Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

1 occurrence of ཁྲོལ་བུ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
བླ་མ་སྐུ་གསུམ་ཞི་ཁྲོའི་ཚེ་འདས་ཀྱི་ཕུང་པོ་སྲེག་སྦྱོང་གི་ཆོ་ག་ཡེ་ཤེས་མེ་འོད།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


1 occurrence of ཁྲོལ་བུ་
[Clear Hits]

 
previousབླ་མ་སྐུ་གསུམ་ཞི་ཁྲོའི་ཚེ་འདས་ཀྱི་ཕུང་པོ་སྲེག་སྦྱོང་གི་ཆོ་ག་ཡེ་ཤེས་མེ་འོད།next

བླ་མ་སྐུ་གསུམ་ཞི་ཁྲོའི་ཚེ་འདས་ཀྱི་ཕུང་པོ་སྲེག་སྦྱོང་གི་ཆོ་ག་ཡེ་ཤེས་མེ་འོད།


JSD004_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སྐུ་གསུམ་ཞི་ཁྲོའི་ཚེ་འདས་ཀྱི་ཕུང་པོ་སྲེག་སྦྱོང་གི་ཆོ་ག་ཡེ་ཤེས་མེ་འོད་ཅེས་བྱ་བ་བཞུགས་སོ།།


JSD004_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་རྩ་གསུམ་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་ལོ། །དེ་ལ་འདིར་བླ་མ་སྐུ་གསུམ་ཞི་ཁྲོའི་དཀྱིལ་འཁོར་ལ་བརྟེན་ནས་ཚེ་འདས་ཀྱི་ཕུང་པོ་སྲེག་སྦྱོང་བྱ་བ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་བཞི། ས་ཆོག་བྱ་བ། ཐབ་རྩིག་པ། རོ་ཆས་བྱ་བ། མཆོད་རྫས་འདུ་བྱ་བའོ། །དང་པོ་ནི། གང་དུ་བྱ་བའི་གཞི་མ་དུལ་བ་ཡིན་ན་བདག་བསྐྱེད་སྔོན་དུ་འགྲོ་བས་གཞི་བདག་ལ་གཏོར་མ་བྱིན་ནས་བཀའ་བསྒོས་ལ། བཛྲ་གུ་རུ་དང་ཞི་ཁྲོ་སྤྱི་དྲིལ་སྦྲེལ་བ་བརྒྱ་རྩ་་བཟླ་བཞིན་རྡོ་རྗེ་དང་བཅས་པའི་ལག་པས་སའི་དབུས་སུ་རེག་ཅིང་ས་གཞི་ཉེས་སྐྱོན་ཐམས་ཅད་དང་བྲལ་ཞིང་རིན་པོ་ཆེའི་རང་བཞིན་ཡོན་ཏན་ཕུན་སུམ་ཚོགས་པར་བསམ།


JSD004_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་བདེན་སྟོང་སྒྱུ་མ་ལྟ་བུ་བློ་བཞག་པ་དོན་དམ་གྱི་སྦྱོང་བ་དང་བཅས་པས་ས་སྦྱོང་ཞིང་བཟུང་ངོ་། །གཉིས་པ་ནི། གང་ཟག་རབ་ལ་སྲེག་ཁང་མཆོད་རྟེན་གྱི་རྣམ་པ་དང་། འབྲིང་ལ་ཁང་ བུ། ཐ་མ་ལ་ཁྲོལ ་ཐབ་སྒྱེད་པུ་ཅན་ཏེ་མཆོག་དམན་གྱི་བྱེ་བྲག་ཤེས་དགོས། མེ་གདན་རས་སམ་ཤོག་གུ་ལ་ཚངས་ཟུར་གྱིས་ཐིག་གདབ་པར། དབུས་ནས་སོར་བཞི་བསྐོར་བའི་ལྟེ་བ་དང་། ཁྲུ་ཕྱེད་བསྐོར་བས་ཐབ་ཀྱི་ནང་མཐའ་དང་། དེའི་སྟེང་སོར་བཞི་བཞི་བསྣན་པས་ཁ་ཁྱེར་མུ་རན་དང་བཅས་པའི་ཐིག་འབྱུང་ཞིང་དབུས་སུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་སོར་བརྒྱད་པ་དང་། ཐབ་ཀྱི་ནང་ཁོངས་སུ་པདྨ་འདབ་བརྒྱད། ཁ་ཁྱེར་ལ་རྡོ་རྗེ་དཀར་པོའི་ཕྲེང་བས་བསྐོར་བ། མུ་རན་


