བྱ་བ་ལ་ཡུན་རིང་དུ་འགོར་བས་སྒྲུབ་པ་ཞུད་པའི་ཉེས་པ་འགེགས་ཕྱིར་སྨན་བྱིངས་ནི་ཐོགས་མ་ནས་འཐག་པ་ཤས་ཆེ་ཡང་། གཞུང་གི་དགོངས་པ་མི་

(༡༠༦༢)ཉམས་ཕྱིར་ཤ་ལྔ་བདུད་རྩི་ལྔ་འབྲས་བུ་གསུམ་འོས་རིགས་ཕབ་རྒྱུན་བཟང་དྲུག་དང་བཅས་པ་འགོད་ལུགས་དེ་ལྟར་བྱས་ནས་སྐབས་ལ་བབས་པ་ན་བཏགས་བཙག་གི་བྱ་བ་ལ་འཇུག་གོ། དེ་ལྟར་ཁྲོལ་བུ་དང་ཕྱེ་མ་ཇི་ལྟར་ཡིན་ཀྱང་སྨན་གཞོང་ལ་དར་དམར་པོའི་ཁེབས་བཀབ། དར་ཚོན་ལྔས་རྒྱ་ཆིངས་གདབ། ཐོར་ཚུགས་དང་ཕྲོག་ཞུ་གསོལ། རྡོར་དྲིལ་བསྣོལ་མར་འཆིང་། གུ་གུལ་གྱིས་བདུག་སྟེ་སྨན་ཁང་དུ་བཞུགས་སུ་གསོལ། དེ་ནས་མཚམས་དམ་པར་བཅད། སྒྲུབ་ཆེན་བཀའ་བརྒྱད་ཀྱི་ལས་གཞུང་བསྲངས་ནས་བདག་བསྐྱེད་ཀྱི་གཙོ་བོའི་བཟླས་པ་སྟོང་ཕྲག་ཙམ་དང་། གཞན་རྣམས་འོས་རིགས་བཟླས་རྗེས་མདུན་བསྐྱེད་ཆེ་མཆོག་བདུད་རྩི་འཁྱིལ་པ་ཡོན་ཏན་འདུས་པའི་སྐམ་སྒྲུབ་ཀྱི་ངག་འདུན་དང་། སྒོམ་བཟླས་ཟུང་དུ་འབྲེལ་བ་ལ་ཡིད་གཞུངས་ན་འཇུག་པ་བདེ་ཞིང་བཀའ་བརྒྱད་བདེ་གསང་གཉིས་དང་། བམ་བརྒྱད་ཀྱི་དགོངས་པ་དངོས་བསྟན་ལ་འབྱོར་བ་ཡིན་ནོ། །དེ་ལྟར་ཁྲོལ་སྒྲུབ་ཞག་གསུམ་ནས་ལྔའི་བར་གང་རིགས་ཐུན་བཞིར་བཅད་ནས་བསྒྲུབས་རྗེས། དངོས་གྲུབ་ལེན་ཆོག་གཞུང་བཞིན་དང་། དཀྱིལ་འཁོར་གྱི་ཕྱོགས་སོ་སོར་བཏགས་བཙག་གིས་

(༡༠༦༣)བཅད་གཞུང་ལྟར་བྱ། དེ་ནས་སྨན་ཕྱེ་མ་རྣམས་འདྲེས་པར་སྤོལ། སེང་ལྡེང་དང་རྒྱ་ཇའི་ཁུ་བ་གར་མོ་དྲོད་དང་ལྡན་པ་ལ་ཕབ་རྒྱུན་བཏབ་སྟེ་ཁུ་བར་བཏང་ནས་སྤོལ། །བུ་རམ་དང་སྦྲང་རྩི་ལ་སོགས་པའང་ཆང་གར་ལ་སྦྱངས་ཏེ་མཚམས་གཏོང་། ཐགས་ཆེས་ན་ལྡེ་གུར་འདྲིལ་ཤིང་ཆུང་ན་ལྟོ་མི་རཱ་ན་པས་རན་པར་བྱེད། ཧ་ལམ་སྤོལ་ཚར་བ་ལ་དྲི་བཟང་། གུར་གུམ། བཟང་དྲུག་གི་ཕྱེ་མ་རྣམས་བཏབ་ནས་འདྲེས་པར་བྱེད། སྨན་མང་ཉུང་དང་བསྟུན་པའི་ཕབ་རྩི་ཞིབ་མོ་ཚགས་ཀྱིས་བཙགས་པ་བཏབ། ནམ་དུས་དང་བསྟུན་པའི་དྲོད་བཏང་། དྲོད་ཆེས་ནས་ན་རུལ་སྐྱོན་དང་། ཆུང་ན་མི་ལངས་པའི་སྐྱོན་ཡོད། གོས་ཆེན་དམར་སེར་གྱི་ཁུགས་མར་བླུགས། དར་སྣའི་རྒྱ་ཆིངས་བཏག་ན་བཟའ་དང་དབུ་རྒྱན་བྲོག་ཞུ་གསོལ། རྡོར་དྲིལ་བསྣོལ་ནས་འཆིང་། གུ་གུལ་འདུག་པ་སྔར་བཞིན་སྨན་ཁང་དུ། །གཟུངས་ཐག་དང་རྨུ་ཐག་བཏགས། འོག་ནས་དྲོད་འབེབས་སམ་ཐུགས་དམ་རྒྱུད་བསྐུལ་གྱི་མར་མེ་རྒྱུན་མི་ཆད་དུ་སྦར། བཀའ་བརྒྱད་ཀྱི་བདག་བསྐྱེད་བཟླས་པ་དང་བཅས་པ་སྔར་དང་འདྲ། དེ་ནས་མདུན་བསྐྱེད་དཀྱིལ་འཁོར་བདུན་དང་སྦྱོར་བ་བརྒྱད་ཀྱི་བདག་ཉིད་དུ་ཞལ་བསྒྱུར་བ་ནི། །ཨཱ རང་བྱུང་སྤྲུལ་པའི་ཕོ་བྲང་

(༡༠༦༤)དབུས། །ཞེས་སོགས་ལ་འཇུག་པ་ནི་ཆེ་མཆོག་བདུད་རྩི་འཁྱིལ་པ་ཡོན་ཏན་འདུས་པའི་དཀྱིལ་འཁོར་ལྟར་རོ། །དེ་ཡང་དུས་དུག་ཏུ་ཉུ་ལེ་བསྐྲད་པ་དང་། དེ་ཁའི་རྗེས་འབྲེལ་དུ་བྱིན་འབེབས་བྱེད་པ་རྡོ་རྗེ་སློབ་དཔོན་ཆོག་རོགས་དང་བཅས་ཅུང་ཟད་ཀྱིས་བྱ་བ། བྱིངས་རྣམས་ནི་བཟླས་པ་ཁོ་ན་ལ་གཙོར་འདོན་དུ་བྱས་ནས་ཉིན་མཚན་གསུད་མི་ཆག་ཏུ་བསྐྱེད་རྫོགས་བཟླས་གསུམ་གྱི་གདེང་དང་མ་བྲལ་བ་མ་བྱུང་ན་རོལ་དབྱངས་གཙོ་བོར་བྱེད་བསྒྲུབ་པའི་གཟུགས་བརྙན་དུ་འཁྱམས་པ་ཡིན་ནོ། །རྗེས་ཀྱི་བྱ་བ་ནི་གཞུང་ལས་ཤེས་སོ། །ཞེས་པའང་འབྲི་ཁུང་ཟུར་སྤྲུལ་རིན་པོ་ཆེའི་དགོངས་བཞེད་བཞིན་ཕྱག་ལེན་གྱི་ཟིན་བྲིས་ཙམ་དུ་འཇིགས་མེད་གླིང་པས་སོ། དགེའོ།

(༡༠༦༥)བསྐྱེད་རིམ་ལྷའི་ཁྲིད་ཀྱི་རྣམ་པར་བཞག་པ་འོག་མིན་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བཞུགས།

(༡༠༦༦)བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རང་བཞིན་རྣམ་དག་སྒྲིབ་བྲལ་དངས་མའི་ཁམས་སྣང་སྟོང་ཟུང་འཇུག་ཡེ་ཤེས་སྒྱུ་མའི་འཕྲུལ། །སྐུ་གསུམ་གོ་འཕང་བདེ་བླག་བརྙེས་པའི་ཕྱིར། །ལྷ་ཡི་རྣལ་འབྱོར་སྒོམ་པའི་འཁྲིད་ཚུལ་འཆད། །དེ་ལ་འདིར་སེམས་ཅན་གྱི་ཁམས་གློ་བུར་དུ་མ་དག་པ་ལས་ཀྱང་འཁྲུལ་པའི་འཁོར་ལོར་འཕྱན་པ་ཉིད། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་གསང་བ་བསམ་གྱིས་མི་ཁྱབ་པའི་དབྱིངས་ལ་འགོད་པའི་བསྐྱེད་རིམ་ལྷའི་འཁྲིད་

(༡༠༦༧)ཀྱི་རྣམ་པར་གཞག་པ་འོག་མིན་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་བརྗོད་པར་དམ་བཅའོ། །དེ་ལ་སྤྱི་དོན་རྣམ་པ་གསུམ། རྒྱུ་མ་ནོར་བ་བསྐྱེད་རིམ་ལ་འཇུག་པའི་གཞི། རྐྱེན་མ་འཁྲུལ་བ་ཇི་ལྟར་སྒོམ་པའི་ལམ། འབྲས་བུ་རྣམ་པར་དག་པ་ཟུང་འཇུག་གི་གོ་འཕང་ལ་སྦྱོར་བའི་ཚུལ་དང་གསུམ་ལས། དང་པོ་ནི། ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་དང་བརྒྱད་འཆང་བ། །ཞེས་རང་བཞིན་བརྒྱད་དང་ལྡན་པའི་རྡོ་རྗེའི་སློབ་

(༡༠༦༨)དཔོན་མཉེས་པ་གསུམ་གྱིས་ལེགས་པར་བསྟེན་ནས། ཕྱི་ཕན་པ། ནང་ནུས་པ། གསང་བ་ཟབ་མོའི་དབང་གི་རིམ་པ་ཡོངས་སུ་རྫོགས་པས་རྒྱུད་ལེགས་པར་སྨིན་ཅིང་། དམ་ཚིག་དང་སྡོམ་པ་ལ་གནས་པ་དག་གིས་བསྐྱེད་རིམ་ལྷའི་རྣལ་འབྱོར་ལ་འཇུག་པའི་ཚུལ་དཔལ་སྒྱུ་འཕྲུལ་དྲ་བ་ལས། སྐྱེ་གནས་བཞི་པོ་དག་བྱའི་ཕྱིར། བསྐྱེད་པའང་དེ་བཞིན་རྣམ་པ་བཞི། །སྤྲོས་ཅན་སྤྲོས་དང་སྤྲོས་པ་མེད། །ཤིན་ཏུ་སྤྲོས་པ་མེད་བཞིའོ། །ཞེས་པ་ལྟར། དབང་པོ་ཡང་རབ་རྣམས་ཀྱིས་རང་བཞིན་ཐེག་མཆོག་རྒྱལ་པོ་ལྟ་བ་སྤྱི་འབྱམས་ཀྱི་རྩལ་སེམས་བསྐྱེད་ཀྱི་འཕེན་པའི་དབང་གིས་ཤིན་ཏུ་སྤྲོས་པ་མེད་པའི་བསྐྱེད་རིམ་མཆོག་དང་། ཚིག་གི་བྱ་བ་ལ་མ་ལྟོས་པར་སེམས་ཀྱི་རང་བཞིན་གདོད་ནས་ལྷའི་ཕྱག་རྒྱར་གསལ་ཞིང་རྫོགས་པ་དཔེར་ན་མེ་ལོང་ལ་གཟུགས་བརྙན་བཅན་ཐབས་

(༡༠༦༩)སུ་ཤར་བ་ལྟར་བསྐྱེད་རྫོགས་དབྱེར་མེད་དུ་སྒོམ་པ་སྟེ་འདི་ལྟར། ལྷ་ཉིད་རང་ལ་རང་ཉིད་ལྷ། །རང་དང་ལྷན་ཅིག་སྐྱེས་པ་སྟེ། །དམ་ཚིག་ཡེ་ཤེས་གཉིས་མེད་པས། །སྤྱན་འདྲེན་བཞུགས་གསོལ་འདིར་མི་དགོས། །རང་ལས་སྤྲུལ་ཞིང་རང་དབང་བསྐུར། །རང་རིག་རྩ་བ་གསུམ་དུ་གནས། །ཞེས་པ་སྟེ། གདོད་ནས་ལྷའི་རང་བཞིན་ཡེ་ཤེས་སྒྱུ་མར་རྫོགས་པ་རྫུས་སྐྱེས་སྦྱོང་བའི་བསྐྱེད་རིམ་སྟེ། ཀུན་མཁྱེན་གྱིས། ཇི་ལྟར་རྫུས་སྐྱེས་སྐད་ཅིག་སྣང་བ་བཞིན། །མིང་ལས་རིམ་བཞིན་བསྐྱེད་རྫོགས་སྒོམ་མི་དགོས། །ཞེས་སོ། །དབང་པོ་རབ་ཏུ་གྱུར་པས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བདེན་པས་སྤྲོས་པ་དང་བྲལ་བའི་བསྐྱེད་རིམ་ལ་ཅིག་ཆར་དུ་འཇུག་པ་ལྷ་རྣམས་ཚིག་གིས་མ་བསྐྱེད་ཀྱང་སྙིང་པོ་དྲན་པས་རྫོགས་པ་དང་། རིམ་

(༡༠༧༠)གྱིས་འཇུག་པ་ཤེས་རབ་ཀྱི་དབྱིངས་སྟོང་ཆེན་ཀུན་ཏུ་བཟང་མོའི་ཀློང་དུ་སྣང་བ་ལྷའི་ཕྱག་རྒྱར་རང་ཤར་བ་གཉིས་མེད་ཟུང་འཇུག་སྒྱུ་མ་ལྟ་བུའི་ལྷ་སྐུར་ལྡང་བ་སྟེ། རང་ཤར་ལས། ཅིག་ཆར་འཇུག་པ་གང་ཞེ་ན། །ལྷ་རྣམས་མ་བསྐྱེད་སྙིང་པོ་དྲན་པས་རྫོགས། །རིམ་གྱིས་འཇུག་པ་གང་ཞེ་ན། །དབྱིངས་དང་ཡེ་ཤེས་རིམ་གྱིས་ཞུགས་ནས་ནི། །ཞེས་པ་ལྟར། རྟེན་གཞལ་ཡས་དང་བརྟེན་པ་ལྷའི་རང་བཞིན་སོ་སོའི་མཚན་བརྗོད་པའམ་སྙིང་པོ་དྲན་པ་ཙམ་གྱིས་ཡོངས་སུ་རྫོགས་པར་གསལ་བ་ནི་དྲོད་གཤེར་སྐྱེས་ཀྱི་བག་ཆགས་སྦྱོང་བའི་བསྐྱེད་རིམ་བདེ་སྟོང་དབྱེར་མེད་དུ་ངོས་བཟུང་ངོ་། རྟོག་བཅས་རྣམས་ལ་སྒོང་སྐྱེས་སྦྱོང་བ་ཤིན་ཏུ་སྤྲོས་པ་ཅན་རྒྱས་པ་ཆེན་པོའི་བསྐྱེད་རིམ་རྒྱུའི་ཧེ་རུ་ཀ་འབྲས་བུའི་རྡོ་རྗེ་འཛིན་པར་བཞེངས་ནས་བདག་སྲས་གཞན་སྲས་ཀྱི་རྣམ་པར་སྒོམ་པ་སྒྲུབ་སྡེ་ཆེན་པོ་བཀའ་བརྒྱད་དེ། བདག་གི་སྲས་སུ་གཞན་བྱ་བ་ལ་ལྔ། རྒྱུའི་ས་བོན་ལས་སྤྲོ་བསྡུས་གཙོ་བོ་ཡབ་ཡུམ་བསྐྱེད་པ་དང་། ཕྱོགས་

(༡༠༧༡)བཅུའི་བུདྡྷ་བཀུག་ནས་མཁའ་རུ་བསྟིམ་པ་དང་། སེམས་ཅན་རྣམས་བཀུག་ལ་སྒྲིབ་པ་སྦྱང་བ་དང་། གཉིས་སུ་མེད་པ་ལ་ཆེ་བ་བརྗོད་པ་དང་། མཁའ་ནས་བཏོན་ལ་དཀྱིལ་འཁོར་དུ་དགོད་པའོ། །གཞན་གྱི་སྲས་སུ་བདག་བྱ་བ་ལ་བརྒྱད་དེ་གཙོ་བོ་ཡབ་ཡུམ་བཞུ་སྟེ་རྒྱུའི་ས་བོན་དུ་གྱུར་བ་དང་། དེ་ལས་ཡབ་ཡུམ་དུ་བསྐྱེད་པ་དང་། ཡབ་ཀྱི་རྟོག་ཚོགས་ལས་ཡི་གེ་བསྐྱེད་པ་དང་། ཡུམ་ལས་འོད་སྒྲོ་ཞིང་ལྷ་ལ་གསོལ་བ་གདབ་པ་དང་། དཀྱིལ་འཁོར་ཐམས་ཅད་བདག་ཡབ་ཡུམ་ལ་བསྟིམ་པས་ཡེ་ཤེས་པར་ང་རྒྱལ་བསྐྱེད་པ་དང་། ཡབ་ཡུམ་སྦྱོར་བ་བྱ་ཞིང་མཁའ་རུ་དཀྱིལ་འཁོར་བསྐྱེད་པ་དང་། བདག་གི་རྟོག་པ་ཞེ་གཉིས་ལྷར་གྱུར་སྟེ་ཕྱིར་གདོན་པ་དང་། ཡེ་ཤེས་པ་སྤྱན་དྲང་ཞིང་རྒྱས་གདབ་པ་ལ་སོགས་པའོ། །འདིར་སྒྱུ་འཕྲུལ་དྲ་བ་ཆེན་པོ་དང་བསྟུན་ན། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པའི་རྗེས། འདི་ལྟར་སྒོ་ང་ལས་སྐྱེ་བ་རྣམས་ལན་གཉིས་སུ་སྐྱེ་བ་ལྟར་རང་ཉིད་སྐད་ཅིག་གིས་གཙོ་བོ་

(༡༠༧༢)ཡབ་ཡུམ་དུ་གསལ་བཏབ་ལ། མདུན་མཁར་བསྒོམ་བྱའི་དཀྱིལ་འཁོར་སྤྱན་དྲངས། །མཆོད་བསྟོད་གསོལ་གདབ། རྒྱུན་བཤགས་ལ་སོགས་བྱས་རྗེས་སླར་ཡང་བཛྲ་མུས་སྟོང་པའི་ངང་དུ་མཉམ་པར་གཞུག་པ་ཙམ་ཁྱད་པར་གྱི་ཆོས་སུ་ངེས་པར་བྱས་ནས། །ཐུན་མོང་དུ་མངལ་སྐྱེས་སྦྱོང་བ་རྒྱས་པ་འབྲིང་གི་བསྐྱེད་རིམ་དང་སྦྱར་ན། འདི་དག་ནི་ཐབས་བསྐྱེད་པའི་རིམ་པ་གཙོ་ཆེ་བས། གླང་ཆེན་སྨྱོན་བ་རྒུན་ཆང་གིས་མྱོས་པ་ལ་འདུལ་ཐབས་རྒྱན་འདུལ་དང་ཁྲོམ་འདུལ་གཉིས་སུ་ཡོད་པ་ལྟར། བག་ཆགས་སྣ་ཚོགས་ལས་གྲུབ་པའི་རྟེན་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དང་བརྟེན་པ་ལུས་ཀྱི་མངོན་ཞེན་ལྷའི་རྣམ་པས་སྦྱོང་ཞིང་སེམས་ཉིད་ཡུལ་ལ་འཕྲོ་བ་དེ་བཞག་པའི་ཐབས་ཏིང་ངེ་འཛིན་ཟབ་མོའི་བརྟོད་ལ་བཟུང་ནས་དག་རྫོགས་སྨིན་གསུམ་གྱི་ངོ་བོར་སྦྱོར་བའང་འཁོར་བ་དང་རྣམ་པ་མཐུན་པས་སྲིད་པ་སྦྱོང་ཞིང་དག །མྱང་འདས་དང་བཞུགས་ཚུལ་མཐུན་བས་འབྲས་བུ་གཞི་ལ་རྫོགས། གཉིས་ག་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་ནི་སྤྱིའི་གོ་དོན་ལྷོངས་པ་ལ་གཅེས་པ་ཡིན་ནོ། །

(༡༠༧༣)དེ་ལ་ཐོག་མར་འཇུག་པའི་སྒོ་ཏིང་ངེ་འཛིན་རྣམ་པ་གསུམ་ལས། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་ངོ་བོ་ནི། བརྟེན་པའི་གཞི་དང་བསྐྱེད་པའི་རྩེ་བ་མེད་པའི་སེམས་ཉིད་ཕོ་མོ་མ་ནིང་ཁ་དོག་བྱད་དབྱིབས་སོགས་དངོས་པོའི་མཐའ་ལ་མི་གནས་ཤིང་། གཏན་མེད་ཀྱི་ཕྱོགས་སུ་མ་ལྷུང་བའི་རང་བཞིན་གྱི་འོད་གསལ་ཆོས་ཉིད་ཇི་ལྟ་བའི་ཡེ་ཤེས་དྲན་པར་བྱས་པས་འཆི་སྲིད་ཆོས་སྐུར་སྦྱོང་ཞིང་རྟག་པར་ལྟ་བ་དང་གཟུགས་མེད་ཁམས་དག་པར་བྱེད་པས་ན་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཅེས་བྱའོ། །འོད་གསལ་སྟོང་པ་ཆེན་པོ་དེའི་རང་མདངས་འགྲོ་བ་ཀུན་ལ་སྙོམས་པའི་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པས་ཆད་པར་ལྟ་བ་དང་གཟུགས་ཀྱི་ཁམས་ལས་རྣམ་པར་གྲོལ་ཞིང་། མཆེད་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་རོལ་རྩལ་གྱིས་བར་དོའི་སྲིད་པ་ལོངས་སྐུར་རྫོགས་པའི་གཞི་འདིང་བས་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཅེས་བྱའོ། །དེ་ལས་ཡི་གེ་ཨདང་ཧཱུྃ་དང་ཧྲཱིལ་སོགས་པ་རིག་པ་ཉིད་ཡི་གེར་སྣང་དུས་རྒྱུ་འམ་རྩ་

(༡༠༧༤)པའི་ཐབས་ཞེས་བྱ་སྟེ། གནས་སུ་འཇུག་ཀ་མའི་སྲིད་བཅས་ཀྱི་ཤེས་པ་དང་འདོད་ཁམས་སྦྱོང་ཞིང་། སྐྱེ་བ་སྤྲུལ་པའི་སྐུ་ལྷ་སྐུར་སྨིན་བྱེད་རྒྱུའི་ཏིང་ངེ་འཛིན་ནོ། །དེ་ལྟ་བུའི་ཏིང་ངེ་འཛིན་གསུམ་གྱིས་བསྐྱེད་གཞིའི་ཁོག་ཕུབ་ནས་རྟེན་དང་བརྟེན་པའི་རང་བཞིན་ཇི་ལྟར་བསྐྱེད་པའི་ཚུལ་ལ་དཔལ་གསང་བའི་སྙིང་པོ་ལ་སོགས་པ་སྔ་འགྱུར་བསྐྱེད་རྫོགས་གསུམ་གྱི་རྒྱུད་སྡེ་ཆེན་པོ་དག་ཏུ་རྒྱུའམ་རྩ་བའི་ཐབས་དེ་ཉིད་ལས་གཞལ་ཡས་ཁང་གདན་དང་བཅས་པ་གསལ་བ་གཞིའི་ཐབས། དེ་ལས་བརྟེན་པའི་དཀྱིལ་འཁོར་རྫོགས་པར་སྒོམ་པ་ཐབས་བསམ་ཡས་པ་ལ་སོགས་པའི་རྣམ་གཞག་ཡོད་པའང་། རང་བཞིན་མ་དག་པའི་སྣོད་འོག་མིན་དུ་བྱིན་གྱིས་བརླབ་ཕྱིར་རྟེན་གཞལ་ཡས་ཁང་གི་རྣམ་པ་ནམ་མཁའི་མཐའ་ཀླས་སུ་སྒོམ་པར་མཐུན་ལ། དེའང་གཞི་ལམ་འབྲས་གསུམ་དང་དག་པ་སྦྱོར་བའི་ངོ་བོ་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡིན་པས། དེའི་རང་བཞིན་ཤིང་རྟ་ཆེན་མོར་ལེའུ་དགུ་པའི་འགྲེལ་པས་སྟོན་ཏོ། །འདིར་བརྟེན་པ་བསྐྱེད་པའི་རིམ་པ་གཙོ་ཆེ་

(༡༠༧༥)བར་སྟོན་པས་རྡོ་རྗེའི་ལུས་གྲུབ་པའི་ཚུལ་དང་སྦྱང་གཞི་སྦྱོང་བྱེད་ཀྱི་བསྐྱེད་རིམ་སྦྱར་ན། ཧེ་རུ་ཀ་གལ་པོར་། དང་པོ་སྟོང་པ་བྱང་ཆུབ་སེམས། །གཉིས་པ་ས་བོན་འབྱུང་བ་སྟེ། གསུམ་པ་ལ་ནི་གཟུགས་རྫོགས་པ། བཞི་པ་ལ་ནི་ཡི་གེ་འགོད། །ཅེས་འཆི་སྲིད་བར་དོ་དང་བཅས་པ་སྟོང་ཉིད་བྱང་ཆུབ། དྲི་ཟ་ཉེ་བར་ལེན་པའི་རྣམ་ཤེས་ཁུ་ཁྲག་གི་དབུས་སུ་ཞུགས་པས་ས་བོན་བསྡུ་བ། རླུང་བཅུས་ལུས་རིམ་གྱིས་བསྐྱེད་ནས་གཟུགས་རྫོགས་པ། བཅེས་ནས་དབང་པོ་ཡུལ་ལ་སད་པ་ནི་ཡི་གེ་འགོད་པ་ལ་སོགས་མངོན་བྱང་བཞིའི་བརྡ་ཁྱད་འཆད་ཀྱང་། རིམ་གྱིས་པའི་དབང་དུ་རྒྱུད་སྡེ་སྤྱི་ཁྱབ་དང་བསྟུན་ནས་ཕ་རྒྱུད་ལྟར་རྡོ་རྗེའི་ཆོ་ག་གསུམ་གྱིས་བསྐྱེད་པ། མ་རྒྱུད་ལྟར་མངོན་བྱང་ལྔས་བསྐྱེད་པ། གཉིས་ཀ་ལ་སྦྱང་གཞི་སྦྱོང་བྱེད་ཀྱི་དག་པ་སྦྱར་ནས་འཆད་པའི་དང་པོ་ཆོ་ག་གསུམ་ནི། སྦྱོང་བྱེད་རྡོ་རྗེ་རྩེ་ལྔ་པ་ལ་སོགས་པའི་ཕྱག་མཚན་གྱི་རྣམ་པ་མངོན་དུ་བསྒོམས་པས་སྦྱང་བྱའི་ཡིད་ཐུགས་རྡོ་རྗེར་དག །ཕྱག་མཚན་དེ་

(༡༠༧༦)ཉིད་སྦྱོང་བྱེད་ཡན་མན་ངས་འགྱུར་གྱི་ཚུལ་ལམ་ཧཱུྃ་ཡིག་ལ་སོགས་པས་མཚན་པར་བསྒོམས་པས་སྦྱང་གཞིའི་ངག་གསུང་རྡོ་རྗེར་རྫོགས། དེ་སྦྱོང་བྱེད་འོད་ཟེར་སྤྲོ་བསྡུའི་ཆོ་གས་དོན་གཉིས་བྱས་ཡོངས་སུ་གྱུར་བ་ལས་ལྷའི་སྐུ་རྒྱན་དང་ཆ་ལུགས་རྣམ་པ་ཐམས་ཅད་རྫོགས་པར་བསྒོམས་པས་སྦྱང་གཞིའི་ལུས་སྐུ་རྡོ་རྗེར་སྨིན་པ་སྟེ་རྡོ་རྗེའི་ཆོ་ག་གསུམ། མངལ་སྐྱེས་དང་སྦྱར་ན་དང་པོས་མངལ་དུ་དཀར་དམར་ཚོགས་པ་ལ་བར་དོའི་རྣམ་ཤེས་ཞུགས་པ། གཉིས་པས་ཁུ་ཁྲག་སེམས་གསུམ་འདྲེས་ནས་མེར་མེར་བོ་ལ་སོགས་འགྱུར་བའི་གནས་སྐབས་ལྔ་ཉམས་སུ་མྱོང་བ། གསུམ་པས་འབྱུང་བ་བྱེར་སྡུད་ཀྱིས་ལུས་ཡོངས་སུ་གྲུབ་ཅིང་དབང་པོ་རྣམས་རྫོགས་ནས་ཕྱིར་བཙས་པ་སྦྱོང་ལ་འབྲས་བུའི་དུས་དེ་བཞིན་གཤེགས་པ་རྣམས་གང་འདུལ་གྱི་སྤྲུལ་པའི་སྐུར་བཞེངས་ནས་རྡོ་རྗེ་བཙུན་མོའི་བྷ་ག་ལ་སོགས་པར་ལྷུམས་སུ་ཞུགས་པ་དང་། བལྟམས་པའི་མཛད་པ་སྟོན་པའི་རྟེན་འབྲེལ་སྒྲིག་པ་ཡིན་ནོ། གཉིས་པ་ལ། རྣལ་འབྱོར་

(༡༠༧༧)རྒྱུད་དང་བསྟུན་ནས་ཕྱིའི་མངོན་བྱང་ལྔ། རྣལ་འབྱོར་ཆེན་པོ་དང་བསྟུན་ནས་ནང་གི་མངོན་བྱང་ལྔའི་རང་བཞིན་རྒྱུ་ལ་འབྲས་བུ་གྲུབ་པའི་ཚུལ་གྱི་ལྟོ་སྦྱར་ནས་བཤད་ན། ཀློང་གསལ་ལས། མངལ་ཞུགས་བྱང་ཆུབ་རྣམ་ལྔ་སྟེ། ཟླ་བ་བཅུ་ནི་ས་བཅུའི་ཚུལ། །སྐྱེས་པ་རང་བཞིན་སྤྲུལ་པའི་སྐུ། །ལྷུན་གྲུབ་སྐུ་གསུམ་བདག་ཉིད་དོ། །ཞེས་བར་དོ་ནས་ལུས་འཚོལ་བ་ཚོགས་ལམ། མངལ་དུ་ལུས་ལེན་པ་དངོས་ལ་སྦྱོར་བས་སྦྱོར་ལམ། མངལ་དུ་ཞུགས་པ་ནས་བཟུང་བྱང་ཆུབ་ལྔའི་རིམ་པ་མཐོང་སྒོམ་གྱི་ལམ་དུ་བཞག་སྟེ། ཟླ་བ་བཅུའི་ངོ་བོ་ས་བཅུར་མཚོན་ནས་མི་སློབ་པོའི་ཟུང་འཇུག་རང་བཞིན་སྤྲུལ་པའི་སྐུར་འགྲུབ་ཚུལ་ལས། འདིར་སྐྱེ་གནས་རྣམ་པ་བཞིའི་རིམ་པ་དང་རྗེས་སུ་མཐུན་པར་དག་རྫོགས་སྨིན་གསུམ་གྱི་ངེས་པ་དང་སྦྱར་ན། མངོན་བྱང་དང་པོ་ཟླ་བའི་དཀྱིལ་འཁོར་བསྒོམ་པ་ནི། སྦྱང་གཞི་གཟུགས་ཀྱི་ཕུང་པོ་ནམ་མཁའི་ཁམས། ལུས་ཀུན་གཞིའི་རྣམ་

(༡༠༧༨)ཤེས། ཉོན་མོངས་པ་གཏི་མུག །མངལ་སྐྱེས་ཀྱི་ཕའི་ཁམས། དྲོད་གཤེར་སྐྱེས་ཀྱི་གཤེར། སྒོང་སྐྱེས་ཀྱི་ཕ། རྫུས་སྐྱེས་ཀྱི་སྟོང་པའི་ཆ་ལ་སོགས་པ་རྣམས་སྦྱོང་ཞིང་དག་པར་བྱེད་ལ། རྫོགས་རིམ་གྱི་དུས་དགའ་བ་བཅུ་དྲུག་ཡས་བབས་ཐབས་ཀྱི་རང་བཞིན་དུ་ཤར་བའི་ཡེ་ཤེས་དང་པོ་སེམས་སོ་སོར་རྟོགས་པའི་ངོ་བོར་རྫོགས་པའི་རྣམ་པ་ལམ་བྱད་ཟླ་བའི་དཀྱིལ་འཁོར་དུ་བསྒྱུར་ནས་བསྒོམས་པས། འབྲས་བུའི་དུས་ན་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སུ་སྨིན་ཞིང་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མངོན་པར་བྱང་ཆུབ་བོ། །མངོན་བྱང་གཉིས་པ་ཉི་མའི་དཀྱིལ་འཁོར་ནི། །སྦྱང་གཞི་ཚོར་བའི་ཕུང་པོ་སའི་ཁམས། །ཉོན་མོངས་པ་ཅན་གྱི་ཡིད་དེས་སེར་སྣ་ང་རྒྱལ། མངལ་སྐྱེས་ཀྱི་མའི་ཁམས་དམར་པོ། །སྒོ་ང་སྐྱེས་ཀྱི་མའི་ཆ། དྲོད་གཤེར་སྐྱེས་ཀྱི་དྲོད། རྫུས་སྐྱེས་ཀྱི་གསལ་བའི་ཆ་རྣམས་སྦྱོང་ཞིང་དག་པར་བྱེད་ལ། རྫོགས་རིམ་གྱི་དུས་ཁུ་རྡུལ་གཉིས་རྣམ་པར་བྱང་བའི་བདེ་སྟོང་ལྷན་གཅིག་སྐྱེས་པའི་ངོ་བོ་མས་

(༡༠༧༩)བརྟན་ཤེས་རབ་ཀྱི་རང་བཞིན་གཟུགས་ལ་སོགས་པའི་ཕུང་པོ་ལྔ། འབྱུང་བཞིས་ཕྱེ་བའི་ཁམས་ཉི་ཤུ་པོ་ཆོས་ཀྱི་དབྱིངས་ལ་སོགས་པའི་ཡེ་ཤེས་ལྔ་ཚད་མེད་བཞིས་ཕྱེ་བའི་ལམ་སྟོང་པ་ཉིད་ཉི་ཤུར་ཤར་བའི་ཡེ་ཤེས་གཉིས་པོ་བྱང་ཆུབ་ཀྱི་སེམས་སུ་རྫོགས་པའི་རྣམ་པ་ལམ་བྱེད་ཉི་མའི་དཀྱིལ་འཁོར་དུ་བསྒྱུར་ནས་བསྒོམས་པས་འབྲས་བུའི་དུས་ན་དཔེ་བྱད་བཟང་པོ་བརྒྱད་ཅུའི་རང་བཞིན་དུ་སྨིན་ཞིང་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་མངོན་པར་བྱང་ཆུབ་པའོ། །མངོན་བྱང་གསུམ་པ་ས་བོན་ཕྱག་མཚན་དང་བཅས་པ་ནི། ཁུ་རྡུལ་གཉིས་ཀྱི་བར་དུ་དྲི་ཟ་ཉེ་བར་ལེན་པའི་སེམས་བར་དོའི་རྣམ་ཤེས་ཞུགས་པ་དང་། འདུ་ཤེས་ཀྱི་ཕུང་པོ་མེའི་ཁམས། ངག་ཡིད་ཀྱི་རྣམ་པར་ཤེས་པ། ཉོན་མོངས་པ་འདོད་ཆགས། སྐྱེ་གནས་བཞིར་འཇུག་པའི་བར་དོའི་རྣམ་ཤེས་རྣམས་སྦྱོང་ཞིང་དག་པར་བྱེད་ལ། རྫོགས་རིམ་གྱི་དུས་ཁུ་རྡུལ་གཉིས་ལུགས་ལྡོག་ཏུ་དག་པའི་རྗེས་སུ་

(༡༠༨༠)ལས་རླུང་དུས་སྦྱོར་དང་བཅས་པ་འགགས་པས་ཡེ་ཤེས་གསུམ་པ་བསྟན་པའི་རྡོ་རྗེར་རྫོགས་པའི་རྣམ་པ་ལམ་བྱེད་ས་བོན་ཕྱག་མཚན་གྱི་ཚུལ་དུ་བསྒྱུར་ནས་བསྒོམས་པས། འབྲས་བུའི་དུས་ན་ཆོས་ཐམས་ཅད་མ་འདྲེས་པར་རྟོགས་པའི་རང་བཞིན་དུ་སྨིན་ཞིང་སོ་སོར་རྟོག་པའི་ཡེ་ཤེས་སུ་མངོན་པར་བྱང་ཆུབ་པའོ། །མངོན་བྱང་བཞི་པ་ས་བོན་ཕྱག་མཚན་དང་བཅས་པ་རོ་གཅིག་ཏུ་འདྲེས་པ་ནི་ཁུ་རྡུལ་སེམས་གསུམ་རོ་གཅིག་ཏུ་འདྲེས་པ་དང་། འདུ་བྱེད་ཀྱི་ཕུང་པོ་རླུང་གི་ཁམས་བྱ་བ་སྒོ་ལྔའི་རྣམ་ཤེས། ཉོན་མོངས་པ་ཕྲག་དོག །སྐྱེ་གནས་བཞིར་འཇུག་པའི་མངལ་སྐྱེས་དང་། སྒོང་སྐྱེས་ཀྱི་བར་དོའི་རྣམ་ཤེས་དང་ཁུ་ཁྲག་འདྲེས་པ། དྲོད་གཤེར་སྐྱེས་ཀྱི་རྣམ་ཤེས་དང་དྲོད་གཤེར་འདྲེས་པ། རྫུས་སྐྱེས་ཀྱི་གསལ་བ་སྟོང་པ་ཙམ་དང་བར་སྲིད་འདྲེས་པའི་ཆ་རྣམས་སྦྱོང་ཞིང་དག་པར་བྱེད་ལ་རྫོགས་རིམ་གྱི་དུས་ཁུ་རྡུལ་རླུང་གསུམ་གྱི་བྱེད་ལས་རྣམ་པར་དག་པ་རྒྱུ་རྡོ་རྗེ་འཛིན་པའི་ངོ་བོ་དང་། ཇི་སྙེད་པའི་ཡེ་ཤེས་བཞི་པ་ཤེས་བྱ་ཀུན་ལ་ཁྱབ་པ་རྡོ་རྗེའི་

(༡༠༨༡)བདག་ཉིད་དུ་རྫོགས་པའི་རྣམ་པ་ལམ་བྱེད་འདྲེས་པའི་ངོ་བོ་འོད་ཀྱི་ཐིག་ལེ་འམ་གོང་བུ་གཅིག་ཏུ་བསྒྱུར་ནས་བསྒོམས་པས། འབྲས་བུའི་དུས་ན་སངས་རྒྱས་ཐམས་ཅད་ཀྱི་མཛད་པ་རོ་གཅིག་ཏུ་འདྲེས་པའི་བདག་ཉིད་དུ་སྨིན་ཅིང་བྱ་བ་གྲུབ་པའི་ཡེ་ཤེས་སུ་མངོན་པར་བྱང་ཆུབ་པའོ། །མངོན་བྱང་ལྔ་པ་དེ་ལས་སྐུ་ཡོངས་སུ་རྫོགས་པ་ནི། མངལ་གྱི་གནས་སྐབས་ཡོངས་སུ་རྫོགས་ནས་ཕྱིར་བཅས་པ་དང་། རྣམ་ཤེས་ཀྱི་ཕུང་པོ་ཆུའི་ཁམས། ཡིད་ཀྱི་རྣམ་ཤེས་ཚོགས་བརྒྱད་ཀྱི་ཆོས་ཉིད་དུ་འཛིན་པའི་ཆ། ཉོན་མོངས་པ་ཞེ་སྡང་། སྐྱེ་གནས་བཞིར་སྐྱེ་བ་ལེན་པའི་ལུས་ཀྱི་སྐྱེ་མཆེད་རྫོགས་པའི་གནས་སྐབས་རང་བཞིན་སྤྲུལ་པའི་སྐུར་སྦྱོང་ཞིང་དག་པར་བྱེད་ལ། རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་ཚུལ་ཁུ་རྡུལ་རླུང་གསུམ་སེམས་དང་བཅས་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་འབྲས་བུའི་རྡོ་རྗེ་འཛིན་པ་དང་། རང་བཞིན་སངས་རྒྱས་རྣམས་ཀྱི་ཇི་ལྟ་བའི་ཡེ་ཤེས་རྣམ་པར་གྲོལ་བའི་འབྲས་བུ་ལྔ་པ་དེ་བཞིན་

(༡༠༨༢)གཤེགས་པའི་བདག་ཉིད་རང་རྒྱུད་ལ་རྫོགས་པའི་རྣམ་པ་ལམ་བྱེད་ལྷའི་སྐུ་རྒྱན་དང་ཆ་ལུགས་རྫོགས་པར་བསྒོམས་པས་འབྲས་བུའི་དུས་ན་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་དབྱིངས་དང་རང་བཞིན་དབྱེར་མེད་པའི་བདག་ཉིད་དུ་སྨིན་ཞིང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་མངོན་པར་བྱང་ཆུབ་པ་སྟེ། རྒྱུད་ལས། ཟླ་བ་མེ་ལོང་ཡེ་ཤེས་ཏེ། །བདུན་གྱི་བདུན་པ་མཉམ་པ་ཉིད། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོགས་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །ཅེས་སོ། །དེ་ལྟར་སྐྱེ་གནས་བཞིའི་རིམ་པ་དང་སྦྱར་ནས་བསྐྱེད་རིམ་སྒོམ་ཚུལ་བཞིར་བྱུང་བ་ཡང་རང་རང་གི་བག་ཆགས་ དང་གོམ་སྟོབས་ཆེ་ཆུང་གཙོ་བོར་སྦྱར་བར་བྱ་སྟེ། རྒྱལ་བའི་དབང་པོ་ཀློང་ཆེན་པས། ད་ལྟར་སྒོམ་ཚུལ་རྣམ་པ་བཞི་ཉིད་ཀྱང་། །གཙོ་བོར་སྐྱེ་བ་གང་བསྡུས་དེས་བསྒོམ་ལ། །བག་ཆགས་སྦྱོང་ཕྱིར་ཀུན་གྱིས་དེ་བཞིན་སྒོམ། ཁྱད་པར་ལས་དང་པོ་ཡིས་སྒོང་སྐྱེས་བཞིན། །ཅུང་ཟད་བརྟན་པས་མངལ་སྐྱེས་བཞིན་

(༡༠༨༣)སྒོམ་ལ། །བརྟན་པ་ཆེ་བས་དྲོད་གཤེར་སྐྱེས་བཞིན་སྒོམ། །ཤིན་ཏུ་གོམས་པས་ཡང་དག་བརྟན་པ་ཡིས། །རྫུས་སྐྱེས་བཞིན་དུ་སྐད་ཅིག་དཀྲོང་བསྐྱེད་བྱ། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་རྐྱེན་མ་འཁྲུལ་བ་ཇི་ལྟར་སྒོམ་པའི་ལམ་ལ་གཉིས། དབང་པོའི་རིམ་པ་དང་བསྟུན་ནས་ལམ་མས་སྦྱངས་ཀྱི་ཚུལ་དུ་རྒྱས་པར་བཀྲལ་ཏེ་བཤད་པ་དང་། བསྙེན་སྒྲུབ་ཡན་ལག་བཞིའི་ཁོག་ཏུ་ལམ་གྱི་འབྲས་བུས་རིག་འཛིན་བཞིའི་གོ་འཕང་ལ་སྦྱོར་ཚུལ་ས་ཆོད་ལྟར་བཤད་པའོ། །དང་པོ་ལ་བདུན། ལྷ་ལ་སེམས་བཟུང་བ། འགྱུར་བའི་སྐྱོན་བཅོས་པ། ལྷ་དཔྲལ་བ། ལྷ་ལམ་དུ་སླང་ཚུལ་ལྷ་རང་སེམས་དང་བསྲེབ། ལྷ་དོན་ལ་སྦྱར་བ། སྤྱོད་ཡུལ་ལམ་དུ་ཁྱེར་བའོ། །དང་པོ་ལྷ་ལ་སེམས་བཟུང་བ་ནི། བློ་ཆེན་པོས་ཐོག་མ་ཉིད་ནས་སྐུའི་རྣམ་འགྱུར་རྒྱན་དང་བཅས་པ་མ་འདྲེས་ཡོངས་སུ་རྫོགས་པར་བཀྲ་ལམ་གྱིས་གསལ་ལ། དེ་ཡང་རང་བཞིན་ཇི་ལྟ་བའི་དངོས་པོ་ངོས་བཟུང་ལས་འདས་པའི་

(༡༠༨༤)བསྐྱེད་རྫོགས་ཟུང་འཇུག་ཡེ་ཤེས་ཆེན་པོའི་སྐུ་རྣམ་པ་གསལ་བཞིན་དུ་ངོ་བོས་སྟོང་། ཆོས་ཉིད་སྟོང་བཞིན་དུ་རང་བཞིན་སྤྱན་གྱི་དཀར་ནག་ཚུན་ཕྱེད་པའི་གསལ་སྟོང་དབྱེར་མེད་ཆུ་ཟླ་ལྟ་བུའི་བསྐྱེད་རིམ་འཛིན་ཞེན་དང་བྲལ་བར་རྩལ་སྦྱང་། བློ་འབྲིང་རྣམས་ཀྱིས་དང་པོར་སྐུ་ཡོངས་སུ་རྫོགས་པའི་རྣམ་འགྱུར་ཝ་ལ་གྱིས་སྒོམ། དེ་ནས་དབུའི་རྣམ་པ་གསལ་བར་སྒོམ། དེ་བརྟན་ནས་རིམ་བཞིན་ཕྱག་གཡས། ཕྱག་གཡོན། སྐུ་སྐེད་ཡན། ཞབས་གཡས་གཡོན། སྐུ་ཡོངས་རྫོགས་གདན་དང་བཅས་པ་རྫོགས་པར་བསྒོམས་ལ། དེ་ཡང་རྣམ་པ་གསལ་བ་སྒྱུ་མ་ལྟ་བུའི་བསྐྱེད་རིམ་ལ་སློབ་པས་ཆད་ལྟར་མི་གོལ་ཞིང་། སྐྱོ་བའི་ཆེ་རྣམ་དག་དྲན་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ངོ་བོར་རྩལ་སྦྱངས་པས་རྟག་ལྟར་མི་གོལ་བའི་གནད་དོ། །དེ་ལྟར་གསལ་དཀའ་བའི་བློ་ཆུང་ལས་དང་པོ་པ་རྣམས་ཀྱིས་མ་གོམས་པར་ལ་རྟག་པའི་སྐུར་རྩལ་སྦྱང་བ་སྟེ། བཟོ་བོ་མཁས་པས་ཡི་དམ་གྱི་སྐུ་རས་བྲིས་སམ། ལྡེར་བཟོ་ལ་སོགས་པ་སྐྱེ་མཆེད་དོད་པར་བྱས་ཤིང་

(༡༠༨༥)རབ་གནས་དང་ལྡན་པ་མདུན་དུ་བཞག་པ་ལ། དྲན་པ་རྒྱུ་བའི་ཡན་ལག་ཅེས་ཆེད་དུ་མི་སྒོམ་པར་དབུ་ནས་ཞབས་ཀྱི་བར་ལ་མིག་མི་འཛུམ་པར་ཅེ་རེ་བལྟས་པས། དང་པོར་འདུ་བྱེད་ཀྱི་རྟོག་ཚོགས་མང་པོ་ལང་ལོང་དུ་འགྱུ་སྟེ་གཡོ་བའི་ཉམས་རི་གཟར་གྱི་འབབས་ཆུ་ལྟ་བུ་ཞེས་བྱའོ། །དེ་ལས་ཅི་ཞག་ན་རྣམ་འགྱུར་ཇི་ལྟ་བའི་བག་ཆགས་བརྟས་པ་ལས་མིག་བཙུམ་ཡང་ཡིད་ཡུལ་དུ་བཀྲ་གསལ་གྱི་འཆར་བར་འབྱུང་ངོ་། །དེ་ནི་ཐོབ་པའི་ཉམས་ཞེས་བྱ་སྟེ་དཔེར་ན་རྐུན་པོས་སྣོད་ཀྱིས་བསྟུམས་པའི་བདོག་པ་ཐོབ་པ་དང་མཚུངས་ཏེ། རང་བཞིན་ཇི་བཞིན་པ་མངོན་དུ་མི་ཤེས་པ་དང་འདྲའོ། །དེ་ལྟར་གསལ་བ་དེས་ཐ་མལ་གྱི་སྣང་ཞེན་ལ་རྒྱས་བཏབ་ཏེ་བྲིས་སྐུ་ལྟ་བུའི་ལེབ་ལ་བཅར་བཅར་བ་དང་འབུར་མ་ལྟ་བུའི་ལྡིར་ལྡིར་པོ་ཐོགས་བཅས་ཅན་མ་ཡིན་ལ། ཤ་རུས་དང་ནང་ཁྲོལ་ལ་སོགས་པའི་རྡོས་པ་ཐམས་ཅད་དང་བྲལ་བའི་སྣང་སྟོང་སྒྱུ་མའི་སྐུ་ཤེལ་བུམ་

(༡༠༨༦)དྲི་མེད་དམ། འཇའ་ཚོན་ལྟ་བུ་ཕྱི་ནང་ཟང་ཐལ་གསལ་འཚེར་བཀྲག་མདངས་དང་ལྡན་པ་མེ་ལོང་ལ་གཟུགས་བརྙན་ཤར་བའི་དཔེས་མཚོན་པར་རྩལ་སྦྱོང་ཞིང་། དེ་ཡང་དང་པོར་དམིགས་རྟེན་གྱི་སྐུ་ལ་བལྟ་ཡུན་རིང་བར་བྱ། སྒོམ་ཡུན་ཐུང་བར་བྱེད། ཅུང་ཟད་གསལ་ནས་བལྟ་ཡུན་རྗེ་ཐུང་། སྒོམ་ཡུན་ཇེ་རིང་ལ་བསླབ་བོ། །གཉིས་པ་ནི། དེའི་ཚེ་དམིགས་པ་བརྗེད་པ་དང་། ལེ་ལོ་དང་། མ་གྲུབ་ཀྱིས་དོགས་པ་དང་། བྱིང་བ་དང་། རྒོད་པ་དང་། ལྷ་གསལ་བཞིན་དུ་ཆོག་མི་ཤེས་པའི་རྩོལ་བ་དང་། མི་གསལ་ཀྱང་བཏང་སྙོམས་སུ་འཇོག་པའི་མི་རྩོལ་བ་སྟེ་སྤྱིའི་སྐྱོན་བདུན། རབ་རིབ་དང་། མོག་མོག་དང་། གྲིབ་མ་ལྟ་བུའམ་མུན་པ་ཅན། སྐུའི་ཚད་འགྱུར་བ། ཆ་ལུགས་འགྱུར་བ། དབྱིབས་འགྱུར་བ། གྲངས་འགྱུར་བ། བཞུགས་ཚུལ་འགྱུར་བ། ཁ་དོག་འབའ་ཞིག་སྣང་བ། དབྱིབས་འབའ་ཞིག་སྣང་བ། རིམ་པར་ནུབ་པ། རྣམ་འགྱུར་མ་རྫོགས་པ་སྟེ་འགྱུར་བའི་སྐྱོན་བཅུ་གཉིས་རྣམས་ཀྱི་གཉེན་པོར། བརྗེད་པ་ལ་དྲན་པ་བརྟེན།

(༡༠༨༧)ལེ་ལོར་དད་པ་དང་བརྩོན་འགྲུས་བརྩམ། དོགས་པར་དབྱིངས་ལ་གཏད། བྱིང་ན་སེང་ཞིང་བསིལ་བ་བརྟེན། །རྒོད་ན་སྐྱོ་ཤས་བསྐྱེད་ཅིང་ལྟ་སྟངས་སྨད། །རྩོལ་བ་ལ་བློ་ལྷོད། མི་རྩོལ་ན་བརྩོན་འགྲུས་བརྩམ། དེ་བཞིན་དུ་རབ་རིབ་དང་། མོག་མོག་གྲིབ་མ་ཅན་གསུམ་ལ་འཇའ་ཤེལ་ལ་སོགས་པ་མིག་ལ་བཀབ་ནས་དམིགས་རྟེན་ལ་བལྟ་ཞིང་དབྱིབས་ལ་དཔྱད། སེམས་ལ་སྒོམ། སྐུའི་ཆད། ཆ་ལུགས། བཞུགས་ཚུལ། དབྱིབས་འགྱུར་བ་བཞི་ལ་སྐུ་དེ་རྡོས་པའི་རྣམ་པ་ཤིན་ཏུ་ཆེ་བ། ཡན་ལག་དང་ཉིད་ལག་ལ་རི་དྭགས་རྩེ་ཞིང་། སྣ་བུག་ནས་ཕུག་རོན་འབྱུང་འཇུག་བྱེད་པ་ལ་སོགས་པར་སྒོམ་ཞིང་ཁྱད་པར་དུ་ཞི་བ་ལ་ཚུལ་དགུ་དང་ལྡན་པའི་རང་བཞིན་གསལ་བས་ལྡོག་སྟེ། རྔམ་གློག་ལས། དེ་ལྟའི་སྐུ་མཆོག་རེ་རེ་ལ། ཚུལ་དགུ་དག་དང་ལྡན་པ་སྟེ། །མཉེན་དང་ལྕུག་དང་འཁྲིལ་བག་དང་། །ལྡེམ་བག་ཆགས་དང་གཞོན་ཚུལ་ཅན། །གསལ་དང་འཚེར་དང་ལྷུན་སྡུག་དང་།

