Nitartha Digital Library
Tibetan
༄༅། མདོ་སྡེ་ཀུན་ལས་བཏུས་པ་བཞུགས་སོ། །

4 occurrences of རྟོག་པའི་ཡུལ་བ་
[Clear Hits]

4 occurrences of རྟོག་པའི་ཡུལ་བ་
[Clear Hits]

no previousno next

(༡)༄༅། མདོ་སྡེ་ཀུན་ལས་བཏུས་པ་བཞུགས་སོ། །

(༢)༄༅། །ན་མོ་བུདྡྷྷྷྷ།།།ཡ། དྷརྨཱ་ཡ། སམ་གྷཱ་ཡ། བསྟན་པའི་གཙོ་བོ་ཤཱཀྱའི་རྒྱལ་པོ་དང་། །དད་ཅན་ལམ་དུ་འཇུག་པའི་བླ་མ་རྣམས། །དེ་རྣམས་ཞབས་ལ་གུས་པས་ཕྱག་འཚལ་ནས། །མདོ་ཡི་ངེ་དོན་བསྡུས་པ་བྲི་བར་བྱ། །དེའི་དགོས་པ་ནི། མཁས་པ་རྣམས་ནི་ཉན་བཤད་ཀྱིས་བྲེལ་ནས་ལྟ་མི་ཁམས་པ་དང་། བློ་དམན་པ་རྣམས་ལྟ་བའི་ནུས་མེད་པ་དང་། བསམ་གཏན་པ་རྣམས་གཡེང་བར་འགྱུར་བའི་ཕྱིར་རོ། །འོ་ན་རྒྱལ་བའི་བཀའ་ལ་དུམ་བུར་བཀོར་ནས་བཤད་པ་ཇི་ལྟར་ཡིན་ཞེས་ན། གཞུང་དམ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་སེང་གེ་སྒྲས་གསོལ་པ། མདོ་སྡེའི་བཤད་པ་ཇི་ལྟར་བཤད་པར་བགྱི། བཀའ་སྩལ་པ། རྗེས་སུ་གནང་གི །དོན་གྱི་དབང་དུ་བདེ་བར་བྱོས་ཤིག །དེ་དག་གི་དོན་བསྡུས་ཏེ་གཏམ་དུ་ཡང་བརྗོད་པར་བྱའོ། གསོལ་པ། དེ་ལྟར་བགྱིས་ན་མདོ་སྡེའི་མཐའ་ཡི་།།།རུང་བར་མི་འགྱུར་རོ། བཀའ་སྩལ་པ། སྐབས་སུ་གཏམ་རྒྱུད་ཀྱང་བརྗོད་པར་བྱའོ། གསེར་འོད་དམ་པའི་མདོ་ལས། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་

(༣)པ་ཞིག་ཡོད་ན། མདོ་སྡེ་རྣམས་ཀྱི་ནང་ནས་ཚིག་གཅིག་གི་ལེའུ་གཅིག་བཞག་ལ་བཀྲོལ་བའམ་བཤད་ན་བསོད་ནམས་དང་དགེ་བའི་རྩ་བ་དཔག་ཏུ་མེད་དོ། །ཕྱོགས་བཅུ་རྒྱས་པའི་མདོ་ལས། ལ་ལས་ཕྱོགས་བཅུའི་འཇིག་རྟེན་ཁམས། །རིན་ཆེན་བཀང་སྟེ་བྱིན་པའམ། །སྟེང་གི་ཁམས་ཀྱི་འཇིག་རྟེན་ལ། །སྲོག་གི་སྦྱིན་པ་བྱིན་པ་བས། །ཆོས་ཀྱི་ཡི་གེ་འདི་ཉིད་ལ། །ཚིག་གཅིག་ཐོས་པའི་བསོད་ནམས་ཀྱིས། །སྟེང་གི་ཆར་ཡང་མི་ཕོད་།།།དོ། །དུས་དེང་སང་གི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བའི་འོད་བཞིན་བདལ་ཡང་མུན་པ་འདྲ་བའི་གཏི་མུག་ཅན་། དམ་པའི་ཆོས་ལོག་པར་སྤྱོད་པ་དཔག་ཏུ་མེད་དེ། པདྨ་དཀར་པོའི་མདོ་ལས། མར་མེ་འདའ་ཁའི་འོད་བཞིན་དུ། །ང་ཡི་བསྟན་པ་ནུབ་ཁར་གསལ། །ལོག་ལྟ་ཅན་ཡང་མང་དུ་འབྱུང་། །དེ་ཡིས་བསྟན་པ་ཉམས་པར་བྱེད། །པདྨ་བརྩེགས་པའི་མདོ་ལས། ལ་ལས་དགེ་སྡིག་རྣམ་སྨིན་མེད་ཅེས་ཟེར། དེ་ཡིས་དམ་ཆོས་ཕྱིན་ཅི་ལོག་ཏུ་སྤྱོད། །ལ་ལས་བདག་མེད་སྒོམ་པའི་དུས་མིན་ཟེར། དེ་ཡིས་སེམས་ཅན་ལོག་པའི་ལམ་དུ་འཇུག །ཡང་དག་པའི་ལམ་མ་ནོར་བ་དག་

(༤)གང་ཞེ་ན། སྤྱན་རས་གཟིགས་རྣམ་པར་རོལ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱིས་གསོལ་བ། དུས་ཐ་མའི་ཚེ་ཡང་དག་པའི་ལམ་དུ་མིང་གདགས་ནས་ལོག་པར་སྤྱོད་པ་མང་དུ་སྣང་ལགས་ན། ཡང་དག་པའི་ལམ་ཞེས་བགྱི་བ་གང་ལགས། བཀའ་སྩལ་པ། ཡང་དག་པའི་ལམ་ཞེས་བགྱི་བ་ནི། སེམས་ཙམ་ཡང་རྣམ་པར་མི་རྟོག་པའི་ལམ། དབུ་མ་མ་ནོར་བ་དེ་ཡིན་ནོ། གསོལ་བ། འོ་ན་སངས་རྒྱས་དང་སེམས་ཅན་ཐམས་ཅད་སེམས་ཀྱི་ལམ་ནས་འགྲོ་བ་མ་ལགས་སམ། བཀའ་སྩལ་པ། ལམ་སྲོལ་ཆེན་པོར་རྒྱལ་པོ་དང་། །སྤྲང་པོ་ལ་སོགས་ཀུན་འགྲོ་ལྟར། །སེམས་ཀྱི་བརྒྱ་ལམ་ཆེན་པོ་ནས། སངས་རྒྱས་རྣམས་དང་སེམས་ཅན་ཀུན། །བརྒྱ་ལམ་དེ་ལ་འགྲོ་བ་ཡིན། །དེས་ན་རྣལ་འབྱོར་པ་ཡིས་ནི། །སེམས་ཀྱི་ལམ་ལ་ནན་ཏན་བྱ། །ཐེག་པ་གཅིག་པའི་ལུང་ནི། འོ་ན་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དང་། ཐེ་པ་དགུ་པོ་ལ་སོགས་ཟབ་མོའི་དོན་མི་འདྲ་བ་རེ་རེ་ཡོད་དམ་ཞེ་ན། པདྨ་དཀར་པོའི་མདོ་ལས། ཐེག་པ་ནི་གསུམ་དང་དགུ་ལ་སོགས་པ་མེད་མེད་།།།དེ་ལ་སྣ་ཚོགས་སུ་བཏགས་པ་ཙམ་དུ་ཟད་དོ། ཉོན་མོངས་འདུལ་བའི་ཕྱིར་ཆོས་ཀྱི་སྒོ་མོ་ནི། །བརྒྱད་ཁྲི་བཞི་སྟོང་དག་ཏུ་གསུངས་པ་ཡང་། །སངས་རྒྱས་ཀུན་གྱི་དགོངས་པ་དམ་པ་ཡིན། །དབྱེར་མེད་ངོ་བོ་ཉིད་དུ་གཅིག་པ་ཡིན། །ང་ཡིས་བཤད་པའི་ཐེག་པ་དགུ་པོ་ཡངས། །སེམས་ཅན་དག་གི་བློ་དང་མོས་པ་བསྟན། །འདི་ལྟར་ཐབས་ཀྱི་མཆོག་བསྟན་ཡེ་ཤེས་ལ། །རབ་ཏུ་བཟུང་བའི་ཕྱིར་དུ་བསྟན་ནོ། །འབྲས་བུ་ཐེག་པ་གཅིག་གི་ཐོབ་པའི་ལུང་ནི། འོད་སྲུངས་ཀྱིས་ཞུས་པའི་མདོ་ལས།

(༥)ལས། ཆོས་རྣམས་སྤྲོས་པ་ཀུན་དང་བྲལ། དེས་ནི་ཐིག་ལེའི་ངོ་བོ་ཡིན། ཕྱག་རྒྱ་ཆེན་པོ་ལམ་གཅིག་ཆོད་དུ་བསྟན་པའི་ལུང་ནི། །ཡེ་ཤེས་སྣང་བ་བརྒྱན་པའི་མདོ་ལས། །རྒྱུ་རྐྱེན་རྟེན་འབྲེལ་བཤད་པ་དང་། །རིམ་པ་འཇུག་པ་བསྟན་པ་ཡང་། །རྨོངས་རྣམས་ལ་ཐབས་ཀྱིས་གསུངས། །ལྷུན་གྱིས་གྲུབ་པའི་ཆོས་འདི་ལ། །རིམ་པར་འཇུག་པ་ག་ལ་ཡོད། །གང་ཟག་ནི་གཉིས་ལས། སྣོད་ངན་པ་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། དཔེར་ན་སེང་གེའི་འོ་མ་དེ། །ཁམ་པའི་ནང་དུ་བླུག་པ་ན། །སྣོད་ཀྱང་ཆག་ལ་འོ་མ་འབོ། །དེ་བཞིན་སྣོད་ངན་གང་ཟག་ལ། །ཟབ་མོའི་གདམས་ངག་བཤད་གྱུར་ན། །དོན་མི་གོ་ལ་ལོག་ལྟ་སྐྱེ། །དཀོན་མཆོག་སྤྲིན་གྱི་མདོ་ལས། །རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་སྡིག་པའི་གྲོགས་པོ་ཡིན་ནོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། འདུ་འཛི་ལ་དགའ་བ་དང་། ལེ་ལོ་ཅན་དང་། སེམས་སྟོབས་ཞན་པ་དང་། འདུ་ཤེས་དམན་པ་དང་། ཁྱིམ་པ་ལ་དགའ་བ་དང་། ཆགས་ཞེན་ཆེ་བ་དང་། ཉོན་ནོངས་པ་མ་སྤངས་པར་བྱང་ཆུབ་ཐོབ་འདོད་པའོ། །སྣོད་བཟང་པོ་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། དཔེར་ན་སེང་གེའི་འོ་མ་དེ། རིན་ཆེན་སྣོད་དུ་བླུགས་པ་ན། །སྣོད་ཀྱང་མི་ཆན་བཅུད་ཀྱང་འཚོ། །དེ་བཞིན་སྣོད་བཟང་གང་ཟག་ལ། །ཟབ་མོའི་དོན་དེ་བཤད་གྱུར་ན། རང་ཡང་གྲོལ་ལ་གཞན་ཡང་གྲོལ། དཀོན་མཆོག་

(༦)ཆོས་རྣམས་སྤྲོས་པ་ཀུན་དང་བྲལ། །དེས་ནི་ཐིག་ལེའི་ངོ་བོ་ཡིན། །ཕྱག་རྒྱ་ཆེན་པོ་ལམ་གཅིག་ཆོད་དུ་བསྟན་པའི་ལུང་ནི། ཡེ་ཤེས་སྣང་བ་བརྒྱན་པའི་མདོ་ལས། རྒྱུ་རྐྱེན་རྟེན་འབྲེལ་བཤད་པ་དང་། །རིམ་པ་འཇུག་པ་བསྟན་པ་ཡང་། །རྨོང་པ་རྣམས་ལ་ཐབས་ཀྱིས་གསུངས། །ལྷུན་གྱིས་གྲུབ་པའི་ཆོས་འདི་ལ། །རིམ་པར་འཇུག་པ་ག་ལ་ཡོད། །གང་ཟག་ནི་གཉིས་ལས། སྣོད་ངན་པ་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། དཔེར་ན་སེང་གེའི་འོ་ན་དེ། །ཁམ་པའི་ནང་དུ་བླུག་པ་ན། །སྣོད་ཀྱང་ཆག་ལ་འོ་མ་འབོ། །དེ་བཞིན་སྣོད་ངན་གང་ཟག་ལ། །ཟབ་མོའི་གདམས་ངག་བཤད་གྱུར་ན། །དོན་མི་གོ་ལ་ལོག་ལྟ་སྐྱེ། །དཀོན་མཆོག་སྤྲིན་གྱི་མདོ་ལས། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་སྡིག་པའི་གྲོགས་པོ་ཡིན་ནོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། ཚུལ་ཁྲིམ་ཉམས་པ་དང་། ལྟ་བ་ཉམས་པ་དང་། འདུ་འཛི་ལ་དགའ་བ་དང་། ལེ་ལོ་ཅན་དང་། སེམས་སྟོབས་ཞན་པ་དང་། འདུ་ཤེས་དམན་པ་དང་། ཁྱིམ་པ་ལ་དགའ་བ་དང་། ཆགས་ཞེན་ཆེ་བ་དང་། ཉོན་མོངས་པ་མ་སྤངས་པར་བྱང་ཆུབ་ཐོབ་འདོད་པའོ། །སྣོད་བཟང་པོ་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། དཔེར་ན་སེང་གེའི་འོ་མ་དེ། །རིན་ཆེན་སྣོད་དུ་བླུག་པ་ན། །སྣོད་ཀྱང་མི་ཆགས་བཅུད་ཀྱང་འཚོ། །དེ་བཞིན་སྣོད་བཟང་གང་ཟག་ལ། །ཟབ་མོའི་དོན་དེ་བཤད་གྱུར་ན། །རང་ཡང་གྲོལ་ལ་གཞན་ཡང་གྲོལ། །དཀོན་མཆོག་

(༧)སྤྲིན་གྱི་མདོ་ལས། རིགས་ཀྱི་བུ་ཆོས་ལྔ་དང་ལྡན་ན། དགེ་བའི་གྲོགས་བསྟེན་པར་བྱ་བ་ཡིན་སྟེ། །ལྔ་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་དང་ལྡན་པ། དགེ་བའི་བཤེས་གཉེན་ལ་གུས་པ་དང་། དད་པ་དང་ལྡན་པ་དང་། གཏོང་བ་ལ་དགའ་བ་དང་ཤེས་རབ་ཀྱིས་ཡང་དག་པའི་དོན་གོ་བར་རུང་བའོ། ཆོས་ཀྱི་དོན་གང་ཞེ་ན། སྡོམ་ནི། དལ་འབྱོར་དང་ནི་ལས་རྒྱུ་འབྲས། །བླ་མ་བསྟན་དང་གདམས་ངག་ཞུ། །ཉམས་སུ་བླངས་བར་བྱ་བ་ཡིས། །ཆོས་ཀྱི་ཡན་ལག་རྫོགས་པར་བྱ་བ་ཡིན། །དེ་རྣམས་ལ་གཉིས་ལས། ཐུན་མོང་ལྟར་བཤད་པ་ནི། རིན་ཆེན་འཕྲེང་བ་ལས་ཤེས་པར་བྱ། བཀའ་སྩལ་པ། སེམས་རྣམ་རྟོག་གིས་གཡེངས་སྤྲོས་ཏེ། གཡེང་བ་མ་བྲེལ་བ་ཞེས་བྱའོ། །སེམས་རྣམ་པར་རྟོག་པ་ཞི་ནས་རང་བཞིན་ལ་གནས་པ་ལ་དལ་བ་ཞེས་བྱའོ། །འབྱོར་པ་ནི། སེམས་ཀྱི་རང་བཞིན་ཤེས་པ་བློ་ཡང་དག་པའི་དོན་ལ་འབྱོར་པ་ཞེས་བྱའོ། །ལས་འབྲས་ལ་ཡིད་ཆེས་པ་ནི། དུས་དང་ནི་འབྱུང་ལུགས་དང་། ལས་ཀྱི་སྒྲིབ་པ་སྦྱང་ལུགས་སོ། །ལས་འབྲས་ཀྱི་དུས་ཚོད་ནི། ལས་མཐའ་ཡས་པའི་མདོ་ལས། ལི་ཙ་བྱི་དྲི་མ་མེད་པས་གསོལ་པ། བཅོམ་ལྡན་འདས་ཤཱཀྱ་རྣམས་ནི་ལས་དང་ལས་ཀྱི་རྣམ་སྨིན་མི་བསླུ་ཞེས་སྟོན། གཅེར་བུ་པ་རྣམས་ནི་ལས་དང་ལས་ཀྱི་རྣམ་སྨིན་མེད་ཅེས་འཆད་ན་ཇི་ལྟར་བཟུང་བར་བགྱི། བཀའ་སྩལ་པ། ལི་ཙ་བྱི་ཇི་ཙམ་དུ་སེམས་ལ་རྣམ་པར་རྟོག་པ་གཉིས་འཛིན་གྱི་དྲི་མ་དང་མ་བྲལ་གྱི་བར་དུ་ལས་ཡོད། ཕྲ་མོ་ཙམ་ཡང་བསླུ་བར་མི་འགྱུར་རོ། །སེམས་ལ་རྣམ་པར་རྟོག་

(༨)པ་གཉིས་འཛིན་གྱི་དྲི་མ་དང་བྲལ་ནས་གསེར་དང་མོང་བ་མཉམ་པའི་དུས་སུ་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་དེ། དགེ་བ་དང་མི་དགེ་བ་ཡང་འདྲ་བ་ཡིན་ནོ། །ལས་ཀྱི་འབྱུང་ལུགས་ནི། མདོ་དྲན་པ་ཉེ་བར་བཞག་པ་ལས། ལས་ཀྱི་གཞི་མི་མ་རིག་པ་ཡིན་ཏེ། རིག་ན་ལས་ཀྱི་དབང་དུ་མི་འགྲོ་བའི་ཕྱིར་རོ། །ལས་ཀྱི་དཔེ་ནི་རི་མོ་མཁན་དང་འདྲ་སྟེ། མེད་བཞིན་དུ་སྣང་བ་ཡིན་ནོ། །ལས་ཀྱི་རྐྱེན་ནི་སེམས་ཀྱིས་བྱས་པ་ཡིན་ཏེ། སེམས་ནི་སྤྲེའུ་དང་འདྲ་སྟེ་བྱ་བྱེད་མང་བ་ཡིན་ནོ། །ཉ་དང་འདྲ་བ་ཡིན་ཏེ་སྲིད་པའི་རྒྱ་མཚོར་འཕྱོར་བ་ཡིན་ནོ། །སྒྱུ་མ་དང་འདྲ་སྟེ་མེད་བཞིན་དུ་སྣང་བ་ཡིན་ནོ། །ལས་ཀྱི་རྒྱུ་ནི་དགེ་བ་བཅུ་དང་མི་དགེ་བཅུ་ཡིན་ནོ། །འབྲས་བུ་ནི་ངན་སོང་གསུམ་དང་མཐོ་རིས་རྣམས་ཡིན་ནོ། །རང་བཞིན་མདོར་བསྡུས་པའི་ལུང་ནི། དྲན་པ་ཉེ་བར་བཞག་པ་ལས། ལས་ཀྱི་རང་བཞིན་བཙལ་ན་གང་ནས་ཀྱང་སྙེད་པ་མ་ཡིན་ནོ། །རྣམ་སྨིན་མི་བསླུ་བའི་ལུང་། ལས་རྒྱ་པའི་མདོ་ལས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཉེར་བཞག་ཆུང་ངུ་ལས། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་འཛིན་ཡང་སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །རང་བཞིན་གྱི་ལུང་ནི། ལས་རྣམ་པར་དག་པའི་མདོ་ལས། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བས་གསོལ་པ། ལས་དང་ལས་ཀྱི་རྣམ་པར་སྨིན་

(༩)པའི་རང་བཞིན་ཇི་ལྟ་བུ་ལགས། བཀའ་སྩལ་པ། རང་བཞིན་ཆོས་ཉིད་དོ། །གསོལ་པ། འོ་ན་སེམས་ཅན་ཐམས་ཅད་འབད་པ་མེད་པར་གྲོལ་བར་རིགས་སོ། །བཀའ་སྩལ་པ། དེ་མི་རིག་པར། འོ་མ་མ་སྲུབས་པར་དུ་མར་མི་འབྱུང་ལ། དངུལ་རྡོ་མ་བཞུས་བར་དུ་དངུལ་མི་ཡོང་བ་བཞིན་དུ། སེམས་ཀྱང་མ་བསྒོམས་།།།བར་དུ་འཚང་མི་རྒྱ། གསོལ་པ། འོ་ན་ཡེ་ནས་ཆོས་ཉིད་ལགས་ན་སྒོམ་ཅི་འཚལ། བཀའ་སྩལ་པ། རྣམ་རྟོག་བློ་བུར་བ་ནམ་མཁའ་ལ་སྤྲིན་འདུས་པ་ལྟ་བུ་དེ་སེལ་དགོས་པས་ན་སྒོམ་དགོས་སོ། །གསོལ་པ། རྣམ་རྟོག་གློ་བུར་བ་ལགས་ན། སངས་རྒྱས་ནས་ཀྱང་རྣམ་རྟོག་འབྱུང་བར་རིགས་སོ། །བཀའ་སྩལ་པ། སངས་རྒྱས་ནས་རྣམ་རྟོག་རྩད་ཆོས་པ་ཡིན་ཏེ། རིམས་ནད་ལེགས་པར་བྱང་བ་དང་འདྲའོ། །ལས་ཀྱི་སྒྲིབ་པ་བྱང་ལུགས་ནི། གསང་བ་མཐའ་ཡས་པའི་མདོ་ལས། ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་སྒྲིབ་པ་ཇི་ལྟར་སྦྱོང་བ་ལགས། བཀའ་སྩལ་པ། དཔེར་ན་མེའི་ཕུང་པོ་ཆེན་པོ་འབར་བ་ལ། དེ་ཞི་བར་འདོད་པ་ལ། ཤིང་གིས་ཡང་ནས་ཡང་དུ་མནན་ན་མེའི་ཕུང་པོ་ཆེན་པོ་ཆེར་འབར་ཞིང་མཆེད་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་དགེ་སློང་ལས་ཀྱི་སྒྲིབ་པ་དག་པར་འདོད་ན། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་དཀར་པོའི་ཕྱོགས་རྣམས་ལ་དཔྱད་པས་སླར་འཁོར་བ་འཕེལ་བར་མི་འགྱུར་རོ། དེ་རྣམས་ནི་ལས་ཀྱི་འཕངས་པ། ལས་ཀྱི་བགོས་སྐལ་ལ་སྤྱོད་པ་ལྷ་དང་མིའི་ཐེག་པ་ཡིན་ནོ། །གསོལ་པ། འོ་ན་སྒྲིབ་པ་ཇི་ལྟར་དུ་སྦྱོང་བ་ལགས། བཀའ་སྩལ་པ། གང་མེའི་ཕུང་པོ་འབར་བ་དེ་ཞི་བར་འདོད་ན་ཆུ་ཡང་