JSD004_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མེ་རི་གཡས་བསྐོར་དུ་འབར་བ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེའི་རྩེ་མོ་ནང་བསྟན་བྲིས་ལ་སྤུར་ཐབ་ཏུ་བཏིང་ངོ་། །གསུམ་པ་ནི། རང་གི་བླ་མ་དགེ་བའི་བཤེས་གཉེན་སོགས་ཡུལ་ཁྱད་པར་ཅན་གྱི་གདུང་། མཆོད་གནས་ཀྱི་ཚུལ་དུ་ཞུགས་ལ་འབུལ་ན། སྔོན་དུ་བདག་བསྐྱེད་པདྨ་འོད་འབར་གྱི་སྒོ་ནས། གདུང་ལྷར་བསྐྱེད་བསྟིམ་ཁྲུས་གསོལ་མཆོད་འབུལ་བསྟོད་པ་བཟླས་པས་ཐུགས་རྒྱུད་བསྐུལ་བ་སོགས་ཡར་ཡང་བྱ། རོཕལ་པ་ཡོན་བདག་གི་ཚུལ་དུ་སྦྱང་ན་སྔོན་དུ་ལས་བྱང་བཞིན་རྡོར་སེམས་བསྐྱེད་ཆོག་དང་ཡི་གེ་བརྒྱ་པ་བཟླས་པས་བཞུ་བཏུལ་བྱས་པའི་ལས་བུམ་གྱི་ཆུས་ལེགས་པར་བཀྲུས་ལ། ག་བུར་དང་དྲི་བཟང་སྨན་སྣས ཁྱབ་པར་བྱུགས། གནས་གསུམ་སོགས་སུ་བཏགས་གྲོལ་གྱི་གླེགས་བམ་དང་གནས་ཡིག་གི་རིམ་པ་གཞག །ཤོག་བྱང་བྲིས་པ་ཡོད་ན་བཅིང་ཤིང་སྦྲང་རྩིས་སྦྱར། རབ་བྱུང་ཡིན་ན་ཆོས་གོས་དང་། སྔགས་པར་སྟོད་གཡོགས་སྨད་དཀྲིས་དང་དབུ་རྒྱན་གསོལ་ལ། ལག་ཏུ་རྡོར་དྲིལ་བསྣོམས་སྟབས་སུ་འཛིན་པ་རྡོ་རྗེ་འཆང་གི་ཆ་ལུགས་སུ་བྱ། ཁྱིམ་པ་ལ། གོས་དཀར་པོའམ་དམར་པོས་བླ་ཁེབས་གཡོགས། མགོ་ལ་མེ་ཏོག་


