(༡)ཉི་མ་ཆེན་མོའི། ལྡེ་མིག་ཐོ་རང་སྐར་ཆེན་ཞེས། །བྱ་བ་བཞུགས་སོ། །གཞི་ལམ་འབྲས་གསུམ་རྣམ་བཞག་འདིར། ༈། གཞི་ནི་རྣམ་པ་གཉིས་བཤད་དེ། །ངོ་བོའི་གཞི་དང་རྟགས་པའི་གཞི། ༈། དང་པོ་བདེ་གཤེགས་སྙིང་པོ་སྟེ། །གཉིས་པ་བློ་བུར་དྲི་མའོ། ༈། ལམ་ནི་འཇིག་རྟེན་འཇིག་རྟེན་འདས། །འཇིག་རྟེན་པ་ཡི་ལམ་ལ་ནི། །འཇིག་རྟེན་མི་ཆོས་བཅུ་དྲུག་དང་། །བསམ་གཏན་གཉུགས་མེད་ཏིང་འཛིན་བཤད། ༈། འཇིག་རྟེན་འདས་པའི་ལམ་དག་ལ། །སྡོམ་པ་གསུམ་དང་གྲུབ་མཐའ་བཞི། །ཐེག་དགུའི་འགག་དྲུག་ཚངས་པར་བཤད། ༈། འབྲས་བུ་རྒྱུ་དང་ཡེ་ཤེས་དང་། །ཡོན་ཏན་ཕྲིན་ལས་བཅས་པ་རྣམ་ཤེས། ༈ རྨོངས་པ་བདག་གིས་རྟོགས་མིན་ཀྱང་། །མཁས་གྲུབ་དུ་མའི་གཞུངས་ལས་བླངས། ༈། འགལ་ན་བླ་མ་མཁའ་འགྲོར་བཤགས། །གྲགས་འདོད་དབང་གིས་མ་ཡིན་ཏེ། །རྨོང་པ་རང་གི་དོན་དུ་བྲིས། །མཁས་རྣམས་ཐུགས་དགོངས་མི་ཁྲེལ་ཞུ། ༈། རྨོངས་པ་ཤེས་འདོད་འགར་ཕན་སྲིད། ༈། གཞན་དུ་དེང་སོང་ཕལ་ཆེར་ལ། །བསྟན་བཅོས་པུ་ཏི་འདི་ཀ་ལས། །རྩ་ཐོར་གཅིག་ནི་འདམ་པར་བྱེད། །འོན་ཀྱང་ཀུན་ལ་ཕན་ཐོག་ཤོག།
(༡)གཞི་ལམ་འབྲས་གསུམ་གྱི་ཆོས་ཀྱི་རྣམ་བཞག་བསྟན་པ་རྒྱ་མཚོའི་སྤྱི་གཞུང་ཉི་མ་ཆེན་མོ་ཞེས་བྱ་བ་བཞུགས་སོ། །
(༢)རྒྱལ་བ་ཐམས་ཅད་ཀྱིས་ཁྱབ་བདག་དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། ཀརྨ་འཇམ་དབྱངས་རྣམ་རྒྱལ་ལ་ཕྱག་འཚལ་ལོ། །མཆོག་གསུམ་རྩ་གསུམ་རྒྱལ་མཚོའི་ཚོགས། །ཀུན་འདུས་ཀུན་བདག་བླ་མ་མཆོག། རང་སེམས་བདེ་གཤེགས་སྙིང་པོ་དང་། །དབྱེར་མེད་ངང་དུ་ཕྱག་འཚལ་ལོ། ། འཁོར་འདས་སྐྱོན་ཡོན་སྡུག་བདེའི་ཚོགས། །རྨོང་དང་མ་རྨོང་རྒྱུ་ལས་ཏེ། །ཤེས་རབ་སྣང་བ་རབ་རྒྱས་ཕྱིར། །ཉི་མ་ཆེན་མོ་འདི་བརྩམ་མོ། ༈ དེའང་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ནི་རྒྱུ་དང་གྲངས་དང་དཔེའི་སྒོ་ནས་ཤིན་ཏུ་ཐོབ་དཀའ་ཚུལ་ཁྲིད་ཡིག་རྣམས་ལས་རྒྱས་པར་འབྱུང་བཞིན་ཐོབ་པ་འདི་ལྟ་བུའི་ལུས་རྟེན་འདིའང་། དེ་ལ་དལ་འབྱོར་ཞེས་པའི་དལ་བ་བརྒྱད་ནི་མི་ཁམས། གནས་བརྒྱད་དུ་སྐྱེ་བ་མིན་པས་དལ་བ་སྟེ། མི་ཁམས་གནས་བརྒྱད་ནི། མཚན་བརྗོད་ཀྱི་འགྲེལ་ལས་
(༣)དམྱལ་བ་ཡི་དྭགས་ཕྱོལ་སོང་། དབང་པོ་མ་ཚང་བ། ལྟ་བ་ལོག་པར།།། ཡུལ་མཐའ་ཁོབ་རུ་རྒྱུ་སྐྱེ་བ། ལྷ་ཚེ་རིང་པོར་སྐྱེ་བ། སངས་རྒྱས་མི་བཞུགས་པའི་ཞིང་དང་བརྒྱད་བཤད། ཡང་ན་ཆོས་མངོན་པ་ནས། དམྱལ་བ་ཡི་དྭགས་དུ་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུགས་པ་འདི་དག་མི་ཁམས་བརྒྱད། །ཅེས་པའོ། ༈། འབྱོར་ས་བཅུ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་རང་འབྱོར་ལྔ་དང་། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འཇུག། གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་གཞན་འབྱོར་ལྔ་དང་བཅུའོ། །མཆན། ད་ལྟར་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་དང་བཅས་པའི་རྒྱལ་བ་སྐུ་གསུམ་གྱི་བསྟན་པ་ཐེག་པ་དགུའི་ཆོས་དར་ཞིང་རྒྱས་པའི་སྐབས་འདིར། འཁོར་བ་ལས་ངེས་པར་འབྱུང་འདོད་ཀྱི་
(༤)བློ་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་དུ་ཐོབ་འདོད་ཀྱི་བློ་ཤིན་ཏུ་གལ་ཆེ་ལ། དེ་ལྟར་བུའི་བློ་ཅན་གྱིས་རྒྱལ་བའི་བསྟན་པ་མཐའ་དག་ལ་འཇུག་དགོས་ལ། དེ་ལ་ཤེས་རབ་གསུམ་གྱིས་རིམ་པར་འཇུག་དགོས་པ་ལ། འགའ་ཞིག་གིས་ཤེས་རབ་ཕྱོགས་རེར་ཞེན་པ་བྱེད་ཀྱང་། གསུམ་ཀ་ཚང་དགོས་ཏེ། བཙུན་པ་ཆོས་ལ་གནས་པའི་དགེ་སློང་ཞེས་བྱ་བའི་མདོ་ལས། སྒོམ་པ་ལ་མ་བརྟན་པར་ཐོས་པ་དང་སེམས་པའི་སྦྱོར་བ་འབའ་ཞིག་གིས་ཀྱང་ཆོས་ལ་གནས་པ་མ་ཡིན་ལ། ཐོས་པ་དང་སེམས་པ་ལ་མ་བརྟེན་པར་བསྒོམ་པ་ལ་སྦྱོར་བ་འབའ་ཞིག་གིས་ཀྱང་ཆོས་ལ་གནས་པ་མ་ཡིན་གྱིས། གཉིས་ཀ་ལ་བརྟེན་ཏེ་གཉིས་ཀ་ལ་གནས་ན་ཆོས་ལ་གནས་པ་ཡིན་ནོ། །ཞེས་གསུངས་སོ། །མདོ་སྡེ་རྒྱན་ལས་ཀྱང་། དེ་ལྟར་རྣལ་འབྱོར་ཅན་གྱི་བསྒོམ་པ་གང་ཡིན། དེ་ཡང་དོན་མེད་མིན། དེ་ལྟར་བདེ་བར་གཤེགས་ཀྱི་བསྟན་པ་གང་ཡིན་དེ་ཡང་དོན་མེད་མིན། །གལ་ཏེ་ཐོས་པ་ཙམ་གྱིས་དོན་མཐོང་འགྱུར་ན་བསྒོམ་པ་དོན་མེད་འགྱུར། གལ་ཏེ་མ་ཐོས་པར་ཡང་བསྒོམ་པར་འཇུག་པར་གྱུར་ན།
(༥)བསྟན་པ་དོན་མེད་འགྱུར། །ཞེས་གསུངས་སོ། །རྗེ་རང་བྱུང་རྡོ་རྗེས་ཕྱག་ཆེན་སྨོན་ལམ་ལས་ཀྱང་། ལུང་རིགས་ཐོས་པས་མི་ཤེས་སྒྲིབ་ལས་གྲོལ། །མན་ངག་བསམ་པས་ཐེ་ཚོམ་མུན་ནག་བཅོམ། །བསྒོམ་བྱུང་འོད་ཀྱིས་གནས་ལུགས་ཇི་བཞིན་གསལ། །ཤེས་རབ་གསུམ་གྱི་སྣང་བ་རྒྱས་པར་ཤོག། ཅེས་སྨོན་ལམ་མཛད་དོ། །དེའང་རྗེ་རང་བྱུང་བའི་ཞལ་སྔ་ནས། །ཐོས་དང་བསམ་ལ་རབ་བརྟེན་ནས། །བསྒོམ་པའི་ཚུལ་ལ་སྦྱོར་བའི་ཕྱིར། །ཞེས་གསུངས་པས། བསྒོམ་པ་ལ་འཇུག་པའི་ཐོག་མར་ཐོས་བསམ་གལ་ཆེ་བ། དེ་ལའང་སྤྱིར་ནི་མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་གྱུར་ན། འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་ཐོབ་མི་འགྱུར། །དེ་ལྟར་བས་ན་གཞན་དག་ཚར་གཅད་རྗེས་བཟུང་དང་། །རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་བརྩོན་པར་བྱ། ། ཞེས་སོ། ༈། རིག་པའི་གནས་ལྔ་ནི། མདོ་སྡེ་རྒྱན་ལས། ནང་དང་གཏན་ཚིག་སྒྲ་རིག་དང་། །བཟོད་དང་གསོ་བ་རིག་པའོ། །ཞེས་གསུངས་པའི། །སྒྲ་ཚད་བཟོ་གསོ་བཞི་ནི་ཕྱི་ས་མུ་ཏེགས་པ་དང་ཐུན་མོངས་གི་རིག་པ་སྟེ། །ཐུན་མོང་གི་རིག་གནས་སམ། ཕྱིའི་རིག་
(༦)གནས་ཞེས་བྱ་ལས། སྒྲ་རིག་པ་ནི་ཚིག་དང་དོན་གྱི་ཐ་སྙད་ལེགས་པར་སྦྱར་བ་སྟེ། བྱ་ཀ་ར་ཎ་སོགས་སྡེ་བརྒྱད་ལ་བྱའོ། །གཏན་ཚིག་རིག་པ་ནི་ཚད་མ་སྟེ། མངོན་སུམ་དང་རྗེས་དཔག་གི་སྒོ་ནས་གཞལ་བྱ་ཕྱི་ནང་གི་ཆོས་ཐམས་ཅད་གཏན་ལ་འབེབས་པའི་ཚད་མ་སྡེ་བདུན་ལ་སོགས་པའོ། །བཟོ་རིག་པ་ནི། གཞན་གྱི་འདོད་པ་སྐོང་བའི་ཐབས་སྣ་ཚོགས་པ་སྟེ། གསེར་འགྱུར་གྱི་རྩི་ལ་སོགས་པའི་རིག་པ་རྣམས་སོ། །གསོ་བ་རིག་པ་ནི་གང་གི་དོན་དུ་གསོ་བ་ལུས་དང་། གང་གསོ་བ་ན་དང་། གང་གིས་གསོ་བ་གཉེན་པོ་དང་། ཇི་ལྟར་གསོ་བའི་ཐབས་རྣམས་ཤེས་པའི་སྒོ་ནས། མི་ན་བ་རང་བཞིན་དུ་གནས་པར་བྱེད་ཅིང་ན་བ་གསོ་ནས་ཚེ་རིང་བར་བྱེད་པ་སྟེ། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་དང་། གསོ་དཔྱད་འབུམ་སྡེ་དང་། །མདོ་ལྔ་དང་ཙ་ར་ཀ་སོགས་ཀྱི་བཀའ་དང་བསྟན་བཅོས་ཐམས་ཅད་དོ། ༈། ཡང་རིག་གནས་ཆུང་བ་ལྔ་ཞེས་པ། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས་པ་དང་། སྡེབ་སྦྱོར་ཤེས་ན་ཚིག་བཅད་ལ་མི་རྨོངས་པ་དང་། ཚིག་རྒྱན་ཤེས་ན་སྙན་ངག་ལ་མི་རྨོངས་པ་དང་། ཟློས་གར་ཤེས་ན་སྐད་ལ་མི་རྨོངས་པ་དང་། རྩིས་ཤེས་ན་གྲངས་
(༧)ལ་མི་རྨོངས་པ་དང་ལྔར་བཤད་པ་དེ་ལྔ་ནི་སྒྲ་རིག་པ་སོགས་རིག་གནས་ཆེ་བ་རྣམས་ཀྱི་ཡན་ལག་ཅི་རིགས་པར་འགྱུར་རོ། ༈། གཞན་ཡང་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་བརྟགས་པ་བཅོ་བརྒྱད་སོགས་དང་མི་བརྟགས་པ། རྟ་དང་གླང་བརྟགས་པ་པ་བརྟགས་པ་སོགས་རྩིས་ཀྱི་ཡན་ལག་སོགས་སུ་འགྱུར་བ་མང་ངོ། ༈། ནང་རིག་པ་ནི་སངས་རྒྱས་ཐོབ་པར་བྱེད་པའི་ཐབས་བཞི་ལམ་འབྲས་བུ་དང་བཅས་སྟོན་པར་བྱེད་པ་སྟེ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་བཀའ་དང་བསྟན་བཅོས་ཐམས་ཅད་ཀྱི་བསྡུས་པ་ཐམས་ཅད་སྟེ། འདི་ནི། ཐུན་མོང་མ་ཡིན་པ་རིག་པའི་གནས་ཆེན་ལྔ་ཡི་ཡ་གྱལ་ལོ། ༈། དེ་ལྟར་རིག་པའི་གནས་ལྔ་པོ་དེ་དག་ཀྱང་ཡན་ལག་གསུམ་དུ་འདུས་སྟེ། ནང་རིག་པ་ནི་རང་གིས་ཤེས་པར་བྱ་བའི་ཡན་ལག། བཟོ་གསོ་གཉིས་གཞན་རྗེས་སུ་བཟུང་བའི་ཡན་ལག། སྒྲ་ཚད་གཉིས་གཞན་མ་ཤེས་པ་ལོག་རྟོག་ཚར་གཅོད་པའི་ཡན་ལག་གོ །འགའ་ཞིག་གིས། མི་རྒན་གྱིས་ཤེས་བྱ་བསླབ་ནས་ཅི་བྱ་ཟེར་ཡང་། ལུགས་ཀྱི་བསྟན་བཅོས་ཤེས་རབ་ལྡོང་བུ་ལས། མཁས་པས་རིག་པ་རྣམ་ཀུན་ཏུ། །ན་ཚོད་ཡོལ་ཡང་བསླབ་པར་བྱ། །གལ་ཏེ་འདིར་འབྲས་
(༨)མི་སྟེར་ཡང་། །སྐྱེ་བ་གཞན་དུ་རྙེད་པར་སླ། །སྐྲ་དཀར་གཉེར་མ་ལྷག་དུས་སུའང་། ཐོས་པ་བསག་པར་བྱ་བ་སྟེ། །གང་དུ་ཐོས་མང་འགྲོ་གྱུར་པ། །དེར་ནི་ཕུང་པོ་འགྲོ་མི་འགྱུར། །ཞེས་གསུངས་པས། ཐུན་མོང་གི་རིག་གནས་རྣམས་ཀྱང་རྒྱ་ཆེར་བསླབ་ལོང་མེད་ཀྱང་། འབྲེལ་འཇོག་ཙམ་རེ་དང་། ཁྱད་པར་ནང་རིག་པ་ཐོས་བསམ་བསྒོམ་གསུམ་བྱ་བ་ཤིན་ཏུ་གལ་ཆེའོ། ༈། དེའི་ཕྱིར་ན་འདིར་ནི་ནང་རིག་པ་ལ་འཇུག་ཕྱིར་བསྟན་བཅོས་འདི་བརྩམ་མོ། ༈། དེའང་བཀའ་འཆད་ན་ཕུན་སུམ་ཚོགས་པ་ལྔས་འཆད་ལ། བསྟན་བཅོས་འཆད་པ་ལ་རྩིས་མགོ་རྣམ་པ་ལྔས་འཆད་པར་གསུངས་ཏེ། ༈། རྩིས་འགོ་ལྔ་ནི། སློབ་དཔོན་གང་གིས་མཛད། །ཕྱོགས་གར་གཏོགས། དོན་ཆད་གང་གི་དོན་དུ་མཛད། རྒྱུད་གང་ལས་བཏུས། མཚན་གང་ལས་གསོལ་པ་དང་ལྔའོ། ༈། འདིར་དེ་དག་དང་བསྟུན་སྟེ་འཆད་ན། ༈། ཐོག་མར་སློབ་དཔོན་གང་གིས་མཛད་སྙོམས་ན། འདི་ལྟར་བརྩམས་འོས་པའི་སྔོན་གྱི་སྐྱེས་ཐོབ་དང་ད་ལྟའི་སྦྱོར་བྱུང་གི་ཤེས་རབ་གསུམ་དང་ལྡན་པ་མིན་ཀྱང་། དུས་གསུམ་སྒྲིབ་མེད་ཀྱི་མངོན་ཤེས་མངའ་བ། འ། བྱམས་མགོན་སི་ཏུ་རིན་པོ་ཆེ་པདྨ་ཉིན་བྱེད་
(༩)ཀྱི་ཞལ་སྔ་ནས། ཀུན་མཁྱེན་ཇོ་ནང་པའི་རྣམ་འཕྲུལ་དུ་གསུངས་པ་དང་། ཡང་དེ་རྗེས་འཕགས་པ་འཇམ་དཔལ་གྱི་རྣམ་འཕྲུལ་དུ་འདུག་པས་ཀརྨ་འཇམ་དབྱངས་ཐོག་གསུངས་པ་དང་། ཡང་དེ་རྒྱབ། ཀརྨ་དགོན་དུ་བཀའ་འགྱུར་ལྗགས་ལུང་བཙལ་སྐབས་སྟོན་པའི་ཉན་ཐོས་ཆེན་པོ་འཕགས་པ་ཀ་ཏྱ་ནའི་རྣམ་འཕྲུལ་དུ་གསུངས་ཤིང་། འཇིག་རྟེན་དབང་ཕྱུག་བཅུ་བཞི་པ་ཆེན་པོའི་གཞུང་ལུགས་དུ་མ་གསན་སྦྱངས་མཛད་པའི་ཡོངས་འཛིན་དུ་གྱུར་པ། ཀརྨ་བསྟན་འཕེལ་དྲུང་ནས་ནང་རིག་པའི་གཞུང་ལུགས་གི་བསྟན་བཅོས་ཁ་ཤས་ཀྱི་བཤད་པ་ཐོས་པ་དང་། སྨིན་གྲོལ་དུ་མ་ཐོས་ཅིང་། གཞན་ཡང་དཔལ་ཀརྨ་པ་ཆེན་པོ་བཅུ་བཞི་པ་ཆེན་པོ་དང་། སྙིགས་དུས་འགྲོ་བའི་མགོན་པོ་སྤྲུལ་པའི་གཏེར་ཆེན་མཆོག་ཕྱུར་བདེ་ཆེན་གླིང་པ་ཡབ་སྲས་སོ་སོའི་དྲུང་དུ་ལོ་མོང་བསྡད་ཅིང་སྨིན་གྲོལ་དུ་མ་ཐོབ་པ་དང་། དེ་ལས་གཞན་ཡང་བླ་མ་དགེ་བཤེས་དུ་མ་ལས་ཐོས་པ་སྦྱངས་པའི་ཕྱིར་ན་བསྟན་བཅོས་འདི་བརྩམ་པ་ཡིན་ནོ། ༈། ཕྱོགས་གར་གཏོགས་ཞེ་ན། རྒྱལ་བ་སྐུ་གསུམ་གྱི་བསྟན་པ་རྒྱ་མཚོ་མདོ་རྒྱུད་བཀའ་གཏེར་གསར་སྙིང་ཐམས་ཅད་ལས་བཏུས་པའི་ཕྱིར་ན་ཐེག་པ་རིམ་དགུའི་སྤྱི་གཞུང་དུ་གཏོགས་སོ། །དོན་
(༡༠)ཆད་གང་གི་དོན་དུ་བརྩམ་ཞེ་ན། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པས་རྒྱལ་བའི་ཆོས་ཐེག་པ་ཆེ་ཆུང་མདོ་སྔགས་གསར་སྙིང་ཇི་སྙེད་པ་ལ་ཐོས་བསམ་གལ་ཆེ་བ། འོན་ཀྱང་དེ་དག་གི་བཀའ་དང་བསྟན་བཅོས་གཞུང་མཐའ་ཡས་ཕྱིར། དེ་ཐམས་ཅད་ནི་མིང་ཙམ་ཡང་རྫོགས་པར་ཤེས་དཀའ་ན་དེ་དག་ལ་ཐོས་བསམ་སུ་ཡིས་ནུས། དེའི་ཕྱིར་འདིར་ནི་དེ་དག་ཐམས་ཅད་བསྡུ་བར་མི་ནུས་ཀྱང་། ཐེག་པ་རིམ་པ་དགུ་ཡི་དམ་པའི་ཆོས་མཐའ་དག་གི་བརྗོད་བྱའི་དོན་ཇི་སྙེད་གསང་སྔགས་རྙིགས་མའི་དགོངས་བཞེད་ཀྱིས་འགག་དྲུག་ཏུ་བསྡུས་ཏེ་བསྟན་པའི་དགོངས་པ་བཞིན། འདིར་བཀའ་མདོ་རྒྱུད་གསར་སྙིང་ཐམས་ཅད་ཀྱི་དགོངས་པ་གཞི་ལམ་འབྲས་གསུམ། གྲུབ་མཐའ་བཞི། འགག་དྲུག་ཏུ་བསྡུས་ཏེ་བཤད་པ། འདི་མ་ཐོས་བསམ་དཔྱིས་ཕྱིན་པ་བྱས་ན། ཐེག་དགུའི་བསྟན་པ་ཇི་སྙེད་ཀྱི་འགག་དོན་ཤེས་པའི་དགོས་པ་དང་། གཞུང་མང་པོ་ལ་ཉན་བཤད་མི་ནུས་པ་རྣམས་དང་བྲི་བར་མི་ནུས་པ་རྣམས་ཉུང་ངུར་བསྡུས་པས་འཇུག་སླ་བ་དང་། འདི་ཤེས་པས། དེ་ནས་གཞུང་གཞན་གང་ལའང་འཇུག་སྒོ་ལྟ་བུ་ཡིན་པས། གཞུང་ཕྱོགས་རེ་ཙམ་མིན་པ་
(༡༡)ཐམས་ཅད་ཀྱི་ཕྱོགས་མཚོན་ཕྱིར་ཁྱབ་ཆེ་བས་མཁས་པ་ཆེན་པོའི་གྲལ་དུ་ཆུད་པའི་དགོས་པ་དང་། །དེ་ལྟར་མཁས་པར་གྱུར་ན། ལམ་རིམ་ཐམས་ཅད་ཉམས་སུ་ལེན་པ་ལ་མཁས་པའི་དགོས་པ་དང་། ལམ་ཉམས་ལེན་ལ་མཁས་པས། འབྲས་བུ་རྫོགས་པའི་སངས་རྒྱས་མྱུར་དུ་འཐོབ་པའི་མཁའ་མཉམ་འགྲོ་བ་མ་ལུས་པའི་དོན་འབད་མེད་དུ་འབྱུང་བའི་དགོས་པ་ཆེན་པོའི་དོན་དུའོ། ༈། རྒྱུད་གང་ལས་བཏུས་ཞེ་ན། རྒྱལ་བ་སྐུ་གསུམ་གྱི་བསྟན་པ་རྒྱ་མཚོ་མཐའ་དག་གི་དགོངས་པ་ཐམས་ཅད། རྒྱལ་བ་ཉིད་ཀྱིས་སྤྲུལ་པའི། ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། གྲུབ་ཐོབ་ཆེན་པོ་རྣམས་ཀྱིས་རང་རང་མདོ་རྒྱུད་རྣམས་ལས་བཏུས་པའི་བསྟན་བཅོས་འཕགས་ཡུལ་ནས། སྤྲུལ་པའི་ལོ་པཎ་མཁས་ཆེན་རྣམས་ཀྱི་བཀའ་དྲིན་གྱིས་བོད་ཀྱིས་སྐད་དུ་བསྒྱུར་བ་དང་། དེ་དག་གི་དགོངས་པ་བཅུད་དུ་དྲིལ་བ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། ཆོས་རྒྱལ་དྭགས་པོ་ལྷ་རྗེ་ཀུན་མཁྱེན་རང་བྱུང་རྡོ་རྗེ། སྨིན་གླིང་ལོ་ཆེན་སོགས་དང་། ཁྱད་པར་བཀའ་དྲིན་སུམ་ལྡན་མཁས་གྲུབ་ཆེན་པོ། །ཀརྨ་འཇམ་དབྱངས་རྣམ་རྒྱལ་གྱིས་གསུང་རྣམས་ལས་བཏུས་པའོ། ༈། མཚན་གང་
(༡༢)ལས་གསོལ་ཞེ་ན། དོན་དང་དཔེ་ཡི་སྒོ་ནས་བཏགས་ཏེ། དེའང་ཤེས་བྱ་རིག་པའི་གནས་ཆེན་ལྔའི་ཡ་གྱལ། ནང་དོན་རིག་པ་ལ་འཇུག་པ་ན། གང་ཤེས་པར་བྱ་བའི་གཞིའི་ཡུལ་ནི་གཞི་ལམ་འབྲས་གསུམ་མོ། །དེ་དག་ཤེས་པར་བྱེད་ཅིང་མངོན་དུ་བྱེད་པའི་ཐབས་ནི་གཞི་ལམ་འབྲས་གསུམ་གྱི། རྣམ་བཞག་རྒྱས་པར་བསྟན་པ་ནི་རྒྱལ་བ་སྐུ་གསུམ་གྱི་བསྟན་པ་རྒྱ་མཚོ་སྟེ་ཟབ་ཅིང་རྒྱ་ཆེ་བ་རྣམས་སོ། །དེ་དག་གསུམ་མམ་དྲུག་ཏུ་མདོར་བསྡུས་པས་ན་སྤྱི་གཞུང་ངམ། །བསྟན་པ་སྤྱི་ལ་ཁྱབ་པའི་གཞུང་ཡིན་ཕྱིར་ན་སྤྱི་གཞུང་ངོ། །ཉི་མ་ཆེན་པོ་དཔེས་བསྟན་པ་སྟེ། ཉི་མས་གླིང་བཞིའི་མུན་པ་ཕྱོགས་རེ་ནས་རེས་མོས་སུ་གསལ་བ་ཡིན་ལ། བསྟན་བཅོས་འདིས་ནི། ནང་གི་མི་ཤེས་པའི་མུན་པ་ཆེན་པོ་རིམ་གྱིས་སེལ་ཅིང་ཤེས་རབ་ཆེན་པོའི་སྣང་བ་ཇེ་ཆེར་རྒྱས་ཏེ། རང་དོན་མཐར་ཐུག་རྫོགས་སངས་རྒྱས་ཀྱི་སྣང་བ་ཆེན་པོ་ནུབ་པ་མེད་ཅིང་མཐའ་མེད་པས་མི་ཤེས་པའི་མུན་པ་ཇི་སྙེད། གཏན་དུ་བཅོམ་པ་བྱེད་པའི་རྒྱུ་ཡིན་པས་ན་ཉི་མ་ཆེན་མོ་ཞེས་དང་། གཞན་དོན་དུ་ཐུགས་རྗེ་ཕྲིན་ལས་འབད་པ་མེད་པ་འཁོར་བ་མ་སྟོང་བར་རྒྱུན་མི་ཆད་པའི་སྣང་བ་ཆེན་པོ་མཁའ་
(༡༣)མཉམ་འགྲོ་བ་ཀུན་ལ་ཁྱབ་བྱེད་པའི་རྒྱུ་ཡང་བསྟན་བཅོས་འདིས་ནུས་པའི་ཕྱིར་རོ། །ཡང་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱིས་རྣམ་བཤད་རིག་པ་ལས། བསྟན་བཅོས་བཤད་ཐབས་ཀྱི་ཡན་ལག་ལྔ་གསུངས་ཏེ། གང་ཞིག་བདག་ལས་བློ་དམན་ཞིང་། །མདོ་རྣམས་འཆད་འདོད་དེ་དག་ལ། །མན་ངག་ཅུང་ཞིག་སྦྱིན་པར་བྱ། །དགོས་པ་བསྡུས་པའི་དོན་དང་བཅས། །ཚིག་དོན་བཅས་དང་མཚམས་སྦྱོར་བཅས། །བརྒལ་ལེན་བཅས་ཏེ་བསྙད་པར་བྱ། །ཞེས་དང་། མདོ་དོན་ཆེ་བ་ཉིད་ཐོས་ནས། །ཉན་པ་ཆེན་པོ་དེ་གུས་བྱེད་པས། ཐོག་མར་དགོས་པ་བརྗོད་པར་བྱ། དེས་གྲུབ་དེ་ནི་བསྡུས་དོན་ལ། །གོ་རིམ་རིག་པ་སྔ་ཕྱི་དང་། །མི་འགལ་བ་ནི་གཉིས་ལས་སོ། །ཞེས་དགོས་པ་དང་། བསྡུས་དོན་དང་གཏན་ཚིག་གསུམ་རིམ་ཅན་དུ་བསྟན་ནས། རིག་པ་དང་མི་འགལ་བ་བརྒལ་ལེན་ནི་སྔ་ཕྱི་ཅི་རིགས་སུ་འཆད་པར་གསུངས་སོ། ༈། གཞན་ཡང་ཞར་བྱུང་དུ། །བསྟན་བཅོས་ཀྱི་སྒྲ་དོན་དང་། དབྱེ་བ་འཆད་ན། སྒྲ་དོན་ནི།། །ཞེས་པ་འཆོས་སྐྱོབས་དུ་
(༡༤)བསྒྱུར་བ། རྣམ་བཤད་རིག་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་བཅོམ་པ་དང་། །ངན་འགྲོའི་སྲིད་ལས་སྐྱོབ་པ་གང་ཡིན་པ། འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། གཉིས་པོ་འདི་དག་གཞན་གྱི་ལུགས་ལས་མེད། ༈བསྟན་བཅོས་ལ་དབྱེ་ན་ནམ་པ་དགུ་བཤད་དེ། དོན་མེད་པའི་བསྟན་བཅོས་དང་། །དོན་ལོག་པའི་བསྟན་བཅོས་དང་། དོན་དང་ལྡན་པའི་བསྟན་བཅོས་དང་གསུམ་དང་། ངན་གཡོའི་བསྟན་བཅོས་དང་། སྙིང་བརྩེ་མེད་པའི་བསྟན་བཅོས་དང་། སྡུག་བསྔལ་སེལ་སྤོང་གི་བསྟན་བཅོས་དང་གསུམ་དང་། ཐོས་པ་ལྷུར་ལེན་གྱི་བསྟན་བཅོས་དང་། རྩོད་པ་ལྷུར་ལེན་གྱི་བསྟན་བཅོས་དང་། སྒྲུབ་པ་ལྷུར་ལེན་གྱི་བསྟན་བཅོས་དང་གསུམ་སྟེ་དགུ་ལས། དོན་དང་ལྡན་པའི་དང་། །སྡུག་བསྔལ་སེལ་སྤོང་དང་། སྒྲུབ་པ་ལྷུར་ལེན་གྱི་བསྟན་བཅོས་དང་གསུམ་ནི་མཆོག་ཡིན་པ། གཞན་དྲུག་ནི་དམན་པ་མུ་ཏེགས་ཀྱི་བསྟན་བཅོས་སོགས་ཀྱི་རིགས་སོ། །བྱེ་བྲག་ཏུ། རྒྱ་ཆེ་སྡུད་པའི་བསྟན་བཅོས། ཟབ་མོ་འབྱེད་པའི་བསྟན་བཅོས། འཁྲུག་པ་སྡེབ་པའི་
(༡༥)བསྟན་བཅོས་དང་གསུམ་མོ། ༈། ད་ནི་གཞི་ལམ་འབྲས་གསུམ་ལས། ཐོག་མར་གཞིའི་རྣམ་བཞག་ནི། །རྗེ་རང་བྱུང་ཞབས་ཀྱི་ཟབ་མོ་ནང་དོན་ལས། རྒྱུ་ནི་སེམས་ཉིད་ཐོག་མེད་ལ། །རྒྱ་ཆད་ཕྱོགས་ལྷུང་མ་མཆིས་ཀྱང་། །དེ་ཉིད་མ་འགག་རོལ་པ་ལས། །ངོ་བོ་སྟོང་ལ་རང་བཞིན་གསལ། །རྣམ་པ་འགག་མེད་ཅིར་ཡང་འཆར། །ཞེས་གསུངས་པ། འདི་ནི་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཞེས་བྱ་བ་དེ་ཡིན། འདིར་སེམས་ཉིད་ཅེས་པ་ནི་ཐེག་པ་ཀུན་གྱི་སྤྱི་སྐད་དུ་གསུངས་ཀྱང་། །སེམས་ལ་དག་པའི་སེམས་དང་མ་དག་པའི་སེམས་གཉིས་ཡོད་པའི། མ་དག་པའི་སེམས་ནི་ཀུན་གཞིའི་རྣམ་པར་ཤེས་པ་སྦྱང་བྱའི་དྲི་མ་ལ་གསུངས་ཏེ། ལང་ཀར་གཤེགས་པ་ལས། ཀྱེ། རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་གསུངས་པ་ཡིན་པས་སྦྱང་བྱའི་སེམས་ཡིན་ནོ། །འདིར་སེམས་ཉིད་གསུངས་པ་ནི་དག་པའི་སེམས་བདེ་གཤེགས་སྙིང་པོ་དང་། ཆོས་ཀྱིས་དབྱིངས་སོགས་མིང་གི་རྣམ་གྲངས་མདོ་རྒྱུད་རྣམས་ནས་དུ་མར་གསུངས་པ་དེའོ། །འདི་ལ་ཀློང་གསལ་ལས། མ་གྲུབ་ཐོག་
(༡༦)མའི་གོང་དག་ནས། །དངོས་པོ་གཤིས་ཀྱི་འདུག་ཚུལ་ནི། །ངོ་བོ་སྟོང་ལ་རང་བཞིན་གསལ། །ཐུགས་རྗེ་ཀུན་ལ་སྣང་ནུས་པས༔བྱས་པ་མེད་པར་རང་གསལ་བ༔ཡེ་ཉིད་ནས་ནི་རང་བཞིན་གནས༔སྟོང་པའི་ངོས་ནས་རྟག་མཐའ་བྲལ༔གསལ་བའི་ངོས་ནས་ཆད་མཐའ་བྲལ༔གསལ་སྟོང་ངོས་ནས་འཛིན་ཆ་བྲལ༔ཐོག་མའི་ཀ་དག་གསལ་སྟོང་ཁྱབ༔། སུས་ཀྱང་བྱས་པ་མེད་པ་ཉིད༔དེ་ནི་ཐོག་མའི་སྤྱི་གཞིའོ༔ཞེས་པ་དང་། ༈གཞི་ཉིད་ལ་ནི་རྣམ་པ་གཉིས། ། ཤེས་བྱའི་གཞི་དང་གནས་ལུགས་གཞི༔ཞེས་གསུངས་པ་ལས། དང་པོ་ཤེས་བྱའི་གཞི་རྫོགས་ཆེན་པ་རྣམས་ལ་འདོད་ལུགས་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། །བསྡུ་ན་ཤེས་བྱའི་གཞི་བདུན་དུ་འདུས་ཏེ། དེ་ཡང་ཐལ་འགྱུར་ལས། བབ་ལས་གྲུབ་པའི་གནས་ལུགས་ནི། །གནས་པ་བདུན་གྱི་ཚུལ་ལས་ཡང་༔ སྣ་ཚོགས་ངོས་ནས་ལྷུན་གྱི་གྲུབ༔༡འགྱུ་ཚད་ཆ་ནས་ངེས་པ་མེད༔ ༢ སྣང་བའི་ཆ་ནས་ཅི་ཡང་བསྒྱུར༔ ༣ ཐམས་ཅད་འབྱུང་ཕྱིར་ཁས་ལེན་གཅེས༔ ༤ སྣང་ཚུལ་ཐ་དང་ཁྲོ་བོར་འདོད༔ འཁྲུལ་པ་དག་ཕྱིར་ཀ་དག་ལ༔
(༡༧)འདི་ལྟར་འདོད་པའི་བྱ་བྲག་ལས༔། རྫོགས་པ་ཆེན་པོ་ཅི་སྣང་ཕྱིར༔ཐ་དད་འདོད་ཕྱིར་གྲངས་མང་ཡང་༔ཞེས། ལྷུན་གྲུབ་ཏུ་འདོད་པ་དང་། དེ་བཞིན་དུ་མ་ངེས་པ་དང་། ངེས་པ་དང་། ཅིར་ཡར་བསྒྱུར་ཏུ་བཏུབ་པ་དང་༔ཅིར་ཡང་ཁས་བླང་དུ་བཏུབ་པ་དང་༔། སྣ་ཚོགས་སུ་འདོད་པ་དང་༔གཞི་ཀ་དག་ཏུ་འདོད་པའི་ལུགས་མི་འདྲ་བ་བདུན་ཡོད་པ་ལས༔སྔ་མ་དྲུག་ནི་གང་ཟག་གྲུབ་མཐའ་རྗེས་སུ་འཛིན་པའི་ལུགས་ཏེ། དེ་ནི་ཡུལ་མཐོང་མ་མྱོང་བར་རྣ་ཐོས་ཀྱི་ལོ་རྒྱུས་འཆད་པ་དང་འདྲ་ལ༔ལམ་རྗེས་སུ་འཛིན་པའི་གང་ཟག་གིས་ཤེས་བྱ་བློ་ཡི་སྤྲོས་པ་རྣམ་པར་བཅད་ནས༔གཞི་གནས་ལུགས་ཀྱི་ངོ་བོ་རྟོགས་པར་བྱ་བའི་ཕྱིར༔དེ་ཡང་འདི་སྐད་དུ༔འདི་ཀུན་བློ་ཡི་རིམ་པ་ལས༔རང་ངོ་ཀ་ནས་དག་པའོ༔ཞེས་འབྱུང་བས། གཞི་དྲུག་པོ་ངོ་བོ་ཀ་དག་གི་རྩལ་དུ་ཤེས་པར་བྱ་སྟེ༔དེ་ནི་ཡུལ་རྒྱུས་ཡོད་པས་ལོ་རྒྱུས་བསྙད་པ་དང་འདྲའོ༔སྔ་མ་དྲུག་ལ་བརྒལ་ལན་རྒྱས་པ་ནི་བླ་མ་དགོངས་འདུས་ཀྱི་རྒྱབ་ཆོས་སུ་གསལ་ལོ༔༈། ཀ་དག་གི་གནས་ལུགས་ནི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ༔མ་རིགས་པའི་སྐྱོན་གྱིས་མ་གོས་པ༔སྒྲིབ་གཡོག་ཐམས་ཅད་དང་བྲལ་བ་
(༡༨)སྟེ་ཀློང་དྲུག་པ་ལས་ཀྱང་༔སྤྲོས་བྲལ་ཆོས་ཉིད་ཀ་དག་ནི༔རང་ངོ་རྣམ་དག་སྙིང་པོའི་གཞི༔དེ་ལ་ཚིག་དང་ཡི་གེ་བྲལ༔བརྗོད་པས་གཏན་ལ་བབ་ཏུ་མེད༔སྒྲོ་འདོག་ཐ་སྙད་ཀུན་བྲལ་ཏེ༔གཟུང་དང་འཛིན་པའི་རྣམ་རྟོག་མེད༔སངས་རྒྱས་མེད་ཅིང་སེམས་ཅན་མེད༔ཆོས་མེད་ཆོས་ཀྱི་འདུ་ཤེས་མེད༔གང་མེད་ཅི་མེད་ཅི་ཡང་མེད༔དེ་ལྟར་མེད་པའི་སྙིང་པོ་ལ༔རེ་ཞིག་ཚིག་གིས་གཏན་ཕབ་ན༔ངོ་བོ་ཉིད་ལ་ཀ་དག་ལ༔རང་བཞིན་དུ་ནི་ལྷུན་གྲུབ་བོ༔ཞེས་གསུངས༔༈ཀ་དག་གི་མཚན་ཉིད་ནི། གཞི་དངོས་པོའི་གནས་ལུགས་ཀ་དག་ཡེ་ཤེས་གསུམ་གྱི་བདག་ཉིད་ཅན་དུ་གནས་ཏེ༔རང་ཤར་ལས༔ཀ་དག་ཆེན་པོའི་གཞི་ལས་ཀྱང་༔ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང་ལྡན༔ཞེས་དང་༔ཀློང་།། །གསལ་ལས༔རིག་པའི་རྩལ་ལས་ཡེ་ཤེས་གསུམ༔ངོ་བོ་སྟོང་པའི་ཡེ་ཤེས་དང་༔རང་བཞིན་གསལ་བའི་ཡེ་ཤེས་དང་༔། ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་སོ༔ཞེས་དང་༔༈ཡེ་ཤེས་གསུམ་གྱི་དོན་ནི༔ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ༔མ་རིག་ཞེས་བྱ་སྲིད་མིང་མེད༔གཅིག་དང་གཉིས་ཀྱི་གྲངས་མེད་པའོ༔བརྟག་པས་
(༡༩)ཡོད་མེད་གྲུབ་པ་མེད༔གང་དུའང་མ་ཕྱེད་ཆོས་ཉིད་ལས༔ཡེ་ཤེས་ཙམ་དུ་གྲུབ་པ་མེད༔ཚིག་མེད་བརྗོད་པར་གྲུབ་པ་མེད༔མཐའ་ལ་མི་གནས་རང་རིག་དག༔གཟུང་འཛིན་མིང་གི་མཐའ་ཟད་པའོ༔རྒྱུ་མེད་རྐྱེན་གྱི་གྲངས་མེད་ལས༔གཉིས་སྣང་ཡུལ་དང་ཡུལ་ཅན་མེད༔མཚན་ཉིད་གང་དུའང་དབྱེ་བ་མེད༔ཡུལ་ཅན་རག་པ་རང་ཟད་པའོ༔ཡེ་ནས་མེད་པ་དག་པས་དག༔འཁྲུལ་རྟོག་འགག་པས་ཅིར་མི་འཛིན༔མ་སྐྱེས་པས་ནི་འགས་སྟོང་ངོ་༔རང་བཞིན་ལྷུན་གྲུབ་ཡེ་ཤེས་ཞེས༔མི་སྐྱེ་མི་འགག་ཅིར་མི་དགོངས༔ཡུལ་དག་ངེས་པ་མེད་ཕྱིར་རོ༔རྩལ་དང་ཡོན་ཏན་འགག་མེད་པས༔རོལ་པ་ཙམ་དུ་སྣང་བ་ལ༔སྣ་ཚོགས་རྫོགས་པའི་གཞི་མའོ༔མེད་ཕྱིར་སྣང་ལ་སྣང་ཕྱིར་སྟོང་༔སྣང་སྟོང་འཇུག་པའི་ཡན་ལག་ཅན༔སངས་རྒྱས་སེམས་ཅན་དག་ཡུལ་ལོ༔འདི་ལྟར་གཞི་ཞེས་མངོན་པར་གནས༔རང་བཞིན་ཙམ་དུ་གནས་པ་ལ༔ངོ་བོའི་ཆ་ནས་བཏགས་པས་སྟོང་༔ཡན་ལག་སྤྲོས་ཕྱིར་མཁྱེན་པ་རྫོགས༔རང་གནས་ལྷུན་གྱི་གྲུབ་པའི་ཕྱིར༔འདི་ལ་འཁོར་འདས་གཉིས་མེད་པའོ༔ཐུགས་རྗེ་
(༢༠)ཀུན་ཁྱབ་ཡེ་ཤེས་ལས༔མི་མཛད་སྣ་ཚོགས་འཆར་བའི་སྒོ༔མཛད་པ་ལྟར་སྣང་ངོ་བོ་རྫོགས༔ཆོས་སྐུ་སྟོང་པའི་རང་བཞིན་ལས༔ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ༔ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆར༔དེ་མེད་འཁོར་འདས་སྡེ་ཆད་པས༔མཁྱེན་པ་རིག་ཅིང་གསལ་བའོ༔རང་རིག་གསལ་བའི་བདག་ཉིད་ལས༔རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉིད༔མ་འགག་འགག་པ་མེད་པའོ༔འབྱུང་བ་དག་པའི་ཆ་ལས་ནི༔ལས་སུ་མེད་ལ་གཅིག་རྫོགས་པའོ༔ཉི་མ་ལས་ནི་འོད་བཞིན་དུ༔ཅེས་གསུངས་སོ། མདོར་ན་ངོ་བོ་སྣང་སྟོང་དབྱེར་མེད༔རང་བཞིན་གསལ་སྟོང་དབྱེར་མེད༔ཐུགས་རྗེ་འཇུག།། །སྟོང་དབྱེར་མེད་དུ་བཞུགས་སོ༔༈། ཁྱད་པར་གནས་ལུགས་ཀྱི་གཞི་ལ་དབྱེ་བ་ནི༔ཀློང་གསལ་ལས༔གནས་ལུགས་གཞི་ལ་གསུམ་དུ་སྟོན༔ཐོག་མའི་གནས་ལུགས་སྤྱི་གཞི་དང་༔དེ་ལས་མ་རིག་འཁྲུལ་གཞི་དང་༔དེ་ཉིད་རྟོག་པའི་གྲོལ་གཞིའོ༔ཞེས་གསུམ་གྱི་དང་པོ། ཐོག་མའི་སྤྱི་གཞི་ལའང་། ཡེ་ཐོག་གཞིའི་གནས་ལུགས་དང་༔རང་རིག་པའི་གནས་ལུགས་གཉིས་བསྟོན་ནོ༔དང་པོ་ནི། སྤྱི་ཞེས་འཁོར་འདས་གང་དུའང་མ་ཕྱེ་བའི་གོང་
(༢༡)དུ། གཞི་གཤིས་ཀྱི་གནས་ལུགས་ཞེས་བྱ་བ། ཡེ་གདོད་མ་ནས་རང་བཞིན་གྱིས་སུས་ཀྱང་མ་བྱས་པ་གསལ་ཏེ༔ཀློང་གསལ་གྱི་ལུང་ཚིག་གིས་གོང་དུ་བཤད་ཟིན་ཏོ། ༈། གཉིས་པ་རང་གི་རིག་པའི་གནས་ལུགས་ནི། བླ་མ་དགོངས་འདུས་ཀྱི་རྒྱབ་ཆོས་ལས༔། རང་གི་རིག་པ་སྟོང་པ་འདི་ཆོས་སྐུའི་ཡེ་ཤེས༔རང་གི་རིག་པ་འོད་དང་སྐུར་གསལ་བ་འདི་ལོངས་སྐུའི་ཡེ་ཤེས༔རིག་པ་འགག་མེད་ཤར་གྲོལ་སྤྲུལ་སྐུའི་ཡེ་ཤེས་ཡིན༔དེ་ལྟར་ན་ཡེ་ཤེས་རང་གི་ངོ་བོར་གནས་པ་ལ་སྐུ་གསུམ་གྱི་ཚུལ་དུ་དབྱེར་མེད་དོ༔སྟོང་པ་ཆོས་སྐུ༔གསལ་བ་ལོངས་སྐུ༔ཐུགས་རྗེ་སྤྲུལ་སྐུ་གསུམ་དབྱེར་མེད་པའི་ཚུལ་ནི༔ངོ་བོ་སྣང་སྟོང་༔རང་བཞིན་གསལ་སྟོང་༔ཐུགས་རྗེ་རིག་སྟོང་དབྱེར་མེད་པའམ ངོ་བོ་རིག་སྟོང་༔རང་བཞིན་སྣང་སྟོང་༔། ཐུགས་རྗེ་གསལ་སྟོང་དབྱེར་མེད་པ་སྟེ། ལུང་ལས། ཐོག་མ་ཐ་མ་བར་གསུམ་དུ༔སྐུ་གསུམ་དབྱེ་བ་མེད་པ་རུ༔སེམས་ཅན་ཀུན་གྱི་རྒྱུད་ལ་གནས༔ཅེས་དང་། ཐལ་འགྱུར་ལས༔དེ་ཉིད་ཡེ་ཤེས་གནད་ལ་བསྟན་པ༔དང་པོ་གཞི་ལ་ཁྱབ་ཚུལ་ལ༔བར་དུ་ལམ་ལ་རྫོགས་པའོ༔ཐ་མ་གྲོལ་བའི་ལུས་ལ་ཁྱབ༔ལུས་
(༢༢)ཀྱི་དུས་ན་འདི་ལྟ་སྟེ༔འབྱུང་བ་འདུས་པའི་ཕུང་པོ་ཡིན༔ཙིཏྟ་རིན་ཆེན་གཞལ་ཡས་ན༔ངོ་བོ་ཀ་ནས་དག་པའི་ཆ༔སྟོང་གསལ་འདུས་པ་སྐུའི་མདངས༔ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ༔ལྷུན་གྲུབ་འོད་ཀྱི་གོང་བུར་གནས༔ཐུགས་རྗེ་ཁ་དོག་སོ་སོར་གསལ༔ཞེས་སོགས་གསུངས་སོ༔ཕྲ་བཀོད་ལས་ཀྱང་༔ནམ་མཁས་གར་ཁྱབ་སེམས་ཅན་ཏེ༔རིག་པའི་དོན་ཡང་དེ་ཙམ་མོ༔དེ་ཡང་མཐའ་ལ་ཐུག་མེད་དོ༔རང་གི་ངོ་བོ་གཅིག་ཏུ་གནས༔ངོ་བོ་དུས་གསུམ་འགྱུར་བ་མེད༔རང་བཞིན་རྟག་ཏུ་འགག་པ། མེད༔ཐུགས་རྗེ་ཀུན་ལ་སྣང་བའོ༔ཞེས་སོ༔༈མདོར་ན། ལུང་ལས། གཞིའི་ཆོས་ཐམས་ཅད་ངོ་བོ་རང་བཞིན་། ཐུགས་རྗེ་གསུམ་དུ་ཤེས་པར་གྱིས་ཤིག༔དེའང་ངོ་བོའི་ཆོས་ཐམས་ཅད་སྟོང་པར་ཤེས་པར་གྱིས་ཤིག༔རང་བཞིན་གྱི་ཆོས་ཐམས་ཅད་གསལ་བར་ཤེས་པར་གྱིས་ཤིག༔ཐུགས་རྗེའི་ཆོས་ཐམས་ཅད་ལ་ཁྱབ་པ་ཤེས་པར་གྱིས་ཤིག༔ཅེས་སོ། དེ་ལྟ་བུའི་ཡེ་ཤེས་གསུམ་པོ་དེ། ཡར་ཀུན་ཏུ་བཟང་པོ་དང་མར་འཇག་མའི་སྲིན་བུ་ཡན་ཆད་ལ་བཟང་ངན་དང་ཆེ་ཆུང་མཐོ་དམན་གྱི་དབྱེ་བ་མེད་པ་ཁྱབ་ཏེ། མུ་ཏིག་ཕྲེང་བ་ལས། ཡངས་ལ་ཁྱབ་པའི་སེམས་གཅིག་གོ༔ཞེས་དང་། སྙིང་
(༢༣)གི་མེ་ལོངས་ལས། སྐད་ཅིག་ཀུན་ལ་ཁྱབ་པའི་བདེ་གཤེགས་སྙིང་པོའི་སྐུ༔ཅེས་སོ༔དེ་ལྟར་འཁོར་འདས་གཉིས་སུ་མེད་པའི་གོང་རོལ་ནས༔གཞི་དངོས་པོ་གཤིས་ཀྱི་འདུག་ཚུལ་དེ་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་དུ་བཞུགས་པའོ༔༈གཉིས་པ་མ་རིག་འཁྲུལ་པའི་གཞི་ཇི་ལྟར་བྱུང་བ་ཡང་། ཟབ་མོ་ནང་དོན་ལས། དེ་ཉིད་རང་གི་རང་མ་རིག༔སོགས་གསུངས་པ། དགོངས་འདུས་ཀྱི་རྒྱབ་ཆོས་ལས། རང་ངོ་མ་རིག་པའི་ཚུལ་འདི་ལ་གསུམ། མ་རིག་པའི་རྒྱུ་གསུམ། རྐྱེན་གསུམ༔འབྲས་བུ་གསུམ་འགྱུར་ཏེ། དང་པོ་མ་རིག་པའི་རྒྱུ་གསུམ་ནི༔ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མོ༔ཀུན་ཏུ་བཟང་པོས་དགེ་བ་རྡུལ་ཙམ་མ་བྱས་ཀྱང་༔འདི་གསུམ་ཡེ་ནས་རང་རིག་པས་སངས་རྒྱས༔ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་རྡུལ་ཙམ་མ་བྱས་ཀྱང་༔འདི་གསུམ་མ་རིག་པས་འཁོར་བར་འཁྱམས་ཏེ༔དེ་ཡང་ངོ་བོ་སྟོང་པ་མ་རིག༔རང་བཞིན་གསལ་བ་མ་རིག༔ཐུགས་རྗེ་སྣང་སྟོང་དུ་མ་རིག་པས་འཁྱམས་པའོ༔༈འཁྲུལ་པའི་རྐྱེན་གསུམ་ནི༔རྒྱུའི་རྐྱེན༔དམིགས་པའི་རྐྱེན༔དེར་འཛིན་པའི་རྐྱེན་དང་གསུམ་མོ༔དེ་ཡང་གང་གིས་ཡེ་ཤེས་
(༢༤)འཁྲུལ་པའི་རྒྱུ་རྐྱེན་མེད་ཀྱང་༔དེ་མ་རིག་པའི་རྐྱེན་གྱིས་འཁྲུལ་ཏེདཔེར་ན་ཉི་མ་ལ་མུན་པའི་གཞི་དང་རྒྱུ་མེད་ཀྱང་བར་དུ་ཕྲིན་གྱིས་སྒྲིབ་པ་བཞིན་ནོ༔དེ་ལ་དང་པོ་རྒྱུའི་རྐྱེན་ཞེས༔ངོ་བོ་སྟོང་པ་གསལ་ཆ་ཡེ་ཤེས་ཀྱི་རང་མདོངས༔འོད་འཁྱིལ་གྱི་ཚུལ་དུ་གནས་པ་ལས༔དེ་གསལ་སྟོང་དུ་མ་ཤེས་པར་དངོས་པོར་འདུག་སྙམ་པ་དེས་མ་རིག་པའི་རྒྱུའི་རྐྱེན་བྱོས༔རྒྱུ་དེ་ལས་བདག་རྟོག་ཡུལ་ཅན་གྱིས་ངོས་བཟུང་བས་དམིགས་པའི་རྐྱེན་ཞེས་སོ༔ཡུལ་དུ་སྣང་བ་དེ་ལ་ཨ་འཐས་སུ་བཟུང་བས་འབྱུང་བ་ལྔ་དངོས་སུ་གྲུབ་སྟེ༔ལྷུན་གྲུབ་ཀྱི་རང་མདངས་ལྔ་ལས་འབྱུང་བ་ལྔ་གྲུབ་བོ༔དེ་ལ་ཡེ་ཤེས་ཀྱི་བྱིན་རླབས་ཀྱིས་ཕྱི་ནང་སྣོད་བཅུད་འཇིག་རྟེན་གྱི་ཁམས་ཆགས་སོ༔དེ་ཡང་དང་པོ་ཡེ་མེད་སྟོང་པའི་ངང་ལས་ཡེ་ཤེས་ལྔ་ཡི་བྱིན་རླབས་ཀྱི་རྩལ་ཤར་བས་འོད་ལྔ་བྱུང་༔༈། དེ་ལས་མ་འགག་པའི་འཛིན་པ་ཞུགས་པས་འོད་ལྔ་འཛིན་པ་བྱུང་སྟེ༔དེ་ལ་དངོས་འཛིན་གྱི་རླུང་ཞེས་རིག་པའི་རྩལ་ཡིན༔རྩལ་དེ་ལ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་མདངས་དམར་པོ༔དེ་ལ་དངོས་འཛིན་དུ་འཁྲུལ་པས་མེད་དམར་པོ་བྱུང་༔དེ་ལ་རླུང་རིག་པའི་རྩལ་དྲོད་འབར་བས་
(༢༥)ཚ་བ་བྱུང་༔ཡང་མཉམ་པ་ཉིད་ཀྱི་ཡེ་ཤེས་འོད་སེར་པོ་བྱུང་བ་དེ་ལས་འཛིན་པ་སྐྱེས་པས་ས་བྱུང་༔དེ་ལ་རླུང་གིས་ཁྱབ་པས་པྲ་མཁྲོག་ཐེག་པ་བྱུང་༔མེ་ལོང་ལྟ་བུའི་ཡེ་ཤེས་འོད་དཀར་པོ་ཤར་བ་དེ་ལ་འཛིན་པ་སྐྱེས་པས་ཆུ་དཀར་པོ་བྱུང་༔དེ་ལ་རིག་རྩལ་གྱིས་ཁྱབ་པས་འགྲོ་བའི་ཤུགས་དང་བསིལ་བྱུང་༔བྱ་བ་གྲུབ་པའི་ཡེ་ཤེས་འོད་ལྗང་གུ་དེ་ལ་འཛིན་པ་སྐྱེས་པས་རླུང་ལྗང་གུ་བྱུང་༔རླུང་དེ་ལ་རྩལ་རླུང་གིས་ཁྱབ་པས་ཐེག་པའི་ཤུགས་བྱུང་༔དོན་ལ་ཡེ་ཤེས་ལྔ་ལ་འཛིན་པ་སྐྱེས་པས་འབྱུང་བ་ལྔ་དངོས་སུ་གྲུབ༔དེ་ལ་རིག་པའི་རྩལ་གྱིས་བསྐྱེད་པས་འབྱུང་བ་ལྔ་ལ་རྩལ་བྱུང་བའོ༔དེ་རྣམས་འཛོམ་པས་ཕྱི་སྣོད་ཀྱི་འཇིག་རྟེན་བྱུང་༔ཆགས་ལུགས་ནི་སྟོང་པ་ལ་འཛིན་པ་ཞུགས་པས་རླུང་གི་དཀྱིལ་འཁོར་ཆགས༔དེའི་སྟེང་དུ་ཆུ་ཆགས༔དེའི་སྟེང་དུ་ས་ཆགས༔མེ་ནི་རླུང་གི་རྩལ་ཡིན་ཏེ་གསུམ་ཀ་ལ་ཁྱབ་པའོ༔༈དེ་ལྟར་ཕྱིའི་འབྱུང་བ་ལྔ་པོ་དེའི་མདངས་ལས་ནང་བཅུད་ཀྱི་སེམས་ཅན་ཆགས་པ་ནི། རླུང་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བར་ཡེ་ཤེས་ཀྱི་རྩལ་དྲོད་བག་ཙམ་གཅིག་བྱུང་སྟེ༔དེ་ལ་ཆུ་ཕོག་པས། ཆུ་ལས་རླང་པ་བྲེང་པ་ཙམ་ཞིག་བྱུང་༔དེ་ས་ལ་
(༢༦)ཕོག་པས་ཆན་ལ་ཕབ་བཏབ་པ་ཙམ་ཞིག་གི་དྲོད་ཐམས་ཅད་ལ་ཁྱབ༔དེ་འབྱུང་བ་བཞིའི་དྭངས་མ་ལས་ཡེ་ཤེས་ཀྱི་རང་འོད་དང་འདྲེས་པས༔འོད་དཀར་པོ་གསུམ་བྱུང་སྟེ༔འོད་གཅིག་ལ་སྣང་ལ་རང་བཞིན་མེད་པ་འོད་ཟེར་གསལ་བའི་ལྷ་བྱུང་༔དེ་ལས་འོད་ཟེར་གྱི་ཚུལ་དུ་གཟུགས་མེད་སྐྱེ་མཆེད་མུ་བཞི་བྱུང་༔དེ་ལས་རིག་རྩལ་དེ་གཡོས་པའི་འཛིན་ཆགས་ལས་གཟུགས་ཁམས་གནས་རིས་བཅུ་བདུན་བྱུང་༔དེ་ལྟར་གཡོས་པའི་འཛིན་ཆགས་འཐས་པས༔ས་ལས་འདོད་ཁམས་ཉི་ཤུ་བྱུང་ལ༔དེ་ལྟར་ཡེ་ཤེས་ཀྱི་སྣང་བ་ལ་གནས་ཀྱང་༔མ་རིག་པས་འགྲོ་བ་རིགས་དྲུག་གི་སེམས་ཅན་དཔག་ཏུ་མེད་པ་བྱུང་༔འོད་དཀར་པོ་གཞན་གཉིས་པོ་ལ་ནི་ཉི་ཟླ་གཉིས་བྱུང་༔དེ་ཡང་ཐོག་མར་འབྱུང་བ་ལྔའི་བཅུད་ལས་བྱུང་བ་ནམ་མཁའི་དྭངས་མ་ལས་བྱུང་བས་ནམ་མཁར་འདུག་པའོ༔ཡེ་ཤེས་ཀྱི་རྩལ་ཡོད་པས་ཀུན་ལ་གསལ་ནུས༔རླུང་གི་དྭངས་མ་ལས་བྱུང་བས་འགྲོ་ནུས༔མེ་ཡི་དྭངས་མ་ལས་བྱུང་བས་དྲོད་ཡོད༔དེ་ཡང་ཉི་མ་ལ་མེ་ཡི་དྭངས་མ་གཙོ་ཆེ་བས་དྲོ༔ཟླ་བ་ལ་ཆུ་ཡི་དྭངས་མ་གཙོ་ཆེ་བས་བསིལ་བའོ༔དེ་གཉིས་ཀྱི་རྩལ་ལས་གཟའ་སྐར་དུ་
(༢༧)མ་འོད་ཟེར་གྱི་ཚུལ་དུ་གནས་པའོ༔འབྱུང་བ་ནི་གཅིག་གིས་གཅིག་བསྐྱེད༔གཅིག་གྲོགས་གཅིག་གིས་བྱེད་པའོ༔དེ་ཡང་འབྱུང་བ་གཅིག་གིས་གཅིག་བསྐྱེད་ནས་གྲོགས་བྱེད་པའི་དུས་ན་འབྱུང་བ་རྒྱས་པས་སོ༔སོས་ཀ་ཉི་མ་རིང་ཞིང་དྲོ༔འབྱུང་བའི་དང་མ་མཉམ་དུ་གནས་པའི་དུས་ན་ནམས་དང་ཉི་མ་མཉམས་པའོ༔ཡང་འབྱུང་བ་མཉམ་དུ་མི་གནས་ཏེ༔གཅིག་ཅུང་ཞིག་སྟོབས་ཆེ་བའི་དུས་ན་ནམ་ཐུང་༔འབྱུང་བ་རྣམས་རིམ་གྱིས་གཅིག་དགྲ་གཅིག་གིས་བྱས་པ་རྒུད་དེ༔དགུན་ཉི་མ་ཐུང་ལ་དྲོད་ཆུང་༔དུས་གཅིག་ན་འབྱུང་བ་རྣམས་དྲལ་བས་ཉི་མ་ཤི་ཞེས་སོ༔སླར་ཡང་རླུང་གིས་བསྡུས་ནས་སྔར་བཞིན་ནོ༔ཟླ་བ་དང་སྐར་མའི་འཕོ་འཆུག་ཀྱང་དེས་འདྲེས་སོ༔དེ་ཡང་རླུང་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ནས་དྲོད་འབྱུང་བས་ཆུ་ལ་ཕོག༔ཆུ་ལས་འབྱུང་བ་རླུང་བྱུང་སྟེ་ས་ལ་ཕོག་སྟེ་ཁྱབ༔རླུང་གི་རྩལ་གྱི་དྲོད་རང་ཤུགས་སུ་འབྱུང་༔དཔེར་ན་ཤིང་གཉིས་དྲག་པོར་བསྲུབ་ན་མེ་འབྱུང་བ་དང་འདྲ་བར་དྲོད་ཀྱིས་ཁྱབ་པའོ༔ས་དྲོད་ཀྱིས་ཆབ་པའི་རླངས་པ་མཁའ་ལ་འཁྲིག་པས་ན་བུན་བྱུང་༔དཔེར་ན་ཁོག་མའི་ཁ་ཆོད་
(༢༨)ལ་ཆུ་ཟིལ་འཕྲུམ་གྱིས་འབྱུང་བ་ལྟར་ན་བུན་གསེབ་ནས་ཆར་གྱི་རྒྱུན་འབྱུང་ངོ་༔དེ་ལྟར་འབྱུང་བ་རྒྱས་པས་རྩི་ཤིང་ནག་ཚལ་ཐམས་ཅད་ལ་མྱུ་གུ་ལོ་མ་མེ་ཏོག་འབྲས་བུ་རྣམས་རིམ་གྱིས་འབྱུང་༔སྟོན་འབྱུང་བ་ཐམས་ཅད་སྙམས་པའི་དུས་སུ་འབྲས་བུ་རྣམས་སྣིན༔ཡང་འབྱུང་བ་རྣམས་བྱེད་ལས་མཐོ་དམན་བག་ཙམ་གྱིས༔གཅིག་དགྲ་གཅིག་གིས་བྱས་ཏེ་མར་ལ་རིམ་གྱིས་ཐིམ་པས་རྩི་ཤིང་ནག་ཚལ་རྣམས་སྐམ༔འབྲས་བུ་ཐམས་ཅད་ས་ལ་བྲུལ༔སེམས་ཅན་ཐམས་ཅད་ཀྱང་མདོག་ངན་ཞིང་རི༔དཔྱིད་དུས་སུ་ཐམས་ཅད་བཅུད་ཆུང་བ་ཡང་ཐམས་གཅིག་གིས་གཅིག་བསད་པའོ༔ཡང་འབྱུང་བ་རྒྱས་ཏེ་གཅིག་གིས་གཅིག་བསྐྱེད་ནས་གོང་བཞིན་ནོ༔༈ད་ནི་འབྱུང་བ་ལྔའི་དྭངས་མ་རྩི་ཤིང་མེ་ཏོག་འབྲས་བུ་གསོས་ཤིང་བསྐྱེད་པའི་ལུས་འདི་ལ། ཕྱི་ལྟར་ན་ཤ་ཁྲག་དྲོད་དབུགས་ལུས་དང་ལྔ༔དྭངས་མའི་དྭངས་མ་རྒྱུ་ཡི་ཐིག་ལེ་ལྔས༔འཁོར་འདས་བདེ་སྡུག་ཐམས་ཅད་བསྐྱེད་དོ༔དེ་ཡང་གདོད་མ་ནས་ཡེ་ཤེས་རང་ལ་ཡོད་པ་དེ་ངོ་མ་ཤེས་པས༔ཡེ་ཤེས་རང་རྩལ་མ་འགག་པ་ལས་དགག་སྒྲུབ་ཀྱི་འཛིན་ཆ་འདིས་འཁོར་འདས་གཉིས་སུ་ཕྱེ་སྟེ༔མ་རིག་པས་མ་ཡི་མངལ་
(༢༩)དུ་ཞུགས་ཅིང་༔ཕ་མའི་རྒྱུ་ཡི་ཐིག་ལེ་དང་༔རང་གི་ཡེ་ཤེས་ལས་ལུས་གྲུབ༔དེ་ཡང་འབྱུང་བ་གཅིག་གྲོགས་གཅིག་གིས་བྱས་ནས་སྔར་བཞིན་ལུས་བསྐྱེད་དེ༔ཟས་ཟོས་མྱོང་བྱས་པས༔མེས་ཞུ༔རླུང་གིས་དྭངས་སྙིགས་ཕྱེས༔ཆུས་བསྡུས་ནས་སྲེ་བར་བྱེས་ཏེ་ལུས་སྟོབས་བསྐྱེད༔དྭངས་མ་དེས་ལུས་ཀྱི་རྩ་འདབ་ཐམས་ཅད་ལ་ཁྱབ་པར་བྱས༔དེ་ཡང་འབྱུང་བ་ལྔ་ཡི་རྩལ་གྱིས་གཅིག་གྲོགས་གཅིག་གིས་བྱས་པས་དྭངས་མ་འཕེལ་ཏེ༔ སྐྱེས་ནས་ལོ་སུམ་ཅུའི་བར་དུ་རྩ་མཉམ་པས་དྭངས་མའི་སོ།། །བཟུང་ནས་སྡོད་པའོ༔རྩལ་རག་ཤིང་རིག་པ་གསལ་བས་མཛེས་ཤིང་སྣུམ་པ་དང་༔སྒྱུ་རྩལ་ལྡན་པས་ལས་ཅི་བྱས་ཀྱང་འགྲུབ་བོ༔སུམ་ཅུ་ནས་བཞི་བཅུའི་བར་ལ་དར་གྱི་གཞུང་འཚུགས་པའོ༔དེ་ནས་འབྱུང་བ་རྣམས་ནང་འཁྲུག་པས་བསྡུས་ཤིང་དྭངས་མ་རྣམས་སྐམ༔དབང་པོ་ཐམས་ཅད་ཉམས་ནས་ཤིན་ཏུ་འཁོག་པའི་རང་བཞིན་ཅན་དུ་འགྱུར༔དེ་ནས་ཀྱང་འབྱུང་བ་རྣམས་རང་སར་དེངས་པས་ཚེ་ཡི་དུས་བྱེད་པར་འགྱུར་རོ༔དེ་ལྟར་མ་རིག་པའི་འཁྲུལ་འཁོར་གྱི་རང་བཞིན་ཐམས་ཅད་ཀྱང་རྒྱུ་དང་གཞི་ལས་འཁྲུལ་པ་མེད་དེ༔གཞིའི་
(༣༠)གནས་ལུགས་རང་སྣང་དུ་མ་ཤེས་པས་འཁྲུལ་ཏེ༔དཔེར་ན་རྒྱུ་མེད་བཞིན་དུ་སྣང་བར་འཛིན་པ་ཐག་པ་ལ་སྦྲུལ་དུ་སྣང་བའམ༔དུང་ལ་སེར་པོར་སྣང་བ་ལྟ་བུར༔གཞིའི་གནས་ལུགས་མ་ཤེས་པས་རང་སྣང་ལ་ཨ་འཐས་སུ་འཁྲུལ་ཏེ༔མུ་ཏིག་ཕྲེང་བ་ལས་ཀྱང་། འཁྲུལ་གཞི་རྣམ་པ་མང་བཤད་ཀྱང་༔ལྷུན་གྲུབ་དང་ནི་། ཐུགས་རྗེའོ༔ཞེས་གསུངས་སོ༔༈མ་རིག་པའི་འབྲས་བུ་ནི་གསུམ་ཏེ༔འཁྲུལ་པ་ལུས་ཀྱི་གྲུབ་ཚུལ། ཡེ་ཤེས་གསུམ་གྱི་འཁྲུལ་ཚུལ༔འཁྲུལ་པའི་འབྲས་བུ་འབྱུང་ཚུལ་ལོ༔དང་པོ་ནི་མ་རིག་པའི་དབང་དེས་འབྱུང་བ་གོངས་བཅས་ཀྱི་ཕུང་པོ་དངོས་སུ་གྲུབ་སྟེ་དེ་ལ་ཉོན་མོངས་པའི་སྒོ་ཐད་པོར་གྲུབ་ནས་ལས་ངན་ལ་སྤྱོད་པའོ༔གཉིས་པ་ནི། ངོ་བོ་རྟོག་པར་ཐུགས་རྗེ་ཚོགས་དྲུག་ཏུ་འཁྲུལ་ཏེ་ཉོན་མོངས་པའི་ལས་མཐའ་དག་ཤར་བའོ༔གསུམ་པ་ནི། ཁམས་གསུམ་གྱི་འཁོར་བ་ཐམས་ཅད་གྲུབ་བོ༔ལུས་གྲུབ་ཚུལ་སོགས་རྒྱས་པར་ནི་ཟབ་མོ་ནང་དོན་སོགས་གསར་རྙིང་གཞུང་མང་པོ་ལས་འབྱུང་བ་ལས་འདི་མ་བྲིས་སོ༔༈འཁྲུལ་པའི་འབྲས་བུ་དེ་ལས་རྣམ་སྨིན་ནི། ཕུང་ཁམས་སྐྱེ་མཆེད་ལ་གཟུང་འཛིན་འཁྲུལ། རང་བཞིན་སེམས་སུ་འཁྲུལ།
(༣༡)དག་གིས་བཟུང་ནས་ཁམས་གསུམ་གྱི་འཁོར་བར་ཡུན་རིང་དུ་སྡུག་བསྔལ་བའོ༔༈ཕུང་ཁམས་སྐྱེ་མཆེད་བཤད་པ་ལ༔༈དང་པོ་ཕུང་པོ་ནི། རྒྱུད་ཕྱི་མ་ལས། གཟུགས་དང་ཚོར་བ་འདུ་ཤེས་དང་༔འདུ་བྱེད་རྣམ་པར་ཤེས་པ་ཉིད། ཕུང་པོ་ལྔ་ཞེས་རབ་ཏུ་བརྗོད༔ཞེས་གསུངས་སོ། ༈དང་པོ་གཟུགས་ཀྱི་ཕུང་པོ་ནི། མིག་གི་ལམ་དུ་བསྟན་དུ་མེད་ཅིང་ཐོག་པ་དང་བཅས་པའི་གཟུགས་དང་༔བསྟན་དུ་ཡོད་ཅིང་ཐོག་པ་དང་བཅས་པའི་གཟུགས་དང་༔བསྟན་དུ་མེད་ལ་ཐོག་པ་མེད་པའི་གཟུགས་དང་༔རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་དང་བཞི་ཡོད༔དེ་དག་ཀྱང་སྤྱད་པས་གཟུགས་སུ་རུང་བའོ༔རེག་པས་གཟུགས་སུ་རུང་བའོ༔དེ་ནི་གཟུགས་ཀྱི་མཚན་ཉིད་དོ༔༈དེ་ཡང་བསྟན་མེད་ཐོག་བཅས་ཀྱི་གཟུགས་ནི༔རྒྱུ་འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་པའི་དབང་པོ་ལྔ་སྟེ༔མིག་གི་དབང་པོ་ཟར་མའི་མེ་ཏོག་ལྟ་བུ། རྣ་བའི་དབང་པོ་གྲོ་གའི་འཛེར་བུ་ལྟ་བུ། སྣ་ཡི་དབང་པོ་ཟངས་དུང་གཤིབ་པ་ལྟ་བུ། ལ་ལས་ཟངས་ཁབ་གཤིབ་པ་ལྟ་བུ་ཟེར། ལྕེ་ཡི་དབང་པོ་ཟླ་བ་ཕྱེད་བཀས་ལྟ་བུ། ལུས་ཀྱི་དབང་པོ་བྱ་རེག་
(༣༢)འཇམ་གྱི་པགས་པ་ལྟ་བུའོ། །དབང་པོ་ལྔ་འདི་ལ་མངོན་པའི་འགྱུར་གྱི་ཁྱད་པར་གྱིས་མི་འདྲ་བ་སྣང་ཡང་ཡོངས་གྲང་ལྟར་ཡིན། ༈ཐུན་མིན་ལྟར་ན། མིག་གི་དབང་པོ་རྐུན་འབྲས་བུའི་འབྲུ་ལྟ་བུ། རྣ་བའི་དབང་པོ་གྲོ།། །ཤུན་པ་ལྟ་བུ། སྣ་བའི་དབང་པོ་མཚུལ་པའི་ཕུག་ན་མིག་སྨན་གྱི་ཐུར་མ་ལྟ་བུ། ལྕེ་བའི་དབང་པོ་ལྕེ་གཞུང་ན་རྟ་ཊ་ལྟ་བུ། ལུས་ཀྱི་དབང་པོ་སྐྱེས་པ་ལ་ཐེ་བོའི་ལྟོ་ལྟ་བུ། བུད་མེད་ལ་ཊའི་སྦུབ་ལྟ་བུ་ཞེས་བཤད་དོ། ༢། དེ་དག་ཀྱང་ཕྱི་ནས་མི་འཐོར་བའི་པགས་པ་སྲབ་མོས་བཀབས་ཏེ་གནས་པ་དེའི་རྡུལ། དེ་དག་གི་གེ་སར་རྡུལ་གཞན་འབྱུང་བའི་གེགས་བྱེད་པས་ཐོགས་བཅས་ཡིན་ནོ། །དེ་དག་རྣམ་ཤེས་དང་འགྲེལ་པས་དངས་པའོ། ༈། བསྟན་ཡོད་ཐོག་བཅས་ཀྱི་གཟུགས་ནི། ཕྱི་རོལ་དོན་གྱི་རྣམ་པར་སྣང་བ་མིག་གི་ཡུལ་གྱི་གཟུགས་སྟེ། ཁ་དོག་གི་གཟུགས་དང་དབྱིབས་ཀྱི་གཟུགས་གཉིས་སོ། །ཁ་དོག་ལ་དབྱེ་ན། རྩ་བའི་ཁ་དོག། སྔོ་སེར་དམར་དཀར་བཞི་དང་། ཡན་ལག་གི་ཁ་དོག། སྣང་བ། མུན་པ། སྤྲིན་ནམ་མཁའི། དུ་མེའི་བ། རྡུལ་པ་ཚུབ། ཁུག་ཆར་དང་པེར་པ་འབབ་པའི་རྒྱང་ནས་སྐྱ་ཤེ་སྣ། ཉི་མ། གྲིབ་མ་དང་བརྒྱད་དོ། །དབྱིབས་ཀྱི་གཟུགས་ལ། རིང་པོ། ཐུང་ངུ། ལྷམ་མེ། གྲུ་བཞི་དང་གླེགས། །ཟླུམ་པོ། མཐོ་བ། དམའ་
(༣༣)བ། ཕྱེ་ལེ་ཡུལ་རྒྱ་ཆེ་བ། ཕྱ་ལེ་ཆུང་བ་མ་ཡིན་པ་དང་བརྒྱད་དོ། ༢བླ་མ་དགོངས་འདུས་ལས། ཁ་དོག། དབྱིབས། རྣམ་པ། ཕྲ་རག་དང་བཞིར་འདུས་སོ༔ཁ་དོག་གི་གཟུགས་ལ། དཀར་སེར་དམར་ལྗང་སྔོ་ནག་དང་འདྲེས་པ། དེ་རེ་རེ་ལའང་། དཀར་ལ་ཅུང་ཟད་དཀར་བ་སོགས་དྲུག་རེ་ཏེ། རྩ་བའི་དྲུག་དང་བཞི་བཅུ་ཞེ་གཉིས་སོ༔དབྱིབས་ནི། གྲུ་བཞི། ཟླུམ་པོ། གྲུ་གསུམ། ཟླ་གམ། སོག་ཀ། ནལ་མོ། སྐྱོག་པོ། དྲང་པོ། རིང་པོ། །ཐུང་ཐུང་། གྲུ་བཞི་ལ་ཅུང་ཟད་ཟླུམ་པོ། ནལ་མོ་ལ་སོགས་པ་རྣམ་པ་སྣ་ཚོགས་པའོ། །རྣམ་པ་ནི། སྲ་བ། སྙི་བ། འདི་ལ་གཤོར་བ་ཞེས་བཤད་པ་ཡོད། ཡང་བ་སོགས་པའོ༔ཕྲ་རག་ནི། རྡུལ་ཕྲན་མིག་གི་ཡུལ་དུ་གྱུར་ཙམ། འབྲིང་པོ་རི་གླིང་། ཆེན་པོ་རི་རབ་ལྟ་བུ་ཆེན་པོ་ལ་ལྟོས་པའི་ཆུང་དུ་ལོྭགས་པ་སྣ་ཚོགས་པའོ། །དེ་ལས་གཞན་པ། ལྡེམ་པ་དང་། ཕྱ་ལེ་བ་དང་། ཕྱ་ལེ་མ་ཡིན་པ། མཐོ་དམན་སྤྲིན། དུ་བ། རྡུལ། ཁུ་རླངས། ཉི་མ། གྲིབ་མ། སྣང་མུན་ནོ༔ཞེས་བཅུ་གསུམ་བཤད་མཛད༔༈བསྟན་མེད་ཐོག་བཅས་ཀྱི་གཟུགས་ནི། སྒྲ་དྲི་རོ་རེག་བཞི་སྟེ། སྒྲ་ནི་སེམས་རྒྱུད་ཀྱིས་ཟིན་
(༣༤)པའི་འབྱུང་བ་ལ་བརྟེན་པའི་སྒྲ་ལུང་དུ་སྟོན་པ་ལ། ཡིད་དུ་འོང་བ་གླུ་ལེན་པ་ལྟ་བུ། ༡ཡིད་དུ་མི་འོང་བ་སྤྱོ་བའི་སྒྲ་ལྟ་བུ། ༢ཟིན་པའི་སྒྲ་ལུང་དུ་མི་སྟོན་པ་ལ། ཡིད་དུ་འོང་བ་རྒྱ་གླིང་འབུད་པ་ལྟ་བུ་དང་། ༣ཡིད་དུ་མི་འོང་བ་རྩོག་བརྡུང་བྱེད་པའི་སྒྲ་ལྟ་བུ། ༤མ་ཟིན་པའི་འབྱུང་བ་བསྟན་པའི་ལུང་དུ་སྟོན་པ་སྤྲུལ་པས་ཆོས་བཤད་པ་ལྟ་བུ། ཡིད་དུ་མི་འོང་བ་སྤྲུལ་པའི་སྤྱོད་པའི་སྒྲ་ལྟ་བུ། མ་ཟིན་པའི་སྒྲ་ལུང་དུ་མི་སྟོན་པ་ཡིད་དུ་འོང་བ་རླུང་དྲིལ་གྱི་སྒྲ་ལྟ་བུ། ༧ཡིད་དུ་མི་འོང་བ་བྲག་དྲལ་བའི་ལྟ་བུ་དང་བརྒྱད་དོ། ༈། དྲི་ནི་ཞིམ་པ་དང་། དྲི་ང་བ་གཉིས་ལས། མཉམ་དང་མི་མཉམ་པས་ཕྱེ་བས་བཞིའོ། ༈། རོ་ནི་ཁ་བ་དང་། མངར་བ་དང་། སྐྱུར་བ་དང་། ཚ་བ་དང་།། །། ལན་ཚ་བ་དང་། བསྐའ་བ་དང་དྲུག་གོ༈། །རེག་བྱ། རྒྱུ་བའི་རེག་བྱ་རྒྱུ་འབྱུང་བཞིའི་རེག་བྱ། སྲ་བ། གཤེར་བ། དྲོ་བ། གཡོ་བ་དང་བཞི། འབྲས་བུ་འབྱུང་གྱུར་གྱི་རེག་བྱ། འཇམ་པ། རྩུབ་པ། ལྕི་བ། ཡང་བ། གྲང་བ། བཀྲེས་པ། སྐམ་པ་སྟེ་བཅུ་གཅིག་གོ༈། །བསྟན་མེད་ཐོག་མེད་ཀྱི་གཟུགས་ནི། མི་སྡུག་པ་བསྒོམ་པ་དང་། ཟད་པར་བསྒོམ་པ་ལ་སོགས་པ་
(༣༥)སྣང་སྟོང་གི་གཟུགས་སོ། ༈ རྣམ་པ་རིག་བྱེད་མ་ཡིན་སོའི།། །གཟུགས་ནི། སྡོམ་པ་དང་༔སྡོམ་མིན་དང་། བར་མའི་དགེ་མི་དགེ་དང་གསུམ་མོ། །དེ་ཡང་། སྡོམ་པ་ནི། སོ་ཐར་དང་། བསམ་གཏན་གྱི་དང་། ཟག་མེད་ལས་སྐྱེས་པའོ༔སྡོམ་མིན་ནི། རྒྱལ་བློན་དང་། ཤན་པ་ལ་སོགས་པའོ༔རྒྱུ་འབྱུང་བཞི་ལས་གྱུར་པ། གང་ཟག་སེམས་རྒྱུད་གཡེང་བ་དང་། སེམས་ཡོད་མེད་གང་གི་སྐབས་སུ་རྒྱུན་མི་ཆད་པ་ངོ་བོ་དགེ་མི་དགེའི་རྗེས་སུ་འབྲང་བ་ཅན་དུ་ཐེག་ཆུང་པས་འདོད། ཐེག་ཆེན་པས་སེམས་སུ་འདོད༔༈དེ་ལྟར་རྒྱུའི་གཟུགས་འབྱུང་བ་བཞི། འབྲས་བུའི་གཟུགས་དབང་པོ་ལྔ། ཡུལ་ལྔ་རྣམ་པ་རིག་བྱེད་མིན་གཟུགས་བཅས་སོ། ༈། གཟུགས་དེ་དག་ལ་རྫས་ནི། འབྱུང་བའི་རྫས་བཞི། འབྱུང་གྱུར་གཟུགས་སོགས་ལྔ། ཁ་དོག་དང་ལུས་དབང་སྟེ་རྫས་བཅུ་གཅིག་གྲུབ། འདོད་ཁམས་ཀྱི་དངོས་པོ་ཞིག་ལ་རྫས་ཉུང་བ་ནི་བརྒྱད་དེ། རྡུལ་ཕྲན་ཞིག་ལའང་འབྱུང་བ་བཞི་དང་གཟུགས་དྲི་རོ་རེག་བཞི་དང་ལྡན་ནོ། །གཟུགས་ཁམས་སུ་དྲི་རོ་མེད་པས་རྫས་དྲུག་ཚངས། འདོད་ཁམས་པའི་ལག་པོར་ལྟ་བུ་ལ་སྔ་མ་བརྒྱད་ཀྱི་ཁར་ལུས་དབང་དང་ལྡན་པས་དགུ། སྒྲ་དང་
(༣༦)ལྡན་ན་བཅུ། མིག་དབང་ལྟ་བུ་ལ་སྔ་མ་བརྒྱད་སྟེང་། ལུས་དབང་མིག་དབང་གཉིས་དང་བཅུ། སྒྲ་དང་ལྡན་ན་བཅུ་གཅིག་གོ༈། །ཚོར་བའི་ཕུང་པོ་ནི། མྱོང་བའི་མཚན་ཉིད་ཅན་ཏེ། ལུས་དང་སེམས་ཀྱི་ཚོར་བ་བདེ་བ་དང་། སྡུག་བསྔལ་བ་དང་། བཏང་སྙོམས་དང་གསུམ་མོ། །དབང་ཡུལ་ཤེས་གསུམ་འདུས་པའི་སྒོ་ནས་དབྱེ་ན་ཚོར་བ་དྲུག་གོ། ༈། འདུ་ཤེས་ཀྱི་ཕུང་པོ་ནི། མཚན་མར་འཛིན་པའི་མཚན་ཉིད་ཅན་ཏེ། རྒྱ་ཆུང་ངུ་དང་། ཆེན་པོ་དང་། ཚད་མེད་པར་འདུ་ཤེས་པ་དང་།། །།དམར་བཟང་ངན་ལ་སོགས་པས་ཡུལ་དྲུག་གང་དང་གང་ལས་མཚན་མར་འཛིན་པ་རྣམས་སོ། ༈། འདུ་བྱེད་ཀྱི་ཕུང་པོ་ནི། སེམས་བྱུང་འདུ་བྱེད་ལྔ་བཅུ་རྩ་གཅིག་ཡོད་པ་ལས། ཚོར་བ་དང་འདུ་ཤེས་གཉིས་ལོགས་ཞིག་ཏུ་ཕུང་པོར་བསྟན་པ་ནི། དེ་གཉིས་རྩོད་པའི་རྩ་བར་འགྱུར་ཏེ། ཁྱིམ་པ་རྣམས་ཚོར་བ་བདེ་སྡུག་ལ་རྩོད། རབ་བྱུང་རྣམས་ལྟར་གྲུབ་བཟང་ངན་ལ་འདུ་ཤེས་པས་རྩོད། ཡང་འཁོར་བའི་རྒྱུར་འགྱུར་ཏེ། ཚོར་བ་ལ་ཞེན་པས་ལས་མི་དགེ་བ་སོགས། འདུ་ཤེས་ཕྱིན་ཅི་ལོག་པས་ཉོན། མོངས་པའི་གྲོགས་བྱེད་པའི་ཕྱིར་རོ། ཡང་། རིམ་རྒྱུའི་ཕྱིར་ཏེ། སེམས་བྱུང་རྣམས་ལས་ཚོར་བ་རག་པས་
(༣༧)དང་། དེ་ནས་འདུ་ཤེས་རག་ཕྱིར་རོ། ༈། སེམས་བྱུང་ཞེས་པ་ནི། སེམས་རྣམ་ཤེས་ཚོགས་བརྒྱད་ཀྱི་འཁོར་དུ་བྱུང་བས་སོ། ༈། སེམས་བྱུང་ང་གཅིག་ནི། དགེ་སྡིག་ལུང་མ་བསྟན་གྱི་སེམས་ཀུན་གྱི་ནང་དུ་འགྲོ་བའི་ཀུན་གྲོལ་ལྔ་དང་། རང་ཡུལ་བྱེ་བྲག་ལ་འཇུག་པའི་ཡུལ་ངེས་ལྔ་དང་། དགེ་སེམས་ཁོ་ནའི་མཇུག་ཐོག་ཏུ་སྐྱེ་བའི་དགེ་བ་བཅུ་གཅིག་དང་། །སྡིག་སེམས་ཀྱི་འཁོར་དུ་བྱུང་བའི། རྩ་ཉོན་དྲུག་དང་། ཉེ་བའི་ཉོན་མོངས་ཉི་ཤུ་དང་། གཞན་གྱིས་དབང་དུ་གྱུར་པས་གཞན་འགྱུར་བཞི་རྣམས་སོ། ༈། ཀུན་འགྲོ་ལྔ་ནི། རེག་པ་དང་། ཡིད་བྱེད་དང་། ཚོར་བ་དང་། འདུ་ཤེས་དང་། སེམས་པ་དང་ལྔའོ། ༈། རེག་པ་ནི་མིག་གི་འདུས་ཏེ་རེག་པ་སོགས་དྲུག་སྟེ་ཡུལ་དབང་ཤེས་གསུམ། འཕྲད་མ་ཐག་ཡུལ་ཡོངས་སུ་གཅོད་པའོ། །ཡིད་བྱེད་ནི་རྣམ་ཤེས་ཡུལ་ལ་འཇུག་པའོ། །ཚོར་བ་ནི་ཡུལ་བདེ་སྡུག་བཏང་སྙོམས་གང་རུང་ཚོར་བས་ཡུལ་གཅོད་པའོ། །འདུ་ཤེས་ནི་ཚོར་བ་ལ་བདེན་ཞན་ནོ། །སེམས་པ་ནི། ཡང་ཡང་སེམས་མངོན་པར་འདུ་བྱེད་པའོ། ༈། ཡུལ་ངེས་ལྔ་ནི། འདུན་པ་དང་མོས་པ་དང་དྲན་པ་དང་། ཏིང་འཛིན་དང་། ཤེས་རབ་