(༡༠༨༨)གཟི་བྱིན་འབར་བར་རབ་ཏུ་གནས། །ཞེས་པ་ལྟར་རོ། །ཁྲོ་བོ་ལ་གར་གྱི་ཉམས་དགུ་དང་ལྡན་པར་སྒོམ་སྟེ། གལ་པོ་ལས། སྒེག་པ་དབའ་བ་མི་སྡུག་པ། །དགོད་དང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམ་དང་ཞི་བ་སྟེ། །གར་དགུའི་ཚུལ་གྱི་བསྒྱིངས་པའོ། །ཞེས་སོ། །གྲངས་འགྱུར་བ་ལ་སྒྱུ་འཕྲུལ་བླ་མ་ལས། ལྷ་ཚོགས་འཕྲོ་འདུ་མང་པོ་ཡང་། །སེམས་ཀྱི་ཆོ་འཕྲུལ་ཆེན་པོའི་དང་། །ཞེས་པས་གཙོ་བོ་གཅིག་པུའི་ཆོ་འཕྲུལ་ལས་འཁོར་གྱི་རྣམ་པར་ཤར་བའི་རང་བཞིན་དྲན་པས་རྩལ་སྦྱང་། ཁ་དོག་འབའ་ཞིག་ཏུ་སྣང་བ་ལ་དབྱིབས་གསལ། དབྱིབས་འབའ་ཞིག་ཏུ་སྣང་བ་ལ་ཁ་དོག་སྣ་ཚོགས་པར་སྤོ། རིམ་པར་ནུབ་པ་ལ་ཞལ་ཕྱག་ཤིན་ཏུ་རགས་པར་སྒོམ། མ་རྫོགས་པ་ལ་གང་མ་རྫོགས་པའི་ཆ་ནས་ཆེད་དུ་གསལ་ལོ། །གསུམ་པ་ནི་དེ་དག་གི་བར་སྐབས་སུ་ལྷ་དབྲལ་བ་ཞེས་བྱ་སྟེ་ངལ་གསོའི་དབུགས་འབྱིན་པའི་ཕྱིར་མི་རྟོག་པ་ལ་མཉམ་པར་འཇོག་པ་དང་ལྷ་སྒོམ་པ་སྤེལ་མར་བྱ། ལྷ་སྐྱོན་མེད་དུ་གསལ་ནས་ལྷ་དང་མི་རྟོག་པ་ཕྲལ་ནས་ལྷ་ཁོ་ན་

(༡༠༨༩)སྒོམ་མོ། །བཞི་པ་ནི། དེ་ལྟར་འབྱོངས་ནས་ལྷ་ལམ་དུ་སློང་བའམ་རྩལ་སྦྱང་ཐབས་ནི། ལྷ་དེ་ལངས་པར་སྒོམ། འདུག་པར་སྒོམ། ཉལ་བར་སྒོམ། སྤྱི་ཚུགས་སུ་སྒོམ། གན་རྐྱལ་དུ་སྒོམ། ཁ་བུབ་ཏུ་སྒོམ། ཐག་རིང་པོར་སྒོམ། ཉེ་བར་སྒོམ། རི་བོའི་ཁོང་སེང་དུ་སྒོམ། རྒྱ་མཚོའི་གཏིང་དུ་སྒོམ། ཤིན་ཏུ་ཆེ་བ་རི་རབ་ཙམ་དུ་སྒོམ། ཤིན་ཏུ་ཆུང་བ་རྡུལ་ཕྲན་ཙམ་དུ་སྒོམ། དེ་ལྟར་གང་དུ་སྒོམ་ཡང་བཏུབ་ན་གོམས་པའི་ཉམས་ཆུ་ཀློང་ལྟ་བུ་ཞེས་བྱ་སྟེ་ལྷ་ལམ་དུ་བསླངས་པའོ། །ལྔ་པ་ནི། དེ་ནས་ལྷ་བསྲེ་བ་ཞེས་བྱ་སྟེ་བསྒོམ་བྱ་དང་སྒོམ་བྱེད་ཀྱི་གཉིས་སུ་འཛིན་པ་སྤང་ཕྱིར་ལྷའི་རྣམ་པ་རང་སེམས་དང་དབྱེར་མེད་དུ་བསྲེས་ཏེ་བསྒོམས་པས་རྟོག་པ་གང་གིས་ཀྱང་བར་དུ་མ་ཆོད་པར་སྐུ་ཡོངས་སུ་རྫོགས་པ་ལ་ཇི་ཙམ་གནས་འདོད་པ་དེ་སྲིད་དུ་སྡོད་པ་ནི་བརྟན་པའི་ཉམས་རི་རབ་ལྟ་བུ་ཞེས་བྱའོ། །དེ་ལས་ཀྱང་བ་སྤུའི་བུ་ག་དང་སྤྱན་གྱི་དཀར་ནག་ཚུན་ཆོད་གསལ་ཞིང་། ཡུལ་

(༡༠༩༠)རྐྱེན་གང་གིས་ཀྱང་མི་འཕྲོག་པར་ཉིན་མཚན་ཀུན་ཏུ་དཀྱིལ་འཁོར་གང་གི་དབང་ཕྱུག་ཆེན་པོར་རྩལ་རྫོགས་ནས་གསལ་བའི་ཚད། གསལ་ལེ། སང་ང་། ལྷག་གེ། ལྷང་ངེ་བ་བཞི་དང་། བརྟན་པའི་ཚད་མི་གཡོ། མི་འགྱུར། མངོན་པར་མི་འགྱུར། ཅིར་ཡང་བསྒྱུར་དུ་བཏུབ་པ་བཞི་སྟེ། གསལ་བརྟན་གྱི་ཚང་བརྒྱད་ཐོབ་ནས་མཐར་ཕྱིན་པའི་ཉན་ས་ཞེས་བྱ་སྟེ་སྣང་བ་ལྷའི་དཀྱིལ་འཁོར་དང་འདྲེས་པ་ཡིན་ནོ། དྲུག་པ་ནི། ད་ལྟར་འདྲེས་པ་གཅིག་པུས་ཀྱང་མི་ཆོག་བར་ལྷ་དོན་ལ་སྦྱར་བའི་ཕྱིར་རང་གི་སེམས་རྣམ་པར་ཤེས་པ་ཚོགས་བརྒྱད་དང་བཅས་པ་ལྷའི་སྐུ་དང་ཡེ་ཤེས་སུ་ཤར་བ་ལ། དེ་ཡང་རིག་པ་བྱང་ཆུབ་ཀྱི་སེམས་ལྷ་སྐུའི་འབྲས་བུར་གདོད་ནས་དུ་མ་རོ་གཅིག་ཏུ་སྨིན་པའི་བསྐྱེད་རྫོགས་དབྱེར་མེད་ཡེ་ཤེས་ཆེན་པོའི་སྐུར་ལམ་ཟློས་ན་བསྐྱེད་རིམ་རང་རྒྱུད་དུ་སྤྱད་པའི་བག་ཆགས་བརྟས་པ་ཙམ་ནི་རུ་ཏྲ་དང་སྲིན་པོའི་གོ་འཕང་ཙམ་ལས་རྣམ་པར་གྲོལ་བའི་ལམ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་སྲོག་སྡོམ་གཟེར་བཞིའི་

(༡༠༩༡)མན་ངག་གཅེས་པར་བསྟན་ཏེ་གསང་རྫོགས་ཀྱི་རྒྱུད་ལེའུ་སོ་དགུ་པ་ལས། ཡེ་ཤེས་འཇིག་རྟེན་གང་ལ་ཡང་། སྲོག་སྡོམ་གཟེར་བཞི་མ་ཐེམས་ན། །ནམ་ཡང་དོན་མེད་ཡུགས་ས་རྐྱང་། །ཡོངས་རྫོགས་དཔལ་གྱི་སྲོག་འཕྲོག་ཐབས། །གཅིག་ཤེས་པས་ནི་ཀུན་སྲོག་ཐོབ། །དཔེར་ན་སྒྲ་གཅན་འཛིན་གྱི་ཁས། །ནམ་མཁའི་ཉི་མ་གཅིག་ཟིན་པས། །ཆུ་བྲན་སྟོང་གི་ཉི་མ་ཀུན། །མ་བཟུང་བར་ཡང་སྟོང་སྲོག་ཐོབ། །དེ་ཕྱིར་སྲོག་སྡོམ་གཟེར་བཞི་གཅེས། །ཞེས་པ་ལྟར་ལས། ཏིང་ངེ་འཛིན་གྱི་གཟེར་ནི་དམིགས་རྟེན་སོགས་ལྷའི་རྣམ་པ་ལ་སེམས་རྩེ་གཅིག་ཏུ་གཏད་ནས་བསྒོམས་པས་ལུས་ཐ་མལ་དུ་འཛིན་པའི་མངོན་ཞེན་ལྷའི་སྐུར་རྫོགས་པ་སྟེ། རྒྱུད་ལས། རིང་འཛིན་གཟེར་ནི་ཐོད་སྐུ་ལ། །རྩེ་གཅིག་སེམས་བཟུང་ཡེངས་མི་བྱ། །ཡུལ་གསུམ་གྱད་དུ་ཕྱུར་བ་དང་། །དཔལ་ཆེན་ཧེ་རུ་དངོས་དང་མཇལ། །ལྡོག་པ་ཧེ་རུ་ཀས་མི་སྤྱོད། །ཏིང་འཛིན་མི་འགྱུར་གཟེར་མེད་ན། །སྐུ་ནི་

(༡༠༩༢)ནམ་ཡང་མཐོང་མི་འགྱུར། །ཞེས་སོ། །དེ་ལ་ཡུལ་གསུམ་གྱད་དུ་གྱུར་ཚུལ་ནི། །དང་པོ་བསམ་པའི་ཡུལ་ལ་གསལ། །དེ་ནས་མཐོང་བའི་ཡུལ་ལ་གསལ། །དེ་ནས་རེག་པའི་ཡུལ་ལ་གསལ་བས་སེམས་ལྷ་སྐུར་སྨིན་པའི་ལྷ་དང་ལྷ་ཕྲད་པ་ལ་གསལ་བ་གྱད་དུ་གྱུར་བ་ཞེས་བྱ་སྟེ་དཔལ་ཆེན་ཞལ་ལུང་ལས། ཡེ་ཤེས་ལྷ་ཡི་ཕྱག་རྒྱ་ཀུན། །དང་པོ་ཡིད་ཀྱི་ཡུལ་དུ་གསལ། །དེ་ཡི་དངོས་སྣང་མཐུ་བརྟས་ཤིང་། །སེམས་ཉིད་ཤིན་ཏུ་སྦྱངས་པའི་མཐུས། །རང་བཞིན་དབང་པོའི་ཡུལ་དུ་གསལ། །མཐར་ནི་བདེན་གཉིས་དབྱེར་མེད་ཀྱི། །ལུས་སེམས་ཤིན་ས་བྱངས་ཐོབ་པའི་ལྷ། །ལུས་ཀྱི་ཡུལ་དུ་མངོན་སུམ་གསལ། །ཡུལ་གསུམ་གྱང་དུ་གྱུར་བ་ལས། །མ་དག་ལུས་ཀྱི་དངོས་སྣང་ཆོམས། །ཞེས་སོ། །དེ་བཞིན་དུ་སྙིང་པོ་སྔགས་ཀྱི་གཟེར་ནི་ཐུགས་སྲོག་ལ་རྩ་སྔགས་འཁོར་བ་དང་དོ་ལི་ལ་འདུན་པ་གཅིག་ཏུ་གཞུར་ཏེ་རིག་པ་བགྲངས་པས་འབྱུང་འཇུག་གནས་གསུམ་གསུང་གི་ངོ་བོར་དག་བ་སྟེ། རྒྱུད་ལས། སྙིང་པོ་སྔགས་གཟེར་

(༡༠༩༣)ཡོངས་རྫོགས་ཀྱི། །གཙོ་བོའི་སྔགས་དག་སེལ་མེད་བཟླས། །ཐུགས་སྲོག་ཧཱུྃ་ལ་རྩ་སྔགས་འཁོར། །གསལ་བའི་འཕྲོ་འདུ་སྲོག་སྔགས་བགྲངས། །དེ་ཚེ་དཔལ་འབྱོར་ལུང་ཡང་སྟོན། །ནུས་པའི་རྩལ་རྫོགས་ལྷ་རྣམས་འཁོར། །སྲོག་སྙིང་བསྙེན་རྫོགས་གཟེར་མེད་ན། །ལྷ་དང་དམ་ཅན་ཁུག་མི་སྲིད། །ཅེས་སོ། དགོངས་པ་མི་འགྱུར་བའི་གཟེར་ནི་དཔལ་ཆེན་པོ་ལ་སོགས་པ་ཞི་ཁྲོའི་ལྷ་ཅི་ལྟར་སྒྲུབ་ཀྱང་དེ་ཉིད་རང་སེམས་ལས་གུང་ན་མེད་པར་རྟོགས་པས་ལྷ་དང་ཆོས་ཉིད་རོ་མཉམ་ཆེན་པོར་བཅུད་དུ་སྨིན་པ་སྟེ། རྒྱུད་ལས། དགོངས་པའི་གཟེར་ནི་ཞི་ཁྲོའི་ལྷ། །ཡོངས་རྫོགས་དཔལ་ཆེན་རང་སེམས་ལས། །བུང་ན་མེད་ཅིང་རུ་ཏྲ་ཡང་། །ལོག་ན་མེད་ངོ་རང་གི་སེམས། །སེམས་ཉིད་སྟོང་པ་ཆོས་ཀྱི་སྐུ། །གསལ་ལ་མ་འདྲེས་ལོངས་སྤྱོད་རྫོགས། །སྣ་ཚོགས་རང་ཤར་སྤྲུལ་པའི་སྐུ། །སྣང་བ་ཡབ་ལ་སྟོང་པ་ཡུམ། །སྣང་སྟོང་དབྱེར་མེད་ཡེ་ཤེས་སྐུ། །འགྱུ་དྲན་

(༡༠༩༤)རྣམ་རྟོག་བསམ་ཡས་ཀྱང་། །ཡོངས་སུ་རྫོགས་པ་དཔལ་གྱི་འཁོར། །བསམ་གྱིས་མི་ཁྱབ་ཡེ་སངས་རྒྱས། །རང་བཞིན་ཉིད་ལས་གཡོས་པ་མེད། །དགོངས་པ་མི་འགྱུར་གཟེར་མེད་ན། །དཔལ་ཆེན་འགྲུབ་ཀྱང་ཐུན་མོང་ལས། །མཆོག་མི་འགྲུབ་ཅིང་རུ་ཏྲར་གོལ། །ཞེས་སོ། །འཕྲོ་འདུའི་གཟེར་ནི་རྣམ་བཞིའི་ཕྲིན་ལས་ཐམས་ཅད་ལ་རང་དབང་དུ་བྱེད་པའི་ཆོ་འཕྲུལ་ཆེན་པོ་བཞུ་བཏུལ་གྱི་ལས་ལ་ཚལ་དཀར་གཅེས་པ་ལྟ་བུ་ཡིན་ཏེ། རྒྱུད་ལས། འཕྲོ་འདུའི་གཟེར་ནི་དམིགས་པ་ཡིས། །བསྒྱུར་ཁ་ཤེས་ན་འདོད་དགུར་འགྱུར། །ཏིང་ངེ་འཛིན་གྱི་འཕྲོ་འདུ་ཡིས། །སེམས་ཀྱི་ནུས་པ་རྩལ་རྫོགས་ཏེ། །གང་ལྟར་བསམ་པ་ད་ལྟར་སྣང་། །སྔགས་དང་ཕྱག་རྒྱའི་བྱིན་རླབས་མཐུས། །ཞི་རྒྱས་དབང་དང་མངོན་སྦྱོང་སོགས། །ཕན་གནོད་ལས་ཀ་གང་ཡང་འགྲུབ། །དཔེར་ན་ནོར་བུ་གཅིག་ཉིད་ལ། །གསོལ་མཆོད་རྐྱེན་གྱི་བྱེ་བྲག་ཏུ། །ཇི་ལྟར་འདོད་པ་སོ་སོར་བསྐངས། །འཕྲོ་འདུ་སྣ་ཚོགས་གཟེར་མེད་ན། །

(༡༠༩༥)དམིགས་གཏད་གཅིག་ལས་དོན་མི་འགྲུབ། འཕྲོ་འདུ་ལས་ཁ་བསྒྱུར་ཤེས་ན། །ཐེ་བྲང་ཐ་ཆུང་གཅིག་གིས་ཀྱང་། །ཕྲིན་ལས་ཐོགས་མེད་ལས་ཀུན་འགྲུབ། །ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན། །ཞེས་གསུངས་པ་ལྟར་གཟེར་བཞིའི་མན་ངག་གནད་དུ་ཆུད་པས་སྐུ་དངོས་སུ་མཐོང་སྟེ་སྐུའི་སྲོག་འཕྲོག །ངག་ལ་བདེན་པ་འགྲུབ་པས་གསུང་གི་སྲོག་འཕྲོག །ཆོས་ཉིད་ལ་རང་དབང་ཐོབ་པས་ཐུགས་ཀྱི་སྲོག་འཕྲོག །བདེ་གཤེགས་ཞི་ཁྲོའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དུ་མ་རོ་གཅིག་ཏུ་འདྲེས་པས་འཁོར་འདས་ཀུན་ལ་སྟོང་སྲོག་ཐོབ། ཡེ་ཤེས་ཀྱི་རྩལ་འབྱོངས་ཤིང་ཕྲིན་ལས་སྣ་ཚོགས་ལ་རང་དབང་བསྒྱུར་བ་ཡིན་ནོ། །བདུན་པ་ལ་གཉིས། ཤེས་པར་བྱ་བ་བཅུ་དང་དམ་ཚིག་གི་གནས་དྲུག་ལས། དང་པོ་ནི། འདི་སྐད་དུ་སྒྱུ་མ་སྨིག་རྒྱུ་ཞེས་པ་ནས། ཤེས་བྱ་བཅུ་ཚུལ་གསང་སྔགས་ཉམས་སུ་བླངས། །ཞེས་ མཉམ་གཞག་ཏུ་ལྷའི་འཁོར་ལོ་དང་། རྗེས་ཐོབ་ཐམས་ཅད་

(༡༠༩༦)གསང་སྔགས་ཤེས་བྱ་བཅུའི་སྒོ་ནས་ཉམས་སུ་བླང་བར་བསྟན་ཏེ། འདི་ལྟར་སྒྲུབ་ཐབས་ཐམས་ཅད་སྒྱུ་མ་ལྟར་ཤེས་པར་བྱའོ། །མིང་ཚིག་ཐམས་ཅད་སྨིག་རྒྱུས་རི་དྭགས་འདྲིང་པ་ལྟར་སྙིང་པོ་མེད་པར་ཤེས་པར་བྱའོ། །སྤྱོད་ལམ་ཐམས་ཅད་རྨི་ལམ་ལྟར་ཤེས་པར་བྱའོ། །དངོས་པོ་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་རང་བཞིན་མེད་པར་ཤེས་པར་བྱའོ། །གནས་ཡུལ་ཐམས་ཅད་དྲི་ཟའི་གྲོང་ཁྱེར་ལྟར་ཤེས་པར་བྱའོ། །སྒྲ་ཐམས་ཅད་བྲག་ཆ་ལར་ངོ་བོས་སྟོང་པར་ཤེས་པར་བྱའོ། །ལྷ་སྐུ་ཐམས་ཅད་ཆུ་ནང་ཟླ་བ་ལྟར་སྣང་ལ་རང་བཞིན་དུ་མ་གྲུབ་པར་ཤེས་པར་བྱའོ། །ཏིང་ངེ་འཛིན་རྣམས་ཆུ་ལས་ཆུ་བུར་རྡོལ་བ་ལྟར་ཤེས་པར་བྱའོ། །འཕྲོ་འདུ་ཐམས་ཅད་མིག་ཡོར་ལྟར་སྣ་ཚོགས་སུ་འགྱུར་བར་ཤེས་པར་བྱའོ། །ཆོ་འཕྲུལ་ཐམས་ཅད་སྤྲུལ་པ་ལྟར་རྣམ་པ་སྣ་ཚོགས་མཚན་ཉིད་མེད་པར་ཤེས་པར་བྱ་སྟེ་ཤེས་བྱ་བཅུའོ། །གཉིས་པ་ནི། མན་ངག་སྟོན་པའི་བླ་མ་ལ་གདུང་བ་མི་བཅད་པ་དང་། ཏིང་ངེ་འཛིན་གྱི་མཐུན་

(༡༠༩༧)ཕྱོགས་རྣམས་བསྒྲུབ་པ་དང་། མི་མཐུན་ཕྱོགས་འདོར་བ་དང་། སྤྱོད་ལམ་ཀུན་ཏུ་ཏིང་ངེ་འཛིན་ཡལ་བར་མི་བཏང་བ་དང་། ཡི་དམ་མི་སྤང་བ་དང་། སྒོམ་པའི་དོན་དང་སྤྱོད་པ་སྣོད་མ་ཡིན་པ་ལ་གསང་བ་དང་དྲུག་གོ། གཉིས་པ་བསྙེན་སྒྲུབ་ཡན་ལག་བཞིའི་སྒྲོམ་དུ་རིགས་འཛིན་རྣམ་པ་བཞིའི་གོ་འཕང་ལ་སྦྱོར་བའི་ལམ་ཐུན་མོང་མ་ཡིན་པ་ལྟར་བཤད་པ་ལ་བཞི་ལས། དང་པོ་ནི། དེ་ལྟར་བཤད་མ་ཐག་པ་བསྙེན་པའི་ཡན་ལག་ཏུ་ཕྲ་མོའི་ཏིང་ངེ་འཛིན་ཕྱག་རྒྱ་གཅིག་པ་ལ་སོགས་ཡུལ་གསུམ་གསལ་བ་ལ་བློ་བཞག་སྟེ་བསྒོམས་པས་ཚོགས་དང་སྦྱོར་བའི་ལམ་གྱི་ཡོན་ཏན་མངོན་དུ་སྣང་བ་སྟེ། འདི་ལྟར་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ལས། ཤེས་བྱའི་ཉམས་སུ་འབྱུང་བ་ལྔའི་རླུང་རྣམས་རིམ་གྱིས་དབུ་མར་ཞུགས་པའི་རྟགས་དུ་བ་དང་། སྨིག་རྒྱུ་དང་། སྲིན་བུ་མེ་ཁྱེར་དང་། སྤྲིན་མེད་ཀྱི་ནམ་མཁའ་ལྟ་བུ་སྟེ། འདི་དག་ནི་ཉམས་ཀྱི་སྣང་བ་མཆེད་པའི་རྟགས་སུ་ཤེས་

(༡༠༩༨)པར་བྱའོ། །དེ་བཞིན་དུ་རྨི་ལྟས་ལ། རྟག་པར་གཅེར་བུར་ཕྱུང་བ་བག་ཆགས་བྱང་བའི་རྟགས་དང་། ནམ་མཁའི་སྐས་ལ་འཛེགས་པ་ས་ཐོབ་པའི་རྟགས་དང་། སེང་གེ་དང་། གླང་པོ་ཆེ་ལ་ཞོན་པས་ནོན་པའི་རྟགས་དང་། གཟུགས་བརྙན་ཞལ་འཛུམ་པ་སོགས་ལུང་བསྟན་ཐོབ་པའི་རྟགས་ཏེ། མདོར་ན་རྡོ་རྗེ་བཀོད་པ་ལས་གསུངས་པ་བཞིན་ལམ་རྟགས་ཀྱི་རིམ་པ་བསམ་གྱིས་མི་ཁྱབ་པ་འབྱུང་སྟེ་ལྷག་པའི་དགའ་བྲོད་སྐྱེས་ན་བདུད་ཀྱི་གླགས་བལྟ་བས་བཟང་པོ་ལ་རེ་བ་མེད་པར་བྱའོ། །དེ་བཞིན་དུ་ཕྱིའི་དྲོད་སྒོམ་པའི་ཚེ་རྡུལ་ཕྲན་དང་། ཡི་གེ་དང་། ཕྱག་མཚན་དང་། སྐུ་ཕྲ་མོ་ལ་སོགས་པ་དང་། མེ་དང་ཆུ་དང་། རླུང་ལ་སོགས་པའི་ཁ་དོག་དང་སྐྱེ་མཆེད་མཐོང་བའོ། །ནང་གི་དྲོད་ལྷ་བསྒོམ་པས་དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར་བ་འབྱུང་ངོ་། གསང་བའི་དྲོད་སྤྱོད་ཡུལ་ཐམས་ཅད་སྒྱུ་མ་ལྟར་ཤེས་པ་དང་། རྩོལ་བསྒྲུབ་རྒྱུ་རྐྱེན་ལ་མི་ལྟོས་པར་ཆོས་ཐམས་ཅད་དབྱིངས་ནས་སངས་རྒྱས་པར་རྟོགས་པས་སྤྱོད་ཡུལ་ཡེ་ཤེས་སུ་གསལ་བར་

(༡༠༩༩)འབྱུང་ངོ་། ཕྱིའི་རྟགས་འོད་དང་། སྒྲ་དང་། དྲི་དང་། གཟུགས་བརྙན་ཞལ་འཛུམ་པ་དང་། མར་མེ་རང་འབར་བ་དང་། བྷནྡྷ་ནམ་མཁའ་ལ་འཕར་བ་དང་། ཁམས་བདེ་བ་དང་། དང་བ་འདྲེན་པ་ལ་སོགས་པའོ། །ནང་གི་རྟགས་སྔར་ལས་སྙིང་རྗེ་ཆེ་བ་དང་། ཆགས་པ་ཆུང་བ་དང་། ཕྱོགས་རིས་དང་བྲལ་བ་དང་། དམ་ཚིག་ལ་རྩིས་ཆེ་བ་དང་། བླ་མ་དང་མཆེད་གྲོགས་ལ་གདུང་བ་དང་། འབྲས་བུ་བཟང་པོ་ལ་མི་རེ་བ་དང་། འཁོར་བ་ལ་མི་དོགས་པ་དང་། བདུད་ལ་ཉམ་མི་ང་བ་ལ་སོགས་པ་མང་དུ་འབྱུང་སྟེ། དེ་དག་ལའང་དགའ་བྲོད་མེད་པར་བྱའོ། །དེ་བཞིན་དུ་རྩེ་མོ་ལ་དབང་བས་ནང་གི་ཉོན་མོངས་པ་ལྔ་ཕྱིའི་ཡུལ་ལ་མི་སྐྱེ་ཞིང་། ཕྱིའི་འབྱུང་བ་ལྔའི་གནོད་པས་ལུས་ལ་མི་ཚུགས་པ་སོགས་སེམས་དང་སྣང་བ་འདྲེས་པའི་རྟགས། བཟོད་པ་སྣང་བ་རྣམ་འབྱེད་ལས་སུ་རུང་བས་བྱེ་མ་ལས་གསེར། སྐམ་ས་ནས་ཆུ། སོལ་བ་ལས་ལྗོན་ཤིང་བསྐྱེད་པ་སོགས་སྣང་བ་དང་སེམས་ལ་དབང་ཐོབ་པའི་རྟགས་རྣམས་

(༡༡༠༠)མངོན་ཞིང་། ལུས་ཐ་མལ་ལས་མ་འགྱུར་ཀྱང་སེམས་ལྷའི་སྐུར་སྨིན་པས་ན་རྣམ་པར་སྨིན་པའི་རིགས་འཛིན་ཅེས་བྱ་སྟེ། སྒྱུ་འཕྲུལ་རྒྱས་པ་ལས། རྒྱ་མིག་རྒྱ་ས་ཇི་ལྟ་བར། ཕྱག་རྒྱ་ཐོབ་ལ་མ་རེག་པའི། །གཟུགས་རྫོགས་སྟོབས་ཅན་དེ་ཁོ་ན། །ཞེས་རྒྱ་མིག་ནི་ལུས། །རྒྱ་ས་ནི་སེམས་ཕྱག་རྒྱ་ཐོབ་པའི་དོན་ཏོ། །འདི་ཉིད་ཆོས་མཆོག་མ་ཐོབ་བར་འདས་ན། །བར་དོར་ཕྱག་རྒྱ་ཆེན་པོ་ཐོབ་སྟེ། སྐོས་ཕོར་དང་། སཱཙྪ་ལྟར་རོ། །རྣམ་སྨིན་གྱི་ལུས་དོར་བ་དང་སེམས་ལྷའི་སྐུར་སྨིན་ཟིན་པའི་ཕྱིར་ཏེ། ལས་རིམ་ལས། ཟླ་བ་བཅུ་དྲུག་བསྙེན་སྒྲུབ་ཚེ། །རྡོ་རྗེའི་ལུས་སུ་མ་གྱུར་བར། །སྟོབས་ཆུང་རྐྱེན་སྨོན་ཞན་པའི་ཕྱིར། །རྣམ་རྟོག་འབྱུང་བའི་ལྷག་ལུས་གཞག །རྡོ་རྗེ་འཆང་སར་རིག་པས་འགྲོ། །ཅེས་སོ། ཏིང་འཛིན་སྟོབས་ཆེན་ཆོས་མཆོག་ཐོབ་ནས་ཚེ་ལ་དབང་བར་དངོས་སུ་སྦྱོར་ཏེ། རྒྱུད་ལས། ཚོ་ལ་དབང་བའི་རིགས་འཛིན་ཐོབ། །ཟླ་དྲུག་བཅུ་གཉིས་བཅུ་དྲུག་གི། །དབང་བསྒྱུར་རིགས་ཀྱི་དམ་པ་ཐོབ། ཅེས་འབྱུང་ངོ་། །གཉིས་པ་ཉེ་

(༡༡༠༡)བར་བསྙེན་པའི་ཡན་ལག་ཏུ་མཐོང་བའི་ལམ་བསྟན་པ་ནི། རྒྱུད་ལས། འཁོར་བཅས་མཆོད་པ་རྫོགས་པ་དང་། །བསྙེན་པའི་ལུགས་བཞིན་བརྩོན་པར་འབད། །ཅེས་པས་གསད་ཆེན་རིགས་གཅིག་ནས་ཕྱག་རྒྱ་སྤྲོས་པའི་བར་ཇི་ལྟར་སྒོམ་ཡང་གསལ་བརྟན་ཆོས་ཉིད་བདེ་བ་ཆེན་པོའི་དོན་དང་འདྲེས་པར་ཉམས་སུ་བླངས་པས་བྱང་ཆུབ་ཡན་ལག་བདུན་གྱི་ཡོན་ཏན་མངོན་དུ་སྣང་ཞིང་། སེམས་མཐོང་ལམ་སྐྱེས་པས་མངོན་པར་ཤེས་པ་ལྔ་དང་ཆོ་འཕྲུལ་བཞི་ལ་སོགས་པ་ཐོབ་ཅིང་། སྤྲུལ་པའི་སྐུ་ལ་དངོས་སུ་ཆོས་ཉན་བ་དང་། དོན་རང་གི་མཚན་ཉིད་མངོན་དུ་བྱས་པས་ཆོས་མཆོག་ཆེན་པོ་མཐར་ཕྱིན་ཞིང་། སྙིགས་མའི་ལུས་རྡོ་རྗེའི་སྐུར་གྲུབ་ནས་སྐྱེ་ཤི་མེད་པའི་ཕྱིར་ཚེ་ལ་དབང་བའི་རིགས་འཛིན་ཅེས་བྱ་སྟེ། ལས་རིམ་ལས། དོན་མཐོང་འཇུག་པ་མཐར་ཕྱིན་པའི། །ཚོགས་བརྒྱད་བསྒྲུབས་པའི་དངོས་གྲུབ་ཀྱི། །ལུས་ཁམས་སྐྱེ་གནས་ཟག་པ་ཟད། །རྡོ་རྗེའི་ལུས་

(༡༡༠༢)གྱུར་ཚེ་ཡི་རིགས། །མཐོང་བའི་ཆོས་ལ་མྱ་ངན་འདའ། །ལུས་མ་བོར་བར་རྒྱལ་བའི་ས། །འཇིགས་པ་ཀུན་བྲལ་ཆོ་འཕྲུལ་རྫོགས། །ཞེས་པ་སྟེ་རྣམ་པ་མཚུངས་པ་ལྟར་བྱས་ན་སློབ་དཔོན་ཆེན་པོ་པདྨས་བྲག་ཕུག་མ་ར་ཏི་ཀར་མནྡ་ར་བས་སྒྲུབ་སྡེ་མོ་བྱས་ཏེ་ཉེ་རྒྱུའི་སྤྱོད་པ་ལ་བརྟེན་ནས་སྐྱེ་ཤི་མེད་པར་བྱས་པ་ལྟ་བུའོ། །གསུམ་པ་སྒྲུབ་པའི་ཡན་ལག་ཏུ་སྒོམ་པའི་ལམ་རྫོགས་པར་བསྟན་པ་ནི། རྒྱུད་ལས། སྒྲུབ་པས་སྒོམ་པའི་ལམ་ལ་འབད། །ལྷ་སྐུ་འཇའ་ཚོན་ཕྱག་རྒྱ་ཆེ། །ཅེས་རང་གི་མཚན་ཉིད་འཁྲུལ་པ་དང་བྲལ་བའི་མཉམ་གཞག་གི་ངོ་བོ་སངས་རྒྱས་རྣམས་དང་ཆོས་མཚུངས་ཀྱང་རྗེས་ཐོབ་ལ་ཁྱད་པར་ཡོད་པ་ཆོས་ཉིད་མཉམ་པར་རྩལ་སྦྱོང་ཞིང་། ལུས་དཀྱིལ་གྱི་རྟེན་ལ་མི་གཡོ་བའི་ཏིང་ངེ་འཛིན་གྱི་ངང་ནས་ཆོ་འཕྲུལ་སྣ་ཚོགས་གྲུབ་པས། ལུས་དཀྱིལ་འཁོར་གྱི་རང་བཞིན་འཇའ་ཚོན་ལྟ་བུར་སྣང་ཞིང་། སེམས་ས་དགུའི་དྲི་མ་སྦྱོངས་པ་ལ་མཚན་མ་དང་བྲལ་བའི་ཡེ་ཤེས་འོད་གསལ་གྱི་སྐུར་

(༡༡༠༣)འཕགས་ལམ་ཡན་ལག་བརྒྱད་ཀྱི་ཆོས་ཡོངས་སུ་རྫོགས་པས་ལོངས་སྤྱོད་རྫོགས་པའི་སྐུ་ལ་དགོངས་པ་དང་བརྡའི་ཆོས་ཉན་པའང་གྲུབ་སྟེ། རྒྱུད་ལས། རང་ལུས་རྒྱལ་བའི་ཕྱག་རྒྱ་སྟེ། །གོམས་པ་མངོན་དུ་གྱུར་པའི་ལྷ། །མཚན་དང་དཔེ་བྱད་རྒྱུན་དང་ལྡན། །ཕྱག་རྒྱ་ཆེན་པོའི་རིགས་འཛིན་ནོ། །ཅེས་སོ། །དེའང་ནང་གསེས་སུ་ས་གཉིས་པ་ནས་ལྔ་པའི་བར་ལ་རྡོ་རྗེའི་རིགས་འཛིན་ཅེས་བྱ་སྟེ། རྟོགས་པ་རྡོ་རྗེ་ལྟ་བུས་རང་སའི་སྒྲིབ་པ་འཇིག་པའི་ཕྱིར་རོ། །དྲུག་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཙོ་བོར་སྤྱོད་ཅིང་། ཆོས་ཀྱི་འཁོར་ལོ་བསྐོར་བས་ན་འཁོར་ལོའི་རིགས་འཛིན་ནོ། །བདུན་པ་ལའང་ཐབས་ལ་མཁས་པས་འཁོར་ལོ་ལྟར་འཕྲུལ་སྣང་ཆེ་བའི་ཕྱིར་དེ་ཉིད་དུ་རིག་གོ། །བརྒྱད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་རིན་པོ་ཆེ་ལྟར་རང་གི་ཁམས་རྣམ་པར་དག་པ་ལ་དབང་ཐོབ་པས་རིན་པོ་ཆེའི་རིགས་འཛིན་ནོ། །དགུ་བར་ཆགས་པ་མེད་པས་ཞིང་སྦྱོང་ཞི་དོན་བྱེད་པས་པདྨའི་

(༡༡༠༤)རིགས་འཛིན་ནོ། །བཅུ་པ་ཕྲིན་ལས་ཕུན་སུམ་ཚོགས་པས་སེམས་ཅན་གྱི་དོན་བྱེད་པས་རལ་གྲིའི་རིགས་འཛིན་ཅེས་བྱ་སྟེ། ལས་རིམ་ལས། ལོངས་སྤྱོད་གཉིས་པ་ཕྱག་རྒྱའི་རིགས། །རྡོ་རྗེ་འཁོར་ལོ་རིན་ཆེན་དང་། །པདྨ་རལ་གྲིའི་རིགས་འཛིན་འགྱུར། །ཞེས་པ་སྟེ། དཔེར་ན་སློབ་དཔོན་ཆེན་པོ་པདྨས་བལ་ཡུལ་ཡང་ལེ་ཤོད་དུ་དཔལ་ཡང་དག་ཧེ་རུ་ཀའི་དཀྱིལ་འཁོར་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོའི་རིགས་འཛིན་ལ་ན་སྦར་བའི་ཚུལ་བསྟན་ཏེ་ཕྲིན་ལས་རྣམ་པ་བཞིའི་རང་དབང་བསྒྱུར་བ་ལྟ་བུའོ། །བཞི་པ་སྒྲུབ་པ་ཆེན་པོའི་ཡན་ལག་ཏུ་མི་སློབ་པའི་ལམ་རྫོགས་པར་བསྟན་པ་ནི། འདི་སྐད་དུ། མཚན་མ་བརྟན་པོ་བྱུང་བ་དང་། སྒྲུབ་པ་ཆེན་པོ་བསྟན་པར་བྱ་། །ཞེས་པས། ལམ་གོང་མའི་གནས་རྣམས་མཐར་ཕྱིན་ནས། འདིར་ཚོམ་བུ་འབུམ་དང་བཅས་པ་བྱང་ཆུབ་ལ་སྦྱོར་བའི་ཕྱིར་ཚོགས་ཀྱི་སྒྲུབ་པ་གཙོ་ཆེ་བའི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པའི་རིགས་སངས་རྒྱས་དང་ཆེ་བའི་ཡོན་ཏན་ཕལ་ཆེར་མཉམ་ཡང་སྔགས་སུ་སྐད་ཅིག་གིས།

(༡༡༠༥)བྱེ་བྲག་ཕྱེད་པའི་བོ་གསང་བྱུང་དུ་ཡོད་པས་སློབ་བྱ་མཐར་ཐུག་ནས་སློབ་ཏུ་མེད་པའི་སངས་རྒྱས་ཆོས་སྐུའི་ཞལ་མཐོང་བ་ནི་སྤངས་རྟོགས་མཐར་ཕྱིན་པའི་ལྷུན་གྲུབ་རིགས་འཛིན་དུ་རྒྱལ་དབང་པདྨས་བཤད་པ་ཡིན་ནོ། །འོ་ན་ལས་རིམ་ལས། སྔ་མའི་རིགས་ལ་མཐུ་རྫོགས་པས། །བཤད་པ་བཞིན་དུ་དྲི་མ་སྦྱངས། །སངས་རྒྱས་ས་ཡི་ཤེས་རབ་གསུམ། །ལྷུན་གྱིས་གྲུབ་པའི་རིགས་སུ་འགྱུར། །ཞེས་བཤད་པས་ལྷུན་གྱིས་གྲུབ་པའི་རིགས་སངས་རྒྱས་ཀྱིས་སྒྲ་ཇི་བཞིན་པར་བཞག་པ་དང་འགལ་ལོ་ཞེ་ན་མི་འགལ་སྟེ། དེ་ནི་མདོའི་ལམ་ལྔ་སྔགས་ཀྱི་རིགས་འཛིན་བཞིས་ས་བཅད་པའི་དགོངས་པ་ཡིན་ཏེ། མཐའ་དྲུག་དང་ཚུལ་བཞིས་རྒྱུད་ཀྱི་དགོངས་པ་འགྲེལ་བ་ཡང་དག་པའི་གནས་ཡིན་པའི་ཕྱིར། འདི་ལྟར་བསྙེན་སྒྲུབ་ཡན་ལག་བཞིའི་འགྲོས་ལྟར་བཤད་པའི་སྒྲུབ་པ་ཆེན་པོ་ལ་སྤངས་ཐོབ་མེད་བཞིན་བསྒྲུབ་བྱར་བཤད་པའི་འགལ་བ་སྤོང་ཕྱིར་

(༡༡༠༦)དགོངས་པ་ཅན་དང་། ལྷུན་གྲུབ་རིགས་འཛིན་སངས་རྒྱས་ཀྱིས་ས་རྩིས་མགོ་བསྡུས་ཀྱང་ད་དུང་དེའི་རང་བཞིན་ཅི་ཡིན་པ་སྟོབས་སུ་གྱུར་ནས་དམིགས་པ་མེད་པའི་ཤེས་རབ་ཀྱིས་ཇི་ལྟར་དཔྱད་ཀྱང་ཉེས་པའི་སྐྱོན་གྱིས་མི་གོས་པས་སའི་མཆོག་མ་ཆགས་པདྨ་ཅན་དང་ཐུན་མོང་མ་ཡིན་པའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་སོགས་ཡོན་ཏན་བསམ་ཡས་པ་དང་ལྡན་པའི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱིས་ནོན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་ལོངས་སྤྱོད་ས་བཅུ་གསུམ་རྡོ་རྗེ་འཛིན་པའི་གོ་འཕང་ལ་སྦྱོར་དུ་ཡོད་དོ། རྒྱན་སྟུག་པོ་བཀོད་པ་ལས། ཡང་དག་སངས་རྒྱས་བྱང་ཆུབ་ཏུ། །འཚང་རྒྱ་འོག་མིན་གནས་མཆོག་ཏུ། །སངས་རྒྱས་མ་འགྱུར་འདོད་ཁམས་སུ། །སངས་རྒྱས་མཛད་པ་མི་མཛད་དོ། །ཞེས་གསུངས་པའི་ཕྱིར་སྔགས་ཀྱི་ས་ཁྱད་པར་བ་རྣམས་སྤྱོད་ཡུལ་སྐད་ཅིག་མ་ས་བགྲོད་ནས་འོག་མིན་དུ་འཚང་རྒྱ་བར་

(༡༡༠༧)སྟོན་ཅིང་ཐབས་མ་འགགས་པའི་མཛད་པ་བཅུ་གཉིས་ལ་སོགས་པའི་ཕྲིན་ལས་ཚད་མེད་པ་ལ་རང་གིར་བྱེད་པའི་རྟེན་འབྲེལ་བསྒྲིག་པའི་ཆ་ནས་དེ་སྐད་དུ་བཏགས་པ་ཉིད་ཡིན་དོན་ལྟར་བཀྲལ་བ་སྟེ། རྒྱུད་ལས། མཐར་ཐུག་ལྷུན་གྱིས་གྲུབ་པ་ཡི། །གྲུབ་པ་རྒྱལ་ཚབ་སྐྱེས་བུས་མཛད། །གསང་བའི་འཁོར་ལོ་ཡང་དག་འཁོར། །ཀུན་ལ་མཐུན་པའི་ཆོས་སྟོན་ཅིང་། །མཛད་པ་བཅུ་གཉིས་ཆོས་ཀྱང་སྟོན། །ཞེས་སོ། །དེའི་དཔེ་ནི་སློབ་དཔོན་ཆེན་པོ་ད་ལྟའི་གནས་སྐབས་ནས་འཁོར་བ་མཐའ་ཅན་གྱི་བར་སངས་རྒྱས་ཀུན་དང་གཉིས་སུ་མེད་པའི་ལྷུན་གྲུབ་རིགས་འཛིན་གྱི་ས་ལ་བཞུགས་ནས་འོག་མིན་པདྨ་འོད་དུ་དག་པའི་འཁོར་ལ་ཆོས་སྟོན་ཅིང་ཐུགས་རྗེས་སེམས་ཅན་གྱི་དོན་ལ་མི་གཡེལ་བ་ལྟ་བུའོ། །འདི་དག་གིས་སློབ་དཔོན་ཆེན་པོ་ཚེ་དབང་དང་ཕྱག་རྒྱའི་རིགས་འཛིན་གཉིས་ཀར་ཞལ་གྱིས་བཞེས་པས་རྗེས་འཇུག་ཕལ་གྱིས་དེའི་སོ་མཚམས་ཕྱེད་པ་སྔོན་ཆད་མ་

(༡༡༠༨)བྱུང་བ་ཡང་འདིར་སངས་རྒྱས་གཉིས་པ་དེའི་ཐུགས་རྗེའི་འོད་ཟེར་གྱིས་བློའི་པདྨོ་ཁ་ཕྱེ་བ་ལས་ཇི་ལྟར་རྟོགས་པ་བཞིན་བཤད་པ་ཡིན་ནོ། །དེ་ཡང་ཁ་ཅིག་ཕྱག་རྒྱ་ཆེན་པོ་ས་དང་པོ་ནས་བདུན་པའི་བར་དང་། ལྷུན་གྲུབ་དག་པ་ས་གསུམ་དུ་འདོད་པ་ནི་ནོར་བ་ཡིན་ཏེ། ལས་རིམ་གྱི་ལུང་བཤད་མ་ཐག་པའི་རྒྱབ་སྐྱོར་དུ་ཀུན་མཁྱེན་གྱིས་སློབ་དཔོན་ཁ་ཅིག་ཕྱག་རྒྱ་ཆེན་པོ་ས་དང་པོ་ནས་བདུན་པའི་བར་དང་། ལྷུན་གྲུབ་དག་པ་ས་གསུམ་དུ་བཞེད་པ་ནི་དགོངས་པ་མ་ལོན་པར་སྣང་ངོ་། །ཅིའི་ཕྱིར་ན་ལས་དང་པོ་པའི་ས་ནས་སངས་རྒྱས་ཀྱི་སའི་བར་རིགས་འཛིན་བཞིས་བགྲོད་ཅིང་བསྡུས་པའི་ཕྱིར་རོ། །ཞེས་གསུངས་སོ། །ཡང་ཚོགས་གཉིས་རླབས་པོ་ཆེ་ལ་སྔོན་དུ་གོམས་ཤིང་ཤེས་རབ་དང་ཏིང་ངེ་འཛིན་གྱི་མཐུ་ཆེན་པོ་ཐོབ་པའི་ལམ་ཐོད་རྒལ་བ་ཁ་ཅིག །སྦྱོར་ལམ་ནས་མཐོང་སྒོམ་གྱི་བར་ཚིག་ཆོད་དུ་ཁྱེར་ནས་མཐར་ཕྱིན་པའི་ལམ་དུ་འགྲོ་བ་དང་། སེམས་སྟོབས་ཤིན་ཏུ་ཆེན་པོ་དག་ནི་མཐོང་ལམ་ནས་སངས་རྒྱས་ཀྱི་སར་འགྲོ་

(༡༡༠༩)བའང་ཡོད་དེ། རྒྱུད་ལས། ཁ་ཅིག་དབང་བསྒྱུར་རིགས་ཉིད་ལས། །བཅུ་དྲུག་དོན་གྱི་སྐུ་ལྔ་རྫོགས། །ཁ་ཅིག་ཕྱག་རྒྱ་ཆེན་པོ་ནས། །བླ་མེད་ཀུན་ཏུ་བཟའ་པོར་འགྱུར། །ཞེས་སོ། །འདི་ལྟར་ན་སློབ་དཔོན་སངས་རྒྱས་གཉིས་པའང་རིམ་གྱིས་བར་དོགས་པ་སྐྱེ་ན་གོང་དུ་རྣམ་པ་མཚུངས་པ། ཞེས་བཤད་པས་གོ་བར་འགྱུར་ལ་དེར་མ་ལྟོས་པ། འོག་མིན་ཞེས་བྱ་ཉམས་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་པ་པོ་གཅིག་འདིར་འཚང་རྒྱ། །ཞེས་རྣམ་སྣང་མངོན་བྱང་དང་། ཟླ་གསང་ཐིག་ལེར་གསུངས་པ་བཞིན། ཤཱཀྱ་ཐུབ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་སྤངས་རྟོགས་མཐར་ཕྱིན་པར་སངས་རྒྱས་བཞིན་དུ་ཞིང་འདིར་མཛད་པ་བཅུ་གཉིས་བསྟན་པ་དང་ཆོས་མཚུངས་པར་ཤེས་པར་བྱའོ། །སྤྱི་དོན་གསུམ་པ་འབྲས་བུ་རྣམ་པར་དག་པ་ཟུང་འཇུག་གི་གོ་འཕང་བརྙེས་ཚུལ་ལ་གཉིས། འབྲས་བུའི་ངོ་བོ་སྤྱིར་བསྟན་པ་དང་། སྔགས་ཀྱི་ཁྱད་པར་ལ་ཆེད་དུ་

(༡༡༡༠)བརྗོད་པའོ། །དང་པོ་ནི། དེ་ལྟར་དག་པའི་ཡེ་ཤེས་སྟོང་ཉིད་ཀྱི་ཏིང་ངེ་འཛིན་ཟབ་མོས་སྦྱངས་ཤིང་། རོལ་མོ་ལྟ་བུའི་ཏིང་ངེ་འཛིན་གྱིས་ལྷར་གསལ་བས་སྲིད་པར་འཇུག་པའི་དྲི་མ་སྦྱངས། ལྷ་ཡེ་ཤེས་རང་སྣང་སྤྱོད་ཡུལ་དང་བྲལ་བར་རྟོགས་པས་ཀུན་ཏུ་རྟོག་པའི་བག་ཆགས་སྟོངས། ཀུན་གཞི་གནས་འགྱུར་བས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། དེ་བཞིན་དུ་སྐུ་གསུམ་ལ་འཇུག་པའི་མདོ་ལས། ཀུན་གཞིའི་རྣམ་པར་ཤེས་པ་ད་བྱིངས་སུ་ནུབ་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཞེས་པ་ལྟར། ཡིད་ཀྱི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཉོན་མོངས་པ་ཅན་གྱི་ཡིད་དབྱིངས་སུ་ནུབ་པས་སོ་སོར་རྟོག་པའི་ཡེ་ཤེས་སོ། །སྒོ་ལྔའི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེའི་ཚེ་ཕྱི་སྣང་བ་ཞིང་ཁམས་སུ་གནས་འགྱུར། ནང་ཕུང་པོ་ལྷ་སྐུར་གནས་འགྱུར། གསང་བ་ཚོགས་བརྒྱད་ཡེ་ཤེས་སུ་གནས་འགྱུར་བས་རྣམ་པ་ཀུན་ཏུ་སངས་རྒྱས་པ་ཞེས་བྱ་སྟེ། སྐྱབས་

(༡༡༡༡)འགྲོ་བདུན་ཅུ་པ་ལས། མ་རིག་ཉིད་ལས་སངས་ཕྱིར་དང་། ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨའི་འདབ་ལྟར་རྒྱས། ཞེས་སོ། །དེ་ལ་འདིར་མ་ཆགས་པདྨ་ཅན་དང་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་མངོན་དུ་བྱས་པ་དེའི་ཚེ་དཔལ་སྒྱུ་འཕྲུལ་དྲ་བ་ཆེན་པོའི་ལུགས་ཀྱི་སྐུ་ལྔ་པོ་དུས་གཅིག་ལ་རྫོགས་པས་དེ་དག་གི་རང་བཞིན་ཅུང་ཟད་རྣམ་པར་བཞག་ན། དང་པོ་མི་འགྱུར་རྡོ་རྗེའི་སྐུ་ནི། ཡེ་ཤེས་དྲ་བ་ལས། དབྱིངས་ཀྱི་དག་པ་རྡོ་རྗེའི་སྐུ། །མི་འགྱུར་མི་ཤིགས་བསམ་ལས་འདས། །ཞེས་པས་གདོད་མའི་དབྱིངས་རང་བཞིན་གྱི་འོད་གསལ་བ་སངས་རྒྱས་ཐམས་ཅད་ཀྱིས་ལམ་བགྲོད་པའི་མཐར་ཐུག་པ་དེའི་ཆོས་ཉིད་ལ་འཕོ་འགྱུར་མེད་ཅིང་རྡོ་རྗེའི་རང་བཞིན་དུ་འདུས་མ་བྱས་པར་རྟག་པས་ན་དེ་སྐད་དུ་བཏགས་ལ། ཡང་ཡེ་ནས་དྲི་མ་དང་བྲལ་བས་རང་བཞིན་གྱི་རྣམ་པར་དག་པ་དང་། གློ་བུར་གྱི་དྲི་མ་ཆ་དང་བཅས་པའང་ཤིན་ཏུ་རྣམ་པར་དག་པས་ན་

(༡༡༡༢)དག་པ་གཉིས་ལྡན་གྱི་སངས་རྒྱས་ཞེས་ཀྱང་བྱའོ། །གཉིས་པ་མངོན་པར་བྱང་ཆུབ་པའི་སྐུ་ནི། དེ་ཉིད་ལས། དྲི་མ་བྲལ་ཕྱིར་བྱང་བ་སྟེ། །ཡོན་ཏན་རྒྱས། བས་ཆུབ་པ་ཉིད། །གཉིས་མེད་འདྲེས་ཕྱིར་ཟུང་འཇུག་ཕྱིར། །མངོན་པར་བྱང་ཆུབ་སྐུར་བརྗོད་དོ། །ཞེས་པས་སེམས་ཉིད་འོད་དུ་གསལ་བ་མཐར་ཐུག་གི་ཚེ་དག་པ་གཉིས་ལྡན་གྱི་ཆ་ལ་གཏོགས་ཤིང་སྣང་ཆ་ལ་མ་འདྲེས་པའི་ཡོན་ཏན་སྟོབས་བཅུ། མི་འཇིགས་པ་བཞི། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད། ཐུགས་རྗེ་ཆེན་པོ། བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་སོགས་པ་མདོར་ན་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་ཆ་ནས་མངོན་པར་རྫོགས་པར་བྱང་ཆུབ་བའི་སྐུ་ཞེས་བྱ་སྟེ། མ་འདྲེས་པའི་ཡོན་ཏན་ཐམས་ཅད་ཀྱི་འཆར་གཞིར་གནས་པའོ། །གསུམ་པ་ཞི་བ་ཆོས་ཀྱི་སྐུ་ནི་སྟོང་རྐྱང་ལ་མི་འདོད་དེ་རིག་པའི་ཡེ་ཤེས་མ་ཡིན་པའི་ཕྱིར་རོ། །ཆོས་ཉིད་ལ་ཆོས་སྐུར་འདོད་པ་ལྟར་ན་རྡོ་རྗེའི་སྐུ་ཡིན་ཏེ་བཤད་ཟིན་ཏོ། །དུ་མ།