JSD004_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕྲེང་བ་བཅིངས། ཕལ་པ་ལ་གནས་འདྲེན་ལྟར་སྦྱོང་ཁྲུས་དབང་བསྐུར་ཟས་གཏད་ལམ་བསྟན་ཡན་སོང་ནས་ཁྱོགས་ལ་གཏེགས་ཏེ་བསུ་བའི་ཚུལ་དུ་སྤོས་སྣེ་དུང་རྒྱ་རྔ་སིལ་ཙམ་གྱིས་དྲངས་དེང་སང་ཁ་ཅིག་ལྟར་རོ་ལ་དར་ཐག་བཏགས་པའི་སྣེ་མོ་ནས་བཟུང་བ་དང་། ཌཱ་དྲིལ་རྐང་གླིང་དུང་ཆེན་སོགས་འུར་འུར་ཆེམ་ཆེམ་བྱེད་པ་ནི་ཁུངས་དང་མ་འབྲེལ་བའི་མཐའ་འཁོབ་ཀྱི་སྐྱེ་བོ་རྣམས་སྣང་བ་འབྲིད་ཐབས་ཙམ་དུ་ཟད་དོ། །དེ་ནས་སྲེག་ཐབ་རྨང་དུ་མེ་གདན་ཁར་ལྕགས་སྒྱེད་བརྟན་པོར་བཙུགས་པའི་སྟེང་དུ་ཅུང་ཟད་སྒུར་སྟབས་སུ་བཞག་རྐང་པ་གཉིས་ཤད་དེ་བརྐྱངས་པའི་སྣེ་ལ་རས་ལྡེ་སྣུམ་ཅན་བསྡམས། མདུན་ངོས་སུ་ཤིང་ཕྲ་བ་དང་རྒྱབ་ངོས་སུ་ཤིང་བརླ་ཡི་སྦོམ་ཕྲ་ཙམ་ཤ་སྟག་གཅེར་ལ་བཞག་པའི་ཕྱི་ནས་སོ་ཕག་ལ་སོགས་པའི་སྲེག་ཁང་གཡས་གཡོན་དུ་རླུང་གསེང་གི་བུག་པ་དང་། སྙིང་གའི་ཐད་དུ་རྫས།ཁུང་། མདུན་ངོས་རྩ་བར་སྦར་ཁུང་། སྟེང་དུ་དུད།ཁུང་རྣམས་མ་གཏོགས་གཞན་ཐམས་ཅད་བཤད་མ་ཐག་པ་ལྟར་བརྩིགས་ནས་དཀར་རྩི་གསོལ། དེ་ནས་བགེགས་བསྐྲད་ཅིང་གཤེད་དང་ཕྲལ་ལ་མེ་མཚམས་བཅད་དོ།


JSD004_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ནི། སྲེག་རྫས་རང་གི་གཡས་དང་མཆོད་རྫས་གཡོན་དུ་བཤམས་པའི་སྲེག་རྫས་ནི། མར་ཞུན་བཟང་པོ་དང་། ཡམ་ཤིང་གི་རྒྱུ་ཨརུའི་སྡོང་པོ་ལས་བྱུང་བའམ་མ་རྙེད་ན། བལ་བུ། ལྕང་མ་སོགས་ཡོ་གས་ཤུན་བྲལ་སོགས་མ་ཡིན་པ་སོར་བཅུ་གཉིས་པ་མང་བ་དང་། ཏིལ་དཀར་པོ་ལྷག་པར་ཕོན་ཆེ་བ། དུརྦ། འབྲས། ཞོ་ཟན། ཀུ་ཤ། སོ་བ། གྲོ། ནས། སྲན་མ། དར་དཀར་པོའི་གོས་ཟུང་། སོ་རྩི། འཇིག་རྟེན་པའི་གཏོར་མ་གཉིས་སོགས་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པོའི་སྣོད་འབའ་ཞིག་པར་འདས་མ་འདས་ཉིས་རིམ་དུ་བཤམས། མཆོད་རྫས་ཉེར་སྤྱོད་ལྔ་དང་སྨན་རཀ་གཏོར་གསུམ་རྣམས་དང་གཞན་ཡང་། མེ་སྦར་བའི་ལྕེ་ལྡེ། མཆེད་སླ་བའི་རྩྭ་སྐམ་པོ། རླུང་གཡབ། བུད་ཤིང་ལ་སོགས་ཉེར་མཁོ་དང་། རང་གི་མདུན་དུ་བསང་ཆུ། རྡོར་དྲིལ་བར་དུ་དགང་བླུག །ཁ་སྦྱར་བ། ནང་མཆོད་རྣམས་ཀྱང་སྟ་གོན་བྱའོ། །གཉིས་པ་དངོས་གཞི་ལ་གསུམ། བདག་བསྐྱེད། མདུན་བསྐྱེད། མཇུག་བསྡུ་བའོ། །དང་པོ་ནི། སྔོན་དུ་མ་གྲུབ་པ་ཡིན་ན་བླ་མ་སྐུ་གསུམ་ཞི་ཁྲོའི་