(༣༨)ལྔའོ། །འདུན་པ་ནི། ཡིད་ལ་སེམས་པའི་དངོས་པོ་འདོད་པའོ། །མོས་པ་ནི་འདོད་པ་དེ་ངེས་པར་སྒྲུབ་སེམས་པའོ། །དྲན་པ་ནི་སྔར་འདྲིས་པས་ཕྱིས་མ་བརྗེད་པའོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའོ། །ཤེས་རབ་ནི་བློ་གྲོས་ཏེ་ཤེས་བྱའི་གནས་ལ་མ་རྨོངས་པ་ཆོས་ཐམས་ཅད་རྣམ་པར་འབྱེད་པའོ། ༈། དགེ་བ་བཅུ་གཅིག་ནི། དད་པ་དང་། ངོ་ཚ་ཤེས་པ་དང་། །ཁྲེལ་ཡོད་པ་དང་། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། ཤིན་སྦྱངས་དང་། བག་ཡོད་པ་དང་། བརྩོན་འགྲུས་དང་། བཏང་སྙོམས་དང་། རྣམ་པར་མི་འཚེ་བ་དང་། བཅུ་གཅིག་གོ༈། དད་པ་ནི། བདེན་བཞི་དང་དཀོན་མཆོག་གི་ཡོན་ཏན་ལ་ཡིད་ཆེས་པའོ། །དད་པ་ལ་དབྱེ་ན། ཡིད་ཆེས་པའི་དད་པ་དང་། སེམས་དྭངས་པའི་དད་པ་དང་འདོད་པའི་དད་པ་དང་གསུམ་ཡོད། །ངོ་ཚ་ཤེས་པ་ནི། རང་ཉིད་ལ་དཀོན་མཆོག་དང་འཇིག་རྟེན་པས་ཁྲེལ་བའི་ལས་ལ་འཛེམ་ཤེས་པའོ། །ཁྲེལ་ཡོད་པ་ནི། བླ་མ་དང་ཕ་མ་སོགས་གཞན་བསྐུལ་འོས་ཀྱི་ཐུགས་དང་འགལ་བར་མི་བྱེད་པའོ། །མ་ཆགས་པ་ནི། རང་གི་ལུས་ལོངས་སྤྱོད་གནས་ཡུལ་ཉེ་འབྲེལ་རྣམས་ལ་སེམས་མི་ཆགས་པའོ། །ཞེ་སྡང་མེད་པ་ནི། སེམས་ཅན་གཞན་
(༣༩)ལ་མནར་སེམས་མེད་པའོ། །གཏི་མུག་མེད་པ་ནི། ཤེས་བྱ་རྣམས་ཇི་ལྟ་བ་བཞིན་རྟོགས་ཤིང་དེས་མི་ཆགས་མི་སྡང་པའོ། །ཤིན་ཏུ་སྦྱང་པ་ནི། ལུས་དང་སེམས་ལས་སུ་རུང་བས་ཇི་འདོད་དུ་བསྐོལ་བཏུབ་པའོ། །བག་ཡོད་པ་ནི། སེམས་མི་དགེ་བའི་དབང་དུ་མི་བཏང་བར་དགེ་བ་ལ་གོམ་འདྲིས་བྱེད་པའོ། །བརྩོན་འགྲུས་ནི། དུས་རྟག་ཏུ་དགེ་བ་ལ་སྤྲོ་ཞིང་བརྩོན་པའོ། །བཏང་སྙོམས་ནི། སེམས་རྩོལ་མེད་མཉམ་པར་བཞག་པའོ། །རྣམ་པར་མི་འཚེ་བ་ནི། སེམས་ཅན་གཞན་ལ་གནོད་འཚེ་མི་བྱའོ། ༈། རྩ་བའི་ཉོན་མོངས་པ་དྲུག་ནི། འདོད་ཆགས་དང་། ཁོང་ཁྲོ་དང་། གཏི་མུག་དང་། ང་རྒྱལ་དང་། ཐེ་ཚོམ་དང་། ལྟ་བ་དང་དྲུག་གོ །འདོད་ཆགས་ནི། རང་གི་ལུང་དང་ལོངས་སྤྱོད་གཉེན་གྲོགས། འདོད་ཡོན་རྣམ་ལྔ། བཟང་པོ་འདོད་ཅིང་ཆགས་པ་དངོས་པོ་སྣུམ་གྱིས་ཚོས་པ་ལྟར་སྤངས་མི་ཐུབ་པའོ། །ཁོང་ཁྲོ་ནི། རང་ཉིད་སེམས་ཁོང་ནས་ཁྲོ་ཞིང་ལུས་ངག་འགྱུར་ནས་། རྩུབ་པོའི་སྦྱོར་བས་རང་གཞན་གཉིས་ཀ་སྡུག་བསྔལ་བར་བྱེད་པའོ། །གཏི་མུག་ནི། ཆོས་ཀུན་རྣམས་པར་མི་ཤེས་པས་སྤངས་བླང་ཐམས་འདོར་བ་ལ་ཇི་མི་སྙོས་པར་འཇུག་པའོ། །
(༤༠)ང་རྒྱལ་ནི། སེམས་ཁེང་པས་ཡུལ་དམ་པ་ལའང་མི་འདུད་པར་བྱེད་པའོ། །དབྱེ་ན་ང་རྒྱལ་བདུན་བཤད་དེ། ང་རྒྱལ་དང་། ཆེ་བའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ། ངའོ་སྙོས་པའི་ང་རྒྱལ་མངོན་པའི་ང་རྒྱལ། ཆུང་བའི་ང་རྒྱལ། ལོག་པའི་ང་རྒྱལ་དང་བདུན་ནོ། །མངོན་པའི་ང་རྒྱལ་ནི། ཡོན་ཏན་ཆ་ཕྲ་མོ་ཙམ་ཐོབ་པས་མཆོག་ཏུ་ཁེང་པའོ། །ལོག་པའི་ང་རྒྱལ་ནི། ཡོན་ཏན་ཕྲ་མོའང་མ་ཐོབ་ཀྱང་མཆོག་ཏུ་ང་རྒྱལ་སེམས་ཁེང་བའོ། །དགུར་བཤད་པ་ཡོད་ཀྱང་མ་སྤྲོས་སོ། །ཐེ་ཚོམ་ནི། བདེན་པ་ལ། བདེན་ནམ་མི་བདེན་སྙམས་པའི་སེམས་རྩེ་གཉིས་སོ། ༈། ལྟ་བ་ལ་ལྔ་ཡོད་དེ། འཇིག་ལྟ་དང་། མཐར་ལྟ་དང་། ལོག་ལྟ་དང་། ལྟ་བ་མཆོག་འཛིན་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་དང་ལྔའོ། །འཇིག་ལྟ་ནི། ཕུང་པོ་ལྔ་འདི་རིག་པས་ཅུང་ཟད་བརྟག་ནའང་མི་བདེན་པར་ཤེས་ཕྱིར། འཇིག་ཅིང་མི་བདེན་པ་ཡིན་ཀྱང་། དེ་ལྟར་མི་ཤེས་པར། ཕུང་པོ་ལྔ་ལ་བདག་ཏུ་ལྟ་བའི་ཞེན་པའོ། དབྱེ་ན་ཕུང་པོ་ལྔ་ལ་བདག་དང་བདག་གིར་འཛིན་པའི་ལྟ་བ་སྟེ། དེའང་ཕུང་པོ་ལྔ་ལ་བདག་ཡིན་པ་དང་། བདག་དང་ལྡན་པ། ཕུང་པོ་ལ་
(༤༡)བདག་གནས་པ། ཕུང་པོ་ལྔ་བདག་ལས་བྱུང་བ་བཞི་རེར་འཛིན་པས་ལྔ་བཞི་ཉི་ཤུ་ནི་འཇིག་ཚོགས་སུ་ལྟ་བའི་རི་ཡི་རྩེ་མོ་ཉི་ཤུའོ། །དེའང་དུས་གསུམ་དུ་ལོག་པར་ཞུགས་པའི་དབྱེ་བས་འཇིག་ཚོགས་ལྟ་བ་དྲུག་ཅུའོ། །དེ་སྟེང་རྟག་ཆད་གཉིས་དང་དྲུག་ཅུ་རེ་གཉིས་སོ། །མཐར་ལྟ་ནི། ཡོད་ཅེས་རྟག་པར་ལྟ་བ་དང་། མེད་ཅེས་ཆད་པར་ལྟ་བའོ། །ལོག་པར་ལྟ་བ་ནི། རྒྱུ་འབྲས་དང་བདེན་དོན་དང་། དཀོན་མཆོག་ལ་ཡིད་མི་ཆེས་པར། མེད་པ་ལ་ཡོད་པར་སྒྲོ་བཏགས། ཡོད་པ་ལ་མེད་པར་སྐུར་པ་འདེབས་པའོ། །ལྟ་བ་མཆོག་འཛིན་ནི། འཇིག་མཐར་ལོག་གསུམ་གྱི་ལྟ་བ་དེ་ལ་ཡང་དག་པའི་ལྟ་བ་མཆོག་ཡིན་པར་འཛིན་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ནི། ཡང་དག་པའི་ལྟ་བས་མ་ཟིན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་སངས་རྒྱས་ཐོབ་པའི་རྒྱུ་དང་ལམ་མིན་པ་དག་ལ་མཆོག་ཏུ་འཛིན་པའོ། ༈། ཉེ་བའི་ཉོན་མོངས་ཉི་ཤུ་ནི། ཁྲོ་བ་དང་། ཁོན་འཛིན་དང་། འཆབ་པ་དང་། འཚིག་པ་དང་། ཕྲག་དོག་དང་། སེར་སྣ་དང་། སྒྱུ་དང་། གཡོ་དང་། རྒྱག་པ་དང་། རྣམ་པར་འཚེ་བ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་
(༤༢)དང་། རྨུག་པ་དང་། རྒོད་པ་དང་། མ་དད་པ་དང་། ལེ་ལོ་དང་། བག་མེད་པ་དང་། བརྗེད་ངས་དང་། རྣམ་གཡེང་དང་། ཤེས་བཞིན་མ་ཡིན་པ་སྟེ་ཉི་ཤུའོ། ༈། ཁྲོ་བ་ནི། འཕྲལ་དུ་གནོད་སེམས་སོ། །ཁོན་འཛིན་ནི། ཕ་རོལ་གྱིས་རང་ལ་གནོད་པ་བྱས་པ་དེ་ཞེ་ལ་བཞག་པའོ། །འཆབ་པ་ནི། ཁ་ན་མ་ཐོ་བའི་རིགས་གཞན་གྱིས་མི་ཤེས་པར་སྦེད་པའོ། །འཚིག་པ་ནི། རང་རྒྱུད་མེས་འཚིག་པ་ལྟར་འདོད་ཁྲོ།། །སྤང་མི་ནུས་པའོ། །ཕྲག་དོག་ནི་གཞན་གྱི་སྟོབས་འབྱོར་ལ་མི་བཟོད་པའོ། །སེར་སྣ་ནི་ཡོ་བྱེད་ལ་ཀུན་ཏུ་ཞེན་ཆགས་ཆེ་བས་གཞན་ལ་གཏོང་མི་ནུས་པའོ། །སེར་སྣ་ལ་དབྱེ་ན། གནས་ཀྱི་སེར་སྣ། རིགས་ཀྱི་སེར་སྣ། རྙེད་པའི་སེར་སྣ། བསྔགས་པའི་སེར་སྣ། ཆོས་ཀྱི་སེར་སྣ་དང་དྲུག་བཤད། སྒྱུ་ནི། གཞན་ཤིན་ཏུ་བསླུ་བའོ། །གཡོ་ནི་སེམས་གཡོ་བ་སྟེ་རང་ཉིད་ཀྱང་གྱ་གྱུ་ཅན་དུ་གྱུར་ཅིང་། གཞན་ཡང་གྱ་གྱུ་ཅན་དུ་དྲང་བར་འདོད་པའོ། །རྒྱག་པ་ནི་རང་གི་རིགས་གཟུགས་དཔལ་འབྱོར་ལ་ཆགས་ཤིང་མཆོག་ཏུ་འཛིན་ཅིང་དགའ་བའོ། །རྒྱག་པ་ལ་དབྱེ་ན་བདུན་ཏེ། ནད་མེད་པས་རྒྱགས་པ། ལང་ཚོས་རྒྱགས་པ། རིགས་ཀྱིས་རྒྱགས་པ། གཟུགས་ཀྱིས་རྒྱགས་པ་
(༤༣)དབང་ཕྱོགས་གིས་རྒྱགས་པ། ལོངས་སྤྱོད་ཀྱིས་རྒྱགས་པ། ཡོན་ཏན་གྱིས་རྒྱགས་པའོ། །རྣམ་པར་འཚེ་བ་ནི། གཞན་ལ་ཐོ་འཚོམས་པའོ། །ངོ་ཚ་མེད་པ་ནི། ཁ་ན་མ་ཐོ་བ་ལ་རང་ཉིད་མི་འཛེམ་པའོ། །ཁྲེལ་མེད་པ་ནི་གཞན་ལ་བཟང་ལེན་ངན་གྱིས་འཇལ་བའོ། །རྨུག་པ་ནི་སེམས་ལས་སུ་མི་རུང་བར་རྨོངས་པའོ། །རྒོད་པ་ནི་སེམས་མ་ཞི་བར་ཁྲོ་ཞིང་རྒོད་པའོ། །མ་དད་པ་ནི་དད་པའི་མི་མཐུན་ཕྱོགས་སོ། །ལེ་ལོ་ནི། དགེ་བ་ལ་ལུས་ངག་ཡིད་གསུམ་བརྩོན་མི་ནུས་མི་དགེ་བ་ལ་འབྱམས་པའོ། །བག་མེད་པ་ནི། བག་ཡོད་པའི་མི་མཐུན་ཕྱོགས་སོ། །བརྗེད་ངས་ནི་དྲན་པ་ཉམས་པའོ། །རྣམ་གཡེང་ནི་ཉོན་མོངས་པ་སྟོབས་རྒྱས་པས་སྒོ་གསུམ་དགེ་བ་ལ་རྩེ་གཅིག་མི་གནས་པར་འདོད། །ལྔ་ལ་སྒོ་གསུམ་རྣམ་པར་གཡེང་བའོ། །ཤེས་བཞིན་མ་ཡིན་པ་ནི། སྤངས་བླངས་ཀྱི་དོན་ཤེས་ཀྱང་ཉོན་མོངས་དབང་དུ་གྱུར་པས་སྤང་བླང་ཕྱིན་ཅི་ལོག་བྱེད་པའོ། ༈། གཞན་འགྱུར་བཞི་ནི། འགྱོད་པ་དང་གཉིད་དང་། རྟོག་པ་དང་དཔྱོད་པ་དང་བཞིའོ། །འགྱོད་པ་ནི། དགེ་བ་མ་འགྲུབ་པའམ། སྡིག་པ་བྱས་ལ་འགྱོད་ན་དགེ་བའོ། །སྡིག་པ་
(༤༤)མ་འགྲུབ་པའམ་དགེ་བ་བྱས་པ་ལ་འགྱོད་ན་སྡིག་པ་སྟེ། འགྱོད་པ་ནི་ཡིད་ལ་བཅག་པའོ། །གཉིད་ནི་རྣམ་ཤེས་སྙིང་ཁའི་རྩ་ནང་དུ་དབང་མེད་དུ་སྡུད་པས་ལུས་ངག་བྱ་བ་ཤོར་བའོ། །དགེ་བ་སྤྱོད་དུས་གཉིད་ན་མི་དགེ་བའོ། །མི་དགེ་བ་སྒྲུབ་ཚེ་གཉིད་ན་དགེ་བའོ། །རྟོག་པ་ནི། སེམས་ཀྱི་ཀུན་ཏུ་རྟོག་པ་ཚོར་བ་རྩིང་བའོ། །དཔྱོད་པ་ནི། ཁྱད་པར་རྣམས་སོ་སོར་རྟོག་པ་ཞིབ་པའོ། །རྟོག་དཔྱོད་གཉིས་ཀྱང་དགེ་མི་དགེ་ཡུལ་གྱི་ཁྱད་པར་འགྱུར་རོ། ༈། དེ་ལྟར་མཚུངས་ལྡན་གྱི་འདུ་བྱེད་ལྔ་བཅུ་རྩ་གཅིག་གོ །མཚུངས་ལྡན་ནི། མཚུངས་པ་ལྔ་སྟེ། རྟེན་དབང་པོར་མཚུངས། དམིགས་པའི་ཡུལ་མཚུངས། རྣམ་པ་མཚུངས། དུས་མཚུངས། རྫས་མཚུངས་པ་དང་ལྡན་པ་ལྔའོ། ༈། མཚུངས་ཞེས་པ་ནི་སེམས་དང་སེམས་བྱུང་གཉིས་མཚུངས་པའོ། །དཔེར་ན་ཡུལ་གཟུགས་ལྟ་བུ་མཐོང་ན། དེའི་རྟེན་མིག་དབང་ལ་བརྟེན་ནས་མི་ཤེས་དེ་སྐྱེ་བས་དེའི་འཁོར་སེམས་བྱུང་གི་རྟེན་ཀྱང་མིག་དབང་ཡིན་པས་དབང་པོ་མཚུངས་པ། ཡུལ་བུམ་པ་དམིགས་ན་སེམས་བྱུང་གིས་ཀྱང་དེར་དམིགས་པས་དམིགས་པ་མཚུངས། སེམས་ཁ་དོག་སེར་པོའི་རྣམ་པར་
(༤༥)སྐྱེ་ན་སེམས་བྱུང་ཀྱང་སེར་པོའི་རྣམ་པར་འཆར་བས་རྣམ་པ་མཚུངས། སེམས་སྐྱེ་བ་དང་། གནས་པ་དང་། འགག་པ་ན་སེམས་བྱུང་ཀྱང་དེ་ལྟར་གཅིག་པས་དུས་མཚུངས། སེམས་ཀྱི་རྫས་གཅིག་སྐྱེ་བ་ན་རེག་པ་སོགས་སེམས་བྱུང་གི། རྫས་རེ་རེ་བཞིན་སྐྱེ་བས་རྫས་མཚུངས་པའོ། ༈། ཡང་མཚུངས་པ་ལྔ་དང་མི་ལྡན་པའི་འདུ་བྱེད་བཅུ་བཞི་ནི། ཐོབ་པ་དང་། མ་ཐོབ་པ་དང་། སྐལ་མཉམ་དང་། འདུ་ཤེས་མེད་པ་དང་། འདུ་ཤེས་མེད་པའི་སྙོམས་འཇུག་དང་། འགོག་པའི་སྙོམས་འཇུག་དང་། སྲོག་དང་འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་དང་། གནས་པ་དང་། རྒ་བ་དང་། མི་རྟག་པ་སྟེ་བཞི་དང་། མིང་དང་། ཚིག་དང་། ཡི་གེའི་ཚོགས་སོ། །ཐོབ་པ་ནི། ཤེས་རྒྱུད་ལ་བག་ཆགས་སྔར་མེད་གསར་དུ་ཐོབ་པ་སྟེ། དགེ་སློང་གི་སྡོམ་པ་ལྟ་བུ་ནི་དགེ་བའི་ཐོབ་པ་དང་། །ཕས་བུ་ལ་ཉ་བཤོལ་བཅུག་པ་ལྟ་བུ་ནི་མི་དགེ་བའི་ཐོབ་པ་དང་། མས་བྱིས་པ་ལ་ཟས་བཟའ་བ་བསླབ་པ་ལྟ་བུ་ལུང་མ་བསྟན་གྱི་ཐོབ་པའོ། །ཡེ་ལྡན་ཀྱང་ཡོད་དེ་མ་རིག་པ་སོགས་ཡོད་དོ། །མ་ཐོབ་པ་ནི། སོ་སྐྱེ་ལ་མཐོང་ལམ་མ་ཐོབ་པ་དེ་ཡེ་ལྡན་དང་། སྔོན་
(༤༦)སྡིག་སྤྱོད་ཅན་ཞིག་གིས་དགེ་སློང་ཐོབ་ན། སྡིག་པའི་ཐོབ་པ་དེ་ཆད་པས་མ་ཐོབ་པ་དང་། དགེ་སློང་གི་སྡོམ་པ་ཐོབ་པའོ། །སྐལ་མཉམ་ནི། ཕྱི་སྣོད་ནང་བཅུད་སོགས་གང་ཕན་ཚུན་འདྲ་བའོ། །འདུ་ཤེས་མེད་པ་ནི། མིའི་ནང་དུ་འདུ་ཤེས་པའི་སྙོམས་འཇུག་གམ་པ་ཞིག་འབྲས་བུ་ཆེ་བའི་ལྷ་གནས་སུ་སྐྱེ་ལ། དེ་གྲོང་ལས་དགོན་པ་ལྟར་ཡོད་པ་དེར་སྐྱེས་ཏེ། དང་པོ་འདུ་ཤེས་ཡོད་ཀྱང་དེ་ནས་ཇེ་ཕྲར་འདུ་ཤེས་འགག། འཆི་ཀ་ཚོགས་དྲུག་འབྱུང་ངོ། །འདུ་ཤེས་མེད་པའི་སྙོམས་འཇུག་ནི། བསམ་གཏན་གསུམ་པ་ལ་འདོད་ཆགས་དང་བྲལ་བ་དེས་ཚོགས་དྲུག་གི་འདུ་ཤེས་མེད་ན་ཐར་པའོ་སྙོམས་ནས་བཀག་པའོ། །འགོག་པའི་སྙམས་འཇུག་ནི། འཕགས་པ་བཞི་ཀས་འཇུག་ནུས་པ། ངོ་བོ་ནི། ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བས་ཚོགས་དྲུག་ཉོན་ཡིད་བཅས་འགོག་པའོ། །བྱང་སེམས་ནི་གཞན་དོན་དུ་འཇུག་ཀྱང་ཞག་བདུན་ལས་རིང་བར་སྟོན་པས་མ་གནང་ངོ། །ཐུབ་པའི་འགོག་སྙོམས་ནི། བྱང་ཆུབ་ཐོབ་པ་དེ་ལས་ལྡང་བ་མེད་དོ། །སྲོག་ནི། འདོད་གཟུགས་ན་དྲོད་དང་རྣམ་ཤེས་ཀྱི་རྟེན་བྱེད། གཟུགས་མེད་ན་རྣམ་ཤེས་ཀྱི་རྟེན་བྱེད། འདུས་བྱས་
(༤༧)སྐྱེ་བ་ནི། མ་སྐྱེས་པ་སྐྱེ་བ་དང་། གནས་པ་ནི་སྐྱེས་ནས་སྐད་ཅིག་གིས་གནས་པར་བྱེད་པ་དང་། །རྒ་བ་ནི། འཇིག་འོས་སུ་བྱེད་པ་དང་། མི་རྟག་པ་ནི། ཞིག་པར་བྱེད་པ་དང་། མིང་ནི། བུམ་པ་ཞེས་པ་ཞེས་པ་ལྟ་བུ། ཚིག་ནི། བུམ་པ་མི་རྟག་གོ་ལྟ་བུའོ། །ཡི་གེ་ནི། མིང་ཚིག་དེ་དག་གི་གཞི་ཨ་དང་ཀ་ལ་སོགས་པའོ། །གླེགས་བམ་ལ་བྲིས་པ་ནི་མ་ཡིན་ནོ། ༈། འདུས་མ་བྱས་ཀྱི་གཞི་གསུམ་ནི། ནམ་མཁའ་དང་། སོ་སོར་བརྟགས་འགོག་དང་། བརྟགས་མིན་གྱི་འགོགས་པའོ། །ནམ་མཁའ་ནི་གོ་འབྱེད་པའོ། །བརྟགས་འགོག་ནི། རིག་པས་བརྟགས་ནས་འགོག་པའོ། །བརྟགས་མིན་ནི་རྒྱུ་རྐྱེན་མ་ཚང་བས་འགོག་པའོ། ༈། རྣམ་པར་ཤེས་པའི་ཕུང་པོ་ནི། རྣམ་ཤེས་ཚོགས་བརྒྱད་དེ། ཀུན་གཞིའི་རྣམ་པར་ཤེས་པ་དང་། ཉོན་མོངས་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དང་། དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་དང་། རྒོ་ལྔའི་རྣམ་པར་ཤེས་པ་ལྔ་དང་བརྒྱད་དོ། ༈། ཀུན་གཞིའི་རྣམ་པར་ཤེས་པ་ནི། ༈། མ་དག་པའི་སེམས་ལ་བརྗོད་དེ། མངོན་པ་ཀུན་བཏུས་ལས། སེམས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་
(༤༨)བག་ཆགས་ཐམས་ཅད་ཀྱིས་བསྒོམ་པ། ས་བོན་ཐམས་ཅད་པའི་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་གསུངས་ཏེ། འདི་ནི་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་འཁྱུད་པ། ཁམས་གསུམ་གྱི་སེམས་དང་། སེམས་ལས་བྱུང་བས་བསྡུས་པ། སྒྲིབ་པ་ཐམས་ཅད་ཀྱི་རྩ་བ། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་གཞོམ་པར་བྱ་བ་ཡིན་ནོ། །དེ་ལ་དགོངས་ནས་ལོང་ཀར་གཤེགས་པ་ལས་ཀྱང་། ཀྱེ། རྒྱལ་བའི་སྲས་དག། ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་དང་། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་དབུས་མཐའ་ལས་གསུངས། རྣལ་འབྱོར་གྱི་རྒྱུད་རྡོ་རྗེ་རྩེ་མོ་ལས། །ས་བོན་ཀུན་ལྡང་ཀུན་གཞི་ནི། །ཕྱི་དང་ནང་གི་བདག་ཉིད་འདོད། །ཞེས་གསུངས་ཏེ། ས་བོན་ཐམས་ཅད་པ་འཁོར་བའི་ཆོས་ཀུན་གྱི་གཞི། ཕྱི་སྣོད་ཀྱི་འཇིག་རྟེན། ཡུལ་གཟུགས་སྒྲ་དྲི་རོ་རེག་ཆོས་དྲུག་དང་། ནང་ལུས་དང་། དབང་པོ་དྲུག་དང་། རྣམ་ཤེས་ཚོགས་དྲུག་དང་། དེ་རྣམས་ཀྱི་ས་བོན་རྒྱུན་ཆད་མེད་པ། རྒྱུ་དང་འབྲས་བུའི་ནུས་པ་ཕན་ཚུན་རྟེན་ཅིང་འབྲེལ་བར་འབྱུང་བའི་མཐུ་བསམ་གྱིས་མི་ཁྱབ་པ་འདི་ནི། སློབ་དཔོན་དབྱིག་གཉེན་གྱི་སུམ་ཅུ་
(༤༩)པའི་རབ་ཏུ་བྱེད་པ་ལས། དེ་ལ་ཀུན་གཞིའི་རྣམ་ཤེས་ནི། རྣམ་སྨིན་ས་བོན་ཐམས་ཅད་པ། རྟག་ཏུ་རེག་དང་ཡིད་བྱེད་དང་། ཚོར་བ་འདུ་ཤེས་སེམས་པར་ལྡན། དེ་ལ་ཚོར་བ་བཏང་སྙོམས་ཏེ། དེ་ནི་མ་སྒྲིབ་ལུང་མ་བསྟན། །དེ་ནི་རྒྱུན་འབབ་ཆུ་བོ་བཞིན། དགྲོམ་ཉིད་ན་དེ་ལྡོག་གོ །གསུངས་ཏེ། འདི་ཡང་། ཀུན་གཞི་ཞེས་བྱ་བ་ལ་རྣམ་པར་ཤེས་པའི་སྒྲ་མ་སྨོས་ན། དེ་བཞིན་ཉིད་ལ་ཡང་ཀུན་གཞི་བརྗོད་དུ་རུང་བའི་ཕྱིར་རྣམ་པར་ཤེས་པ་སྨོས་སོ། །རྣམ་པར་ཤེས་པ་ནི། དོན་མཐོང་བ་ལ་བརྗོད་ན། འདིའི་དོན་དུ་ཅི་ལྟར་བཞག་ཅེ་ན། རྣམ་པར་སྨིན་པ་དང་། ས་བོན་གྱི་དོན་དུ། རྣམ་པར་ཤེས་པའི་ཚོགས་གཞན་བདུན་པོ་ལས། ཕུན་ཚུན་དུ་རྒྱུ་རྐྱེན་གྱི་དངོས་པོར་གྱུར་པའི་ཕྱིར་ན། རྣམ་པར་ཤེས་པ་ཞེས་བྱའོ། །རྣམ་ཤེས་ཚོགས་བདུན་པོས་ལས་བསགས་པ་ཐམས་ཅད་ཀུན་གཞི་དེར་བསགས་པའི་ཕྱིར་རྣམ་པར་སྨིན་པ་ཞེས་བྱ་སྟེ་ཆར་ཆུ་ལས་རྒྱ་མཚོ་བཞིན་ནོ། །ཡང་ཀུན་གཞི་ལས་བག་ཆགས་ཀྱི་རྣམ་རྟོག་ཐམས་ཅད་སྐྱེད་པར་བྱེད་པས། དགེ་དང་མི་དགེའི་ས་བོན་ཀུན་རྒྱ་མཚོ་ལས་རླངས་པ་ལྟར་ལྡང་བས། ས་བོན་ཀུན་གྱི་གཞི་སྟེ། དེའི་ཕྱིར་ཀུན་གཞིའི་རྣམ་
(༥༠)ཤེས་ལ་རྒྱུ་ཡི་རྐྱེན་ཞེས་ཀྱང་བརྗོད་པའམ། །རྐྱེན་ཉེ་བར་གནས་པ་ཐམས་བསྐྱེད་པའི་རྒྱུར་གྱུར་པའི་ཆ་ནས་ས་བོན་ཐམས་ཅད་པའོ། །རྟག་ཏུ་རེག་པ་སོགས་ཀུན་འགྲོ་ལྔ་པོས་དུས་ཐམས་ཅད་དུ་བསྐོར་བས་སེམས་བྱུང་རྣམས་ཀྱང་རྣམ་པར་ཤེས་པའི་ཁྱད་པར་དུ་འགྱུར་བ་སྟེ། ཀུན་གཞི་ཉིད་ནི་ཚོར་བ་བཏང་སྙོམས་པ། ངོ་བོ་མ་སྒྲིབ་པ་ལ། ལུང་དུ་མ་བསྟན་པ་སྟེ། མེ་ལོང་གི་གསལ་བ་བཞིན་ནོ། །རྒྱུན་འབབ་པའི་ཆུ་བོ་བཞིན་དུ་ཡུལ་དང་ཡུལ་ཅན་དང་དབང་པོའི་ས་བོན་ཐམས་ཅད་རྒྱུན་ཆད་པ་མེད་པར་འབེབ་པ་ཡིན་ནོ། །དགྲ་བཅོམ་ཉིད་ན་དེ་ལྡོག་གོ། །ཅེས་པ་ནི་སངས་རྒྱས་ལ་དགོངས་ཏེ། ཉན་ཐོས་ཀྱི་དགྲ་བཅོམ་ལ་ནི་ཀུན་གཞི་ཡོད་པ་ཉིད་དོ། །འོན་ཀྱང་གང་ཟག་གི་བདག་ཏུ་འཛིན་པའི་ཉོན་མོངས་ཀྱི་རྟེན་ལོག་པ་ལས་ཡང་ཀུན་གཞིའི་ཆ་གཅིག་ལོག་པར་བཤད་ཏུ་རུང་ངོ། །འདི་ནི་ཤིན་ཏུ་རྒྱས་པར་ཐེག་བསྡུས་ལས། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་མངོན་པའི་མདོའི་གཞུང་ལས། ཆོས་ཀུན་ས་བོན་ཐམས་ཅད་པའི། །རྣམ་པར་ཤེས་པ་ཀུན་གཞི་སྟེ། །དེ་བས་ཀུན་གཞིའི་རྣམ་ཤེས་དེ། །དམ་པ་དག་ལ་ངས་བཤད་དོ། །ཞེས་གསུངས་ཏེ། །དེ་ལ་ཅིའི་
(༥༡)ཕྱིར་ཀུན་གཞིའི་རྣམ་ཤེས་ཞེས་བྱ་ཞེ་ན། སྐྱེ་བ་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་འབྲུའི་དངོས་པོར་སྦྱོར་བའམ། དེ་ཡང་དེ་དག་ཏུ་རྒྱུའི་ངོ་བོར་སྦྱོར་བའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པའོ། །ཡང་སེམས་ཅན་དེ་དག་དེའི་བདག་ཉིད་དུ་སྦྱོར་བས་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱའོ། །དེ་ནི་ལེན་པའི་རྣམ་པར་ཤེས་པ་ཞེས་ཀྱང་བྱ་སྟེ། དགོངས་པ་ངེས་འགྲེལ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོ་བཞིན་དུ་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཅེས་གསུངས་པ་ལྟ་བུ་སྟེ། དེ་ནི་དབང་པོ་གཟུགས་ཅན་ཐམས་ཅད་ཀྱི་རྒྱུ་ཡིན་པ་དང་། ལུས་ཐམས་ཅད་ཉེ་བར་ལེན་པའི་གནས་སུ་གྱུར་པའི་ཕྱིར་ཏེ། འདི་ལྟར་ཚེ་ཇི་སྲིད་པར་རྗེས་སུ་འཇུག་གི་བར་དུ་དེ། དབང་པོ་གཟུགས་ཅན་ལྔ་པོ་དག་མ་ཞིག་བར་ཉེ་བར་བཟུང་བ་དང་། ལུས་ཉིང་མཚམས་སྦྱོར་བ་སྦྲེལ་བ་ན་ཡང་། དེ་དག་མངོན་པར་འགྲུབ་པ་ཉེ་བར་འཛིན་པའི་ཕྱིར་ལུས་བཟུང་བ་ཡིན་ཏེ། དེ་ལྟ་བས་ན། ལེན་པའི་རྣམ་པར་ཤེས་པ་ཞེས་བྱའོ། །ཞེས་བྱ་བ་དང་།
(༥༢)༈ཡང་མཚན་ཉིད་རྣམ་པར་བཞག་པ་ནི་གསུམ་སྟེ། ཀུན་གཞིའི་རྣམ་པར་ཤེས་པ་རང་གི་མཚན་ཉིད་ནི། གང་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་བག་ཆགས་ལ་བརྟན་ནས་ས་བོན་ཡོངས་སུ་འཛིན་པ་དང་ལྡན་པས་དེ་སྐྱེ་བའི་རྒྱུ་མཚན་ཉིད་དོ། །དེ་ལ་རྒྱུ་ཡི་མཚན་ཉིད་ནི། །དེ་ལྟར་ཀུན་གཞིའི་རྣམས་པར་ཤེས་པ་ས་བོན་ཐམས་ཅད་པ་དེ་ཀུན་ནས་ཉོན་མོངས་པའི་ཆོས་དེ་དག་ཉིད་ཀྱི་རྒྱུ་ཉིད་དུ་དུས་ཐམས་ཅད་དུ་ཉེ་བར་ལེན་པ་ཡིན་ནོ། །དེ་ལ་འབྲས་བུའི་མཚན་ཉིད་དུ་རྣམ་པར་བཞག་པ་ནི། གང་ཀུན་གཞིའི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་ཆོས་དེ་དག་ཉིད་ཀྱི་ཐོག་མ་མེད་པའི་དུས་ཀྱི་བག་ཆགས་ལ་བརྟེན་ནས་བྱུང་བའོ། །ཞེས་དང་། བག་ཆགས་དེ་ཡང་། དཀར་བ་དང་གནག་པའི་ཆོས་དེ་རྣམས་དེ་དག་དང་། ལྷན་ཅིག་ཏུ་འབྱུང་ཞིང་འགག་ཀྱང་། །སེམས་དེ་ནི་དེའི་རྒྱུ་ཉིད་དུ་འགྱུར་ཞིང་། དེ་ལས་ཀྱང་ཀུན་ནས་ཉོན་མོངས་པའི་ཆོས་དེ་རྣམས་ཀྱི་རྒྱུ་ཀུན་གཞིའི་རྣམ་ཤེས་ཡིན་པ་ལྟར། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱང་ཀུན་གཞིའི་རྣམ་པར་ཤེས་པའི་རྒྱུའི་རྐྱེན་དུ་རྣམ་པར་བཞག་སྟེ། རྒྱུའི་རྐྱེན་གཞན་མ་དམིགས་པའི་ཕྱིར་རོ། །སྣ་ཚོགས་པའི་བག་
(༥༣)ཆགས་སུ་མ་དམིགས་པར་གནས་ཀྱང་། ཕྱིས་ལས་སོ་སོར་བསྐྱེད་པ་ན་ཐ་དད་དུ་སྣང་བ་ནི། ཚི་གུའི་རྐྱེན་དང་ལྡན་པའི་རས་ཚོན་གྱིས་བསྒྱུར་བས་སྣ་ཚོགས་སུ་འགྱུར་བ་བཞིན་ཏེ། འདི་ནི་མཆོག་ཏུ་ཟབ་པའི་ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་གྱི་རྟེན་ཅིང་འབྲེལ་བར་འབྱུང་བའོ། །འཇུག་པའི་རྣམ་པར་ཤེས་པ་གཞན་དང་ཀུན་གཞིའི་རྣམ་པར་ཤེས་པ་ཕུན་ཚུན་རྒྱུ་དང་རྐྱེན་གྱི་མཚན་ཉིད་དུ་བལྟའོ། །དེ་ཡང་། གཅིག་ནི་རྐྱེན་གྱི་རྣམ་པར་ཤེས། །གཉིས་པ་ཉེ་བར་སྤྱོད་པ་ཅན། །ཉེ་བར་གཅོད་དང་ཡང་གཅོད་དང་། །དེ་ཡི་འཇུག་བྱེད་སེམས་ལས་བྱུང་། །ཞེས་དབུས་མཐའ་ལས་འབྱུང་བ་བཞིན་དུ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པ་རྒྱས་པར་གསུངས་སོ། །རྒྱུ་མཚན་འདིས་ན་ཀུན་གཞི་ནི་སེམས་ཅན་གྱི་གནས་ཁྱད་པར་ཅན་ལ་བརྗོད་ལ། མྱ་ངན་ལས་འདས་པ་ཆེན་པོའི་ཡེ་ཤེས་ཀྱི་རྒྱུ་མ་ཡིན་པ་བརྗོད་དོ། །འོ་ན་ཁ་ཅིག། ཀུན་གཞི་ཀུན་གྱི་རྒྱུ་ཡིན་ཀྱང་། །རྣམ་པར་བྱང་བའི་རྒྱུ་མ་ཡིན། །ཞེས་བྱ་བ་ལ། རྣམ་བྱང་གི་རྒྱུ་ཉིད་དུ་སྟོན་པ་ཡང་ཡོད་པས་འདི་ཇི་ལྟར་ཡིན་ཞེ་ན། ཀུན་གཞི་དེ་དག་པ་ལས་རྣམ་པར་བྱང་བ་ཉིད་ཀྱི་ཐ་སྙད་བརྗོད་པར་
(༥༤)བྱེད་ན་རུང་གི། ཀུན་གཞིའི་རྣམ་པར་ཤེས་པ་མྱ་ངན་ལས་འདས་པ་སངས་རྒྱས་ཀྱི་རྒྱུར་བཤད་ན་མི་རུང་བ་ཡིན་ནོ། །འོ་ན་དཀར་པོའི་ཆོས་སངས་རྒྱས་ཀྱི་བྱང་ཆུབ་དང་དབྱེ་བ་མེད་པ་ཡང་དག་པའི་ལྟ་བ་ལ་བརྟན་པའི་རྟོག་པ་ཡང་། ཀུན་གཞིའི་སྟེང་དུ་འཇོག་པ་མ་ཡིན་ནམ། རྣམ་པར་བྱང་བའི་ཆོས་དེ་དག་ཅི་ལྟར་སྐྱེད་ཅེ་ན། འདིར་ནི་སེམས་ཀྱི་དག་པའི་ཆོས་སྐུ་དེ་བཞིན་གཤེགས་པའི་སྙིང་པོ་ལ་བསྟན་པ་སྟེ། རྒྱུད་བླ་མ་ལས། གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་པ་དང་། །ཡང་དག་བླང་པ་མཆོག་ཉིད་དོ། །རིགས་དེ་གཉིས་ལ་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་སྟེ། །དང་པོས་སྐུ་ནི་དང་པོ་སྟེ། །གཉིས་པ་ཡིས་ནི་ཕྱི་མ་གཉིས། །ཞེས་བྱ་བར་གསུངས་ཤིང་། རྒྱས་པར་ཐེག་བསྡུས་ལས། ས་བོན་ཐམས་ཅད་པ། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་ན། དེའི་གཉེན་པོ་འཇིག་རྟེན་ལས་འདས་པའི་སེམས་ཀྱི་ས་བོན་དུ་ཇི་ལྟར་རུང་། འཇིག་རྟེན་ལས་འདས་པའི་སེམས་ནི་མ་འདྲེས་པས་དེའི་བག་ཆགས་ནི་མེད་པ་ཉིད་དོ། །བག་ཆགས་དེ་མེད་ན་ས་བོན་གང་ལས་བྱུང་བ་བརྗོད་དགོས་སོ། །
(༥༥)ཞེ་ན། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ། ཐོས་པའི་བག་ཆགས་སོན་པ་དེ་ལས་འབྱུང་ངོ། །ཐོས་པའི་བག་ཆགས་གང་ཡིན་པ་དེ་ཡང་། ཅི་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ཡིན་ནམ། འོན་ཏེ་མ་ཡིན། གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཡིན་ན་ནི། ཅི་ལྟར་དེའི་གཉན་པོའི་ས་བོན་དུ་རུང་། ཅི་ཏེ་དེའི་ངོ་བོ་ཉིད་མ་ཡིན་ན་ནི། །ཐོས་པའི་བག་ཆགས་དེའི་ས་བོན་གྱི་གནས་གང་ཞིག་ཡིན་པར་བལྟ། ཞེ་ན། སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་ནས་ཐོས་པའི་བག་ཆགས་སུ་གྱུར་པ་ནི། དེ་གནས་གང་ལ་འཇུག་པ་དེ་ལྷན་ཅིག་འབྱུང་བའི་ཚུལ་གྱིས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལ་ཆུ་དང་འོ་མ་བཞིན་དུ་འཇུག་ཀྱང་། དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་མ་ཡིན་ཏེ། དེའི་གཉེན་པོའི་ས་བོན་ཡིན་པའི་ཕྱིར་རོ། །དེ་ཡང་བག་ཆགས་ཆུང་ལས་འབྲིང་དང་། དེ་ལས་ཆེན་པོར་འགྱུར་ཏེ། ཐོས་བསམ་བསྒོམ་པ་ལན་མང་དུ་བྱས་པ་དང་ལྡན་པའི་ཕྱིར་རོ། །དེ་ནི་ཆོས་སྐུའི་ས་བོན་དུ་བལྟའ་སྟེ། ཀུན་གཞིའི་རྣམ་ཤེས་ཀྱི་གཉེན་པོ་ཡིན་པས། ཀུན་གཞིའི་རྣམ་ཤེས་ཀྱི་ངོ་བོ་མ་ཡིན་པ་དང་། འཇིག་རྟེན་པ་ཡིན་
(༥༦)ཀྱང་འཇིག་རྟེན་ལས་འདས་པའི་སེམས་ཀྱི་ས་བོན་དུ་གྱུར་པའོ། །དེ་ནི་འཇིག་རྟེན་ལས་འདས་པའི་སེམས་མ་བྱུང་དུ་ཟིན་ཀྱང་། ཉོན་མོངས་པས་ཀུན་ནས་བཀྲ་ཤིས་པ་དང་ངན་འགྲོ་དང་ཉེས་པ་ཐམས་ཅད་དེངས་པར་བྱེད་པའི་གཉེན་པོ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་འཕྲད་པའི་རྗེས་སུ་མཐུན་པའོ། །བྱང་ཆུབ་སེམས་དཔའ་ལས་དང་པོ་པ་རྣམས་ཀྱི་འཇིག་རྟེན་པ་ཡིན་ཡང་ཆོས་ཀྱི་སྐུར་བསྡུས་པ་དང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བའི་ལུས་སུ་བསྡུས་པར་ཡང་བལྟའོ། །དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་མ་ཡིན་གྱི། ཆོས་ཀྱི་སྐུ་དང་རྣམ་པར་གྲོལ་བའི་ལུས་ཀྱིས་བསྡུས་པས་ཆུང་འབྲིང་ཆེན་པོར་རིམ་གྱིས་འཕེལ་བ་ལྟར། རྣམ་པར་སྨིན་པའི་ཤེས་པ་འབྲིང་ཞིང་གནས་པ་ཐམས་ཅད་དུ་འགྱུར་བ་དང་། ས་བོན་ཐམས་ཅད་པའང་མེད་པར་འགྱུར་ཏེ། རྣམ་པ་ཐམས་ཅད་དུ་སྤང་བ་ཡིན་ནོ། །ཞེས་བྱ་བ་ལོྭགས་པ་གསུངས་སོ། །ཡང་རྒྱས་འགྱུར་གྱི་རིགས་དེ་གསར་དུ་བྱུང་བ་སྙམས་དུ་ཁ་གཅིག་གིས་སེམས་ཅན་ན། དེ་ལྟ་མ་ཡིན་ཏེ། རང་བཞིན་དུ་གནས་པའི་རིགས་ཆོས་ཀྱི་དབྱིངས་དེ་ལ་ཀུན་གཞིའི་རྣམ་པར་ཤེས་པ་ལ་སོགས་པ་བརྒྱད། རྣམ་པར་བཞག་པ་དེ་ནི་ཡང་དག་མ་ཡིན་པའི་ཀུན་ཏུ་རྟོག་པས་བཞག་ཅིང་
(༥༧)ཕྱེ་བ་དེ་ལྟར། ཚོགས་བརྒྱད་པོ་དེ་རྣམས་ཀྱི་དྲི་མ་མེད་པའི་རང་གི་ངོ་བོ་ཡེ་ཤེས་བཞིའི་རང་བཞིན་དུ་ཡོད་དེ། དེ་ཡང་དག་པའི་ཀུན་ཏུ་རྟོག་པ་སངས་རྒྱས་ཀྱི་བྱང་ཆུབ་ལ་བརྟེན་པའི་དཀར་པོའི་ཆོས་ཀྱིས་སྔར་གྱི་དྲི་མ་དེ་བཅོམ་པ་ལས་ཚོགས་བརྒྱད་ཀྱི་འཁྲུལ་པ་མེད་པས་གནས་འགྱུར་གྱི་ཡེ་ཤེས་ཀྱི་མིང་འཐོབ་སྟེ། རྒྱུ་མཚན་དེས་ནས། ཆུ་ཁམས་གསེར་དང་ནམ་མཁའ་ལྟར། །དག་པ་བཞིན་དུ་རྣམ་དག་འདོད། །ཅེས་དབུས་མཐར་གསུང་པ་ལྟར། དྲི་མ་མེད་པའི་ཡེ་ཤེས་ཡིན་ལ། དྲི་མ་དང་བཅས་པ་ནི་རྣམ་ཤེས་མ་ཡིན་པར་བལྟའོ། །མཚན་ཡང་དག་པར་བརྗོད་པ་ལས་ཀྱང་། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །ཞེས་གསུངས་སོ། །དེ་ལྟར་ཀུན་གཞིའི་རྣམ་ཤེས་གསལ་བར་ངོས་བཟུང་བ་འདི་ནི་ཆོས་རྗེ་རང་བྱུང་རྒྱལ་བས་ནང་དོན་རང་འགྲེལ་ལས་གསུངས་སོ། །འཕགས་པ་ཀླུ་སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་ཀྱང་། དེ་བཞིན་ཀུན་གཞིའི་རྣམ་ཤེས་ནི། །རྫུན་ཡང་བདེན་པ་ལྟ་བུ་ནི། །འགྲོ་དང་འོང་རྣམ་གཡོ་ཞིང་། །རྟག་ཏུ་སྲིད་པ་གསུམ་པོ་གཡོ།། །།སྲོད་པ་བྱས་པ་རྟགས་དགོངས། །ཞེས་གསུངས་སོ། །རང་ཤར་ལས་ཀྱང་། ཀུན་གཞི་རྣམ་རྟོག་འཛིན་པ་ལ། །སྣ་ཚོགས་འཁྲུལ་པའི་ཤེས་པས་བསླད། །
(༥༨)ཀུན་གཞི་མ་རིག་དངོས་པོ་ཡིན། །ཀུན་གཞི་ཞེས་བྱ་དེ་ལ་བྱ། །ཞེས་ཀུན་གཞིའི་རྣམ་ཤེས་ནི་ཡེ་ཤེས་ཀྱི་སྒྲིབ་བྱེད་དུ་གསུངས་སོ། །ཁ་གཅིག་དབུ་མའི་ལུགས་ལ་ཀུན་གཞིའི་རྣམ་ཤེས་མི་འདོད་ཉམ་ནས་ཐེག་ཆུང་གི་ལུགས་ལ་ཞེན་པར་བྱེད་ཀྱང་། འདིར་ཐེག་ཆེན་མངོན་པ་དང་། བླ་མེད་རྒྱུད་ལས་ཀྱང་ཀུན་གཞི་བསྟན་ཕྱིར་དེ་གིས་དབུ་མའི་ལུགས་མ་རྟོགས་སོ་ཞེས་སྨྲས་པའི་སྐྱོན་སོགས་འགྱུར་རོ། ༈། ཉོན་ཡིད་ཀྱི་རྣམ་པར་ཤེས་པ་ནི། རྗེ་རང་བྱུང་ཞབས་ཀྱིས་རྣམ་ཤེས་ཡེ་ཤེས་རབ་བརྟགས་ལས། ཁྱད་པར་སེམས་བྱུང་འདུ་བྱེད་ནི། །ཡིད་ཀྱི་རྣམ་ཤེས་ལ་བརྟེན་ཏེ། །དེ་མ་ཐག་དང་ཉོན་ཡིད་གཉིས། །ཞེས་གསུངས་ཏེ། སེམས་བྱུང་ལྔ་བཅུ་རྩ་གཅིག་གི་རྟེན་ནི་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ཀྱང་། །དྲུག་པ་ཡིད་ཀྱི་རྣམ་ཤེས་དེ་ཡིད་བྱེད་ལས་ཀྱི་དབང་གིས་དྲུག་ཡིད་ལས་ཟུར་དུ་བསྒྲངས་དགོས་པའི། དེ་མ་ཐག་ཡིད་དང་ཉོན་ཡིད་གཉིས་ཡོད་པའི། ༈། དང་པོ་དེ་མ་ཐག་ཡིད་ནི་ཆོས་མངོན་པ་ནས་ཡིད་ཀྱི་དབང་པོར་བསྟན་པ་དེ་ཡིན་ལ། ཉོན་ཡིད་དྲི་མའི་ཆ་ཡིན་ཕྱིར་ཚོགས་བརྒྱད་ཀྱི་གྲངས་སུ་མི་བསྒྲངས་པར། དེའི་མལ་དུ་དེ་མ་ཐག་ཡིད་ཚོགས་བརྒྱད་ཀྱི་གྲངས་སུ་བསྒྲངས་པའི་བཞེད་པ་ཡོད་མོད། ཡོངས་
(༥༩)གྲགས་ལ་ཚོགས་བརྒྱད་གྲངས་སུ་མི་བསྒྲངས་པར་ཡིད་དབང་དུ་བལྟའོ། །དེ་ཡང་དྲུག་པོ་སྐྱེ་དང་འགག་པ་ཡི། །རྐྱེན་ཕྱིར་དེ་མ་ཐག་པ་ཡིན། །ཚོགས་དྲུག་སྐད་གཅིག་སྐྱེ་འགག་གི། །གྲངས་བཞིན་དེ་དང་འབྲེལ་བ་ཡིན། །རྣལ་འབྱོར་ལྡན་པའི་ཡིད་དང་ནི། །རྒྱལ་བའི་བཀའ་ལས་འདི་ཤེས་འགྱུར། །ཞེས་གསུངས་ཏེ། དེ་ལ་དེ་མ་ཐག་ཡིད་དེ་གང་ཞེ་ན། རྣམ་པར་ཤེས་པ་ཚོགས་དྲུག་པོ་ཀུན་གཞིའི་ཀློང་ནས་སྐྱེ་བ་དང་། དེའི་བག་ཆགས་ཀུན་གཞིའི་སྟེང་དུ་འགག་པའི་སྔ་ཕྱི་མཚམ་སྦྱོར་བའི་རྐྱེན་བྱེད་པའི་ཕྱིར། དེ་མ་ཐག་པ་ཞེས་བཤད་པ་ཡིན་པས་ན། འདི་ཉིད་ཚོགས་དྲུག་སོ་སོའི་རྣམ་ཤེས་དང་། དེའི་རེག་པ་ཡིད་བྱེད་ཚོར་བ་འདུ་ཤེས་སེམས་པ་སོགས་ཀྱི་སྐད་ཅིག་སྔ་མ་འགག་མ་ཐག་དང་ཕྱི་མ་སྐྱེ་བའི་མཚམས་སྦྱོར་ཕྱིར། དེ་དག་སྐྱེ་འགག་གི་གྲངས་ཇི་སྙེད་པ་བཞིན་དུ་དེ་དང་འབྲེལ་བ་ཡིན་གྱིས། དེ་མ་ཐག་ཡིད་གཅིག་གིས་སེམས་བྱུང་དུ་མ་བསྐྱེད་པའམ། དེ་མ་ཐག་ཡིད་མང་པོས་སེམས་དང་སེམས་བྱུང་གཅིག་བསྐྱེད་པ་ནི་མི་སྲིད་དོ། །དེ་མ་ཐག་ཡིད་འདི་ཐབས་ཤེས་རབ་འབྲེལ་པའི་ཞི་ལྷག་ཟུང་འཇུག་གི་ལམ་རྣལ་མ་མ་ནོར་བ་ལ་འབྱོར་བ་དང་ལྡན་པའི་ཡིད་དེ་ལ་དྲི་མ་མེད་
(༦༠)པའི་ཡིད་ཞེས་བྱ་བ་ཡིན་པས་དེ་དང་ནི། དེ་ལྟའི་བསྒོམ་ཉམས་རྐྱང་པས་མ་ཟད། ད་དུང་རྒྱལ་བའི་བཀའ་ཐེག་པ་ཆེན་པོའི་གཞུང་ལ་ཐོས་བསམ་རྒྱ་ཆེན་པོའི་ཤེས་རབ་གསུམ་ཀ་དང་ལྡན་པ་ལས་དེ་མ་ཐག་ཡིད་འདི་ཤེས་པར་འགྱུར་གྱི། ཤེས་རབ་ཕྱོགས་རེས་ནི་མི་རྟོགས་སོ། །འདི་ལ་གཞན་དག། དེ་མ་ཐག་ཡིད་འདི་དྲུག་པ་ཡིད་ཀྱི་ཆར་འཆད་པ་དང་། ཁ་ཅིག་དོན་ལ་མེད་པར་འཆད་པ་ཡོད་ཀྱང་། དེ་དག་ནི་ཉན་ཐོས་པའི་ཚོགས་དྲུག་ལས་མེད་པར་འདོད་པའི་རྣམ་བཞག་ལ་ཞེན་ནས་ཐེག་ཆེན་གྱི་རྣམ་བཞག་མ་རྟོག་པའོ། ༈། གཉིས་པ་ཉོན་མོངས་ཅན་གྱི་ཡིད་ནི། །འདི་ཡི་ཆ་ཤས་སེམས་ཉིད་ལ། །རང་སེམས་ང་རྒྱལ་འཛིན་པ་དང་། །ང་ལ་ཆགས་ཤིང་མ་རིག་བཅས། །འཇིག་ཚོགས་ཐམས་ཅད་བསྐྱེད་པའི་ཕྱིར། །ཉོན་མོངས་ཅན་གྱི་ཡིད་ཅེས་བྱ། །དྲུག་པོ་འགག་མ་ཐག་ཡིད་ནི། །རྣམ་ཤེས་སྐྱེ་བའི་གནས་ཡིན་ཏེ། །ཉོན་ཡིད་ཉོན་མོངས་གནས་སུ་འགྱུར། །སྐྱེ་དང་སྒྲིབ་པའི་ནུས་པར་ལྡན། །དེ་ཕྱིར་ཡིད་དེ་རྣམ་པ་གཉིས། །ཞེས་གསུངས་ཏེ། ཉོན་ཡིད་ནི་དེ་མ་ཐག་ཡིད་འདི་ཡི་ཆ་ཤས་ཡིན་ཀྱང་། བྱེད་ལས་སེམས་ཀུན་གཞི་སྟོང་པ་
(༦༡)ཉིད་ལ་ང་མེད་པ་ལ། ངར་སེམས་པ་དང་། ༡ང་རྒྱལ་ཏེ་མཆོག་ཏུ་འཛིན་པ་དང་། ༢ང་ལ་གཞན་ལས་གཅེས་པར་བཟུང་བའི་ཆགས་ཤིང་འཆུམ་པ་དང་། ༣ང་ཉིད་བདེན་མེད་དུ་མ་རྟོག་པའི་མ་རིག་པ་དང་བཅས། ༤ཉོན་མོངས་པ་བཞི་དང་རྟག་ཏུ་འགྲོགས་པས། འཇིག་ཚོགས་ཀྱི་ལྟ་བ་དྲུག་ཅུ་རེ་གཉིས་ཐམས་ཅད་སྐྱེད་པའི་ཕྱིར་ཉོན་མོངས་ཅན་གྱིས་ཡིད་ཅེས་བྱ་བ་ཡིན་ལ། སྔ་མ་དེ་མ་ཐག། ཡིད་དེས། དེ་ལྟར་ཉོན་མོངས་ཅན་དུ་བྱས་པའི་ཤེས་པ་དྲུག་པོ་ནི། བག་ཆགས་ཀུན་གཞི་ལ་འགག་པར་བྱས་མ་ཐག་ཡིད་དེ་ནི་རྣམ་ཤེས་ཕྱི་མ་སླར་ཡང་སྐྱེ་བའི་གནས་སམ་མཚམས་སྦྱོར་བ་པོ་རང་ཡིན་ཏེ། འོན་ཀྱང་སྔ་མ་འགག་པས་ཕྱི་མ་སྐྱེ་བའི་རྒྱུ་བྱས་པ་ཡིན་གྱི། འགག་བྱེད་དང་སྐྱེ་བྱེད་གཉིས་སུ་ནི་མེད་དོ། །དེ་མ་ཐག་ཡིད་འདིས་བསྐྱེད་པའི་ཤེས་པ་དེ་ལ་ངར་འཛིན་སོགས་ཉོན་ཡིད་དེས་འཁྱུད་ནས་ཉོན་མོངས་པ་ཅན་གྱི་གནས་སུ་འགྱུར་བས་ན། དེ་མ་ཐག་ཡིད་ཀྱིས་ཚོགས་དྲུག་གི་སེམས་དང་སེམས་བྱུང་ཐམས་ཅད་བསྐྱེད་པ་དང་། །ཉོན་ཡིད་ཀྱིས་སྒྲིབ་པར་བྱེད་པའི་ནུས་པར་ལྡན་པ་ཡིན་ཅིང་། དེའི་ཕྱིར། ཡིད་དེ་ལ་རྣམ་པ་གཉིས་སུ་བརྗེད་ཅིང་། གལ་ཏེ་དེ་
(༦༢)མ་ཐག་ཡིད་དེས་དད་པ་སོགས་རྣམ་བྱང་གི་ཤེས་པ་སྐྱེད་ན་ནི། དེ་ཚེ་ཉོན་མོངས་ཅན་མི་རྒྱུ་བས་དྲི་མ་མེད་པའི་ཡིད་ཅེས་མདོ་དག་ལས་གསུངས་སོ། །ཉོན་ཡིད་དེའི་ངོ་བོ་ནི། སྒྲིབ་ལུང་མ་བསྟན། འཁོར་ནི་ཀུན་གྲོལ་ལྔ་ཡིན། འགོག་པའི་སྙོམ་འཇུག་དང་། དགྲ་བཅོམ་པ་ཐོབ་ནས་མེད་དོ། །བྱང་སེམས་ཀྱི་མཉམ་བཞག་ལའང་མེད་དོ། །གཞན་འདུ་ཤེས་མེད་པའི་སྙོམས་འཇུག་སོགས་འཇིག་རྟེན་པ་ནི་ཀུན་ལ་ཡོད་དོ། ༈། ཚོགས་དྲུག་གི་རྣམ་པར་ཤེས་པ་ནི། དམིགས་རྐྱེན་ལ་ལྟོས་དེ་དག་ཀྱང་། །གཟུགས་སོགས་ཡུལ་ནི་དྲུག་པོ་ཡིན། །བདག་རྐྱེན་དབང་པོ་དྲུག་པོ་སྟེ། །དེའང་གཟུགས་ཅན་དྭངས་པའོ། །གཉིས་ཀ་སེམས་ལས་བྱུང་བ་ཡི། །ཡུལ་དང་དབང་པོ་རབ་སྣང་བ། །ཐོག་མེད་ཁམས་ལ་བརྟན་པ་ཡིན། །དོན་མཐོང་རྣམ་པར་ཤེས་ཡིན་ཀྱང་། །ཞེས་གསུངས་ཏེ། ཚོགས་དྲུག་གི་རྣམ་ཤེས་ཐེག་པ་ཆེ་ཆུང་གཉིས་ཀར་མཐུན་པར། མིག། རྣ་བ། སྣ། ལྕེ་ལུས་སྟེ་སྒོ་ལྔའི་རྣམ་ཤེས་དང་། དེ་སྟེང་དྲུག་པ་ཡིད་ཀྱི་རྣམ་ཤེས་ཏེ་རྣམ་པར་ཤེས་པ་ཚོགས་དྲུག་ནི། རྐྱེན་བཞི་ལ་བརྟེན་ཏེ་འབྱུང་བ་སྟེ། ༈། རྒྱུའི་རྐྱེན་ནི། གོང་བཤད་ཀུན་གཞིའི་རྣམ་ཤེས་ཏེ། ཀུན་
(༦༣)གཞི་དེ་ལས་རྒྱ་མཚོ་ལས་རླངས་པ་ལྟར་ཚོགས་དྲུག་འབྱུང་བའོ། །དམིགས་པའི་རྐྱེན་ནི། ཡུལ་དྲུག་སྟེ། དེ་དག་མེད་ན་ཚོགས་དྲུག་མི་འབྱུང་བའོ། །བདག་རྐྱེན་ནི་སྔར་བཤད་པའི་མིག་གི་དབང་པོ་སོགས་ལྔ་དང་། དེ་མ་ཐག་ཡིད་ལ་ཡི་དབང་དུའང་བཤད་པས་དབང་པོ་དྲུག་གོ །དེ་མ་ཐག་པའི་རྐྱེན་ནི་དེ་མ་ཐག་ཡིད་དོ། །དམིགས་རྐྱེན་དང་བདག་རྐྱེན་དེ་དག་གཉིས་ཀ་གཞན་ནི་མིན་ཏེ་ཚོགས་དྲུག་སོ་སོའི་སེམས་འཁྲུལ་དབང་གིས་ཡུལ་དང་ཡུལ་རྐྱེན་གཉིས་ལྟར་སྣང་ཡང་། སྐད་ཅིག་རང་ངོ་མ་ཤེས་པས་ཐོག་མ་མེད་ཀྱང་། བག་ཆགས་བསགས་པའི་ཀུན་གཞིའི་ཁམས་ཀྱི་ནུས་པ་ལ་རྟེན་པ་ཙམ་ཡིན་ནོ། །དེའང་གསལ་རིག་ཙམ་དུ། མིག་གི་རྣམ་ཤེས་ཀྱིས་གཟུགས་མཐོང་བས་མིག་གི་རྣམ་པར་ཤེས་པ་སོགས་སྒོ་ལྔའི་ཤེས་པས་རྟོག་མེད་དུ་ཤེས་པ་ལ་ཡིད་ཀྱི་རྣམ་ཤེས་ཀྱིས་ཡུལ་གྱི་བྱེ་བྲག་རྣམ་པ་འདི་དང་འདི་འོ་སྙོམ་དུ་ཤེས་པའོ། ༈། ཕུང་པོ་ཞེས་པ་ནི། སེམས་མ་དག་པའི་རྒྱུ་དང་རྐྱེན་དུ་སྣང་བ་དུ་མ་འདུས་པའི་རྟེན་འབྲེལ་ལས་སྣང་བའི་ཕྱིར། མང་པོའམ་དུ་མ་རིགས་མཐུན་ཚོགས་པ་ལ་ཕུང་པོར་བརྟགས་ཏེ། འབྲུ་ཡིས་ཕུང་པོ། ས་ཡི་ཕུང་པོ་ཞེས་པ་ལྟ་བུའོ། ༈། ཞར་བྱུང་དུ་
(༦༤)ཟག་མེད་ཀྱི་ཕུང་པོ་ལྔ་ནི། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་ཕུང་པོ་དང་ལྔའོ། །དང་པོ་ནི། འཕགས་ལམ་ཡན་ལག་བརྒྱད་ཀྱི་ཡང་དག་པའི་ངག་དང་། ལས་མཐའ་དང་འཚོ་བ་གསུམ་མོ། །གཉིས་པ་ནི་དྲན་པའོ། །གསུམ་པ་ནི། ལྟ་བ་རྟོགས་པ་རྩོལ་བ་གསུམ་མོ། །བཞི་པ་ནི་སྒྲིབ་གཉིས་བག་ཆགས་དང་བཅས་འགོག་པའོ། །ལྔ་པ་ནི་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་སོ། ༈། ཡང་ན། དྲི་མའི་ཕྱོགས་རྣམ་པར་དག་པ་ཚུལ་ཁྲིམ་གྱི་ཕུང་པོ། ཞི་ལྷག་གི་ཏིང་ངེ་འཛིན་གྱི་ཕུང་པོ། རང་དང་སྤྱིའི་རང་བཞིན་གཟུགས་པའི་ཤེས་རབ་ཀྱི་ཕུང་པོ། སྤྲོས་པ་དང་རྟོག་པ་ལས་གྲོལ་བ་རྣམ་གྲོལ་ཕུང་པོ། རང་ཉིད་ཉོན་མོངས་ལས་གྲོལ་བ་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་ཕུང་པོའོ། ༈། ཁམས་བཅོ་བརྒྱད་ནི། རྟེན་གྱི་ཁམས་མིག་གི་དབང་པོ་སོགས་ནས་ཡིད་ཀྱི་དབང་པོའི་བར་དྲུག། དམིགས་པའི་ཁམས་གཟུགས་སོགས་ཡུལ་དྲུག། རྣམ་པར་ཤེས་པའི་ཁམས་དམིག་གི་རྣམ་ཤེས་སོགས་ཚོགས་དྲུག་སྟེ། དྲུག་ཚན་གསུམ་ལ་བཅོ་བརྒྱད་འབྱུང་ངོ་།
(༦༥)དེ་ལས་ཡིད་ཀྱི་ཁམས་ནི་སྔར་བཤད་པའི་དེ་མ་ཐག་ཡིད་དེ་ཡིད་དབང་ངོ། །ཆོས་ཀྱི་ཁམས་ནི། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པ་རིག་བྱེད་མིན།། །གཟུགས་དང་། །འདུས་མ་བྱས་གསུམ་རྣམས་སོ། །ཆོས་ཀྱི་སྐྱེ་མཆེད་ཀྱང་དེའོ། །༈། ཁམས་ཞེས་པ་ནི་རང་གི་ངོ་བོ་བྱེད་པོ་མེད་པར་མཚན་ཉིད་འཛིན་པའི་དོན་ནོ། ༈། སྐྱེ་མཆེད་རྣམས་ནི་བཅུ་གཉིས་ཏེ། མིག་སོགས་ནང་གི་སྐྱེ་མཆེད་དྲུག་དང་། གཟུགས་སོགས་ཕྱིའི་སྐྱེ་མཆེད་དྲུག་དང་བཅུ་གཉིས་སོ། །དེ་ལ་རྣམ་པར་ཤེས་པ་ཚོགས་བརྒྱད་ནི་ཡིད་ཀྱི་སྐྱེ་མཆེད་དུ་བརྩིའོ། ༈། སྐྱེ་མཆེད་ནི། དབང་ཡུལ་གཉིས་ལས་རྣམ་ཤེས་སྐྱེ་ཞིང་མཆེད་པའི་སྒོ་ཡིན་པས་བྱེད་པ་པོ་གཞན་མེད་པའི་དོན་ནོ། ༈། སྣང་མཆེད་ཐོབ་གསུམ་ནི། སྣང་བ་ནི་དབང་པོ་ཡུལ་དང་འཕྲད་མ་ཐག་སྣང་བའོ། །ཡུལ་ལ་ཡིད་ཀྱི་རྣམ་ཤེས་འཇུག་པ་ནི་སྣང་བ་མཆེད་པའོ། །ཡུལ་དེ་ཡིད་ཀྱིས་མྱོང་བ་ནི་སྣང་བ་ཐིམ་པའོ། ༈། ཕུང་ཁམས་སྐྱེ་མཆེད་དེ་རྣམས་བསྡུ་ན། གཟུགས་ཕུང་དང་། ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་ཁམས་ཏེ་དེ་དག་གིས་ཤེས་བྱ་ཐམས་ཅད་བསྡུས་ཏེ། གཟུགས་ཕུང་ནང་དུ་སྐྱེ་མཆེད་གཟུགས་ཅན་བཅུ་དང་།
(༦༦)ཁམས་ཐོག་བཅས་བཅུ་སྟེ་ཉི་ཤུ་བསྡུའོ། །ཡིད་ཀྱི་སྐྱེ་མཆེད་ཀྱིས་སེམས་ཁམས་བདུན་དང་རྣམ་ཤེས་ཀྱི་ཕུང་པོ་སྟེ་བརྒྱད་བསྡུས། ཆོས་ཁམས་ཀྱིས་ཚོར་བ་འདུ་ཤེས་འདུ་བྱེད་ཀྱི་ཕུང་དང་གསུམ་དང་། ཆོས་ཀྱི་སྐྱེ་མཆེད་བཞི་བསྡུས་སོ། །གཟུགས་ཕུང་དང་རྣམ་ཤེས་ཕུང་པོ་ཁོ་ནའི་ཕྱོགས་སུ་ཕུང་ཁམས་སྐྱེ་མཆེད་རྣམས་འདུས་སོ། ༈། འདོད་ཁམས་ན་ཁམས་བཅོ་བརྒྱད་ཚང་ངོ། །གཟུགས་ཁམས་ན་དྲི་རོ་སྣའི་རྣམ་ཤེས་དང་། ལྕེའི་རྣམ་ཤེས་། དང་བཞི་མ་གཏོགས་པའི་ལྷག་མ་བཅུ་བཞི་ཡོད། གཟུགས་མེད་ན་ཡིད་ཁམས་ཡིད་ཀྱི་རྣམ་ཤེས་ཆོས་དང་གསུམ་ཡོད། ༈། ཕུང་པོ་ལྔའི་འདྲ་དཔེ་ནི། ། གཟུགས་ནི་དབུ་བ་ལྟ་བུ་སྟེ། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །སྨིག་སྒྱུ་ལྟ་བུ་འདུ་ཤེས་ཏེ། །འདུ་བྱེད་ཆུ་ཤིང་ལྟ་བུ་སྟེ། །རྣམ་ཤེས་སྒྱུ་མ་འདྲ་བ་ནི། །ཉི་མའི་གཉེན་གྱིས་རབ་ཏུ་གསུངས། །ཞེས་གསུངས་སོ། ༈། དབང་པོ་ཉེར་གཉིས་ནི། མིག་གི་དབང་པོ་སོགས་དྲུག། ཕོ་དབང་དང་མོ་དབང་དང་སྲོག་གི་དབང་པོ་དང་གསུམ། བདེ་བའི་དབང་པོ། སྡུག་བསྔལ་གྱི་དབང་པོ། ཡིད་བདེ་བའི་དབང་པོ། ཡིད་མི་བདེ་བའི་དབང་པོ་བཏང་སྙོམས་གཉིས་ཀྱི་དབང་པོ་སྟེ། ཚོར་བའི་
(༦༧)དབང་པོ་ལྔ་དང་། དད་པའི་དབང་པོ་སོགས་ལམ་གྱི་དབང་པོ་ལྔ་དང་། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ། ཀུན་ཤེས་པའི་དབང་པོ། ཀུན་ཤེས་ལྡན་པའི་དབང་པོ་དང་། ཟག་མེད་ཀྱི་དབང་པོ་གསུམ་སྟེ་ཉེར་གཉིས་སོ། །དང་པོ་ལྔ་ནི་སྔར་བཤད་ཟིན། ཕོ་དབང་སོགས་གསུམ་ནི་ཕོ་མོའི་བྱེ་བྲག་ལ་དབང་བྱེད་པ་དང་། །སྲོག་དབང་ནི་འདོད་གཟུགས་ན་ལུས་དང་། གཟུགས་མེད་ན་སེམས་ཀྱི་རྟེན་གནས་བྱེད་པ་ལ་དབང་བའོ། །ཚོར་བའི་དབང་པོ་ལྔ་ནི། ལུས་ཚོར་གཉིས། ཡིད་ཚོར་གཉིས་ལུས་སེམས་ཀྱི་ཚོར་བ་བཏང་སྙོམས་གཉིས་གཅིག་ཏུ་བྱས་པའི་ལྔ་དེས། བདེ་བས་འདོད་ཆགས་ལ་དབང་བྱེད། མི་བདེ་བས་སྡུག་བསྔལ་ལ་དབང་བྱེད། བཏང་སྙོམས་ཀྱིས་གཏི་མུག་ལ་དབང་བྱེད་པའོ། །དད་སོགས་ལྔས་ནི་རྣམ་བྱང་ཐོབ་པ་ལ་དབང་བྱེད། ཟག་མེད་ཀྱི་དབང་པོ་གསུམ་གྱིས། དང་པོ་ནི་རྒྱུན་དུ་ཞུགས་པའི་འབྲུའི་ལམ་ཤེས་པ་སྟེ། སྔོན་མ་ཤེས་པའི་ཆོས་ཤེས་པས་སོ། །གཉིས་པ་ནི། དགེ་སྦྱོང་གི་འབྲས་བུ་གསུམ་གྱི་ཡེ་ཤེས་ཏེ་ཆོས་རྣམས་ཤེས་པའམ་ཕྱིར་རོ། །གསུམ་པ་དགྲ་བཅོམ་པའི་ཡེ་ཤེས་ཏེ་ཆོས་ལྷག་མ་མེད་པ་ཤེས་པའོ། །ཡང་ན། དང་པོས་མཐོང་ལམ་
(༦༨)ཐོབ་པ་ལ་དབང་བྱེད་དོ། །གཉིས་པས་བསྒོམ་ལམ་ལ་དབང་བྱེད་པའོ། །གསུམ་པས། མི་སློབ་པའི་ལམ་ལ་དབང་བྱེད་པའོ། ༈། འདོད་ཁམས་ནི་དབང་པོ་ཉེར་གཉིས་ཐམས་ཅད་ཡོད། །བསམ་གཏན་འོག་མ་གཉིས་ན། ཕོ་དབང་མོ་དབང་། སྡུག་བསྔལ་ཡིད་མི་བདེ་བཞི་མ་གཏོག་པའི་བཅོ་བརྒྱད་ཡོད་དོ། །གསུམ་པ་ན་ཡིད། བདེ་མེད་པས་བཅུ་བདུན་ཡོད། བཞི་པ་ན་བདེ་བའང་མེད་པས་བཅུ་དྲུག་ཡོད། གཟུགས་མེད་ན་དགེ་བའི་དབང་པོ་བརྒྱད། བཏང་སྙོམས་དང་། སྲོག་དང་ཡིད་དང་བཅུ་གཅིག་ཡོད། སྲིད་རྩེ་ན་ཟག་མེད་གསུམ་མེད་པས་བརྒྱད་ཡོད་དོ། ༈། ད་ནི། རྒྱུ་དང་། རྐྱེན་དང་། །འབྲས་བུ་དང་། རྟེན་འབྲེལ་རྣམས་བཤད་དེ། ༈། རྒྱུ་ནི་དྲུག་སྟེ། བྱེད་རྒྱུ་དང་། ལྷན་ཅིག་འབྱུང་བའི་རྒྱུ་དང་། སྐལ་མཉམ་གྱི་རྒྱུ་དང་། མཚུངས་ལྡན་གྱི་རྒྱུ་དང་། ཀུན་འགྲོའི་རྒྱུ་དང་། རྣམ་སྨིན་གྱི་རྒྱུ་དང་དྲུག་གོ། ༈། བྱེད་རྒྱུ་ལ་གཉིས་ཏེ། བྱེད་པ་དང་བཅས་པ་དང་། བྱེད་པས་སྟོང་པའོ། །བྱེད་རྒྱུ་བྱེད་པ་དང་བཅས་པ་ནི། དབང་ཤེས་སྐྱེ་བའི་རྒྱུ་དབང་པོ་ལ་སོགས་པ་སྟེ། ས་གཞི་ནི་ཐུར་དུ་མི་ལྟུང་བར་བྱེད་པའི་རྒྱུ། ཟས་ནི་ལུས་གནས་པར་བྱེད་
(༦༩)པའི་རྒྱུ། སྒྲོན་མའི་གསལ་བར་བྱེད་པའི་རྒྱུ། ཟོ། ར་བ་ནི་ཤིང་སོགས་འབྲེག་པར་བྱེད་པའི་རྒྱུ་ལ་སོགས་པ་ཉི་ཤུ་རྩ་གཉིས་བཤད་དོ། །བྱེད་རྒྱུ་བྱེད་པས་སྟོང་པ་ནི། རང་ལས་གཞན་པའི་འདུས་བྱས་རྣམས་ཏེ། དེས་རང་ལ་སྐྱེ་བའི་གེགས་མ་བྱས་ཤིང་མི་སྒྲིབ་པའོ། །ལྷན་ཅིག་འབྱུང་བའི་རྒྱུ་ནི། རྒྱུ་ཕན་ཚུན་གཅིག་གིས་གཅིག་ཕན་ཚུན་འདོགས་ནས་འབྲས་བུ་འབྱུང་བར་བྱེད་པ་སྟེ། ཕྱིའི་འབྱུང་བ་བཞི་དང་། ནང་གི་སེམས་སེམས་བྱེད་ལྟ་བུ་གཅིག་གྲོགས་གཅིག་གིས་བྱས་པའི་རིགས་རྣམས་སོ། །སྐལ་མཉམ་གྱི་རྒྱུ་ནི། སྔ་མའི་འདྲ་བ་རྣམས་ཕྱི་མའི་རྒྱུ་བྱེད་པར་སྟེ། ཕྱི་ཡི་སྐལ་མཉམ་ནི་སྔ་མའི་ནས་དང་འདྲ་བ་ཕྱི་མའི་ནས་ཀྱི་རྒྱུ་ཡིན་པ་ལྟ་བུའོ། །ནང་གི་སྐལ་མཉམ་ནི་དགེ་སྡིག་ལུང་མ་བསྟན་རྣམས་སོ། །མཚུངས་ལྡན་གྱི་རྒྱུ་ནི། རྟེན་མཚུངས་པའི་སེམས་དང་སེམས་བྱུང་ཐམས་ཅད་ཡིན་ནོ། །ཀུན་འགྲོའི་རྒྱུ་ནི། ཉོན་མོངས་པ་ཅན་ཏེ། སྔ་མའི་སེམས་ཕྱི་མའི་རྒྱུ་སྟེ། སྔ་མའི་སེམས་ཉོན་མོངས་པ་ཅན་ནི་ཕྱི་མའི་ཉོན་མོངས་པའི་རྒྱུ་བྱེད། བདག་འཛིན་ལས་ཉོན་མོངས་རྣམས་འབྱུང་།
(༧༠)ལོག་ལྟ་ལ་ཉེས་སྤྱོད་རྣམས་འབྱུང་བ་ལྟ་བུའོ། །རྣམ་སྨིན་གྱི་རྒྱུ་ནི། མི་དགེ་བ་དང་དགེ་བ་ཟག་བཅས་རྣམས་ཁོ་ན་སྟེ། དེས་སྐྱེ་བ་ཕྱི་མའི་རྣམ་སྨིན་གྱི་འབྲས་བུ་བདེ་འགྲོ་དང་ངན་འགྲོ་བསྐྱེད་པ། ཟག་མེད་ནི་ས་བོན་སྐམ་པོ་དང་འདྲ་སྟེ་རྣམ་སྨིན་གྱི་རྒྱུ་མིན་ནོ། །འགྲོ་འདུག་སོགས་ལུང་མ་བསྟན་ནི། ས་བོན་རུལ་བ་དང་འདྲ་བས་རྣམ་སྨིན་གྱི་རྒྱུ་མིན་ནོ། ༈། རྐྱེན་བཞི་ནི། རྒྱུའི་རྐྱེན་དང་། དེ་མ་ཐག་པའི་རྐྱེན་དང་། དམིགས་པའི་རྐྱེན་དང་། བདག་པོའི་རྐྱེན་དང་བཞིའོ། ༈། རྒྱུའི་རྐྱེན་ནི། འདུས་བྱས་ཐམས་ཅད་སྟེ། བྱེད་རྒྱུ་ལས་གཞན་པའི་རྒྱུ་ལྔའོ། །དེ་མ་ཐག་པའི་རྐྱེན་ནི། དགྲ་བཅོམ་པའི་ཤེས་པ་ཐ་མ་མ་གཏོགས། སེམས་དང་སེམས་བྱུང་སྔ་མ་རྣམས་སྐྱོན་རྐྱེན་དང་རྫས་མཚུངས་ཤིང་ཤེས་པ་གཞན་གྱི་བར་མ་ཆོད་པ་ཤེས་པ་ཕྱི་མ་དེ་མ་ཐག་ཏུ་བསྐྱེད་པའི་ཤེས་པ་སྔ་མ་ནི་དེ་མ་ཐག་རྐྱེན་ནོ། །དམིགས་རྐྱེན་ནི། དབང་ཤེས་དྲུག་པོས་དམིགས་པའི་ཡུལ་ཤེས་བྱ་ཐམས་ཅད་ཡིན་ནོ། །བདག་པོའི་རྐྱེན་ནི། དབང་པོ་དྲུག་པོས་ཤེས་པ་བསྐྱེད་པ་ལ་སོགས་པ་ཡིན་ནོ། ༈། དེ་ཡང་ངོ་བོས་བསྐྱེད་པའི་ལས་ལ་རྒྱུ་ཞེས་བཏགས། ཁྱད་པར་
(༧༡)བསྐྱེད་པའི་རྒྱུ་ལ་རྐྱེན་ཞེས་བཏགས་པའོ། ༈། འབྲས་བུ་ནི་ལྔ་སྟེ། རྣམ་སྨིན་གྱི་འབྲས་བུ་དང་། རྒྱུ་མཐུན་གྱི་འབྲས་བུ་དང་། བདག་པོའི་འབྲས་བུ་དང་། སྐྱེས་བུ་བྱེད་འབྲས་དང་། བྲལ་བའི་འབྲས་བུ་དང་ལྔའོ། །རྣམ་སྨིན་གྱི་འབྲས་བུ་ནི། ལས་དགེ་བ་དང་མི་དགེ་བའི་རྣམ་སྨིན་གྱི་རྒྱུས་བསྐྱེད་པའི་འབྲས་བུ་བདེ་འགྲོ་དང་ངན་འགྲོ་རྣམས་སོ། །རྒྱུ་མཐུན་གྱི་འབྲས་བུ་ནི། རྒྱུ་དང་འདྲ་བའི་ལས་སྐལ་མཉམ་དང་ཀུན་འགྲོའི་རྒྱུ་ལས་སྐྱེས་པ་མྱོང་བ་རྒྱུ་མཐུན་དང་བྱེད་པ་རྒྱུ་མཐུན་གཉིས་སོ། །དཔེར་ན་སྔར་སྲོག་བཅད་ནས་གཞན་ཚེ། ཐུང་ངུར་བྱས་པས། དེའི་འབྲས་བུ་རང་ཡང་ཚེ་ཐུང་ངུར་སྐྱེས། །བྱེད་པ་རྒྱུ་མཐུན་སྔར་སྲོག་བཅད་པས། སླར་ཡང་སྲོག་གཅོད་པ་ལ་དགའོ། །དེ་བཞིན་དུ་ཀུན་ལ་སྦྱར། སྐལ་མཉམ་གྱི་འབྲས་བུ་ནི། མི་ལས་མི་སྐྱེ། ནས་ལ་ནས་སྐྱེ་བ་ལྟ་བུའོ། །བདག་པོའི་འབྲས་བུ་ནི་བྱེད་རྒྱུ་ལས་སྐྱེས་ཏེ། དབང་པོ་དང་ཡུལ་ལས་ཤེས་པ་སྐྱེས་པ་སོགས་དང་། སྣོད་ཀྱི་འཇིག་རྟེན་བཟང་ངན་ཐམས་ཅད་ཀྱང་ལས་བཟང་ངན་ལས་སྐྱེས་པ་ལྟ་བུའོ། །སྐྱེས་བུས་བྱེད་འབྲས་བུ་ནི། རྒྱུ་མཚུངས་ལྡན་དང་། ལྷན་གཅིག་
(༧༢)འབྱུང་བ་གཉིས་ལས་སྐྱེས་ཏེ། ནང་དུ་ནི་བླངས་དོར་གྱི་རིམ་པར་རྟོག་པ་བཟང་ངན་དང་། ཕྱིའི་བཟོ་ཡི་བྱེ་བྲག་རྣམས་དང་། ལོ་ཐོག་སོགས་སྐྱེས་བུའི་སྩོལ་བས་བྱས་པ་ལས་བྱུང་བ་རྣམས་སོ། །བྲལ་བའི་འབྲས་བུ་ནི། བློ་ཡི་ཟད་པ་ཡིན་ལ། བློ་ནི་ཆོས་ཉིད་རྟོགས་པའི་ཤེས་རབ་བོ། །ཟད་པ་ནི་སྟོང་པའི་འགོག་པའོ། ༈། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ནི། མ་རིག་པ་དང་། ༡འདུ་བྱེད་དང་། ༢རྣམ་ཤེས་དང་། ༣མི་གཟུགས་དང་། ༤སྐྱེ་མཆེད་དང་། ༥རེག་པ་དང་། ༦ཚོར་བ་དང་། ༧སྲེག་པ་དང་། ༨ལེན་པ་དང་། ༩སྲིད་པ་དང་། ༡༠སྐྱེ་བ་དང་། ༡༡སྒ་ཤི་དང་བཅུ་གཉིས་སོ། །རྟེན་འབྲེལ་ཞེས་པའི་སྒྲ་དོན་ནི། གཅིག་ལ་གཅིག་བརྟེན་ཅིང་ཕན་ཚུན་འབྲེལ་ནས་བྱུང་བ་དཔེར་ན་མདུང་ཁྱིམ་ལྟ་བུ་གཅིག་མ་ཚང་ནི་མི་འབྱུང་བའོ། །འདིར་ཀུན་ནས་ཉོན་མོངས་པ་འཁོར་བའི་ཆོས་རྟེན་འབྲེལ་ལུགས་འབྱུང་ནི། །འདི་ཡོད་ན་འདི་འབྱུང་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་ནས། སྐྱེ་བའི་རྐྱེན་གྱིས་སྒ་ཤི། སྡུག་བསྔལ་བ་དང་། སྨྲེ་སྔགས་འདོན་པ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་