(༡༠)དང་ཡང་དུ་བཏབ་ན་མེ་དེ་ཞི་བར་འགྱུར་ནས་མེད་པ་བཞིན་དུ་དགེ་སློང་རྣམས་ཀྱིས་ཆོས་བདག་མེད་འོད་གསལ་བ་བསྒོམ་ན། ཉོན་མོངས་པའི་མེ་ཆེན་པོ་ཞི་ཞིང་། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ཐར་ནས་མྱ་ངན་ལས་འདས་པའི་ཐང་ལ་ཕྱིན་པ་ཡིན་ནོ། །ཆོས་ཀྱི་རྒྱལ་པོའི་མདོ་ལས། སེམས་གཅིག་སྟེ་གཉིས་སུ་མེད་པར་ཤེས་ན། དཔེར་ན་མེ་ལོང་གི་སྟེང་དུ་ལོ་སྟོང་གི་རྡུལ་ཆགས་པ་དེ་ཕྱིས་ན་རྡུལ་དེ་མེད་པ་དང་མཚུངས་སོ། །ཁང་སྟོང་གི་མུན་པ་ལོ་སྟོང་ལོན་པ་མང་།།།། མར་མེ་གཅིག་སྒྲོན་པས་མུན་པ་སེམ་བ་བཞིན། སེམས་ཅན་རྣམས་ངོ་བོ་ཉིད་མེད་པས། ཡང་དག་བདེན་པ་གང་གིས་ཤེས་པ་ཡིས། བསྐལ་པ་གྲངས་མེད་རྣམས་སུ་བསགས་པ་ཡི། སྡིག་སྒྲིབ་ཐམས་ཅད་སྐད་ཅིག་གཅིག་གིས་འདག ཆོས་འབྱུང་བ་མེད་པའི་མདོ་ལས། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ཙམ་གྱིས་ལས་ཀྱི་སྒྲིབ་པ་འདག་པར་འགྱུར། བཀའ་སྩལ་པ། གང་ཆོས་ཐམས་ཅད་ལ་བདག་མེད་ཅིང་རྣམ་པར་སྨིན་པ་མེད་པར་ཤེས་ནས་དེས་ལས་ཀྱི་སྒྲིབ་རྣམ་པར་དག་པ་ཐོབ་བོ། །བླ་མ་བསྟེན་པ་ནི། དཔལ་འབྱུང་བའི་མདོ་ལས། བྱང་ཆུབ་སེམས་དཔའི་ཡོན་ཏན་ནི་དགེ་བའི་བཤེས་གཉེན་ལས་འབྱུང་ངོ་། །དགེ་བའི་བཤེས་གཉེན་མགུ་བར་བྱས་ན་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ཐོབ་བོ། །རིན་པོ་ཆེ་ཕུང་པོའི་མདོ་ལས། བྱམས་པས་གསོལ་པ། དགེ་བའི་བཤེས་གཉེན་ཇི་ལྟ་བུ་ལ་བརྟག་པར་བགྱི། བཀའ་སྩལ་པ། དགེ་བའི་བཤེས་གཉེན་ནི་ཆོས་ཅི་དང་ཅི་སྟོན་པ་ཐམས་ཅད་ཆོས་ཀྱི་དབྱིངས་དོན་དམ་པའི་བདེན་པ་འབའ་ཞིག་ལ་བསྩམས་ཏེ་སྟོན་པར་བྱེད། གསལ་བར་བྱེད་པའི་དགེ་བའི་བཤེས་གཉེན་ལམ་དྲང་

(༡༡)པོར་འཁྲིད་པར་བྱེད་པ་ཡིན་ནོ། །གདམས་ངག་ཞུ་བ་ནི། གདམས་ངག་འབོགས་པའི་མདོ་ལས། ཤཱ་རིའི་བུས་གསོལ་པ། དགེ་སློང་རྣམས་ཀྱིས་གདམས་ངག་ཇི་ལྟ་བུར་ཞུ་ཞིང་ནན་ཏན་དུ་བགྱི། བཀའ་སྩལ་པ། དགེ་སློང་རྣམས་ཀྱི་མཚན་མ་དང་བཅས་པའི་ཐ་དད་སྐད་ཅིག་མ་གཅིག་ལ་བཏགས་ནས་འཕེལ་བ་རྣམས་ནི། བྱིས་པ་རྣམས་འཁྲི་པར་བྱེད་པ་ཡིན་ནོ། །ཆོས་ཐམས་ཅད་བདག་མེད་ཅིང་རང་བཞིན་གྱིས་འོད་གསལ་བ། དོན་དམ་པའི་གདམས་ངག་དེ་ལ་ལེགས་པར་ཞུ་ཞིང་ནན་ཏན་དུ་སྒྲུབ་པར་བྱའོ། །ཞུས་ནས་ཉམས་སུ་ལེན་པ་ལ། སྡོམ་ནི། དགོན་པ་དང་ནི་སྐྱོ་བ་དང་། །སྙིང་རྗེ་དང་ནི་སེམས་བསྐྱེད་དང་། །སྐྱབས་འགྲོ་དང་ནི་ཤོམ་ར་དང་། །ལྟ་བ་དང་ནི་སྒོམ་པ་དང་། །སྤྱོད་པ་དང་ནི་འབྲས་བུའོ། །དགོན་པ་བརྟེན་པ་ནི། ཆོས་བཞི་པའི་མདོ་ལས། རི་དགས་རྒྱལ་པོ་བཞིན་དུ་འཇིགས་སྤངས་ཏེ། །མཁས་པས་དགོན་པ་རྟག་ཏུ་བསྟེན་པར་བྱ། །ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལམ་ལ་བཀོད་པ་བས། ཆོས་བདག་མེད་པ་ལ་མོས་པར་བྱས་ནས་དགོན་པའི་ཕྱོགས་སུ་གོམ་པ་བདུན་སྤོས་པ་བསོད་ནམས་ཆེའོ། །ལུས་དང་སྲོག་ལ་ལྟ་བ་རབ་སྤོངས་ལ། །སྟོང་པ་ཤིན་ཏུ་ཞི་བ་སྒོམ་པར་གྱིས། །ཟླ་བ་སྒྲོན་མའི་མདོ་ལས། སེམས་ཀྱི་རང་བཞིན་ཤེས་ན་ལུས་ཚོང་འདུས་སུ་གནས་ཀྱང་སེམས་དགོན་པ་ན་གནས་པ་ཡིན་ཏེ། ལུས་ཀྱི་དགོན་པ་ན་སེམས་ཀྱི་སངས་རྒྱས་བཞུགས་ཞེས་བྱའོ། །

(༡༢)སྐྱོ་བ་ནི་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུས་གསོལ་པ། བཅོམ་ལྡན་འདས་སྐྱོ་བ་ཇི་ལྟར་དུ་བསྐྱེད་པར་བགྱི། བཀའ་སྩལ་པ། གཞོན་ནུ་འཁོར་བ་འདི་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྐྱོ་བ་བསྐྱེད་པ་འདི་ནི་བྱིས་པའི་སྐྱོ་བ་ཞེས་བྱ། ཐ་མལ་པའི་སྐྱོ་བ་ཞེས་བྱའོ། འོ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཁོར་བའི་ཆོས་འདི་ལ་བདག་མེད་པ་ལ་བདག་ཏུ་བཟུང་། མཚན་མ་དང་དངོས་པོ་ཅན་དུ་སེམས་ཅན་རྣམས་ཀྱིས་བཟུང་བས་འཁྲུལ་པའི་ལས་འདི་ལ། ཀྱེ་མ་ཡིད་དབྱུང་བར་བྱས་ལ་ནོར་ས་འགའ་ཞིག་ཡིན་ཏེ། ཡེ་ནས་རང་བཞིན་མེད་པར་ཤེས་པ་དེ་ནི་ཡང་དག་པའི་སྐྱོ་བ་ཞེས་བྱའོ། །སྙིང་རྗེ་ནི་ནམ་མཁའ་འོད་ཀྱིས་མདོ་ལས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱིས་གསོལ་པ། བཅོམ་ལྡན་འདས་སྙིང་རྗེ་ཆེན་པོ་ཞེས་བགྱི་ཇི་ལྟར་བགྱི། བཀའ་སྩལ་པ། བདག་དང་སེམས་ཅན་སྙིང་རྗེ་གསུམ་དུ་དམིགས་པ་ནི་སྙིང་རྗེ་ཆུང་ངུ་ཡིན་ནོ། །བདག་མ་མཐོང་། སེམས་ཅན་མ་མཐོང་། སྙིང་རྗེ་མ་མཐོང་བར་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ་དེ་ནི་སྙིང་རྗེ་ཆེན་པོ་ཞེས་བྱའོ། །སེམས་བསྐྱེད་པ་ནི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་མདོ་ལས། འོད་སྲུངས་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་མཆོག་ཏུ་སེམས་ཇི་ལྟར་བསྐྱེད་པར་བགྱི། བཀའ་སྩལ་པ། འོད་སྲུངས་ཆོས་ཐམས་ཅད་ནམ་མཁའ་ལྟར་མཚན་ཉིད་མེད་ཅིང་ཡེ་ནས་འོད་གསལ་ཞིང་རྣམ་པར་དག་པ་དེ་ནི་བྱང་ཆུབ་ཅེས་བྱའོ། །

(༡༣)དེ་དང་མཐུན་པའི་སེམས་སྔ་མ་ནི་མ་སྐྱེས་པའི་སེམས་རིན་པོ་ཆེ་སྐྱེད་པ་ལ་ནི་སེམས་བསྐྱེད་ཅེས་བྱའོ། སྐྱབས་སུ་འགྲོ་བ་ནི། དྲིན་ལས་བསབ་པའི་མདོ་ལས། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་དཀོན་མཆོག་གང་ལ་སྐྱབས་སུ་འགྲོ་བ་ལགས། བཀའ་སྩལ་པ། དམ་པའི་སངས་རྒྱས་ཆོས་ཀྱི་སྐུ་དང་། ཆོས་དང་། དོན་དམ་པའི་དགེ་འདུན་ལ་སྐྱབས་སུ་འགྲོ་བ་ཡིན། སངས་རྒྱས་གཟུགས་ཀྱི་སྐུ་དང་། བསྟན་པའི་ཆོས་དང་། ཀུན་རྫོབ་ཀྱི་དགེ་འདུན་ལ་ནི་མ་ཡིན་ནོ། །དེང་བན་།།།ས་ཆེན་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་གསོལ་པ། བྱང་ཆུབ་སེམས་དཔའ་ཡང་དག་པའི་ལམ་ལ་འཇུག་པ་རྣམས་ཀྱིས་ལམ་གྱི་ཤོར་།།།ར་ཇི་ལྟར་བགྱི། ལམ་གྱི་མི་མཐུན་པའི་ཕྱོགས་ཇི་ལྟར་འདུལ་བར་གྱི། བཀའ་སྩལ་པ། རིགས་ཀྱི་བུ་རྒྱལ་པོ་རྣམས་ནི་ཕ་རོལ་པོའི་རྒྱལ་པོ་དང་འཐབ་པའི་ཚེ། དམག་རྣམ་པ་བཞི་བསགས། གོ་ཆ་ནི་གོན། མཚོན་ནི་ཐོགས་ནས་དམག་དཔུངས་དྲངས་ཏེ་ཕ་རོལ་པའི་ལམ་དུ་ཞུགས་ནས་བསྐལ་པ་གྲངས་མེད་པ་རྣམས་སུ་ལམ་གྱི་བར་ཆད་འདུལ་བར་བྱེད་དོ། །དཔེར་ན་གྱད་སྟོབས་དང་ལྡན་པ་ནི། བྱ་བ་གཞན་གང་ལ་ཡང་མི་ལྟོས་པར་སེམས་རྣམ་པར་དག་པ་ལ་ཞུགས་ནས། ཤེས་རབ་ཀྱི་མཚོན་གྱིས་ཉོན་མོངས་པའི་དགྲ་བདག་ཏུ་འཛིན་པ་ཕམ་པར་བྱེད་དོ། །ལྟ་བ་ལ་སྡོམ་ནི། མ་རྟོགས་པ་དང་རྟོགས་ཐབས་དང་། །ལྟ་བ་དངོས་དང་དགོས་པ་བསྡུ།

(༡༤)དེ་རྣམས་ལྟ་བའི་སྤྱིས་སྡོམ་ཡིན། །མ་རྟོགས་པ་ལ་གཉིས་ཏེ། ལོག་ལྟ་ཅན་དང་། ཐེག་པ་འོག་མ་ལ་ཕྱོགས་རེ་རེ་ཙམ་ལས་མི་རྟོགས་པའོ། །ལོག་སྲེད་ཅན་གྱིས་མ་རྟོགས་པ་ནི། སངས་རྒྱས་སྙིང་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་ཡེ་ཤེས་རྟོགས་ཀྱིས་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་ཀྱི་རང་བཞིན་གང་ཟག་གང་གིས་མི་རྟོགས་པ་ལགས། བཀའ་སྩལ་པ། ལོག་སྲེད་ཅན་ལ་འཇི་ལྟར་སྨྲས་ཀྱང་སངས་རྒྱས་ཀྱི་རང་བཞིན་མི་གོའོ། །ཡང་བུད་མེད་ཤིན་ཏུ་དབུལ་བ་ཞིག་གི་ཁྱིམ་ན། རིན་པོ་ཆེ་གསེར་གྱི་གཏེར་ཡོད་པ་མ་ཤེས་ནས་དབུལ་པོ་དེ་ལྟོགས་ནས་ཤི་བ་བཞིན་དུ། ལོག་སྲེད་ཅན་གྱི་གང་ཟག་གིས་ཀྱང་རང་གི་སེམས་ལ་སངས་རྒྱས་ཡོད་པར་མ་ཤེས་པས་འཁོར་བར་འཁྱམས་པ་ཡིན་ནོ། །ཐེག་པ་འོག་མ་ལས་ཕྱོགས་རེ་ཙམ་ལས་མི་རྟོགས་པ་ནི། སངས་རྒྱས་སྙིང་པོའི་མདོ་ལས། རྒྱལ་པོ་གཅིག་གིས་དམུས་ལོང་མང་པོ་བསགས་ནས་གླང་པོ་ཆེའི་གཟུགས་བསྟན་པས་དེ་རྣམས་ཀྱིས་གླང་ཆེའི་གར་རེག་པའི་ཕྱོགས་རེ་ལས་མ་རྟོགས་པའི་དཔེ་གསུངས་སོ། །རྟོགས་པའི་ཐབས་ནི། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། དཔེར་ན་དེ་བཞིན་གཤེགས་པའི་སྐུ་གཟུགས་རིན་པོ་ཆེ་ལས་བྱས་པ་རས་དྲི་མ་ཅན་གྱིས་བསྟུམ་སྟེ། བྲན་མོའི་རུམ་དུ་བཅུག་པ་ལས། རྗེ་བོས་བྲན་མོའི་རུམ་ནས་བཏོན་ནས། རས་དྲི་མ་ཅན་དེ་བོར་ནས། རང་གི་རིན་པོ་ཆེའི་སྐུ་གཟུགས་ལ། རང་གིས་ཀྱང་མཆོད་གནས་བྱས་ལ། གཞན་

(༡༥)གྱིས་ཀྱང་ཚོགས་བསག་པའི་རྟེན་དུ་འགྱུར་བ་དེ་བཞིན་དུ། དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཉི་འོད་གསལ་བ་དེ། ཉོན་མོངས་པ་རྣམ་རྟོག་གི་དྲི་མས་མ་གོས་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་གནས་ཀྱང་མ་ཤེས་པ་ལ། རྗེ་བོ་དང་འདྲ་བའི་དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་བརྟེན་ནས། དེ་བཞིན་གཤེགས་པའི་སྙིང་པོ་དེ་རྟོགས་པར་བྱས་ནས་རང་ཡང་འཁོར་བ་ནས་ཐར་ལ། གཞན་ཡང་གྲོལ་བར་བྱེད་དོ། །ཡང་དཔེར་ན། གསེར་གྱི་མགར་བས་གསེར་གྱི་སེང་གེའི་གཟུགས་ལུགས་སུ་བླུག་པ་ལ། འདམ་མ་བཅག་བར་དུ་སེང་གེའི་གཟུགས་མི་མཐོང་ངོ་། །མགར་བས་འདམ་ཐོ་བས་བཅག་ནས་སེང་གེའི་གཟུགས་མཐོང་བ་བཞིན་དུ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཡང་འདམ་དང་འདྲ་བའི་ཉོན་མོངས་པས་གཡོགས་ནས་གསེར་གྱི་སེང་གེ་དང་འདྲ་བ་དེ་བཞིན་གཤེགས་པའི་སྙིང་པོ་མི་མཐོང་ངོ་། །དེས་ན་མགར་བ་དང་འདྲ་བའི་བཤེས་གཉེན་གྱི་མན་ངག་ཐོ་བ་དང་འདྲ་བས་བཅག་ནས། འདམ་དང་འདྲ་བའི་ཉོན་མོངས་པ་བསལ་ནས་དེ་བཞིན་གཤེགས་པའི་སྙིང་པོ་གསེར་གྱི་སེང་གེ་འདྲ་བ་དེ་རྟོགས་པར་འགྱུར་རོ། སྡེ་སྣོད་རིན་པོ་ཆེ་བསྟན་པའི་མདོ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་འདོད་ན། དེ་བཞིན་གཤེགས་པའི་མདོ་སྡེ་དྲི་མ་མེད་པ་དང་། དེ་ལ་བརྟེན་པའི་དགེ་བའི་བཤེས་གཉེན་གྱི་མན་ངག་ལས་རྟོགས་པར་བྱའོ། ༈ །ལྟ་བ་དངོས་ལ་བཞི་སྟེ། སྣང་བ་སེམས་སུ་ཤེས་པ་དང་། སེམས་ཉིད་སྟོང་པར་ངེས་པ་

(༡༦)དང་། སྟོང་པ་གཉིས་མེད་དུ་ཤེས་པ་དང་། གཉིས་མེད་རང་གྲོལ་དུ་ཤེས་པའོ། སྣང་བ་སེམས་སུ་ཤེས་པ་ནི། བྱམས་པས་ཞུས་པའི་མདོ་ལས། བྱམས་པས་གསོལ་པ། ཕྱི་ཡུལ་ཇི་ལྟ་བུར་བལྟ་བར་བགྱི། བཀའ་སྩལ་པ། མི་རྟག་པ་དང་། མ་ངེས་པ་དང་། སྒྱུ་མ་ལྟ་བུ་ཡིན་ནོ། །ལང་ཀར་གཤེགས་པའི་མདོ་ལས། མེ་ལོང་ལ་ནི་གཟུགས་སྣང་ཡང་། །ཡིན་པ་མིན་པར་སྣང་བ་ལྟར། །སེམས་ཀྱིས་སྣང་བ་མི་ཤེས་པར། །རྣམ་པར་རྟོག་པ་རྣམ་གཉིས་སྐྱེ། རྣམ་རྟོག་བག་ཆགས་འབྲེལ་པ་ལས། སྣ་ཚོགས་སེམས་ལས་བྱུང་བ་སྟེ། །མི་རྣམས་ལ་ནི་ཕ་རོལ་སྣང་། །འཇིག་རྟེན་ཁམས་ནི་སེམས་ཙམ་མོ། །འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། ལྷའི་བུ་པདྨ་རྣམ་པར་རོལ་པས། འཇམ་དཔལ་ལ་སྨྲས་པ། ཕྱི་རོལ་གྱི་ཡུལ་འདི་རྣམས་བྱེད་པ་པོས་བྱས་སམ། ཇི་ལྟར་བལྟ་བར་བགྱི། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདི་རྣམས་བྱེད་པ་པོས་བྱས་པ་མ་ཡིན་ཏེ། སེམས་རྟོག་པའི་བག་ཆགས་མཐུ་བརྟས་པའི་དབང་གིས་སྣང་བ་ཡིན་ནོ། །ལྷའི་བུས་སྨྲས་པ། བག་ཆགས་ཇི་ལྟར་བརྟས་ཀྱང་རི་བོ་དང་རྒྱ་མཚོ་དང་ཉི་ཟླ་ལ་སོགས་པ་སྲ་ཞིང་འཐས་པ་འདི་ལྟ་བུར་སྣང་དུ་ག་ལ་རུང་། འཇམ་དཔལ་གྱིས་སྨྲས་པ། རྣམ་པར་རྟོག་པ་འཐས་པའི་དབང་གིས་འདི་ལྟར་དུ་སྣང་བ་རུང་སྟེ། གྲོང་ཁྱེར་ཆེན་པོ་ཝ་ར་ཎ་སེར་བྲམ་ཟེ་གཅིག་གིས་རང་གི་ལུས་སྟག་རུ་བསྒོམས་པས། གྲོང་ཁྱེར་གྱི་མི་རྣམས་

(༡༧)ཐམས་ཅད་ཀྱིས་སྟག་དངོས་སུ་མཐོང་ནས། མི་ཐམས་ཅད་བྲོས་ནས་གྲོང་ཁྱེར་སྟོངས་པར་གྱུར་ཏོ། །དགེ་སློང་ཞིག་གིས་རང་གི་ལུས་མི་གཙང་བར་བསྒོམས་པས་ཐམ་ཅད་ཀྱིས་རུལ་བ་དང་བུམ་པར་མཐོང་བ་བྱུང་ངོ་། །དེ་རྣམས་ཀྱང་ཡུལ་དུ་དེ་ལྟར་སྣང་ངོ་། །ཐོག་མ་མེད་པ་ནས་བག་ཆགས་འཐས་པ་ཅིས་ཏེ་མི་སྣང་། ལྷའི་བུས་སྨྲས་པ། བག་ཆགས་འཐས་པ་དེ་ལྟར་སྣང་བ་ཅིའི་ཕྱིར་ཡིན། འཇམ་དཔལ་གྱིས་སྨྲས་པ། སྣང་བ་ཐམས་ཅད་མ་ངེས་པ་ཡིན་ཏེ། ལ་ལའི་སྣང་བ་ལ་ལའི་མུན་པ་ཡིན་ཏེ། མདོ་ཕལ་པོ་ཆེ་ལས། སེམས་ནི་རི་མོ་མཁན་དང་འདྲ། །སེམས་ཀྱི་ཕུང་པོ་བྱས་པ་སྟེ། །འཇིག་རྟེན་ཁམས་ནི་ཇི་སྙེད་པ། །དེ་ཉིད་ཐམས་ཅད་སེམས་ཀྱིས་བྲིས། །མདོ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་ཁམས་གསུམ་འདི་དག་ནི་སེམས་ཙམ་མོ། སེམས་སྟོང་པར་ཤེས་པ་ནི། བྱམས་པས་ཞུས་པའི་མདོ་ལས། ནང་གི་སེམས་ཇི་ལྟར་དུ་བལྟ་བར་གུག་གྱི་།།།བཀའ་སྩལ་པ། སེམས་ནི་དབྱིབས་མེད་པ། ཁ་དོག་མེད་པ། གནས་མེད་པ། ནམ་མཁའ་ལྟ་བུའོ། །སངས་རྒྱས་ཕལ་པོ་ཆེའི་མདོ་ལས། རྒྱལ་བའི་སྤྱོད་ཡུལ་འདི་ལ་གང་ཞིག་འཇུག་འདོད་ན། དེ་ནི་བསམ་པ་ནམས་མཁའ་ལྟ་བུར་རྣམ་པར་སྦྱོངས་སོ། །རྟོག་དང་རྣམ་པར་རྟོག་དང་འདུ་ཤེས་འཛིན་སྤོང་ལ། ནམ་མཁའ་ལྟ་བུའི་ཡིད་ཀྱིས་ཡིད་ལ་འཇུག་པར་གྱིས། ཆོས་ཀྱི་རྒྱལ་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་

(༡༨)གསོལ་པ། སྙིགས་མའི་དུས་ན་སེམས་ཅན་རྣམས་ཀྱིས་མི་དགེ་བའི་ལས་ཁོ་ན་བགྱི། མདོ་སྡེ་བཅུ་གཉིས་སྤྱད་པའི་འབྲས་བུ་ནི་མང་། གཞུང་ནི་རྒྱ་ཆེ་བས་ཁོང་དུ་ཆུད་ཅིང་ཤེས་པ་ནི་དཀའ། ཐེག་པ་ཆེན་པོའི་ཆོས་ཡང་དག་པ་མདོ་སྡེའི་བདེན་པ་བཤད་དུ་གསོལ། བཀའ་སྩལ་པ། ངས་ཁྱོད་ལ་ཐེག་པ་ཆེན་པོའི་ཆོས་ཡང་དག་པ་བཀྲོལ་གྱིས་སྐྱེ་འཆི་ལས་འདས་པར་བྱེད་པའི་ཕྱིར་བཤད་དོ། །རིགས་ཀྱི་བུ་གྲོལ་བར་འདོད་ན། སེམས་གཉིས་མི་བསམ་པར་གཅིག་ཏུ་བསམ་མོ། །སེམས་ཀྱི་ངོ་བོ་ནི་སྟོང་པ་སྟེ། འགྲོ་བ་ཡང་མེད། འོང་བ་ཡང་མེད། བཏང་བ་ཡང་མེད། ཐོབ་པ་ཡང་མེད། འདི་ཡི་མིང་ནི་བྱང་ཆུབ་བོ། །གསོལ་པ། སེམས་ཀྱི་འདུ་ཤེས་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་ན། བླང་བ་དང་བཏང་བ་ཉིད་མེད་པ་ཅི་ལྟར་ལགས། བཀའ་སྩལ་པ། བསྟན་གཅིག་ཏུ་འདུས་པའི་ནང་དུ་ཞུགས་ལ། ནང་དུ་བལྟ་ཞིང་ནང་དུ་བརྟགས་ན་ཡང་དག་པའི་ངོ་བོ་ལ་སྐྱེ་བ་མེད་དོ། །རིགས་ཀྱི་བུ་སེམས་ཀྱི་མཁར་བུའི་དམ་དུ་བསྲུངས་ལ། ང་བདག་གི་རྐུན་མ་མ་ཞུགས་པར་བྱའོ། །དཀོན་ཅོག་བརྩེགས་པ་ལས། འོད་སྲུངས་མ་འོངས་པའི་དུས་ན་ཁྱིས་རྡོ་རྗེའི་སྙགས་པ་དང་མཚུངས་