JSD004_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བསྐྱེད་བཟླས་པ་ཡན་སྐབས་འདིར་བྱའོ། །གཉིས་པ་ལ་གཉིས། འཇིག་རྟེན་པའི་མེ་ལྷ་མཆོད་པ་དང་། འདས་པའི་མེ་ལྷ་མཆོད་པའོ། །དང་པོ། སློབ་དཔོན་རང་ཉིད་ཐབ་ལ་མངོན་དུ་ཕྱོགས་ཏེ་ཞི་བའི་སེམས་ཀྱིས་རྒྱན་གོས་དཀར་པོ་བགོས་ཏེ་པདྨའི་འདུག་སྟངས་ཀྱིས་འཁོད་དེ། ཐོག་མར་རྡོར་དྲིལ་བྱིན་རླབས་ནི། ཨོཾ་མ་ཧཱ་བཛྲ་ཧཱུྃཿཞེས་རྡོ་རྗེ་གསོར། ཨོཾ་བཛྲ་གྷཎྜར་ཨཱ༔ ཞེས་དྲིལ་བུ་གསིལ། དེ་ནས་མཆོད་སྲེག་གི་རྫས་རྣམས་བྱིན་གྱིས་བརླབ་པ་ནི། བསང་ཆུ་འཐོར་ཞིང་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཨཾ་འོད་དུ་ཞུ་བ་ལས་ཚེ་ལས་འདས་པའི ཕུང་ཁམས་སྐྱེ་མཆེད་དང་ཐ་མི་དད་པའི་མཆོད་རྫས་དང་སྲེག་རྫས་རྣམས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་སྲེག་རྫས་སོ། །བྱེད་ལས་ཚེ་འདས་ཀྱི་འཁོར་བ་ཐོག་མེད་ནས་བསགས་པའི་ལས་ངན་སྡིག་སྒྲིབ་ཐམས་ཅད་ཡོངས་སུ་སྦྱོང་བའི་ནུས་པ་དང་ལྡན་པར་བསམ། ཨོཾ་བཛྲ་ཨརྒྷཾ་སོགས་དང་། སརྦ་པཉྩ་རཀྟ་བྷ་ལིང་ཏ་ག་ན་ཙཀྲ་པཱུ་ཙ་


JSD004_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧཱུྃ། ལན་གསུམ། སྲེག་རྫས་རྣམས་ལ་བདུད་རྩིས་བྲན། རྡོ་རྗེའི་ཁུ་ཚུར་ལས་གུང་མཛུབ་གཤིབ་སྟེ་བསྣོལ་བ་རྫས་རྣམས་ལ་རེག་ཅིང་། ཨོཾ་ཨཱཿཧཱུྃ་སྭཱ་ཧཱ། མར་ཁུ་ལ། ༀ་ཤྲཱི་སྭཱ་ཧཱ། འབྲུ་རྣམས་ལ། ༀ་ཛི་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། ཞེས་བརླབས། གང་ཟག་མཆོག་ལ་ཆོས་འབྲེལ་མེད་པའི་མིས་མེ་སྦར་ཏེ། ཨོཾ་ཨགེ་ཛྭ་ལ་རཾ། ཞེས་དང་། ཕལ་པ་ལ། ཧྲཱི༔ རྒྱལ་བ་ཞི་ཁྲོའི་ཐུགས་རྗེའི་མདངས། །ཡེ་ཤེས་རྣམ་ལྔའི་མེ་བྱུང་བས། །ཚེ་འདས་དུག་ལྔའི་ཕུང་པོ་བསྲེག །ཡེ་ཤེས་རྩལ་ཆེན་འབར་གྱུར་ཅིག །ཅེས་པས་དུ་བ་མེད་པར་འབར་བའི་མེ་ཐབ་ལ་ལན་གསུམ་གཡས་སུ་བསྐོར་ཏེ་མེ་ཚང་བཅུག༔ ཧཱུྃ། བརྗོད་ཅིང་རླུང་གཡབ་ཀྱིས་མེ་སྦར། ཨོཾ་ཨགྣི་སྭཱ་ཧཱ། ཞེས་བླུག་གཟར་གྱི་མར་ཁུའི་ཐིགས་པས་གསོ། དེ་ནས་མེ་ཐབ་བསྐྱེད་པ་ནི། བསང་ཆུ་འཐོར་ཞིང་། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོཉཧཾ། སྟོང་པའི་ངང་ལས་རིན་པོ་ཆེའི་ཐབ་


