དཔལ་མགོན་ཚོགས་ཀྱི་བདག་པོའི་གསང་སྒྲུབ་དངོས་གྲུབ་འབྱུང་གཏེར།
༄༅། དཔལ་མགོན་ཚོགས་ཀྱི་བདག་པོའི་གསང་སྒྲུབ་དངོས་གྲུབ་འབྱུང་གཏེར་ཞེས་བྱ་བ་བཞུགས་སོ། །
མདུན་གྱི་གཏོར་མ་མི་དམིགས་པའི་ངང་ལས་རང་ཉིད་ཧེ་རུ་ཀའི་ཐུགས་ཀ་ནས་ཏྲཾཿགཅིག་སྤྲོས་པ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་རབ་བང་རིམ་གསུམ་དང་ལྡན་པ། དེ་ཡང་ཕྱི་གྲུ་བཞི་ནང་གྲུ་གསུམ་དམར་ནག་དུ་འདུག་པ། ཤིན་ཏུ་སྐྱི་གཡའ་ཞིང་ཡ་ང་བའི་ནང་དུ་སོད་སོད་དང་ཆོད་ཆོད་ཀྱི་སྒྲ་སྒྲོགས་པ་གཅིག་དུ་བསྒོམ། དེའི་དབུས་སུ་བྷྲུཾཿ གཅིག་སྤྲོས་པ་ལས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་མདོག་དམར་ལ་ཡ་ང་བ་དེའི་དབུས་སུ་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ་བསྒོམ། དེའི་དབུས་སུ་དགྲ་བགེགས་ཀྱི་རོ་གན་རྐྱལ་གྱི་སྟེང་དུ་པད་ཟླ་ཉི་མའི་གདན་ལ་བདག་གི་ཐུགས་ཀའི་ཧཱུཾ་ལས་ཧཱུཾ་མཐིང་ནག་གཅིག་སྤྲོས་པ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་བར་ཆད་བསལ་བ་དང་། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། འཇིག་རྟེན་གྱི་དྲེགས་བྱེད་ཐམས་ཅད་དང་ཡེ་ཤེས་ཀྱི་ཆོས་སྐྱོང་ཐམས་ཅད་ཀྱི་མཐུ་དང་ནུས་པ་ཐམས་ཅད་བསྡུས་ནས་ཧཱུཾ་ལ་ཐིམ། ཧཱུྃ་ཡོངས་སུ་གྱུར་པ་ལས་བིང་ཧཱུྃ་གི་མཚན་པ་གཅིག་ཏུ་གྱུར། བིང་ཡོངས་སུ་གྱུར་པ་ལས། ༀ་ཤྲི་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ་མགོན་པོ་རྣམ་སྣང་ཚོགས་ཀྱི་བདག་པོ་སྐུ་མདོག་མཐིང་ནག་ཆར་སྤྲིན་གྱི་མདོག་ལྟ་བུ་ཆོས་གོས་དང་ཤམ་ཐབས་སྐུ་ལ་གསོལ་བ་དར་ནག་གི་འཇོལ་བེར་མནབས་པ་ལ་མེ་ཏོག་གི་ཚོམ་བུ་བཀྲ་བ། །ཕྱག་གཡས་ཙན་དན་གྱི་བེང་ནམ་མཁར་ཕྱར་བ། །གཡོན་པས་ཐོད་ཁྲག་དང་ཁ་ཊྭཾ་རྩེ་གསུམ་བསྣམས་པ། །དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་པ། །ཐོད་པ་སྐམ་རློན་དང་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། །ཉིང་ལག་གི་ཕྲེང་བ་སེ་རལ་ཁར་ཐོགས་པ། །ཡན་ལག་ལ་སྦྲུལ་ནག་ཆུན་པོས་བརྒྱན་པ། །རིན་པོ་ཆེ་འབར་བའི་ཐོར་ཚུགས་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། །སྤྱན་གསུམ་སྡང་མིག་ཏུ་གཟིགས་པ་ལས་བསྐལ་པའི་མེ་ཆེན་འབར་བ། །ཤངས་ནས་བསྐལ་པའི་རླུང་ནག་འཚུབ་པ། །ཞལ་གདངས་པ་ལས་བསྐལ་པའི་ཆུ་ཆེན་འཁྱིལ་བ། །མཆེ་བ་ཟླ་བ་ཚེས་པ་ལྟར་གཙིགས་པ་སྐུའི་ལྟེ་བ་ཟུར་གསུམ་དུ་ཟབ་པ། །རིན་པོ་ཆེ་དང་དར་དཔྱང་གི་སྐ་རགས་བཅིངས་པ། །སྐུ་ལ་ཐེ་རྩོ་དང་ནེ་ཙོའི་ཕྲེང་བ་སེ་རལ་ཁར་ཐོགས་པ། །སྟག་ལྤགས་རློན་པའི་ཤམ་ཐབས་བྱས་ཤིང་། །ཞབས་ལ་སག་ཏི་ནག་པོའི་ལྷྭམ་མནབས་པ། །མདོག་ནག་པ་ཐུང་ལ་གཟི་བརྗིད་ཆེ་བ། །ཤིན་ཏུ་འཇིགས་ཤིང་རབ་ཏུ་རྔམ་པ། །བསྐལ་པའི་མེ་རླུང་འཚུབས་མའི་དབུས་ན་སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང་། བདག་གི་བཀའ་ཉན་ཅིང་གསུང་སྡོད་པའི་ཚུལ་དུ་དགྲ་བགེགས་བསྒྲལ་བའི་དགོངས་པ་དང་བཅས་ཏེ་བཞུགས་པར་བསྒོམ། དེའི་ཐུགས་ཀར་སྔ་དྲོ་ཟླ་བ་ཕྱི་དྲོ་ཉི་མའི་སྟེང་དུ་བེང་ཧཱུཾ་གིས་མཚན་པའི་མཐའ་སྐོར་དུ་སྔགས་ཀྱི་ཕྲེང་བས་བསྐོར་བའོ། ༀ་བཛྲ་ཡཀྴ་བེ་ཏ་ལི་ཧཱུྃ། དེའི་གཡོན་ཕྱོགས་སུ་བྷྱོཿལས་ཡུམ་ཡཀྴ་བེ་ཏ་ལི་སྐུ་མདོག་ནག་མོ་ཆར་སྤྲིན་གྱི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་གཡོན་ཐོད་ཁྲག་བསྣམས་པ། སྤྱི་བོར་ཟླ་བ་ཚེས་ཤིང་ལྟེ་བར་ཉི་མ་འཆར་བ། སྐུ་ལ་མཁའ་འགྲོའི་ཆས་ཐམས་ཅད་ཀྱིས་བརྒྱན་པ། དྲེའུ་དམར་གྭ་པ་ལ་ཆིབས་ཤིང་རྒྱན་ཆ་ལུགས་དང་ལྡན་པ་མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར་བ་བསྐལ་བའི་མེ་རླུང་འཚུབས་མའི་དབུས་ན་བཞུགས་པའོ། གཙོ་བོའི་ཐུགས་ཀའི་ཧཱུཾ་ལས་ཧཱུྃཿམཐིང་ནག་གསུམ་ཕྱིར་འཕྲོས་པ་ལས། །གྲུ་གསུམ་གྱི་རྒྱབ་ཏུ་ལོགས་གསུམ་ལ། གཡས་སུ་མགོན་པོ་སྐུ་མདོག་སྔོ་སྐྱ་གཡས་དྲི་ཤུལ་རྩེ་གསུམ་གཡོན་ཐོད་ཁྲག་ཐོགས་པ། །རྒྱན་ཆ་ལུགས་གཙོ་བོ་དང་མཐུན་པ། །འཁོར་ནག་པོ་སྟོང་གིས་བསྐོར་བ། །གཡོན་དུ་ མགོན་པོ་གསུང་མཆོག་དམར་སྐྱ་གཡས་ཙན་དན་གྱི་བེང ་བསོར་བ། །གཡོན་ཐོད་ཁྲག་ཐོགས་པ་རྒྱན་ཆ་ལུགས་གཙོ་བོ་དང་མཐུན་པ། །འཁོར་ཤ་ཟ་འབུམ་གྱིས་བསྐོར་བ། །མདུན་དུ་མགོན་པོ་ཐུགས་མཆོག་མཐིང་ནག་གཡས་གྲི་གུག་གཡོན་ཐོད་ཁྲག་ཐོགས་པ་རྒྱན་ཆ་ལུགས་གཙོ་བོ་དང་མཐུན་པ། །འཁོར་མ་མོ་འབུམ་གྱིས་བསྐོར་བའོ། །གསུམ་གའང་རྒྱན་ཆ་ལུགས་གཙོ་བོ་དང་མཐུན་པར་བསྐྱེད་དོ། །བང་རིམ་གོང་མ་ལ་ཕྱོགས་བཅུའི་མགོན་པོ། ། དེ་རྒྱབ་སྡེ་བརྒྱད་ཀྱི་མགོན་པོ། དེ་རྒྱབ་ཚངས་པ་དང་བརྒྱ་བྱིན་རྒྱལ་པོ་ཆེན་པོ་སྡེ་བཞི་ལ་སོགས་ལྷ་དམག་བྱེ་བ་དུང་ཕྱུར་དང་བཅས་པ་ལྷ་ཡི་གོ་མཚོན་ཐམས་ཅད་ཀྱིས་ལུས་ལ་བརྒྱན་པར་བསྐྱེད་དོ། བང་རིམ་བར་མ་ལ་མགོན་པོའི་བཀའ་སྡོད་དྲི་ཟ་མེ་ལྷ་གཤིན་རྗེ་བདེན་བྲལ་ཆུ་ལྷ་རླུང་ལྷ་གནོད་སྦྱིན་དབང་ལྡན་ས་བདག་ཉི་ཟླ་གཟའ་སྐར། གཞན་ཡང་ལྷའི་ཚོགས་དང་། ཀླུའི་ཚོགས་དང་། སྲིན་པོ་རོ་ལངས་ཤ་ཟ་མཁའ་འགྲོ་ཤུགས་འགྲོ་མ་སྲིང་མཁའ་ལ་རྒྱུ་བ་མ་མོའི་ཚོགས་དང་། དུར་ཁྲོད་བདག་མོ་དང་། ཟ་བྱེད་མོ་དང་། ཚངས་པ་ཆེན་པོ་དང་། གཞོན་ནུ་མོ་ལྷ་ཆེན་མོ། གཏོགས་འདོད་མོ། བརྒྱ་བྱིན་མོ། རལ་གཅིག་མ། འབར་མ་མ་མོ་སྲིན་མོ་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་བསྒོམ། བང་རིམ་ཐ་མ་ལ་སྤྲུལ་པ་ཕྲ་མེན་གྱི་ཚོགས། སྟག་གཟིག་དོམ་དྲེད་བྱི་ལ་ཕག་འཕར་བ་རྔ་མོང་སྦྲུལ། ཕ་ཝཾ་ཕག་རྒོད་ལ་སོགས་པའི་མགོ་བརྙན་ཅན་རྣམས་ཀྱིས་བསྐོར་བར་བསྐྱེད་དོ། ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་བོར་ༀ་དཀོར་པོ། མགྲིན་པར་ཨཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་བསྒོམ། གཉིས་པ་སྙན་གསན་དབབ་པ་ནི། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པའི་མདུན་གྱི་མགོན་པོའི་ཐུགས་ཀར་ཕོག །དེ་ལས་འོད་ཟེར་ལྕགས་ཀྱུ་ལྷ་བུར་འཕྲོས་པས་ཉི་མ་བྱང་ཤར་གྱི་མཚམས་དང་། །རང་བཞིན་གྱི་གནས་འོག་མིན་དང་། དུར་ཁྲོད་ཆེན་པོ་དང་། །སྐུ་གསུང་ཐུགས་ཀྱི་ཕོ་བྲང་ན་བཞུགས་པའི་མགོན་པོ་དང་། མདུང་དང་རལ་གྲི་གཤིབས་པའི་ཕོ་བྲང་གི་མགོན་པོ་འཁོར་དང་བཅས་པ་ལ་ཕོག་པས་སྔོན་གྱི་དམ་ཚིག་དྲན་ནས་ཆོས་ཀྱི་སྐུ་ལས་གཟུགས་ཀྱི་སྐུར་བཞེངས་པར་གྱུར། ཧོ་དགོངས་སུ་གསོལ་ལོ། ལན་གསུམ། ན་མོ་སྐྱབས་དམ་པ་རྣམས་ཀྱི་མཆོག་མགོན་དམ་པ་རྣམས་ཀྱི་གླིང་། །བསོད་ནམས་ཐམས་ཅད་ཀྱི་དཔལ་ཞིང་། །ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས། འཕགས་པ་བླ་ན་མ་མཆིས་པའི་དཀོན་མཆོག་གསུམ་པོ་དང་ཡི་དམ་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། དམ་པ་ཆོས་སྐྱོང་བའི་སྲུང་མའི་ཚོགས་མ་ལུས་པ་རྣམས་གསན་ཅིང་དགོངས་སུ་གསོལ། དེང་གི་གནས་མཆོག་དམ་པ་ཁྱད་པར་ཅན་འདིར་སྤྱན་འདྲེན་ཅིང་མཆོད་པ་འབུལ། ཐུགས་དམ་བསྐུལ། ཕྲིན་ལས་བཅོལ། སྙན་ཆར་གསོལ། འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། མགོན་པོ་ཚོགས་བདག་མཐུ་ཆེན་ལེགས་ལྡན་ནག་པོ་ཤྲི་མ་ཧཱ་ཀ་ལ། དུག་གསུམ་ནད་ཀྱི་སྨན་པ། རིག་འཛིན་ཡོངས་ཀྱི་སྲོག་ཤིང་། རྣལ་འབྱོར་ཀུན་གྱི་དགྲ་ལྷ། བདུད་འདུལ་ལས་ཀྱི་དབང་ཕྱུག །དགྲ་བོའི་གྲོང་ཁྱེེར་གཏན་ནས་བརླག་པར་མཛད་པ་ཞལ་གྱིས་བཞེས་པ་ཕྱག་ན་ཙན་དན་གྱི་བིང་བསྣམས་པའི་ནང་ནས་ལྷ་དམག་བྱེ་བ་དུང་ཕྱུར་འཕྲོས་པས་ལྷ་མ་ཡིན་གྱི་གཡུལ་ངོ་བཟློག་པར་མཛད་ཅིང་། བདུད་འདུལ་བའི་ལྷ་དམག་བྱེ་བ་དུང་ཕྱུར་འབྱུང་བའི་ཕྱོགས་མཚམས་སྟེང་འོག་ལ་མངའ་མཛད་པའི་ལྷའི་མགོན་པོའི་ཚོགས་རྣམས་ལ་མཆོད་པ་འབུལ། ཐུགས་དམ་བསྐུལ། ཕྲིན་ལས་བཅོལ། སྙན་ཆར་གསོལ། འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། བདག་གི་ཅི་རེ་བ་དང་ཅི་སྨོན་པ་ཐམས་ཅད་ལས་ཀྱི་འབྲས་བུ་མཆིས་པར་མཛད་དུ་གསོལ། ༀ་ཤྲྀ་མ་ཧཱ་ཀཱ་ལ་ས་མ་ཡ་ཕེམ་ཕེམ། སྡང་བའི་དགྲ་བོ་མཱ་ར་ཡ་ཛ་ཛ༔ གསུམ་པ་སྤྱན་འདྲེན་ཅིང་བཞུགས་སུ་གསོལ་བ་ནི། མགོན་པོའི་སྐུ་གསུང་ཐུགས་ཀྱི་ༀ་ཨཱཿཧཱུྃ་གསུམ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་ཀ་དང་གནས་ཐམས་ཅད་ནས་མགོན་པོ་ཚོགས་བདག་གི་ལྷ་ཚོགས་དཔག་ཏུ་མེད་པ་སིབ་སིབ་བྱོན་ནས་མདུན་གྱི་མགོན་པོ་ལ་ཐིམ་པས་མཐུ་སྟོབས་གཟི་བརྗིད་དང་ལྡན་པར་གྱུར། བར་བསམ་ལ་འདི་སྐད་དོ། ཧཱུྃ་ད༵༵༵༵ད༵་པ༷་དང༷་ནི༷་དམ༵་ཚི༷ག་གི༷ས། ཚུར༷་གཤེགས༷་ཚུར༷་གཤེགས་མགོན༷་པོའི༷་ཚོག༷ས། དཔལ༷་ཆེན༷་ཆོས༷་འཁོར༷་སྲུང༷་མ༷་ནི༷། འཁོར༷་བཅས༷་གནས༷་འདིར༷་གཤེགས༷་སུ༷་གསོལ༷། ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །བསྟན་པ་སྲུང་ཕྱིར་གཤེགས་སུ་གསོལ། །འཇིགས་བྱེད་ཆེན་པོ༴ སྤྱོད་པ་རླབས་ཆེན༴ དྲག་ཤུལ་མཐུ་ཆེན༴ དགྲ་ལྷའི་རྒྱལ་པོ༴ དུས་མཐའ་སྟོང་བྱེད༴ འཆི་བདག་བཟློག་བྱེད༴ ཁྲག་འཐུང་ཆེན་པོ༴ ལེགས་ལྡན་ནག་པོ༴ རྣལ་འབྱོར་དགྲ་ལྷ༴ དབང་ཕྱུག་ཆེན་པོ༴ ཚོགས་རྗེ་ཚོགས་བདག༴ དགེ་བསྙེན་དམ་ཅན༴ འཇིག་རྟེན་མགོན་པོ༴ དམ་ཚིག་ཉེ་བར༴ སེམས་ཅན་དོན་ཕྱིར༴ དགྲ་བགེགས་སྒྲོལ་ཕྱིར་གཤེགས་སུ་གསོལ། །བཅོན་ལྡན་ཐུགས་རྗེ་ལས་བྱུང་བའི། །སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཆེ༈ ལེགས་ལྡན་ནག་པོ་ཆེན་པོ་ཁྱོད། །སྲིད་པའི་མ་མོའི་ཚོགས་དང་བཅས། །སྲིད་གསུམ་གྲོང་ཁྱེར་སུམ་བརྩེགས་དང་། །འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས། །ཁམས་སུམ་གྲོང་ཁྱེར་སུམ་བརྩེགས་ནས། །སྐྱེ་འཆི་འཇོམས་ཕྱིར་གཤེགས་སུ་གསོལ། །གནས་ལ་ཆགས་པའི་རྨོངས་པ་སེལ། །མ་རིག་མུན་པའི་མདངས་ཅན་ལ། །ཕྱིན་ཅི་ལོག་ལྟ་བསལ་བའི་ཕྱིར། །མུན་པ་སེལ་ཕྱིར་ནག་པོར་སྟོན། །མཐུ་སྟོབས་ལྡན་ཞིང་དབང་ཕྱུག་ཆེ། །སྲེད་མེད་བུ་དང་སྟོབས་ཆེན་དང་། །གཞོན་ནུ་སྨིན་དྲུག་བུ་ལ་སོགས། །ཁྱེད་ཀྱི་འཁོར་དང་ཉེ་གནས་ཡིན། །འཇིག་རྟེན་འདི་ན་གང་མཁས་པ། ཚངས་པ་ལ་སོགས་དབང་ཕྱུག་རྣམས། མཐུ་དང་རྫུ་ུའཕྲུལ་ལྡན་ན་ཡང་། །ཁྱེད་ཀྱི་སྤྱོད་ཡུལ་འདྲ་བ་མེད། །འཕགས་མགོན་ཁྱེད་ཀྱི་རྗེས་བསྒྲུབ་ཅིང་། །ཞིང་དང་སྤྱོད་ཡུལ་དག་པ་ཡི། འགྲོ་བ་འདུལ་བའི་ཕྲིན་ལས་ལ། །ཐུགས་དམ་བཞིན་ཏུ་བྱིན་གྱིས་རློབས། །མ་ཧཱ་ཀ་ལ་མཐུ་བོ་ཆེ། །རྣལ་འབྱོར་དགྲ་ལྷར་གཤེགས་པའི་ཚེ། །དུས་གསུམ་སངས་རྒྱས་དབང་བསྐུར་རྟགས། །སྐུ་ཡི་ཆ་བྱད་གསུམ་དང་ལྡན། །རིག་གསུམ་མགོན་པོས་དབང་བསྐུར་རྟགས། །དཔྲལ་བར་ཁྲོ་གཉེར་གསུམ་དང་ལྡན། །དུས་གསུམ་ཁྲོ་བོས་དབང་བསྐུར་རྟགས། །ཞལ་གྱི་གདངས་ངར་གསུམ་དང་ལྡན། །དྲང་སྲོང་རྣམས་ཀྱིས་མངའ་གསོལ་རྟགས། །ཆོས་གོས་ཤམ་ཐབས་སྐུ་ལ་མནབས། །ལྷ་ཆེན་རྣམས་ཀྱིས་མངའ༴ རིན་ཆེན་འབར་བའི་ཐོར་ཚུགས་ཅན། །ཀླུ་ཆེན་རྣམས་ཀྱིས་མངའ༴ ཡན་ལག་སྦྲུལ་ནག་ཆུན་པོས་བརྒྱན། །གཟའ་ཆེན་རྣམས་ཀྱིས་མངའ༴ རལ་པ་དམར་སེར་གྱེན་དུ་འཁྱིལ། །ལྷ་རྣམས་ཀུན་གྱིས་མངའ༴ བསྭོ་སྒྲ་དྲག་པོ་གསུམ་དང་ལྡན། །རྒྱུ་སྐར་རྣམས་ཀྱིས་མངའ༴ ཚེ་ལོང་སྨེ་བ་སེ་རལ་ཁ། །ལྷ་མ་ཡིན་གྱིས་མངའ༴ ཆ་སྒྲ་དྲག་པོ་གསུམ་དང་ལྡན། །བྱོལ་སོང་རྣམས་ཀྱིས༴ ཤེས་རབ་ཡེ་ཤེས་སྒྲོན་མེ་བསྣམས། །ཡི་དྭགས་རྣམས་ཀྱིས༴ འདོད་དགུ་ཕུན་སུམ་ཚོགས་པས་བརྒྱན། །མི་རྣམས་ཀུན་གྱིས༴ རིན་ཆེ་སྣ་ལྔས་སྐུ་ལ་བརྒྱན། །དམྱལ་བ་རྣམས་ཀྱིས༴ བསྐལ་པའི་མེ་དཔུང་ཀློང་ན་བཞུགས། །ཨགྣེ་ར་ཛས་མངའ༴ སྤྱན་ནས་བསྐལ་པའི་མེ་ཆེན་འབར། བ་ཡ་བེ་ཡི༴ ཤངས་ནས་བསྐལ་པའི་རླུང་ནག་འཚུབས། །ཆུ་ལྷ་རྣམས་ཀྱིས༴ ཞལ་ནས་བསྐལ་པའི་ཆུ་ཆེན་འཁྱིལ། །བདུད་རྣམས་ཀུན་གྱི༴ རྒྱ་བེར་ནག་པོ་སྐུ་ལ་གསོལ། །གཤིན་རྗེ་རྣམས་ཀྱི༴ ཕྱག་ན་ཙན་དན་བེང་ཆེན་བསྣམས། །མ་མོ་རྣམས་ཀྱི༴ ཐོད་པའི་ཕྲེང་བ་སེ་རལ་ཁ། སྲིད་པ་གསུམ་གྱི༴ སྐུ་ཡི་ལྟེ་བ་ཟུར་གསུམ་ཟབ། །བསྭོ་ལྷ་ཆེན་དཔལ་འབར་གཤེགས་སུ་གསོལ། །རི་རབ་ཟོམ་ལ་ལྷུར་གྱིས་བྱོན། །ཙན་དན་བེང་ཆེན་ཀླད་ལ་བསྐོར། །བསྭོ་སྒྲ་ཐང་གསུམ་གནམ་དུ་བཏང་། །ལྷ་རྣམས་གཡུལ་ལས་རྒྱལ་བར་བྱེད། །ལྷ་མིན་གཡུལ་རྣམས་ཕམ་པར་བྱེད། །བྱང་ཤར་མཚམས་ནས་སྤྱན་འདྲེན་ན། །རླུང་ནག་འཚུབ་མའི་ནང་ནས་གཤེགས། །སྤྲིན་དཔུང་འདུས་པའི་ནང་དུ་བཞུགས། བསྭོ། །ལེགས་ལྡན་ནག་པོ་འཁོར་བཅས་རྣམས། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །དམ་ཚིག་དབང་གིས་གཤེགས་སུ་གསོལ།། ༀ་ཨེ་ཧྱ་ཧི་ཤྲྀ་མ་ཧཱ་ཀ་ལ་ས་མ་ཡ་ཛཿ ཧཱུྃ་བཾ་ཧོཿ ཨ་ཀད་ཛ་ཡ། ཨ་ཀད་ཛ་ཡ། ཏིཥྛ་བཛྲ་ས་མ་ཡ་ཧཱུྃ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། ༀ་ཨཱཿཧཱུྃ་ཨེ་རྔུབ་ཨེ་བཛྲ་སནྡྷ་ཧྲི་ལ་པ་ཧྲིཿ ཨེ་ནུ་ནི་ཨེ་ལམ་མེ་ནི་ཧཱུྃ། དབང་རྟགས་སུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འོད་འབར་བའི་དབུས་སུ་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་གཉིས་པས་དབུ་བརྒྱན་པར་གྱུར་བར་བསམ་ལ། བཞི་པ་ཕྱག་འཚལ་བ་ནི། བདག་ཅག་ལྷ་མིའི་དམག་ཚོགས་འཁོར་དང་བཅས་པས། མགོན་པོ་འཁོར་དང་བཅས་པ་རྣམས་ལ་བདག་གི་དམག་དཔོན་དུ་མངའ་གསོལ་ཞིངས་ཕྱག་འཚལ་བའི་སྐྱབས་འོག་ཏུ་ཚུད་པར་བསམ་མོ། དེ་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དཀར་པོ་འཕྲོས་པས་བདག་དང་ཡོན་བདག་རྣམས་ལ་ཕོག་པས་སྡིག་སྒྲིབ་དག་ནས་བར་ཆད་ཞི་བར་བསམ་ལ་འདི་སྐད་དོ། ཧཱུྃ་ལྷ་མིན་དམག་ཚོགས་གཡུལ་བཟློག་ཅིང་། །ལྷ་དམག་དཀར་པོའི་དབུགས་འབྱིན་པ། །ལེགས་ལྡན་ནག་པོ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཟླ་བའི་འོད་ལྟར་ཞལ་གསལ་བ། །མ་རིག་སྒྲིབ་པ་སྤང་བའི་ཕྱིར། །འཇིག་རྟེན་འདི་ན་གང་སྟོན་པ། །ཚོགས་བདག་ཁྱེད་ལ་ཕྱག་འཚལ་བསྟོད། །ལྷ་རྣམས་ཀུན་གྱིས་མ་མཆོད་ཚེ། །ལྷ་མིན་གཡུལ་ལས་རྒྱལ་མ་གྱུར། །མཆོད་ནས་གཡུལ་ལས་རྒྱལ་བ་ཐོབ། །ཚོགས་བདག་ཁྱོད་ལ་ཕྱག་འཚལ་བསྟོད། །ལྷ་རྣམས་ཀུན་ལས་ཁྱད་པར་འཕགས། །ཁྱོད་ལ་ལྷས་ཀྱང་ཐོག་མར་མཆོད། །མཆོད་འོས་རྣམས་ཀྱིས་མཆོད་མཛད་པ། །ཚོགས་བདག་ཁྱེད་ལ་ཕྱག་འཚལ་བསྟོད། །དཀོན་མཆོག་གསུམ་གྱི་སྐུ་སྲུང་ཞིང་། །དོན་དམ་ཕུན་སུམ་ཚོགས་ཚོགས་བསྒྲུབ་ཅེས། །རྒྱལ་བ་རྣམས་ཀྱིས་ལུང་བསྟན་པའི། །ཚོགས་བདག་ཁྱེད་ལ་ཕྱག་འཚལ་བསྟོད། །སྟོན་པའི་བསྟན་པ་བསྲུང་བའི་ཕྱིར། །མཚན་དུ་རྡོ་རྗེ་འཆང་ངོ་ཞེས། །དབང་བསྐུར་གང་གི་གཙོར་གྱུར་པ། །ཚོགས་བདག་ཁྱོད་ལ༴ ཡོན་ཏན་བསམ་འདས་བརྗོད་མི་ལང་། །མ་རིག་སེམས་ཅན་དོན་སླད་དུ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཚོགས་བདག་འཁོར་བཅས་མཉེས་གྱུར་ཅིག །ཚོགས་ཀྱི་བདག་པོ་ཆེན་པོ་ཁྱོད། །མགོན་པོ་བཞུགས་གནས་དཀྱིལ་འཁོར་དུ། །བླ་མེད་མཆོད་སྤྱན་འདྲེན་འབྱུང་བ། །ཡོན་ཏན་བརྒྱད་ལྡན་ཐམས་ཅད་ཀྱི། །ཞབས་ལ་སྤྱི་བོས་གཏུགས་གྱུར་ཅིག། ༀ་ཤྲྀ་མ་ཧཱ་ཀ་ལ་ཨ་ཏི་པུ་ཧོ། པྲ་ཏི་ཙྪ་ཧོ། ལྔ་བ་མཆོད་པ་འབུལ་བ་ནི། སྤྱི་ལྟར་གཏོར་མ་ལ་ཆང་དང་། རཀྟ་ཕུད་རྒོད་བྲན་ལ། ༀ་སྭ་བྷ་ཝ་ཤུརྡྷ་སོགས། སྟོང་པའི་ངང་ལས་ༀ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ༀ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་མ་ཧཱ་བ་ལཱིང་ཏ་ཏེ་ཛྭ་བྷ་ལཱིང་ཏ་བ་ལ་བྷ་ཏེ་གུ་ཧྱ་ས་མ་ཡ་ཧཱུཾ་ཧྲཱིཿཋཱཿགསུམ་ཅེས་བརྗོད་པས། ཕྱི་ལྟར་ན། ལྷ་རྫས་ལས་གྲུབ་པའི་ཕོ་བྲང་ཕྲེང་བ་མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར་གྱུར་བར་བསམ་ལ། རརྣ་མཎྜལ་ལ་མཱ་ལྱེ་ཨགྷཾ་སོགས་ནས། ཤབ་ཏ་ཨ་ལཾ་ཀ་ར་ཨཱཿཧཱུྃ་སྭ་ཧཱ་ནང་ལྟར་ན། གཟུགས་སྡུག་པ་སྒྲ་སྙན་པ་དྲི་ཞིམ་པ་རོ་མངར་བ་རེག་བྱ་འཇམ་པའི་ཚོགས་སུ་གྱུར་བར་བསམ་ལ། རུ་པ་ཤསྡ་གྷནྡྷེ་ར་ས་སྤར་ཤེ་པྲ་ཙྪི་ཨཱཿཧཱུྃ། གསང་བ་ལྟར་ན། གཏོར་མ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་དུ་བསམ་ལ་མགོན་པོ་འཁོར་དང་བཅས་པ་རྣམས་ལ་ཕུལ་བས་ལྗགས་འོད་ཀྱི་སྦུ་གུ་གྲི་གུག་ལྟ་བུས་གསོལ་ནས། ཅི་ལྟར་བཅོལ་བའི་ལས་རྣམས་ཐོགས་མེད་དུ་སྒྲུབ་པར་བསམ་མོད། ཧཱུྃ་དཔལ་ལྡན་མགོན་པོ་མཐུ་ཆེན་ཁྱེད། །ཡོན་ཏན་བྱིན་རླབས་རྨད་པོ་ཆེ། །འཕགས་པའི་ཐུགས་རྗེ་མངའ་བརྙེས་ཀྱང་། །དུས་ངན་སེམས་ཅན་འདུལ་སླད་དུ། །དཀོན་མཆོག་གསུམ་གྱི་སྐུ་བསྲུང་ཞིང་། །སྐྱེ་འགྲོ་ཡོངས་ཀྱི་སྐྱབས་ཀྱང་མཛད། །ཕྱག་ན་བདུད་འདུལ་བེང་ཆེན་བསྣམས། །བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །ཡུན་གྱི་མགོན་དང་མཐུ་བསྟེན་པས། །རྒྱུན་དུ་འཚོ་བའི་མཆོད་པ་འབུལ། །རྟག་ཏུ་སྲུང་ཞིང་སྐྱབས་ཏུ་གསོལ། །དཀྱིལ་འཁོར་མཛེས་པ་དམ་པ་དང་། །མེ་ཏོག་ཕྲེང་བ་རིན་ཆེན་དབྱིག །དྲི་དང་ལྷ་བཤོས་བདུག་པ་གོས། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་། །རོ་མངར་རེག་བྱ་འཇམ་ལ་སོགས། །སྣ་ཚོགས་མཆོད་པ་འདི་དག་བཞེས། །ཐུགས་རྗེས་འགྲོ་བའི་དོན་ལ་དགོངས། །བདག་ཅག་རེ་ཞིང་སྨོན་པ་རྣམས། །འཕགས་མགོན་ཁྱེད་ཀྱིས་འགྲུབ་པར་མཛོད། ༀ་ཤྲྀ་མ་ཧཱ་ཀཱ་ལ་ཡཀྴ་བཻ་ཏ་ལི་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཁཾ་ཨརྒ་ཏེ་སྥ་ར་ཎ་ཨེ་མཾ་ག་ག་ན་ཁཾ་གྷྲྀ་ཧྞ་ཨེ་དམ་བྷ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭ་ཧཱ། རརྣ་མཎྜལ་མཱ་ལེ་ཨརྒྷཾ་ནས་ཤསྡ་བར་བརྗོད། མཧཱ་སརྦ་པཉྩ་ཨ་མྲཾྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་བྷ་ལིངྟ་ཁཱ་ཧི། དགྲ་བགེགས་ཀྱི་མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ༴ མ་ཧཱ་ཙིརྟ༴ མ་ཧཱ་བ་སུ་ཏ་ལ༴ མ་ཧཱ་ཀོ་རེ་ཙ་ན་ལ༴ མ་ཧཱ་ཀེཾ་ནི་རི་ཏི་ལ༴ དམ་ཉམས་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ལྟར་ཕྱི་ནང་བའི་མཆོད་པའི་རྗེས་སུ། འདོད་དོན་གསོལ་བ་ནི། ༀ་ཨཱཿཧཱུྃཿ མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་ཉིད་མཆོད་ཅིང་འབུལ་བའི་གནས་ནི། །དཔལ་ལྡན་མགོན་པོ་ནག་པོ། ཤྲྀ་མ་ཧཱ་ཀ་ལ། །བདུད་འདུལ་ལས་ཀྱི་དབང་ཕྱུག །དུག་གསུམ་ནད་ཀྱི་སྨན་པ༈ རིག་འཛིན་ཡོངས་ཀྱི་སྲོག་ཤིང་། །རྣལ་འབྱོར་ཀུན་གྱི་དགྲ་ལྷ། །དབུས་ཀྱི་དེ་བ་མགོན་པོ། །ཕྱི་ནང་གཉིས་ཀྱི་ཚོགས་བདག་ཡུམ་ཡཀྴ་བཻ་ཏ་ལི། །སྐུ་གསུང་ཐུགས་ཀྱི་མགོན་པོ། །ཕྱོགས་བཅུའི་མགོན་པོ། །སྡེ་བརྒྱད་ཀྱི་མགོན་པོ། །ལྷ་དམག་བྱེ་བ་དུང་ཕྱུར་དང་བཅས་པ་རྣམས་ལ་མཆོད་དོ། འབུལ་ལོ། གསོལ་ལོ། འདོན་ནོ། མཉེས་རབ་ཀྱི་མཆོག། །དགྱེས་རབ་ཀྱི་ཕུལ་ཕྱི་ཉེར་སྤྱོད་ལྔ་ཡི་མཆོད་པ། །ནང་སྨན་རཀ་གཏོར་གསུམ་ཚོགས་ཀྱི་མཆོད་པ་འདི་བཞེས་ལ། །བདག་ཅག་རྣལ་འབྱོར་པ་འཁོར་དང་བཅས་པ་རྣམས་ལ་བསྲུང་ཞིང་བསྐྱབ་པ་དང་། །བསམ་པ་དང་སྨོན་པ་ཐམས་ཅད་ཡིད་བཞིན་དུ་གྲུབ་པར་མཛད་དུ་གསོལ། ཕྲིན་ལས་སུ་བཅོལ་བའི་མདོ་ནི་ཉི་མ་ཕྱོགས་བཞི་མཚམས་བརྒྱད་ཀྱི་དགྲ་བགེགས་གདུག་པ་ཅན་སྡང་སེམས་དང་ལྡན་པ་རྣམས་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་མཛོད་ཅིག དྲུག་པ་སྨོན་ལམ་གདབ་པ་ནི། མགོན་པོའི་རྒྱན་ཆ་ལུགས་གསལ་གདབ་ལ། བེང་གི་རྩེ་མོའི་ཡིད་བཞིན་གྱི་ནོར་བུ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་ཞིང་ཁམས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕོག་པས་དེ་དག་གི་ཐུགས་ཀ་ནས་རིན་པོ་ཆེའི་ཆར་བབས་པས་གནས་ཁང་བང་མཛོད་ཐམས་ཅད་མེར་མེར་ལྟེམ་ལྟེམ་གང་བར་གྱུར། བར་བསམ་ཞིང་། གཞུང་ནས་ཇི་ལྟར་བཤད་པ་བཞིན་འགྲུབ་པར་བསམ་ལ་འདི་སྐད་དོ། ཧཱུྃ་བདེ་གཤེགས་མགོན་པོ་བསྟན་པའི་དཔལ། །ཚོགས་བདག་དགྱེས་པའི་བྱིན་རླབས་ཀྱིས། །སྡུག་བསྔལ་ནད་སེལ་ཐུགས་རྗེ་ཆེ། །ཐམས་ཅད་སྤྲུལ་པའི་དུར་ཁྲོད་དཔལ། །ཚོགས་རྗེ་ཚོགས་ཀྱི་བདག་པོ་སྟེ། །དེ་བཞིན་གཤེགས་པས་བཞེད་པར་སྟོན། །ཁམས་གསུམ་ཁེངས་པའི་སེམས་ཅན་རྣམས། །ཚེ་དང་སྲོག་ལ་མངའ་བ་སྟེ། །ཤེས་རབ་མཚོན་གྱིས་སྒྱུ་མར་སྟོན། །བླུན་རྨོངས་ཁེངས་པ་ཐར་བར་མཛོད། །མི་མཐུན་ཕྱོགས་རྣམས་ཟད་པར་སྟོན། །བྱང་ཆུབ་སྙིང་པོར་ཁྱེད་ཀྱིས་སྒྲོལ། །དཔལ་གྱི་སྙིང་པོ་དཔལ་ཕྲེང་མ། །དཔལ་གྱི་ཚོགས་ལ་ཕྱག་འཚལ་བསྟོད། །མགོན་པོ་ཁྱེད་མཆོད་བྱིན་རླབས་ཀྱིས། །ཕྱོགས་བཅུ་དུས་ཀུན་ཐམས་ཅད་དུ། །བདག་ཅག་འཁོར་དང་བཅས་པ་རྣམས། །ཕྱོགས་བཅུ་གང་དུ་འགྲོ་ན་ཡང་། །གནོད་བྱེད་དགྲ་བགེགས་མེད་པར་མཛོད། །སེམས་ཅན་ཐམས་ཅད་འབྱོར་བ་རྒྱས། །བགེགས་ཀྱི་རྣམ་པ་ཀུན་མེད་ཤོག། །རྟ་དང་བ་གླང་ནོར་དང་འབྲི ། །བུ་དང་བུ་མོ་གཉེན་བཤེས་རྣམས། །དགེ་ཞིང་ཚེ་རིང་བདེར་སྤྱོད་པ། །ནད་དང་གནོད་པ་ཀུན་བྲལ་ཤོག །རྒྱལ་པོ་མྱ་ངན་མེད་པ་བཞིན། །ཆོས་ཀྱི་རྒྱལ་སྲིད་སྐྱོང་བར་ཤོག །བདེ་བར་གཤེགས་པའི་བསྟན་པ་འདི། །ཕྱོགས་བཅུ་ཀུན་ཏུ་རྒྱས་པ་དང་། །མྱུར་དུ་སེམས་ཅན་ཐམས་ཅད་ཀྱང་། །བདུད་རྩིའི་སྣོད་དུ་འགྱུར་བར་ཤོག། །དགེ་བ་ཐམས་ཅད་སྤྱིར་བསྔོ་ཞིང་། །མགོན་པོ་ཁྱེད་མཆོད་བྱིན་རླབས་ཀྱི། །བདག་ཅག་འཁོར་དང་བཅས་པ་རྣམས། །ལོངས་སྤྱོད་ཐམས་ཅད་རྒྱས་པ་དང་། བདག་ཅག་བྱང་ཆུབ་མཆོག་ཐོབ་ནས། །ཁྱེད་དང་མི་འབྲལ་འགྲོགས་པར་ཤོག། །བདག་གི་སྨོན་ལམ་འགྲུབ་པར་ཤོག །ༀ་ཡེ་དྷརྨཱ་སོགས་སྭཱ་ཧཱ་ཅེས་ལན་གསུམ་མམ་བདུན་གྱིས་གནས་ཁང་ལ་གཏོར་བས་བརྟན་པར་བསམ་མོ། གཉིས་པ་འབོད་རྦད་བསད་གསུམ་གྱི་དང་པོ་ལའང་གཉིས། དམིགས་པས་བཅུན་ཞིང་བསྙེན་སྔགས་བཟླ་བ་དང་། སྐབས་སུ་མཆོད་བསྟོད་བྱ་བའོ། མགོན་པོའི་ཐུགས་ཀར་ཟླ་བའི་སྟེང་དུ་བེང་། དེའི་ལྟེ་བར་ཧཱུཾཿ གི་མཐའ་སྐོར་དུ་སྔགས་ཀྱིས་གཡས་སུ་འཁོར་བར་བསྒོམ། ཡུམ་གྱི་ཐུགས་ཀར་ཉི་མའི་སྟེང་དུ་གྲི་གུག་གི་སོ་ཡུའི་མཚམས་སུ་བྷྱོཿལ་སྔགས་ཀྱི་གཡོན་ཏུ་འཁོར་བར་བསམ། དེ་ལྟར་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་འབུལ། །ཐུགས་དམ་གྱི་རྒྱུད་བསྐུལ། །དེ་དག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཚ་ལ་རྩུབ་པ་འཕྲོས། །དྲེགས་པ་ཅན་ཐམས་ཅད་ལ་ཕོག་པས་ཚར་བཅད། །དབང་དུ་བསྡུས། །ནུས་མཐུ་ཐམས་ཅད་ཕྲོག་ནས་མགོན་པོའི་ཐུགས་ཀར་ཐིམ། །མགོན་པོའི་ཐུགས་ཀ་ནས་འོད་ཟེར་ཚུར་བྱུང་བ། །བདག་ཉིད་ཡི་དམ་གྱི་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་རང་ཉིད་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསམ། ༀ་ཤྲཱྀ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ ༀ་བཛྲ་ཡཀྴ་བཻ་ཏ་ལི་ཧཱུཾཿ མ་ཧཱ་ཀཱ་ལ་སིདྡྷི་ཡཾ་དུ་ཛ༔ ཅེས་འབོོད་རྦད་བསད་གསུམ་གྱི་ལུགས་ལ་འབུམ་ཐེར་ལྔ་སོགས་བཟླའོ། སྐབས་སུ་ཅི་རིགས་པར་བཟླའོ། གཉིས་པ་མཆོད་བསྟོད་བྱ་བ་ནི་གོང་ལྟར་ལ། སླར་ཡང་བསྟོད་བསྐུལ་ནི། ཧཱུྃ་བསྐལ་པ་མེ་ལྟར་འབར་བའི་དབུས། །དུར་ཁྲོད་ཆེན་པོའི་གནས་མཆོག་ནས། །དཔལ་ལྡན་མགོན་པོ་ནག་པོ་ནི། །སྐུ་མདོག་མཐིང་ནག་ཆར་སྤྲིན་མདོག། །བམ་ཆེན་སྟེང་ན་འགྱིང་བག་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དམར། །རལ་པ་སེར་ལ་མཆེ་བ་གཙིགས། །སྐུ་ལ་དར་ནག་འཇོལ་བེར་གསོལ། །ཕྱག་གཡས་ཙན་དན་བེང་ཆེན་བསྣམས། །གཡོན་པས་ཐོད་པ་ཁྲག་བཀང་གསོལ། །གསེར་སྐུད་སེར་པོའི་སྐུ་རགས་བཅིངས། །ཞབས་ལ་སག་ཏི་སྔོན་པོ་གསོལ། །བསྐལ་པའི་མེ་དཔུང་ཀློང་ནས་བཞེངས། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །དཔལ་ལྡན་མགོན་པོ་ནག་པོ་ཆེ། །རལ་པ་གྱེན་དུ་འབར་བ་ཡིས། །སྟེང་གི་ལྷ་བདུད་བཟློག་པར་བྱེད། །དཔྲལ་བར་ཁྲོ་གཉེར་གསུམ་ལྡན་པས། །སྲིད་གསུམ་བགེགས་རྣམས་བཟློག་པར་བྱེད། །མཆེ་བ་ཟུར་གསུམ་གཙིགས་པ་ཡིས། །བདུད་བཞིའི་བར་ཆད་བཟློག་པར་བྱེད། །དར་ནག་འཇོལ་བེར་གསོལ་བ་ཡིས། །ཚེ་བདུད་ནག་པོ་བཟློག་པར་བྱེད། །ཙན་དན་བེང་ཆེན་ཕྱར་བ་ཡིས། །ལྷ་མིན་གཡུལ་ངོ་བཟློག་པར་བྱེད། །གཡོན་པས་ཐོད་ཁྲག་བསྣམས་པ་ཡིས། །དགྲ་བགེགས་སྙིང་ཁྲག་འཐུང་བར་བྱེད། །གསེར་སྐུད་སྐུ་རགས་བཅིངས་པ་ཡིས། །རྣལ་འབྱོར་བར་ཆད་སེལ་བར་བྱེད། །གཡས་བསྐུམ་གཡོན་བརྐྱང་བྱེད་པ་ནི། །འཆི་བདག་གཤིན་རྗེ་བཟློག་པར་བྱེད། །བམ་ཆེན་སྟེང་ན་འགྱིང་པ་ནི། །ས་བདག་ཀླུ་གཉན་གདོན་རྣམས་བཟློག་པར་བྱེད། །བསྐལ་པའི་མེ་དཔུང་ཀློང་ན་བཞུགས་པ་ནི། །ཉོན་མོངས་བག་ཆགས་མ་ལུས་བསྲེགས་པར་བྱེད། །བཟློག་བྱེད་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །བཟློག་བྱེད་ནག་པོ་འཁོར་བཅས་ལ། །བདག་གིས་མཆོད་ཅིང་བསྟོད་གྱུར་ན། །བཀའ་འཁོར་བསྲུང་ལ་བར་ཆད་བཟློག། །སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་དབུ་འཕང་སྨད་པ་དང་། སློབ་དཔོན་སྐུ་ལ་བསྡོ་བ་དང་། །བདག་ལ་བར་དུ་གཅོད་པ་ཡིས། །དགྲ་བགེགས་ཐམས་ཅད་རྡུལ་དུ་ཟློགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། བྷྱོཿ །བསྐལ་པའི་མེ་རླུང་འཚུབ་མའི་ཀློང་དཀྱིལ་ནས། །སྨོན་ལམ་སྟོབས་ཀྱི་སངས་རྒྱས་བསྟན་པ་བསྲུང་། །དཔལ་ལྡན་ལྷ་མོ་ནག་མོ་ནི། །སྐུ་མདོག་མཐིང་ནག་མུན་ལྟར་གཏིབས། །ཁྲག་གི་རལ་པ་གཡས་ནས་གཡོན་དུ་འཁྱིལ། །ཕྱག་གཡས་གཅོད་བྱེད་གྲི་གུག་ཕྱར། །གཡོན་པའི་ཐོད་ཁྲག་ནད་རྐྱལ་བསྣམས། །ཆིབས་སུ་དྲེའུ་དམར་གྭ་པ་ཆིབས། །འཁོར་དུ་མ་མོ་འབུམ་གྱིས་བསྐོར། །འདིར་གཤེགས་དམ་རྫས་གཏོར་མ་བཞེས། །དགྲ་བོ་བསྒྲལ་བའི་ཕྲིན་ལས་མཛོད། ཧཱུྃ་སྐུ་ཡི་མགོན་པོ་གཏུམ་བྱེད་ནི། །སྐུ་མདོག་མཐིང་ནག་ཆར་སྤྲིན་མདོག །ཕྱག་གཉིས་རྩེ་གསུམ་ཐོད་ཁྲག་འཛིན། །དགྲ་བགེགས་སྙིང་ཁྲག་ཞལ་དུ་གསོལ། །བགེགས་དང་ལོག་འདྲེན་འདུལ་མཛད་པ། །སྐུ་མཆོག་ཁྱེད་ལ་ཕྱག་འཚལ་བསྟོད། ཧཱུྃ་གསུང་གི་ མགོན་པོ་གསོད་བྱེད་ནི། སྐུ་ལ་དར་ནག་བེར་ཆེན་གསོལ། །ཕྱག་གཉིས་བེང ་དང་ཐོད་ཁྲག་བསྣམས། །སྐུ་ལ་རིན་ཆེན་རྒྱན་གྱིས་བརྒྱན། །དགྲ་བོའི་སྲོག་རྩ་གཅོད་པར་བྱེད། །གཤིན་རྗེའི་ཚོགས་ཀྱི་གདུག་པ་འདུལ། །གསུང་མཆོག་ཁྱེད་ལ་ཕྱག་འཚལ་བསྟོད། ཧཱུྃ་ཐུགས་ཀྱི་མགོན་པོ་སྒྲོལ་བྱེད་ནི། །སྐུ་ནི་རྔམ་བརྗིད་མཐིང་ནག་ལ། །ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན། །སྡང་བྱེད་དགྲ་བོ་འགུགས་ཅིང་གསོད། །མ་མོའི་ཚོགས་ཀྱི་གདུག་པ་འདུལ། །ཐུགས་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །ལྷ་དམག་བྱེ་བའི་ཚོགས་རྣམས་ནི། །དགྲ་བགེགས་བསྒྲལ་བའི་དོན་ཆེད་དུ། །ཞལ་ནས་ཆ་སྒྲ་དི་རི་རི། །བར་ཆད་བཟློག་པའི་ལས་མཛོད་ཅིག །ཕྱོགས་སྐྱོང་བཅུ་པོ་འཁོར་དང་བཅས། །བཀའ་ཡི་ལྷ་སྲིན་སྡེ་བརྒྱད་དང་། །མཁའ་ལ་རྒྱུ་བ་མ་མོའི་ཚོགས། །འགལ་རྐྱེན་བཟློག་ལ་དངོས་གྲུབ་སྩོལ། །ཡང་སྤྲུལ་ཕོ་ཉའི་ཚོགས་རྣམས་ནི། །མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །དགྲ་བོའི་སྲོག་རྩ་གཅོད་ཅིང་གཏུབས། །མི་མཐུན་རྐྱེན་དང་བར་ཆད་བཟློག །མཐུན་པའི་དངོས་གྲུབ་བདག་ལ་སྩོལ། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། བསྟོད་པ་བསྡུས་པ་ནི། ཧཱུཾ་བསྐལ་པ་མེ་ལྟར་འབར་བའི་དབུས། །དུར་ཁྲོད་ཆེན་པོའི་གནས་མཆོག་ནས། །བམ་ཆེན་སྟེང་ན་འགྱིང་བག་ཅན། །དཔལ་ལྡན་མགོན་པོ་ནག་པོ་ལ། །བདུད་དང་དགྲ་བགེགས་བཟློག་པའི་ཕྱིར། །བྱམས་པའི་སེམས་ཀྱིས་མཆོད་འབུལ་བསྟོད། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། ཅེས་མགོན་པོ་ཚོགས་བདག་གི་སྟོད་ལས་ཀྱི་རིམ་པ་འདི་ཉིད་ཞུས་དག་གང་ནུས་བགྱིས་ཏེ། འཇིགས་མེད་ཕྲིན་ལས་འོད་ཟེར་གྱིས་བྲིས་པ་འདི་ལ་ཀུན་གྱིས་ཡིད་ཆེས་ཀྱི་གནས་སུ་འཛིན་པར་མཛོད། གསོལ་བ་ནི། ཧཱུྃ་དཔལ་ལྡན་མ་ཧཱ་ཀཱ་ལ་དང་། །འཁོར་དང་བཀའ་ཉན་ལྷ་ཚོགས་ལ། །དངོས་གྲུབ་སྙན་དུ་གསོལ་བ་ནི། །རྡོ་རྗེའི་ཚེ་དང་མི་བརྗེད་གཟུངས། །ཐོགས་པ་མེད་པའི་ཤེས་རབ་སོགས ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །མ་ཧཱ་ཀཱ་ལའི་ཞལ་མཐོང་ཤོག །གསུང་ཐོས་ཇི་བཞིན་དངོས་གྲུབ་ཐོབ་པར་ཤོག །འཁོར་རྣམས་དར་ཞིང་རིགས་རྒྱུད་འཕེལ་བར་ཤོག །བར་ཆད་རྐྱེན་བགེགས་ཞི་ཞིང་མེད་པར་ཤོག །བེའུ་ལུག་འབྲི་ཟས་གཟི་མདངས་རྒྱས་པར་ཤོག །བདག་ཅག་འཁོར་དང་བཅས་པ་རྣམས། །ཕྱོགས་བཞི་མཚམས་བརྒྱད་གར་འགྲོ་ཡང་། །སྔུན་བསུ་རྒྱབ་སྐྱོལ་སྡོང་གྲོགས་མཛད་དུ་གསོལ། །བསམ་བསྒྲུབ་རེ་སྐོངས་ཉིན་མཚན་མེལ་ཚེ་མཛོད། །ལེགས་པར་ཡག་དང་སྤྲོད་ལ་ཉེས་དང་སྣོལ། །ལུས་དང་གྲིབ་མ་བཞིན་དུ་འགྲོགས་པར་ཤོག །བསྟན་པ་འཇིག་པའི་བདུད་དཔུང་ཞི་བར་ཤོག །དཀྱིལ་འཁོར་མཚམས་དྲལ་བགེགས་རྣམས་ཞི་གྱུར་ཅིག །མུ་གེ་ཡམས་ནད་གོད་ཁ་མེད་པར་ཤོག །ལྷ་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པར་ཤོག །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་པར་ཤོག །ཆོས་ཉིད་དོན་རྟོགས་ཆོས་སྐུ་མངོན་གྱུར་ཤོག །བདག་གིས་སྨོན་ལམ་ཅི་བཏབ་འགྲུབ་པར་ཤོག །ཅེས་པས་འདོད་པའི་དོན་ལ་གསོལ་བ་གདབ་པོ། སྤྱི་དོན་གསུམ་པ་རྗེས་ཀྱི་རིམ་པ་ལ་གསུམ་ལས། དང་པོ་དྲག་པོ་དཔལ་ཆེན་འདུས་པའི་གཞུང་བཞིན་ཚོགས་བསྒྲལ་ཡན་བཏང་ནས། བསྐང་བཤགས་རྡོ་རྗེའི་ཐོལ་གླུས་ཐུགས་དམ་བསྐང་བར་བྱའོ། གཉིས་པ་ཚོགས་བདག་གི་བསྐང་བ་དང་། མངའ་གསོལ་གཉིས་ལས། དང་པོ་ནི། ལྡི་རི་ཆོས་གྲགས་ཀྱི་བསྐང་བའི་གཞུང་བཞིན་བསྐང་བ་ནི།