(༧༣)འབྱུང་སྟེ་དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་གྲུབ་བོ། །ཞེས་ཉོན་མོངས་པ་ལ་བརྟེན་ནས་ལས་བྱུང་། ལས་ལ་བརྟེན་ནས་འབྲས་བུ་སྡུག་བསྔལ་འབྱུང་ངོ། །མྱ་ངན་ལས་འདས་པའི་ཆོས་རྟེན་འབྲེལ་ལུགས་ལྡོག་ནི། འདི་འགག་ན་འདི་འགག་སྟེ། མ་རིག་པ་འགག་པས་འདུ་བྱེད་འགག་པ་སོགས་ནས། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འགག་པར་འགྱུར་རོ། །ཞེས་གསུངས་ཏེ། ཉོན་མོངས་འགག་པས་ལས་འགག། ལས་འགག་པས་འབྲས་བུ་སྡུག་བསྔལ་འགག་གོ། །དེ་ཡང་འཁོར་བ་ཀུན་རྫོབ་འཁྲུལ་ངོར། ཁམས་གསུམ་གྱི་འཁྲུལ་སྣང་ལས་ཕྱོགས་གཅིག་བསགས་པའི་ལས་སྣང་ཐུན་མོང་དུ་སྣང་རུང་བ་དང་། སེམས་ཅན་སོ་སོའི་ལས་བྱེ་བྲག་ཏུ་བསགས་པའི་ལས་སྣང་སོ་སོར་སྣང་རུང་བ་སྟེ། རྟེན་འབྲེལ་ཡིན་པའི་ཕྱིར། དཔེར་ན་མེ་ལོང་གི་གཟུགས་བརྙེན་བཞིན་ནོ། །མྱ་ངན་ལས་འདས་པའི་ཆོས་རྣམས་ཀྱང་དེ་དང་མཚུངས་སོ། །དེས་ན་རྟེན་འབྲེལ་གྱི་ངོ་བོ་ནི་སྣང་ལ་ངོ་བོ་མ་གྲུབ་པ། སྒྱུ་མའི་དཔེ་བཅུ་གཉིས་ལྟ་བུའོ། །སྒྱུ་མའི་དཔེ་བཅུ་
(༧༤)གཉིས་ནི། སྒྱུ་མ། རྨི་ལམ། གཟུགས་བརྙེན། འཇའ་ཚོན། སྨིག་སྒྱུ། མིག་ཡོར། སྤྲུལ་པ། ཆུ་བུར། བྲག་ཆ། སྒྲ་བསྙན། གློག་དང་། དྲི་ཟའི། གྲོང་ཁྱེར་རྣམས་སོ། །དེའི་ཕྱིར། རྟེན་འབྲེལ་ལས་གཞན་པའི་ཆོས་མེད་ལ། དེའི་རང་བཞིན་སྟོང་པ་ཉིད་ལས་གཞན་པའི་ཆོས་མེད་དེ། དབུ་མ་རྩ་ཤེས་ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གངས། དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། །གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། ༈། ཡན་ལག་བཅུ་གཉིས་ཀྱི་སྒྲིབ་ཚུལ་དང་། ངོ་བོ་དང་། དབྱེ་བ་ནི། མ་རིག་པས་ཡང་དག་པའི་དོན་ལ་སྒྲིབ་ཕྱིར་འགྲོ་བ་རྣམས་ཉོན་མོངས་པར་བྱེད་དོ། །ངོ་བོ་ནི། མི་ཤེས་པ་གཏི་མུག་གོ། དབྱེ་ན། དེ་ཁོ་ན། ཉིད་ལ་རྨོངས་པའི་མ་རིག་པ་དང་། རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་གཉིས་སོ། །འདུ་བྱེད་ཀྱིས་ལས་ཀྱི་ས་བོན་འདེབས་ཕྱིར་ཉོན་མོངས་པར་བྱེད་དོ། །ངོ་བོ་ནི། ཡང་
(༧༥)སྲིད་འཕེན་པར་བྱེད་པའི་སེམས་ཡིན། དབྱེ་ན། དགེ་མི་དགེ་མི་གཡོ་བའི་ལས་ཀྱི་འདུ་བྱེད་གསུམ་མོ། །རྣམ་པར་ཤེས་པས་འཁོར་བའི་གནས་སུ་འཁྲིད་པར་བྱེད་ཕྱིར་ཉོན་མོངས་པར་བྱེད་དོ། །ངོ་བོ་ནི། ལས་ཀྱི་བག་ཆགས་དང་ལྡན་པའི་ཀུན་གཞིའི་རྣམ་ཤེས་སོ། །དབྱེ་ན་སེམས་དང་ཡིད་དང་རྣམ་ཤེས་གསུམ་མོ། །མིང་གཟུགས་ཀྱིས་ལུས་ཀུན་ཏུ་འཛིན་ཕྱིར་ཉོན་མོངས་པར་བྱེད། ངོ་བོ་ནི། ལུས་མངལ་དུ་ཆགས་ནས་རྣམ་ཤེས་བརྒྱད། སྐྱེ་མཆེད་མ་དོད་ཀྱི་བར་ཡིན། །མིང་ནི་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་ཀྱི་ཕུང་པོ་སྟེ་དེ་བཞི་ལ་གཟུགས་མེད་ཕྱིར་མིང་ཙམ་དང་། གཟུགས་ནི་ལུས་ཆགས་པ་སོགས་གནས་སྐབས་ཀྱི་ཕུང་པོའོ། །དབྱེ་ན། བདེ་འགྲོའི་མིང་གཟུགས་དང་། ངན་འགྲོའི་མིང་གཟུགས་གཉིས་སོ། །སྐྱེ་མཆེད་ནི། ལུས་རྫོགས་པར་བྱེད་པའི་ཕྱིར་ཉོན་མོངས་པར་བྱེད། །ངོ་བོ་ནི། མིང་གཟུགས་པ་འཕེལ་བ་ལ་བརྟེན་ནས་མིག་སོགས་སྐྱེ་མཆེད་དྲུག་འཕེལ། དབྱེ་ན་བདེ་འགྲོའི་སྐྱེ་མཆེད་དང་ངན་འགྲོའི་སྐྱེ་མཆེད་དྲུག་གོ། །རེག་པ་ནི་ཡུལ་དབང་ཤེས་རབ་གསུམ་འདུས་ནས་ཡུལ་ཡོངས་སུ་གཅོད་ཕྱིར་ཉོན་མོངས་པར་བྱེད། །ངོ་བོ་
(༧༦)ནི། །རྐྱེན་གསུམ་འདུས་ནས་ལུས་བཅོས་པའི་གནས་སྐབས་ཡིན། དབྱེ་ན་མིག་གཟུགས་སུ་འདུས་ནས་རེག་པའི་སོགས་དྲུག་གོ །ཚོར་བ་ནི། འཁྲིག་ཚོར་ཉེ་བར་སྤྱོད་པ་སོགས་ཕྱིར་། ཉོན་མོངས་པར་བྱེད། ངོ་བོ་ནི། བདེ་སྡུག་བཏང་སྙོམས་ཡུལ་ཉམས་སུ་མྱོང་བ་ཡིན། དབྱེ་ན་མིག་གཟུགས་འདུས་ནས་རེག་པའི་རྐྱེན་གྱི་ཚོར་བ་སོགས་དྲུག་གོ །སྲེད་པ་ནི། ལས་ཀྱི་ས་བོན་བཏབ་པའི་བག་ཆགས་སྡུད་པའི་ཕྱིར་ཉོན་མོངས་པར་བྱེད། ངོ་བོ་ནི། ཚོར་བ་ལས་ལྷག་པར་ཆགས་པའི་འདོད་ཆགས་ཡིན། །དབྱེ་ན་འདོད་དང་གཟུགས་དང་གཟུགས་མེད་ལ་སྲེད་པ་གསུམ་མོ། །ལེན་པ་ནི། རྣམ་པར་ཤེས་པ་སྐྱེ་བ་དང་། མཐུན་པར་ཁམས་གསུམ་དུ་སྐྱེ་བ་ལེན་པ་ལ་སྦྱོར་བས་ཉོན་མོངས་པར་བྱེད། ངོ་བོ་ནི། ཚོར་བའི་རྒྱུ་ལུས་ལོངས་སྤྱོད་མ་ཐོབ་པ་ཐོབ་འདུན། ཐོབ་པ་ལ་ལྷག་པར་ཆགས་པའི་འདོད་ཆགས་ཡིན། །དབྱེ་ན། འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་ཐོབ་འདོད་ཅིང་། ཐོབ་པ་ལ་ཆགས་པའོ། །སྲིད་པ་ནི། ལས་བྱེད་པའི་རྣམ་པར་སྨིན་པ། ཡང་སྲིད་མངོན་དུ་བྱེད་ཕྱིར་ཉོན་མོངས་པར་བྱེད། །ངོ་བོ་ནི། རྣམ་ཤེས་ལས་ཀྱི་བག་ཆགས་དང་ལྡན་པ་སྟེ།
(༧༧)སྲེད་ལེན་གཉིས་ཀྱིས་གསོས་པས། སྐྱེ་བ་ཕྱི་མ་འགྲུབ་ངེས་པའི་ནུས་པ་ཅན་དུ་འགྱུར་བ་དེ་ཡིན་ལ། དབྱེ་ན་འདོད་པའི་སྲིད་པ་ལ་སོགས་གསུམ་མོ། །སྐྱེ་བ་ནི་སྒ་ཤིས་བསྡུས་པའི་ཕྱིར་ཉོན་མོངས་པར་བྱེད་དོ། །ངོ་བོ་ནི། གཟུགས་སོགས་བཞི་པོ་སྟེ། སྔར་མ་བྱུང་བའི་གནས་སྐབས་ཡིན་ལ། དབྱེ་བ་ནི། སྐད་ཅིག་མའི་སྐྱེ་བ། རྒྱུན་གྱི་སྐྱེ་བ། ཉིང་མཚམས་སྦྱོར་བའི་སྐྱེ་བ་དང་གསུམ་མོ། །སྒ་ཤི་ནི། སྡུག་བསྔལ་གྱིས་ཉོན་མོངས་པར་བྱེད་དོ། །ངོ་བོ་ནི་སྐྱེ་མཆེད་དྲུག་གི་རྒྱུན་གཞན་དུ་འགྱུར་བ་དང་། །རྒྱུན་ཆད་པ་ཤི་བ་དང་། དབྱེ་བ་ནི། སྒ་བ་ལ་གཞན་ཉིད་དང་གཞན་འགྱུར་བ་དང་། ཉེ་བར་སྤྱད་པའི་སྒས་པ་སྟེ་གསུམ་དང་། །འཆི་བ་ལ། དགེ་དང་། མི་དགེ་དང་། ལུང་མ་བསྟན་པའི་སེམས་ཀྱི་འཆི་བ་གསུམ་མོ། །འདི་གཉིས་ཡན་ལག་གཅིག་ཏུ་བྱེད་པ་ནི། སྒས་པ་མེད་པར་ཤི་བ་སྲིད་པའི་ཕྱིར་རོ། ༈། རིག་མཐུན་པ་ནི། བཅུ་གཉིས་པོ་འདི་ཉོན་མོངས་གསུམ་དུ་འདུ་སྟེ། མ་རིག་སྲིད་ལེན་གསུམ་ཀུན་ནས་ཉོན་མོངས་པ། འདུ་བྱེད་དང་སྲིད་པ་གཉིས་ལས་ཀྱི་ཉོན་མོངས། གཞན་བདུན་ནི། སྐྱེ་བའི་
(༧༨)ཀུན་ནས་ཉོན་མོངས་པའོ། ༈། ཡང་བཅུ་གཉིས་འདི་རྒྱུ་དང་འབྲས་བུའི་ཉོན་མོངས་པས་བསྡུས་སྟེ། མ་རིག་པ་འདུ་བྱེད་རྣམ་ཤེས་གསུམ་ནི་འཕེན་བྱེད་ཀྱི་རྒྱུ་ཡིན། །སྲེད་ལེན་སྲིད་པ་གསུམ་ནི་འགྲུབ་བྱེད་ཀྱི་རྒྱུ་ཡིན། མིང་གཟུགས་སྐྱེ་མཆེད་རེག་ཚོར་བཞི་ནི་འཕོང་བའི་འབྲས་བུ་ཡིན། །སྐྱེ་བ་དང་སྒ་ཤི་གཉིས་ནི་མངོན་པར་འགྲུབ་པའི་འབྲས་བུ་ཡིན་ནོ། །ཡང་བཅུ་གཉིས་ཏེ། རྒྱུ་ཀུན་ནས་ཉོན་མོངས་པ་རྣམ་པ་བདུན་དུ་འདུས་ཏེ། མ་རིག་པ་ནི་དེ་ཁོ་ན་ཉིད་ལ་ཕྱིན་ཅི་ལོག་པའི་རྒྱུའོ། །འདུ་བྱེད་རྣམས་ནི། སྐྱེ་མཆེད་ཀྱི་ས་བོན་འདེབས་པའི་རྒྱུའོ། །རྣམ་ཤེས་ནི་སྐྱེ་གནས་སུ་འཁྲིད་པའི་རྒྱུའོ། །མིང་དང་གཟུགས། སྐྱེ་མཆེད་དྲུག་ནི། རིགས་མཐུན་ལྷ་མི་སོགས་ཀྱི་ལུས་ཀུན་འཛིན་པའི་རྒྱུའོ། །རེག་པ་དང་ཚོར་བ་ནི། །དགེ་མི་དགེའི་རྣམ་སྨིན་ལ་ཉེ་བར་སྤྱོད་པའི་རྒྱུའོ། །སྲེད་ལེན་སྲིད་པ་གསུམ་ནི་སྐྱེ་བ་རྣམས་སྡུད་པར་བྱེད་པའི་རྒྱུའོ། །སྐྱེ་བ་དང་སྒ་ཤི་ནི་སྡུག་བསྔལ་དང་ཡིད་མི་བདེ་སོགས་ཀྱི་རྒྱུའོ། །ཀུན་ནས་ཉོན་མོངས་འདི་དག་ནི་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ལས་བྱུང་སྟེ། འཕགས་པ་ཀླུ་སྒྲུབ་ཀྱིས། དང་པོ་བརྒྱད་དང་དགུ་
(༧༩)ཉོན་མོངས། ། གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ཡིན། །བཅུ་གཉིས་ཆོས་ནི་གསུམ་དུ་འདུས། །གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང་། །གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །འདི་ལ་སེམས་ཅན་ཅི་ཡང་མེད། །ཞེས་སོགས་གསུངས་སོ། ༈། ཡང་བྱེ་བྲག་སྨྲ་བས། བཅུ་གཉིས་དེ་ཚེ་གསུམ་ལ་རྫོགས་པར་འདོད་དེ། །མ་རིག་འདུ་བྱེད་གཉིས་ཚེ་སྔ་མ། །སྐྱེ་བ་སྒ་ཤི་གཉིས་ཕྱི་མ། །ལྷག་མ་བརྒྱད་ནི་ཚེ་འདི་ལ་འཇོག་གོ ༈། ཡང་སྐད་ཅིག་ལ་རྟེན་འབྲེལ་བཅུ་གཉིས་རྫོགས་པ། དཔེར་ན་སྲོག་བཅད་ན་མ་རིག་དབང་གིས་འདུ་བྱེད་པས་སྲོག་བཅད་ཚེ་བག་ཆགས་ཀྱིས་བགོས་པའི་རྣམ་ཤེས་ཀྱིས་འཕང་པས་མི་གཟུགས་ནས་སྒ་ཤིའི་བར་སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་བའོ། །བྱང་ཆུབ་སེམས་འགྲེལ་ལས། མ་རིག་ནས་རྩམ་སྒ་ཤིའི་བར། མཐར་ཐུག་ཡན་ལག་བཅུ་གཉིས་ཀྱི། །བརྟེན་ནས་འབྱུང་བའི་བྱ་བ་ནི། །ཁོ་བོས་རྨི་ལམ་སྒྱུ་འདྲར་འདོད། །ཡན་ལག་བཅུ་གཉིས་འཁོར་ལོ་འདི། །སྲིད་པའི་ལམ་དུ་
(༨༠)འཁོར་བ་སྟེ། ། དེ་ལས་གཞན་པའི་སེམས་ཅན་གང་། །ལས་འབྲས་སྤྱོད་པར་འདོད་པ་མེད། །ཞེས་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་ལྟར་ཤེས་པར་བྱའོ། ༈། དེ་ལྟར་རྟེན་འབྲེལ་བཅུ་གཉིས་མ་ཤེས་ན། །མུ་ཏེགས་པའི་གྲུབ་མཐའ་ངན་པར་ཞུགས་པ་སོགས་ཀྱི་སྐྱོན་ཡོད་དོ། །རྒྱུ་ཀུན་འབྱུང་ལས། འབྲས་བུ་སྡུག་བསྔལ་འབྱུང་བ་ཉོན་མོངས་པ་འཁོར་བའི་རྟེན་འབྲེལ་དང་། དེ་ལས་ཟློག་པ་མྱ་ངན་ལས་འདས་པའོ། །བདེན་བཞི་ལ་དམིགས་པས་ཉན་ཐོས། རང་རྒྱལ་གྱི་རྟེན་འབྲེལ་ལུགས་ལྡོག། བྱང་ཆུབ་སེམས་དཔའ་རྟེན་འབྲེལ་སྒྱུ་མ་ལྟར་ཤེས་པའི་ཤེས་རབ་དང་།། །།པས། རྩ་ཐིག་རླུང་གསུམ་གྱི་རྟེན་འབྲེལ་ལུས་ལ་བསྒྲིགས་པས་འབྲས་བུ་གནས་འགྱུར་གྱི་ཡེ་ཤེས་ཀྱི་མ་རིགས་པ་ཀུན་ཤེས་ཀུན་རིགས་སུ་འགྱུར་བ་ནི་ཆོས་ཉིད་དོ། ༈། གཞན་ཡང་ཆོས་ཀྱི་རྣམ་གྲངས་སྣ་ཚོགས་འགའ་ཞིག་བཤད་དེ། ༈། མ་རིག་པ་ལ་དབྱེ་ན་གསུམ་སྟེ། རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་དང་། ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། ཀུན་བརྟགས་ཀྱི་མ་རིག་པ་དང་གསུམ་སྟེ། དང་པོ་ནི་མ་འཁྲུལ་ཆ་ལ་རང་མ་རིག་ནས་བརྟགས་ནས་འཁྲུལ་པའོ། །གཉིས་པ་ནི་ངོ་ཤེས་མ་
(༨༡)ཤེས་ལྷན་ཅིག་སྐྱེས་པའོ། །གསུམ་པ་ནི་རང་སྣང་ལ་གཞན་དུ་དཔྱོད་པའི་ཆའོ། ༈། བག་མེད་པའི་གནས་གསུམ་ནི། འདོད་པའི་བདེ་བ།། །མྱོང་བ་དང་། བསམ་གཏན་གྱི་བདེ་བ་མྱོང་བ་དང་། མྱང་འདས་ཀྱི་བདེ་བ་མྱོང་བའོ། ༈། འཇིག་རྟེན་པའི་ཆོས་བརྒྱད་ནི། རྙེད་དང་མ་རྙེད། བདེ་དང་སྡུག་བསྔལ། སྙན་དང་མི་སྙན། བསྟོད་དང་སྨད་པ་བརྒྱད་ལ་ཆགས་སྡང་ཞེན་པའོ། ༈། འཇིགས་པ་གསུམ་ནི། མི་ཤེས་པའི་འཇིགས་པ་དང་། ཐེ་ཚོམ་གྱི་འཇིགས་པ་དང་། ལོག་པའི་ཤེས་པའི་འཇིགས་པ་དང་གསུམ་མོ། ༈། མངོན་ཞེན་གཉིས་ནི། འདོད་པ་ལ་མངོན་པར་ཞེན་པ་དང་། ལྟ་བ་ལ་ལྷག་པར་ཞེན་པའོ། ༈། ཁུར་བཞི་ནི། ཕུང་པོའི་ཁུར་དུ། ཉོན་མོངས་པའི་ཁུར་དང་། ཁས་བླང་པའི་ཁུར་དང་། །བརྩོན་པའི་ཁུར་དང་བཞིའོ། ༈། སྒྲིབ་པ་གཉིས་ནི། ཤེས་བྱའི་སྒྲིབ་པ་དང་། ཉོན་མོངས་པའི་སྒྲིབ་པའོ། ༈། དེ་སྟེང་སྙོམས་འཇུག་གི་སྒྲིབ་པ་དང་གསུམ་མོ། ༈། ཡང་ལས་སྒྲིབ་བརྩམས་ན་བཞིའོ། ༈། ཡང་ན། ཉོན་མོངས་ཤེས་བྱ་སྙོམས་འཇུག་གསུམ། རྣམ་པར་སྨིན་པའི་སྒྲིབ་དང་། གཏོང་བའི་སྒྲིབ་
(༨༢)པ་དང་ལྔའོ། ༈། མནར་སེམས་ཀྱི་དངོས་པོ་བཅུ་ནི། བདག་ལ་དོན་མེད་པ་འདིས་སྤྱོད་ཅིང་། སྤྱོད་དོ། །སྤྱོད་པར་འགྱུར་རོ། །བདག་གི་དགའ་ཞིང་ཡིད་དུ་འོང་བ་ལ། དོན་མེད་པ་སྤྱད་ཅིང་། སྤྱོད་དོ། །སྤྱོད་པར་འགྱུར་རོ། །བདག་གི་མི་དགའ་བ་ལ་དོན་ཡོད་པ་སྤྱད་ཅིང་། སྤྱོད་དེ་སྤྱོད་པར་འགྱུར་རོ། །ཞེས་མནར་སེམས་རིམ་པ་དགུའོ། །དེ་སྟེང་གནས་མལ་ལ་ཡང་མནར་སེམས་སྐྱེ་བར་འགྱུར་རོ། ༡༠ཉོན་མོངས་པ་གསུམ། བག་ཆགས་གསུམ་དང་། བག་ཆགས་ཀྱི་མཚམས་སྦྱོར་གསུམ་རྣམས་ནི། ཉོན་མོངས་པའི་དང་། ལས་ཀྱི་དང་། སྐྱེ་བའི་འོ། ༈། ཀུན་སྦྱོར་དགུ་ནི། ཆགས་པའི་ཀུན་སྦྱོར་དང་། དེ་བཞིན་དུ། ཁོང་ཁྲོའི། ང་རྒྱལ་གྱི། མ་རིག་པའི༴ལྟ་བ་མཆོག་འཛིན་གྱི༴ཐེ་ཚོམ་གྱི༴ཕྲག་དོག་གི༴སེར་སྣའི་ཀུན་སྦྱོར་རོ། ༈། ཀུན་སྦྱོར་གཉིས་ནི། ཁམས་གོང་མའི་ཆ་མཐུན་གྱི་ཀུན་སྦྱོར་དང་། ཁམས་འོག་མའི་ཆ་མཐུན་གྱི་ཀུན་སྦྱོར་རོ། །འོག་མའི་ཆ་མཐུན་ནི། འདོད་པ་ལ་འདུན་པ། གནོ་སེམས། འཇིགས་ལྟ། མཆོག་འཛིན། ཐེ་ཚོམ་ལྔའོ། །གོང་
(༨༣)མའི་ཆ་མཐུན་ནི། །གཟུགས་ལ་ཆགས་པ། གཟུགས་མེད་མ་ཆགས་པ། རྒོད་པ། ང་རྒྱལ། མ་རིག་པ་དང་ལྔའོ། ༈། ལས་ལྔ་སྟེ། ལས་བྱས་པ་དང་། བྱེད་དུ་བཅུག་པ་དང་། ཡི་རང་བ་དང་། ཡང་དག་པར་རྗེས་གནང་དང་། རྗེས་གནང་ལྔའོ། ༈། ཟག་པ་བཞི་སྟེ། འདོད་པའི་ཟག་དང་། སྲེད་པའི༴ལྟ་བའི༴མ་རིག་པའི་ཟག་པའོ། ༈། ཆུ་བོ་བཞི་ཡང་། འདོད་སྲེད་མ་རིག་ལྟ་བའི་ཆུ་བོ་བཞིའོ། ༈། སྦྱོར་བ་བཞི་ཡང་དེ་བཞིའོ། ༈། རྩོད་པའི་གཞི་དྲུག་ནི། ཁྲོ་བ་འཆབ་པ། ཕྲག་དོག། གཡོ། སྡིག་པའི། འདོད་པ། ལྟ་བ་མཆོག་འཛིན་དང་དྲུག་གོ། ༈། གཞན་ཡང་། དགེ་སྦྱོང་གི་དྲི་མ་བཅུ་དང་། ༈། དགེ་སྦྱོང་དུ་བྱེད་པའི་ཆོས་བཅུ་དང་། ། ཕྱིན་ཅི་ལོག་བཅུ་གཉིས་དང་། མི་དགེ་བའི་སེམས་བཅུ་གཉིས་དང་། ༈། མངོན་པར་རྟོགས་པའི་ཆོས་བཅུ་ལོྭགས་གསུང་རབ་ནས་དུ་མ་གསུངས་པ་དག་ནི་ཕྱོགས་མཚོན་པ་ཙམ་ལས་མ་བྲིས་སོ། ༈། སངས་རྒྱས་སྤྲུལ་སྐུའི་གདུལ་ཞིང་མ་དག་པའི་སྣོད་བཅུད་འཇིག་རྟེན་གྱི་ཁམས་ཆགས་ཚུལ་ནི། ཆོས་མངོན་པ་སོགས་ནས་སྣོད་ཀྱི་འཇིག་རྟེན་ཡས་
(༨༤)རིམ་དུ་ཆགས་པར་གསུངས་པ་དང་། རྟ་མགྲིན་གནམ་པ་བཀོད་པའི་མདོ་ལས། སྣོད་ཀྱི་འཇིག་རྟེན་མས་རིམ་དུ་ཆགས་པར་གསུངས། མངོན་པ་ནས་རླུང་དཀྱིལ། ཆུ་དཀྱིལ་པ་དཀྱིལ་རྣམས་གསུངས། དུས་འཁོར་ལས། རླུང་མེ་ཆུ་སའི་དཀྱིལ་འཁོར་བཅས་གསུངས། མངོན་པ་ནས་གླིང་བཞིའི་དབྱིབས། ཤར་གླིང་གསུམ་ཟླ་གམ། ལྷོ་གླིང་གསུམ་ཤིང་རྟའི་དབྱིབས། ནུབ་གླིང་གསུམ་ཟླུམ་པོ། བྱང་གླིང་གསུམ་གྲུ་བཞིར་མཉམ་པར་གསུངས། མི་རྣམས་ཀྱི་ངོ་དབྱིབས་ཀྱང་གླིང་དབྱིབས་དང་མཐུན། དུས་འཁོར་ལས། ཤར་གླིང་རླུང་དཀྱིལ་གྱི་རང་བཞིན་ཤིན་ཏུ་ཟླུམ་པ་ཟླ་བ་ཉ་གང་འདྲ་བ། ལྷོ་གླིང་མེ་དཀྱིལ་གྱི་རང་བཞིན་གྲུ་གསུམ། བྱང་གླིང་ཆུ་དཀྱིལ་གྱི་རང་བཞིན་ཟླུམ་པོ། ནུབ་གླིང་པ་དཀྱིལ་གྱི་རང་བཞིན་གྲུ་བཞིར་གསུངས། ༈ཟབ་མོ་ནང་དོན་ལས། ཀུན་ཀྱང་མདུན་ཕྱོགས་ཐམས་ཅད་རླུང་། གཡས་མེ་གཡོན་ཆུ་རྒྱབ་ཕྱོགས་ས། ཞེས་ལུས་ཀྱི་མདུན་རྒྱབ་གཡས་གཡོན། རྩ་རེའི་མདུན་རྒྱབ་གཡས་གཡོན། སྣའི་རླུང་རྒྱུ་ཕྱོགས་ཀྱི་ཁམས་བཅས་དེ་དང་མཐུན་པར་གསུངས་སོ། །དེ་ཐམས་ཅད་ཀྱི་དབུས་ཕྱོགས་ནི།
(༨༥)ནམ་མཁའི་ཁམས་སུའང་ཤུགས་ཀྱིས་རྟོགས་སོ། ༈། མངོན་པ་ནས། འདི་འོག་དཔག་ཚད་སྟོང་ཕྲག་ཉི་ཤུ་ན། དམྱལ་བ་མནར་མེད་སོགས་ཚ་དམྱལ་བརྒྱད་སོགས་ཡོད་པར་གསུངས། དུས་འཁོར་ལས་རླུང་དཀྱིལ་སྟོང་ཕྲག་ལྔ་བཅུར་འགྱུར་ཏེ། དྲག་པོའི་རླུང་དེ་ལ་དམྱལ་བ་ངུ་འབོད་ཆེན་པོ་དང་། མུན་པ་ཆེན་པོའི་གནས་གཉིས་སྟེང་འོག་ཏུ་དཔག་ཚད་སྟོང་ཕྲག་ཉེ་ལྔ། །རྒྱ་ཚད་ས་དཀྱིལ་དང་མཚུངས། མེ་དཀྱིལ་ལ་མེའི་དམྱལ་བ་དང་ངུ་བ་མི་ཟད་པའོ། །ཆུ་དཀྱིལ་ལ་དམྱལ་བ་འདམ་གྱི་ཆུ་དང་། ཆུ་ཡང་དག་པར་ལྡན་པ་དང་། བྱེ་མའི་ཆུ་བྱེ་མ་དང་ཆུ་ཡང་དག་པར་ལྡན་པའི་ཆུ་སྟེ། གྲང་བ་ཆེན་པོའོ། །ས་དཀྱིལ་ལ་གསེག་མའི་ཆུའི་དམྱལ་བ། དེ་སྟེང་གདེང་ཅན་གྱི་གྲངས། དེ་ཉིད་ཀྱི་ཕྱེད་ནི་ལྷ་མིན། ཕྱེད་ནི་ཀླུ། ཞེ་གསུངས་ཏེ། དམྱལ་བ་བདུན་དང་། རྡོ་རྗེའི་མེ་ལྕེའམ། རྡོ་རྗེ་ཁབ་རྩེའི་ཆའི་ཆ་རྟག་ཏུ་འབར་བའི་དམྱལ་བ་དང་བཅས་དམྱལ་བ་བརྒྱད་ནི་འབྱུང་བཞིའི་དཀྱིལ་འཁོར་ལ་ཡོད་པར་གསུངས། མི་ཡུལ་གླིང་བཅུ་གཉིས་ཀྱི་སྟེང་གི་བར་སྣང་ལ་གོ་ལའི་ཁྱིམ་དུམ་བུ་བཅུ་གཉིས་གསུངས། མངོན་པ་ནས་རྒྱས་པར་མ་གསུངས་སོ། །འཇམ་དཔལ་
(༨༦)རྩ་རྒྱུད་ནས་ཁྱིམ་སོ་དྲུག་བཤད། ༈། མངོན་པ་ཁ་གཅིག་ཀར་མའི་གྲངས་བྱེ་བ་གཉིས་ས་ཡ་བརྒྱད་བཤད། དྲང་སྲོང་སྐར་མ་དགའ་བས། སྐར་མ་དུང་ཕྱུར་གཉིས། བྱེ་བ་བརྒྱད་ས་ཡ་ལྔ་ཡོད་པར་བཤད་དོ། ༈། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་སྟོང་གསུམ་རབ་འབྱམས་ཡོད་ཚུལ་སྤྱོད་རྒྱུད་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་སོགས་ནས་གསུངས་མངོན་པ་ནས་མ་གསུངས་པ་དང་། སྟོང་གསུམ་གྱི་འཇིག་རྟེན་འདི། གསེར་འོད་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་ཕྱིན་བརྩི། རྒྱ་ཆེ་རོལ་པ་ལས་འོག་མིན་མན་ཆད་བརྩི། མངོན་པ་མཛོད་ལས་ཚངས་པའི་འཇིག་རྟེན་མན་ཆད་བརྩི། ༈། ཡང་སྟོང་གསུམ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་མཚམས་སྦྱོར། རབ་འབྱམས་མཚམས་སྦྱོར་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་རྒྱུད། དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་རྒྱ་མཚོ། དེ་ལྟ་བུ་དུང་ཕྱུར་ཕྲག་བཅུ་ལ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་གཅིག། འདི་ནི་མཆོག་གི་སྤྲུལ་སྐུ་ཆེན་པོ་གཅིག་གི་ཞིང་དུ་སངས་རྒྱས་ཕལ་པོ་ཆེའི་མདོ་ལས་གསུངས་སོ། །སྤྲུལ་སྐུའི་ཞིང་དེ་འདྲ། ལོངས་སྐུའི་བ་སྤུའི་ཁུང་
(༨༧)བུ་རེར་ཡང་བྱེ་བ་ཕྲག་བརྒྱ་རེ། དེ་དག་ཀྱང་། རྡུལ་གཅིག་སྟེང་ན་རྡུལ་སྙེད་ཞིང་རྣམས་ཏེ། །ཞེས་གསུངས་སོ། ༈། བཅུད་ཀྱི་སེམས་ཅན་ཆགས་ཚུལ་སོགས་རྒྱས་པར་མངོན་པ་སོགས་ལས་འབྱུང་བ་ལྟར་ཤེས་སླ་ཕྱིར་འདིར་མ་བྲིས་སོ། ༈། ད་ནི་སྣང་ཚུལ་དག་དང་མ་དག་གི་ཁྱད་པར་ལས་སྐུ་གསུམ་གྱི་ཞིང་ཁམས་ཆགས་ཚུལ་ནི། བདག་གི་འདྲེན་མཆོག་མཉམ་མེད་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གྱུར་བདེ་ཆེན་གླིང་པའི་ཟབ་གཏེར། ཐུགས་རྗེ་ཆེན་པོའི་ལོ་རྒྱུས་ལས་གུ་རུས་གསུངས་པ། དེ་ལ་ཆོས་སྐུའི་ཞིང་ཁམས་མཐའ་བྲལ་དུ། རང་རིག་སྐྱེ་མེད་སྟོན་པ་ཆོས་ཀྱི་སྐུད༔ གཞི་གནས་མ་བཅོས་པ་ཡི་ཆོས་སྟོན་ཅིང་༔ འཁོར་ནི་གནས་ལུགས་ངོ་བོ་ཉིད་ཀྱི་ངང་༔ དུས་ནི་ཀུན་ཀྱང་མཉམ་པ་ཆེན་པོ་ལ༔ ལྔ་པོ་དེ་ཡིས་འཁོར་འདས་ཡོངས་ལ་ཁྱབ༔ འཁོར་འདས་ཐམས་ཅད་དེའི་ཀློང་དུ་རྫོགས༔ དེ་ཉིད་ལས་ནི་གཡོ་བ་རྡུལ་ཙམ་མེད༔ རང་བཞིན་ལྷུན་གྲུབ་ཆོས་ཀྱི་དབྱིངས་ཀྱི་ཞིང་༔ བཀོད་པ་ལྷུན་གྲུབ་བསམ་གྱི་མི་ཁྱབ་པ། རྣམ་པ་མ་འདྲེས་ངང་དུ་ལོངས་སྤྱོད་རྫོགས༔ དེ་ཡི་སྟོན་པའི་སྐུ་ཡི་འོད་ཟེར་ལས༔ ། བདེ་གཤེགས་རྣམས་ཀྱི་ཞིང་ཁམས་ལྷུན་གྱིས་གྲུབ༔ འོད་
(༨༨)ཟེར་རེ་རེའི་ཆ་ཤས་རྡུལ་ཕྲན་ལ༔ དེ་བཞིན་གཤེགས་པའི་ཞིང་ཁམས་དཔག་ཏུ་མེད༔ དེ་འདྲའི་ནང་ན་ཞིང་ཁམས་ལྔ་ཚོམ་ཞིག༔ དབུས་སུ་འོག་མིན་ལྟུག་པོ་བཀོད་པའི་ཞིང་༔ ཤར་དུ་མངོན་དགའ་ལྷོ་རུ་དཔལ་ལྡན་མཛེས༔ ནུབ་ཏུ་པདྨ་ཅན་དང་བྱང་ཕྱོགས་སུ༔ ལས་རྣམས་འགྲུབ་པ་ཞེས་བྱའི་ཞིང་ཁམས་ལྔ༔ སྟོན་པའི་སྐུ་ཡང་ཚད་ལས་འདས་པ་ཉིད༔ ཞིང་ཁམས་ཕྲོང་ལོངས་སྤྱོད་མཐའ་ཡས་ཤིང་༔ པདྨ་ཅན་གྱི་ཞིང་ཁམས་ཅེས་བྱ་བའི༔ སྟོན་པ་གར་དབང་སྤྱན་རས་གཟིགས་དབང་ཕྱུག༔ དེ་ཡི་སྐུ་ལས་འོད་ཟེར་མཐའ་ཡས་པའི༔ ཀློང་དུ་རིགས་ལྔའི་ཞིང་ཁམས་གྲངས་མེད་ཡོད༔ དེ་དག་རྣམས་ཀྱི་སྐུ་ཡི་གཡོན་ཕྱོགས་ཀྱི༔ འོད་ཟེར་གཅིག་གི་རྡུལ་ཕྲན་གཅིག་གི་ནང་༔ ཞིང་ཁམས་ལྔ་ཡི་དབུས་ཀྱི་ཞིང་ཁམས་ན༔ རྒྱ་ཆེ་ཕྱོགས་ལྷུང་བྲལ་བ་ཚད་མེད་པ༔ གཞི་དང་སྙིང་པོ་མེ་ཏོག་བརྒྱན་པའི་ཞིང་༔ དེ་ཡི་སྟོན་པ་རྣམ་སྣང་གངས་ཅན་མཚོའི༔ ། སྐུ་ལས་ཞིང་ཁམས་བསམ་གྱིས་མི་ཁྱབ་ཡོད༔ དེ་ཡི་ཐུགས་ཀའི་ཞིང་ཁམས་བསམ་ཡས་ཀྱི༔ ནང་ཚན་མི་མཇེད་ཤཱཀྱ་ཐུབ་པའི་ཞིང་༔ ནམ་མཁའི་དབྱིངས་སུ་རླུང་གི་དཀྱིལ་འཁོར་སྟེང་༔ ཆུ་ཡི་འཇིག་རྟེན་དབང་ཆེན་གསེར་གྱི་གཞི༔ རྟ་གདོང་
(༨༩)རིའི་ལྕགས་རིའི་བསྐོར་བའི་ནང་༔ ཤར་དུ་ལུས་འཕགས་ལྷོ་རུ་འཛམ་བུའི་གླིང་༔ ནུབ་ཏུ་བ་གླང་བྱང་དུ་སྒྲ་མི་སྙན༔ ཤར་གྱི་ཕྱོགས་སུ་ལུས་དང་ལུས་འཕགས་སོ༔ ལྷོ་ཡི་ཕྱོགས་སུ་ཊ་ཡབ་ཊ་ཡབ་གཞན༔ ནུབ་ཏུ་གཡོ་ལྡན་དང་ནི་ལམ་མཆོག་འགྲོ༔ བྱང་དུ་སྒྲ་མི་སྙན་དང་མི་སྙན་ཟླ༔ གཞན་ཡང་གླིང་ཕྲན་བསམ་གྱིས་མི་ཁྱབ་པ༔ དབུས་སུ་གསེར་གྱི་རི་བོ་ཐམས་ཅད་ཀྱང་། བྲེ་ནང་བྲེ་བཞག་ལྟ་བུ་རོལ་མཚོ་བཅས༔ དཔག་ཚད་བརྒྱད་ཁྲི་མཚོ་ཡི་ནང་དུ་ནུབ༔ དཔག་ཚད་བརྒྱད་ཁྲི་མཚོ་ཡི་ཁ་རུ་ཐོན༔ ཤར་ཕྱོགས་ཤེལ་ལ་ལྷོ་ཕྱོགས་བཻ་ཌཱུརྻ༔ ནུབ་ཕྱོགས་རཱ་ག་བྱང་ཕྱོགས་གསེར་གཞི་ལས༔ གྲུབ་པའི་རི་རབ་ཁ་གཡེལ་དེ་ཡི་སྟེང་༔ ། རྣམ་པར་རྒྱལ་བའི་ཁང་བཟང་ངོ་མཚར་བ༔ འཁོར་ཡུག་ཀུན་ཏུ་གྲོང་ཁྱེར་ལྟ་ན་སྡུག། ཕྱོགས་བཞིར་ཡུལ་བཞི་རི་རབ་སྟེང་ཀ་བཞིར༔ བསྟན་པ་བསྲུང་བའི་གནོད་སྦྱིན་སྡེ་དཔུང་གི༔ ཕོ་བྲང་། ལྕོག་བརྒྱད་དབུས་ཀྱི་ཁང་བཟང་ལ༔ ལྷ་ཡི་སྡེ་དཔོན་རྒྱ་བྱིན་ཆེན་པོ་གནས༔ ཆོས་ཀྱི་ཊ་ཆེན་དག་གིས་ལྷ་རྣམས་བསྐུལ༔ དེ་ཡི་སྟེང་དུ་འདོད་ཁམས་ལྷ་གནས་དང་། གཟུགས་
(༩༠)ཁམས་བཅུ་བདུན་ཚངས་པ་ལ་སོགས་གནས༔ དེའི་ནང་ཚན་དགའ་ལྡན་ཞེས་བྱ་རུ༔ སྤྱན་རས་གཟིགས་ཀྱིས་བསྐལ་པ་བཟང་པོ་འདིར༔ སངས་རྒྱས་སྟོང་སྤྲུལ་དེའི་ནང་ཚན་ལས༔ བྱམས་པ་ཞེས་བྱའི་བྱང་ཆུབ་སེམས་དཔའ་བཞུགས༔ ཐོ་ཕྱི་ཀུན་ཏུ་གཟུགས་མེད་ཁམས་བཞི་པོ༔ རི་རབ་དེ་ཡི་རྩ་བར་བང་རིམ་བཞི༔ རྒྱལ་ཆེན་ལ་སོགས་ལྷའི་གནས་རྣམས་ཆགས༔ འཛམ་གླིང་འདི་ནི་སོག་ཀ་ལྟ་བུའི་དབྱིབས༔ རྒྱ་ཆེ་ཕྱོགས་ནི་ལྕགས་རི་ལ་བརྟེན་པའི༔ སྲིན་ཆ་འགྲོ་ལྡིང་ཡུལ་དང་ཨོ་རྒྱན་ཡུལ༔ དེ་ཡི་བར་ནས་རྒྱ་མཚོས་བཅད་པ་ཡི༔ རི་བོ་པོ་ཏཱ་ལ་ཡི་ཞིང་ཁམས་ཡོད༔ རིན་ཆེན་སྣ་ཚོགས་ལས་གྲུབ་རི་བོས་བསྐོར༔ འདོད་ཡོན་འབྱུང་བའི་དཔག་བསམ་ཤིང་ལ་སོགས༔ ལྷ་ཡི་རིག་འཛིན་མང་པོའི་གྲོང་ཁྱེར་དང་༔ ལྷ་དང་ལྷ་མོ་བྱེ་བ་དགུ་ཁྲིའི་སྡེ༔ དཔག་ཏུ་མེད་པའི་མཆོད་སྤྲིན་བསམ་མི་ཁྱབ༔ དེ་དབུས་རིན་ཆེན་གཞལ་ཡས་ཁང་གི་ནང་༔ སྤྲུལ་པའི་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས༔ བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར༔ ཞིང་ཁམས་འདིའི་ཕྱོགས་བཞི་དབུས་ལྔ་ཡང་༔ སྤྲུལ་པའི་ཞིང་ཁམས་དབུས་སུ་འོག་མིན་དང་༔ ཤར་དུ་མངོན་དགའ་ལྷོ་རུ་དཔལ་
(༩༡)ལྡན་མཛེས༔ ནུབ་ཏུ་བདེ་བ་ཅན་དང་བྱང་ཕྱོགས་སུ༔ ལས་རབ་རྫོགས་ཏེ་དེ་དག་ཐམས་ཅད་ཏུ༔ སྤྲུལ་པའི་སྐུ་ཡང་རྣམ་པར་སྣང་མཛད་དང་༔ མི་འཁྲུགས་པ་དང་རིན།། །འབྱུང་འོད་དཔག་མེད༔ དོན་ཡོད་གྲུབ་པ་ཆགས་བྲལ་སྤྲུལ་སྐུའི་ཚུལ༔ བྱང་ཆུབ་སེམས་དཔའ་བྱེ་བ་འབུམ་གྱིས་བསྐོར༔ དེ་དག་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན༔ སྐུ་གསུམ་ཡོན་ཏན་བསམ་གྱིས་མི་ཁྱབ་པ༔ དེ་དག་རྣམས་ཀྱི་རྒྱུད་དང་མདོ་སྡེ་ནི༔ གསུངས་པ་ཐམས་ཅད་བསྒྲགས་དུ་ག་ལ་ནུས༔ ཀུན་ཀྱང་ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཡིན༔ ཨོ་རྒྱན་ཡུལ་གྱི་མཁའ་འགྲོའི་གསང་མཛོད་དུ༔ སྤྱན་རས་གཟིགས་ཀྱི་རྒྱུད་སྡེ་བྱེ་བ་བརྒྱ༔ རྒྱ་གར་ཡུལ་དུ་འབུམ་ཕྲག་ཁ་ཡར་འགྱུར༔ ཀུན་གྱི་དོན་བསྡུས་རྒྱུད་སྡེ་ཆེན་པོ་བརྒྱད༔ སྙིང་པོ་བསྟན་པ་གསང་བའི་རྒྱུད་དུ་གྲགས༔ དེ་ལ་བརྟེན་པའི་བསྒྲུབ་ཐབས་བསམ་ཡས་པ༔ ཟབ་ཅིང་འདྲིལ་བ་དུ་མ་བཞུགས་པའོ༔ ། །དེ་དག་སྒྲུབ་ཚད་མྱུར་དུ་མངོན་སངས་རྒྱས༔ ད་ལྟར་བཞུགས་དང་སླད་ནས་འབྱོན་གྱུར་པའི༔ རྣལ་འབྱོར་རྣམ་ཀྱིས་དེ་ལྟར་ཉམས་སུ་ལོངས༔ ཞེས་བཀའ་རྩལ་ཏོ།
(༩༢)༈དེ་ལྟར་སངས་རྒྱས་སྐུ་གསུམ་གྱི་ཞིང་ཁམས་ཡེ་ཤེས་ཀྱི་རང་སྣང་བསམ་གྱིས་མི་ཁྱབ་པའི་ཡུལ་དེ། སེམས་ཅན་རྣམས་ཀྱི་འཁྲུལ་པའི་བག་ཆགས་ཀྱིས་སྒྲིབ་པས། དག་པ་ཡེ་ཤེས་ཀྱི་ཚུལ་དེ་མི་སྣང་བ། མ་དག་འཁོར་བའི་ལས་སྣང་། སྣོད་ཀྱི་འཇིག་རྟེན་གྱི་ཚད་དང་། བཅུད་ཀྱི་སེམས་ཅན་རྣམས་ཀྱི་ལུས་དང་། ལོངས་སྤྱོད་ཚེ་ཚད། དུས་བསྐལ་པ་ཆགས་གནས་འཇིགས་གསུམ་སོགས་མདོ་རྒྱུད་རྣམས་ནས་འདྲ་བ་དང་མི་འདྲ་བ་སྣ་ཚོགས་པ་གསུངས་པ་དེ་དག་སེམས་ཅན་གྱི་ཁམས་དང་བསྟུན་པས་གསུངས་ཕྱིར་ཐམས་ཅད་འགལ་བ་མིན་ཏེ། འགྲེལ་ཆེན་དྲི་མེད་འོད་ལས། དེའི་ཕྱིར་འཇིག་རྟེན་གྱི་ཁམས་ཀྱི་ཚད་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི། སེམས་ཅན་རྣམས་ཀྱི་བག་ཆགས་ཀྱི་དབང་གིས་རབ་ཏུ་སྣང་བ་སྟེ། དེ་བཞིན་གཤེགས་པས་མངོན་པར་ཞེན་པས་འཇིག་རྟེན་གྱི་ཁམས་གཟིགས་ནས་བཟུང་བ་དང་འཛིན་པའི་ངོ་བོས་གསུངས་པ་ནི་འགའ་ཡང་མེད་དོ། །ཅེས་གསུངས་གུ་རུ་པདྨས་ཀྱང་། དཔེར་ན་མཚན་མོ་གཉིད་ལོག་པའི་རྨི་ལམ་དུ། ཉི་མ་དང་། རི་དང་། གྲོང་ལ་སོགས་པ་སྣང་བ་དེ་དག་ཀྱང་། གཉིད་མ་སད་ཀྱི་བར་ལ་བདེན་ལ།
(༩༣)གཉིད་སད་པ་ནས་གཅིག་ཀྱང་བདེན་པ་ཡོངས་སུ་མ་གྲུབ་པ་ལྟར། ད་ལྟར་སྣང་བ་ཡང་། མ་རིག་པའི་གཉིད་ཀྱིས་ནོན་པས། འདུ་བྱེད་འཁྲུལ་པའི་རྨི་ལམ་རྨིས་པའི་སྐབས་འདིར། སྣོད་ཀྱི་འཇིག་རྟེན་ལ་སོགས་པ་སྣང་བ་དེ་དག་སྐབས་དེར་བདེན་པ་ཡོངས་སུ་གྲུབ་པ་ལྟར་སྣང་བ་དང་། ཀུན་རྫོབ་འཁྲུལ་ངོར་བདེན་ལ་མ་རིག་པའི་གཉིད་སད་པ་ནས་བདེན་དངོས་སུ་མ་གྲུབ་བོ༔ གསུངས་སོ། །༔ རྡོ་རྗེ་གཅོད་པ་ལས། འཇིག་རྟེན་ཁམས་ཅེས་གསུངས་པ་དེ་ནི་ཁམས་མ་མཆིས་པར། དེ་བཞིན་གཤེགས་པས་གསུངས་པའི་སླད་དུའོ། །ཞེས་སོ། ༈། བསྐལ་པ་འཇིགས་པའི་ཚེ་ནི། ༔ མངོན་པ་ལས། མེ་ཡིས་བདུན་དང་ཆུ་ཡིས་གཅིག། དེ་ལྟར་ཆུ་བདུན་ཐལ་ནས་ནི། །མཇུག་ཏུ་རླུང་གིས་འཇིག་པར་འགྱུར། །ཞེས་གསུངས་ལ། ལ་ལར་བསྐལ་པ་རེ་རེ་ཡང་དང་པོ་མེད་འཇིག། དེ་ནས་ཆུས་འཇིག། དེ་ནས་རླུང་གིས་འཇིགས་པར་ཡང་གསུངས་སོ། ༈། བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་ཚུལ་ཡང་། བསྐལ་བཟང་ལས་སངས་རྒྱས་སྟོང་འབྱོན་གསུངས་པའི་ནང་ནས། དེ་སྔོན་བཞི་བྱོན་ནོ། །སངས་རྒྱས་
(༩༤)རྣམ་གཟིགས་གཙུག་གཏོར་ཅན་ཐམས་ཅད་སྐྱོབས་གསུམ་དང་བདུན་ཡང་བྱོན་ནོ། །སྙིང་རྗེ་པདྨ་དཀར་པོ་ལས། སངས་རྒྱས་སྟོང་འབྱོན་པར་གསུངས་སོ། །དྲིན་ལན་བསགས་མེད་ལས་སངས་རྒྱས་སྟོང་རྩ་གཉིས་འབྱོན་པར་གསུངས་སོ། །གསང་བ་བསམ་གྱི་མི་ཁྱབ་པ་ལས་སྟོང་དང་ལྔ་འབྱོན་པར་གསུངས་སོ། །བརྒྱད་སྟོང་པ་ལས་བསྐལ་པ་འདིར། དགེ་སློང་ཁྲི་ཅིག་སངས་རྒྱས་པར་གསུངས་སོ། ༈། སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་ཀྱང་གཅིག་ཏུ་མ་ངེས་ཏེ། བསྐལ་བཟང་གི་སངས་རྒྱས་སྟོང་ལས། ཞེ་གཅིག་པ་དེ་བཞིན་གཤེགས་པ་དགྲ་ཅན་ཆེའི་དུས་སུ། ད་ལྟའི་ས་གཞི་འདི་ཉིད་འདི་ལྟར་མ་ཡིན་ཏེ། རིན་པོ་ཆེ་སྣ་བདུན་ལས་གྲུབ་པ། ངན་སོང་མེད་པ། མི་ཀུན་པདྨ་ལས་བརྫུས་ཏེ་སྐྱེ་བ། སངས་རྒྱས་དེས་སྔོན་གྱི་རྒྱལ་བ་བཞི་བཅུའི་ཕྲིན་ལས་མཛད་དོ། །མེ་ཏོག་བྱིན་སོགས་སངས་རྒྱས་བཅུ་དྲུག་གི་སྐུ་རིང་ལ། ཐེག་ཆེན་གྱི་ཆོས་འབའ་ཞིག་ལས་ཉན་རང་གི་ཆོས་མིང་ཡང་མི་གྲགས་པར་གསུངས། སངས་རྒྱས་གསེར་འོད་ཀྱི་སྐུ་དུས་སུ་ཞིང་འདིའི་མི་ཀུན་ཕྱིར་མི་ལྡོག་པའི་བྱང་སེམས་ཤ་སྟག་འབྱུང་བར་གསུངས་སོ། །ཉིས་བརྒྱ་དང་སོ་
(༩༥)གཅིག་པ་སངས་རྒྱས་ཚོགས་ཆེན་གཙོ་བོ་ནི། སྐུ་ཚེའི་ཚད་ཉི་མ་གཅིག་གོ། །སངས་རྒྱས་སྟོང་གི་རྒྱབ་ལ་སངས་རྒྱས་མོས་པ་སྣང་མཛད་ཀྱིས་སྔོན་གྱི་སངས་རྒྱས་དགུ་བརྒྱ་དང་གོ་དགུའི་སྐུ་ཚེ་དང་། འཁོར་དང་བསྟན་པའི་གནས་ཚད་གཅིག་ཏུ་བསྡོམ་པ་འབྱུང་བར་གསུངས་སོ། ༈། ཡང་སྙིང་རྗེ་པདྨ་དཀར་པོ་ལས། འཇིག་རྟེན་གྱི་ཁམས་མཐེ་བོང་ཅན་ན། ཚེ་ལོ་བཅུ་པའི་དུས་སུ་མི་མཐེ་བོང་ཙམ་གྱི་ནང་དུ་སངས་རྒྱས་སྐར་མ་ལ་དགའ་བ་ཞེས་བྱ་བ་སྐུ་ཁྲུ་གང་སོར་བདུན་ཙམ་གྱི་ཚད་ཡོད་པར་གསུངས། འཇིག་རྟེན་གྱི་ཁམས་ལ་ལར་སངས་རྒྱས་ཀྱི་སྐུ་གཟུགས་ཚད་མེད་པ་དག་ཀྱང་གསུངས་ཏེ། དེ་དག་ཀྱང་སངས་རྒྱས་དེ་དག་གི་སྔོན་གྱི་སྨོན་ལམ་དང་། སེམས་ཅན་གྱི་མོས་པ་དང་། དེ་དང་དེ་ལྟ་བུས་འདུལ་བར་གཟིགས་ནས་བསྟན་གྱི། ངེས་དོན་དུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སྐུ་ཚེའི་ཚད་སོགས་ལ་འདི་ཙམ་མོ་ཞེས་ཚད་བཟུང་དུ་མེད་དོ། ༈། སེམས་ཅན་གྱི་ཁམས་ལ་ཚད་བཟུང་མེད་པའི་ཚུལ་ནི། སྣང་བའི་སེམས་ཅན་དང་མི་སྣང་བའི་སེམས་ཅན་གཉིས་ལས། སྣང་བའི་སེམས་ཅན་ནི་སྟོང་གསུམ་གྱི་འཇིག་རྟེན་
(༩༦)གྱི་ཁམས་སོགས་སུ་སྣང་བའི་སེམས་ཅན་རྣམས་སོ། ༈། མི་སྣང་བའི་སེམས་ཅན་ནི། སངས་རྒྱས་ཀྱི་ཡུལ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ལ་འཇུག་པའི་མདོ་ལས། སྟོང་གསུམ་གྱི་ལྷ་དང་མི་ནི།། །ཆེས་ཉུང་གི། ཕྱི་རོལ་པའི་དྲང་སྲོང་མངོན་པར་ཤེས་པ་དང་ལྡན་པ་གཅིག་གིས་ཤིང་རྟའི་འཕང་ལོ་ཙམ་གྱི་ས་ཡི་ཁྱོན་ལ་སེམས་ཅན་མཐོང་བ་དེ་ནི་དེ་བས་ཆེས་མང་ངོ། །དེ་དག་གིས་སྟོང་གསུམ་དུ་མཐོང་བ་ནི། ཉན་ཐོས་རྣམ་པར་ཐར་པ་བརྒྱད་ལས་བསམ་གཏན་བཞི་པའི་གང་ཟག་གཅིག་གིས་ཤིང་རྟའི་འཕང་ལོ་ཙམ་དུ་མཐོང་བ་ཆེས་མང་ངོ། །དེ་དག་གིས་སྟོང་གསུམ་དུ་མཐོང་བ་ནི་བྱང་ཆུབ་སེམས་དཔའ་རྣམ་པར་ཐར་པ་བརྒྱད་ལས་བསམ་གཏན་བཞི་པའི་གང་ཟག་གཅིག་གིས་ཤིང་རྟའི་འཕང་ལོ་ཙམ་དུ་མཐོང་བ་ནི་དེ་བས་ཆེས་མང་ངོ། །དེ་དག་གིས་སྟོང་གསུམ་དུ་མཐོང་བས་ནི། དེ་བཞིན་གཤེགས་པའི་སྤྱན་གྱིས་ཤིང་རྟའི་འཕང་ལོ་ཙམ་གྱི་ས་ཡི་ཁྱོན་ལ་གནས་པའི་སེམས་ཅན་གཟིགས་པ་དེ་ནི་ཆེས་མང་ངོ། །ཞེས་གསུངས་སོ། ༈། སེམས་ཅན་རྣམས་ཀྱི་སྣང་ཚུལ་མཐུན་པ་དང་མི་མཐུན་པ་ནི། སེམས་ཅན་རྣམས་ལས་འདྲ་བར་བསགས་པས་སེམས་ཅན་སྤྱི་མཐུན་
(༩༧)གྱི་ལས་སྣང་འདྲ་བ་ཡིན་ལ། ༈། ལས་སྣང་མི་མཐུན་པར་སྣང་བ་ནི། དཔེར་ན་ཆུ་ཡི་དངོས་པོ་གཅིག་ལ་དམྱལ་བས་ལྕགས་སྲེགས་ཀྱི་ཁུ་བར་མཐོང་། ཡི་དྭགས་ཀྱིས་རྣག་ཁྲག་ཏུ་མཐོང་། དུད་འགྲོས་བཏུང་བ་ཙམ་དུ་མཐོང་། མིས་ཆུ་རུ་མཐོང་། ལྷ་རྣམས་ཀྱི་བདུད་རྩི་མཐོང་བ་སྟེ། ཐེག་བསྡུས་ལས། ཡི་དྭགས་དུད་འགྲོ་མི་རྣམས་དང་། ལྷ་རྣམས་ཅི་ལྟར་རིག་རིགས་ཏུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་ལ་གྲུབ་པར་འདོད་པ་ཡིན། །ཞེས་གསུངས་སོ། །མདོ་དགོངས་པ་འདུས་པ་ལས་ཀྱང་། །རྫས་ཀྱི་ངོ་བོ་གཅིག་ལ་ཡང་། །ལོག་ལྟ་དྲུག་དང་ཡང་དག་གཅིག། ཕྱིན་ཅི་ལོག་གི་རྣམ་པ་གཉིས། །ཞེས་ལོག་ལྟ་དྲུག་ནི་རིགས་དྲུག། ཡང་དག་ལ་དེ་དག་གང་ཡང་མ་གྲུབ། ཕྱིན་ཅི་ལོག་མུ་ཏེགས་རྟག་ཆད་གཉིས་སོ། །ཡང་དག་པར་ནི་ཅི་ཡང་མ་ཡིན། འཛིན་པ་ཐམས་ཅད་དང་བྲལ་བའོ། ༈། འཇིག་རྟེན་གཞལ་བྱེད་ཀྱི་ཚད་བསྟན་པ་ནི། མཛོད་ལས། གཟུགས་མིང་དུས་མཐའ་རྡུལ་ཡིག་དང་། །སྐད་ཅིག་ཕྲ་རབ་རྡུལ་དང་ནི། །རྡུལ་ཕྲན་དང་ནི་དེ་བཞིན་དུ། །ལྕགས་ཆུ་
(༩༨)རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་དང་། དེ་ལས་ཤིག་བྱུང་དང་དེ་བཞིན་ནས།། །དུ། ། སོར་ཚིགས་ཞེས་བྱ་གང་བདུན་བསྒྱུར། །སོར་མོ་ཉི་ཤུ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ། །དེ་དག་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །དེ་བརྒྱད་དཔག་ཚད་ཅེས་བྱའོ། ༈། སེ་གོལ་གཅིག་དྲུག་ཅུ་རེ་ལྔར་དབྱེ་བའི་ཆ་གཅིག་ནི་དུས་མཐའི་སྐད་ཅིག་མ་གཅིག་གོ། དུས་ཀྱི་ཚད་ནི་དུས་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ། དེ་ཡི་སྐད་ཅིག་གཅིག་གོ་དེ་དག་ཀྱང་། དྲུག་ཅུ་ལ་ནི་ཐང་གཅིག་གོ། ཡུད་དེ་སུམ་ཅུ་ལ་རྩམ་ཉིན་ཞག་ཟླ་གསུམ་ནི། གོང་ནས་གོང་དུ་སུམ་ཅུ་འགྱུར། །ཞེས་གསུངས་སོ། །དུས་འཁོར་ལས། ཕྲ་རབ་རྡུལ་བརྒྱད་ནི་ཕྲ་མོ་གཅིག། དེ་བཞིན་དུ། ། ཕྲ་མོ། སྐྲ་རྩེ། ཀེ་ཚེ། ཤིག། ནས། སོར་གོང་བར་བརྒྱད་འགྱུར། སོར་མོ་ཉེར་བཞི་ནི་འཁྲུ་གཅིག་གོ། །ཁྲུ་བཞི་ནི་གཞུ་འདམ་གང་། གཞུ་འདམ་སྟོང་ཕྲག་གཉིས་གཞུའི་རྒྱང་གྲགས། རྒྱང་གྲགས་བཞི་ནི་དཔག་ཚད་དོ། ༈། གྲངས་ཀྱི་རྣམ་གྲངས་ནི། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་། ས་
(༩༩)ཡ་བྱེ་བ་དུང་ཕྱུར་སྟེ། དགུ་པོ་རྐྱང་པའི་གྲངས་སུ་བརྗོད། །ཐེར་འབུམ་ཁྲག་ཁྲིག་རབ་བཀྲམ་དང་། །གཏམས་དཀྲིགས་མི་འཁྲུགས་ཁྱད་འབྱིན་དང་། །སྤང་བརྟེན་དེད་འདྲེན་མཐའ་སྣང་དང་། །རྒྱུ་རིག་འོད་མཛེས་དབང་པོ་དང་། །ལེགས་ཕྱིན་རྟོགས་འགྲོ་འབྱིན་རྡུལ་དང་། །བརྒྱ་རྟགས་སྟོབས་འཁོར་བརྡའ་ཤེས་དང་། །རྣམ་བྱུང་སྟོབས་མིག་ཁྱད་བྱུང་དང་། །བྱམས་པ་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་རྣམས་ནི་ཆེན་པོ་བཅས། །དྲུག་ཅུ་པ་ནི་གྲངས་མེད་དེ། །གོང་ནས་གོང་དུ་བཅུ་འགྱུར་བསྒྲེ། །ཅེས་སོ། ༈། སྙིགས་མ་ལྔ་བོད་ནི། ཚམ།། །པའི་སྙིགས་མ། ༡དུས་ཀྱི་སྙིགས་མ། ཉོན་མོངས་པའི་སྙིགས་མ། ལྟ་བའི་སྙིགས་མ། མ་གཅིག་གི་རྣམ་བཤད་ལ་བརྟན་པའི་སྙིགས་མ་ཡང་གསུངས། སེམས་ཅན་གྱི་སྙིགས་མ་དང་ལྔའོ། །ཚེ་ཡི་སྙིགས་མ་ནི། ཚེ་ལོ་མར་འགྲིབ་ཚེ་ལོ་བརྒྱ་ས་ནས་བཅུ་པའི་བར་དང་། དུས་ཀྱི་སྙིགས་མ་ནི། གནམ་ནས་སད་སེར་ཐན་པ་ལྟས་ངན་ཤར། ས་གཞིའི་བཅུད་ཉམས། བར་དུ་ནད་མུག་མཚོན་གསུམ་དར་བའོ། །ཉོན་མོངས་པའི་སྙིགས་མ་ནི། དུག་ལྔའི་སྟོབས་རྒྱས་པའོ། །ལྟ་བའི་སྙིགས་མ་ནི། རྟག་ཆད་ཀྱི་ལྟ་བ་
(༡༠༠)ངན་པ་ལ་ཞན་པའོ། །བསྟན་པའི་སྙིགས་མ་ནི་སངས་རྒྱས་ཀྱི་བསྟན་པ་ལོ་ལྔ་བརྒྱ་ཕྲག་བཅུའི་ལྔ་བརྒྱ་ཕྲག་བདུན་ས་ཕྱིན་ཆད་དོ། །སེམས་ཅན་གྱི་སྙིགས་མ་ནི། གཟུགས་ངན་པ་སོགས་སོ། ༈། སྙིགས་མ་ལྔས་རྒུད་པ་བཞི་འབྱུང་སྟེ། ཚེ་ཡི་སྙིགས་མས་ཚེ་ལས་བསོད་ནམས་ཀྱི་འཚེ་བ་རྒུད་པ་དང་། བསྐལ་པ་དུས་ཀྱི་སྙིགས་མས་ཕན་འདོག་པ་རྣམ་རྒུད་པ་དང་། ཉོན་མོངས་པའི་དང་ལྟ་བའི་སྙིགས་མས་དགེ་བའི་ཕྱོགས་རྒུད་པ་དང་། སེམས་ཅན་གྱིས་སྙིགས་མས་བདག་གི་དངོས་པོ་བརྒྱད་རྒུད་དེ། ཚད་ཉམས་པ་དང་། གཟུགས་ཉམས་པ་དང་། ནད་མེད་པ་ཉམས་པ་དང་། སྟོབས་ཉམས་པ་དང་། བློ་ཉམས་པ་དང་། དྲན་པ་ཉམས་པ་དང་། བརྩོན་འགྲུས་ཉམས་པ་དང་། བསྟན་པ་ཉམས་པའོ། ༈། འཇིགས་པ་བདུན་ནི། བདག་རྗེས་སུ་རྩོད་པའི་འཇིགས་པ་དང་། གཞན་རྗེས་སུ་རྩོད་པའི་འཇིགས་པ་དང་། འཚེ་བའི་འཇིགས་པ་དང་། ཆད་པའི་འཇིགས་པ་དང་། ཚིགས་སུ་བཅད་པ་མ་ཡིན་པའི་འཇིགས་པ་དང་། འཆི་བའི་འཇིགས་པའོ། ༈། ཕོང་པ་བཞི་ནི། ཚུལ་ཁྲིམས་ཀྱིས་ཕོང་པ་དང་། ལྟ་བས་ཕོང་པ་དང་། ཀུན་སྤྱོད་ཀྱིས་ཕོངས་པ་དང་། འཚོ་བས་ཕོངས་པ་དང་བཞིའོ། ༈། ཟས་བཞི་ནི། ཁམས་
(༡༠༡)ཀྱི་ཟས་དང་། རེག་པའི་ཟས་དང་། ཡིད་ལ་སེམས་པའི། ཟས་དང་། རྣམ་པར་ཤེས་པའི་ཟས་སོ། ། ཁམས་ཀྱི་ཟས་ནི། ཞུ་བར་གྱུར་པ་ན་རྟེན་ལུས་ལ་ཕན་འདོགས་པའོ། །རེག་པའི་ཟས་ནི། གཟུགས་མཛེས་པ་སོགས་ཡུལ་འདོད་ཡོན་ལྔ་ལ་རེག་པས་རྟེན་ལ་ཕན་འདོགས་པ་བསྐྱེད་པའོ། །ཡིད་ལ་སེམས་པའི་ཟས་ནི་ཡིད་ལ་སེམས་དཔས་རྟེན་ལ་ཕན་འདོགས་པ་སྟེ། སྐམ་པས་གདུང་བ་ཆུ་མཐོང་བས་མ་ཤི་བ་བཞིན་ནོ། །རྣམ་པར་ཤེས་པའི་ཟས་ནི། ཉེ་བར་ལེན་པ་དང་ལྡན་པ་སྟེ། གང་ཕྱིར་དེ་བླངས་པ་ཉིད་ཀྱིས་རྟེན་གནས་པ་སྟེ། དེ་ལས་གཞན་དུ་ན་ཤི་བའི་རོ་བཞིན་དེ་རུལ་བར་འགྱུར་བས་སོ། ༈། ངན་འགྲོ་གསུམ་སོགས་འཁོར་བར་སྡུག་བསྔལ་བར་བྱེད་པའི་ལས་ལམ། ༈། མི་དགེ་བ་བཅུ་ནི། སྲོག་གཅོད་པ་དང་། མ་བྱིན་པ་ལེན་པ་དང་། འདོད་པས་ལོག་པར་གཡེམས་པ་དང་གསུམ་ནི་ལུས་ཀྱི་ལས་སོ། །རྫུན་དང་། ཕྲ་མ་དང་། ཚིག་རྩུབ་དང་། ངག་འཆལ་དང་བཞི་ནི་ངག་གི་ལས་སོ། །བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་གསུམ་ནི་ཡིད་ཀྱི་ལས་ཏེ་མི་དགེ་བ་བཅུའོ། ༈། མི་དགེ་བ་ནི་
(༡༠༢)ཉོན་མོངས་པ་དུག་གསུམ་གྱིས་བསྐྱེད་པོ་ཐམས་ཅད་དོ། །ལས་དེ་བཅུས་འཁོར་བའི་སྡུག་བསྔལ་ཐམས་ཅད་བསྐྱེད་པའོ། ༈། མི་དགེ་བའི་རྒྱུ་ནི་ཐོག་མེད་ཀྱི་བག་ཆགས་ཀུན་གཞིའི་རྣམ་ཤེས་ཀྱི་ཀློང་ལས་ལངས་པའི་འདུ་བྱེད་ཀྱི་ལས་མི་དགེ་བ་རྣམས་བསགས་པ་ལ། བདག་དང་གཞན་དུ་འཛིན་པའི་རྐྱེན་གྱིས་ཉོན་མོངས་པའི་བདག་ཉིད་དོ། ༈། སྲོག་གཅོད་ཀྱི་ངོ་བོ་ནི། མཚོན་བརྡེག་པ་དང་། དུག་བྲུད་པ་སོགས་དང་། སྔགས་སོགས་ཀྱིས་སྲོག་གི་དབང་པོ་དང་ཕྲལ་བའོ། །དབྱེ་ན། ཕ་གསོད་པ། མ་གསོད་པ། དགྲ་བཅོམ་པ་གསོད་པ་གསུམ་ནི་ཆེ་བའོ། །ལམ་གནས་གསོད་པ་འབྲིང་པོའོ། །དུད་འགྲོ་གསོད་པ་སོགས་ཆུང་བ་ཡིན། གསོད་ཟིན་པ་དང་། གསོད་པ། གསོད་པར་འགྱུར་བའི་དུས་ཀྱི་དབྱེ་བས་གསུམ། འདོད་ཆགས་ཀྱིས་ཤ་ཟ་འདོད་པས་གསོད་པ་ལྟ་བུ། ཞེ་སྡང་གིས་དགྲ་གསོད་པ། གཏི་མུག་གིས་མཆོད་སྦྱིན་དོན་དུ་གསོད་པ་ལྟ་བུ་དང་གསུམ་མོ། །ཕན་འདོད་པས་སྨན་བྱིན་པ། ལམ་ཞུགས་མེ་འབར་བར་ཕན་སེམས་ཀྱི་བརྡེག་པ། མི་འདོད་པར་མཚོན་ལྷུང་བས་གསད་པ་གསུམ་ནི་སྡིག་པར་མི་འགྱུར་རོ། །རྣམ་སྨིན་གྱི་འབྲས་བུ་
(༡༠༣)དམྱལ་བར་སྐྱེ། གསལ་ཏེ་མིར་སྐྱེས་ཀྱང་ནད་མང་ཚེ་ཐུང་། རྒྱུ་མཐུན་གྱི་འབྲས་བུ་སྲོག་གཅོད་ལ་དགའ། དབང་གི་འབྲས་བུ་ཕྱི་རོལ་གྱི་གཟི་བྱིན་ཆུང་། གནོད་པ་མང་ངོ། ༈། མ་བྱིན་པ་ལེན་པའི་ངོ་བོ་ནི། ཕ་རོལ་གྱི་བདག་གིར་བྱས་པའི་རྡས། རྐུ་བའི་སེམས་ཀྱི་བླངས་པའོ། །དབྱེ་བ་ནི། དངོས་སུ་འཕྲོག་པ་དང་། ཐབས་ཀྱིས་ལེན་པ་དང་། འཇབ་བུས་ལེན་པའོ། །དབྱེ་བ་ནི་སྲོག་གཅོད་ཀྱི་སྐབས་བཞིན་ཏེ། དཀོན་མཆོག་གི་དཀོར་འཕྲོག་པ་ནི་ལྕི་བའོ། །རྣམ་སྨིན་གྱི་འབྲས་བུ་ནི་ཡི་དྭགས་སུ་སྐྱེའོ། །རྒྱུ་མཐུན་གྱི་འབྲས་བུ་ནི། གསལ་ཏེ་མིར་སྐྱེ་ན་ཡང་ལོངས་སྤྱོད་ཀྱིས་ཕོངས་པར་འགྱུར་རོ། །མ་བྱིན་པ་ལེན་པ་ལ་དགའ། དབང་གི་འབྲས་བུ་ནི་ཡུལ་པད་སེར་མང་བར་སྐྱེ་བར་འགྱུར་རོ། ༈། འདོད་པས་ལོག་པར་གཡེམས་པ་ནི། ངོ་བོ་ནི། གཞན་གྱི་ཆུང་མ་དང་གནས་མ་ཡིན་པར་སྤྱོད་པའོ། །དབྱེ་བ་ནི། མ་སྲིང་སོགས་རིགས་ཀྱི་བསྲུང་བ། རྒྱལ་པོ་སོགས་བདག་པོས་སྲུང་བ། ཆོས་ཀྱིས་བསྲུང་བ་དགེ་སློང་མ་སོགས་ལ་སྤྱོད་པའོ། །རང་གི་ཆུང་མ་ཡིན་ཡང་། ཡན་ལག་མ་ཡིན་པ་ཁ་
(༡༠༤)ཁ་བཤང་སོགས་དང་། ཡུལ་མ་ཡིན་པ་བླ་མའི་ཉེ་འཁོར་རམ། གཙུག་ལག་ཁང་དང་མཆོད་རྟེན་གྱི་དྲུང་མང་པོ་འདུ་བའི་སར་སྤྱོད་པའོ། །དུས་མ་ཡིན་པ་གསོ་སྦྱོང་དུས་དང་། སྦྲུལ་མའམ། ནུ་ཞོ་འཐུང་བའམ། སྣང་བ་ཡོད་པའི་དུས་སོ། །ཚོད་མ་ཡིན་པ་གྲངས་ལྔ་ལས་ལྷག་པར་སྤྱོད་པའོ། །རིགས་མ་ཡིན་པ་ནི་བརྡེག་ཅིང་སྤྱོད་པའོ། །ཡང་ཡང་ན་ཕོའམ། མ་ནིང་གི་ཁ་དམ་གཤང་ལམ་དུ་སྤྱོད་པའོ། །འདོད་ལོག་སྤྱོད་པའི་ནང་ནས་མ་དགྲ་བཅོམ་མ་ལ་སྤྱོད་པ་སྡིག་པ་ལྕིའོ། །རྣམ་སྨིན་གྱི་འབྲས་བུ་ཡི་དྭགས་སུ་སྐྱེ། རྒྱུ་མཐུན་གྱི་འབྲས་བུ་ནི། གལ་ཏེ་མིར་སྐྱེས་ཀྱང་དགྲ་སྡང་བའི་ཆུང་མར་འགྱུར་རོ། །དབང་འབྲས་ནི་ཡུལ་ས་རྡུལ་ཤས་ཆེ་བར་སྐྱེའོ། ༈། རྫུན་སྨྲ་བ་ནི། ངོ་བོ་ནི་བདག་གཞན་བསླུ་བར་བྱེད་པའོ། །དབྱེ་བ་ནི། མི་ཆོས་བླ་མའི་རྫུན་ནི་སྡིག་པ་ཆེའོ། །བདག་གཞན་ལ་ཕན་པ་དང་གནོད་པའི་རྫུན་ནི་འབྲིང་ངོ། །ཕན་གནོད་མེད་པའི་རྫུན་ནི་ཆུང་ངོ། །རྫུན་གྱི་ནང་ནས་བླ་མ་དང་དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ནི་ལྕིའོ། །རྣམ་སྨིན་གྱི་འབྲས་བུ་ནི་དུད་འགྲོར་སྐྱེའོ། །རྒྱུ་མཐུན་
(༡༠༥)གྱི་འབྲས་བུ་ནི་གལ་ཏེ་མིར་སྐྱེ་ཡང་བསྐུར་འདེབས་མང་ངོ། །དབང་འབྲས་ནི་ཁ་དྲི་མི་ཞིམ་པར་སྐྱེའོ། ༈། ཕྲ་མ་ནི། ངོ་བོ་ནི་མཐུན་པར་འབྱེད་པའི་ངག་གོ། །དབྱེ་བ་ནི། བཙན་ཕྲ་དང་། གཞོག་ཕྲ་དང་། ལྐོག་ཕྲའོ། །ཡུལ་དང་བསམ་པ་དང་སྦྱོར་བའི་དབྱེ་བས་གསུམ་མོ། །ཕྲ་མའི་ནང་ནས་དགེ་འདུན་ལ་མི་སྙན་པའི་ཕྲ་མ་ནི་སྡིག་ལྕིའོ། །རྣམ་སྨིན་གྱི་འབྲས་བུས་དམྱལ་བར་སྐྱེའོ། །རྒྱུ་མཐུན་གྱི་འབྲས་བུ་ནི། གལ་ཏེ་མིར་སྐྱེས་ཀྱང་མཛའ་བཤེས་དང་བྲལ་བར་སྐྱེའོ། །དབང་འབྲས་ནི་ཡུལ་མཐོ་དམན་ཅན་གྱི་སར་སྐྱེའོ། ༈། ཚིག་རྩུབ་ཀྱི་ངོ་བོ་ནི། བདག་གཞན་གདུང་བའི་ངག་གོ། །དབྱེ་བ་ནི། ངོར་རྩུབ་པ་ནི་དངོས་སུའོ། །གཞོག་རྩུབ་ནི་སྐྱལ་ཀ་དང་བསྲེས་ནས་ཚིག་རྩུབ་སྨྲ་བའོ། །བརྒྱུད་དེ་རྩུབ་པ་ནི་ཁོ་ཡི་མཛའ་བོ་སོགས་ཀྱི་དྲུང་ན་བརྗེད་པའོ། །ཚིག་རྩུབ་ནང་ནས་ཕ་མའམ་འཕགས་པ་རྣམས་ལ་སྨྲ་བ་སྡིག་ཆེའོ། །རྣམ་སྨིན་གྱི་འབྲས་བུ་དམྱལ་བར་སྐྱེའོ། །རྒྱུ་མཐུན་གྱི་འབྲས་བུ་ནི། གལ་ཏེ་མིར་སྐྱེས་ཀྱང་ཡིད་དུ་མི་འོང་བའི་སྒྲ་ཐོས་པར་འགྱུར་རོ། །དབང་འབྲས་ནི། ཡུལ་ཚ་སྒོ་
(༡༠༦)ཅན་དང་། སྐམ་ཅན་དང་སྡིག་ཤས་ཅན་གྱི་སར་སྐྱེའོ། ༈། ངག་འཆལ་གྱི་ངོ་བོ་འབྲེལ་མེད་བརྗོད་པའོ། །དབྱེ་བ་ནི། ལོག་པའི་ངག་ཀྱལ་ནི་མུ་ཏེགས་པའི་བཟླས་བརྗོད་དོ། །འཇིག་རྟེན་པའི་ངག་ཀྱལ་ནི་བྲེ་མོའི་གཏམ་མོ། །བདེན་པའི་ངག་ཀྱལ་ནི། མ་གུས་པ་དང་སྣོད་མིན་ལ་ཆོས་བཤད་པའོ། །ངག་ཀྱལ་གྱི་ནང་ནས་ཆོས་འདོད་རྣམས་གཡེང་བར་བྱེད་པའོ། །རྣམ་སྨིན་གྱི་འབྲས་བུ་དུད་འགྲོར་སྐྱེའོ། །རྒྱུ་མཐུན་གྱི་འབྲས་བུ་ནི་གལ་ཏེ་མིར་སྐྱེས་ཀྱང་ཚིག་མི་བཙུན་པར་འགྱུར་རོ། །དབང་འབྲས་ནི་དབྱར་རྒུན་ལོག་པར་སྐྱེའོ། ༈། བརྣལ།། །སེམས་ཀྱི་ངོ་བོ་ནི། གཞན་གྱི་ཕུན་ཚོགས་ལ་ཆགས་པའོ། །བདག་ལ་བརྣལ་སེམས་ནི་རང་གི་རིགས་གཟུགས་ནོར་རྫས་ལ་ཞེན་ཆགས་སྐྱེས་པའོ། །གཞན་ལ་བརྣལ་སེམས་ནི། ཕྲོལ་གྱི་ཕུན་ཚོགས་འདི་དག་བདག་གི་ཡིན་ན་ཅི་མ་རུང་སེམས་པའོ། །བདག་གཞན་གཉིས་ཀ་མིན་པའི་བརྣབ་སེམས་ནི། ས་འོག་གཏེར་སོགས་ལ་ཆགས་པའོ། །བརྣབ་སེམས་ནང་ནས་ཡང་དག་སྤང་བའི་རྙེད་པ་ལ་བརྣབ་སེམས་སྡིག་ཆེའོ། །རྣམ་སྨིན་གྱི་འབྲས་བུ་ཡི་དྭགས་སུ་སྐྱེའོ། །རྒྱུ་མཐུན་གྱི་འབྲས་བུ་གལ་ཏེ་
(༡༠༧)མིར་སྐྱེས་ཀྱང་འདོད་ཆགས་ཤས་ཆེར་སྐྱེའོ། །དབང་འབྲས་ནི་འབྲུ་ངན་པའི་སར་སྐྱེའོ། ༈། གནོད་སེམས་ཀྱི་ངོ་བོ་ནི། གཞན་ལ་གནོད་སེམས་སྐྱེ་བའོ། །དབྱེ་ན། ཞེ་སྡང་གི་གནོད་སེམས་དང་། ཕྲག་དོག་གི་གནོད་སེམས་དང་། ཁོན་འཛིན་གྱི་གནོད་སེམས་སོ། །གནོད་སེམས་ཀྱི་ནང་ནས་མཚམས་མེད་ཤམ་ས་སྡིག་ཆེའོ། །རྣམ་སྨིན་གྱི་འབྲས་བུ་ནི་དམྱལ་བར་སྐྱེའོ། །རྒྱུ་མཐུན་གྱི་འབྲས་བུ་ནི་གལ་ཏེ་མིར་སྐྱེས་ཀྱང་ཞེ་སྡང་ཆེའོ། །དབང་འབྲས་ནི་ཟས་ཁ་ཞིང་རྩུབ་པའི་སར་སྐྱེའོ། ༈། ལོག་ལྟའི་ངོ་བོ་ནི། བདག་དང་གང་ཟག་ཏུ་བལྟ་བ་དང་། རྒྱུ་མེད་འབྲས་བུ་མེད་པར་ལྟ་བའོ། །དབྱེ་བ་ནི། ལས་རྒྱུ་འབྲས་མེད་པར་ལོག་པར་ལྟ་བ་དང་། ལམ་བདེན་དང་འགོག་བདེན་ལ་མེད་པར་ལོག་པར་ལོག་པར་ལྟ་བ་དང་། དཀོན་མཆོག་གསུམ་མེད་པར་ལོག་པར་ལྟ་བའོ། །ལོག་ལྟའི་ནང་ནས། ལྟ་བས་གཟིགས།། །པ་སྡིག་ཆེའོ། །རྣམ་སྨིན་གྱི་འབྲས་བུ་ནི་དུད་འགྲོར་སྐྱེའོ། །རྒྱུ་མཐུན་གྱི་འབྲས་བུ་ནི། གལ་ཏེ་མིར་སྐྱེ་ན་ཡང་གཏི་མུག་ཤས་ཆེ་བར་འགྱུར་རོ། །དབང་གི་འབྲས་བུ་ནི་འབྲས་བུ་ཡེ་མེད་པའི་སར་སྐྱེར་བར་འགྱུར་རོ། ༈། མི་དགེ་བཅུ་དེ་དག་བྱེ་
(༡༠༨)བྲག་ཏུ་དབྱེ་ན། ཞེ་སྡང་གི་ལས་ཀྱིས་དམྱལ་བར་སྐྱེའོ། །འདོད་ཆགས་ཀྱི་ལས་ཀྱིས་ཡི་དྭགས། གཏི་མུག་གི་ལས་ཀྱིས་དུད་འགྲོར་སྐྱེའོ། །དེ་བཞིན་དུ་གྲངས་མང་ཉུང་། ཡུལ་མཆོག་དམན་པར་གསུམ་གྱི་དབྱེ་བས་ངན་སོང་གསུམ་དུ་སྐྱེའོ། ༈། མི་དགེ་བཅུ་པོ་གང་ཡང་། རང་གིས་བྱས་པ་དང་། གཞན་ལ་བྱེད་དུ་བཅུག་པ་དང་། གཞན་གྱི་བྱས་པ་ལ་རྗེས་སུ་ཡི་རང་བ་རྣམས་མཚུངས་སོ། ༈། ཡང་མུ་བཞི་བརྩི་སྟེ། རྒྱུ་རྣམས་སྤྱོད་ཅིང་ལས་ཡོངས་སུ་རྫོགས་པ་ངེས་པར་མྱོང་འགྱུར་གྱི་ལས་ཀྱི་མུ་དང་། ལས་སྤྱོད་ཀྱང་དེ་ལ་མ་དགའ་བ་དང་ལས་མ་རྫོགས་པ་གཉེན་པོས་བཅོམ་པ་ནི། ལས་བྱས་ཀྱང་མྱོང་འགྱུར་མིན་པའི་མུ་དང་། ལས་དངོས་སུ་སྤྱད་པ་མིན་ཀྱང་འདུན་པ་དང་སྨོན་པ་དང་། ཡི་རང་བར་བྱེད་པ་ནི། ལས་མ་བྱས་ཀྱང་འབྲས་བུ་མྱོང་བར་འགྱུར་བའི་མུ་དང་། རྒྱུ་མ་བྱས་ཤིང་མི་མྱོང་བའི་མུ་དང་བཞིའོ། ༈། མཚམས་མེད་ལྔ་ནི། བསམ་བཞིན་དུ། ཕ་གསོད་པ་དང་། མ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། སངས་རྒྱས་ཀྱི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། དགེ་འདུན་གྱི་འཁོར་ལོའི་དབྱེན་བྱེད་པ་དང་ལྔའོ། །དེ་ལ་སངས་རྒྱས་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་ནི། ལྷས་