JSD004_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཡངས་ཤིང་རྒྱ་ཆེ་བ་ཚད་དང་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ། ར་སྐྱེས་སྟེང་ན་རཾ་ལས་མེ་ལྷ་དཀར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་དབྱུག་པ་དང་བགྲང་ཕྲེང་། གཡོན་གཉིས་རིལ་བ་དང་སྐྱབས་སྦྱིན་མཛད་པ་དྲང་སྲོང་གི་ཆ་བྱད་ཅན་འཁོར་ཚོགས་དུ་མས་བསྐོར་བར་བསམ། སྤྱན་འདྲེན་འདི་དབྱུག་གུའི་ཕྱག་རྒྱ་དང་བཅས། ༀ་ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །མེ་ལྷ་དྲང་སྲོང་བྲམ་ཟེ་ཚོགས། །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདི་ཉིད་དུ་ནི་གཤེགས་སུ་གསོལ། །ཨོཾ་ཨསྣེ་དེ་བ་རི་ཥི་ཨེ་ཧྱ་ཧི་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་གྱུར། ཨོཾ་ཨགྣི་ཡེ་དེ་བ་རི་ཥི་ས་པ་རི་ཝཱ་ར་པདྨ་ཀ་མ་ལ་ཡེ་སཾ། ཞེས་གདན་དབུལ། ཀུ་ཤ་ཐོགས་ལ། ཨཾ་ཀུ་ཤ་འདི་ནི་གཙང་ཞིང་དགེ། །ས་ལས་སྐྱེས་པའི་སྙིང་པོ་མཆོག །དཀོན་མཆོག་གསུམ་གྱི་དག་བྱེད་ཡིན། །ཚངས་པའི་


JSD004_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་བྱེད་པ་སྟེ། །དེ་ཡིས་བདག་ཅག་འཁོར་བཅས་ལ། །བགེགས་རྣམས་མེད་ཅིང་ཞི་བར་མཛོད། །ཅེས་ཐབ་ཀྱི་ཁར་བཀྲམ། ཨོཾ་ཨགྣ་ཡེ་སྭཱ་ཧཱས་མར་ཁུ་བླུག་གཟར་བདུན་གྱིས་བཀང་བའི་གཟར་བུ་ཁ་སྦྱར་བ་གཡས་སུ་བསྐོར་ནས་འབུལ་ལ། ཨོཾ་ཨསྣེ་དཱི་བྱ་དཱི་བྱི་བི་ཤུདྡྷེ་མཧཱ་ཤྲཱི་ཧ་བྱ་ཀ་བྱེ་བཅཱ་ཡ་ཆེ་གེ་མོའི་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་དེ་ལྟར་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟགས། མཆོག་ལ། ཞི་བར་གཤེགས་པའི་ས་དང་ལམ་གྱི་བར་ཆད་ཐམས་ཅད་ཅེས་ཁ་བསྒྱུར་བྱ། དེ་ནས་མཆོད་པ་ནི། ཧཱུྃ སྟོང་གསུམ་འདིའམ་གཞན་དག་ན༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྒྲ་སྙན་ཡིད་འོང་བཅས༔ ཚོགས་གཏོར་སྨན་རཀ་དམ་པའི་རྫས༔ མེ་ལྷ་དྲང་སྲོང་ཁྱེད་ལ་འབུལ༔ ཚེ་འདས་དོན་དུ་བཞེས་སུ་གསོལ༔ བཞེས་ནས་སྡིག་སྒྲིབ་སྦྱོང་དུ་གསོལ༔ ཨཾ་ཨསྣེ་དེ་བ་རི་ཥི་ས་པ་རི་ཝཱ་ར་ཨརྒྷཾ༔ ཤབྟའི་བར་དང་