(༡༡༡༣)སྣང་ཞིང་ངོ་བོ་ལ་མ་འདྲེས་པའི་ཆ་ནས་ཆོས་སྐུར་འདོད་པ་ལྟར་ན་མངོན་པར་བྱང་ཆུབ་པའི་སྐུ་ཡིན་ཏེ་བཤད་མ་ཐག་པས་ཁྱབ་བོ། །འདིར་གང་ལ་ངོས་བཟུང་ན་རྟག་པ་མ་ཡིན་ཏེ་དམིགས་བསམ་ལས་འདས་པའི་ཕྱིར་དང་། ཆད་པ་མ་ཡིན་ཏེ་སོ་སོ་རང་རིག་པའི་ཡེ་ཤེས་ཡིན་པའི་ཕྱིར་དང་། གཉིས་ཀ་དང་གཉིས་ཀ་མ་ཡིན་པའི་མུ་ལམ་ཐག་སྟེ་རྟག་ཆད་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་དབྱིངས་ཀྱི་རང་བཞིན་མཐའ་དབུས་དང་བྲལ་བ་ནམ་མཁའ་ལྟ་བུའི་ཀློང་དུ་ཤིན་ཏུ་ཕྲ་བའི་ཡེ་ཤེས་རོ་གཅིག་ཏུ་འདྲེས་པ་གནམ་གང་གི་ཟླ་བ་ལྟར་མི་མངོན་པ་དང་ཆོས་མཚུངས་པར་བཞུགས་ཀྱང་། མཁྱེན་ཆ་མ་འགགས་པའི་ཡེ་ཤེས་ཀྱི་ནང་གསལ་མཉམ་གཞག་གི་ཆ་ལས་ཕྱིར་གསལ་གྱི་ཡེ་ཤེས་མཆེད་པའི་སྙིང་པོར་བྱེད་པས་རྒྱལ་སྲས་སར་གནས་རྣམས་དང་། སེམས་ཅན་གྱི་ཚོགས་ལ་གཟུགས་སྐུ་མིག་ལ་སྣང་བ་དང་། རྣ་བར་གསུང་ཐོས་པ་དང་། འཕགས་པའི་ཚུལ་

(༡༡༡༤)ཁྲིམས་ཀྱི་དྲི་བསྣོམས་པ་དང་། ཆོས་ཀྱི་རོ་མྱང་བ་དང་། ཏིང་ངེ་འཛིན་བདེ་བའི་རེག་སྣང་བ་དང་། རྟོག་དཔྱོད་ཀྱི་ཤེས་རབ་ཀྱི་ཆོས་ལ་འཇལ་བ་རྣམས་ཀྱི་རྒྱུ་བྱེད་པས་ཐིམ་ལ་མ་རྨུགས་པའི་ཡེ་ཤེས་ཞེས་བྱ་སྟེ། དེ་ལྟ་ནའང་ཡུལ་དང་ཡུལ་ཅན་གཉིས་སུ་འཛིན་པ་ནི་མེད་དེ་བསམ་མི་ཁྱབ་པའི་ཡེ་ཤེས་སངས་རྒྱས་ཁོ་ན་ལས་གཞན་གྱིས་སྤྱོད་ཡུལ་མ་ཡིན་ནོ། །དེ་སྐད་དུ་སྒྱུ་འཕྲུལ་བླ་མ་ལས། ཆེས་ཕྲའི་ཡེ་ཤེས་ནང་དུ་གསལ། དམིགས་མེད་འཆར་གཞི་ཆོས་ཀྱི་སྐུ། །ཞེས་སོ། །དེ་ལྟར་དབྱིངས་ནང་གསལ་དུ་གསལ་བའི་སྐུ་འདི་གསུམ་ནི་ཤིན་ཏུ་རྟོགས་པར་དཀའ་བའི་གནས་ཡིན་ནོ། །བཞི་པ་ལོངས་སྤྱོད་རྫོགས་པའི་སྐུ་ནི། སྒྱུ་འཕྲུལ་ལས་རིམ་ལས། ལྷུན་རྫོགས་རིག་པ་རང་སྣང་བའི། །ཞིང་དང་གཞལ་ཡས་གདན་ཁྲི་རྒྱན། །འོད་ཟེར་དུ་མར་སྣང་བ་སྟེ། །ཞེས་པས་དབྱིངས་ནང་གསལ་ཆོས་ཉིད་ཀྱི་ངང་ལས་མན་ཤེལ་གྱི་འོད་ལ་ཉི་ཟེར་གྱི་རྐྱེན་གྱིས་གསལ་བ་ལྟར་ངེས་པ་ལྔ་ལྡན་གྱི་སྐུ་མཚན་དང་དཔེ་བྱད་རྒྱ་མཚོའི་བདག་ཉིད་དུ་རང་

(༡༡༡༥)སྣང་བའི་རྒྱལ་ཚབ་རིག་ལྔའི་སྟོན་པ་རྣམས་སངས་རྒྱས་ཉིད་ཀྱི་སྣང་བ་ལ་སྟོང་གཟུགས་ལྟར་སྣང་ཞིང་རྟག་པ་རྒྱུན་གྱི་འཁོར་ལོར་སྤྱོད་ལ། གཞན་དང་ཐུན་མོང་མ་ཡིན་པས་ས་བཅུའི་དབང་ཕྱུག་གིས་ཀྱང་མི་མཐོང་སྟེ། ཅིའི་ཕྱིར་ན་སྒྲིབ་པ་མཐའ་དག་མ་སྤངས་ཤིང་ཇི་ལྟ་བ་དང་ཇི་སྙེད་པའི་ཡོན་ཏན་མཐའ་དག་ལ་གཟིགས་པའི་བློ་མིག་མ་ཐོབ་པའི་ཕྱིར་རོ། །དེ་སྐད་དུ་རྒྱུད་བླ་མ་ལས། ངག་ཡུལ་མིན་ཕྱིར་དོན་དམ་གྱིས་བསྒུས་ཕྱིར། །རྟོག་གནས་མིན་ཕྱིར་དཔེ་ལས་འདས་པའི་ཕྱིར། བླ་ན་མེད་ཕྱིར་སྲིད་ཞིས་མ་བསྡུས་ཕྱིར། །རྒྱལ་ཡུལ་འཕགས་རྣམས་ཀྱིས་ཀྱང་བསམ་མི་ཁྱབ། །ཅེས་པ་སྟེ། དེའི་གཞལ་ཡས་ཁང་བ་ལ་སོགས་ཕུན་སུམ་ཚོགས་པའི་གནས་རྣམས་ཀྱང་རང་སྣང་གཞིའི་འོད་གསལ་ལས་གྲུབ་ཀྱི་དཔེ་རྨི་ལམ་དག་པར་ཤར་བ་དང་ཆོས་མཚུངས་པར་གང་དུ་སྒྲིབ་པ་མཐའ་དག་སྤངས་པ་དེར་སྣང་བ་ལས་ཕྱོགས་གཤེད་ན་རང་ཚན་དུ་ཡོད་པར་ཡང་མི་

(༡༡༡༦)ལྟའོ། །འདི་ལྟར་རླུང་དབུ་མར་ཚུད་པའི་རྣལ་འབྱོར་པ་རྣམས་ཀྱི་སྣང་བའི་སྟོང་གཟུགས་གནས་ཁང་གཅིག་ཏུ་ཚོགས་པ་གཞན་དག་གིས་ཀྱང་ལྷན་ཅིག་ཏུ་མཐོང་བར་མི་ནུས་པ་བཞིན་ནོ། །འདི་དང་ནང་གསལ་གྱི་སྐུ་གསུམ་པོའི་ཁྱད་པར་ཤེལ་འདོན་ནང་དུ་ནུབ་ནས་འོད་ལྔའི་འཆར་གཞིར་གནས་པ་ཕྲ་བའི་ཡེ་ཤེས་དབྱིངས་ལ་བཞུགས་པ་དང་། ཉི་མའི་རྐྱེན་གྱིས་མན་ཤེལ་གྱི་འོད་ལྔ་ཕྱིར་གསལ་བ་ནི་རང་སྣང་ཡུལ་ལ་ཤར་ནས་ཕྱིར་གསལ་གྱི་ཡེ་ཤེས་མཚན་དང་དཔེ་བྱད་ཀྱི་སྐུར་འབར་བའི་དཔེས་ཤེས་པར་སླ་བ་ཡིན་ནོ། །ལྔ་པ་ཅིར་ཡང་སྤྲུལ་པའི་སྐུ་ནི། རྒྱལ་སྲས་འཕགས་པ་ལ་སོགས་པ་ཞི་བའི་གླིང་དུ་འཁྲིད་པར་བྱད་པའི་དེད་དཔོན་དམ་པའི་སྟོན་པ་ཞེས་གྲགས་ཏེ། དེ་ཡང་གདུལ་བྱ་མཆོག་ལ་སྣང་བ་གཟུགས་བརྙན་ལོངས་སྐུའི་སྟོན་པ་ནི། རང་སྣང་ལ་དབྱིངས་ཀྱི་ལོངས་སྐུ་ཆེན་པོ་དང་མཚུངས་པར་སྣང་ཡང་། དངོས་མ་ཡིན་པའི་དཔེ་བཞིན་དངོས་དང་དེའི་གཟུགས་བརྙན་མེ་ལོང་ལ་ཤར་བ་ལྟ་བུའི་ཁྱད་དེ། །གཟུགས་བརྙན་དུ་མཚན་དཔེ་ལ་སོགས་པའི་

(༡༡༡༧)ལོངས་སྤྱོད་རྫོགས་པ་ལྟར་སྣང་ཡང་། ཞིང་ཁམས་དང་འཁོར་ལ་སོགས་པ་གཞན་དུ་སྣང་ཞིང་ས་བཅུ་པའི་སྣང་བས་བསྡུས་པ་ཡིན་ཕྱིར་ཕྱེད་སྤྲུལ་ལོངས་སྐུ་ཞེས་ཉི་ཟླ་ཁ་སྦྱོར་ནས་དབྱེ་བ་ཡིན་ལ་འདི་ལྟར་རང་སྣང་གི་རང་བཞིན་འཕྲུལ་པས་ན་རང་བཞིན་སྤྲུལ་པའི་སྐུའི་ཞིང་ཁམས་སུ་གྲགས་པ་འོག་མིན་དང་། མངོན་དགའ་དང་། དཔལ་ལྡན་དང་། པདྨ་བརྩེགས་པའམ་བདེ་བ་ཅན་དང་། ལས་རབ་གྲུབ་པའི་འཇིག་རྟེན་ལྔར་རྣམ་པར་སྣང་མཛད་ལ་སོགས་པ་རིགས་ལྔའི་སངས་རྒྱས་རྣམས་དག་པའི་འཁོར་ལས་བཅུ་པོར་རིགས་ལྔ་ཆོས་ལྔ་གནས་འགྱུར་ལྔའི་རང་བཞིན་མངོན་དུ་བསྟན་ནས་འོད་ཟེར་ཆེན་པོས་དབང་བསྐུར་ཏེ་སངས་རྒྱས་ཀྱི་མཛད་པ་ཆེན་པོ་རྫོགས་པ་ཉིད་དེ། སྒྱུ་འཕྲུལ་མངོན་བྱང་ལས། དག་པ་ས་ཡི་དབང་ཉིད་ཕྱིར། །སྟོན་པ་ལྔ་དང་ཆོས་རབ་ལྔ། །ཡེ་ཤེས་ལྔ་ཡོངས་རྫོགས་པ་ལས། །རྫོགས་པའི་བྱང་ཆུབ་སྙིང་པར་འགྲོ། །ཞེས་སོ། །དེའི་ངང་ལས་འགྲོ་བ་འདུལ་བའི་སྤྲུལ་

(༡༡༡༨)པའི་སྐུར་བཞེངས་པ་ནི། སེམས་ཅན་རྣམས་ཀྱི་དཀར་པོ་རྣམ་པར་འཕེལ་བའི་ས་བོན་ལས་བྱུང་བ་སྟེ། ཆུ་དང་ཟླ་གཟུགས་དང་ཟླ་བའི་དཀྱིལ་འཁོར་དངོས་གསུམ་དང་ཆོས་མཚུངས་པར་སྣང་ཞིང་། ཟླ་བ་ལ་གཟུགས་བརྙན་འཇོག་པའི་ནུས་པ་ཡོད་པ་ལྟར། ཟླ་བ་ལྟ་བུའི་ལོངས་སྐུ་ལ་གདུལ་བྱའི་ངོར་སྤྲུལ་པ་འགྱེད་པའི་ནུས་པ་ཡོད་ལ། ཆུ་ལ་གཟུགས་བརྙན་འཛིན་པའི་རྟེན་འབྲེལ་གནས་པ་བཞིན། གདུལ་བྱ་ལ་སྤྲུལ་པ་སྣང་བའི་བསོད་ནམས་ཡོད་པས། དེ་གཉིས་འཛེམ་དུས་ཆུ་ནང་དུ་ཟླ་གཟུགས་རྩོལ་མེད་དུ་འཆར་བ་ལྟར་སྤྲུལ་པའི་སྣང་བརྙན་གང་ལ་གང་འདུལ་དུ་འབྱུང་བ་སྟེ། དེའང་འགྲོ་བ་རང་རང་གི་ལས་དབང་གིས་མགོ་གྱེན་ལ་སྟོན་པའི་མཐོ་རིས། འཕྲེད་ལ་སྟོན་པའི་དུད་འགྲོ། ཐུར་ལ་བསྟན་པའི་དམྱལ་བ་དང་ཡི་དགས་ཏེ་སྣ་ཚོགས་པའི་སྡུག་བསྔལ་ལ་སྤྱོད་པའི་འགྲོ་བ་རིགས་དྲུག་ཏུ་སྣང་བ་དང་མཐུན་པའི་དོན་མཛད་ཕྱིར། རིག་པའི་སྐྱེས་བུ་ཐུབ་པ་དྲུག་ཏུ་སྤྲུལ་ནས་དོན་མཛད་དེ། དེའང་ལ་ལར་སྐུ་བསོད་ནམས་ཆེན་པོ་

(༡༡༡༩)མཛད་པ་བཅུ་གཉིས་ལ་སོགས་པས་འདུལ། ལ་ལར་གསུང་སྒྲ་ཚིག་རང་ཚན་ལས་འདས་པའི་ཐེག་པ་སྣ་ཚོགས་པས་འདུལ། ལ་ལར་ཐུགས་ཀུན་ཏུ་བཟང་པོའི་སྤྱོད་པ་ཡོངས་སུ་རྫོགས་པ་ལ་སོགས་པའི་མངོན་ཤེས་དྲུག་གིས་འདུལ། ལ་ལར་དངོས་རྒྱུད་ཐམས་ཅད་ནས་མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་འདུལ་བ་སྟེ། ཕལ་པོ་ཆེ་ལས། ཀྱི་རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྤྲུལ་པ་ནི་ཚད་མེད་དེ། འགྲོ་བ་གང་དང་གང་གིས་འདུལ་བ་དེ་དང་དེའི་གཟུགས་དང་ཁ་དོག་དང་མིང་གིས་དོན་མཛད་དོ། ཞེས་བཤད་དོ། །དེ་དག་ལས་མཛད་པ་བཅུ་གཉིས་སྟོན་པ་ལ་མཆོག་གི་སྤྲུལ་པའི་སྐུ་ཞེས་བརྗོད་ལ། ཐུགས་རྗེས་གདུལ་བ་གཞན་དག་ལ་སྣ་ཚོགས་སྤྲུལ་པའི་སྐུ་ཞེས་བྱ་སྟེ། འདི་ལྟར་སྐྱེ་བ་ནི་སེམས་ཅན་ལ་དངོས་སུ་ཕན་པ་དེའི་ལུས་སུ་སྤྲུལ་པ་སྟེ། མུ་གེའི་ཚེ་ཉ་བོ་ཆེ་དང་ནད་ཀྱི་ཚ་སྲོག་ཆགས་དེས་པ་དང་། སྲིན་མོའི་གླིང་དུ་ཅང་ཤེས་པ་ལ་ཧ་སོགས་པར་སྤྲུལ་ནས་དོན་མཛད་པའོ། །བཟོ་ནི་

(༡༡༢༠)བེམ་པོ་ལྟར་སྣང་བ་རིས་སུ་བྲིས་པ་དང་། འབུར་དུ་བྱོན་པ་དང་། པདྨ་དང་། དཔག་བསམ་གྱི་ཤིང་དང་། སྐྱེད་མོས་ཚལ་དང་། ཀུན་དགའ་ར་བ་དང་། ཁང་བཟང་དང་། ནོར་བུ་དང་། གྲུ་གཟིངས་དང་། ཟམ་པ་དང་། སྒྲོན་མ་ལ་སོགས་ཏེ། མདོར་ན་སེམས་ཅན་ལ་ཕན་པའི་དངོས་པོ་སྟེར་བ་ཐམས་ཅད་བྱིན་རླབས་ཀྱི་སྤྲུལ་པ་སྟེ། དེ་དག་ཀྱང་དབྱིངས་ལས་བྱུང་ཞིང་། དབྱིངས་ལ་ཐིམ་པའི་ཚུལ་ཤིན་ཏུ་དཔྱད་བ་ཟོད་པ་ཀུན་མཁྱེན་གྱིས། གདུལ་བྱ་མེད་ན་འདུལ་བྱེད་དབྱིངས་སུ་ནུབ། །རང་སྣང་ལོངས་སྐུ་ཆོས་སྐུའི་དང་དུ་ཐིམ། །ཆུ་སྣོད་མེད་ན་ཟླ་གཟུགས་མཁའ་ལ་འཁྱིལ། །ཆོས་ཀྱི་དབང་གིས་ཟླ་བ་དབྱིངས་སུ་ནུབ། །གནམ་གང་ཟླ་བ་འཕེལ་འགྲིབ་མེད་པ་བཞིན། །གདུལ་བྱ་ཡོད་ན་སྔོན་བཞིན་རིམ་གྱིས་སྣང་། །འདི་ནི་འབྲས་བུ་ལྷུན་གྱིས་གྲུབ་པ་ཡིན། །ཞེས་ཆུ་སྣོད་མེད་དུས་ཆུ་ཟླའི་གཟུགས་བརྙན་ཟླ་བའི་དབྱིངས་སུ་རང་ནུབ་པ་ལྟར། གདུལ་བྱ་མེད་ན་དེའི་ངོ་བོར་སྣང་བའི་སངས་རྒྱས་སྤྲུལ་སྐུའི་ཟླ་གཟུགས་རང་སྣང་ལོངས་

(༡༡༢༡)སྐུའི་ངང་དུ་ཞི་བ་ཙམ་ལ་ཐིམ་པའི་དཔེས་བཏགས་ཀྱང་། གཅིག་ནས་འོངས་པ་ཅིག་ཤོས་སུ་ཐིམ་པ་ནི་ཅི་ཡང་མེད་དོ། །དེ་བཞིན་དུ་ལོངས་སྐུའང་ནང་གིས་མ་ཆོས་སྐུའི་དབྱིངས་སུ་ཐིམ་པས་ཡེ་ཤེས་དབྱིངས་སུ་འཁྱིལ་བ་ཞེས་བྱ་སྟེ། གནམ་གང་གི་ཟླ་བ་ནང་གསལ་དུ་གནས་པ་ལྟ་བུའོ། །དབུ་མ་པ་རྣམས་དེའི་ཚེ་འཇུག་པ་ཆོས་དབྱིངས་སུ་ཞི་བས་འགོག་པ་དམ་པའི་ངང་ལ་མཉམ་པར་གཞག་པར་འདོད་ཅིང་། གཞན་སྣང་དུ་སྔོན་གྱི་སྨོན་ལམ་ལས་དོན་མཛད་དོ། །ཞེས་གླེང་ལ། རྒྱུད་བླ་མར་མཉམ་བཞག་གི་ཡེ་ཤེས་གཡོ་བ་མེད་ཀྱང་རྗེས་ཐོབ་ཀྱི་སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་པར་འདོད་དེ། མི་རྟོག་པ་དང་དེ་ཡི་ནི། །རྗེས་ཐོབ་དེ་ནི་ཡེ་ཤེས་འདོད། །ཅེས་སོ། །གའི་ས་པ་ནི། དེ་ལྟར་སྤངས་རྟོགས་མཐར་ཕྱིན་པའི་གནས་སྐབས་དག་པ་གཉིས་ལྡན་ཆེན་པོའི་ངང་དུ་མདོ་སྔགས་ཀྱི་སངས་རྒྱས་ལ་ཁྱད་པར་མི་བཞེད་པ་ཁོ་བོའི་བླ་མ་ཀུན་མཁྱེན་དག་གི་དབང་པོའི་དགོངས་པ་ཡིན་ཡང་།

(༡༡༢༢)འདིར་སྐྱེས་བུ་དམ་པ་རྣམས་ཀྱི་ཡེ་ཤེས་སྒྱུ་མ་ལྟ་བུའི་དགོངས་སྤྱོད་ཟབ་མོས་དབྱིངས་ཀྱི་ཡོན་ཏན་གཞལ་བ་ན་བསམ་གྱིས་མི་ཁྱབ་པའི་གནས་རྣམས་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱི་རང་བཞིན་ཅིར་ཡང་འཇུག་པ་ཆོས་ཉིད་ཡིན་ཕྱིར་བཤད་པའི་གནས་ལ་འགྲན་གྱིས་དོ་མེད་གཡུའ་སྟོན་རྡོ་རྗེ་དཔལ་བས། ཟུར་གྱི་བླ་མ་དཔལ་ཆེན་གྲུབ་པ་རྣམས་ཀྱི་རྗེས་སུ་འབྲངས་ནས་མདོ་སྔགས་ཀྱི་སངས་རྒྱས་ལ་ཁྱད་པར་ཕྱེ་བའི་བསྟན་བཅོས་མཛད་པ་ལ། སྨྲ་བའི་དབང་ཕྱུག་ཆེན་པོར་བསྙོན་དུ་མེད་པ་དག་ཀྱང་ཁེངས་པའི་རུ་མཚོན་དབྱིངས་སུ་མནལ་ཏེ་ཆེད་དུ་བརྗོད་པར་གྲགས་ན། འདིར་རྣམ་པར་ཤེས་བྱ་འབྱེད་པའི་བློ་གྲོས་དཔྱད་བཟོད་པ་ཉིད་དུ་མཐོང་ནས་འདི་ཉིད་ཀྱི་རྒྱུད་འགྲེལ་ལྟར་བཤད་པ་ནི་དང་པོ་ཆོས་སྐུ་ལ་ངོ་བོའི་ཁྱད་པར། མཚན་ཉིད་ཀྱི་ཁྱད་པར། བྱིན་རླབས་ཀྱི་ཁྱད་པར་གསུམ་གྱིས་དབྱེ་བ་ལས། དང་པོ་ནི། རྒྱུ་མཚན་ཉིད་ཀྱི་ཆོས་སྐུ་སྟོང་ཉིད་སྤྲོས་པ་དང་བྲལ་བ་ཡིན་ལ། སྔགས་ཀྱི་ཆོས་སྐུ་སྣང་སྟོང་ཟུང་འཇུག་ཡིན་ཏེ། རྒྱས་པ་ལས། འཇིག་རྟེན་བརྟན་གཡོ་ལ་

(༡༡༢༣)སོགས་པ། །སྣང་བ་ཉིད་ན་ངོ་བོ་མེད། །ཅེས་གསུངས་སོ། །གཉིས་པ་ནི། རྒྱུའི་ཆོས་སྐུ་སྟོང་པའི་མཐར་ལྷུང་ལ། །སྔགས་ཀྱི་ཆོས་སྐུ་སྣང་སྟོང་གཉིས་སུ་མེད་པས་མཐར་མ་ལྷུང་ངོ་། །གསུམ་པ་ནི། རྒྱུའི་ཆོས་སྐུ་ལ་བྱིན་རླབས་གཟུགས་སྐུ་གཉིས་ལས་མི་འཆར་ལ། སྔགས་ཀྱི་ཆོས་སྐུ་སྣང་སྟོང་དབྱེར་མེད་ཀྱི་བྱིན་རླབས་སྐུ་ལྔ་ལ་སོགས་པ་ཅིར་ཡང་འཆར་རོ། །ཞེས་བཤད་དོ། དཔྱད་ན་ངོ་བོའི་སྒོ་ནས་དབྱེ་བ་ལ་འཐད་པ་ཡོད་པར་མ་མཐོང་སྟེ། ཐིམ་ལ་མ་རྨུགས་པའི་ཡེ་ཤེས་ཤིན་ཏུ་ཕྲ་བ་ལ་སྣང་སྟོང་གི་ངོས་བཟུང་མེད་པའི་ཕྱིར་རོ། །རྒྱས་པའི་ལུང་དེ་ནི་མཚོན་ཉིད་ཀྱི་སྒོ་ནས་དབྱེ་བ་ལ་ཤིན་ཏུ་འཇུག་གོ། གཉིས་པ་གཟུགས་སྐུ་གཉིས་ཀྱི་ཁྱད་པར་ལའང་གསུམ་དུ་ཕྱེ་སྟེ། དང་པོ་རྒྱུ་མཚན་ཉིད་ཀྱི་གཟུགས་སྐུ་གཉིས་རྒྱུ་རྐྱེན་ལས་བྱུང་ལ། སྔགས་གྱི་གཟུགས་སྐུ་རྒྱུ་རྐྱེན་གྱིས་མ་བསྐྱེད་པ་ཡིན་ཏེ། རྒྱས་པ་ལས། རྒྱུ་རྐྱེན་རག་ལུས་མེད་པའི་ཕྱིར། ཞེས་སོ། གསུམ་པ་ལ་ཡང་གཉིས་ཏེ། ལོངས་

(༡༡༢༤)སྐུའི་ཁྱད་པར་དང་། སྤྲུལ་སྐུའི་ཁྱད་པར་རོ། །ལོངས་སྐུའི་ཁྱད་པར་ལ་ཡང་གཉིས་ལས། ལོངས་སྤྱོད་བྱ་ཡུལ་གྱི་ཁྱད་པར་ནི། མཚན་ཉིད་ཀྱིས་དཀར་པོའི་ཕྱོགས་ལ་ལོངས་སྤྱོད་པ་ལས། ནག་པོའི་ཕྱོགས་ལ་ལོངས་མི་སྤྱོད་ལ། སྔགས་རྐྱེ་གཉིས་ཀ་ལ་ལོངས་སྤྱོད་དོ། །ལོངས་སྤྱོད་བྱེད་ཐབས་ཀྱི་ཁྱད་པར་ནི། མཚན་ཉིད་ལ་ནག་པོའི་ཕྱོགས་ལ་སྤྱོད་པའི་ཐབས་མེད། སྔགས་ལ་དཀར་ནག་གཉིས་ཀ་ལ་སྤྱོད་པའི་ཐབས་ཡོད་པས་སོ། །སྤྲུལ་སྐུ་གཉིས་ཀྱི་ཁྱད་པར་ལའང་གཉིས་ལས། གདུལ་བྱ་ཡུལ་གྱི་ཁྱད་པར་ནི། རྒྱུ་མཚན་ཉིད་ཀྱི་སྤྲུལ་སྐུས་དཀར་ཕྱོགས་ཀྱི་གདུལ་བྱ་ལས། ནག་ཕྱོགས་ཀྱི་གདུལ་བྱ་མི་འདུལ་ལ། །སྔགས་ཀྱི་སྤྲུལ་སྐུས་གདུལ་བྱ་ལ་ཕྱོགས་རིས་མེད་པས་སོ། །འདུལ་བྱེད་ཐབས་ཀྱི་ཁྱད་པར་ནི། །རྒྱུ་མཚན་ཉིད་ཀྱི་སྤྲུལ་སྐུ་ལ་ནག་ཕྱོགས་འདུལ་བའི་ཐབས་མེད་ལ། སྔགས་གྱི་སྤྲུལ་སྐུས་དཀར་ཕྱོགས་དང་ནག་ཕྱོགས་གཉིས་ཀ་འདུལ་བའི་ཐབས་དང་ལྡན་པའོ། །དེའི་ཕྱིར་དབྱེར་མེད་རྡོ་རྗེ་དང་མངོན་པར་བྱང་ཆུབ་པའི་སྐུ་གཉིས་ཀྱིས་

(༡༡༢༥)ཀྱང་འཕགས་པར་ཤེས་པར་བྱའོ། །ཞེས་འདོམས་སོ། །མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོའི་དབྱིངས་དང་བཤེས་པའི་གོམ་ཚུགས་བརླིང་རྒྱུད་དོན་མན་ངག་ཞི་བ་མོར་འཐག་པའི་གསེར་གྱི་རྣ་ཆ་དྲ་བས་བརྒྱན། ཐེག་པའི་ནང་ནས་ཐེག་པའི་མཆོག་རབ་ཀུན་གྱི་ཚིག་དོན་ཁུར་བཟོད་པའི། །ལེགས་པར་བཤད་པའི་སྤྲིན་གྱི་དུམ་དུ་འོག་མིན་བགྲོང་ལ་རིངས་པ་བཞིན། རྒྱལ་བ་ཀུན་དངོས་ཨོ་རྒྱན་རྗེ་དང་པཎ་ཆེན་དྲི་མེད་བཤེས་གཉེན་ཞབས། །ཀུན་མཁྱེན་ཆོས་རྗེ་སྔ་འགྱུར་བསྟན་སྲོག་རྒྱལ་སྲས་ཟུར་ཆེན་ཟུར་ཆུང་གི། བཤད་སྲོལ་ཕན་ཆེར་སྙིགས་མར་སྤྱོད་པའི་དུས་ཀྱི་ཁང་བུར་དབུགས་འབྱིན་ཚེ། །རང་བྱུང་རྡོ་རྗེ་མཁྱེན་བརྩེའི་ཉིན་བྱེད་འོད་ཟེར་འབར་བས་སྣང་བར་བྱས། །རྒྱུད་དང་སྒྲུབ་སྡེའི་མན་ངག་བཅུད་འདྲིལ་ཞིང་། །ཚང་ལ་མ་ནོར་ཡིད་བཞིན་རིན་ཆེན་མཛོད། །སྐུ་ལྔའི་ས་ལམ་བཟོད་པའི་ཐེམ་སྐས་འདིར། །འཛག་རྣམས་སྐལ་བཟང་མགྲོན་པོར་བསྙོན་དུ་མེད། །རྙོག་པ་མེད་པའི་དགེ་ཚོགས་

(༡༡༢༦)ཞི་བའི་ཀླུང་། །དམ་པ་གསུམ་གྱི་རླབས་ཕྲེང་དང་འགྲོགས་པས། །འཇམ་པའི་གཞོན་ནུས་མཁྱེན་པའི་ཡོངས་བསྔོར་གྲུབ། ཀུན་ཏུ་བཟང་པོ་ས་ལ་ཕྱིན་པར་ཤོག །ཅེས་བསྐྱེད་རིམ་གྱི་རྣམ་པར་གཞག་པ་འོག་མིན་འགྲོད་པའི་ཐེམ་སྐས་ཞེས་བྱ་བ་འདི་ནི་དེ་བཞིན་གཤེགས་པས་ལེགས་པར་གསུངས་པའི་ཚུལ་གྱི་གནས་རྣམས་ལ་རྒྱ་ཆེར་གཟིགས་པའི་བློ་མིག་བཟང་པོ་ཐོབ་ཅིང་། བསྟན་པ་དང་དེ་འཛིན་ལ་སྙེམས་པ་མེད་པའི་གཅེས་སྤྲས་ཀྱིས་རང་ཀིར་མཛད་པ་ལྷགས་ཟམ་རིག་འཛིན་སྤྲུལ་པའི་སྐུ་མཆོག་ཡེ་ཤེས་ལྷུན་གྲུབ་དཔལ་བཟང་པོའི་ཞལ་སྔ་ནས། ལེ་བརྒན་གྱི་ཝ་སྟ་གསེར་གྱི་དོང་རྩ་བཀྲ་བའི་ལྷ་རྫས་ཟུང་དང་བཅས་ཏེ་ནན་ཏན་ཆེན་པོས་བསྐུལ་འདེབས་ཕེབས་པ་ལས། དཔལ་ཨོ་རྒྱན་ཡབ་ཡུམ་གྱི་མཁྱེན་པ་དང་བརྩེ་བའི་འོད་ཟེར་གྱི་ཆོ་འཕྲུལ་ཆེན་པོས་བློའི་པདྨོ་ཅིག་ཅར་དུ་ཁ་ཕྱེ་བ་ལས་ཆོས་ཐམས་ཅད་རང་བྱུང་དུ་ཤེས་ཤིང་ཡང་དག་པའི་གནས་ལ་འཇིགས་པ་མེད་པ་རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པའམ་མིང་གཞན་ཀློང་ཆེན་

(༡༡༢༧)ནམ་མཁའི་རྣལ་འབྱོར་དུ་གྲགས་པའི་རྫོགས་ཆེན་པས་ཚེ་རིང་ལྗོངས་བྱང་ཆུབ་ཤིང་གི་ནགས་ཁྲོད་ན་མཛེས་པའི་སྒྲུབ་གནས་པདྨ་འོད་གསལ་ཐེག་མཆོག་གླིང་། དེ་བཞིན་གཤེགས་པ་རིགས་ལྔས་བསྲུངས་བའི་དྲི་གཙང་ཁང་དུ་རང་ལོ་སོ་དགུ་པ་འཁོར་ལོའི་སྣ་ཅན་གྱི་ལོ། །གར་མཁན་གྱི་ཁྱིམ་ཟླར་དྲང་སྲོང་ལྷའི་བླ་མ་འོད་ཟེར་འབར་ཞིང་། སེང་གེའི་ཏཱཏྐལ་ལ་འཆར་བའི་ཚེ་ལེགས་པར་བཤད་པ་རྫོགས་སོ།། བཀྲ་ཤིས།།

(༡༡༢༨)

(༡༡༢༩)རིག་འཛིན་ཞི་དྲག་གི་སྒོ་ནས། ཞི་བའི་སྦྱིན་སྲེག་ཡེ་ཤེས་མེ་ལྕེ་བཞུགས། །

(༡༡༣༠)དཀྱིལ་འཁོར་རྒྱ་མཚོའི་བདག་ཉིད་ཧེ་རུ་ཀ །རོལ་རྩལ་འགག་མེད་ཡེ་ཤེས་ཀློང་དགུའི་གར། །སྒྱུར་ལ་ཞི་དང་ཁྲོ་བོའི་རྣམ་རོལ་བ། །གདོད་ནས་ཡོངས་གྲོལ་རིག་འཛིན་བླ་མར་འདུད། །དེ་ཡང་རིག་འཛིན་ཞི་དྲག་ལ་བརྟེན་ནས་བསྙེན་སྒྲུབ་ཀྱི་ཁ་སྐོང་དང་། དགོས་པ་ཁྱད་པར་བ་སོགས་ཀྱི་སྐད་དུ་ཞི་བའི་སྦྱིན་སྲེག་ཇི་ལྟར་བྱ་བའི་ཚུལ་ལ་གསུམ། དང་པོ་སྔོན་འགྲོ་ནི། གང་དུ་བྱ་བའི་གཞི་དེའི་ས་མདུལ་བ་ཡིན་ན། བདག་གི་རྣལ་འབྱོར་ལ་སྙེམས་བས་གཞི་བདག་ལ་

(༡༡༣༡)གཏོར་མ་བསྔོ། །རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་བཞག་སྟེ། །ཧེ་རུ་ཀའི་སྔགས་ཀྱིས་ཀུན་རྫོབ་ཙམ་དུ་སྦྱང་ཞིང་། ཆོས་ཐམས་ཅད་གདོད་མ་ནས་སྟོང་ཞིང་བདག་མེད་པར་རྟོགས་པའི་ངེས་ཤེས་ཀྱི་དོན་དམ་པའི་སྦྱོང་བ་ཙམ་བྱས་རྗེས། ཞི་བྱེད་དམིགས་བསལ་ལམ། ཡང་ན་བཀྲ་ཤིས་བའི་སྟེགས་བུ་གྲུ་བཞི་པའི་དབུས་སུ་མུ་ཁྱུད་གསུམ་གྱིས་བསྐོར་བའི། ཞི་བ་ལ་པདྨ་དང་། དྲག་པོར་རྡོ་རྗེ། མུ་ཁྱུད་གཉིས་པར་པདྨ་ས་ལ་འདབ་བརྒྱད་ངམ། དྲག་པོར་རྩིབས། གསུམ་པར་

(༡༡༣༢)རྡོ་རྗེའི་གྲེང་བ། ཐབ་སྟེགས་ཀྱི་ཟུར་ཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྲིས་པའི་སྟེང་དུ་ལྕི་བསེ་ཁམ་སྲོག་ཆགས་མེད་པ་བརྩིག །རང་གི་གཡས་ཕྱོགས་སུ་ཁེབས་དཀར་པོས་བཀབ་པའི་སྟེགས་ཀྱི་ཁར་རིམ་པ་བཞིན་དུ་འོ་མ་ཅན་གྱི་ཤིང་ཚད་ལྡན་བོད་དུ་མེད་མོད་ཀྱང་རིགས་མཐུན་ཙམ་དུ་བལ་བུ་ལ་སོགས་སྤྱི་མཐུན་གྱི་ཡམ་ཤིང་མཐོ་གང་པ། མངར་གསུམ་དང་། མར་ཁུས་ཉུགས་པ། མར་དཀར་གྱི་ཁུ་བ་མངར་གསུམ་དང་སྦྱར་བའི་ཞུན་མར། ཏིལ་དཀར་པོ། གུར་གུམ། འོ་མ། དཀར་གསུམ་དང་བཅས་པའི་ཞོ་ཟན། འབྲས་མ་བྲུབས་པ། སོ་བ་ཤུབ་ལྡན་གྲ་མ་མེད་པ། ནས། སྲན། གྲོ། དུར་ཝ། ཀུ་ཤ་རྣམས་རང་རང་གི་ལྷད་དང་མ་འདྲེས་པ། གཞན་ཡང་དུག་རིགས་བཤལ་སྨན་སོགས་མ་འདྲེས་པའི་སྨན་སྣ། རིན་པོ་ཆེ། ཤིང་ཏོག །ཙམ་པ་

(༡༡༣༣)ཀའི་མེ་ཏོག །སྤོས་དཀར། དར་སྣ་ལ་སོགས་ཁྱད་པར་གྱི་རྫས་རྣམས་མེ་ལྷ་དང་དཀྱིལ་འཁོར་སོ་སོའི་རིམ་པས་ཚར་གཉིས་སུ་མང་ཉུང་དང་བཅས་པ་ཤམ་ཞིང་ཐབས་རྫས་ཐམས་ཅད་དཀར་པོར་བསྒྱུར། གཡོན་ངོས་སུ་གཏོར་སྟེགས་ཀྱི་ཁར་འཇིག་རྟེན་ལས་འདས་མ་འདས་ཀྱི་གཏོར་མ་དང་། སྨན་རཀ་ཆུ་གཉིས་སོགས་ཉེར་སྤྱོད། ལས་བུམ། སྤྲེ་ན་ཚོགས་ཀྱི་ཡོ་བྱད་དང་བཅས་འདུ་བྱའོ། །གཉིས་པ་དངོས་གཞི་ལ་གསུམ། སྲེག་བྱེད་མེའི་ལས་ལ་གནང་བ་ཞུ་བའི་ཕྱིར་དེའི་བདག་པོ་འཇིག་རྟེན་པའི་མེ་ལྷ་མཆོད་པ། དགོས་དོན་དཀྱིལ་འཁོར་གྱི་འཁོར་ལོ་དངོས་ལ་མཆོད་པ། མེ་ལྷར་གཏང་རག་གཏོང་བ་གསུམ་ལས། དང་པོ་ནི། ཡར་ངོའི་བཀྲ་ཤིས་ཀྱི་གཟའ་སྐར་ཕུན་སུམ་ཚོགས་པའི་སྲོད་ཀྱི་ཆའམ།

(༡༡༣༤)སྔ་དྲོའི་ཚེ་ཀུ་ཤ་སོགས་གཙང་མའི་སྟན་ལ་ཞི་དུལ་གྱི་སེམས་དང་བཅས་ཤིང་ཆས་གོས་དཀར་པོ་དང་ལྡན་བས་སེམས་དཔའི་སྐྱིལ་ཀྲུང་གིས་གདོང་ཤར་དུ་ཕྱོགས་ནས་རྡོར་དྲིལ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་དང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་དང་། ཨ་ལས་བྱུང་བའི་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་རྡོ་རྗེ་ཐུགས་ཀར་གསོར། ཨོཾ་བཛྲ་གྷཎྜེ་ཨ ཞེས་དྲིལ་བུ་འཁྲོལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ཏ་ག་མ་ཧཱ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་ཝ་ཨཏྨ་ཀ྅་ཧཾ ཞེས་ཐུགས་ཀར་འཁྱུད་རྒྱུ་བྱ། དགང་བླུགས་བསངས་སྦྱངས། རང་གི་སྙིང་ག་ནས་འོད་ཟེར་འཕྲོ་ས་ཡེ་ཤེས་ལྷའི་ཐུགས་རྒྱུད་བསྐུལ་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡེ་ཤེས་སེམས་དཔའ་འོད་ཟེར་གྱི་ཚུལ་དུ་བཀུག །

(༡༡༣༥) དགང་བླུགས་ལ་ཐིམ་པས་དངོས་གྲུབ་ཐམས་ཅད་འབྱུང་བའི་དམ་ཚིག་གི་ཡོ་བྱད་དུ་གྱུར། མཆོད་སྲེག་གི་རྫས་རྣམས་བསངས་སྦྱངས། ཧཱུྃ རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཧཱུྃ་ནས་ཤཔྟའི་བ་ཨར་བརྗོད། ཨོཾ་ཨཱཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཐ ཨོཾ་ཨཱཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཋ ཨོཾ་ཨཱཧཱུྃ་མ་ཧཱ་བ་ལིཏྟ་ཏེ་ཛྭ་བ་ལིདྟ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཋ ཞེས་མཆོད་རྫས་རྣམས་བྱིན་གྱིས་བརླབ། སེག་རྫས་རྣམས་ལ་བདུད་རྩི་བྲན་ལ་རྡོ་རྗེ་རྩེ་གཅིག་པའི་རྒྱས་རེག་ཅིང་། ཨོཾ་སྭཱ་ཧཱ་ཕྱག་རྒྱ་དེ་ཉིད་ཀྱི་ཡཾ་ཤིང་ལ། ཨོཾ་ཤྲཱི་སྭཱ་ཧཱ། ཞུན་མར་ལ། ཨོཾ་ཛེ༚་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་

(༡༡༣༦)བའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་བཅུད་ཅན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སོ་སོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར་བར་བསམ། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་པེ་ཤེ་ཧ་སྟ་བཛྲ་ཡེ་སྭཱ་ཧཱ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཨོཾ་སརྦ་སཾ་བྷ་དེ་སྭཱ་ཧཱ། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། ཨོཾ་བཛྲ་བི་ཛ་ཡེ་སྭཱ་ཧཱ། ཨོཾ་མ་ཧཱ་བེ་ག་ཡ་སྭཱ་ཧཱ། ཨོ་མ་ཧཱ་བཱ་ལ་ཡ་སྭཱ་ཧཱ། ཨོཾ་བཛྲ་གསྨ་རེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། །རྫས་གཞན་རྣམས་ལ། ཨོཾ་ཨ་ཧ་ར་ཨ་ཧ་ར་ཕུལ་མ་ཧཱ་དར་དཔེ་ཤ་ཤཱནྟིང་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །དེ་ནས་གཙུབ་ཤིང་ལས་བྱུང་བའམ། དགོན་པ་ལས་བྱུང་བའི་མེ་དུ་བ་མེད་པས་སྦར་ལ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ། རླུང་གཡབ་ཅིང་གཡོབ་ཅིང་། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད། དེ་ནས་ཀུ་ཤ་སྔོ་ལྗང་དྲི་མེད་ལ་

(༡༡༣༧)ལས་ཆུས་བསངས་ཏེ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་སརྦ་བིག་ནཾ་ནཱ་ཤ་ཡ་ཧཱུྃ་ཕཊ། ཨོཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ། ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། ཞེས་ཀུ་ཤ་རྣམས་ཐབ་ཀྱི་ཁ་ཁྱེར་ལ་རྒྱབ་མའི་རྩེ་མོ་མདུན་མའི་རྩ་བས་ནོན་པར་བྱ་ཞིང་ཆུན་པོ་ཆེ་བ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་སྟེང་ནས་བཀབ་པོ། །དེ་ནས་ལས་ཆུ་འཐོར་ཞིང་མེ་ཐབ་བསངས་སྦྱངས། སྟོང་པའི་དང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཁ་དོག་དཀར་ཞིང་དབྱིབས་ཟླུམ་བ། མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་དང་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་ཞིང་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་བ་དངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔང་སོགས་མཚན་ཉིད་

(༡༡༣༨)ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་པ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་དཀར་པོ་ལས་དུ་བྱུག་ཏོ་དཀར་པོ་རཾ་གྱིས་མཚན་པར་གྱུར་ཏེ། དེ་ལས་མ་ལྷ་དཀར་པོ་དྲང་སྲོང་གི་ཆ་བྱད་ཅན། ཤ་སྐེམ་པ་ཚངས་པའི་སྐུད་པ་དཀར་པོ་དང་ལྡན་པ། ཞལ་གཅིག་ཕྱག་བཞི་པ། གཡས་དང་པོས་དབྱུག་ཐོ། །གཉིས་པ་ན་བགྲང་ཕྲེང་། གཡོན་དང་པོ་ནི་རིལ་བ་སྤྱི་བླུགས། གཡོན་གཉིས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན། དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱ དམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་སྤྱན་དྲངས་པར་གྱུར། ལག་གཡས་མི་འཇིགས་པའི་རྒྱ་དང་མཐེ་བོང་གཡབ་ཅིང་། ཨོཾ། ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། འབར་བའི་

(༡༡༣༩)གདན་ལ་བཞུགས་སུ་གསོལ། ཨོཾ་བ་བཱ་ག་ཨགྣེ་ཨ་གཙྪ་ཡ། མ་མ་ཤཱནྟིང་ཀུ་རུ་སྭཱ་ཧཱ། ཞེས་མདུན་གྱི་ནམ་མཁར་བཞུགས་པ་ལ་ལས་ཆུ་དང་སྔགས་ཀྱིས་བགེགས་བསྐྲད། ཨོཾ་བཛྲ་ཨཾ་ཀུ་ཤ་ཛ ལྕགས་ཀྱུའི་ཕྱག་རྒྱས་དགུག །ཨོཾ་བཛྲ་པཱ་ཤ་ཧཱུྃ། ཞགས་པའི་ཕྱག་རྒྱས་གཞུག །ཨོཾ་བཛྲ་སྥོ་ཊ་བ། ལྕགས་སྒྲོག་གི་ཕྱག་རྒྱས་གཉིས་མེད་དུ་བྱ། །ཨོཾ་བཛྲ་གྷནྜེ་ཧོ དྲིལ་བུའི་ཕྱག་རྒྱས་དགྱེས་པ་བསྐྱེད། །སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་འགྱུར་བའི། །སྤོས་དང་སྨན་སྦྱར་ཚུ་གཙང་དམ་པ་འདིས། །མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག །ཨོཾ་སྭཱ་བྷཱ་ཝ་ཤུདྡྷེ་ཤུད་དྷེ་སྭཱ་ཧཱ། བདག་ཅག་མེ་ཏོག་སྤོས་རབ་དང་། །སྦྱིན་སྲེག་མཆོད་པ་འདི་འབུལ་གྱི། །བཞེས་ནས་བདག་ལ་དགྱེས་པར་མཛོད། །ཨོཾ་བཛྲ་པུཥེྤ་པྲ་ཏཱིཙྪ་ཧོ ཞེས་ཤབྟའི་བར་གྱིས་མཆོད། ཧཱུྃ་གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་སྩོལ་མཛད་པའི། །བདག་གཞན་དོན་སྒྲུབ་པ་ལ་

(༡༡༤༠)བཞུགས། །འཛིན་བྱེད་མེ་ལྷ་ཉིད་ལ་འདུད། །མེ་ལྷ་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད། གདངས་བའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པས། སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་གྱུར། ལག་གཉིས་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས། །ཨོཾ་བི་མ་ལ་ཨགྣེ་ཡེ་སྭཱ་ཧཱ། ཞེས་བླུགས་གཟར་བདུན་གྱིས་ཕུལ་རྗེས་ཁ་སྦྱར་ལ་གཡས་སུ་བསྐོར་ཞིང་། ཨོཾ་བ་བཱ་ག་ཨགྣ་ཡེ་སྭཱ་ཧཱ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིང་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བྱོན་སྐྱེམས་ཕུལ། མེ་པྲ་བརྟག །དེ་ནས་རྫས་རྣམས་ཞུ་བའི་རང་བཞིན་ཅན་ཞལ་དང་། ཡམ་ཤིང་། དུར་ཝ་ཀུ་ཤ་སོགས་འོད་ཀྱི་དཀྱིལ་འཁོར་དང་། ཞོ་ཟན་དང་རིལ་བུ་སོགས་ཕྱག་གིས་མཚོན་པར་ཕུལ་བར་མོས་ཟེར་ཏེ་བདུད་རྩིའི་རང་བཞིན་དུ་ཤེས་ན་རྣམ་པའི་རྟོག་དཔྱོད་ལ་མི་ལྟོས་

(༡༡༤༡)མོད། །ཇི་ལྟར་ཡང་། ལག་གི་བཟུང་དུ་བཏུབ་པ་རྣམས་གཡས་པའི་མཐེབ་སྲིན་སྦྱར་བའི་མཆོག་སྦྱིན་གྱི་ཚུལ་དང་། དེ་ལས་གཞན་པ་རྣམས་བླུགས་གཟེར་གྱིས་དབུལ་ཞིང་འབུལ་སྔགས་དང་གོ་རིམ་ནི། ཡམ་ཤིང་། ཨོཾ་པེ་ཤེ་ཧ་སྟ་བཛྲ་སྭཱ་ཧཱ། མར་ཁུ། ཨོཾ་བི་མ་ལ་ཨགྣེ་སྭཱ་ཧཱ། ཏི་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། ཞོ་ཟན་དང་། ཟས་མཆོག །ཨོཾ་སརྦ་སཾ་བྷ་དེ་སྭཱ་ཧཱ། འབྲས། ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། སོ་བ། ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ། ནས། ཨོཾ་མ་ཧཱ་བེ་ག་ཡ་སྭཱ་ཧཱ། སྲན་མ། ཨོཾ་མ་ཧཱ་བཱ་ལ་ཡ་སྭཱ་ཧཱ། གྲོ། ཨོཾ་བཛྲ་གྷྲསྨ་རི་སྭཱ་ཧཱ། དུར་ཝ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཀུ་ཤ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱ། རྫས་གཞན་རྣམས། ཨོཾ་ཨ་ཧ་ར་ཨ་ཧ་ར་པུ་ལ་མ་ཧཱ་ད་རེ་པེ་ཤ་ཤཱནྟིང་ཀུ་རུ་སྭཱ་ཧཱ། ཞེས་བདུན་ལ་སོགས་པས་ཕུལ་བའི་མཐར་བྱེ་བྲག་གི་སྤེལ་ཚིག་གཞན་ལས་བྱུང་བ་ལྟར་སྤྱི་ཁྱབ་ཏུ། བདག་ཅིག་དཔོན་སློབ་

(༡༡༤༢)ཡོན་མཆོད་སོགས་གོང་བཞིན་སྤེལ། དེའི་ཚེ་དམིགས་པ་ནི། མེ་ལྷའི་འོད་ཀྱིས་རང་ངམ་བསྒྲུབ་བྱའི་སྒོ་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་བ་སྤུའི་བུ་ག་ཀུན་ནས་བཏོན་ཏེ་སྲེག་རྫས་ལ་བསྟིམ། ཡེ་ཤེས་བདུད་རྩིའི་ངོ་བོར་མཆོད་པ་ནི་མན་ངག་ཡིན་ལ། དེ་བཞིན་དུ་ནད་གདོན་དགྲ་བགེགས་འབྱུང་པོའི་འཚེ་བ་ཞི་བ་སོགས་ལ་ཡང་རིག་པས་འཕྲུལ་ཤེས་པར་བྱའོ། །དེ་ནས་ཨ་ཀཱ་རོའི་སྔགས་གསུམ་གྱིས་གཏོར་མ་བསྔོ། །བསྟོད་པ་ནི། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེའི་དབང་གི་སྐུ་སྤྲུལ་པ། །རིག་སྔགས་གྲུབ་བའི་དྲང་སྲོང་ཚུལ། །ཉོན་མོངས་བསྲེགས་པའི་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པ་ཐེག་པ་བཅིབས། །བགྲང་ཕྲེང་འཛིན་ཅིང་རིག་སྔགས་གསུང་། །བདུད་རྩིའི་བཅུད་ལྡན་གནྡྷེ་བསྣམས། །ཆོས་ཀྱི་བདུད་

(༡༡༤༣)རྩིའི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདའ། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཡིག་བརྒྱས་ནོངས་པ་བཤགས། །ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཨོཾ་ཨཱཧཱུྃ་མུཾཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་གཤེགས་པར་གྱུར། གཉིས་པ། དཀྱིལ་འཁོར་གྱི་འཁོར་ལོ་མཆོད་པ་ནི། དྲག་པོ་དཔལ་ཆེན་འདུས་པ་ལས། བྱིན་ཟའི་ལྟོ་བ་འབར་ཞིང་བསྲེགས་པའི་ཀློང་ བྷྲཱུཾ་ཡིག་གནས་འགྱུར་སྤྲུལ་པའི་གཞལ་