(༡༠༩)སྦྱིན་དང་མ་སྐྱེས་དགྲས་བྱས་པ་དང་། འཁོར་ལོའི་དབྱེན་ནི། སྟོན་པ་ཞལ་བཞུགས་དུས་ལྷས་སྦྱིན་གྱིས་བྱས་ཏེ། མཚམས་མེད་འདི་གཉིས་ད་ལྟ་བྱེད་མཁན་མི་འབྱུང་། མཚམས་མེད་པ་ནི་ལུས་འདི་བོར་མ་ཐག་སྐྱེ་བ་གཞན་གྱི་བར་མི་ཆོད་པ་དམྱལ་བར་འགྲོ་བས་མཚམས་མེད་པའོ། །དགེ་འདུན་གྱི་དབྱེན་ལས། ལས་ཀྱི་དབྱེན་ནི་དགེ་སློང་ཚུལ་ལྡན་གྱི་ཆོས་སུ་རློམས་པས་དགེ་འདུན་དབྱེན་བྱུང་བའི་ཉེས་པའོ། །དགེ་འདུན་འཁྲུགས་ལོང་བྱེད་པའི་དབྱེན་ནི་དགེ་སློང་གིས་མཚམས་ལས་འདས་པར་ཆོས་མིན་གྱི་ལས་ཀྱིས་དགེ་འདུན་འཁྲུགས་པ་བྱེད་པའོ། ༈། ཉེ་བའི་མཚམས་མེད་ལྔ་ནི། ཕ་བསད་པ་དང་ཉེ་བ་བྱང་ཆུབ་ཏུ་སེམས་བསྐྱེད་པ་བསད་པ་དང་། མ་བསད་པ་དང་ཉེ་བ་དགྲ་བཅོམ་མ་ལོག་གཡེམ་གྱིས་སུན་ཕྱུང་བའོ། །དགྲ་བཅོམ་པ་གསོད་པ་དང་ཉེ་བ་བློ་གཏད་པ་ལ་དུག་གཏོང་བའམ། བླ་མའི་སྐུ་ཆས་འགོམ་པའོ། །སངས་རྒྱས་ཀྱི་སྐུ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་དང་། ཉེ་བ། རབ་གནས་དང་ལྡན་པའི་སྐུ་གསུང་ཐུགས་རྟེན་བཤིག་པའོ། །དགེ་འདུན་གྱི་འཁོར་ལོའི་དབྱེན་དང་ཉེ་བ། དགེ་འདུན་གྱི་གནས་འཕྲོག་པ་དང་། དགེ་འདུན་འདུ་བའི་སྒོ་ནང་
(༡༡༠)མ་གཅིག་གིས་འཚོར་བ་འཕྲོག་པ་དང་ཡན་ཆད་དང་ལྔའོ། ༈། ཡང་ལྕི་བ་བཞི་ལ་རྣམ་གྲངས་བཞི་སྟེ། ཉམས་པའི་ལྕི་བ་བཞི་དང་། ལོག་པའི་ལྕི་བ་བཞི་དང་། སྨད་པའི་ལྕི་བ་བཞི་དང་། སྐུར་བའི་ལྕི་བ་བཞི་དང་བཞིའོ། ༈། ཉམས་པའི་ལྕི་བ་བཞི་ནི། མི་ཆོས་ཀྱི་མནའ་བསྐྱལ་བ་ལས་ཉམས་པ་ལྕི། ཉན་ཐོས་ཀྱི་འདུལ་ཁྲིམས་ཉམས་པ་ལྕི། བྱང་སེམས་ཀྱི་བསླབ་པ་ཉམས་པ་ལྕི། གསང་སྔགས་ཀྱི་དམ་ཚིག་ཉམས་པ་ལྕིའོ། ༈། ལོག་པའི་ལྕི་བ་བཞི་ནི། སྒྲུབ་པ་པོའི་ཕྱག་ལྕི། དད་ལྡན་གྱི་རྫས་ལྕི། སྔགས་པའི་ནོར་ལྕི། མཁས་པའི་གོང་ལྕིའོ། ༈། སྨད་པའི་ལྕི་བ་བཞི་ནི། གཏི་མུག་གིས་འཕགས་པའི་སྐུ་ལ་སྨད་པ་ལྕི། ང་རྒྱལ་གྱིས་མཁས་པའི་ཡོན་ཏན་ལ་སྨད་པ་ལྕི། ཕྲག་དོག་གིས་བདེན་པའི་ཚིག་ལ་སྨད་པ་ལྕི། ཕྱོགས་རིས་ཀྱིས་འཕགས་པའི་སྐུ་ལ་བླངས་དོར་བྱས་པ་ལྕིའོ། ༈། སྐུར་བའི་ལྕི་བ་བཞི་ནི། མཉམས་གཉིས་ཀྱི་ཆོས་ལ་ཁྱད་འབྱེད་པ་ལྕི། རང་བཞིན་མེད་པ་ལ་འགལ་འཛུག་པ་ལྕི། མི་དགེ་བཅུ་ལས་ལོག་ལྟ་ལྕི། མཚམས་མེད་ལྔ་ལས་ཁྲག་འབྱིན་ལྕིའོ། ༈། ལོག་པ་བརྒྱད་ལ་བཞི་ཚན་གཉིས་
(༡༡༡)ཏེ། ཕྱིའི་ལོག་པ་བཞི་དང་། ནང་གི་ལོག་པ་བཞི་བརྒྱད་དོ། །ཕྱིའི་ལོག་པ་བཞི་ནི། དཀར་པོའི་ཆོས་སྨོད་པ་དང་གཅིག། ནག་པོའི་སྡིག་ལ་བསྟོད་པ་དང་གཉིས། དད་པ་ཅན་གྱི་ཚོགས་བསགས་བཅགས་པ་དང་གསུམ། དགེ་བ་ཅན་གྱི་ཐུགས་དཀྲུགས་པ་དང་བཞིའོ། ༈། ནང་གི་ལོག་པ་བཞི་ནི། དཀོན་མཆོག་གསུམ་སྤོང་བ་དང་། ༡བླ་མ་རྡོ་རྗེ་སློབ་དཔོན་སྨད་པ་དང་། ཡི་དམ་གྱི་ལྷ་ལ་མི་གུས་པ་དང་། ༢དམ་ཚིག་གཉེན་པོ་དྲལ་བ་དང་། ༣མཆེད་ལྕམ་ལ་གདུང་སེམས་བསྐྱུང་བ་དང་བཞིའོ། །འདི་མ་རྣམ་གྲངས་ལྔ་འདུག་ས་བརྟགས། ༈། སྐྱེ་གནས་ཀྱི་ལོག་ས་བརྒྱད་ནི། རྡོ་རྗེ་ཐེག་པའི་གསང་སྔགས་ལས་ལོག་ན་དམྱལ་བར་སྐྱེ། ལྟ་བ་ལོག་ན་ཡི་དྭགས་སུ་སྐྱེ། སྤྱོད་པ་ལོག་ན་དུད་འགྲོར་སྐྱེ། ཕྲིན་ལས་ལོག་ན་གཤིན་རྗེར་སྐྱེ། མཆོད་རྫས་ལོག་ན་མུ་ཏེགས་སུ་འགྱུར། དམ་རྫས་ཉམས་ན་དུག་དུ་འགྱུར། གསང་སྔགས་ལོག་ན་བར་ཆད་རྐྱེན་དུ་འགྱུར། བདེན་པའི་དོན་ལས་ལོག་པས་རུ་ཏྲར་སྐྱེ་བ་དང་བརྒྱད་དོ། ༈། ད་ནི་དངོས་པོ་གཤིས་ཀྱི་གནས་ལུགས་གཤིས་འགྱུར་བ་མེད་པ། ངོ་བོ་སྟོང་པ། རང་བཞིན་གསལ་
(༡༡༢)བ། མཚན་ཉིད་ཐོག་པ་མེད་པ་དེ་མ་རྟོགས་འགྲོ་བ་རིགས་དྲུག་གི་སེམས་ཅན་འཁྲུལ་ཚུལ་དང་། འཁྲུལ་པའི་འབྲས་བུ་ཕྱོགས་ཙམ་བཤད་ཟིན་ཅིང་། ལོག་པར་རྟོག་པ་མུ་སྟེགས་པའི་གྲུབ་མཐའ་དང་། ཕྱོགས་རྟོགས་ཉན་རང་སོགས་དང་། ཡང་དག་ཇི་བཞིན་མ་རྟོགས་པས་ཐེག་པ་རིམ་པ་དགུ་བྱུང་བ་ལས། མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོངས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ནི། །བརྟན་པའི་ཚིག་གིས་རབ་མཚོན་ཏེ། །ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །ཞེས་གསུངས་པའང་། ལོག་པར་རྟོག་པ་མུ་སྟེགས་ཀྱི་གྲུབ་མཐའ་ཡང་། དངོས་པོ་གཤིས་ཀྱི་གནས་ལུགས་གཤིས་འགྱུར་བ་མེད་པ་ལ་ལོག་པར་རྟོག་པའི་མུ་སྟེགས་རྟག་ལྟ་བ་དང་། ངོ་བོ་སྟོང་པ་ལ་ལོག་པར་རྟོག་པའི་ཆད་ལྟ་བ་དང་། རང་བཞིན་གསལ་བ་ལ་ལོག་པར་རྟོག་པའི་མུ་སྟེགས་གསང་བ་པ་དང་། མཚན་ཉིད་ཐོག་པ་མེད་པ་ལ་ལོག་པར་རྟོག་པའི་མུ་སྟེགས་ཀྱི་ལྟ་ལོག་སུམ་བརྒྱ་དྲུག་ཅུ་བྱུང་བ་སྟེ། དེ་ཡང་གྲུབ་ཐོབ་ཆེན་པོ་ཀརྨ་པཀྴིས། ཁྱབ་
(༡༡༣)འཇུག་རྒྱ་མཚོ་མཐའ་ཡས་ལས་འདི་སྐད་ཅེས་གསུངས་སྟེ། གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པར་འབྱུང་བའི་རྒྱུད་ལས། མ་རྟོག་པ་དང་ལོག་པར་རྟོག། དགོངས་པ་འདུལ་བ་གསང་བ་དང་། ཕྱོགས་རྟོགས་ཡང་དག་ཉིད་མ་རྟོག། དོན་དམ་འདི་ལ་ཐེ་ཚོམ་ཟ། ། གསུངས་པའི་ཕྱིར་ན། ལུང་འདི་ཡིས་ངར་འཛིན་གྱི་ལྟ་བ་ཉི་ཤུ་རྩ་གཅིག་ཕྱོགས་མེད།། །དུ་སྟོན་པའི་ཕྱིར་ན། འདིར་མ་རྟོག་པ་འགྲོ་བ་རིགས་དྲུག་སེམས་ཅན་རྣམས་ཀྱི་འཁྲུལ་གཞི་དང་། ལོག་པར་རྟོག་པ་མུ་སྟེགས་ཀྱི་ལྟ་ལོག་སུམ་བརྒྱ་དྲུག་ཅུ་གར་ཡང་མ་ངེས་ཤིང་། མི་རྟག་ཅིང་མི་བརྟན་ལ་འགྱུར་བའི་ཆོས་ཉིད་ཅན་རྣམས་ལུང་དང་རིག་པ་གཏན་ཚིག་མན་ངག་དང་། རྟོགས་པ་ཡེ་ཤེས་ཀྱི་ངེས་པར་འབྱུང་བ་རྣམ་པར་ངེས་པ་གཏན་ལ་འབེབས་པ་སྟེ། འཁོར་འདས་ཡོངས་ཀྱི་རང་བཞིན་ཉིད། ། གནས་ལུགས་མི་འགྱུར་རྡོ་རྗེ་ལྟར། །ངོ་བོ་གཅིག་ལ་མཚན་ཉིད་རྫོགས། །མ་རྟོགས་མ་རིག་འཁྲུལ་པ་ཡིས། །མ་ངེས་འཁོར་བའི་རྒྱ་མཚོ་སྟེ། །འཁྲུལ་པ་མཐའ་ཡས་བསམ་མི་ཁྱབ། །མ་རིག་ཁྱབ་འཇུག་ཆེན་པོ་སྟེ། །ཕྱི་ནང་སྣོད་བཅུད་ལ་སོགས་པ། བྱེད་པའི་སྐྱེས་བུ་འདི་དག་གིས།
(༡༡༤)། མ་བྱས་པ་ནི་གཅིག་ཀྱང་མེད། །ཁམས་གསུམ་གྲོང་ཁྱེར་ཐམས་ཅད་དུ། །ཁྱབ་འཇུག་ཆེན་པོ་ཀུན་འཇུག་སྟེ། །སྲིད་པའི་ཡབ་ཡུམ་ལྕལ་དྲལ་གྱིས། །མ་ཁྱབ་པ་ནི་གང་ཡང་མེད། །གྲུབ་མཐའ་ལོགས་པས་བློ་བསྒྱུར་ཞིང་། །ཁྱབ་འཇུག་ཆེན་པོ་ལྷ་ཆེན་པོ། །སྲིད་པ་ཡབ་ཡུམ་ཕྱ་ལ་སོགས། །དངོས་པོ་གཤིས་ཀྱི་གནས་ལུགས་ཀྱི། །ཕྱོགས་ཆ་ཙམ་དུ་གོ་བ་ལས། །གཤིས་ཉིད་འགྱུར་བ་མེད་པ་ཡི། །ཆ་ཙམ་རྟོགས་པའི་རྟག་ལྟ་བས། །ཐམས་ཅད་རྟག་པའི་ལྟ་བ་སྟོན། །གཤིས་ཉིད་ངོ་བོ་སྟོང་པ་ཡི། །ཆ་ཙམ་གོ་ཞིང་རྟོགས་པའི་ཕྱིར། །ཐམས་ཅད་མེད་པ་ཁོ་ནར་གོ །གཤིས་ཉིད་རང་བཞིན་གསལ་བ་ཡི། །ཆ་ཙམ་ཅུང་ཟད་གོ་བ་ལས། །ཡོད་མེད་གསང་བ་ས་ཡིས་ནི། །ལྟ་ལོག་གྲངས་མཐའ་ཡས་པར་སྟོན། །མཚན་ཉིད་ཐོག་པ་མེད་པ་ཡི། །མཚན་ཉིད་རྣམ་གྲངས་གོ་བ་ལས། །ལྟ་ལོག་སུམ་བརྒྱ་དྲུག་ཅུ་སྟེ། །སྟོན་པ་ཁྱབ་འཇུག་ཆེན་པོ་ཡི། །རྣམ་འཕྲུལ་མུ་སྟེགས་ལྷ་ཆེན་བརྒྱད། །སྲིད་པ་ཡབ་ཡུམ་དང་བཅས་པ། །འཇིག་རྟེན་ཁམས་ཀྱི་ལྷ་སྲིན་རྣམས། །ཁྱབ་འཇུག་ཡབ་ཡུམ་སུ་རྒྱུད་དེ། །ཐམས་ཅད་འདི་ཡིས་
(༡༡༥)ཁྱབ་པར་འདོད། །ཁྱད་པར་ཚངས་པ་ཆེན་པོ་དང་། །ཕྱ་དང་ཕྱངས་ཅན་མ་ལ་སོགས། །ཐམས་ཅད་ཀུན་གྱི་གཞུང་རྣམས་ལས། །མངའ་བརྙེས་མུ་སྟེགས་སྟོན་པ་དྲུག། མུ་སྟེགས་མུ་འདྲ་མུ་རྡུག་གསུམ། །གྲུབ་མཐའ་གྲངས་མེད་གསུངས་ན་ཡང་། །རྟག་ཆད་གཉིས་སུ་གསུང་པ་ཡིན། །མུ་སྟེགས་གྲུབ་མཐའ་གྲངས་མང་ཡང་། །ཁྱབ་འཇུག་ཆེན་པོའི་རྣམ་འཕྲུལ་ཏེ། །ཀུན་བརྟག་རྣམ་པར་མ་ངེས་ཤིང་། །ལོག་པའི་ཀུན་རྫོབ་དུ་མར་སྣང་། །ཀུན་རྫོབ་རྒྱུ་འབྲས་བསམ་མི་ཁྱབ། །ཇི་ལྟར་སྒྲུབ་པ་དེ་བཞིན་དུ། །སྲིད་པའི་དངོས་གྲུབ་བསམ་མི་ཁྱབ། །ཡང་དག་མཆོག་གི་དངོས་གྲུབ་ནི། །ནམ་ཡང་འབྱུང་བར་ག་ལ་འགྱུར། །གྲུབ་མཐའ་ལོག་དང་མ་ལོག་གི། །ས་མཚམས་རབ་ཏུ་ཕྱེ་བ་དང་། །ངེས་པ་དོན་གྱི་ཚད་མ་ཡིས། །མ་ངེས་གྲུབ་མཐའ་ཚར་གཅོད་ཅིང་། །རྣམ་ངེས་འགྲོ་དོན་སོ་སོར་འབྱེད། །མཁས་པ་རྣམས་ཀྱི་གཞུང་ལུགས་དང་། །ལུང་རིག་སྒྲ་ཚད་སྣ་ཚོགས་ཀྱིས། །ཕྱི་ནང་གྲུབ་མཐའ་ཤན་འབྱེད་འདི། །མཁས་པ་རྣམས་ཀྱིས་མཁྱེན་པར་མཛོད། །
(༡༡༦)ཞེས་གསུངས་སོ། །མུ་སྟེགས་དེ་དག་གི་གྲུབ་མཐའི་འདོད་ཚུལ་དང་། དེ་དག་ལ་དགག་བཞག་རྒྱས་པར་ནི་གཞུང་དེ་ཉིད་སོགས་གཞན་ལས་ཤེས་པར་བྱ་བ་དང་། མུ་སྟེགས་པའི་བསྒོམ་པ་དང་སྤྱོད་པའང་གཞན་ལས་ཤེས་པར་བྱ་བ་ལས་གྲུབ་མཐའ་དེར་འཇུག་དགོས་པ་མིན་ཕྱིར་འདིར་ཡི་གེའི་འཇིགས་པས་མ་བྲིས་སོ། །དེ་དག་ནི་དག་པའི་སེམས་གཞི་བདེ་བར་གཤེགས་པའི་སྙིང་པོ་མ་རྟོག་པ་དང་ལོག་པར་རྟོག་པའི་དབང་གི་མ་དག་སེམས་ཅན་གྱི་གནས་སྐབས་འཁྲུལ་ཚུལ་གཞིའི་གནས་སྐབས་བཤད་པའི་སྐབས་ཏེ་དང་པོའོ། ༈། ད་ནི་མཐོ་རིས་དང་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པ་ལམ་གྱི་རིམ་པ་བཤད་པར་བྱ་སྟེ། དེའང་། ཐེག་པ་ཆེན་རྒྱུད་བླ་མ་ལས། །གཏེར་དང་འབྲས་བུའི་ཤིང་བཞིན་དུ། །རིགས་དེ་རྣམ་གཉིས་ཤེས་བྱ་སྟེ། །ཐོག་མེད་རང་བཞིན་གནས་རིགས་དང་། །ཡང་དག་བླངས་པ་མཆོག་ཉིད་དོ། །རིགས་དེ་གཉིས་ལ་སངས་རྒྱས་ཀྱི། །སྐུ་གསུམ་ཐོབ་པར་འདོད་པ་ཡིན། །དང་པོའི་སྐུ་ནི་དང་པོ་སྟེ། །ཕྱི་མ་ཡི་ནི་ཕྱི་མ་གཉིས། །ཅེས་གསུངས་པས། དེས་ན་གཏེར་འདྲ་བའི་ཐོག་མ་དང་ཐ་མ་མེད་
(༡༡༧)པའི་རང་བཞིན་གནས་རིགས་བདེ་བར་གཤེགས་པའི་སྙིང་པོ་སྦྱང་གཞི་མེད་ན་ལམ་སྦྱང་བ་ལ་འབད་ཀྱང་། འབྲས་བུ་སྐུ་གསུམ་མི་ཐོབ་སྟེ། སོལ་བ་བཀྲུས་ཀྱང་དཀར་པོ་མི་འབྱུང་ལྟར། སེམས་ཅན་གྱི་འཁྲུལ་སྣང་གིས། འཁྲུལ་སྣང་སྦྱངས་ཀྱང་། འབྲས་བུ་སངས་རྒྱས་མི་འབྱུང་བའི་བྱེ་མ་ལ་འབད་པས་བརྩིར་ཡང་མར་མི་འབྱུང་བ་ལྟར། སེམས་ཅན་ལ་རིགས་མེད་ན་ལམ་ལ་འབད་ཀྱང་འབྲས་བུ་མི་འབྱུང་ལ་རིགས་ཡོད་པས་ན་འབྲས་བུ་ཐོབ་པར་འགྱུར་རོ། །ཡང་འབྲས་བུ་ཅན་གྱི་ཤིང་བཞིན་དུ་ཡང་དག་བླངས་རིགས་ཞེས་ཐེག་པ་དགུ་ཡི་ལམ་གྱི་རིམ་པ་སངས་རྒྱས་འགྱུར་གྱི་རིགས་ནི་རང་བཞིན་གནས་རིགས་དེའི་འོད་ལྟ་བུ་དེ་བཞིན་ཉིད་ལས་བྱུང་བ་ཡིན་པས་དེས་གཟུགས་སྐུ་གཉིས་ཐོབ་པའི་བདག་རྐྱེན་བྱེད་པ་ཡིན་གྱིས། ཡང་དག་བླངས་པའི་རིགས་དེ་བཞི་བདེ་གཤེགས་སྙིང་པོ་ལ་མེད་ན། དེ་ཀུན་གཞིའི་རྣམ་ཤེས་ཀྱིས་བག་ཆགས་དྲི་མ་ཡིན་དགོས་པས། དེ་ལྟར་ན་དྲི་མས་དྲི་མ་སྦྱང་མི་ནུས་སོ། །དེས་ན་ལམ་གྱི་རིམ་པ་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོའི་རང་འོད་དུ་ཤེས་པར་བྱ་དགོས་སོ། །རིགས་འདི་གཉིས་ལ་ལས་གཞི་ལ་མེད་པར་འདོད་པའི་ལྟ་བ་ལ་ཞེན་པ་སེལ་ཕྱིར་
(༡༡༨)སྨྲས་སོ། ༈། ལམ་གྱི་རིམ་པ་ཐེག་པ་དགུའི་གཞི་རྟེན་ལྟ་བུའམ། ཐེག་པ་ལ་སྔ་བ་ལྷ་མའི་ཐེག་པ་ཞེས་བཤད་ཅིང་། འཕགས་པ་ཀླུ་སྒྲུབ་ཀྱི་ཤེས་རབ་བརྒྱ་པ་ལས། མི་ཡི་ཆོས་ལུགས།། །སྤྱད་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །ལྷ་དང་མི་ཡི་ཐེམས་ཀས་ལ། །མཛེག་ན་ཐར་པ་གམ་ན་འདུག། ཅེས་གསུངས་པས། མི་ཡི་ཆོས་ལུགས་ནི། མི་ཆོས་བཅུ་དྲུག་བཤད་དེ། དེ་ནི་དགེ་བ་བཅུ་དང་། ཕ་ལ་ཕར་འཛིན་པ་དང་། །མ་ལ་མར་འཛིན་པ་དང་། དགེ་སྦྱོང་ལ་དགེ་སྦྱོང་དུ་འཛིན་པ་དང་རིགས་ཀྱི་རྒན་རིམ་ལ་བསྐུར་ཏི་དང་། བྱས་པ་དྲིན་དུ་བཟོ་བའམ། །སྦྱིན་པ་བྱའི་བསོད་ནམས་འདུ་བྱེད་པ་དང་བཅུ་དྲུག་གོ། ༈། དགེ་བ་བཅུ་ནི། གོང་བཤད་མི་དགེ་བཅུ་དེ། རྒྱུ་དང་འབྲས་བུ་བཅས་པ་དེ་ལས་བཟློག་པ་སྟེ། རིན་ཆེན་ཕྲེང་བ་ལས། མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་ཡིན། །དགེ་ལས་བདེ་འགྲོ་ཐམས་ཅད་དང་། །སྐྱེ་བ་ཀུན་ཏུ་བདེ་བ་དག། ཅེས་གསུངས་སོ། །དེ་ཡང་། སྲོག་བསྲུ་དང་། སྦྱིན་པ་བཏང་བ་དང་། སྡོམ་པ་བསྲུང་བ་དང་། བདེན་པར་སྨྲ་བ་དང་། གཞན་
(༡༡༩)འཁོན་སྡུམ་པ་དང་། ཚིག་འཇམ་ལ་སྙན་པར་སྨྲ་བ་དང་། དོན་ལྡན་ཆོས་ཀྱི་གཏམ་སྨྲ་བ་དང་། གཞན་འབྱོར་ལ་དགའ་བ་དང་བྱམས་པ་བསྒོམས་པ་དང་། སྙིང་རྗེ་ཕན་སེམས་བསྒོམ་པ་དང་། དད་པ་དང་ཤེས་རབ་བསྐྱེད་པའོ། །དེ་བཅུ་ལ། འདུན་པ་དང་། རང་བཞིན་སྤྱོད་པ་དང་། ཡང་དག་པ་བླངས་པའི་ཁྱད་པར་གྱི། དགེ་བ་ཆུང་དང་། འབྲིང་དང་། ཆེན་པོར་འགྱུར་རོ། །བདག་ཉིད་ཀྱིས་བྱེད་པ་དང་། གཞན་དེ་ལ་འགོད་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བྱེད་པ་བླ་ན་མེད་པའོ། ༈། རྣམ་སྨིན་འབྲས་བུ་ནི། རྣམ་སྨིན་གྱི་འབྲས་བུ་མཐོ་རིས་སུ་སྐྱེ་ཞིང་། ནད་མེད་ཅིང་ཚེ་རིང་བ་དང་། ཕུན་སུམ་ཚོགས་པ་ལ་དབང་བྱེད་པ་དང་། བུད་མེད་འདྲེན་ཟླ་མེད་པ་ཐོབ་པ་དང་། ཀུན་གྱིས་བདེན་པའི་བསྔགས་པ་ཐོབ་པ་དང་། མི་ཕྱེད་པའི་འཁོར་ཐོབ་པ་དང་། སྙན་ཅིང་བདེན་པས་ཀུན་ཏུ་སྨྲ་བ་དང་། དོན་དང་ལྡན་པའི་ཚིག་ཐོབ་པ་དང་། །བདག་ཉིད་ཀྱི་འབྱོར་པ་ལ་གཞན་གནོད་མེད་པ་དང་། གདུག་ཟླ་མེད་ཅིང་ཀུན་གྱིས་མཆོད་པ་དང་། །ཡང་དག་པའི་ལྟ་བ་མཆོག་ཐོབ་པའོ། །འདོད་པའི་ཕུན་ཚོགས་ཀྱང་
(༡༢༠)དགེ་བ་ཆུང་ངུས་ཆུང་དང་། འབྲིང་གིས་འབྲིང་དང་། ཆེན་པོས་འཁོར་ལོས་སྒྱུར་རྒྱལ། །བརྒྱ་བྱིན་སོགས་ཐོབ་བོ། ༈། རྒྱུ་མཐུན་གྱི་འབྲས་བུ་ཡང་སྲོག་སླུ་ལ་དགའ་བ་སོགས་སོ། །དབང་འབྲས་ཡང་། དངོས་པོ་བཟང་ཞིང་མཐུ་ཆེ་བའི་སར་སྐྱེས་པ་སོགས་ཤེས་པར་བྱའོ། ༈། ཕ་དང་། མ་ལ། ཕར་ཤེས་པའང་། མར་ཤེས་པ་ནི། ཕ་མ་ནི་དྲིན། ཤིན་ཏུ་ཆེ་བ། དཔེ་ནི་མདོ་ལས། བུ་ཡི་ཕྲག་པ་གཡས་གཡོན་དུ་ལོ་བརྒྱ་ཚང་བར་བསྐུར་བའམ། །ནོར་དང་མུ་ཏིག་བཻ་ཌཱུརྻ་སོགས་རིན་པོ་ཆེའི་ཚོགས་དེ་ལྟ་བུའི་བདག་པོར་བཞག་ཀྱང་དྲིན་ལེན་ལོན་པར་མི་འགྱུར། ཞེས་གསུངས་ཕྱིར་ཤིན་ཏུ་དྲིན་ཆེ་བ་ཤེས་པས། བསྐུར་ཏི་དང་དྲིན་བཟོ་ཤིན་ཏུ་བྱ་ཞིང་། དམ་པའི་ཆོས་ཡང་དག་པ་བྱེད་དུ་བཅུག་ན་དྲིན་ལེན་འཁོར་བར་འགྱུར་རོ། །དགེ་སྦྱོངས་དང་བྲམ་ཟེ་ནི་འཇིག་རྟེན་ན་ཤིན་ཏུ་བསྐུལ་འོས་སུ་།། །གྱུར་པ་སྟེ། ད་ལྟ་རང་རེ་རྣམས་ཀྱི་ཡུལ་དུ་ནི་བླ་མ་སློབ་དཔོན་མཁན་པོ། དགེ་འདུན་ཆོས་མཛད་ཀྱི་རིགས་རྣམས་ལ་བསྐུར་ཏི་བྱ་བ་དང་། །རིགས་ཀྱི་རྒན་རིམ་ནི་བཞི་སྟེ། ཡེ་ཤེས་ཀྱི་རྒན་པ་རྣམས་ནི་འཕགས་པ་རྣམས་ཏེ། ད་ལྟ་རྣལ་འབྱོར་རྟོགས་ལྡན་ཆེན་པོ་
(༡༢༡)རྣམས་སོ། །དཀའ་ཐུབ་ཀྱི་རྒན་པ་ནི། དགེ་སློང་ཁྲིམས་ལྡན་ནོ། །ཐོས་པས་རྒན་པ་ནི། ཕྱི་ནང་གི་རིགས་པའི་གནས་ལྔ་ལ་མ་རྨོངས་པའི་མཁས་པ་ཆེན་པོའོ། །ནོར་གྱི་རྒན་པ་ནི་བསོད་ནམས་དང་ལྡན་པའི་ཕྱིར་རྒྱལ་པོའོ། །བྱས་པ་དྲིན་དུ་བཟོ་བ་ནི། རང་ཉིད་ལ་ལེགས་པོར་བྱས་ཤིང་དྲིན་དུ་ཆེ་བ་དག་ལ་ཁྲེལ་མེད་མི་བྱ་བར་བཟང་ལེན་བླན་པར་བྱ་བའོ། །དེ་ལྟར་བཅུ་དྲུག་ནི་སྐྱེ་བོ་ཕལ་པོ་ཆེའི་ཚོགས་རྣམས་ཀྱིས་ནམ་སྤྱོད་པ་ན་དེ་ཚེ་རྫོགས་ལྡན་གསར་དུ་འགྱུར་བར་གསུངས་ཏེ། འཁོར་ལོས་སྒྱུར་རྒྱལ་གྱི་ཁྲིམ་ལུགས་ཀྱང་ཡིན། དེ་དག་སུས་སྤྱོད་པས་ལྷ་མིའི་དཔལ་འབྱོར་ཐོབ་པས་འཇིག་རྟེན་མི་ཆོས་ཀྱི་ལམ་ཡིན་ལ། དེ་ལ་ངེས་འབྱུང་བྱང་སེམས་ཀྱིས་ཟིན་ན། དམ་པའི་ལྷ་ཆོས་འཇིག་རྟེན་འདས་ལམ་དུ་འགྲོ་བའི་སྐབས་ཀྱང་འབྱུང་བ་ཡིན་ནོ། ༈། མཐོ་རིས་ཀྱི་ཡོན་ཏན་བདུན་ནི། ཚེ་རིང་ནད་མེད་གཟུགས་བཟང་ལོངས་སྤྱོད་ཆེ། །ཆོས་ལ་དཀར་དང་ཀུན་གྱི་ཡིད་དགའ་བདུན། །ཞེས་སོ། ༈། དེ་ལྟར་འདོད་ཁམས་ཀྱི་གླི་བཞིའི་མི་དང་། ལྷ་མིན་དང་། འདོད་ལྷ་རིག་དྲུག་རྣམས་
(༡༢༢)ཟག་བཅས་ཀྱི་དགེ་བས་བསྐྱེད་ལ། གཟུགས་ཁམས་གནས་རིས་བཅུ་བདུན་དང་། གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷ་རྣམས་སུ་སྐྱེ་བའི་རྒྱུ་ནི། སྤྱིར་དགེ་བཅུ་སྤྱད་པ་ཡིན་མོད་ཀྱང་། ཁྱད་པར་རང་ལམ་ཞི་རག་ལ་འཇིག་རྟེན་པའི་བསམ་གཏན་བཞི་དང་། །གཟུགས་མེད་བཞིའི་ཏིང་ངེ་འཛིན་གྱི་ལམ་བགྲོད་དགོས་པ་དེ་ཅུང་ཟད་བཤད་ན། ༈། དང་པོ་བསམ་གཏན་གྱི་ཡིད་བྱེད་བདུན་ནི། མཚན་ཉིད་རབ་ཏུ་རིག་པའི་ཡིད་བྱེད་དང་། ༡མོས་པ་ལས་བྱུང་བའི་ཡིད་བྱེད་དང་། ༢རབ་ཏུ་དབེན་པའི་ཡིད་བྱེད་དང་། ༣དགའ་བ་སྡུད་པའི་ཡིད་བྱེད་དང་། ༤དཔྱོད་པའི་ཡིད་བྱེད་དང་། ༥སྦྱོར་མཐའི་ཡིད་བྱེད་དང་། ༦སྦྱོར་མཐའི་འབྲས་བུའི་ཡིད་བྱེད་དང་བདུན་ཤེས་དགོས། དེ་བདུན་ནི་ཉོན་མོངས་པ་སྤངས་པར་བྱེད་པའི་ཐབས་ཡིན་ལ། སྤང་བྱ་ནི། ཁམས་གསུམ་པ་དགུ་ལ། བསྒོམ་སྤངས་ཀྱི་ཉོན་མོངས་བརྒྱ་དང་བཅུ་བཞི་ཡོད་དེ་སྤོངས་དགོས། ༈ཇི་ལྟར་ཡངས་ན། ཡིད་བྱེད་བདུན་གྱི་དང་པོ། མཚན་ཉིད་རབ་ཏུ་རིག་པའི་ཡིད་བྱེད་ནི། འདོད་ཁམས་ཀྱི་སེམས་སྡིག་ཏོ། །མི་དགེ་བ། མ་ཞི་བ། རག་པ་དང་། ཁམས་གོང་མ་བསམ་གཏན་དང་པོའི་སེམས་ནི། སྡིག་པ་མི་དགེས་དབེན་
(༡༢༣)པ། ཞི་བའི་མཚན་ཉིད་ཤེས་པ། དེ་ལ་དང་པོ། ཐོས་བསམ་དང་འདྲེས་པར་བསྒོམ་པ་ལ་རྩེ་གཅིག་བརྩོན་པ་ཚོགས་ལམ་ཡིན། །དེ་ནས་མོས་པ་ལས་བྱུང་བའི་ཡིད་བྱེད་ནི། ཐོས་བསམ་ལས་འདས་ནས་དམིགས་པ་རྩེ་གཅིག་བསྒོམ་པ་སྦྱོར་ལམ་ཡིན། དེ་ནས་རབ་ཏུ་དབེན་པའི་ཡིད་བྱེད་ནི། དེར་གམ་པས། སྔ་མའི་སྒོམ་སྤངས་དེ་ལ་ཆེ་འབྲིང་ཆུང་གསུམ་གྱིས་ཕྱེ་བས་དགུ་ཡོད་པའི་ཉོན་མོངས་ཆེན་པོ་སྐོར་གསུམ་སྤངས་པ་ནི་མཐོང་ལམ་ཡིན། དེ་ནས་དགའ་བ་སྡུད་པའི་ཡིད་བྱེད་ནི། དེ་ལྟར་ཉོན་མོངས་ཆེན་པོ་སྐོར་གསུམ་སྤངས་པས། དེས་དབེན་པའི་བདེ་བ་ཆུང་ངུས་རྒྱུད་ལ་རེག་ཤིང་། བསམ་གཏན་གྱི་སྒྲིབ་པ། གཉིད་རྨུག་རྒོད་གསུམ་བྲལ་སྟེ་དགའ་བས་ན། དེས་ཉོན་མོངས་པ་འབྲིང་པོ་སྐོར་གསུམ་སྤང་བ་ནི། མ་དག་པ་བདུན་གྱི་ཚབ་བོ། །དེ་ནས་དཔྱོད་པའི་ཡིད་བྱེད་ནི། དེ་ལྟར་ཉོན་མོངས་འབྲིང་པོ་སྐོར་གསུམ་སྤངས་ཤིང་མ་བྱུང་བས། དེས་ཉོན་མོངས་ཐམས་ཅད་སྤངས་སམ་མ་སྤང་དཔྱོད་ཕྱིར། ཉོན་མོངས་སྐྱེ་བའི་རྒྱུ་ཡིད་ལ་བྱས་པས་དཔྱོད་པ་ནི་དག་པ་གསུམ་གྱི་དོན་ཡིན་ནོ། །དེ་ནས་སྦྱོར་མཐའི་ཡིད་བྱེད་ནི། ད་དུང་
(༡༢༤)ཉོན་མོངས་ཆུང་ངུ་སྐོར་གསུམ་མ་སྤངས་པ་མཐོང་ནས། གཉེན་པོ་བསྒོམ་ཞིང་སྦྱོར་བའི་མཐའ་ཙམ་ཡིད་ལ་བྱེད་པ་ནི་རྡོར་ཏིང་གྱི་དོད།། །ཡིན། དེས་ཉོན་མོངས་པ་ཆུང་ངུ་སྐོར་གསུམ་སྤོངས་པར་བྱེད་ལ། སྦྱོར་མཐའི་ཡིད་བྱེད་དང་། གསུམ་པ་རབ་ཏུ་དབེན་པའི་ཡིད་བྱེད་དང་། བཞི་པ་དགའ་བ་སྡུད་པའི་ཡིད་བྱེད་གསུམ་ནི། བར་ཆད་མེད་ལམ་དང་། །ལྔ་པ་སྤྱོད་པའི་ཡིད་བྱེད་ནི་ཁྱད་པར་གྱི་ལམ་མོ། །དེ་ལ་བསམ་གཏན་དང་པོའི་ཉེར་བཟློག་མི་ལྕོགས་མེད་པ་ཞེས་བྱ་སྟེ། ཚོར་བ་བཏང་སྙོམས་དང་རྟོག་དཔྱོད་གཉིས་ཀའང་ཡོད་པའི་སྐབས་སུ་འཕགས་ལམ་དང་། ཟད་པར་དང་ཟིལ་གནོན་སོགས་བསྒྲུབ་རུང་བའོ། །དེ་ནས་སྦྱོར་མཐའི་འབྲས་བུའི་ཡི་བྱེད་ནི། །འདོད་ཁམས་ཀྱི་ཉོན་མོངས་དགུ་པོ་སྤང་བས་དེ་ནི་རྣམ་པར་གྲོལ་བའི་ལམ་ཡིན་ནོ། །དེས་བསམ་གཏན་དང་པོའི་དངོས་གཞི་ཁྱད་པར་ཅན་ཐོབ་པའོ། ༈། བསམ་གཏན་གཉིས་པ་དང་། གསུམ་པ། བཞི་པ། རྣམ་ལའང་དེས་རིགས་འགྲེས་ཏམ། བསམ་གཏན་དང་པོ་ནི་རྟོག་དཔྱོད་ཡོད་པས་རག་པ། བསམ་གཏན་གཉིས་པ་ནི་རྟོག་དཔྱོད་དང་བྲལ་བས་ཞི་བའོ། །ཞེས་སོགས་དང་། ༈ཡང་
(༡༢༥)བསམ་གཏན་གཉིས་པ་ནི། བསྟན་དང་པོར་རྟོག་དཔྱོད་རག་པར་ཤེས་བཞིན་དུ་རྟོག་དཔྱོད་ཀྱི་གཉེན་པོར་དྲན་ཤེས་སྐྱེ་བའི་རྟེན་ནང་རབ་དྭངས་དང་། དགའ་བ་དང་བདེ་བ་དང་བཅས་ཤིང་། བསམ་གཏན་གསུམ་པར་ནི། དགའ་བ་ཡོད་ན་དེས་མི་དགའ་བའང་འབྱུང་བས། དེའི་གཉེན་པོར་དགའ་དང་མི་དགའ་བཏང་སྙོམས་པར་བསྒོམ་ནས་དྲན་དང་ཤེས་བཞིན་བདེ་བ་དང་བཅས་པའོ། ༈། བསམ་གཏན་བཞི་པར་འདུ་ཤེས་བཏང་སྙོམས་ཡང་དག་དང་སྐྱོན་བརྒྱད་དང་བྲལ་བའི་ཚོར་བ་བཏང་སྙོམ་ཅན་ནོ། ༈། དེ་ལྟར་གོ་འོག་གི་ཞི་རག་བྱེད་ཕྱིར་སྨོས་པས་དེར་བརྟེན་གྱི་ཡིད་བྱེད་བདུན་འཇོག་ཚུལ་ཡང་བཞི་པོ་རེ་རེ་བཞིན་ཤེས་འཚལ། དེའང་འདོད་ཁམས་ཀྱི་སྡིག་ཏོ་མི་དགེའི་གཉེན་པོར། དེ་མ་ཐག་གམ་རྒྱང་བསྲིང་བྱེད་ཀྱི་གཉེན་པོར་རྟོག་པ་དང་དཔྱོད་པའོ། །དེའི་ཚེ་འདོད་པའི་སྡིག་སེམས་ཀྱི་དབེན་པའི་དགའ་བ་དང་བདེ་བ་སྐྱེས་པ་དེས་ལུས་སེམས་ལ་ཕན་འདོག་པས་ཕན་ཡོན་གྱི་ཡན་ལག། བསམ་གཏན་དང་པོ་ན་དེ་ལྟར་རྩེ་གཅིག་པ་ཐོབ་པས་རྟོག་པ་དཔྱོད་གཉིས་ཀྱི་གཉེན་པོར་འཇུག་པ་དགའ་བ་དང་བདེ་བའི་ཕན་ཡོན་འབྱུང་བས། ཏིང་ངེ་འཛིན་གནས་ཀྱི་ཡན་ལག ༈། བསམ་གཏན་གཉིས་པ་
(༡༢༦)ན་རྟོགས་དཔྱོད་མ་ཞི་བ་རག་པ་ཐག་བསྲིང་བྱེད་དུ་དྲན་ཤེས་ཡིན་ཀྱང་རྟོགས་དཔྱོད་ཀྱི་མ་འཁྲུགས་པས་ཞི་བ་ནི་ནང་རབ་དངས་ཞེས་གཉེན་པོའི་ཡན་ལག། དགའ་བདེས།། །ལུས་སེམས་ལ་ཕན་འདོག་པས་ཕན་ཡོན་གྱི་ཡན་ལག། རྩེ་གཅིག་པས་བསམ་གཏན་གྱི་རྟེན་བྱེད་པས་ཏིང་ངེ་འཛིན་གནས་ཀྱི་ཡན་ལག་གོ༈། བསམ་གཏན་གསུ། མ་པར་གལ་ཏེ་དགའ་བ་ཡོད་ན་མི་དགའ་བ་ཡང་ཡོད་པས་དགའ་བ་ཐག་བསྲིང་བའི་གཉེན་པོར་འདུ་བྱེད་བཏང་སྙོམས་དང་གཅིག། དྲན་པ་དང་གཉིས། ཤེས་བཞིན་དང་གསུམ་གཉེན་པོའི་ཡན་ལག། དགའ་བ་མེད་པའི་བདེ་བ་གཅིག་པུ་ནི་ཕན་ཡོན་གྱི་ཡན་ལག་གོ། དེ་གཉིས་ཀྱི་རྟེན་བྱེད་པའི་རྩེ་གཅིག་ནི་ཏིང་ངེ་འཛིན་གནས་ཀྱི་ཡན་ལག་གོ། ༈། བསམ་གཏན་བཞི་པར་ནི་བདེ་བ་ཡོད་ན་སྡུག་བསྔལ་ཡང་ཡོད་པས་དེ་ཐག་བསྲིང་བྱེད་དུ་འདུ་ཤེས་བཏང་སྙོམས་ཡོངས་སུ་དག་པ་དང་། སྐྱོན་བརྒྱད་དེ། དབུགས་དབྱུང་རྔུབས་གཉིས། བདེ་སྡུག་གཉིས། ཡིད་བདེ་དང་ཡིད་མི་བདེ་གཉིས། ལུས་ཚོར་བདེ་སྡུག་གཉིས་རྣམས་བསྡམ་པ་དེ་དང་གྲོལ་བས་དྲན་པ་དང་གཉིས་ནི་གཉེན་པོའི་ཡན་ལག་གོ། །ཚོར་བ་བདེ་སྡུག་གཉིས་ཀ་དང་བྲལ་བས་ལྷུན་
(༡༢༧)གྲུབ་ཀྱི་བཏང་སྙོམས་ནི་ཕན་ཡོན་གྱི་ཡན་ལག་གོ། །དེ་དག་གི་རྟེན་ཡོངས་སུ་དག་པ་ནི་ཏིང་ངེ་འཛིན་དང་ཡན་ལག་བཞིའོ། ༈། དེ་ལྟར་བསམ་གཏན་དང་པོར་ནི། ཡན་ལག་ལྔའོ། །གཉིས་པར་བཞིའོ། །གསུམ་པར་འདུ་བྱེད་བཏང་སྙོམས་དྲན་པ་ཤེས་བཞིན་དང་། བདེ་བ་དང་གནས་ཀྱི་ཡན་ལག་ལྔའོ། །བཞི་པ་བདེ་བ་སྤང་བའི་གཉེན་པོར་འདུ་བྱེད་བཏང་སྙོམས་དང་། སྐྱོན་བརྒྱད་དང་བྲལ་བས་དྲན་པ་དང་། ཤེས་བཞིན་དང་། བདེ་བ་དང་སྡུག་བསྔལ་གཉིས་ཀ་སྤངས་པའི་ལྷུན་གྲུབ་ཀྱི་ཚོར་བ་བཏང་སྙོམས་ཀྱི་ཕན་ཡོན་གྱི་ཡན་ལག། རྟེན་ཡོངས་དག་ཏིང་ངེ་འཛིན་གྱི་ཡན་ལག་ཏེ་བཞིའོ། ༈། གཟུགས་མེད་བཞིར་ནི། གཟུགས་ཁམས་རག་པ་དང་། གཟུགས་མེད་ཁམས་ཞི་བས། ཞི་རག་བསྒོམ་པ་འདྲ། ཡན་ལག་ནི། འདི་བཞིའི་གནས་སུ་རོ་གཅིག་པས་ན་སོ་སོར་མེད་དོ། །ཡིད་བྱེད་བདུན་གྱི་ཚོགས་ལམ་སོགས་ཀྱང་རེ་རེ་བཞིན་ནོ། །དེའང་དང་པོར་བསམ་གཏན་བཞི་པ་ནི། འདུ་ཤེས་དང་བཅས་པས་དེ་ནི་ནད་དང་ཤུ་བའོ། །ནམ་མཁའ་ལྟར་མཐའ་ཡས་པ་ནི་ཞི་ཞིང་གྱ་ནམ་པའོ་ཞེས་
(༡༢༨)དང་། གཟུགས་མེད་དང་པོའི་འདུ་ཤེས་ནི་ནམ་མཁའ་ལྟར་སྙམས་པའི་རག་པ་གོང་མ་རྣམ་ཤེས་མཐའ་ཡས་ནི་ཞི་བ་སོགས་རྣམ་ཤེས་སུ་སྙམས་པ་ནི་རག་པ། ཅི་ཡང་མེད་ནི་ཞི་བའོ། །སོགས། ཅི་ཡང་མེད་འཛིན་ནི་རག་པ། བཞི་པར་ནི། འདུ་ཤེས་ནི་ཤུ་བ་ལྟ་བུ་ཡིན་ཡང་། ཕྲ་བ་བཀག་ན་མི་རུང་ཞེས། ཡོད་མིན་མེད་མིན་དུ་གནས་པའི་སྙོམས་འཇུག་གོ །དེས་སྲིད་རྩེར་ཕྱིན་པའོ། །དེ་ལྟར་གཟུགས་མེད་བཞི་དེའང་། དང་པོར་སྦྱོར་བའི་སྐབས་ཡིན་གྱི། ཏིང་ངེ་འཛིན་དངོས་གཞིའི་སྐབས་སུ་ནི། མིང་བཞི་ཞེས། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་ཤེས་བཞིར། རིམ་པར་གཙོ་ཆེ་ཆུང་དང་བཅས་པའི་དམིགས་ནས་ཞི་བར་གནས་པའོ། །དེ་དག་སྤྱིར་ནི་རོ་མྱང་ལྡན་ཞེས་པ། འདོད་པ་དང་། སྲེག་པ་དང་། མ་རིག་པ་དང་། ང་རྒྱལ་དང་། ལྟ་བ་དང་མཚུངས་ལྡན་ཏེ་ལྔ་པོས་པ་ལམ་གོང་མར་འབྱུང་བའི་གེགས་བྱེད། བསམ་གཏན་བརྒྱད་པོ་དེ་དགེ་བ་དག་པ་བའང་ཡིན་ཏེ་འདོད་ཁམས་སོགས་ཀྱི་ཆགས་སྡང་རྨོངས་པ་དང་བྲལ་བས་སོ། །རོ་མྱོང་ལྡན་ཅེས་ཀྱང་བྱ་སྟེ། ལྟ་བ་སོགས་དེས་མྱོང་བྱར་ཡང་འགྱུར་རོ། །
(༡༢༩)འདི་ཐམས་ཅད་ཟག་བཅས་ཀྱི་ལམ་ཡིན། ༈། འཇིག་རྟེན་ལས་འདས་པའི་ལམ་ལ་འཇུག་པ་ལ། ནང་པ་སངས་རྒྱས་པ་ལ་འཇུག་པའི་སྒོ་ལྟ་བུའམ་སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་ལྟ་བུ་ནི། སྐྱབས་འགྲོ་ཡིན་ཏེ། བཀོད་པ་ཆེན་པོ་ལས། ཕྱི་ནང་ཁྱད་པར་སྐྱབས་འགྲོས་བྱེད༔ཞེས་པས། གལ་ཏེ་རིག་པའི་གནས་ལྔ་ལ་མ་རྨོངས་པའི་པཎྜི་ཏ་ཆེན་པོ་ཡིན་ཀྱང་། དཀོན་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་ན། ཕྱི་པ་མུ་སྟེགས་པ་ཡིན་ལ། རྨོངས་པ་བ་གླང་རྫི་བོ་ཡིན་ཀྱང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་ནང་པ་སངས་རྒྱས་པ་ཡིན་ནོ། །མཛོད་ལས་སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། སྐྱབས་སུ་མ་སོང་བ་ལ་མེད། ཅེས་སོ་ཐར་བྱང་སེམས་སྔགས་ཀྱི་སྡོམ་པ་གསུམ་ཀའི་རྟེན་དུ་སྐྱབས་སྡོམ་དགོས་སོ། ༈། སྐྱབས་འགྲོ་ལ། ངེས་ཚིག་ནི། འཁོར་བའི་འཇིགས་པ་ལས་སྐྱོབས་པ་དང་། ཐེག་པ་གསུམ་གྱི་ལམ་བགྲོད་ནས་འབྲས་བུ་བླ་ན་མེད་པའི་པར་འགྲོ་བར་བྱེད་པའོ། ། སྐྱབས་འགྲོའི་རྒྱུ་ནི། འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་དང་། སྐྱབས་གནས་དཀོན་མཆོག་གསུམ་ལ་ཡིད་ཆེས་པའོ། །དབྱེ་ན། ཕྱི་
(༡༣༠)མད་ལུགས་ཀྱི་སྐྱབས་འགྲོ་དང་། ནང་སྔགས་ལུགས་ཀྱི་སྐྱབས་འགྲོ་དང་། གསང་བ་མཐར་ཐུག་གི་སྐྱབས་འགྲོ་དང་གསུམ་འཆད་དོ། ༈། དང་པོ་ཕྱི་མདོ་ལུགས་ཀྱི་སྐྱབས་འགྲོ་ལ། ཐེག་ཆུང་ཉན་ཨང་གི་ལུགས་དང་། ཐེག་ཆེན་པའི་ལུགས་གཉིས། ༈། དང་པོ་ཐེག་ཆུང་གི་སྐྱབས་འགྲོ་ནི། སྐྱབས་སུ་འགྲོ་བའི་ཡུལ་ནི་སྤྱིར་དཀོན་མཆོག་གསུམ་སྟེ། སངས་རྒྱས་དཀོན་མཆོག་ནི་སྤང་བ་དང་ཡེ་ཤེས་དང་ཆེ་བའི་བདག་ཉིད་ཕུན་སུམ་ཚོགས་པ་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་སོ། །ཆོས་དཀོན་མཆོག་ལ་གཉིས་ལས། བསྟན་པའི་ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་སོ། །རྟོགས་པའི་ཆོས་ནི་ལམ་གྱི་བདེན།། །པ་དང་། འགོག་པའི་བདེན་པའོ། །དགེ་འདུན་དཀོན་མཆོག་ལ་གཉིས་ལས། སོ་སོ་སྐྱེ་བོའི་དགེ་འདུན་ནི། དགེ་སློང་རྣམ་དག་བཞི་སྡེ་ཡན་ཆད་ཡིན་ལ། འཕགས་པའི་དགེ་འདུན་ནི། སྐྱེས་བུ་ཟུང་བཞི། གང་ཟག་ཡ་བརྒྱད་པོ་དག་གོ། ༈། རྟེན་གྱི་གང་ཟག་ནི། འཁོར་བའི་སྡུག་བསྔལ་གྱིས་འཇིགས་ཤིང་དཀོན་མཆོག་གསུམ་ལྷར་འཛིན་པ་རྣམས་སོ། ༈། དུས་ནི་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་འོང་། ༈ བསམ་པ་ནི་རང་གཅིག་པུ་
(༡༣༡)སྡུག་བསྔལ་མ་བཟོད་པའི་སྐྱབས་འགྲོའོ། ༈། ཆོ་ག་ནི་སློབ་མས་སློབ་དཔོན་ལ་གསོལ་བ་གདབ། རྟེན་གསུམ་མདུན་དུ་མཆོད་པ་འབུལ་མ་འཛོམ་ཀྱང་དམིགས་ལ། སྐྱབས་འགྲོའི་ཚིག་ལེན་གསུམ་བཟླས་སོ། །ཕན་ཡོན་དང་བསླབ་བྱ་ཐེག་ཆེན་དང་མཐུན་ནོ། ༈། གཉིས་པ་ཐེག་ཆེན་པའི་ལུགས་ཀྱི་སྐྱབས་འགྲོ་ནི། ༈སྐྱབས་ཡུལ་ནི། མདུན་ན་བཞུགས་པ་དང་། མངོན་པར་རྟོགས་པ་དང་། དེ་ཁོ་ན་ཉིད་ཀྱི་ཡུལ་གསུམ་ལས། མདུན་ན་བཞུགས་པའི་ཡུལ་ནི། སངས་རྒྱས་ནི་དེ་བཞིན་གཤེགས་པའི་སྐུ་གཟུགས། ཆོས་ནི་ཐེག་པ་ཆེན་པོའི་པུ་ཏི། དགེ་འདུན་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་ནོ། ༈། མངོན་པར་རྟོགས་པའི་ཡུལ་ནི་སངས་རྒྱས་ནི་སྐུ་གསུམ་གྱི་བདག་ཉིད་ཅན་ནོ། །ཆོས་ནི་དམ་པའི་ཆོས་ཞི་བ་མྱ་ངན་ལས་འདས་པའོ། །དགེ་འདུན་ནི་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའོ། ༈། དེ་ཁོ་ན་ཉིད་ཀྱི་ཡུལ་ནི། རྒྱུ་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡིན། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཞེས་གསུངས་པ་ལྟར་ཡིན། འོ་ན་ཆོས་དང་དགེ་
(༡༣༢)འདུན་ལ་སྐྱབས་སུ་མི་འགྲོའམ་ཞེ་ན། དེ་གཉིས་ཀྱང་སངས་རྒྱས་དེ་ཉིད་ལ་ཚང་སྟེ། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་སོ། །འོ་ན་སངས་རྒྱས་ལས་གཞན་པའི་ཆོས་དང་དགེ་འདུན་གཉིས་སྐྱབས་མ་ཡིན་ནམ་ཞེ་ན། གནས་སྐབས་ཀྱི་སྐྱབས་ཙམ་ཡིན་ཀྱང་གཏན་གྱི་སྐྱབས་མ་ཡིན་ཏེ། ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ལུང་གི་ཆོས་ནི་མངོན་རྟོགས་མཐར་ཕྱིན་པས་གཟིངས་ལྟར་སྤངས་པའི་ཕྱིར་དང་། རྟོགས་པའི་ཆོས་ལམ་བདེན་ནི་འདུས་བྱས་བསླུ་བའི་ཆོས་ཅན་དང་། འགོག་བདེན་ནི། ཉན་ཐོས་ལུགས་ལ་མར་མེ་ཤི་བ་ལྟ་རྒྱུན་ཆད་པར་འདོད་པས་མེད་པའི་ཕྱིར་དང་། དགེ་འདུན་ནི་འཁོར་བས་འཇིགས་ནས་སངས་རྒྱས་ལ་སྐྱབས་པ་དང་བཅས་ཕྱིར་གཏན་སྐྱབས་མ་ཡིན་ཏེ། སྤངས་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། ༈། འོ་ན་ཅིའི་ཕྱིར་སྐྱབས་གསུམ་དུ་བཞག་ཞེ་
(༡༣༣)ན། དེའང་སྟོན་པའི་ཡོན་ཏན་བསྟན་པའི་དོན་དུ། སངས་རྒྱས་ཀྱི་དངོས་པོ་ཉིད་དོན་དུ་གཉེར་བར་བཞུགས་པ། བྱང་ཆུབ་སེམས་པའི་ཐེག་པའི་གང་ཟག་དང་། །སངས་རྒྱས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པའི་གང་ཟག་གིས་སངས་རྒྱས་སྐྱབས་ཡིན་ཏེ་རྐང་གཉིས་རྣམས་ཀྱི་མཆོག་ཡིན་ནོ་ཞེས་བསྟན་ཏེ་བཞག་གོ། །ཡང་སྟོན་པའི་ཡོན་ཏན་བསྟན་པའི་དོན་དུ་རང་ཉིད་ཀྱི་རྟེན་འབྲེལ་གྱི་ཆོས་ཟབ་མོ་རྟོགས་ཕྱིར། རང་སངས་རྒྱས་ཀྱི་ཐེག་པའི་གང་ཟག་དང་། ཆོས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པའི་དབང་དུ་བྱས་ཏེ། ཆོས་དཀོན་མཆོག་ནི་འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །ཡང་སྟོན་པའི་བསྟན་པ་ལ་ལེགས་པར་ཞུགས་པའི་སློབ་མའི་ཡོན་ཏན་བསྟན་པའི་དོན་དུ། གཞན་ལས་ཐོས་པའི་སྒྲ་ཡི་རྗེས་སུ་རྟོགས་པའི་ཕྱིར་ཞུགས་པའི་ཉན་ཐོས་ཀྱི་ཐེག་པའི་གང་ཟག་དང་། དགེ་འདུན་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ཏེ། དགེ་འདུན་ནི་སྐྱབས་ཡིན་ཏེ། ཚོགས་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །ཞེས་པ་རྣམས་ཀྱི་དོན་གྱིས། སྟོན་པ་བསྟན་པ་སློབ་དཔོན་གྱིས། ཐེག་པ་གསུམ་དང་བྱེད་ལས་
(༡༣༤)གསུམ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་རྒྱུད་བླ་མ་ལས་གསུངས་སྟེ། དེ་ལྟར་གསུམ་དུ་བཞག་པ་ནི། ཀུན་རྫོབ་ཙམ་དུ་ཐེག་པ་རིམ་གྱིས་གཞུགས་ཕྱིར་གསུངས་སོ། ༈། དཀོན་མཆོག་ཅེས་པའི་དོན་ནི། རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་ཆོས་མཐུན་དྲུག་གིས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ་བར་བསྟན་ཏོ། ༈། རྟེན་གྱི་གང་ཟག་ནི། ཐེག་པ་ཆེན་པོའི་རིགས་ཅན་ལྷ་མའི་ལུས་རྣམ་པར་དག་པ་ཐོབ་པ་རྣམས་སོ། ༈། དུས་ནི། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བ་ཡིན་ནོ། ༈། བསམ་པ་ནི་གཞན་གྱི་སྡུག་བསྔལ་མ་བཟོད་པའི་བསམ་པའོ། ༈། སྐྱབས་འགྲོའི་ཆོ་ག་ནི་གཞན་ལས་འབྱུང་བ་ལྟར་ཤེས་པར་བྱའོ། ༈། དོན་དམ་པའི་སྐྱབས་སུ་འགྲོ་བ་ནི། མ་དྲོས་པས་ཞུས་པའི་མདོ་ལས། ཟང་ཟིང་མེད་པའི་སེམས་ཀྱིས་སྐྱབས་སུ་འགྲོ་བ་གང་ཞེ་ན། ཆོས་ཐམས་ཅད་མེད་པར་ཤེས་ནས་
(༡༣༥)གཟུགས་སུ་མ་ཡིན། མཚན་མར་དུ་མ་ཡིན། ཆོས་སུ་མ་ཡིན་པར། སངས་རྒྱས་ཡང་དག་པར་མཐོང་བ་ནི་སངས་རྒྱས་ལ་སྐྱབས་སུ་སོང་བའོ། །ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རྗེས་སུ་མཐོང་བ་ནི་ཆོས་ལ་སྐྱབས་སུ་སོང་བའོ། །འདུས་བྱས་དང་འདུས་མ་བྱས་གཉིས་སུ་མེད་པར་མཐོང་བ་ནི་དགེ་འདུན་ལ་སྐྱབས་སུ་སོང་བའོ། །ཞེས་གསུངས། ༈ནང་གི་སྐྱབས་འགྲོ་ནི། དྲིན་ལན་བསགས་མེད་ལས། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས། སངས་རྒྱས་གང་ལ་སྐྱབས་སུ་འགྲོ་བ་གང་ལགས། བཀའ་སྩལ་པ། ཆོས་སྐུ་ལ་སྐྱབས་སུ་འགྲོ་ཡི། གཟུང་སྐུ་མ་ཡིན་ནོ། །ཡང་གསོལ་པ། ཆོས་ལ་སྐྱབས་སུ་འགྲོ་བ་གང་ལགས། བཀའ་སྩལ་པ། དོན་དམ་པའི་ཆོས་ལ་སྐྱབས་སུ་འགྲོ་ཡི། ཚིག་བསྟན་པ་ལ་ནི་མ་ཡིན་ནོ། །ཡང་གསོལ་པ། དགེ་འདུན་ལ་སྐྱབས་སུ་འགྲོ་བ་གང་ལགས། བཀའ་སྩལ་པ། དོན་དམ་པའི་དགེ་འདུན་ལ་སྐྱབས་སུ་འགྲོ་ཡི། ཀུན་རྫོབ་ཀྱི་དགེ་འདུན་ལ་མ་ཡིན་ནོ། །ཞེས་གསུངས་སོ། ༈། གསང་བའི་སྐྱབས་འགྲོ་ནི། སྒྲ་ཐལ་འགྱུར་ལས། རང་ཉིད་
(༡༣༦)ལ་སྐྱབས་སུ་མཆི་བ་ལགས་ཏེ། དེ་ལ་བདག་ཉིད་སྐྱབས་སུ་མཆི་བ་ལགས་སོ། །གནས་གསུམ་ལ་སྐྱབས་སུ་འགྲོ་མི་དགོས་སོ། །ཞེས་གསུངས་སོ། ༈། ཐུན་མོང་གི་སྐྱབས་འགྲོའི་བྱེད་ལས་ནི། མདོ་སྡེ་རྒྱན་ལས། འཚེ་བ་དག་ནི་ཐམས་ཅད་དང་། །ངན་སོང་དང་ནི་ཐབས་མིན་དང་། །འཇིགས་ཚོགས་ཐེག་པ་དམན་པ་ལས། །དེ་ཕྱིར་སྐྱབས་ཀྱི་དམ་པའོ། ༈། ཁྱད་པར་ཐེག་ཆེན་གྱི་སྐྱབས་འགྲོ་ནི། ཐེག་པ་དམན་པ་མན་ཆད་ཀུན་ལས་སྐྱོབས་པའོ། ༈། སྐྱབས་སྡོམ་གྱི་བསླབ་བྱ་ནི། སྤྱིའི་བསླབ་བྱ་གསུམ། ཁྱད་པར་གྱི་བསླབ་བྱ་གསུམ། ཆ་མཐུན་གྱི་བསླབ་བྱ་གསུམ་མོ། ༈། སྤྱིའི་བསླབ་སྡོམ་གསུམ་ནི། དུས་རྟག་ཏུ་དཀོན་མཆོག་ལ་མཆོད་པ་བརྩོན་པར་བྱ་ཞིང་། ཐ་ན་རང་གི་ཟས་ཅི་ཟ་བའི་ཕུད་ཀྱིས་ཀྱང་མཆོད་པ་དང་། ༡འདིའི་ཁོང་བུ་ཕྱག་འཚལ་བ་དང་། བསྟོད་པ་དང་། བསྒྲུབ་པ་རྣམས་བསྡུའོ། །སྲོག་དང་བྱ་དགའི་ཕྱིར་ཡང་དཀོན་མཆོག་མི་སྤངས་པ་དང་གཉིས། དཀོན་མཆོག་གི་ཡོན་ཏན་ཡོངས་སུ་དྲན་པའི་སྒོ་ནས་ཡང་དང་ཡང་དུ་སྐྱབས་སུ་འགྲོ་བ་ལ་བསླབ་པར་བྱ་བ་དང་།
(༡༣༧)གསུམ་མོ། །དེ་སྟེང་། རང་ལ་ན་ཚ་དང་སྡུག་བསྔལ་ཅི་བྱུང་ཡང་། །མོ་བོན་མི་བྱ་བ་དཀོན་མཆོག་ལ་བློ་བསྐལ་བ་དང་བཞི། ཕྱོགས་གར་འགྲོ་ཡང་དེ་ཕྱོགས་ཀྱི་སངས་རྒྱས་བྱང་སེམས་ལ་ཕྱག་འཚལ་ཞིང་ཡིད་ལ་དྲན་ཅིང་སྐྱབས་སུ་འགྲོ་བ་དང་ལྔ་ནི་ཐུན་མོང་གི་བསླབ་བྱ་ཞེས་གསུངས་སོ། ༈། ཁྱད་པར་གྱི་བསླབ་བྱ་གསུམ་ནི། མདོ་མྱ་ངན་འདས་ཆེན་ལས། སངས་རྒྱས་ལ་ནི་སྐྱབས་སོང་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་ཡང་ལྷ་རྣམས་གཞན་དག་ལ། །སྐྱབས་སུ་གསོལ་བར་མི་འགྱུར་རོ། །དམ་པའི་ཆོས་ལ་སྐྱབས་སོང་བ། །གནོད་ཅིང་འཚེ་བའི་སེམས་དང་བྲལ། །དགེ་འདུན་ལ་ནི་སྐྱབས་སོང་བ། །མུ་སྟེགས་ཅན་ལ་ཕྱོགས་མི་བྱ། །ཞེས་གསུངས་སྟེ། དེའང་སངས་རྒྱས་ལ་སྐྱབས་སུ་སོང་བས་ལྷ་གཞན་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་སོགས་འཇིག་རྟེན་པའི་ལྷ་རྣམས་ལ་སྐྱབས་སུ་སོང་ན་སྐྱབས་སྡོམ་འཆོར། ཕྱག་འཚལ་ན་སྡོམ་པ་ཉམས་པར་གསུངས་སོ། །ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་ལ་གནོད་འཚེ་སྤང་བ་ནི། གནོད་འཚེས་གསོད་ན་སྐྱབས་སྡོམ་འཆོར། ཁོང་ཁྲོས་བརྡེག་པ་དང་། སྣ་འབིགས་
(༡༣༨)སྤུ་བཏོག་པ་སོགས་ཀྱིས་ཉམས་པར་འགྱུར་རོ། །དགེ་འདུན་ལ་སྐྱབས་སུ་སོང་བས་གྲོག་མུ་སྟེགས་ཅན་དང་མི་འགྲོགས་པ་ནི། དཀོན་མཆོག་ལ་སྐྱབས་སུ་མི་འཛིན་ཅིང་རྟགས་ཆད་འཛིན་པའི་གྲོགས་དང་འགྲོགས་ན་སྐྱབས་སྡོམ་ཉམས་ལ། དེ་དང་ལྟ་སྤྱོད་མཐུན་ན་སྡོམ་པ་འཆོར་བར་གསུངས་སོ། ༈། ཆ་མཐུན་གྱི་བསླབ་བྱ་གསུམ་ནི། སངས་རྒྱས་ལ་སྐྱབས་སུ་སོང་བས་དེ་བཞིན་གཤེགས་པའི་སྐུ་གཟུགས་དང་མཆོད་རྟེན་ཐ་ན་སཙྪའི།། །ཆག་དུམ་ཡན་ཆད་ལ་སངས་རྒྱས་དཀོན་མཆོག་གི་འདུ་ཤེས་ཀྱིས་གུས་པར་བྱ། ཆོས་ལ་སྐྱབས་སུ་སོང་བས་དམ་པའི་ཆོས་པུ་ཏི་གླེག་བམ་ཐ་ན་གསུང་རབ་ཡིག་འབྲུ་རེ་ཡན་ཆད་ལ་ཆོས་དཀོན་མཆོག་གི་འདུ་ཤེས་ཀྱིས་གུས་པར་བྱ། དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་སོང་བས་སྟོན་པའི་ཆ་ལུགས་ཀྱི་ཐ་ན་ལྷན་པ་སེར་པོས་བཏབ་པ་ཡན་ཆད་ལ་དགེ་འདུན་དཀོན་མཆོག་གི་འདུ་ཤེས་བྱས་ལ་གུས་པར་བྱའོ། ༈། སྐྱབས་འགྲོའི་ཕན་ཡོན་དཔག་ཏུ་མེད་ཀྱང་། མདོར་བསྡུ་ན་བརྒྱད་གསུངས་ཏེ། ནང་པར་ཚུད་དང་སྡོམ་པའི་རྟེན། །སྡིག་པ་འཛད་དང་བསོད་ནམས་འཕེལ། །བར་ཆད་མི་ཚུག་ཅི་བསམ་འགྲུབ། །ངན་
(༡༣༩)སོང་མི་འགྲོ་བྱང་ཆུབ་ཐོབ། །ཅེས་སོ། །སྐྱབས་སུ་མ་སོང་ན་ཕྱི་པ་ཡིན་ལ། སྐྱབས་སུ་སོང་མ་ཐག་ནས་ནང་པ་སངས་རྒྱས་པར་ཚུད་དོ། །༡ སྐྱབས་སྡོམ་འཆོར་ན། སོ་ཐར་སོགས་སྡོམ་གསུམ་མཐའ་དག་འཆོར་ལ། སོར་འཇུག་པ་ལའང་སྐྱབས་སྡོམ་སོར་འཇུག་པས་ཆོག་གོ། །དེ་ཡང་། རང་གིས་དཀོན་མཆོག་ལ་ཕྱག་འཚལ་ཏེ་དེའི་སྤྱན་སྔར་སྡོམ་པ་བླངས་པས་ཆོག་གོ། །བསྙན་གནས་ཀྱི་སྡོམ་པ་ནས་སྔགས་སྡོམ་བར་གྱི་སྡོམ་པ་ཐམས་ཅད་ཀྱི་རྟེན་དུ། ཐོག་མར་སྐྱབས་སྡོམ་དགོས་སོ། ༢། སྐྱབས་འགྲོ་ཁྱད་པར་ཅན་དང་། །གཤའ་མ་སྐྱེས་པ་དང་། དུས་རྟག་ཏུ་སྐྱབས་འགྲོ་བྱས་པ་རྣམས་ཀྱིས་ལས་སྒྲིབ་གཏན་ནས་འཛད། ཐུན་མོང་པ་དང་། ཆོ་ག་ཙམ་དང་། མོད་ལོང་མོད་ལོང་རྣམས་ཀྱིས་ཀྱང་སྡིག་པ་སྲབ་པར་འགྱུར་རོ། ༣། ཚེ་རིང་ནད་མེད། དཔལ་གཟི་རྒྱས། འབྱོར་པ་རྒྱས་པ་སོགས་བསོད་ནམས་འཕེལ་བའང་སྐྱབས་འགྲོ་ལས་བྱུང་། ༤སྐྱབས་འགྲོ་གཤའ་མ་ཞིག་རྒྱུད་ལ་སྐྱེས་ན། མི་དང་མི་མིན། ཀླུ་དང་འབྱུང་པོ། རྒྱལ་པོ་སོགས་བར་ཆད་གང་གིས་ཀྱང་མི་ཚུག༥། སྐྱབས་འགྲོ་ལ་བློ་ཁེལ་
(༡༤༠)ན་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་གསོལ་བཏབ་པ་དང་འདྲ་སྟེ་ཅི་བསམ་ཐམས་ཅད་འགྲུབ་བོ། ༦། སྐྱབས་འགྲོ་ལ་འབད་ན། དམྱལ་བ་སོགས་ངན་སོང་གསུམ་དང་། ཡུལ་མཐའ་ཁོབ་ཆོས་མེད་དུ་སྐྱེ་བ་ངན་འགྲོ་དང་། མུ་སྟེགས་སོགས་ལོག་པར་ལྟུང་བར་མི་འགྱུར། ༧། ཉིན་མཚན་མེད་པར་དུས་རྟག་པར་སྐྱབས་སུ་སོང་ན་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ངེས་པའོ། ༨༈། ནང་དང་གསང་བའི་སྐྱབས་འགྲོ་ནི། དགོངས་འདུས་ནས་གསུངས་ཏེ། དང་པོ་ནང་གི་སྐྱབས་འགྲོ་ལ། ཡུལ་དང་གང་ཟག་དང་། ཚུལ་དང་། བསམ་པ་དང་། དུས་དང་། རྐྱེན་དང་། དོགས་ཆེད་བདུན་གསུངས་པ་ལས། ཡུལ་ནི་བྱིན་རླབས་ཀྱི་རྩ་བ་དྲིན་ཆེན་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་དང་། དངོས་གྲུབ་ཀྱི་རྩ་ཡི་དམ་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས། ཕྲིན་ལས་ཀྱི་རྩ་བ་གནས་གསུམ་གྱི་མཁའ་འགྲོ་ཆོས་སྐྱོང་རྣམས་སོ། །གང་ཟག་གང་གིས་འགྲོ་བ་ནི་སྔགས་སྒོར་ཞུགས་པ་རྣམས་སོ། །སྐྱབས་སུ་འགྲོ་ཚུལ་ནི། སྒོ་གསུམ་མོས་གུས་དང་ལྡན་པས་འགྲོའོ། ༈། བསམ་པའི་ཁྱད་པར་གང་གིས་འགྲོ་བ་ནི། བླ་མ་ལ་སངས་རྒྱས་དངོས་སུ་མཐོང་བ་དང་། ཡིད་མ་སྲོག་གི་
(༡༤༡)ཕྱིར་ཡང་མི་སྤང་བ་དང་། མཁའ་འགྲོ་རྒྱུན་དུ་མཆོད་པ་རྣམས་ཀྱིས་འགྲོའོ། །དུས་ནི། དབང་ཐོབ་སེམས་བསྐྱེད་པ་ནས་རྡོ་རྗེ་འཛིན་པའི་ས་མ་ཐོབ་ཀྱི་བར་དུ་འགྲོའོ། །རྐྱེན་གསང་སྔགས་ལ་མོས་གུས་སྐྱེས་པས་འགྲོའོ། །དགོས་ཆེད་ཡོན་ཏན་ནི། གསང་སྔགས་ཀྱི་སྣོད་དུ་རུང་བའམ། བྱིན་རླབས་ཐུན་མོང་མ་ཡིན་པ་ཐོབ་པའི་དགོས་པའོ། །བསླབ་བྱ་ནི། ཁྱད་པར་གྱི་བསླབ་བྱ་གསུམ་དང་། ཐུན་མོང་གི་བསླབ་བྱ་ལྔ་གསུངས་པ་ལས། དང་པོ་ཁྱད་པར་གྱི་བསླབ་བྱ་གསུམ་ནི། བླ་མ་ལ་སྐྱབས་སུ་སོང་ནས། བླ་མ་ལ་ངན་སེམས་དང་འཕྱ་སེམས་ཙམ་ཡང་མི་བྱེད་པ་དང་། ཡི་དམ་ལ་སྐྱབས་སུ་སོང་ནས༔ཡི་དམ་གྱི་སྐུ་བསྒོམ་ཞིང་བཟླས་པ་རྒྱུན་མི་གཅོད་པ་དང་༔མཁའ་འགྲོ་ལ་སྐྱབས་སུ་སོང་ནས་དུས་ཀྱི་མཆོད་པ་མི་བཅག་པ་དང་གསུམ་མོ། །ཐུན་མོངས་གི་བསླབ་བྱ་ལྔ་ནི༔དུས་རྟག་ཏུ་རྩ་གསུམ་མཆོད་བསྟོད་སྒྲུབ་པ་ལ་བརྩོན་ཞིང་། ཐ་ན་རང་གི་ཟས་ཅི་ཟ་ཅི་འཐུང་གི་ཕུད་ལ་བདུད་རྩིར་བྱིན་རླབས་ནས་སྤྱི་བོར་བླ་མ་ལ་མཆོད༔ཡིད་མ་སྙིང་ཁར་བསམ་ཏེ་མཆོད༔མྲེ།། །ལྟེ་བར་བསམ་ཏེ་
(༡༤༢)མཆོད་པ་དང་༔སྲོག་དང་འདམ་གླིང་ནོར་གྱིས་བཀང་བའི་བྱ་དགའི་ཕྱིར་ཡང་རྩ་གསུམ་མི་སྤངས་ཏེ། བླ་མ་སྙིང་བཞིན་བསམ། ཡི་དམ་མིག་བཞིན་བསམ། མཁའ་འགྲོ་ལུས་བཞིན་བསམ་ལ་བསླབ་པ་དང་༔༢ཕྱོགས་གར་འགྲོ་ཡང་། བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་གསོལ་གདབ༔བླ་མ་སྤྱི་བོར་བསྒོམ། རང་ཡི་དམ་དུ་བསྒོམ་མཁའ་འགྲོ་ཆོས་སྐྱོང་དཔུང་གཉེན་དུ་བསྒོམ་ནས་འགྲོ་བ་ལ་བསླབ་པ་དང་། ༣ན་ཚ་དང་སྡུག་བསྔལ་ཅི་བྱུང་ཡང་མོ་བོན་རྩིས་གསུམ་སོགས་ཐབས་གཞན་མི་བརྩལ་བར་བླ་མ་ལ་གསོལ་བ་གདབ། ཡི་དམ་ལ་མཆོད་པ་བྱ། མཁའ་འགྲོ་ལ་ཚོགས་གཏོར་གཏོང་བ་ལ་བསླབ་པ་དང་། ༤བླ་མ་ལས་བྱིན་རླབས་འབྱུང་༔ཡི་དམ་ལ་མཆོག་ཐུན་གྱི་དངོས་གྲུབ་འབྱུང་། མཁའ་འགྲོ་ཆོས་སྐྱོང་གིས་བར་ཆད་སེལ་བའི་ཡོན་དྲན་པས་ཡང་དང་ཡང་དུ་སྐྱབས་སུ་འགྲོ་བ་ལ་བསླབ་པ་དང་ལྔའོ། ༈། ཕན་ཡོན་གྱི་བླ་མ་ལ་སྐྱབས་སུ་སོང་བས་རང་ཆེའི་བློ་ལས་སྐྱོབས། མི་ཤེས་གཏི་མུག་གི་བར་ཆད་སེལ༔ལྷག་མཐོང་གི་རིམ་པའི་ཚོགས་སོགས༔རྟོགས་པ་རང་ཤར་གྱི་དངོས་གྲུབ་འབྱུང་༔ཡི་དམ་ལ་སྐྱབས་
(༡༤༣)སུ་སོང་ནས༔ཐ་མལ་གྱི་ཤེས་པ་ལས་སྐྱོབ༔རང་བྱུང་གི་ཚོགས་སོགས༔ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འབྱུང་༔མཁའ་འགྲོ་ལ་སྐྱབས་སུ་སོང་བས་བར་ཆད་མང་པོ་ལས་སྐྱོབས་པར་བྱེད། ཡི་དྭགས་དབུལ་འཕང་གྱི་བར་ཆད་སེལ༔ཞེན་གྲོལ་ཆགས་མེད་ཀྱི་ཚོགས་སོགས༔བདེ་ཆེན་ལོངས་སྐུའི་སྐུ་ཐོབ་པ།། །པའི་ཡོན་ཏན་དཔག་ཏུ་མེད་པའོ༔ཞེས་གསུང་། ༈སྐྱབས་འགྲོའི་ལག་ལེན་ནི་གཞན་ནས་འབྱུང་བས་མ་བྲིས༔༈སྐྱབས་འགྲོ་ལེན་པའི་ཆོ་ག་ནི། དབང་བསྐུར་ཐོབ་པའི་སྐབས་སུ་ཐོབ༔དབང་མ་བསྐུར་བར་ལེན་པའི་ཐབས་ཡོད་ཀྱང་གཞན་དུ་ཤེས་པར་བྱའོ། ༈། གསང་བའི་སྐྱབས་འགྲོ་ནི། དགོངས་འདུས་ལས། ཡུལ་གང་ལ་སྐྱབས་སུ་འགྲོ༔གང་ཟག་གང་གིས་སྐྱབས་སུ་འགྲོ༔ཚུལ་ལམ་ཐབས་ཇི་ལྟར་སྐྱབས་སུ་འགྲོ༔བསམ་པའི་ཁྱད་པར་གང་གིས་སྐྱབས་སུ་འགྲོ༔དུས་ཇི་ཙམ་ནས་འགྲོ༔རྐྱེན་གང་གིས་འགྲོ༔དགོས་ཆེད་དམ་ཡོན་ཏན་ཅི་ལྟ་བུ་ཡོད་པ་ལས༔དང་པོ་ནི། ཡུལ་བལྟ་བསྒོམ་སྤྱོད་པ་གསུམ་ལ་སྐྱབས་སུ་འགྲོ༔གང་ཟག་དབང་པོ་ཡང་རབ་
(༡༤༤)སངས་རྒྱས་པར་འདོད་པས་འགྲོ༔ཚུལ་ལམ་ཐབས་ཅི་ལྟར་ནི༔བལྟའ་བསྒོམ་སྤྱོད་གསུམ་གྱི་སྒོ་ནས་སྐྱབས་སུ་འགྲོ༔དེ་ཡང་ལྟ་བ་གདེང་དང་ལྡན་པ༔བསྒོམ་པ་ཉམས་དང་ལན་པ༔སྤྱོད་པ་རོ་སྙོམས་དང་ལྡན་པའི་ཚུལ་གྱིས་འགྲོ། བསམ་པའི་ཁྱད་པར་ནི༔ལྟ་བ་ཞེ་འདོད་མེད་པ་སྟེ༔སངས་རྒྱས་ཐོབ་བྱར་མི་འདོད༔འཁོར་བར་དོགས་བྱར་མི་འདོད་པའོ༔བསྒོམ་པ་ནི་ངོས་བཟུང་མེད་ཅིང་ཕྱོགས་སུ་མ་ལྷུང་བའོ༔སྤྱོད་པ་བླངས་དོར་མེད་པ་ཤུགས་འབྱུང་དུ་སྤྱོད་པའོ༔དུས་ནི་སངས་མ་རྒྱས་པར་དུའོ༔རྐྱེན་ནི་མི་ལུས་མི་ལེན་པར་འདོད་པས་འགྲོ༔དགོས་ཆེད་དང་ཡོན་ཏན་ནི་རྫོགས་པའི་སངས་རྒྱས་ཚེ་འདི་ཉིད་ལ་ཐོབ་པའི་དགོས་པ་དང་ཡོན་ཏན་ནོ༔གསང་བའི་སྐྱབས་འགྲོ་ལ་བསླབ་བྱའི་རིམ་པ་བཅུ་སྟེ༔དང་པོ་ཁྱད་པར་གྱི་བསླབ་བྱ་གསུམ་ལས༔དུས་རྟག་པར་ལྟ་བ་རྟོགས་པ་དང་ལྡན་པ་ནི༔སེམས་ཅན་ཐམས་ཅད་དང་སངས་རྒྱས་མཉམ་པས༔སངས་རྒྱས་ལོག་ནས་ཐོབ། རྒྱུ་མེད་པའི་གདེང་བཅའ༔སྣང་བ་དང་སེམས་ཐ་དད་མེད་པར་རྟོགས་པས་སྣང་སྟོང་དབྱེར་མེད་པའི་གདེང་བཅའ་བ་ལ་བསླབ༔བསྒོམ་པ་ཉམས་དང་ལྡན་པར་བསླབ་པ་ནི༔ཤེས་པ་
(༡༤༥)ཕྱིར་མི་གཞག་གོ༔ནང་དུ་མི་བཀུག༔རང་ལུགས་ལྷུག་པ་གཏད་མེད་དུ་བཞག་པ་ལ་བསླབ་པར་བྱའོ༔སྤྱོད་པ་ནི༔ཉམས་མྱོང་རྒྱུན་ཆད་མེད་པ༔འགྲོ་འཆག་ཉལ་འདུག་ཐམས་ཅད་བསྒོམ་དུ་མེད་ཀྱང་༔ཡེངས་སུ་སྐད་ཅིག་ཀྱང་མེད་པ་ལ་བསླབ་བོ༔ ཐུན་མོང་གི་བསླབ་བྱ་བདུན་ནི༔སངས་རྒྱས་སེམས་སུ་རྟོགས་ཀྱང་བླ་མ་མི་སྤང་༔སྣང་བ་སེམས་སུ་རྟོག་ཀྱང་འདུས་བྱས་ཀྱི་དགེ་རྩ་རྒྱུན་མི་བཅད༔དམྱལ་བ་དོག་པ་མེད་ཀྱང་སྡིག་པ་ཕྲ་མོ་ནས་སྤང་༔སངས་རྒྱས་ལ་རེ་བ་མེད་ཀྱང་ཆོས་ལ་བསྐུར་བ་མི་གདབ༔རང་ལ་ཏིང་འཛིན་ཁྱད་པར་ཅན་མཐོང་ཡང་ང་རྒྱལ་དང་རློམས་སེམས་མི་བྱ༔རང་གཞན་གཉིས་སུ་མེད་པར་གོ་ཡང་སེམས་ཅན་ལ་སྙིང་རྗེ་རྒྱུན་མི་བཅད༔འཁོར་འདས་གཉིས་སུ་མེད་པར་རྟོག་ཀྱང་སྒོམ་པ་ལ་གོམ་པར་བྱ་བ་དང་བདུན་ནོ༔༈། ། གསང་བའི་སྐྱབས་འགྲོ་ལ་སྐྱོབས་ལུགས་སམ་ཡོན་ཏན་དུ་དང་ལྡན་ཞེ་ན༔ལྟ་བ་ལ་སྐྱབས་སུ་སོང་ན༔རྟག་ཆད་རྣམ་པ་གཉིས་ལས་སྐྱོབ༔ལོག་ལྟ་ཞེན་འཛིན་གྱི་བར་ཆད་སེལ༔ཆོས་ཉིད་འོད་གསལ་གྱི་ཚོགས་སོགས༔སྐུ་གསུམ་