(༡༩)པ་འབྱུང་ངོ་། ཇི་ལྟར་ཡིན་ཞེས་ན། ཁྱི་ནི་རྡོ་ལ་མ་འཇིགས་པ་ལ། རྡོ་དེ་ཉིད་ཀྱི་ཕྱིར་རྗེས་བསྙགས་པ་ལས། རྡོ་དེ་སུས་འཕངས་པ་ལ་མི་སྙག་གོ །འོད་སྲུངས་དེ་བཞིན་དུ། དགེ་སློང་ཁ་གཅིག་དང་། བྲམ་ཟེ་ཁ་ཅིག་གིས་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ལ་འཇིགས་ཤིང་སྐྲག་ནས་ནང་དུ་སོ་སོར་རྟོག་པ་ལ་མངོན་པར་མི་རྩོན་ཏེ། དེ་དག་གཟུགས་ལ་སོགས་པ་རྣམས་ཀྱི་ལས་བྱུང་ཞིང་ཁོང་དུ་མི་ཆུད་དོ། །གལ་ཏེ་དེ་དག་དགོན་པ་ལ་གནན་པ་ལ་འཆི་བའི་དུས་བྱས་ན་འཇིགས་རྟེན་པའི་སྡོམ་པ་ལ་གནས་པ་དེ་དག་མཐོ་རིས་གྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །འོད་སྲུངས་ཕྱི་མའི་དུས་ན་དགེ་སློང་རྣལ་འབྱོར་པ་ཁྱིས་རྡོ་རྗེས་བསྙགས་པ་མི་འདྲ་བ་ནི། དཔེར་ན་སེང་གེ་ལ་རྡོ་འཕངས་ན་རྡོ་དེ་གང་ནས་བྱུང་ཤེས་པས་རྡོ་རྗེས་མི་སྙགས་པར་མི་བསད་པས་ཕྱིས་རྡོ་མི་འབྱུང་ངོ་། །དེ་བཞིན་དུ་དགེ་སློང་རྣལ་འབྱོར་ལ་སྤྱོད་པས། ཕྱི་རོལ་འདོད་ཡོན་མཐོང་ན། དེ་སེམས་ལས་བྱུང་བར་ཤེས་ནས། སེམས་བརྟག་པས་དངོས་པོ་མེད་དེ་གྲོལ་བར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སེང་གེ་མི་ལ་ཟ་བ་ལྟར། །དགེ་སློང་རྣལ་འབྱོར་

(༢༠)སྤྱོད་པ་ཡང་། །ཕྱི་ཡི་འདོད་ཡོན་མཐོང་གྱུར་ན། །སེམས་ལས་བྱུང་བར་ཤེས་ནས་ནི། །སེམས་ཉིད་སྟོང་པར་ཤེས་པ་ཡིས། །དེས་ནི་རྣལ་འབྱོར་གྲོལ་བར་འགྱུར། །འོད་སྲུངས་འདི་ལྟ་སྟེ། ལྐོག་།།།ནད་ལྷ་གོར་གྱིས་ནི་སྲོག་གི་དབང་པོ་འགགས་པར་བྱེད་དོ། །དེ་བཞིན་དུ་ལྟ་བ་ཐམས་ཅད་ཀྱི་ནང་ནས་བདག་ཏུ་འཛིན་པས་ནི་ཆོས་ཀྱི་སྲོག་གི་དབང་པོ་འགགས་པར་བྱེད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན། ལྷ་།།།གོར་གྱིས་ནི་སྲོག་གི་དབང་པོ་ལ། །གནོད་ཅིང་བདེ་བ་འབྱིན་པ་ཡིན། །དེ་བཞིན་དེ་ལྟར་ནང་ནས་བདག །དེས་ནི་ཆོས་སྲོག་འཇིག་པར་བྱེད། འོད་སྲུངས་འདི་ལྟ་སྟེ། དཔེར་ན་མེ་ནི་གང་དང་གང་དུ་བཅིངས་པ་དེ་ཉིད་ལ་གྲོལ་བར་བྱེད་པ་ཡིན་ནོ། །དེ་བཞིན་རྣལ་འབྱོར་པ་ཡི་སེམས། །གང་དང་གང་ལ་ཆགས་པ་དེ། །དེ་དང་དེ་ལ་གྲོལ་བྱེད་ཡིན། །མྱ་ངན་ལས་འདས་པའི་མདོ་ལས། རང་བཞིན་མེད་ཅིང་རྣམ་རིག་མེད། །ཀུན་བཞི་མེད་ཅིང་རྟོག་མེད་པ། །བྱིས་པ་ངན་པའི་རྟོག་གེ་བ། །རོ་དང་འདྲ་བའི་དེ་དག་བརྟགས། །སེམས་ཙམ་ལ་ནི་གནས་ནས་སུ། །ཕྱི་རོལ་དོན་ལ་མི་རྟོག་གོ །ཡང་དག་ཉིད་ལ་གནས་ནས་ནི། །ཕྱི་རོལ་དོན་ལས་འདའ་བར་བྱེད། །སྣང་མེད་གནས་པའི་རྣལ་འབྱོར་པ།

(༢༡)།དེ་ཡིས་ཐེག་པ་ཆེན་པོ་མཐོང་། བདག་མེད་མས་དྲིས་པའི་མདོ་ལས། བདེ་བ་བཟང་པོ་ཀུན་བསམས་ལ། །བྱང་ཆུབ་སེམས་དཔའི་འོད་གསལ་བ། །རྣལ་འབྱོར་པས་ནི་རྟག་ཏུ་སྒོམས། །དངོས་པོ་མེད་ཅིང་དམིགས་སུ་མེད། །ཐམས་ཅད་སྟོང་པ་གནས་མེད་པ། །སྤྲོས་པ་རྣམས་ལས་ཡང་དག་འདས། །བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན། །རིང་བ་མ་ཡིན་ཐུང་བ་མིན། །ཟླུམ་པོ་མ་ཡིན་གྲུ་གསུམ་མིན། །ཕྲ་བ་མ་ཡིན་སྦོམ་པ་མིན། བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན། སྟོང་པ་གཉིས་མེད་དུ་ཤེས་པ་ནི། ཆོས་འབྱུང་བ་མེད་པའི་མདོ་ལས། བྱང་ཆུབ་སེམས་པའི་སེང་གེ་རྩལ་གྱིས་གསོལ་པ། ཐབས་མཁས་པའི་ཚིག་གང་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གསར་བུ་ཞུགས་པ་རྣམས་ཀྱིས་ཡུལ་མ་ལགས་པ་ཟབ་མོ་ལ་མོས་པ། ཚུལ་གཅིག་པའི་ཆོས་བཤད་དུ་གསོལ། བཀའ་སྩལ་པ། །འདོད་ཆགས་མི་དམིགས་དེ་བཞིན་ཞེ་སྡང་དང་། །གཏི་མུག་འདི་ལ་ནམ་ཡང་མི་དམིགས་ཏེ། །ཆོས་རྣམས་ཐམས་ཅད་ནམ་མཁའ་འདྲའོ་ཞེས། །དེ་ལྟར་གང་

(༢༢)ཤེས་དེ་ནི་རྒྱལ་བར་འགྱུར། །ལྷ་དང་ལྷ་མེད་གཉིས་ཀ་ཚུལ་གཅིག་སྟེ། །མཉམ་དང་མི་མཉམ་དེ་བཞིན་མཉམ་པ་ཉིད། །སངས་རྒྱས་མེད་ཅིང་ཆོས་དང་དགེ་འདུན་མེད། །དེ་ལྟར་སུས་ཤེས་དེ་ནི་མཁས་པ་ཡིན། །སེམས་ཀྱི་རང་བཞིན་བྱང་ཆུབ་ཉིད་དུ་གསུངས། །བྱང་ཆུབ་རང་བཞིན་སེམས་ཅན་ཐམས་ཅད་དེ། །སེམས་ཅན་རྣམས་དང་བྱང་ཆུབ་གཉིས་མ་ཡིན། །དེ་ལྟར་ཤེས་ན་སྐྱེས་བུ་མཆོག་ཏུ་འགྱུར། མྱ་ངན་འདས་མདོ་ལས། །བྱང་ཆུབ་སེམས་དཔའི་སེང་གེ་སྒྲས་གསོལ་པ། སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་གང་ལ་བགྱི། བཀའ་སྩལ་པ། རིགས་ཀྱི་བུ་ལེགས་པར་ཉོན་པ་ཡིད་ལ་གཟུང་ཞིག །སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི། སངས་རྒྱས་ཀྱི་རང་བཞིན་དོན་དམ་པ་སྟོང་པའོ། །དོན་དམ་པ་སྟོང་པ་ཉིད་ནི་ཡེ་ཤེས་སོ། །དེ་སྟོང་པ་ཞེས་བྱ་བ་ནི་སྟོང་དང་མི་སྟོང་པ་གཉིས་ཀ་མི་དམིགས་སོ། །སངས་རྒྱས་ཀྱི་རང་བཞིན་ནི། ལམ་དབུ་མ་མཐའ་གཉིས་དང་བྲལ་བར་རིག་པར་བྱའོ། །མཉམ་པ་ཉིད་ནི། །རྟག་པ་མ་ཡིན་པ་གང་ཞེ་ན། རྐྱེན་ལས་མཐོང་བར་འགྱུར་བའོ། །ཆད་པ་མ་ཡིན་པ་གང་ཞེ་ན། མེད་པར་ལྟ་བ་དང་བྲལ་བའོ། །

(༢༣)ལམ་དབུ་མ་གང་ཞེ་ན། རྟག་པ་དང་ཆད་པ་མ་ཡིན་པའོ། དཔེར་ན་དུད་འགྲོ་ཁ་དོག་ཐ་དད་པ་ལས་འོ་མ་བཞོས་ནས་སྣོད་གཅིག་ཏུ་བླུགས་ན་ཁ་དོག་དཀར་པོ་མཐུན་པ་བཞིན་དུ། སངས་རྒྱས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་དང་། ཐེགས་པ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་རང་བཞིན་དུ་མཐུན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཟག་པ་མེད་པར་མཐུན་པའི་ཕྱིར་རོ། །ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། །ཇི་ལྟར་ནམ་མཁའ་དངས་ལ་ཟླ་ཤར་བ། །དེ་ཡི་གཟུགས་བརྙན་དངས་པའི་མཚོར་སྣང་སྟེ། །ཟླ་བ་ཆུ་ཡི་ནང་དུ་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས། །ཇི་ལྟར་མི་དག་བྲག་རིའི་རྩར་འདུག་སྟེ། །འབོད་དང་སྨྲ་དང་རྒོད་པ་དུ་མ་ལས། །བྲག་ཆ་ཐོས་ཀྱང་བདེན་པ་མེད་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སོས་ཀའི་ཉི་མ་ཕྱེད་དུས་ཀྱི། །རི་དྭགས་སྐོམ་ནས་གདུངས་པས་འགྲོ་བ་ཡི། །སྨིག་སྒྱུ་དག་ལ་ཆུ་ཡི་ཕུང་པོར་མཐོང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །ཇི་ལྟར་

(༢༤)སྣང་ཡང་བདེན་པ་མེད་པ་ལྟར། །ཆོས་རྣམས་ཐམ་ཅད་དེ་བཞིན་ཤེས་པར་གྱིས། བྱིས་པ་འཇུག་པའི་མདོ་ལས། ཤཱ་རིའི་བུས་འཇམ་དཔལ་ལ་སྨྲས་པ། སྒྲོ་བཏགས་པ་ཞེས་ཇི་ཙམ་ལ་བྱ་བ་སྨྲས་པ། ཆོས་ཐམས་ཅད་སྟོང་པ་མཉམ་པ་ཉིད་ཡིན་པ་ལ། མི་མཉམ་པར་བཏགས་ནས་མེད་བཞིན་དུ་སྒྲོ་འདོགས་པར་བྱེད་དེ།།།། འདི་ནི་འཁོར་བའོ། །འདི་ནི་མྱ་ངན་ལས་འདས་པའོ། །ཞེས་པ་ལ་སོགས་པ་མི་མཉམ་པར་མཐོང་བའོ། །མཉམ་པ་ཉིད་ནི་རྟོག་པ་མེད་དོ། །གཉིས་མེད་རང་སར་གྲོལ་བ་ནི། ཆོས་ཉིད་མི་གཡོ་བའི་མདོ་ལས། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ། ངོ་བོ་ཉིད་ཀྱིས་མི་གནས་པ། ལས་དང་བྱ་བའི་མཐའ་ཐམས་ཅད་དང་བྲལ་ རྟོག་པ་དང་མི་རྟོགཔའིཡུལ next hit་ལས་འདས་པ། དང་པོ་ནི་སྤྲོས་ཐམས་ཅད་ཀྱང་རྣམ་པར་དག་པའོ། །སངས་རྒྱས་འགྲོ་བའི་མདོ་ལས། །སངས་རྒྱས་འགྲོ་བ་གང་ཞེ་ན། །ཆོས་ཐམས་ཅད་ཀྱི་ཚུལ་ཡང་དག་པ་ཇི་ལྟ་བ་བཞིན་རྟོག་པའོ། །ཆོས་ཐམས་ཅད་ནི་གང་། ཚུལ་ནི་གང་རྟོག་པ་ནི་གང་ཞེ་ན། ཆོས་ཐམས་ཅད་ནི་གཅིག་པ་སྟེ། ཆོས་མ་སྐྱེས་པ་མ་བྱུང་བའོ། །ཚུལ་ནི་གང་ཞེ་ན། མི་སྐྱོ་བ་བདེན་པ་མེད་བཞིན། ཆོས་ཉིད་ཀྱི་དབྱིངས་ཐམས་ཅད་སྟོང་པ་ཉིད་ཀྱི་ཚུལ་ལོ། །ནན་ཏན་གང་ཞེ་ན། ཆོས་ཐམས་ཅད་ཀྱི་དབྱིངས་ལ་གནས་པའི་ཕྱིར་ཆོས་ལ་འཇུག་པའོ། །དེ་བཞིན་གཤེགས་པ་འགྲོ་བའི་མདོ་ལས། ཆོས་ཐམས་ཅད་ནི་མ་བྱུང་བ། མ་སྐྱེས་པ། རང་བཞིན་གྱིས་རྣམ་པར་དག་པ། བྱས་པའི་ཆོས་མ་ཡིན་པ།

(༢༥)གང་དང་གང་གིས་བྱས་པའི་ཆོས་ཐམས་ཅད་ནི་འདུས་བྱས་པ་ཡིན་ནོ། །འདུས་བྱས་ཐམས་ཅད་ནི་འཇིག་པ་ཡིན་ནོ། །དཀོན་མཆོག་བརྩེགས་པ་ལས། །རང་བཞིན་གྱིས་ནི་འདུས་མ་བྱས། །སྐྱེ་བ་མེད་ཅིང་འཇིག་པ་མེད། །དེ་ལ་གནས་པ་ཡོད་མ་ཡིན། །མཚན་ཉིད་གསུམ་ལས་རྣམ་པར་གྲོལ། ནམ་མཁའ་རིན་པོ་ཆེའི་མདོ་ལས། །ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་ལྟར། །རང་གི་རང་རིག་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། ༈ དགོས་པའི་རྐང་གྲངས་བསྡུས་པ་ལ་བཅུ་སྟེ། སྡོམ་ནི། །ཆད་ལྟ་འཁོར་བ་འཇུག་ལྡོག་དང་། །ཞེན་དང་ལས་དང་བསམ་པ་དང་། །སྤང་དང་ཚད་མ་དབུ་མ་དང་། །ཐོས་མང་དང་ནི་བཤད་གྲོལ་དང་། །དགོས་པ་བསྡུས་པའི་རྐང་གྲངས་ཡིན། །གོང་དུ་བཤད་པའི་ལྟ་བ་དེས། ཆད་པར་ལྟ་བར་མི་འགྱུར་རམ་ཞེ་ན། དྲན་པ་ཉེ་བར་བཞག་པ་ལས། ཆད་པར་ལྟ་བ་ནི་གཉིས་ཏེ། ཡོད་པ་མེད་པར་འདོད་པའི་ཆད་ལྟ་དང་། མེད་པ་ཡོད་པར་འདོད་པའི་ཆད་ལྟའོ། །ཡོད་པ་མེད་པར་འདོད་པའི་ཆད་ལྟ་ནི། མཆོད་སྦྱིན་མེད། ལས་དང་ལས་ཀྱི་རྣམ་པར་སྨིན་པ་མེད། སྐྱེ་བ་སྔ་མ་ཕྱི་མ་མེད་པར་འདོད་ཅིང་ཐམས་ཅད་དབང་ཕྱུག་གི་བྱེད་པ་པོས་བྱས་པར་འདོད་དོ། །སའི་སྙིང་པོ་འཁོར་ལོ་

(༢༦)ས་བཅུ་པ་ལས། ལས་ཀྱི་རྒྱུ་འབྲས་མེད་འདོད་པ། དེ་ནི་མུ་སྟེགས་ཆད་པར་ལྟ་བ་ཡིན། ཤི་མ་ཐག་ཏུ་མནར་མེད་དམྱལ་བར་སྐྱེ། དེས་ནི་རང་འཕུང་གཞན་ཡང་བརླག་པར་བྱེད། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཆད་པར་ལྟ་བ་གང་། ཀུན་རྫོབ་ཙམ་དུ་ཡང་ལས་དང་ལས་ཀྱི་རྣམ་པར་སྨིན་པའི་རྒྱུ་འབྲས་མེད་པར་འདོད་པའོ། །རྟ་སྐད་བྱང་ཆུབ་སེམས་དཔའ་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ཆོས་ཐམས་ཅད་སྟོང་པ་ཉིད་ལགས་ན་ཆད་པ་ལྟ་བར་མི་འགྱུར་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་ཆད་པར་ལྟ་བ་ནི་རྒྱུ་མཚན་གསུམ་གྱིས་ཆད་པར་ལྟ་བར་འགྱུར་ཏེ། ལས་རྒྱུ་འབྲས་ཀུན་རྫོབ་ཙམ་དུ་ཡང་ཡོད་པ་འགགས་པ་དང་། མེད་པའི་ཕྱོགས་འགའ་ཞིག་ལ་ཞེན་པ་དང་། ཟབ་མོའི་ཆོས་ལ་དོན་མ་རྟོགས་པར་ཚིག་ཏུ་ཞེན་པའོ། །གསོལ་བ། འོ་ན་ཆད་པར་ལྟ་བ་ཇི་ལྟར་སེལ་པ་ལེགས། བཀའ་སྩལ་པ། ཀུན་རྫོབ་ཙམ་དུ་ལས་དང་ལས་ཀྱི་རྣམ་པར་སྨིན་པ་མི་བསླུ་བ་དང་། དོན་དམ་པར་ཡོད་པའི་དངོས་པོར་ཡང་མ་གྲུབ་པ། ཟབ་མོའི་དོན་སེམས་རང་བཞིན་གྱིས་སྐྱེ་འགགས་ལེགས་།།།པ། རང་བཞིན་གྱིས་འོད་གསལ་ཉམས་སུ་མྱོང་བ་ལ་སོགས་པའོ། །ནོར་བུ་ཕྲེང་བའི་མདོ་ལས། བྱང་ཆུབ་སེམས་དཔའ་རིང་ཆེན་སྙིང་པོས་གསོལ་བ། སྟོང་པ་ཁོ་ན་ལ་ཞེན་པས་ཆད་ལྟ་བར་མི་འགྱུར་ལགས་སམ། བཀའ་སྩལ་པ། དཔེར་ན་རྨི་ལམ་གྱིས་གྲོང་ཁྱེར་ཡེ་ནས་མེད་པ་

(༢༧)ལ། ཞིག་ནས་མེད་བྱ་བ་ལྟ་ག་ལ་ཡོད། དེ་བཞིན་དུ་ཆད་པར་འཛིན་པའི་སེམས་ཡེ་ནས་དངོས་པོ་མེད་པ་ཡིན་པས། དེས་མེད་པར་བཟུང་བའི་ཆད་པར་ལྟ་བ་ག་ལ་ཡོད། གོང་དུ་བཤད་པ་ལྟར་ཆོས་ཐམས་ཅད་ཡེ་ནས་སྟོང་བ་ཡིན། འཁོར་བར་འཇུག་ལྡོག་མེད་དམ་སྙམ་ན། ས་ལུ་ལྗངས་པའི་མདོ་ལས། དགེ་སློང་དག་སུ་རྟེན་ཅིང་འབྲེལ་བར་མཐོང་བ་དེས་ཆོས་མཐོང་ངོ་། །ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི། འདི་ཡོད་པས་འདི་འབྱུང་ལ། འདི་ཡོད་ན་འདི་སྐྱེ་ལ། མ་རིག་པ་ནས་རྒ་ཤིའི་བར་དུའོ། །དེ་ནི་རྟེན་འབྲེལ་ལོ། །ཆོས་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དེ། དེ་ཐུགས་སུ་ཆུད་པ་ནི་སངས་རྒྱས་སོ། །ཉི་མའི་སྙིང་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོས་གསོལ་བ། འཁོར་བར་འཇུག་པ་དང་ནི་ལྡོག་པ་ལ་ཇི་ལྟར་ཤེས་པར་བགྱི། བཀའ་སྩལ་པ། གང་བདག་ཏུ་འཛིན་པ་ནི་འཁོར་བར་འཇུག་ལ། བདག་མེད་པར་ཤེས་པ་ནི་འཁོར་བ་ལས་སྡོག་གོ །སྟོང་ཉིད་ཁོ་ན་ལ་ཞེན་པ་དེ་ཡང་དག་པའི་ལྟ་བ་ཡིན་ནམ་སྙམ་ན། འོད་སྲུངས་ཀྱིས་ཞུས་པའི་མདོ་ལས། འོད་སྲུང་གང་བདག་ཏུ་འཛིན་པ་རི་རབ་ཙམ་ནི་སླ་ཡིས། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། དེ་ཅིའི་ཕྱིར་ཞེ་ན། ལྟ་བར་གྱུར་པ་ཐམས་ཅད་ལས་ངེས་

(༢༨)པར་འབྱིན་པ་ནི་སྟོང་པ་ཉིད་ཡིན་ན། སྟོང་ཉིད་ཁོ་ན་ལ་ཞེན་པ་ནི་གསོར་མི་རུང་ངོ་། །ཞེས་བཤད་དོ། །དཔེར་ན་སྨན་པས་ནད་བསལ་བའི་ཕྱིར་ཀླུ་སྨན་བཏབ་པ་ལས་ནད་ཐམས་ཅད་སྐྱོད་ནས་བཀྲུ་བ་མ་བྱུང་ན། དེའི་ངང་ལས་ནད་ཚབས་ཆེ་བར་གྱུར་བ་བཞིན་ནོ། །སོ་སོར་རྟོགས་པས་ལྟ་བ་རྟོགས་ཀྱི། སོ་སོར་རྟོགས་པས་སྦོམ་པོ་ལངས་སམ་ཞེས་ན། དཀོན་མཆོག་བརྩེགས་པ་ལས། དཔེར་ན་ཤིང་གཉིས་རླུང་གིས་འདྲུད་པ་ལས། །མེ་བྱུང་བས་ནི་དེ་ཉིད་སྲེག་པར་བྱེད། །དེ་བཞིན་ཤེས་རབ་དབང་པོ་བསྐྱེད་ནས་ཀྱང་། །སོ་སོར་རྟོགས་པས་དེ་ཉིད་སྲེག་པར་བྱེད། །ཡེ་ཤེས་ཀྱིས་ཉོན་མོངས་པ་བསལ་ནས་ལྟ་བ་རྟོགས་སམ་ཞེས་།།།ན། འོད་སྲུངས་ཀྱིས་ཞུས་པའི་མདོ་ལས། དཔེར་ན་སྒྲོན་མེ་མུན་པ་མུན་ནག་ཀུན། །བསལ་བར་གྱུར་ཀྱང་འགྲོ་བ་འོང་བ་མེད། །དེ་བཞིན་ཤེས་འབྱུང་མི་ཤེས་མེད་གྱུར་ཀྱང་། །དེ་ནི་གང་ནས་འགྲོ་བའམ་འོང་བ་མེད། །སྒྲོན་མེས་མུན་པ་བསལ་སྙམ་མི་སེམས་ཀྱང་། །སྣང་བ་བྱུང་ནས་མུན་པ་མེད་པར་འགྱུར། །ངོས་བཟུང་མེད་ཅིང་ནམ་མཁའི་མེ་ཏོག་འདྲ། །ཉོན་མོངས་མ་སྤངས་པས་ལྟ་བ་རྟོགས་སམ་ཞེ་ན། དཀོན་མཆོག་བརྩེགས་པ་ལས། དཔེར་ན་བདུད་བཅས་མཚན་དང་བཅས་པ་ལ། །ས་བོན་སྐྱེ་ཡི་རབ་སྒོས་གདུང་རྣམས་