(༡༡༤༤)མེད་ཁང་ སོགས། ལྷ་བསྐྱེད་བསྒྱུར་ཞིང་། ཁྲོ་བོའི་སྤྱི་སྔགས་སམ། གཙོ་སྔགས་ཁོ་ན་ལ་རྫས་སྔགས་གདགས་པ་སོགས་ཞལ་རྒྱུན་ལྟར་བྱ། ཞི་བ་ལ། ཧཱུྃ། མེ་ལྷ་འབར་ཞིང་སྲེག་པའི་ཀློང་། །ཕོ་བྲང་གཞལ་མེད་ཉམས་དགའ་བ། གྲུ་བཞི་སྒོ་བཞི་མཚན་ཉིད་ལྡན། །སོགས་ནས་ཕྱག་འཚལ་གྱི་བར་སོང་རྗེས། བྱོན་སྐྱེམས་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ལས་འོད་ཟེར་དཀར་པོའི་རང་བཞིན་ཞིང་ཁམས་ཀུན་ཏུ་ཁྱབ་པར་ཤར་བས་ཞི་བའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པ་ལ་ཆེས་དཔའ་ཞིང་། དེ་ཐམས་ཅད་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་བའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བ་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་གྱུར། ན་མ ས་མནྟ་བུདྡྷ་ནཱཾ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པ་ལན་བདུན་གྱིས་དགང་བླུགས་ཕུལ་ཞིང་། ཨོཾ་ཨཱཧཱུྃ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ ནད་གདོན་སྡིག་

(༡༡༤༥)སྒྲིབ་ཤཱནྡིང་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་པུས་མོའི་བར་དུ་བསྐོར་ཞིང་འབུལ་བའམ། ཡང་ན་སྔགས་ལ་འདོད་གསོལ་དམིགས་བསལ་སྦྱར་བས་ཕུལ། སྤྱི་ལ་རྫས་སྔགས་སྤྲེལ། བསྙེན་སྒྲུབ་ཁ་སྐོང་ལ་རྩ་སྔགས་ཁོ་ནས་འབུལ་བའི་བྱེ་བྲག་ཕྱེད་པར་བྱའོ། །རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པས་ཟླ་བ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་ཁྲུས་བྱས་སྡིག་སྒྲིབ་དང་ནད་གདོན་ལ་སོགས་པ་ཐམས་ཅད་དག་ཅིང་ཞི་བར་བསམ་མོ། །སླར་ཡང་དགང་བླུགས་སྔར་བཞིན་འབུལ། ཨོཾ་བཛྲ་ཝ་སྟྲ་ཡེ་སྭཱ་ཧཱ། ཞེས་གོས་གསར་པ་དང་། ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱ། ཞེས་རྡོ་ཐལ་མེད་པའི་སོ་རྩི་དབུལ། དེ་ནས་ལས་གཞུང་གི་མཆོད་པ་དང་། བསྟོད་པས་གཟི་བྱིན་བསྐྱེད། སྤྲོ་ན་ཚོགས་འཁོར་

(༡༡༤༦)བྱ་ཞིང་མ་ནུས་ནའང་ཆང་སྐྱོན་མེད། མ་འབྱོར་བ་དང་ཉམས་པ་དང་། སོགས་ཀྱི་མཐར་ཡི་གེ་བརྒྱ་པས་ནོངས་པ་འཆགས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱི་མཐར། བཛྲ་མུ ཡེ་ཤེས་བ་གཤེགས་དམ་ཚིག་པ་རང་ཉིད་ལ་ཐིམ་པར་བསམ། གསུམ་པ་རྗེས་ཀྱི་རིམ་པ་ནི་བཛྲ་ཨ་མྲྀ་ཏས་བསངས། བཛྲ་ས་མ་ཡ་ཛ མེ་ལྷ་ཡེ་ཤེས་པ་སྤྱན་དྲངས། ཛ ཧཱུྃ་བཾ་ཧོ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དགང་བླུགས་ཕུལ་ཞིང་། ཨོཾ་བ་བཱ་ག་ཡག་ན་ཡེ་སྭཱ་ཧཱ། ལན་གསུམ། ཨོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ། ཞེས་པས་གོས་ཟུང་དང་། ཨོཾ་བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱ། སོ་རྩི་ཕུལ་རྫས་ལྷག་རྣམས་སོ་སོའི་སྔགས་མཐར། ཨོཾ་བ་བཱ་ག་ཡ་ག་ན་ཡེ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་མཆོད་སྦྱིན་རྫས་དང་ཡོ་བྱད་མ་ཚོགས་པ་དང་། ཏིང་ངེ་འཛིན་མ་གསལ་བ་དང་། ཆོ་ག་ལྷག་པ་དང་། ཉམས་པ་དང་། ལྷ་གོང་འོག་ནོར་བ་ཐམས་ཅད་ཤཱནྟི་ཀུ་རུ་སྭཱ་ཧཱ། ཞེས་འབུལ་

(༡༡༤༧)ཨརྒྷཾ་སོགས་ཀྱིས་མཆོད། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། ཨ་ཀཱ་རོ་མུ་ཁཾ་སོགས་ཀྱིས་གཏོར་མ་བསྔོས་ནས་ཐབ་ཏུ་དབུལ་རྗེས་ཕྲིན་བཅོལ་ནི། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །བར་བརྗོད། མ་འབྱོར་བ་དང་། སོགས་ཀྱིས་ནོངས་པར་བཤགས། བདག་གི་དོན་དང་གཞན་གྱི་དོན། སྒྲུབ་བྱེད་སྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ལ། བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་བཛྲ་མུ། ཞེས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་ལྟ་བའི་ཨ་ཐུང་ལ་ཐིམ་པར་བསམ་ཞིང་། དགེ་བ་བསྔོ། ཤིས་པ་བརྗོད། དེ་ལྟར་བྱས་པའི་སྦྱིན་སྲེག་གི་མེ་ལ་དཀྲུགས་བརྡལ་མི་བྱེད་པར་རང་ཞིར་འཇོག །ལོང་མེད་ན་འོ་མ་དང་དྲི་བཟང་གི་ཆུས་

(༡༡༤༨)གཞིལ་ལ་ཐལ་སོལ་རྣམས་རྒྱ་མཚོར་འབབས་པའི་ཆུ་ཀླུང་ཆེན་པོར་འདོར་བ་འམ། ཡང་ན་ཞི་བྱེད་ཀྱི་གཉེན་པོར་ལོངས་སྤྱད་བས་བཀྲ་ཤིས་པར་འགྱུར་རོ། །ཞེས་པའང་གཅོད་པའི་དབང་ཕྱུག་གིས་ནན་གྱིས་བསྐུལ་བ་ལས་སྒྲུབ་ཆེན་བཀའ་བརྒྱད་ཀྱི་སྦྱིན་སྲེག་ལ་ཚིག་ཕྲད་བསྒྱུར་ནས་བརྗོད་པ་པོ་པདྨ་དབང་ཆེན་ལ་ཤེས་རོལ་པའི་རྡོ་རྗེས་སོ།། །།

(༡༡༤༩) །དཔལ་ཆེན་བཀའ་འདུས་རྒྱ་མཚོ་ལས། ལས་གཞི་མཆོག་དང་ལྔའི་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོའི་ཟ་མ་ཏོག་བཞུགས།

(༡༡༥༠)རིགས་བཞིའི་སྒོས་སྒྲུབ་བཀའ་འདུས་རྒྱ་མཚོ་ལ་བརྟེན་པའི་ལས་བཞི་མཆོག་དང་ལྔའི་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོའི་ཟ་མ་ཏོག་ཅེས་བྱ་བ། ཁྲག་འཐུང་འདུས་པའི་ལྷ་ལ་ཕྱག་འཚལ་ལོ། །རྣམ་པ་ཐམས་ཅད་མཁྱེན་པའི་མཆོག་ལྡན་ནི། །སྐུ་གསུམ་ཡན་ལག་བདུན་གྱི་བདག་ཉིད་ཅན། །ལས་ཆོས་དམ་ཚིག་ཕྱག་རྒྱ་ཆེན་པོའི་གཟུགས། །གར་དགུའི་ཉམས་བརྒྱས་དཔའ་བ་དེ་ལ་འདུད། །གང་ཞིག་བསྲེག་བྱ་བཟའ་ལ་སྟོབ་པ་དང་། །གདན་གསུམ་ལུས་དཀྱིལ་ཚིམ་པ་དྲུག་ཏུ་མཆོད། །རྩ་ཁམས་རྣལ་འབྱོར་ཞུ་བ་དེས་མཉེས་པ་ལ། །ཕྱི་ནང་གསང་བའི་སྦྱིན་སྲེག་ཞེས་སུ་གྲགས། །དེ་ལ་ཕྱི་དོན་གཙོ་བོར་འཛིན་པ་རྣམས། །ཕྲིན་ལས་རྣམ་བཞི་མཆོག་དང་བཅས་པ་ཡི། །གོ་འཕང་ལ་བསྙེན་དེ་ཡི་བྱ་བའི་ཆོས། །དམ་ཚིག་རྫས་དང་ཡིད་བྱེད་རྣལ་འབྱོར་བཤད། །ཇི་སྐད་དུ། སྙིང་པོའི་རྒྱུད་ལས། དབྱིབས་དང་ཁ་དོག་མཚན་ལྡན་པར། །ཞལ་དུ་གྱུར་བའི་མེ་བོས་ལ། །བཟའ་བཏུང་ཕྲོ་བའི་ཚོགས་རྣམས་ཀྱིས། །ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །ཞེས་པ་ལྟར། དེ་ལ་སྤྱི་དོན་རྣམ་པ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། དང་པོ་ནི། ལས་ལྔ་ཆར་གྱི་སྔོན་འགྲོར་སའི་ཆོ་ག་བྱ་བ་སྟེ། སོ་སོའི་དུས་

(༡༡༥༡)སྐབས་ལ་བབས་པ་དང་གང་དུ་བྱ་བའི་གནས་ལ་རུང་ཞིང་ཤིས་པ་དེར་ལྷའི་རྣལ་འབྱོར་ལ་བསྙེམས་བཞིན་པས་གཞི་བདག་ལ་ཆ་གསུམ་ལ་སོགས་པའི་གཏོར་མ་གཏང་། སའི་ལྷ་མོ་ལ་དཀར་གཏོར་དང་ཉེར་སྤྱོད་བཤམས་ལ། ཨ་ཀཱ་རོ་ས་བརླབས། རྒྱལ་བ་ཤཱཀྱ་སེང་གེ་ཡིས། །བདུད་སྡེ་མངོན་པར་བཅོམ་པའི་ཚེ། །དབང་གྱུར་ས་ཡི་ལྷ་མོ་ཁྱོད། །གཏོར་མ་བཞེས་ལ་ས་འདི་བླང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་འབྱོར་དང་། །སོགས་ཀྱིས་ཕུལ་རྗེས། བཛྲ་མུ་ས་གཤེགས། རྡོ་རྗེ་དང་བཅས་པའི་ཐལ་བས་ལ་བཀྲམ་སྟེ་ཡི་དམ་གྱི་ང་རྒྱལ་དང་། རྩ་སྔགས་ཀྱི་སྦྱོང་བ་ལན་གསུམ་གྱིས་ས་བཟུང་རྗེས། ས་གཞི་ཡང་རང་བཞིན་མིང་པར་ཤེས་པའི་ཆོས་ཉིད་ལ་དྲན་བ་མངོན་དུ་གཞག་ནས། ཤུནྱཱ་ཏའི་སྔགས་བརྗོད་པ་ནི་བདེན་པ་གཉིས་ཀྱིས་སྦྱོང་བའོ། །གཉིས་པ་དངོས་གཞི་ལ་ལས་བཞི་མཆོག་དང་ལྔ་སོ་སོའི་སྦྱོར་ཆོས་དང་ཕྲིན་ལས་ཐ་དད་དུ་བསྟན་པ་ལ་རིམ་པ་ལྔ་ལས། དང་པོ་རྡོ་རྗེ་ཕུར་པ་ལ་བརྟེན་ནས་ཞི་བའི་སྦྱིན་སྲེག་གི་རིམ་པ་ལ་སྦྱོར་དངོས་གཉིས་ལས།

(༡༡༥༢)དང་པོ་ནི། ཞི་བ་ལ་བཀྲ་ཤིས་པའི་ས་ལ་སྟེགས་བུ་གྲུབ་བཞིར་བྱས་པའི་སྟེང་དུ་ཐབ་ཁུང་ཟླུམ་པོ་རྒྱར་ཁྲུ་གང་། དཔངས་སུ་ཁྲུ་ཕྱེད་ལོངས་པ་ནས་ཕྱིར་འཕྱང་མུ་རན་རྒྱ་དབངས་སོར་བཞི་བ་རེའི་ཁ་ཁྱེར་ནང་དུ་བགས་ཀྱི་གཞོལ་བ་ལ་རྡོ་རྗེའི་ཕྲེང་བ་དང་། མུ་རན་ལ་མེ་རིས་བསྐོར། ཐབ་ཀྱི་དབུས་སུ་རྩེ་མོ་ཤར་བསྟན་གྱི་རྡོ་རྗེ་དཀར་པོ་སོར་བརྒྱད་པ་དང་། སྟེགས་བུའི་སྟེང་ཟུར་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྱ། བྲུས་ཐབ་བྱེད་ན་རྒྱ་དཔངས་དང་རྣམ་པ་ངེས་མཚོན་ནས་རིག་པས་དཔག་པ་སླ། བྲིས་ཐབ་ནི། སྟེགས་བུའི་སྟེང་དྲི་བཟང་དང་བ་བྱུང་ལྔ་དང་བདུད་རྩི་ལྔ་རྣམས་ཆང་དང་སྦྱར་བའི་ཆག་ཆག་བཏབ། དེའི་སྟེང་དུ་ཚངས་ཟུར་གྱི་ཐིག་བཏབ། དབུ་མ་ནས་མཐོ་གང་ཟླུམ་པོར་བསྐོར་བས་ནང་རྒྱ་ཁྲུ་གང་འོང་བའི་ཕྱི་རོལ་སོར་བཞི་རེ་སྐོར་བས་མཆུ་དང་ཁ་ཁྱེར་གཉིས་ཀྱི་ནང་མ་མེ་རི་དང་ཕྱི་མར་རྡོ་རྗེའི་ཕྲེང་བ་ཟུར་བཞིར་ཟླ་ཕྱེད་རྡོ་རྗེ། ལྟེ་བར་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བྲི། འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཆའམ་དཀོན་པའི་བ་ལང་གི་གཅི་བ་སྲོག་ཆགས་མེད་པས་ཐབ་ཀྱི་དབངས་ཚད་ཙམ་དུ་ཟླུམ་པོར་བརྩིགས་པའི་ཤར་ལྷོར་མེ་ཆེང་བཅའ། ཐབ་སྟེགས་ཀྱི་གྲྭ་བཞིར་མདའ་བཞི་བཙུགས་པ་སྲད་བུ་དཀར་པོས་བསྣེལ་མར་སྦྲེལ་བ་ལ་དར་དཀར་པོས་དགབ། དེའི་ཤར་ལྷོའི་ཟུར་དུ་མདའ་དར་དམར་པོ་གཟུག །ཐབ་ཀྱི་མདུན་དུ་རང་ཉིད་འདུག་པའི་སྟན་དཀར་ཞིང་འཇམ་པ་

(༡༡༥༣)དང་། དེའི་གཡས་གཡོན་དུ་སྟེགས་བུ་ཁེབས་དཀར་པོ་དང་ལྡན་པ་རེའི་གཡས་ཀྱི་སྟེང་ལོགས་སུ་བ་ལས་བྱུང་བའི་མར་ཁུ་དང་འོ་མ་ཅན་ནམ་བལ་བུ་ལྕང་མ་ལ་སོགས་པའི་རུང་མཐུན་གྱི་ཤིང་གི་རྩེ་མོའི་ཆ་ལས་བྱུང་བའི་ཡམ་ཤིང་མཐོ་གང་བའི་རྩེ་མོ་མར་ཁུར་ཉུགས་པ་དང་། ཏིལ་དཀར། ནས་འབྲས་དཀར་པོ་ལས་བྱུང་བའི་ཆན་སོགས་ཁ་ཟས་དཀར་པོ་དང་། ཙན་དན་དཀར་པོ་སོགས་དྲི་དཀར་པོའི་རིགས་དང་། ཙམ་པ་ཀ་སོགས་མེ་ཏོག་དཀར་པོའི་རིགས་རང་བཞིན་ནམ་བཅོས་པས་ཁ་དོག་དཀར་བ་རྣམས་འཇིག་རྟེན་པ་དང་ཡེ་ཤེས་པ་ཐ་དད་དུ་ཕྱི་ནང་ཉིས་རིམ་དུ་བཀོད། སྟེགས་བུ་ཅིག་ཤོས་ལ། བདག་བསྐྱེད་ཀྱི་མཆོད་གཏོར་སྤྱི་འགྲེ་དང་བྱེ་བྲག་སྦྱིན་སྲེག་ལ་འབྲས་ཆན་དངུལ་ཕྱེ་མེ་ཏོག་དཀར་པོ་རྣམས་བསྲེས་པའི་མར་དཀར་གྱི་གཏོར་ཟླུམ་རིལ་བུ་གང་མང་གིས་བསྐོར་བ་དང་། འཇིག་རྟེན་བར་ཡང་རྒྱུ་གོང་འདྲའི་གཏོར་མ་ཟླུམ་པོ་གཅིག་དང་གཞན་ཡང་ཞབས་བསིལ་ལ་སོགས་པའི་ཉེར་སྤྱོད་རྣམས་རང་བཞིན་ནམ་བཅོས་བུས་དཀར་བ་དང་། ཉེ་ལོགས་ཅི་བདེར་ལས་བུམ། རྡོར་དྲིལ། ཐོད་རྔ་། དེ་གང་བླུགས་དང་ཐུགས་དམ་བསྐུལ་བའི་རྫས་ཡུངས་ཀར་རིན་པོ་ཆེ་དཀར་པོའི་སྣོད་དུ་བླུགས་པ་རྣམས་མ་ཚང་བ་མེད་པར་བཤམ་མོ། །གཉིས་པ་དངོས་གཞི་ལ་གཉིས། དང་པོ་བདག་

(༡༡༥༤)བསྐྱེད་སྔོན་འགྲོ་ནས་བཟུང་བཟླས་པའི་བར་དུ་བྱ་བ་ལས་གཞུང་ལྟར་ཤེས། རབ་གནས་སམ་སྒྲུབ་མཆོད་དང་འབྲེལ་ཚེ་བདག་བསྐྱེད་ལོགས་སུ་བྱ་མི་དགོས་པ་འོག་མ་རྣམས་ལའང་འགྲེ། ཧཱུྃ་བིགྷྣཾ་ཏ་ཀྲི་ཏ་ཕཊ་ཀྱིས་ལས་བུམ་བསྒྲུབ། གཉིས་པ་སྦྱིན་སྲེག་གི་ལས་ལ་འཇུག་པ་ནི། རང་ཉིད་ཆས་གོས་དཀར་པོ་དང་ལྡན་པ་ལྷའི་རྣལ་འབྱོར་ལ་གནས་བཞིན་པས་སྟན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་འདུག་སྟེ། །ཞི་ཞིང་ངེས་པའི་སེམས་དང་ལྡན་པས་རྡོར་དྲིལ་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་དང་། ཨ་ལས་བྱུང་བའི་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་ལག་གཡས་ཀྱིས་རྡོ་རྗེ་ཐུགས་ཀར་གསོར། ཨོཾ་བཛྲ་གྷཎྜེ་ཨ། ཞེས་ལག་གཡོན་གྱིས་དྲིལ་བུ་འཁྲོལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་ཐབས་ཤེས་གཉིས་སུ་མེད་པའི་དོན་དྲན་པས་ཐུགས་ཀར་འཁྱུང་རྒྱ་བྱ། དེ་ནས་མཆོད་རྫས་བརླབ་པ་ནི། ཧཱུྃ། དབྱིངས་ནས་ཡེ་ཤེས་འབྲུ་གསུམ་ཆར་དུ་བབས མཆོད་རྫས་དངོས་འཛིན་མ་དག་

(༡༡༥༥)བསྲེགས་གཏོར་བཀྲུས བྷྲཱུཾ་ལས་རིན་ཆེན་ཨ་ལས་བྷནྡྷའི་ནང་ ཕྱི་ནང་གསང་གསུམ་མཆོད་སྤྲིན་རྒྱ་མཚོར་གྱུར ཨོཾ་བཛྲ་ཨརྒྷཾ་ནས་ཤབྟ་ཨཱཧཱུྃ་དང་། སྨན་གཏོར་རཀྟའི་སྔགས་ཀྱིས་བརླབ། སྲེག་རྫས་རྣམས་ལ་བསང་ཆུ་འཐོར་ཞིང་། ཧཱུྃ་བིགྷྲཱན་ཏ་ཀྲི་ཏ་ཕཊ་དང་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་མ་དང་ཨ་ལས་ཉི་ཟླའི་གའུའི་སྣོད་དུ་སྲེག་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩིའི་དངོས་པོ་སོ་སོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཧཱུྃ། ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱཾ། ཞེས་ལན་བདུན་བཟླས་པས་བྱིན་གྱིས་བརླབས། ཐབ་བསང་སྦྱངས། སྟོང་པའི་ངང་ལས་མདུན་དུ་བྷྲཱུཾ་ཡིག་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་འཁོར་ལོའི་ལྟེ་བ་ལ་གནས་པའི་ཞི་བའི་ཐབ་ཁུང་དཀར་ཞིང་ཟླུམ་པ་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་བ་འོད་ཟེར་དཀར་པོ་འཕྲོ་བར་གྱུར་རང་གི་ཐུགས་ག་ནས་རཾ་ཡིག་ཐབ་ནང་དུ་སྤྲོས་པ་ལས་ཡེ་ཤེས་ཀྱི་མེ་འོད་དཀར་པོ་འབར་བར་བསམས་ལ། ཨོཾ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ། ཅེས་དགེ་འདུན་གྱི་ཚད་མང་

(༡༡༥༦)ངམ་གཙུབ་ཤིང་ལས་བྱུང་བའི་མེ་དུ་བ་མེད་པས་སྦར་ལ། ཐབ་ཀྱི་མེའི་དབུས་སུ་མ་དང་དི་ལས་བྱུང་བའི་ཉི་མ་དང་ར་སྐྱེས་ཀྱི་གདན་ལ་ཨོཾ་ཡིག་དཀར་པོ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཨགྣི་དེ་ཝ་རྀ་ཥི་ཧཱུྃ། ཞི་བའི་མེ་ལྷ་དཀར་པོ་ཞི་ཞིང་འཛུམ་པ་དྲང་སྲོང་གི་ཆ་བྱད་ཅན་གུནྡྷེ་དང་བགྲང་ཕྲེང་འཛིན་པའི་སྐུར་གྱུར། དེའི་སྤྱི་བོར་ཨོཾ་མགྲིན་པར་ཨཱཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་བཞེངས་པར་བསམ། ཨགྣི་དེ་བ་ས་མ་ཡ་ཧཱུྃ་ཛ ཞེས་སེ་གོལ་བསྣོལ་མར་གདབ། མདའ་དར་དམར་པོ་གཡབ་ཅིང་། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ལྕགས་ཀྱུའི་ཕྱག་རྒྱ་དང་བཅས། ཨགྣི་དེ་བ་རྀ་ཥི་ཛཛས་སྤྱན་དྲངས། ཛཧཱུྃ་བཾ་ཧོས་བསྟིམ། ཨོཾ་བཛྲ་ཨརྒྷཾ་པུཥེྤ་སོགས་ཉེར་སྤྱོད་ཀྱིས་མཆོད། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བུམ་ཆུ་གཏོར། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་དབང་གི་ལྷ་མོ་བྱང་ཆུབ་སེམས་ཀྱིས་

(༡༡༥༧)གང་བའི་བུམ་པ་ཐོགས་པ་སྤྲོས་ཏེ་དབང་བསྐུར། ཨོཾ་རཏྣ་ཨ་ལཾ་ཀ་ར་སྭཱ་ཧཱ། ཞེས་རྒྱན་བཏགས་པར་བསམ། མེ་ལྷ་ཞལ་ཅུང་ཟད་གདངས་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་གྱུར་པར་བསམས་ལ། ལག་གཉིས་དེ་བཞིན་གཤེགས་པའི་ཁུ་ཚུར་དུ་བྱས་པས་དགང་བླུགས་བཟུང་ནས། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་གཡས་པའི་བླུགས་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་རྗེས་གཟར་བུ་ཁ་སྦྱར་ཏེ་པུས་མོའི་ནང་ལས་མི་འདའ་བས་གཡས་སུ་བསྐོར་བཞིན་པར་ཨོཾ་ཨགྣི་དེ་བ་རྀ་ཥི་ཧེ་བྱ་ཀ་བྱ་ཨ་དི་བྱ་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིང་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་དགང་བླུགས་ཕུལ་ནས་སྔགས་དེ་ཉིད་ཀྱིས། ཡམ་ཤིང་། མར་ཁུ། སྲེག་རྫས་རྣམས་སོ་སོ་ནས་ལྔའམ་བདུན་སོགས་ཇི་ལྟར་རིགས་པ་ཕུལ་ལ། ཧཱུྃ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིགས་སྔགས་གྲུབ་པ་དྲང་སྲོང་ཚུལ། །ཉོན་མོངས་བསྲེགས་པས་

(༡༡༥༨)ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པ་ཐེག་པ་ཆིབས། །བགྲང་ཕྲེང་འཛིན་ཞིང་རིག་སྔགས་གསུངས། །བདུད་རྩིའི་བཅུད་ཅན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད་ལ་ཡུངས་ཀར་ཐབ་ཏུ་འཐོར་ཞིང་། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་རྣམས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། །ཞེས་འདོད་དོན་གསོལ་ལ་དེ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་མཆོད་པ་ནི། སྭ་བྷ་ཝ་ས་སྦྱངས་ནས། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེའི་དབུས བྷྲཱུཾ་ཡིག་གནས་འགྱུར་སྤྲུལ་པའི་གཞལ་མེད་ཁང་ ཕྱི་ནི་རིན་ཆེན་ནང་ནི་ཐོད་པའི་མཁར གྲུ་བཞི་སྒོ་བཞི་ཚད་དང་མཚན་ཉིད་ལྡན གུ་ཎ་ཏྭ་ར་རྟ་བབས་

(༡༡༥༩)བང་རིམ་བརྒྱད ཆོས་འཁོར་རི་དྭགས་གདུགས་དང་ནོར་བུའི་ཏོག ཕྱི་རོལ་རིན་ཆེན་རྩིག་པའི་རྨང་གི་གཞིར འདོད་རྣམ་དམར་པོར་ལྷ་མོ་བཅུ་དྲུག་འཁོད ཕ་གུ་སེར་པོ་དྲྭ་བ་དྲྭ་ཕྱེད་མཛེས ཤར་བུ་མདའ་ཡབ་ཁང་བརྩེགས་རྡོ་རྗེའི་ཏོག ནང་ནི་དུར་ཁྲོད་རིལ་པའི་གཞལ་མེད་ཁང་ ཕྱི་འཁོར་རོ་གླིང་བརྒྱད་དང་རྡོ་རྗེའི་གུར བསྐལ་མེ་འུར་ཆེ་མ་ཆེམ་འབར་བའི་ཀློང་ འོག་མིན་གསང་ཆེན་རོལ་པའི་ཕོ་བྲང་ཆེ རབ་འཇིགས་གནམ་ལྕགས་ཙཀྲ་རྩིབས་བཅུའི་དབུས བདེ་ཆེན་ཀུན་ཏུ་བཟང་པོའི་ཡེ་ཀློང་དབྱིངས རྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་མཁར མ་ཆགས་པདྨ་ཐབས་ཤེས་ཉི་ཟླའི་སྟེང་ རུ་ཊ་ཕོ་མོ་བདུད་བཞི་བྱི་ཆིངས་བསྣོལ པི་པདྨ་མཎྜལ མ་སཱུ་རྱ་མཎྜལ ཨ་ཙནྡྲ་མཎྜལ ཛཧཱུྃ་བཾ་ཧོ ཧིར་བཾ ཨོཾ་བཛྲ་སཏྭ་ཧཱུྃ རྡོ་རྗེ་ཧཱུྃ་ཡིག་ཡོངས་གྱུར་ལས རྡོ་རྗེ་སེམས་དཔའ་ཡབ་ཡུམ་ནི ཞེས་པ་ནས། ས་མ་ཡ་ཏིཥྛ་ལྷན ཞེས་པའི་བར་བྱ སྐབས་འདིར་སྒྲུབ་མཇུག་གི་ཁ་སྐོར་སྤྱན་སྲེག་དང་རབ་གནས་ཞལ་བསྲོའི་རྒྱས་པའི་སྲེག་བླུགས་སོགས་ཀྱི་དུས་

(༡༡༦༠)གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་ནས་ལྷ་བསྐྱེད་བདོར་ཏེ་དཀྱིལ་འཁོར་གྱི་ལྷ་རྣམས་མཚོན་པ་མེ་ཏོག་གི་ཚོམ་བུའི་དབུ་རྒྱན་གྱི་རྣམ་པར་སྤྱན་དྲངས་པ་ལས་སློབ་དཔོན་གྱིས་མེ་ཏོག་ཐབ་ཏུ་དོར་བ་དང་ལྷན་གཅིག་ལྷ་ཚོགས་རྣམས་རང་རང་གི་གདན་ལ་བཞུགས་པར་བསམས་ཏེ་བསྐྱེད་སྔགས་ཙམ་གྱིས་གསལ་གདབ་པའམ་ཡང་ན་བསྐྱེད་སྔགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དི་བྷ་ཙཀྲ་ཧ་ན་ཧ་ན་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི སྙིང་རྗེ་རྔམས་ཞིའི་ངང་ཉིད་ལས ཞེས་པ་ནས མ་མོ་དྲུག་ཅུ་ཕོ་ཉར་འགྱེད ཅེས་པའི་བར་གྱིས་གཙོ་བོའི་མངོན་རྟོགས་དང་ ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨཱ་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ སྟེང་ཕྱོགས་ཉི་ཟླའི་གདན་སྟེངས་སུ ཁྲོ་བོ་རྡོ་རྗེ་ཧཱུྃ་མཛད་ནི་སོགས་ནས། ཞེ་ལ་བརྣག་པའི་སྟོབས་གྱིས་སྒྲོལ ཞེས་སྒོམ་བཞི་བསྐྱེད་པའི་བར་ཀྱི་མངོན་རྟོགས་གསལ་གདབ་པ་སྟེ་འདིས་མཚོན་ནས་སྨད་ཀྱི་སྦྱིན་སྲེག་གཞན་རྣམས་ལའང་འགྲེས་ཤེས་པར་བྱ་བ་ནི་དུས་སྐབས་ཁྱད་པར་བའི་ཆོ་གའི་ལག་ལེན་ཡིན་ཏེ་དེའི་ཚེ་བདག་བསྐྱེད་ཀྱང་སྒོས་

(༡༡༦༡)སུ་མི་དགོས་མོད། སྦྱིན་སྲེག་དཀྱུས་མ་གློ་བུར་དུ་བྱེད་པ་ལ་དཀྱུས་བཞིན་ནོ། །དེ་ནས། བླ་མེད་མཆོག་གི་མཆོད་པ་དམ་པ་ནི ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ་འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ ཞེས་པའི་མཐར། ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་ནས། དཀྱིལ་འཁོར་ཀྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་འོད་ཀྱི་སྤུ་གུ་ཅན་གྱིས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་སརྦ་བིགྣན་བཾ་ཧཱུྃ་ཕཊ ཅེས་པ་བདུན་གྱིས་བཀང་བའི་དག་འབྲུགས་ཁ་སྦྱར་བ་བཛྲ་ཨགྣི་ཛྭ་ལ་རཾ་སྤ་ར་ཎ་མ་ཧཱ་པཱུ་ཛ་ཁཱ་ཧཾ ཞེས་པ་ལེན་གསུམ་གྱིས་བསྐོར་བཞིན་ཕུལ་རྗེས། ཧཱུྃ། གཏི་མུག་རྡོ་རྗེ་འཁོར་བཅས་པས འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན ཡུད་ཙམ་གྱིས་ནི་ཞི་མཛད་པས ཞི་མཛད་མཆོད་པ་བཞེས་སུ་གསོལ ཞེས་བརྗོད་ནས་སྲེག་རྫས་རྣམས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཧཱུྃ་བཾ་ཧོ སརྦ་བིག་ནན་བཾ་ཧཱུྃ་ཧཱུྃ་ཕཊ ཤཱནྟིང་ཀུ་རུ་སྭཱ་ཧཱ ཞེས་

(༡༡༦༢)པ་ཁོ་ནས་འདུལ་བ་ནི་རྒྱུད་སྡེའི་དགོངས་པར་འབེལ་བ་ཡིན། འོན་ཀྱང་བསྙེན་སྒྲུབ་ཁ་སྐོང་གི་སྦྱིན་སྲེག་ལ་བཟླ་བྱའི་རྩ་སྔགས་ཁོ་ནས་དབུལ། སྔགས་བཅུ་ཚན་ནམ་བདུན་སོགས་དང་རྫས་རེ་རེའི་རྫོགས་མཚམས་སུ་འདོད་གསོལ་ནི། བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས། །བྱད་ཕུར་གདོན་བགེགས་རིམས་ནད་དང་། །རྨི་ལྟས་མཚན་ངན་དུས་མིན་འཆི། །འཇིགས་པ་བརྒྱད་དང་བཅུ་དྲུག་སོགས། །མྱུར་དུ་ཞི་ཞིང་མེད་པར་མཛོད། །ཅེས་འདོད་གསོལ་སྦྱར། རྫས་རྣམས་རྫོགས་པ་དང་། དགང་བླུགས་གསུམ་ཕུལ་ནས། ཡེ་ཤེས་མེ་དང་གཉིས་མེད་འབར་བ་ཡིས། །ཕྱག་རྒྱ་ཆེན་པོ་བསྲེག་བྱ་ཟ་བའི་ཞལ། །སྲེག་བླུགས་བདུད་རྩིའི་མཆོད་པས་མཉེས་གྱུར་ནས། །ཞི་བའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་བསྐུལ་བས་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་དཀར་པོ་འཕྲོས་པས་བསྒྲུབ་བྱ་ལ་རེག་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བསམ་མོ། །དེ་ནས་དེ་ལ་སོགས་བཛྲ་ཝསྟྲ་ཡེ་སྭཱ་ཧཱ་ས་གོས་ཟུང་དང་། བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱས་སོ་རྩི་དབུལ། སྨན་མཆོད་འབུལ་བ་ནི། རྡོ་རྗེའི་དམ་ཚིག་རྨད་པོ་ཆེ། །རྩ་བརྒྱད་སྟོང་ལས་སྦྱར་བའི་

(༡༡༦༣)བདུད། །རྒྱུད་དྲུག་སྡུག་བསྔལ་འཇོམས་པའི་རྩི། །རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས། །ཨོཾ་ཨཱཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི གཏོར་མ་འབུལ་བ་ནི། ཧཱུྃ བྷ་ག་ཡངས་པའི་གཏོར་གཞོང་དུ ལིངྒ་འདོད་ཡོན་གཏོར་མར་འབར རྡོ་རྗེ་བཟའ་བའི་དམ་ཚིག་རྫས ཨ་ལ་ལ་སྟེ་དགྱེས་པར་རོལ མ་ཧཱ་བ་ལིངྟི་ཁཱ་ཧི ཞེས་གཏོར་མ་ཐབ་ཏུ་དབུལ། རཀྟའི་མཆོད་པ་ཚར་གསུམ་ནི། ཧཱུྃ། དངོས་གྲུབ་བར་ཆད་བྱེད་པའི་བགེགས གདུག་ཅིང་སྡང་སེམས་ལྡན་པ་རྣམས ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས གཏོགས་ཤིག་གྲོགས་དང་བྲལ་བར་གྱིས རེངས་བར་ཁུག་ལ་སྨྲར་ཆུག་ཅིག ཕོབ་ཅིག་རྣམ་པར་གཟིར་བར་གྱིས ང་ཡི་དབང་དུ་གྱུར་ནས་ཀྱང་ བསྒོ་བའི་བཀའ་ལ་ཉན་པར་གྱིས མ་ཧཱ་རཀྟ་ཁཱ་ཧི ཧཱུྃ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས ཁྱེད་ཀྱི་དམ་ཚིག་དུས་ལ་བབ སྔོན་ཆད་ཇི་ལྟར་དམ་བཅས་པའི མངོན་སྤྱོད་ཕྲིན་ལས་མྱུར་དུ་མཛོད མ་ཧཱ་རཀྟ་ཁཱ་ཧི ཧཱུྃ དངོས་གྲུབ་བར་ཆད་བྱེད་པའི་བགེགས གདུག་ཅིང་སྡང་སེམས་ལྡན་པ་རྣམས ལྷ་འམ་འོན་ཏེ་བདུད་ཀྱང་

(༡༡༦༤)རུང་ ང་ལ་བར་ཆད་བྱེད་པ་རྣམས མཐུ་དང་རྫུ་འཕྲུལ་མེད་པར་མཛོད མ་ཧཱ་རཀྟ་ཁཱ་ཧི ཞེས་ཕུད་དང་རཀྟ་བསྲེས་ནས་དང་པོས་ཕོ་ཉ་ལ་བཀའ་བསྒོ་བ་དང་། གཉིས་པས་དམ་ཅན་ལ་ཐ་ཚིག་བསྒྲག་བ་དང་། གསུམ་པས་གནོད་བྱེད་ཀྱི་རྫུ་འཕྲུལ་འཕྲོག་པའི་ཕྱིར་འབུལ་བ་ཕུར་བ་རང་གི་སྒོས་ཆོས་སོ། ཧཱུྃ། སྒེག་པ་དཔའ་བ་འཇིགས་སུ་རུང་བ་དང་ དགོད་དང་གཤེ་དང་འཇིགས་པར་སྟོན་པ་དང་ སྙིང་རྗེ་རྔམས་ཞི་རྡོ་རྗེ་གཞོན་ནུའི་སྐུ ཞེ་སྡང་འཇོམས་པའི་ལྷ་ལ་ཕྱག་འཚལ་བསྟོད ཡབ་ཀྱི་ཐུགས་དམ་དགྱེས་པ་སྐོང་བའི་ཡུམ འཁོར་ལོ་རྒྱས་འདེབས་འདོད་ཆགས་འཇོམས་མ་དང་ ཨེ་ཀ་ཛ་ནཱི་ཞེ་སྡང་འཇོམས་མཛད་མ འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་ལ་བསྟོད ཡེ་ཤེས་ལྔ་ལྡན་ཕུར་བུས་དུག་ལྔ་འཇོམས ཕྲིན་ལས་ལྔ་ཡིས་དྲེགས་པ་སྒྲོལ་བ་ལ ཐོགས་པ་མེད་པའི་ལས་མཛད་འདུས་པ་ལྔ སྲས་མཆོག་རིགས་ལྔའི་སྐུ་ལ་ཕྱག་འཚལ་བསྟོད ཡེ་ཤེས་རོལ་པའི་སྟོབས་བཅུས་མི་དགེ་འཇོམས སྐུ་གསུང་ཐུགས་ཀྱིས་གདུག་པ་སྒྲོལ་བར་མཛད ཡང་དག་དོན་གྱིས་ལོག་འདྲེན་འཇོམས་མཛད་པ ཁྲོ་བོ་ཡག་

(༡༡༦༥)ཡུམ་བཅུ་ལ་ཕྱག་འཚལ་བསྟོད བྱང་ཆུབ་བདེ་ལ་རོལ་པའི་ཕོ་ཉ་མོ གདུལ་བྱའི་དོན་ལ་ཕྲ་ཐབས་གཟུགས་འཛིན་ཅིང་ དྲེགས་པའི་ཚོགས་རྣམས་མ་ལུས་འདུལ་མཛད་པ ཕྲ་མེན་ཕོ་ཉའི་ཚོགས་ལ་ཕྱག་འཚལ་བསྟོད ཅེས་བསྟོད། སྦྱིན་སྲེག་གི་ཆོ་གའི་དུས་འདིར་སྔགས་དང་བསྟུན་དེ་རྫས་བསྲེག་ཅིང་མཆོད་པ་འབུལ་བ་ཀླས་པའི་ངོ་བོ་ཉིད་ཡིན་ཕྱིར་བཟླས་བ་སྒེར་དུ་མི་དགོས་མོད་ཀྱང་། སྤྲོས་པ་ལ་དགའ་བ་རྣམས་བཟླས་པ་བྱ་འདོད་ན་སྐབས་འདིར་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་པད་ཉིའི་གདན་ལ་སྔགས་ཕྲེང་ས་བོན་དང་བཅས་པའི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། སངས་རྒྱས་ཐམས་ཅད་མཆོད་པས་དགྱེས་པ་བསྐྱེད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། ཁྱད་པར་དུ་དམིགས་བྱའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་འོད་ཟེར་དཀར་པོ་བདུད་རྩིའི་རང་བཞིན་ཅན་གྱིས་སྦྱངས་ཏེ་དག་ཅིང་ཞི་བར་གྱུར་བར་བསམས་ལ་རྩ་སྔགས་དང་དེའི་མཐར་ནད་གདོན་སྡིག་སྒྲིབ་ཤཱནྟི༚་ཀུ་རུ་སྭཱ་ཧཱ། ཞེས་བཅི་རིགས་བཟླའོ། །ཨརྒྷཾ་སོགས་ཀྱིས་མཆོད་ཅིང་བསྟོད་ནས། མ་རྙེད་ཡོངས་སུ་མ་ཚད་དང་། །གཙོ་བོ་ནུས་

(༡༡༦༦)པ་མ་མཆིས་པས། །འདིར་ནི་བྱ་མིན་གང་བགྱིས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། །ཞེས་སོགས་ཡིག་བརྒྱས་ནོངས་པ་བཟོད་པར་གསོལ། དེ་ནས་སྒྲུབ་དཀྱིལ་དང་འབྲེལ་ན་སྔར་བཞིན་སྤྱན་དྲངས་ཏེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས། གཞལ་ཡས་ཁང་གདན་དང་བཅས་པ་རང་ཉིད་ལ་ ཐིམ་པར་བསམ། གློ་བུར་བའི་ཚེ། བཛྲ་མུཾ་གྱིས་ཡེ་ཤེས་པ་ཆོས་ཀྱི་དབྱིངས་སུ་གཤེགས། དམ་ཚིག་པ། རབ་གནས་དུས་རྟེན་གྱི་།ཐུགས་ཀར། རང་ལ་བསྟིམ། སླར་ཡང་ཨོཾ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ་ཅེས་བླུགས་གཟར་གྱི་མར་ཁུས་མེ་གསོས་ཏེ། འཇིག་རྟེན་པ་སྔར་ལྟར་གསལ་བ་ལ་ཨོཾ་ཨགྣི་དེ་བ་རྀ་ཥི་ཧ་བྱ་ཀ་བྱ་དི་བྱ་བདག་ཅག་དཔོན་སློབ་སོགས་ཀྱིས་སྲེག་རྫས་ལྷག་མ་དང་། ཨོཾ་བཛྲ་ཝ་སྟྲ་ས་གོས་ཟུང་དང་། བཛྲ་ཏམྦུ་ལས་སོ་རྩི་འདུལ། ཨོཾ་ཨགྣི་དེ་བ་རྀ་ཥི་མ་ཧཱ་བ་ལིངྟ་ཁཱ་ཧི། ཞེས་གཏོར་མ་དང་། མ་ཧཱ་པཉྩ་མ་མྲཾ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་པས་སྨན་རག་ཕུལ། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །ཞེས་ཤཽླ་ཀས་བསྟོང་། ཡིག་བརྒྱས་ནོངས་བ་བཤགས། བཛྲ་མུས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་

(༡༡༦༧)གཤེགས་ལ། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམས་ལ་དགེ་བ་བསྔོ་ཞིང་ཤིས་བརྗོད་བྱའོ།། །།༈ གཉིས་པ་དཔལ་ཆེན་ཕྱག་རྒྱ་རྒྱས་པ་ལ་བརྟེན་ནས་རྒྱས་པའི་སྦྱིན་སྲེག་གི་རིམ་པ་ལ་གཉིས་ལས། དང་པོ་སྦྱོར་བ་ནི། ཚོང་འདུས་དང་རྒྱལ་པོའི་བང་མཛོད་ཀྱིས་ལ་ཐབ་སྟེགས་གྲུ་བཞི་རྒྱར་ཁྲ་དོ་དབངས་སུ་ཁྲུ་ཕྱེད་པའི་སྟེང་། བ་བྱུང་དང་དྲི་སེར་པོས་ཆག་ཆག་བཏབ་ནས་ཐབ་ཁུང་གྲུ་བཞི་རྒྱར་ཁྲུ་གང་པ་དང་དཔངས་སུ་ཁྲུ་ཕྱེད་པ་སོར་བཞི་པའི་མཆུ་དང་མུ་རན་བང་རིམ་ཅན་ལ་མེ་རི་དང་། རྩེ་མོར་རིན་པོ་ཆེའི་ཕྲེང་བ་བྲི། ཐབ་ཀྱི་དབུས་སུ་རིན་པོ་ཆེ་ཏྲཱཾ་གིས་མཚན་པ་འདྲི། བརྐོས་ཐབས་དང་བྲིས་ཐབ་ཀྱང་དེས་མཚོན་པར་ཐབ་ཀྱི་ནང་རྒྱ་ཁྲུ་གང་གི་ཕྱི་རོལ་སོར་བཞི་རེའི་ཚད་ཀྱི་མཆུ་དང་ཁ་ཁྱེར་ཕྱིར་འགྱེད་པ་ཡིན་ནོ། །འབྲས་བུ་ཅན་ནམ་མདོག་སེར་བ་དང་འོ་མ་ཅན་གྱི་བུད་ཤིང་། རྒྱ་དཔངས་ཐབས་ལས་ཅུང་ཟད་དམན་པར་བརྩིག །སྟེགས་བུའི་གྲྭ་བཞིར་མདའ་བཞི་སྲད་བུ་སེར་པོས་སྦྲེལ་བ་དར་སེར་གྱིས་དགབ། ཤར་ལྷོའི་གྲྭར་མདའ་དར་དམར་པོ་གཟུགས། །མདུན་དུ་སློབ་དཔོན་གྱི་སྟན་དང་མེ་ཡོལ། དེའི་གཡས་གཡོན་དུ་མཆོད་རྫས་དང་སྲེག་རྫས་ཀྱི་སྟེགས་བུ་ཁེབས་སེར་པོས་གཡོགས་པའི་སྟེང་མང་ཁུ་དང་། རྒྱུ་བུད་

(༡༡༦༨)ཤིང་དང་འདྲ་བའི་ཡམ་ཤིང་མཐོ་གང་བའི་རྩེ་མོ་མར་ཁུར་ཉུགས་པ། མངར་གསུམ་དང་ཞོ་འོ་མ་མར་ཁུ་སོགས་བསྲེས་པའི་ཞོ་ཟན། སྟར་ཁ་རྒུན་འབྲུམ་ལ་སོགས་པའི་ཤིང་འབྲས། ནས་འབྲས་ལ་སོགས་པའི་འབྲུ། གུར་གུམ་ལ་སོགས་པའི་མེ་ཏོག་སེར་པོའི་རིགས། དཱུར་ཝ་དང་རིན་པོ་ཆེ་རྣམས་ཁ་དོག་རང་བཞིན་གྱི་སེར་པོ་མིག་གནས་པ་དག་བཅོས་བུས་སེར་པོར་བྱས་པ་དང་། སྟེགས་བུ་ཅིག་ཤོས་ལ་བདག་བསྐྱེད་ཆེས་སྲུང་དང་བཅས་པའི་མཆོད་གཏོར་དང་བྱེ་བྲག་ཏུ་གསེར་ཕྱེ་དང་མེ་ཏོག་སེར་པོ་བསྲེས་པའི་ལྷ་བཤེས་གྲུ་བཞི་པད་འདབ་བཞི་པ་ཡེ་ཤེས་པ་དང་འཇིག་རྟེན་པ་སོ་སོར་བཤམས་པ་དང་། སོ་རྩི་དང་མེ་དར་སེར་པོ། གཞན་ཡང་སྨན་རཀ་ཉེར་སྤྱོད་རྣམས་དང་། སློབ་དཔོན་གྱི་མདུན་དུ་རྡར་དྲིལ་ཐོད་རྔ་། དགང་བླུགས་སོགས་འོག་ཏུ་དགོས་པ་ཐམས་ཅད་མ་ཚད་བ་མེད་པར་བཤམ་མོ། །གཉིས་པ་དངོས་གཞིའི་རིམ་པ་ནི། བདག་བསྐྱེད་ཀྱི་རྣལ་འབྱོར་ལ་བསྙེམས་བཞིན་པས། རང་ཉིད་ཆོས་གོས་སེར་པོ་གྱོན་ཞིང་རིན་པོ་ཆེའི་རྒྱན་དང་ལྡན་པ་མཉམ་པའི་སྐྱིལ་ཀྲུང་གིས་སྟན་ལ་འཁོད་ནས། ཞི་ཞིང་དཔའ་བའི་བྱང་ཆུབ་ཀྱི་སེམས་དང་ལྡན་པས། རྡོར་དྲིལ་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་དང་། ཨ་ལས་བྱུང་

(༡༡༦༩)བའི་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་མོས་ལ། ཨོཾ་མ་ཧཱ་བཛྲ་ཧཱུྃ་གིས་རྡོ་རྗེ་གསོར། ཨོཾ་བཛྲ་གཎྜེ་ཨ ས་དྲིལ་བུ་འཁྲོལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་འཁྲུད་རྒྱ་བྱ། དེ་ནས་མཆོད་པ་བརླབ་པ་ནི། ཧཱུྃ དབྱིངས་ནས་ཡི་གེ་འབྲུ་གསུམ་ཆར་དུ་བབས མཆོད་རྫས་དངོས་འཛིན་མ་དག་བསྲེག་གཏོར་བཀྲུས བྷྲཱཾུ་ལས་ལས་རིན་ཆེན་ཨ་ལས་བྷནྡྷའི་ནང་ ཕྱི་ནང་གསང་གསུམ་མཆོད་སྤྲིན་རྒྱ་མཚོར་གྱུར ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་ཨཱཧཱུྃ་དང་། སྨན་གཏོར་རཀྟའི་སྔགས་ཀྱིས་བརླབ། སྲེག་རྫས་རྣམས་ལ་བསང་ཆུ་འཐོར་ཞིང་། ཧཱུྃ་བིགྣན་ཏ་ཀྲྀ་ཏ་ཕཊ། སྟོང་པའི་ངང་ལས་མ་དང་ཨ་ལས་ཉི་ཟླའི་གའུའི་སྣོད་དུ་སྲེག་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལས་བརྒྱན་པ་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩིའི་དངོས་པོ་རྒྱས་པའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱ

(༡༡༧༠)ཧཱུྃ་ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱཾ ཞེས་ལན་བདུན་བཟླས་པས་བྱིན་གྱིས་བརླབས་ནས། ཐབ་བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ཞེས་བརྗོད་པས་མདུན་དུ་རྒྱས་པའི་ཐབ་ཁུང་སེར་པོ་གྲུ་བཞི་པ་མུ་རན་ཁ་ཁྱེར་དང་ལྡན་པ་འོད་ཟེར་སེར་པོ་འཕྲོ་བར་གྱུར། རང་གི་ཐུགས་ཀ་ནས་རཾ་ཡིག་ཐབ་ནང་དུ་སྤྲོས་པ་ལས་ཡེ་ཤེས་ཀྱི་མེ་འོད་སེར་པོར་འབར་བར་བསམས་ལ། ཨོཾ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ། ཅེས་རྗེའུའི་རིགས་ཀྱི་ཁྱིམ་ལས་བྱུང་བའམ་ནོར་བུ་ལས་བྱུང་བའི་མེས་སྦར་ལ། ཐབ་ཀྱི་མེའི་དབུས་སུ་ཉི་མ་དང་ར་སྐྱེས་ཀྱི་གདན་ལ་ཨགྣི་དེ་བ་རྀ་ཥི་ཧཱུྃ་ཞེས་བརྗོད་པས་རྒྱས་པའི་མེ་ལྷ་སེར་པོ་སྒེག་ཅིང་གཟི་འབར་དྲང་སྲོང་གི་ཆས་ཅན་རིན་པོ་ཆེའི་སྒྲོམ་བུ་དང་བགྲང་ཕྲེང་འཛིན་པ་གསལ་བར་གྱུར། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་བཞེངས་པར་བསམས་ལ། ཨགྣི་དེ་ཝ་ས་མ་ཡ་ཧཱུྃ་ཛ ཞེས་སེ་གོལ་བསྣོལ་མར་གདབ། མདའ་དར་དམར་པོ་གཡབ་ཅིང་། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །འདི་ཉིད་

(༡༡༧༡)དུ་ནི་གཤེགས་སུ་གསོལ། །ལྕགས་ཀྱུའི་རྒྱ་དང་བཅས་ཨགྣི་དེ་བ་རྀ་ཥི་ཛཛས་སྤྱན་དྲངས། ཛཧཱུྃ་བཾ་ཧོ ས་བསྟིམ། ཨོཾ་ཨགྣི་དེ་ཝ་རྀ་ཥི་ཨརྒྷཾ་པུཥྤེ་སོགས་ཀྱིས་ཉེར་སྤྱོད་ཕུལ། ཧཱུྃ། རིན་ཆེན་རིགས་ལས་གྲུབ་པ་ཡི། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །ཕྲིན་ལས་ཀུན་གྱི་དབང་པོ་མཛད། །སྟངས་འཛིན་ལྷ་ལ་ཕྱག་འཚལ་བསྟོད། ཅེས་པས་བསྟོད། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་བུམ་ཆུ་གཏོར་ཞིང་། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་དབང་གི་ལྷ་མོ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་ཐོགས་པ་སྤྲོས་ཏེ་དབང་བསྐུར། ཨོཾ་རཏྣ་ཨ་ལངྐ་ར་སྭཱ་ཧཱ། ཞེས་རྒྱན་བཏགས་པར་བསམ་མེ་ལྷ་ཞལ་ཅུང་ཟད་གདངས་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དངས་ནས་གསོལ་བར་གྱུར་པར་བསམས་ལ། རཏྣའི་ཁུ་ཆུར་གྱིས་དགང་བླུགས་བཟུང་ནས། ཨོཾ་ཨགྣ་ཡེ་སྭཱ་ཧཱ ཞེས་མར་ཁུལ་ན་བདུན་གྱིས་དགང་གཟར་བཀང་སྟེ་དགང་བླུགས་ཁ་སྦྱར་བ་གཡས་སུ་བསྐོར་ཞིང་། ཨོཾ་ཨགྣི་དེ་བ་རྀ་ཥི་ཧ་བྱ་ཀ་བྱ་དི་བྱ་མ་ཧཱ་ན་ཡེ་བདག་ཅག་དཔོན་