(༡༤༦)འགག་མེད་ཀྱི་དངོས་གྲུབ་འབྱུང་༔བསྒོམ་པ་ལ་སྐྱབས་སུ་སོང་ནས་ལྟ་བས་ཀྱང་སྒོམ་པ་སྐྱོབ་པར་བྱེད་དོ༔ཏིང་ངེ་འཛིན་གྱིས་བག་ཆགས་ཀྱི་བར་ཆད་སེལ༔གཉིས་མེད་ཟུང་འཇུག་གི་ཚོགས་སོགས༔ཐག་ཆད་ཡེ་གྲོལ་གྱི་དངོས་གྲུབ་འབྱུང་༔སྤྱོད་པ་ལ་སྐྱབས་སུ་སོང་བས༔ལོག་སྤྱོད་ཆད་ལྟ་ལས་སྐྱོབས་པར་བྱེད་དོ༔ཚུལ་འཆོས་ཐོ་ཆོའི་བར་ཆད་སེལ༔ཆད་མེད་ཟིང་ལོང་གི་ཚོགས་སོགས༔ཅི་སྤྱོད་དགོངས་པར་འགྱུར་བའི་དངོས་གྲུབ་འབྱུང་ངོ་༔༈གསང་བའི་སྐྱབས་འགྲོའི་ལག་ལེན་ནི། རང་བདེ་བར་ལྟ་བ་ལ་ཞེ་འདོད་མེད་པ༔ཕྱོགས་ལྷུང་གི་མཐའ་དང་བྲལ་བ་ལ༔སྒོམ་པ་ངོས་བཟུང་མེད་ཅིང་དམིགས་གཏད་དང་བྲལ་བ་ལ་ཐ་སྙད་གང་གིས་ཀྱང་བརྗོད་པར་མི་ནུས་སོ༔དེ་ཡང་ཤེས་པ་ཕྱིར་མི་བཞག༔ནང་དུ་མི་དགུག་རང་ལུགས་གཏད་མེད་དུ་བཞག་གོ༔ཉམས་མྱོང་རྒྱུན་ཆད་མེད་པར་འགྲོ་འཆག་ཉལ་འདུག་ཐམས་ཅད་ཀྱི་ངང་ལ་མ་ཡེང་པར་བཞག་གོ༔ཤེས་པ་མེར་བ་དང་༔ལྟེམ་པ་དང་། ཕྱེད་པ་ནི་བདེ་བ༔གསལ་བ་ནི་ཉམས་སོ༔དེ་དག་གང་ལའང་ངོ་མཚར་དུ་མི་
(༡༤༧)བརྩིའོ༔ཤེས་པ་རྒོད་པ་དང་རྨུག་པ༔བྱིང་བ་བྱུང་ན༔སྣང་བ་ལ་སེམས་རྩལ་སྦྱང་དུ་བཅུག༔དེ་ལ་རྩོལ་བ་ཅི་བྱུང་ཡང་སྐྱོན་དུ་མི་བརྩིའོ༔༈གསང་བའི་སྐྱབས་འགྲོ་བླངས་པའི་ཐབས་ནི༔བླ་མ་ལ་ཕྱག་དང་བསྐོར་བ་བྱ་སྟེ༔མེ་ཏོག་ཕུལ་ལ༔སློབ་མས་སྐྱིལ་དཀྲུང་བཅས་ལ༔སྙིང་རྗེས་བདག་གཞན་གྱི་དོན་བྱང་ཆུབ་ཀྱི་སེམས་བསྒོམ་པར་དམ་བཅས་པར་གཞུགས༔དེ་ནས་མིག་བར་སྣང་ལ་འབྲུ་ཚུགས་སུ་བལྟར་བཞུགས༔མིག་འབྲས་མི་འགུལ་བར་སེང་ངེ་སྡོད་དེ། ས་ལེ་ཕྱེད་དེ༔བསྒོམ་པའི་བློ་ནི་གཟུང་འཛིན་དང་བྲལ་བ་ལ་རིག་པ་བཞག་གོ༔དེ་ཁོ་ན་ལྟར་གདེང་དང་ལྡན་པས། བསྒོམ་པ་ཉམས་དང་བཅས་པ་སྤྱོད་པ་གྲོགས་དང་བཅས་པ་ཡིན་ནོ༔ཞེས་ངོ་སྤྲོད༔དེ་ནས་གོང་བཞིན་བསྒོམ་པར་བྱའོ༔ས་མ་ཡ། རྒྱ་རྒྱ་རྒྱ༔ཞེས་གསུངས་སོ། ༈ད་ནི་།། །སྟོན་པ་སྐུ་ལྔའི་བསྟན་པ་ཐེག་པ་རིམ་པ་དགུའི་ལམ་བཤད་པ་ལ༔དེ་ཡང་སྟོན་པ་སྐུ་ལྔ་ཡང་གདུལ་བྱའི་སྣང་ཚུལ་གྱི་དབང་གིས་དབྱེ་བ་ཙམ་ལས། དོན་ལ་ཐ་དད་མེད་ལ་
(༡༤༨)དེའི་བསྟན་པའི་ཆོས་ཐེག་པ་རིམ་པ་དགུ་ཡང་གདུལ་བྱའི་དབང་པོ་རབ་འབྲིང་ཐ་གསུམ་རེ་རེའང་གསུམ་རེར་དབྱེ་བའི་སོ་སོའི་མོས་པ་དང་མཐུན་པའི་གོ་ཚུལ་ཙམ་ལས་དོན་དམ་པར་དབྱེ་བ་མེད་པར་ངོ་བོ་གཅིག་པ་ཉིད་དེ། མདོ་སྡེ་པདྨ་དཀར་པོ་ལས། ཉོན་མོངས་འདུལ་ཕྱིར་ཆོས་ཀྱི་སྒོ་མོ་ནི། བརྒྱད་ཁྲི་བཞི་སྟོང་དག་ཏུ་གསུངས་པ་ཡང་༔སངས་རྒྱས་ཀུན་གྱི་དགོངས་པ་དམ་པ་ནི༔། དབྱེར་མེད་ངོ་བོ་ཉིད་དུ་གཅིག་པ་ཡིན༔ང་ཡི་བསྟན་པའི་ཐེག་པ་དགུ་པོ་ཡང་༔སེམས་ཅན་དག་གི་མཐུ་དང་མོས་པས་བཤད། འདི་ལྟར་ཐབས་ཀྱི་མཆོག་ཆེན་ཡེ་ཤེས་ལ། རབ་ཏུ་བཟོད་པའི་ཕྱིར་ན་ངས་བཤད་དོ༔ཅེས་གསུངས་སོ༔དེ་ལྟར་ཆོས་ཐམས་ཅད་ཐེག་པ་གཅིག་ལས་དུ་མར་སྣང་སྟེ༔ཆོས་ཐམས་ཅད་མཉམ་པ་ཉིད་མི་གཡོ་བའི་མདོ་ལས༔དཔེར་ན་ནམ་མཁའ་ལ་ཟླ་བ་གཅིག་ལ་ཆུ་སྣོད་ཐ་དད་པར་སྣང་བ་བཞིན་དུ། ཐེག་པ་ཆེན་པོ་ཆོས་ཀྱི་དབྱིངས་སུ་གཅིག་ལ། གདུལ་བྱ་མོས་པའི་དབང་གིས་ཐེག་པ་སྣ་ཚོགས་སུ་སྣང་བའོ། །ཞེས་གསུངས་སོ། ༈། དེ་ལྟར་ཐེག་པ་ཐམས་ཅད་ཀྱང་དོན་དམ་ཨ་ཏི་བློ་འདས་
(༡༤༩)ཀྱི་འཇུག་སྒོ་ཡིན་གྱི། སོ་སོ་རང་རང་གི་སེམས་འཛིན་ཕྲ་མོ་བདག་ཏུ་འཛིན་པ་ནི་གོལ་བར་འགྱུར་ཞིང་། རང་རང་གི་ལྟ་བ་བློ་དང་མ་བྲལ་བ་ནི་སངས་རྒྱས་ཉིད་ལས་རིང་བར་འགྱུར་ཏེ། བཀོད་པ་ཆེན་པོ་ལས། ངས་བསྟན་ཐེག་པ་ཐམས་ཅད་ཀྱང་། །བློ་འདས་ཨ་ཏི་འཇུག་པའི་དོན། །བློ་འདས་ཉིད་དང་མི་ལྡན་ན། །ཐེག་པ་ཉིད་ལས་འཁོར་བར་འཇུག། ཅེས་གསུངས་སོ། །དེ་ལ་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ནི། གདུལ་བྱའི་ཉོན་མོངས་ཆགས་སྡང་རྨོངས་གསུམ་རེ་རེའང་ཉི་ཁྲི་ཆིག་སྟོང་དང་། དུག་གསུམ་ཆ་མཉམ་ཉི་ཁྲི་ཆིག་སྟོང་སྟེ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་འདུལ་མདོ།། །མངོན་གསུམ་དང་རིག་འཛིན་སྔགས་ཀྱི་སྡེ་སྣོད་རྣམས་རེ་རེའང་ཉི་ཁྲི་ཆིག་སྟོང་ཏེ་ཀུན་ལ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡིན། དེ་དག་མདོར་བསྡུས་པ་སྡེ་སྣོད་གསུམ་དུ་འདུའོ། ༈། མདོ་སྡེ་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་བཞི་ཡང་རུང་། །བསྡུས་པའི་ཕྱིར་ནི་རྒྱུ་ནི་དགུ་རུ་འདོད། །ཅེས་གསུངས་སོ། །སྡེ་སྣོད་གསུམ་ནི། གསང་བ་སྙིང་པོ་ལས། མདོ་སྡེ་འདུལ་བ་མངོན་པ་དང་། །ཅེས་གསུངས་སོ། །སྡེ་སྣོད་
(༡༥༠)བཞི་ནི། ཀྲི་ཡ་རྡོ་རྗེ་ལྷུན་པོ་རི་རབ་ཟམ་གྱི་རྒྱུད་ལས། མདོ་སྡེ་འདུལ་བ་མངོན་པ་དང་། རིག་འཛིན་སྡེ་དང་རང་བཞིན་གནས། །ཅེས་གསུངས། རིག་འཛིན་གྱི་སྡེ་སྣོད་ལ་དབྱེ་བ་རྒྱུད་སྡེ་དྲུག་སྟེ། དྲི་མེད་བཤགས་རྒྱུད་ལས། ཕྱི་པ་ཐུབ་པའི་རྒྱུད་ལ་ཀྲི་ཡོག་གསུམ། །ནང་པ་ཐབས་ཀྱི་རྒྱུད་ལ་ཡོ་ག་གསུམ། །ཅེས་གསུངས། ཡོ་ག་གསུམ་པོ་བླ་མེད་ཀྱི་རྒྱུད་སྡེ་གཅིག་ཏུ་བརྩིས་ན་རྒྱུད་སྡེ་བཞིའོ། །རྒྱུད་སྡེ་བཞི་པོ་དེ་འོང་། ཟབ་མོ་ནང་དོན་དུ། ནང་གི་སྡེ་སྣོད་གསུམ་དུ་གསུངས། དེ་ལྟར་ན་མདོ་རྒྱུད་ཐམས་ཅད་སྡེ་སྣོད་གསུམ་དུའང་འདུའོ། ༈སྡེ་སྣོད།། །།བྱ་བ་ནི། བསྡུས་པའི་ཕྱིར་ཏེ། ཤེས་བྱ་མ་ལུས་བསྡུས་པའི་ཕྱིར་རོ། ༈། ཡང་ཕྱིས་འགྱུར་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་། །ཞེས་པ་ལྟར་ན། ཐེག་པ་ཆེ་ཆུང་གཉིས་སུ་འདུ་བའོ། །ཐེག་པ་ཆེན་པོ་དང་གསང་སྔགས་གཉིས་གཅིག་ཏུ་བསྡུའོ། །བསྡུས་པའི་ཕྱིར་ན་བསྡུས་པའི་ཕྱིར་ན་རྒྱུ་ནི་དགུ་རུ་འདོད། །ཅེས་པའི་རྒྱུ་དགུ་ནི། ཐེ་ཚོམ་གྱི་གཉེན་པོར་མདོ་སྡེ། གང་དོན་ལ་ཐེ་ཚོམ་ཟ་བ་དེའི་དོན་ངེས་པར་བསྟན་པའི་ཕྱིར་རོ། །
(༡༥༡)མཐའ་གཉིས་ལ་སྤྱོད་པའི་གཉེན་པོར་འདུལ་བ་སྟེ། མཐའ་གཉིས་ནི། ཁ་ན་མ་ཐོ་བ་དང་བཅས་པ་སྟེ་རྫས་ལ་ཞན་ཆགས་ཆེ་བས་བསོགས་འཇོག་ལ་སྤྱོད་པ་སྟེ། དེའི་གཉེན་པོར་བསོགས་འཇོག་ཅུང་ཟད་ཙམ་ཡང་སྤོང་དགོས་པར་གསུངས་པ་ནི་འདོད་པའི་བསོད་སྙོམས་ལ་སྦྱོར་བའི་མཐའ་སྤང་བའོ། །ཁ་ན་མ་ཐོ་བ་མེད་པ་སྟེ། དངོས་རྫས་ལ་ཞེན་པ་མེད་ན། ཁང་བརྩེགས་ལྔ་བརྒྱ། ཞལ་ཟས་རོ་བརྒྱ་པ། ཀརྵ་པ་ནི་བརྒྱད་སྟོང་རི་བའི་གོས་ལ་སོགས་པའང་གནང་བས་བདག་ཉིད་ངལ་བ་ལ་སྦྱོར་བའི་མཐའ་སྤངས་པའོ། རང་གི་ལྟ་བ་ལ་མཆོག་ཏུ་འཛིན་པའི་གཉེན་པོར་ཆོས་མངོན་པ་སྟེ། ཕྱིན་ཅི་མ་ལོག་པའི་ཆོས་ཀྱི་མཚན་ཉིད་གསལ་བར་བྱེད་པའི་ཕྱིར་རོ། ༈། ཡང་། །བསླབ་གསུམ་སྟོན་པས་མདོ་སྡེ་སྟེ། མདོ་སྡེ་ནས་བསླབ་གསུམ་རྒྱས་པར་སྟོན་པས་དེས་འདུལ་བ་རྣམས་བསླབ་གསུམ་བྱང་བར་བྱེད་པའི་ཕྱིར་རོ། །ལྷག་པའི་ཚུལ་ཁྲིམས་དང་། ལྷག་པའི་སེམས་ཡང་དག་པར་བསྒྲུབ་པས་འདུལ་བ་སྟེ། ཚུལ་ཁྲིམས་དང་ལྡན།། །པ་ནི་
(༡༥༢)འགྱོད་པ་མེད་པས་ཏིང་ངེ་འཛིན་ཐོབ་པའི་ཕྱིར་རོ། །ལྷག་པའི་ཤེས་རབ་ཡང་དག་པར་བསྒྲུབ་པས་ཆོས་མངོན་པ་སྟེ། ཕྱིན་ཅི་མ་ལོག་པའི་རབ་ཏུ་རྟོགས་པའི་ཕྱིར་རོ། ༈། ཡང་ཆོས་དང་དོན་བཤད་པས་མདོ་སྡེ་སྟེ། དེས་ཚིག་དོན་བྱང་བར་བྱེད་དོ། །ཆོས་དང་དོན་སྒྲུབ་པས་འདུལ་བ་སྟེ། ཉོན་མོངས་པ་འདུལ་བ་དང་ལྡན་པ་ནི་རྟོགས་པ་ལས་སོ། །ཆོས་དང་དོན་རྣམ་པར་གཏན་ལ་དབབ་ལ་མཁས་པས་ན། ཆོས་མངོན་པ་སྟེ། རྒྱུད་དགུ་པོ་དེ་དག་གིས་སྡེ་སྣོད་གསུམ་དུ་འདོད་དོ། ༈། ཡང་། དེ་ནི་བག་ཆགས་རྟོགས་པ་ཞི་བ་དང་། རབ་ཏུ་རྟོགས་པས་རྣམ་པར་གྲོལ་བར་བྱེད། །ཅེས་པས། སྡེ་སྣོད་གསུམ་པོ་དེ་དག་ལ་ཐོས་བསམ་སྒོམ་གསུམ་བྱས་ན། ཐོས་པས་སེམས་ལ་བག་ཆགས་བགོ་བར་བྱེད། བསམ་པས་དོན་རྟོགས་པར་བྱེད། སྒོམ་པས་ཞི་གནས་ཀྱིས་ཉོན་མོངས་པ་ཞི་བ་དང་། ལྷག་མཐོང་གིས་ཆོས་རབ་ཏུ་རྟོགས་པས་སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་རྣམ་པར་གྲོལ་བར་བྱེད་དོ། ༈། མདོར་ན་མདོ་འདུལ་མངོན་པའི་ཆོས་དེ་དག་རེ་རེ་ལ་དོན་རྣམ་པ་བཞི་སྟེ།
(༡༥༣)བྱང་ཆུབ་སེམས་དཔས་རྟོགས་ན་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །ཉན་ཐོས་ཀྱིས་ནི་ཚིག་བཅད་གཅིག་ཤེས་ཀྱང་ཟག་པ་ཟད་པ་ཐོབ་བོ། །མདོ་དང་ཆོས་མངོན་འདུལ་བ་དག། མདོར་ན་དོན་ནི་རྣམ་བཞིར་འདོད། །བློ་དང་ལྡན་པས་དེ་ཤེས་ན། །རྣམ་པ་ཐམས་ཅད་མཁྱེན་པ་ཐོབ། །ཞེས་སོ། །དེ་རེ་རེ་ལ་དོན་རྣམ་པ་བཞི་ཇི་ལྟར་ཡིན། མདོ་སྡེ་ནི། རྒྱལ་པོའི་ཁབ་ན་ལྟ་བུ་གནས་སྨོས་པ་དང་། ༡ས་ཡི་མཚན་ཉིད་པྲ་མོ་ལྟ་བུ་བདེན་གཉིས་ཀྱི་མཚན་ཉིད་སྨོས་པ་དང་། ཕུང་ཁམས་སྐྱེ་མཆེད་ཟས་དང་རྟེན་འབྲེལ་སོགས་ཆོས་ཀྱི་ཚིག་དང་དོན་མདོར་བསྡུས་ཏེ་སྨོས་པ་ལ་མདོ། དེ་འདྲའི་ཚོགས་སུ་གྱུར་པས་སྡེའོ། །གནས་རྣམས་དང་ནི་མཚན་ཉིད་དང་། །ཆོས་དོན་སྨོས་ཕྱིར་མདོ་ཡིན་ནོ། །ཞེས་སོ། །མངོན་པ་ནི། འཁོར་འདས་ལམ་གསུམ་གྱི་ཆོས་མི་ཤེས་པ་ཐམས་ཅད། ཤེས་རབ་དྲི་མ་མེད་པས་མངོན་གསུམ་དུ་ཤེས་པའི་ཕྱིར་དང་མི་གནས་པའི་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་པའི་ཕྱིར་དང་། བདེན་པ་དང་བྱང་ཕྱོགས་ཀྱི་ཆོས་དང་།
(༡༥༤)རྣམ་ཐར་སྒོ་གསུམ། ཕུང་ཁམས་སྐྱེ་མཆེད་རྫས་ཡོད་བཏགས་ཡོད། རང་བཞིན་གསུམ་སོགས། དོན་རེ་རེ་ཡང་། ངོ་བོ་དང་ངེས་ཚིག་དང་། རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་སོགས། མིང་དང་ཚིག་གི་སྒོ་དུ་མ་ནས་ཡང་དང་ཡང་དུ་སྟོན་ནས་མངོན་དུ་བྱེད་པ་དང་། ཕ་རོལ་གྱིས་རྒོལ་ནའང་འབེལ་བའི་གཏམ་གྱིས་གཏན་ལ། འབེབས་པའི་ཤེས་རབ་ཀྱིས་ཕྲོམ་གྱི་སྤོབ་པ་ཟིལ་གྱིས་གནོན་པའི་ཕྱིར་དང་། ༣འདིས་མདོ་སྡེའི་དོན་མངོན་དུ་རྟོགས་པའི་ཕྱིར་དང་བཞིས་མངོན་པའི་ཆོས་སོ། །མངོན་དུའི་ཕྱིར་དང་ཡང་ཡང་དང་། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་སོ། །འདུལ་བ་ནི། ཕམ་པའི་སྡེ་དང་། ལྷག་མ་དང་། སྤང་ལྟུང་དང་སོར་བཤགས་དང་། ཉེས་བྱས་ཀྱི་སྡེ་ཚན་ལྔ་ལ་ལྟུང་བ་སྡེ་ལྔ་ཞེས་དང་། མི་ཤེས་པ་ཉིད་དང་། མ་གུས་པ་ཉིད་དང་། བག་མ་མཆིས་ཉིད་དང་། ཉོན་མོངས་པ་མང་བའི་དབང་དང་བཞི་ལ་ལྟུང་བ་འབྱུང་བའི་སྒོ་བཞི་དང་ཞེས་བྱ་བ་དང་། ༢ཇི་ལྟ་བ་བཞིན་དུ་སྡོམ་པ་འཛིན་པའི་བསམ་པས་འདུལ་བ་ཡིན་གྱིས་ཆད་པའི་ལས་ཀྱིས་མ་ཡིན་
(༡༥༥)པ་ལྡང་བ་དང་། ༣སོ་སོར་བཤགས་པ་དང་། ༡བསླབ་པ་སྦྱིན་པ་ལ་སོགས་ཆད་པའི་མས།། །ཁས་ལེན་པ་དང་། བསླབ་པ་བཅས་པ་ལ་གྲངས་ཀྱིས་གནང་བའི་ཕྱིར་གློད་པ་དང་། ༣དགེ་འདུན་ཚོགས་པས་བསླབ་པའི་གཞི་བག་ཡངས་སུ་བྱས་པའི་ཕྱིར་བག་ཡངས་སུ་བྱས་པ་དང་། ༤དགེ་སློང་དང་དགེ་སློང་མ་དག་ཕོ་མོའི་མཚན་གྱུར་པ་ན། ལྟུང་བ་ཐུན་མོང་མ་ཡིན་པའི་རྟེན་ཡོངས་སུ་གྱུར་པ་དང་། ༥ཆོས་ཀྱི་རྣམ་པ་སོ་སོར་རྟོག་པའི་ཁྱད་པར་ཏེ། ཡང་དག་པར་རྟོགས་པ་དང་། ༦བདེན་པ་མཐོང་བས་ལྟུང་བ་ཕྲ་མོའི་ཕྲ་མོ་མེད་པའི་ཆོས་ཉིད་ཐོབ་པའི་ཕྱིར་ཆོས་ཉིད་ཐོབ་པའོ། ༧། དེ་བདུན་ལ་ནི་ངེས་པར་འབྱུང་བ་རྣམ་པ་བདུན་ཞེས་སོ། ༤། དེ་ལྟར་དོན་རྣམ་པ་བཞིས་འདུལ་བར་རིགས་པར་བྱའོ། །ཡང་། དོན་རྣམ་པ་བཞིས་འདུལ་བར་རིག་པར་བྱ་སྟེ། གླིང་གཞི་གང་ཟག་ལས་ནི་གང་ལ་བརྟན་བསླབ་པ་བཅས་པ་དང་། ༡གང་ཟག་གི་ཉེས་པ་གང་བཅོམ་ལྡན་འདས་ལ་ཞུས་པས་ན། དེའི་དབང་གིས་སྟོན་པས་དགེ་འདུན་རྣམས་བསྡུས་ཏེ་བསླབ་པ་འཆའ་བར་
(༡༥༦)མཛད་པ་དང་། ༢རབ་ཏུ་དབྱེ་བ་ནི། བསླབ་པའི་གཞི་བཅས་པ་མདོར་བསྟན་པ་དེ་རྣམ་པར་ཕྱེས་ནས་གཏན་ལ་ཕབ་པ་དང་། ༣རྣམ་པར་ངེས་པར་བཟུང་བ་ན། དེ་ལྟུང་བར་འགྱུར་བ་ནི་ཇི་ལྟ་བུ། ལྟུང་བ་མེད་པ་ནི་ཇི་ལྟ་བུ་ཞེས་ངེས་པར་འཛིན་པའི་ཕྱིར། དེ་ལྟ་དོན་རྣམ་པ་བཞི་བཞིས་འདུལ་བ་ཡིན་ནོ། །ལྟུང་དང་འབྱུང་དང་ལྡང་བ་དང་། །ངེས་པར་འབྱུང་དང་གང་ཟག་དང་། །བཅས་པ་ཡི་ནི་རབ་དབྱེ་དང་། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཞེས་གསུངས་སོ། ༈། ཐེག་པ་རིམ་པ་དགུ་ནི། བསྡུ་ན་ཐེག་པ་གསུམ་སྟེ། སྤྱི་མདོ་ལས་དོན་དམ་ངེས་པའི་ཐེག་པ་ནི། གསུམ་དུ་ངེས་པར་སྣང་བ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་། ཐུབ་རིག། དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །དང་པོ་ཀུན་འབྱུང་འདྲེན་པའི་ཐེག་པ་ལའང་། དབྱེ་བ་ན། གསུམ་སྟེ། ཉན་ཐོས་ཀྱི་ཐེག་པ་དང་། རང་རྒྱལ་གྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་གསུམ་མོ། །གཉིས་པ་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ལ་དབྱེ་ན། ཀྲི་ཡ་དང་། ཨུ་པ་དང་། ཡོ་ག་དང་གསུམ་མོ། །གསུམ་པ་དབང་བསྒྱུར་ཐབས་
(༡༥༧)ཀྱི་ཐེག་པ་ལ་དབྱེ་ན། མ་ཧཱ་དང་། ཨ་ནུ་དང་། ཨ་ཏི་ཡོ་ག་དང་གསུམ་མོ། །དེ་ཡང་སྟོན་པ་སྐུ་ལྔ་ཡི་བསྟན་པར་གསུངས་ཏེ། སྤྲུལ་སྐུའི་བསྟན་པ་ཐུན་མོང་གི་སྡེ་སྣོད་གསུམ་དང་། ལོངས་སྐུའི་བསྟན་པ་ཀྲི་ཡོག་གསུམ་དང་། ཆོས་སྐུའི་བསྟན་པ་གསང་སྔགས་གསར་མ་དང་རྙིང་མའི་མ་ཧཱ་ཡོ་ག་ཏེ་རྣལ་འབྱོར་ཆེན་པོའི་རྒྱུད་རྣམས་སོ། །ངོ་བོ་ཉིད་སྐུའི་བསྟན་པ། ལུང་ཆེན་ཨ་ནུ་ཡོ་ག། རང་བཞིན་སྐུ་ཡི་བསྟན་པ་རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་དང་གསུམ་གསུངས་ཏེ། དེ་དག་ཀྱང་ལས་དང་པོ་ལ་ཐབས་ཀྱི་དཀྲི་ཕྱིར་རིམ་པར་འཇུག་པ་བསྟན་གྱིས། དོན་དམ་པར་ཐེག་པ་གཅིག་ཉིད་དེ། །མདོ་སྡེ་ཡེ་ཤེས་སྣང་བ་རྒྱན་ལས། །རིམ་པར་འཇུག་པ་བསྟན་པ་ཡང་། །རྨོངས་པ་རྣམས་ལ་ཐབས་སུ་གསུངས། །ལྷུན་གྱིས་གྲུབ་པའི་ཆོས་འདི་ལ། །རིམ་པར་འཇུག་པ་ག་ལ་ཡོད། །ཅེས་གསུངས། མཚན་བརྗོད་ལས། ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཅེས་གསུངས་སོ། ༈། དེ་ལྟར་ཐེག་
(༡༥༨)པ་རིམ་པ་དགུ་པོ་རེ་རེའང་འགག་དྲུག་གིས་འཆད་པ་ནི། གསང་སྔགས་རྙིང་མའི་ལུགས་ཏེ། གསར་མའི་ལུགས་ཀྱི་བཤད་བྱ་ཐམས་ཅད་དེའི་ནང་དུ་འདུས་པར་འགྱུར་རོ། ༈། འགག་དྲུག་ནི། འཇུག་སྒོ་ལྟ་བ་ཚུལ་ཁྲིམས་དང་། །བསྒོམ་པ་སྤྱོད་པ་འབྲས་བུ་རྣམས། །རིམ་པ་བཞིན་དུ་ཤེས་པར་བྱ། །ཞེས་གསུངས་པས། ཐེག་པ་དགུ་གང་ཡིན་ཡང་། དང་པོ་འཇུག་སྒོ་དང་། ༡ལྟ་བ་དང་། ༢ཚུལ་ཁྲིམས་དང་། ༣བསྒོམ་པ་དང་། ༤སྤྱོད་པ་དང་། ༥འབྲས་བུ་དང་དྲུག་གོ། ༈། དང་པོ་ནི། ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ་གྱི། ༈དང་པོ་ཉན་ཐོས་ཀྱི་ཐེག་པ་ནི། ངོ་བོ་ནི། འཁོར་བ་ལས་རང་གཅིག་པུ་ཐར་འདོད་པས་བདག་མེད་རྟོག་པའི་ཐབས་སུ་གྱུར་པའོ། ༈། ངེས་ཚིག་ནི། ཤྲ་བ་ཀཉན་པ་དང་ཐོས་པ་གཉིས་ཀར་འཇུག་པས་ཉན་ཐོས་སམ་སྒྲོགས་ཀྱང་ཟེར། དབྱེ་བ་ནི་འགག་དྲུག་ལས། དང་པོ་འཇུག་སྒོ་ནི། རང་ཤར་ལས་འཇུག་པའི་སྒོ་ནི་བདེན་པ་བཞི། ཉན་ཐོས་སྤྱིའི་འཇུག་སྒོའོ། །ཞེས་གསུངས་པས། བདེན་པ་བཞི་ནི། སྡུག་བསྔལ་འཕགས་པའི་བདེན་པ། ཀུན་འབྱུང་འཕགས་
(༡༥༩)པའི་བདེན་པ། འགོག་པ་འཕགས་པའི་བདེན་པ། ལམ་འཕགས་པའི་བདེན་པའོ། ༈། སྡུག་བསྔལ་ལ་དབྱེ་ན་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། འདུ་བྱེད་ཀྱི་སྡུག་བསྔལ་དང་གསུམ་མོ། ༈། དེ་ལྟར་སྡུག་བསྔལ་གསུམ་པོ། དཔེའི་སྒོ་ནས་བཤད་ན། འདུ་བྱེད་ཀྱི་སྡུག་བསྔལ་ནི་འབྲས་མ་སྨིན་པ་དང་འདྲའོ། །འགྱུར་བའི་སྡུག་བསྔལ་ནི་འབྲས་ཆེན་དུག་དང་འདྲེས་པ་ཟ་བ་དང་འདྲའོ། །སྡུག་བསྔལ་གྱི་སྡུག་བསྔལ་ནི། འབྲས་ཀྱི་སྟེང་དུ་ཕོལ་མིག་བྱུང་བ་དང་འདྲའོ། ༈། རང་གི་ངོ་བོའི་སྒོ་ནས་བཤད་ན། འདུ་བྱེད་ཀྱི་སྡུག་བསྔལ་ནི་ཚོར་བ་བཏང་སྙོམས་དང་། འགྱུར་བའི་སྡུག་བསྔལ་ནི་ཚོར་བ་བདེ་བ་ཡིན། སྡུག་བསྔལ་གྱི་སྡུག་བསྔལ་ནི་ཚོར་བ་སྡུག་བསྔལ་ཡིན་ནོ། ༈། མཚན་ཉིད་ཀྱི་སྒོ་ནས་བཤད་ན། འདུ་བྱེད་ཀྱི་སྡུག་བསྔལ་ནི་ཉེར་ལེན་གྱི་ཕུང་པོ་འདི་བླངས་པ་ཙམ་གྱིས་སྡུག་བསྔལ་ཡིན་ཀྱང་སོ་སྐྱེ་རྣམས་ཀྱིས་མི་མཐོང་བ་ཡིན་ཏེ། མཛོད་ཀྱི་དཀྲིག་ཀ་ལས་ལག་མཐིལ་སྤུ་ཉག་གཅིག་འདུག་པ། དེ་ནི་མིག་ཏུ་སོང་བ་ན། མི་བདེ་བ་དང་སྡུག་བསྔལ་བསྐྱེད། །བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་
(༡༦༠)སྡུག་བསྔལ་སྤུ་མི་རྟོག། འཕགས་པ་མིག་དང་འདྲ་བ་ཡིས། །འདུ་བྱེད་ལ་ནི་སྡུག་བསྔལ་གཟིགས། །གསུངས་སོ། ༈། གཉིས་པ་འགྱུར་བའི་སྡུག་བསྔལ་ནི། འཁོར་བའི་བདེ་བ་ཐམས་ཅད་མཐར་འགྱུར་འགྲོ་བས་སྡུག་བསྔལ་ལོ། །བཤེས་སྤྲིན་ལས། འཁོར་ལོས་སྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ན་ཡང་བྲན་ཉིད་དུ་འགྱུར། །བརྒྱ་བྱིན་མཆོད་འོས་ཉིད་དུ་གྱུར་ནས་ཀྱང་། །ལས་ཀྱི་དབང་གིས་སླར་ཡང་ས་སྟེང་ལྷུང་། ། ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བསྟན་འཚལ་ལོ། །ཞེས་པ་ལྟར་རོ། ༈། གསུམ་པ་སྡུག་བསྔལ་གྱི་སྡུག་བསྔལ་ནི། སྡུག་བསྔལ་ཆེན་པོ་མངོན་དུ་གྱུར་པ་རྣམས་ཏེ། ངན་སོང་གསུམ་དུ་དམྱལ་བ་ལ་ཚ་གྲང་གི་སྡུག་བསྔལ། ཡི་དྭགས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ། དུད་འགྲོ་ལ་གླན་ལྐུགས་ཀྱི་སྡུག་བསྔལ་དཔག་ཏུ་མེད་པ་དག་གོ །བདེ་འགྲོ་གསུམ་དུའང་། མི་ལ་སྡུག་བསྔལ་བརྒྱད་ཡོད་དེ། སྐྱེ་བའི་སྡུག་བསྔལ། རྒ་བའི་སྡུག་བསྔལ། ན་བའི་སྡུག་བསྔལ། འཆི་བའི་སྡུག་བསྔལ། སྡུག་པ་དང་བྲལ་བའི་སྡུག་བསྔལ། མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ།
(༡༦༡)མེད་པ་བརྩལ་ཏེ་མི་རྙེད་པའི་སྡུག་བསྔལ། ཡོད་པ་བསྲུང་དཀའ་བའི་སྡུག་བསྔལ་དང་བརྒྱད་ཡོད་དོ། །ལྷ་མིན་ལ་འཐབ་རྩོད་ཀྱི་སྡུག་བསྔལ། ལྷ་ལ་འཆི་འཕོ་ལྟུང་གི་སྡུག་བསྔལ་སོགས་དཔག་ཏུ་མེད་པ་ཡོད་དོ། ༈། ཀུན་འབྱུང་། ། སྡུག་བསྔལ་ཀུན་འབྱུང་བའི་རྒྱུ་སྟེ། དབྱེ་ན་ལས་ཀྱི་ཀུན་འབྱུང་དང་། ཉོན་མོངས་པའི་ཀུན་འབྱུང་གཉིས་པོ། ལས་ཀྱི་ཀུན་འབྱུང་ནི། ཟག་བཅས་ཀྱི་ལས་མི་དགེ་བ་བཅུ་དང་། དགེ་བ་བཅུ་དང་། མི་གཡོ་ལས་སྔར་བཤེད་པ་རྣམས་སོ། །ཉོན་མོངས་པའི་ཀུན་འབྱུང་ནི་རྩ་ཉོན་དྲུག་སོགས། མཐོང་སྤངས་ཀྱི་ཉོན་མོངས་བརྒྱ་དང་བཅུ་གཉིས། བསྒོམ་སྤངས་ཀྱི་ཉོན་མོངས་བཞི་བརྒྱ་དང་བཅུ་བཞི་སོགས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ངོ། ༈། འགོག་པ་ནི། བསྒོམ་བྱུང་ཤེས་རབ་ཀྱིས་ཉོན་མོངས་བག་ཆགས་བཅས་སྤངས་པའི་འགོག་པ་དང་། ཆོས་དབྱིངས་རང་བཞིན་གྱིས་འགོག་པ་དང་། དགྲ་བཅོམ་པ་ཐ་མའི་ཕུང་པོ་མ་སྤང་བ་ལྷག་བཅས་འགོག་པ་དང་། ལྷག་མེད་དགྲ་བཅོམ་ཞི་བ་མར་མེ་ཤི་བ་ལྟར་འགོག་པ་དང་། ཐེག་ཆེན་སྐབས་ཤེས་རབ་དང་སྙིང་རྗེ་ཆེན་པོས་སྲིད་ཞི་གཉིས་ལ་
(༡༦༢)མི་གནས་པའི་མྱང་འདས་སངས་རྒྱས་དངོས་ཀྱི་འགོག་པ་དང་ལྔའོ། ༈། ལམ་ནི་ཚོགས་སྦྱོར་མཐོང་སྒོམ་མི་བསློབ་ལམ་དང་ལྔའོ། ༈། འཕགས་པའི་བདེན་པ་ཞེས་གསུངས་པ་ནི། སེམས་ཅན་རྣམས་ཀྱིས་ནི་བདེན་པ་བཞི་པོ་དེ་དག་མི་ཤེས་པས་བདེན་པ་མིན་ཀྱང་། འཕགས་པ་རྣམས་ཀྱིས་ཡིན་ལུགས་ཇི་ལྟར་མཁྱེན་པས་འཕགས་པའི་བདེན་པའོ། ༈། བདེན་པ་བཞིའི་སྒོ་ནས་འཇུག་ཚུལ། དཔེར་ན། སྡུག་བསྔལ་ནི་ནད་ལྟ་བུར་བལྟ། ཀུན་འབྱུང་ལ་ནད་ཀྱི་རྒྱུ་རུ་བལྟ། འགོག་བདེན་ལ་ནད་ལས་གྲོལ་བའི་བདེ་བ་ལྟ་བུར་བལྟ། ལམ་བདེན་ལ་ནད་ཀྱི་གཉེན་པོ་སྨན་ལྟ་བུར་བལྟ་ནས། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་ཐོབ་པར་བྱ། ལམ་བརྟེན་པར་བྱ་བར་ཤེས་ནས་དམ་པའི་ཆོས་སྒོར་འཇུག་དགོས་སོ། ༈། གཉིས་པ་ཉན་ཐོས་ཀྱི་ལྟ་བ་ནི། ནང་གང་ཟག་གི་བདག་མེད་རྟོགས་པས་ལྷ་མའི་ཐེག་པ་ལས་འཕགས་ཀྱང་། །བཟུང་བ་རྡུལ་ཕྲན་ཆ་མེད་དང་། ཤེས་པ་སྐད་ཅིག་ཆ་མེད་དོན་དམ་དུ་བལྟའ་ཕྱིར། ཕྱི་ཆོས་ཀྱི་བདག་མེད་མ་རྟོག་པས་ཐེག་ཆེན་ལས་དམན་པའོ། །ཀུན་རྫོབ་བདེན་
(༡༦༣)པ་ནི་གཡག་རྔ་ནེ་སེང་ལྟར་འདོད་དོ། །དེའང་། སྐ་བ་དཔལ་བརྩེགས་ཀྱིས། ཆོས་ཙམ་ལྟ་བའི་ཉན་ཐོས་པ། མདོ་སྡེ་པ་དང་བྱེ་བྲག་གཉིས། ཕྱི་རོལ་རྡུལ་ལ་རྩོད་བྱེད་ཅིང་། ཤེས་པ་སྐད་གཅིག་སྣང་བྱེད་མཐུན། ཞེ་མདོ་སྡེ་པས་ཕྱི་རོལ་གྱི་རྡུལ་ནི་ཕག་ན་མོའི་རྫས་བདེན་དུ་འདོད་ཅིང་རྩོད་དོ། ༈། དེ་དག་ཅུང་ཟད་བཤད་ན། སྟོན་པས་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ནས་ཐེག་ཆུང་གི་སྡེ་སྣོད་གསུམ་གཙོ་ཆེར་གསུངས། དེའི་རྗེས་འབྲང་ཉན་ཐོས་ཁ་ཆེ་བྱེ་བྲག་སྨྲ་བ་དང་། མདོ་སྡེ་པའི་གྲུབ་མཐའ་གཉིས་བྱུང་བ། དེ་སྟོན་པའི་གཞུང་ཆོས་མངོན་པ་སྡེ་བདུན་ནི། ཆོས་ཀྱི་ཕུང་པོ་ཤཱ་རིས་བུས། གདགས་པའི་བསྟན་བཅོས་མོ་འགལ་བུས། ཁམས་ཀྱི་ཚོགས་ནི་གང་སོས།། །ཏེ། རྣམ་ཤེས་ཚོགས་ནི་ལྷས་སྐྱིད་ཀྱིས། གྲོལ་བའི་རྣམ་གྲངས་གསུམ།། །པོ་ཆེས། ཡེ་ཤེས་འཇུག་པ་ཀ་ཏ་ཡ། རབ་ཏུ་བྱེད་པ་དབྱིག་བཤེས་ཀྱི། དེ་ལྟར་མངོན་པ་སྡེ་བདུན་གྱི་ནང་ནས་ཉན་ཐོས་ཀྱི་གྲུབ་མཐའ་ཟུར་དུ་བཀོལ་བ་བསྟན་བཅོས་བྱེ་བྲག་བཤད་མཛོད་ཆེན་མོ་ཟེར་བ་དེ་ལ་ཚད་མར་འཛིན་
(༡༦༤)དེའི་དོན་བསྡུས་སློབ་དཔོན་དབྱིག་གཉེན་གྱི་མངོན་པ་མཛོད་ཡིན། དེའི་ལུགས་ལ་ཆོས་ཐམས་ཅད་ཤེས་བྱའི་གཞི་ལྔར་བསྡུས་ཏེ། སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི། མི་ལྡན་པ་འདུ་བྱེད་ཀྱི་གཞི། འདུས་མ་བྱས་སྐྱེ་བ་མེད་པའི་གཞི་དང་ལྔ་སྟེ། དེ་དག་སོ་སོར་རྫས་གྲུབ་སུ་འདོད། དེ་ལ་དང་པོ་ནི་གཟུགས་ཕུང་ངོ། །གཉིས་པ་ནི་ཚོགས་དྲུག། གསུམ་པ་ནི་འདུ་བྱེད། ༤བཞི་པ་ནི་ལྡན་མིན་གྱི་འདུ་བྱེད་རྣམས་དང་། ལྔ་པ་ནི་འདུས་མ་བྱས་གསུམ་མོ། །དེ་དག་སྔར་བཤད་ཟིན་པ་སྟེ། དེ་དག་ཕལ་ཆེར་ཐེག་པ་ཆེ་ཆུང་ཐུན་མོང་ཡང་ཡིན། ༈། བྱེ་སྨྲའི་གྲུབ་མཐའི་ཁྱད་པར་གྱི་འདོད་པ་དངོས་ནི། ཉན་ཐོས་གནས་མ་བུ་པའི་སྡེ་པས་ནང་གང་ཟག་གི་བདག་ཅེས་གང་ཟག་གི་ནང་དུ་འདུས་པ་སྐྱེ་བའི་ཆ་ཤས་ཅན་གྱི་གང་ཟག་རྟག་མི་རྟག་གང་ཡང་མ་ཡིན་པ་ལུས་ལ་གནས་པར་འདོད་པར་ནི་དཔྱད་ན་མེད་དེ། གལ་ཏེ་ཡོད་ན། གང་ཟག་གི་བདག་དེ་རྣམས་ཤེས་ཀྱི་རང་བཞིན་ཡིན་ནམ། མི་ཤེས་པའི་རང་བཞིན་ཡིན། གལ་ཏེ་རྣམ་ཤེས་ཀྱི་རང་བཞིན་ཡིན་ན་ནི། གང་ཟག་གི་
(༡༦༥)བདག་དེ་མི་རྟག་སྟེ། འདིར་བུམ་པའི་ཤེས་པ་འགགས་ན་བུམ་པའི་ཤེས་པ་མི་འབྱུང་བར་འགྱུར་རོ། །དེའི་ཕྱིར་མི་རྟག་གོ། །གལ་ཏེ་བདག་དེ་མི་ཤེས་པའི་རང་བཞིན་ཡིན་ན་ནི། དེའི་ཚེ་རྣམ་ཤེས་ཀྱི་རང་བཞིན་མ་ཡིན་པའི་ཕྱིར་བདེ་སྡུག་མི་མྱོང་བར་ཐལ་ཏེ། མི་ཤེས་པ་ལ་བདེ་སྡུག་སོགས་རིགས་པ་མེད་དོ། །དེས་ན། དེ་ལྟར་དཔྱད་པས་གང་ཟག་གི་བདག་མེད་པ་ཉན་ཐོས་བྱེ་བྲག་སྨྲ་བས་རྟོགས་པས་ལྷ་མིའི་ཐེག་པ་ལས་འཕགས་སོ། །ཉན་ཐོས་གནས་མ་བུ་པས། དགེ་སློང་དག་ཁུར་ཡོད་དོ། །ཁུར་ཁུར་བ་པོ་ནི་གང་ཟག་གོ། །གསུངས་པས་ལས་འབྲས་ཀྱི་རྟེན་དུ་ཕུང་པོའི་གསེབ་ཏུ་རྟག་མི་རྟག་གང་ཡང་མིན་པའི་བདག་རྫས་སུ་འདོད་ཀྱང་། བཅོམ་ལྡན་འདས་ཀྱིས་དགོངས་པ་ཅན་དུ་གསུངས་ཀྱི་བདག་དེ་དཔྱད་པས་མ་གྲུབ་བོ། །གཟུང་བ་ཡུལ་ནི། རྫས་རྡུལ་ཆ་མེད་དེ་ཤར་ལྷོ་ནུབ་བྱང་སྟེང་འོག་གི་ཆ་མེད་པས་དབང་པོའི་སྤྱོད་ཡུལ་མིན་པ། ཐོ་བ་སོགས་ཀྱིས་གཞོམ་བྱ་མིན་པས་དེ་དོན་དམ་དུ་འདོད། དེས་རག་པ་རྩམ་སྐབས། རྫས་རྡུལ་དེ་གཅིག་ལ་གཅིག་མ་རེག་པར་ཆ་ཤས་
(༡༦༦)མེད་ཕྱིར་བར་དང་བཅས་པའི། བར་དེར་ཡང་དངོས་པོ་གཞན་ལྟ་ཅི་སྨོས། ནམ་མཁའ་ཡང་འཇུག་མི་ནུས་པ་ཞིག་ཡོད་པ། དེ་འདྲའི་རྫས་རྡུལ་བདུན་ལ་བསག་རྡུལ་ཞེས་ལྕགས་རྡུལ་སོགས་ནས། ཉི་ཟེར་དུ་མིག་གིས་མཐོང་རུང་ཙམ་ཞིག། དེ་འདྲ་བདུན་ལས་སྒྲ་རྩེ་སོགས་རག་པ་གྲུབ་པ་རྣམས་ནི་ཀུན་རྫོབ་ཏུ་འདོད། ནང་འཛིན་པའི་ཤེས་པའང་སྐད་ཅིག་མ་ལ་དུས་འདས་མ་འོང་ད་ལྟའི་ཆ་ཤས་དབྱེར་མི་རུང་བ་དོན་དམ་ཡིན། འགྲེལ་ཆེན་དྲི་མེད་འོད་ཀྱིས་ནང་ལེའི་རྒྱས་འགྲེལ་ལས། འདིར་བྱེ་བྲག་སྨྲ་བ་གང་ཞིག་དེ་ཉིད་གང་ཅེས་བྱ་བ་ལུས། ལ་གནས་པར་སྨྲ་བ་དེ་ནི་རང་བཞིན་དག་གིས་ཉམས། ཞེས་པ་ནི། འདིར་གལ་ཏེ་གང་ཟག་གི་ནང་དུ་འདུས་པ་སྐྱེ་བའི་ཆ་ཤས་ཅན་གྱི་གང་ཟག་རྟག་མི་རྟག་གང་ཡང་མིན་པ་ཡོད་ན་དེའི་ཚེ་གང་ཟག་དེའི་རང་བཞིན་བརྗོད་པར་བྱའོ། །ཅི་ཤེས་པའི་རང་བཞིན་ཡིན་ནམ། མི་ཤེས་པའི་རང་བཞིན། གལ་ཏེ་ཤེས་པའི་རང་བཞིན་ཡིན་པ་དེ་ལྟར་ཡིན་ན་གང་ཟག་དེ་མི་རྟག་སྟེ། བུམ་པའི་ཤེས་པ་འགགས་པ་ན་སྣམ་བུའི་ཤེས་པ་འབྱུང་བར་འགྱུར་རོ། །དེའི་ཕྱིར་མི་རྟག་གོ། ཅི་སྟེ་མི་ཤེས་པའི་རང་བཞིན་ཡིན་ན། དེའི་ཚེ་མི་
(༡༦༧)ཤེས་པ་ལ་བདེ་བ་དང་སྡུག་བསྔལ་ལ་སོགས་པ་རིགས་པ་མེད་དོ། །དེས་ན་བྱེ་བྲག་སྨྲ་བ་དེ་ནི་གང་ཟག་དེའི་རང་བཞིན་རྣམ་པར་དཔྱད་པས་ཉམས་སོ། །འདིར་ཁུར་ཡོད་དོ། །འཁུར་འཁུར་བའི་གང་ཟག་ཡོད་དེ་རྟག་པར་ཡང་བདག་མི་སྨྲ་ཞིང་། མི་རྟག་པར་ཡང་བདག་མི་སྨྲའོ། །ཅེས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་གང་ཡིན་པ་ཡེ་ཤེས་ཀྱི་ལེའུ་ལས་རྒྱ་ཆེར་བརྗོད་པར་བྱའོ། །དེའང་དུས་གསུམ་ཀ་རྫས་གྲུབ་འདོད་པ་ལ། ནང་ཚན་དུ། བཙུན་པ་ཆོས་སྐྱོབས་དང་། དབྱངས་སྒྲོགས་དང་། དབྱིག་བཤེས་དང་སངས་རྒྱས་ལྷ་རྣམས་ཀྱིས་མི་འདྲ་བ་དེ་།། །གསུངས་ཀྱང་ཐམས་ཅད་རྫས་གྲུབ་ཏུ་ནི་མཐུན་ནོ། ༈། ཀུན་རྫོབ་བདེན་པ་ནི། བུམ་པ་ལ་ཐོ་བས་མ་གཞིག་ན་ཀུན་རྫོབ་ཏུ་འདི་བུམ་པའོ་སྙོམས་པའི་བློ་འཇུག་ལ། བུམ་པ་དེ་ལ་གལ་ཏེ་ཐོ་བས་བཅོམ་ན་སྔར་གྱི་བུམ་འཛིན་དེ་མི་འབྱུང་བ་དང་། ཡང་བུམ་པ་ནང་ཆུ་ལའང་། མ་དཔྱད་པའི་ངོར་ཆུ་ཞེས་གདགས་ཀྱང་། ཁ་དོག་དང་དྲི་རོ་དང་རྡུལ་ཕྲན་དུ་བློས་ལེགས་པར་ཕྱེས་ན། ཆུའི་གདགས་གཞི་བྲལ་བས་ཆུར་འཛིན་ལྡོག་པ་དེ་ཀུན་རྫོབ་ཀྱི་མཚན་ཉིད་ཡིན། བུམ་པ་ཆུ་དང་བཅས་
(༡༦༨)པ་བརྩམ་གཞི་རྫས་རྡུལ་ཆ་ཤས་བྲལ་བ། ཐོ་བས་བཅོམ་པ་དང་། བློས་དཔྱད་བྱར་མེད་ཀྱང་། རྡུལ་འཛིན་གྱི་བློ་འདོར་མི་ནུས་ཕྱིར་དོན་མ་ཡིན་ཏེ། དཔེར་ན་ནམ་མཁའ་རྫས་སུ་ཡོད་ཀྱང་དངོས་པོས་བཅོམ་པ་དང་བློས་གཞོམ་དུ་མེད་པ་བཞིན་ནོ་སྙམས་པའོ། །གང་ལ་བཅོམ་དང་བློ་ཡིས་གཞལ། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་བཤད་དོ། །དེ་ལྟར་རྡུལ་ཆ་མེད་དང་ཤེས་པ་ཆ་མེད་གཉིས་ཡོད་པ་དོན་དམ་དུ་ལྟ་བ། ཕྱི་ཆོས་ཀྱི་བདག་མེད་མ་གཏོགས་པའོ། །ཤེས་པ་དང་ཡུལ་གཅིག་མིན་པ་རྫས་ཐ་དད་པ་དེ་དུས་སྔ་ཕྱི་མེད་པར་མཉམ་པར་ཡུལ་འཛིན་པ། ཡུལ་དང་ཡུལ་ཅན་སོ་སོ་ཡིན་པའི་སྟོབས་སམ་དབང་གིས་མིག་ཤེས་སོགས་ཚོགས་དྲུག་གང་ཡང་། དོན་གྱི་རྣམ་པར་མ་ཤར་བར་དབང་པོས་འཛིན་པ། དཔེ་ནི་ལྕགས་སྲེག་སྐམ་པས་བཟུང་བ་བཞིན་རྣམ་མེད་རྗེན་ཆར་འཕྲད་པ་སྟེ། མིག་མ་གཏོགས་རྣ་བ་སོགས། དོན་ལ་ལྟ་བྱེད་མིན་ཀྱང་། རྣམ་ཤེས་དབང་པོ་ལ་རྟེན་བཅས་ཀྱི་དབང་པོ་དེས་དབང་པོ་རང་རང་གི་ཡུལ་དོན་ལྔ་པོར་བལྟ་བྱེད་ཡིན་
(༡༦༩)པས། དབང་པོས་དོན་འཛིན་ཀྱང་། ཤེས་པས་དོན་དངོས་སུ། མིང་འཛིན་པ། ལྕགས་སྲེག་སྐམ་པས་འཛིན་གྱིས་མགར་བའི་སོར་མོས་མི་འཛིན་ལྟར་རོ་ཟེར། ༈། དེ་ཡང་འགེལ་ཆེན་ལས་ཀུན་རྫོབ་དག་གིས་དོན་ནི་སྨྲ་བ་པོ་ཡང་དོན་དམ་མ་རིག་མེད་པ་དག་ཏུ་འདོད་པའོ། །ཀུན་རྫོབ་ཀྱིས་སྔོན་པོ་ལ་སོགས་པའི་དོན་འཛིན་པའི། དོན་སྨྲ་བ་པོ་ནི། དཔྱད་ན། མཆན། ཉམས་སོ། །ཅི་ལྟར་ཞེ་ན་དོན་དམ་པ་ཡེ་ཤེས་ཀྱི་སྐུ་མ་རིག་པ་སྟེ། བདེ་གཤེགས་སྙིང་པོ། མཆན། མོ་ཤམ་གྱི་བུ་བཞིན་མེད་པ་དག་ཏུ་འདོད་པས་སོ། །དེ་བཞིན་དུ་སྨྲས་པ། ནམ་མཁའ་དང་ནི་འགོག་པ་གཉིས། །འདུས་མ་བྱས་གསུམ་རྟག་པ་སྟེ། །འདུས་བྱས་ཐམས་ཅད་མི་རྟག་པ། །བདག་གིས་སྟོང་ཞིང་བྱེད་པོ་མེད། །དབང་སྐྱེས་བློ་ནི་རྣམ་མེད་ཀྱི། དོན་གྱི་པ་ཤར་བ་མེད་པར་ཐུག་ཕྲད།། །།ཕྲ་རབ་བསགས་པ་དངོས་སུ་རིག། རྡུལ་རག་པ། ཁ་ཆེ་གཞུང་གི་ཆུ་གཏེར་གྱི། །བྱེ་བྲག་སྨྲ་བའི་གཞུང་འདོད་འགྱུར། །ཞེས་གསུངས་སོ། ༈། བླ་མའི་སྟོན། ཡོངས་སུ་བཟུང་བའི་རྒྱུད་ལས་ཀྱང་། །གང་ཟག་བྱེད་པོ་བདག་མེད་ཅིང་། །རྟག་པར་མི་
(༡༧༠)སྨྲ་མི་རྟག་མིན། །ཁུར་ཁུར་བ་ཡི་གང་ཟག་ཡོད། །བྱེ་བྲག་སྨྲ་བས་བསྟན་པ་ཡིན། ༈། དེ་དགག་པ་པ་ཡང་། ལུས་སུ་སོན་པའི་གང་ཟག་ཉམས། །ཕྱི་ནང་གཉིས་ན་མ་དམིགས་ཕྱིར། །ནང་ན་ཞེ་ན་རྣམ་ཤེས་སམ། །རྣམ་ཤེས་མ་ཡིན་རང་བཞིན་སྨྲོས། །ཤེས་པའོ་ཞེ་ན་བུམ་པ་ཡི། །ཤེས་འགག་སྣམ་བུའི་ཤེས་པ་སྐྱེ། །དེ་ཕྱིར་གང་ཟག་རྟག་པ་མེད། །ཤེས་མིན་ཞེ་ན་བདེ་བ་དང་། །སྡུག་བསྔལ་ཉམས་སུ་མྱོང་མི་འགྱུར། །ཕྱི་རོལ་ཞེ་ན་དངོས་པོའམ། །འོན་ཏེ་དངོས་པོ་མེད་པར་མིན། །དང་པོ་རྡུལ་ཕྲན་ལས་རི་བོ། །མྱུ་གུ་ས་བོན་ལས་གྲུབ་ཕྱིར། །གང་ཟག་མི་རྟག་དངོས་མེད་ན། །རི་བོང་རྭ་ཡང་གང་ཟག་འགྱུར། །ཅེས་གསུངས་སོ། ༈། ཉན་ཐོས་མདོ་སྡེ་པ་ནི། བསྟན་བཅོས་བྱེ་བྲག་བཤད་མཛོད་ནི་གང་ཟག་གི་བློ་ཡི་སྐྱོན་གྱིས་དག་པ་དང་ནོར་བ་གཉིས་ཀ་སྲིད་པས་ཡིད་ཆེས་བྱར་མི་རུང་ལ། མདོ་སྡེ་རྣམས་ནི་སྟོན་པས་ལེགས་པར་གསུངས་པ་དེ་ལ་ཡིད་ཆེས་དགོས་པར་བཤད་པས་མདོ་སྡེ་པ་ཞེས་སོ། །བྱེ་བྲག་ཤེས་བྱའི་གཞི་ལྔའི་ཆོས་སོ་སོར་རྫས་སུ་གྲུབ་པ་དེ་ལ། བཏགས་ཡོད་དུ་
(༡༧༡)ཐ་སྙད་བརྗོད་རུང་ཙམ་དང་། རྫས་ཡོད་དུ་རང་མཚན་དངོས་པོར་གྲུབ་པ་གཉིས་ཡོད་པ་སོ་སོར་མ་ཕྱེད་པའི་སྐྱོན་ཡོད་པར་འདོད་ནས། གཟུགས་དང་སེམས་དང་སེམས་བྱུང་གསུམ་ནི་རྫས་ཡོད་དང་། ལྡན་མིན་འདུ་བྱེད་དང་། འདུས་མ་བྱས་གཉིས་ནི་གཟུགས་ཀྱི་ཆ་ཤས་སམ་གནས་སྐབས་དང་། སེམས་བྱུང་གི་གནས་སྐབས་ཀྱི་ཆོས་ལ་གཏགས་ཡོད་ལྡན་མིན་རྣམས་ཡིན་ཏེ། དེ་དག་མངོན་གསུམ་དང་། རྗེས་དཔག་གིས་བསྟན་མི་ནུས་པའི་ཕྱིར་རོ། །འདུས་མ་བྱས་ཀྱི་གཞི་ནམ་མཁའ་དང་། འགོག་པ་གཉིས་ནི་རྫས་སུ་མེད་ཅིང་། གལ་ཏེ་རྫས་སུ་ཡོད་ན་མྱང་འདས་རྫས་ཡོད་དུ་ཐལ་བས་མར་མེ་ཤི་བ་ལྟར་དུ་སེམས་ཀྱི་རྣམ་པར་ཐར་པ་མིན་པར་འགྱུར་རོ། །དུས་གསུམ་ཀྱང་རྫས་སུ་མེད། གལ་ཏེ་ཡོད་ན་འདས་པ་དང་མ་འོངས་གཉིས་ཀྱང་རྫས་སུ་ད་ལྟར་ཡོད་དགོས་པས། དེ་ལྟར་ན་གསུམ་ཀ་ད་ལྟ་བ་ཁོ་ནར་འགྱུར་སའི་སྐྱོན་ཡོད། ༈། ཤེས་བྱ་གཟུགས་ཀྱི་གཞིའམ་ཕྱི་གཟུང་བའི་ཡུལ་འདི་དག་རྡུལ་ཕྲན་ཚོགས་པའི་བེམ་པོ་ཡོད་ཀྱང་དབང་པོས་མངོན་སུམ་མི་འཛིན་པ་ལྐོག་ན་མོ་སྟེ། དེས་རང་འདྲ་བའི་
(༡༧༢)ཤེས་པ་ལ་སྟོང་པར་བྱེད་པས་མངོན་སུམ་སྣང་བའི་ཕྱི་དོན་གཟུགས་སོགས་ནི་ཤེས་པ་ཉིད་ལྐོག་གྱུར་དེ་འདྲ་བ་སྣང་བས། མདོ་ལས་ཁམས་གསུམ་པོ་སེམས་སུ་གསུངས་པའང་དོན་དེ་ལ་དགོངས་ཏེ། དཔེར་ན། ཟ་འོག་གི་སྟེང་ན་ཤེལ་གོང་ཁྲ་བོར་སྣང་བ་དང་མཚུངས་ཏེ་དོན་དངོས་ནི་མ་ཡིན་ནོ། །བཟུང་ཡུལ་དེ་ནང་འཛིན་པའི་སེམས་ལ་འཆར་ཚུལ་ཀྱང་། ཡུལ་ནི་སྐད་ཅིག་སྔ་མར་འཆར་ཞིང་དེ་ལ་སྐད་ཅིག་ཕྱི་མར་འཛིན་པ་སྐྱེ་བས་རྒྱུ་འབྲས་དུས་སྔ་ཕྱི་ཐ་དད་པས་དེ་གཉིས་དངོས་སུ་འཕྲད་པ་མ་ཡིན་ཡང་ཤེས་པ་དོན་ལྟར་སྣང་བ་ནི། རང་གསལ་བས་དོན་རིག་པའང་ཡིན་ནོ་ཞེས། དེ་ལྟར་དམིགས་མྱོང་ཐ་དད་པའི་གཙོ་བོ་སེམས་ཀྱི་གཞི་དེ་ནི་རང་གསལ་སྐད་ཅིག་མའི་རྫས་སུ་གྲུབ་ཅིང་། སེམས་བྱུང་ཀྱང་སྐད་ཅིག་རྫས་གྲུབ་འདོད་དོ། །འདུས་མ་བྱས་གསུམ་ནི་བཏགས་པ་ཙམ་དང་། མྱང་འདས་དངོས་མེད་འདོད་པའོ། །དེ་ལྟར་མདོར་བསྡུ་ན། ཕྱི་བཟུང་བ་ཆོས་ཀྱི་བདག་འདི། བྱེ་སྨྲས་འདོད་ལྟར་གཟུང་འཛིན་ཐ་དད་མི་འདོད་པར་ནང་འཛིན་པའི་ཤེས་རབ་ས་དེ་ཉིད་ཕྱི་རོལ་ཡུལ་གྱི་རྣམ་པ་དང་བཅས་པར་སྐྱེ་བ་ནི། དཔེར་ན་རང་ཉིད་ཀྱི་
(༡༧༣)བྱད་མེ་ལོང་དུ་ཤར་བ་ལྟ་བུ་ལས་ཕྱི་རོལ་ཏུ་གྲུབ་པར་མི་འདོད་པས་ནང་གང་ཟག་གི་བདག་མེད་རྟོགས་པའི་སྟེང་དུ། གཟུང་བ་ཆོས་ཀྱི་བདག་མེད་ཕྱེད་རྟོགས་པ་དང་། སེམས་སེམས་བྱུང་སྐད་ཅིག་མ་རྫས་གྲུབ་ཏུ་འདོད་པས་ཆོས་ཀྱི་བདག་མེད་ཀྱི་ཕྱེད་མ་གཏོགས་པས་དེས་ན་བདག་མེད་ཕྱེད་དང་གཉིས་རྟོགས་པས། མདོ་སྡེ་པའི་ལྟ་བ་དང་རང་རྒྱལ་གྱི་ལྟ་བ་གཉིས་གཅིག་པའོ། ༈། ཡང་འགའ་ཞིག་གིས་རང་རྒྱལ་གྱི་ལྟ་བ་དེ་སེམས་ཙམ་པའི་ལྟ་བ་ཡིན་པར་བཞེད་ཀྱང་དེ་ལྟར་ན་རང་རྒྱལ་ཐེག་ཆེན་དུ་འདོད་དགོས་པ་སོགས་ཀྱིས་གནོད་དེ། དེ་ཡང་མདོ་སྡེ་རྒྱན་ལས། གཟུང་དོན་རྟོགས་སྤང་ཕྱིར་དང་། འཛིན་པ་མི་སྤང་ཕྱིར་དུ་ནི། རྟེན་གྱི་བསེ་རུ་ལྟ་བུའི་ལམ། ཡང་དག་བསྡུས་པ་ཤེས་པར་བྱ། །ཞེས་གསུངས་ཕྱིར། མདོ་སྡེ་པ་དང་མཐུན་གྱི། སེམས་ཙམ་པས་ནི་གཟུང་བ་དང་འཛིན་པ་གཉིས་ཀ་སྤང་བའི་སེམས་རང་རིག་རང་གསལ་འདོད་ཕྱིར་མི་མཚུངས་སོ། ༈། མདོ་སྡེ་པའི་གྲུབ་མཐའ་འགྲེལ་ཆེན་ལས་གསུངས་པ། ཤེས་པ་རྣམས་བཅས་སྐྱེད་བྱེད་ནི། ཡུམ་གྱི། སུ་སྐྱེ་ཞིང་། དབང་པོའི་
(༡༧༤)སྤྱོད་ཡུལ་སྣང་བ་མིན། ནམ་མཁའ་མོ་གཤམ་བུ་དང་མཚུངས། །འགོག་པ་དག་ནི་ནམ་མཁའ་མཚུངས། །འདུ་བྱེད་བེམ་པོ་ཡོད་མ་ཡིན། །དུས་གསུམ་རྗེས་འགྲོ་གཅིག་ཀྱང་མེད། མྱ་ངན་ལས་འདས་པ། །ཐོག་པ་མེད་པའི་གཟུགས་ཡོད་མིན། །ཞེས་པ་མོད།། །པ་ཡི་རིག། ཅེས་སོ། །དེ་དགག་པ་ནི། དེས་ན་ཐོག་མ་དང་ཐ་མ་མེད་པའི་གཟུགས་དུས་གསུམ་རིག་པར་བྱེད་པ་གལ་ཏེ་མར་མེ་མནལ་བ་དང་མཚུངས་པ་ཡིན་ན། དེའི་ཚེ་ཐོག་པ་མེད་པའི་གཟུགས་མེད་པའི། ཕྱིར་ཐམས་ཅད་མཁྱེན་པར་མི་འགྱུར་རོ། །སྐུ་བཞི་མ་རྟོགས་པའི་ཉི་ཚེ་བའི་སྐུས་སངས་རྒྱས་ཉིད་དུ་མི་འགྱུར་རོ། །འདིར་ཐོག་པ་མེད་པའི་སྐུ་དང་བྲལ་བའི་སངས་རྒྱས་འདི་རྣམ་པ་ཐམས་ཅད་རྫུ་འཕྲུལ་སྟོན་པར་མི་འགྱུར་རོ། །ཐམས་ཅད་ཀྱི་སྐད་ཀྱི་གསུང་དུ་མི་འགྱུར་རོ། །གཞན་གྱི་སེམས་མཁྱེན་པར་ཡང་མི་འགྱུར་རོ། །ལྷ་ཡི་མིག་ལ་སོགས་པ་ཐམས་ཅད་འབྲས་བུ་མེད་པར་འགྱུར་རོ། །ཞེས་པ་ནི་མདོ་སྡེ་པའི་འཛིན་པའི་སྐྱོན་ནོ། ༈། བླ་མའི་ཡོན་ཏན་ཡོངས་སུ་བཟུང་བའི་རྒྱུད་ལས་ཀྱང་། ཕྱི་རོལ་བདེན་
(༡༧༥)པའི་དོན་མེད་ཅིང་། །ཤེས་པའི་རྣམ་པར་རྟོག་བྱེད་པ། །རྒྱ་དང་རྒྱའི་འབུར་བཞིན་དུ། །ཀུན་ཏུ་ཡང་དག་དོན་དུ་སྨྲ། །དོན་དམ་པ་ཡི་རིག་པ་མེད། །མར་མེ་སྣུམ་ཟད་ཇི་ལྟ་བ། །འཁྲུལ་པ་ཟད་ན་མྱ་ངན་འདས། །མདོ་སྡེ་ས་ཡིས་བསྟན་པ་ཡིན། །དེ་དགག་པ་ནི། །རྣམ་པར་རྟོག་བྱེད་དོན་དུ་སྨྲ། །ཕྱི་རོལ་པ་དང་ཅིས་མི་མཚུངས། །ཀུན་རྫོབ་ཞེ་ན་དེ་ལ་ཡང་། །གཞན་རིག་དགོད་དོ་ཐུག་པ་མེད། །ཐོག་མེད་རྣམ་པར་རིག་པའི་གཟུགས། །མྱང་འདས་ཐོབ་ཚེ་རྒྱུན་ཆད་མེད། །སངས་རྒྱས་རྣམ་མཁྱེན་མིན་པར་འགྱུར། །ཐོག་མ་མེད་པའི་ལུས་བྲལ་ནས། །སངས་རྒྱས་རྫུ་འཕྲུལ་མི་སྟོན་པས། །སོ་སོ་ཡང་དག་རིག་པ་ཡིས། །ཆོས་སྟོན་པ་ཡང་མེད་པར་འགྱུར། །སྤྱན་ལྔ་མངོན་ཤེས་ལ་སོགས་རྫུན། །ཅེས་གསུངས། ༈བརྗོད་བྱེད་གསུངས་རབ་ཡན་ལག་བཅུ་གཉིས་ཀྱིས་དེ་དག་གི་དོན་གཏན་ལ་དབབ་པ་ན་གཉིས་ཏེ། ཇི་སྙེད་ཡོད་པ་དང་ཇི་ལྟ་བ་གཏན་ལ་དབབ་པའོ། །ཇི་སྙེད་ཡོད་པ་ནི། ཕུང་ཁམས་སྐྱེ་མཆེད་བྱེ་སྨྲ་དང་མཐུན། །
(༡༧༦)ཇི་ལྟ་བ་ནི། སྟོང་ཉིད་བཅུ་དྲུག། ཕྱག་རྒྱ་བཞི། རྣམ་ཐར་གསུམ་སོགས་ཡོད་དོ། ༈། ཐེག་ཆུད་པས་བྱང་ཆུབ་སེམས་དཔའ་ནི་བསགས་སྦྱང་རྒྱ་ཆེ་བའི་དབང་གིས་ཡིན་གྱིས། ལྟ་བ་ཟུར་ས་མེད་ཟེར། ༈། བདེན་གཉིས་ནི། འཇིག་རྟེན་སྣང་ངོར་མེས་བསྲེགས། ཆུས་བརླན་པ་སོགས་མཐུན་སྣང་དོན་བྱེད་ནུས་པ་ཐམས་ཅད་དང་། སྨིག་སྒྱུ་དང་ཆུ་ཟླ་ལྟ་བུ་དོན་བྱེད་མི་ནུས་པ་ཀུན་རྫོབ་དང་། བྱེ་སྨྲ་ལྟར་ཡང་འདོད་དོ། ༈། གསུམ་པ་ཚུལ་ཁྲིམས་ནི། སོ་ཐར་རིས་བརྒྱད་ཀྱི་སྡོམ་པ་རྣམས་སོ། ༈། སོ་ཐར་རིས་བརྒྱད་ནི། བསྙེན་གནས་དང་། དགེ་བསྙེན་ཕ་དང་། དགེ་བསྙེན་མ་དང་། དགེ་ཚུལ་ཕ་དང་། དགེ་ཚུལ་མ་དང་། དགེ་སློབ་མ་དང་། དགེ་སློང་ཕ་དང་། དགེ་སློང་མ་དང་། བརྒྱད་དོ། །དེ་ལས་བསྙེན་གནས་མ་བསྒྲགས་ན་སོ་ཐར་རིས་བདུན་ནོ། ༈། རྫས་སུ་བསྡུ་ན། བསྙེན་གནས་དང་། དགེ་བསྙེན་དང་། དགེ་ཚུལ་དང་། དགེ་སློང་དང་བཞིའོ། ༈། དགེ་བསྙེན་ལ་དབྱེ་ན་ལྔ་སྟེ། སྐྱབས་གསུམ་འཛིན་པའི་དགེ་བསྙེན། སྣ་གཅིག་སྤྱོད་པའི༴སྣ་འགའ་སྤྱོད་པའི༴ཕལ་ཆེར་སྤྱོད་པའི་དགེ་བསྙེན།
(༡༧༧)ཡོངས་རྫོགས་དགེ་བསྙེན་དང་ལྔའོ། །བྱེ་སྨྲས་དེ་སྟེང་། ཚང་སྤྱོད་ཉེར་གནས་དང་། གོ་མའི་དགེ་བསྙེན་བཅས་བདུན་ནོ། །དྲིས་ལེན་བསགས་མདོར་བསྙེན་གནས་དྲངས་པས་བརྒྱད་དོ། ༈། དེ་དག་གི་རྩ་བ་ནི་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བ་ཡིན། ༈། ཚུལ་ཁྲིམས་ནི་ཡོན་ཏན་ཀུན་གྱི་གཞི་རྟེན་པ་ལྟ་བུ་སྟེ། ཀླུ་སྒྲུབ་ཀྱིས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཅེས་སོ། ༈། ཉན་ཐོས་ཀྱི་སྡོམ་པ་དེ་དག་མ་ཐོབ་པ་འཐོབ་བྱེད། འཐོབ་པ་མི་ཉམས་པ་བསྲུང་ཚུལ། གལ་ཏེ་ཉམས་ན་ཕྱིར་བཅོས་དང་གསུམ་ལས། དང་པོ་མདོ་རྩར། དགེ་བསྙེན་ཉིད་དང་། དགེ་ཚུལ་ཉིད་དང་། དགེ་སློང་ཉིད་དག་ནི་སྔ་མ་བསྙེན་པར་མ་རྫོགས་པར་ཕྱི་མ་མི་རྫོགས། གསུངས་པ། ༈ དགེ་བསྙེན་སྡོམ་པ་ནི། སློབ་དཔོན་རྟེན་དགེ་བསྙེན་ལས་སམ། དགེ་སློང་སྡོམ་ལྡན་འོས་པ་ལས། སྐྱབས་འགྲོ་ཙམ་བྱས་པའི་ཁས་ལེན་གསུམ་གྱིས་སྡོམ་པ་སྐྱེའོ། ༈། དགེ་ཚུལ་འཐོབ་བྱེད་ནི། འགལ་
(༡༧༨)རྐྱེན་སྤངས་ལ་མཐུན་རྐྱེན་ཚང་དགོས། མཁན་པོར་འོས་པས་བར་ཆད་དྲིས་ནས། ཞུ་བའི་དགེ་སློང་ཆོས་བཅུ་ལྡན་པ་ཞིག་ལ་ཞུ་བར་བསྒོས་ཏེ། དེས་ཀྱང་དགེ་འདུན་ལ་ཞུ་དགོས། ༈མཐུན་རྐྱེན་ལྔ་ཚང་དགོས་པས། དང་པོ་ཡུལ་མཐུན་པའི་རྐྱེན་སངས་རྒྱས་ཀྱི་སྐུ་གཟུགས། ཆོས་ལུང་རྟོགས་ཐུགས་ལ་མངའ་བ། འཚོགས་ན་ཞུ་བ་པོ་མི་ཐེ་བའི་དགེ་འདུན་བཞི་སྡེ་ཚང་བའོ། །དགེ་ཚུལ་སྡོམ་པ་སློབ་དཔོན་ལས་སྐྱེ་ཡང་། རབ་བྱུང་ལ་མཁན་པོ་དགོས་པའོ། །གཉིས་པ་རྟགས་དང་ཡོ་བྱད་མཐུན་རྐྱེན་མངོན་གྱུར་ནི། སྐྲ་བྱེ་བྲག། ཁྲུས་བྱས། ཆོས་གོས་སོགས་མཁན་པོས་ཚིག་གིས་གཏད། གསུམ་པ་རྒྱུ་མཐུན་པའི་རྐྱེན་བསྒྲུབ་པ་ཚོགས་སུ་མ་ལོངས་ཤིང་། སྡོམ་པ་སྔ་མས་རྒྱུད་མ་བཀག་པ། ལོ་བདུན་ལོན་ཞིང་བྱ་རོག་སྐྲོད་ནུས་པ། རང་བཞིན་དུ་གནས་པ་ལ་བར་མ་རབ་བྱུང་ཡན་ཐོབ་པ་དགོས། བཞི་པ་ཆོ་ག་མཐུན་པའི་རྐྱེན། །སྦྱོར་དངོས་རྗེས་གསུམ་ཚང་བ། །ལྔ་པ་བསམ་པའི་མཐུན་རྐྱེན་ལྔ་ཏེ། །བསམ་པ་རང་བཞིན་དུ་གནས་པ། ༡ཞེ་ཐག་པ་ནས་ལེན་འདོད་ཀྱི་འདུན་པ། ༢
(༡༧༩)ཐོབ་ཤེས་ཀྱི་ནུས་ལྡན། ༣། ལགས་སྨོན་དང་འཇིགས་སྐྱོབས་མིན་པ། ༤། མྱང་འདས་ཀྱི་བསམ་པ་བརྟེན་སོ། ༤། ངེས་པ་དང་བྲལ་བའི་བསམ་པ་དང་བཅས་པ་ལྔ་དགོས། དངོས་གཞི་སྐྱབས་འགྲོ་ཙམ་བྱེད་དུ་བྱས་པའི་བརྗོད་པ་གསུམ་གྱི་མཐར། དགེ་ཚུལ་གྱི་སྡོམ་པ་འཐོབ་པ་ཡིན་ནོ། །བརྗོད་པ་རེ་རེ་ལའང་དུམ་བུ་གསུམ་ཡོད་པའི་སྐྱབས་བརྗོད་པ་དང་། བདག་བརྗོད་པ་སོང་བའི། གཞན་བརྗོད་ཀྱི་ཐོག་མ་བྱུང་བའི་སྔོན་ཙམ་དགེ་ཚུལ་དུ་ཞེས་པའི་སྐབས་སུ་སྡོམ་པ་འཐོབ་པ་ཡིན་ནོ། །མཇུག་དུས་བརྗོད་པ་དང་། བསླབ་པའི་གནས་གོ་བར་བྱའོ། ༈། དགེ་སློང་གི་སྡོམ་པ་འཐོབ་པར་བྱེད་པ་ལ། སྔོན་ཆོག་དང་ད་ཆོག་གཉིས་ལས། སྔོན་ཆོག་ནི། རང་བྱུང་གི་བསྙེན་པར་རྫོགས་པ་སངས་རྒྱས་དང་། རང་རྒྱལ། ཡེ་ཤེས་ཁོང་ཆུད་ཀྱིས་འཁོར་ལྔ་སྡེ་བཟང་པོ་སྟེ། ཀཻའུ་རི་ཎྱ། རྟ་ཐུལ། རླངས་པ། མིང་ཆེན་བཟང་ལྡན་དང་ལྔའོ། །ཕྲིན་གྱིས་མཆོད་སྦྱིན་ལ། སྟོན་པོར་ཁས་བླངས་པས་འོད་སྲུང་། དྲི་བས་མཉེས་པས་ལེགས་སྦྱིན། ཚུར་ཤོག་གིས་ཀུན་ཏུ་རྒྱུ་རབ་བཟང་སོགས་
(༡༨༠)གསོལ་གཞིའི་ལས་ཀྱིས་ཤཱ་རིས་བུ། ལྕི་ཆོས་བརྒྱད་ཁས་བླངས་པས་སྐྱེ་དགུའི་བདག་མོ་ལྕི་ཆོས་བརྒྱད་ནི། ཕའི་དགེ་འདུན་རྣམས་ལ་བསྙེན་པར་རྫོགས། ཟླ་བ་ཕྱེད་ནས་ཕའི་དགེ་སློང་ལས་གདམ་ངག་ནོད་པ། ཕའི་དགེ་སློང་ཡོད་པར་དབྱར་གནས་ཁས་བླངས། གཉིས་ཀའི་ཚོགས་ལ་དགག་དབྱེ་བྱ་བ། དགེ་སློང་གི་ཚུལ་ཁྲིམས་འཆལ་བ་མི་གླེང་བ་དགེ་སློང་ལ་ཅོ་འདྲི་མི་བྱེད་པ། དགེ་སློང་གསར་བུ་ལ་ཕྱག་འཚལ་བ་སོགས་བྱའོ། །ལྕི་ཆོས་བརྒྱད་འདི་སློང་མ་ལ་གསུངས་པ་ཡིན། ལྕི་ཆོས་ལས་འདས་ན་ཕའི་དགེ་འདུན་ལ་འདུ་བ་བྱེད་པའོ། །དེ་དག་ནི་གདུལ་བྱ་དག་པ་སྲིད་པ་ཐ་མ་བ་རྣམས་ལ། མཁན་པོ་འཕགས་པས་ཡིན་ནོ། ༈། ད་ལྟའི་ཆོ་ག་ནི། ངེས་པ་ལྔ་དང་བྲལ་བ་སྟེ། ཡུལ་ངེས་པ། དུས་ངེས་པ། ཚེ་ངེས་པ། སེམས་ཅན་ངེས་པ། ཡན་ལག་ངེས་པ་སྟེ། དེ་ལྟར་མ་ཡིན་པའོ། །མ་ནིང་དང་། མཚམས་མེད་ལྔ་བྱས་པ་སོགས་སྡོམ་པ་སྐྱེ་བའི་བར་ཆད་ཅན། ཕ་མ་དང་རྒྱལ་པོས་མ་གནང་སོགས་དང་། ནད་པ་དང་། བྱ་རོག་སྒྲོད་མི་ནུས་པ་སོགས་བསླབ་པ་ལ་སྦྱོར་མི་ནུས་པ་དང་། ལག་སྡུམ་
(༡༨༡)སོགས་སྐྱེ་བོས་མི་དད་པ་སྨད་པར་འགྱུར་བ་མཛེས་པའི་བར་ཆད་ཅན་མིན་པ། འཇིགས་སྐྱོབས་དང་ལེགས་སྨོན་མིན་པ་ངེས་འབྱུང་གི་བློ་ཅན་ནོ། །དགེ་སློང་གི་སྡོམ་པ་དེ་འཐོབ་པར་བྱེད་པ་ལ། སྦྱོར་དངོས་རྗེས་གསུམ་ཚང་བས་འཐོབ་ལ། དེའང་མངོན་གྱུར་བཅུ་ཚང་བས་འཐོབ་པའི། ༈། མངོན་གྱུར་བཅུ་ནི། དང་པོ་སངས་རྒྱས་མངོན་གྱུར་ནི། སངས་རྒྱས་ཀྱི་སྐུ་གཟུགས་ཁྱད་འཕགས་དང་། ཆོས་མངོན་གྱུར་ནི། སྡེ་སྣོད་ཀྱི་གླེག་བམ་དང་། དགེ་འདུན་གྱི་ཐུགས་རྒྱུད་ཀྱི་ལུང་རྟོགས་ཀྱི་ཆོས་དང་ལས་ཆོག་མཚན་ཉིད་པ་དང་། དགེ་འདུན་མངོན་གྱུར་ནི། ཁ་སྐོང་གི་ཆོས་དང་ལྡན་ཞིང་། ས་ཚིགས་དང་ཆོས་ཚིགས་ཀྱིས་ཕྱེ་བའི་ཡུལ་དབུས་སུ་བཅུའི་ཚོགས་དང་། མཐའ་ཁོབ་ཏུ་ལྔ་སྡེ་ལ་མི་ཉུང་བ་དང་འདུ་བར་འོས་པ་མ་འདུས་པ་མེད་ཅིང་། འདུས་པ་ཕྱིར་མ་ལོག་པས་མི་མཐུན་པ་གཉིས་དང་བྲལ་བས་དགེ་འདུན་ཚང་བ་དང་། མཁན་པོ་མངོན་གྱུར་ནི། ཨུ་པ་དྷ་ར་ཉེ་བར་འཛིན་པ། ཨུ་པ་སིནྷ། ཉེ་བར་མཚམས་སྦྱར་བ། ཨུ་པ་ཧ་ར། ཉེ་བར་ལུང་འབོག་པའི་དོན་གྱིས་མཁན་པོ། བཙུན་པ་
(༡༨༢)དང་བརྟེན་པ་དང་། མཁས་པ་དང་། ཕན་འདོགས་ཀྱི་ཡན་ལག་གམ། བརྟན་མཁས་གཉིས་ལྡན་ཏེ། བརྟན་པའི་ཡན་ལག་ཏུ་སྡོམ་རྒྱུན་འཛིན་ནས་ལོ་བཅུ་གཉིས་ལོན་པ། མཁས་པའི་ཡན་ལག་ཏུ་ལེགས་གསུང་འདུལ་བ་ལུང་སྡེ་བཞི་སོགས་ཚིག་དོན་མཐའ་དག་ཁོང་དུ་ཆུད་པ། དེ་ལས་ཀྱང་ལས་བརྒྱ་རྩ་གཅིག་པའི་ལས་ཕྲ་རེ་རེ་བཞིན་ཐུགས་ནས་ཐོན་པ། ལག་ལེན་ལ་ཤིན་ཏུ་བྱང་བ་དགོས་པར་གསུངས། ༈། སློབ་དཔོན་གཉིས་ཏེ། གསང་ཏེ་སྟོན་པའི་སློབ་དཔོན་ནི། སྡོམ་པ་དང་ལྡན་ཞིང་བར་ཆད་རྟོག་པར་མཁས་པ། མཁན་པོས་ཚིག་གིས་གསོལ་བཏབ་ཅིང་། དགེ་འདུན་གྱི་ལས་ཀྱིས་བསྐོས་པས་ཚང་བར་གྱུར་པ་དང་། ལས་ཀྱི་སློབ་དཔོན་ནི་སྡོམ་ལྡན་དགེ་འདུན་གྱི་དབུས་སུ། ལས་ཆོག་ཚིག་ཕྱེད་ཀྱང་མ་འཁྲུལ་བརྡའ་སྤྱོད་ནུས་པ་མཁན་པོའི་ཚིག་གིས་བསྐོས་པ་དང་། བསྙེན་པར་རྫོགས་འདོད་མངོན་གྱུར་ནི། གླིང་འདིར་སྐྱེས་ནས་ལོ་ཉི་ཤུ་ལོན་པ། འོན་ཀྱང་ཕྱིས་བཅས་ལ་མངལ་གྱི་ཟླ་བཤོལ་བརྩིས་པས་ལོ་བཅོ་བརྒྱད་ལ་རུང་ཙམ་གསུངས་སོ། །སྡོམ་པ་སྔ་མས་རྒྱུད་མ་བཀག་ཤིང་དགེ་ཚུལ་ཡན་ཐོབ་
(༡༨༣)པ་མ་ཉམས་པ། བསམ་པ་མ་འཁྲུལ་ཅིང་། བརྡའ་དོན་གོ་བ། བསྙེན་པར་རྫོགས་འདོད་ཀྱི་ཀུན་སློང་དང་ལྡན་པའོ། །ཡོ་བྱེད་མངོན་གྱུར་ནི། རྒྱུ་དབྱིབས་ཁ་དོག་ཚད་ལྡན་གྱི་ཆོས་གོས་གསུམ་མཁན་པོས་བྱིན་རླབས་ཅིང་གནང་བ། ལྷུང་བཟེད་རུང་བ་དགེ་འདུན་ལ་བསྟན་ཏེ་མཁན་པོས་བྱིན་རླབས་པ་དང་། གདིང་བ་དང་ཆུ་ཚག་རུང་བ་མཁན་པོས་བྱིན་རླབས་ནས་ཡོ་བྱད་ཚང་བའོ། །ཡོངས་སུ་དག་པ་མངོན་གྱུར་ནི། འགལ་རྐྱེན་བར་ཆད་རྣམས་སྔ་ཕྱིར་དྲིས་ཏེ་མེད་པར་ལེན་གདབ་པས་ཡོངས་སུ་དག་པར་འགྱུར། དེ་ལྟར་མཁན་སློབ་དགེ་འདུན་དང་བཅས་ལ་གསོལ་བ་ཚིག་ཟུར་ལྔ་ལྡན་དུ་བཏབ་པ་ལ། དེ་རྣམས་ནི་སྦྱོར་བའི་ཆོས་སོ། ༈། དངོས་གཞི་ཆོ་ག་མཐུན་རྐྱེན་གསོལ་བ་དང་ལས་མངོན་གྱུར་ནི། དངོས་གཞིའི་སྐབས་འདིར་བསྒྲུབ་བྱ་ལ། ལེན་འདོད་ཀྱི་ཀུན་སློང་དང་། ཐོབ་ཤེས་ཀྱི་ནུས་ལྡན་དང་། མྱང་འདས་ཀྱི་བསམ་པ་བསྟེན་པོ་དང་། ངེས་པ་ལྔ་བྲལ་ཏེ་བཞི་ཚང་བས་མཐུན་རྐྱེན་ཚང་བ་ཡིན། དེ་ལྟར་མ་ཚང་ན་སྡོམ་པ་མི་སྐྱེའོ། ༈། སྡོམ་པ་ཐོབ་མཚམས་ནི། གསོལ་བཞིའི་ལས་ཞེས་པ།