JSD004_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་པཉྩ་རཀྟ་བྷ་ལིཾ་ཏ་ག་ཎ་ཙཀྲ་པུ་ཛ་ཧོ༔ དེ་ནས་སྲེག་རྫས་རྣམས་རིམ་བཞིན་འབུལ་བ་ལ། ཐོག་མར་ཡམ་ཤིང་། ཨོཾ་ཨགྣ་ཡེ་བྷོ་དྷི་བྲྀཀྵ་ཡ་ཆེ་གེ་མོའི་སྡིག་སྒྲིབ་སརྦ་པཱ་པཾ་ཤིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་ལྷ་སྔགས་དང་། སྤེལ་ཚིག་འདྲ་བ་ལ། རྫས་སྔགས་ཀྱི་ཁྱད་པར། མར་ཁུ། པྲ་ཏི་བྷེ། ཏིལ། སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ། དུརྦ། བཛྲ་༣ ་ཨཱ་ཡུ་ཥེ། འབྲས། བཛྲ་པུཥྤ་ཡེ། ཞོ་ཟན། སརྦ་སཾ་པ་ཏེ། ཀུ་ཤ། ཨ་པྲ་ཏི་ཧ་ཏ་བཛྲ་ཡེ། སོ་བ། བཛྲ་བི་ཛཱ་ཡེ། གྲོ། བཛྲ་གྷསྨ་རི་ཡེ། ནས། མ་ཧཱ་བིདྱ། སྲན་མ། མ་ཧཱ་བཱ་ལ། རྫས་གཞན་ཡོད་ན་སྤོམ་ཏེ་འབུལ་ལ། ཧ་ཧ་ཧེ་ཧེ་ཧཱུྃ་ཕཊ༔ ཅེས་རྫས་སོ་སོ་ནས་བདུན་ནམ་ཉེར་གཅིག་རེ་ཕུལ་མཐར་ཉེར་སྤྱོད་སྔགས་ཙམ་གྱིས་མཆོད་ལ བསྟོད་པ་ནི། ཧཱུྃ་འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱཀྐིའི་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་


JSD004_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེགས། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཕྲིན་ལས་བཅོལ་བ་ནི། ཧོ་དྲང་སྲོང་མེ་ལྷའི་རྒྱལ་པོ་འཁོར་དང་བཅས་པ་ཁྱེད་རྣམས་ལ་ཕྲིན་ལས་སུ་བཅོལ་བ་ནི། འཇིག་རྟེན་འདི་ནས་ཕ་རོལ་དུ་ཚེ་ལས་འདས་པ་ཆེ་གེ་མོའི་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་ལས་དང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་རྒྱུན་བཅད་དེ་མྱུར་དུ་འཁོར་བ་དང་ངན་སོང་ལས་གྲོལ་ནས་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་མཛད་དུ་གསོལ། ཞེས་དང་གང་ཟག་མཆོག་ལ། དཔལ་ལྡན་བླ་མ་དམ་པ་འདི་ཞེས་བགྱི་བའི་ཟག་མེད་ཡེ་ཤེས་ཀྱི་དགོངས་པ་རྫོགས་ཤིང་གདུལ་བྱར་གྱུར་པའི་འགྲོ་བ་རྣམས་ཀྱི་འཁོར་བ་ཐོག་མ་མེད་པ་ནས་སོགས་སྦྱར་རོ། །དེ་དག་ནི་འཇིག་རྟེན་པའི་མེ་ལྷ་མཆོད་པའི་རིམ་པའོ། །གཉིས་པ་འདས་པའི་མེ་ལྷ་མཆོད་པ་ནི། གང་ཟག་མཆོག་ལ་རྟེན་དཀྱིལ་འཁོར་གྱི་ལྷ་དང་དབྱེར་མེད་དུ་བསྐྱེད་ལ་ཚོགས་བསག་གི་ཕྱིར་དུ་བྱ། དམན་པ་ལ་ཕུང་པོ་