(༡༡༧༢)སློབ་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་པུཥྚི་ར་ཀུ་རུ་ཨོཾ། ཞེས་ལན་གསུམ་གྱིས་ཐབ་ཏུ་ཕུལ། དེ་རྗེས་སྔགས་དེ་ཉིད་ཀྱིས་ཡམ་ཤིང་། མར་ཁུ། ཟས་མཆོག་ལ་སོགས་པའི་སྲེག་རྫས་རྣམས་རེ་རེ་ནས་ཇི་ལྟར་རིགས་པ་ཕུལ་རྫས། ཧཱུྃ། ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིགས་སྔགས་གྲུབ་པ་དྲང་སྲོང་ཚུལ། །ཉོན་མོངས་བསྲེགས་བས་ཤེས་རབ་འོད། །བསྐལ་བའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པ་ཐེག་པ་ཆིབས། །བགྲང་ཕྲེང་འཛིན་ཞིང་རིག་སྔགས་གསུངས། །བདུད་རྩིའི་བཅུད་ཅན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད་ནས། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་རྣམས་ལྷའི་ཞལ་དུ་འབུལ་བ་དང་མ་ཉིད་ཡེ་ཤེས་ཀྱི་

(༡༡༧༣)མེད་བྱིན་གྱིས་བརླབས་ནས་བདག་ཅག་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། །ཞེས་འདོད་དོན་གསོལ། དེ་ནས་འཇིག་རྟེན་ལས་འདས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་མཆོད་པ་ནི། སྭ་བྷཱ་ཝ་ས་སྦྱངས། མེ་ལྷའི་ལྟོ་བ་འབར་ཞིང་བསྲེགས་པའི་ཀློང་ བྷྲཱུཾ་ཡིག་གནས་འགྱུར་སྤྲུལ་པའི་གཞལ་མེད་ཁང་ ཕྱི་ནི་རིན་ཆེན་ནང་ནི་ཐོད་པའི་མཁར གྲུ་བཞི་སྒོ་བཞི་ཚད་དང་མཚན་ཉིད་ལྡན གུ་ཎ་ཏྭ་ར་རྟ་བབས་བང་རིམ་བརྒྱད ཆོས་འཁོར་རི་དྭགས་གདུགས་དང་ནོར་བུའི་ཏོག ཕྱི་རོལ་རིན་ཆེན་རྩིག་པའི་རྨང་གི་གཞིར འདོད་སྣམ་དམར་པོར་ལྷ་མོ་བཅུ་དྲུག་འཁོད ཕ་གུ་སེར་པོ་དྲྭ་བ་དྲྭ་ཕྱེད་མཛེས ཤར་བུ་མདའ་ཡབ་ཁང་བརྩེགས་རྡོ་རྗེའི་ཏོག ནང་ནི་དུར་ཁྲོད་རོལ་པའི་གཞལ་མེད་ཁང་ ཕྱི་འཁོར་རོ་གླིང་བརྒྱད་དང་རྡོ་རྗེའི་གུར བསྐལ་མེ་འུར་འུར་ཆམ་ཆེམ་འབར་བའི་ཀློང་ འོག་མིན་གསང་ཆེན་རོལ་པའི་ཕོ་བྲང་ཆེ རབ་འཇིགས་གནམ་ལྕགས་ཙཀྲ་རྩིབས་བརྒྱད་དབུས བདེ་ཆེན་ཀུན་ཏུ་བཟང་མོའི་ཨེ་ཀློང་དུ བྱོལ་

(༡༡༧༤)སོད་གཙོ་རྣམས་དྲེགས་པ་ཆེ་དགུར་བརྫིས མ་ཆགས་པདྨ་ཐབས་ཤེས་ཉི་ཟླ་འབར རུ་ཏྲ་ཀྲོ་ཏི་ཏི་ར་བཾ པཾ་པདྨ་མཎྜ་ལ མ་སཱུརྱ་མཎྜ་ལ དེ་སྟེང་ཧཱུྃ་ཡིག་ཡོངས་གྱུར་ལས ཆེ་མཆོག་བཛྲ་ཐོད་ཕྲེང་རྩལ མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད ཞེས་པ་ནས། ས་མ་ཡ་ཨ་ཝེ་ཤ་ཡ་ཏིཥྛ་ལྷན ཞེས་པའི་བར་བྱ། སྐབས་འདིར་སྒྲུབ་མཇུག་དང་འབྲེལ་བ་སོགས་ཡིན་ན་གདན་བསྐྱེད་པའི་རྗེས་དེ་མ་ཐག་པར་སྤྱན་འདྲེན་བྱ་དགོས་པས་མཎྜལ་མེ་ཏོག་གི་ཚོམ་བུ་ཅན་སོགས་ཀྱི་བརྡས་སྤྱན་དྲངས་སློབ་དཔོན་ལ་གཡས་སུ་བསྐོར་ཏེ་སློབ་དཔོན་གྱིས་མེ་ཏོག་ཐབ་ནང་དུ་དོར་བ་དང་ཆབས་ཅིག་ཨོཾ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོ་དྷ་ཙིཏྟ་ཧཱུྃ ཆེ་མཆོག་བཛྲ་ཐོད་ཕྲེང་རྩལ མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད ཅེས་སོགས་ནས། མ་འདྲེས་ཡོངས་རྫོགས་ཆེན་པོར་གསལ ཞེས་པའི་བར་གྱིས་གསལ་གདབ་པ་ཉིད་ཁྱད་པར་རོ། །དེ་ནས། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ ཨོཾ་ཤྲཱི་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཧོ ནས་ཤཔྟའི་བར་

(༡༡༧༥)གྱིས་མཆོད་ནས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་ལྗགས་རྡོ་རྗེའི་འོད་ཀྱི་སྤུ་གུ་ཅན་གྱིས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམས་ལ། ཨོཾ་གུ་རུ་ཤྲཱི་བཛྲ་ཡཀྴ་ཀྲོ་དྷ་ཙིཏྟ་ཧཱུྃ ཞེས་པ་བདུན་གྱིས་དགང་གཟར་བཀང་རྗེས། ཨོཾ་བཛྲ་ཙཎྜ་སརྦ་དུཥྚཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ ཅེས་པ་ལན་གསུམ་གྱིས་བསྐོར་བཞིན་འབུལ་བ་དང་། ཡེ་ཤེས་མེ་དང་གཉིས་མེད་འབར་བ་ཡི། །ཕྱག་རྒྱ་ཆེན་པོ་བསྲེག་བྱ་ཟ་བའི་ཞལ། །སྲེག་བླུགས་བདུད་རྩིའི་མཆོད་བས་མཉེས་བྱས་ནས། །རྒྱས་པའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་བརྗོད་ནས་སྲེག་རྫས་རྣམས་ཡམ་ཤིང་མར་ཁུ་སོགས་རིམ་པར་གཙོ་སྔགས་འབའ་ཞིག་གི་མཐར་ཚེ་དཔལ་ལོངས་སྤྱོད་པུཥྚི༚་ཀུ་རུ་ཨོཾ་ཞེས་བཏགས་པས་འབུལ་བའམ་ཡང་ན་རིགས་བཞིའི་རྩ་སྔགས་དང་ཁྲོ་བོ་སྤྱི་སྔགས་ལ་གཤམ་བུ་བཏགས་པ་གཙོ་འཁོར་གྱི་འགྲོས་སྦྱར་བས་འབུལ་ཞིང་། བཅུ་བཅུའམ་བརྒྱ་བརྒྱའི་མཆིམས་སུ་སྤེལ་ཚིག་ཅི་རིགས་པའི་མཐར་པུཥྚིང་ཀུ་རུ་ཨོཾ་ཞེས་སྦྱར་བའམ། ཡང་ན། ཡེ་ཤེས་མེ་དང་། ཞེས་པས་འདོད་དོན་གསོལ། རྫས་ཀྱི་གོ་རིམ་ཀྱང་མར་ཁུ་ཡམ་ཤིང་གི་

(༡༡༧༦)གི་རྗེས་ཞི་བར་ཏིལ་དང་རྒྱས་པར་ནས་མཆོག་སྔོན་དུ་འགྲོ་བ་ཙམ་ཕྱག་བཞེས་སུ་སྣང་བ་ལས་གཞན་དུ་གོ་རིམ་གྱི་ངེས་པ་ཆེར་མི་འབྱུང་ངོ་། །རྫས་རྫོགས་ནས་དགང་བླུགས་ལན་གསུམ་མམ་བདུན་ཅི་རིགས་པ་ཕུལ་ལ། ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་གསེར་མདོག་ཉི་འོད་ལྟ་བུ་འཕྲོས་པས་བསྒྲུབ་བྱའི་ཚོ་དང་བསོད་ནམས་རྒྱས་པར་བསམ་མོ། །དེ་ནས་དེ་ལ་ཞེས་པས་གོས་ཟུང་དང་། བཛྲ་ཏམྦུ་ལས་སོ་རྩི་ཕུལ། དེ་ནས་སྨན་མཆོད་ནི། ཧཱུྃ རྡོ་རྗེའི་དམ་ཚིག་རྨད་པོ་ཆེ རྩ་བརྒྱད་སྟོང་ལས་སྦྱར་བའི་བདུད རྒྱུད་དྲུག་སྡུག་བསྔལ་འཇོམས་པའི་རྩི རིགས་ལྔ་དམ་ཚིག་ལྔ་ཡི་དངོས ཨོཾ་ཨཱཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི གཏོར་མ་འབུལ་བ་ནི། ཧཱུྃ། བྷ་ག་ཡངས་པའི་གཏོར་གཞོང་དུ ལིངྒ་འདོད་ཡོན་གཏོར་མར་འབར རྡོ་རྗེ་བཟའ་བའི་དམ་ཚིག་རྫས ཨ་ལ་ལ་སྟེ་དགྱེས་པར་རོལ མ་ཧཱ་བ་ལིངྟ་ཁཱ་ཧི ཞེས་གཏོར་མ་རྦབ་ཏུ་འབུལ། ཧཱུྃ། ལྕང་ལོར་བཅས་པའི་དུད་ཆེན་དུ ཆགས་སྡང་དབྱིངས་སུ་བསྒྲལ་བའི་ཁྲག འཁོར་བ་གནས་སུ་དག་བྱའི་ཕྱིར བླང་དོར་མེད་པར་བཞེས་སུ་གསོལ མ་ཧཱ་རཀྟ་ཁཱ་ཧི ཞེས་རཀྟ་ཕུལ། སྤྲོ་ན་མཆོད་པ་རྣམས་ལས་གཞུང་གི་དཀྱུས་བཞིན་བྱ། ཧཱུྃ། མི་

(༡༡༧༧)སྡུག་སྲིན་པོའི་སྐུ་ནི་སྒེག་ཅིང་དཔའ། །དྲག་ཤུལ་རྡོ་རྗེའི་གད་མོ་གཤེ་བའི་སྒྲ མཆོག་ཏུ་ཞི་བའི་ཐུགས་ནི་སྙིང་རྗེ་རྔམས གར་དགུས་ས་གསུམ་རྣམ་གནོན་ཁྱོད་ལ་བསྟོད སྐུ་གསུམ་དབུ་ནི་སྟོབས་བཅུའི་དབྱིངས་ལ་རྫོགས མ་འདྲེས་བཅོ་བརྒྱད་རྫོགས་པའི་ཕྱག་ཆ་ཡིས ཡུལ་དང་ཡུལ་ཅན་ལྷར་སྣང་ཕྱག་རྒྱ་ཆེ བདེ་སྟོང་སྒྱུ་འཕྲུལ་དྲྭ་བར་སྦྱོར་ལ་བསྟོད ཀུན་གཞི་ཡིད་ཆོས་ཕུང་ཁམས་སྐྱེ་མཆེད་ཚོགས སྐུ་གསུམ་ཡན་ལག་བདུན་ལྡན་རྣམ་བྱང་གི བཞིན་ལག་མཚན་དཔེར་ཤར་བའི་ཧེ་རུ་ཀ རྣམ་པ་ཀུན་གྱི་མཆོག་ལྡན་ཁྱོད་ལ་བསྟོད ཆོས་ཉིད་གཅིག་ལ་ཡེ་ཤེས་ཀློང་དགུའི་རྩལ གདུལ་བྱའི་ཁམས་ལ་དགྱེས་ཆགས་ཁྲོ་བའི་ཉམས རོལ་པའི་ཆོ་འཕྲུལ་མི་བཟད་འབར་བའི་སྐུ བདུན་བརྒྱ་ཉེར་ལྔའི་དཀྱིལ་འཁོར་ལྷ་ལ་བསྟོད ཅེས་བསྟོད། སྐབས་འདིར་བཟླས་པ་བྱ་འདོད་ན། །ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་པད་ཉིའི་གདན་ལ་རང་རང་གི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སེར་པོ་ཞིང་ཁམས་ཐམས་ཅད་དུ་ཁྱབ་པར་འཕྲོས་རྒྱལ་

(༡༡༧༨)བ་ཐམས་ཅད་མཆོད་པས་མཉེས་བསྒྲུབ་བྱའི་ཚེ་དང་ཡེ་ཤེས་བསོད་ནམས་རྒྱས་པའི་དངོས་གྲུབ་སྩོལ་བར་བསམས་ལ་རྩ་སྔགས་དང་དེའི་མཐར་སརྦ་སིདྡྷི་པུཥྚི༚་ཀུ་རུ་སྭཱ་ཧཱ། བཏགས་པ་ཅུང་ཟད་བཟླ། མཐར་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པ་ཉེར་བསྡུས་ཀྱང་བྱའོ། །དེ་ནས། མ་འབྱོར་བ་དང་སོགས་ཀྱིས་བཟོད་གསོལ་དང་ཡིག་བརྒྱ་བཟླ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད ཅེས་སོགས་ཀྱིས་སྒྲུབ་དཀྱིལ་དང་འབྲེལ་ན་སྔར་བཞིན་སྤྱན་དྲངས་ནས་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས། གཞལ་ཡས་ཁང་གདན་དང་བཅས་པ་རང་ཉིད་ལ་ཐིམ་པར་བསམ་མོ། །གློ་བུར་བའི་ཚེ། བཛྲ་མུ ས་ཆོས་དབྱིངས་སུ་གཤེགས། དེ་རྗེས། ཨོཾ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ ཅེས་བླུགས་གཟར་གྱི་མེ་གསོས་ཏེ་འཇིག་རྟེན་པ་སྔར་བཞིན་གསལ་བ་ལ། ཨོཾ་ཨགྣི་དེ་བ་རྀ་ཥི་ཧ་བྱ་ཀ་བྱ་དི་བྱ་མ་ཧཱ་ན་ཡེ་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་པུཥྚི༚་ཀུ་རུ་ཨོཾ། ཞེས་རྫས་ལྷག་མ་རྣམས་ཕུལ། བཛྲ་ཏམྦུ་ལས་སོ་རྩི་དང་། བཛྲ་ཝསྟྲ་ས་མེ་དར་འབུལ། ཨོཾ་ཨགྣི་དེ་བ་རྀ་ཥི་ཨརྒྷཾ་སོགས་ཀྱིས་ཉེར་སྤྱོད་དང་། མེ་སྟེ་བསྲེག་བྱས་བསྟོད། ཨོཾ་ཨགྣི་དེ་ཝ་

(༡༡༧༩)རྀ་ཥི་མ་ཧཱ་བ་ལིངྟ་ཁཱ་ཧི ཞེས་པས་གཏོར་མ་ཕུལ་ཞིང་མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་འདོད་དོན་གསོལ། མ་རྙེད་ཡོངས་སུ་མ་ཚང་དང་སོགས་ཀྱིས་བཟོད་པར་གསོལ། བཛྲ་མུ ས་ཡེ་ཤེས་པ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམས་ལ་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པ་སོགས་མཐའ་རྒྱས་སུ་བྱའོ། ༈ གསུམ་པ་རྟ་མགྲིན་ལ་བརྟེན་ནས་དབང་གི་སྦྱིན་བསྲེག་བྱ་བའི་རིམ་པ་ལ་གཉིས་ལས། དང་པོ་སྦྱོར་བ་ནི། ཚོང་འདུས་དང་སྨད་འཚོང་མའི་གནས་ཀྱི་ས་ལས་ཐབ་སྟེགས་གྲུ་བཞི་རྒྱར་ཁྲུ་དོ་དཔངས་སུ་ཁྲུ་ཕྱེད་པའི་སྟེང་། དྲི་དམར་པོ་དང་བ་བྱུང་གིས་ཆག་ཆག་བཏབ་པའི་ཁར་སྟེགས་བུའི་དཀྱིལ་ནས་རྒྱབ་ཏུ་མཐོ་གང་ཚད་པའི་བཞི་ཆ་མདུན་དུ་ཉེ་བ་ནས་ཟླུམ་པོར་བསྐོར་ཏེ་མདུན་ཐད་ཀར་བཅད་པའི་ཐབ་ཁུང་ཟླ་གམ་རྒྱར་ཁྲུ་གང་དཔངས་སུ་ཁྲུ་ཕྱེད་གྱེན་དུ་བསླང་པ་ལ་སོར་བཞི་པའི་ཆེད་ཀྱི་མཆུ་དང་ཁ་ཁྱེར་ལྡན་པ་བྱ། བྲིས་ཐབ་བྱེད་ནའང་ཐབ་ཀྱི་ལྟེ་བ་ཟླ་ག་ཁྲུ་གང་བའི་ཕྱིར་རོལ་ཏུ་སོར་བཞི་རེ་བསྐོར་བའི་མཆུ་དང་ཁ་ཁྱེར་རིམ་པ་གཉིས་ལས། བྲི་རྩིག་གང་བྱེད་ཀྱང་ཐབ་ཀྱི་ལྟེ་བར་ལྷ་མཚན་པདྨ་དམར་པོའི་ལྟེ་བར་རྡོ་རྗེས་མཚན་པ་དང་། མུ་རན་ནམ་མ་

(༡༡༨༠)མཆུ་ལ་པད་འདབ་དང་ཁ་ཁྱེར་ལ་རྡོ་རྗེ་དམར་པོའི་ཕྲེང་གཟུར་བཞིར་ལྕགས་ཀྱུ་བྲི། ཙན་དན་དམར་པོ་དང་མཛོ་མོ་ཤིང་སོགས་ཁ་དོག་དམར་ཞིང་རོ་སྐྱུར་བའི་ཤིང་གིས་གཅེར་ཤིང་ཐབ་ཀྱི་ཚད་དང་མཉམ་པར་རྩེག །མདུན་དུ་སློབ་དཔོན་གྱི་སྟན་དང་དེའི་གཡས་སུ་སྟེགས་བུ་ཁེབས་དམར་པོས་གཡོགས་པ་ལ་རྒྱུ་བུད་ཤིང་དང་འདྲ་བའི་ཡམ་ཤིང་མཐོ་གང་བའི་རྩེ་མོ་ཏིལ་མར་རམ་མར་ཁུལ་ལ་མངར་གསུམ་བཏབ་པས་བྱུག་པ་དང་། འདིར་དབང་ལ་ཏིལ་ལས་བྱུང་བའི་མར་ཁུའི་དགང་བླུགས་འབུལ་བར་བཤད་ཀྱང་བོད་དུ་མི་འབྱུང་བས་པད་ཁའི་སྣུམ་དང་ཨུཏྤལ་གླང་སྣ་ལ་སོགས་མེ་ཏོག་དམར་པོའི་རིགས། ཙན་དན་དམར་པོ་སོགས་དྲི་བསུང་ཅན་དང་རྒུན་འབྲུས་མཚོན། རོ་མངར་ཞིང་སྐྱུར་བ་ལ་སོགས་པའི་བཟའ་བཅའི་རིགས་རྣམས་ཁ་དོག་དམར་པོ་དང་། དམིགས་བསལ་ལ་དོ་གལ་ཆེ་ན་ཙན་དན་དམར་པོའམ་ཟངས་ཀྱི་བྱང་བུར་གསེར་རམ་མཚལ་གྱིས་རྩ་སྔགས་གཤམ་ཨི་ཏྲ་ནྀྲ་དུང་དུང་ཛཛཆེ་གེ་ཝ་ཤཾ་ཀུ་རུ་ཧོ ཞེས་བྲིས་པ་གང་མང་བསགས། གཞན་ཡང་ནས་འབྲས་ལ་སོགས་འབྲུ་རྣམས་ཀྱང་ཚོན་རྩིས་ཁ་དོག་དམར་པོར་བསྒྱུར་བ་རྣམས་འཇིག་འདས་ཀྱི་དབྱེ་བས་བྲེད་ཚར་དུ་བཀོད་པ་དང་། སོ་རྩི་དང་། མེ་དར་དམར་པོ་སོགས་ཀྱང་བཤམ། གཡོན་ལོགས་སུ་སྟེགས་བུ་ཁེབས་དམར་པོ་དང་ བུ་འཁྲོལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་ཝ་ཨཱཏྨ་

(༡༡༨༡)ལྡན་པ་ལ་བདག་བསྐྱེད་ཆོས་སྲུང་སོགས་ཀྱི་མཆོད་པ་དང་། ཁྱད་པར་དུ་ཟངས་ཕྱི་དབུ་རམ། བད་རག །རམ་བུའི་ཕྱེ་རྣམས་བསྲེས་པའི་དབང་བཤོས་ཟླ་གམ་དམར་པོ་པད་འདབ་བཞིས་བརྒྱན་པ་ཡེ་ཤེས་པ་དང་འཇིག་རྟེན་ལས་གཏོར་གཉིས་སུ་བྱས་པ་དང་། སྨན་རག་ཉེར་སྤྱོད་སོགས་དེ་ཐམས་ཅད་ཀྱང་ཁ་དོག་དམར་པོར་རང་བཞིན་གྱི་མི་གནས་པ་རྣམས་རྒྱ་ཤ་སོགས་ཚོས་ཀྱིས་བསྒྱུར། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ་ཐོད་རྔ་དགང་བླུགས་སོགས་འོག་ཏུ་དགོས་པ་ཐམས་ཅད་མ་ཚད་པ་མེད་པར་འདུ་བྱའོ། །གཉིས་པ་དངོས་གཞིའི་རིམ་པ་དངོས་ལ་འཇུག་པ་ནི། རང་ཉིད་ཆོས་གོས་དམར་པོ་དང་ལྡན་པ་པདྨའི་འཇུག་སྟངས་ཀྱིས་སྟན་ལ་འཁོད་ནས་བྱང་ཆུབ་ཀྱི་སེམས་བསྡུ་བྱའི་ཡུལ་ལ་རྗེས་སུ་ཆགས་པ་དང་ལྡན་པས་རྡོར་དྲིལ་བསངས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་དང་། ཨ་ལས་བྱུང་བའི་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཨོཾ་མ་ཧཱ་བཛྲ་ཧཱུྃ༔ ཞེས་རྡོ་རྗེ་ཐུགས་ཀར་གསོར། ཨོཾ་བཛྲ་གྷཎྜེ་ཨ། ཞེས་དྲིལ་

(༡༡༨༢)བུ་འཁྲོལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་འཁྱུད་རྒྱ་བྱ། ཧཱུྃ དབྱིངས་ནས་ཡི་གེ་འབྲུ་གསུམ་ཆར་དུ་བབས མཆོད་རྫས་དངོས་འཛིན་མ་དག་བསྲེག་གཏོར་བཀྲུས བྷྲཾཱུ་ལས་རིན་ཆེན་ཨ་ལས་བྷནྡྷའི་ནང་ ཕྱི་ནང་གསང་གསུམ་མཆོད་སྤྲིན་རྒྱ་མཚོར་གྱུར ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་ཨཱཧཱུྃ་དང་། སྨན་གཏོར་རཀྟའི་སྔགས་ཀྱིས་བརླབ། སྲེག་རྫས་རྣམས་ལ་བསང་ཆུ་འཐོར་ཞིང་། ཧཱུྃ་བིགྣནྟ་ཀྲི་ཏ་ཕཊ སྟོང་པའི་ངང་ལས་མ་དང་ཨ་ལས་བྱུང་བའི་ཉི་ཟླའི་གུའུའི་སྣོད་དུ་སྲེག་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩིའི་དངོས་པོ་དབང་གི་ལུས་བསྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཧཱུྃ་ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱཾ། ཞེས་ལན་བདུན་བཟླས་པས་སྲེག་རྫས་བརླབ། མེ་ཐབ་བསང་སྦྱངས། སྟོང་པའི་ངང་ལས་བྷྲཱུཾ་ལས་དབང་གི་ཐབ་ཁུང་དམར་པོ་ཟླ་ག་མ་མུ་རན་ཁ་ཁྱེར་དང་བཅས་པ་འོད་ཟེར་དམར་པོ་འཕྲོ་བར་གྱུར། རང་གི་ཐུག་ཀ་ནས་རཾ་ཡིག་ཐབ་ནང་དུ་སྤྲོས་པ་ལས་ཡེ་ཤེས་ཀ་ཡི་མེ་འོད་དམར་

(༡༡༨༣)པོ་འབར་བར་བསམས་ལ། ཨོཾ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ། ཅེས་སྨད་འཚོང་མའི་ཁྱིམ་ལས་བྱུང་བའི་མེ་དུ་བ་མེད་པས་སྦར། ཐབ་ཀྱི་མེའི་དབུས་སུ་ཟངས་ཀྱི་ར་རྐྱེས་ལ་གནས་པའི་དབང་གི་མེ་ལྷ་དམར་པོ་ཞལ་བཞི་ཁྲོ་འཛུམ་ཆགས་པ་དྲང་སྲོང་གི་ཆ་བྱད་ཅན་ཕྱག་བཞིའི་གཡས་གཉིས་ལྕགས་ཀྱུ་དང་བགྲང་ཕྲེང་གཡོན་གཉིས་དབྱུག་པ་དང་གུནྡྷེ་བསྣམས་པའི་སྐུར་གྱུར། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པར་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་བཞེངས་པར་བསམས་ལ། ཧཱུྃ། ཡེ་ཤེས་སྤྱན་གྱི་སྤྱོད་ཡུལ་ནས། །མེ་ལྷ་དྲང་སྲོང་འཁོར་དང་བཅས། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་མེ་ལྷའི་གཙོ། །སེམས་ཅན་དོན་ལ་དམ་ཚིག་དགོངས། །འབར་བའི་གནས་འདིར་གཤེགས་སུ་གསོལ། །ཛཧཱུྃ་བཾ་ཧོ ཨགྣི་ཛྙཱ་ན་སཏྭ་ཨེ་ཧྱེ་ཧི་བྷ་ག་ཝཱ་ན་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོ ས་མ་ཡ་སྟྭཾ། ཞེས་པས་སྤྱན་དྲངས། ཨོཾ་ཨགྣ་ཡེ་ས་མ་ཡ་ཏིཥྛ་ལྷན་གྱིས་གཉིས་མེད་དུ་བསྟིམ། ཨོཾ་ཨགྣ་ཡེ་ཨ་ལ་ལ་ཧོ ཨ་ཏི་པཱུ་ཧོ པྲ་ཏི་ཛཱ་ཧོ ས་ཕྱག་བྱས་ལ། མེ་ལྷའི་

(༡༡༨༤)རྒྱལ་པོ་དྲང་སྲོང་མཆོག །ར་སྐྱེས་བཅིབས་ཤིང་གློག་ལས་མགྱོགས། །སྲེག་རྫས་ཀུན་གྱི་ཕྱག་ཚད་མཛད། །ཚིམ་བྱེད་ཁྱོད་ལ་མཆོད་པ་འབུལ། །ཨོཾ་ཨགྣ་ཡེ་པུཥྤེ་དྷུ་པེ་ཨཱ་ལོ་གེ་གནྡྷེ་ནྱཻ་ཝི་དྱཱ་ཤཔྟ་པྲ་ཏཱིཙྪ་ཧོ ཞེས་ཉེར་སྤྱོད་ཕུལ་ནས། མེ་ལྷ་ཞལ་ཅུང་ཟད་གདངས་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམས་ལ། པདྨའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་ལན་བདུན་ཀྱིས་ཏིལ་མར་གྱིས་དགང་གཟར་བཀང་ནས། ཨོཾ་ན་མས་མནྟ་བུདྡྷ་ནཱཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། ཁམས་གསུམ་སྐྱེ་དགུའི་དཔལ་འབྱོར་ཐམས་ཅད་ཝ་ཤེ་ཀུ་རུ་ཧོ ཞེས་ལན་གསུམ་གྱིས་དགང་བླུགས་ཁ་སྦྱར་བ་བསྐོར་བཞིན་དབུལ། དེ་ནས། ཨོཾ་པྲ་ཏི་ཧ་ཏ་བཛྲ་ཡེ་སྭཱ་ཧཱས། ཡམ་ཤིང་དང་། ཨོཾ་ཨགྣ་ཡེ་སྭཱ་ཧཱ་ས་མར་ནག །ཨོཾ་ན་མ ས་མནྟ་བུདྡྷ་ནཱཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། ཞེས་པ་ཁོ་ནས་སྲེག་རྫས་གཞན་རྣམས་གྲངས་ཇི་འོས་ཕུལ་ནས། ཧཱུྃ། མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བདུད་བཞི་འཇོམས་པའི་ཕྱག་བཞི་པ། །ཞལ་བཞིས་ལས་བཞི་གྲུབ་པར་བྱེད། །ལས་ཀུན་མཛད་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་དེ། ནམ།

(༡༡༨༥)རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་རྣམས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་རང་གཞན་གྱི་སྣང་བ་དབང་དུ་འདུས་པའི་ཕྲིན་ལས་མཛད་དུ་གསོལ། །ཞེས་འདོད་དོན་གསོལ། དེ་ནས་འཇིག་རྟེན་ལས་འདས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་མཆོད་པ་ནི། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྦྱངས་ལ། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེའི་དབུས བྷྲཾཱུ་ཡིག་གནས་འགྱུར་སྤྲུལ་པའི་གཞལ་མེད་ཁང་ ཕྱི་ནི་རིན་ཆེན་ནང་ནི་ཐོད་པའི་མཁར གྲུ་བཞི་སྒོ་བཞི་ཚད་དང་མཚན་ཉིད་ལྡན གུ་ཎ་ཏྭ་ར་རྟ་བབས་བང་རིམ་བརྒྱད ཆོས་འཁོར་རི་དྭགས་གདུགས་དང་ནོར་བུའི་ཏོག ཕྱི་རོལ་རིན་ཆེན་རྩིག་པའི་རྨིང་གི་གཞིར འདོད་སྣམ་དམར་པོར་གཟུང་མ་བཅུ་དྲུག་འཁོད ཕ་གུ་སེར་པོ་དྲྭ་བ་དྲྭ་ཕྱེད་མཛེས ཤར་བུ་མངའ་ཡབ་ཁང་བརྩེགས་རྡོ་རྗེའི་ཏོག ནང་ནི་དུར་ཁྲོད་རོལ་པའི་གཞལ་མེད་ཁང་ ཕྱི་འཁོར་རོ་གླིང་བརྒྱད་དང་རྡོ་རྗེའི་གུར བསྐལ་མེ་འུར་འུར་ཆེམ་ཆེམ་འབར་བའི་ཀློང་

(༡༡༨༦)འོག་མིན་གསང་ཆེན་རོལ་པའི་ཕོ་བྲང་ཆེ རྩིབས་འཁོར་བཅུ་དྲུག་པད་འདབ་སོ་གཉིས་པའི ལྟེ་བ་ཟླ་གམ་དམར་པོ་སྒོ་གཅིག་དབུས པཾ་ལས་པདྨ་མཾ་ལས་ཉི་ཟླའི་གདན་རུ་དང་ན་ལས་ཀླུ་སྲིན་བསྣོལ་བའི་སྟེང་ ཧཱུྃ རང་བྱུང་རྒྱུ་ཡི་ཡི་གེ་ཧྲཱི འཕྲོ་འདུས་ཡོངས་སུ་གྱུར་བ་ལས དཔལ་ཆེན་རྟ་མཆོག་རོལ་པ་ནི སྐུ་མདོག་དུས་མཐའི་མེ་ལྟར་འབར ཞེས་པ་ནས། བཛྲ་ས་མ་ཡ་ཛཛཏིཥྠ་ལྷན་ཞེས་པའི་བར་བྱ། སྒྲུབ་དཀྱིལ་སོགས་དང་འབྲེལ་ན་གདན་བསྐྱེད་པའི་རྗེས་དེ་མ་ཐག་བར་ཡེ་ཤེས་ཀྱི་ལྷ་ཚོགས་སྲེག་བླུགས་ཀྱི་ཐབ་ཏུ་སྤྱན་དྲངས་པ་ལ་སྦྱིན་སྲེག་གི་མཆོད་པ་འབུལ་བ་རྒྱུད་སྡེ་ལས་བཤད་པའི་ཕྱིར་ལྷ་བསྐྱེད་པ་དངོས་བསྟན་བཞག་ཀྱང་རུང་ལ། སྤྲོ་ན་སྔར་ཞི་རྒྱས་ཀྱི་སྐབས་སུ་བཤད་པ་བཞིན་འབྱིན་འཇུག་གི་སྐབས་ཐོབ་ཤེས་པར་བྱའོ། །དེ་ནས་མཆོད་པ་ནི། ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ནི་ག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨོཾ་ཧྲཱིཔདྨ་ནྟ་ཀྲྀ་ཏ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ་ས་མཆོད་ནས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་

(༡༡༨༧)ལྗགས་རྡོ་རྗེའི་འོད་ཀྱི་སྤུ་གུ་ཅན་གྱིས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམས་ལ། ཨོཾ་ཧུ་ལུ་ཧུ་ལུ་ཕཊ་ཨེ་ཨ་ར་ལི་ཧཱུྃ་ཧྲཱིཛཞེས་པ་བདུན་གྱིས་དགང་གཟར་བཀང་བ་སྔགས་དེའི་མཐར་ཨ་ཏྲི་ནིྲ་དུང་དུང་ཛཛ ཁམས་གསུམ་སྣོད་བཅུད་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོ ཞེས་པ་ལན་གསུམ་གྱིས་བསྐོར་བཞིན་ཕུལ་ནས། ཡེ་ཤེས་མེ་དང་གཉིས་མེད་འབར་བ་ཡི། །ཕྱག་རྒྱ་ཆེན་པོ་བསྲེག་བྱ་ཟ་བའི་ཞལ། །སྲེག་བླུགས་བདུད་རྩིའི་མཆོད་པས་མཉེས་གྱུར་ནས། དབང་གི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །ཅེས་བརྗོད་ནས་རྫས་རྣམས་ཡམ་ཤིང་ནས་རིམ་པར་རྩ་སྔགས་མཐར་ཨ་ཏྲི་ནྀྲ་དུང་དུང་ཛཛ ཝཱ་ཤཾ་ཀུ་རུ་ཧོ ཞེས་པ་ཁོ་ནས་འབུལ་ཞིང་། བཅུ་ཚན་ནམ་བརྒྱ་བརྒྱའི་མཚམས་སུ་ཡེ་ཤེས་མེ་དང་སོགས་ཀྱིས་འདོད་དོན་གསོལ། རྫས་རྫོགས་ནས་དགང་བླུགས་སྔར་བཞིན་ཕུལ་ལ། ལ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས་པས་བསྒྲུབ་བྱ་རྣམས་རང་དབང་མེད་པར་དབང་དུ་འདུས་པར་བ་སམ་མོ། །དེ་ནས་གོས་ཟུང་། དེ་ནས་དེ་ལ་ཁ་དོག་ལེགས་བ་སྒྱུར་བའི། །སོགས་

(༡༡༨༨) ཀྱིས་ཕུལ། ཨོཾ་བཛྲ་ཏམྦུ་ལ་ཡེ་སྭཱ་ཧཱ། ཞེས་སོ་རྩི་ཕུལ་ནས། ཧཱུྃ རྡོ་རྗེའི་དམ་ཚིག་རྨད་པོ་ཆེ རྩ་བརྒྱད་སྟོང་ལས་སྦྱར་བའི་བདུད རྒྱུད་དྲུག་སྡུག་བསྔལ་འཇོམས་པའི་རྩི རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས ཨོཾ་ཨཱཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི ཞེས་སྨན་མཆོད་དང་། ཧཱུྃ བྷ་ག་ཡངས་པའི་གཏོར་གཞོང་དུ ལིངྒ་འདོད་ཡོན་གཏོར་མར་འབར རྡོ་རྗེ་བཟའ་བའི་དམ་ཚིག་རྫས ཨ་ལ་ལ་སྟེ་དགྱེས་པར་རོལ མ་ཧཱ་བ་ལིངྟ་ཁཱ་ཧི ཞེས་གཏོར་མ་ཐབ་ཏུ་འབུལ། ཧཱུྃ ལྕང་ལོར་བཅས་པའི་དུང་ཆེན་དུ ཆགས་སྡང་དབྱིངས་སུ་བསྒྲལ་བའི་ཁྲག འཁོར་བ་གནས་སུ་དག་བྱའི་ཕྱིར བླང་དོར་མེད་པར་བཞེས་སུ་གསོལ མ་ཧཱ་རཀྟ་ཁཱ་ཧི ཞེས་རཀྟ་ཕུལ། སྤྲོ་ན་ལས་གཞུང་གི་དཀྱུས་ལྟར་བྱ། ཧཱུྃ མི་སྡུག་སྲིན་པོའི་སྐུ་ནི་སྒེག་ཅིང་དཔའ དྲག་ཤུལ་རྡོ་རྗེའི་གད་མོ་གཤེ་བའི་སྒྲ མཆོག་ཏུ་ཞི་བའི་ཐུགས་ནི་སྙིང་རྗེ་རྔམས གར་དགུས་ས་གསུམ་རྣམ་གནོན་ཁྱོད་ལ་བསྟོད བཻ་ཌཱུར་སྔོན་པོའི་རིན་ཆེན་རི་རབ་ལ ཉི་མ་སྟོང་གི་འོད་ཟེར་བརྡལ་བ་ལྟར སེམས་དཔའ་སྔོན་པོ་འོད་ཀྱི་དཀྱིལ་འཁོར་ཅན དཔལ་དང་གཟི་བརྗིད་

(༡༡༨༩)འབར་ལ་ཕྱག་འཚལ་བསྟོད འོད་ཕུང་སྟུག་པོ་སྤྲིན་ལྟར་འཐིབས་པ་ཡི འཇིགས་བྱེད་རྔམས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས ཟ་བྱེད་བསྐལ་བའི་མེ་ལྟར་འབར་བ་ཡིས གདུག་པ་ཞལ་དུ་འདྲེན་ལ་ཕྱག་འཚལ་བསྟོད མི་བཟད་མཆེ་བས་བརྒྱན་པའི་ཞལ་གདངས་ཤིང་ ཁམས་གསུམ་ཟ་བར་བྱེད་པའི་རྐན་སྒྲ་ཅན ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་བསྟོད ཅེས་བསྟོད། བཟླས་པ་བྱ་བར་སྤྲོ་ན། ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་པད་ཉིའི་སྟེང་རང་རང་གི་ས་བོན་སྔགས་ཕྲེང་དང་བཅས་པའི་འོད་ཟེར་དམར་པོ་སྣོད་བཅུད་ཐམས་ཅད་དུ་ཁྱབ་པར་འཕྲོས། རྒྱལ་བ་ཐམས་ཅད་མཉེས། གཟི་བྱིན་རྣམས་ཚུར་བསྡུས་ཏེ་བདག་ལ་ཐིམ་པས་དབང་གི་དངོས་གྲུབ་ཐོབ། ཡང་འཕྲོས་དམིགས་ཡུལ་ཐམས་ཅད་བཀུག་འོད་དུ་ཞུ་ཞིང་བདག་ལ་ཐིམ་པས་དབང་དུ་གྱུར་པར་བསམ་ལ་རྩ་སྔགས་དང་དེའི་མཐར་སརྦ་པཱ་ཤཾ་ཀུ་རུ་སྭཱ་ཧཱ། བཏགས་པ་ཅུང་ཟད་བཟླ། མཐར་ཨརྒྷཾ་སོགས་ཀྱིས་མཆོད་ཅིང་བསྟོད་ནས། མ་འབྱོར་བ་དང་སོགས་ཀྱི་

(༡༡༩༠)རྗེས་ཡི་གེ་བརྒྱ་པས་བཟོད་གསོལ་བྱས་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་སོགས་ཀྱིས་སྒྲུབ་དཀྱིལ་དང་འབྲེལ་ན་མེ་ཏོག་གི་ཚོམ་བུས་སྔར་ལྟར་སྤྱན་དྲངས་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས། གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་བསམ། གློ་བུར་བའི་ཚེ་བཛྲ་མུཾ་གྱིས་ཆོས་དབྱིངས་སུ་གཤེགས། སླར་ཡང་། ཨོཾ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ ཅེས་བླུགས་གཟར་གྱིས་མེ་གསོས་ལ། འཇིག་རྟེན་པ་སྔར་བཞིན་གསལ་བ་ལ། མར་ཁུ་ཡམ་ཤིང་སོགས་རྫས་ལྷག་མ་རྣམས་ཕུལ། །བཛྲ་ཏམྦུ་ལས་སོ་རྩི་དང་། བཛྲ་ཝསྟྲས་གོས་ཟུང་འབུལ། ཨོཾ་ཨགྣི་དེ་ཝ་རྀ་ཥི་ཨརྒྷཾ་སོགས་ཀྱིས་ཉེར་སྤྱོད་ཕུལ། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །སོགས་ཀྱིས་བསྟོད། ན་མས་མནྟ་བུདྡྷ་ནཱི་སརྦ་པཉྩ་ཨ་མྲྀ་ཏ་བ་ལིངྟ་ཨགྣ་ཡེ་སྭཱ་ཧཱས་ལས་གཏོར་ཕུལ་ཏེ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་འཕྲིན་ལས་གསོལ། མ་རྙེད་ཡོངས་སུ་མ་ཚང་དང་། གཙོ་བོ་ནུས་པ་མ་མཆིས་པས། །འདིར་ནི་བྱ་མིན་གང་བགྱིས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། བཛྲ་མུས་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་འབར་

(༡༡༩༡)བའི་རྣམ་པར་གྱུར་པར་བསམས་ལ་དགེ་བ་བསྔོ། །༈ བཞི་པ་འཇམ་དཔལ་གཤིན་རྗེ་ལ་བརྟེན་ནས་དྲག་པོའི་སྦྱིན་སྲེག་གི་རིམ་པ་ལ་གཉིས་ལས། དང་པོ་སྦྱོར་བ་ནི། དུར་ཁྲོད་དང་ཕུང་ཤུལ་གྱི་ས་ལ་ཐབ་སྟེགས་རྒྱར་ཁྲུ་དོ་དཔངས་སུ་ཁྲུ་ཕྱེད་པའི་སྟེང་དུག་ཁྲག་གིས་ཆག་ཆག་བཏབ་ནས་མཐའ་ནས་ཟླུམ་པོར་བསྐོར་བའི་མུ་ཁྱུད་ནག་པོ་ལ་ཧཱུྃ་ཡིག་དང་ཐོད་སྐམ་སྤེལ་བའི་ནང་རྡོ་རྗེ་རྒྱ་གྲམ་སྔོན་པོ་རྭ་གདེངས་པ་ཟུར་བསྟན་གྱི་ལྟེ་བར་ལོགས་རེ་རེའི་ཞེང་དུ་ཁྲུ་གང་བའི་ཐབ་ཁུང་གྲུ་གསུམ་པ་དབང་ས་སུ་ཁྲུ་ཕྱེད་བསླང་བའི་སྟེང་ནས་སོར་བཞི་རེའི་ཚད་ཀྱི་མཆུ་དང་ཁ་ཁྱེར་ལྡན་པའམ། བྲིས་ཐབ་བྱེད་ན་མཆུ་དང་ཁ་ཁྱེར་གཉིས་སོར་བཞི་རེའི་ཚད་ཀྱི་རེ་ཁ་ཕྱི་རོལ་དུ་འགྱིད་པ་སྟེ་བྲི་རྩིག་གང་བྱེད་ཀྱང་ཐབས་མཚན་རྡོ་རྗེ་རྭ་གདེངས་ཧཱུྃ་གིས་མཚན་པ། མཆུ་དང་ཁ་ཁྱེར་ལ་མེ་རི་དང་རྡོ་རྗེ་རྩེ་གསུམ་པའི་ཕྲེང་བ་བྲིས་པ་རོ་སོལ་གྱིས་མདོག་ནག་པོར་བྱས་པ་ལ་ནི་མ་བ་སོགས་དུག་ཤིང་དང་ཚེར་མ་ཅན་གྱི་ཤིང་གིས་ཟུར་གསུམ་དུ་གཅེར་ཞིང་བརྩིག །སྟེགས་བུའི་གྲྭ་བཞིར་མདའ་བཞི་གཙུགས་པ་སྲད་བུ་ནག་པོས་སྦྲེལ་བ་ལ་དར་སྔོ་ནག་གང་རིགས་ཀྱིས་དགབ། ཤར་ལྷོར་མདའ་དར་དམར་པོ་གཟུག །མདུན་དུ་སློབ་དཔོན་གྱི་སྟན་ནག་པོ་དང་། གཡས་སུ་སྟེགས་

(༡༡༩༢)བུ་ཁེབས་ནས་པོས་གཡོགས་པ་ལ། སྐྱེ་ཚེའམ་ཡུངས་ནག་ལས་བྱུང་བའི་སྣུམ་དང་། ཚིལ་ཞུན་བསྲེས་པ། བུད་ཤིང་གི་རྒྱུ་དང་འདྲ་བའི་ཡམ་ཤིང་རྩང་ཕུར་གྱི་རྣམ་པ་མཐོ་གང་བའི་རྩེ་མོ་དུག་ཁྲག་གིས་བྱུགས་པ་དང་། དུག་སྣ། སྲན་ནག་གི་ཆན། ཁྲག་སྣ། བ་གླང་ལ་སོགས་པའི་ཤ་སྣ་ཚོགས་ཚད། སྐེ་ཚེ། ཤངས་ཚེ། ནིམ་པའི་ལོ་མ་སོགས་དུག་ཤིང་དང་ཚེར་མ་ཅན་གྱི་ཤིང་གི་འདབ་མའམ་འབྲས་བུ་ལ་སོགས། རོ་ཚ་ཞིང་རྩུབ་པའི་རིགས་རང་བཞིན་གྱི་ཁ་དོག་ནག་པོར་གནས་པའམ། ཡང་ན་བཅོས་བུས་བསྒྱུར་བ་རྣམས་འཇིག་འདས་ཀྱི་རིམ་པས་ཕྱི་ནང་ཉིས་རིམ་མམ་བྲེད་ཚར་དུ་བཀོད། ལྕགས་སཾ་ཐོད་པའི་སྣོད་དུ་དུག་སྣ། ལྕགས་ཕྱེ། རྡོ་ཕྱེ། ར་ཁྱིའི་ཁྲག །ཤ་ཆེན། སྲན་ཆན་རྣམས་རོ་སོལ་གྱིས་བསྒྱུར་བའི་མར་ནག་པོ་དང་བསྲེས་པའི་གཏོར་མ་གྲུ་གསུམ་མཐེབ་ཀྱུས་བསྐོར་བ་འདས་གཏོར་དང་འཇིག་རྟེན་ལས་གཏོར་སོ་སོར་བྱས་པ་དང་། རྡོ་ཤོའི་སོ་རྩི། མེ་དར་ནག་པོ་སོགས་ཀྱང་བཤམ། ཁྱད་པར་དུ་སྒྲུབ་མཆོད་དང་འབྲེལ་ཚེ་ནུབ་རེ་བཞིན་ཚེགས་ཐ་མའི་དུས་ཀྱི་བསྒྲལ་བའི་ལིད་རོ་ཟུར་དུ་བསགས་པ་དང་། གཏོར་བཟློག་གི་མཐའ་སྡུད་ལྟ་བུར་བྱ་ནའང་བསྒྲལ་བའི་དུས་ཀྱི་ལིང་རོ་རྣམས་ལྕགས་སྣོད་དམ་འབྲུབ་ཁུང་དུ་བཤམ་སྲེག་རྒྱང་གློ་བུར་དུ་བྱ་ན་འབྲུབ་ཁུང་ནང་དུ་ཤ་ཆེན་ནམ་

(༡༡༩༣)འབྲུ་ནག་གི་ཕྱེ་ལ་གནད་རྫས་ཁྱད་པར་བ་བསྲེས་པའི་རཱུ་པ་དབང་པོ་དོད་པར་བཅོས་པར་ལིང་ཁེབས་ཀྱིས་གཡོགས། ཉེ་ལོགས་ཅི་བདེར་ལས་བུམ་དང་། སློབ་དཔོན་གྱི་མདུན་དུ་རྡོ་དྲིལ་སོགས་འོག་ཏུ་དགོས་པ་ཐམས་ཅད་མ་ཚང་བ་མེད་པར་བཤམ་མོ། །གཉིས་པ་དངོས་གཞིའི་རིམ་པ་ནི། གློ་བུར་དུ་བྱ་བའི་ཚེ་སྐབས་འདིར་བདག་བསྐྱེད་ཚོགས་མཆོད་ཀྱི་བར་བཏང་། མངོན་སྤྱོད་དཀྱུས་མ་ཙམ་ལ་ཚོགས་ཐ་མལ་སྔར་འབྲུབ་ཁུང་དུ་བཤམས་པའི་ལིངྒ་བསྒྲལ་ལས་དམིགས་གནད་དང་ལྡན་པ་ཚར་ཇི་ཙམ་རིགས་པ་བྱས་ལ་ལིང་རོ་སྲེག་རྫས་སུ་འབུལ་རྒྱུར་བཞག །དོ་གལ་ཆེ་ན་རོལ་ཆེན་གཏོར་བཟློག་གི་གཟུ་དབང་ནས་བསྒྲལ་ལས་གཏུན་དུ་།།།བརྡུང་པའི་བར་བྱས་ལ་ལིང་རོ་སྲེག་རྫས་ཀྱི་གཙོ་བོར་གཞག་གོ །དེ་ནས་སྦྱིན་སྲེག་དངོས་ལ་འཇུག་པ་ནི་རང་ཉིད་ཆས་ནག་པོ་གྱོན་ཞིང་བྱང་ཆུབ་ཀྱི་སེམས་ཞེ་སྡང་དྲག་པོའི་ཀུན་སློང་དུ་ཤར་བས་སྟན་ལ་དོར་སྟབས་ཀྱིས་འཁོད་དེ་རྡོར་དྲིལ་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་དང་ཨ་ལས་བྱུང་བའི་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །མ་ཧཱ་བཛྲ་ཧཱུྃ།

(༡༡༩༤)ཞེས་རྡོ་རྗེ་གསོར། བཛྲ་གྷཎྜེ་ཨ ཞེས་དྲིལ་བུ་འཁྲོལ། ཨོ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་འཁྱུད་རྒྱ་བྱ། ཧཱུྃ་དབྱིངས་ནས་ཡི་གེ་འབྲུ་གསུམ་ཆར་དུ་བབས མཆོད་རྫས་དངོས་འཛིན་མ་དག་བསྲེག་གཏོར་བཀྲུས བྷྲཱུཾ་ལས་རིན་ཆེན་ཨ་ལས་བྷནྡྷའི་ནང་༔ ཕྱི་ནང་གསང་གསུམ་མཆོད་སྤྲིན་རྒྱ་མཚོར་གྱུར ཨོཾ་བཛྲ་ཨརྒྷཾ་ནས། ཤཔྟ་ཨཱཧཱུྃ་དང་། སྨན་གཏོར་རཀྟའི་སྔགས་ཀྱིས་བརླབ། སྲེག་རྫས་རྣམས་ལ་བསང་ཆུ་འཐོར་ཞིང་། ཧཱུྃ་བིགྣ་ན་ཏ་ཀྲོ་ཏ་ཕཊ། སྟོང་པའི་དང་ལས་ཀཾ་ལས་བྷནྡྷའི་མཆོད་རྫས། དྲག་པོའི་ལས་བསྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར་པར་བསམས་ལ། ཨོཾ་ཨཱཧཱུྃ་དང་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བཟླས་པས་བྱིན་གྱིས་བརླབ། མེ་ཐབ་བསང་སྦྱངས། སྟོང་པའི་དང་ལས་མདུན་དུ་བྷྲཱུཾ་ཡིག་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྒྱ་གྲམ་རྭ་གདེངས་པ་ཅན་གྱི་ལྟེ་བ་ལ་གནས་པའི་དྲག་པོའི་ཐབ་ཁུང་ནག་

(༡༡༩༥)པོ་གྲུ་གསུམ་པ་ཁ་ཁྱེར་བང་རིམ་དང་ལྡན་པ་འོད་ཟེར་ནག་པོ་འཕྲོ་བར་གྱུར། རང་གི་ཐུགས་ཀ་ནས་རཾ་ཡིག་ཐབ་ནང་དུ་སྤྲོས་པ་ལས་ཡེ་ཤེས་ཀྱི་མེ་འོད་ནག་པོ་འབར་བར་བསམ་ཞིང་། ཨོཾ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ ཅེས་གདོལ་བཤན་ནམ་དུར་ཁྲོད་ལས་བྱུང་བའི་མེ་དུ་བ་ཅན་གྱིས་སྦར་ལ། ཐབ་ཀྱི་མེའི་དབུས་སུ་མ་དང་དི ལས་བྱུང་བའི་ཉི་མ་དང་ར་སྐྱེས་ཀྱི་གདན་ལ་ཧཱུྃ་ཡིག་ནག་པོ་འཕྲོ་འདུས་ཡོངས་སུ་གྱུར་བ་ལས་ཨགྣི་དེ་བ་རྀ་ཥི་ཧཱུྃ་དྲག་པོའི་མེ་ལྷ་མཐིང་ནག་ཁྲོ་ཞིང་གཏུམ་པ་དྲང་སྲོང་གི་ཆ་བྱད་ཅན་ཏྲི་ཤུལ་དང་འགྲང་ཕྲེང་འཛིན་པའི་སྐུར་གྱུར། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་བཞེངས་པར་བསམས་ལ། ཨགྣི་དེ་ཝ་ས་མ་ཡ་ཧཱུྃ་ཛ ཞེས་སེ་གོལ་བསྣོལ་མར་གདབ། མདར་དར་ནག་པོ་གཡབ་ཅིང་། ཧཱུྃ་དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེའི་མཆོག །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ལྕགས་ཀྱུའི་