(༢༩)མིན། །དེ་བཞིན་ཉོན་མོངས་ལོག་ལྟ་སྐྱེ་བོ་ལ། །རྒྱལ་སྲས་རྣམས་ལ་རྒྱལ་བའི་ཆོས་རྣམས་སྐྱེ། །ཚད་མའི་རིག་པས་མ་བཙལ་བར་ལྟ་བ་མི་རྟོགས་སམ་ཞེ་ན། དགོངས་པ་ངེས་པར་འགྲེལ་བའི་མདོ་ལས། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་གསོལ་བ། བདག་གི་དེ་བཞིན་གཤེགས་རྒྱུ་ཞིང་། །ཁམས་དྲེགས་ཅན་ཞེས་མཆིས་པའི་ཚེ། །མུ་སྟེགས་མང་པོ་ཐམས་ཅད་ཀྱིས། །དོན་དམ་མཚན་ཉིད་སེམས་པར་བགྱིད། །རྟོགས་བགྱིད་འཚལ་བགྱིད་མ་རྟོགས་ནས། །བློ་གྲོས་ངན་པར་རྩོད་འགྱུར་དག །གཅིག་གི་གཅིག་ལ་སྟོབས་ཀྱིས་གནོན། །གཞེར་།།།འདེབས་ཚར་གཅོད་དག་མཐོང་ནས། །ཀྱེ་མ་དེ་བཞིན་གཤེགས་པ་ཉིད། །དོན་དམ་རྟོག་གེ་ལས་འདས་སྟོན་ཏོ་སྙམ། །བཀའ་སྩལ་པ། ཆོས་འཕགས་བཞིན་རྟོག་གེ་ཐམས་ཅད་ལས་འདས་པ་མཚན་ཉིད་དུ་སངས་རྒྱས་སོ། །རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་དོན་དམ་པ་ཡིན་ནོ། །previous hit རྟོག་གེ་ནི་མཚན་ཉིད་པའིཡུལ་ཡིན་ནོ། །དཔེར་ན་གང་ཟག་ཚ་ next hit་དང་མངར་བའི་རོ་བརྟེན་པ་ནི། སྦྲང་རྩི་ཀ་རའི་རོ་ལ་ཁ་བའམ་ཚ་བའི་རོ་ལ་དཔག་པར་མི་ནུས་སོ། །དེ་བཞིན་དུ་ཡུན་རིང་པོ་ནས་སྨྲ་བ་ལ་གོམས་པ་ནི་གང་གིས་མི་སྨྲ། འཕགས་པའི་

(༣༠)བདེན་པ་བདེན་པ་ལ་བརྟག་པའམ། དཔག་པའམ། མོས་པར་མི་ནུས་སོ། །དབུ་མའི་གཏན་ཚིག་གིས་མ་བརྟག་པར་ལྟ་བ་མི་རྟོགས་སོ་ཞེ་ན། ཆོས་ཀྱི་རྒྱལ་པོའི་མདོ་ལས། དཔེར་ན་མི་གཅིག་ལ་དུག་མདའ་ཕོག་ན་མྱུར་དུ་ཕྱུང་ན་ནད་ལས་ཐར་བར་འགྱུར་རོ། །སྒྲོ་དང་གཉུག་མ་ལ་སོགས་པ་ཕྱོགས་གང་ནས་བྱུང་རྟོག་གི་བར་དུ་ནད་རྒྱས་ནས་འཆིའོ། །དེ་བཞིན་དུ་གཏན་ཚིག་མང་པོ་ལ་རྟོག་དཔྱོད་བྱས་པས་སེམས་རྟོག་པའི་དབང་དུ་སོང་བའི་ཚེ་ཡང་འཛད་དོ། །དེ་བས་ན་སེམས་སྟོང་པ་འབའ་ཞིག་གིས་ཉོན་མོངས་པའི་དུག་དབྱུང་བར་བྱའོ། །ཐོས་པ་མང་པོ་མ་བྱས་པར་མི་རྟོགས་སོ་ཞེ་ན། །ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས། དགེ་སློང་སྨྲ་བ་ལ་དགའ་བ་ནི་མི་བཙུན་ཏེ། མང་དུ་ཐོས་པས་རྒྱགས་ཤིང་དྲེགས་ནས་བརྗེད་ངེས་པ་ཡིན། ནང་དུ་ཚུལ་བཞིན་ཡིད་ལ་བྱེད་པ་དང་བྲལ་ནས། ལྷ་དང་ཀླུ་དང་གནོད་སྦྱིན་གྱིས་ཀྱང་མི་བསྐུར་ཞིང་སེམས་འགྱོད་པ་དང་ལྡན་པ་ཡིན་ཞེས་གསུངས་སོ། །གཙུག་ཏོར་ཆེན་པོའི་མདོ་ལས། བསྐལ་པ་མང་པོའི་བར་ཐོས་པ་བསགས་པ་བས་ཉིན་གཅིག་ཆོས་དོན་བསྒོམ་པ་བསོད་ནམས་ཆེའོ། །དེ་ཅིའི་ཕྱིར་ཞེ་ན། དེས་སེམས་སྐྱེ་ཤིའི་ལམ་

(༣༡)དང་། རིགས་དྲུག་ཏུ་ད་རེས་ནས་མ་འབྲེལ་བར་བྱེད་པའི་ཕྱིར་རོ། །ཟླ་བ་སྙིང་པོའི་མདོ་ལས། དོན་མ་རྟོགས་པས་ཚིག་ལ་མཁས་པས་མ་ཕན་ཏེ། ཚེ་དང་ལྡན་པ་ལམ་འཕྲང་དང་། ལྡིང་རྒྱས་དང་། འོད་སྲུངས་ལ་སོགས་པས་བསྒོམས་པས། ཚིག་བཞིའི་ཚིགས་སུ་བཅད་པ་རེ་རེའི་དོན་རྟོགས་ནས་དགྲ་བཅོམ་པ་ཐོབ་བོ། །ཀུན་དགའ་བོ་མདོ་སྡེ་གསུང་རབ་ཡན་ལག་བཅུ་གཉིས་འཆད་ཤེས་ཀྱང་རྒྱུན་ཞུགས་ལས་མ་ཐོབ་བོ། །འོད་སྲུངས་ཀྱིས་ཞུས་པའི་མདོ་ལས། དཔེར་ན་མི་གཅིག་རྒྱ་མཚོའི་ནང་དུ་སྐོམ་ནས་ཤི་བ་བཞིན་དུ། དགེ་སློང་མང་དུ་ཐོས་པ་ཡང་ཐོས་པས་རྒྱགས་ནས། ཉོན་མོངས་པ་མ་སྤོང་བར་ངག་སོང་དུ་སྐྱེའོ། སྡོང་པོ་རྒྱན་པ་ལས། ཆོས་མང་པོ་ཐོས་ནས་ཉམས་སུ་མི་ལེན་པ་ནི། དཔེར་ན་མི་དབུལ་པོས་ལས་སུ་མིའི་ནོར་བགྲངས་ཀྱང་རང་གིས་གཅིག་ཀྱང་དབང་བྱར་མེད་པ་དང་འདྲའོ། །དོན་ལ་མ་རྟོགས་ཀྱང་ཚིག་ཏུ་གོ་བས་བཤད་པ་ཙམ་གྱིས་གྲོལ་ལོ་ཞེ་ན་ཆོས་འབྱུང་བ་མེད་པའི་མདོ་ལས། སྤྱོད་ལམ་དག་དང་འཁྲུལ་ལ་ཆགས་གྱུར་པའི། །ཚིག་དང་སྒྲ་ལ་དགའ་བས་མི་བཙུན་ཏེ། །ཆོས་ཀྱི་རང་བཞིན་ཡོངས་སུ་མ་ཤེས་ན། །ཚིག་ལ་མཁས་པས་བྱང་ཆུབ་འཚང་མི་རྒྱ། །མཉམ་ཞིང་དོན་ཉིད་བློ་ལ་མ་མཉམ་ན། །ཚིག་ཏུ་མཉམ་པས་རྟོག་པའི་རླུང་མི་ཟློག །ལང་ཀར་གཤེགས་པའི་མདོ་ལས། མ།

(༣༢)རབས་སྒྱུ་མ་བཤད་པ་ལ་དད། ཡང་དག་ཤེས་རབ་ག་ལ་ཐོབ། སྨྲ་བ་མང་པོ་སྡུག་བསྔལ་ཏུ།།།། སྡུག་བསྔལ་འགོག་པ་ཡང་དག་ཉིད། །བསྒོམ་པ་ལ། སྡོམ་ནི། མ་སྒོམས་སྐྱོན་དང་ཡོན་ཏན་དང་། སྔོན་འགྲོ་དང་ནི་སྒོམ་པ་དངོས། །བཅོས་ཉམས་རྟགས་དང་དགོས་པ་བ། འདི་རྣམས་སྒོམ་པའི་སྤྱི་སྡོམ་ཡིན། མ་སྒོམས་པའི་སྐྱོན་ནི། ཕལ་པོ་ཆེའི་མདོ་ལས། །ཡང་དག་སངས་རྒྱས་བསྟན་པ་ནི། །ཐོས་པ་ཙམ་གྱིས་མི་འགྲུབ་བོ། །ལ་ལ་སྟོབས་མེད་ཀླུངས་དག་གིས། །ནན་གྱིས་ཁྱེར་བར་གྱུར་པ་དག །སྒོམ་ནས་ཤི་བར་གྱུར་པ་བཞིན། །མ་བསྒོམ་ཆོས་ཀྱང་དེ་བཞིན་ནོ། །དཔེར་ན་ལོང་བ་རི་མོ་མཁན། །ཚོགས་དུས་དབུས་སུ་འདྲིར་བཅུག་ཀྱང་། །རང་གི་དེ་ཉིད་མཐོང་བ་མེད། །མ་བསྒོམས་ཆོས་ཀྱང་དེ་དང་འདྲ། །ཆུ་བོ་དང་ནི་རྒྱ་མཚོ་ལ། །གྲུ་དང་གཟིངས་བཅས་མཉན་པ་ཡང་། །གཞན་དག་དེ་ཡིས་སྒྲོལ་བྱེད་ཅིང་། །བདག་ཉིད་ཆུ་ལ་ཤི་བ་བཞིན། །མ་བསྒོམ་ཆོས་ཀྱང་དེ་བཞིན་ནོ། །དཔེར་ན་འོན་པ་སིལ་སྙན་མཁན། །ཚོགས་འདུས་དབུས་སུ་འདུག་བྱེད་ཅིང་། །སྐྱེ་བོའི་ཚོགས་རྣམས་མགུ་བྱེད་ཀྱང་། །རང་ཉིད་དག་

(༣༣)༄༅། །གིས་ཚོར་བ་མེད། །མ་བསྒོམ་ཆོས་ཀྱང་དེ་བཞིན་ནོ། སྒོམ་པའི་ཡོན་ཏན་ནི། ཕལ་པོ་ཆེ་ལས། དཔེར་ན་བུ་རམ་མངར་བའི་རོ། །བརྗོད་པས་རོ་ནི་མི་མྱོང་སྟེ། །ཟོས་པས་རོ་ནི་མྱོང་བར་འགྱུར། །དེ་བཞིན་སྟོང་པ་ཉིད་ཀྱི་སྒྲ། །བརྗོད་པས་རོ་ནི་མི་མྱོང་སྟེ། །སྒོམས་པས་རོ་ནི་མྱོང་བར་འགྱུར། །རྟོགས་པ་ཆེན་པོའི་མདོ་ལས། ཐང་ཅིག་བསམ་གཏན་ཐུན་ཞུགས་ན། །ཁམས་གསུམ་གང་བའི་མི་རྣམས་ལ། །སྲོག་བྱིན་པས་ནི་དེ་དོན་ཆེ། །དེ་ཁོ་ན་ཉིད་ལ་ངེས་པར་བསྟན་པའི་མདོ་ལས། ཤཱ་རིའི་བུ་འདི་ལྟ་སྟེ། གང་གིས་བསྐལ་པ་གཅིག་གི་བར་དུ་ཉན་པ་བས། སེ་གོལ་གཅིག་བདོགས་པ་ཙམ་དུ་དེ་ཁོ་ན་ཉིད་ཀྱི་ཏིང་ངེ་འཛིན་འདི་སྒོམས་ན་བསོད་ནམས་ཆེས་མང་དུ་འཕེལ་ལོ། །ཤཱ་རིའི་བུ་དེ་བས་ན་དེ་ལོ་ན་ཉིད་ཀྱི་ཏིང་ངེ་འཛིན་འདི་ལའང་ནན་ཏན་གྱིས་གདམས་པར་བྱའོ། ཤཱ་རིའི་བུ་གང་སངས་རྒྱས་ཀྱིས་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཏིང་ངེ་འཛིན་འདི་ལ་གནས་པ་ཤ་སྟག་གོ །སྒོམས་པའི་སྔོན་འགྲོ་ནི། ནམ་མཁའ་མཛོད་ཀྱི་མདོ་ལས། ཏིང་ངེ་འཛིན་ཐོབ་པར་འདོད་ན་འདུ་འཛི་ཐམས་ཅད་སྤང་བར་བྱའོ། སྒོམ་པ་དངོས་ནི། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལས། སེམས་ཅན་ཐམས་ཅད་སེམས་གཅིག་སྟེ། །འོད་གསལ་སྐྱེ་བ་མེད་པའི་དོན། །ཉོན་མོངས་འཇོམས་པའི་དཔའ་བོ་སྟེ། །དེས་ན་

(༣༤)ཏིང་ངེ་འཛིན་ཞེས་བསྟན། །ཡེ་ཤེས་རྒྱ་མཚོ་ཏིང་ངེ་འཛིན་གྱི་མདོ་ལས། ཆོས་རྣམས་སེམས་ཀྱིས་རྒྱས་གདབ་ཅིང་། སེམས་ལ་དངོས་པོ་མེད་པར་བཏབ། །སེམས་ངོ་ཤེས་པ་གང་ཡིན་པ། །དེ་ནི་རྣལ་འབྱོར་སྤྱོད་པ་ཡིན། །ཏིང་ངེ་འཛིན་རྒྱས་པོའི་མདོ་ལས། གཞོན་ནུ་ཏིང་ངེ་འཛིན་ཅེས་བྱ་བ་ནི་འདི་ལྟ་སྟེ། སེམས་ངེས་པར་སྟོགས་པ་སྐྱེ་བ་མེད་པའོ། །དེ་ཉིད་ལས་ཏིང་ངེ་འཛིན་ཅེས་བྱ་བ་དེ། རྟོག་པ་མེད་ཅིང་རྣམས་རྟོག་མེད། །བཟུང་དུ་མེད་ཅིང་བསྟན་དུ་མེད། སེམས་ཀྱང་མིགས་པ་མེད་པ་སྟེ། དེ་ཕྱིར་ཏིང་ངེ་འཛིན་ཅེས་བསྟན། ཡང་མདོ་དེ་ཉིད་ལས། འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ངས་ནི་མདོ་སྡེ་གང་བཤད་པ། །ཚིག་འབྲུ་ཐ་དད་དོན་གཅིག་སྟེ། །ཐམས་ཅད་བརྗོད་ཀྱིས་ནུས་མ་ཡིན། །ཚིག་གཅིག་རྣམ་པར་སྒོམས་པ་ནི། །དེ་དག་ཐམས་ཅད་སྒོམས་པར་བགྱུར། །གང་གིས་ཚིག་གཅིག་གོ་ན་ནི། །དེ་དག་ཐམས་ཅད་རྟོགས་པར་འགྱུར། །ཆོས་རྣམས་རང་བཞིན་འོད་གསལ་བས། །དགེ་བའི་དངོས་པོ་ཡོད་མ་ཡིན། །གང་ན་དངོས་པོ་མེད་གྱུར་ན། །དེ་ནི་ཆོས་ཀྱི་རྣམ་གྲངས་ཡིན། །ཆོས་ཉིད་ཚད་མར་བྱེད་ཡི་མདོ་ལས། །ནམ་མཁའ་ལྟ་བུའི་སེམས་ཀྱིས་ནི།

(༣༥)༄༅། །ནམ་མཁའ་ལྟ་བུའི་ཆོས་རྣམས་ལ། །ནམ་མཁའ་ལྟ་བུར་སྒོམས་བྱས་ན། །ནམ་མཁའ་ལྟ་བུར་སངས་ཡང་རྒྱ། །ཏིང་ངེ་མཆོག་དམ་པའི་མདོ་ལས། བླ་མ་དམ་པའི་བདུད་རྩི་ཡིས། །རང་སེམས་ནམ་མཁའ་ལྟ་བུར་ཤེས། །དེ་ཡི་དོན་ལ་མ་ཡེངས་པར། །དེ་ནི་ཏིང་ངེ་འཛིན་ཅེས་བྱ་ན།།།། །ཅེས་གསུངས་སོ། །སྒོམས་པའི་སྐྱོན་བཅོས་པ་ནི། །ཆོས་ཉིད་རྣམ་པར་སྒོམ་པའི་མདོ་ལས། འཇམ་དཔལ་གཟུགས་ཏིང་ངེ་འཛིན་དུ་རྟོགས་པར་བྱའོ། །སྒྲ་དྲི་རོ་རེག་བྱ་ཆོས་གཏི་མུག །དགེ་མི་དགེ་ཏིང་ངེ་འཛིན་དུ་ཤེས་པར་བྱའོ། །ཉི་མ་རྒྱལ་མཚན་གྱི་མདོ་ལས། བྱང་ཆུབ་སེམས་དཔའ་ཉི་མ་རྒྱལ་མཚན་གྱིས་གསོལ་བ། དགེ་སྦྱོང་རྣལ་འབྱོར་སྤྱོད་པའི་བསམ་གཏན་སྐྱོན་ནང་ལགས། བཀའ་བསྩལ་བ། །བསམ་གཏན་གྱི་སྐྱོན་ནི། ཡོད་པར་འཛིན་པ་དང་མེད་པར་འཛིན་པའོ། །ཡོད་པར་འཛིན་པ་ལ་བཞི་སྟེ། བདག་ཏུ་འཛིན་པ་དང་། དངོས་པོ་འཛིན་པ་དང་། མཚན་མར་འཛིན་པ་དང་། རྟག་པར་འཛིན་པའོ། །མེད་པར་འཛིན་པ་ལ་བཞི་སྟེ། བཀག་པའི་དེངས་དང་། འདུ་ཤེས་མེད་པ་དང་། གཏི་མུག་མེད་པ་དང་། ཞེ་ལ་འཛིན་པ་མེད་པའོ། །

(༣༦)གསོལ་བ། དེ་རྣམས་ཆོས་གང་གིས་སྤོང་བ་ལགས། །བཀའ་བསྩལ། ཡེ་ནས་སྟོང་པ་ནམ་མཁའ་ལྟ་བུ་དང་། གཏིང་ནས་སྟོང་པ་རྒྱ་མཚོ་ལྟ་བུ་དང་། གསལ་བ་སྟོང་པ་ཉི་ཟླ་ལྟ་བུ་དང་། རིག་ལ་སྟོང་པ་ལྐུགས་པའི་རྨི་ལམ་ལྟ་བུ་སྤང་བར་བྱའོ། སྒོམས་པའི་ཉམས་ནི། བསམ་པ་རྣམ་པར་དག་པའི་མདོ་ལས། གཟུགས་གཟུགས་ཀྱིས་སྟོང་། སྒྲ་གྲགས་སྟོང་། དྲི་ཚོར་སྟོང་དང་། རོ་མྱོང་སྟོང་། རེག་བྱ་ཚོར་སྟོང་གི་ཉམས་འབྱུང་སྟེ། ནམ་མཁའ་མ་སྒྲིབ་ན་བསལ་ལོ། ཆུ་མ་སྙོགས་ན་དྭངས་སོ། སེམས་མ་བཅོས་ན་བདེའོ། །དེ་ལས་འདི་སྐད་ཅེས་བྱའོ། །སེམས་ངོ་ཤེས་པའི་རྣལ་འབྱོར་པ། །ཇི་ལྟར་བྱས་ཀྱང་སྒོམ་པ་ཡིན། །གཉུག་མའི་དོན་ལ་གནས་པ་ཡིན། །ཏིང་ངེ་འཛིན་གྱི་ཉམས་སུ་བཤད། སྒོམས་པའི་རྟགས་ནི། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། རྣལ་འབྱོར་སྤྱོད་པ་རྣམས་ཀྱི་སྒོམས་པའི་རྟགས་ནི། ནང་གི་སེམས་རྟོག་པ་མེད་པ་ལ་གོམས་པ་དང་། ཕྱིའི་ཡུལ་ལ་ཞོན་པ་མེད་པ་ནི་སྒོམས་པའི་རྟགས་སོ། །དགོས་པ་བསྡུས་པ་ལ་བཅུ་སྟེ། སྡོམ་ནི། ཏིང་འཛིན་མང་པོ་པ་དང་ལམ། ཕ་རོལ་ཕྱིན་དང་ཚུལ་ཁྲིམས་སྲུངས། ཚོགས་གསོག་

(༣༧)༄༅། །དང་ནི་བྱང་ཆུབ་ཕྱོགས། མཆོད་པ་དང་ནི་སྡིག་པ་བཤགས། ཞིང་ཁམས་དང་ནི་སེམས་ཅན་དོན། དགོས་པ་བསྡུས་པའི་སྐང་གྲངས་ཡིན། ཏིང་འཛིན་མང་པོ་མ་སྒྲུབས་པར་སངས་མི་རྒྱའམ་སྙམ་ན། རྒྱལ་མཚན་དམ་པའི་མདོ་ལས། ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ། རྣལ་འབྱོར་སྤྱོད་པ་རྣམས་ལ་སྤྱོད། དགེ་བ་ཐམས་ཅད་དོན་གཅིག་སྟེ། སེམས་ཉིད་སྟོང་པར་འདུས་པར་བཤད། གསང་བ་མཇོད་ཀྱི་མདོ་ལས། ཆུ་རྣམས་ཐ་དད་རྒྱ་མཚོར་གཅིག །ཏིང་འཛིན་རྣམ་རྟོགས་ཐ་དད་པ། ཆོས་ཀྱི་དབྱིངས་སུ་རོ་གཅིག་གོ །ཏིང་འཛིན་དེ་ལྟར་ཤེས་པར་གྱིས། ས་དང་ལམ་མ་བགྲོད་པར་སངས་མི་རྒྱའམ་སྙམ་ན། ནམ་མཁའ་རིན་པོ་ཆེའི་མདོ་ལས། ཆོས་ཀྱི་དབྱིངས་ཀྱི་རྒྱ་མཚོར་མ་ཞུགས་ཀྱི་བར་དུ་ས་དང་ལམ་ཐ་དད་པ་དང་། ཡེ་ཤེས་ལ་འཕེལ་འགྲིབ་ཡོད་ཀྱི། ནམ་ཞིག་ཆོས་ཀྱི་དབྱིངས་ཀྱི་རྒྱ་མཚོར་ཕྱིན་ནས་ས་དང་ལམ་ཡེ་ཤེས་ཅུང་ཟད་ཀྱང་བགྲང་དུ་མེད་དོ། ཕ་རོལ་དུ་ཕྱིན་པ་དྲུག་ལ་མ་སྤྱད་ན་སངས་མི་རྒྱའམ་སྙམ་ན། ཚངས་ཡས་ཞུས་པའི་མདོ་ལས། མི་འཛིན་པ་ནི་སྦྱིན་པ། མི་གནས་ས་ནི་ཚུལ་ཁྲིམས། མི་བསྲུང་བ་ནི་བཟོད་པ། མི་