JSD004_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

བུད་ཤིང་ངམ། ཤ་ཁྲག་བདུད་རྩིའི་རང་བཞིན་གྱི་མཆོད་རྫས་སུ་བསམ་ལ་དབུལ་བ་སྟེ། ཐབ་ལ་བསང་ཆུ་འཐོར། སྭཱ་བྷ་ཝས་སྦྱངས་ལ། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེའི་དབུས། །ཡེ་ཤེས་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་༔ སོགས་ལྷ་བསྐྱེད་ནས་བསྟོད་པའི་བར་མདུན་བསྐྱེད་ལས་བྱང་བཞིན་བྱས་ནས། དགང་བླུགས་འབུལ་བ་ནི། དཀྱིལ་འཁོར་གྱི་ལྷའི་ལྗགས་རྣམས་རྡོ་རྗེ་རྩེ་གཅིག་པ་རཾ་དམར་པོ་དང་། གཟར་བུ་གཉིས་ལ་ཧཱྃ་སྔོན་པོས་མཚན་པར་བསམ་ལ་བཛྲ་གུ་རུ་ལན་བདུན་དང་བསྟུན་པའི་མར་ཁུ་བླུག་གཟར་བདུན་གྱིས་དགང་གཟར་བཀང་ལ། གཟར་བུ་གཉིས་ཁ་སྦྱར་བ་གཡས་སུ་བསྐོར་ཞིང་། བོ་ངྷི་ཙིཏྟས་འབུལ། དེ་ནས་སྲེག་རྫས་འབུལ་བ་ནི་ཡམ་ཤིང་ནས་བཟུང་རྫས་འདུས་བར་ལྷ་སྔགས་གཉིས་ལ་རྫས་སྔགས་དང་སྤེལ་ཚིག་བཏགས་ཏེ་སྔར་བཞིན་ཉེར་གཅིག་གམ་བརྒྱ་རྩ་སོགས་ཕུལ་བའི་མཐར། ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱ། ཞེས་སོ་རྩི་དང་། ཨོཾ་བཛྲ་ཝསྰཡེ་སྭཱ་ཧཱ། ཞེས་གོས་ཟུང་


JSD004_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ། ཨརྒྷཾ་སོགས་ཀྱིས་མཆོད། མདུན་བསྐྱེད་ལས་བྱང་བཞིན་བསྟོད་དེ། ཧོ་དགོངས་སུ་གསོལ་ལོ། །རྒྱལ་བ་སྐུ་གསུམ་ཞི་ཁྲོའི་ལྷ་ཚོགས་ཁྱེད་རྣམས་ལ་ཕྲིན་ལས་སུ་བཅོལ་བ་ནི་འཇིག་རྟེན་འདི་ནས་སོགས་མེ་ལྷའི་སྐབས་བཞིན་བྱའོ། །མ་འབྱོར་པ་དང་ཉམས་པ་དང་སོགས་ཀྱི་མཐར་ཡི་གེ་བརྒྱ་པ་བཟླས་པས་ནོངས་པ་བཤགས། ཨོཾ་ཁྱེད་ཀྱིས་སེམས ཅན་དོན་ཀུན་མཛད། །ཅེས་སོགས་ནས། བཛྲ་མུས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུའོ། །སྤྱི་དོན་གསུམ་པ་རྗེས་ཀྱི་བྱ་བ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་མཁའ་འགྲོ་ཆོས་སྐྱོང་ཡུལ་ལྷ་གཞི་བདག་གི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས་ཏེ་མེ་ལྷའི་ལྟོ་བར་ཁྲོམ་ཚོགས་སུ་བཞུགས་པ་ལ། ཨ་ཀཱ་རོ་སོགས་ཀྱིས་སྲེག་རྫས་གཏོར་མ་འབུལ། མཆོད་སྦྱིན་གཏོར་མ་འདི་ཕུལ་བས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ་མཐར། བཛྲ་མུས་རང་གནས་སུ་གཤེགས། དེ་ནས་