(༡༡༩༦)ཕྱག་རྒྱ་དང་བཅས་ཨགྣི་དེ་བ་རྀ་ཥི་ཛཛས་སྤྱན་དྲངས། ཛཧཱུྃ་བཾ་ཧོ ས་བསྟིམ། ཨོཾ་ཨགྣི་དེ་བ་རྀ་ཥི་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་བཞིན་ ཤཔྟའི་བར་གྱིས་མཆོད། ཇི་ལྟར་བལྟམས་པ་སོགས་ཀྱི་མཐར་ཨོ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་བུམ་ཆུ་འཐོར་ཞིང་། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་།ཐུགས་ཀ་ནས་དབང་གི་ལྷ་མོ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་ཐོགས་པ་སྤྲས་ཏེ་དབང་བསྐུར་བར་གྱུར། ཨོཾ་རཏྣ་ཨ་ལངྐ་ར་སྭཱ་ཧཱ། ཞེས་རྒྱན་བཏགས་པར་བསམ། མེ་ལྷ་ཞལ་ཤིན་ཏུ་གདངས་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམས་ལ། ཁྲོ་བོའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་གཡོན་པའི་བླུགས་གཟར་བདུན་གྱིས་གཡས་པའི་དགང་གཟར་བཀང་བ་ཁ་སྦྱར་ཏེ་པུས་མོའི་ཕྱིར་གཡོན་དུ་བསྐོར་བཞིན། ཨོཾ་ཨགྣི་དེ་བ་རྀ་ཥི་ཧ་བྱ་ཀ་བྱ་དི་བྱ་མ་ཧཱ་ན་ཡེ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་མཱ་ར་ཡ་ཕཊ ཅེས་ལན་གསུམ་གྱིས་དགང་བླུགས་ཕུལ། དེ་རྗེས་སྔགས་དེ་ཉིད་ཀྱིས་ཡམ་ཤིང་མར་ནག་སོགས་སྲེག་རྫས་རྣམས་གྲངས་

(༡༡༩༧)ཅི་རིགས་ཕུལ་ནས།་ ཧཱུྃ་ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ། །རིགས་སྔགས་གྲུབ་པ་དྲང་སྲོང་ཚུལ། །ཉོན་མོངས་བསྲེགས་པས་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པ་ཐེག་པ་ཆིབས། །བགྲང་ཕྲེང་འཛིན་ཞིང་རིག་སྔགས་གསུང་། །བདུད་རྩིའི་བཅུད་ཅན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད་ལ། ཡུངས་ནག་ཐབ་ཏུ་འཐོབ་བས། ན་མོ་རིག་པའི་རྒྱལ་པོ་ཁྱོད་ཀྱི་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཐལ་བའི་རྡུལ་དུ་རློག་པའི་ཕྲིན་ལས་མཛད་

(༡༡༩༨)དུ་གསོལ། ཞེས་འདོད་དོན་གསོལ་ནས་མེ་ལྷ་དེ་ཉིད་ཡེ་ཤེས་ལྷའི་ཕོ་བྲང་དུ་ཤེས་པར་བྱས་ནས། སྭ་བྷ་ཝས་སྦྱངས་ལ། ཧཱུྃ་མེ་ལྟ་འབར་ཞིང་བསྲེགས་པའི་ཀློང་ ལྷུན་གྲུབ་ཡེ་ཤེས་གཞལ་མེད་ཁང་ རིན་ཆེན་དུར་ཁྲོད་བརྟན་པར་གནས ཞེས་པ་ནས། ཨ་ཏི་པཱུ་ཧོ ན་མ་ཡ་དྷི ཞེས་པའི་བར་དང་། མཆོད་པ་ནི། ཧཱུྃ་བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཧོ དེ་བཞིན་དུ་ཤཔྟའི་བར་གྱིས་མཆོད་ནས། དཀྱིལ་འཁོར་གྱི་ལྷ་རྣམས་ཁྲོས་བའི་ཞལ་རབ་ཏུ་གདངས་པའི་ལྗགས་རྡོ་རྗེ་འོད་ཀྱི་སྤུ་གུ་ཅན་གྱིས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་གྱུར་པར་བསམས་ལ། ཨེ་ཀ་ཡ་མ་ཧ་དུ་ན་སྙིང་ཁྲག་ར་མ་ཙ་ཡ་ཧཱུྃ་ཕཊ ཅེས་པ་བདུན་གྱིས་དགང་གཟར་བཀང་བ། ཨེ་ཀ་ཡ་མ་ཧེ་དུན་སྙིང་ཁྲག་ར་མ་ཙ་ཡ་ཧཱུྃ་ཕཊ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཕཊ ཅེས་པ་ལན་གསུམ་གྱིས་ཕུལ་ལ། འདོད་གསལ་ནི། ཡེ་ཤེས་མེ་དང་གཉིས་མེད་འབར་བ་ཡི། །ཕྱག་རྒྱ་ཆེན་པོ་བསྲེག་བྱ་ཟ་བའི་ཞལ། །

(༡༡༩༩)སྲེག་བླུགས་བདུད་རྩིའི་མཆོད་པས་མཉེས་གྱུར་ནས། །དྲག་པོའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད། །དེ་རྗེས་གོང་ལྟར་རྩ་སྔགས་ཤམ་བུ་ཅན་དེ་ཁོ་ནས་སྲེག་རྫས་རྣམས་ཕུལ། བཅུ་བཅུའམ། བརྒྱ་བརྒྱའི་མཚམས་སུ་ཡེ་ཤེས་མེ་དང་ཞེས་གོང་བཞིན་འདོད་དོན་གསོལ། རྫས་རྫོགས་པ་དང་། དགང་བླུགས་གསུམ་ཕུལ་ནས། ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་ནག་པོ་མེ་ལྕེ་ལྟ་བུར་འཕྲོ་བ་ལས་མཚོན་ཆའི་ཆར་བབས་པས་དགྲ་བགེགས་ཐམས་ཅད་བརླག་པར་བསམ་མོ། །དེ་ནས་དེ་ལ་ཞེས་སོགས་ཀྱིས་མེ་དར་ནག་པོ་དང་། བཛྲ་ཏ་མ་བུ་ལས་ས་རྩི་འབུལ། དེ་ནས་སྨན་མཆོད་ནི། ཧཱུྃ་རྡོ་རྗེའི་དམ་ཚིག་རྨད་པོ་ཆེ རྩ་བརྒྱད་སྟོང་ལས་སྦྱར་བའི་བདུད རྒྱུད་དྲུག་སྡུག་བསྔལ་འཇོམས་པའི་རྩི རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས ཨོཾ་ཨཱཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི གཏོར་མ་འབུལ་བ་ནི། ཧཱུྃ་བྷ་ག་ཡངས་པའི་གཏོར་གཞོང་དུ ལིངྐ་འདོད་ཡོན་གཏོར་མར་འབར རྡོ་རྗེ་བཟའ་བའི་དམ་ཚིག་རྫས ཨ་ལ་ལ་སྟེ་དགྱེས་པར་རོལ མ་ཧཱ་བ་ལིངྟ་ཁཱ་ཧི ཞེས་གཏོར་མ་ཐབ་ཏུ་འབུལ། རཀྟ་འབུལ་བ་ནི། ཧཱུྃ་ལྕང་ལོར་བཅས་པའི་

(༡༢༠༠)དུང་ཆེན་དུ ཆགས་སྡང་དབྱིངས་སུ་བསྒྲལ་བའི་ཁྲག འཁོར་བ་གནས་སུ་དག་བྱའི་ཕྱིར། བླང་དོར་མེད་པར་བཞེས་སུ་གསོལ མ་ཧཱ་རཀྟ་ཁཱ་ཧི བསྟོད་པ་ནི། ཧཱུྃ་མི་གནས་མི་དམིགས་ཆོས་སྐུར་དག་པ་ལས བདུད་འདུལ་ཁྲོ་བོ་མཆོག་ཏུ་སྐུ་སྤྲུལ་ཏེ ཐུགས་རྗེའི་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལ ཁྲོ་རྒྱལ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་བསྟོད གཏུམ་ཁྲོ་མི་བཟད་རྩུབ་པའི་སྒྲར་ལྡན་པས ཁྱེད་ཀྱི་མཚན་ཐོས་ཙམ་གྱིས་བགེགས་རྣམས་ཕུང་ འབར་བའི་སྐུ་མཐོང་གསུང་སྒྲ་ཐོས་པ་ཡིས དགྲ་བགེགས་ཞི་བྱེད་ཁྱེད་ལ་ཕྱག་འཚལ་བསྟོད ལུས་ངག་ཡིད་གསུམ་དང་བས་ཕྱག་འཚལ་ཞིང་ དད་པ་རབ་ཀྱིས་འཕགས་མགོན་མི་གཏོང་བར འགྲོ་ལ་ཕན་ཕྱིར་ཁྲོ་རྒྱལ་ཁྱོད་བསྒོམ་ན མི་མཐུན་ཕྱོགས་རྣམས་རྡུལ་དུ་བརླག་ཏུ་གསོལ ཞས་བསྟོད་ལ། མ་འབྱོར་བ་དང་སོགས་ཀྱི་མཐར་ཡིག་བརྒྱ་བཟླས་བས་བཟོད་པར་གསོལ། ཨོཾ་ཁྱེད་ཀྱིས་སེམས་ཅན་སོགས་ཀྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། ཨོཾ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ ཅེས་མེ་གསོས་ལ་མེ་ལྷ་སྔར་

(༡༢༠༡)བཞིན་གསལ་བ་ལ། ཨོཾ་ཨགྣི་དེ་བ་རྀ་ཥི་ཧ་བྱ་ཀ་བྱ་དི་བྱ་མ་ཧཱ་ན་ཡེ་བདག་ཅག་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་འདྲེ་འབྱུང་པོ་མཱ་ར་ཡ་ཕཊ ཅེས་རྫས་ལྷག་རྣམས་ཕུལ། བཛྲ་ཏམ་བུ་ལས་སེ་རྩི་དང་། བཛྲ་ཝསྟྲས་མེ་དར་འབུལ། ཨོཾ་ཨགྣི་དེ་བ་རྀ་ཥི་ཨརྒྷཾ་བུཥྤེ་སོགས་དང་། ཨོཾ་ཨགྣི་དེ་བ་རྀ་ཥི་མ་ཧཱ་བ་ལིངྟ་ཁཱ་ཧི མ་ཧཱ་རཀྟ་ཁཱ་ཧི མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི ཞེས་གཏོར་མ་དང་རཀྟ་སྨན་རྣམས་ཕུལ། མེ་སྟེ་བསྲེག་བྱས་བསྟོད། མ་རྙེད་ཡོངས་སུ་མ་ཚན་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། བཛྲ་མུ ས་ཡེ་ཤེས་པ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར། དུག་ཁྲག་གི་ཆུས་མེ་ཅིག་ཅར་དུ་གཞིལ། དགེ་བ་བསྔོ་ཞིང་ཤིས་བརྗོད་སོགས་མཐའ་རྒྱས་བྱ། ༈ ལྔ་པ་ཡང་དག་ལ་བརྟེན་ནས་མཆོག་གི་སྦྱིན་སྲེག་ནི། ལུང་ཁུངས་ཉུང་བས་ལག་ལེན་ལ་འདེབས་པ་དག་ཀྱང་ལས་བཞི་སྤྱི་དྲིལ་གྱི་གཟུགས་བརྙན་ལ་བྱེད་པ་དང་། དེ་ལས་ཅིག་ཤོས་ཤིག་འདོད་རྒྱལ་དུ་བྱེད་པར་སྣང་ཡང་། དང་པོ་ལྟར་ན་མཆོག་གི་ཐ་སྙད་མི་རུང་ལ། ལས་བཞི་ནི་ཐུན་མོང་གི་དངོས་གྲུབ་ཡིན་པས་སོ། །དེས་ན་མཆོག་ནི་བྱང་ཆུབ་ཞི་བ་དམ་པའི་གོ་འཕང་

(༡༢༠༢)ལ་དམིགས་པའི་ཕྱིར་ཡི་དམ་ཀྱང་ཡང་དག་ལ་བརྟེན་པ་ལགས་ཏེ་ལྷ་དང་སྔགས་གྱི་དེ་ཉིད་ཐམས་ཅད་ཆོས་སྐུ་ལ་སྦྱོར་བའི་ཕྱིར་རོ། །དེ་ལ་ཐབ་དང་མཆོད་པ་སྔར་ཞི་བར་བཤད་པ་ལྟར་དང་། སྲེག་རྫས་ནི་ཞི་རྒྱས་གཉིས་ཀ་ལྟར་ཚོགས་པའི་སྟེང་། ཁྱད་པར་གྱི་རྫས་མར་ཁུ་ལ་མངར་གསུམ་བཏབ་པ་དང་། འབྲུ་མར། ཉམས་རྟོགས་བསྐྱེད་ཕྱིར་ཆང་རག་གི་ཉིང་ཁུ་ལ་ཆོས་སྨན་བཏབ་པ་དང་། ཚོགས་འཁོར་ཀྱང་བཤམ། གཞན་ཡང་སྦྱོར་ཆོས་ཡོ་བྱད་ཐམས་ཅད་སྔར་ཞི་བའི་སྐབས་ལྟར་མ་ཚང་མེད་པར་འདུ་བྱའོ། །གཉིས་པ་དངོས་གཞིའི་རིམ་པ་ནི། རང་ཉིད་ཆས་གོས་དཀར་པོ་དང་ལྡན་པ་སྟན་ལ་རྫོགས་པའི་སྐྱིལ་མོ་ཀྲུང་གིས་འདུག་ནས། བྱང་ཆུབ་ཀྱི་སེམས་མཆོག་བསྒྲུབ་པའི་བློ་དང་ལྡན་པས། རྡོར་དྲིལ་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་དང་། ཨལས་བྱུང་བའི་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ། གཉིས་ཀའང་དོན་དམ་པའི་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་རྡོ་རྗེ་གསོར། ཨོཾ་བཛྲ་གྷཎྜེ་ཨ ཞེས་དྲིལ་བུ་འཁྲོལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་ཐུགས་ཀར་འཁྱུང་རྒྱ་བྱ།

(༡༢༠༣)ཧཱུྃ་དབྱིངས་ནས་ཡི་གེ་འབྲུ་གསུམ་ཆར་དུ་བབས མཆོད་རྫས་དངོས་འཛིན་མ་དག་བསྲེགས་གཏོར་བཀྲུས བྷྲཱུཾ་ལས་རིན་ཆེན་ཨ་ལས་བྷནྡྷའི་ནང་ ཕྱི་ནང་གསང་གསུམ་མཆོད་སྤྲིན་རྒྱ་མཚོར་གྱུར ཨོཾ་བཛྲ་ཨརྒྷཾ་ནས་ཤཔྟ་ཨཱཧཱུྃ་དང་སྨན་གཏོར་རཀྟའི་སྔགས་ཀྱིས་བརླབས། སྲེག་རྫས་རྣམས་ལ་བསང་ཆུ་འཐོར་ཞིང་། ཧཱུྃ་བིག་ནན་ཏ་ཀྲི་ཏ་ཕཊ། སྟོང་པའི་ངང་ལས་མ་དང་ཨ་ལ་ས་ཉི་ཟླའི་གའུའི་སྣོད་དུ་སྲེག་རྫས་རྣམས་སོ་སོའི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩིའི་དངོས་པོ་མཆོག་གི་དངོས་གྲུབ་བསྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཧཱུྃ། ཨོཾ་ཧཱུྃ་སྭཱཾ་ཨཱཾ་ཧཱཾ། ཞེས་ལན་བདུན་གྱིས་བྱིན་བརླབ། ཐབ་བསང་སྦྱངས། སྟོང་པའི་ངང་ལས་མདུན་དུ་བྷྲཱུཾ་ཡིག་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་འཁོར་ལོའི་ལྟེ་བ་ལ་གནས་པའི་ཞི་བའི་ཐབ་ཁུང་དཀར་ཞིང་ཟླུམ་པ་ཁ་ཁྱེར་བང་རིམ་དང་ལྡན་པ་འོད་ཟེར་དཀར་པོ་འཕྲོ་བར་གྱུར། རང་གི་ཐུགས་ཀ་ནས་རི་ཡིག་ཐབ་ནང་དུ་སྤྲོས་པ་ལས་ཡེ་ཤེས་ཀྱི་མེ་འོད་དཀར་

(༡༢༠༤)པོ་འབར་བར་བསམས་ལ། ཨོཾ་ཨགྣེ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ། ཅེས་རྒྱུན་བཞག་གམ་གཙུབ་ཤིང་ལས་བྱུང་བའི་མེས་སྦར། །ཐབ་ཀྱི་མེའི་དབུས་སུ་མ་དང་དི ལས་བྱུང་བའི་ཉི་མ་དང་ར་སྐྱེས་ཀྱི་གདན་ལ་ཨོཾ་ཡིག་དཀར་པོ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཨགྣི་དེ་བ་རྀ་ཥི་ཧཱུྃ་ཞི་བའི་མེ་ལྷ་དཀར་པོ་ཞི་ཞིང་འཛུམ་པ་དྲང་སྲོང་གི་ཆ་བྱད་ཅན་གུནྡྷེ་དང་བགྲང་ཕྲེང་འཛིན་པའི་སྐུར་གྱུར། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་བཞེངས་པར་བསམས་ལ། ཨགྣི་དེ་བ་མ་ཡ་ཧཱུྃ་ཛ ཞེས་སེ་གོལ་བསྣོལ་མར་གདབ། མདའ་དར་དམར་པོས་གཡབ་ཅིང་། ཧཱུྃ་དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་མཆོག །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ཨགྣི་དེ་བ་རྀ་ཥི་ཛཛ ཞེས་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་དྲངས། ཛཧཱུྃ་བཾ་ཧོས་བསྟིམ་ནས་ཨོ་ཨགྣི་དེ་བ་རྀ་ཥི་ཨརྒྷཾ་པྲ་ཏཱིཙྪ་ཧེ དེ་བཞིན་དུ་པུཥྤེ་སོགས་ཀྱིས་མཆོད་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། སོགས་མཐར་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ་

(༡༢༠༥)ཞེས་བུམ་ཆུ་གཏོར། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་དབང་གི་ལྷ་མོ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་ཐོགས་པ་སྤྲོས་ཏེ་དབང་བསྐུར། ཨོཾ་རཏྣ་ཨ་ལངྐ་ར་སྭཱ་ཧཱ། ཞེས་བརྒྱན་བཏགས་པར་བསམས་ལ། མེ་ལྷ་ཞལ་འཛུམ་པ་དང་བཅས་པའི་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རི་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམས་ལ། ལག་གཉིས་བྱང་ཆུབ་མཆོག་གི་རྒྱས་དགང་བླུགས་བཟུང་ནས་ཨོ་ཨགྣ་ཡེ་སྭཱ་ཧཱ། ཞེས་བདུན་གྱིས་དགང་གཟར་བཀང་ལ། ཨོཾ་ཨགྣི་བ་རི་ཥི་ཧ་བུ་ཀ་བྱ་དི་བྱ་བདག་ཅག་དཔོན་སློབ་རྣམས་ཀྱི་བྱང་ཆུབ་བསྒྲུབ་པ་ལ་བར་དུ་གཅོད་པའི་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིང་ཀུ་རུ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་དགང་བླུགས་འབུལ། སྔགས་དེ་ཉིད་ཀྱིས་ཡམ་ཤིང་སོགས་རྫས་གཞན་རྣམས་གྲངས་ཅི་རིགས་པ་ཕུལ་རྗེས། ཧཱུྃ་ཚངས་པ་འཇིག་རྟེན་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་དང་སྲོང་ཚུལ། །འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར། །ཐུགས་རྗེའི་དབང་གིས་སྐུ་སྤྲུལ་

(༡༢༠༦)པ། །རིགས་སྔགས་གྲུབ་པ་དྲང་སྲོང་ཚུལ། །ཉོན་མོངས་བསྲེགས་པས་ཤེས་རབ་འོད། །བསྐལ་པའི་མེ་བཞིན་གཟི་བརྗིད་འབར། །མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན། །ཐབས་ཀྱི་སྤྲུལ་པ་ཐེག་པ་ཆིབས། །བགྲང་ཕྲེང་འཛིན་ཞིང་རིག་སྔགས་གསུང་། །བདུད་རྩིའི་བཅུད་ཅན་གུནྡྷེ་བསྣམས། །ཆོས་ཀྱི་བདུད་རྩི་ཡོངས་ལ་བསིལ། །ཉེས་པའི་སྐྱོན་བྲལ་ཚངས་པར་སྤྱོད། །འཇིག་རྟེན་གནས་ཀྱང་མྱ་ངན་འདས། །ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད་ནས། ན་མོ་རིགས་པའི་རྒྱལ་པོ་ཁྱོད་ཀྱི་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་བྱང་ཆུབ་བསྒྲུབ་པའི་ལམ་གྱི་བར་ཆད་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་འདོད་དོན་གསོལ། དེ་ནས་འཇིག་རྟེན་ལས་འདས་པའི་མེ་ལྷ་མཆོད་པ་ནི། སྭ་བྷཱ་ཝས་སྦྱངས་ལ་ཧཱུྃ་མེ་ལྷའི་ལྟོ་བ་འབར་ཞིང་བསྲེགས་པའི་ཀློང་ བྷྲཱུཾ་ཡིག་གནས་འགྱུར་སྤྲུལ་པའི་གཞལ་མེད་ཁང་ ཕྱི་ནི་རིན་ཆེན་ནང་ནི་ཐོད་པའི་མཁར གྲུ་བཞི་སྒོ་བཞི་ཚད་དང་མཚན་

(༡༢༠༧)ཉིད་ལྡན། གུ་ཎ་ཏྭ་ར་རྟ་བབས་བང་རིམ་བརྒྱད། ཆོས་འཁོར་རི་དྭགས་གདུགས་དང་ནོར་བུའི་ཏོག ཕྱི་རོལ་རིན་ཆེན་རྩིག་པའི་རྨིང་གི་གཞིར འདོད་སྣམ་དམར་པོར་ལྷ་མོ་བཅུ་དྲུག་འཁོད ཕ་གུ་སེར་པོ་དྲ་བ་དྲ་ཕྱེད་མཛེས ཤར་པུ་མདའ་ཡབ་ཁང་བརྩེགས་རྡོ་རྗེའི་ཏོག ནང་ནི་དུར་ཁྲོད་རོལ་པའི་གཞལ་མེད་ཁང་ ཕྱི་འཁོར་རོ་གླིང་བརྒྱད་དང་རྡོ་རྗེའི་གུར བསྐལ་མེ་འུར་འུར་ཆེམ་ཆེམ་འབར་བའི་ཀློང་ འོག་མིན་གསང་ཆེན་རོལ་པའི་ཕོ་བྲང་ཆེ ལྟེ་བ་ཟླ་གམ་དམར་པོ་སྒོ་གཅིག་ནང་ གསེར་འཁོར་རྩིབས་བརྒྱད་ཐབས་ཤེས་ཟླ་གམ་སྟེང་ ཞེས་པ་ནས། ཨ་ཏི་པཱུ་ཧོ ན་མ་ཡ་དྷི ཞེས་པའི་བར་དང་། མཆོད་པ་ནི། ཧཱུྃ་བླ་མེད་མཆོག་གི་མཆོད་པ་དམ་པ་འདི། །ཡེ་ཤེས་ལྔ་ཡིས་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། ཨོཾ་ཤྲཱི་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཧོ། དེ་བཞིན་ཤཔྟའི་བར་གྱིས་མཆོད་ནས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ལྗགས་རྡོ་རྗེ་འོད་ཀྱི་སྤུ་གུ་ཅན་གྱིས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་གྱུར་

(༡༢༠༨)བར་བ་སམས་ལ། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་རྩ་སྔགས་ལན་བདུན་གྱིས་དགང་བླུགས་བཀང་ལ། རྩ་སྔགས་དེའི་མཐར། སརྦ་ཏ་ཐཱ་ག་ཏ་མ་ཧཱ་མུ་དྲ་པཱུཙྪ་ཧོ། ཞེས་ལན་གསུམ་གྱིས་བསྐོར་བཞིན་ཕུལ་ནས། བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་པ་གཉིས་བྱང་ཚོགས་གཉིས་མྱུར་དུ་རྫོགས། །ས་བཅུ་ལམ་ལྔའི་ཡོན་ཏན་མཐར་ཕྱིན་ནས། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ། །ཞེས་འདོད་གསོལ་སྦྱར་ལ། རྩ་སྔགས་འབའ་ཞིག་གིས་སྲེག་རྫས་འབུལ། སྐབས་ཅི་རིགས་པར་འདོད་དོན་གོང་བཞིན་གསོལ། རྫས་རྫོགས་ནས། ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཟླ་བ་ཆུ་ཤེལ་ལྟ་བུའི་འོད་ཟེར་བྱུང་བ་རང་ལ་ཕོག་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྦྱང་། ས་དང་ལམ་གྱི་ཡོན་ཏན་མཐར་ཕྱིན་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བསམ་མོ། དེ་ནས་དེ་ལ་ཞེས་གོས་བྲུང་དང་། བཛྲ་ཏམ་བུ་ལས་སོ་རྩི་ཕུལ། དེ་རྗེས། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། དེ་བཞིན་དུ་པུཥྤེ་སོགས་ཀྱིས་མཆོད། ཨོཾ་ཤྲཱི་བཛྲ་ཧེ་རུ་ཀ་ས་པཱ་རི་ཝཱ་ར་མ་ཧཱ་བ་ལིངྟ་ཁཱ་ཧིས་གཏོར་མ་དང་། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཞེས་སྨན་དང་། མ་ཧཱ་རཀྟ་ཁཱ་ཧི ཞེས་རཀྟ་འབུལ།

(༡༢༠༩)ཧཱུྃ་མི་གནས་མི་དམིགས་ཆོས་སྐུར་དག་པ་ལས བདུད་འདུལ་ཁྲོ་བོ་མཆོག་གི་སྐུར་སྤྲུལ་པ ཐུགས་རྗེའི་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལ སངས་རྒྱས་ཀུན་དང་མཉམ་པར་སྦྱོར་ལ་བསྟོད ཅེས་བསྟོད། སྤྲོ་ན་ལས་གཞུང་གི་དཀྱུས་ལྟར་མཚེད་བསྟོད་བྱ། །དེ་རྗེས་ལས་གཞུང་ལྟར་ཚོགས་ཕུལ་རྗེས། དགང་བླུགས་གསུམ་ཕུལ་ནས། ཧཱུྃ་བྱིན་རླབས་ཀུན་གྱི་རྩ་བ་བླ་མ་ནི དངོས་གྲུབ་སྩོལ་ཕྱིར་དཔལ་ཆེན་རོལ་པའི་ལྷ རྣམ་ཐར་སྒོ་གསུམ་ཐུགས་ཀྱི་དཀྱིལ་འཁོར་ནས རང་བཞིན་ཡོངས་གྲུབ་བྱང་ཆུབ་སེམས་ཀྱི་དངོས ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྩོལ ས་བཅུ་ལམ་ལྔ་དབང་བཅུ་ཕྱི་ནང་གཉིས རིག་འཛིན་བཞི་དང་སྐུ་ལྔ་ཡེ་ཤེས་ལྔ གྲུབ་ཆེན་བརྒྱད་དང་ཕྲིན་ལས་རྣམ་པ་བཞི འཁོར་བའི་རང་བཞིན་གློ་བུར་སྒྲིབ་པ་གཉིས ཀུན་གཞིའི་ཁམས་ལ་བག་ལ་ཉལ་གྱི་ཚུལ ཤིན་ཏུ་རྣམ་དག་རྣམ་ཀུན་མཆོག་ལྡན་གྱི དངོས་གྲུབ་དམ་པ་དང་འདིར་སྩལ་དུ་གསོལ རྩ་སྔགས་མཐར། དྷརྨཱ་ཀཱ་ཡ། སམྦྷོ་ཀླ་ཡ ནི་རྨ་ཀ་ཡ ཙིཏྟ་སིདྡྷི་ཕ་ལ་ཧཱུྃ ཞེས་དངོས་གྲུབ་བླང་། བཟླས་པ་བྱེད་ན་

(༡༢༡༠)ལྷ་ཚོགས་རྣམས་ཀྱི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་མཆོག་ཐུན་གྱི་དངོས་གྲུབ་བདེ་བླག་ཏུ་ཐོབ་པར་གྱུར་བར་བསམས་ལ། རྩ་སྔགས་མཐར། དྷརྨ་ཀཱ་ཡ སམྦོྷ་ཀཱ་ཡ ནི་རྨཱ་ཀཱ་ཡཙིཏྟ་སིདྡྷི་ཕ་ལ་ཧཱུྃ ཞེས་ཅི་རིགས་བཟླ། སླར་ཡང་གཏང་རག་གི་མཆོད་བསྟོད་བགྱིས་ནས། མ་འབྱོར་བ་དང་སོགས་ཀྱི་མཐར་ཡི་གེ་བརྒྱ་པས་ནོངས་པ་བཟོད་པར་གསོལ། ཨོཾ་ཁྱེད་ཀྱི་སེམས་ཅན་སོགས་ཀྱིས་གཤེགས་གསོལ་དང་། དམ་ཚིག་པ་རང་ལ་བསྟིམ། སླར་ཡང་ཨོཾ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ ཅེས་བླུགས་གཟར་གྱིས་མེ་གསོས་ནས། ཨོཾ་ཨགྣི་དེ་བ་རྀ་ཥི་ཧ་བྱ་ཀ་བྱ་དི་བྱ་བདག་ཅག་དཔོན་སློབ་རྣམས་ཀྱི་བྱང་ཆུབ་བསྒྲུབ་པ་ལ་བར་དུ་གཅོད་པའི་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟི༚་ཀུ་རུ་སྭཱ་ཧཱས་རྫས་ལྷག་མ་རྣམས་ཕུལ། བཛྲ་ཏམྦུ་ལས་སོ་རྩི་དང་། བཛྲ་ཝསྟྲས་མེ་དང་ཕུལ། ཨོཾ་ཨགྣི་དེ་བ་རྀ་ཥི་ཨརྒྷཾ་སོགས་ཀྱིས་ཉེར་སྤྱོད་དང་། ཨོཾ་ཨགྣི་དེ་བ་རྀ་ཥི་མ་ཧཱ་བ་ལིངྟ་ཁཱ་ཧིས། གཏོར་མ་མ་ཧཱ་པུཉྩ་ཨ་མྲྀ་ཏ་ཁ་ཧིས་སྨོན་དང་། མ་ཧཱ་རཀྟས་རཀྟ་ཕུལ། མེ་སྟེ་བསྲེག་བྱས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་ཀྱིས་བཟོད་པར་གསོལ། བཛྲ་

(༡༢༡༡)མུ ས་ཡེ་ཤེས་བ་རང་གནས་སུ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམ་མོ། །སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་མཇུག་བསྡུ་བ་ནི། ལས་བཞི་མཆོག་དང་ལྔ་གང་ཡིན་ཡང་རུང་སྟེ་སྦྱིན་སྲེག་གི་ཆོག་ཟིན་ནས་སྒྲུབ་དཀྱིལ་སོགས་དང་འབྲེལ་ཚེ་སྦྱིན་སྲེག་དེ་གའི་ཐུན་འཇུག་གི་བསྔོ་སྨོན་ཤིས་བརྗོད་དང་། གློ་བུར་དུ་བྱ་བའི་ཚེ་བདག་སྐྱེད་ཀྱི་མཇུག་ཆོག་ཀྱང་བྱ། ཞི་རྒྱས་དབང་མཆོག་བཞིའི་མེ་རང་ཞིར་གཞག །དྲག་པོའི་སྦྱིན་སྲེག་ལ་དུག་ཁྲག་གི་ཆུས་ཅིག་ཅར་དུ་གཞི་ལ། ལས་གཞན་ལའང་ལོང་ཁྱབ་ཀྱིས་མཁོམ་ན། ཞི་བ་དང་མཆོག་ལ་འོ་མ་དང་དྲི་དཀར་པོ། རྒྱས་པར་དྲི་སེར་པོ། དབང་ལ་ཆང་དང་བསྲེས་པའི་ཆུས་གཞིལ། ཐལ་བ་མཆོག་དང་ཞི་བ་དབང་གསུམ་འབབ་ཆུའམ་རི་མཐོན་པོའི་རྩེར་བསྐྱལ། རྒྱས་པར་མཛོད་དུ་སྦ། དྲག་པོའི་ཐལ་བ་གཞི་མདོར་མནན་ཏེ། ལས་ཀྱི་རྗེས་མི་མངོན་བར་བསྡུའོ། །རྒྱ་གར་ཀ་མ་རུ་བ་དང་ཉེ་བར་རྗེ་བཙུན་བླ་མ་མཆོག་གི་བསྟན་པ་སྤེལ་བའི་ཕྲིན་ལས་པ་སློབ་དཔོན་འཇིགས་མེད་ཀུན་གྲོལ་གྱིས་ཞུས་ངོར། རྗེས་སུ་གནང་བའི་ཞལ་ལུང་དང་མི་འགལ་བར་འོད་ཟེར་མིང་ཅན་གྱིས་བཀླག་ཆོག་མར་བཀྲལ་བའོ། ཟུར་ཁང་མཛོད་ཟུར་ཚེ་དོན་གྱི་བར་ཏུ་བསྐྲུན་བས་སྙིང་ཐིག་གི་བསྟན་པ་དར་ཞིང་རྒྱས་ནས་ཡུན་རིངས་ཏུ་གནས་པར་གྱུར་ཅིག །།

(༡༢༡༢)

(༡༢༡༣)འཕགས་པའི་གསོལ་འདེབས་ཞལ་མཐོང་མ་བཞུགས། །

(༡༢༡༤)ན་མོ་ལོ་ཀི་ཤྭ་ར་ཡ། རིག་སྟོང་ཟུང་འཇུག་འོད་གསལ་ཆེན་པོའི་སྦུབས། །ལྷན་སྐྱེས་གཉུག་མ་བདེ་གཤེགས་སྙིང་པོའི་ཐུགས། །མཐོང་བ་དོན་ལྡན་ལོངས་སྐུ་སྤྱན་རས་གཟིགས། ཁམས་གསུམ་འགྲོ་བའི་འདྲེན་པ་ཁྱོད་ཕྱག་འཚལ། །རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །གང་སྐུ་སྟོན་ཀའི་ཟླ་གཞོན་གསར་པ་ལ། །མཚན་དཔེ་ཡོན་ཏན་རི་དྭགས་གཞོན་ནུས་འཁྱུད། །འཁོར་འདས་མཉམ་སྦྱོར་ཕྱག་རྒྱ་།ཐུགས་ཀར་མཛེས། །བགྲང་ཕྲེང་པད་དཀར་འཛིན་ཅིང་འགྲེང་བུར་བཞུགས། །རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །གང་གསུང་ཡན་ལག་དྲུག་ཅུའི་ཏམྦུ་ར། །ཀ་ལ་པིངྐའི་རྒྱུད་རྫོགས་གཉེན་ལྕུག་

(༡༢༡༥)འཁྲིལ། །ཐེག་པ་ཀུན་གྱི་དོན་སྡུས་ཆོས་སྒྲ་སྒྲོགས། །སྨིན་གྲོལ་ལམ་གྱི་བདག་པོ་ཁྱོད་ཕྱག་འཚལ། །རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །གང་ཐུགས་འཕོ་མེད་སྤྲོས་ཀུན་ཉེར་ཞིའི་ཀློང་། །མཁྱེན་གཉིས་ཡོན་ཏན་ཆ་རྫོགས་ཐུགས་རྗེའི་རྩལ། །ལུས་ཅན་སྤྱི་དང་ཁ་བ་རི་བ་ལ། །སྤྲོ་བའི་ཕྲིན་ལས་རྨད་བྱུང་ཁྱོད་ཕྱག་འཚལ། །རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །མཚན་ཙམ་ཐོས་པས་མི་མཐུན་རྒུད་པ་སེལ། །དྲན་པ་ཙམ་གྱིས་ངན་འགྲོའི་འཇིགས་ལས་སྒྲོལ། །འགྲོ་དྲུག་ཡིད་ཅན་ཀུན་གྱི་གཉེན་གཅིག་བོ། །ལྷག་པའི་ལྷ་མཆོག་མགོན་པོ་ཁྱོད་ཕྱག་འཚལ། །རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །སྤང་བྱའི་དྲི་མ་མཐའ་དག་

(༡༢༡༦)རིང་དུ་དོར། །བསྒྲུབ་བྱའི་ཡོན་ཏན་མ་ལུས་མངོན་དུ་མཛད། །མཐོང་ན་མི་མཐུན་མེད་པའི་རྫུ་འཕྲུལ་ཅན། །འཕགས་པ་འཇིག་རྟེན་དབང་ཕྱུག་ཁྱོད་ཕྱག་འཚལ། །རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཨེ་མ་ཁྱེད་ནི་སྨོན་ལམ་མཐུ་བཙན་པས། །བདག་ལ་སྐྱབས་གནས་རེ་ལྟོས་གཞན་མེད་དོ། །ཐུགས་རྗེའི་ལྕགས་ཀྱུས་བཟུང་བའི་དུས་ལ་བག །རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །བདག་སོགས་སྙིགས་མ་ལྔ་བདོའི་སེམས་ཅན་ཀུན། །བཟོད་མེད་ལས་ཀྱི་དུ ཁས་རྟག་ཏུ་མནར། །འཁོར་བ་ལུ་གུ་རྒྱུད་དུ་ཁ་འབྱམས་ན། །གསོལ་བ་འདེབས་སོ་འཕགས་པས་ཐུགས་རྗེས་གཟིགས། །རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། བདག་ནི་བག་མེད་ལས་ལ་གོམས་པའི་མཐུས། །མགོན་ཁྱོད་དགྱེས་པའི་སྤྱན་རས་རིང་དུ་སོང་། །སྡུག་བསྔལ་ཆུ་བོའི་གཉེར་མར་སྤྱོད་པའི་ཚེ། །གསོལ་བ་འདེབས་སོ་འཕགས་པས་ཐུགས་རྗེས་གཟིགས། །རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །འཁོར་འདས་གཉིས་ཀྱི་བླང་དོར་ཚུལ་མ་རྨོངས། །རྣམ་གཡེང་དགའ་

(༡༢༡༧)མའི་བཞིན་ལ་རྟག་བར་ཆགས། །ཉིན་མཚན་ལོག་པའི་སྤྱོད་པས་ལ་བཟླ་ཚེ། །གསོལ་བ་འདེབས་སོ་འཕགས་པས་ཐུགས་རྗེས་གཟིགས། །རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ལང་ཚོའི་མཛེས་པ་ལོ་ཟླའི་དམག་གིས་བཅོམ། །བླ་ཚེའི་ལྗོན་པ་གཤིན་རྗེའི་སྟ་རེས་བསུས། ཐར་པའི་སྲོག་རྩ་ཕྲ་མོར་བྱས་པའི་ཚེ། །གསོལ་བ་འདེབས་སོ་འཕགས་པས་ཐུགས་རྗེ་གཟིགས། །རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཕར་ཕྱིན་དྲུག་གི་ལང་ཚོའི་གོམ་པ་འཁྱོར། །ཐོས་བསམ་སྒོམ་པའི་ན་ཚོད་ཆེས་ཆེར་ཕྲ། །ངལ་བ་དོན་མེད་སྤྱོད་པ་ལྷུར་ལེན་ཚེ། །གསོལ་བ་འདེབས་སོ། འཕགས་པས་ཐུགས་རྗེས་གཟིགས། །རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཡེ་ཤེས་རྣམ་ལྔའི་བཞིན་རས་དུག་ལྔས་བསྒྲིབས། །རང་བྱུང་ཡེ་ཤེས་ལྟ་བའི་འདྲེན་བྱེད་ལོང་། །ལས་དང་བག་ཆགས་མུན་པར་འཐུམས་པའི་ཚེ། །གསོལ་བ་འདེབས་སོ་འཕགས་པས་ཐུགས་རྗེས་གཟིགས། །རྒྱལ་

(༡༢༡༨)སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །ཁྱབ་པ་འདུ་བྱེད་སྡུག་བསྔལ་གྱིས་མནར་བའི། །བྱིས་པ་སོ་སོའི་སྐྱེ་བོའི་ལུས་ཅན་ཀུན། །ལས་ངན་འབྲས་བུའི་མཚོ་ཆེན་རྡོལ་བའི་ཚེ། །གསོལ་བ་འདེབས་སོ་འཕགས་པས་ཐུགས་རྗེས་གཟིགས། །རྒྱལ་སྲས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །སྨོན་འཇུག་བྱང་ཆུབ་སེམས་ལ་བློ་འབྱོངས་ནས། །ས་བཅུ་ལམ་ལྔའི་ཡོན་ཏན་མཐར་ཕྱིན་ཏེ། །སྟོབས་བཅུ་མདའ་བའི་གོ་འཕང་བརྙེས་ནས་ཀྱང་། །འགྲོ་བ་འདྲེན་པའི་དེད་དཔོན་བྱེད་པར་ཤོག །གང་གི་བདག་ལ་ལེགས་བཤད་ཐོས་པའམ། མཐོང་ཐོས་དྲན་རེག་གཏམ་གྱིས་འབྲེལ་བ་ཆུན། །མཚམས་མེད་ལས་བྱང་ངན་འགྲོའི་སྒོ་ཁེགས་ནས། །ཞིང་མཆོག་པོ་ཏ་ལ་རུ་སྐྱེ་བར་ཤོག །ཅེས་པའང་ས་ཁམས་སྟག་གི་ལོ་ཟླ་ཆེས་ཐོ་རེངས་ཁ་ན། འཕགས་པ་འཇིག་རྟེན་དབང་ཕྱུག་ཞལ་གཟིགས་ཤིང་། ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་བརྡ་རྟགས་ཤར་བའི་ཚེ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་སོ།། །།

(༡༢༡༩)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་བཞུགས

(༡༢༢༠)འུྃ ན་མོ་ལོ་ཀི་ཤྭ་ར་ཡ གསང་བ་ལྟར་དུ་སྒྲུབ་པ་ནི འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྐུ སྡུག་བསྔལ་རང་གྲོལ་ངོ་བོ་སྟེ ཤིན་ཏུ་ཟབ་བའི་ཏི་ལ་ཀ འདི་ཉིད་སྒྲུབ་པའི་གནས་མཆོག་ནི འཇམ་ཞིང་ཁོད་སྙོམས་ཁ་དོག་དཀར དཀར་ཕྱོགས་དགེ་བསྙེན་གནས་པའི་ས དགྲ་འདྲེས་དབང་དུ་མ་བྱས་པར དཀྱིལ་འཁོར་མདའ་གང་བཀོད་ལེགས་སྟེང་ སྒྲུབ་རྫས་པྲ་ཁྲིད་བཞིན་དུ་བཀོད ཡང་ན་སྨན་རག་གཏོར་མར་བརྟེན དེ་ལ་སྔོན་འགྲོ་དངོས་གཞི་རྗེས སྔོན་འགྲོའི་དང་པོ་སྐྱབས་འགྲོ་ནི ན་མོ་མཐའ་མེད་འཁོར་བ་སྡུག་བསྔལ་རང་བཞིན་ལ དབང་མེད་སྤྱོད་པའི་བདག་སོགས་སེམས་

(༡༢༢༡)འུྃ ཅན་ཀུན མཆོག་གསུམ་ངོ་བོ་འཕགས་མཆོག་ཐུགས་རྗེའི་ལྷར སྙིང་ནས་གདུང་ཤུགས་དྲག་པོས་སྐྱབས་སུ་མཆི ལན་གསུམ གཉིས་པ་སེམས་བསྐྱེད་ནི ཧོ ཕ་མ་རིགས་དྲུག་སྙིང་རྗེའི་ཡུལ་གྱུར་ཀུན རང་ངོ་མ་ཤེས་འཁྲུལ་བའི་ལས་ལ་སྤྱོད ཚད་མེད་སྙིང་རྗེས་བྱང་ཆུབ་ལམ་འགོད་ཕྱིར སྨོན་འཇུག་དོན་དམ་སེམས་མཆོག་བསྐྱེད་པར་བགྱི ལན་གསུམ གསུམ་པ་ཡན་ལག་བདུན་པ་ནི ཧོ དུས་གསུམ་བཞུགས་པའི་སྐྱབས་གནས་ཐམས་ཅད་

(༡༢༢༢)ལ གུས་བས་ཕྱག་འཚལ་ཕྱི་ནང་མཆོད་པ་འབུལ མི་དགེ་སྡིག་པའི་ལས་ཀུན་མཐོལ་ལོ་བཤགས དགེ་ལ་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ བཞུགས་གསོལ་འདེབས་སོ་དགེ་རྩ་བྱང་ཆུབ་བསྔོ ཀུན་ཀྱང་འཕགས་པའི་གོ་འཕང་ཐོབ་པར་ཤོག །བཞི་པ་བགེགས་གཏོར་ཨོཾ་ཨཱཧཱུྃ་གིས་བརླབས་ནསཧྲཱི ང་ནི་པདྨ་དབང་གི་སྐུ ལོག་འདྲེན་འདུལ་བའི་གཤེད་པོ་ཆེ ཉོན་ཅིག་བགེགས་དང་ལོག་འདྲེན་ཀུན འདོད་ཡོན་གཏོར་མ་འདི་ལོངས་ལ རྒྱ་མཚོ་ཆེན་པོའི་ཕ་མཐར་དེངས གལ་ཏེ་བཀའ་ལས་འདའ་བྱེད་ན རྡོ་རྗེའི་ཐོ་བས་ཀླད་ནས་གཞོམ དེ་བས་བཀའ་ལས་མ་འདའ་ཞིག ཧཱུྃ་བཞིའི་སྔགས་བརྗོད ལྔ་པ་སྲུང་འཁོར་ནི ཧྲཱི སྣང་སྲིད་ཐམས་ཅད་རྡོ་རྗེའི་གུར སྣོད་བཅུད་དཀྱིལ་འཁོར་གསུམ་གྱི་དང་ བག་ཆགས་འཁྲུལ་པའི་གདོན་

(༡༢༢༣)འུྃ བགེགས་རྣམས སྐུ་གསུམ་དང་དུ་མཚམས་བཅད་དོ བཛྲ་རཀྵ་རཀྵ་ཛྭ་ལ་ཧཱུྃ་ཕཊ དྲུག་པ་བྱིན་འབེབས་ནི ཧཱུྃ སྟོང་ཉིད་དབྱིངས་ལས་ཐུགས་རྗེ་རོལ་པའི་རྩལ འགག་མེད་མཁའ་ལ་ཆར་སྤྲིན་གཏིབས་པ་བཞིན ཀུན་རྫོབ་མཚན་མའི་རྫས་ཀུན་བྱིན་བརླབས་པས གདོད་ནས་དག་པའི་དཀྱིལ་འཁོར་ཆེན་པོར་གྱུར ཨོཾ་ཛྙཱ་ན་བཛྲ་ཨཱ་བེ་ཤ་ཡ་ཕེ༚་ཕེ༚་སརྦ་ས་མ་ཡ་ཛ བདུན་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི ཨོཾ་ཨཱཧཱུྃ་ཕྱི་ནང་གསང་བའི་མཆོད་རྫས་མ་ལུས་པ རྣམ་པ་རྫས་ལ་ངོ་བོ་ཡེ་ཤེས་ཀྱི བདུད་རྩི་ཆེན་པོ་རོ་བརྒྱའི་དཔལ་འཛིན་པས དཀྱིལ་འཁོར་ལྷ་ཚོགས་མཉེས་པའི་དཔྱིད་དུ་གྱུར ཨོཾ་བཛྲ་ཨརྒྷཾ་ནས་ ཤཔྟའི་བར་དང་ སརྦ་པཉྩ་རཀྟ་བྷ་ལིངྟ་མ་ཧཱ་སུ་ཁ་པཱུ་ཛ་ཨཱཧཱུྃ ལན་གསུམ་གྱིས་བརླབ གཉིས་པ་དངོས་གཞི་ལ་རྣམ་གྲངས་

(༡༢༢༤)ལས དང་པོ་རྟེན་དང་བརྟེན་པ་བསྐྱེད་པ་ནི ཧྲཱི ཆོས་ཀུན་མི་དམིགས་གཞི་མེད་རྩ་བྲལ་དང་ དབྱིངས་རིག་ཟུང་འཇུག་དག་པ་ཆེན་པོའི་ཞིང་ རང་སྣང་ལྷུན་གྲུབ་རི་བོ་པོ་ཏ་ལ བརྡ་རྟགས་མཚན་ཉིད་རྫོགས་པའི་དཀྱིལ་འཁོར་དབུས སྣ་ཚོགས་པདྨ་སྟོང་ལྡན་ཉི་ཟླའི་སྟེང་ ཧྲཱི ལས་རང་ཉིད་འཕགས་མཆོག་སྙིང་རྗེའི་ལྷ སྡུག་བསྔལ་རང་གྲོལ་སྤྱན་རས་གཟིགས་དབང་སྐུ ཞལ་གཅིག་ཕྱག་བཞི་མཉམ་པའི་སྟབས་ཀྱིས་བཞེངས རྩ་བའི་ཕྱག་གཉིས་ཐུགས་ཀར་ཐལ་སྦྱར་ཚུལ ལྷག་མ་རྣམ་གཉིས་བགྲང་འཕྲེང་པད་དཀར་འཆང་ ལོངས་སྤྱོད་རྫོགས་སྐུ་དར་དང་རིན་ཆེན་མཛེས དཀར་དམར་མདངས་ལྡན་རུས་པའི་རྒྱན་གྱིས་སྤྲས ཁ་སར་པ་ཎི་དང་ཕྱག་སྟབས་གཅིག ཞི་ཚུལ་དགུ་དང་རྒྱན་ཆ་བཅུ་གསུམ་མཛེས དབུ་གཙུག་རིགས་བདག་འོད་དཔག་མེད་པས་མཚན ཕྱོགས་བཞིར་པདྨ་འདབ་བཞིའི་གདན་སྟེང་དུ ཤར་དུ་རྗེ་བཙུན་སྒྲོལ་མ་སྐུ་མདོག་དཀར ལྷོ་རུ་འོད་ཟེར་ཅན་མ་གསེར་གྱི་མདོག ནུབ་ཏུ་ཀུ་

(༡༢༢༥)འུྃ རུ་ཀུལླེ་པད་རག་མདངས བྱང་དུ་ནོར་རྒྱུན་ལྷ་མོ་སྐུ་མདོག་ལྗང་ ཀུན་ཀྱང་རང་རང་རྒྱན་དང་ཆ་ལུགས་རྫོགས སྒོ་བཞིར་དབང་ཆེན་སྡེ་བཞི་ལས་མདོག་ཅན གྲི་གུག་ཐོད་འཛིན་དོར་སྟབས་འཇིགས་ཚུལ་བརྔམས ཁྲོ་བོའི་ཆས་རྫོགས་མེ་དཔུང་ཀློང་ན་འགྱིངས བར་མཚམས་སངས་རྒྱས་བྱང་སེམས་རིག་འཛིན་དང་ དཔའ་བོ་ཌཱཀྐི་དམ་ཅན་སྤྲིན་ལྟར་གཏིབས སྣང་སྟོང་སྒྲིབ་གཡོགས་བྲལ་བའི་དབྱིངས་ན་གསལ ཀུན་ཀྱང་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན དེ་ལས་འོད་འཕྲོས་རང་བཞིན་གནས་མཆོག་དང་ ཁྱད་པར་སྤྲུལ་པའི་ཞིང་ཁམས་པོ་ཏ་ལ གནས་ཡུལ་ཉེར་བཞི་དུར་ཁྲོད་བརྒྱད་སོགས་ནས ཡེ་ཤེས་ལྷ་ཚོགས་བཛྲ་ས་མཱ་ཛ གཉིས་པ་སྤྱན་འདྲེན་པ་ནི ཧྲཱི ནུབ་ཕྱོགས་བདེ་ཆེན་དབང་གི་ཕོ་བྲང་ནས མགོན་པོ་འོད་དཔག་མེད་པ་གཤེགས་སུ་གསོལ སྤྲུལ་པའི་ཞིང་ཁམས་རི་བོ་ཏ་ལ་ནས འགྲོ་འདུལ་སྤྱན་རས་གཟིགས་དབང་གཤེགས་

(༡༢༢༦)སུ་གསོལ ཐུགས་རྗེས་འགྲོ་བ་འདུལ་བའི་ཕོ་བྲང་ནས དཀྱིལ་འཁོར་ལྷ་ཚོགས་མ་ལུས་གཤེགས་སུ་གསོལ བདག་ཅག་སྒྲུབ་པ་པོ་ལ་བྱིན་གྱིས་རློབས མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ ཨོཾ་ལོ་ཀི་ཤྭ་ར་གུ་རུ་དེ་ཝ་ཌཱཀྐི་ནི་སརྦ་ས་མ་ཡ་ཛཛགསུམ་པ་བཞུགས་སུ་གསོལ་བ་ནི ཧྲཱི དམིགས་མེད་རང་གྲོལ་ཐུགས་རྗེའི་དཀྱིལ་འཁོར་ལྷར གཤེགས་བྱོན་བཞུགས་སུ་གསོལ་བར་མི་དམིགས་ཀྱང་ གཉིས་སྣང་གློ་བུར་དྲི་མ་སྦྱང་བའི་ཕྱིར དམ་ཡེ་གཉིས་མེད་ངོ་བོར་བརྟན་པར་བཞུགས བཛྲ་ས་མ་ཡ་ཏིཥྠ་ཧོ བཞི་པ་ཕྱག་འཚལ་བ་ནི ཧྲཱི བཅོམ་ལྡན་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ལ རང་ཤེས་འཁྲུལ་པ་བྲལ་བའི་བརྡ་ཕྱག་གར ལྷ་ཆེན་འཕྲུལ་དགའི་རྣམ་འགྱུར་ཇི་བཞིན་དུ སྤང་བླང་མེད་པའི་ངང་ནས་བཙལ་བར་བགྱི ན་མོ་བུ་རུ་ཤ་ཡ་ཧོ ལྔ་པ་མཆོད་པ་ནི ཧྲཱི ཀུན་ཏུ་བཟང་པོའི་རྣམ་རོལ་མཆོད་པའི་སྤྲིན མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་དང་ ཞལ་ཟས་རོལ་མོ་འདོད་པའི་ཡོན་ཏན་ལྔ ལྷ་མིའི་དཔལ་