(༡༨༤)གསོལ་བའི་ལས་དང་གཅིག། བརྗོད་པའི་ལས་གསུམ་གྱི་མཐར་སྡོམ་པ་སྐྱེ་བ་ཡིན་ལ། བརྗོད་པ་རེ་རེ་ལའང་དུམ་བུ་གསུམ་རེ་ཡོད་པའི། བརྗོད་པ་གསུམ་པའི་ངོ་བོ་བརྗོད་པ་དང་བྱ་བ་བརྗོད་པའི་ཐོག་མ། དེའི་སླད་དུ་ཅེས་པའི་སྐབས་སུ་སྡོམ་པ་ཐོབ་ཅིང་། དེ་ཡང་རྣམ་པ་རིག་བྱེད་མ་ཡིན་པའི་གཟུགས་སུ་སྐྱེ་བ་བྱེད་སྨྲ་འདོད་དེ། རིག་མིན་གྱི་གཟུགས་དེ་རྒྱུ་འབྱུང་བཞི་ལས་གྲུབ་པའང་ཡིན་ཏེ། དང་པོ་མཁན་སློབ་སོགས་ཀྱི་ལུས་ངག་འབྱུང་བཞིའི་རང་བཞིན་དང་། ལེན་པོ་སློབ་མའི་ལུས་ཀྱི་ཕྱག་དང་ངག་གི་བསྲུང་ངོ་སྡོམ་མོ་སོགས་རྣམ་པ་རིག་བྱེད་ཁོ་ནས་ཐོབ་པ། གསོལ་བཞིའི་ཐ་མ་དགེ་སློང་སྡོམ་པ་འཇོག་ཆོས་ཤིག་ཡོད་པ་དེ། དང་པོ་འཁོར་ལོ་བསྒྲིམ་བྱེད་སྐྱེས་བུའི་རྩོལ་བ་དེ་ལས་བྱུང་བ་དང་འདྲ་ལ། བར་དུ་འཁོར་ལོ་འདྲིལ་བ་འགོ་གཞི་ལའང་བརྟེན་པ་ལྟར། གང་ཟག་སྡོམ་པ་བསྲུང་བ་པོའི་ཕུང་ཁམས་ལ་བརྟེན་དགོས་པ་ཡིན་པ། དེས་ན་རྒྱུ་འབྱུང་བས་བསྐྱེད་པའང་ཡིན་ལ། སྡོམ་པ་དེ་ལ་ཕམ་ལྷག་སོགས་ཀྱིས་སྐྱོན་གྱིས་མ་སྨས་ན། སྡོམ་པའི་ངོ་བོ་སྐྱོན་མེད་དང་། ཕམ་ལྷག་གང་རིགས་བྱུང་ན་ཉམས་པའི་ཆོས་ཅན་ཡིན་པ་
(༡༨༥)དཔེར་ན་སྐྱེས་བུའི་ལུས་ལ་མཚོན་སོགས་ཀྱིས་སྐྱོན་བྱུང་མ་བྱུང་དང་འདྲ་སྟེ། ཕམ་པ་བྱུང་ན་མགོ་བཅད་པ་ལྟ་བུ། ལྟུང་བ་ཕྲ་མོ་བྱུང་ན་ལུས་ཀྱི་ཆ་ཤས་ལ་སྐྱོན་བྱུང་བ་དང་འདྲ་སྟེ། གཟུགས་ཀྱི་མཚན་ཉིད་ཚང་བ་ཡིན། ཐེག་ཆེན་པས་ནི། སྤྱོད་འཇུག་ལས། སྤང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ།། ཕྱིན་ཅེས་བཤད། །ཅེས་སོ། ༈། དེ་ལས་དུས་བསྒོ་བས་སྡོམ་པ་ཐོབ་པའི་དུས་བརྗོད། ལས་ཀྱི་སློབ་དཔོན་གྱིས་བསླབ་པའི་གནས་གདམས་ངག་བཅུ་གཅིག་བརྗོད་དོ། ༈། ཐོབ་པ་མི་ཉམས་པ་བསྲུང་བའི་ཚུལ་ནི། དང་པོ་བསྙེན་གནས་ཀྱི་སྡོམ་པ་ནི། སྲོག་གཅོད་པ་དང་། རྐུ་དང་། རྫུན་དང་། ལོག་གཡེམ་སྟེ་བཞི་སྤང་བ་ནི་རྩ་བ་བཞི་སྟེ། ཚུལ་ཁྲིམས་ཀྱི་ཡན་ལག་གོ། །དེ་སྟེང་ཆང་སྤང་བ་བག་ཡོད་ཀྱི་ཡན་ལག་དང་། མལ་ཆེ་མཐོ་དང་། ༡གར་སོགས་ཏེ་གླུ་དང་རོལ་མོ་དང་། ཕྲེང་བ་སོགས་ཏེ་ཁ་དོག་འཆང་བ། སྤོས་ཉུག་པ་དང་། ༢ཕྱི་དྲོའི་ཁ་ཟས་དང་གསུམ་ནི་བརྟུལ་ཞུགས་ཀྱི་ཡན་ལག་སྟེ། དེ་ལྟར་བསྙེན་གནས་ཀྱི་སྡོམ་པ་ཡན་ལག་བརྒྱད་འདི་ཉ་སྟོང་ཚེས་བརྒྱད་
(༡༨༦)དུ་བླང་བ་དུས་ཁྲིམས་དང་། ༈ཇི་སྲིད་འཚོའི་བར་གཏན་ཁྲིམས་སུ་བླངས་ན་གོ་མའི་དགེ་བསྙེན་དུ་བྱེད་པ་གནས་བརྟན་སྡེ་པའི་མན་ངག་བརྒྱུད་པ་ལས་སོ། ༈། གཉིས་པ་དགེ་བསྙེན་གྱི་སྡོམ་པ་ནི། གསོད་རྐུ་རྫུན་ལོག་གཡེམ་ཏེ་རྩ་བ་བཞི། བག་ཡོད་ཡན་ལག་གི་ཆང་སྤང་བ་ནི་གཏན་ཁྲིམས་ལྔ་སྟེ། དེ་ལྔ་ལས་སྡམ་པ་སྣ་གཅིག་བླངས་ནས་བསྲུང་ན་སྣ་གཅིག་སྤྱོད་པའི་དགེ་བསྙེན་དང་། གཉིས་སྤྱོད་ན་སྣ་འགའ་སྤྱོད་པ། གསུམ་དང་བཞི་སྤངས་ན་ཕལ་ཆེར་སྤྱོད་པ། ལྔ་ཀ་སྤྱོད་ན་ཡོངས་རྫོགས་དགེ་བསྙེན་ནོ། ༈། མི་ཚང་སྤྱོད་སྤང་ན་ཚང་སྤྱོད་དགེ་བསྙེན་ནོ། །གོ་མིའི་དགེ་བསྙེན་དང་ཚང་སྤྱོད་དགེ་བསྙེན་གཉིས་ནི་འཁྲིག་སྤྱོད་སྤང་བས་ཁྱིམ་པ་མིན་ལ། རྟགས་མེད་པས་རབ་བྱུང་དུའང་མི་བརྩིའོ། ༈། དེ་ལྟར་དགེ་བསྙེན་གྱིས་མི་དགེ་བ་བཅུ་ལས་རྩ་བ་བཞི་སྤངས་ནས་མི་དགེ་ལྷག་མ། ཕྲ་མ་དང་། ཚིག་རྩུབ་དང་། ངག་འཆལ། རྣབ་སེམས། གནོད་སེམས་ལོག་ལྟ་དྲུག་ཡང་ཕྱོགས་མཐུན་དུ་སྤངས་བྱར་གསུངས། ༈། དགེ་ཚུལ་གྱི་སྡོམ་པ་ནི། ཐོབ་པ་མི་ཉམས་པར་བསྲུང་
(༡༨༧)ཚུལ་ལྔའི། རང་གི་བསམ་པ་རྣམ་པར་དག་པས་བསྲུང་བ་ནི། རང་དགེ་ཚུལ་གྱི་འདུ་ཤེས་ཉེ་བར་བཞག་སྟེ། དྲན་ཤེས་བག་ཡོད་དོ། །ཚ་ཁྲེལ་ཡོད་ཀྱི་སྒོ་ནས་བསྲུང་ངོ། །གང་ཟག་གཞན་ལ་བརྟེན་ནས་བསྲུང་བ་ནི། གནས་ཀྱི་སློབ་དཔོན་སྤངས་བླང་གི་གནས་སྟོན་པ་ལ་བསྟེན་ནས་ཕྲན་ཚེག་མ་གཏོགས་དྲིས་ནས་སྤྱད་པས་ལྟུང་བ་མི་འབྱུང་བའོ། །བདེ་བར་གནས་པའི་རྐྱེན་བརྟེན་ནས་བསྲུང་བ་ནི། ལུས་འཚོ་རྐྱེན་གྱི་ཟས་གོས། སྨན་གནས་མལ་རྣམས་ཡིན་ལ། དེ་ཡང་མཐའ་གཉིས་ལ་སྦྱོར་བ་སྤང་སྟེ། འཇིག་རྟེན་པ་ལྟར་ཧ་ཅང་བཟང་མང་བསྒྲུབ་འདོད། འདོད་པའི་བསོད་ཉམས་ཀྱི་མཐའ་སྤངས་ཞིང་ངན་ངོན་ཉུང་ངུས་ཆོག་ཤེས་བྱའོ། །ཡངས་མུ་སྟེགས་ཁ་ཅིག་ལྟར་ཧ་ཅང་ངན་ངོན་ཁོ་ན་བསྒྲུབ་པ། ངལ་དུབ་ལ་སྦྱོར་བའི་མཐའ་སྤངས་ཞིང་། མ་ཆགས་པར་བསྟན་འགྲོར་ཕན་པའི་རྒྱུར་གྱུར་ན་བཟང་མང་ཡང་བརྟེན་རུང་བར་གསུངས་པ་ལྟར་ཤེས་པར་བྱའོ། །བསླབ་པ་ཡོངས་སྦྱོང་གི་སྒོ་ནས་བསྲུང་བ་ནི། དབྱར་གནས་དང་དགག་དབྱེ་གསོ་སྦྱོང་གསུམ་ཚུལ་བཞིན་བྱས་པས་ལྟུང་བས་ཅུང་ཟད་
(༡༨༨)གོས་ནའང་དག་པར་བྱ་བའོ། །སུམ་བརྒྱ་པ་ལས། གལ་ཏེ་མངོན་གསུམ་གསུངས་པ་མེད་གྱུར་ཀྱང་། དགག་དབྱེ་གསུངས་ཕྱིར་འདི་ནི་གསོ་སྦྱོང་ཡོད། དེ་ལས་གསོ་སྦྱོང་དོན་ནི་ཐ་དད་མིན། །ཞེས་གསུངས་སོ། ༈། ཡང་བྱ་མི་མཐུན་ཕྱོང་ངོ་ཤེས་པའི་སྒོ་ནས་བསྲུང་བ་ནི། སྲོག་གཅོད་པ་དང་། ༡རྐུ་བྱེད་པ་དང་། ༢མི་ཚང་སྤྱོད་དང་། ༣རྫུན་དང་། ༤ཆང་བཏུང་བ་དང་། ༥མལ་ཆེ་མཐོ་དང་། ༦གར་སོགས་དང་། ༧ཕྲེང་སོགས་དང་། ༨ཕྱི་དྲོའི་ཁ་ཟས་བཟའ་བ་དང་། ༩གསེར་དངུལ་ལེན་པ་རྣམས་སྤངས་པས་རག་པ་བཅུ་དྲིལ་ཞེས། ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དེ་དག་མང་བས་སྤང་མི་ནུས་སོ་སྙོམས་པའི་སེམས་ཞུམ་པ་སྤངས་ཕྱིར་གསུངས་སོ། ༈། བཅུ་པོ་དེ་སྡེ་ཚན་དུ་བསྡུ་ན་ཉེས་བྱས་གསུམ་སྟེ། ཕམ་འདྲའི་ཉེས་བྱས་དང་། བཤག་བྱའི་ཉེས་བྱས་དང་། །སྡོམ་བྱའི་ཉེས་བྱས་དང་གསུམ་མོ། ༈། སྡོམ་པ་ཀུན་ལ་རྟེན་དང་། ཡུལ་དང་། བསམ་པ་དང་། སྦྱོར་བ་དང་བཞི་ཀུན་ལ་སྦྱར་བ་ནི་ཤེས་སླའོ། ༈། ཕམ་འདྲའི་ཉེས་བྱས་ནི་བཞི་སྟེ། སྲོག་གཅོད་ཀྱི་ཕམ་འདྲ་ནི། འདུལ་བ་སུམ་བརྒྱ་པར། གང་
(༡༨༩)ཞིག་རང་བཞིན་གནས་ལ་བསླབ་བཅས་པས། མི་གཞན་ཡིན་ལ་མིར་ནི་འདུ་ཤེས་དང་། གསོད་འདོད་བསམ་པས་འཁྲུལ་མེད་གསོད་བྱས་ན། མི་ཤི་རྨི་ལམ་མ་གཏོགས་དེ་རླག་འགྱུར། ༈མ་བྱིན་ལེན་གྱི་ཕམ་འདྲ་ནི། དགེ་ཚུལ་གང་ཞིག་རྐུ་བའི་སེམས་ཀྱིས་སུ། མི་ཡི་རྫས་སུ་འདུ་ཤེས་མི་གཞན་ནོར། མ་བྱིན་རིན་ཐང་ཚང་མིས་བདག་གིར་བྱས། དུར་ཁྲོད་མི་དབང་བསོད་སྙོམས་མ་གཏོགས་པར། བསམ་པ་གང་དེ་ཉིད་སྦྱོར་གཅིག་པོ་ཡིས། བདག་གི་དོན་དུ་རྐུ་ན་དེ་གནས་དང་། དུས་ཀྱི་རིན་ཐང་དབང་གིས་དེ་བསྙིལ་བྱ། ༈མི་ཚང་སྤྱོད་ཀྱི་ཕམ་འདྲ་ནི། གང་ཞིག་འཇིགས་མེད་ངོ་ཚ་མེད་ཆགས་ཕྱིར། ཡན་ལག་ཆ་ཀུན་བཟུང་བར་བཟོད་པ་ཡི། ལམ་ནི་གཞུགས་ཏུ་རུང་དང་མ་ཉམས་པའི། པགས་པ་སྦུ་གུའི་ཁ་དང་པོ་ལས་ཕེན། ནོར་བུ་ནད་མེད་ལས་རུང་དྲུད་ན་ནི། ཆགས་པས་རེག་པའི་བདེ་རྣམས་མྱོང་དེ་ཉམས། ༈རྫུན་གྱི་ཕམ་འདྲ་ནི། གང་ཞིག་བླ་མར་བརྗོད་འོས་མི་ཆོས་ཅན། བླ་མ་ཞེས་བྱ་དེ་བདག་ལ་ཡོད་ཅེས། མི་
(༡༩༠)ལ་རྫུན་ཟེར་གཞན་གྱི་གོ་བ་ནི། མངོན་པའི་ང་རྒྱལ་མ་གཏོག་དེ་བརྙིལ་བྱ། །ཞེས་གསུངས། ༈གཉིས་པ་བཤག་བྱའི་ཉེས་བྱས་ནི། རག་པ་བཅུ་དྲིལ་གྱི་ལྷག་མ་རྣམས་དང་། བླང་འདས་སོ་དྲུག་གི་ལྷག་མ་རྣམས་དང་བཅས་པ་ཡིན་པས། ཆང་ནི་མྱོས་འགྱུར་རྩ་མཆོག་གིས་ཀྱང་བཏུང་མི་བྱ། སྦྱར་བའི་ཆང་བཅོས་ཆང་གཉིས་འདིར་བསྟན་ཏེ། གང་ཞིག་མྱོས་འདུ་ཤེས་པས་མྱོས་འཐུང་བ། འཐུང་ལ་མྱོས་པས་ཉེས་བྱས་ཉིད་ཡིན་ནོ། ། སྒོག་པ་སོགས་ཟས་དྲི་ཆེན་རྣམས་ཀྱང་མྱོས་གྱུར་གྱི་ཕྱོགས་གཏོགས་ཡིན་པས་སྤངས་དགོས། ༈གར་སོགས་ནི། བྲོ་གར་གླུ་དང་རོལ་མོའི་སྒྲ་ཡང་རུང་། བརྟུལ་ཞུགས་ཅན་གྱིས་རང་ངམ་གཞན་བྱ་མིན། འདི་ནི་འཁོར་བ་ལ་ཆགས་རྒྱུ་ཡིན་ནོ། །འོན་ཏེ་གལ་ཏེ་བྱེད་ནི་ཉེས་བྱས་འགྱུར། ༈། ཕྲེང་སོགས་ནི། གང་ཞིག་སྤོས་བྱུག་མེ་ཏོག་ཕྲེང་བ་དང་། དེ་བཞིན་མུས་མདོག་ཁ་དོག་བྱ་བ་དག། མི་གཙོང་སྣོད་ཀྱི་ལུས་ལ་འཆང་བྱེད་ན། རྨོངས་པ་དེ་ནི་ཉེས་བྱས་ཉིད་ཀྱིས་གཟིར། འདགས་ཆལ་བསྲུང་ཆེན་གོས་ལ་བདུག་
(༡༩༡)བྱེད་དང་། ༈། ལམ་ཆེ་མཐོ་ནི། མལ་ཆེན་མཐོན་པོ་དག་ལ་ཉལ་བྱེད་ན། ཉེས་བྱས་བཀྲ་མི་ཤིས་ལས་ངེས་པར་གཟིར། ཁྲུ་གང་ལས་ལྷག་ཚད་ནི་མཐོན་པོ་ཡིན། རིན་ཆེན་ལ་སོགས་རྐང་པ་ཆེན་པོ་ཡིན། ༈། ཕྱི་དྲོའི་ཁ་ཟས་ནི། རང་གླིང་སྐྱ་རིང་དང་པོ་ནས་བཟུང་ནས། ཉི་མ་ཕྱེད་མར་འདིར་ནི་དུས་ཡིན་ཏེ། དེ་ཡོལ་གོང་བཞིན་དུས་སུ་ཟ་བྱེད་ན། ཉེས་བྱས་ལྕགས་ཀྱི་གོང་བུའི་ཟས་རྣམས་ཟ། ༈། གསེར་དངུལ་ལེན་པ་ནི། གསེར་དང་དངུལ་གྱི་རྣམ་པ་ལེན་བྱེད་ན། །ཉེས་བྱས་འགྱུར་རོ་གོས་དང་རྒྱགས་ཕྱིར་རམ། །ཆོས་དང་ལྡན་པའི་ཕྱིར་ན་ཉེས་པ་མེད། །ཅེས་གསུངས་སོ། ༈། བླང་འདས་སོ་དྲུག་གི་སྡོམ་ནི། སྲོག་གཅོད་དུད་འགྲོ་འདེབས་སྤྱོད་གསོད་པ་དང་། །མ་བྱིན་ལེན་དང་མི་ཚང་སྤྱོད་དང་རྫུན། །གཞི་མེད་བག་ཙམ་དགེ་འདུན་དབྱེན་དང་ཕྱོགས། །ཁྱིམ་སུན་འབྱིན་དང་རྫུན་དང་བཤེས་ངོར་འཕྱ། །ཟས་ཅུང་ལྷག་མར་སྐུར་འདེབས་ལྷག་པ་སྤོངས། །འབྲས་ཆེན་འགེབ་དང་ཆང་འཐུང་གླུ་དང་གར། །རོལ་མོ་རྒྱན་དང་ཁ་དོག་སྤོས་བྱུག་ཕྲེང་། །ཁྲི་སྟན་ཆེ་མཐོ་ཕྱི་དྲོའི་ཁ་
(༡༩༢)ཟས་དང་། །གསེར་དངུལ་ལེན་པ་ཉམས་པ་རྣམ་གསུམ་ལ། །བླང་འདས་སོ་དྲུག་ཞེས་བྱར་བཤད་པ་ཡིན། །ཅེས་གསུངས་སོ། ༈། དགེ་ཚུལ་ལ་གནང་བའི་ཉེས་མེད་བཅུ་གསུམ་ནི། ཆོས་གོས་ལྷག་སོར་འཆང་བ། ༡ལྷུང་གཟེད་ལྷག་སོར་འཆང་། ༢ཆོས་གོས་འབྲལ་བ། ༣ས་རྐོ་བ། ༤རིན་ཆེན་རེག་པ། ༥མེ་ལ་རེག་པ། ༦སྤངས་ནས་ཟ་བ། ༧བྱིན་ལེན་མ་བྱས་པར་ཟ་བ། ༨གསོག་འཇོག་ཟ་བ། ༩ལྗོན་ཤིང་ལ་འཛེག་པ། ༡༠ཤིང་གཅོད་པ། ༡༡རྩ་སྔོན་ཁྲོད་དུ་མི་གཙང་འདོར་བ། ༡༢ས་བོན་འཇོམས་དང་བཅུ་གསུམ་མོ། བཅུ་གསུམ་པོ་མ་གཏོགས་པའི། དགེ་སློང་གི་ཁྲིམ་ཉམས་བརྒྱ་ལྔ་བཅུ་རྩ་གསུམ་དུ་གསུངས་པ་རྣམས། དགེ་ཚུལ་གྱིས་ཀྱང་ཆ་མཐུན་བསྲུང་དགོས་པར་བཞེད། ༈། དེ་རྣམས་ལུས་ངག་ཏུ་ཐོན་པར་སྤྱད་ན་བཤགས་བྱའི་ཉམས་བྱས་སུ་འགྱུར་རོ། ༈། གསུམ་པ་སྡོམ་བྱའི་ཉེས་བྱས་ནི། ཕམ་འདྲ་དང་བཤགས་བྱའི་ཉེས་བྱས་དེ་རྣམས་ལུས་ངག་ཏུ་མ་ཐོན་པར་ཡིད་ལ་གསལ་པོར་འཇུག་པ་རྣམས་ཡིན་ལ། ༈དེ་དག་བཤགས་ཡུལ་ལ་མི་ལྟོས་པར་ཡིད་ཀྱིས་སྡོམ་པས་འདགས་པར་བཤད་
(༡༩༣)པ་ན། བསྡོམ་བྱའི་ཉེས་བྱས་ཞེས་བྱའོ། ༈། གཞན་ཡང་བཤགས་བྱའི་ཉེས་བྱས་ཀྱི་གྲལ་གྱུར་པ། ཉམས་པ་གསུམ་ནི། ཁྱིམ་པའི་རྟགས་སྤངས་ངོ་ཞེས་ཁས་བླང་བ་ལས་ཉམས་ཏེ། གོས་སྦུ་གུ་ཅན་གྱོན་པ་སོགས་དང་། རབ་བྱུང་གི་རྟགས་ཡང་དག་པར་ལེན་ནོ་ཞེས་ཁས་བླངས་པ་ལས་ཉམས་ཏེ། ཆོས་གོས་སོགས་མི་བརྟེན་པ་དང་། མཁན་སོར་གསོལ་བ་བཏབ་པ་ལས་ཉམས་ཏེ་མཁན་པོར་མི་གུས་པ་དང་གསུམ་མོ། ༈། གལ་ཏེ་ཉམས་ན་ཕྱིས་བཅོས་ནི། ཕམ་འདྲ་འཆབ་བཅས་བྱུང་ན་ཐེག་དམན་ལུགས་ལ་བཅོས་སུ་མེད། འཆབ་མེད་བྱུང་ན། དགེ་ཚུལ་རྣམས་ཀྱི་གྲལ་མཇུག་བཞག་ནས། དགེ་འདུན་ལས། ཆད་པའི་ལས་ཇི་ལྟར་བཞེད་པ་ཁས་བླངས་ནས་མགུ་བར་སྒྲུབ་པས་རང་གི་འབྲས་བུ་མཆོག་ཐོབ་པའམ། སྡིག་པ་དག་པའི་རྟགས་མཐོང་བ་དང་། དགེ་འདུན་གྱིས་གནང་བ་ཚུལ་ལྡན་ཐོབ་པ་སོགས་བྱུང་ན། སྡོམ་རོ་ཕུལ་ནས། སླར་བླངས་པས་སོར་ཆུད་དོ། །འབྲས་བུ་མཆོག་དང་། གནང་བ་མ་ཐོབ་ན་ཇི་སྲིད་འཚོ་བར་ཆད་ལས་བྱ་དགོས་པར་བཤད། བཤགས་
(༡༩༤)བྱའི་ཉེས་བྱས་བྱུང་ན། འཆབ་བཅས་ལ། བཤགས་པ་འཆབ་ཡུན་དང་བསྟུན། འཆབ་མེད་ལ་ཡུལ་དག་པའི་མདུན་དུ་ལྟུང་བ་རང་མིན་ནས་བཤགས་པ་ཡིན། བསྡོམ་བྱའི་ཉེས་བྱས་ལ། ཉེས་པ་ཉེས་པར་ཤེས་པས་ཕྱིན་ཆད་སྡོམ་སེམས་བརྟན་པོར་བྱའོ། ༈། དགེ་སློབ་མའི་བསླབ་པ་ནི། དགེ་ཚུལ་གྱི་བསླབ་པ་རགས་པ་བཅུ་དྲིལ་སྟེང་། ༈། རྩ་བའི་ཆོས་དྲུག་ནི། གཅིག་པུར་ལམ་དུ་འགྲོ་བ་དང་། ཆུ་ལ་སྐྱལ་བྱེད་པ་དང་། སྐྱེས་པ་ལ་རེག་པ་དང་། སྐྱེས་པ་དང་ལྷན་ཅིག་འདུག་པ་དང་། སྨྱན་བྱ་བ་དང་། ཉེས་པ་འཆབ་པ་དང་དྲུག་གོ། ༈། རྗེས་མཐུན་གྱི་བསླབ་བྱ་དྲུག་ནི། གསེར་བཟུང་བ་དང་། འདོམ་སྤུ་འདྲེག་པ་དང་། ས་སྐོ་དང་། བྱིན་ལེན་མེད་པར་ཟ་བ་དང་། གསོག་འཇོག་བྱས་པ་བཟའ་བ་དང་། རྩ་སྔོ་མི་གཅོད་པ་དང་དྲུག་གོ། ༈། དགེ་སློང་ལ་དབྱེ་ན། མདོ་དྲན་པ་ཉེར་བཞག་ལས། དགེ་བ་སློང་དང་ཟས་སློང་དང་། ཉེ་བར་ཞི་དང་ཆགས་པ་སྤོངས། ལེགས་འཚོ་ལམ་ཞུགས་ཡིད་འོང་བ། ཞེས་དགེ་སློང་བདུན་དུ་གསུངས་སོ། ༢ཡང་ན་དགེ་སློང་ལྔ་སྟེ། ཁས་འཆེ་བའི་དགེ་སློང་དང་། མིང་གི་དགེ་
(༡༩༥)སློང་དང་། སློང་བའི་ཕྱིར་དགེ་སློང་དང་། དོན་གྱི་དགེ་སློང་དང་། ཆོས་འདིའི་དགེ་སློང་དང་ལྔ་ལས། འདིར་ནི་ཆོས་འདིའི་གསོལ་གཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་དགེ་སློང་ངོ། ༈། དགེ་སློང་གི་སྡོམ།། །པ་ཐོབ་ནས། ལྟུང་བ་འབྱུང་བའི་སྒ་བཞི་བཅད་ནས་སྡོམ་པ་དེ་མི་ཉམས་པར་བསྲུང་བ་ལྔ་ཡོད་པ་ལས། ༈། དང་པོ་རང་གི་བསམ་པ་རྣམ་པར་དག་པའི་སྒོ་ནས་བསྲུང་བ་ནི། རང་ཉིད་ལ་རྟེན་དགེ་སློང་གི་འདུ་ཤེས་ཉེ་བར་བཞག་ནས་དྲན་པ་དང་ཤེས་བཞིན་དང་ངོ་ཚ་དང་ཁྲེལ་ཡོད་པ་ཡོད་པའི་སྒ་ནས་བསྲུང་བའོ། ༈། གཉིས་པ་གང་ཟག་གཞན་ལ་བརྟེན་ནས་བསྲུང་བ་ནི། བསྙེན་པར་རྫོགས་མ་ཐག་རང་གི་མཁན་པོའམ། དེ་ལྟ་བུའི་གནས་བརྟན་མཁས་ཤིང་བརྩེ་བ་ཅན་ལ། རང་ཉིད་གང་ཟག་རང་དབང་ཅན་དུ་མ་གྱུར་བར་དུ་བསྟེན་ནས་བསྲུང་བར་བྱའོ། །དེ་ནས་སོ་ཐར་གནོད་པ་དང་། བཀླག་པ་དང་། ཐོན་པ་སོགས་ལྔ་ཕྲུག་གང་རུང་དང་ལྡན་པ་ན་གཞན་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པ་ཡང་བྱ་བ་སོགས་བྱ། དེ་ལྟ་བུ་མེད་ན་བསྙེན་པར་རྫོགས་ནས་ལོ་དྲུག་ཅུ་ལོན།
(༡༩༦)ཡང་གནས་བརྟེན་བྱིས་པ་ཅེས་བྱ་བ་ཡིན་པས་གཞན་ལ་བརྟེན་པར་བྱ། རྒན་པ་མེད་ན་རང་ལས་གཞོན་པ་ལ་བརྟེན་པར་བྱས་ནས་བསྲུང་ངོ། ༈། གསུམ་པ་མི་མཐུན་པའི་ཕྱོགས་ངོ་ཤེས་པའི་སྒོ་ནས་བསྲུང་བ་ནི། ༈། ལྟུང་བ་སྡེ་ལྔ་ཞེས་པ་ནི། སྡོམ་པ་གཅོད་པར་བྱེད་པ་ཕམ་པའི་སྡེ་དང་། སྡོམ་པའི་ལྷག་མ་ཙམ་ལུས་པས་གསོ་བ་དགེ་འདུན་ལ་རགས་ལས་པ་དགེ་འདུན་ལྷག་མའི་སྡེ་དང་། ལྟུང་བར་བྱེད་པ་ལྟུང་བྱེད་ཀྱི་སྡེ་དང་། སོ་སོར་བཤགས་པར་བྱའི་སྡེ་དང་། བསླབ་པར་བྱ་བ་ཉེས་བྱས་ཀྱི་སྡེ་དང་ལྔའོ། །རྐང་གྲངས་སུ་བགྲངས་ན་ཁྲིམས་ཉིས་བརྒྱ་དང་ལྔ་བཅུ་རྩ་གསུམ་མོ། །འདི་དག་གི་གོ་རིམ་ནི། གཙོ་ཆེ་བ་ལྕི་ཡང་གི་གོ་རིམ་ཡིན་ལ། གླིང་གཞིའི་གོ་རིམ་ཡང་ཡིན་ནོ། ༈། འདིར་གླིང་གཞི་རྣམས་ནི་མང་གི་དོག།། །པས་མ་བྲིས་སོ། །ཕམ་པ་སོགས་རྣམས་ལ། གཞི་བསམ་སྦྱོར་བ་མཐར་ཐུག་བཞི་ཚང་བས་དངོས་གཞིར་འགྱུར་བ་ཀུན་ལ་ཤེས་དགོས་སོ། ༈། སྡེ་ཚན་དང་པོ་ཕལ་པ་བཞི་ཡི། མི་ཚང་སྤྱོད་ཀྱི་ཕམ་པ་ནི། རྟེན་དགེ་སློང་གིས། ཡུལ་རང་ལས་ཐ་དད་པའི་སྐྱེས་པའམ། བུད་མེད་
(༡༩༧)དམ། མ་ནི་ངམ། ཐ་ན་དུད་འགྲོར་ཡང་རུང་བའི་སྨ་ཡི་སྒོ་གསུམ་མ་ཉམས་པ་གང་ཡང་རུང་བར་བསམ་པ་འདུ་ཤེས་མ་འཁྲུལ་པ་དང་། ཀུན་སློང་འཁྲིག་འདོད་ཀྱི་བློ་ཡོད་པ། སྦྱོར་བ་འཁྲིག་པ་མཐར་ཕྱིན་པའི་སིམ་པ་ཐོབ་པའོ། །ཕྱིས་བཅས་ལ། མཐར་ཐུག་རྨ་ཡི་སྒོ་གསུམ་གང་ཡང་རུང་བའི་པགས་པའི་རིམ་པ་དང་པོ་འདས་པའོ། ༈། གཉིས་པ་རྐུ་བའི་ཕམ་པ་ནི། གཞི་གཞན་གྱི་ནོར་ལ། བསམ་པ་འདུ་ཤེས་མ་འཁྲུལ་པ། ཀུན་སློང་རང་གིས་ཐོབ་འདོད། དངོས་པོ་རིན་ཐང་ཚང་བ་ནི། རྒྱ་གར་དུ་ཀརྵ་པ་ཎིའི་བཞི་ཆ་སྟེ། བོད་དུ་ནས་ཁལ་ཕྱེད་ཡན་སྦྱོར་བ་བརྐུས་ནས། མཐར་ཐུག་རང་གིས་སམ། གཞན་ལ་རྐུ་བཅུག་ནས་རང་གིས་ཐོབ་པའོ། ༈། གསུམ་པ་སྲོག་གཅོད་པའི་ཕམ་པའི་གཞི་ནི། མིའམ་མིག་ཆགས་པ། བསམ་པ་མ་འཁྲུལ་པ། གསོད་སེམས་ཀྱིས་སྦྱོར་བ་རང་གི་ལག་བར་ཏེ་གསོད་པའམ། མཚོན་དུག་སོགས་ཀྱི་གསོད་བཅུག་པ། གསོད་པ་ལ་སྔགས་པ་བརྗོད་པ། མཐར་ཐུག་མི་དེ་རང་ལས་སྔོན་དུ་ཤི་བའོ། མཛོད་ལས། དམག་ལ་སོགས་པ་དོན་གཅིག་ཕྱིར། ཐམས་ཅད་བྱེད་པ་པོ་བཞིན་ལྡན། ཅེས་
(༡༩༨)མང་པོ་བགྲོས་ནས་གཅིག་གིས་བསད་ཀྱང་ཀུན་ལ་ཕམ་པ་འབྱུང་ངོ། ༈། བཞི་པ་རྫུན་དུ་སྨྲ་བའི་ཕམ་པ་ནི། གཞི་སྨྲ་ཤེས་དོན་གོ་བའི་མི་ལ། བསམ་པའི་ཀུན་སློང་ནི། རང་ལ་ཡོན་ཏན་མེད་བཞིན་དུ་ཕྲོལ་འདུ་ཤེས་བསྒྱུར་འདོད་ཀྱི་བློས། སྦྱོར་བ་ནི་མི་གཞན་ལ་མེད་པའི་ཡོན་ཏན། མི་ཆོས་བླ་མའི་རྫུན། འཇིག་རྟེན་པའི་ལྷ་སོགས་མ་མཐོང་ཡང་མཐོང་བ་སྐད་དང་། འཇིག་རྟེན་ལས་འདས་པའི་དགྲ་བཅོམ་པ་སོགས་མ་ཐོབ་ཀྱང་ཐོབ་སྐད། མངོན་པར་ཤེས་པ་མེད་ཀྱང་ཡོད་སྐད་སྨྲས་པ་དེ། ཕ་རོལ་གྱིས་བདེན་པར་བཟུང་རུང་མ་བཟུང་ཡང་རུང་ཐོས་པའོ། ༈། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་ནི། ༈ཁུ་བ་འབྱིན་པའི་ལྷག་མ་ནི། ཡུལ་རང་ངམ་གཞན་གྱི་རྨ་ཡི་སྒོ་གསུམ་ལས་གཞན་པའི་ཡན་ལག་སོགས་གང་ཡང་རུང་བར། བསམ་པ་ཁུ་བ་འབྱིན་པའི་བློས། སྦྱོར་བ་བརྩམ་པ་མཐར་ཐུག་བདེ་བ་མྱོང་ཞིང་ཁུ་བ་དབང་པོའི་ཕྱི་རོལ་དུ་འཕོས་པའོ། ། ཕྱི་མ་འཕོས་ན་ལྷག་མའི་སྦམ་པོར་འགྱུར་རོ། ༈། གཉིས་པ་ཆགས་པས་བུད་མེད་ཀྱི་ལུས་ལ་འཛིན་པའི་ལྷག་མ་ནི། ཡུལ་བུད་མེད་ལ། བསམ་པའི་བློས་ཀུན་སློང་རེག་པའི་བདེ་བ་དོན་གཉེར་གྱིས། སྦྱོར་བ་བུད་མེད་
(༡༩༩)ཀྱི་ལུས་སམ་ཡན་ལག་ལེན་བུ་སོགས་ལ་རེག་པ། མཐར་ཐུག་བདེ་བ་མྱོང་ནའོ། ༈། གསུམ་པ་འཁྲིག་ཚིག་སྨྲ་བའི་ལྷག་མ་ནི། ཡུལ་བུད་མེད་ཀྱི་ལུས་རྟེན་དོན་བྱེད་ནུས་པར། བསམ་པའི་ཀུན་སློང་འཁྲིག་ཚིག་གི་བདེ་བ་དོན་གཉེར་གྱིས། སྦྱོར་བ་འཁྲིག་ཚིག་སྐྱེས་བུས་ན་ཆུང་བུ་མོ་ལ་སྨྲ་བ་ལྟར། མཐར་ཐུག་ཡུལ་དེས་གསལ་པོར་གོ་བའོ། ༈། བཞི་པ་བསྙེན་བསྐུར་གྱི་དགེ་འདུན་ལྷག་མ་ནི། ཡུལ་བུད་མེད་བརྡའ་དོན་གོ་བ་ལ། བསམ་པའི་ཀུན་སློང་འཁྲིག་པའི་བསྙེན་བསྐུར་འདོད་བློས། སྦྱོར་བ་བདག་ལྟ་བུ་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་ལ་འཁྲིགས་པའི་བསྙེན་བསྐུར་བྱས་ན་བསྙེན་བསྐུར་གྱི་མཆོག་ཡིན་ནོ་སྨྲས་པ་ལྟ་བུ། མཐར་ཐུག་དེས་གོ་ནའོ། ༈། ལྔ་པ། སྨྱན་གྱི་དགེ་འདུན་ལྷག་མ་ནི། ཡུལ་སྐྱེས་པ་དང་། བུད་མེད་སྨྱན་བྱ་རུང་བར། བསམ་པ་སྨྱན་བྱ་བར་འདོད་པས། སྦྱོར་བ་ཕན་ཚུན་གཏན་ཁྱོའམ། ཆུང་མའམ། འཛའ་བོ་མཛའ་མོར་སྨྱན་བྱད་པའི་ཕྲེང་སྐྱེལ་བས། མཐར་ཐུག་དེ་གཉིས་ཐང་འགའ་འཕྲད་ནའོ། ༈། དྲུག་པ་ཁང་པའི་དགེ་འདུན་ལྷག་མ་ནི། གཞི་མི་རུང་བ་གསུམ་ལྡན་ཏེ།
(༢༠༠)གཞི་མ་དག་པ་སྲོག་ཆགས་མང་བ་ལྟ་བུ། གནས་མ་དག་པ་གཞན་དང་རྩོད་པ་འབྱུང་བའི་ས་གཞི། མི་རུང་བའི་གཞི་འཇིག་རྟེན་པའི་རྐྱེན་ཉེ་བར་རྩལ་དུ་མི་རུང་བའི་ས་གཞིར། བསམ་པ་གཞི་དེ་མི་རུང་བར་ཤེས་བཞིན་དུ། གང་ཟག་སྟེ་གསུམ་ཚུན་ཆད་རང་དོན་དུ་བརྩེགས་འདོད་པས། སྦྱོར་བ་བཞི་ཡན་ཆད་ཀྱི་དགེ་འདུན་ལ་མ་ཞུས་པའམ། ཞུས་ཀྱང་གཞི་ལྟ་བར་བཀོས་པའི་དགེ་སློང་ལ་མི་སྟོན་པར་ཁང་པ་བརྩེགས་པའོ། །མཐར་ཐུག་ནི་ཁང་པ་གྲུབ་ནའོ། །ཚད་ལས་འདས་པར་གྲུབ་ན་དེ་བས་ཀྱང་ཉེས་པའོ། །ཚད་ནི་སྲིད་དུ་ཁྲུ་བཅོ་བརྒྱད། ཞེང་དུ་ཁྲུ་བཅུ་གཅིག་གོ། ༈། བདུན་པ་ཁང་ཆེན་གྱི་དགེ་འདུན་ལྷག་མ་ནི། ཡུལ་མི་རུང་བ་གསུམ་ལྡན་དུ། བསམ་པ་མི་རུང་བ་ཤེས་བཞིན་དུ། བདག་པོ་ཡོད་པ་སྟེ་སྦྱིན་བདག་ལྟ་བུ་གཞན་གྱིས་རྒྱུ་དང་རྩིག་མཁན་བྱས་ནས་དགེ་འདུན་གྱི་ཁང་ཆེན་བརྩེགས་འདོད་པ། སྦྱོར་བ་བདག་པོ་ཡོད་པ་དགེ་འདུན་གྱི་ཕྱིར་ཁང་པ་བརྩེགས་པའོ། །མཐར་ཐུག་གྲུབ་ནའོ། ༣དེའང་དྲུག་སྡེས་རྒྱལ་པོ་ལས་བསློང་ཏེ་བྲམ་ཟེས་བདག་ཏུ་བཟུང་བའི་ཤིང་བཅད་དེ་དགེ་འདུན་གྱི་ཁང་ཆེན་བརྩེགས་པ་ལས་བཅས་པ་ལྟ་བུའོ། ༈། བརྒྱད་པ་
(༢༠༡)གཞི་མེད་ཕམ་པའི་སྐུར་གདབ་ཀྱི་དགེ་འདུན་ལྷག་མ་ནི། ཡུལ་དགེ་སློང་ལ་ཕམ་པ་བཞི་གང་ཡང་རུང་བའི་ལྟུང་བ་མཐོང་ཐོས་དགེ་གསུམ་གྱི་གཞི་མེད་པ་ལ་བསམ་པའི་ཀུན་སློང་དགེ་སློང་དེ་ལ་སྡང་སེམས་ཀྱིས་སྐུར་གདབ་འདོད་པས། སྦྱོར་བ་སྨྲ་ཤེས་དོན་གོ་བའི་མི་གང་ཡང་རུང་བ་ཞིག་ལ། དགེ་སློང་འདི་ལ་ཕམ་པ་བཞི་ལས་གང་ཡང་རུང་བ་འདི་ལྟ་བུ་བྱུང་ངོ། །ཞེས་རང་གིས་བརྗོད་པའམ། གཞན་ལ་བརྗོད་བཅུག་ནས། མཐར་ཐུག་ཕ་རོལ་གྱིས་དོན་གོ་བའི་ཚེ་ནའོ། ༈། དགུ་པ་བག་རྩམ་གྱི་དགེ་འདུན་ལྷག་མ་ནི། གླེང་གཞི་ནི། དགེ་སློང་གྱད་བུ་ནོར་གྱིས། དགེ་སློང་མ་ཨུཏྤལའི་མདོག་ལ་ཆོས་བསྟན་པའི་ཚེ་ཆོས་གོས་ཀྱི་སྣེ་རླུང་གིས་བསྐྱོད་པ་དང་། དེའི་ཉེ་འཁོར་ན་རི་དྭགས་ཆགས་པ་སྤྱོད་པ་མཛའ་བོ་དང་། ས་ལས་སྐྱེས་གཉིས་ཀྱིས་མཐོང་བའི་བག་ཙམ་ལ་བརྟེན་ནས། ཚེ་དང་ལྡན་པ་གྱད་བུ་ནོར་ཡང་མཐོང་ངོ། །དགེ་སློང་མ་ཨུཏྤལའི་མདོག་ཡང་མཐོང་ངོ། མི་ཚང་སྤྱོད་པའང་མཐོང་ཞེས་སྨྲས་པ་ལྟ་བུ་སྟེ། གཞི་དགེ་སློང་ལ་ཕམ་པ་བྱུང་བ་རང་གིས་མ་ངེས་ཀྱང་། བསམ་པའི་ཀུན་སློང་དགེ་སློང་དེ་ལ་སྡང་སེམས་ཀྱིས་བག་ཙམ་ལ་བརྟེན་ནས་ཕམ་པ་བྱུང་ངོ་ཞེས་སྐུར་པ་
(༢༠༢)གདབ་འདོད་ཀྱི་བློའོ། །སྦྱོར་བ་ནི། མི་དོན་གོ་བ་ཞིག་ལ་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་གྱད་བུ་ནོར་ལ་བསྐུར་བ་བཏབ་པ་བཞིན་དུ་སྨྲས་པའོ། །མཐར་ཐུག་ནི་དེས་གོ་བའོ། ༈། བཅུ་པ་དབྱེན་གྱི་དགེ་འདུན་ལྷག་མ་ནི། ཡུལ་རང་ཉིད་མ་གཏོགས་པའི་དགེ་སློང་བཞི་ཡན་ཆད་ལ། བསམ་པའི་ཀུན་སློང་དགེ་འདུན་མཐུན་པ་དབྱེ་བར་འདོད་པས། སྦྱོར་བ་ཐབས་དུ་མའི་སྒོ་ནས་དབྱེ་བར་བྱེད་པའོ། །མཐར་ཐུག་ནི། དགེ་འདུན་དེ་རྣམས་ཀྱིས་བར་གོ་ནས་དེ་ལ་ཁྱོད་ཀྱིས་འདི་ལྟར་དགེ་འདུན་དབྱེན་མ་བྱེད་ཅེས་གཞོམ་སྟེ་བསྒོ་བ་ཞེས་ཚིག་འཇམ་པོར་ལབ་ནས་བསྒོ་བ་ལན་གསུམ་གྱི་བར་དུ་བྱའོ། །དེ་ལྟར་ལེན་གསུམ་དུ་བསྒོས་ཀྱང་མི་བཏང་ན་མཐར་ཐུག་གོ །ལེན་གཅིག་གམ་གཉིས་ཀྱིས་བསྒོ་བས་བཏང་ན་དབྱེན་གྱི་སྦྱོར་བའི་སྦོམ་པོའོ། ༈། བཅུ་གཅིག་པ། དབྱེན་དེར་ཕྱོགས་པའི་ལྷག་མ་ནི། དབྱེན་བྱེད་པ་དེ་ལ་ཕྱོགས་ཏེ་དེའི་གྲོགས་བྱེད་པའོ། ༈། བཅུ་གཉིས་པ་ཁྱིམ་སུན་འབྱིན་པའི་ལྷག་མ་ནི། དགེ་སློང་དམར་སེར་ཅན་དང་། ནམ་པོ་འགྲོ་མགྱོགས་གསུམ་གྱིས་རེ་ལྡེ་ཅན་གྱི་གྲོང་དུ། ཆང་བཏུང་ཞིང་འཕྱང་བ་ལ་སོགས་པ་བྱས་ནས་ཁྱིམ་པ་རྣམས་སུན་འབྱིན་
(༢༠༣)པར་བྱས་ནས་བཅས་པ་ལྟར། དགེ་སློང་གིས་གྲོང་དུ་སོང་ནས་ཁྱིམ་པ་སུན་འབྱིན་པ་ན། དེ་དགེ་སློང་གཞན་དག་གིས་མཐོང་ནས། ཚེ་དང་ལྡན་པ་དག་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་འདི་ལྟ་བུ་མཐོང་བས། ཁྱེད་འདི་ན་མ་སྡོད་པར་གནས་གཞན་དུ་སོང་ཞེས་བསྒོ་ན་ཁྱིམ་སུན་འབྱིན་མཁན་དེ་དག་གིས། དགེ་སློང་རྣམས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་ནི་འདུན་པས་འགྲོ། ཁ་ཅིག་ནི་ཞེ་སྡང་གི་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ། དེ་ལྟར་ཐམས་ཅད་ལྟུང་བ་འདྲ་བ་ལས། ཁྱེད་ཅག་གིས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་ཅེས། དགེ་སློང་ལྟུང་བ་དག་པ་ལ་སྐུར་བ་འདེབས་ནས་མི་ཉན་པ་ལྟ་བུ་སྟེ། ཡུལ་ནི་རང་སྐྲོད་པར་བྱེད་པའི་ལྟུང་བ་དག་པ་རྣམས་སོ། །བསམ་པ་ནི་སྐུར་པ་གདབ་འདོད་པའོ། །སྦྱོར་བ་ནི། ཁ་ཅིག་སོགས་སྐུར་པ་གདབ་པའོ། །མཐར་ཐུག་ནི་ཁྱེད་རྣམས་དེ་ལྟར་མ་ཟེར་ཅིག། ཞེས་འཇམ་པའི་ཚིག་གིས་གཞོམ་བསྒོ་ལན་གཉིས་ལན་གསུམ་གྱི་བར་དུ་བྱས་ཀྱང་མི་བཏང་ནའོ། ༈། བཅུ་གསུམ་པ་དཀའ་
(༢༠༤)བློ་མི་བདེ་བའི་དགེ་འདུན་ལྷག་མ་ནི། དགེ་སློང་ལ་ལྟུང་བ་གང་རུང་བ་ཞིག་བྱུང་ན། དགེ་སློང་གཞན་རྣམས་ཀྱིས་དེ་ལྟུང་བ་ལས་བློང་བའི་ཕྱིར། ལྟུང་བ་འབྱུང་བ་དེ་གླེང་བ་ན། དེས་དགེ་སློང་ལྟུང་བ་གླེང་བ་དེ་དག་ལ། འདི་ལྟར་ཚེ་དང་ལྡན་པ་དག། ཁྱད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་། བདག་ལ་ཅི་ཡང་མ་སྨྲ་ཞིག། བདག་ཀྱང་དགེ་ཡང་རུང་སྡིག་ཀྱང་རུང་ཚེ་དང་ལྡན་དག་ལ་ཅི་ཡང་མི་སྨྲའོ། །ཚེ་དང་ལྡན་པ་དག་གིས་བདག་ལ་ཅི་ཡང་མ་སྨྲ་ཞིག། ཁྱད་ཅག་ལའང་བདག་གིས་སྨྲ་བ་ཅི་ཞིག་བྱ། ཞེས་པ་ལྟ་བུའོ། །དེ་ལ་ཡུལ་ནི་རང་ལ་ལྟུང་བ་གླེང་བ་པོ་དེའོ། །ཀུན་སློང་ནི་བཀའ་བློ་མི་བདེ་བ་བྱེད་འདོད། སྦྱོར་བ་ནི་ངད་ཅག་ཕན་ཚུན་མི་སྨྲ་ཞེས་པ་ལྟ་བུའོ། །མཐར་ཐུག་ནི་གཞོམ་སྒོ་ལན་གསུམ་ཚུན་མ་བཏང་བའོ། ༈། དེ་ལྟར་བཅུ་གསུམ་ལས། རྟིང་མ་བཞི་པོ་འདི་ལ་སྒོ་བསྒྱུར་གྱི་ལྟུང་ཞེས་བྱ་སྟེ་ལན་གསུམ་བསྒོས་པའི་མཐར་འབྱུང་ལ་དང་པོ་ཉིད་ནས་མི་རྫོགས་སོ། ༈། ལྷག་མ་བཅུ་གསུམ་ལས་གང་རུང་བྱུང་ན། འཆབ་བཅས་ལ་སྤོ་སྤྱོད་བྱ་སྟེ། འཆབ་སེམས་ཞག་དུ་སོང་གི་ཚད་ཀྱི་ཞག་གྲངས་ལ་སྤོ་སྤྱོད་དགོས། སྤོ་སྤྱོད་ནི། དགེ་སློང་
(༢༠༥)ཀུན་གྱི་གྲལ་མཐར་སྤོ་ལ་སྡོད་བཅུག་གོ །དེ་བར་ལྟུང་བ་བྱུང་ནའང་། སྤོ་སྤྱོད་བསྐྱལ་ལོ། །དེ་ནས་མགུ་སྤྱོད་ཞག་དྲུག་སྤྱོད་པར་བྱའོ། །ལྟུང་བ་འཆབ་སེམས་མེད་ན། སྤྱོ་སྤྱོད་མི་དགོས་མགུ་སྤྱོད་ཞག་དྲུག་བྱ་སྟེ། མགུ་སྤྱོད་ནི། དགེ་འདུན་རྣམས་མགུ་བའི་སྤྱོད་པ། དགེ་འདུན་རྣམས་ཀྱི་གཤང་གཅི་དགབ་པ་སོགས་དཀའ་བའི་ཞབས་ཏོག་དགེ་ཚུལ་དང་ཐུན་མོང་བྱའོ། །དེ་བར་རིགས་འདྲའི་ལྟུང་བ་བྱུང་ན་སླར་ཡང་བསྐྱལ་དགོས། མ་བྱུང་ན་བྱུང་བ་སྤྱོད་པ་བྱ་སྟེ། དེའང་དགེ་སློང་ཉི་ཤུའི་དབུས་སུ། ལྟུང་བ་བྱུང་བའི་དགེ་སློང་དེ་རྩ་བཀམ་པ་ལྟ་བུ་འདུག། དེ་ལ་ཉམས་པའི་ཉེས་པས་མང་། །སླར་བཤོགས་ཤིང་། སོར་ཆུད་པ་ལ་བསྔགས་པ་བརྗོད་དེ། ཤུལ་དེ་ཉིད་དུ་ལྟུང་བ་དབྱུང་བའོ། ༈། མ་ངེས་པའི་ཆོས་གཉིས་ནི། དང་པོ་ཕམ་ལྷག་གང་བྱུང་མ་ངེས་པ་ནི། ཡུལ་ནི་མིའི་བུད་མེད་ལུས་རྟེན་དོན་བྱེད་ནུས་པ། ཀུན་སློང་ནི་དབེན་པར་སྐྱབས་ཡོད་ཉིད་དུ་ཤེས་བཞིན་དུ་དེར་གནས་པར་འདོད་པའོ། །སྦྱོར་བ་ནི་གནས་དེ་ན་མི་གཞིན་གྱིས་དབེན་པ། འཁོར་ཡུག་ཏུ་བསྐོར་བའི་སྐྱབས་སབ་མོ་ཡོལ་བ་སྟེང་ཕུབ། མུན་པ་འཁོར་ཡུག་གི་སྐྱབས་ལྔ་པོ་གང་རུང་
(༢༠༦)གི་བསྐོར་བ་དེར་ཉེ་བ་པུས་མོ་རེག་པ་ཕམ་པ་བྱུང་བར་དགོགས་པ་ཙམ་དུ་འདུག་ནས་ཆོས་དང་ཆོས་མ་ཡིན་པ་སྟོན་པར་བྱེད་པའོ། །མཐར་ཐུག་ནི་རང་བཞིན་གྱི་ཁ་ན་མ་ཐོ་བའི་དབང་དུ་བྱས་ན་དེའི་མི་དགེ་བ་རྫོགས་པ་དེ་ཀས་རྫོགས་པ་ཡིན་ཡང་། བཅས་པའི་དབང་དུ་བྱས་ནས་སྟོན་པས་གསུང་པའི་མ་ངེས་པར་འཇོག་ལ། དགེ་བསྙེན་མ་ལྟ་བུ་ཡིད་ཆེས་པའི་ཚིག་དང་ལྡན་པ་དེས་ཕམ་པའི་ལྷག་མའམ་ལྟུང་བྱེད་གང་གི་སྒོད་ནས་ལྟུང་བ་བརྗོད་པ་ན་རྫོགས་ཏེ་ཕམ་པ་སོགས་གང་ཡང་རུང་བ་དེའི་ཆད་ལས་བྱ་དགོས་སོ། ༈། གཉིས་པ་ལྷག་མ་དང་ལྟུང་བྱེད་གང་བྱུང་མ་ངེས་པ་ནི། ཡུལ་ནི་བུད་མེད་དོན་བྱེད་ནུས་ཀུན་སློང་ནི། དབེན་པར་སྐྱབས་ཡོད་དུ་ཤེས་བཞིན་དུ་དེར་ལྷན་ཅིག་གནས་འདོད་པ་དང་། སྦྱོར་བ་འཁོར་ཡུག་ཏུ་བསྐོར་བ་སོགས་སྐྱབས་ཡོད་པའི་དབེན་པ་དེར། ཕན་ཚུན་ལ་འདམ་གང་ཙམ་ཕམ་པ་མ་བྱུང་ངེས་པར་གནས་ནས། ཆོས་དང་ཆོས་མ་ཡིན་པ་སྟོན་པ་ལྟ་བུའོ། །མཐར་ཐུག་ནི། གོང་བཞིན་དགེ་བསྙེན་མ་དེའི་ཚིག་ལ་དཔགས་པའི་ལྷག་མ་དང་ལྟུང་བྱེད་གང་ཡང་རུང་བ་ལས་འདི་བྱུང་ངོ་ཞེས་པའི་ཚེ་དེའི་ཆད་ལས་བྱ་དགོས་སོ། ༈། ལྟུང་བྱེད་བརྒྱ་
(༢༠༧)དང་ཉི་ཤུ་ལས། ཁྱད་པར་སྤང་ལྟུང་སུམ་བཅུ་ལ། བཅུ་ཚན་གསུམ་གྱིས། བཅུ་ཚན་དང་པོ་ནི། ༈ཆོས་གོས་ལྷག་པོ། འཆང་བའི་ལྟུང་བྱེད་ནི། ཡུལ་ཆོས་གོས་གསུམ་རུང་བ་ཚད་ལྡན་ལྷག་པོ་ཞིག། བསམ་པ་ལྷག་པོ་ཤེས་བཞིན་དུ་འཆང་འདོད་པ། སྦྱོར་བ་ལྷག་པོ་དེ་པྲ་བསྐྱང་ཕྱུང་ནས་འཆང་བའོ། །མཐར་ཐུག་པྲ་བརྐྱང་ཕྱུང་ནས་ཞག་བཅུ་འདས་ནས་བཅུ་གཅིག་གི་སྐྱ་རིང་ཤར་བ་ན་རྫོགས་སོ། །ཡང་ལྷག་པོ་དེ་མཁོ་བའི་ཡོ་བྱད་དུ་འཆང་ན། མཁན་པོའམ་དགེ་འདུན་ནམ་རང་ལ་དགོས་པ་ཤིན་ཏུ་ཆེ་བའི་ཚེ་དེ་ལྟར་བྱིན་གྱི་བརླབས་ཏེ་འཆང་ངོ། །ལྷག་པོ་བྱིན་རླབས་ན་སློབ་དཔོན་ལྟ་བུ་གཞན་འབའ་ཞིག་གི་ཆད་དུ་བྱའོ། །དེ་མིན་ན་དངོས་པོ་དེ་སྤང་དགོས་པས་དགེ་འདུན་ལ་ཕུལ་ནས་བཤེགས་པ་བྱེད་དོ། ༡། འབྲལ་བའི་སྤང་ལྟུང་བ་ནི། ཡུལ་ཆོས་གོས་རྣམས་གསུམ་འབྲལ་སྤངས་དགོས་པ་ལས། ཡུལ་ཆོས་གོས་གསུམ་རུང་བ་ཚད་ལྡན་ཀུན་སློང་འབྲལ་འདོད། སྦྱོར་བ་མཚམས་ཀྱི་ཕྱི་རོལ་ཏུ་འབྲལ་བྱེད་པ། མཐར་ཐུག་ནི་སྤྱིར་ཞག་གཅིག་གིས་རྫོགས་ལ། དགོན་པ་ལ་ཞག་དྲུག་འདས་ནས་བདུན་པའི་སྐྱེ་རིངས་
(༢༠༨)ཤར་བ་ནས་རྫོགས་སོ། །དགེ་འདུན་གྱིས་གནང་བ་ནི་མ་གཏོགས་སོ། ༢། སྤྱིར་ཉེ་འཁོར་ནི་འཁོར་ཡུག་འདམ་རེའོ། །རྩིག་པས་བསྐོར་བའི་གྲོང་ལ་ནི། ཉེ་འཁོར་ཚད་དུ། བ་ལང་དྲུག་ལྡན་གྱིས་ཤིང་རྟ་རྨིག་པ་ཅན་གྱིས་བཀང་བའི་ཤར་བ་ཅན་གྱིས་འམ། བྱ་གག་སྤར་ནས་འདུག་པའི་ལམ་གྱིས་ཁྱབ་པའོ། །རིབ་མས་བསྐོར་བ་ལ་ནི། རང་མུག་གི་རྡུལ་གྱིས་སམ། མི་རང་བཞིན་གྱི་ངོ་ཚ་ལྡན་པའི་བཤང་གཅིའི་ལམ་གྱིས་སོ། །འོས་ཀྱིས་བསྐོར་བ་ལ་ནི། ཉེ་འཁོར་གྱི་ཚད་སྐས་གདོང་བཅུ་གཉིས་སམ། ཕྱག་དར་བོར་བའི་བང་བ་རག་པའི་ལམ་གྱིས་སོ། །ལམ་དུ་བར་མཚམས་མེད་པ་ལ་ནི། འདམ་ཞེ་དགུའོ། །ཐམས་ཅད་དུ་ཡལ་གའམ། གཡོག་ཅན་ནམ། ཐག་པས་སྦྲེལ་བ་ལ་ནི་དཔག་ཚད་ཙམ་ཡོད་ཀྱང་དབུས་ནས་རྒྱང་གྲགས་ཕན་ཆད་ཐ་དད་དོ། །མཚམས་མེད་པ་ལ་ནི་ཡན་ལག་གིས་ཁྱབ་ཅིང་ནོན་པ་མཐའོ། །ཞེས་འབྱུང་ངོ། །དེ་ལ་གཤགས་བྱེད་ཡུན་དེ་ལ་སྣམ་སྦྱར་ལྟ་བུ་དེ་དགེ་འདུན་ལ་ཕུལ་ནས་བཤགས་པ་གྲུབ་པ་ན་རང་གིས་ལེན་ནོ། །པྲ་བརྐྱང་ཡོད་ན་དེ་བར་དུ་ལྟུང་བ་ཁེགས་སོ། ༢༈། གོས་རྒྱུ་ཟླ་འཇོག་གི་ལྟུང་བྱེད་ནི། ཆོས་གོས་བཟོ་རྒྱུ་
(༢༠༩)ཞིག་ཁྲུ་གང་པས་ཁ་མ་ལོང་ན་སྣོན་མ་དགུག་ཕྱིར་ཟླ་གཅིག་འཇོག་རུང་སྟེ། ཡུལ་ནི་གོས་རྒྱུ་རྙེད་པ་དེ། ཀུན་སློང་གི་གོས་ལ་རེ་བས་འཇོག་པ། མཐར་ཐུག་ཟླ་གཅིག་རྫོགས་ནས་ཞག་པོ་གཅིག་གིས་སྐྱེ་རེངས་ཤར་བ་ནའོ། །དང་པོ་ནས་ཆོས་གོས་གསུམ་མེད་པའི་ཕྱིར་རྒྱུར་བྱིན་གྱིས་བརླབས་པའི་ཡང་ན་མཁོ་བའམ། ལྷག་པའི་ཡོ་བྱད་དུ་བྱིན་བརླབས་བྱས་ན་ཇི་ཙམ་བཞག་ཀྱང་ཉེས་མེད་དོ། ༣༈། འཁྲུར་འཇུག་གི་སྤང་ལྟུང་ནི། ཡུལ་ཉེ་དུ་མིན་པའི་དགེ་སློང་མ་ལ། ཀུན་སློང་ཉེ་དུ་མིན་པ་ཤེས་བཞིན་དུ། རང་གི་རྙིང་པ་འཁྲུ་བའམ། འཆག་གམ། འཚེད་དུ་འཇུག་འདོད། སྦྱོར་བ་འཁྲུ་བ་ལ་སོགས་བྱེད་པ་མཐར་ཐུག་གོས་ཀྱི་སྣེ་ཆུར་བཅུག་ནའོ། ༤༈། ལེན་པའི་སྤངས་ལྟུང་ནི། ཡུལ་ཉེ་དུ་མིན་པའི་དགེ་སློང་མ་ལས། ཀུན་སློང་ཉེ་དུ་མིན་པ་ཤེས་བཞིན་དུ་ལེན་འདོད། སྦྱོར་བ་བྱིན་ཅིང་བླངས་པ། མཐར་ཐུག་ཐོབ་བློ་སྐྱེས་ནའོ། ༥༈།སློང་བའི་སྤངས་ལྟུང་ནི། དགེ་སློང་གི་ཆོས་གོས་ཆོམ་རྐུན་གྱིས་ཕྲོག་གམ། བརླག་གམ། མེས་ཚིག་གམ། ཆུ་ལ་ཤོར་རམ། རླུང་གིས་
(༢༡༠)ཁྱེར་ཤོར་བས་མེད་པའི་དུས་ལ་བསླང་རུང་གིས། དེ་མ་ཡིན་པར་ཆོས་གོས་ཡོད་བཞིན་བསླང་བ་སྟེ། ཡུལ་ནི་མི་གཞན། ཀུན་སློང་གོས་མང་པོ་འདོད། སྦྱོར་བ་རྐུན་མ་ལ་ཤོར་བ་སོགས་ཀྱི་དུས་མིན་དུ་བསློང་བ། མཐར་ཐུག་ཐོབ་བློ་སྐྱེ་ནའོ། །འདི་གྲོང་ཁྱེར་ཕྲེང་བ་ཅན་གྱི་དགེ་སློང་བཞི་བཅུས་ཆོས་གོ་ཆོམ་རྐུན་གྱིས་ཕྲོག་པ། དེའི་སློད་རོག་ཏུ་ཁས་གཡར་ནས་དྲུག་སྡེས་གོས་མང་པོ་བསླང་བས་བཅས་སོ། ༦༈། སྟོད་གཡོགས་སྨད་གཡོགས་ཀྱི་སྤངས་ལྟུང་ནི། ཡུལ་ཉེ་དུ་མིན་པའི་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ལས། བསམ་པ་སྟོད་གཡོག་ལྟ་བུ་ཞིག་མེད་པ་ལ། སྟོད་གཡོག་སྨད་གཡོག་གཉིས་སམ་གསུམ་འདོད་པ་ལྟ་བུ། སྦྱོར་བ་གཅིག་གི་ཆེད་དུ་མང་པོ་ལེན་ལྟ་བུ་པ་མཐར་ཐུག་ཐོབ་བློ་སྐྱེས་ནའོ། ༧༈། རིན་ཐང་གི་སྤངས་ལྟུང་ནི། ཡུལ་ཉེ་དུ་མིན་པའི་ཁྱིམ་བདག་གམ་ཁྱིམ་བདག་མོ་ལ། ཀུན་སློང་གོས་ཀྱི་རིན་སྤགས་པ་དེ་ལས་བཟང་བར་འདོད་པས། སྦྱོར་བ་གོས་བཟང་པོའི་ཁུང་བརྩལ་ཏེ། འདི་ཉོས་ལ་བདག་ལ་བྱིན་བྱས་པ་ལྟ་བུ། མཐར་ཐུག་གོས་ལོན་ནའོ། ༨༈། སོ་སོ་བའི་སྤངས་
(༢༡༡)ལྟུང་ནི། ཡུལ་ཁྱིམ་བདག་གི་ཁྱུང་མ་ལྟ་བུ་མི་གཉིས་ལ། ཀུན་སློང་གོས་ཀྱི་རིན་སོ་སོར་སྤགས་པ་དེ་ལས་བཟང་བར་འདོད་པས། སྦྱོར་བ་ནི་ལོངས་སྤྱོད་གཉིས་ཀྱི་སོ་སོར་སྤགས་པའི་རིན་འདི་དག་གི་གོས་འདི་དང་འདི་ལྟ་བུ་གཉིས་ཉན་ཐོས་ལ་བདག་ལ་བྱིན་ཞིག་བྱས་པ་ལྟ་བུའོ། །མཐར་ཐུག་གོས་གྲུབ་ནའོ། ༩༈། སྐུར་བའི་ལྟུང་བྱེད་ནི། དགེ་སློང་ལ་རྒྱལ་པོ་སོགས་ཀྱིས་ཕོ་ཉ་བཏང་ནས་གོས་ཀྱི་རིན་བསྐུར་བ་དགེ་སློང་ལ་ཕུལ་ན། དགེ་སློང་གིས་རིན་དེ་ལན་མི་རུང་སྨྲས་པས། ཕོ་ཉས་དགེ་འདུན་གྱི་ཞལ་ཏ་བ་དགེ་བསྙེན་ལ་གོས་ཀྱི་རིན་དེ་གཏད་ནས་དགེ་སློང་མིང་འདི་ལ་གོས་མྱུར་དུ་འདིས་ཉན་ཐོས།། །ལ་ཕུལ་ཤིག། བྱས་པ་དེ་ལྟར་དགེ་སློང་ལ་ཞུས་པ་ན། གོས་དུས་སུ་མ་བྱུང་ན་དགེ་སློང་གིས་ཞལ་ཏ་པ་དེ་ལ་བསྐུར་མ། ལེན་གསུམ་བྱ། དེ་ནས་གོས་མ་བྱུང་བ་ན། ཞལ་ལྟ་བའི་མཐོང་བར་ངག་གིས་བསྐུར་མ་མི་སྨྲ་བར་ལེན་གསུམ་སྡོད་དགོས་པ་ལ། དེ་ལྟར་མི་བྱེད་པར། ཡུལ་ཞལ་ཏ་བ་ལ། ཀུན་སློང་མྱུར་དུ་འདོད་པས། སྦྱོར་བ་བསྐུལ་མ་རིམ་པར་བྱ་བའི་ལོང་མེད་པར་དང་པོ་ནས་ཏབ་ཏོབ་དུ་ཞལ་
(༢༡༢)ཏ་བས་མ་གཏད་པར་གོས་བླངས་པའོ། །དངོས་པོ་དགེ་འདུན་ལ་གཏན་དུ་འབུལ་ནས་བཤགས་སོ། ༡༠༈། བཅུ་ཚན་གཉིས་པ་ལས། ༈། སྲིན་བལ་གྱི་སྟན་གསར་པ་རང་གི་ཆེད་དུ་གཉེར་བར་བྱས་ན་སྤངས་ལྟུང་ངོ། ༡༈། བལ་ནག་འབའ་ཞིག་གི་སྟན་གླིངས་པའམ་ནང་ཚང་ཅན་བྱེད་ན་སྤངས་ལྟུང་ངོ། ༢༈། བལ་ནག་བལ་དཀར་འཁོབ་བལ་གསུམ་ཆ་སྙོམས་ཀྱི་སྟན་བྱ་དགོས་པ་ལ། འཁོབ་བལ་ངན་པས་མི་བསྲེ་བར་བལ་དཀར་ནག་གཉིས་གང་དཀོན་པ་དེ་ཤས་ཆེར་བྱེད་པ་སྤངས་ལྟུང་ངོ། ༣༈། དགེ་སློང་གིས་སྟན་གསར་པ་བྱས་ནས་ལོ་དྲུག་ཏུ་སྟན་དེ་ཉིད་ལས་གསར་པ་མི་རུང་བ་ལ། ལོ་དྲུག་མ་ཚང་བར་སྟན་སར་པ་བྱེད་ན་དགེ་འདུན་གྱིས་གནང་བ་མ་གཏོགས་སྤངས་ལྟུང་ངོ། ༤༈། གདིང་བ་རྙིང་པ་ཡོད་བཞིན་དུ་སར་པ་བྱེད་ན་རྙིང་པ་དེ་ལས་བདེ་བར་གཤེགས་པའི་མཐོ་གང་སྟེ་ཁྲུ་ཕྱེད་དང་གཉིས་ཀྱི་སར་པ་དེའི་ཁ་དོག་མི་སྡུག་པར་བྱ་བ་དང་། དད་པས་ཕུལ་བའི་རྫས་ཆུད་མི་ཟ་ཞིང་། །འབུལ་མཁན་ཚོགས་རྫོགས་ཕྱིར། སླན་དགོས་པ། དེ་ལྟ་མ་བྱས་ན་སྤང་བའི་ལྟུང་བྱེད་དོ། ༥༈། ཡང་ཚང་
(༢༡༣)པ་བྲོས་པའི།། །སོགས་ནས་དགེ་སློང་གིས་བལ་མང་པོ་རྙེད་ན། དེ་དགེ་བསྙེན་ལྟ་བུ་ཁུར་རོག་ཡོད་ན་བསྐུར། རང་གིས་ཁུར་ན་ཁྱིམ་པ་རྣམས་ཀྱི་ཁུར་གང་ཡིན་པ་དེའི་སུམ་ཆ་གཅིག་ལས་མི་ཁུར། ལམ་ཡང་དཔག་ཚད་གསུམ་ཕན་ལ་མི་ཁུར། གལ་ཏེ་དེ་ལྟར་མ་བྱས་ན་སྤང་བའི་ལྟུང་བྱེད་དོ། །འདི་དྲུག་སྡེས་ཚང་པ་བྲོས་ཤུལ་ནས་བལ་མང་པོ་སྙེད་པ་ཁུར་ཆེན་པོས་ཁུར་ནས་ཕྱིན་པས། ཕུ་བྲགས་པའི་མི་རྣམས་ཀྱིས་གློང་པོ་ཆེར་གོ་ནས་བྲོས་པས་བཅས་སོ། ༈། ཉེ་དུ་མིན་པའི་དགེ་སློང་མ་ལ་བལ་མང་པོ་འཁལ་བའམ་འཁྲུ་བ་སོགས་བྱེད་བཅུག་ན་སྤང་ལྟུང་ངོ། ༧༈། རང་དོན་དུ་གསེར་དངུལ་ལ་རེག་གམ། དགེ་ཚུལ་གཞན་ལ་རེག་བཅུག་ན་སྤང་ལྟུང་ངོ། ༨༈། དགེ་སློང་གིས་མངོན་མཚན་ཅན་ཞེས་པ་བུན་སྐྱེད་བཏང་ན་སྐྱེད་དམ་ནམ་ཐོབ་པའི་ཚེ་སྤང་ལྟུང་ངོ། ༩༈། དགེ་སློང་གིས་ཉོ་ཚང་སྣ་ཚོགས་བྱེད་ན་སྤངས་ལྟུང་ངོ། ༈། ཕ་མ་གསོ་བའམ། སྔར་ཆགས་ཀྱི་བུ་ལོན་འཇལ་བ་སོགས་ལ་ཚོང་དང་བུ་ལོན་བཏང་ཡང་ཁ་གཅིག་ལ་གནང་བའི་སྐབས་ཡོད། ༡༠༈། བཅུ་ཚན་གསུམ་པ་ནི། ༈། དགེ་སློང་གིས་ལྷུང་བཟེད་རུང་བ་ཚད་ལྡན་ཡོད་བཞིན་དུ་ལྷུང་བཟེད་ལྷག་
(༢༡༤)པོ་བྱིན་མ་བརླབས་པར་ཞག་བཅུ་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དོ། །དེ་ལ་ལྷུང་བཟེད་རུང་བ་ནི་ལྕགས་སོ། །ཚད་ནི་ཡུལ་དབུས་མ་ག་ཏའི་བྲེ་ཆུང་ལ་དཔེ་བྱས་ནས་བོད་ཆོས་རྒྱལ་གྱིས་ལྷ་སའི་གསེར་བྲེ་བཟོས་པ། འབྲེས་གསེར་བྲེ་དེ་བཙོས་ན། བྲེ་དྲུག་ཏུ་འཕེལ་བ་དེའི་སུམ་ཆའི་ཚོད་མ་ཤོང་བ་དེ་ཆེ་བའི་ཚད་ཡིན། དེའི་སུམ་ཆ་གཅིག་ཤོང་བ་ཆུང་ཚད། དེ་གཉིས་བར་ལ་འབྲིང་ཚད་བྱེད་དོ། ༡༈། ལྷུང་བཟེད་ལྷན་པ་ལྔ་མ་ཕོགས་པ་སྤྱད་རུང་། ཡོད་བཞིན་དུ། བཟང་པོ་འདོད་ཕྱིར་ལྷུང་བཟེད་གཞན་བཟང་པོ་བརྩལ་ན་སྤངས་ལྟུང་ངོ། ༢། དེ་ལ་ཆད་པ་དགོས་པས་ལྷུང་བཟེད་བཟང་པོ་དེ་དགེ་འདུན་ལ་ཕུལ་བཅུག་པ་གནས་བརྟེན་གྱིས་བླང་སོང་ན། གནས་བརྟེན་གྱི་ལྷུང་བཟེད་དེ་དེའི་འོག་མ་ལ་བྱིན་སོགས་ནས། རིམ་པར་བཟང་རིམ་གྱིས་ཕུལ། ངན་པ་ཐ་མར་གྱུར་པ་གང་ཡིན་པ་དེ་དང་ཁོའི་རྙིང་པ་དེ་གཉིས་ག་མ་བཅུག་ལ་འཆང་བཅུག་གོ༢༈། དགེ་སློང་གིས་དོག་པ་བསླང་ནས་ཉེ་དུ་མིན་པའི་ཐ་ག་ལ་ཆོས་བཤད་ནས་གླ་རྔན་མེད་པར་འཐག་བཅུག་ན་སྤང་ལྟུང་ངོ། ༣། ༈དགེ་སློང་ལ་ཉེ་དུ་མིན་པའི་ཁྱིམ་བདག་གི་འབུལ་རྒྱུ་ཞིག། ཉེ་དུ་མིན་པའི་ཐ་ག་ལ་འཐག་
(༢༡༥)བཅུག་པ་དེ། དགེ་སློང་གིས་རང་ཉིད་ལ་སྟེར་བར་གོ་ནས། ཐ་ག་དེ་ལ་གླ་རྔན་ཅུང་ཟད་བྱིན་ནས། ཚེ་དང་ལྡན་པ་ཐ་ག་པ། གོས་འདི་ལ་ཞིང་ཆེ་བ་ཁྲུན་རིང་བ་བཟང་བ་སོགས་ཀྱིས་ཞེས་བསྒོས་ནས། གོས་དེ་གྲུབ་ན་སྤང་ལྟུང་ངོ། ༤༈། དགེ་སློང་གིས་ཆོས་གོས་རུང་བ་ཚད་ལྡན་ཞིག་དགེ་སློང་ཞིག་ལ་བྱིན་ནས། སླར་ཁྲོས་འཁྲུགས་ཏྲམས་པར་གྱུར་ཏེ། ཆོས་གོས་སྔར་བྱིན་པ་དེ་སླར་རང་གི་ཚུར་འཕྲོག་པའམ་འཕྲོག་ཏུ་བཅུག་ན་དེའི་ལུས་དང་བྲལ་བའི་ཚེ་བྱིན་ཕྲོག་གི་སྤང་ལྟུང་ངོ། ༥༈། དབྱར་གནས་ཀྱི་དགག་དབྱེ་ཞག་བཅུ་ཚུན་ལ་གོས་པར་བྱུང་ན་ཚག་བྱ། དེ་ལས་རང་ལ་གོས་གང་ཡང་རུང་བ་ཞིག་མེད་ན་གང་མེད་པ་དེ་ཚག་བྱ། གོས་ལྷག་པོ་ནི་དགག་དབྱེའི་ཕྱི་ཉིན་ནམ་དེའི་ཕྱི་ཉིན་དགེ་འདུན་སྤྱིའི་རྙེད་པ་བསྒོ་བའི་དུས་དེར་དགེ་འདུན་ལ་གཏད་དགོས། བགོད་པའི་དུས་དེ་ཕྱིན་ཆད་དུ་ཚག་བྱས་ན་སྟོན་ཐ་ཆུང་གིའམ་གཏད་པའི་སྤང་ལྟུང་ངོ། ༦༈། དགེ་སློང་འཇིགས་པ་དང་བཅས་པ་ཆོས་གོས་གསུམ་ལས་གང་རུང་བ་ཁྱིམ་གཞན་དུ་བཞག་ནས་མཚམས་ཀྱི་ཕྱི་རོལ་དགོན་པ་ལ་འགྲོ་དགོས་པའི་རྐྱེན་བྱུང་ན། དགེ་སློང་དགོན་
(༢༡༦)པ་བ་དེས་ཆོས་གོས་ཞག་དྲུག་གི་མཐའ་ཚུན་དུ་འབྲལ་ལ་ལྟུང་བ་མེད། ཞག་བདུན་པའི་སྐྱ་རངས་མ་ཤར་གོང་དེར། ཆོས་གོས་དང་འཕྲད་པར་མ་བྱས་ན་སྤང་ལྟུང་ཡིན་པས་སྤང་ཞིང་བཤགས་སོ། ༧༈། དགེ་སློང་རྣམས་ཀྱིས་སོ་ག་རྣམས་ཀྱི་ཟླ་བ་གཅིག་འདུག་པ་ནས། དབྱར་ཟད་ནས་སྟོན་ཟླ་བ་དང་པོའི་ཟླ་ཕྱེད་བཅས་ཟླ་བ་ཕྱེད་དང་ལྔ་ལ་རས་ཆེན་བརྩལ་ནས་བཅང་བར་བྱ་ལ། དེ་ལས་སྔ་བར་བརྩལ་བའོ། །དགག་དབྱེ་ཟིན་ནས་ཟླ་ཕྱེད་ཕྱིན་འདས་པར་རས་ཆེན་འཆང་ན་སྤང་ལྟུང་ངོ། ༨༈། དགེ་འདུན་ལ་བསྔོས་པའི་གོས་ལྟ་བུའི་རྙེད་པ་ཞིག་དགེ་འདུན་ལ་བསྔོས་པར་ཤེས་བཞིན་རང་གིས་བདག་ཏུ་བཟུང་ན་སྤང་ལྟུང་ངོ། ༩༈། ན་བའི་སྨན་རྣམ་པ་ལྔ་ཏེ། གོང་བུའི་སྨན་དང་། དུས་རུང་གི་སྨན་དང་། །ཐུན་ཚོད་དུ་རུང་བའི་སྨན་དང་། ཞག་བདུན་པའི་སྨན་དང་། རྟག་པར་འཚོ་བའི་སྨན་དང་ལྔ་ལས། འདིར་ཞག་བདུན་པའི་སྨན་གྱི་རིགས་མར་དང་སྦྲང་རྩི་བུ་རམ་གྱི་རིགས་ཏེ། དགེ་སློང་ནད་པས་འདོད་ན་ཞག་བདུན་བར་དུ་བྱིན་བརླབས་བྱས་ནས་བཅངས། དེ་ཕན་འཆང་ན་སླར་ཡང་བྱིན་བརླབས་དགོས། དེ་མིན་ན་བསོག་འཇོག་གི་སྤངས་
(༢༡༧)ལྟུང་ངོ། ༡༠༈། ལྟུང་བདེ།། །ཞིག་པ་དགུ་བཅུ་ནི། ༈། དེའང་བཅུ། ཚན་དགུ་ལས། ༈བཅུ་ཚན་དང་པོ་ནི། ༈ཤེས་བཞིན་དུ་རྫུན་སྨྲ་བའི་ལྟུང་བྱེད་ནི། ཕམ་པའི་རྫུན་མི་ཆོས་བླ་མ་དང་། ལྷག་པའི་རྫུན་གཞི་མེད་བསྐུར་འདེབས་དང་། སྦམ་པོའི་རྫུན་ལག་ཏུ་ཤིང་ཐོག་བཅངས་ནས་འབྲས་བུ་ལ་ཐོབ་པོ་ལྟ་བུ། ཉེས་བྱས་རྫུན། གསོ་སྦྱོངས་སྐབས་ཡོངས་སུ་དག་གི་དྲིས་པ་ལ་མ་དག་པ་ཤེས་བཞིན་དུ་ཅང་མི་སྨྲ་བ་ལྟ་བུ་སྟེ། དེ་རྣམས་མ་ཡིན་པའི་རྫུན་རིགས་མི་བརྡའ་དོན་གོ་བ་ལ་སྨྲས་པའོ། ༡༈། དགེ་སློང་གིས་མིའི་འགྲོ་བ་དོན་གོ་བ་ཞིག་ལ་རིགས་རུས་སམ་ལུས་ལྟ་བུའི་སྐྱོན་ནས་བརྗོད་ན་ཁོལ་ཕན་ཕྱིར་མ་གཏོག་ལྟུང་བྱེད་དོ། ༢༈། དགེ་སློང་གཉིས་ལ་བདེན་ཀྱང་རུང་རྫུན་ཀྱང་རུང་ཕྲ་མ་བྱེད་ན་ལྟུང་བྱེད་དོ། ༣༈། སྔར་བརྩོད་པ་བྱུང་བ་དགེ་འདུན་གྱིས་ཞི་བར་བྱས་ཟིན་པ། དེ་ཤེས་བཞིན་དུ་སླར་གླེང་སྟེ་སྐྱོ་སྔོགས་སུ་བྱེད་ན་ལྟུང་བྱེད་དོ། ༤༈། བུད་མེད་ལ་སྐྱེས་པའམ་བུད་མེད་ཀྱི་ཁྲིམས་རོག་མེད་པར་ཚིག་ལྔའམ་དྲུག་ལས་ལྷག་པའི་ཆོས་སྟོན་ལྟུང་བྱེད་དོ། ༥༈། དགེ་སློང་གིས་དགེ་བསྙེན་དང་དགེ་ཚུལ་ལྟ་བུ་བསྙེན་པར་མ་རྫོགས་པ་དང་ལྷན་དུ་
(༢༡༨)མདོ་མཉམ་འདོན་བྱེད་ན་ཁོ་ལ་ཕན་ཕྱིར་མ་གཏོགས་ལྟུང་བྱེད་དོ། ༦༈། དགེ་སློང་གིས་དགེ་ཚུལ་ལམ་ཁྱིམ་པ་ལྟ་བུ་བསྙེན་པར་མ་རྫོགས་པ་ལ་དགེ་སློང་གི་བསླབ་པའི་གནས་བརྗོད་པ་དང་། དགེ་སློང་འདི་དང་འདི་ལ་ལྟུང་བ་འདི་དང་འདི་བྱུང་ཞེས་སོགས་གནས་ངན་ལེན་བརྗོད་ན་ཁོ་རང་ངམ་གཞན་ལ་ཕན་ཕྱིར་མ་གཏོགས་ལྟུང་བྱེད་དོ། ༧༈། དགེ་སློང་གིས་བསྙེན་པར་མ་རྫོགས་པ་ལ་རང་གི་ཡོན་ཏན་མི་ཆོས་བླ་མ་གང་ཐོབ་པ་དེ་དགོས་པ་མེད་པར་བདེན་པར་སྨྲས་ཀྱང་ལྟུང་བྱེད་དོ། ༨༈། དགེ་སློང་གིས་དགེ་འདུན་སྤྱི་དོན་ལ་བྱ་བ་བྱས་པ་ཞིག་ལ། དགེ་འདུན་གྱི་ཞལ་ལྟ་བ་གོས་སོགས་ཡོ་བྱད་ཅུང་ཟད་དགེ་འདུན། སྤྱིའི་རྫས་ནས་བྱིན་པའི་ཕྱོགས་སུ་རང་གིས་ཀྱང་འདུན་པ་བྱིན་ནས། སླར་ཟིན་པ་ན། ཁོང་ཚོས་བཤེས་ངོར་བྱིན་ཏོ་བྱས་ན་ལྟུང་བྱེད་ཏོ། ༩༈། དགེ་སློང་གིས། དགེ་སློང་རྣམས་ཟླ་བ་ཕྱེད་ཕྱེད་ནས་མདོ་འདོན་ན། བསླབ་གཞི་ཕྲ་བ་འདི་ལྟ་བུ་འདོན་པས་ཅི་ཞིག་བྱ། ཞེས་བསླབ་གཞི་ལ་ཁྱད་གསོད་ཀྱི་ལྟུང་བྱེད་དོ། ༡༠༈། བཅུ་ཚན་གཉིས་པ་ལས། ༈དགེ་སློང་གི་ས་བོན་ལྔ་ལས། རྩ་བ་མངོན་གྱུར་པ། ༡སྡོང་བུ་༢ཐོག་བུ་༣འགས་པའི་
(༢༡༩)ས་བོན། ༤ས་བོན་གྱི་ས་བོན་ལྔ་ལས་གང་ཡང་རུང་བ་ཞིག་རུང་བར་མ་བྱས་པར་འཇིག་ཏུ་གཞུག་ན་ལྟུང་བྱེད་ཏོ། ༡༈ཡང་དགེ་སློང་གིས་དགེ་འདུན་ཞལ་ཏ་ས་བཅུ་གཉིས་ལས་གང་རུང་ཆོས་བཞིན་སྤྱོད་པ་ཞིག་ལ་དངོས་མིང་གྱད་བུ་ནོར་ཞེས་པ་ལྟ་བུ་དང་གཞོག་འཕྱས་བྱེད་ན་ལྟུང་བྱེད་ཏོ། ༢༈། ཡང་དགེ་སློང་གིས། དགེ་འདུན་གྱིས་རང་ལ་བཤགས་སུ་འཇུག་པ་ལྟ་བུ་ཆོས་བཞིན་དུ་བསླབ་པ་ལ་སོགས་བསྒོས་པ་མ་ཐོས་པ་ལྟར་བྱེད་པ་ལྟར་བྱེད་པས་ལེན་མི་འདེབས་པའམ། ཡང་ན་འཁྱོགས་པའི་ལན་གཞན་འདེབས་པ་ལྟ་བུ་བྱེད་ན་བསྒོ་བ་རྣམ་པར་གཟོན་ཞེས་པའི་ལྟུང་བྱེད་དོ། ༣༈། དགེ་སློང་གིས་དགེ་འདུན་གྱི་ཁྲིའམ། ཁྲིའུ་འམ། སྟན་ནང་ཚན་ཅན་ནམ་ཕྱིང་པ་ལྟ་བུ་སོགས་བླ་གབ་མེད་པར་བཏིང་ངམ། འདིངས་སུ་བཅུག་ནས་དེ་སླར་བསྡུ་བའམ། བསྡུ་འཇུག་གམ། དེར་འཁོད་པ་ལ་བཅོལ་དགོས་པ་ལ། སྲོག་ཆགས་ཀྱི་བར་ཆད་རྐྱེན་ཆེས་ཆེར་བྱུང་ན་མ་གཏོག །མ་བསྡུས་མ་བཅོལ་བར་བཞག་ན་ལྟུང་བྱེད་ཏོ། ཁྱིམ་བདག་ལས་གཡར་ནས་མ་གཏད་ནའང་ངོ། ༤༈། ཡང་དགེ་འདུན་གྱི་གནས་དགོན་ལྟ་བུ། རྩ་ཡི་གདིང་བའམ། ལོ་མའི་གདིང་བ་བཏིང་བའམ། གཏིང་
(༢༢༠)དུ་བཅུག་ནས་སླར་བསྡུ་དགོས་པས་གོང་བཞིན་རྐྱེན་བྱུང་ན་མ་གཏོགས་མ་བསྡུས་ན་ལྟུང་བྱེད་དོ། །འདི་དགེ་སློང་མང་པོས་གཏིང་ནས་མ་སྡུས་པས་ཁྱིམ་བདག་གི་ཉིན་གཅིག་གི་ལས་ཆགས་པས་རྗེས་མ་ལ་གནོད་པས་བཅས་སོ། ༥༈། ཡང་དགེ་སློང་གིས་དགེ་སློང་གཞན་ལ་ཁྲོ་འཁྲིགས་ཏྲམས་པས་གཙུག་ལག་ཁང་གི་ཕྱི་རོལ་སོགས་སུ་སྐྲོད་སར་ན་ལྟུང་བྱེད་ཏོ། ༦༈། ཡང་དགེ་སློང་གིས། དགེ་སློང་མལ་དུ་འཁོད་པ་དེ་ལ་ཚ་བའི་དུས་སུ་འཐུག་པོས་གཡོགས་པ་དང་། རང་གི་ལྗིད་ཀྱིས་གནོན་པ་ཕྱིས་གནོན་ཞེས་བྱ་སྟེ་ལྟུང་བྱེད་དོ། ༧༈། ཡང་དགེ་སློང་གིས་དགེ་སློང་གཞན་བསྡད་པའི་གནས་ཁང་སྟེང་ཐོག་ངན་སའི་སྟེང་དུ་ཁྲིའམ་ཁྲིའུའི་རྐང་པ་རྣོན་པོར་བཅོས་ཏེ་ཐོག་དེ་རྡོལ་བར་བྱེད་ཕྱིར་ཁྲི་སྟེང་དུ་ལྗིད་ཀྱིས་འདུག་ན་ལྟུང་བྱེད་དོ། ༨༈། ། ཡང་དགེ་སློང་གི་སྲོག་ཆགས་དང་བཅས་པའི་ཆུ་ཤེས་བཞིན་དུ་ཆག་ཆག་གདབ་ཁྱད་ལྟ་བུར་ས་དང་ལྕི་བ་རྩ་ལ་སོགས་པར་བཏབ་པ་དང་། འདེབས་སུ་བཅུག་ན་ལྟུང་བྱེད་ཏོ། ། ༈། ཡང་དགེ་སློང་གིས་དགེ་འདུན་གྱི་ཁང་པ་བརྩེགས་ན་རློན་བརྩེགས་ཡིན་ན་ཉིན་རེ་ཕ་གུའམ། གྱང་རིམ་ས་གསུམ་ཙམ་བརྩིགས་ཏེ་མི་ཞིག་པར་བྱ་དགོས་ན་ཤེས་བཞིན་དུ་དེ་ལྟར་མི་བྱེད་པར་
(༢༢༡)མཐོན་པོར་བརྩེགས་པས་དེ་མ་ཐག་ཏུ་ཞིག་པར་འགྱུར་བ་བྱས་ན་ལྟུང་བྱེད་དོ། ༡༠༈། བཅུ་ཚན་གསུམ་པ་ནི། ༈དགེ་འདུན་གྱིས་མ་བསྒོས་པར་དགེ་སློང་གིས་དགེ་སློང་མའི་ཚོགས་ལ་ཆོས་སྟོན་ན་དགྲ་བཅོམ་པ་ལམ་ཕྲན་བརྟེན་ལྟ་བུའི་ཡོན་ཏན་ཡོད་ན་མ་གཏོགས་ལྟུང་བྱེད་ཏོ། ༡༈། དགེ་འདུན་གྱིས་བསྒོས་ཀྱང་ཉི་ནུབ་བར་ཆོས་བསྟན་ན་དགེ་སློང་མའི་ཀུན་དགའ་རབ་སྟེ་དབྱར་མོ་ཁང་ཤིན་ཏུ་ཉེ་བས་དགེ་སློང་མ་རྣམས་ཆོམ་རྐུན་སོགས་ཀྱིས་ཉེས་པ་མེད་ན་མ་གཏོགས་ལྟུང་བྱེད་ཏོ། ༢༈། ཡང་དགེ་སློང་གིས། དགེ་སློང་གཞན་གྱིས་དགེ་སློང་མ་ལ་ཆོས་སྟོན་པའི་ཚེ་ཟས་ཀྱི་ཕྱིར་ཆོས་སྟོན་པ་མིན་ཀྱང་དགེ་སློང་མའི་ཚོགས་ཀྱིས་རྙེད་པ་ཅུང་ཟད་ཕུལ་བ་མཐོང་ནས། དགེ་སློང་འདིས་ཟས་ཀྱི་ཕྱིར་ཆོས་སྟོན་ཏོ་ཞེས་བྱས་ན་ལྟུང་བྱེད་དོ། ༣༈། ཡང་ཉེས་སུ་མ་ཡིན་པའི་དགེ་སློང་མ་ལ་ཆོས་གོས་བྱིན་ན་ལྟུང་བྱེད་དོ། ༤༈། ཡང་དགེ་སློང་གིས་ཉེ་དུ་མིན་པའི་དགེ་སློང་མའི་ཆོས་གོས་ཚེམ་ན་ལྟུང་བྱེད་ཏོ། །འདི་ནི་འཆར་ཀས་སྦས་མའི་སྣམས་སྦྱར་བཟོས་སྐབས་ཁོ་ཡིས་མོ་ཡི་མགུལ་ནས་འཁྱུད་པ་ཚེམ་པས་བཅས་སོ། ༥༈། ལམ་ལ་འཇིགས་པ་མེད་བཞིན་དུ་དགེ་
(༢༢༢)སློང་གིས་དགེ་སློང་མ་དང་དོན་མཐུན་ཞེས་ལམ་སྡེབ་བྱེད་པར་འཐམ་པ་ཞེས་གྲོས་བྱས་ནས་རྒྱང་གྲག་གཅིག་ལྷག་པར་ཕྱིན་ན་ལྟུང་བྱེད་ཏོ། །འདི་ནི་དྲུག་སྡེ་དང་བཅུ་གཉིས་སྡེ་ལྗོངས་རྒྱུ་བྱས། དེ་ནས་དགའ་བོ་དང་དགའ་མོ་གཉིས་བསྒྲིགས་པ་སོགས། དགེ་སློང་དང་དགེ་སློང་མ་རེ་ཆ་སྡེབ་སྤེལ་མར་དོན་མཐུན་ལྷན་ཅིག་འཐམ་ལ་ལམ་ནས་ཕྱིན་པས་མི་རྣམས་ཀྱི་འདི་རྣམས་བཟའ་མི་ཁོ་ནར་འདུག་སྟེ་འདི་ནི་འདི་གཉིས་ཀྱི་བུ་ཡིན། དེའི་ཆུང་མ་འདི་ཡིན་སོགས་བྱས་པས་བཅས་སོ། ༦༈། དགེ་སློང་དང་དགེ་སློང་མ་གོང་བཞིན་ལམ་སྡེབས་ཀྱི་གྲོས་བྱས་ཏེ་འཇིགས་པ་མེད་བཞིན་དུ་གྲུ་ནང་དུ་ལྷན་གཅིག་གནས་ཏེ་ཆུ་གཞུང་རྒྱང་གྲགས་གཅིག་འདས་པར་ཡར་མར་འགྲོ་ན་ལྟུང་བྱེད་དོ། །འཕྲད་དུ་སོང་ན་ཉེས་པ་མེད། ༧༈། ཡང་དགེ་སློང་གིས་དགེ་སློང་མ་ཉེ་དུ་མིན་པར་དབེན་པར་སྐྱབས་ཡོད་པ་ན་སྟན་གཅིག་ན་འདུག་ན་ལྟུང་བྱེད་དོ། ༨༈། ཡང་དགེ་སློང་གིས་དགེ་སློང་མ་ཉེ་དུ་མིན་པ་དང་ལྷན་ཅིག་དབེན་པར་སྐྱབས་ཡོད་ན་འགྲེང་སྟེ་འདུག་ན་ལྟུང་བྱེད་དོ། ༩༈ཡང་། ཁྱིམ་བདག་གིས་དགེ་སློང་གཞན་ལ་བསྔོས་ནས་སྦྱར་བའི་ཟས་དེ་དགེ་སློང་མས་ཁྱིམ་བདག་ལ་དགེ་སློང་འདི་
(༢༢༣)ལ་དྲོངས་ན་མཆོག་གོ་ཞེས་ཁྱིམ་བདག་གིས་སྔོན་དུ།། །པའི་དགེ་ལོང་ལ་དྲངས་བཅུག་ན་ཟས་དེ་ཟོས་ན་ལྟུང་བྱེད་དོ། ༡༠༈། བཅུ་ཚན་བཞི་པ་ནི། དགེ་སློང་ནད་པ་དང་། མཆོད་རྟེན་བཞེངས་པ་དང་། དགེ་འདུན་གྱི་ལས་བྱེད་པ་དང་། ལམ་དུ་རྒྱང་གྲགས་གསུམ་ཕན་གྱིས་ཕྱིན་པ་དང་། མུ་གེའི་དུས་དེ་རྣམས་མ་གཏོགས་པར། དགེ་སློང་གི་བསོད་སྙོམ་དུས་རུང་གི་ཟས་ལན་གཅིག་བཟའ་བ་ཡིན་པ་ལས་ཡང་ཡང་དུ་ཟས་ཟ་ན་ལྟུང་བྱེད་དོ། ༡༈། ཡང་དགེ་སློང་གིས་མུ་སྟེགས་རྣམས་ཀྱིས་བདག་ཏུ་བཟུང་ནས། རྩོད་པའི་ཡུལ་ལ་བསོད་སྙོམས་ལན་གཅིག་སློང་ལ་གནང་། ལན་གཉིས་ཕན་ཆད་དགེ་སློང་གིས་བླངས་ན་ལྟུང་བྱེད་ཏོ། ༢༈། ཡང་དགེ་སློང་མང་པོ་ཁྱིམ་རྣམས་སུ་དོང་བ་ལས། དེ་དག་ལ་ཁྱིམ་བདག་དད་པ་ཅན་དག་གིས། ཕྱེ་དང་ཁུར་བ་གང་འདོད་ཁྱེར་ཞེས་ཟེར་ན་ལྷུང་བཟེད་གང་བདག་ཉིས་སམ་གསུམ་བླངས་ལ་དགེ་སློང་གཞན་རྣམས་དང་བགོ་བཤའ་བྱའོ། །ལྷུང་བཟེད་གསུམ་ལས་ལྷག་གི་ཆོག་ཤེས་མེད་པར་བླངས་ན་ལྟུང་བྱེད་དོ། ༣༈། ཡང་དགེ་སློང་གིས་ཟས་ཟོས་རྗེས་སུ་དེ་རིང་དེ་ཙམ་ལས་མི་བཟའ་སྙོམས་དུ་བློས་སྤང་ཟིན་པའི་
(༢༢༤)ཟས་ལྷག་མ་དེ། སླར་ཡང་ལྷག་པོར་གྱི་ཆོ་ག་རྒྱ་གར་དུ་བྱེད་སྲོལ་ཡོད་པ་དེ་ལྟར་མ་བྱས་པར་བཟའ་ན་ལྟུང་བྱེད་དོ། ༤༈། ཡང་དགེ་སློང་གིས་གོང་བཞིན་ཟས་སྤངས་ཟིན་པའི་ཟས་ལྷག་དེ་ལྷག་པོར་གྱི་ཆོ་ག་མ་བྱས་པ་ཤེས་བཞིན་དུ། དགེ་སློང་གཞན་ལ་ལྟུང་བ་འབྱུང་བར་བྱའོ། །སྙམས་པས་བྱིན་ནས་དེ་ཟོས་ཟིན་པ་ན་ལྷག་ཆོག་མ་བྱས་པའི་ཟས་ཁྱོད་ཀྱིས་ཟོས་པ་འདིར་ལྟ་བུའི་ལྟུང་བ་བཤག་ཤིག་སྨྲས་ན། གཞན་ལ་སྦྱིན་མཁན་གྱི་དགེ་སློང་དེ་ལ་ལྟུང་བྱེད་དོ། ༥། འདི་ནི་དགེ་སློང་ཞིག་ལ་སློབ་དཔོན་གྱིས་ལྟུང་བ་གླེང་བས་ཁོས་དེའི་ལན་དུ་ལྷག་ཆོག་མ་བྱས་པའི་ཟས་ལྷག་བྱིན་ནས་དེ་ལྟ་བུའི་ལྟུང་བ་བཤགས་པར་གྱིས་ཤིག་བྱས་པས་བཅས་སོ། ༈། དགེ་འདུན་ཚོགས་ལ་མཚམས་ནང་ལོགས་སུ་དགེ་སློང་གསུམ་མན་ཆད་འདུས་ནས་ཟོས་ན་དུས་མ་གཏོགས་ལྟུང་བྱེད་ཏོ། ། དུས་ནི་ན་བའི་དུས། ལས་དུས། ལམ་དུས། གྲུར་ཞུགས་དུས། འདུས་པ་ཆེན་པོ། དགེ་སྦྱོང་གི་ཟས་དུས་རྣམས་ལ་ལྟུང་བ་མེད་དོ། ༦༈། ཡང་དགེ་སློང་གི་རང་གླིང་གི་སྐྱ་རེངས་དང་པོ་ཤར་བ་ནས་ཉིན་ཕྱེད་བར་དུ་དུས་རུང་གི་སྨན་བཟའ་ལ། ཉི་མ་ཕྱེད་ཡོལ་ནས་ཟོས་ན་
(༢༢༥)ལྟུང་བྱེད་དོ། ༧༈། གསོག་འཇོག་གི་ཟས་ཟ་ན་ལྟུང་བྱེད་ཏོ། ༨༈། ཟས་སྐམ་གྱི་རིགས་ཆུ་དང་པོ་ཤིང་མ་གཏོགས་བྱིན་ལེན་མ་བྱས་པར་ཟ་ན་ལྟུང་བྱེད་དོ། །གལ་ཏེ་སྟེར་མཁན་མེད་ན་སྒྲ་མི་སྙན་པའི་འདུ་ཤེས་བྱ་བར་ཡང་གསུངས་སོ། ༩༈། ཟས་བསོད་པ་ཞེས། ཤ་སྐམ་ཉ་ཤ་འོ་མ་ཞོ་མར་པར་སོགས་ཆེད་དུ་གཉེར་ནས་ཚོལ་ནས་ཟོས་ན་ན་བ་སོགས་ཀྱི་རྐྱེན་མ་གཏོགས་ལྟུང་བྱེད་ཏོ། ༡༠༈། བཅུ་ཚན་ལྔ་པ་ནི། ༈ཡང་ཟས་སྐམ་གྱི་ཕྱིར་དུ་སྲོག་ཆགས་དང་བཅས་པའི་ཆུ་ཤེས་བཞིན་དུ་སྤྱོད་ན་སྲོག་ཆགས་ཤི་བའི་གྲངས་ཀྱི་ལྟུང་བྱེད་ཏོ། ༡༈། ཡང་། ཤེས་བཞིན་དུ་ཁྱིམ་པ་ཕོ་མོ་ཉལ་པོ་བྱེད་པར་ཤམས་པ་ན། དེར་ཕྱིས་གནོན་བྱས་ཏེ། མམ་གང་ཉེ་བར་ཉལ་བའི་འདུན་པ་བྱེད་པ་ན་ལྟུང་བྱེད་ཏོ། ༢༈། ཡང་ཤེས་བཞིན་དུ་ཉལ་པོ་ཤམས་པ་དེར། སྐྱབས་ཡོད་པ་གཅིག་ཏུ་འགྲེ་སྟེ་འདུག་ན་ལྟུང་བྱེད་དོ། ༣༈། ཡང་མུ་སྟེགས་གཅེར་བུ་མོ། ཀུན་ཏུ་མོ་ལ་སོགས་མུ་སྟེགས་མ་ལ་རང་གི་ལག་གིས་ཟས་གཏད་ན་ལྟུང་བྱེད་དོ། །འདི་ནི་ཀུན་དགའ་བོས། གཅེར་བུ་མོ་རྒན་གཞོན་གཉིས་ལ་ཁུར་བ་བྱིན་པ་ན། གཞོན་པ་དེ་ལ་གཉིས་བྱུང་བས་རྒན་མོ་དེས་ཁྱོད་དོན་
(༢༢༦)དུ་གཉེར་གྱིས་ལྟ་གོན་གྱིས་ཤིག། ཅེས་སྐུར་པ་བཏབ་པས་བས་སོ། ༤༈། ཡང་དམག་ཆས་པ་ལ་བལྟ་བར་འགྲོ་ན་ལྟུང་བྱེད་དོ། ༥༈། ཡང་དམག་གི་སར་འགྲོ་དགོས་བྱུང་ཀྱང་ཞག་གཉིས་ལྷག་པར་བསྡད་ན་ལྟུང་བྱེད་དོ། ༦༈། ཡང་དམག་ཁྲོད་དུ་ཞག་གཉིས་སྡོད་དགོས་བྱུང་བའི་ཚེ་ན་ཡང་། །དམག་གི་རུ་བཀོད་བྱེད་པ་དང་། གཡུལ་བཤམས་པའི་དམག་ལྟ་བ་བྱས་ན་ལྟུང་བྱེད་དོ། ༧༈། ཡང་དགེ་སློང་གཞན་ཁྲོས་ཤིང་ཏྲམས་པས་བརྡེག་ན་ཁུ་ཚུར་དབྱུག་སོགས་གྲངས་སུ་ཕོག་གི་གྲངས་ཀྱི་ལྟུང་བྱེད་དོ། ༨༈། ཡང་མ་བརྡེག་ཀྱང་། རྡེག་པར་གཟས་པ་ཞེས་རྡེག་བྲབ་བྱས་ན་དངོས་པོ་དེའི་གྲངས་དུ་ཡོད་ཀྱི་གཟས་པའམ་བརྡེག་བྲབ་ཀྱི་གྲངས་ཀྱི་ལྟུང་བྱེད་ཏོ། ༩། ཡང་། དགེ་སློང་གིས། དགེ་སློང་གཞན་ཞིག་ལ་གནས་ངན་ལེན་གྱི་ལྟུང་བ་ཞིག་མཐོང་ན། དེ་ཉིད་དེས་མཐོལ་བའི་ཆད་དུ་གཞན་ལ་གླེང་དགོས་པས་དེ་ཉིད་འཆབ་ན་ལྟུང་བྱེད་དོ། ༡༠༈། བཅུ་ཚན་དྲུག་པ་ནི། དགེ་སློང་གིས་དགེ་སློང་གཞན་ཟས་གཅོད་པར་འདོད་དེ། ཁྱོད་རང་འདི་ལྟ་བུར་འགྲོ་དང་། བཟའ་བཅའ་བསོད་པ་ཇི་འདོད་བདག་གིས་སྟེར་གཞུག་གོ། །བྱས་ནས་ཁྲིད་ནས་ཉེ་བར་ཕྱིན་པ་ན། ད་ཁྱོད་རང་
(༢༢༧)དང་མཉམ་དུ་འགྲོ་བ་དང་ལ་མི་བདེ་བས་ཁྱོད་གཞན་དུ་སོངས་ཤིག་སྨྲས་ནས་དེའི་ཉི་མ་ལ་ཟས་བཅད་ན་ལྟུང་བྱེད་ཏོ། ༡༈། ཡང་དགེ་སློང་གིས། བདག་གི་ཕྱིར་མེ་ལ་རེག་གམ་རེག་ཏུ་བཅུག་ན་ལྟུང་བྱེད་ཏོ། །ཤིན་ཏུ་གྲང་བའམ། ནད་ལ་ཕན་པའམ། དཀོན་མཆོག་མཆོད་པའི་ཆེད་དམ། དགེ་འདུན་གྱི་བྱ་བ་ལྟ་བུ་དགོས་པ་ཁྱད་པར་བས་མེ་ལ་རེག་ན་ཡུན་དེ་སྲིད་དུ་རེག་པར་བྱའོ་སྙོམས་པའི་དྲན་ཤེས་ཀྱིས་བྱིན་བརླབས་བྱའོ། །འདི་ནི་དྲུག་སྡེས་མཚན་མོ་མེ་རྩེ་སྣ་ཚོགས་བྱས་ཤིང་། ཤིང་སྡོང་གི་ཁོང་ནས་སྦྲུལ་ཐོན་པ་བྱུང་ངོ་ཞེས་བརྗོད་པས་ཚོགས་པ་རྣམས་སྐྲགས་ཤིང་བྲོས་པས་བཅས་སོ། ༢༈། ཡང་དགེ་སློང་གང་གིས་དགེ་འདུན་གྱི་བྱ་བ། ཆོས་དང་ལྡན་པ་ལ་དང་པོ་འདུན་པ་ཕུལ། དེ་རྒྱབ་ཁྲོས་ནས་ཡི་མ་རང་སྟེ། ང་ཡི་འདུན་པ་ཚུར་བྱིན་ཅེས་བྱས་ཏེ་འདུན་པ་མི་སྟེར་ན་ལྟུང་བྱེད་དོ། ༣༈། ཡང་དགེ་སློང་གིས་བསྙེན་པར་མ་རྫོགས་པ་དང་། གནས་གཅིག་ཏུ་ནུབ་གཉིས་ལས་ལྷག་པར་བྱ་གག་འཕུར་བ་བབ་པས་བར་མེད་པ་ནལ།། །ན་ལྟུང་བྱེད་དོ། ༤། འདི་དགེ་སློང་རྣམས་ཀྱིས་ཆོས་སྟོན་པའི་ཁང་པར་བུད་མེད་རྣམས་ཉིན་མོ་བྲེལ་བས་མཚན་མོ་ཆོས་
(༢༢༨)ཉན་ཡོང་བ་དང་། གཞན་ཡང་མང་པོ་ཞིག་མར་མེའི་འོད་དང་བཅས་ཉལ་བས། རྒན་ཞུགས་གཅིག་གཉིད་དུས་གནས་ངན་ལེན་གྱི་བག་ཆགས་བྱུང་བས། སྐད་བྱུང་བ་དང་། ཁུ་བ་འཕོད་པ་ལ་བརྟེན་ནས་བཅས་སོ། ༈། ཡང་དགེ་སློང་གིས་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་གསུང་བ་འདི་རྣམས་དཔྱད་ཀྱང་བར་ཆད་དུ་མི་འགྱུར་ཏེ་བདག་གིས་ཤེས་སོ། །ཞེས་པ་ལྟ་བུའི་སྡིག་ལྟ་སྐྱེས་ན། དེ་ལ་དགེ་སློང་རྣམས་ཀྱིས་ཁྱོད་དེ་སྐད་མ་ཟེར་ཅིག། བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་དེ་བཞིན་ཏེ། དེ་ལ་སྐུར་པ་མ་འདེབས་ཤིག། སྡིག་ལྟ་ཐོངས་ཤིག། ཞེས་ལེན་གསུམ་གྱི་བར་དུ་བསྒོས་ཀྱང་མ་བཏང་ན་ལྟུང་བྱེད་དོ། ༥༈། ཡང་། སྡིག་ལྟ་ཅན་དེ་འདྲ་དང་དགེ་སློང་གཞན་རྣམས་བག་ཕེབ་པ་དང་། གཏམ་འདྲེ་བ་དང་། ལྷན་ཅིག་ཏུ་ཉལ་བ་དང་། འགྲེང་བ་སོགས་བྱེད་ན་ལྟུང་བྱེད་ཏོ། ༦༈། ཡང་། དགེ་ཚུལ་དེ་ལྟའི་སྡིག་ལྟ་སྐྱེས་ན་དགེ་འདུན་གྱིས་གཞོམ་སྒོ་ལན་གསུམ་གྱི་བར་དུ་བྱས་མི་བཏང་ན། ཁྱོད་དགེ་སློང་རྣམས་དང་ཞག་གཅིག་ལྷན་དུ་འདུག་པར་མི་དབང་ངོ། །སྟོན་པ་ལ་བདག་གི་སྟོན་པ་དང་། ཚངས་པ་མཚུངས་པར་སྤྱོད་པ་ལའང་། བདག་གི་ཚངས་པ་
(༢༢༩)མཚུངས་པར་སྤྱོད་པ་མ་ཟེར་ཞིག། ཞེས་གནས་ནས་བསྙིལ་ལོ། །བསྙིལ་ཟིན་པ་དེ་དང་འགྲོགས་པ་སོགས་བྱས་ན་ལྟུང་བྱེད་ཏོ། ༧༈། ཡང་དགེ་སློང་གིས་དབྱར་གྱིས་རས་ཆེན་དང་། ཡོ་བྱད་ལ་ཆུ་ཚག་མ་གཏོགས་ཁ་དོག་བསྒྱུར་དགོས་པ། དེ་ལ་དམར་པོ་དང་ངུར་སྨིག་སྔོན་པོ་ལས་གང་ཡང་རུང་བ་ཁ་བསྒྱུར་ཡང་། བོད་དུ་ནི་གཙོད་དང་སེར་པོ་རུང་བར་བྱེད་པ། ཁ་དོག་མ་སྒྱུར་བ་དཀར་པོ་གྱོན་ན་ལྟུང་བྱེད་དོ། ༨༈། ཡང་། རིན་ཆེན་རེག་ན་ཁྱིམ་པའི་རྒྱན་ཆ་རིན་པོ་ཆེ་དང་། དམག་ཆས་མཚོན་ཆ་སོགས་རིན་པོ་ཆེ་དང་། དམག་ཆས་ཀྱི་རོལ་མོ་དེ་རྣམས་གནས་ཁང་དུ་འདུག་ཚེ་མི་འཐོར་བའི་ཕྱིར་ཡིན་ན་མ་གཏོགས། །ལྟས་མོ་སོགས་ཀྱི་དོན་དུ་རེག་པ་དང་། འབུད་བསྡུང་བརྩེ་བ་རྣམས་བྱས་ན་ལྟུང་བྱེད་དོ། ༩༈། ཡང་དགེ་སློང་གིས་ཟླ་བ་ཕྱེད་ཕྱེད་ལ་ཁྲུས་བྱེད་པར་གནང་གིས་དེ་ལས་འདུམ་པར་ཁྲུས་བྱེད་ན་ཟླ་བ་ལྔ་པའི་ཚེས་གཅིག་ནས་བདུན་པའི་ཉའི་བར་ཟླ་བ་ཕྱེད་དང་གསུམ་གྱི་རིང་ནི་ཚ་དུས་སོ། །ལྷག་མ་ནི། ན་བའི་དུས་དང་ལས་དུས་ལམ་དུས་རླུང་དུས་ལྗི་ཆར་དུས་རྣམས་ཏེ། དུས་དེ་རྣམས་མ་གཏོགས་པར་ཁྲུས་
(༢༣༠)བྱས་ན་ལྟུང་བྱེད་ཏོ། ༡༠༈། བཅུ་ཚན་བདུན་པ་ནི། ༈། ཡང་། དགེ་སློང་གི་བསམ་བཞིན་དུ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་གསོད་ན་ལྟུང་བྱེད་དོ། ༡༈། ཡང་། དགེ་སློང་གིས། དགེ་སློང་གཞན་ལ་སེམས་མི་བདེ་བ་བྱ་འདོད་པས། ཁྱོད་ཀྱིས་སྡོམ་པ་བླངས་པས་གོ་མི་ཆོད། ཁྱོད་ལ་ཕམ་པ་ཡང་བྱུང་ངོ་ལྟ་བུའི་སེམས་མི་བདེ་བའི་གཞི་མི་ལྡན་བཞིན་དུ་འགྱོད་པ་སྐྱེད་བཅུག་ན་ལྟུང་བྱེད་དོ། ༢༈། ཡང་། དགེ་སློང་གིས། དགེ་སློང་གཞན་ལ་རྩེ་མོའི་ཕྱིར་སོར་མོས་གག་ཚིལ་ཞེས་པ་གཡའ་བགགས་པ་བྱས་ན་ལྟུང་བྱེད་ཏོ། ༣༈། འདི་དགེ་སློང་ཞིག་ལ་གཡའ་མང་པོ་བགགས་པས་ཤི་བས་བཅས་སོ། ༈། ཆུ་ལ་སྐྱལ་བྱེད་པ་སོགས་ཆུ་རྩད་རྩེ་ན་ལྟུང་བྱེད་དོ། །དགེ་འདུན་ཁ་གཅིག་ཆུ་རྩད་བྱས་པ་ཆུས་ཁྱེར་བས་བཅས་སོ། ༤༈། བུད་མེད་དང་གནས་ཁང་གཅིག་ཏུ་ལྷན་གཅིག་ཉལ་ན་ལྟུང་བྱེད་དོ། ༥༈། མཚན་མོ་མར་མེའི་ངོས་སོགས་གནོད་སྦྱིན་སོགས་ཡིན་པ་ལྟར་བྱེད་པ་སོགས་ཀྱིས་དགེ་སློང་གཞན་ལ་སྐྲགས་སྔ་པ།། །འདོན་པ་བྱེད་ན་ལྟུང་བྱེད་ཏོ། ༦༈། རབ་
(༢༣༡)བྱུང་སྡེ་ལྔ་གང་རུང་ཞིག་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་ཞིག་སྦད་གཏམ་སྦད་དུ་བཅུག་གམ་རྩད་མོའི་ཆད་ཀྱང་རུང་སྟེ་ལྟུང་བྱེད་དོ། །ཕན་པའི་ཕྱིར་ནི་མ་གཏོགས་སོ། ༧༈། གདེ།། །པ་མེད་སྤྱོད་ནི། དགེ་སློང་གིས་དགེ་སློང་གཞན་ལ་གོས་བྱིན་ནས་གདེངས་མེད་པར་སླར་ཡང་རང་གིས་ཚུར་བླངས་ནས་འཕང་མེད་དུ་སྤྱད་ན་ལྟུང་བྱེད་དོ། ༨༈། ཡང་དགེ་སློང་གཞན་ལ་སྡང་སེམས་ཀྱི་དབང་གིས་དགེ་འདུན་ལྷག་མའི་ལྟུང་བ་མེད་བཞིན་དུ་ལྷག་མའི་ལྟུང་བ་བྱུང་ངོ། །ཞེས་གཞི་མེད་ཀྱི་སྐུར་པ་བཏབ་ན་ལྟུང་བྱེད་ཏོ། ༩༈། ཁྲིམས་རོག་མེད་པར་བུད་མེད་དང་ལྷན་དུ་འགྲོ་བར་ཡིན་ཀྱང་རྒྱང་གྲགས་ལས་འདས་པར་འགྲོ་ན་ལྟུང་བྱེད་དོ། ༈། བཅུ་ཚན་བརྒྱད་པ་ནི། ༈ཤེས་བཞིན་དུ་རྐུན་མ་དང་ལྷན་དུ་ཐ་ན་གྲོང་བར་དུ་འགྲོ་ནའང་ལྟུང་བྱེད་དོ། ༡། དགེ་སློང་གིས་ལོ་ཉི་ཤུ་མ་ལོན་པའམ་མངལ་ཟླ་དང་བཤོལ་ཟླ་བཅས་བསྣན་པ་ལོ་བཅོ་བརྒྱད་མ་ལོན་བསྙན་པར་རྫོགས་ན་ལྟུང་བྱེད་དོ། ༢༈། ས་མཁྲེགས་པ་སོར་བཞི་ཡན་ཆད་བརྐོས་ན་ལྟུང་བྱེད་ཏོ། ༣༈། ཁྱིམ་བདག་གིས་ཟླ་བ་བཞིར་དགེ་སློང་མགྲོན་དུ་བོས་ན་དེ་སྲིད་དུ་གནས་པར་བྱ། དེ་ཕན་དུ་ནད་པ་ལྟར་བཅོས་པ་
(༢༣༢)སོགས་ཀྱིས་མགྲོན་དུ་བོས་པའི་ཡུན་ལས་འདས་པར་བསྡད་ན་ལྟུང་བྱེད་ཏོ། ༤༈། དགེ་འདུན་གྱིས་བསྐོས་པའི་དགེ་སློང་གིས་ཆོས་ལྡན་གྱི་བསླབ་པ་དགེ་སློང་ལ་སྟོན་ན་དེས་འདི་སྐད་ཅེས་ང་ནི་འདུལ་མདོ།། །མངོན་པ་འཛིན་པ་རྣམས་ལ་འདྲི་ཡི། བྱིས་པ་ཁྱོད་ཀྱིས་རྗེས་སུ་མི་འཇུག་ཅེས་བསླབ་སྟོན་ལྡོག་ན་ལྟུང་བྱེད་ཏོ། ༥༈། དགེ་སློང་རྣམས་གྲོལ་བྱེད་པ་ལ་རྩོད་པ་སྦར་ཕྱིར་དུ་ཉན་རྣ་བྱེད་ན་ལྟུང་བྱེད་ཏོ། །གཞན་འཐབ་རྩོད་འཁྲུགས་པ་གླེང་གཞི་འཁོད་པ་དེ་ཞི་བར་འདོད་པས་ཉན་པ་ནི་མ་གཏོགས་སོ། ༦༈། དགེ་འདུན་གྱི་ལས་གྲལ་དུ་དང་པོ་འདུག་ནས་རང་ཁ་སྐོང་གི་ཆོས་དང་མི་ལྡན་པའི་ཉེས་པ་མེད་པར་དགེ་འདུན་དང་དྲུང་ན་ཡོད་པའི་དགེ་སློང་ལ་མི་སྨྲ་བར་སྟན་ལས་ལང་ཏེ་འགྲོ་ན་ལྟུང་བྱེད་ཏོ། ༧༈། གསོ་སྦྱང་གི་དུས་སུ་འདོན་པ་པ་དང་། སོ་ཐར་གྱི་མདོ་དང་། བསླབ་པ་ལ་མི་གུས་པའི་རྣམ་འགྱུར་བྱེད་ན་ལྟུང་བྱེད་དོ། ༨༈། ཡང་འབྲུ་ཡི་ཆང་མྱོས་འགྱུར་འཐུང་བ་མིད།། །ཐོབ་རེ་ལ་ལྟུང་བྱེད་རེ་རེ་འབྱུང་ངོ། ༩༈། དགེ་འདུན་དང་དེར་ཡོད་ཀྱི་གྲོགས་ལ་མ་སྨྲས་པར་ཕྱི་དྲོ་གྲོང་དུ་འཇུག་ན་ལྟུང་བྱེད་དོ། ༡༠༈། བཅུ་ཚན་དགུ་པ་ཐ་མ་ནི། ཡང་དགེ་སློང་གིས། ཁྱིམ་བདག་གིས་དགེ་སློང་རྣམས་གདུགས་ཚོད་
(༢༣༣)ལ་སྤྱན་དྲངས་པའི་སྣ་བོ་བྱེད་ན། ཁྱིམ་བདག་ལ་གལ་ཏེ་ངས་གདུགས་ཚོགས་ལ་སྤྱན་དྲངས་པའི་དགེ་འདུན་གྱི་སྔོན་དུ་མ་སླེབ་ན་ཁྱེད་རང་གིས་གདུགས་ཚོད་དུས་སུ་དྲོངས་ཤིག་ཅེས་བྱ་དགོས་པ་ལ། དེ་ལྟར་མི་སྨྲ་བར། ངས་མ་སླེབ་བར་དུ་མ་དྲང་ཞིག་བྱས་ནས་རང་ཉིད་ཕྱི་དྲོ་བར་དུ་ཁྱིམ་གཞན་དུ་རྒྱུ་ནས་དགེ་འདུན་གྱི་གདུགས་ཚོད་དུས་ལས་ཡོལ་བར་བྱས་ན་ལྟུང་བྱེད་ཏོ། །འདིར་ཉེར་དགས་སྣའོ་བྱས་ཏེ་ངས་མ་སླེབ་བར་སྟོན་པ་འཁོར་བཅས་ལ་མ་དྲངས་ཞིག་བྱས་ནས་ཁོ་རང་ཁྱིམ་མང་པོར་རྒྱུ་ཞིང་བསྡད་པས་འཕྱིས་ནས་གདུགས་ཚོད།། །བཞེས་སོ། །དེས་ཁོ་རང་ངོ་ཚ་ནས་ཕྱི་དྲོ་གསོ་སྦྱངས་ལ་མ་འོང་པ་དགུག་དགོས་བྱུང་བས་དགེ་སློང་ཚོས། སྔ་གྲོ་ཟས་བཅག་ཕྱི་དྲོ་ཆོས་བཅག་གོ་བྱས་པས་བཅས་སོ། ༡༈། དགེ་སློང་གིས་རྒྱལ་པོའི་སར་ཆོས་བཤད་པར་འགྲོ་དགོས་ན་སྐྱ་རེང་མ་ཤར་བ། རྒྱལ་པོ་གསལ་རྒྱལ་གྱི་བཙུན་མོ་ཕྲེང་ལྡན་མ་ཆོས་བཤད་ཕྱིར་འཆར་དགའ་ཕྱིན་པས་ཧ་ཅང་སྔས་ནས་གཞན་གྱིས་འཕྱས་པས་བཅས་པ་ལྟར་སོང་ན་ལྟུང་བྱེད་ཏོ། ༢༈། ཡང་དགེ་སློང་གིས། གསོ་སྦྱོང་གི་སོ་སོར་ཐར་པའི་མདོ་ཟླ་བ་
(༢༣༤)ཕྱེད་ཕྱེད་ལ་འདོན་དགོས་པ་སྔར་ནས་རྒྱུས་ཡོད་ཅིང་། དེ་མདོའི་།། །ནང་དུ་འདུས་པར་ཤེས་ཀྱང་། ཆོས་འདིའང་མདོ་ཡི་ནང་དུ་གཏོགས་པ། མདོ་ཡི་ནང་དུ་འདུས་པར།། །གདོད་ཤེས་སོ་ཟེར་ན་ལྟུང་བྱེད་ཏོ། །དེ་ནི་ཆོས་ལ་མ་གུས། རྣ་བ་གཏད་སེམས་གཏད་པ་སོགས་ཀྱིས་དོན་གྱིས་ལྟུང་བྱེད་མིན་པས་དེ་ལྟར་ཕྱིན་ཆད་མ་བྱེད་སོགས་དགེ་འདུན་གྱིས་དེ་ལ་བྱའོ། ༈། ཡང་བ་པོའམ། རྭ་ཅོའམ། རིན་པོ་ཆེའི་ཁབ་རལ་ཏེ་ཁབ་ཤུབ་རང་གིས་བཟོ་བའམ། གཞན་ལ་བཟོ་བཅུག་ན་ལྟུང་བྱེད་ཏོ། །དེ་བཅག་ནས་ལྟུང་བ་བཤགས་སོ། །སྙེད་པ་དང་བྱས་ཟིན་པ་ལོངས་སྤྱོད་ལ་ལྟུང་བ་མེད་དོ། ༤༈། ཡང་ཁྲི་བྱེད་ན་དཔང་རྐྱང་ཁྲུ་གང་ལས་ལྷག་བྱེད་ན་ལྟུང་བྱེད་ཡིན་པས་རིང་བ་དེ་བཅད་ནས་ལྟུང་བ་བཤགས་སོ། ༥༈། གཞན་ཁྲི་སྟེང་དུ་བསྡད་ཀྱིས་དགོས་ཁྲིའི་སྟེང་དུ་རས་བལ་བརྡལ་ན་ལྟུང་བྱེད་ཡིན་པས་ཁོ་རང་ལ་བསྡུ་རུ་བཅུག་ནས་བཤགས་སོ། ༦༈། གདིང་བའི་ཚད་ནི། སྲིད་དུ་ཁྲུ་གསུམ། ཞེང་དུ་ཁྲུ་དོ་དང་པོར་དྲུག། གང་ཟག་འཆར་ཀ་ལྟ་བུའི་ལུས་ཚད་ལས་ཧ་ཅང་ལྷག་པ་ལ་སྲིད་ཁྲུ་ཕྱེད་ལྔའམ། ཚད་ལས་འདས་ན་ལྟུང་བྱེད་ཏོ། ༧༈། དགེ་སློང་མ་གཡན་པའི་ནད་
(༢༣༥)ཡོད་པས་གཡན་དགབ་བྱེད་ན་སྲིད་དུ་ཁྲུ་དྲུག། ཞེངས་དུ་ཁྲུ་གསུམ་ལས་འདས་ན་ལྟུང་བྱེད་དོ། ༨༈། རས་ཆེན་སྲིད་དུ་ཁྲུ་དྲུག། ཞེངས་དུ་ཁྲུ་གསུམ། ཡང་ན། སྲིད་ཁྲུ་དགུ། ཞེངས་ཁྲུ་གསུམ་པོར་བཅོ་བརྒྱད། ཆེ་བའི་ཚད། སྟོན་པའི་ཆོས་གོས་དང་འདྲ་བའོ། །དེ་གསུམ་གྱི་ཚད་ལས་གང་རིང་བ་བཅད་ནས་ནས་གཤེགས་སོ། ༩༈། སྐབས་འདིར། སྣམ་སྦྱར་དང་། བླ་གོས། ཐང་གོས། རྣམས་ཀྱི་ཚད་མ་བཤད་ཀྱང་། མདོ་རྩར། ཆེ་ཚད་ཀྱི་སྣམ་སྦྱར་དང་། བླ་གོས་རང་གི་དཔང་ཁྲུ་གསུམ་དང་། སྲིད་དུ་ལྔ། ཆུང་ཚད་ནི་དེ་ལས་ཕྱེད་ཕྱེད་ཕྲི། འབྲིང་ནི་དེ་གཉིས་ཀྱི་བར་རོ། ༈། ཐང་གོས་ནི་དཔང་དོ་དང་སྲིད་ལྔའོ། །དེ་དང་བཞི་ཡང་ཡིན་ནོ། ༈། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ནི། སྲིད་དུ་ཁྲུ་བཅུ་དང་། ཞེངས་དུ་ཁྲུ་དྲུག་གོ། །དེ་ལྟ་བུའི་ཆོས་གོས་དགེ་སློང་གིས་བྱེད་ན་ལྟུང་བྱེད་ཏོ། ༡༠༈། བཞི་པ་སོ་སོར་བཤགས་པར་བྱ་བའི་སྡེ་ཚན་ནི་བཞི་ལས། དགེ་སློང་གིས་ཉེ་དུ་མིན་པའི་ཡོངས་གྲགས་སྲིད་དུ་ཁྲུ་བཅོ་ལྔ་དང་། ཞེང་དུ་ཁྲུ་དགུ་ཡིན་མཆན། དགེ་སློང་མས་གྲོང་ནས་བསོད་སྙམས་བླངས་ཏེ་ལམ་དུ་
(༢༣༦)འཕྲད་པ་དེ་ལས་རང་གིས་བླངས་ཏེ་ཟོས་ན། སོ་སོར་བཤག་དགོས་པས། ཀུན་དགའ་ར་བའི་ཕྱི་རོལ་ཏུ་ཕྱིན་ཏེ། ཚེད་དང་ལྡན་པ་དག། བདག་ལ་མི་རིགས་ཟས་ལ་ངན་པ་སྨད་པར་བྱ་བའི་གནས་སོ་སོར་བཤགས་པར་བྱ་བ་བྱུང་བ་འདི་སོ་སོར་བཤགས་སོ། །ཞེས་དགེ་འདུན་ཐམས་ཅད་ཀྱིས་ཐོས་པར་སྐད་ཆེན་པོས་བྱའོ། ༡༈། ཡང་དགེ་འདུན་རྣམས་ཁྱིམ་པའི་ཁྱིམ་དུ་བྱོན་ཚེ་གྲལ་རིམ་བཞིན་ཐམས་ཅད་ལ་འདྲ་བར་དྲངས་དགོས་པ་ལས། དགེ་སློང་མས་ཁྱིམ་བདག་ལ། འདི་ལ་འབྲས་ཆེན་བྱིན། འདི་ལ་ཚོད་མ་བྱིན་སོགས་དང་། འདི་ལ་ད་དུང་ལྷག་པོ་བྱིན་ཟེར་ན། དེ་དེས་ཟེ་བ་བཞིན་དུ་བླངས་ན་བཤགས་དགོས། སྲིང་མོ་ཁྱོད་ཟན་ཟ་བའི་བར་དུ་རེ་ཞིག་སྡོད་ཅེས་བསྒོའོ། །དེ་ལྟར་གཅིག་གིས་སྨྲ་མ་སྤོབ་ན། དགེ་སློང་ཐམས་ཅད་ཀྱིས་སྨྲའོ། །དེ་ལྟར་མིན་ན་ཀུན་དགའ་ར་བའི་ཕྱི་རོལ་དུ་སོང་ནས་སྔ་མ་ལྟར་བཤགས་པོ་བྱའོ། ༈། ཡང་། ཁྱིམ་བདག་ལ་རྗེས་སུ་བཟུང་བའི་བསླབ་བསྡོམ་བྱིན་ནས། དགེ་འདུན་གྱི་འཚོ་བ་དེ་ལས་རེ་ཞིག་མི་ལེན་པར་གདམས་པ་ཡང་པ་ཅན་གྱི་ཚོང་དཔོན་སེང་གེ་ལྟ་བུ་ཡོད་ན། དེ་ལས་དགེ་
(༢༣༧)འདུན་གཞན་བསོད་སྙོམས་མི་ལེན་པར་དགེ་སློང་འགའ་རེས་བསོད་སྙོམས་བླངས་ན་སོ་སོར་བཤགས་པར་བྱའོ། ༣༈། དགོན་པའམ་ནགས་ཚལ་དུ་ཆོམ་རྐུན་སོགས་ཀྱིས་འཇིགས་པའི་དོགས་པ་ཡོད་པར་ཁྱིམ་བདག་གི་དགེ་འདུན་གྱི་གདུག་ཚོད་ཁྱེར་བྱུང་ན། དང་པོ་ནག་ཉུལ་བའི་དགེ་སློང་གིས་ནགས་ཚལ་ཉུལ་ནས་འཇིགས་པ་མེད་པར་རྟོགས་ནས་དྲངས་དགོས་པ་ལ། ནགས་མ་ཉུལ་བར་ཟས་ཟོས་ན་སོ་སོར་བཤགས་པར་བྱ་དགོས། དྲུག་སྡེས་ནགས་མ་ཉུལ་བས་སེར་སྐྱའི་ཁྱིམ་བདག་རྣམས་ཆོམ་རྐུན་གྱིས་བཅོམ་པས་བཅས་སོ། ༤༈། ལྔ་པ་བསླབ་པ་ཉེས་བྱས་ཀྱི་སྡེ་ཚན་ལ་བརྒྱ་དང་བཅུ་གཉིས་ཡོད་པ་ལས། དེ་ལ་ཡང་སྡེ་ཚན་བརྒྱད་ཀྱི། ༈དང་པོ་གོས་བསྒོ་བའི་སྡེ་ཚན་ལ་བཅུ་ནི། ༈ཤམས་ཐབས་ཧ་ཅང་རྩེང་བ་སྤུས་མོ་ཡར་འདས་པ་མ་ཡིན། ༡ཧ་ཅང་འཇོལ་བ་ལོང་བུ་མར་འདས་པ་མ་ཡིན། ༢སྦྲུལ་མགོའི་གདེང་ཀ་ལྟར་རེ་རེ་ཞིང་ཡར་རིང་བ། ༣གླང་པོ་ཆེའི་སྣ་ལྟར་རེ་རེ་ཞིང་མར་རིང་བ། ༤འབྲུ་ཡི་ཕུར་མ་ལྟར་སྐད་རག་གི་བར་དུ་གཏུམ་པར་བཤད་པ་དང་འདི་ལ་རིང་ཐུང་མང་པོ་བཤད། ༥རྟ་ལའི་
(༢༣༨)ལོ་མ་ལྟར་ཡར་མར་འཕྱང་བའི་རྣམ་པ་མ་ཡིན། ༦ཟླུམ་པོར་བསྒོ་བ་ལ་བསླབ་པར་བྱའོ། ༧༈། ཆོས་གོས་ཧ་ཅང་རྩིང་བ་དང་། ༡ཧ་ཅང་འཇོལ་བ་མ་ཡིན། ༢ཟླུམ་པོར་བསྒོ་བ་ལ་བསླབ་པར་བྱའོ། ༣༈། གཉིས་པ་ལམ་དུ་འཇུག་པའི་སྡེ་ཚན་ལ་ཉི་ཤུ་ནི། ཤིན་ཏུ་བསྡོམ་པ་དྲན་པ་དང་ཤེས་བཞིན་གྱིས་འགྲོ་བ་དང་། ༡ཆོས་གོས་ལེགས་པར་བསྒོས་པས་འགྲོ་བ་དང་། ༢འཕགས་པའི་མི་སྨྲ་བ་ལ་གནས་པས་འགྲོ་བ་དང་། ༣དྲན་མེད་ཀྱིས་མིག་མི་ཡེངས་པར་འགྲོ་བ་དང་། ༤གཉའ་ཤིང་གང་ཙམ་དུ་བལྟས་ནས་འགྲོ་བ་ལ་བསླབ་པར་བྱའོ། ༥། རབ་ཏུ་བྱུང་བ་རྣམས་ཀྱིས་ཡང་ན་མི་སྨྲ་བ། ཡང་ན་ཆོས་ཀྱི་གཏམ་གྱིས་གཏན་དུ་བ་ཡིན། ༈། མགོ་རས་ལ་སོགས་པའི་གོས་ཀྱིས་མགོ་མི་གཡོགས་པར་འགྲོའོ། ༦། ཤམས་ཐབས་མི་བརྫེས་པ་ནི་འདམ་གྱི་ཕྱོགས་སྣང་བར་གྱུར་པ་མི་བརྫེས་པར་འགྲོ། འདི་ལ་ཆོས་གོས་བསྒྲིལ་ཞིང་སྐད་པ་ལ་དཀྲིས་ནས་མི་འགྲོ་ཞེས་ཀྱང་འབྱུང་། ༧ཆོས་གོས་བསྒྲིལ་ཞིང་ཕྲག་པ་ལ་གཟར་ནས་མི་འགྲོ། ༨ལག་པ་གཉའ་གོང་དུ་བསྣོལ་ནས་མི་འགྲོ་བ་ནི། ལག་པ་གམས་མདུན་དུ་བཏང་སྟེ་དཔུང་པའམ་ཕྲག་པའམ་
(༢༣༩)གཉའ་བའི་ཕྱོགས་སུ་བཞག་ལ། གཡོན་པ་གཡས་བཞིན་དུ་གཉའ་གོང་དུ་མི་བསྣོལ་བའོ། །འདི་ལ་གཞན་དང་ལག་པ་ཕན་ཚུན་བསྣོལ་བས་མི་འགྲོ་ཞེས་ཀྱང་སྣང་། ༩ལག་པ་ཕྲག་པར་བསྣོལ་བས་མི་འགྲོ་བ་ནི། ལྟག་པའམ་དཔུང་མགོར་ལག་པ་གཉིས་ཕན་ཚུན་བསྐྲད་དེ་སོར་མོ་བསྣོལ་བ་ལྟར་མི་བྱའོ། ༡༠། མཆོང་བས་མི་འགྲོ། གོམ་པ་ཧ་ཅང་བསྐྱེད་ཅིང་སྒྱིད་པ་བརྐྱང་བསྐུམ་བྱེད་ཅིང་མི་འགྲོ། ༡༡ཅོག་པུར་འཕར་ནས་མི་འགྲོ། ༡༢རྐང་པའི་བྲང་བཙུག་ནས་མི་འགྲོ། ༡༣རྟིང་པ་བཙུག་ནས་མི་འགྲོ། ༡༤ལག་པ་གཉིས་དཀུར་བརྟེན་ནས་མི་འགྲོ། ༡༥ལུས་གཡས་གཡོན་དུ་བསྒྱུར་ཞིང་མི་འགྲོ། ༡༦ལག་པ་འཕྲད་དང་སྟེང་དུ་བརྐྱང་ནས་མི་འགྲོ། འདི་ལ་ལག་གཡུག་ཅིང་མི་འགྲ་ཞེས་ཀྱང་ཡོད། ༡༧མགོ་བསྒྱུར་ཞིང་མི་འགྲོ། ༡༨གཞན་དང་ཕྲགས་སྤྲད་དེ་མི་འགྲོ། ༡༩གཞན་དང་ལག་པ་སྒྲེལ་ནས་མི་འགྲོ་བ་མ་བསླབ་པར་བྱ་ཏེ། ༢༠དེ་ལྟར་མི་བྱེད་པའི་ཁྱིམ་དུ་འགྲོ་བའི་སྤྱོད་པ་ཉི་ཤུ་ལ་བསླབ་པར་བྱའོ། ༈། གསུམ་པ་འདུག་པའི་སྡེ་ཚན་ལ་དགུ་ཡོད་པ་ནི། གཞན་གྱིས་མ་
(༢༤༠)བསྒོས་པར་སྟན་ལ་མི་འདུག༡། སྟན་ལ་མ་བརྟགས་པར་མི་འདུག༢། ལུས་ཀྱི་ལྗིག་ཆེན་པོས་མི་འདུག༣། ཁྲི་སྟེང་ནས་རྐང་པ་བརྐྱང་སྟེ་བསྣོལ་བས་མིན། ༤བརླ་བསྣོལ་བས་མིན། ༥ལོང་བུ་བསྣོལ་བས་མིན། ༦ཁྲིའི་སྟེང་ནས་འོག་ཏུ་རྐང་པ་དགུག་པས་མིན། ༧རྐང་པ་གདངས་པས་མིན། ༨འདམ་སྣང་བར་བྱས་པས་མི་འདུག་པ་ལ་བསླབ་པར་བྱའོ། ༩༈། བཞི་པ་ཟས་བླངས་པའི་སྡེ་ཚན་ལ་བྱིན་ལེན་བྱ་བ་བརྒྱད་ནི། ཟས་ལེགས་པར་བློངས་པར་བྱ། ༡ཁ་ད་ཁ་ཆོད་དུ་གང་བ་མིན་པར་བླངས་པར་བྱ། ༢ཚོད་མ་དང་མཉམ་པ་མིན་པ་སུམ་ཆ་གཅིག་བྱ། ༣ཐར་ཆགས་སུ་བྱ་བ་སྟེ་གོང་མ་ནས་རིམ་པར་མ་དྲང་པར་མི་བླངས། ༤ཟས་འཁྱེར་བ་ལ་མི་བལྟ་བར་ལྷུང་བཟད་ལ་བལྟའོ། ༥། བཟའ་བཅའ་མ་འོངས་པ་ནས་བཟེ་གྲབ་མི་བྱེད། ༦འབྲས་ཆེན་འདོད་པའི་ཚོད་མས་འབྲས་ཆེན་མི་དགབ། ༧ཚོད་མ་འདོད་ཕྱིར་འབྲས་ཆེན་གྱིས་ཚོད་མ་མི་དགབ། ༨དགེ་འདུན་སྤྱི་བོང་གི་ཟས་སྟེང་དུ་ལྷུང་བཟད་མི་འཁྱེར་བ་ལ་བསླབ་བར་བྱའོ། ༩༈། ལྔ་པ་ཟས་ཟ་བའི་སྡེ་ཚན་ལ་ཉི་ཤུ་རྩ་ལྔ་ཡོད་པ་ནི། ༈ལེགས་པར་ཟ་བ་ལ་བསླབ་པར་བྱ། ༡ཁམས་ཧ་
(༢༤༡)ཅང་ཆུང་བ་མིན། ༢ཧ་ཅང་ཆེ་བ་མིན། ༣ཁམས་རན་པར་བཟའ། ༤ཟས་ཀྱི་ཁ་ཙར་མ་སླེབ་པར་ཁ་མི་གདངས། ༥ཁ་ཁམ་གྱིས་བཀང་ནས་མི་སྨྲ་བ་ལ་བསླབ་པར་བྱའོ། ༦༈། ཟས་ཟ་བའི་ཚེ།། །ཁ་ནས་ཙུག་ཙུག་ཟེར་ནས་མི་ཕྱུང་། ༡ཅག་ཅག་མིན་ཏེ་མཆུ་སྦྱར་ནས་ཟ། ༢ཧུ་ཧུ་མི་བྱ་བ་ནི་འབྲས་ཆེན་ཚ་མོ་ལ། དྲུག་སྡེས་ཁ་དབུགས་གིས་བསྲོས་ཏེ་བཟའ་ཟེར་བས་བཅས་སོ། ༣༈། ཕུ་ཕུ་མི་བྱ་ནི་ཁྱིམ་བདག་གི་འབྲས་གྲང་བར་གྱུར་པ་ལ། འབྲས་ཆེན་ཚ་ཡིས་དབུགས་ཀྱིས་བསྒྲང་ཟེར་ནས་དྲུག་སྡེས་ཕུ་ཕུ་བྱས་པས་བཅས་སོ། ༤༈། ཁ་ནས་ཕྱུང་བའི་སྒྲ་དེ་རྣམས་ཀྱིས་ཁྱིམ་བདག་གི་ཟས་ལ་འཕྱ་ཁ་བཏང་བས་ཁྱིམ་བདག་སྐྱེང་བར་བྱས་པས་བཅས་སོ། །ལྕེ་ཕྱུང་སྟེ་མི་བཟའ་བ་ལ་བསླབ་པར་བྱའོ། ༥༈། འབྲས་ཀྱི་འབྲུ་རེ་ནས་གུད་དུ་ཕྱེ་ནས་མི་བྱ། ༡ཟས་ལ་སྐྱོན་འཕྱ་བ་འདི་ནི་ཁའོ། །འདི་ནི་སྐྱུར་རོ་སོགས་མི་སྨྲ། ༢ཟས་ཁམ་གཅིག་ལ་ཁུར་བ་སྤོས་ཏེ་མི་བཟའ། ༣སྐན་སྒྲ་མི་ཏོག༤། ཟས་ཁམས་གཅིག་ཕྱེད་ཁར་བཅུག་ལ། ཕྱད་ལྷུང་བཟེད་དུ་ལྷུང་བར་ཁམས་ཕྲོ་བཅད་ནས་དྲུག་སྡེས་ཟོས་ནས་
(༢༤༢)བཅས་པ་དེ་ལྟར་མི་བྱ་བ་ལ་བསླབ་པར་བྱའོ། ༥༈། ལག་པ་ལ་ཟས་ཆགས་པ་མི་བསྡག་པའང་། ༢ལྷུང་བཟེད་ལ་ཟས་ཆགས་པ་ལྕེས་མི་འགྱོག་པ་དང་། ༢ལག་པ་ལ་ཟས་ཆགས་པ་མི་སྤྲུགས་པ་དང་། ༣ལྷུང་བཟེད་མི་སྐྱོམ་པ་ནི་དྲུག་སྡེས་དགེ་སློང་སྣམ་སྦྱར་དམར་སེར་ཅན་ཞིག་ལ་མི་དགའ་བར། ལྷུང་བཟེད་བསྐྱོམ་ནས་སྣམ།། །སྦྱར་སྟེང་དུ་བཏབ་པས། སྣམ་སྦྱར་ལྷུང་བཟེད་ཀྱིས་མ་རུང་པར་བྱས་པས་བཅས་སོ། ༤། དྲུག་སྡེས་མུ་སྟེགས་པའི་མཐོང་པར་ཟས་ལ་མཆོད་རྟེན་འདྲ་བར་བཅོས་ནས། འོད་སྲུང་དང་རྫོགས་བྱེད་ཀྱི་མཆོད་རྟེན་བཤིག་པར་བྱའོ་བྱས་ནས་བཅས་པའི་ཟས་ལ་བང་རིམ་ཡོད་པའི་མཆོད་རྟེན་འདྲ་བར་བཅས་ཏེ་མི་བཟའ་བ་བསླབ་པར་བྱའོ། ༥༈། དྲུང་ན་འདུག་པའི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་ཕྱིར་ལྟ་བ་སྤངས། ༡ལག་པ་ཟས་ཀྱིས་འབགས་པས་འབགས་བུམ་མ་གཏོགས་ཆུ་སྣོད་ལ་མི་རེག༢། དྲུང་ན་འདུག་པའི་དགེ་སློང་ལ་ཟས་ཀྱི་འབག་ཆུ་མི་གཏོར། ༣ཁྱིམ་བདག་ལ་མ་དྲིས་པར་ལྷུང་བཟེད་བཀྲུས་པའི་འབགས་ཆུ་ས་ཕྱོགས་གང་ཐོད་ཐོད་དུ་ཕོ་བས་མ་དད་པར་འགྱུར་ཕྱིར་མི།། །བོ་བར་བསླབ་པར་བྱའོ། ༤༈། དྲུག་པ་
(༢༤༣)ལྷུང་བཟེད་ཀྱི་སྡེ་ཚན་ལ་རྣམ་པ་བཅུ་ཡོད་པ་ནི། ལྷུང་བཟེད་ཀྱི་ནང་དུ་ཟས་ཀྱིས་ལྷག་མ་བླུགས་ཏེ་མི་འདོར། ༡འོག་གཞི་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་འཇོག༢། གད་ཁར་མི་འཇོག༣། གཡང་པར་མི་འཇོག༤། དཀན་གཟར་པོར་མི་འཇོག༥། འགྲོང་སྟེ་མི་བཀྲུང་། ༦གད་ཁར་མི་འཁྲུ། ༧གཡང་པར་མི་འཁྲུ། ༨དཀན་གཟར་པོར་མི་བཀྲུ། ༩འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ལྷུང་བཟད་ཀྱིས་ཆུ་མི་བཅུ་བ་ལ་བསླབ་པར་བྱའོ། ༡༠༈། བདུན་པ་ཆོས་བཤད་པའི་སྡེ་ཚལ། ལྔ་ཚན་བཞི་དང་དྲུག་སྟེ་ཉེར་དྲུག་ཡོད་པ་ནི། ༈མི་ན་བར་བསྡད་པ་ལ་ལང་ནས་ཆོས་མི་བཤད། ༡ཉལ་ནས་འདུག་པ་ལ་ཆོས་མི་བཤད། ༢སྟན་མཐོན་པར་འདུག་པ་ལ་མ།། །བས་མི་བཤད། ༣སྔོན་ནས་འགྲོ་བ་ལ་རྗེས་ནས་མི་བཤད། ༤ལམ་གཞུང་ནས་འགྲོ་བ་ལ་ལམ་འགྲམ་ནས་ཆོས་མི་བཤད་དེ་ནད་པ་ནི་མ་གཏོགས་སོ། ༥༈། མི་ན་བར་མགོ་གཡོག་ཅན་ལ་ཆོས་མི་བཤད། ༡གོས་བརྫེས་པ་དང་། ༢གོས་ཕྲག་ལ་གཟར་བ་དང་། ༣གཞན་དང་ལག་པ་གཉན་གོང་དུ་འགྲོ་བསྣོལ་བ་དང་། ༤
(༢༤༤)རང་གི་ལག་གཉིས་ལྟག་པར་བསྣོལ་བ་དང་བཅས་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། ༥༈། མི་ན་བར་སྒྲ་དོར་སྐེར་ཅན་ལ་ཆོས་མི་བཤད། ༡མི་ན་བར། འོག་མ་རྣམས་འགྲེས་ཏེ་ཞྭ་གྱོན་པ་དང་། ༢མགོ་བོར་ཅོད་པཎ་བཏགས་པ་དང་། ༣མགོ་ལ་རིན་པོ་ཆེ་དང་མེ་ཏོག་གི་ཕྲེང་བ་ཅན་དང་། ༤། མགོ་དཀྲིས་པ་དག་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། ༥༈། མི་ན་བར་རྟ་ཞོན་པ་དང་། ༡ཁྱོགས་ན་འདུག་པ་དང་། ༢གླང་པོ་ཆེ་ཞོན་པ་དང་། ༣ཤིང་རྟ་ཞོན་པ་དང་། ༤མཆིལ་ལྷྭམ་གྱོན་པ་ལ་ཆོས་མི་བཤད། ༈མི་ན་ཞིང་དགྲ་སོགས་ཀྱི་འཇིགས་པ་མེད་པར། ལག་ན་མཁར་བ་དང་། ༡གདུགས་དང་། ༢མདུང་སོགས་དང་། ༣རལ་གྲི་དང་། ༤མདའ་གཞུ་དགྲ་ཆ་དན། ༥གོ་ཆ་གྱོན་པ་དང་དྲུག་ལ་ཆོས་མི་བཤད་པ་ལ་བསླབ་པར་བྱའོ། ༈། བརྒྱད་པ་རྒྱུ་བཞི་དགག་པའི་སྡེ་ཚན་ནི། མི་ན་བར་འགྲེང་སྟེ་བཤང་ལྕི་མི་འདོར། ༡མི་ན་བར་རྩ་སྔོན་པོ་ཡོད་པ་ནེ།། །སེང་མཛེས་པར་བཤང་ལྕི་དང་། ༢མཆིལ་སྣབས་སྐྱུགས་པ་མི་འདོར། ༣གནོད་པ་ལ་མ་བྱུང་བར་མི་གང་ལས། མ། ཐོར་ཤིང་ལ་མི་འཛེག་པ་ལ་བསླབ་པར་བྱའོ། ༤།
(༢༤༥)།། །དེ་རྣམས་ནི་ཕྱིན་ཆད་སྡོམ་སེམས་ཀྱི་ཆོག་གོ། །དེ་ལྟར་ཕམ་པ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། ལྟུང་བྱེད་དགུ་བཅུ། སོར་བཤགས་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ། ཐམས་ཅད་དྲིལ་བས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་མོ། ༈། དགེ་སློང་མ་ལ། ཕམ་པ། བརྒྱད། ལྷག་མ་ཉི་ཤུ། སྤང་ལྟུང་སོ་གསུམ། ལྟུང་བྱེད་བརྒྱ་དང་བརྒྱད་ཅུ། སོ་བཤགས་བཅུ་གཅིག། ཉེས་བྱས་བརྒྱ་དང་བཅུ་གཉིས། དེ་རྣམས་བསྡམས་པས། དགེ་སློང་མ་བའི་འདུལ་ཁྲིམས་སུམ་བརྒྱ་དྲུག་བཅུ་རྩ་བཞི་མདོ་ཙམ་བཤད་པའོ། །དེ་དག་ནི་མི་འཐུན་པའི་ཕྱོགས་ཡིན། དེ་དག་རེ་རེ་ནས་ངོ་ཤེས་པར་བྱས་ནས་བསྲུང་ངོ། ༈། དེ་རྣམས་བསྲུང་བའི་ཕན་ཡོན་ནི། ཚུལ་ཁྲིམས་དང་ལྡན་པ་སངས་རྒྱས་འབྱུང་དང་འཕྲད། ཞེས་སོགས། ཚུལ་ཁྲིམས་རབ་བསྔགས་སོགས་ཀྱི་མདོ་འདུལ་དག་དང་། མཁས་པ་རྣམས་ཀྱིས་བསྔགས་པར་འགྱུར་ཏེ། འགྱོད་མེད་དུ་འཆི་བའི་དུས་བྱས་ནས། ཕམ་པ་བསྲུང་བས་གཞན་འཕྲུལ་དབང་བྱེད་དུ་སྐྱེའོ། །དགེ་འདུན་ལྷག་མ་བསྲུང་བས་འཕྲུལ་དགའ་ལ་སྐྱེའོ། །སྦམ་པོ་བསྲུང་ན་དགའ་ལྡན་དུ་
(༢༤༦)སྐྱེའོ། །ལྟུང་བྱེད་བསྲུང་བས་འཐབ་བྲལ་དུ་སྐྱེའོ། །སོར་བཤགས་དང་བསླབ་བྱ་རྣམས་བསྲུང་བས་སུམ་ཅུ་རྩ་གསུམ་དང་ང་རྒྱལ་ཆེན་རིས་བཞིས་ལྷ་རྣམས་སུ་སྐྱེ་བ་ཐོབ་པར་འགྱུར་རོ། །ངེས་པར་བརྟེན་པས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། ༈། སོ་ཐར་གྱི་སྡོམ་པ་གཏོང་བའི་རྒྱུ་ནི་བཞི་སྟེ། བསླབ་པ་ཕུལ་ནས་སྡོམ་སེམས་དང་བྲལ་བ་དང་། ལུས་རྟེན་ཤི་འཕོས་པ་དང་། མཚན་གཉིས་གཅིག་ཆར་དུ་བྱུང་བའམ། མཚན་ལན་གསུམ་འགྱུར་བས་རྟེན་ཉམས་པའི་དང་། ལས་འབྲས་མེད་པར་ལྟ་བས་དགེ་རྩ་ཆད་པ་དང་བཞིའོ། ༈། མ་སྲུང་བའི་ཉེས་དམིགས་ནི། ༈གལ་ཏེ་ཚུལ་ཁྲིམས་འཆལ་བར་གྱུར་ན། ཉེས་པ་ལྐོག་ཏུ་བྱས་ཀྱང་། ས་བླའི་ལྷ་རྣམས་ཀྱིས་བསྒྲགས་པས་གཏམ་ངན་ཕྱོགས་ཐམས་ཅད་དུ་ཁྱབ་པ། འཇིག་རྟེན་ལྷ་དང་བཅས་པས་ཁྲེལ་ཞིང་བརྙས། མཁན་པོ་དང་སློབ་དཔོན་གྱི་མདུན་དུ་འགྲོ་བ་ལའང་གནོང་། དགེ་འདུན་ཚོགས་པའི་དབུས་སུ་བག་ཚ། སྦྱིན་བདག་གི་ཡོན་ལེན་པ་ལ་ས་ཞུམ། དཀར་ཕྱོགས་ལྷ་དང་ཆོས་སྐྱོང་རྣམས་ཀྱིས་མི་བསྲུང་། ནག་ཕྱོགས་བདུད་རིགས་རྣམས་ཀྱིས། གླག་རྙེད། ཚེ་འདིར་ཡང་མི་འདོད་པ་ཐམས་
(༢༤༧)ཅད་ཐོག་ཏུ་འབབ། ཡོན་ཏན་གོང་མ་མི་སྐྱེ། སྔར་ཐོས་པ་རྣམས་བརྗེད། འཆི་བའི་འགྱོད་པ་དང་བཅས་པས་དུས་འདས་ཏེ་ངན་སོང་གི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་ཏེ། དེའང་། དམྱལ་བ་ཚ་བ་དང་། ངུ་འབོད་ཆེན་པོ་དང་། །ངུ་འབོད་དང་། བསྡུས་འཇོམས་དང་། ཐིག་ནག་དང་། ཡང་སོས་རྣམས་སུ་སྐྱེ་ནས་སྡུག་བསྔལ་བར་ཐམས་ཅད་མཁྱེན་པས་མདོ་ལས་བསྟན་ཏོ། ༈། དེ་ལྟར་ཕན་ཡོན་དང་ཉེས་དམིགས་ཤེས་པའི་སྒོ་ནས་ཀྱང་བསྲུང་བར་རིགས་སོ། ༈། བཞི་། པ། བདེ་བར་གནས་པའི་རྐྱེན་བརྟེན་པའི་སྒོ་ནས་བསྲུང་བ་ནི། ༈དེའང་བདེ་བར་གནས་པ་རྐྱེན་གྱི་གཞི་ལྔ་ཞེས་པ། སྲ་བརྐྱང་གི་གཞི་དང་། ༡གོས་ཀྱི་གཞི་དང་། ༢ཀོ་ལྤགས་ཀྱི་གཞི་དང་། ༣གནས་མལ་གྱི་གཞི་དང་། ༤སྨན་གྱི་གཞི་དང་ལྔའོ། ༈དང་པོ་བག་ཡང་དང་འབྲེལ་པ་སྲབ་བརྐྱང་གི་གཞི་ནི། བོད་ལ་སྔོན་བསྟན་པ་སྔར་དར་དུས་མཁན་སློབ་ཆོས་གསུམ་གྱི་བཀས་ཕྱག་ལེན་བཀག་པར་མཛད་པས་ཕྱིས་ཀྱང་དར་སྲོལ་མ་བྱུང་བར་བཤད་ལ། ལར་ནི། སྲ་བརྐྱང་ཞེས་པ་ནི་རྒྱ་གར་ན་ཆོས་གོས་རྣམས་རས་ཁོ་ན་ལ་
(༢༤༨)བཟོ་བས་རས་ལ། འཁུམ་པ་དང་གཉེར་མ་འདུས་འདུས་སོགས་འབྱུང་བ་ལེགས་པར་བསྲང་བའི་ཆེད་དུ། ཤིང་ལེབ་ཆེན་པོ་ཆོས་གོས་ཀྱི་ཚད་ལྷག་པའི་སྟེང་དུ་ལེགས་པར་བརྐྱང་སྟེ། དེ་ཡང་མང་པོ་བརྩེགས་ཏེ་བཏིང་བཞག་པའི་དོན་ཡིན། སྲ་བརྐྱང་བཏིང་བའི་སྟེང་དུ་དགེ་སློང་གཞན་མི་སྡོད་པའི་བཅས་པའང་ཡོད། སྲ་བརྐྱང་ཞེས་པའི་བརྐྱང་ཞེས་པའང་གཉེར་མ་འཁུམ་པ་བརྐྱང་བའི་དོན་ཡིན། བོད་འདི་སྲ་བརྐྱང་མི་དགོས་པ་ནི་ཐེར་མ་ལ་ཆོས་གོས་བཅོས་པས་འཁུམ་གཉེར་མི་འབྱུང་བའི་དོན་གྱིས་ཀྱང་ཡིན་ནོ། ༡། ཞེས་འབེ་ལོ་ཆེན་ཚེ་དབང་ཀུན་ཁྱབ་ཀྱིས་བཤད་ཅེས་སྣང་ངོ། ༈། ལྒོ་ལྤགས་ཀྱི་གཞི་ནི། ཤིན་ཏུ་གྲང་བའི་ཡུལ་ལ་ཀོ་ལྤགས་ཀྱི་ལྷྭམ་དང་། གདན་དང་། མིག་ནད་ཅན་དང་གྲང་ནད་ཅན་ལ་དོམ་ལྤགས་ཀྱི་གདན་གནང་བའོ། ༈། གོས་ཀྱི་གཞི་ནི། འཚོ་བའི་ཡོ་བྱད་བཅུ་གསུམ་ཞེས། སྣམ་སྦྱར་དང་། ༡བླ་གོས་དང་། ༢ཐང་གོས། ༣གདིང་བ་དང་། ༤ཤམས་ཐབས་དང་། ༥ཤམས་ཐབས་ཀྱི་གཟན་དང་། ༦རྔུལ་གཟན་དང་། ༧རྔུལ་གཟན་གྱི་གཟན་དང་། ༨རས་ཆོན་དང་། ༩གཡན་དགབ་དང་། ༡༠སྐྲ་བཟད་དང་། ༡༡གདོང་ཕྱིས་དང་། ༡༢རྣག་
(༢༤༩)གཟན་དང་བཅུ་གསུམ་མོ། ༡༣༈། སྣམ་སྦྱར་ལ་སྣམ་ཕྲན་དགུ་དང་། བཅུ་གཅིག། བཅུ་གསུམ། གླེག་བུ་ཕྱེད་གསུམ། ༈སྣམ་ཕྲན་བཅོ་ལྔ། བཅུ་བདུན་བཅུ་དགུ། གླེང་བུ་ཕྱེད་བཞི། ༈སྣམ་ཕྲན་ཉེར་གཅིག། ཉེར་གསུམ། ཉེར་ལྔ། གླེང་བུ་ཕྱེད་ལྔའོ། ༈། བླ་གོས་རྣམ་ཕྲན་བདུན། གླེང་བུ་ཕྱེད་གསུམ། མཐོང་གོས་སྣམ་ཕྲན་ལྔ་དང་གླེང་བུ་ཕྱེད་གཉིས་སོ། །དེ་རྣམས་ཀྱི་ཚད་གོང་དུ་བཤད་ཟིན། གཡན་འགབ་ཀྱི་ཚད་ཀྱང་བཤད་ཟིན། ཤམས་ཐབས་དང་ཤམས་ཐབས་ཀྱི་གཟན་གཉིས་མཐོང་གོས་དང་འདྲ་སྟེ་ཉིན་མོ་དང་མཚན་མོ་མཐོང་གོས་ཀྱི་ནང་དུ་གྱོན་རྒྱུ་ཡིན། རྔུལ་གཟན་དང་རྔུལ་གཟན་གྱི་གཟན་གཉིས་ནི། ཚད་བླ་གོས་འདྲ་སྟེ། རྔུལ་གཟན་ནི་ཉིན་མོ་བླ་གོས་ཀྱི་ནང་དང་། རྔུལ་གཟན་གྱི་བཟན་ནི་མཚན་མོ་བླ་གོས་ནང་དུ་གྱོན་རྒྱུ་ཡིན། རས་ཆེན་ཚད་ཀྱང་བཤད་ཟིན། སྐྲ་བཟང་སྲིད་ཁྲུ་གསུམ། ཞེངས་ཁྲུ་ཕྱེད་གཉིས། གདོང་ཕྱིས་རྒྱ་དཔང་གྲུ་གང་མཉམ། རྣག་གཟན་བླ་གོས་དང་མཉམ་མོ། །རྒྱུན་དུ་དགོས་པའི་ཡོ་བྱད་དྲུག་ནི་ཆོས་གོས་རྣམ་གསུམ། གདིང་བ། ཆུ་ཚག། ལྷུང་བཟེད་རྣམས་སོ། །
(༢༥༠)༈། གནས་མལ་གྱི་གཞི། གཙུག་ལག་ཁང་དང་དྲི་གཙང་ཁང་རྣམས་ཏེ་དེ་དག་གི་བཟོ་ཚུལ་དཔེ་རིས་སོགས་གཞན་ལས་ཤེས་སོ། ༈། སྨན་གྱི་གཞི་ནི་བཞི་ལས། ༈དུས་རུང་གི་སྨན་ནི། ཟན་དང་ཁུར་བ་ཞོ་འོ་མ་ཕྲུམ་རྣམས་ཏེ་སྐྱ་རེངས་ཤར་བ་ནས་ཉིན་གུང་བར་སྔ་གྲོའི་དུས་སུ་བཟའ་བ་དང་། བཏུང་བ་རྣམས་ཏེ་ཕྱི་དྲོའི་བཟའ་མི་རུང་བ་རྣམས་སོ། ༈། ཐུན་ཚོད་ཀྱི་སྨན་ནི། ཐུན་ཚོད་སོ་སོའི་མཐར་བྱིན་ལེན་བྱས་ན་ཐམས་ཅད་དུ་ལོངས་སྤྱོད་རུང་བའོ། །འོ་མ་མ་གཏོགས་པའི་ཞོའི་ཁ་ཆུ་དང་། དར་བའི་དྭངས་མ་ལྟ་བུ་བཏུང་བའི་རིགས་རྣམས་ཏེ། དེའང་ཆུས་བསླད་པ། ཚགས་ཀྱིས་བཙག་པ། ཤིན་ཏུ་སླ་བ། འདམ་བུ་ཉག་མའི་མདོག་ལྟ་བུའོ། ༈། ཞག་བདུན་པའི་སྨན་ནི། ནད་པ་སོགས་ཀྱིས་བྱིན་རླབས་ནས་ཞག་བདུན་བར་དུ་གནང་བ། མར་དང་བུ་རམ་ཀ་ར་ལ་སོགས་པའོ། ༈། རྟག་པར་འཚོ་བཅང་གི་སྨན་ནི། བྱིན་རླབས་ནས་ཇི་སྲིད་འཚོའི་བར་དུ་བཅང་ཆོག་པ། གསོ་དཔྱད་ལས་བྱུང་བའི་སྨན་ཨ་རུ་ར་སོགས་ཡིན་ནོ། ༈། ལྔ་པ་བསླབ་པ་ཡོངས་སྦྱོང་གི་སྒོ་ནས་བསྲུང་བ་ནི། གཞི་གསུམ་ལ་སློབ་པས་བསྲུང་བ་ཡིན་ཏེ། དེའི་དང་པོ། གསོ་སྦྱང་ནི་
(༢༥༡)བསླབ་པ་གསུམ་གསོ་བ་དང་། མི་མཐུན་ཕྱོགས་སྦྱོང་བའོ། །དེ་ལ་ལྷག་པ་ཏིང་ངེ་འཛིན་དང་ཤེས་རབ་གཉིས་ཀྱི་གསོ་སྦྱང་ནི་ཞི་གནས་ཀྱི་གསོ་སྦྱོངས་ཞེས་བྱ་ལ། འདིར་ནི་བསླབ་པ་ཚུལ་ཁྲིམས་གཙོ་བོར་གསུངས་ཕྱིར། ཚུལ་ཁྲིམས་ཀྱི་བསླབ་པའི་གསོ་སྦྱོང་ལ། དབྱེ་ན། གནོད་པ་བཟློག་པའི་གསོ་སྦྱོང་། སྡུག་བསྔལ་པའི་གསོ་སྦྱོང་དང་། བཀྲ་ཤིས་པའི་གསོ་སྦྱོང་དེ་རྣམས་ནི་དུས་མ་ངེས་པའི་གསོ་སྦྱོངས་ཡིན་ལ། འདིར་དུས་ངེས་པའི་གསོ་སྦྱོང་ལ། དེའང་དུས་ཉི་མ་བྱུང་ངོ་ཅོག་ལ། རྒྱུན་ཆགས་གསུམ་པ་དང་། དུས་བཟང་ལ་མཚན་ཐོག་ཐག་གི་ཆོས་དང་། དུས་ངེས་པ་ཅན་གྱི་གསོ་སྦྱོང་བཅུ་བཞི་པ་དང་བཅོ་ལྔ་པ་སྟེ། ཟླ་བ་ཕྱེད་ཕྱེད་ལ་གསོ་སྦྱོང་རེ་རེ་སྟེ། དེའི་གསོ་སྦྱོང་བཅུ་བཞི་པ་རྣམས་གང་ཞེ་ན། རྒྱལ་དང་།། །དང་ས་ག་དང་། ཆུ་སྟོད་ཁྲུམས་སྨད་སྨིན་དྲུག་བཅས། འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པའོ། །ཞེས་པ་ལྟར་རོ། །དེ་ལ་ཆོ་ག་དགེ་ཚུལ་གྱི་གསོ་སྦྱོང་དངོས་གཞི་བཤགས་པ་དང་འདུན་དག་ཡིན། དགེ་སློང་གི་གསོ་སྦྱོང་གི་དངོས་གཞི་པོ་ཐར་གྱི་མདོ་འདོན་པ་ཡིན་པར་གསུངས་པས། དེ་ཕྱིར་ལྟུང་བ་དང་མ་འགྲོག་
(༢༥༢)པར་བྱས་ཏེ་བསླབ་པ་སྦྱོང་བའོ། ༈། གཉིས་པ་དབྱར་གནས་ཀྱི་གཞི་ནི། དེའང་བཞེད་ཚུལ་འདྲ་མིན་དབང་གིས། སྣོན་ཟླ་དང་། ཆུ་སྟོད་ཟླ་དང་། གྲོ་བཞིན་ཟླ་བ་དང་གསུམ་གྱི་ལུགས་སྲོལ་གང་རུང་གི་བཅུ་དྲུག་ནས་དབྱར་ཁས་བླངས་པར་བྱས་ནས་ཟླ་བ་གསུམ་དུ་གནས་པར་བྱའོ། ༈། འོན་ཀྱང་དྲུག་སྡེས་དགག་དབྱེ་དུས་རིང་དུ་མ་བྱས་པས། དགེ་སློང་རྣམས་ཀྱིས། ཆུ་བོའི་རླབ་བྲི། ལྗོན་ཤིང་གི་ལོ་མ་སེར་པོར་གྱུར་ཞིང་ས་ལ་བོར་བར་གྱུར་ཡང་དྲུག་སྡེས་དགག་དབྱེ་ད།། །དུང་ཡང་མ་བྱས་ཞེས་འཕྱ་བར་གྱུར་པས། སྣྲོན་ཟླའི་བཅུ་དྲུག་ནས་ཁས་བླངས་ན་ཆར་ཆུ་རྒྱས་པའི་དུས་ཡིན་པ་སོགས་རབ་ཏུ་འགྱུར། ༈། དགོས་པ་ནི། མུ་སྟེགས་པ་རྣམས་ཀྱིས་མི་འཕྱ་བ་དང་། དབྱར་དུས་སྲོག་ཆགས་མང་བས་དེ་དག་ལ་གནོད་པ་མི་འབྱུང་བ་དང་། རང་གི་ལུས་སྲོག་ལ་གནོད་པ་མི་འབྱུང་ཕྱིར་དང་། རལ་བ་གྲུམ་པ་འཆོས་པ་དང་། འཇིག་རྟེན་གྱི་དོན་དང་བྱ་བ་ཉུང་བ། ཐོས་བསམ་སྒོམ་པ་འཕེལ་བའི་ཕྱིར་དུ་ཟླ་བ་གསུམ་དུ་དབྱར་གནས་ནས་དགག་དབྱེ་དང་སྲ་བརྐྱང་འབྱུང་བ་སོགས་ཕན་ཡོན་དེ་ལྟ་བུའི་ཕྱིར་རོ། ༈། གསུམ་པ་དགག་དབྱེའི་གཞི་ནི། གཙུག་ལག་ཁང་ཞལ་གསོ་བའི་དགའ་སྟོན་དང་། དགེ་འདུན་
(༢༥༣)མཐུན་པར་བྱ་བ་སོགས་དུས་མ་ངེས་པའི་དགག་དབྱེ་ཡོད་མོད།། །འདིར་ནི་དུས་ངེས་པའི་དགག་དབྱེ་ནི། དབྱར་གནས་ཟླ་བ་གསུམ་འདས་པའི་གསོ་སྦྱོང་བཅུ་བཞི་པའམ། བཅོ་ལྔ་གང་བབ་ལ། ལྟུང་བའི་དགག་དབྱེ་དང་། རྫས་ཀྱི་དགག་དབྱེ་གཉིས་ལས། ༈ལྟུང་བའི་དགག་དབྱེ་ནི། དབྱར་གནས་རིང་ལ་དགེ་སློང་ཕན་ཚུན་ལྟུང་བ་མཐོང་ཐོས་གོ་གསུམ་གང་བྱུང་ཡང་མི་གླེང་བ་ཡིན་ལ། དགག་དབྱེའི་ཉིན་མོ་ལྟུང་བ་གླེང་བ་པོའི་དབྱར་བདག་བརྐོས་པས་ལྟུང་བ་གླེང་ཞིང་བཤགས་བསླབ་པ་ཡོངས་སུ་སྦྱོང་བ་ནི་དུས་ངེས་པའོ། །རྫས་ཀྱི་དགག་དབྱེ་ནི། དེའི་ཕྱི་ཉིན་དབྱར་གནས་རིང་ལ་དགེ་འདུན་གྱི་རྙེད་པ་གང་བྱུང་བགོད་པ་ཡིན། ༈དེའི་ཕྱི་ཉིན་གནས་དེར་སྐྱིད་ན་ཞེན་པ་སྤངས་ཕྱིར་དང་། མི་སྤྲོ་ན་སྐྱོ་བ་བསངས་ཕྱིར་ལྗོངས་རྒྱུ་དཔག་ཚད་ཕྱེད་ཀྱི་བར་བྱ་བར་གསུངས་སོ། ༈། ཉམས་ན་ཕྱིར་བཅོས་པའི་ཐབས་ནི། ལྟུང་བ་ཕྱིར་བཅོས་དང་རྩོད་པ་ཕྱིར་བཅོས་གཉིས་ལས། དེའང་བཤགས་པར་མི་སྤྲོ་ན་ནན་ཏུར་གྱི་སྒོ་ནས་བཅོས། སྤྲོ་ན་མཐོལ་བཤགས་ཀྱི་སྒོ་ནས་བཅོས་དགོས། ༈དང་པོ་ལྟུང་བ་ཕྱིར་བཅོས་ནི། དགེ་སློང་ཕའི་དབང་དུ་བྱས་སྟེ། བསྡིགས་པ་དང་། སྨད་པ་དང་
(༢༥༤)བསྐྲད་པ་དང་། ཕྱིར་འགྱེད་པ་དང་བཞི། དེ་སྟེང་གནས་བྱུང་བདུན་བཞགས་པས་བཅུ་གཅིག། དེ་སྟེང་གས་སྦྱོང་དགག་དབྱེ་བཞག་པས་བཅུ་གསུམ་མོ། །ཡང་གནས་དབྱུང་བདུན་གཅིག་ཏུ་བྱས་པས་བདུན་ནོ། །དང་པོ་ནི། འཐབ་དཀྲོལ་བྱེད་པའི་དགེ་སློང་དེ་ལ་གསོལ་གཞིའི་ལས་ཀྱིས་བསྡིགས་པའོ། །གཉིས་པ་ནི་དགེ་འདུན་ལྷག་མ་བྱེད་པ་དེ་སྨོད་པའོ། །གསུམ་པ་ནི་ཁྱིམ་སུན་འབྱིན་པ་གནས་དེ་ནས་བསྐྲད་པའོ། །བཞི་པ་ནི་བརྙས་པའི་གྲོགས་དང་བཅས་པ་ལས་ཕྱིར། འགྱེད་པའོ། ༈། ལྔ་པ་གནས་དབྱུང་བ་བདུན་ནི། ལྟུང་བ་མི་འཆོས་པར་ལྟུང་བ་མ་མཐོང་ཞེས་དང་། སྡིག་ལྟ་མི་སྟོང་བ་སོགས་དབྱུང་ངོ། །དྲུག་པ་ནི་གསོ་སྦྱོང་དེ་དག་ལྷན་ཅིག་མི་བྱ་བ་དང་། བདུན་པ་ནི་དགག་དབྱེ་དེ་དང་ལྷན་གཅིག་མི་བྱའོ། ༈། གཉིས་པ་མཐོལ་བཤགས་ཀྱི་སྒོ་ནས་ཕྱིར་བཅོས་ནི། ཕལ་པ་གང་རུང་འཆབ་བཅས་ལ་ཐབས་མེད་འཆབ་མེད་བྱུང་ན་བསླབ་བྱིན་དགེ་སློང་ཞེས་དེའི་ཆོ་ག་ཞིག་བྱས་ཏེ། གུལ་ནི་སྤོ། འགུ་སྤྱོད་པའི་ཡང་འོག་ཏུ་བཞག། དེ་ནས་སྡོམ་རོ་ཕུལ་ནས། སྡོམ་པ་ལེན་དགོས་པ་སྤྱིར་ཡིན་ནོ། །སླར་དགྲོམ་ཐོབ་ན་གཉུག་མར་གནས་པ་ཡིན་ནོ། ༈། ལྷག་མ་འཆབ་མེད་བྱུང་ན། མགུ་སྤྱོད་
(༢༥༥)ཞག་དྲུག་ཁོ་ན་བྱས་པས་སོར་ཆུད་དོ། །ལྷག་མ་འཆབ་བཅས་བྱུང་ན་ཞག་དུ་འཆབ་ཀྱི་སྤོ་བ་བྱ། དེ་ནས་མགུ་སྤྱོད་དང་། དབྱུང་བ་སྤྱོད་པ་བྱའོ། །དེས་སོར་ཆུད་དོ། ༈། མ་ངེས་པ་གཉིས་ལ། དགེ་བསྙེན་མ་ཡིད་ཆེས་ཀྱི་ཚིག་དང་ལྡན་པས་ཕམ།། །ལྷག་གང་བརྗོད་པ་དེའི་ཕྱིར་བཅོས་བྱའོ། ༈། སྤང་ལྟུང་སུམ་བཅུ་པོ་གང་རུང་བྱུང་ན་དངོས་པོ་སྤང་ནས་དགེ་འདུན་ལ་བཤགས་སོ། ༈། ལྟུང་བྱེད་འབའ་ཞིག་པ་གང་རུང་བྱུང་བ་ལ་དངོས་པོ་སྤང་མི་དགོས་པས་ལྟུང་བ་དེ་ཡུལ་དག་པའི་མདུན་དུ་བཤགས་གོ༈། །སོར་བཤགས་བཞི་པོ་བྱུང་བ་བཤགས་ཚུལ་དང་། མ་ངེས་པ་གཉིས་བཤགས་ཚུལ་སྔར་སོ་སོའི་སྐབས་བསྟན་པ་ལྟར་བཤད་པ་ལྟར་བཤགས་སོ། ། ཉེས་བྱས་བརྒྱ་དང་བཅུ་གཉིས་སོགས་གང་བྱུང་བ་ལ། སྔར་གྱི་དེ་ལ་ཉེས་པར་ཤེས་ཤིང་ཕྱིན་ཆད་ཡིད་ཀྱིས་སྡོམ་པས་འདག་གོ ༈།གཉིས་པ་རྩོད་པ་ཕྱིར་བཅོས་ནི། འཁོར་ལོའི་འམ་ལྟུང་ཕྱིར་རྩོད་པ་ནི། འདི་ལྟ་བུ་བྱས་པ་ལ་ལྟུང་བ་འབྱུང་དང་མི་འབྱུང་ཕན་ཚུན་ཕྱོགས་བཟུང་སྟེ་རྩོད་པ་དང་། ༈ལས་ཀྱི་ཆེད་དུ་བྱ་ཕྱིར་རྩོད་པ་ནི། འདི་ལྟ་བུ་ལ་ལས་ཆགས་དང་མི་ཆགས་ཅེས་ཕན་ཚུན་ཁ་ཕྱོགས་བཟུང་སྟེ་རྩོད་པར་
(༢༥༦)བྱེད་པ་གཉིས་ཡིན་ལ། འདི་གཉིས་གང་བྱུང་ཡང་ཞི་བར་བྱ་དགོས་པས། དེ་ལ་རྩོད་པ་ཞི་བྱེད་ཀྱི་ཆོས་བདུན་ཏེ། ༈དང་པོ་མངོན་སུམ་གྱིས་འདུལ་བས་རྩོད་པ་ཞི་བྱེད་ནི། དེ་ལ་གང་ཟག་གིས་ཞི་བར་བྱེད་པ་ནི། ཡོད་མེད་ཡིན་མིན་ལ་རང་རང་གི་བློ་དང་མཐུན་པར་གཏན་ལ་ཕབ། གལ་ཏེ་རང་སྟོབས་ཀྱིས་མ་ཞི་ན། དཔང་པོ་འཐད་སྒྲུབ་ཀྱི་གཟུ་བསོ་བཅོས་པ་དང་། དེས་རྩོད་པ་ཞི་མ་ནུས་ན་གནས་བརྟེན་མཐུ་ཅན་ཡོད་ན་དེས། དེ་ལ་ཁྱོད་ཀྱི་ལྟུང་བ་དེ་ཕྱིར་ཆོས་ཤིག། ཞེས་མངོན་སུམ་དུ་བརྗོད་པས་དག་པར་གཞུག་གོ། ། གཉིས་པས་དྲན་པས་འདུལ་བ་ནི། ལྟུང་བ་མ་དྲན་པ་ལ། ཁྱོད་ལ་ལྟུང་བ་བྱུང་བ་དེ་དྲན་པར་གྱིས་ཤིག། ཞེས་དྲན་ཏུ་གཞུགས་ཏེ་དག་ཏུ་གཞུག་གོ། ། གསུམ་པ་མ་མྱོས་པས་འདུལ་བས་ཞི་བར་བྱེད་པ་ནི། མ་མྱོས་པའི་སྐབས་སུ་ལྟུང་བ་དྲན་བཅུག་ཞེས་སམ། ཡང་ན་ལས་གང་ཡང་རུང་བ་ཞིག་བྱེད་པ་དེ་ལ། དགེ་སློང་གང་ཡང་རུང་བ་ཞིག་སྨྱོ་བས་ལས་དེ་ཆགས་སུ་མི་འཇུག་ན། དེ་ལ་འདི་ནི་སྨྱོ་བས་ཉེས་པ་མེད་དོ། །ཅེས་ལས་དེ་མ་ཞིག་པར་བྱའོ། ༈། བཞི་པ་གང་ཟག་གི་རྩོད་པ་ཞི་བར་མ་ནུས་ན། དགེ་འདུན་གྱིས་ཞི་བར་བྱེད་པས་ཚོད་ཤིང་། ཚུམ་ཤིང་ཞེས་གཞན་དུ་འབྱུང་བས་དཔྱད་མཆན་
(༢༥༧)མང་པོ་སྦྱིན་པས་འདུལ་བ་ནི། ལེགས་ཕྱོགས་ལ་ཆོས་ཀྱི་ཚོད་ཤིང་དང་། ཉེས་ཕྱོགས་ལ་ཆོས་མ་ཡིན་པའི་ཚོད་ཤིང་གཉིས་བྱས་སྟེ་ཆོས་ཀྱི་ཚོད་ཤིང་དེ་དྲངས་པ་ཁ་དོག་ལེགས་པ་དྲི་ཞིམ་པ་དེའི་ལེགས་པ་བརྗོད་ཅིང་ལེན་ན་ལེན་གཅིག་ལ་སྟེར་བར་བྱེད་ལ། ཆོས་མ་ཡིན་པའི་དེ་ནི་དེ་ལས་ལྡོག་པ་བཅོས་ནས་འགྲིམས་ཏེ་ཆོས་ཀྱི་ཚོད་ཤིང་ཉུང་བར་དོག་ན་ཀུན་ཤེས་ཀཽཎྜི་ནྱའི་སྐལ་བ་ཡང་བླངས། གལ་ལྟེ་ཆོས་མ་ཡིན་པའི་ཚོད་ཤིང་ལན་གྲབ་འདུག་ན་དེའི་མི་བསྔགས་པ་བརྗོད་ཅིང་ལན་གསུམ་གྱི་བར་དུ་བཟློག་གོ། །ད་དུང་ལེན་ན་སྟེར་དགོས་པས། དེ་ནས་ཚོད་ཤིང་གང་མང་སྟེང་དུ་བཏང་ནས་རྩོད་པ་དེ་ཞི་བར་བྱའོ། ༈། ལྔ་པ་ངོ་བོ་ཉིད་ཀྱི་འདུལ་བས་རྩོད་པ་ཞི་བར་བྱེད་པ་ནི། དེ་ལ་ལྟུང་བ་འབྱུང་མི་འབྱུང་གི་རྣམ་བཞག་ཁོ་རང་གིས་མ་ཤེས་པས་ཁས་མི་ལེན་པ་དེ་ལ། འདི་ལྟ་བུ་ལ་ལྟུང་བ་བྱུང་བ་ངེས་ཀྱི་ལེགས་པར་མནོས་ཤིག། ཞེས་བསམ་དུ་གཞུགས་ལ། དེ་ནས་དག་པར་བྱའོ། ༈། དྲུག་པ་རྩྭ་བཀྲམ་པ་ལྟ་བུས་འདུལ་བས་ཞི་བར་བྱེད་པ་ནི། གཞན་དག་པ་སྟེར་རེས་མེད་པས་ཁས་མི་ལེན་ཞིང་ཞི་བར་མ་ཐུབ་ན་བྱེད་དགོས་པས། དེ་ལ་དགེ་སློང་ཐམས་ཀྱིས་ཀྱང་