(༣༨)བརྩོན་པ་ནི་བརྩོན་འགྲུས། མི་བསམ་པ་ནི་བསམ་གཏན། མི་དམིགས་པ་ནི་ཤེས་རབ་བོ། །ཚུལ་ཁྲིམས་མ་བསྲུང་སྒོམ་འབའ་ཞིག་གིས་སངས་མི་རྒྱའམ་སྙམ་ན། ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་ལས། ལྷའི་བུས་གསོལ་བ། བསླབ་པ་དང་ཚུལ་ཁྲིམས་ཇི་ལྟར་བསྲུང་བར་འགྱི། བཀའ་སྩལ་པ། དགེ་སྦྱོང་རྣལ་འབྱོར་ལ་སྤྱོད་པ་པས་ཚུལ་ཁྲིམས་དང་ཚུལ་ཁྲིམས་འཆལ་བ་ལ་སོགས་འདུ་ཤེས་སྣ་ཚོགས་དང་ལྡན་པ་ནི་འཁོར་བའི་ཚུལ་ཁྲིམས་ཏེ། ལྷ་དང་མིའི་བདེ་བ་མྱོང་ནས་སླར་ཡང་ངན་སོང་དུ་འཁོར་བར་འགྱུར་རོ། གང་ལ་སྡོམ་པ་དང་སྡོམ་པ་མ་ཡིན་པའི་རློམ་སེམས་མེད་ཅིང་། རྟོག་པ་མེད་པ་དེ་ནི་མྱ་ངན་ལས་འདས་པའི་ཚུལ་ཁྲིམས་ཏེ་ཚུལ་ཁྲིམས་རྣམ་པར་དག་པ་དེ་ཡིན་ནོ། །དཀོན་མཆོག་བརྩེགས་པ་ལས། ཚུལ་ཁྲིམས་ལྡན་ཞེས་ཡིད་ཀྱིས་མི་བསམ་ཞིང་། །བདག་ཏུ་འཛིན་པའི་ཚུལ་ཁྲིམས་མི་བསྲུང་སྟེ། །དེ་ནི་ཁྲིམས་ལྡན་བྱང་ཆུབ་སྤྱད་སྤྱོད་དོ། །ཆེད་དུ་བརྗོད་པའི་མདོ་ལས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སྦྱོང་མགོ་བྲེག་ལ་བྱང་ཆུབ་ག་ལ་ཡོད། སྣལ་མ་སེར་ལ་བྱང་ཆུབ་ག་ལ་ཡོད། ཆུས་བཀྲུས་པ་ལ་བྱང་ཆུབ་ག་ལ་ཡོད། དགོངས་ལྟོ་

(༣༩)༄༅། །བཅག་པ་ལ་བྱང་ཆུབ་ག་ལ་ཡོད། ཅེས་གསུངས་པ་ལ། འཁོར་དགེ་སློང་རྣམས་ཐེ་ཚོམ་དང་ཡིད་གཉིས་སུ་གྱུར་ཏེ། འོ་ན་བྱང་ཆུབ་ཅིས་འཐོབ་པ་ཡིན་སྙམ་པ་ལ་ཡང་བཀའ་སྩལ་པ། ཤེས་རབ་ཀྱི་སྤུ་གྲིས་རྣམ་རྟོག་གི་སྐྲ་བྲེག་པར་བྱའོ། །སྟོང་པ་ཉིད་ཀྱིས་ཆོས་ཀྱིས་ཉོན་མོངས་པའི་ཚད་པ་ལས་སྐྱབས་པར་བྱའོ། །ཡེ་ཤེས་ཀྱི་ཆུས་མ་རིག་པའི་དྲི་མ་བཀྲུ་བར་བྱའོ། །བསམ་གཏན་གྱི་ཟས་ཀྱིས་འདོད་པའི་བཀྲོན་པ་སྤང་པར་བྱའོ། །སྦྱིན་པ་མ་བཏང་བར་སྒོམ་པ་འབའ་ཞིག་གིས་སངས་མི་རྒྱའམ་སྙམ་ན། དམ་པའི་མདོ་ལས། ཁམས་གསུམ་སེམས་ཐམས་ཅད་ལ་ཇི་སྲིད་འཚོའི་བར་དུ་འཚོ་བའི་ཡོ་བྱད་ཀྱི་ཚོགས་བསགས་པ་བས། རྣལ་འབྱོར་ཐུན་གཅིག་སྒོམས་པ་བསོད་ནམས་ཆེའོ། དཀོན་མཆོག་ལ་མཆོད་པ་མ་བྱས་པར་སྒོམ་འབའ་ཞིག་གིས་སངས་མི་རྒྱའམ་སྙམ་ན། དཀོན་བརྩེགས་ལས། སངས་རྒྱས་ཀྱི་འདུ་ཤེས། ཆོས་ཀྱི་འདུ་ཤེས། དགེ་འདུན་གྱི་འདུ་ཤེས། བཟང་ངན་དུ་འཛིན་པའི་རྟོག་པ་མེད་ན་ཡང་དག་པའི་མཆོད་པའོ། །སྡིག་པ་མ་བཤགས་པར་བསྒོམ་པ་འབའ་ཞིག་གིས་སངས་མི་རྒྱའམ་སྙམ་ན། ཕྱོགས་བཅུ་རྒྱལ་བའི་མདོ་ལས། གང་ཞིག་མཐོལ་ཚངས་བྱེད་

(༤༠)འདོད་པ། །སྲང་སོར་འདུག་སྟེ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །འདི་ནི་འགྱོད་ཚངས་མཆོག་ཅེས་བྱ། །སྟོང་པ་ཉིད་བསྒོམ་པས་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་མི་མཐོང་ངམ་སྙམ་ན། དཀོན་མཆོག་འབྱུང་གནས་ཀྱི་མདོ་ལས། འཇམ་དཔལ་སངས་རྒྱས་ཀྱི་ཞིང་ཁམས་བརྗོད་དུ་མེད་པར་འགྲོ་བར་འདོད་ན་སྟོང་པ་ཉིད་ལ་བསླབ་པར་བྱའོ། །སྟོང་པ་ཉིད་ལ་བསླབ་ན། སངས་རྒྱས་ཀྱི་ཞིང་ཁམས་ཇི་ལྟར་སྨོན་པ་དེ་ལྟ་བུ་ཐོབ་བོ། །སྟོང་པ་ཉིད་ཁོ་ན་བསྒོམ་བས་སེམས་ཅན་གྱི་དོན་རྒྱུན་ཆད་དམ་སྙམ་ན། སྙིང་རྗེ་པདྨ་དཀར་པོའི་མདོ་ལས། བདག་གི་དོན་སྒོམས་པས་ཆོས་ཀྱི་སྐུ་ནམ་མཁའ་ལྟ་བུ་ཐོབ་བོ། །དེའི་བྱིན་རླབས་ཀྱི་གཟུགས་སྐུ་གཉིས་ཀྱི་སེམས་ཅན་གྱི་དོན་མཛད་དོ། །སྤྱོད་པ་ལ་གསུམ་སྟེ། ཤེས་རབ་དང་མཐུན་པ་དང་། ཐབས་དང་མཐུན་པ་དང་། སྒོ་གསུམ་པའི་སྤྱོད་པའོ། །ཤེས་རབ་དང་མཐུན་པ་ནི། ཉི་མའི་འཁོར་ལོའི་མདོ་ལས། རླུང་གིས་ཤིང་བཅས་པ་ལྟ་བུ་ནི། སེམས་ཅན་གྱི་སྲོག་བཅད་ཡང་མི་འགལ་ལོ། །ཆུས་ས་ཁྱོར་བ་ལྟ་བུ་ནི། མ་བྱིན་པར་བླངས་ཀྱང་མི་འགལ་ལོ། །ཆུ་བྲན་ཆུ་ཆེན་ལ་འགྲོ་བ་ལྟ་བུ་ནི། མི་ཚངས་པར་སྤྱད་ཀྱང་མི་

(༤༡)༄༅། །འགལ་ལོ། །བྲག་གིས་ཤིང་བཅད་པ་ལྟ་བུ་ནི། རྫུན་དུ་སྨྲས་ཀྱང་མི་འགལ་ལོ། །ཐབས་དང་མཐུན་པ་ནི། བྱམས་པ་ཆེན་པོའི་མདོ་ལས། རྣམ་རྟོག་མ་ཟད་བར་དུ་ལས་ཡོད་པས། །ལས་ཀྱི་རྣམ་པར་སྨིན་པ་ཡོད་ཅེས་བྱ། །སྡིག་ནི་ཆུང་ཡང་མི་བརྙས་སྤངས་ཤིང་བཤགས། །ཆུ་ཐིགས་བསགས་རྒྱ་མཚོ་ཆེན་པོ་ཅན། །དགེ་བ་ཆུང་ཡང་མི་བརྙས་དང་དུ་བླངས། །རྡུལ་ཕྲན་བསགས་པས་རི་རབ་གླིང་ཕྲན་ཙམ། །སྟོང་པ་ཉིད་ཀྱི་ཡུལ་གཅིག་ཟིན་གྱུར་ན། །དུག་ལ་སྔགས་ཀྱིས་བཏབ་པ་བཞིན་དུ་འགྱུར། སྒོ་གསུམ་གྱི་སྤྱོད་པ་ནི། མྱ་ངན་འདས་མདོ་ལས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་གདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། འབྲུས་ལ་གཉིས། སྐུ་དང་ཡེ་ཤེས་སོ། །སྐུ་ནི་གསེར་འོད་དམ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་གསོལ་བ། དེ་བཞིན་གཤེགས་པའི་དགོངས་པ་འགྲུབ་པ་ཅི་ལྟ་བུ་ལ། བཀའ་སྩལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ལ་སྐུ་གསུམ་མངའ་སྟེ། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུའོ། ཆོས་ཀྱི་སྐུ་ནི་ཡང་

(༤༢)དག་པའི་ཡེ་ཤེས་ཉིད་ཙམ་ལ་གནས་པར་བྱའོ། །སྐུ་གཉིས་པོ་ནི་བརྟག་པ་ཙམ་མོ། །ཆོས་ཀྱི་སྐུ་ནི་ཡང་དག་པ་སྟེ། སྐུ་གཉིས་པོའི་གཞི་བྱེད་པ་ལ་སོགས་པའོ། །དཔེར་ན། ཉི་ཟླ་མེ་ལོང་ལ་རྟོག་པ་མེད་ཀྱང་འོད་ཟེར་དང་གཟུགས་བརྙན་འབྱུང་བ་བཞིན་ནོ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་ལ་རྟོགས་པ་མེད་ཀྱང་སྨོན་ལམ་གྱི་དབང་གིས་སེམས་ཅན་སྐལ་བ་ཅན་རྣམས་ལ་གཟུགས་སྐུ་གཉིས་ཀྱིས་སེམས་ཅན་གྱི་དོན་བྱེད་པའོ། །སྤྲུལ་པའི་སྐུ་ནི་ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པའོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའོ། །ཆོས་ཀྱི་སྐུ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །ཆོས་ཀྱི་སྐུ་ལ་བརྟེན་ནས་སེམས་དང་པོ་བསྐྱེད་པས་ལམ་ཐམས་ཅད་ཡོངས་སུ་སྦྱང་ངོ་། ཡེ་ཤེས་ལ་བཞི་ལས། ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ཏེ་གོང་དུ་བསྟན་པའོ། །རང་བཞིན་ནི་ཡུམ་རྒྱས་པ་ལས། ཡེ་ཤེས་ནི་རྣམ་པར་ཤེས་པའི་ནང་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡེ་ཤེས་དེ་རྣམ་པར་ཤེས་པའི་ཕྱིར་རོལ་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། ཡེ་ཤེས་དེ་རྣམ་པར་ཤེས་པའི་ཕྱི་ནང་དུ་ཡང་པར་རྗེས་སུ་མི་མཐོང་ངོ་། །ཡེ་ཤེས་དེ་རྣམ་པར་ཤེས་པ་མ་ལགས་

(༤༣)༄༅། །པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡེ་ཤེས་དེ་སྐྱེ་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡེ་ཤེས་འགག་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མཚན་ཉིད་ནི། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས། ཅི་ཙམ་དུ་ནི་རྣམ་རྟོག་བར། །ཡེ་ཤེས་དེ་ནི་མི་ཤེས་འགྱུར། །རྟོག་དང་འཁྲུལ་བ་མེད་གྱུར་ན། །ཡེ་ཤེས་ཞེས་ནི་དེ་ལ་བྱ། །དབྱེ་བ་ནི། རྒྱས་པའི་མདོ་ལས། སངས་རྒྱས་ཀྱི་ས་ནི་ཆོས་ལྔས་བསྡུས་པ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་། །བྱ་བ་གྲུབ་པའི་ཡེ་ཤེས་ཏེ་ལྔའོ། །གསང་སགས་རྡོ་རྗེ་ཐེག་པའི་རྒྱབ་དང་ཁུངས་མདོ་སྡེ་ལ་ལྟོས་ནས་རྡོ་རྗེ་ཐེག་པ་ནི་ན་བབས་སོ་།།།ཞེ་ན། ཉི་མ་རབ་ཏུ་སྣང་བ་ལས། དཔེར་ན་རྒྱལ་པོའི་བུ་མོ་ལ་བྲན་གྱི་བུ་བྱུང་ན་རྒྱལ་པོའི་སྲས་སུ་མི་འགྱུར་ཏེ་དམངས་ཕལ་པར་འགྱུར་རོ། །དེ་བཞིན་དུ་ཐེག་པ་ཆེན་པོའི་མདོ་སྡེ་ནས་བདག་ཏུ་འཛིན་པའི་མངོན་པར་ཞེན་པའི་ཆོས་བཤད་ན་ཟབ་མོའི་དོན་རྟོགས་པ་ལ་མི་ཕན་ཏེ་རྣལ་འབྱོར་སྤྱོད་པའི་དོན་དུ་མི་འགྱུར་རོ། །བྲན་མོ་ལ་རྒྱལ་པོའི་བུ་བྱུང་ན་རྒྱལ་

(༤༤)པོའི་རིགས་འཛིན་ཅིང་རྒྱལ་ས་ཐོབ་བོ། །དེ་བཞིན་དུ་ཐེག་པ་དམན་པ་དང་མུ་སྟེགས་པས་ཐོས་ནས་ཟབ་མོའི་དོན་རྟོགས་བསྟན་པའི་ཆོས་བཤད་ན་ཟབ་མོའི་དོན་རྟོགས་པར་འགྱུར་ཞིང་རྣལ་འབྱོར་སྤྱོད་པའི་ལམ་དུ་འགྱུར་རོ། །བྱང་ཆུབ་སེམས་དཔའ་ཉི་མ་རབ་ཏུ་སྣང་བས་གསོལ་པ། རྣལ་འབྱོར་པ་རྣལ་འབྱོར་སྤྱོད་པ་ཞེས་བགྱི་བའི་གྲངས་སུ་འགྱུར་བའི་ཁྱད་པར་འདི་གང་ལགས། བཀའ་སྩལ་པ། རྣལ་འབྱོར་གང་ཞེ་ན། རང་གི་རང་བཞིན་འོད་གསལ་བ། མ་བྱས་པ། མ་བཅོས་པ། མ་བསླད་པ། རྣལ་མ་དེ་ལ་བྱའོ། །སྤྱོད་པ་གང་ཞེ་ན། མ་ནོར་བ་ཉམས་སུ་ལེན་པ་ལ་བྱའོ། །དེ་ལྟར་ཉམས་སུ་ལེན་པ་ནི། དགེ་སློང་རྣལ་འབྱོར་སྤྱོད་པ་ཞེས་བྱའོ། །དུས་ཐ་མའི་ཚེ་ཁོ་བོ་ཅག་རྣལ་འབྱོར་སྤྱོད་པ་ཡིན་ནོ་ཞེས་ཕལ་ཆེ་བ་སེམས་གྱི་རྣལ་འབྱོར་གྱི་དོན་མི་ཤེས་པར་ངའི་བསྟན་པ་ཉམས་པར་བྱེད་པ་མང་པོ་འབྱུང་ངོ། །ཡོངས་སུ་རྒྱས་པའི་མདོ་ལས། སྟོང་ཉིད་གང་གིས་རྟོགས་ནུས་ན། །དེ་ནི་རྣལ་འབྱོར་སྤྱོད་པ་ཡིན། །ཅེས་སོ། །དགོངས་ཏེ་འཆད་པའི་ལུང་ནི། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། གང་ལ་དགོངས་ཏེ་འཆད་པ་དང་། །དགོངས་པ་དག་

(༤༥)༄༅། །ནི་མི་ཤེས་པར། །ཆོས་ཉིད་ལ་ནི་མ་བསླབ་པར། །ཆོས་མ་ཡིན་པ་ཆོས་སུ་འཆད། །ཅེས་སོ། །དེ་ལྟར་གྱུར་པའི་དགེ་བའི་རྩ་བ་དེ་སེམས་ཅན་རྣམས་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱས་ཏེ། འཕགས་པ་བློ་གྲོས་མི་བཟད་པའི་མདོ་ལས། དགེ་བའི་རྩ་བ་སེམས་ཅན་དང་སེམས་ལས་བྱུང་བ་རྣམས་ཀྱང་རྗེས་སུ་དྲན་ཀྱང་བྱང་ཆུབ་ཏུ་བསྔོ་བ་ལ་མཁས་པ། མངོན་དུ་ཕྱོགས་པའི་ལས་ལ་སེམས་པ་བདག་ལ་དགེ་བའི་སེམས་བསྐྱེད་པ་འབྱུང་བ་གང་ཡིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོའོ། །དེ་ལྟར་བསྔོས་པས་དགེ་བའི་རྩ་བ་ཟད་མི་ཤེས་པར་འགྱུར་ཏེ། ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ནི། བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་བར་མ་དོར་རྡུལ་ཙམ་ཡང་ཟད་པར་མི་འགྱུར་རོ། །ཇི་ལྟར་བསྔོས་པ་དེ་བཞིན་དུ་འགྲུབ་པར་འགྱུར་པ་ཡང་། དཀོན་མཆོག་བརྩེགས་པའི་མདོ་ལས། ཆོས་ཐམས་ཅད་རྐྱེན་བཞིན་དུ། །འདུན་པའི་རྩེ་ལ་རབ་ཏུ་གནས། གང་ཞིག་སྨོན་ལམ་ཅི་བཏབ་པ།

(༤༦)དེ་འདྲའི་འབྲས་བུ་སྨིན་པར་འགྱུར། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་དང་། མཁྱེན་ཅིང་གཟིགས་པའི་དགེ་བའི་རིགས་དང་། སྡེ་དང་། རང་བཞིན་དང་། མཚན་ཉིད་དང་། ཆོས་གང་ཡིན་པ་ཡང་དག་པར་གནས་པ་དེ་དག་ལ། གང་གིས་ཇི་ལྟར་མཁྱེན་པ་དེ་ལྟར་བདག་ཀྱང་ཡི་རང་ངོ། དེ་ལྟར་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ལྟར་བདག་གིས་ཀྱང་བསྔོ་བར་བགྱིའོ། ཞེས་བྱ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ནས་གསུངས་པའི་བསྔོ་བ་ཆེན་པོས་ཡོངས་སུ་བསྔོ་བར་བགྱིའོ། མདོ་སྡེ་དཀོན་མཆོག་བརྩེགས་པ་དང་། ཕལ་པོ་ཆེ་དང་མྱ་ངན་འདས་མདོ་དང་། མདོ་སྡེ་ཆེ་གསུམ་ལ་སོགས་པ་མདོ་མངས་དང་། མདོ་སིལ་རྣམས་ལ་བདག་གིས་ལེགས་པར་བལྟས་པས་སངས་རྒྱས་ཀྱི་དགོངས་པ་ནི་ཟབ་ལ་དཔག་དཀའ་དཀའ་ལ་མདོ་སྡེ་རྣམས་ནི་མང་ལ་རྒྱ་ཆེ། བདག་འདྲ་བ་ནི་ཤེས་རབ་ཆུང་། དད་པ་དང་བརྩོན་འགྲུས་ནི་ཞན། དུས་དང་ལས་ཀྱི་མནར་བས་

(༤༧)༄༅། །མདོ་སྡེ་ཟབ་མོའི་ངེས་དོན་བསྡུས་པ་འདི་ཡང་དཔེར་ན་ལོང་བའི་ལག་ཏུ་གསེར་གྱི་ཕྲེང་བ་བསྒྱུར་བཅུག་པ་ལས་འཁྲུགས་ནས་མི་ཤེས་པ་བཞིན་འཁྲུལ་པ་རྣམས་འཕགས་པ་ལ་མཐོལ་ཞིང་བཤགས་སོ། །མཁས་པ་རྣམས་ལ་བཟོད་པར་གསལ་ལོ། །ལོང་བས་ཕྱག་དར་ཁྲོད་དུ་རིན་ཆེན་གཏེར། །རྙེད་པ་བཞིན་དུ་ངོ་མཚར་ཆེ་བྱུང་ངམ། །འོན་ཀྱང་མདོ་ནས་བསྡུས་པའི་ངེས་དོན་འདིས། །དགོན་པར་གནས་པའི་གྲོགས་མཆོག་དམ་པར་ཤོག །ངེས་པའི་དོན་མདོ་ཀུན་ནས་བཏུས་པ་ཆོས་རྗེ་རང་བྱུང་རྡོ་རྗེ་མཛད་པ་རྫོགས་སོ།

(༡)༄༅། མདོ་སྡེ་ཀུན་ལས་བཏུས་པ་བཞུགས་སོ། །

(༢)༄༅། །ན་མོ་བུདྡྷྷྷྷ།།།ཡ། དྷརྨཱ་ཡ། སམ་གྷཱ་ཡ། བསྟན་པའི་གཙོ་བོ་ཤཱཀྱའི་རྒྱལ་པོ་དང་། །དད་ཅན་ལམ་དུ་འཇུག་པའི་བླ་མ་རྣམས། །དེ་རྣམས་ཞབས་ལ་གུས་པས་ཕྱག་འཚལ་ནས། །མདོ་ཡི་ངེ་དོན་བསྡུས་པ་བྲི་བར་བྱ། །དེའི་དགོས་པ་ནི། མཁས་པ་རྣམས་ནི་ཉན་བཤད་ཀྱིས་བྲེལ་ནས་ལྟ་མི་ཁམས་པ་དང་། བློ་དམན་པ་རྣམས་ལྟ་བའི་ནུས་མེད་པ་དང་། བསམ་གཏན་པ་རྣམས་གཡེང་བར་འགྱུར་བའི་ཕྱིར་རོ། །འོ་ན་རྒྱལ་བའི་བཀའ་ལ་དུམ་བུར་བཀོར་ནས་བཤད་པ་ཇི་ལྟར་ཡིན་ཞེས་ན། གཞུང་དམ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་སེང་གེ་སྒྲས་གསོལ་པ། མདོ་སྡེའི་བཤད་པ་ཇི་ལྟར་བཤད་པར་བགྱི། བཀའ་སྩལ་པ། རྗེས་སུ་གནང་གི །དོན་གྱི་དབང་དུ་བདེ་བར་བྱོས་ཤིག །དེ་དག་གི་དོན་བསྡུས་ཏེ་གཏམ་དུ་ཡང་བརྗོད་པར་བྱའོ། གསོལ་པ། དེ་ལྟར་བགྱིས་ན་མདོ་སྡེའི་མཐའ་ཡི་།།།རུང་བར་མི་འགྱུར་རོ། བཀའ་སྩལ་པ། སྐབས་སུ་གཏམ་རྒྱུད་ཀྱང་བརྗོད་པར་བྱའོ། གསེར་འོད་དམ་པའི་མདོ་ལས། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་

(༣)པ་ཞིག་ཡོད་ན། མདོ་སྡེ་རྣམས་ཀྱི་ནང་ནས་ཚིག་གཅིག་གི་ལེའུ་གཅིག་བཞག་ལ་བཀྲོལ་བའམ་བཤད་ན་བསོད་ནམས་དང་དགེ་བའི་རྩ་བ་དཔག་ཏུ་མེད་དོ། །ཕྱོགས་བཅུ་རྒྱས་པའི་མདོ་ལས། ལ་ལས་ཕྱོགས་བཅུའི་འཇིག་རྟེན་ཁམས། །རིན་ཆེན་བཀང་སྟེ་བྱིན་པའམ། །སྟེང་གི་ཁམས་ཀྱི་འཇིག་རྟེན་ལ། །སྲོག་གི་སྦྱིན་པ་བྱིན་པ་བས། །ཆོས་ཀྱི་ཡི་གེ་འདི་ཉིད་ལ། །ཚིག་གཅིག་ཐོས་པའི་བསོད་ནམས་ཀྱིས། །སྟེང་གི་ཆར་ཡང་མི་ཕོད་།།།དོ། །དུས་དེང་སང་གི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བའི་འོད་བཞིན་བདལ་ཡང་མུན་པ་འདྲ་བའི་གཏི་མུག་ཅན་། དམ་པའི་ཆོས་ལོག་པར་སྤྱོད་པ་དཔག་ཏུ་མེད་དེ། པདྨ་དཀར་པོའི་མདོ་ལས། མར་མེ་འདའ་ཁའི་འོད་བཞིན་དུ། །ང་ཡི་བསྟན་པ་ནུབ་ཁར་གསལ། །ལོག་ལྟ་ཅན་ཡང་མང་དུ་འབྱུང་། །དེ་ཡིས་བསྟན་པ་ཉམས་པར་བྱེད། །པདྨ་བརྩེགས་པའི་མདོ་ལས། ལ་ལས་དགེ་སྡིག་རྣམ་སྨིན་མེད་ཅེས་ཟེར། དེ་ཡིས་དམ་ཆོས་ཕྱིན་ཅི་ལོག་ཏུ་སྤྱོད། །ལ་ལས་བདག་མེད་སྒོམ་པའི་དུས་མིན་ཟེར། དེ་ཡིས་སེམས་ཅན་ལོག་པའི་ལམ་དུ་འཇུག །ཡང་དག་པའི་ལམ་མ་ནོར་བ་དག་