(༡༢༢༧)འུྃ འབྱོར་མ་ལུས་འབུལ་ལོ་བཞེས ཨོཾ་བཛྲ་ཨརྒྷཾ་ནས་ ཤཔྟ་རཱུ་པ་ཤཔྟ་བྷནྡྷེ་རཱ་ས་པརྴེ་མ་ཧཱ་སརྦ་པཱུ་ཛ་ཁཱ་ཧི དྲུག་པ་ཁྱད་པར་གྱི་མཆོད་པ་ནི ཧྲཱི ཁྱད་པར་རྨད་བྱུང་བདེ་བ་ཆེན་པོའི་རྫས སྨན་གཏོར་རཀྟ་ཚོགས་མཆོད་དང་རེ་སྤྲོ ཤེས་རབ་རིག་མ་བློ་འདས་གཉུག་མའི་གཤིས འབུལ་ལོ་བཞེས་ནས་དབང་དང་དངོས་གྲུབ་སྩོལ སརྦ་པཉྩ་རཀྟ་བྷ་ལིང་ཏ་མ་ཧཱ་སུ་ཁ་དྷརྨ་དྷརྟུ་པཱ་ཙ་ཧོ བདུན་པ་བསྟོད་པ་ནི། ཧྲཱི ཆོས་དབྱིངས་སྤྲོད་པ་བྲལ་བའི་ཕོ་བྲང་ནས ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་མངའ་དབང་ཅན ཚད་མེད་སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགས སྡུག་བསྔལ་རང་གྲོལ་སྐུ་ལ་ཕྱག་འཚལ་བསྟོད ཚད་མེད་བཞི་ཡིས་འགྲོ་ཀུན་ཐར་ལམ་འདྲེན གང་ལ་གང་འདུལ་ཐུགས་རྗེ་རོལ་པའི་གར ཅིར་ཡང་སྒྱུར་བའི་མཐུ་སྟོབས་རྫུ་འཕྲུལ་ཅན རིགས་བཞི་སེམས་མ་རྣམས་ལ་ཕྱག་འཚལ་བསྟོད རྣམ་བཞིའི་ཕྲིན་ལས་ཀུན་ལ་དབང་སྒྱུར་ཞིང་ ལོག་འདྲེན་

(༡༢༢༨)འདུལ་ཕྱིར་ཁྲོ་གཏུམ་རོལ་པའི་སྟབས ཐོགས་མེད་སྒྱུར་བའི་རིགས་བཞིའི་ཧྱ་གྷྲིདཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད བརྒྱད་པ་ཛབ་ནི རང་ཉིད་ཐུགས་རྗེ་ཆེན་པོའི་ཐུགས་ཀ་རུ ཉི་ཟླའི་གའུ་ཁ་སྦྱོར་ཡངས་པའི་དབུས ཟླ་བའི་སྟེང་ན་ཐུགས་སྲོག་ཧྲཱིདཀར་པོ དེ་མཐར་ཡི་གེ་བདུན་པས་བསྐོར་བ་ལས འོད་འཕྲོས་སངས་རྒྱས་བྱང་སེམས་ཐམས་ཅད་དང་ ཁྱད་པར་ཐུགས་རྗེ་ཆེན་པོའི་ཐུགས་རྒྱུད་བསྐུལ འགྲོ་དྲུག་སེམས་ཅན་ཀུན་གྱི་ལས་ཉོན་སྦྱངས འོད་ཟེར་ཚུར་འདུས་བདག་ལ་ཐིམ་པ་ཡིས མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་དམིགས འགྲོ་ལ་སྙིང་རྗེའི་ངང་ནས་བཟླས་པར་བྱ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི གྲངས་གྱི་བསྙེན་པ་བྱེ་བ་གཅིག དུས་ཀྱི་བསྙེན་པ་དེའི་བཞི་འགྱུར མཚན་མའི་བསྙེན་པ་རྟགས་དང་སྦྱར རྟགས་ནི་མེ་ཏོག་དཀར་པོ་འཐུ གངས་རིར་འཛོགས་དང་ཕྱག་མཚན་རྙེད རོལ་མོ་འཁྲོལ་དང་ཁྲུས་བྱེད་སོགས དངོས་ཉམས་རྨི་ལམ་མ་ངེས་འབྱུང་

(༡༢༢༩)འུྃ ཁྱད་པར་ཚེ་ཡི་སྒྲུབ་བྱེད་ན འཕགས་པའི་ཐུགས་ལས་འོད་འཕྲོས་པས རྗེ་བཙུན་སྒྲོལ་མའི་།ཐུགས་རྒྱུད་བསྐུལ བརྟན་གཡོའི་ཁམས་ནས་ཚེ་བཅུ་དང་ བླ་ཚེ་སྲོག་དབུགས་ཡར་བ་བཀུག༔ བསྒྲུབ་བྱ་གཙོ་བོའི་ཐུགས་སྲོག་དབུས གསལ་བ་ལ་བསྟིམ་རྩ་སྔགས་གཤམ ཏཱ་རེ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུཾ་ནིྲ་ཛ་སྭཱ་ཧཱ ཞེས་བཏགས་བསྙེན་པས་ཚེ་བགེགས་ཞི བགེགས་འདུལ་བསོད་ནམས་རྒྱས་བྱེད་ན འོད་ཟེར་ཅན་མའི་།ཐུགས་རྒྱུད་བསྐུལ ལོག་པར་འདྲེན་པའི་བཀྲག་མདངས་བཅུད སྤུབ་ཆུས་དྲངས་བཞིན་བདག་ལ་བསྟིམ༔ གཟི་བྱིན་ཉི་ཟླ་ལྟ་བུར་བསམ རྩ་སྔགས་ཤམ་བུར་འདི་བཏགས་བསྙེན ཨཱརྱཱ་མ་རི་ཙྱཻ་མཱཾ་སྭཱ་ཧཱ ལོག་འདྲེན་འདུལ་ཞིང་ཚེ་བསོད་རྒྱས ཁམས་གསུམ་མ་ལུས་དབང་སྡུད་ན རིག་བྱེད་དབང་མོའི་ཐུགས་རྒྱུད་བསྐུལ༔ བརྟན་གཡོའི་དངས་བཅུད་མ་ལུས་དང་ ཁྱད་པར་དམིགས་བྱའི་ཚེ་བསོད་དབང་ འོད་དམར་རྣམ་

(༡༢༣༠)བར་མེར་གྱིས་བསྡུས བདག་ཐིམ་གཟི་བྱིན་འབར་བར་དམིགས ཀུ་རུ་ཀུལླེ་ཧྲཱི་ཧྲཱི་ཝཱ་ཤང་ཀུ་རུ་ཡེ་སྭཱ་ཧཱ ཞེས་བཏགས་བཟླས་པས་རང་དབང་འགྱུར ནོར་གྱི་བང་མཛོད་གང་བྱེད་ན ནོར་རྒྱུན་མ་ཡི་ཐུགས་རྒྱུད་བསྐུལ ལྷ་ཀླུ་དྲང་སྲོང་མིའི་ནོར་བུ ལྕགས་ཀྱུ་ལྟ་བུའི་འོད་ཟེར་གྱིས བཀུགས་ནས་བདག་ལ་སྩོལ་བར་དམིགས མ་མ་བ་སུ་དྷ་རི་སྭཱ་ཧཱ ཞེས་བཏགས་བཟླས་པས་དངོས་གྲུབ་ཐོབ ལོངས་སྤྱོད་རྣམ་ཐོས་སྲས་དང་མཉམ སྒྲུབ་རྫས་བླ་རྡོ་སྲོག་འཁོར་དང་ དམིགས་གནད་དམར་བྱང་གནད་ཡིག་ལས རྟོགས་པར་བྱ་བ་ཁོ་ནའོ ས་མ་ཡ རྗེས་ལ་ཚོགས་ཀྱི་རིམ་པ་ནི སྲིད་པའི་འདོད་ཡོན་མཆོད་པར་བཤམ ཁྱད་པར་ཤ་ཆད་མེད་མི་རུང་ དང་པོ་བྱིན་གྱིས་བརླབ་པ་ནི ཧཱུྃ བདག་ཉིད་ཐུགས་ལས་རཾ་ཡཾ་ཁཾ ཨོཾ་ཨཱཧཱུྃ གཉིས་པ་ཚོགས་ཞིང་སྤྱན་འདྲེན་ནི ཧཱུྃ འོག་མིན་བདེ་

(༡༢༣༡)འུྃ ཆེན་ཞིང་ཁམས་དང་ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་གླིང་ ཁྱད་པར་རི་བོ་པོ་ཏ་ལ གནས་ཡུལ་དུར་ཁྲོད་བརྒྱད་སོགས་ནས ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ དུར་ཁྲོད་ཚོགས་ཁང་ཉམས་རེ་དགའ མཁའ་འགྲོ་འདུ་བ་བག་རེ་དྲོ རྣལ་འབྱོར་ཕོ་མོ་དམ་རེ་གཙང་ འདོད་ཡོན་ཚོགས་མཆོད་མདངས་དང་ལྡན འདིར་གཤེགས་ཚོགས་ལ་བྱིན་ཆེན་ཕོབ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ གསུམ་པ་ཚོགས་ཕུད་འབུལ་བ་ནི ཧཱུྃ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དང་ ཌཱ་ཀི་ཆོས་སྲུང་དམ་ཅན་ལ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ༔ མཆོག་དང་།ཐུན་མོང་དངོས་གྲུབ་སྩོལ༔ གྷ་ན་ཙཀྲ་པཱུ་ཙ་ཁཱ་ཧི བཞི་པ་བར་བ་བཤགས་པ་ནི ཧཱུྃ བདག་གི་ཚེ་རབས་ཐོགས་མེད་ནས༔ གསང་སྔགས་ཐེག་ཆེན་སྒོར་ཞུགས་ཏེ རྩ་བ་ཡན་ལག་དམ་ཉམས་པ༔ འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས།

(༡༢༣༢)བཛྲས་མ་ཡཱ་ཨཱ ལྔ་པ་བསྒྲལ་བཏབ་ནི ཧཱུྃ མ་རིག་ལས་ཉོན་བཟུང་འཛིན་གྱི བསྐྱེད་པའི་བདག་འཛིན་རུ་ཏྲ་ཀུན གཟུགས་ལ་ཕོབ་ཅིག་ནྀྲ་ཏྲི་ཛ རྣམ་ཤེས་ཆོས་དབྱིངས་ཀློང་དུ་ཕཊ གཟུགས་ཕུང་ཚོགས་ཀྱི་འཁོར་ལོར་རོལ རུ་ཏྲ་སརྦ་ཉལ་པཉྩ་པཱུ་ཙ་ཁཱ་ཧི དྲུག་པ་ལྷག་མ་བསྔོ་བ་ནི ཧཱུྃ དཀྱིལ་འཁོར་ཆེན་པོའི་མུ་རན་ལ གནས་པའི་དབང་ཕྱུག་གིང་ལངྐ ལྷག་མའི་གཏོར་མ་འདི་བཞེས་ལ རྣལ་འབྱོར་བསྒྲུབ་པའི་བར་ཆད་སྲུངས ཨུཥྩི་ཊ་བྷ་ལིངྟ་ཁཱ་ཧི བདུན་པ་ཐུགས་དམ་བསྐུལ་བ་ནི ཧཱུྃ བཞེངས་ཤིག་ཐུགས་རྗེ་ཆེན་པོའི་ལྷ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ བྱང་ཆུབ་བསྒྲུབ་པའི་བར་་ཆད་ཐུལ སྣོད་བཅུད་འབྱུང་བའི་རྒུད་ལ་སོལ རྩ་རླུང་དབང་ཐང་ཉམས་པ་གསོས བསྒྲུབ་པའི་འབྲས་བུ་མཆིས་པར་མཛོད བརྒྱད་པ་ཆད་ཐོ་བྱ་བ་ནི ཧཱུྃ སྔོན་ཚེ་འོག་མིན་བདེ་ཆེན་ཞིང་ ལྷ་གནས་གསུམ་སོགས་ཉམས་དགའ་བར གསང་ཆེན་རྒྱུད་སྡེའི་གནས་

(༡༢༣༣)འུྃ བསྟན་ཚེ རྡོ་རྗེ་ཐེག་པའི་བཀའ་སྲུང་རྣམས དམ་ཚིག་གཉན་པོའི་གྲལ་དུ་བཞག བར་དུ་གངས་ཅན་བོད་ཀྱི་ཡུལ སློབ་དཔོན་པདྨ་ཐོད་འཕྲེང་གི གསང་སྔགས་ཆོས་འཁོར་བསྐོར་བའི་ཚེ སྲིད་པའི་ལྷ་སྲིན་ཆེ་དགུ་ཡི སྲོག་སྙིང་ཕྲོགས་ཏེ་རྩིས་སུ་ཕབ ཐ་མ་འོད་གསལ་དག་པའི་ཞིང་ བདེ་བ་ཆེན་པོའི་ཕོ་བྲང་དུ རིག་འཛིན་པདྨ་དབང་ཆེན་ལ བང་འབྱུང་དྲི་མེད་འོད་ཟེར་གྱིས ཀློང་ཆེན་ཟབ་རྒྱའི་དབུས་དབྱུང་ཞིང་ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མས ཀློང་གསལ་བརྡའ་རིས་སྤྲད་པའི་ཚེ གཟའ་རྒོད་སྲོག་གི་སྤུ་གྲི་སོགས བཀའ་སྲུང་གཉན་པོས་ཁས་བླངས་བཞིན མཆོད་གཏོར་རྒྱན་ལྡན་འདི་བཞེས་ལ ལས་བཞིའི་འཕྲིན་ལས་སྒྲུབ་པར་མཛོད དགུ་པ་བསྟན་མ་སྐྱོང་བ་ནི ཧཱུྃ དཔལ་གྱི་བཀའ་ཉན་བོད་ཁམས་སྐྱོང་ མ་སྲིང་བསྟན་མ་བཅུ་གཉིས་

(༡༢༣༤)རྣམས འདིར་བྱོན་གཏོར་མའི་བཤལ་ཆུ་བཞེས བཅོལ་བའི་འཕྲིན་ལས་བསྒྲུབ་པར་མཛོད མ་མ་ཧྲི༚་ཧྲི༚་བྷ་ལིངྟ་ཁཱ་ཧི བཅུ་བརྟ་བྲོ་བྱ་བ་ནི ཧཱུྃ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདིར ལོག་པར་འདྲེན་པའི་དམ་སྲི་ཀུན མནན་ནོ་ཐེག་པ་རིམ་དགུའི་རྒྱ ནམ་ཡང་ལྡང་བར་མ་བྱེད་ཅིག སྟཾ་བྷ་ཡན་ན བཅུ་གཅིག་དངོས་གྲུབ་བླང་བ་ནི ཧོ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས བསྙེན་ཅིང་བསྒྲུབ་པའི་དམ་ཚིག་ཐེམས རྡོ་རྗེ་སེམས་དཔའི་ནམ་ཡང་ལངས དངོས་གྲུབ་སྩོལ་བའི་དུས་ལ་བབས སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས མི་གནས་ཡེ་ཤེས་གསང་བ་མཆོག རྡོ་རྗེ་གསུམ་གྱི་བྱིན་རློབས་ལ མཆོག་དང་ཐུན་མོང་དངོས་གྲུབ་ཀུན ད་ལྟ་ཉིད་དུ་ཐོབ་པར་སྩོལ ཨོཾ་མ་ཎི་པདྨེ་ཧཱུྃ ཧྲཱི ཀ་ཡ་ཝཀྐ་ཙིཏྟ་ཨ་ལ་ལ་སིདྡྷི་ཕ་ལ་ཧཱུྃ བཅུ་གཉིས་ནོངས་པ་བཤགས་པ་ནི ཧཱུྃ ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ མཆོད་རྫས་མ་ཚང་བསྒྲུབ་པ་

(༡༢༣༥)འུྃ གཡེལ ཏིང་འཛིན་བྱིང་རྨུགས་འཐིབས་ལ་སོགས འགལ་འཁྲུལ་ནོངས་པ་བཟོད་པར་གསོལ བཛྲ་སཏྭ་སོགས་བརྗོད བཅུ་གསུམ་པ་རྫོགས་རིམ་བསྡུ་བ་ནི ཧོ ཆུ་ལ་ཆུ་བུར་ཐིམ་པ་བཞིན རང་ལས་སྤྲུལ་པའི་དཀྱིལ་འཁོར་ལྷ ཡེ་ཤེས་དབྱིངས་སུ་བཛྲ་མུ རྗེས་ཐོབ་སྒྱུ་མའི་ལྷ་སྐུར་ལྡང་ བཅུ་བཞི་པ་བསྔོ་སྨོན་མཚམས་སྦྱོར་ནི ཧོ དུས་གསུམ་བསགས་པའི་དགེ་རྩ་ཀུན རྣམ་མཁྱེན་གདོད་མའི་རྒྱུ་རུ་བསྔོ བདག་སོགས་འདུས་པར་བཅས་པ་རྣམས ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག ལན་གསུམ་བཅོ་ལྔ་པ་བཀྲ་ཤིས་བརྗོད་པ་ནི ཧོ རིག་འཛིན་བརྒྱུད་པའི་བྱིན་བརླབས་དང་ དཀོན་མཆོག་གསུམ་གྱི་བདེན་པ་དང་ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས འཇིགས་བརྒྱད་ཞི་བའི་བཀྲ་ཤིས་ཤོག ཚ་བསོད་རྒྱས་པའི་བཀྲ་ཤིས་ཤོག སྣང་བ་

(༡༢༣༦)དབང་འདུས་བཀྲ་ཤིས་ཤོག ལོག་འདྲེན་ཚར་གཅོད་བཀྲ་ཤིས་ཤོག སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས སྒྲ་གྲགས་བདེ་ཆེན་སྔགས་སུ་དག དྲན་རྟོག་འོད་གསལ་ཆོས་སྐུར་སྨིན འཇའ་ལུས་ཟང་ཐལ་བཀྲ་ཤིས་ཤོག འདི་ལྟར་ཤིན་ཏུ་ཟབ་པའི་གནང་ འཕན་མཆོག་སྡུག་བསྔལ་རང་གྲོལ་གྱི སྒྲུབ་ཐབས་རྗེ་བཙུན་མ་ཧཱ་གུ་རུས མངའ་བདག་ཆོས་རྒྱལ་ཡབ་སྲས་ལ བར་ཁང་གཡུ་ཞལ་འབར་བ་རུ གདམས་ཏེ་སྙིང་མཛོད་སྒྲོམ་བུར་སྩལ སྨོན་ལམ་གཏད་རྒྱའི་མཐུ་བཙན་པོ དུས་བབས་ས་ལོ་སྟག་གི་ལོར །ཐུགས་རྗེ་ཆེན་པོའི་ཞལ་མཐོང་ཞིང་ ཡེ་ཤེས་དབྱིངས་ཀྱི་ཌཱཀྐི་མས འོད་གསལ་སྒྱུ་འཕྲུལ་དྲ་བའི་ཀློང་ ཀློང་གསལ་བརྡ་རིས་ཤོག་དྲིལ་སྤྲོད བརྡ་དོན་གབ་སྤས་མེད་པར་བཀོད བཀའ་སྲུང་གཟའ་བདུད་ཆེན་པོ་ཡིས ཤིན་ཏུ་ཟབ་པའི་གཏེར་གྱི་བཅུད གཡེལ་མེད་སྐྱོངས་ཤིག་ས་མ་ཡ ལོ་བཅུན་གསང་རྒྱ་བྱས་ནས་གཏན་ལ་ཕབ སྙིང་ལས་གཅེས་པའི་གདམས་པའོ ༈ རང་བྱུང་རིག་པ་མངོན་གྱུར་ནས། གདོད་མའི་སངས་རྒྱས་སར་གཤེགས་

(༡༢༣༧)བའི། །མཁྱེན་བརྩེ་འཇིགས་མེད་གླིང་པ་ལ། འདས་རྗེས་གླེགས་བམ་བབས་པའི་དོན། །འཕགས་མཆོག་སྡུག་བསྔལ་རང་གྲོལ་གྱི། །སྒྲུབ་ཐབས་ཞལ་མཐོང་གསོལ་འདེབས་བཅས། །སྡེ་ཞག་ནོར་བུ་གླིང་གི་ལྕམ། མཁའ་སྤྱོད་བདེ་ཆེན་དཔལ་མོ་ཡིས། །བར་བསྐྲུན་དགེ་བས་སྙིང་ཐིག་གི། བསྟན་པ་ཕྱོགས་བརྒྱར་འཕེལ་བ་དང་། །སྦྱིན་བདག་ཚེ་བསོད་ལོངས་སྤྱོད་རྒྱས། །

(༡༢༣༨)

(༡༢༣༩)།ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་ཆོ་གའི་དཀའ་འགྲེལ་དབྱར་གྱི་རྔ་གསང་ཞེས་བྱ་བ་བཞུགས།

(༡༢༤༠)སེམས་ཅན་ཁམས་ན་ནམ་དུ་ཡང་། གཟིགས་པའི་ཕུལ་དང་སྤྱན་རས་ཀྱི། །བཙའ་བ་མི་འགོག་གང་ཞིག་ལ། །དངོས་པོ་ཀུན་གྱིས་བཏུད་ཕྱག་འཚལ། །འདིར་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་ཆོ་གའི་དཀའ་འགྲེལ་ལ། སྔོན་འགྲོའི་དང་པོ་སྐྱབས་འགྲོའི་དོན། །སྤྱིར་ཐོག་མཐའ་མི་མངོན་པའི་འཁོར་བ་འདིར་འཁྱམས་ཕྱིན་ཆད་སྡུག་བསྔལ་བདེན་པའི་ཆོས་ཉིད་ལ་རང་དབང་བྲལ་བར་སྤྱོད་དགོས་པས་ན། བདག་སོགས་ཀྱི་སྒྲས་རང་དོན་ཞི་བདེར་

(༡༢༤༡)གཉེར་བའི་སྐྱབས་འགྲོ་ཉི་ཚེ་བ་ཙམ་མ་ཡིན་པར་སེམས་ཅན་གཞན་དང་གཞན་དག་ཀུན་ཀྱང་སངས་རྒྱས་ཀྱི་གོ་འཕང་ལ་འགོད་འདོད་སྐྱེས་བུ་ཆེན་པོའི་བློས། དཀོན་མཆོག་གསུམ་ཀའི་ངོ་བོ་ཐུགས་རྗེ་ཆེན་པོར་ངེས་ཚུལ་ཡང་། དེའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་འཕགས་པ་སྟེ་ཚོགས་རྣམས་ཀྱི་མཆོག་རབ་གྱ་ནོམ་པ་ལྟར་ངེས་པ་བརྟན་པོས་སྙིང་ཐག་པ་ནས་ཁྱེད་ཤེས་ཀྱི་བློ་དང་གདུང་ཤུགས་དྲག་པོ་བསྐྱེད་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་

(༡༢༤༢)སུ་མཆི་བའོ། །གཉིས་པ་སེམས་བསྐྱེད་ཀྱི་དོན་ནི། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་ཆོས་མཐུན་ལ། འདི་ལྟར་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་མེད་ཅིང་། ཕ་མ་དེ་དག་འགྲོ་དྲུག་གི་གནས་རིགས་ཐ་དད་པར་ད་ལྟའི་སྡུག་བསྔལ་ལ་སྤྱོད། ཕྱི་མའི་སྡུག་བསྔལ་གྱི་རྒྱུ་བསྒྲུབས་པས་ཤིན་ཏུའང་སྙིང་རྗེའི་ཡུལ་དུ་གྱུར་ལ། ད་དུང་རང་རྒྱུད་ཀྱི་བདེ་གཤེགས་སྙིང་པོ་ངོ་མ་ཤེས་ན་ནམ་ཡང་ཐར་པའི་སྐབས་མེད་ཅིང་འཁྲུལ་བའི་ལས་ལ་སྤྱོད་བས་ན། དེ་དག་ལ་ཕན་པར་འདོད་པའི་བྱམས་པ་དང་། སྡུག་བསྔལ་ལས་བྲལ་འདོད་ཀྱི་སྙིང་རྗེ་དང་། བདེ་བ་ལ་འཁོད་ན་སྙམ་པའི་དགའ་བ་དང་། སྙོམས་པར་ཕན་འདོགས་

(༡༢༤༣)བའི་བཏང་སྙོམས་ཏེ་ཚད་མེད་བཞི་དང་ལྡན་པའི་སེམས་ལ་སྙིང་རྗེ་ཆེན་པོའི་ཁུར་ལྷག་པར་དུའང་བཀལ་ནས་ཚངས་པའི་གནས་པ་བཞིས་དབེན་པའི་སེམས་བྱང་ཆུབ་ཆེན་པོའི་ལཾ་ལ་འགོད་འདོད་ལ་རྩེ་གཅིག་ཏུ་སྨོན་པ་དང་། དངོས་སུ་ཕན་འདོགས་པའི་འཇུག་པ་སྟེ་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་པ་གཉིས་ཤུགས་དྲག་ཏུ་བསྒོམས་པའི་རྗེས་དེ་ཁོ་ན་ཉིད་ཀྱི་དོན་ལ་འཇོག་པ་ལ་དོན་དམ་པའི་སེམས་བསྐྱེད་ཀྱི་ཐ་སྙད་བཏགས་པའོ། །གསུམ་པ་ཡན་ལག་བདུན་པའི་དོན་ནི་གྲངས་མེད་གསུམ་དུ་ཚོགས་བསགས་པ་དང་མཐུན། དེ་ལ་འདས་མ་འོངས་ད་ལྟར་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་

(༡༢༤༤)སྐྱབས་གནས་ཐམས་ཅད་ལ། རང་གི་ལུས་བྱེ་བ་ཐེར་འབུམ་དུ་སྤྲུལ་ནས་གུས་པ་ཆེན་པོས་ཕྱག་འཚལ་བ་དང་། །བླ་ན་ཡོད་མེད་ཀྱི་མཆོད་པ་ཕྱི་ནང་གསང་བ་གསུམ་དུ་བསྡུས་ནས་འབུལ་བ་དང་། ལུས་ཀྱི་ལས་གསུམ། ངག་གི་བཞི། ཡིད་ཀྱི་གསུམ་སྟེ་མི་དགེ་བ་བཅུ་པོའི་སྟེང་། རང་བཞིན་གྱི་ཁ་ན་མ་ཐོ་བ་དང་། བཅས་པའི་ལྟུང་བ་བྱུང་བ་ཐམས་ཅད་འགྱོད་སེམས་དྲག་པོ་ལ་སོགས་ཏེ་གཉེན་པོ་སྟོབས་བཞིས་མཐོལ་ཞིང་བཤགས་པ་དང་། རང་གཞན་གྱི་དགེ་བའི་རྩ་བ་ལ་རྗེས་སུ་ཡི་རང་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཆོས་འཁོར་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་དང་། དགེ་རྩ་བྱང་ཆུབ་དུ་བསྔོ་བའང་གཞན་དོན་ལ་དམིགས་པ་ཉིད་ཀྱི་ཕྱིར་ཀུན་ཀྱང་འཕགས་པའི་གོ་འཕང་ཐོབ་པར་ཤོག་ཅེས་སྨོན་པའོ། །བཞི་བགེགས་གཏོར་གྱི་དོན་ནི། སྲོད་ལ་བདུད་བཏུལ་བ་དང་མཚུངས་ཏེ། འདོད་

(༡༢༤༥)པ་ཁམས་ཀྱི་དབང་ཕྱུག་དང་། དེའི་འཁོར་དང་སྔ་རིགས་སུ་གཏོགས་ཚད་བྱང་ཆུབ་བསྒྲུབ་པ་ལ་བར་དུ་གཅོད་པ་ཡིན་པས། དེ་འདུལ་བའི་གཉེན་པོར་ཧྲཱིལས་རང་ཉིད་རྟ་མགྲིན་པདྨ་དབང་གི་སྐུ་ལོག་འདྲེན་རྣམས་ཀྱི་བལྟར་མི་བཟོད་ཅིང་། གདོན་བགེགས་འདུལ་བའི་གཤེད་པོ་ཆེར་སྐད་ཅིག་དྲན་རྫོགས་སུ་གསལ་ལ། ཉོན་ཅིག་ལ་སོགས་པའི་རྐང་པ་གསུམ་གྱིས་བཀའ་སྒོས། གལ་ཏེ་ལ་སོགས་པའི་རྐང་པ་གསུམ་གྱིས་བསྡིགས་ཤིང་གཟིར་བར་བྱས་ནས་ཧཱུྃ་བཞིའི་སྔགས་ཀྱིས་རྒྱ་མཚོའི་ཕ་མཐར་བསྐྲད་པའོ། །ལྔ་པ་སྲུང་འཁོར་ནི། ཀུན་རྫོབ་བདེན་པའི་ངོར་སྣང་ཞིང་སྲིད་པའི་འཁྲུལ་འཛིན་ཐམས་ཅད་རྡོ་རྗེའི་ས་གཞི་དང་། རྭ་བ་དང་། གུ་ར། གླ་བྲེའི་རང་བཞིན་ཅན། དེ་དག་གི་བར་མཚམས་ཕྲ་མ་ཚུན་ཆོད་ཀྱང་རྡོ་རྗེའི་རྡུལ་ཕྲ་རབ་ཀྱིས་གཏམས་པས་རླུང་ཡང་མི་ཐར་བའི་ཏིང་ངེ་འཛིན་གྱིས་སྲུང་གུར་དང་། སྣོད་

(༡༢༤༦)དུ་འཛིན་པ་གཞལ་ཡས་ཁང་། བཅུད་དུ་རྟོག་པ་ལྷའི་ཕྱག་རྒྱ། དེ་ཡང་ལུས་ལྷ། ངག་སྔགས། སེམས་ཆོས་ཉིད་དུ་རྟོགས་པའི་དཀྱིལ་འཁོར་གསུམ་གྱི་ངང་ན་ཐག་ཁྲ་ལ་སྦྲུལ་དུ་འཛིན་པ་ལྟར་བག་ཆགས་དང་། འཁྲུལ་ངོ་ལ་སྣང་བའི་གདོན་བགེགས་རྣམས་ཡོད་མི་སྲིད་པས། དོན་དམ་བདེན་པའི་ངོ་བོ་ཉིད་སྐྱེ་མེད་དུ་རྟོགས་པ་ཆོས་སྐུ། འགགས་མེད་དུ་གསལ་བ་ལོངས་སྐུ། རྩལ་སྣང་མ་འགགས་པ་སྤྲུལ་སྐུ་སྟེ། སྐུ་གསུམ་གྱི་ཆོས་ཉིད་ལས་མི་གཡོ་བའི་དང་དུ་དོན་དམ་པའི་མཚམས་གཅད་དེ། དྲུག་པ་བྱིན་འབེབས་ཀྱི་དོན། སྟོང་པ་ཉིད་ཀྱི་དབྱིངས་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་མཛོད་ཁང་ཆེན་པོ་དེ་ཡང་ཏིང་ངེ་འཛིན་གྱི་རོལ་མོས་བསྐུལ་བས་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོར་རོལ་པའི་རྩལ་གདུལ་བྱའི་བསོད་ནམས་དང་སྨོན་ལམ་གྱི་མཁའ་ལ་ནམ་ཡང་འགགས་པ་མེད་པའི་བྱིན་རླབས་ཀྱི་རང་བཞིན་ནམ་མཁའ་ལ་ཆར་སྤྲིན་གཏིབས་པ་བཞིན་བལྟར་མི་མངོན་

(༡༢༤༧)པར་བབས་པས། ཀུན་རྫོབ་ཀྱི་ཆོ་གས་མངོན་པར་འདུ་བྱས་པའི་མཚན་མ་རྫས་ཀྱི་དཀྱིལ་འཁོར་དུ་འཛིན་པ་དེ་ཉིད་ཀྱི་དངོས་སྣང་སྦྱངས་ནས། །གདོད་ནས་རང་བཞིན་གྱི་རྣམ་པར་དག་པ་ཡོངས་གྲུབ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པར་བལྟ་བའོ། །བདུན་པ་མཆོད་རྫས་བརླབ་པའི་དོན། ཕྱི་ཉེར་སྤྱོད་ལྔ། ནང་སྨན་གཏོར་རཀྟ། གསང་བ་བདེ་སྟོང་ཆེན་པོའི་མཆོད་རྫས་མ་ལུས་ཤིང་ལུས་བ་མེད་པ་དེ་དག །རྣམ་པ་ཙམ་དུ་དམ་ཚིག་གི་རྫས་ཀུན་རྫོབ་པར་སྣང་ཡང་། ངོ་བོ་ཡེ་ཤེས་ཀ་ཡི་བདུད་རྩི་རོ་ནུས་ཕུན་སུམ་ཚོགས་ཤིང་ཡོན་ཏན་བརྒྱ་ཕྲག་དུ་མའི་དཔལ་སྡུག་འཛིན་པས་དཀྱིལ་འཁོར་བ་རྣམས་མཉེས་བྱེད་ཀྱི་དཔྱིད་དུ་གྱུར་པར་བསམས་ལ་རང་སྔགས་ཀྱིས་བརླབ་པོ། །གཉིས་པ་དངོས་གཞི་ལ་བདུན་གྱིས་དང་པོ་རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷ་བསྐྱེད་པ་ནི། འཁྲུལ་སྣང་གིས་བསྡུས་པའི་ཆོས་སོ་ཐོག་ཀུན་རང་

(༡༢༤༨)བཞིན་གྱིས་མི་དམིགས་ཤིང་། གཞི་དང་རྩ་བ་བྲལ་བའི་དེ་ཁོ་ན་ཉིད་ཀྱི་ངང་ལས། དབྱིངས་དག་མཉམ་སྟོང་པ་ཉིད་དང་རིག་པའི་ཆོས་ཉིད་ཟུང་དུ་འཇུག་པའི་རྩལ་དག་ཆེན་ཡེ་ཤེས་ཀྱི་ཞིང་། ས་བོན་དང་འབྱུང་བ་རིམ་བརྩེགས་ལ་སོགས་པ་ཀུན་བརྟགས་ཀྱི་བློས་བྱས་ཤིང་བཅོས་པ་མ་ཡིན་པར། གདོད་ནས་རང་སྣང་ལྷུན་གྱིས་གྲུབ་པའི་རི་བོ་པོ་ཏ་ལ་ཡེ་ཤེས་ཀྱི་རྩལ་སྣང་དམ་པའི་གསེར་གྱི་ས་གཞིའི་དབུས་ན་ནོར་བུ་རིན་པོ་ཆེས་གང་བའི་ཡན་ལག་བརྒྱད་ལྡན་གྱི་མཚོ་དངས་ཤིང་རྙོག་པ་མེད་པ་ཀུན་ནས་ཡིད་དུ་འོང་བ་ལ། ཆུ་བྱ་སྣ་ཚོགས་པ་དང་། མེ་ཏོག་པདྨ་དང་། ཀུ་མུད་དང་། པུནྜ་རི་ཀ་ལ་སོགས་པས་མཛེས་པར་གྱུར་ཅིང་། རིན་པོ་ཆེའི་བུང་བ་ཁ་དོག་སྣ་ཚོགས་པ་འཕུར་ལྡིང་གཡོ་བས་ཐེག་པ་གསུམ་གྱི་ཆོས་སྒྲ་སྒྲགས་པ། མཐའ་སྐོར་རིན་པོ་ཆེའི་བྲག་རི་བལྟ་ན་སྡུག་པ་ལ་དྲང་སྲོང་དང་རིག་པ་འཛིན་པའི་ཚོགས་ཏིང་ངེ་འཛིན་གྱི་སྒོ་དུ་མས་འབྱོར་བ། དེ་ལྟ་བུའི་ཞིང་

(༡༢༤༩)ཁམས་ཀྱི་བླ་ལ་བྱང་ཆུབ་ཕྱོགས་ཀྱི་ཆོས་མ་ལུས་ཤིང་ལུས་པ་མེད་པར་བརྡ་དང་། རྟགས་ཀྱིས་མཚོན་པར་བྱས་པའི་གཞལ་མེད་ཁང་གི་བཀོད་པ་ཚད་དང་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ། གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་དག་རྫོགས་སྨིན་གསུམ་གྱིས་རྣམ་པར་བྱང་བའི་ཁམས་སྲིད་ཞི་གཉིས་ཀ་ལ་མི་གནས་པའམ། འཁོར་བ་ན་གནས་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡར་གདན་སྣ་ཚོགས་པདྨ་སྟོང་ལྡན། སྲིད་བཅས་ཀྱི་བག་ཆགས་སྐྱེ་གནས་བཞིའི་སྦྱོང་ཚུལ་ལ་ལྟོས་པའི་ཚེ། དྲོད་གཤེར་སྐྱེས་སྦྱོང་བ་ཉི་མའི་གདན་གྱིས་དྲོད། ཟླ་བའི་གདན་གྱིས་གཤེར། ས་བོན་ཧྲཱིཡིག་གིས་དྲི་ཟའི་རྣམ་ཤེས་ཀྱི་ཉེར་ལེན་སྦྱངས་ནས་ཕུང་ཁམས་སྐྱེ་མཆེད་རྫོགས་པའི་གནས་སྐབས་གང་ཡིན་པ་ཐབས་སྙིང་རྗེ་ཆེན་པོའི་བདག་ཉིད་འཕགས་པ་ཐུགས་རྗེ་ཆེན་པོ་ཁམས་གསུམ་དང་རྒྱུད་དྲུག་གི་སྡུག་

(༡༢༥༠)བསྔལ་གསུམ་གྱི་འཇིགས་པ་མཐའ་དག་རང་སར་གྲོལ་བའི་ལྷ། སེམས་ཅན་ཀུན་ལ་ཐུགས་རྗེའི་སྤྱན་རས་ཀྱི་གཟིག་སྟངས་མི་འགོག་པས་འགྲོ་དོན་ལ་རྟག་པ་རྒྱུན་གྱི་འཁོར་ལོར་གཤེགས་པའི་བརྡར་སྐུ་བཞེངས་སྟབས་ཀྱི་རྩ་ཕྱག་ཐུགས་ཀར་སྦྱར་ཞིང་། ལྷག་མ་རྣམ་གཉིས་ངོ་བོ་ཁསརྤ་ཎི་དང་། ཕྱག་སྟབས་གཅིག་པས་བགྲང་ཕྲེང་དང་པད་དཀར་འཛིན་པ། ལོངས་སྤྱོད་རྫོགས་པའི་སྐུའི་རྒྱན་དང་ཆ་ལུགས་ནི་གོ་སླ་མོད། འོན་ཀྱང་སྐུ་མདོག་དཀར་ལ་དམར་བའི་མདངས་ལྷག་པར་ཆགས་པ་དང་། རུས་པའི་རྒྱན་དྲུག །རི་དྭགས་ཀྱི་བགས་པས་ནུ་མ་གཡོན་པ་བཀབ་པ་གསུམ་ནི་དམིགས་བསལ་ཡིན་ལ། དེ་ལས་གཞན་བཞི་ཚུལ་དགུ་ནི། རྔམ་གློག་ལས། མཉེན་དང་ལྕག་དང་འཁྲིལ་པ་དང་། སྒེག་བག་ཆགས་དང་གཞོན་ཚུལ་ཅན། །གསལ་དང་འཚེར་དང་ལྷུན་སྡུག་དང་། །གཟི་བྱིན་འབར་བར་རབ་ཏུ་གནས། །ཞེས་སོ། །རྒྱན་ཆ་བཅུ་གསུམ་ནི། །རིན་པོ་ཆེའི་རྒྱན་བདུན་ལ་སྐུ་གསུང་ཐུགས་

(༡༢༥༡)ཡོན་ཏན་ཕྲིན་ལས་ལྔའི་རྒྱན་བསྣན་པ་སྟེ། དབུ་རྒྱན་སྙན་རྒྱན་མགུལ་རྒྱན་དང་། །ཕྱག་གདུབ་ཞབས་གདུབ་སེ་མོ་དོ། །དོ་ཤལ་ཉིད་དེ་རིན་ཆེན་བདུན། སྐུ་ཡི་སྟོད་གཡོགས་དར་དཀར་དང་། གསུང་གི་ཆོས་གོས་ལེ་བརྒན་དམར། །ཐུགས་ཀྱི་ཟིར་ལྡིར་མཐིང་འོད་ཅན། །ཡོན་ཏན་སྐུ་རགས་གསེར་གྱི་མདོག །ཕྲིན་ལས་གསང་གོས་མ་རྒད་མདངས། །ཞེས་སོ། །དེ་ལྟར་ཐབས་སྙིང་རྗེ་ཆེན་པོའི་རྩལ་སྣང་གཟུགས་ཀྱི་སྐུར་བཞེངས་པ་དེ་ཉིད་ཤེས་རབ་སྟོང་པ་ཉིད་དང་མི་འབྲལ་བའི་བརྡར་པདྨ་འདབ་བཞི་ལ་གསང་བའི་ཡུམ་བཞིར་བསྟན་པ་ནི། ཤར་དུ་རྗེ་བཙུན་སྒྲོལ་དཀར་གཡས་མཆོག་སྦྱིན་གྱིས་ཨུཏྤལ་དང་། གཡོན་མཉམ་གཞག་གི་སྟེང་ན་ཚེ་བུམ་ཅན་སེམས་སྐྱིལ་གྱིས་ཟླ་གདན་ལ་བཞུགས་པ། ལྷོར་ལྷ་མོ་འོད་ཟེར་ཅན་སྐུ་མདོག་སེར་མོ་ཟུར་ཞལ་ཞི་མ་ཁྲོ་གཙོ་བོ་ལ་གྱེན་དུ་ཕྱོགས་པ། གཡས་ནོར་བུ་རིན་པོ་ཆེ་ཐུགས་ཀར་འཛིན་ཅིང་གཡོན་ཉི་

(༡༢༥༢)ཟླའི་ཞགས་པ་གདེངས་པ། ཞབས་གཡོན་བསྐུམ་ཞིང་གཡས་བརྐྱངས་པའི་དོར་སྟབས་ཅན། ནུབ་ཏུ་ཀུ་རུ་ཀུ་ལླེ་དམར་མོ་ཞལ་གཅིག་ཕྱག་བཞིའི་རྩ་ཕྱག་པདྨའི་མདའ་གཞུ་བཀང་ཞིང་། གཡས་འོག་པདྨའི་ལྕགས་ཀྱུ། གཡོན་འོག་པདྨའི་ཞགས་པ། ཞབས་གཡས་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་ཅིང་གཡོན་པས་ཨུ་མའི་ནུ་མ་བརྫིས་པ། སྟག་ཤམ་དང་རུས་པའི་རྒྱན་དྲུག །པདྨའི་ཕྲེང་བ་ལུས་ཚད་དང་མཉམ་པའི་རྒྱན། བྱང་དུ་ནོར་རྒྱུན་མ་ལྗང་གུ་གཏེར་བུམ་ལུད་པའི་སྟེང་ན། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ་རིན་པོ་ཆེའི་རྒྱན་ཅན། ཕྱག་གཡས་ཡིད་བཞིན་ནོར་བུ་དང་། གཡོན་འདོད་འབྱུང་གི་ནེའུ་ལེ་དཀུར་བརྟེན་པ། སྒོ་བཞིར་པད་ཉི་རུ་ཏྲའི་གདན་ལ་ལས་བཞིའི་ཁ་དོག་དང་མཐུན་པའི་རྟ་མགྲིན་སྡེ་བཞི་གྲི་གུག་དང་ཐོད་པ་འཛིན་པ་གར་དགུའི་རོལ་པས་འཇིགས་ཚུལ་རྡམས་པ་ལས་རྡུར་ཁྲོད་གྱི་ཆས་བརྒྱད་རྫོགས་པ། ཁྱམས་ཀྱི་ཆ་ལ་སངས་རྒྱས་དང་བྱང་སེམས་

(༡༢༥༣)རིག་པ་འཛིན་པ་དང་དཔའ་བོ་ཌཱཀྐི་དམ་ཅན་རྒྱ་མཚོའི་ཚོགས་ཏེ་མདོར་ན་ས་དང་ལམ་གྱི་ཡོན་ཏན་རྫོགས་པའི་ཐེག་པ་ཆེན་པོའི་དགེ་འདུན་དཀོན་མཆོག་རྣམས་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པ། དེ་ལྟར་དམ་ཚིག་གི་དཀྱིལ་འཁོར་ཐམས་ཅད་ཀྱང་སྐུ་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་བཞིན་དུ་སྣང་། སྣང་བཞིན་དུ་སྟོང་། སྟོང་བཞིན་དུ་གསལ་ལ་སྒྲིབ་གཡོགས་དང་བྲལ་བའི་སྤྱི་མགྲིན་སྙིང་ག་གསུམ་དུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རང་བཞིན་ཨོཾ་ཨཱཧཱུྃ་གི་རྣམ་པས་མཚན་པ་ནི་ཐ་མལ་གྱི་སྒོ་གསུམ་རྡོ་རྗེ་གསུམ་དུ་བསྒྲུབ་ཅིང་གཞི་ལམ་འབྲས་བུའི་ཡོན་ཏན་ཡོངས་སུ་རྫོགས་པའི་རྟེན་ཅིང་འབྲེལ་འབྱུང་ཟབ་མོ་སྟེ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ཟབ་ཞི་སྤྲོས་པ་དང་བྲལ་བའི་དབྱིངས་དམ་པ་མཆོག་དང་། སྤྲུལ་པ་སྒྱུ་མ་ལྟ་བུས་འདུལ་བའི་ཞིང་གི་མཆོག་རི་བོ་པོ་ཏ་ལ། ས་དང་ལམ་དང་

(༡༢༥༤)རྣམ་པར་ཐར་པའི་སྒོ་རྣམས་ཀྱི་མཚོན་དོན་གནས་སུམ་ཅུ་རྩ་གཉིས། ཡུལ་ཉི་ཤུ་རྩ་བཞི། དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་བཛྲ་ས་མཱ་ཛ ཞེས་རྡོ་རྗེའི་དམ་ཚིག་ཆེན་པོའི་སྒྲས་སྤྱན་འདྲེན་པར་བསྐུལ་བའོ། །གཉིས་པ་སྤྱན་དྲང་བའི་དོན། སྤྱན་འདྲེན་ཡུལ་གྱི་ཞིང་ཁམས་དེ་དག་རང་རྒྱུད་དུ་གྲུབ་པ་མེད་ཀྱང་། སོ་སོ་སྐྱེ་བོ་རྣམས་ནི་དངོས་པོར་བལྟ་བ་ལ་གོམས་པས་ཆོས་རྣམས་ཀྱི་ཆོས་ཉིད་ཀྱང་རྐྱེན་དང་འདུན་པའི་རྗེས་སུ་འགྲོ་བ་ལ་བརྟེན་ནས་དངོས་གྲུབ་རྣམ་པ་གཉིས་ཐོབ་པར་བྱ་བའི་སླད་དུ་འཇིག་རྟེན་པའི་སྲི་ཞུ་དང་སྒོ་བསྟུན་ནས་སྤྱན་འདྲེན་པ་ནི། ཧྲཱི༔ ནུབ་ཕྱོགས་བདེ་ཆེན་སོགས་སྤོས་རོལ་གདུང་དབྱངས་དང་བསྟུན་སྟེ་དྲངས་པས། བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅེས་པ་ནམ་མཁའ་ཁངས་པར་བྱོན་ནས་དམ་ཚིག་གི་དཀྱིལ་འཁོར་དང་འདྲེས་པར་བལྟའོ། །གསུམ་པ་བཞུགས་གསོལ་གྱི་དོན། ཆོས་ཉིད་ཟབ་མོའི་བདེན་པ་གཟིགས་

(༡༢༥༥)པའི་འཕགས་པ་རྣམས་ལ་ནི་སྤྱན་འདྲེན་ལ་སོགས་པའང་ཐ་སྙད་དུ་བཏགས་པ་ཙམ་ཞིག་ལས་ཆོས་ཅན་གྱི་དམིགས་པ་མེད་ཅིང་། ཆོས་ཉིད་རང་བཞིན་གྱི་གྲོལ་བའི་ཐུགས་རྗེ་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་གཤེགས་བྱོན་བཞུགས་གསོལ་གྱི་ཉེ་བར་ལེན་པ་མི་མངའ་ཡང་། བདེ་གཤེགས་སྙིང་པོའི་ཁམས་ཀྱི་དག་བྱ་གཉིས་སྣང་གློ་བུར་བ་ལས་བྱུང་བའི་གཟུང་འཛིན་གྱི་དྲི་མ་སྦྱང་ཕྱིར་གདོད་ནས་དམ་ཡེ་གཉིས་མེད་རྣམ་བྱང་ཡེ་ཤེས་ཀྱི་ངོ་བོར་ངེས་པ་རྙེད་པའི་བློ་བརྟན་པར་བྱེད་པ་ལ་བཞུགས་གསོལ་གྱི་སྒྲས་བསྙད་པའོ། །བཞི་པ་ཕྱག་འཚལ་གྱི་དོན། ཉོན་ཤེས་ཀྱི་སྒྲིབ་གཉིས་ཟད་པར་བཅོམ་ཞིང་དག་པ་གཉིས་ལྡན་གྱི་སངས་རྒྱས་འཕགས་པ་ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་གྱི་ལྷ་ཚོགས་རྣམས་ཀྱང་རང་བྱུང་ཡེ་ཤེས་འཁྲུལ་བ་དང་བྲལ་བར་རྟོགས་པའི་རྟགས་ཀྱི་བརྡ་ཕྱག་སྙིང་རྗེའི་གར་གྱི་རྣམ་འགྱུར་དང་ལྡན་པ་འཕྲུལ་དགའི་

(༡༢༥༦)ལྷ་རྣམས་རང་གི་སྤྲུལ་པའི་ལོངས་སྤྱོད་ལ་རང་གིས་སྤྱོད་པ་བཞིན་དུ་འཚལ་ཡུལ་དང་འཚལ་བྱ་ལ་བཟང་ངན་དུ་བལྟ་བའི་བླང་དོར་ལས་འདས་ཤིང་། ལྷ་དང་རང་ཉིད་ལྷན་ཅིག་སྐྱེས་པར་རྟོགས་པའི་ངེས་ཤེས་བསྐྱེད་པ་ལ་ཕྱག་གི་ངེས་ཚིག་བྱས་པའོ། །ལྔ་པ་མཆོད་པའི་དོན། དངོས་བཤམས་ཀྱི་དམིགས་རྟེན་ཙམ་དུ་བྱས་ནས་ཡིད་སྤྲུལ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་གྱི་རྣམ་རོལ་ཉེར་སྤྱོད་རྣམ་པ་ལྔ་དང་། གཟུགས་རྡོ་རྗེ་མ་ལ་སོགས་པ་འདོད་ཡོན་གྱི་ལྷ་མོ་ལྔ། ལྷ་དང་མིའི་ཡུལ་ལྗོངས་དང་སྐྱེས་ཚལ་ཁང་བཟང་དང་རྒྱུན་གོས་ལ་སོགས་པའི་འཇིག་རྟེན་གྱི་དཔལ་འབྱོར་དང་ལོངས་སྤྱོད་མ་ཚང་བ་མེད་པ་འབུལ་བའི་དོན་ནོ། །དྲུག་པ་ཁྱད་པར་གྱི་མཆོད་པའི་དོན། རྒྱུད་སྡེ་འོག་མ་རྣམས་ལས་ཁྱད་པར་དུ་བྱས་པས་རྨད་དུ་བྱུང་ཞིང་། བདེ་ཆེན་ཡེ་ཤེས་བསྐྱེད་པའི་དམ་རྫས་རྩ་བ་བརྒྱད་ལ་ཡན་ལག་སྟོང་དུ་སྦྱོར་བའི་བདུད་རྩི་སྨན་དང་། གཏོར་མའི་ཚོགས་རྒྱ་ཆེན་

(༡༢༥༧)པོ། །འཁོར་བ་ལུགས་ལྡོག་ཏུ་དག་བྱེད་ཀྱི་རཀྟ་སུམ་ཅུ་རྩ་ལྔ། གན་ཙཀྲའི་ལོངས་སྤྱོད། །དགའ་བ་བཞིའི་ཡེ་ཤེས་བསྐྱེད་བྱེད་རྡོ་རྗེ་བཙུན་མོའི་སྒྱུ་མའམ། འབྲས་བུའི་མིང་རྒྱུ་ལ་ཆགས་པ་ཤེས་རབ་རིག་མའི་སྒྱུ་རྩལ་ལས་མཆོད་བྱ་མཆོད་བྱེད་ཀྱི་རྟོག་ཚོགས་བློ་འདས་གཉུག་མར་གྲོལ་བ་མཆོད་པའི་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད། དབང་བཞི་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་གསུམ་པའི་དཔེའི་ཡེ་ཤེས་ལ་བརྟེན་པའི་དངོས་གྲུབ་དམ་བསྩོལ་ཅིག་པའོ། །བདུན་པ་བསྟོད་པའི་དོན། ཆོས་ཀྱི་དབྱིངས་ཟབ་ཞི་སྤྲོས་པ་དང་བྲལ་བའི་ཀློང་ལ་ཕོ་བ་རང་གི་ཐ་སྙད་སྨོས་ནས། གང་ལས་རྣམ་པར་རིག་བྱེད་ཀྱི་ཕྱོགས་སུ་མ་ལྷུང་བཞིན་དུ། རང་བཞིན་ལྷུན་གྲུབ་ཀྱི་མཁྱེན་ཆ་ཕྱིར་གསལ་ངེས་པ་ལྔ་དང་ཁ་སྦྱོར་བདུན་ལྡན་གྱི་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པ་མཚན་དཔེ་རྒྱ་མཚོའི་མདའ་དབང་ཅན་དེ་ཉིད། སླར་ཡང་གཟུགས་ཀྱི་སྐུ་