JSD004_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨགྣ་ཡེ་ཛྭ་ལ་རཾ་ཞེས་པས། མེ་ལྷ་ཆ་བྱད་ཡོངས་སུ་རྫོགས་པ་སྐད་ཅིག་གིས་གསལ་བར་མོས་ལ་སྔར་བཞིན་དགང་བླུག་དང་སྲེག་རྫས་ལྷག་མ་རྣམས་སྤེལ་ཚིག་མེད་པའི་སྔགས་ཀྱིས་བདུན་ནམ་གསུམ་གསུམ་རེ་གཏང་རག་ཏུ་ཕུལ། གཏོར་མ། ཨཾ་ཨགྣ་ཡེ་ཨ་ཀཱ་རོ་སོགས་ཀྱིས་ཕུལ་ནས། སོ་རྩི་དང་གོས་ཟུང་ཡང་གོང་གི་སྔགས་ཀྱིས་ཕུལ་མཐར། མེ་སྟེ་སྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད། སྔར་བཞིན་ནོངས་པ་བཤགས། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་ལྟའི་དུས་སུ་ཚུར་སྤྱོན་ལ། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། །ཨཾ་ཨགྣ་ཡེ་གཙྪས་ཡེ་ཤེས་པ་ཤར་ལྷོར་གཤེགས། །དམ་ཚིག་པ་མེ་འབར་བའི་ཀློང་དུ་ཐིམ་པར་བསམ་ལ་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །གསུམ་པ་མཇུག་རུས་བུ་བསྡུ་བ་ནི།


JSD004_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཉིད་ལྷའི་རྣལ་འབྱོར་དང་ལྡན་པའི་ལག་གཉིས་དཔུང་པར་བསྣོལ་བའི་སེ་གོལ་གཏོགས་ཤིང་། ཨོཾ་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བཾ་ཧོཿས་རུས་བུ་རྣམས་བསྡུས་ལ་རིན་པོ་ཆེ་སོགས་ཀྱི་སྣོད་དུ་བཞག༔ རུས་ཆོག་གནད་དུ་འགྲོ་བས་སཱཙྪ་ལ་སོགས་བཞེངས་ཤིང་སྨོན་ལམ་དང་བཅས་པས་རྒྱ་མཚོར་བབས་པའི་ཆུ་ཀླུང་ཆེན་པོར་དོར་བར་བྱའོ། །ཞེས་པའང་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་བྱེ་བྲག་དཔའ་སྐྱོང་ཀཿཐོག་དགོན་གྱི་སྒྲུབ་པ་བ་རྡོ་རྗེ་ཐོགས་མེད་ཀྱིས་འདི་ལྟ་བུ་ཞིག་དགོས་ཞེས་ནན་ཏན་ཆེན་པོས་བསྐུལ་བའི་ངོར་ཤར་རྒྱལ་བ་ཀཿཐོག་པའི་བཀའ་འབངས་ཐ་ཤལ་བ་ཁྲོ་རྒྱལ་རྡོ་རྗེས་རང་གནས་ཕུན་ཚོགས་རྔ་ཡབ་ཆོས་གླིང་གི་གཟིམ་ཤག་བདེ་ཆེན་དགའ་ཚལ་དུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག།


previousབླ་མ་སྐུ་གསུམ་ཞི་ཁྲོའི་ཚེ་འདས་ཀྱི་ཕུང་པོ་སྲེག་སྦྱོང་གི་ཆོ་ག་ཡེ་ཤེས་མེ་འོད།next