(༤)གང་ཞེ་ན། སྤྱན་རས་གཟིགས་རྣམ་པར་རོལ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱིས་གསོལ་བ། དུས་ཐ་མའི་ཚེ་ཡང་དག་པའི་ལམ་དུ་མིང་གདགས་ནས་ལོག་པར་སྤྱོད་པ་མང་དུ་སྣང་ལགས་ན། ཡང་དག་པའི་ལམ་ཞེས་བགྱི་བ་གང་ལགས། བཀའ་སྩལ་པ། ཡང་དག་པའི་ལམ་ཞེས་བགྱི་བ་ནི། སེམས་ཙམ་ཡང་རྣམ་པར་མི་རྟོག་པའི་ལམ། དབུ་མ་མ་ནོར་བ་དེ་ཡིན་ནོ། གསོལ་བ། འོ་ན་སངས་རྒྱས་དང་སེམས་ཅན་ཐམས་ཅད་སེམས་ཀྱི་ལམ་ནས་འགྲོ་བ་མ་ལགས་སམ། བཀའ་སྩལ་པ། ལམ་སྲོལ་ཆེན་པོར་རྒྱལ་པོ་དང་། །སྤྲང་པོ་ལ་སོགས་ཀུན་འགྲོ་ལྟར། །སེམས་ཀྱི་བརྒྱ་ལམ་ཆེན་པོ་ནས། སངས་རྒྱས་རྣམས་དང་སེམས་ཅན་ཀུན། །བརྒྱ་ལམ་དེ་ལ་འགྲོ་བ་ཡིན། །དེས་ན་རྣལ་འབྱོར་པ་ཡིས་ནི། །སེམས་ཀྱི་ལམ་ལ་ནན་ཏན་བྱ། །ཐེག་པ་གཅིག་པའི་ལུང་ནི། འོ་ན་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དང་། ཐེ་པ་དགུ་པོ་ལ་སོགས་ཟབ་མོའི་དོན་མི་འདྲ་བ་རེ་རེ་ཡོད་དམ་ཞེ་ན། པདྨ་དཀར་པོའི་མདོ་ལས། ཐེག་པ་ནི་གསུམ་དང་དགུ་ལ་སོགས་པ་མེད་མེད་།།།དེ་ལ་སྣ་ཚོགས་སུ་བཏགས་པ་ཙམ་དུ་ཟད་དོ། ཉོན་མོངས་འདུལ་བའི་ཕྱིར་ཆོས་ཀྱི་སྒོ་མོ་ནི། །བརྒྱད་ཁྲི་བཞི་སྟོང་དག་ཏུ་གསུངས་པ་ཡང་། །སངས་རྒྱས་ཀུན་གྱི་དགོངས་པ་དམ་པ་ཡིན། །དབྱེར་མེད་ངོ་བོ་ཉིད་དུ་གཅིག་པ་ཡིན། །ང་ཡིས་བཤད་པའི་ཐེག་པ་དགུ་པོ་ཡངས། །སེམས་ཅན་དག་གི་བློ་དང་མོས་པ་བསྟན། །འདི་ལྟར་ཐབས་ཀྱི་མཆོག་བསྟན་ཡེ་ཤེས་ལ། །རབ་ཏུ་བཟུང་བའི་ཕྱིར་དུ་བསྟན་ནོ། །འབྲས་བུ་ཐེག་པ་གཅིག་གི་ཐོབ་པའི་ལུང་ནི། འོད་སྲུངས་ཀྱིས་ཞུས་པའི་མདོ་ལས།

(༥)ལས། ཆོས་རྣམས་སྤྲོས་པ་ཀུན་དང་བྲལ། དེས་ནི་ཐིག་ལེའི་ངོ་བོ་ཡིན། ཕྱག་རྒྱ་ཆེན་པོ་ལམ་གཅིག་ཆོད་དུ་བསྟན་པའི་ལུང་ནི། །ཡེ་ཤེས་སྣང་བ་བརྒྱན་པའི་མདོ་ལས། །རྒྱུ་རྐྱེན་རྟེན་འབྲེལ་བཤད་པ་དང་། །རིམ་པ་འཇུག་པ་བསྟན་པ་ཡང་། །རྨོངས་རྣམས་ལ་ཐབས་ཀྱིས་གསུངས། །ལྷུན་གྱིས་གྲུབ་པའི་ཆོས་འདི་ལ། །རིམ་པར་འཇུག་པ་ག་ལ་ཡོད། །གང་ཟག་ནི་གཉིས་ལས། སྣོད་ངན་པ་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། དཔེར་ན་སེང་གེའི་འོ་མ་དེ། །ཁམ་པའི་ནང་དུ་བླུག་པ་ན། །སྣོད་ཀྱང་ཆག་ལ་འོ་མ་འབོ། །དེ་བཞིན་སྣོད་ངན་གང་ཟག་ལ། །ཟབ་མོའི་གདམས་ངག་བཤད་གྱུར་ན། །དོན་མི་གོ་ལ་ལོག་ལྟ་སྐྱེ། །དཀོན་མཆོག་སྤྲིན་གྱི་མདོ་ལས། །རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་སྡིག་པའི་གྲོགས་པོ་ཡིན་ནོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། འདུ་འཛི་ལ་དགའ་བ་དང་། ལེ་ལོ་ཅན་དང་། སེམས་སྟོབས་ཞན་པ་དང་། འདུ་ཤེས་དམན་པ་དང་། ཁྱིམ་པ་ལ་དགའ་བ་དང་། ཆགས་ཞེན་ཆེ་བ་དང་། ཉོན་ནོངས་པ་མ་སྤངས་པར་བྱང་ཆུབ་ཐོབ་འདོད་པའོ། །སྣོད་བཟང་པོ་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། དཔེར་ན་སེང་གེའི་འོ་མ་དེ། རིན་ཆེན་སྣོད་དུ་བླུགས་པ་ན། །སྣོད་ཀྱང་མི་ཆན་བཅུད་ཀྱང་འཚོ། །དེ་བཞིན་སྣོད་བཟང་གང་ཟག་ལ། །ཟབ་མོའི་དོན་དེ་བཤད་གྱུར་ན། རང་ཡང་གྲོལ་ལ་གཞན་ཡང་གྲོལ། དཀོན་མཆོག་

(༦)ཆོས་རྣམས་སྤྲོས་པ་ཀུན་དང་བྲལ། །དེས་ནི་ཐིག་ལེའི་ངོ་བོ་ཡིན། །ཕྱག་རྒྱ་ཆེན་པོ་ལམ་གཅིག་ཆོད་དུ་བསྟན་པའི་ལུང་ནི། ཡེ་ཤེས་སྣང་བ་བརྒྱན་པའི་མདོ་ལས། རྒྱུ་རྐྱེན་རྟེན་འབྲེལ་བཤད་པ་དང་། །རིམ་པ་འཇུག་པ་བསྟན་པ་ཡང་། །རྨོང་པ་རྣམས་ལ་ཐབས་ཀྱིས་གསུངས། །ལྷུན་གྱིས་གྲུབ་པའི་ཆོས་འདི་ལ། །རིམ་པར་འཇུག་པ་ག་ལ་ཡོད། །གང་ཟག་ནི་གཉིས་ལས། སྣོད་ངན་པ་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། དཔེར་ན་སེང་གེའི་འོ་ན་དེ། །ཁམ་པའི་ནང་དུ་བླུག་པ་ན། །སྣོད་ཀྱང་ཆག་ལ་འོ་མ་འབོ། །དེ་བཞིན་སྣོད་ངན་གང་ཟག་ལ། །ཟབ་མོའི་གདམས་ངག་བཤད་གྱུར་ན། །དོན་མི་གོ་ལ་ལོག་ལྟ་སྐྱེ། །དཀོན་མཆོག་སྤྲིན་གྱི་མདོ་ལས། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་སྡིག་པའི་གྲོགས་པོ་ཡིན་ནོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། ཚུལ་ཁྲིམ་ཉམས་པ་དང་། ལྟ་བ་ཉམས་པ་དང་། འདུ་འཛི་ལ་དགའ་བ་དང་། ལེ་ལོ་ཅན་དང་། སེམས་སྟོབས་ཞན་པ་དང་། འདུ་ཤེས་དམན་པ་དང་། ཁྱིམ་པ་ལ་དགའ་བ་དང་། ཆགས་ཞེན་ཆེ་བ་དང་། ཉོན་མོངས་པ་མ་སྤངས་པར་བྱང་ཆུབ་ཐོབ་འདོད་པའོ། །སྣོད་བཟང་པོ་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། དཔེར་ན་སེང་གེའི་འོ་མ་དེ། །རིན་ཆེན་སྣོད་དུ་བླུག་པ་ན། །སྣོད་ཀྱང་མི་ཆགས་བཅུད་ཀྱང་འཚོ། །དེ་བཞིན་སྣོད་བཟང་གང་ཟག་ལ། །ཟབ་མོའི་དོན་དེ་བཤད་གྱུར་ན། །རང་ཡང་གྲོལ་ལ་གཞན་ཡང་གྲོལ། །དཀོན་མཆོག་

(༧)སྤྲིན་གྱི་མདོ་ལས། རིགས་ཀྱི་བུ་ཆོས་ལྔ་དང་ལྡན་ན། དགེ་བའི་གྲོགས་བསྟེན་པར་བྱ་བ་ཡིན་སྟེ། །ལྔ་གང་ཞེ་ན། འདི་ལྟ་སྟེ། ཚུལ་ཁྲིམས་དང་ལྡན་པ། དགེ་བའི་བཤེས་གཉེན་ལ་གུས་པ་དང་། དད་པ་དང་ལྡན་པ་དང་། གཏོང་བ་ལ་དགའ་བ་དང་ཤེས་རབ་ཀྱིས་ཡང་དག་པའི་དོན་གོ་བར་རུང་བའོ། ཆོས་ཀྱི་དོན་གང་ཞེ་ན། སྡོམ་ནི། དལ་འབྱོར་དང་ནི་ལས་རྒྱུ་འབྲས། །བླ་མ་བསྟན་དང་གདམས་ངག་ཞུ། །ཉམས་སུ་བླངས་བར་བྱ་བ་ཡིས། །ཆོས་ཀྱི་ཡན་ལག་རྫོགས་པར་བྱ་བ་ཡིན། །དེ་རྣམས་ལ་གཉིས་ལས། ཐུན་མོང་ལྟར་བཤད་པ་ནི། རིན་ཆེན་འཕྲེང་བ་ལས་ཤེས་པར་བྱ། བཀའ་སྩལ་པ། སེམས་རྣམ་རྟོག་གིས་གཡེངས་སྤྲོས་ཏེ། གཡེང་བ་མ་བྲེལ་བ་ཞེས་བྱའོ། །སེམས་རྣམ་པར་རྟོག་པ་ཞི་ནས་རང་བཞིན་ལ་གནས་པ་ལ་དལ་བ་ཞེས་བྱའོ། །འབྱོར་པ་ནི། སེམས་ཀྱི་རང་བཞིན་ཤེས་པ་བློ་ཡང་དག་པའི་དོན་ལ་འབྱོར་པ་ཞེས་བྱའོ། །ལས་འབྲས་ལ་ཡིད་ཆེས་པ་ནི། དུས་དང་ནི་འབྱུང་ལུགས་དང་། ལས་ཀྱི་སྒྲིབ་པ་སྦྱང་ལུགས་སོ། །ལས་འབྲས་ཀྱི་དུས་ཚོད་ནི། ལས་མཐའ་ཡས་པའི་མདོ་ལས། ལི་ཙ་བྱི་དྲི་མ་མེད་པས་གསོལ་པ། བཅོམ་ལྡན་འདས་ཤཱཀྱ་རྣམས་ནི་ལས་དང་ལས་ཀྱི་རྣམ་སྨིན་མི་བསླུ་ཞེས་སྟོན། གཅེར་བུ་པ་རྣམས་ནི་ལས་དང་ལས་ཀྱི་རྣམ་སྨིན་མེད་ཅེས་འཆད་ན་ཇི་ལྟར་བཟུང་བར་བགྱི། བཀའ་སྩལ་པ། ལི་ཙ་བྱི་ཇི་ཙམ་དུ་སེམས་ལ་རྣམ་པར་རྟོག་པ་གཉིས་འཛིན་གྱི་དྲི་མ་དང་མ་བྲལ་གྱི་བར་དུ་ལས་ཡོད། ཕྲ་མོ་ཙམ་ཡང་བསླུ་བར་མི་འགྱུར་རོ། །སེམས་ལ་རྣམ་པར་རྟོག་

(༨)པ་གཉིས་འཛིན་གྱི་དྲི་མ་དང་བྲལ་ནས་གསེར་དང་མོང་བ་མཉམ་པའི་དུས་སུ་ལས་ཀྱང་མེད། ལས་ཀྱི་རྣམ་པར་སྨིན་པ་ཡང་མེད་དེ། དགེ་བ་དང་མི་དགེ་བ་ཡང་འདྲ་བ་ཡིན་ནོ། །ལས་ཀྱི་འབྱུང་ལུགས་ནི། མདོ་དྲན་པ་ཉེ་བར་བཞག་པ་ལས། ལས་ཀྱི་གཞི་མི་མ་རིག་པ་ཡིན་ཏེ། རིག་ན་ལས་ཀྱི་དབང་དུ་མི་འགྲོ་བའི་ཕྱིར་རོ། །ལས་ཀྱི་དཔེ་ནི་རི་མོ་མཁན་དང་འདྲ་སྟེ། མེད་བཞིན་དུ་སྣང་བ་ཡིན་ནོ། །ལས་ཀྱི་རྐྱེན་ནི་སེམས་ཀྱིས་བྱས་པ་ཡིན་ཏེ། སེམས་ནི་སྤྲེའུ་དང་འདྲ་སྟེ་བྱ་བྱེད་མང་བ་ཡིན་ནོ། །ཉ་དང་འདྲ་བ་ཡིན་ཏེ་སྲིད་པའི་རྒྱ་མཚོར་འཕྱོར་བ་ཡིན་ནོ། །སྒྱུ་མ་དང་འདྲ་སྟེ་མེད་བཞིན་དུ་སྣང་བ་ཡིན་ནོ། །ལས་ཀྱི་རྒྱུ་ནི་དགེ་བ་བཅུ་དང་མི་དགེ་བཅུ་ཡིན་ནོ། །འབྲས་བུ་ནི་ངན་སོང་གསུམ་དང་མཐོ་རིས་རྣམས་ཡིན་ནོ། །རང་བཞིན་མདོར་བསྡུས་པའི་ལུང་ནི། དྲན་པ་ཉེ་བར་བཞག་པ་ལས། ལས་ཀྱི་རང་བཞིན་བཙལ་ན་གང་ནས་ཀྱང་སྙེད་པ་མ་ཡིན་ནོ། །རྣམ་སྨིན་མི་བསླུ་བའི་ལུང་། ལས་རྒྱ་པའི་མདོ་ལས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཉེར་བཞག་ཆུང་ངུ་ལས། མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་འཛིན་ཡང་སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །ལས་ཀྱི་རྣམ་སྨིན་བསླུ་མི་སྲིད། །རང་བཞིན་གྱི་ལུང་ནི། ལས་རྣམ་པར་དག་པའི་མདོ་ལས། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བས་གསོལ་པ། ལས་དང་ལས་ཀྱི་རྣམ་པར་སྨིན་

(༩)པའི་རང་བཞིན་ཇི་ལྟ་བུ་ལགས། བཀའ་སྩལ་པ། རང་བཞིན་ཆོས་ཉིད་དོ། །གསོལ་པ། འོ་ན་སེམས་ཅན་ཐམས་ཅད་འབད་པ་མེད་པར་གྲོལ་བར་རིགས་སོ། །བཀའ་སྩལ་པ། དེ་མི་རིག་པར། འོ་མ་མ་སྲུབས་པར་དུ་མར་མི་འབྱུང་ལ། དངུལ་རྡོ་མ་བཞུས་བར་དུ་དངུལ་མི་ཡོང་བ་བཞིན་དུ། སེམས་ཀྱང་མ་བསྒོམས་།།།བར་དུ་འཚང་མི་རྒྱ། གསོལ་པ། འོ་ན་ཡེ་ནས་ཆོས་ཉིད་ལགས་ན་སྒོམ་ཅི་འཚལ། བཀའ་སྩལ་པ། རྣམ་རྟོག་བློ་བུར་བ་ནམ་མཁའ་ལ་སྤྲིན་འདུས་པ་ལྟ་བུ་དེ་སེལ་དགོས་པས་ན་སྒོམ་དགོས་སོ། །གསོལ་པ། རྣམ་རྟོག་གློ་བུར་བ་ལགས་ན། སངས་རྒྱས་ནས་ཀྱང་རྣམ་རྟོག་འབྱུང་བར་རིགས་སོ། །བཀའ་སྩལ་པ། སངས་རྒྱས་ནས་རྣམ་རྟོག་རྩད་ཆོས་པ་ཡིན་ཏེ། རིམས་ནད་ལེགས་པར་བྱང་བ་དང་འདྲའོ། །ལས་ཀྱི་སྒྲིབ་པ་བྱང་ལུགས་ནི། གསང་བ་མཐའ་ཡས་པའི་མདོ་ལས། ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་སྒྲིབ་པ་ཇི་ལྟར་སྦྱོང་བ་ལགས། བཀའ་སྩལ་པ། དཔེར་ན་མེའི་ཕུང་པོ་ཆེན་པོ་འབར་བ་ལ། དེ་ཞི་བར་འདོད་པ་ལ། ཤིང་གིས་ཡང་ནས་ཡང་དུ་མནན་ན་མེའི་ཕུང་པོ་ཆེན་པོ་ཆེར་འབར་ཞིང་མཆེད་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་དགེ་སློང་ལས་ཀྱི་སྒྲིབ་པ་དག་པར་འདོད་ན། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་དཀར་པོའི་ཕྱོགས་རྣམས་ལ་དཔྱད་པས་སླར་འཁོར་བ་འཕེལ་བར་མི་འགྱུར་རོ། དེ་རྣམས་ནི་ལས་ཀྱི་འཕངས་པ། ལས་ཀྱི་བགོས་སྐལ་ལ་སྤྱོད་པ་ལྷ་དང་མིའི་ཐེག་པ་ཡིན་ནོ། །གསོལ་པ། འོ་ན་སྒྲིབ་པ་ཇི་ལྟར་དུ་སྦྱོང་བ་ལགས། བཀའ་སྩལ་པ། གང་མེའི་ཕུང་པོ་འབར་བ་དེ་ཞི་བར་འདོད་ན་ཆུ་ཡང་

(༡༠)དང་ཡང་དུ་བཏབ་ན་མེ་དེ་ཞི་བར་འགྱུར་ནས་མེད་པ་བཞིན་དུ་དགེ་སློང་རྣམས་ཀྱིས་ཆོས་བདག་མེད་འོད་གསལ་བ་བསྒོམ་ན། ཉོན་མོངས་པའི་མེ་ཆེན་པོ་ཞི་ཞིང་། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ཐར་ནས་མྱ་ངན་ལས་འདས་པའི་ཐང་ལ་ཕྱིན་པ་ཡིན་ནོ། །ཆོས་ཀྱི་རྒྱལ་པོའི་མདོ་ལས། སེམས་གཅིག་སྟེ་གཉིས་སུ་མེད་པར་ཤེས་ན། དཔེར་ན་མེ་ལོང་གི་སྟེང་དུ་ལོ་སྟོང་གི་རྡུལ་ཆགས་པ་དེ་ཕྱིས་ན་རྡུལ་དེ་མེད་པ་དང་མཚུངས་སོ། །ཁང་སྟོང་གི་མུན་པ་ལོ་སྟོང་ལོན་པ་མང་།།།། མར་མེ་གཅིག་སྒྲོན་པས་མུན་པ་སེམ་བ་བཞིན། སེམས་ཅན་རྣམས་ངོ་བོ་ཉིད་མེད་པས། ཡང་དག་བདེན་པ་གང་གིས་ཤེས་པ་ཡིས། བསྐལ་པ་གྲངས་མེད་རྣམས་སུ་བསགས་པ་ཡི། སྡིག་སྒྲིབ་ཐམས་ཅད་སྐད་ཅིག་གཅིག་གིས་འདག ཆོས་འབྱུང་བ་མེད་པའི་མདོ་ལས། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ཙམ་གྱིས་ལས་ཀྱི་སྒྲིབ་པ་འདག་པར་འགྱུར། བཀའ་སྩལ་པ། གང་ཆོས་ཐམས་ཅད་ལ་བདག་མེད་ཅིང་རྣམ་པར་སྨིན་པ་མེད་པར་ཤེས་ནས་དེས་ལས་ཀྱི་སྒྲིབ་རྣམ་པར་དག་པ་ཐོབ་བོ། །བླ་མ་བསྟེན་པ་ནི། དཔལ་འབྱུང་བའི་མདོ་ལས། བྱང་ཆུབ་སེམས་དཔའི་ཡོན་ཏན་ནི་དགེ་བའི་བཤེས་གཉེན་ལས་འབྱུང་ངོ་། །དགེ་བའི་བཤེས་གཉེན་མགུ་བར་བྱས་ན་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ཐོབ་བོ། །རིན་པོ་ཆེ་ཕུང་པོའི་མདོ་ལས། བྱམས་པས་གསོལ་པ། དགེ་བའི་བཤེས་གཉེན་ཇི་ལྟ་བུ་ལ་བརྟག་པར་བགྱི། བཀའ་སྩལ་པ། དགེ་བའི་བཤེས་གཉེན་ནི་ཆོས་ཅི་དང་ཅི་སྟོན་པ་ཐམས་ཅད་ཆོས་ཀྱི་དབྱིངས་དོན་དམ་པའི་བདེན་པ་འབའ་ཞིག་ལ་བསྩམས་ཏེ་སྟོན་པར་བྱེད། གསལ་བར་བྱེད་པའི་དགེ་བའི་བཤེས་གཉེན་ལམ་དྲང་

(༡༡)པོར་འཁྲིད་པར་བྱེད་པ་ཡིན་ནོ། །གདམས་ངག་ཞུ་བ་ནི། གདམས་ངག་འབོགས་པའི་མདོ་ལས། ཤཱ་རིའི་བུས་གསོལ་པ། དགེ་སློང་རྣམས་ཀྱིས་གདམས་ངག་ཇི་ལྟ་བུར་ཞུ་ཞིང་ནན་ཏན་དུ་བགྱི། བཀའ་སྩལ་པ། དགེ་སློང་རྣམས་ཀྱི་མཚན་མ་དང་བཅས་པའི་ཐ་དད་སྐད་ཅིག་མ་གཅིག་ལ་བཏགས་ནས་འཕེལ་བ་རྣམས་ནི། བྱིས་པ་རྣམས་འཁྲི་པར་བྱེད་པ་ཡིན་ནོ། །ཆོས་ཐམས་ཅད་བདག་མེད་ཅིང་རང་བཞིན་གྱིས་འོད་གསལ་བ། དོན་དམ་པའི་གདམས་ངག་དེ་ལ་ལེགས་པར་ཞུ་ཞིང་ནན་ཏན་དུ་སྒྲུབ་པར་བྱའོ། །ཞུས་ནས་ཉམས་སུ་ལེན་པ་ལ། སྡོམ་ནི། དགོན་པ་དང་ནི་སྐྱོ་བ་དང་། །སྙིང་རྗེ་དང་ནི་སེམས་བསྐྱེད་དང་། །སྐྱབས་འགྲོ་དང་ནི་ཤོམ་ར་དང་། །ལྟ་བ་དང་ནི་སྒོམ་པ་དང་། །སྤྱོད་པ་དང་ནི་འབྲས་བུའོ། །དགོན་པ་བརྟེན་པ་ནི། ཆོས་བཞི་པའི་མདོ་ལས། རི་དགས་རྒྱལ་པོ་བཞིན་དུ་འཇིགས་སྤངས་ཏེ། །མཁས་པས་དགོན་པ་རྟག་ཏུ་བསྟེན་པར་བྱ། །ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་དགེ་བ་བཅུའི་ལམ་ལ་བཀོད་པ་བས། ཆོས་བདག་མེད་པ་ལ་མོས་པར་བྱས་ནས་དགོན་པའི་ཕྱོགས་སུ་གོམ་པ་བདུན་སྤོས་པ་བསོད་ནམས་ཆེའོ། །ལུས་དང་སྲོག་ལ་ལྟ་བ་རབ་སྤོངས་ལ། །སྟོང་པ་ཤིན་ཏུ་ཞི་བ་སྒོམ་པར་གྱིས། །ཟླ་བ་སྒྲོན་མའི་མདོ་ལས། སེམས་ཀྱི་རང་བཞིན་ཤེས་ན་ལུས་ཚོང་འདུས་སུ་གནས་ཀྱང་སེམས་དགོན་པ་ན་གནས་པ་ཡིན་ཏེ། ལུས་ཀྱི་དགོན་པ་ན་སེམས་ཀྱི་སངས་རྒྱས་བཞུགས་ཞེས་བྱའོ། །