(༡༢༥༨)རྣམ་པ་ཐམས་ཅད་པའི་བདག་ཉིད་དུ་སྤྲུལ་ནས་འགྲོ་བ་ཀུན་ལ་ཚད་དང་མཐའ་མེད་པའི་སྙིང་རྗེའི་གཏེར་ཆེན་པོ་དང་ལྡན་པའི་ཡོན་ཏན་གྱི་དབྱིངས་གཞལ་ནས་བསྟོད་པའོ། །དེ་ལྟ་བུའི་འཕགས་པ་སྤྱན་རས་གཟིགས་ནི་ཚད་མེད་བཞིའི་ཕྲིན་ལས་ལ་མངའ་བརྙེས་པས་འགྲོ་བ་ཀུན་ཐར་པ་དང་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་དུ་འདྲེན་པ་ལ་མཁས་ཤིང་། གང་ལ་གང་འདུལ་གྱི་ཐུགས་རྗེ་དང་སྤྲུལ་པའི་རོལ་གར་ཅིར་ཡང་བསྒྱུར་བའི་མཐུ་སྟོབས་དང་རྫུ་འཕྲུལ་གྱི་ཕྲིན་ལས་པ་ནི་རིགས་བཞིའི་སེམས་མ་རྣམས་ཀྱི་མཛད་པའི་ཚུལ་ཡང་སྒྲོལ་མས་ཚེ་སྤེལ་བ་དང་། འོད་ཟེར་ཅན་མས་བགེགས་འདུལ་བ་དང་། ཀུ་རུ་ཀུལླེས་དབང་དུ་བྱེད་པ་དང་། ནོར་རྒྱུན་མས་ལོངས་སྤྱོད་སྤེལ་བའི་ཕྱིར་སྤྲུལ་པའི་ལྷ་མོ་བཞི་ལ་བསྟོད་ཅིང་། དེ་བཞིན་དུ་ཞི་བ་དང་། རྒྱས་པ་དང་། དབང་དང་། དྲག་ཤུལ་གྱི་ཕྲིན་ལས་རྣམ་པ་བཞི་ལ་དབང་བསྒྱུར་ཞིང་། ལོག་པར་འདྲེན་པའི་གདུལ་བྱ་འདུལ་ཕྱིར་ཁྲོ་ཞིང་གཏུམ་པའི་

(༡༢༥༩)ཕྲིན་ལས་མི་བཟད་པ་ཅན་སྒོ་སྲུང་རྟ་མགྲིན་རིགས་བཞི་དང་བཅས་པའི་རྩ་བའི་ལྷ་དགུ། མགྲོན་ཐབས་བསམ་གྱིས་མི་ཁྱབ་པ་དང་བཅས་པས་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ལྷ་ལ་བསྟོད་པའི་ཐ་སྙད་ཆགས་པའོ། །བརྒྱད་པ་ཛབ་དགོངས་དང་འོད་ཟེར་སྤྲོ་བསྡུ་ལ་སོགས་པ་ནི། གཞུང་རང་གི་ངོ་བོས་སྟོན་ཅིང་། མྱོང་གྲོལ་རིལ་བུའི་སྒྲུབ་པ་སོགས་ནི་པྲ་ཁྲིད་ལས་ཤེས་པར་བྱའོ། །ཞེས་པའང་འདི་ལ་ལྷག་པའི་ལྷ་མཆོག་གཅིག་ཏུ་འཛིན་པའི་རྒྱང་རྩེ་དཔལ་འཁོར་ཆོས་སྡེའི་དགེ་སློང་རིན་སྟེང་པས་རིན་ཆེན་གཉིས་པའི་དོང་ཙེ་བཅུ་ཕྲག་གཉིས་དང་བཅས་ནན་ཏན་ཆེན་པོའི་དོར་རྫོགས་ཆེན་པོ་རང་བྱུང་རྡོ་རྗེས་སོ།། །།

(༡༢༦༠)

(༡༢༦༡)འུྃ༔ ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ལས༔ དབང་དོན་བདག་འཇུག་གསལ་བ་བཞུགས༔

(༡༢༦༢)འཕགས་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་སྡུག་བསྔལ་རང་གྲོས་གྱི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའི་ཆོ་ག་ལ་གསུམ་ལས། དང་པོ་ནི། མ་དེ་ལ་པདྨ་འདབ་བཞི་སྒོ་རྫོགས་ཅན་གྱི་གནས་སོ་སོར་ལྷ་མཚན་དགུ་དང་། བུམ་པ། གསང་རྫས། རིག་ཙག །མེ་ལོང་ཤེལ་རྡོ། གཏོར་མ། ཉེར་སྤྱོད་སོགས་བཤམ་མོ། གཉིས་པ་ལ། དཀྱིལ་འཁོར་བསྒྲུབ་མཆོད་སྔོན་དུ་བཏང་ནས་བཟླས་པ་ཅི་ནུས་དང་རྣམ་བུམ་ལ་དམིགས་ནས་རྩ་སྔགས་ལ་དབྱངས་གསལ་བཏགས་པ་དང་། ལས་བུམ་དུ་རྟ་མགྲིན་གྱི་ལས་སྔགས་བཟླའོ། །དེ་ནས་བདག་འཇུག་ནི། ཁྲུས་བྱ། བགེགས་བསྐྲད། ཨ་ཁཾ་ཝཱི་རས་མེ་ཏོག་བཟུང་། ཨོཾ་ཨཱཧཱུྃ་གིས་ཅིག་དར་འཆིང་། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོངས་པ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ་གྱིས་གསོལ་བ་གདབ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །ནས། བསྡུས་ཏེ་བྱང་ཆུབ་ཆེན་པོར་བསྔོ། །ལན་གསུམ་གྱིས་རྒྱུན་བཤགས་བྱ། དེ་ནས་སྡོམ་བཟུང་ནི། ཐུགས་རྗེ་

(༡༢༦༣)ཆེན་པོ་སྐྱབས་ཀྱི་མཆོག་ཏུ་འཛིན། །འགྲོ་བའི་དོན་དུ་སྨོན་འཇུག་སེམས་བསྐྱེད་ཅིང་། །སྐུ་གསུང་ཐུགས་དང་མཉམ་སྦྱོར་གསང་སྔགས་ཀྱི། །དམ་ཚིག་སྡོམ་པ་རྟག་ཏུ་བསྐྱང་བར་བགྱི། །ལན་གསུམ། ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ། ཞེས་པའི་དཀྱིལ་འཁོར་གྱི་སྒོ་ཤག་གིས་བྱེ་བར་བསམ། སྙིང་རྗེ་ཆེན་པོའི་སྒོ་ནས་རིམ་པར་སྐུ་གསུང་ཐུགས་ཕྱག་བྱེད་བཞིན་པར། ཨོཾ་ན་མ་ཏེ་ཧཱུྃ། ཨོཾ་ན་མ་མེ་ཧཱུྃ། ཨོཾ་ན་མ་ན་མ་ཧཱུྃ། ལན་བཞིའི་མཐར། དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་པདྨ་འདབ་བརྒྱད་ལ་འཁོད་པས། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་བྱུང་རྣམ་སྨིན་གྱི་ལུས་རྟེན་སྦྱངས། རྣམ་པར་ཤེས་པ་ཧྲཱི ཡིག་དཀར་པོར་གྱུར་པ་ཞལ་ནས་དྲངས་སྐུའི་དབྱིབས་བརྒྱུད། མདུན་གྱི་སྒྲོལ་མའི་མཁའ་གསང་དུ་བབས་བདེ་སྟོང་ལས་བསྐྱེད་པའི་སྲས་ཀྱི་རྣམ་པར་གྱུར་པ་སྔར་གྱི་གདན་ལ་འཁོད། དེ་ཉིད་ཐུགས་རྗེ་ཆེན་པོར་གསལ་བའི་གནས་གསུམ་དུ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་སྲས་

(༡༢༦༤)དང་བཅས་པ་སྤྱན་དྲངས་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་དུ་གྱུར་པར་བསམས་ལ་རྩ་སྔགས་ལ་ཨཱ་བེ་ཤ་ཡ་ཕེ༚་ཕེ༚་བཏགས་པས་བྱིན་ཕབ། པྲ་ཏཱིཙྪ་བཛྲ་ཧོ ཞེས་མེ་ཏོག་ཕུལ། པྲ་ཏི་གྷྲིཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ་ཞེས་པས་ལྷག་ལྷ་སྤྱི་བོ་ནས་ཐིམ་པར་བསམ། ཧོ བདེ་གཤེགས་སྙིང་པོ་ཚོགས་བརྒྱད་ཀྱིས། །ལྡོངས་པའི་མ་རིག་ལིང་ཏོག་ནི། །ཡེ་ཤེས་ཐུར་མས་བསལ་ནས་ཀྱང་། །རྣམ་ཐར་སྒོ་གསུམ་བསྟན་དུ་གསོལ། ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ་ ཅེས་བརྗོད་པས་ཆོས་ཉིད་ཀྱི་བདེན་པ་མཐོང་བར་བསམ། དེ་ནས་དབང་བསྐུར་བ་ནི། གཙོ་བོའི་ཐུགས་ཀ་ནས་དབང་རྫས་རྣམས་རིམ་པར་བྱུང་བར་བསམས་ལ། ཧཱུྃ་བཀྲ་ཤིས་བུམ་པ་ལྷའི་གཞལ་ཡས། །ལྷ་དང་གཉིས་མེད་བདུད་རྩིའི་ཆུས། །སྐལ་ལྡན་བུ་ལ་དབང་བསྐུར་བས། །སྣང་ཞེན་ལྷ་སྐུའི་ཕྱག་རྒྱར་རྫོགས། །རྣམ་སྨིན་རིགས་འཛིན་ཉེར་ཐོབ་ཅིང་། །ཀུན་ཏུ་འོད་ཀྱི་ས་ནོན་ཤོག །རྩ་སྔགས་དང་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། དེས་ལུས་དང་རྩའི་སྒྲིབ་པ་དག །སྐུ་རྡོ་རྗེའི་བྱིན་རླབས་ཞུགས། བུམ་པའི་དབང་ཐོབ། བསྐྱེད་རིམ་གྱི་སྣོད་དུ་གྱུར། རྣམ་སྨིན་རིགས་འཛིན་གྱི་ས་བོན་ཐེབ། སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་བརྒྱུད་ལ་བཞག་གོ། བསང་རྫས་བྱིན་ལ། ཧཱུྃ་ཡབ་ཡུམ་སྦྱོར་བའི་བྱང་

(༡༢༦༥)ཆུབ་སེམས། །དཀར་དམར་བྷནྡྷའི་ནང་དུ་བསྐྱིལ། །སྐལ་ལྡན་བུ་ལ་དབང་བསྐུར་བས། །རྩ་ཁམས་ཡི་གེའི་རྣམ་པར་སྨིན། །ཆོ་ལ་དབང་བའི་རིགས་འཛིན་ཐོབ། །པདྨ་ཅན་གྱི་ས་ནོན་ཤོག །རྩ་སྔགས་དང་ཝཱཀྐ་ཨ་བྷི་ཥིཉྩ་མུ། དེས་དག་གི་ལས་དང་རླུང་གི་སྒྲིབ་པ་དག །གསུང་རྡོ་རྗེའི་བྱིན་རླབས་ཞུགས། གསང་བའི་དབང་ཐོབ། བཟླས་བརྗོད་ཀྱི་སྣོད་དུ་གྱུར། ཚེ་དབང་རིགས་འཛིན་གྱི་ས་བོན་ཐེབ། ལོངས་སྤྱོད་རྫོགས་པའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག་གོ། རིག་ཙག་བཟུང་ལ། ཧཱུྃ་ཆོས་རྣམས་ཀུན་གྱི་འབྱུང་གནས་ཏེ། བདེ་བ་ཆེན་པོ་གསང་བའི་ཡུམ། །རིགས་ཀྱི་བུ་ལ་བྱིན་པ་ཡིས། །དགའ་བཞིའི་ཡེ་ཤེས་མངོན་དུ་གྱུར། །ཕྱག་རྒྱ་ཆེན་པོའི་རིགས་འཛིན་ཐོབ། །འཁོར་ལོ་ཚོགས་ཆེན་ས་ནོན་ཤོག །རྩ་སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་མུཾ། དེས་ཡིད་ཀྱི་ལས་དང་ཐིག་ལེའི་སྒྲིབ་པ་དག །ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། །ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། །བདེ་སྟོང་ཙཎྜ་ལིའི་སྣོད་དུ་གྱུར། ཕྱག་རྒྱའི་རིགས་འཛིན་གྱི་ས་བོན་ཐེབ། ཆོས་སྐུའི་གོ་འཕང་གི་སྐལ་བརྒྱུད་ལ་བཞག་གོ། །མེ་ལོང་ཤེལ་རྡོ་བརྡས་མཚོན་བར་བྱས་ཏེ། ཧོ་ཀ་དག་མེ་ལོང་གཙང་མའི་དོགས། །ལྷུན་གྲུབ་དངས་ཤེལ་དྲི་མེད་གསལ། །

(༡༢༦༦)བརྡ་རྟགས་རྫོགས་པའི་དབང་བསྐུར་བས། །དྲི་མེད་རིག་པའི་གནས་ལུགས་རྟོགས། །ལྷུན་གྲུབ་རིགས་འཛིན་ཉེར་ཐོབ་ནས། །བདེ་བ་ཆེན་པོའི་ས་ནོན་ཤོག །རྩ་སྔགས་དང་། དྷ་རྨ་དྷ་རྟུ་ཨ་བྷི་ཥིཉྩ་མུཾ། དེས་ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་སྦྱངས། །ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། །ཚིག་གིས་མཚོན་པའི་དོན་དམ་གྱི་དབང་ཐོབ། ཀ་དག་རྫོགས་པ་ཆེན་པའི་སྣོད་དུ་གྱུར། ལྷུན་གྲུབ་རིགས་འཛིན་གྱི་ས་བོན་ཐེབ། མཐར་ཐུག་གི་འབྲས་བུ་ངོ་བོ་ཉིད་སྐུའི་སྐལ་བརྒྱུད་ལ་བཞག་གོ། །གསུམ་པ་རྗེས་ལ་དམ་ཚིག་ཁས་གླང་པ་ནི། རྩ་བ་སྐུ་གསུང་ཐུགས་མཆོག་དང་། །ཡན་ལག་དམ་ཚིག་ཉི་ཤུ་ལྔ། །མེད་དང་གཅིག་པུ་ཕྱལ་བ་སོགས། །ཆོ་ག་བཞིན་དུ་བསྲུང་བར་བགྱི། །ལན་གསུམ་གཏད་རག་གི་མཎྜལ་ཕུལ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཁྱེད་ལ་བདག་ཀྱང་ཡོངས་སུ་འབུལ། །སློབ་མར་བཟུང་ནས་སྤྱད་དུ་གསོལ། །བསྔོ་སྨོན་རྣམས་སྤྱི་ལྟར་བྱ་ཞིང་། ཆོ་གའི་རྗེས་ཆོག་རྣམས་ཀྱང་དཀྱུས་བཞིན་ནོ། །ཞེས་པའང་རིན་ཆེན་རྡོ་རྗེའི་ངར་ལྕགས་ཟམ་བླ་བྲང་དུ་བྲིས་པའོ།། བཀྲ་ཤིས།

(༡༢༦༧)འུྃ ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ལས པྲ་ཁྲིད་དམར་བྱང་གནད་ཡིག་བཞུགས

(༡༢༦༨)འུྃ སྡུག་བསྔལ་རང་གྲོལ་ལྷ་ལ་འདུད བོད་ཡུལ་ཐུགས་རྗེ་ཆེན་པོ་ཡིས གདུལ་བྱར་གྱུར་པའི་རྟེན་འབྲེལ་ལས སེམས་བསྐྱེད་ལྡན་པས་འཕྲིན་ལས་མཐའ གང་བརྩམས་ཐུགས་རྗེ་བྱིན་རླབས་མྱུར དེ་ཕྱིར་པྲ་ཁྲིད་དམར་བྱང་གནད ཆོས་རྒྱལ་ཁྱོད་ལ་བརྩེ་བས་གདམས མང་དུ་སྤེལ་ན་དམ་ཚིག་ཉམས ས་མ་ཡ འདི་ལ་སྤྱི་དོན་ལྔ་ཡིན་ཏེ སྒྲུབ་རྫས་བླ་རྡོ་སྲོག་འཁོར་དང་ དཀྱིལ་ཆོག་དམིགས་གནད་ཁ་བསྒྱུར་རོ དང་པོ་སྒྲུབ་རྫས་བསགས་པ་ནི ཡར་ངོའི་གཟའ་སྐར་བཟང་པོ་ལ མཆོག་སྒྲུབ་རྩ་བའི་མྱོང་གྲོལ་དང་ ཐུན་མོང་ལས་བཞིའི་ཁ་ཚར་

(༡༢༦༩)འུྃ གདབ དང་པོ་རྩ་བའི་རྫས་མཆོག་ནི འབྲས་བུ་གསུམ་དང་གེ་སར་གསུམ ཅུ་གང་གི་ཝཾ་སིནྡྷུ་ར ཙན་དན་དཀར་པོ་དབང་པོ་ལག བྲག་ཞུན་རུ་རྟ་བཟང་པོ་དྲུག ཅོད་ཞི་སྤང་རྒྱན་དཀར་པོ་དང་ རྒྱལ་བའི་སྤྱན་ལྡན་ཤུག་པའི་འབྲུ སྦྲང་རྩི་ཤིང་མངར་ག་བུར་སྟེང་ སྐྱེ་བདུན་བྱང་སེམས་དཀར་དམར་དང་ དམ་རྫས་ཤ་ལྔ་བདུད་རྩི་ལྔ བདེ་གཤེགས་རིང་བསྲེལ་ལ་སོགས་པ༔ ཁྱད་པར་རྨད་བྱུང་ངམ་རྫས་རིགས༔ དངོས་གྲུབ་འགུགས་པའི་ཐབས་ཀྱི་ཚུལ གྲོང་པའི་ཆོས་ཀྱིས་མ་གོས་པའི ཟུང་འཇུག་ཁྱེའུ་གཙང་མ་ཡིས རྩི་བཞིན་བཏགས་ལ་

(༡༢༧༠)རིལ་བུར་དྲིལ༔ རང་བྱུང་ལི་ཁྲིའི་ན་བཟའ་གསོལ དེ་ཡང་ཐུན་མོང་རྣམ་པ་བཞི ལས་ཚོགས་སྦྲགས་ནས་བྱ་འདོད་ན ཀུན་ལ་སྔ་མའི་རྫས་ཀྱི་སྟེང་ ཚེ་བསྲིང་ཞི་ལས་སྒྲུབ་པ་ལ དཱུར།།།ཉེ་ཤིང་ར་མཉེ་གསེར ཨུཏྤལ་ངང་པའི་ཀླད་པ་བསྣན དེ་བཞིན་རྒྱས་པའི་ལས་ཚོགས་ལ གུ་གུལ་གླ་རྩི་རྨ་བྱའི་མདོངས བྱ་རྒོད་ཀླད་པ་གླང་ཆེན་ཤ དཔའ་བོའི་རིགས་ཀྱི་བྱང་ཆུབ་སེམས ཚེ་ཤུག་སེད་ལྡེང་ཁནྜ་སྦྱར སྣང་བ་དབང་སྡུད་སིན་དྷུ་ར ཁུག་ཆོས་གླང་སྣ་ཧ་ལོ་མཚལ པདྨའི་ཟིལ་པ་ཁབ་ལེན་རྡོ ནོར་སྒྲུབ་རིན་ཆེན་སྣ་ལྔ་དང་ ཤིང་ཏོག་འབྲུ་བཅུད་ལན་ཚྭ་བསྣན ཀུན་ལ་རང་རང་ལས་མདོག་དང་ མཐུན་པའི་ན་བཟའ་བཀྲག་ཅན་གསོལ རཏྣའི་བུམ་པའི་ནང་དུ་སྩལ གཉིས་པ་བླ་རྡོ་སྲོག་འཁོར་ནི རྒྱ་ཤོག་གམ་ནི་དར་དམར་ལ འཁོར་ལོ་མུ་ཁྱུད་བཞི་བཞིར་བསྐོར དང་པོར་ཚེ་སྤེལ་འཁོར་ལོ་ནི ལྟེ་བར་བུམ་པའི་ཁོང་སེང་དུ ཟླ་བའི་སྟེང་ན་སྲོག་ཡིག་ཏཱྃ

(༡༢༧༡)འུྃ མདུན་ནས་བརྩམས་པའི་གཡས་བསྐོར་དུ གཙོ་སྔགས་ཡི་གེ་བདུན་པའི་མཐར རང་སྔགས་ཤམ་བུར་འདི་ཉིད་བྲི བདག་འཆང་བ་པོ་ལ་ཚེ་ཉི་ཟླ་དང་མཉམ་པའི་དངོས་གྲུབ་སྩོལ་ཅིག་སྭཱ་ཧཱ ཞེས་དང་དེའི་ཕྱི་པད་འདབ་བཞིར ཚེ་འཛིན་བརྟན་པའི་གཡུང་དྲུང་བཞིའི གྲྭ་བཞིར་རྒྱས་གདབ་གསང་སྔགས་འདི ཚན་པ་བཞི་རུ་བགོས་ནས་བྲི མ་མ་ཨཱ་ཡུར་ཛྙཱ་ན་ཚེ་བྷྲཱུཾ་ཧཱུྃ ཞེས་དང་དེའི་ཕྱིར་དབྱངས་གསལ་ལ རྟེན་འབྲེལ་སྙིང་པོས་མཐའ་བརྟན་བྱ ཕྱི་འཁོར་ནོར་འཛིན་པ་ཏྲའོ གཉིས་པ་རྒྱས་བྱེད་འཁོར་ལོ་ནི ལྟེ་བར་ཉི་དཀྱིལ་མཱཾ་གྱི་མཐར གཙོ་སྔགས་རྗེས་སུ་རང་སྲོག་སྔགས ཤམ་བུར་བདག་འཆང་བ་པོའི་བསོད་ནམས་དང་ཀློང་རྟའི་དཔལ་བསྐྱེད་དུ་གསོལ་སྭཱ་ཧཱ ཞེས་དང་དེའི་ཕྱིར་པད་འདབ་བཞིར རྒྱས་བྱེད་ནོར་བུ་འབར་བའི་ནང་ ཨཱ་ཡུཛྙཱ་ན་པུ་ཎྱེ་པུཥྚི༚་ཀུ་རུ་སྭཱ་ཧཱ ཞེས་དང་དེའི་ཕྱིར་སྔ་མར་མཚུངས ཕྱི་འཁོར་བགེགས་འདུལ་

(༡༢༧༢)མེ་རིས་བ་སྐོར གསུམ་པ་ཁམས་གསུམ་དབང་བྱེད་ནི ལྟེ་བར་ལྕགས་ཀྱུའི་དབུས་སུ་བྃ མཐའ་བསྐོར་གཙོ་དང་རང་སྔགས་ཤམ ཁམས་གསུམ་སྲིད་པའི་དངས་བཅུད་བཀྲག་མདངས་དང་བཅས་པ་ཛཧཱུྃ་བཾ་ཧོ བརྟན་གཡོའི་དངོས་པོ་ཝཱ་ཤང་ཀུ་རུ་སྭཱ་ཧཱ ཞེས་དང་དེའི་ཕྱི་པད་འདབ་བཞིར པདྨའི་མདའ་གཞུ་བཀང་བའི་ནང་ མ་མ་ཧྲི༚་ཧྲི༚་ཨ་ཏྲི་ནྲི་ཛི ཡིད་གཡོས་སེམས་སྒུལ་རང་དབང་མེད་པར་དུང་དུང་ཛ ཞེས་དང་ཁྱད་པར་དམིགས་བྱ་ཡི མིང་སྤེལ་གཞུག་པ་མན་ངག་གོ ཕྱི་ལ་དབྱངས་གསལ་རྟེན་སྙིང་འདྲི ཁོར་ཡུག་འོད་ཟེར་ལྕགས་ཀྱུ་ལ ཛ ཞེས་དང་ཁྱད་པར་དམིགས་བྱ་ཡི མིང་སྤེལ་གཞུག་པ་མན་ངག་གོ ཕྱི་ལ་དབྱངས་གསལ་རྟེན་སྙིང་འདྲི ཁོར་ཡུག་འོད་ཟེར་ལྕགས་ཀྱུ་ལ ཛ ཡིག་མཚན་པའི་དྲ་བས་སྦྲེལ བཞི་པ་ནོར་སྒྲུབ་ཙཀྲ་ནི ལྟེ་ཞལ་ཤེས་ཡོད་བར་རཏྣའི་ཟ་མ་ཏོག བྷྲུཾ་ཡིག་གིས་མཚན་མཐའ་བསྐོར་དུ གཙོ་སྔགས་རང་སྔགས་སྤྲེལ་བའི་ཤམ བདག་འཆང་བ་པོ་ལ་འཇིག་རྟེན་སྲིད་པའི་ལོངས་སྤྱོད་འདོད་ཡོན་མི་ཟད་པའི་གཏེར་གྱི་དངོས་གྲུབ་སྩལ་དུ་གསོལ་སྭཱ་ཧཱ ཞེས་དང་པད་འདབ་རྣམ་པ་བཞིར རཏྣའི་

(༡༢༧༣)འུྃ གཏེར་བུམ་ལུད་པའི་ཚུལ དེ་ཡི་ལྟོ་བར་སྔགས་འདི་བྲིས མ་ཎི་རཏྣ་སརྦ་སིདྡྷི་ཧཱུྃ་ཧཱུྃ་སྭཱ་ཧཱ། ཞེས་དང་དེའི་ཕྱི་སྤྱི་དང་འགྲོ ཁོར་ཡུག་ནོར་འཛིན་པ་ཊས་བསྐོར ཀུན་ལ་རང་རང་གསང་བའི་རྫས ཞལ་ཤེས་གནང་དང་ལྡན་པར་བྱུག སོ་སོའི་དབུས་ཀྱི་བླ་རྔོ་ནི ཚེ་འཁོར་གཡུ་བྱང་མིག་མེད་ལ འོད་ཟེར་ཅན་ལ་ས་སྙིང་སྦྲམ དབང་མོར་རྒྱལ་མོ་ལག་གཡས་སམ མ་གྲུབ་བྱུ་རུ་ནོར་མིག་ཅན ནོར་རྒྱུན་མ་རྒད་བཻ་ཌཱུརྱ ཀུན་ལ་རང་བྱུང་ཤེལ་དཀར་པོ གས་གྲུམ་མེད་པའི་ཟུར་ལྡན་བཅས གྲིལ་ཏེ་ཟ་འོག་ན་བཟའ་གསོལ དར་སྣ་ལྔ་ཡི་རྒྱ་ཚིངས་གདབ རིན་པོ་ཆེ་ཡི་གའུ་འམ ཙན་དན་སེང་ལྡེང་སྒྲོམ་བུར་བཅུག མི་ལག་མི་གཏད་གྲིབ་ལ་གཟབ སྒྲུབ་དུས་རང་རང་བུམ་སྟེང་འགོད རིགས་དང་མཐུན་པའི་དར་གྱིས་དགབ གཙོ་བུམ་མཐོང་གྲོལ་ཙཀྲས་གཡོག དར་སྣ་ལྔ་ཡི་ན་བཟས་བཀླུབས མྱོང་གྲོལ་རྐྱང་པར་སྒྲུབ་པ་ལ

(༡༢༧༤)རྫས་གཞན་དམིགས་ཀྱིས་མ་གསལ་བས རྒྱས་བསྡུས་བྱེ་བྲག་བྱེད་པར་བྱ སྒྲུབ་རྫས་བླ་རྡོ་སྲོག་འཁོར་གྱི མན་ངག་གུང་དུ་སྦས་པའོ གསུམ་པ་དཀྱིལ་འཁོར་བཅའ་གཞི་ནི ས་ཡི་ཆོ་ག་ནས་བཟུང་སྟེ སྒྲུབ་པ་ཆེན་པོའི་ཁོག་དབུབ་བམ སྤྲོས་པ་དམན་པས་ཕྱི་ནང་གི མཚམས་གཅོད་ཙམ་དང་གཞི་བདག་ལ དཀར་གཏོར་སྦྱིན་ལ་བདེན་པ་བདར ཆོས་ཉིད་བསམ་གྱིས་མི་ཁྱབ་པའི ཏིང་འཛིན་བདེན་པས་དཀྱིལ་འཁོར་བཞེང་ སྟེགས་བུ་མདའ་གང་གྲུ་བཞི་པའི ངོས་ལ་ཆང་དང་སིནྡྷུ་ར བ་བྱུང་ལྔ་ཡིས་ཆག་ཆག་གདབ ཕོ་བྲང་པདྨ་འདབ་བཞི་ལ སྒོ་ཁྱམས་རྟ་བབས་མུ་ཁྱུད་དང་ པད་རྡོར་མེ་རི་ལ་སོགས་པ སྤྱི་མཐུན་བྲིས་པའི་སྟེང་ཉིད་དུ ལྡིང་ཁྲིའི་སྟེང་དུ་རང་རང་བུམ ལྷ་གནས་མ་འཆོལ་ཚུལ་བཞིན་བཤམས༔ སྟེང་ནས་དར་གྱི་ལྡིང་གུར་ཕུབ ཕྱི་ནང་གསང་བའི་མཆོད་པས་བསྐོར གནས་ཁང་རྒྱན་གྱིས་མཛེས་པར་བྱ བགེགས་བསྐྲད་གུ་གུལ་དུད་པས་བདུག༔ བདེ་བའི་སྟན་ལ་

(༡༢༧༥)འུྃ བག་ཕོབ་ལ༔ ལས་ཀྱི་གཞུང་བསྲང་དེ་ཡང་ནི རྩ་བསྙེན་བྱེ་བ་མ་ཐོན་པར བདག་དང་དཀྱིལ་འཁོར་སྒྲུབ་རྟེན་གསུམ དབྱེར་མེད་གཅིག་ཏུ་གསལ་བཏབ་སྟེ༔ བསྒོམས་པས་སྒྲུབ་པའི་དྲོད་རྟགས་མྱུར བཞི་པ་སྒྲུབ་པའི་དམིགས་གནད་ནི བདག་མདུན་ཐ་དད་འཛག་བབ་དབྱེ བུམ་པ་ལྷ་ཡི་གཞལ་མེད་ལ རིལ་བུ་ལྷ་ཡི་ཕྱག་རྒྱར་གསལ འགྲོ་ཀུན་འཕགས་པའི་གོ་འཕང་ལ འགོད་འདོད་བཅོས་མིན་བྱང་ཆུབ་སེམས དཔའ་བར་འགྲོ་བའི་ཏིང་འཛིན་གྱིས བདག་བསྐྱེད་ཐུགས་ལས་འོད་ཟེར་དཀར བ་ཐག་འཛིངས་པ་ལྟ་བུར་འཕྲོས མདུན་བསྐྱེད་ལྷ་ཚོགས་ཐུགས་ཀར་ཕོག བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་བསྐུལ ཀུན་ཀྱང་ཡི་གེ་དྲུག་མའི་སྒྲ བུད་པའི་ཚང་ལྟར་སྒྲོགས་པ་ལ འོད་ཟེར་དྲྭ་བས་སྟོང་གསུམ་ཁེངས སྲིད་རྩེ་མནར་མེད་ཡན་ཆད་ཀྱི རང་རང་ལས་དང་སྡུག་བསྔལ་ཀུན ཉི་མས་བ་མོ་ཞུ་བཞིན་སྦྱངས

(༡༢༧༦)སྣོད་བཅུད་འབྱུང་ལྔའི་དུག་གཞིལ་ཏེ སྣོད་ཀྱི་འཇིག་རྟེན་གཞལ་མེད་ཁང་ བཅུད་ཀྱི་སེམས་ཅན་སྲིན་བུ་ཡན འཕགས་པའི་སྐུ་རུ་དཀྲོང་གིས་གྱུར སྒྲར་གྲགས་ཡི་གེ་དྲུག་མའི་གདངས དྲན་རྟོག་འོད་གསལ་བྱང་ཆུབ་སེམས འཁོར་འདས་མཉམ་པ་ཉིད་ཀྱི་ཀློང་ གསལ་འགྲིབ་མེད་པའི་ངང་ནས་བཟླ སྐྱོན་དབྱངས་ཀྱི་རྟ་ལ་བསྐྱོན བྱིང་རྒོད་གཉིད་དང་ལེ་ལོ་སོགས ཏིང་འཛིན་གེགས་དང་མ་འདྲེས་པར རིག་པ་གཟེངས་བསྟོད་ཐུན་བཞིར་འབད དར་དྲག་ཡུན་ཐུང་སྒྲུབ་པའི་གནད བདུན་ཕྲག་གཅིག་གིས་དངོས་གྲུབ་ཐོབ དེ་ཚེ་སྒོ་གསུམ་སྒྲིབ་དག་རྟགས ཁྲུས་བྱས་གོས་གསར་དྲི་མེད་གྱོན གྱེན་འཛེགས་གངས་ཀྱི་རི་བོ་མཐོང་ ལུས་ལས་རྣག་ཁྲག་མི་གཙང་འབབ ནམ་ལངས་ཉི་ཟླ་ཤར་བ་དང་། ཁྱེའུ་དཀར་པོ་དར་གོས་ཅན མཐོང་ཞིང་དུས་གསུམ་ལུང་སྟོན་དང་ གྲེ་ལྕེ་བདེ་ཞིང་རིག་པ་དངས སྒྲུབ་ཁང་འོད་ཀྱིས་ཁེངས་པ་དང་ རིལ་བུ་རླངས་འཐུལ་དྲི་ཞིམ་སྣོམ བག་དྲོ་ཉམས་དགའ་ཏིང་འཛིན་

(༡༢༧༧)འུྃ གསལ དེ་སོགས་རྣམ་པ་ཅིར་བྱུང་ཡང་ སྤྲོ་བ་མི་བསྐྱེད་བཟང་ངན་ཀུན ཆོས་ཉིད་མཉམ་པ་ཉིད་དུ་བརྡལ རང་སྣང་འགྱུར་ཚེ་གཞན་སྣང་འགྱུར ཀུན་ལ་བྱམས་དང་སྙིང་རྗེ་སྐྱེ འཇིག་རྟེན་འདི་ཡི་འཁྲི་པ་ཆོད སྣང་བ་བན་པུན་ཆད་ཆོད་འགྲོ གཟའ་གཏད་མེད་པའི་རྟོགས་པ་འཆར བྱང་ཆུབ་སེམས་ཀྱི་ནུས་སྨིན་པས གཞན་ཕན་རྩོལ་བ་མེད་པར་འབྱུང་ དེ་ལྟར་རྟགས་ཀྱི་རིམ་པ་ནི བསྙེན་སྒྲུབ་ལས་སྦྱོར་ཀུན་ལ་འབྱུང་ རང་གི་ཉམས་དང་སྦྱར་ཏེ་དཔྱད མཆོག་སྒྲུབ་རྩ་བའི་སྒྲུབ་པའོ ཁྱད་པར་ལས་ལ་སྦྱར་འདོད་ན ཚེ་སྤེལ་ཞི་བའི་ལས་ཚོགས་ཏེ རྗེ་བཙུན་སྒྲོལ་མ་སྐུ་མདོག་དཀར ཕྱག་གཡས་མཆོག་སྦྱིན་ཨུཏྤལ་འཛིན གཡོན་པས་མཉམ་གཞག་ཚེ་བུམ་ཅན ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་བཞུགས གསལ་བརྟན་འོད་ཟེར་འབར་བ་ཡིས ཐུགས་དམ་རྒྱུད་བསྐུལ་འོད་ཟེར་འཕྲོས བདེ་གཤེགས་

(༡༢༧༨)ཀུན་གྱི་དངས་མའི་སྲོག བརྟན་གཡོའི་ཚེ་བཅུད་འགུགས་པ་སོགས རྩ་བའི་གཞུང་ལྟར་ཤེས་པར་བྱ རྒྱས་བྱེད་འོད་ཟེར་ཅན་མ་ནི ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར ཞབས་གཉིས་དོར་སྟབས་ཞི་མ་ཁྲོ ཕྱག་གཡས་རཏྣའི་ནོར་བུ་དང་ གཡོན་པ་ཉི་ཟླའི་ཞགས་པ་གདེངས དར་དང་རིན་ཆེན་རྒྱན་གྱིས་མཛེས འཕྲོ་འདུའི་དམིགས་གཡོན་བསྐུམས་གཡས་བརྐྱངས་ཟུར་ཞལ་གྱེན་ལ་གཟིགས པ་གཞུང་ལྟར་ལ ཁྱད་པར་ཞགས་པ་གཡུགས་པ་ཡིས ལོག་འདྲེན་དབང་བསྡུས་ཉི་ཟླ་གཉིས ཆ་ལང་བརྡབས་པའི་བར་དུ་འཚིར དེ་ཡི་བཀྲག་མདངས་ཚེའི་ལྷག་མ བརྟན་གཡོའི་གཟི་བྱིན་སྟོབས་དཔལ་ཀུན བདག་ཐིམ་གཟི་བྱིན་འབར་བར་དམིགས དབང་མཛད་ཀུ་རུ་ཀུལླེ་ནི ཞལ་གཅིག་ཕྱག་བཞི་བརྐྱང་བསྐུམས་ཞབས རྩ་ཕྱག་པདྨའི་མདའ་གཞ་ུབགང་ ལྷག་མ་རྣམ་གཉིས་ལྕགས་ཀྱུ་ཞགས སྟག་ཤམ་རུས་རྒྱན་པད་ཕྲེང་ལྡན འཕྲོ་འདུའི་དམིགས་པ་གཞུང་ལྟར་ལ ཁྱད་པར་མཁའ་འགྲོ་ཆོམ་རྐུན་མའི

(༡༢༧༩)འུྃ གནད་ཀྱི་མན་ངག་འདི་ལྟ་སྟེ བདག་མདུན་གཙོ་ལས་འོད་འཕྲོས་པས དབང་མོའི་ཐུགས་ཀར་ཕོག་པའི་མོད ཟག་མེད་བདེ་བ་ཆེན་པོའི་ཉམས དཔག་ཏུ་མེད་པ་འབར་བ་ལས ཐུགས་དམ་རྒྱུད་བསྐུལ་དེའི་ཐུགས་ནས མཁའ་འགྲོ་ཡིད་ཀྱི་ཆོམ་རྐུན་མ དམར་གསལ་བཀྲག་དང་ལྡན་པ་ལ ཧྲི༚སྒྲ་སྒྲོག་པ་ཏལ་གྱིས་འཐོན པད་མདའ་འོད་ཀྱི་བུ་གུ་ཅན དེ་ཡི་ནང་ཞུགས་ཤར་གྱིས་ཐོན ཕོ་ཡི་སྤྱོ་བོ་མོའི་གསང་གནས ལམ་བརྒྱུད་སྙིན་གི་དབུས་སུ་ཞུགས བཀྲག་མདངས་བཅུད་ལ་འཇིབས་པ་ཡིས འདོད་པ་གཡོས་ཤིང་བརྟན་པ་ཕྲོག ཤོག་སྐྱ་རླུན་གིས་བཏེག་པ་བཞིན རང་དབང་བྲལ་ཏེ་འདུད་པར་བསམ མཁའ་འགྲོ་ཚུར་འདུས་འོད་དུ་ཞུ རང་ལ་བསྟིམ་སྟེ་སྟོང་ཉིད་སྒོམ དེ་ལྟར་ཡང་ཡང་འབད་པ་ཡིས འཁོར་ལོས་སྒྱུར་རྒྱལ་ཡིན་ཡང་འདུ ཕ་རོལ་བརྟན་པ་བྲལ་གྱུར་ན ཞི་རྒྱས་གཉིས་ཀྱི་རིལ་བུས་གསོ རང་དབང་གྱུར་ནས་ཆོས་ལ་འགོད རང་

(༡༢༨༠)གར་སྤྱད་ན་རྣམ་སྨིན་ཆེ འབྲེལ་ཚད་དོན་དང་ལྡན་པར་བྱ ནོར་སྒྲུབ་མན་ངག་འདི་ལྟ་སྟེ འདོད་པ་འཇོ་བའི་གཏེར་བུམ་སྟེང་ འཕགས་མ་ནོར་རྒྱུན་ལྷ་མོ་ནི ཞལ་གཅིག་ཕྱག་གཉིས་མཉམ་སྟབས་བཞེངས དར་དང་རིན་ཆེན་རྒྱན་ཕྲེང་མཛེས ཕྱག་གཡས་ཡིད་བཞིན་ནོར་བུ་དང་ གཡོན་པ་དགོས་འབྱུང་ནེའུ་ལེ་འཛིན ལྗང་གསལ་སེམས་མའི་ཆ་བྱད་ཅན འོད་ཟེར་སྤྲོ་བསྡུ་གཞུང་ལྟར་ལ ཟས་ནོར་ཆར་དུ་བབ་པར་སྒོམ དེ་རྣམས་ཀུན་གྱི་དམ་ཚིག་ཏུ དཀོན་མཆོག་མཆོད་དང་སྲོག་བསླུ་འདོན མཆོད་རྟེན་གསོ་ཞིང་མཎྜལ་འབུལ ལན་ལ་མི་རེའི་སྦྱིན་གཏོང་སོགས རྣམ་དཀར་དགེ་བའི་ལས་ལ་འབད ཁྱད་པར་སྙིང་རྗེ་ཆེན་པོའི་བློས གཞན་དོན་སྒྲུབ་པའི་བློ་མེད་ན བསྒྲུབས་ཀྱང་ནུས་པ་མི་འབྱིན་ཏེ པྲ་མེན་དབང་ཕྱུག་རིགས་སྔགས་ལྟར རྫས་སྔགས་རྟེན་འབྲེལ་ཙམ་གྱི་མཐུས གནས་སྐབས་དོན་འགྲུབ་འདི་མ་ཡིན དགོས་འབྲེལ་ལྡན་པའི་བརྟུལ་ཞུགས་ཀྱིས དོན་གཉིས་ལྷུན་གྲུབ་ལ་སྤྱོད་པ སངས་

(༡༢༨༡)འུྃ རྒྱས་པ་ཡི་ཁྱད་ཆོས་ཕྱིར བྱང་ཆུབ་སེམས་དང་འབྲལ་མི་བྱ ལྔ་པ་ལས་ཀྱི་མཐའ་སྒྱུར་ནི གང་གི་ཆེ་ཡར་རྟགས་བྱུང་ནས དངོས་གྲུབ་བླང་ཞིད་གཏང་རག་འབུལ ལྷ་རྣམས་ཡེ་ཤེས་སྙིང་གར་བསྡུ དམ་ཚིག་རིལ་བུ་དག་ལ་བསྟིམ ལས་གང་སྒྲུབ་པའི་མཐུ་ལྡན་བསམ རིལ་བུ་མི་ལག་མི་བརྒྱུད་ཅིང་ དེ་ཡང་མཆོག་སྒྲུབ་མྱོད་གྲོལ་རྫས༔ འགྲོ་བ་ཀུན་ལ་སྙོམས་པར་བྱིན ཡུལ་གྱི་ཆུ་མགོ་དག་ཏུའང་སྦ ཟོས་ཚད་འཕགས་པའི་ཐུགས་རྗེ་ཡིས རྗེས་བཟུང་ལས་ངན་སྲབ་ནས་ཀྱང་ ཞིང་མཆོག་པོ་ཏ་ལ་རུ་སྐྱེ ཁ་སྐོང་ཞི་བའི་སྦྱིན་སྲེག་བྱ སྨན་གཏོར་རཀྟ་རྫས་སུ་འབུལ ཁྱད་པར་དབང་གི་མཐའ་སྡུད་ལ རྟ་མགྲིན་འདུས་པའི་དཀྱིལ་འཁོར་དུ མན་ངག་གནད་དང་ལྡན་པ་ཡི བསྲེག་རྫས་རིལ་བུ་གཙོར་གྱུར་གྱི དབང་གི་སྦྱིན་སྲེག་མྱུར་བར་བྱ ཐལ་སོལ་རི་རྩེར་རླུང་ལ་བསྐུར ལས་ཚོགས་རིལ་བུ་ཁུག་མར་བླུག ཀུན་ལ་མི་སྟོན་མ་ཉམས་བྱ དེ་ཡང་

(༡༢༨༢)ཐོ་རེངས་ཚེའི་རིལ་བུ འབྲུ་གསུམ་སྔགས་ཀྱིས་བ་དུད་རྩིར་རློབ རང་ཉིད་ཚེ་ལྷའི་ཏིང་འཛིན་དང་ གསུམ་མམ་ལྔ་སོགས་རྟག་པར་བསྟེན དེ་བཞིན་རྒྱས་པ་ཉིན་གུང་དང་ དབང་ལ་དམིགས་པའི་ཁ་སྒྱུར་ཅིང་ སྔགས་ཀྱི་དར་བཏགས་དགོངས་ཁའི་དུས རང་ཉིད་བཟའ་ཞིང་གཞན་ལ་བྱིན དེ་ཉིད་ངེས་པར་དབང་དུ་འགྱུར ནོར་སྒྲུབ་རཏྣའི་བུམ་པར་སྩལ མཛོད་ཕུགས་གཞུག་ཅིང་ས་བཅུད་གསོ བུམ་ཞལ་ཤས་ཡོད་ གཏེར་རྫས་ལ་ཁྱད་པར་འཕགས ཡང་ན་རང་གིས་ཟས་ཀྱང་རུང་ བཅུད་ལེན་ཀུན་གྱི་མཆོག་ཏུ་འགྱུར སྒྲུབ་པའི་རྗེས་ཀྱི་བྱ་བ་རྣམས སྤྱི་དང་མཐུན་པ་ཉིད་དུ་སྤྱད ས་མ་ཡ པྲ་ཁྲིད་སྙིང་གི་དུམ་བུ་འདི མ་འོངས་གདུལ་དཀའི་འགྲོ་བ་རྣམས༔ ཐབས་མཁས་ཐུགས་རྗེའི་རྩལ་ཤུགས་ཀྱིས འདུལ་ཕྱིར་སྣང་ཆའི་ཤོག་སེར་ལ ཡེ་ཤེས་མཁའ་འགྲོས་བརྡར་བཀོད་དེ འགྱུར་མེད་འོད་གསལ་སྒྲོམ་བུར་སྩོལ ནམ་ཞིག་འགྲོ་དོན་དུས་བབས་ཚེ དེ་ཡི་ཐུགས་བསྐྱེད་སྨོན་ལམ་མཐུས རྒྱལ་

(༡༢༨༣)འུྃ སྲས་ཚངས་བའི་མེ་ཐོག་ལ རང་བྱུང་ཌཱཀྐིས་བརྡ་དཀྲོལ་ཏེ འབྲེལ་ཚད་དོན་དང་ལྡན་པར་ཤོག སྐུའི་རྒྱ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ སྦས་རྒྱ གསང་རྒྱ དྷ་ཐིམ ༈ རྒྱུ་སྦྱོར་སྦྱིན་པའི་བདག་པོ་བཀྲ་ཤིས་ཚེ་དཔལ་ནས་དངུལ་སྲང་ ༣ ཤེལ་སྒོམ་རིན་གླིང་ནས་དངུལ ཤེལ་བྲག་དབུ་མཛད་ནས་དངུལ ༣ ཞོལ་ཁང་པའི་ཁ་ལྷག་ནས་དངུལ བཅས་ཀྱི་བར་དུ་བསྐྲུན་པའི་དགེ་བས་ཁམས་གསུམ་སེམས་ཅན་ཐམས་ཅད་རྣམ་གྲོལ་བླ་ན་མེད་པའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །མངྒ་ལཾ།

(༡༢༨༤)

(༡༢༨༥)འུྃ ཀློང་ཆེན་སྙིང་གི་ཐིག་ལེ་ལས༔ རྟ་མགྲིན་འདུས་པའི་སྒྲུབ་ཐབས་བཞུགས༔

(༡༢༨༦)འུྃ༔ སྡུག་བསྔལ་རང་གྲོལ་སྐུ་ལ་བདུད༔ དེ་ཉིད་ཁྲོ་རྒྱལ་ལྟར་སྒྲུབ་བ༔ མངའ་བདག་རྒྱལ་པོའི་ཐུགས་དམ་ཡིན༔ སྔོན་འགྲོ་ཞི་བའི་གཞུང་ལྟར་ལ༔ ཧྲཱི དབྱིངས་རིག་ཟུང་འཇུག་དག་པ་ཆེན་པོའི་དབྱིངས༔ རང་སྣང་ལྷུན་གྲུབ་རི་བོ་པོ་ཏ་ལ བརྡ་རྟགས་མཚན་ཉིད་རྫོགས་པའི་དཀྱིལ་འཁོར་དབུས༔ སྣ་ཚོགས་པདྨ་སྟོང་ལྡན་ཉི་ཟླའི་སྟེང་༔ ཧྲཱི ལས་རང་ཉིད་འཕགས་མཆོག་ཐུགས་རྗེའི་ལྷ༔ ཡོངས་གྱུར་ཁྲོ་རྒྱལ་རྟ་མགྲིན་འདུས་པ་ནི ཀླུ་དང་རྒྱལ་བསེན་བསྣོལ་བའི་གདན་གྱི་སྟེང་༔ སྐུ་མདོག་དམར་པོ་དུས་མཐའི་མེ་ལྟར་འབར༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་གཙིགས༔ ཕྱག་གཡས་དབྱུག་ཏོས་སྣང་སྲིད་ཟིལ་གྱིས་གནོན༔ གཡོན་པས་སྡིགས་མཛུབ་ཀླུ་གཉེན་སྡེ་བརྒྱད་གཟིར༔ རལ་པ་ཁམ་ནག་ཐོད་སྐམ་ལྔ་ཡིས་བརྒྱན༔ རྟ་མགོ་ལྗང་ཞུར་འཚེར་བའི་རྡོག་མ་ནས༔ རྡོ་རྗེའི་ཚྭ་ཚྭས་དྲེགས་པ་བརྒྱལ་ཞིང་སྡངས སྐུ་ཆེ་ཡན་ལག་རགས་པའི་བ་སྤུ་ཀུན༔ ཁྲོ་ཆུང་གོ་མཚམས་མེད་པའི་སྲུང་བས་གཏམས༔ ཞིང་

(༡༢༨༧)འུྃ༔ གི་གཡང་གཞི་སྟག་གི་ཤམ་ཐབས་དང་ ཐོད་ཕྲེང་ཚར་གསུམ་སྦྲུལ་གྱི་ཚད་སྐུད་དབྱངས༔ རིགས་བཞིའི་ལྟོ་འགྲོས་ཕྱག་ཞབས་གདུ་བུ་བྱས༔ རང་འདྲའི་རིག་མགྲི་ཐོད་འཛིན་མས་འཁྱུད༔ དོར་སྟབས་མེ་དཔུང་འབར་བའི་ཀློང་ན་འགྱིངས༔ རྩིབས་བཞིར་དབང་ཆེན་སྡེ་བཞི་ལས་མདོག་ཡུམ༔ གཡས་པ་རང་རྟགས་གཡོན་པ་ཁྱུང་ཁྲ་འགྱེད༔ ཁྱམས་ལ་ཟིལ་གནོན་སྒོ་བཞིར་ཤར་སྒོ་ནས༔ རྟ་གདོང་ལྕགས་ཀྱུ་ཕག་གདོང་ཞགས་པ་མ༔ སེང་གདོང་ལྕགས་སྒྲོག་ཁྱི་གདོང་དྲིལ་བུ་འཛིན༔ གཡོན་པ་རང་རྟགས་དཀར་སེར་དམར་ལྗང་མདོག༔ སྣང་སྟོང་སྒྲིབ་གཡོགས་བྲལ་བའི་དབྱིངས་ནས་གསལ༔ ཀུན་ཀྱང་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཆན༔ སོགས་ཞི་བ་ལྟར་ལ༔ བསྟོད་པའི་སྐབས༔ སྡུག་བསྔལ་རང་གྲོལ་གྱིས་མཚན༔ ཧྱ་གྲི་བའི་སྐུར༔ ཞེས་དང་། རིགས་བཞིའི་སེམས་མ་ཞེས་པར། དབང་ཆེན་སྡེ་བཞི༔ ཞེས་བསྒྱུར༔ དེ་ནས་བསྙེན་པ་བྱ་བ་ནི༔ ཡེ་ཤེས་སེམས་དཔའ་སེམས་ཉིད་ངལ་བསོར་གསལ་

(༡༢༨༨)བའི་ཐུགས་ཀར་པད་ཉིའི་སྟེང་དུ་ཧྲཱི ཡིག་དམར་པོའི་མཐར༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ ཞེས་པས་བསྐོར་བ་ལ་དམིགས་པ་གཏད་ནས་འབྲུ་འབུམ་ལས་རུང་གི་ཚད་དོ༔ ལས་ལ་སྦྱོར་ན༔ རྩ་སྔགས་ཀྱི་འགོར༔ ཨེ་ཨ་ར་ལི་དང་༔ ཞབས་ལ༔ བཛྲ་དུན་བྷྱོ༔ ཏྲིག་ནན་ཛཛ ས་མ་ཡ་སྟྭཾ༔ ཞེས་བཏགས་ལ་སྣང་སྲིད་ཐམས་ཅད་མེའི་ཚྭ་ཚྭས་བསྲེགས་ཤིང་སྟོང་པར་སྦྱངས་པའི་དད་ལ་ཆོས་ཉིད་ཀྱི་ངང་མདངས་བསྐྱངས་པས་སྡེ་བརྒྱད་དབང་དུ་འདུ་བར་འགྱུར་རོ༔ ཐུན་མཐར་ཚོགས་ཀྱི་འཁོར་ལོ་སོགས་རྗེས་ཆོག་རྣམས་རིག་འཛིན་གཞུང་ལ་ཆིག་ཕྲང་བསྒྱུར་བར་བྱའོ༔ བྱ་སླ་ཁྱེན་བདེ་བྱིན་རླབས་ཆེ༔ འདི་ལ་བརྟེན་ནས་བཙན་པོ་ཡིས༔ རྟ་སྐད་སྟོང་གསུམ་གང་བར་བསྒྲགས༔ དེ་ཕྱིར་འདི་ལ་རྟ་མགྲིན་ནི༔ རྒྱལ་པོ་ལུགས་ཞེས་གནག་པའི་ཆོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དྷ་ཐིམ༔ རྒྱུ་སྦྱོར་བ་ལོ་རྒྱལ་ཕྱག་མཛོད་ཚེ་བརྟན་དོན་འགྲུབ་ལགས་ནས་འབྲུ་རུའི་ཁལ་བཅུ་ཐམ་པ་གནང་བར་རྟ་མགྲིན་འདུས་པ་འདི་དང་། ཐུགས་རྗེ་ཆེན་པོའི་བདག་འཇུག་དབང་དོན་གསལ་བ། དཔལ་ཆེན་ཕྱག་རྒྱ་རྒྱས་པ་བཅས་བར་ཏུ་བསྐྲུན་པའི་དགེ་བས་རྣམས་ཁྱེན་བླ་ན་མེད་པའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །བཀྲ་ཤིས་


no previousno next