(༡༢)སྐྱོ་བ་ནི་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུས་གསོལ་པ། བཅོམ་ལྡན་འདས་སྐྱོ་བ་ཇི་ལྟར་དུ་བསྐྱེད་པར་བགྱི། བཀའ་སྩལ་པ། གཞོན་ནུ་འཁོར་བ་འདི་ནི་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྐྱོ་བ་བསྐྱེད་པ་འདི་ནི་བྱིས་པའི་སྐྱོ་བ་ཞེས་བྱ། ཐ་མལ་པའི་སྐྱོ་བ་ཞེས་བྱའོ། འོ་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཁོར་བའི་ཆོས་འདི་ལ་བདག་མེད་པ་ལ་བདག་ཏུ་བཟུང་། མཚན་མ་དང་དངོས་པོ་ཅན་དུ་སེམས་ཅན་རྣམས་ཀྱིས་བཟུང་བས་འཁྲུལ་པའི་ལས་འདི་ལ། ཀྱེ་མ་ཡིད་དབྱུང་བར་བྱས་ལ་ནོར་ས་འགའ་ཞིག་ཡིན་ཏེ། ཡེ་ནས་རང་བཞིན་མེད་པར་ཤེས་པ་དེ་ནི་ཡང་དག་པའི་སྐྱོ་བ་ཞེས་བྱའོ། །སྙིང་རྗེ་ནི་ནམ་མཁའ་འོད་ཀྱིས་མདོ་ལས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱིས་གསོལ་པ། བཅོམ་ལྡན་འདས་སྙིང་རྗེ་ཆེན་པོ་ཞེས་བགྱི་ཇི་ལྟར་བགྱི། བཀའ་སྩལ་པ། བདག་དང་སེམས་ཅན་སྙིང་རྗེ་གསུམ་དུ་དམིགས་པ་ནི་སྙིང་རྗེ་ཆུང་ངུ་ཡིན་ནོ། །བདག་མ་མཐོང་། སེམས་ཅན་མ་མཐོང་། སྙིང་རྗེ་མ་མཐོང་བར་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པ་དེ་ནི་སྙིང་རྗེ་ཆེན་པོ་ཞེས་བྱའོ། །སེམས་བསྐྱེད་པ་ནི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་མདོ་ལས། འོད་སྲུངས་ཀྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་མཆོག་ཏུ་སེམས་ཇི་ལྟར་བསྐྱེད་པར་བགྱི། བཀའ་སྩལ་པ། འོད་སྲུངས་ཆོས་ཐམས་ཅད་ནམ་མཁའ་ལྟར་མཚན་ཉིད་མེད་ཅིང་ཡེ་ནས་འོད་གསལ་ཞིང་རྣམ་པར་དག་པ་དེ་ནི་བྱང་ཆུབ་ཅེས་བྱའོ། །

(༡༣)དེ་དང་མཐུན་པའི་སེམས་སྔ་མ་ནི་མ་སྐྱེས་པའི་སེམས་རིན་པོ་ཆེ་སྐྱེད་པ་ལ་ནི་སེམས་བསྐྱེད་ཅེས་བྱའོ། སྐྱབས་སུ་འགྲོ་བ་ནི། དྲིན་ལས་བསབ་པའི་མདོ་ལས། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་དཀོན་མཆོག་གང་ལ་སྐྱབས་སུ་འགྲོ་བ་ལགས། བཀའ་སྩལ་པ། དམ་པའི་སངས་རྒྱས་ཆོས་ཀྱི་སྐུ་དང་། ཆོས་དང་། དོན་དམ་པའི་དགེ་འདུན་ལ་སྐྱབས་སུ་འགྲོ་བ་ཡིན། སངས་རྒྱས་གཟུགས་ཀྱི་སྐུ་དང་། བསྟན་པའི་ཆོས་དང་། ཀུན་རྫོབ་ཀྱི་དགེ་འདུན་ལ་ནི་མ་ཡིན་ནོ། །དེང་བན་།།།ས་ཆེན་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་གསོལ་པ། བྱང་ཆུབ་སེམས་དཔའ་ཡང་དག་པའི་ལམ་ལ་འཇུག་པ་རྣམས་ཀྱིས་ལམ་གྱི་ཤོར་།།།ར་ཇི་ལྟར་བགྱི། ལམ་གྱི་མི་མཐུན་པའི་ཕྱོགས་ཇི་ལྟར་འདུལ་བར་གྱི། བཀའ་སྩལ་པ། རིགས་ཀྱི་བུ་རྒྱལ་པོ་རྣམས་ནི་ཕ་རོལ་པོའི་རྒྱལ་པོ་དང་འཐབ་པའི་ཚེ། དམག་རྣམ་པ་བཞི་བསགས། གོ་ཆ་ནི་གོན། མཚོན་ནི་ཐོགས་ནས་དམག་དཔུངས་དྲངས་ཏེ་ཕ་རོལ་པའི་ལམ་དུ་ཞུགས་ནས་བསྐལ་པ་གྲངས་མེད་པ་རྣམས་སུ་ལམ་གྱི་བར་ཆད་འདུལ་བར་བྱེད་དོ། །དཔེར་ན་གྱད་སྟོབས་དང་ལྡན་པ་ནི། བྱ་བ་གཞན་གང་ལ་ཡང་མི་ལྟོས་པར་སེམས་རྣམ་པར་དག་པ་ལ་ཞུགས་ནས། ཤེས་རབ་ཀྱི་མཚོན་གྱིས་ཉོན་མོངས་པའི་དགྲ་བདག་ཏུ་འཛིན་པ་ཕམ་པར་བྱེད་དོ། །ལྟ་བ་ལ་སྡོམ་ནི། མ་རྟོགས་པ་དང་རྟོགས་ཐབས་དང་། །ལྟ་བ་དངོས་དང་དགོས་པ་བསྡུ།

(༡༤)དེ་རྣམས་ལྟ་བའི་སྤྱིས་སྡོམ་ཡིན། །མ་རྟོགས་པ་ལ་གཉིས་ཏེ། ལོག་ལྟ་ཅན་དང་། ཐེག་པ་འོག་མ་ལ་ཕྱོགས་རེ་རེ་ཙམ་ལས་མི་རྟོགས་པའོ། །ལོག་སྲེད་ཅན་གྱིས་མ་རྟོགས་པ་ནི། སངས་རྒྱས་སྙིང་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་ཡེ་ཤེས་རྟོགས་ཀྱིས་གསོལ་པ། བཅོམ་ལྡན་འདས་སངས་རྒྱས་ཀྱི་རང་བཞིན་གང་ཟག་གང་གིས་མི་རྟོགས་པ་ལགས། བཀའ་སྩལ་པ། ལོག་སྲེད་ཅན་ལ་འཇི་ལྟར་སྨྲས་ཀྱང་སངས་རྒྱས་ཀྱི་རང་བཞིན་མི་གོའོ། །ཡང་བུད་མེད་ཤིན་ཏུ་དབུལ་བ་ཞིག་གི་ཁྱིམ་ན། རིན་པོ་ཆེ་གསེར་གྱི་གཏེར་ཡོད་པ་མ་ཤེས་ནས་དབུལ་པོ་དེ་ལྟོགས་ནས་ཤི་བ་བཞིན་དུ། ལོག་སྲེད་ཅན་གྱི་གང་ཟག་གིས་ཀྱང་རང་གི་སེམས་ལ་སངས་རྒྱས་ཡོད་པར་མ་ཤེས་པས་འཁོར་བར་འཁྱམས་པ་ཡིན་ནོ། །ཐེག་པ་འོག་མ་ལས་ཕྱོགས་རེ་ཙམ་ལས་མི་རྟོགས་པ་ནི། སངས་རྒྱས་སྙིང་པོའི་མདོ་ལས། རྒྱལ་པོ་གཅིག་གིས་དམུས་ལོང་མང་པོ་བསགས་ནས་གླང་པོ་ཆེའི་གཟུགས་བསྟན་པས་དེ་རྣམས་ཀྱིས་གླང་ཆེའི་གར་རེག་པའི་ཕྱོགས་རེ་ལས་མ་རྟོགས་པའི་དཔེ་གསུངས་སོ། །རྟོགས་པའི་ཐབས་ནི། དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས། དཔེར་ན་དེ་བཞིན་གཤེགས་པའི་སྐུ་གཟུགས་རིན་པོ་ཆེ་ལས་བྱས་པ་རས་དྲི་མ་ཅན་གྱིས་བསྟུམ་སྟེ། བྲན་མོའི་རུམ་དུ་བཅུག་པ་ལས། རྗེ་བོས་བྲན་མོའི་རུམ་ནས་བཏོན་ནས། རས་དྲི་མ་ཅན་དེ་བོར་ནས། རང་གི་རིན་པོ་ཆེའི་སྐུ་གཟུགས་ལ། རང་གིས་ཀྱང་མཆོད་གནས་བྱས་ལ། གཞན་

(༡༥)གྱིས་ཀྱང་ཚོགས་བསག་པའི་རྟེན་དུ་འགྱུར་བ་དེ་བཞིན་དུ། དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཉི་འོད་གསལ་བ་དེ། ཉོན་མོངས་པ་རྣམ་རྟོག་གི་དྲི་མས་མ་གོས་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ལ་གནས་ཀྱང་མ་ཤེས་པ་ལ། རྗེ་བོ་དང་འདྲ་བའི་དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་བརྟེན་ནས། དེ་བཞིན་གཤེགས་པའི་སྙིང་པོ་དེ་རྟོགས་པར་བྱས་ནས་རང་ཡང་འཁོར་བ་ནས་ཐར་ལ། གཞན་ཡང་གྲོལ་བར་བྱེད་དོ། །ཡང་དཔེར་ན། གསེར་གྱི་མགར་བས་གསེར་གྱི་སེང་གེའི་གཟུགས་ལུགས་སུ་བླུག་པ་ལ། འདམ་མ་བཅག་བར་དུ་སེང་གེའི་གཟུགས་མི་མཐོང་ངོ་། །མགར་བས་འདམ་ཐོ་བས་བཅག་ནས་སེང་གེའི་གཟུགས་མཐོང་བ་བཞིན་དུ། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཡང་འདམ་དང་འདྲ་བའི་ཉོན་མོངས་པས་གཡོགས་ནས་གསེར་གྱི་སེང་གེ་དང་འདྲ་བ་དེ་བཞིན་གཤེགས་པའི་སྙིང་པོ་མི་མཐོང་ངོ་། །དེས་ན་མགར་བ་དང་འདྲ་བའི་བཤེས་གཉེན་གྱི་མན་ངག་ཐོ་བ་དང་འདྲ་བས་བཅག་ནས། འདམ་དང་འདྲ་བའི་ཉོན་མོངས་པ་བསལ་ནས་དེ་བཞིན་གཤེགས་པའི་སྙིང་པོ་གསེར་གྱི་སེང་གེ་འདྲ་བ་དེ་རྟོགས་པར་འགྱུར་རོ། སྡེ་སྣོད་རིན་པོ་ཆེ་བསྟན་པའི་མདོ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་འདོད་ན། དེ་བཞིན་གཤེགས་པའི་མདོ་སྡེ་དྲི་མ་མེད་པ་དང་། དེ་ལ་བརྟེན་པའི་དགེ་བའི་བཤེས་གཉེན་གྱི་མན་ངག་ལས་རྟོགས་པར་བྱའོ། ༈ །ལྟ་བ་དངོས་ལ་བཞི་སྟེ། སྣང་བ་སེམས་སུ་ཤེས་པ་དང་། སེམས་ཉིད་སྟོང་པར་ངེས་པ་

(༡༦)དང་། སྟོང་པ་གཉིས་མེད་དུ་ཤེས་པ་དང་། གཉིས་མེད་རང་གྲོལ་དུ་ཤེས་པའོ། སྣང་བ་སེམས་སུ་ཤེས་པ་ནི། བྱམས་པས་ཞུས་པའི་མདོ་ལས། བྱམས་པས་གསོལ་པ། ཕྱི་ཡུལ་ཇི་ལྟ་བུར་བལྟ་བར་བགྱི། བཀའ་སྩལ་པ། མི་རྟག་པ་དང་། མ་ངེས་པ་དང་། སྒྱུ་མ་ལྟ་བུ་ཡིན་ནོ། །ལང་ཀར་གཤེགས་པའི་མདོ་ལས། མེ་ལོང་ལ་ནི་གཟུགས་སྣང་ཡང་། །ཡིན་པ་མིན་པར་སྣང་བ་ལྟར། །སེམས་ཀྱིས་སྣང་བ་མི་ཤེས་པར། །རྣམ་པར་རྟོག་པ་རྣམ་གཉིས་སྐྱེ། རྣམ་རྟོག་བག་ཆགས་འབྲེལ་པ་ལས། སྣ་ཚོགས་སེམས་ལས་བྱུང་བ་སྟེ། །མི་རྣམས་ལ་ནི་ཕ་རོལ་སྣང་། །འཇིག་རྟེན་ཁམས་ནི་སེམས་ཙམ་མོ། །འཇམ་དཔལ་རྣམ་པར་རོལ་པའི་མདོ་ལས། ལྷའི་བུ་པདྨ་རྣམ་པར་རོལ་པས། འཇམ་དཔལ་ལ་སྨྲས་པ། ཕྱི་རོལ་གྱི་ཡུལ་འདི་རྣམས་བྱེད་པ་པོས་བྱས་སམ། ཇི་ལྟར་བལྟ་བར་བགྱི། འཇམ་དཔལ་གྱིས་སྨྲས་པ། ལྷའི་བུ་འདི་རྣམས་བྱེད་པ་པོས་བྱས་པ་མ་ཡིན་ཏེ། སེམས་རྟོག་པའི་བག་ཆགས་མཐུ་བརྟས་པའི་དབང་གིས་སྣང་བ་ཡིན་ནོ། །ལྷའི་བུས་སྨྲས་པ། བག་ཆགས་ཇི་ལྟར་བརྟས་ཀྱང་རི་བོ་དང་རྒྱ་མཚོ་དང་ཉི་ཟླ་ལ་སོགས་པ་སྲ་ཞིང་འཐས་པ་འདི་ལྟ་བུར་སྣང་དུ་ག་ལ་རུང་། འཇམ་དཔལ་གྱིས་སྨྲས་པ། རྣམ་པར་རྟོག་པ་འཐས་པའི་དབང་གིས་འདི་ལྟར་དུ་སྣང་བ་རུང་སྟེ། གྲོང་ཁྱེར་ཆེན་པོ་ཝ་ར་ཎ་སེར་བྲམ་ཟེ་གཅིག་གིས་རང་གི་ལུས་སྟག་རུ་བསྒོམས་པས། གྲོང་ཁྱེར་གྱི་མི་རྣམས་

(༡༧) ཐམས་ཅད་ཀྱིས་སྟག་དངོས་སུ་མཐོང་ནས། མི་ཐམས་ཅད་བྲོས་ནས་གྲོང་ཁྱེར་སྟོངས་པར་གྱུར་ཏོ། །དགེ་སློང་ཞིག་གིས་རང་གི་ལུས་མི་གཙང་བར་བསྒོམས་པས་ཐམ་ཅད་ཀྱིས་རུལ་བ་དང་བུམ་པར་མཐོང་བ་བྱུང་ངོ་། །དེ་རྣམས་ཀྱང་ཡུལ་དུ་དེ་ལྟར་སྣང་ངོ་། །ཐོག་མ་མེད་པ་ནས་བག་ཆགས་འཐས་པ་ཅིས་ཏེ་མི་སྣང་། ལྷའི་བུས་སྨྲས་པ། བག་ཆགས་འཐས་པ་དེ་ལྟར་སྣང་བ་ཅིའི་ཕྱིར་ཡིན། འཇམ་དཔལ་གྱིས་སྨྲས་པ། སྣང་བ་ཐམས་ཅད་མ་ངེས་པ་ཡིན་ཏེ། ལ་ལའི་སྣང་བ་ལ་ལའི་མུན་པ་ཡིན་ཏེ། མདོ་ཕལ་པོ་ཆེ་ལས། སེམས་ནི་རི་མོ་མཁན་དང་འདྲ། །སེམས་ཀྱི་ཕུང་པོ་བྱས་པ་སྟེ། །འཇིག་རྟེན་ཁམས་ནི་ཇི་སྙེད་པ། །དེ་ཉིད་ཐམས་ཅད་སེམས་ཀྱིས་བྲིས། །མདོ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་ཁམས་གསུམ་འདི་དག་ནི་སེམས་ཙམ་མོ། སེམས་སྟོང་པར་ཤེས་པ་ནི། བྱམས་པས་ཞུས་པའི་མདོ་ལས། ནང་གི་སེམས་ཇི་ལྟར་དུ་བལྟ་བར་གུག་གྱི་།།།བཀའ་སྩལ་པ། སེམས་ནི་དབྱིབས་མེད་པ། ཁ་དོག་མེད་པ། གནས་མེད་པ། ནམ་མཁའ་ལྟ་བུའོ། །སངས་རྒྱས་ཕལ་པོ་ཆེའི་མདོ་ལས། རྒྱལ་བའི་སྤྱོད་ཡུལ་འདི་ལ་གང་ཞིག་འཇུག་འདོད་ན། དེ་ནི་བསམ་པ་ནམས་མཁའ་ལྟ་བུར་རྣམ་པར་སྦྱོངས་སོ། །རྟོག་དང་རྣམ་པར་རྟོག་དང་འདུ་ཤེས་འཛིན་སྤོང་ལ། ནམ་མཁའ་ལྟ་བུའི་ཡིད་ཀྱིས་ཡིད་ལ་འཇུག་པར་གྱིས། ཆོས་ཀྱི་རྒྱལ་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱིས་

(༡༨)གསོལ་པ། སྙིགས་མའི་དུས་ན་སེམས་ཅན་རྣམས་ཀྱིས་མི་དགེ་བའི་ལས་ཁོ་ན་བགྱི། མདོ་སྡེ་བཅུ་གཉིས་སྤྱད་པའི་འབྲས་བུ་ནི་མང་། གཞུང་ནི་རྒྱ་ཆེ་བས་ཁོང་དུ་ཆུད་ཅིང་ཤེས་པ་ནི་དཀའ། ཐེག་པ་ཆེན་པོའི་ཆོས་ཡང་དག་པ་མདོ་སྡེའི་བདེན་པ་བཤད་དུ་གསོལ། བཀའ་སྩལ་པ། ངས་ཁྱོད་ལ་ཐེག་པ་ཆེན་པོའི་ཆོས་ཡང་དག་པ་བཀྲོལ་གྱིས་སྐྱེ་འཆི་ལས་འདས་པར་བྱེད་པའི་ཕྱིར་བཤད་དོ། །རིགས་ཀྱི་བུ་གྲོལ་བར་འདོད་ན། སེམས་གཉིས་མི་བསམ་པར་གཅིག་ཏུ་བསམ་མོ། །སེམས་ཀྱི་ངོ་བོ་ནི་སྟོང་པ་སྟེ། འགྲོ་བ་ཡང་མེད། འོང་བ་ཡང་མེད། བཏང་བ་ཡང་མེད། ཐོབ་པ་ཡང་མེད། འདི་ཡི་མིང་ནི་བྱང་ཆུབ་བོ། །གསོལ་པ། སེམས་ཀྱི་འདུ་ཤེས་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་ན། བླང་བ་དང་བཏང་བ་ཉིད་མེད་པ་ཅི་ལྟར་ལགས། བཀའ་སྩལ་པ། བསྟན་གཅིག་ཏུ་འདུས་པའི་ནང་དུ་ཞུགས་ལ། ནང་དུ་བལྟ་ཞིང་ནང་དུ་བརྟགས་ན་ཡང་དག་པའི་ངོ་བོ་ལ་སྐྱེ་བ་མེད་དོ། །རིགས་ཀྱི་བུ་སེམས་ཀྱི་མཁར་བུའི་དམ་དུ་བསྲུངས་ལ། ང་བདག་གི་རྐུན་མ་མ་ཞུགས་པར་བྱའོ། །དཀོན་ཅོག་བརྩེགས་པ་ལས། འོད་སྲུངས་མ་འོངས་པའི་དུས་ན་ཁྱིས་རྡོ་རྗེའི་སྙགས་པ་དང་མཚུངས་

(༡༩)པ་འབྱུང་ངོ་། ཇི་ལྟར་ཡིན་ཞེས་ན། ཁྱི་ནི་རྡོ་ལ་མ་འཇིགས་པ་ལ། རྡོ་དེ་ཉིད་ཀྱི་ཕྱིར་རྗེས་བསྙགས་པ་ལས། རྡོ་དེ་སུས་འཕངས་པ་ལ་མི་སྙག་གོ །འོད་སྲུངས་དེ་བཞིན་དུ། དགེ་སློང་ཁ་གཅིག་དང་། བྲམ་ཟེ་ཁ་ཅིག་གིས་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ལ་འཇིགས་ཤིང་སྐྲག་ནས་ནང་དུ་སོ་སོར་རྟོག་པ་ལ་མངོན་པར་མི་རྩོན་ཏེ། དེ་དག་གཟུགས་ལ་སོགས་པ་རྣམས་ཀྱི་ལས་བྱུང་ཞིང་ཁོང་དུ་མི་ཆུད་དོ། །གལ་ཏེ་དེ་དག་དགོན་པ་ལ་གནན་པ་ལ་འཆི་བའི་དུས་བྱས་ན་འཇིགས་རྟེན་པའི་སྡོམ་པ་ལ་གནས་པ་དེ་དག་མཐོ་རིས་གྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །འོད་སྲུངས་ཕྱི་མའི་དུས་ན་དགེ་སློང་རྣལ་འབྱོར་པ་ཁྱིས་རྡོ་རྗེས་བསྙགས་པ་མི་འདྲ་བ་ནི། དཔེར་ན་སེང་གེ་ལ་རྡོ་འཕངས་ན་རྡོ་དེ་གང་ནས་བྱུང་ཤེས་པས་རྡོ་རྗེས་མི་སྙགས་པར་མི་བསད་པས་ཕྱིས་རྡོ་མི་འབྱུང་ངོ་། །དེ་བཞིན་དུ་དགེ་སློང་རྣལ་འབྱོར་ལ་སྤྱོད་པས། ཕྱི་རོལ་འདོད་ཡོན་མཐོང་ན། དེ་སེམས་ལས་བྱུང་བར་ཤེས་ནས། སེམས་བརྟག་པས་དངོས་པོ་མེད་དེ་གྲོལ་བར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སེང་གེ་མི་ལ་ཟ་བ་ལྟར། །དགེ་སློང་རྣལ་འབྱོར་

(༢༠)སྤྱོད་པ་ཡང་། །ཕྱི་ཡི་འདོད་ཡོན་མཐོང་གྱུར་ན། །སེམས་ལས་བྱུང་བར་ཤེས་ནས་ནི། །སེམས་ཉིད་སྟོང་པར་ཤེས་པ་ཡིས། །དེས་ནི་རྣལ་འབྱོར་གྲོལ་བར་འགྱུར། །འོད་སྲུངས་འདི་ལྟ་སྟེ། ལྐོག་།།།ནད་ལྷ་གོར་གྱིས་ནི་སྲོག་གི་དབང་པོ་འགགས་པར་བྱེད་དོ། །དེ་བཞིན་དུ་ལྟ་བ་ཐམས་ཅད་ཀྱི་ནང་ནས་བདག་ཏུ་འཛིན་པས་ནི་ཆོས་ཀྱི་སྲོག་གི་དབང་པོ་འགགས་པར་བྱེད་དོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན། ལྷ་།།།གོར་གྱིས་ནི་སྲོག་གི་དབང་པོ་ལ། །གནོད་ཅིང་བདེ་བ་འབྱིན་པ་ཡིན། །དེ་བཞིན་དེ་ལྟར་ནང་ནས་བདག །དེས་ནི་ཆོས་སྲོག་འཇིག་པར་བྱེད། འོད་སྲུངས་འདི་ལྟ་སྟེ། དཔེར་ན་མེ་ནི་གང་དང་གང་དུ་བཅིངས་པ་དེ་ཉིད་ལ་གྲོལ་བར་བྱེད་པ་ཡིན་ནོ། །དེ་བཞིན་རྣལ་འབྱོར་པ་ཡི་སེམས། །གང་དང་གང་ལ་ཆགས་པ་དེ། །དེ་དང་དེ་ལ་གྲོལ་བྱེད་ཡིན། །མྱ་ངན་ལས་འདས་པའི་མདོ་ལས། རང་བཞིན་མེད་ཅིང་རྣམ་རིག་མེད། །ཀུན་བཞི་མེད་ཅིང་རྟོག་མེད་པ། །བྱིས་པ་ངན་པའི་རྟོག་གེ་བ། །རོ་དང་འདྲ་བའི་དེ་དག་བརྟགས། །སེམས་ཙམ་ལ་ནི་གནས་ནས་སུ། །ཕྱི་རོལ་དོན་ལ་མི་རྟོག་གོ །ཡང་དག་ཉིད་ལ་གནས་ནས་ནི། །ཕྱི་རོལ་དོན་ལས་འདའ་བར་བྱེད། །སྣང་མེད་གནས་པའི་རྣལ་འབྱོར་པ།

(༢༡)།དེ་ཡིས་ཐེག་པ་ཆེན་པོ་མཐོང་། བདག་མེད་མས་དྲིས་པའི་མདོ་ལས། བདེ་བ་བཟང་པོ་ཀུན་བསམས་ལ། །བྱང་ཆུབ་སེམས་དཔའི་འོད་གསལ་བ། །རྣལ་འབྱོར་པས་ནི་རྟག་ཏུ་སྒོམས། །དངོས་པོ་མེད་ཅིང་དམིགས་སུ་མེད། །ཐམས་ཅད་སྟོང་པ་གནས་མེད་པ། །སྤྲོས་པ་རྣམས་ལས་ཡང་དག་འདས། །བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན། །རིང་བ་མ་ཡིན་ཐུང་བ་མིན། །ཟླུམ་པོ་མ་ཡིན་གྲུ་གསུམ་མིན། །ཕྲ་བ་མ་ཡིན་སྦོམ་པ་མིན། བྱང་ཆུབ་སེམས་ཀྱི་མཚན་ཉིད་ཡིན། སྟོང་པ་གཉིས་མེད་དུ་ཤེས་པ་ནི། ཆོས་འབྱུང་བ་མེད་པའི་མདོ་ལས། བྱང་ཆུབ་སེམས་པའི་སེང་གེ་རྩལ་གྱིས་གསོལ་པ། ཐབས་མཁས་པའི་ཚིག་གང་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གསར་བུ་ཞུགས་པ་རྣམས་ཀྱིས་ཡུལ་མ་ལགས་པ་ཟབ་མོ་ལ་མོས་པ། ཚུལ་གཅིག་པའི་ཆོས་བཤད་དུ་གསོལ། བཀའ་སྩལ་པ། །འདོད་ཆགས་མི་དམིགས་དེ་བཞིན་ཞེ་སྡང་དང་། །གཏི་མུག་འདི་ལ་ནམ་ཡང་མི་དམིགས་ཏེ། །ཆོས་རྣམས་ཐམས་ཅད་ནམ་མཁའ་འདྲའོ་ཞེས། །དེ་ལྟར་གང་

(༢༢)ཤེས་དེ་ནི་རྒྱལ་བར་འགྱུར། །ལྷ་དང་ལྷ་མེད་གཉིས་ཀ་ཚུལ་གཅིག་སྟེ། །མཉམ་དང་མི་མཉམ་དེ་བཞིན་མཉམ་པ་ཉིད། །སངས་རྒྱས་མེད་ཅིང་ཆོས་དང་དགེ་འདུན་མེད། །དེ་ལྟར་སུས་ཤེས་དེ་ནི་མཁས་པ་ཡིན། །སེམས་ཀྱི་རང་བཞིན་བྱང་ཆུབ་ཉིད་དུ་གསུངས། །བྱང་ཆུབ་རང་བཞིན་སེམས་ཅན་ཐམས་ཅད་དེ། །སེམས་ཅན་རྣམས་དང་བྱང་ཆུབ་གཉིས་མ་ཡིན། །དེ་ལྟར་ཤེས་ན་སྐྱེས་བུ་མཆོག་ཏུ་འགྱུར། མྱ་ངན་འདས་མདོ་ལས། །བྱང་ཆུབ་སེམས་དཔའི་སེང་གེ་སྒྲས་གསོལ་པ། སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་གང་ལ་བགྱི། བཀའ་སྩལ་པ། རིགས་ཀྱི་བུ་ལེགས་པར་ཉོན་པ་ཡིད་ལ་གཟུང་ཞིག །སངས་རྒྱས་ཀྱི་རང་བཞིན་ཞེས་བྱ་བ་ནི། སངས་རྒྱས་ཀྱི་རང་བཞིན་དོན་དམ་པ་སྟོང་པའོ། །དོན་དམ་པ་སྟོང་པ་ཉིད་ནི་ཡེ་ཤེས་སོ། །དེ་སྟོང་པ་ཞེས་བྱ་བ་ནི་སྟོང་དང་མི་སྟོང་པ་གཉིས་ཀ་མི་དམིགས་སོ། །སངས་རྒྱས་ཀྱི་རང་བཞིན་ནི། ལམ་དབུ་མ་མཐའ་གཉིས་དང་བྲལ་བར་རིག་པར་བྱའོ། །མཉམ་པ་ཉིད་ནི། །རྟག་པ་མ་ཡིན་པ་གང་ཞེ་ན། རྐྱེན་ལས་མཐོང་བར་འགྱུར་བའོ། །ཆད་པ་མ་ཡིན་པ་གང་ཞེ་ན། མེད་པར་ལྟ་བ་དང་བྲལ་བའོ། །

(༢༣)ལམ་དབུ་མ་གང་ཞེ་ན། རྟག་པ་དང་ཆད་པ་མ་ཡིན་པའོ། དཔེར་ན་དུད་འགྲོ་ཁ་དོག་ཐ་དད་པ་ལས་འོ་མ་བཞོས་ནས་སྣོད་གཅིག་ཏུ་བླུགས་ན་ཁ་དོག་དཀར་པོ་མཐུན་པ་བཞིན་དུ། སངས་རྒྱས་ཐམས་ཅད་དང་། སེམས་ཅན་ཐམས་ཅད་དང་། ཐེགས་པ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་རང་བཞིན་དུ་མཐུན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཟག་པ་མེད་པར་མཐུན་པའི་ཕྱིར་རོ། །ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། །ཇི་ལྟར་ནམ་མཁའ་དངས་ལ་ཟླ་ཤར་བ། །དེ་ཡི་གཟུགས་བརྙན་དངས་པའི་མཚོར་སྣང་སྟེ། །ཟླ་བ་ཆུ་ཡི་ནང་དུ་འཕོས་པ་མེད། །ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས། །ཇི་ལྟར་མི་དག་བྲག་རིའི་རྩར་འདུག་སྟེ། །འབོད་དང་སྨྲ་དང་རྒོད་པ་དུ་མ་ལས། །བྲག་ཆ་ཐོས་ཀྱང་བདེན་པ་མེད་པ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་སོས་ཀའི་ཉི་མ་ཕྱེད་དུས་ཀྱི། །རི་དྭགས་སྐོམ་ནས་གདུངས་པས་འགྲོ་བ་ཡི། །སྨིག་སྒྱུ་དག་ལ་ཆུ་ཡི་ཕུང་པོར་མཐོང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །ཇི་ལྟར་

(༢༤)སྣང་ཡང་བདེན་པ་མེད་པ་ལྟར། །ཆོས་རྣམས་ཐམ་ཅད་དེ་བཞིན་ཤེས་པར་གྱིས། བྱིས་པ་འཇུག་པའི་མདོ་ལས། ཤཱ་རིའི་བུས་འཇམ་དཔལ་ལ་སྨྲས་པ། སྒྲོ་བཏགས་པ་ཞེས་ཇི་ཙམ་ལ་བྱ་བ་སྨྲས་པ། ཆོས་ཐམས་ཅད་སྟོང་པ་མཉམ་པ་ཉིད་ཡིན་པ་ལ། མི་མཉམ་པར་བཏགས་ནས་མེད་བཞིན་དུ་སྒྲོ་འདོགས་པར་བྱེད་དེ།།།། འདི་ནི་འཁོར་བའོ། །འདི་ནི་མྱ་ངན་ལས་འདས་པའོ། །ཞེས་པ་ལ་སོགས་པ་མི་མཉམ་པར་མཐོང་བའོ། །མཉམ་པ་ཉིད་ནི་རྟོག་པ་མེད་དོ། །གཉིས་མེད་རང་སར་གྲོལ་བ་ནི། ཆོས་ཉིད་མི་གཡོ་བའི་མདོ་ལས། ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པ། ངོ་བོ་ཉིད་ཀྱིས་མི་གནས་པ། ལས་དང་བྱ་བའི་མཐའ་ཐམས་ཅད་དང་བྲལ་previous hit རྟོག་པ་དང་མི་རྟོགཔའིཡུལ next hit་ལས་འདས་པ། དང་པོ་ནི་སྤྲོས་ཐམས་ཅད་ཀྱང་རྣམ་པར་དག་པའོ། །སངས་རྒྱས་འགྲོ་བའི་མདོ་ལས། །སངས་རྒྱས་འགྲོ་བ་གང་ཞེ་ན། །ཆོས་ཐམས་ཅད་ཀྱི་ཚུལ་ཡང་དག་པ་ཇི་ལྟ་བ་བཞིན་རྟོག་པའོ། །ཆོས་ཐམས་ཅད་ནི་གང་། ཚུལ་ནི་གང་རྟོག་པ་ནི་གང་ཞེ་ན། ཆོས་ཐམས་ཅད་ནི་གཅིག་པ་སྟེ། ཆོས་མ་སྐྱེས་པ་མ་བྱུང་བའོ། །ཚུལ་ནི་གང་ཞེ་ན། མི་སྐྱོ་བ་བདེན་པ་མེད་བཞིན། ཆོས་ཉིད་ཀྱི་དབྱིངས་ཐམས་ཅད་སྟོང་པ་ཉིད་ཀྱི་ཚུལ་ལོ། །ནན་ཏན་གང་ཞེ་ན། ཆོས་ཐམས་ཅད་ཀྱི་དབྱིངས་ལ་གནས་པའི་ཕྱིར་ཆོས་ལ་འཇུག་པའོ། །དེ་བཞིན་གཤེགས་པ་འགྲོ་བའི་མདོ་ལས། ཆོས་ཐམས་ཅད་ནི་མ་བྱུང་བ། མ་སྐྱེས་པ། རང་བཞིན་གྱིས་རྣམ་པར་དག་པ། བྱས་པའི་ཆོས་མ་ཡིན་པ།

(༢༥)གང་དང་གང་གིས་བྱས་པའི་ཆོས་ཐམས་ཅད་ནི་འདུས་བྱས་པ་ཡིན་ནོ། །འདུས་བྱས་ཐམས་ཅད་ནི་འཇིག་པ་ཡིན་ནོ། །དཀོན་མཆོག་བརྩེགས་པ་ལས། །རང་བཞིན་གྱིས་ནི་འདུས་མ་བྱས། །སྐྱེ་བ་མེད་ཅིང་འཇིག་པ་མེད། །དེ་ལ་གནས་པ་ཡོད་མ་ཡིན། །མཚན་ཉིད་གསུམ་ལས་རྣམ་པར་གྲོལ། ནམ་མཁའ་རིན་པོ་ཆེའི་མདོ་ལས། །ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་ལྟར། །རང་གི་རང་རིག་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། ༈ དགོས་པའི་རྐང་གྲངས་བསྡུས་པ་ལ་བཅུ་སྟེ། སྡོམ་ནི། །ཆད་ལྟ་འཁོར་བ་འཇུག་ལྡོག་དང་། །ཞེན་དང་ལས་དང་བསམ་པ་དང་། །སྤང་དང་ཚད་མ་དབུ་མ་དང་། །ཐོས་མང་དང་ནི་བཤད་གྲོལ་དང་། །དགོས་པ་བསྡུས་པའི་རྐང་གྲངས་ཡིན། །གོང་དུ་བཤད་པའི་ལྟ་བ་དེས། ཆད་པར་ལྟ་བར་མི་འགྱུར་རམ་ཞེ་ན། དྲན་པ་ཉེ་བར་བཞག་པ་ལས། ཆད་པར་ལྟ་བ་ནི་གཉིས་ཏེ། ཡོད་པ་མེད་པར་འདོད་པའི་ཆད་ལྟ་དང་། མེད་པ་ཡོད་པར་འདོད་པའི་ཆད་ལྟའོ། །ཡོད་པ་མེད་པར་འདོད་པའི་ཆད་ལྟ་ནི། མཆོད་སྦྱིན་མེད། ལས་དང་ལས་ཀྱི་རྣམ་པར་སྨིན་པ་མེད། སྐྱེ་བ་སྔ་མ་ཕྱི་མ་མེད་པར་འདོད་ཅིང་ཐམས་ཅད་དབང་ཕྱུག་གི་བྱེད་པ་པོས་བྱས་པར་འདོད་དོ། །སའི་སྙིང་པོ་འཁོར་ལོ་

(༢༦)ས་བཅུ་པ་ལས། ལས་ཀྱི་རྒྱུ་འབྲས་མེད་འདོད་པ། དེ་ནི་མུ་སྟེགས་ཆད་པར་ལྟ་བ་ཡིན། ཤི་མ་ཐག་ཏུ་མནར་མེད་དམྱལ་བར་སྐྱེ། དེས་ནི་རང་འཕུང་གཞན་ཡང་བརླག་པར་བྱེད། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཆད་པར་ལྟ་བ་གང་། ཀུན་རྫོབ་ཙམ་དུ་ཡང་ལས་དང་ལས་ཀྱི་རྣམ་པར་སྨིན་པའི་རྒྱུ་འབྲས་མེད་པར་འདོད་པའོ། །རྟ་སྐད་བྱང་ཆུབ་སེམས་དཔའ་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ཆོས་ཐམས་ཅད་སྟོང་པ་ཉིད་ལགས་ན་ཆད་པ་ལྟ་བར་མི་འགྱུར་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་ཆད་པར་ལྟ་བ་ནི་རྒྱུ་མཚན་གསུམ་གྱིས་ཆད་པར་ལྟ་བར་འགྱུར་ཏེ། ལས་རྒྱུ་འབྲས་ཀུན་རྫོབ་ཙམ་དུ་ཡང་ཡོད་པ་འགགས་པ་དང་། མེད་པའི་ཕྱོགས་འགའ་ཞིག་ལ་ཞེན་པ་དང་། ཟབ་མོའི་ཆོས་ལ་དོན་མ་རྟོགས་པར་ཚིག་ཏུ་ཞེན་པའོ། །གསོལ་བ། འོ་ན་ཆད་པར་ལྟ་བ་ཇི་ལྟར་སེལ་པ་ལེགས། བཀའ་སྩལ་པ། ཀུན་རྫོབ་ཙམ་དུ་ལས་དང་ལས་ཀྱི་རྣམ་པར་སྨིན་པ་མི་བསླུ་བ་དང་། དོན་དམ་པར་ཡོད་པའི་དངོས་པོར་ཡང་མ་གྲུབ་པ། ཟབ་མོའི་དོན་སེམས་རང་བཞིན་གྱིས་སྐྱེ་འགགས་ལེགས་།།།པ། རང་བཞིན་གྱིས་འོད་གསལ་ཉམས་སུ་མྱོང་བ་ལ་སོགས་པའོ། །ནོར་བུ་ཕྲེང་བའི་མདོ་ལས། བྱང་ཆུབ་སེམས་དཔའ་རིང་ཆེན་སྙིང་པོས་གསོལ་བ། སྟོང་པ་ཁོ་ན་ལ་ཞེན་པས་ཆད་ལྟ་བར་མི་འགྱུར་ལགས་སམ། བཀའ་སྩལ་པ། དཔེར་ན་རྨི་ལམ་གྱིས་གྲོང་ཁྱེར་ཡེ་ནས་མེད་པ་

(༢༧)ལ། ཞིག་ནས་མེད་བྱ་བ་ལྟ་ག་ལ་ཡོད། དེ་བཞིན་དུ་ཆད་པར་འཛིན་པའི་སེམས་ཡེ་ནས་དངོས་པོ་མེད་པ་ཡིན་པས། དེས་མེད་པར་བཟུང་བའི་ཆད་པར་ལྟ་བ་ག་ལ་ཡོད། གོང་དུ་བཤད་པ་ལྟར་ཆོས་ཐམས་ཅད་ཡེ་ནས་སྟོང་བ་ཡིན། འཁོར་བར་འཇུག་ལྡོག་མེད་དམ་སྙམ་ན། ས་ལུ་ལྗངས་པའི་མདོ་ལས། དགེ་སློང་དག་སུ་རྟེན་ཅིང་འབྲེལ་བར་མཐོང་བ་དེས་ཆོས་མཐོང་ངོ་། །ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་། །རྟེན་ཅིང་འབྲེལ་པར་འབྱུང་བ་ནི། འདི་ཡོད་པས་འདི་འབྱུང་ལ། འདི་ཡོད་ན་འདི་སྐྱེ་ལ། མ་རིག་པ་ནས་རྒ་ཤིའི་བར་དུའོ། །དེ་ནི་རྟེན་འབྲེལ་ལོ། །ཆོས་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དེ། དེ་ཐུགས་སུ་ཆུད་པ་ནི་སངས་རྒྱས་སོ། །ཉི་མའི་སྙིང་པོའི་མདོ་ལས། བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོས་གསོལ་བ། འཁོར་བར་འཇུག་པ་དང་ནི་ལྡོག་པ་ལ་ཇི་ལྟར་ཤེས་པར་བགྱི། བཀའ་སྩལ་པ། གང་བདག་ཏུ་འཛིན་པ་ནི་འཁོར་བར་འཇུག་ལ། བདག་མེད་པར་ཤེས་པ་ནི་འཁོར་བ་ལས་སྡོག་གོ །སྟོང་ཉིད་ཁོ་ན་ལ་ཞེན་པ་དེ་ཡང་དག་པའི་ལྟ་བ་ཡིན་ནམ་སྙམ་ན། འོད་སྲུངས་ཀྱིས་ཞུས་པའི་མདོ་ལས། འོད་སྲུང་གང་བདག་ཏུ་འཛིན་པ་རི་རབ་ཙམ་ནི་སླ་ཡིས། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། དེ་ཅིའི་ཕྱིར་ཞེ་ན། ལྟ་བར་གྱུར་པ་ཐམས་ཅད་ལས་ངེས་

(༢༨)པར་འབྱིན་པ་ནི་སྟོང་པ་ཉིད་ཡིན་ན། སྟོང་ཉིད་ཁོ་ན་ལ་ཞེན་པ་ནི་གསོར་མི་རུང་ངོ་། །ཞེས་བཤད་དོ། །དཔེར་ན་སྨན་པས་ནད་བསལ་བའི་ཕྱིར་ཀླུ་སྨན་བཏབ་པ་ལས་ནད་ཐམས་ཅད་སྐྱོད་ནས་བཀྲུ་བ་མ་བྱུང་ན། དེའི་ངང་ལས་ནད་ཚབས་ཆེ་བར་གྱུར་བ་བཞིན་ནོ། །སོ་སོར་རྟོགས་པས་ལྟ་བ་རྟོགས་ཀྱི། སོ་སོར་རྟོགས་པས་སྦོམ་པོ་ལངས་སམ་ཞེས་ན། དཀོན་མཆོག་བརྩེགས་པ་ལས། དཔེར་ན་ཤིང་གཉིས་རླུང་གིས་འདྲུད་པ་ལས། །མེ་བྱུང་བས་ནི་དེ་ཉིད་སྲེག་པར་བྱེད། །དེ་བཞིན་ཤེས་རབ་དབང་པོ་བསྐྱེད་ནས་ཀྱང་། །སོ་སོར་རྟོགས་པས་དེ་ཉིད་སྲེག་པར་བྱེད། །ཡེ་ཤེས་ཀྱིས་ཉོན་མོངས་པ་བསལ་ནས་ལྟ་བ་རྟོགས་སམ་ཞེས་།།།ན། འོད་སྲུངས་ཀྱིས་ཞུས་པའི་མདོ་ལས། དཔེར་ན་སྒྲོན་མེ་མུན་པ་མུན་ནག་ཀུན། །བསལ་བར་གྱུར་ཀྱང་འགྲོ་བ་འོང་བ་མེད། །དེ་བཞིན་ཤེས་འབྱུང་མི་ཤེས་མེད་གྱུར་ཀྱང་། །དེ་ནི་གང་ནས་འགྲོ་བའམ་འོང་བ་མེད། །སྒྲོན་མེས་མུན་པ་བསལ་སྙམ་མི་སེམས་ཀྱང་། །སྣང་བ་བྱུང་ནས་མུན་པ་མེད་པར་འགྱུར། །ངོས་བཟུང་མེད་ཅིང་ནམ་མཁའི་མེ་ཏོག་འདྲ། །ཉོན་མོངས་མ་སྤངས་པས་ལྟ་བ་རྟོགས་སམ་ཞེ་ན། དཀོན་མཆོག་བརྩེགས་པ་ལས། དཔེར་ན་བདུད་བཅས་མཚན་དང་བཅས་པ་ལ། །ས་བོན་སྐྱེ་ཡི་རབ་སྒོས་གདུང་རྣམས་

(༢༩)མིན། །དེ་བཞིན་ཉོན་མོངས་ལོག་ལྟ་སྐྱེ་བོ་ལ། །རྒྱལ་སྲས་རྣམས་ལ་རྒྱལ་བའི་ཆོས་རྣམས་སྐྱེ། །ཚད་མའི་རིག་པས་མ་བཙལ་བར་ལྟ་བ་མི་རྟོགས་སམ་ཞེ་ན། དགོངས་པ་ངེས་པར་འགྲེལ་བའི་མདོ་ལས། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས་གསོལ་བ། བདག་གི་དེ་བཞིན་གཤེགས་རྒྱུ་ཞིང་། །ཁམས་དྲེགས་ཅན་ཞེས་མཆིས་པའི་ཚེ། །མུ་སྟེགས་མང་པོ་ཐམས་ཅད་ཀྱིས། །དོན་དམ་མཚན་ཉིད་སེམས་པར་བགྱིད། །རྟོགས་བགྱིད་འཚལ་བགྱིད་མ་རྟོགས་ནས། །བློ་གྲོས་ངན་པར་རྩོད་འགྱུར་དག །གཅིག་གི་གཅིག་ལ་སྟོབས་ཀྱིས་གནོན། །གཞེར་།།།འདེབས་ཚར་གཅོད་དག་མཐོང་ནས། །ཀྱེ་མ་དེ་བཞིན་གཤེགས་པ་ཉིད། །དོན་དམ་རྟོག་གེ་ལས་འདས་སྟོན་ཏོ་སྙམ། །བཀའ་སྩལ་པ། ཆོས་འཕགས་བཞིན་རྟོག་གེ་ཐམས་ཅད་ལས་འདས་པ་མཚན་ཉིད་དུ་སངས་རྒྱས་སོ། །རྟོག་གེ་ཐམས་ཅད་ལས་ཡང་དག་པར་འདས་པའི་དོན་དམ་པ་ཡིན་ནོ། །previous hit རྟོག་གེ་ནི་མཚན་ཉིད་པའིཡུལ་ཡིན་ནོ། །དཔེར་ན་གང་ཟག་ཚ་ ་དང་མངར་བའི་རོ་བརྟེན་པ་ནི། སྦྲང་རྩི་ཀ་རའི་རོ་ལ་ཁ་བའམ་ཚ་བའི་རོ་ལ་དཔག་པར་མི་ནུས་སོ། །དེ་བཞིན་དུ་ཡུན་རིང་པོ་ནས་སྨྲ་བ་ལ་གོམས་པ་ནི་གང་གིས་མི་སྨྲ། འཕགས་པའི་