(༢༥༨)ཕན་ཚུན་ཕྱོགས་གཉིས་ལྟ་བུའི་རིས་མེད་པར་ཐམས་ཅད་ཕྱག་ཟིང་ཟིང་པོར་བྱེད་ཅིང་གཅིག་གིས་གཅིག་ལ་བཤགས་སྡོམ་ལེགས་པོར་བྱ་ཏེ་མཐུན་པར་བྱའོ། ༈། བདུན་པ་ཁས་བླངས་པར་བྱ་བས་འདུལ་བས་རྩོད་པ་ཞི་བར་བྱེད་པ་ནི། གང་ཟག་དང་འབྲེལ་བ་དང་། དགེ་འདུན་མཐའ་དང་འབྲེལ་བ་སྟེ། དང་པོ་ལྟུང་བ་མི་འབྱུང་བའི་རྒྱུ་ཡིན་ཏེ། དེ་ལ་དགེ་འདུན་གྱི་གནས་བརྟེན་མཐུ་ཅན་ལྟ་བུའམ། དགེ་འདུན་གྱིས་གླེངས་པ་དེ་ལ་ཁས་མ་བླངས་ན། དེའི་ཕྱོགས་སུ་གཏོགས་པ་མང་བའི་ཕྱིར། རྩོད་པ་འབྱུང་བས་དེ་མི་འབྱུང་བའི་ཆེད་དུ་རང་ལ་དེ་ལྟ་བུའི་ལྟུང་བ་དེ་མ་བྱུང་ཡང་ཁས་བླངས་ཏེ་བཤགས་པར་བྱའོ། ༈། དེ་དག་གིས་ནི་བསླབ་པ་བསྲུང་ཐབས་ལྟུང་བ་ཕྱིར་བཅོས་བཤད་ཟིན་ཏོ། ༈། གཞན་ཡང་དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་ནི་ཁྲོ་བར་བྱེད་པ་ལ་སླར་མི་ཁྲོ་བ་དང་། ༡བརྡེག་པར་བྱེད་པ་ལ་སླར་མི་བརྡེག་པ་དང་གཉིས། གཤེ་བར་བྱེད་པ་ལ་སླར་མི་གཤེ་བ་དང་གསུམ། མཚང་འབྲུ་བར་བྱེད་པ་ལ་སླར་མི་འབྲུ་བ་དང་བཞིའོ། ༈། བཞི་པ་ཉན་ཐོས་ཀྱི་བསྒོམ་པ་ནི། དེ་ལྟར་གཞི་ཚུལ་ཁྲིམས་དྲི་མ་མེད་པ་དང་ལྡན་པས་ཏིང་ངེ་འཛིན་དང་ཤེས་རབ་ལ་འཇུག་དགོས་པ། དང་པོ་ཐོས་བསམ་གྱི་ཤེས་རབ་རྒྱ་ཆེར་
(༢༥༩)བྱ། ཐོས་བསམ་རྐྱང་པས་ཀྱང་མྱང་འདས་མི་ཐོབ་ཕྱིར་བསྒོམ་དགོས་ཏེ། ཚུལ་གནས་ཐོས་དང་བསམ་ལྡན་པས། བསྒོམ་པ་ལ་ནི་རབ་ཏུ་སྦྱོར། གསུངས་པས། དེ་བས་ཐོས་པ་ནི་ཡིད་ཆེས་པའི་ལུང་ཐོས་པའོ། །བསམ་པ་ནི་རིག་པས་བརྟགས་པའོ། །བསྒོམ་པ་ནི་ཏིང་ངེ་འཛིན་ལས་སྐྱེས་པའི་ཤེས་རབ་བོ། ༈། རྟེན་བསྒོམ་པ་པོ་ནི། ལུས་འདུ་འཛི་ལས་བསྲིང་ཏེ་གྲོང་དུ་མི་སྡོད། སེམས་རྣམ་རྟོག་ངན་པ་ལས་བསྲིངས་ཏེ། ཐོས་བསམ་སྒོམ་གསུམ་ཁོ་ནར་འབད་པར་བྱའོ། །དེ་ལྟའི་བསྲུང་བ་གཉིས་དེ་ཡང་ཆོག་ཤེས་མེད་པ་དང་། འདོད་ཆེན་པ་ལ་སླ་བ་མ་ཡིན་པའི་ཕྱིར། རྙེད་པ་ངན་ངོན་ཉུང་ངུས་ཆོག་ཤེས་པར་བྱ། མ་རྙེད་པ་བཟང་མང་རྙེད་འདོད་པའི་འདོད་ཆེན་སྤངས་དགོས། འདོད་ཆུང་ཆོག་ཤེས་ཅན་དེ་ནི་ཁམས་གསུམ་དུ་མི་གཏོགས་ཏེ་དྲི་མ་མེད་ཕྱིར། མ་ཆགས་པ་དེ་འཕགས་པའི་རིགས་སོ། །དེའང་ཆོས་གོས་དང་། བསོད་སྙོམས་དང་། མལ་ཆ་དང་སྟན་གྱིས་ཆོག་ཤེས་པའོ། །ཆོས་གོས་སོགས་དེ་གསུམ་ལ་ཆགས་པ་ནི་བདག་གིར་འཛིན་པ་ལ་ཆགས་པའོ། །རང་གི་ལུས་ལ་ཆགས་པ་ནི་བདག་ལ་ཆགས་པ་སྟེ། བདག་གིར་འཛིན་པ་
(༢༦༠)གསུམ་ལ་མ་ཆགས་པ་ནི་ཚུལ་ཏེ་དུས་རེ་ཞིག་ཞི་བར་བྱེད་དོ། །བདག་ལ་མ་ཆགས་པ་ནི་ལས་ཏེ་དེས་བདག་དང་བདག་གིར་བའི་དངོས་པོ་གཉིས་ལ་སྲེད་པ་གཏན་དུ་ཞི་བར་བྱེད་དོ། །དེའང་མཛོད་ལས། བསྲིང་གཉིས་ལྡན་དང་ཆོག་མི་ཤེས། འདོད་ཆེན་ཅན་ལ་མ་ཡིན་ནོ། །སྙེད་ལ་ཡང་སྲེང་ཆོག་མི་ཤེས། མ་རྙེད་ལ་སྲེད་འདོད་ཆེན་ཅན། ལྡོག་པ་དེའི་གཉན་པོ་དག། དེ་གཉིས་ཁམས་གསུམ་གཏོགས་དྲི་མེད། །གསུམ་ནི་ཆོག་ཤེས་བདག་ཉིད་དོ། །གསུམ་གྱི་ཚུལ་བསྟན་ཐ་མ་ལས། །བདག་གིར་བདག་འཛིན་དངོས་འདོད་པ། །དེའི་དུས་དང་གཏན་ཞིའི་ཕྱིར། །ཅེས་གསུངས་སོ། ༈། བསྒོམ་པ་དངོས་ནི། དང་པོ་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པའི་ཏིང་ངེ་འཛིན་སོགས་བསྒོམ་སྟེ་ཞི་གནས་ཀྱི་སེམས་ལས་རུང་བསྒྲུབ་དགོས། ༈དེ་ནས་ལྷག་མཐོང་ནི་བདེན་བཞིའི་སྡུག་བསྔལ་སོགས་ལ། ཇི་སྐད་དུ་མི་རྟགས་སྡུག་བསྔལ་སྟོང་བདག་མེད། རྒྱུ་དང་ཀུན་འབྱུང་རབ་ཀྱི་རྐྱེན། །འགོག་ཞི་གྱ་ནམ་ངེས་འབྱུང་དང་། །ལམ་རིག་བསྒྲུབ་པ་ངེས་འབྱིན་ནོ། །ཞེས་པའི་བཅུ་དྲུག་གིས་མཐོང་སྤང་སྤངས་ཏེ། བཟོད་ཤེས་བཅུ་དྲུག་གིས་མཐོང་ལམ་ཐོབ་པར་བྱེད་དོ། ༈། དེ་དག་ཅུང་ཟད་བཤད་ན། བདེན་པ་
(༢༦༡)བཞིའི། ༈དང་པོ། སྡུག་བསྔལ་བདེན་པའི་མཚན་ཉིད་ནི། མི་རྟག་པ། སྡུག་བསྔལ་བ། སྟོང་པ། བདག་མེད་པ་དང་བཞིའོ། །གཉིས་པ་ཀུན་འབྱུང་བདེན་པའི་མཚན་ཉིད་ནི། རྒྱུ་དང་། ཀུན་འབྱུང་དང་། རབ་ཏུ་སྐྱེ་བ། རྐྱེན་བྱེད་པ་བཞིའོ། །གསུམ་པ་འགོག་པའི་བདེན་པའི་མཚན་ཉིད་ནི། འགོག་པ་ཞི་བ། གྱ་ནམ་པ། ངེས་པར་འབྱུང་བ་དང་བཞིའོ། །བཞི་པ་ལམ་གྱི་མཚན་ཉིད་ནི། ལམ། རིགས་པ། སྒྲུབ་པ། ངེས་པར་འབྱིན་པ་དང་བཞིའོ། ༈། དེ་དག་ཀྱང་། སྡུག་བསྔལ། སྐད་ཅིག་ཀྱང་མི་སྡོད་པས་མི་རྟག་པའོ། །ཁམས་གསུམ་དུ་སྡུག་བསྔལ་གྱི་རང་བཞིན་ཡིན་པས་སྡུག་བསྔལ་བའོ། །དཔྱད་ན་བདག་དང་བདག་གི་བས་སྟོང་པས་ན་སྟོང་པའོ། །རྟག་པ་གཅིག་པུ་རང་དབང་ཅན་སོགས་མུ་སྟེགས་བྱེད་ཀྱིས་བཤད་པ་ལྟར་མེད་པས་བདག་མེད་པའོ། །ཀུན་འབྱུང་ནི་སྲིད་པའི་བག་ཆགས་ཐམས་ཅད་འཇོམ་པས་རྒྱུ་དང་། རྒྱུ་དེས་སེམས་ཅན་མི་འདྲ་བ་ཀུན་བསྐྱེད་ཕྱིར་ཀུན་འབྱུང་བ་དང་། སེམས་ཅན་སོ་སོའི་དུས་དང་ཡུལ་དང་། རྣམ་པ་མི་འདྲ་བ་དུ་མ་བསྐྱེད་པས་རབ་ཏུ་སྐྱེ་བ། དེ་དག་གི་ལུས་ལེན་པ་དང་འདོར་བར་བྱེད་པས་རྐྱེན་དང་། །
(༢༦༢)འགོག་པ་ནི། ཉོན་མོངས་པ་དང་བྲལ་བས་ན་འགོག་པ། སྡུག་བསྔལ་རྒྱུ་དང་བཅས་ཞི་བས་ན་ཞི་བ། ཉོན་མོངས་ཀྱི་དྲི་ང་མེད་པས་གཙང་ཞིང་སྡུག་བསྔལ་དང་བྲལ་བ་བདེ་བའི་དངོས་པོ་ཡིན་པས་གྱ་ནོམ་པ། མྱང་འདས་རྟག་པ་ཕན་པའི་གཞིར་བྱུང་ཟིན་པས་ངེས་པར་འབྱུང་བའོ། །ལམ་ནི། མྱང་འདས་ཀྱི་གྲོང་དུ་རིམ་པར་བསྒྲོད་པའི་ལམ་མོ། །འདིས་ཉོན་མོངས་པའི་གཉེན་པོར་བྱེད་ཅིང་སྤོངས་པས་ན་རིགས་པའོ། །སེམས་ཕྱིན་ཅི་མ་ལོག་པའི་དོན་སྒྲུབ་པར་བྱེད་པའོ། །སྲིད་པ་འཁོར་བ་ལས་སྒྲོལ་ཞིང་མྱང་འདས་སུ་ངེས་པར་འབྱིན་པའོ། ༈། དེ་ལྟར་བདེན་བཞིའི་མཚན་ཉིད་ཤེས་པས། ལམ་དངོས་ལ་འཇུག་པ་ལ། ༈དང་པོ་ཐེག་པ་ཐམས་ཅད་ཀྱི་ལམ་གྱི་སྔོན་འགྲོ། དལ་འབྱོར་རྙེད་དཀའ་སོགས་རྣམ་པ་བཞི་བསྒོམ་ཞིང་། ཐུན་མོང་སྔོན་འགྲོ། ༈། དམ་པའི་ཆོས་ཀྱི་འགལ་རྐྱེན་འཇིག་རྟེན་ཆོས་བརྒྱད་སྤང་ཏེ། ཆོས་བརྒྱད་ནི། ལུས་སེམས་བདེ་ན་དགའ་བ། མ་བདེ་ན་མི་དགའ་བ། བསྟོད་ན་དགའ་བ། སྨད་ན་མི་དགའ་བ་། རྙེད་པ་བྱུང་ན་དགའ་བ། མ་རྙེད་ན་མི་དགའ་བ། གྲགས་པ་བྱུང་ན་དགའ་བ། མ་གྲགས་ན་མི་དགའ་བ་སྤང་བ་དང་བརྒྱད་དོ། །དེ་ལྟར་ངེས་པར་འབྱུང་བའི་བློ་དང་ལྡན་པས། དབང་པོ་
(༢༦༣)སྡོམ་པ། ཟས་ཀྱི་ཚོད་ཟིན་པ། ནམ་གྱི་ཆ་སྟོད་སྨད་ལ་གཉིད་སྤངས་ནས་རྣལ་འབྱོར་ལ་བརྩོན་པས། ལམ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པས་དགྲོད་དགོས་པ། དེ་ལ་བྱང་ཆུབ་ནི། ཟད་མི་སྐྱེ་ཤེས་པས་སྤངས་རྟོགས་མཐར་ཐུག་པའི་བྱང་ཆུབ་ཉན་རང་སངས་རྒྱས་གསུམ་མོ། །ཕྱོགས་མཐུན་ནི་དེ་དང་མཐུན་པའི་ཕྱིར་ཏེ། མཛོད་ལས། ཟད་དང་མི་སྐྱེ་ཤེས་པ་ནི། །བྱང་ཆུབ་དེ་དང་མཐུན་ཉིད་ཕྱིར། །ཅེས་སོ། ༈། བྱང་ཕྱོགས་དེ་མིང་གི་སྒོ་ནས་དབྱེ་ན་སོ་བདུན་ཏེ། དྲན་པ་ཉེ་བར་བཞག་ལ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དང་པོ་བདུན་ནོ། ༈། སོ་བདུན་དེ་རྫས་སུ་བསྡུ་ན་བཅུ་སྟེ། མཛོད་ལས། དད་དང་བརྩོན་འགྲུས་དྲན་པ་དང་། །ཤེས་རབ་ཏིང་འཛིན་བཏང་སྙོམས་དགའ། །རྟོག་དང་ཚུལ་ཁྲིམས་ཤིན་ཏུ་སྦྱངས། །གསུངས་སོ། ༈། སོ་བདུན་ཡོད་པ་བཅུར་ཇི་ལྟར་འདུས་སྙམས་ནས། དྲན་པ་ཉེར་བཞག་བཞི་ནི་ཤེས་རབ་ཏུ་འདུས། ཡང་དག་སྤང་བ་བཞི་ནི་བརྩོན་འགྲུས་ལ་འདུས། རྫུ་
(༢༦༤)།། །འཕྲུལ་རྐང་པ་བཞི་ནི་ཏིང་ངེ་འཛིན་ལ་འདུས། ལྷག་མ་ཉེར་ལྔ་འདུས་ཚུལ་ནི་མིང་གིས་རྟོགས་སོ། །དེའང་སོ་བདུན་དེ་ལ་སྡེ་ཚན་བདུན་ཡོད་པ་དེས་ལམ་ལྔ་བསྒྲོད་ཚུལ་བྱེད་བྲག་སྨྲ་བས་འདོད་པ་ནི། སྡེ་ཚན་བདུན་ནི་གོ་རིམ་བཞིན། ལས་ནི་དང་པོ་པ་དག་དང་། །ངེས་འབྱེད་ཆ་མཐུན་རྣམས་དང་ནི། །བསྒོམ་དང་མཐོང་ལམ་རབ་ཏུ་ཕྱེ། ། ཞེས་འདོད་ཀྱང་། འདིར་ཉན་ཐོས་མདོ་སྡེ་པ་ཡན་ཆད། མཐུན་པའི་ལུགས་སུ་བཤད་ན། སྡེ་ཚན་དང་པོ་གསུམ་གྱིས་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་བསྒྲོད། སྡེ་ཚན་བཞི་པ་དང་ལྔ་པས་སྦྱོར་ལམ་བགྲོད། སྡེ་ཚན་དྲུག་པས་མཐོང་ལམ་དང་། བདུན་པས་བསྒོམ་ལམ་བགྲོད། ། ༈དེའང་དང་པོ་ཚོགས་ལམ་ལ་ཞི་གནས་བསྒྲུབ་དགོས་པས། དེ་ལ། ཆོས་འདུལ་བ་ནི་གཙོ་ཆེར་འདོད་ཆགས་ཀྱི་གཉེན་པོར་གསུངས་ཕྱིར། དང་པོར་འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་བསྒོམ་པ་ལ། འདོད་ཆགས་ནི་བཞི་སྟེ། ཁ་དོག་གི་འདོད་ཆགས་དང་། དབྱིབས་ལ་ཆགས་པ་དང་། རེག་པ་ལ་ཆགས་པ་དང་། བསྙེན་བསྐུར་ལ་ཆགས་པ་དང་བཞིའོ། །དེ་ལ་ཁ་དོག་ལ་ཆགས་པའི་གཉེན་པོར། རྣམ་པར་བསྔོས་པ་དང་། བརྣགས་པ་དང་། །
(༢༦༥)དམར་བར་བསྒོམ་མོ། །དབྱིབས་ལ་ཆགས་པའི་གཉེན་པོར། རྣམ་པར་ཟོས་པ་དང་འཐོར་བར་བསྒོམ་མོ། །རེག་པ་ལ་ཆགས་གཉེན་པོར་རྣམ་པར་འབུས་གཞིག་པ་དང་། རུས་པ་བྲང་བྲེང་དུ་སྦྲེལ་བའི་ཀེང་རུས་བསྒོམ་མོ། །བསྙེན་བསྐུར་ལ་ཆགས་པའི་གཉེན་པོར་རོ་གཡོལ་བ་མེད་པར་བསྒོམ་མོ། ༈། ཆགས་པ་བཞི་དཀའི་གཉེན་པོར་ནི། ཀེང་རུས་ཆགས་བཅས་ཐམས་ཅད་ལུས་པ་རྒྱ་མཚོའི་བར་དུ་ནི། །སྤྲོ་ཞིང་སྡུད་པ་ལས་དང་པོ། །ཞེས་པ་རང་གི་ལུས་ཀྱི་གནས་གང་ཡང་རུང་བ་ཞིག་ནས་ཤ་རྣམས་མྱག་ཤིང་དེ་ནས་རིམ་པར་ཤ་ཟད་ཟག་པས་ཀེང་རུས་སུ་བསྒོམ་པ་རྒྱ་མཚོའི་བར་སྤྲོ་ཞིང་སླར་རང་གི་ལུས་ལ་སྡུད་པ་ནི་ལས་དང་པོ་བའི་རྣལ་འབྱོར་རོ། ༈། སྦྱང་བར་བྱ་བ་ནི། ཀེང་རུས་དེ་ལས་རྐང་པའི་རུས་པ་རྣམས་བོར་ནས་ལྷག་མ་ཡིད་ལ་བྱེད་ཅིང་མཐར་ནི་ཐོད་པའི་རུས་པའི་ཕྱེད་ཀྱི་བར་དུ་བཏང་ཞིང་བོར་བར་བྱེད་པ་བསྒོམ་མོ། ༈། ཡིད་ལ་བྱེད་པ་རྫོགས་ཚུལ་ནི། དེ་ནས་ཐོད་པའི་རུས་ཕྱེད་དེའང་བོར་ནས་སྨིན་མཚམས་ཀྱི་ནང་གི་རུས་པ་གྲུ་གསུམ་ཐེ་བོང་ཙམ་དེ་ལ་སེམས་འཛིན་ཏོ། ༈། ཉོན་མོངས་ལྷག་མ་རྣམས་ཀྱི་གཉེན་
(༢༦༦)པོར། དབུགས་དབྱུང་རྔུབ་དྲན་པ་ནི་དྲུག་སྟེ། དབུགས་བསྒྲངས་པ་དང་། རྗེས་སུ་འགྲོ་བ་དང་། འཇོག་པ་དང་། ཉེ་བར་རྟོག་པ་དང་། བསྒྱུར་བ་དང་། ཡོངས་སུ་དག་པ་སྟེ་དྲུག་གོ། ༈། བགྲང་བ་ན་མང་ན་གཡེང་། ཉུང་ན་ཞུམ་ཕྱིར་གཅིག་ནས་བཅུ་བར་བགྲང་ངོ། ༡། རྗེས་སུ་འགྲོ་བ་ནི། རྔུབ་ཚེ་ལྐོག་མ་སྙིང་ལྟེ་བ་བརླ་རྐང་པའི་བར་དུ་འགྲོ་ཞིང་། དབྱུང་བ་ན་མཐོ་གང་ངམ་འདམ་གང་བར་ཡིད་ལ་བྱའོ། ༢། འཇོག་པ་ནི། ནོར་བུའི་ཐག་པ་ལྟར་སྣ་རྩེ་ནས་རྐང་པའི་བར་དུ་གནས་ཤིང་ཕན་པ་དང་དྲོ་བར་བསྒོམ་མོ། ༣། ཉེ་བར་རྟོག་པ་ནི། ཡུལ་རླུང་ནི་རྫས་བརྒྱད་འདུས་པའི་གཟུགས་ཕུང་དང་། ཡུལ་ཅན་ཤེས་རབ་ནི་མིང་བཞིའི་ཕུང་པོ་སྟེ་ཕུང་པོ་ལྔ་པར་རྟོག་པའོ། །བསྒྱུར་བ་ནི། རླུང་ལ་དམིགས་པའི་བློ་གོང་ནས་གང་དུ་ཆོས་མཆོག་གི་བར་དུའོ། ༥། ཡོངས་དུ་དག་པ་ནི། མཐོང་ལམ་སོགས་ལ་འཇུག་པའོ། ༈། དེ་ལྟར་ཞི་གནས་བསྒོམ་པས། འདོད་ཆགས་སོགས་ཉོན་མོངས་མགོ་ནོན་པར་བྱེད་ཀྱང་། ལྷག་མཐོང་གི་ཤེས་རབ་མ་བསྒོམ་ན་ཉོན་མོངས་རྩ་བ་ནས་མ་སྤངས་ཏེ། འབྲས་བུ་ཐོབ་པར་མི་ནུས་ཕྱིར་ལྷག་མཐོང་བསྒོམ་པ་ནི། ༈ལམ་
(༢༦༧)བྱང་ཕྱོགས་ཀྱི་ཆོས་རྣམས་རིམ་གྱིས་བསྒོམ་པ་སྟེ། ༈། དང་པོ་དྲན་པ་ཉེ་བར་བཞག་པ་བཞི་བསྒོམ་པ་ནི། དེའང་སྤྱིའི་མཚན་ཉིད་བསྒོམ་པ་ནི། བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་གསུངས་པ་སྟེ། འདུས་བྱས་ཐམས་ཅད་མི་རྟག་པ་ཉིད་དོ། །ཟག་པ་དང་བཅས་པ་རྣམས་ནི་སྡུག་བསྔལ་བར་ཉིད་དོ། །ཆོས་ཐམས་ཅད་ནི་སྟོང་ཞིང་། བདག་མེད་པ་ཉིད་དོ། །མྱ་ངན་ལས་འདས་པ་ནི་སྤྲོས་པ་ཉེ་བར་ཞི་བའོ། །ཞེས་གསུངས་པའོ། ༈། རང་གི་མཚན་ཉིད་བཤད་ན། དང་པོ། ལུས་དྲན་པ་ཉེ་བར་བཞག་པ་ནི། ལུས་ནི་འབྱུང་བ་དང་འབྱུང་འགྱུར་རོ། །དེའང་མི་རྟགས་པ་སྡུག་བསྔལ་བ་དང་མི་གཙང་རྫས་ཏེ། ཅི་ཡི་ཕྱིར་མི་གཙང་ཞེ་ན། མི་གཙང་བའི་རྫས་སུམ་ཅུ་སོ་དྲུག་འདུས་པའི་གང་བུ་སྟེ། སྐྲ་དང་། །༡བ་སྤུ་དང་། ༢སེན་མོ་དང་། ༣སོ་དང་། ༤རློགས་པ་དང་། ༥དྲི་མ་དང་། ༦སགས་པ་དང་། ༧ཤ་དང་། ༨རུས་པ་དང་། ༩ཆུ་བ་དང་། ༡༠རུས་པ་དང་། ༡༡རྩ་དང་། ༡༢མཁལ་མ་དང་། ༡༣སྙིང་དང་། ༡༤མཆིན་པ་དང་། ༡༥གློ་བ་དང་། ༡༦གཉེར་མ་དང་། ༡༧ཕོ་བ་དང་། ༡༨ལོང་ཀ་དང་། ༡༩མཆེར་པ་དང་། ༢༠ཕྱི་པ་དང་། ༢༡མཆི་མ་དང་། ༢༢རྔུལ་ཆུ་དང་། ༢༣
(༢༦༨)མཆིལ་མ་དང་། ༢༤སྣབས་དང་། ༢༥ཞག་དང་། ༢༦ཆུ་སེར་དང་། ༢༧རྐང་དང་། ༢༨ཚིལ་བུ་དང་། ༢༩མཁྲིས་པ་དང་། ༣༠བད་རྐན་དང་། ༣༡རྣག་དང་། ༣༢ཁྲག་དང་། ༣༣ཀླད་སྤྲི་དང་། ༣༤ཀླད་རྒྱས་དང་། ༣༥གཅིན་དང་། ༣༦སོ་དྲུག་སྟེ་འདི་ལྟ་བུའི་རང་བཞིན་གཏན་ལ་ཕབ་ནས་རྩེ་གཅིག་ཏུ་བསྒོམ་པས་སྡུག་བསྔལ་བདེན་པ་ལ་ཞུགས་པའོ། །ཚོར་བ་དྲན་པ་ཉེར་བཞག་ནི། ཚོ་བ་ནི་གསུམ་སྟེ་བདེ་སྡུག་བཏང་སྙོམས་སོ། །དེའང་། མི་རྟག་པ་སྟོང་པ་སྡུག་བསྔལ་བའི་མཚན་ཉིད་དེ། ལུས་སེམས་ཀྱི་ཚོར་བ་བདེ་བ་ཐམས་ཅད་ནི་འགྱུར་བའི་སྡུག་བསྔལ། ཚོར་བ་སྡུག་བསྔལ་བ་ཐམས་ཅད་ནི་སྡུག་བསྔལ་གྱི་སྡུག་བསྔལ། ཚོར་བ་བར་མ་བཏང་སྙོམས་ཐམས་ཅད་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་ཤིང་གོམས་སུ་བཅུག་པས། བདེ་བར་ཞེན་པ་སོགས་སྤངས་ཏེ་ཀུན་འབྱུང་གི་བདེན་པ་རྟོགས་སོ། །སེམས་དྲན་པ་ཉེ་བར་བཞག་ནི། སེམས་ནི་དམིགས་པ་སྟེ། འདི་ནི་བརྟགས་ནས་སྐད་གཅིག་མའི་ཕྲེང་བ་མི་རྟགས་པ་སྟོང་པ་བདག་མེད་པར་བསྒོམ་པས་རྟག་འཛིན་སྤངས་ཏེ་འགོག་བདེན་འཇུག་གོ། ཆོས་དྲན་པ་ཉེར་བཞག་ནི། ཆོས་
(༢༦༩)ནི། ལུས་ཚོར་སེམས་གསུམ་ལས་གཞན་པའི། འདུ་ཤེས་དང་། འདུ་བྱེད། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་དོ། །འདི་དག་ཀྱང་མི་རྟག་སྟོང་པ་བདག་མེད་བསྒོམ་པས། གང་སྤང་བྱ་དང་། གང་དེའི་གཉེན་པོར་ཤེས་པའི་ལམ་བདེན་ལ་འཇུག་པ་ཡིན། དེ་ལ་དྲན་པ་ནི་ལུས་ཚོར་སེམས་ཆོས་བཞིའི་རང་བཞིན་ཇི་ལྟ་བ་ཤེས་པའི་ཤེས་རབ་བོ། །ཉེ་བར་བཞག་པ་ནི། ཤེས་རབ་ཀྱིས་དཔྱོད་པས་མཚན་ཉིད་ཤེས་པ་དེ་ལ་རྩེ་གཅིག་འཇོག་པའོ། ༈། ཡང་དག་ཡངས་པ་བཞི་ནི། མི་དགེ་སྐྱེས་པ་སྤངས། མ་བསྐྱེས་པ་མི་སྐྱེད། དགེ་ཆོས་སྐྱེས་པ་སྤེལ་མ་སྐྱེས་པ་སྐྱོད་པ་བཞི་སྟེ། རང་གཞན་ལ་གནོད་ཅིང་སྡུག་བསྔལ་བསྐྱེད་པའི་སྡིག་པ་མི་དགེ་བ་བཅུ་སོགས་དང་དེའི་གྱུ་འདོད་ཆགས་སོགས་སེམས་ལ་བག་ཆགས་ཀྱི་རྒྱུན་སྔར་སྐྱེས་པ་ཐམས་ཅད་སྤོང་བ་ལ་འདུན་པ་བསྐྱེད་དེ་འགོད། བརྩོན་གྲུས་བརྩམ་མོད། སེམས་རབ་ཏུ་འཛིན་ཏོ། །ཡང་དག་པར་འཇོག་གོ། །ཡང་ད་ལྟ་མི་དགེ་བ་སེམས་ལ་མ་སྐྱེས་པ་དེ་ཕྱིན་ཆད་ཀྱང་མི་སྐྱེད་དོ་སྙམས་པའི་འདུན་པ་བསྐྱེད་དེ་འབད་དོ་སོགས། ཡང་། རང་གཞན་ལ་ཕན་པའི་དགེ་བ་བཅུ་སོགས་དེའི་རྒྱུ་མ་ཆགས་སོགས་སྔར་སེམས་
(༢༧༠)རྒྱུད་ལ་སྐྱེས་པ་རྣམས་གོང་ནས་གོང་དུ་སྤེལ་ལོ་སྙམས་པའི་འདུན་པ་བསྐྱེད་དེ་འབད་དོ་སོགས༴། ཡང་རང་རྒྱུད་དགེ་བ་དང་དགེ་བའི་རྒྱུ། ད་ལྟ་མ་སྐྱེས་པ་རྣམས་བསྐྱེད་དོ་སྙམས་པའི་འདུན་པ་བསྐྱེད་དེ་འབད་དོ་སོགས་ནས་ཡང་དག་པར་འཇོག་གོ། །འདི་བཞིའི་ངོ་བོ་བརྩོན་འགྲུས་ཡིན་ནོ། ༈། དེ་ནས་རྫུ་འཕྲུལ་གྱི་རྐང་པ་བཞི་ནི། འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ནི། ཏིང་ངེ་འཛིན་ལ་ལྷག་པར་མོས་འདུན་ཆེན་པོའི་དབང་གི་དགེ་བ་ལ་གུས་སྦྱོར་གྱི་ཏིང་ངེ་འཛིན་ལ་འཇུག་པའི་སྒོ་ནས་སེམས་རྩེ་གཅིག་པ་ཐོབ་པའོ། ༡། བརྩོན་གྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་། རྫུ་འཕྲུལ་གྱི་རྐང་པ་ནི། དགེ་བ་སྒྲུབ་སྡིག་པ་སྤོངས་སྡིག་པའི་གཉེན་པོ་གོང་འཕེལ་དུ་བརྩོན་པ་རྒྱུན་མི་གཅོད་པའོ། ༢། སེམས་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ནི། སྐྱེ་བ་སྔ་མ་ལ་བསམ་གཏན་གམ་པའམ་སྦྱོར་བྱུང་གི་ཏིང་འཛིན་ཡུན་རིང་སྦྱངས་ཤུགས་ཀྱིས་སེམས་རྩེ་གཅིག་ཐོབ་པའོ། ༣། སྤྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་ནི། དགེ་བའི་བཤེས་གཉེན་ལས། ཆོས་ཐོབ་པས། ཐོས་བསམ་གྱི་ཤེས་རབ་ཀྱིས་
(༢༧༡)ཆོས་ཐམས་ཅད་ཀྱི་མཚན་ཉིད་མི་རྟག་པ་དང་སྟོང་པ་གཏན་ལ་ཕེབ་སྟེ་ཐེ་ཚོམ་མེད་པར་སྤྱོད་པའི་སེམས་རྩེ་གཅིག་པའོ། །འདི་བཞིའི་ངོ་བོ་ཏིང་ངེ་འཛིན་ཏོ། །སྤོང་བའི་འདུ་བྱེད་ཅེས་པ་ནི། ཏིང་ངེ་འཛིན་དེ་ལ་མི་མཐུན་ཕྱོགས་ཀྱི་སྒྲིབ་པ་ལྔ་ཡོད་དེ། གང་ཞེ་ན། ལེ་ལོ་དང་། བརྗེད་ངས་དང་། ཞུམ་རྒོད་དང་། ཞུམ་རྒོད་བྱུང་ཚེ་འདུ་མི་བྱེད་པ་དང་། མི་གཡོ་བ་ཐོབ་ཚེ་འདུ་བྱེད་པའི་སྒྲིབ་པ་དང་ལྔའོ། །ལེ་ལོ་ནི་ཏིང་ངེ་འཛིན་དང་མི་སྦྱོར་བའི་སྒྲིབ་པའོ། །བརྗེད་ངས་ནི་བསམ་གཏན་གྱི་མན་ངག། བརྗེད་ནས་མི་དྲན་པའོ། །ཞུམ་པ་ནི། བསྒོམ་པའི་ཚེ་རྨུགས་པས་སེམས་ཞུམ་པའོ། །རྒོད་པ་ནི་བསྒོམ་པའི་ཚེ་རྟོག་པ་འཕྲོ་བས་གཡེང་བའོ། །ཞུམ་རྒོད་གཉིས་གཅིག་ཏུ་བརྩིའོ། །འདུ་མི་བྱེད་པ་ནི་ཞུམ་རྒོད་བྱུང་ཚེ་ཞུམ་རྒོད་ཀྱི་གཉེན་པོ་འདུ་མི་བྱེད་པའོ། །འདུ་བྱེད་ནི། སེམས་མི་གཡོ་བར་མཉམ་པར་ཐོབ་ཚེ་འདུ་བྱེད་པའོ། །སྒྲིབ་པ་དེ་ལྔ་སྤང་བྱེད་ཀྱི་གཉེན་པོ། འདུ་བྱེད་བརྒྱད་ཡོད་པ་ནི། དད་པ་དང་། མོས་པ་དང་། བརྩོན་འགྲུས་དང་། ཤིན་སྦྱངས་དང་། དྲན་པ་དང་། ཤེས་བཞིན་དང་། སེམས་དཔའ་དང་། བཏང་སྙོམས་དང་བརྒྱད་དོ། །དེ་བརྒྱད་ལས་དང་པོ།
(༢༧༢)བཞིས་ལེ་ལོ་འཇོམས་ཏེ། དད་པ་ཡོད་ན་མོས་པ་སྐྱེ། མོས་པས་བརྩོན་འགྲུས་སྐྱེ། བརྩོན་འགྲུས་ཡོད་ན་ཤིན་སྦྱངས་འབྱུང་། དེ་ཡོད་ན་ལེ་ལོ་འབྱུང་བའི་སྐབས་མི་རྙེད་དོ། །ལྷག་མའི་གཉེན་པོ་བཞིས། སྒྲིབ་པ་ལྷག་མ་བཞི་རིམ་པར་འཇོམས་ཏེ། དྲན་པ་ཡོད་ན་བརྗེད་ངས་འཇོམས། ཤེས་བཞིན་གྱིས་ཞུམ་རྒོད་འཇོམས། སེམས་པས་འདུ་མི་བྱེད་པ་འཇོམས། བཏང་སྙོམས་ལ་གནས་པས་འདུ་བྱེད་འཇོམས་སོ། ༈། རྫུ་འཕྲུལ་ཞེས་པ་ནི། རང་གི་ལུས་མི་སྣང་བ་མེ། ཕུང་དུ་བརྫུ་བ་ལྟ་བུ། གཅིག་ལས་དུ་མ་འཕྲུལ་བ་སོང་། ལྷ་ཡི་མིག་སོགས་མངོན་པར་ཤེས་པ་ལྔར་ཡང་འཆད་དོ། །རྐང་པ་ནི། རྫུ་འཕྲུལ་དེ་དག་ཐོབ་པར་བྱེད་པའི་ཏིང་འཛིན་ནོ། །དེ་ལྟར་ཚོགས་ལམ་དུ་ཏིང་ངེ་འཛིན་ལ་ཇི་འདོད་དུ་བསྐོལ་གཏུབ་པ་ངོ་བོ་ནི་ཞི་གནས་ཏེ་བསམ་གཏན་པ་དྲུག་གང་རུང་ཞིག་ལས་ཉོན་མོངས་རྣམས་འགོ་ནོན་པའི་སྐབས་སོ། ༈། དེ་ནས་སྦྱོར་ལམ་ངེས་འབྱེད་ཆ་བཞི་ནི། ལམ་འདིས་མཐོང་ལམ་དུ་སྦྱོར་བས་ན་སྦྱོར་ལམ། ཉོན་མོངས་མཐོང་སྤང་རྣམས་དང་ངེས་པར་འབྱེད་པས་ན་ངེས་འབྱེད། མཐོང་ལམ་མ་ཐོབ་ཀྱང་ཐོབ་པ་དང་འདྲ་བས་ཆ་མཐུན། དེ་ལ་ནང་ཚན་དུ་རིམ་པར། དྲེད་དང་།
(༢༧༣)རྩེ་མོ་དང་། བཟོད་པ་དང་། ཆོས་མཆོག་དང་བཞི་ཡོད་པའི། དྲོད་ནི། འདིར་ཞི་གནས་རྐྱང་པ་མིན་པ། ལྷག་མཐོང་གི་ཉམས་སྐྱེས་པས་བདེན་བཞིའི་མཚན་ཉིད་ལ་གསལ་སྣང་ཐོབ་པས། ཉོན་མོངས་པ་མཐོང་སྤོང་གི་བུད་ཤིང་རྣམས་བསྲེགས་པའི་མཐོང་ལམ་གྱི་ཡེ་ཤེས་མེ་འདྲ་བ་སྐྱེ་བའི་སྔ་ལྟས་དང་པོ་དྲོད་འབྱུང་བ་ཐོབ་པ་སྟེ། འདི་ལ་དགེ་རྩ་གཡོ་བ་ཅན་ཞེས་པ། ལྟུང་བའམ་མྱང་འདས་ཐོབ་པའམ་ལམ་གཞན་དུ་ལྡོག་པ་མ་ངེས་པས་སོ། །དེ་ནས་རྩེ་མོ་ནི། དྲོད་སྐྱེས་པ་དེ་ཆེར་རྒྱས་ཏེ། རྩེ་མོར་ཕྱིན་ནས་ཐར་པ་ཆ་མཐུན་གྱི་དགེ་རྩ་བསྐྱེད་པ་ལ་དབང་བྱེད་པའི་ཕྱིར་ལམ་འདི་དབང་པོ་ལྔས་བགྲོད་དེ། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་དང་ལྔའོ། །དེ་ལྔས་བསླབ་པ་གསུམ་བསྐྱེད་དེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་། ལྷག་པ་ཤེས་རབ་ཀྱི་བསླབ་པ་དང་གསུམ་བསྐྱེད། ༈དད་པའི་དབང་པོ་ནི་གསུམ་སྟེ། ཡིད་ཆེས་ཀྱི་དད་པ་དང་། འདོད་པའི་དད་པ་དང་། དྭངས་པའི་དད་པ་དང་གསུམ་མོ། །དད་པ་དེས་བརྩོན་འགྲུས་འབྱུང་བར་
(༢༧༤)དབང་བྱེད། བརྩོན་འགྲུས་ཀྱི་དབང་པོས་ནི། བསླབ་གསུམ་སྒྲུབ་པར་དབང་བྱེད། དྲན་པའི་དབང་པོ་ནི། བསླབ་པ་ཚུལ་ཁྲིམས་ལ་དབང་བྱེད། ཏིང་ངེ་འཛིན་གྱི་དབང་པོ། སེམས་རྩེ་གཅིག་པས་སེམས་ཀྱི་བསླབ་པ་ལ་དབང་བྱེད། ཤེས་རབ་ཀྱི་དབང་པོ་ཆོས་ཐམས་ཅད་ཡང་དག་པར་འབྱེད་པས། ཤེས་རབ་ཀྱི་བསླབ་པ་ལ་དབང་བྱེད་དོ། །དེ་ལྟར་དགེ་རྩ་ཀུན་གྱི་རང་བཞིན་བསླབ་གསུམ་ལ་དབང་བར་བྱས་ཀྱང་། །མི་མཐུན་ཕྱོགས་འདྲེ་བ་བཅོམ་ནུས་པའི་སྟོབས་མ་རྫོགས་པའི་སྐབས་ཡིན། དེ་ནས་དབང་པོ་ལྔ་དེ་མི་མཐུན་ཕྱོགས་འཇོམས་པའི་སྟོབས་རྫོགས་པས། དད་པའི་སྟོབས་སོགས་ལྔར་གྱུར་པས། དེ་ལྔས་མི་མཐུན་ཕྱོགས། མ་དད་པ་དང་། མེ་ལོ་དང་། བརྗེད་ངས་པ་དང་། གཡེང་བ་དང་། ཤེས་བཞིན་མ་ཡིན་པ་ལྔ་འཇོམས་ནུས་ཤིང་ཅུང་ཟད་ཀྱང་གཡོར་མི་འཇུག་པས་སྟོབས་ལྔ་ཞེས་བྱའོ། །དེས་བདེན་བཞིའི་དོན་བདག་མེད་ལ་མི་སྐྲག་པ་བཟོད་ནུས་ཕྱིར། བཟོད་པ་ཐོབ་ཅེས་བྱའོ། །དེ་ནས་འཇིག་རྟེན་ཆོས་མཆོག་ནི། ཟག་བཅས་ཡིན་ཀྱང་དེ་མ་ཐག་མཐོང་ལམ་སྐྱེ་བས་འཇིག་རྟེན་ན་སྔོན་དེ་འདྲ་ཐོབ་པའི་མ་རྙེད་པས་མཆོག་ཞེས་སོ། ༈། དེ་ལྟའི་སྦྱོར་ལམ་ལ་སྤང་བྱའི་ཉོན་མོངས། ༈། མཐོང་སྤང་
(༢༧༥)བརྒྱ་དང་བཅུ་གཉིས་ཡོད་པ་ནི། རྩ་ཉོན་དྲུག་ནི། ལྟ་བ་ལ་ལྔར་བརྩིས་པ། ལྟ་བ་ལྔ་དང་། ལྟ་མིན་ལྔ་དང་བཅུ་པོ་དེ་འདོད་ཁམས་ལ་ཡོད་པ། དེ་བཅུས་བདེན་བཞི་ལ་ལོག་པར་ཞུགས་པ་བཞི་བཅུ་བྱུང་། ཁམས་གོང་མ་གཉིས་ན་སེམས་ཞི་བར་གནས་ཕྱིར། ཁོང་ཁྲོ་མེད་པས། ཉོན་མོངས་དགུ་རེ་དགུ་རེ་ཡོད་པས་བདེན་བཞི་ལ་ལོག་པར་ཞུགས་པས། སོ་དྲུག་པ་མཚན་གཉིས་ཏེ། ཁམས་གསུམ་གྱི་མཐོང་སྤང་ཀུན་བསྡོམ་པས་དེ་དག་བྱུང་བའོ། །དེའང་བདེན་བཞི་ལ་ཇི་ལྟར་ལོག་པར་ཞུགས་སྙམས་ན། དཔེར་ན་སྡུག་བསྔལ་བདེན་པར་ལོག་པར་ཞུགས་ཚུལ་ནི། འདོད་ཆགས་ཀྱིས་སྡུག་བསྔལ་ལ་བདེ་བར་ཞེན་པས་ཆགས། ཁོང་ཁྲོས་སྡུག་བསྔལ་ལ་མི་འདོད་པར་ཁྲོ། གཏི་མུག་གིས་སྡུག་བསྔལ་གྱི་མཚན་ཉིད་མི་ཤེས་པར་འཇུག། ང་རྒྱལ་གྱིས་སྡུག་བསྔལ་ལ་རློམ་སེམས་ཁེངས་པ་སྐྱེ། ཐེ་ཚོམ་གྱིས་འདི་སྡུག་བསྔལ་ཡིན་ནམ་མིན་སྙམས། འཇིག་ལྟས་སྡུག་བསྔལ་ལ་བདེན་པར་ཞེན་མཐར་ལྟས་སྡུག་བསྔལ་ལ་ཡོད་མེད་དུ་བལྟ། ལོག་ལྟས་སྡུག་བསྔལ་ལ་སྡུག་བསྔལ་མིན་པར་ལྟ། ལྟ་བ་མཆོག་འཛིན་གྱིས་སྡུག་བསྔལ་མཆོག།
(༢༧༦)ཏུ་བལྟ། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱིས་སྡུག་བསྔལ་དག་གྲོལ་གྱིས་ལམ་དུ་འཛིན། དེ་ལྟར་ཀུན་འབྱུང་ལ་ལོག་ཞུག་བཅུ། འགོག་བདེན་གྱི་མིང་ལ་དམིགས་ནས་ལོག་ཞུགས་བཅུ་དང་ལམ་བདེན་མཉམ་པར་བཞག་པའི་ཟག་མེད་ཀྱི་ཡེ་ཤེས་སྐྱེ་བ་ཡིན་ལ་དམིགས་པས་བཞི་བཅུ།། །འདོད་ཁམས་ལ་འབྱུང་བ་ལྟ་བུའོ། ༈། ཉོན་མོངས་པ་བཅུ་ལས། ཐེ་ཚོམ་དང་། ལོག་ལྟ་དང་། ལྟ་བ་མཆོག་འཛིན་དང་། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་བཞི་མཐོང་སྤང་ཁོ་ན་ཡིན་ཏེ། ཀུན་བཏགས་ཀྱི་ཉོན་མོངས་ཡིན། ལྷག་དྲུག་ནི་ལྷན་སྐྱེས་ཉོན་མོངས་ཡིན་ཕྱིར་མཐོང་སྤོང་གྱིས་སྤངས་པའི་རྒྱབ་ནས། བསྒོམ་པས་སྤངས་དགོས་པའང་ཡོད་དོ། ༈། དེ་ནས་འཇིག་རྟེན་ཆོས་མཆོག་གི་མཇུག་ཐོག་ཏུ་བཟོད་ཤེས་བཅུ་དྲུག་གིས་མཐོང་ལམ་ལ་སྦྱོར་ཏེ། དེའང་མཐོང་ལམ་དངོས་ལ་མཉམ་བཞག་རྗེས་ཐོབ་གཉིས་ཡོད་པའི། མཉམ་པར་བཞག་པ་ནི་ཟག་མེད་ཀྱི་ཡེ་ཤེས་སྐྱེ་བ་ཡིན། རྗེས་ཐོབ་ནི། འཕགས་པའི་བདེན་པ་བཞི། དང་པོ་འདོད་པའི་སྡུག་བསྔལ་བདེན་པ་ལ་དམིགས་པའི་སྡུག་བསྔལ་གྱི་མཚན་ཉིད་མི་རྟག་པ་སོགས་བཞིའི་རང་བཞིན་ཤེས་པས་སྡུག་བསྔལ་ཆོས་བཟོད་དང་། དམིགས་པ་
(༢༧༧)དེ་ཉིད་ལ་ཐེ་ཚོམ་དང་བྲལ་བའི་སྡུག་བསྔལ་ཆོས་ཤེས་སྐྱེ་བ་དང་། ཁམས་གོང་མའི་སྡུག་བསྔལ་གྱི་བདེན་པའི་རང་བཞིན་ཤེས་པའི་སྡུག་བསྔལ་རྗེས་བཟོད་དང་། སྡུག་བསྔལ་གྱི་རྗེས་བཟོད་དེའང་ཐེ་ཚོམ་བྲལ་བར་སྡུག་བསྔལ་རྗེས་ཤེས་ཏེ། དེ་ལྟར་སྡུག་བསྔལ་ལ། སྡུག་བསྔལ། ཆོས་བཟོད། སྡུག་བསྔལ་ཆོས་ཤེས། སྡུག་བསྔལ་རྗེས་བཟོད། སྡུག་བསྔལ་རྗེས་ཤེས་ཏེ་བཞི། དེ་བཞིན་དུ་ཀུན་འབྱུང་བདེན་པའི་མཚན་ཉིད་རྒྱུ་དང་ཀུན་འབྱུང་སོགས་བཞིའི་རང་བཞིན་ལ་དམིགས་པའི་ཀུན་འབྱུང་ཆོས་བཟོད་དང་། །ཀུན་འབྱུང་ཆོས་ཤེས་ཁམས་གོང་མའི་ཀུན་འབྱུང་རྗེས་བཟོད་དང་། རྗེས་ཤེས་དང་། དེ་བཞིན་དུ་འགོག་པའི་བཞི་ལམ་གྱི་བཞི་རྣམས་རིམ་པར་སྐྱེ་བས། བཟོད་པ་བརྒྱད་དང་ཤེས་པ་བརྒྱད་བཅུ་དྲུག་སྐྱེ་བའི་བཟོད་པ་བརྒྱད་ནི། འདོད་པའི་མཐོང་སྤངས་རིས་བཞི་དང་། ཁམས་གང་མའི་མཐོང་སྤང་རིས་བཞི་སྟེ་བརྒྱད་སྤོངས་པས། བཟོད་པ་བརྒྱད་ནི་བར་ཆད་མེད་ལམ་དང་། ཤེས་པ་བརྒྱད་ནི་རྣམ་གྲོལ་ལམ་ཡང་ཟེར་ཏེ་མཐོང་སྤང་རྣམས་སྤང་བ་ཡིན་ནོ། །དེའང་སྐད་ཅིག་སྔ་མ་བཅོ་ལྔ་པོས་བདེན་པ་སྔར་མ་མཐོང་བར་སྦྱོར་བས་མཐོང་ལམ་དང་། མྱང་འདས་ཀྱི་རྒྱུན་ལ་ཐོག་མར་ཞུགས་པས་
(༢༧༨)རྒྱུན་ཞུགས་ཞུགས་པ་ཡིན། སྐད་ཅིག་ཕྱི་མ་ལམ་རྗེས་ཤེས་དེ་ནི། བདེན་པ་ཀུན་རྫོགས་པར་མཐོང་བྱེད་ཡིན་ཅིང་། མཐོང་ཟིན་གོམ་པར་ཡང་བྱེད་པར་འགྱུར་བས། རྒྱུན་དུ་ཞུགས་པའི་འབྲས་བུར་གནས་པར་ཡིན་ནོ། །དེ་ལྟར་བདེན་པ་མཐོང་བའི་མཉམ་བཞག་གི་ངོ་བོ་སྤྲོས་བྲལ་དང་། །རྗེས་ཐོབ་སུ་ནི་བདེན་བཞི་ལ་མི་རྟག་སོགས་བཅུ་དྲུག་གོང་འཕེལ་དུའང་དམིགས་པར་བཤད་དོ། ༈། ལར་ཡང་ཚོགས་ལམ་ནི་ཐོས་བསམ་གྱི་ཤེས་རབ་དང་། སྦྱོར་ལམ་ནི་བསྒོམ་བྱུང་གི་ཤེས་རབ་ཀྱིས་ཆོས་ཉིད་འོལ་སྤྱི་ཙམ་དུ་བྱེད་པ་སྟེ། དེ་སྐབས་སོ་སྐྱེ་ཡིན་པས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་མངོན་དུ་མ་གྱུར་པའི་སྐབས་སོ། ༈། དེ་ནས་མཐོང་ལམ་ནི་སྔ་མ་ངེས་འབྱེད་ཆ་མཐུན་གྱི་སྐབས་ན། བདེན་པ་བཞིའི་དོན་ལ། དཔེར་ན་དར་ཡོལ་གྱི་ཕག་ནས་དངོས་པོ་རྣམས་འོལ་སྤྱིར་མཐོང་བ་ལྟ་བུ་དང་། མཐོང་ལམ་དུ་ཡོལ་བ་བསལ་ན་ཤིན་ཏུ་མཐོང་བ་ལྟར་རྟོགས་པའོ། །འདི་ནི་བྱང་ཆུབ་ཡན་ལག་བདུན་གྱིས་བགྲོད་ཏེ། བྱང་ཆུབ་ཅེས་པ་ནི། ཆོས་ཐམས་ཅད་སྟོང་པར་ཐུགས་སུ་ཆུད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ལ། ཆོས་རབ་རྣམས་འབྱེད་བྱང་ཆུབ་ཀྱི་ཡན་ལག་ཀྱང་ཡིན། ཡན་ལ་བདུན་གྱི་
(༢༧༩)གཙོ་བོ་ཡིན་ལ། དྲུག་པོ་ནི་འདིའི་གྲོང་ཡིན་ནོ། །དེའང་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། བདེན་པའི་དམིགས་རྣམས་མ་བརྗེད་པ། ཆོས་རབ་རྣམ་འབྱེད་ནི་ཡེ་ཤེས་ཀྱི་ངོ་བོ་སྟེ་ཤེས་རབ་ཡིན། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། ལམ་གོང་མར་འབྱུང་བྱེད་ཡིན། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། ཟག་པ་དང་བྲལ་བ་ཡིན་ཅིང་དོན་དུ་སྟོབས་ལྔའི་དད་པ་ཉིད་གོང་དུ་འཕེལ་བའོ། །ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་ནི། ལུས་སེམས་ལས་སུ་རུང་བའོ། །ཏིང་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་སེམས་མི་གཡོ་བར་རྩེ་གཅིག་ཐོབ་པའོ། །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་སེམས་ཀྱི་རྩོལ་བ་མི་མཉམ་པ་དང་བྲལ་ཞིང་རྩོལ་བྲལ་ལྷུན་གྲུབ་བོ། །འདི་དག་གི་དབྱེ་བ་ནི། ཤེས་རབ་ནི་རང་བཞིན་གྱི་ཡན་ལག་སྟེ་ཡེ་ཤེས་ཀྱི་ངོ་བོ་ཡིན། དྲན་པ་ནི་གནས་ཀྱི་ཡན་ལག་སྟེ་དྲན་པ་ཡོད་ན་ཤེས་རབ་སྐྱེ་བའོ། །བརྩོན་འགྲུས་ནི་ངེས་འབྱུང་གི་ཡན་ལ་སྟེ། འདི་ཡོད་ན་ངེས་པར་འབྱུང་ཞིང་ཤིན་ཏུ་འདའ་བའོ། །དགའ་བ་ནི་ཕན་ཡོན་གྱི་ཡན་ལག་སྟེ། དེས་ལུས་སེམས་ལ་ཕན་འདོག་ཤིང་ཚིམ་ཕྱིར་རོ། །ཤིན་
(༢༨༠)སྦྱངས་དང་། ཏིང་འཛིན་དང་བཏང་སྙོམས་གསུམ་ནི་ཉོན་མོངས་མེད་པའི་ཡན་ལག་སྟེ། འདི་ཡོད་ན། ལུས་སེམས་ཇི་འདོད་དུ་བསྐོལ་བཏུབ་པས་ཉོན་མོངས་མེད་པའི་གཞི་དང་། ལུས་སེམས་ཤིན་སྦྱངས་ཅན་དེས་སེམས་མཉམ་པར་བཞག་ན་ཡང་དག་པའི་དོན་ཇི་བཞིན་ཤེས་ཤིང་ཉོན་མོངས་ཐམས་ཅད་སྤང་བའི་ཏིང་འཛིན་ནི་ཉོན་མོངས་མེད་པའི་གནས་དང་སེམས་མི་མཉམ་པ་དང་། རྣལ་དུ་མི་འཇུག་པ་དང་རྩོལ་བ་དང་བཅས་པའི་གཉེར་པོར་བཏང་སྙོམས་ཏེ་ཉོན་མོངས་མེད་པའི་ངོ་བོ་ཉིད་དེ། ༈། དེ་ནས་བསྒོམ་ལམ། འཕགས་ལམ་ཡན་ལག་བརྒྱད་ཀྱིས་བགྲོད་དེ། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོགས་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་འཛིན་དང་བརྒྱའོ། །ཡང་དག་པའི་ལྟ་བ་ནི་མཐོང་ལམ་དུ་ཡེ་ཤེས་རྟོགས་པའི་དོན་དེ་རྗེས་ཐོབ་ཀྱིས་དམིགས་ཤིང་གཅོད་པའོ། །ཡང་དག་པའི་རྟོགས་པ་ནི། རྟོགས་དོན་གཞན་ལ་མི་ནོར་བར་སྟོན་པའི་ཀུན་སློང་ངོ། །ཡང་དག་པའི་ངག་ནི་རྟོགས་དོན་དེ་གཞན་ལ་སྟོན་པའི་ངག་གོ །ཡང་དག་པའི་ལས་ཀྱི་མཐའ་
(༢༨༡)ནི་བྱ་བ་མ་ཡིན་པ་སྤངས་པར་མི་གཡེལ་བའོ། །ཡང་དག་པའི་འཚོ་བ་ནི། ཁ་ན་མ་ཐོ་བའི་ཟས་ཏེ་བསྔོས་ཤ་ལྟ་བུ་མ་ཡིན་པའོ། །ཡང་དག་པའི་རྩོལ་བ་ནི་ཁ་བསག་གཞོག་སློང་ཚུལ་འཆོས་བྲལ་བའི་ཆོས་གོས་སོགས་རུང་བ་ཚོད་ཟིན་པ། ཡོ་བྱེད་ཀྱི་ཕྱིར་མི་བྲེལ་བ། བསྒོམ་སྤང་བག་ཉལ་སྤངས་པར་མི་གཡེལ་བའོ། །ཡང་དག་པའི་དྲན་པ་ནི། ཞུམ་རྒོད་བྱུང་ན་ཞུམ་པ་ལ་ཏིང་འཛིན་བསྒོམ་པའི་ཕན་ཡོན་དྲན་པ་སོགས་ཀྱིས་གཟེང་བསྟོད། རྒོད་ན་མི་རྟག་པ་དྲན་པ་སོགས་སྐྱོ་བར་འགྱུར་བ་དྲན་པས་སྤང་བའོ། །ཡང་དག་པའི་ཏིང་འཛིན་ནི། མངོན་ཤེས་ཟད་པར་སོགས་ཡོན་ཏན་རྣམས་སྒྲུབ་པའི་གེགས་སྙམས་འཇུག་གི་སྒྲིབ་པའི་གཉེན་པོར་ཏིང་འཛིན་རྩེ་གཅིག་བསྒོམ་པའོ། ༈། འཕགས་ལམ་ཡན་ལག་བརྒྱད་ཞེས་པའི་འཕགས་པ་ནི། མཐོང་སྒོམ་གྱི་ཉོན་མོངས་རྣམས་ཐག་རིང་དུ་བསྲིང་བས་འཇིག་རྟེན་ལས་འཕགས་པའོ། །ལམ་ནི་དེ་ཐོབ་བྱེད་ཀྱི་ལམ་མོ། །ཡན་ལག་བརྒྱད་ནི་དེ་ལ་མེད་དུ་མི་རུང་བའི་རྣམས་གྲངས་བརྒྱད་ཡོད་པའོ། ༈། བསྒོམ་ལམ་གྱིས་སྤང་དགོས་པའི་ཉོན་མོངས་པ་བསྒོམ་སྤང་བཞི་བརྒྱ་དང་
(༢༨༢)བཅུ་བཞི་ཡོད་པ་ནི། རྩ་ཉོན་རྣམས་ལས་སྔར་མཐོང་སྤང་སྤངས་ཟིན་པའི་ལྷག་མ། ཉོན་མོངས་པ། འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དང་། གཏི་མུག་དང་། འཇིག་ལྟ་དང་། མཐར་འཛིན་གྱི་ལྟ་བ་དང་དྲུག་འདོད་ཁམས་ན་ཡོད་པ་དང་། ཁམས་གོང་མ་དག་ནས་ཁོང་ཁྲོ་མེད་པས་ལྔ་ཡོད་པ། དེའང་། ཁམས་གསུམ་ན། འདོད་ཁམས་དང་། ༡བསམ་གཏན་བཞི་དང་། གཟུར་མེད་བཞི་སྟེ། ཁམས་གསུམ་གྱི་ས་དགུ་ལ། འདོད་ཁམས་ས་ལ་ཉོན་མོངས་དྲུག། ས་གོང་མ་བརྒྱད་ལ་ལྔ་རེ་ཏེ་ལྔ་བརྒྱད་བཞི་བཅུ་ཐམ་པ། འདོད་ཁམས་བསྡོམ་པས་བཞི་བཅུ་ཞེ་དྲུག་ཡོད་པ་དེ་ལའང་། ཆེ་འབྲིང་ཆུང་གསུམ། དེ་ལའང་ནང་ཚན་དུ་ཆེ་བའི་ཆེ་བ་ཆེ་བའི་འབྲིང་པོ་སོགས། །དབྱེ་བས་དགུར་འགྱུར་བ། དགུ་པོ་དེས་ཞེ་དྲུག་བསྒྱུར་བས་བཞི་བརྒྱ་དང་བཅུ་བཞི་བྱུང་བའོ། །དེས་ན། ས་དགུ་པོ་རེ་རེ་ལ་ཉོན་མོངས་པ་ཆེ་འབྲིང་ཆུང་གསུམ་ཚན་དགུ་རེ་ཡོད་པ་ཤེས་པར་བྱའོ། ༈། དེ་ལྟའི་བསྒོམ་སྤངས་རྣམས་རིམ་གྱིས་བསྒོམ་ལམ་ནས་སྤངས་པ་ཡིན་པ་བསྒོམ་ལམ་བསྒྲོད་ཚུལ་འོག་ནས་འཆད་དོ། །ཡང་། ཞར་བྱུང་དུ། སྔགས་ནས་མཐོང་སྒོམ་གྱི་ཉོན་མོངས་དེ་རྣམས་ལ་རང་བཞིན་བརྒྱད་ཅུའི་རྟོག་པར་བཤད་པ་ནི། དེའང་
(༢༨༣)ཞེ་སྡང་གི་རྟོགས་པ་པོ་གསུམ་ནི། འདོད་ཆགས་དང་བྲལ་བ་དང་། ༡། ཆགས་བྲལ་བར་མ་དང་། ༢ཤིན་ཏུ་འདོད་ཆགས་དང་བྲལ་བ་དང་། ༣། ཡིད་ཀྱི་འགྲོ་བ་དང་། ༤སོང་བ་དང་། ༥མྱ་ངན་དང་། ༦མྱ་ངན་བར་མ་དང་། ༧ཤིན་ཏུ་མྱ་ངན་དང་། ༨བློ་རང་སར་ཞི་བ་དང་། ༩འཕྲོ་རྒོད་ཀྱི་རྟོག་པ་དང་། ༡༠འཇིགས་པ་དང་། ༡༡འཇིགས་པ་བར་མ་དང་། ༡༢ཤིན་ཏུ་འཇིགས་པ་དང་། ༡༣སྲེད་པ་དང་། ༡༤སྲེད་པ་བར་མ་དང་། ༡༥ཤིན་ཏུ་སྲེད་པ་དང་། ༡༦ཉེ་བར་ལེན་པ་དང་། ༡༧དགེ་བ་ལ་ཐེ་ཚོམ་པའི་ཡིད་གཉིས་དང་། ༡༨བསྐྲེས་སྐོམ་དང་། ༡༩བདེ་སྡུག་གི་ཚོར་བ་དང་། ༢༠ཚོར་བ་བར་མ་དང་། ༢༡ཤིན་ཏུ་ཚོར་བ་དང་། ༢༢ཤེས་པས་རིམཡུལ་པ་པོ། ༢༣རང་རིག་རིག་པ་དང་། ༢༤དམིགས་ཡུལ་འཛིན་པའི་བཞི་དང་། ༢༥སོ་སོར་རྟོག་པ། ༢༦སྡིག་པ་སྤངས་པ་ལ་ངོ་ཚ་ཤེས་པ། ༢༧སྙིང་རྗེ། ༢༨བརྩེ་བ། ༢༩བརྩེ་བ་འབྲིང་དང་། ༣༠ཤིན་ཏུ་བརྩེ་བ་དང་། ༣༡སེམས་མི་གནས་པའི་དགོས་བཅས་དང་། ༣༢སྡུད་པའམ་སེར་སྣ་དང་པོ་གསུམ་མོ། ༈། འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་ནི། ཡུལ་ཐོབ་འདོད་ཀྱི་འདོད་ཆགས་དང་། ༡ཐོབ་ནས་ཡིད་ཆགས་
(༢༨༤)པའི་ཞེན་པ་དང་། ༢ཡུལ་མཐོང་བས་དགའ་བ་དང་། ༣དགའ་བ་བར་མ་དང་། ༤ཤིན་ཏུ་དགའ་བ་དང་། ༥འདོད་པ་གྲུབ་སྟེ་རངས་པ། ༦གྲུབ་པ་དེའི་རོ་ཡང་ཡང་མྱོང་བས་རབ་ཏུ་མགུ་བ་དང་། ༧དེ་འདྲ་སྲིད་སྙོམས་པའི་ངོ་མཚར་བ་དང་། ༨ཧ་ཧ་ཞེས་རྒོད་པ་དང་། ༩བདེ་བ་ཉམས་སུ་མྱོང་བཞིན་པའི་ཚིམ་པ་དང་། ༡༠འཁྱུད་པ་དང་། ༡༡མཆུ་སྦྱོར་ནས་འོ་བྱེད་པ་དང་། ༡༢ལྕེ་སོགས་འཇིབ་པ་དང་། ༡༣བརྟན་པ་དང་། ༡༤དགེ་བ་ལ་གཞོལ་བའི་བརྩོན་པ་དང་། ༡༥སེམས་མཐོང་བས་ཁེངས་པ་དང་། ༡༦བྱ་བ་གྲུབ་བྱེད་པ་དང་། ༡༧ནོར་སོགས་འཕྲོགས་པ་དང་། ༡༨གཡུལ་སོགས་སྟོབས་པ་དང་། ༡༩དགེ་ལ་སྤྲོ་བ་དང་། ༢༠མི་དགེ་བ་ལ་ཚམ་ཚོམ་མེད་པ་དང་། ༢༡ཚམ་ཚོམ་མེད་པ་བར་མ་དང་། ༢༢ཡུལ་དམ་པའང་རྩོད་འདོད་ཤིན་ཏུ་ཚམ་ཚོམ་མེད་པ་དང་། ༢༣དྲེག་པ་དང་། ༢༤གཞན་ལ་བརྩེ་འདོད་རྣམ་སྒེགས་དང་། ༢༥ཡིད་མི་འོང་པ་སྤང་བས་འགྲས་པ་དང་། ༢༦བརྗོད་བདེ་བས་ཚིག་གསལ་བ་དང་། ༢༧དགེ་བ་སྒྲུབ་པ་དང་། ༢༨བདེན་པ་དང་། ༢༩མི་བདེན་པ་དང་། ༣༠བརྟན་པས་ངེས་པ་དང་། ༣༡དངོས་པོ་སྤང་བས་ཉེ་བས་ཉེ་བར་མི་ལེན་པ་དང་། ༣༢སྦྱིན་
(༢༨༥)པ་པོ་དང་། ༣༣ལེ་ལོ་ལས་བསྐུལ་བ་དང་། ༣༤ཉོན་མོངས་པ་སྤངས་འདོད་པས་དཔའ་བ་དང་། ༣༥སྡིག་པ་ལ་འཇུག་འདོད་པ་ངོ་ཚ་མེད་པ་དང་། ༣༦གཞན་ལ་གཡོ་ཅན་དང་། ༣༧ལོག་ལྟ་གདུག་པ་ཅན་དང་། ༣༨རང་སྐྱོན་གསང་བའི་མི་སྲུན་པ་དང་། ༣༩བློ་མི་དྲངས་པས་གྱ་གྱུ་ཆེ་བ་དང་བཞི་བཅུའོ། ༤༠༈། གཏི་མུག་གི་རྟོག་པ་བདུན་ནི། འདོད་ཆགས་བར་མ་དང་། ༡བརྗེད་ངས་དང་། ༢དོན་ནོར་བས་འཁྲུལ་དང་། ༣མི་ཤེས་པས་མི་སྨྲ་བ་དང་། ༤སེམས་དུབ་པས་སྐྱོ་བ་དང་། ༥ལེ་ལོ་དང་། ༦ཐེ་ཚོམ་སྟེ་བདུན་ནོ། །དེ་ལྟར། དུག་གསུམ་ལས་གྱུར་པའི་རྟོག་པ་བརྒྱད་ཅུ་དེ། ཤེས་རབ་དང་། ཐབས་དང་། གཉིས་མེད་ཀྱི་རང་བཞིན་ཡིན་པས། རང་བཞིན་བརྒྱད་ཅུའི་རྟོག་པ་ཞེས་གསུངས་སོ། །འདི་ཐེ་ཚོམ་སོགས་གསུམ་ལ། དགའ་བ་ལ་སྦྱོར་བ་སོགས་གསུམ་སོགས་ཅུང་མི་འདྲ་བའང་བཤད་པ་མཐོང་། ༈དྲུག་པ་ཉན་ཐོས་ཀྱི་སྤྱོད་པ་ནི། རང་དོན་དུ་མཆོག་སྦྱང་ཡོན་བཅུ་གཉིས་ལ་སྤྱོད་པ་ནི། ཟས་ཀྱི་བརྟུལ་ཞུགས་གསུམ། གོས་ཀྱི་བརྟུལ་ཞུགས་གསུམ། གནས་ཀྱི་བརྟུལ་ཞུགས་
(༢༨༦)གསུམ། ཁང་པའི་བརྟུལ་ཞུགས་གསུམ་སྟེ་བཅུ་གཉིས་སོ། །དང་པོ་གསུམ་ནི། སྒོ་དྲུང་པ་ནི། ཟས་བཟང་པོ་ལ་ཆགས་པའི་གཉེན་པོར་མགྲོན་དུ་བོས་པ་དང་དུ་མི་ལེན་པར་སློང་མོས་སྒོ་དྲུང་ནས་འཚོ་བའོ། །སླར་མི་ཟ་བ་ནི། ཡང་ཡང་ཟ་བའི་གཉེན་པོར་སྟན་གཅིག་གི་སྟེང་ན། ཟས་འགྲང་པ་ཞིག་ལས་ཉི་མ་དེར་སླར་མི་ཟ་བའོ། །ཕྱིས་མི་ལེན་པ་ནི། མང་པོ་ཟ་བའི་གཉེན་པོར་སྔ་མའི་ཟས་དེ་ཞིམ་མི་ཞིམ་ཇི་ལྟར་ཐོབ་པ་དེ་དུས་གཅིག་ཟའི་བཟང་པོ་ཕྱིས་བྱུང་བླངས་ཞིང་སྔ་མའི་འཕྲོ་མི་འདོར་བ་ཟས་ཕྱིས་མི་ལེན་པའོ། །གོས་ཀྱི་གསུམ་ནི། གོས་ལྷག་པོ་མི་འཆང་བ་ནི། མང་པོར་ཆགས་པའི་གཉེན་པོར། ཆོས་གོས་གསུམ་རུང་བ་ཙམ་ལས་མི་འཆང་བའོ། །ཕྱག་དར་ཁྲོད་པ་བ་ནི། གོས་འཇམ་པ་ལ་ཆགས་པའི་གཉེན་པོར་བལ་སོགས་རང་རོད་བསྡུས་པའི་ཕྱིངས་བཅོས་པ་དང་། བཟང་པོར་ཆགས་པའི་གཉེན་པོར་རྙིང་པ་བོར་བའམ་རོ་རས་སམ་ཕྱག་དར་ཁྲོད་ཀྱི་ལྷན་པ་དམ་དུམ་བསྡུས་ནས་བཅོས་པའོ། །གནས་ཀྱི་གསུམ་ནི། དགོན་པ་བ་ནི་འདུ་འཛི་དང་གནས་ལ་ཆགས་པའི་གཉེན་པོར་གྲོང་ལས་
(༢༨༧)རྒྱང་གྲགས་ཀྱི་པར་འདུག་པའོ། །དུར་ཁྲོད་པ་ནི། སྣང་གཡེལ་ལ་ཆགས་པའི་གཉེན་པོར་མི་རོ་འདོར་པར་སྡོད་པའོ། །ཤིང་དྲུང་པ་ནི། ཆར་རླུང་སོགས་ཀྱི་གདུང་བ་སྐྱོབས་ཕྱིར་ནགས་སུ་སྡོད་པའོ། །ཁང་པའི་གསུམ་ནི། ཙོག་པུ་པ་ནི། ནམ་དུའང་གློས་པ་ལ་མི་འབེབས་མི་ཉལ་བའོ། །གཞི་ཇི་བཞིན་པ་ནི། གནས་ལམ་གར་བབ་ལས་མི་གདམ་མི་བཅོས་པའོ། །བླ་གབ་མེད་པ་ནི། སྒྲ་གུར་ཁང་པ་སོགས་སྟེང་ཁེབ་མེད་པར་སྡོད་པའོ། ༈། ལོག་པའི་འཚོ་བ་བཞི་ནི། ཁ་བསགས། ཐོབ་འཇལ་དང་། སྙེད་འགུགས་དང་། ཚུལ་འཆོས་བཞིའི་སྙེད་པའི་འཚོ་བ་སྤང་བའོ། །ཁ་བསག་ནི་ངོ་དགའ་སྲལ་ལས་ཀྱི་འཚོ་བའོ། །ཐོབ་འཇལ་ནི་ཡོན་འབུལ་ཐོབ་ཐང་འདི་ཙམ་དགོས་ཟེར་བའོ། །སྙེད་ཚོལ་ནི་ཕར་ཅུང་ཟད་སྦྱིན་པས་ཚུར་བཟང་མང་འགུགས་པ་ཟ་འགུགས་བཙུག་པའམ། ཚུལ་འཆོས་ནི་མི་སྔོན་དུ་རང་ཉིད་སྒོ་གསུམ་གྱི་སྤྱོད་ཚུལ་བཟང་པོ་ཡོད་པ་ལྟར་བཅོས་པའོ། ༈། འཁོར་ལོ་གཉིས་ནི། ཐོས་བསམ་ཀློག་པའི་འཁོར་ལོ་དང་། སྤང་བ་བསམ་གཏན་གྱི་འཁོར་ལོའོ། །དང་པོ་ནི་དམ་པའི་ཆོས་སྡེ་སྣོད་གསུམ་ལ། ཉིན་མཚན་ཀུན་ཏུ་ཐོས་བསམ་
(༢༨༨)བྱ་བ་དང་ཀློག་དང་ཁ་སྟོན་བྱེད་པས་དུས་འདས་པའོ། །གཉིས་པ་ནི། ཐོས་བསམ་ཀློང་པའི་དོན་དེ་ལ་འདུ་འཛི་གཡེང་བ་སྤངས་ཏེ་རྩེ་གཅིག་ཏུ་བསྒོམ་པ་ལ་གནས་པའོ། ༈། གཞན་ཡང་བསླབ་གསུམ་རྣམ་དག་གི་སྤྱོད་པ་ལ་དུས་རྒྱུན་པར་བརྩོན་པའོ། ། ཉན་ཐོས་ཀྱི་འབྲས་བུ་ནི། གང་ཟག་ཟུང་བཞི་ཡ་བརྒྱད་དེ། ཟུང་བཞི་ནི། རྒྱུན་དུ་ཞུགས་པ་དང་། ལན་གཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། །དགྲ་བཅོམ་པ་དང་བཞིའོ། ༈། ཡ་བརྒྱད་ནི། རྒྱུན་ཞུགས་ཞུགས་པ་དང་། རྒྱུན་ཞུགས་འབྲས་གནས་དང་། དེ་བཞིན་དུ། ཕྱིར་འོང་ཞུགས་གནས་གཉིས། ཕྱིར་མི་འོང་ཞུགས་གནས་གཉིས་དགྲ་བཅོམ་པ་ཞུགས་གནས་གཉིས་དང་བརྒྱད་དོ། ༈། ཉན་ཐོས་ཀྱི་ས་བརྒྱད་ནི། དཀར་པོ་རྣམ་པར་མཐོང་བའི་ས་དང་། ༡རིགས་ཀྱི་ས་དང་། ༢བརྒྱད་པའི་ས་དང་། ༣མཐོང་བའི་ས་དང་། ༤སྲབ་པའི་ས་དང་། ༥འདོད་ཆགས་དང་བྲལ་བའི་ས་དང་། ༦བྱས་པ་རྟོགས་པའི་ས་དང་། ༧ཉན་ཐོས་ཀྱི་ས་དང་བརྒྱད་དོ། །ཡང་ན། སངས་རྒྱས་ཀྱི་ས་དང་བརྒྱད་དོ། ༨། དང་པོ་ནི་ཚོགས་ལམ་སྟེ། ཐར་ལམ་གྱི་དང་པོའོ། །གཉིས་པ་ནི། སྦྱོར་ལམ་སྟེ་ཐེག་གསུམ་གྱི་རིགས་སོ་སོར་ངེས་པའི་ཕྱིར་རོ། །
(༢༨༩)གསུམ་པ་ནི་རྒྱུན་ཞུགས་ཞུགས་པ་སྟེ་གང་ཟག་ཡ་བརྒྱད་ཀྱི་ཐོག་མའོ། །བཞི་པ་ནི་རྒྱུན་ཞུགས་འབྲས་གནས་ཏེ་བདེན་པ་མཐོང་བའི་ཕྱིར་རོ། །ལྔ་པ་ནི། ཕྱིར་འོང་འབྲས་གནས་ཏེ་འདོད་ཁམས་ཀྱི་སྤང་བྱ་ཕལ་ཆེར་སྤང་ཟིན་པས་ཉོན་མོངས་སྲབ་ཕྱིར་རོ། །དྲུག་པ་ནི། ཕྱིར་མི་འོང་འབྲས་གནས་ཏེ། འདོད་ཁམས་ཀྱི་སྒོམ་སྤང་འདོད་ཆགས་ཐམས་ཅད་སྤང་ཟིན་པའི་ཕྱིར་རོ། །བདུན་པ་ནི། དགྲ་བཅོམ་འབྲས་གནས་ཏེ་སྤང་བྱ་ཀུན་སྤང་ཟིན་པའི་ཕྱིར་རོ། །བརྒྱད་པ་ཉན་ཐོས་ཀྱི་ས་ནི། ཕྱིར་འོང་ཞུགས་པ་དང་། ཕྱིར་མི་འོང་ཞུགས་པ་དང་། དགྲ་བཅོམ་ཞུགས་པ་གསུམ་ཏེ་གཞན་རྣམས་ནི་རང་མིང་གིས་བརྗོད་པས་དེ་གསུམ་ཉན་ཐོས་ཀྱི་ས་ལས་འོས་མེད་པའི་ཕྱིར་རོ། །ཡང་ན་སངས་རྒྱས་ཀྱི་ས་ཞེས་པ་ནི་རང་སངས་རྒྱས་ཀྱི་ས་བསྒྲངས་པའོ། ༈། བསྒོམ་ཡངས་ཡང་ནས་ལམ་བགྲོད་ཚུལ་ནི། ༈། རྒྱུན་ཞུགས་འབྲས་གནས་ཡིན་ཀྱང་འདོད་ཉོན་བསྒོམ་སྤང་གང་ཡང་མ་སྤང་ནི་འབྲས་གནས་རྩམ་པ་བ་སྟེ། དེས་དགྲ་བཅོམ་ཐོབ་པ་ལ་ཡུན་ཅི་ཙམ་འགོར་ཡང་། མི་ཡི་སྐྱེ་སྲིད་བདུན་དང་། དེའི་བར་སྲིད་བདུན། གཟུགས་ཀྱི་སྐྱེ་སྲིད་བདུན་དང་བར་སྲིད་བདུན་ལེན་
(༢༩༠)པ་རིང་མཐའ་བྱས་པའོ། ༈། འདིའི་སྐྱེ་བ་ཐ་མ་དེ་ནི། སྔར་མཐོང་ལམ་གང་ལས་ཐོབ་པའི་རྟེན་དེའི་འགྲོ་བས་དགྲ་བཅོམ་ཐོབ། འདིའི་ལམ་རྗེས་ཤེས་ནི་འདུས་བྱས་དང་། ཁམས་གསུམ་གྱི་མཐོང་སྤང་བ་ནི་འདུས་མ་བྱས་ཡིན་པས། ཆོས་དེ་གཉིས་ལྡན་པའི་གང་ཟག་གི་རྒྱུན་ལ་ཞུགས་ཕྱིར་རྒྱུན་ཞུགས་ཞེས་བྱའོ། ༈། རྒྱུན་ཞུགས་ཁྱད་པར་ཅན་ནི། འདོད་ཉོན་ཆེན་པོ་ཀོར་གསུམ་མམ་བཞི་པ་སྤང་བའི་རྣམ་གྲོལ་ལམ་ཐོབ་པ་དེ་ལ་རིགས་ནས་རིགས་སྐྱེ་ཞེས་སྔར་བདེན་པ་མཐོང་བའི་ས་གང་ཡིན་དེའི་སྐྱེ་བ་གཉིས་སམ་གསུམ་ནས་ངེས་པར་ཐར་པར་ཡིན་ནོ། ༈། དེ་ནས་འདོད་པའི་བསྒོམ་སྤང་འབྲིང་པོའི་འབྲིང་པོ་བཅོམ་ནས་དྲུག་པ་འབྲིང་པོའི་ཆུང་ངུ་བཅོམ་པ་ལ་བར་ཆད་མེད་པ་དང་བཅས་ནི་ལན་གཅིག་ཕྱིར་འོང་གི་འབྲས་བུར་ཞུགས་པ་ཡིན་ནོ། ༈། དྲུག་པ་ཡང་ནས་ཕྱིར་མི་འོང་འབྲས་གནས་ཏེ། འདི་ལ་དྲུག་པ་ཟད་པའི་རྣམ་གྲོལ་འདུས་བྱས་དང་། མཐོང་སྤང་དང་བསྒོམ་སྤང་གི་དྲུག་པ་བར་ཟད་པའི་བྲལ་བ་འདུས་མ་བྱས་མ་བྱས་པ་སྟེ་གཉིས་ལྡན་དང་། ཡང་འབྲས་གནས་ཁྱད་པར་ཅན་འདོད་ཉོན་བདུན་པའམ་བརྒྱད་པ་ཟད་པ་ནི་སླར་འདོད་ཁམས་འདིར་སྐྱེ་བ་གཅིག་ཁོ་ན་ལེན་ཏེ་རྟེན་དེས་ཕྱིར་མི་འོང་འབྲས་གནས་
(༢༩༡)ཐོབ་པས། ཉོན་མོངས་པའང་ཆུང་ངུའི་ཆུང་ངུ་སྟེ་དགུ་པ་གཅིག་པུ་ཡོད་པས་ཚེ་གཅིག་བར་ཆད་གཅིག་པ་ཞེས་བྱའོ། ༈། འདོད་ཉོན་དགུ་པ་སྤང་བའི་གཉེན་པོར་ལ་རང་རྒྱུ་བར་ཆད་མེད་ལམ་དེ་ཕྱིར་མི་འོང་ཞུགས་པ་ཞེས་བྱ་ཞིང་། འདོད་པའི་བསྒོམ་སྤང་དགུ་པ་ཟད་པའི་ཕྱིར་མི་འོང་བ་འབྲས་བུར་གནས་པ་སྟེ། འདོད་ཁམས་ཀྱི་ཉོན་མོངས་ཟད་པས་ཕྱིས་འདིར་མི་སྐྱེ་བའི་དོན་ཏོ། །འདི་ལའང་དགུ་པ་ཟད་པའི་འདུས་བྱས་དང་། དགུ་པོའི་སྤང་བྱ་བྲལ་བའི་འདུས་མ་བྱས་བསྡོམ་པའི་ཆོས་གཉིས་ལྡན་ཡིན་ནོ། ༈། ཕྱིར་མི་འོང་ལ་དབྱེ་ནས་གཟུགས་སུ་ཉེར་འགྲོ་དང་། སྲིད་རྩེར་འགྲོན་དང་། སྤེལ་སྒོམ་བྱས་པས། འོག་མིན་འགྲོ་དང་དེ་དག་ལ་ནང་ཚན་དབྱེ་བ་མང་ཡང་མ་སྤྲོས་སོ། ༈། ཕྱིར་མི་འོང་ཁྱད་པར་ཅན་ནི་སྲིད་ཉོན་ནམ་བསམ་གཏན་དང་པོའི་བསྒོམ་སྤང་ཆེ་བའི་ཆེ་བ་ནས་བཟུང་། །བརྒྱད་པ་ཆུང་ངུའི་འབྲིང་པོ་བར་སྤོང་བའི་བར་ཆད་མེད་ལམ་དེ་དགྲ་བཅོམ་གྱི་འབྲས་བུར་ཞུགས་པ་ཡིན་ལ། བརྒྱད་པ་སྤོང་ནས་དགུ་པ་སྤོང་བའི་བར་ཆད་ལམ་དེའང་ཞུགས་པ་ཡིན་མོད་ཀྱང་དེའི་བར་ཆད་མེད་ལམ་ནི། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་སྤང་བྱ་ཐམས་
(༢༩༢)།། །ཅད་འཇོམས་ཤིང་ཚུར་ལ་གང་གིས་ཀྱང་མི་གནོད་པའི་དོན་ཏོ། ༈། དགུ་པ་ཟད་ནས་དགྲ་བཅོམ་པ་འབྲས་གནས་ཞེས་བྱ་སྟེ། འདི་ལ་ཁམས་གསུམ་གྱི་སྤང་བྱ་ཐམས་ཅད་ཟད་པས་འདུས་མ་བྱས་དང་། སྲིད་ཉོན་དགུ་པ་ཟད་པའི་བྲལ་ཐོབ། རྣམ་གྲོལ་འདུས་བྱས་དང་ཆོས་གཉིས་ལྡན་ཟད་མི་སྐྱེ་ཤེས་པ། དེས་ནི་འབྲས་བུ་ཐོབ་པར་བྱ་ཕྱིར་བསློབ་མི་དགོས་པ། ༈། མི་སློབ་པའི་ལམ་དང་། ཆགས་པ་ཐམས་ཅད་དང་བྲལ་བས་སྐྱེ་བོ་འདོད་ཆགས་དང་བཅས་པས་མཆོད་པར་འོས་པ་ཁོ་ནའོ། ༈། ཉན་ཐོས་ལམ་མྱུར་བ་ནི་སྲིད་པ་ལན་གསུམ་གྱིས་དགྲ་བཅོམ་ཐོབ་པར་བྱ་བ་སྟེ། སྲིད་པ་དང་པོས་ཚོགས་ལམ་བགྲོད། གཉིས་པས་སྦྱོར་ལམ་བགྲོད། སྲིད་པ་གསུམ་པར་མཐོང་ལམ་ནས་བརྩམ་སྟེ་དགྲ་བཅོམ་པ་ཐོབ་པར་བྱེད་པའང་ཡོད་དོ། ༈། དགྲ་བཅོམ་པའང་དབང་པོ་རྣོ།། །རྟུལ་དབང་གིས། དགྲ་བཅོམ་རྒྱན་ཅན་དང་། རྒྱན་མེད་པ། ཉམས་པའི་ཆོ་ཅན་དང་། འཆི་བར་སེམས་སོགས་མང་ཡང་། ཡི་གེ་ཉུང་བར་བྱས་སོ། ༈། ཡོན་ཏན་གྱི་རིགས། རྣམ་ཐར་བརྒྱད། སྙོམས་འཇུག་དགུ། ཟད་པར་བརྒྱད། ཟིལ་གནོན་བཅུ། སོ་སོ་ཡང་དག་པར་རིགས་པ་བཞི་དང་། །
(༢༩༣)དབང་བཅུ་དང་། མངོན་ཤེས་ལྔ་དང་། ཉོན་མོངས་མེད་པ་དང་། སྨོན་གནས་ཤེས་པ་དང་། བསམ་གཏན་བཞི་དང་། །གཟུགས་མེད་བཞི་དང་། ཚད་མེད་བཞི་རྣམས་ཀྱང་ཐུན་མོང་བ་རེ་ཉན་ཐོས་དང་རང་སངས་རྒྱས་རྣམས་ལའང་བཞུགས་པ་ཉིད་དེ་ཞིབ་རྒྱས་ནི་ཆོས་མངོན་པ་མཛོད་ཀྱི་གཞུང་ཆེན་པོ་དག་ལ་བསླབ་པ་ལས་འདིར་ཐམས་ཅད་ནི་བྲི་བར་མི་ནུས་སོ། ༈། གཞན་ཡང་སྟོན་པ་སངས་རྒྱས་སངས་རྒྱས་ཚུལ་གྱི་འདོད་པ་དང་། སྟོན་པའི་ཡོན་ཏན་མ་འདྲེས་ཆོས་བཅོ་བརྒྱད་སོགས་སྟོན་པའི་ཡོན་ཏན་ལ་འདོད་ཚུལ་དང་། །བཀའ་ཡི་བསྡུ་བ་བྱས་ཚུལ། ཉོན་སྡེ་ས་བཅོ་བརྒྱད་དུ་གྱེས་ཚུལ་སོགས་སྤྲོ་ན། ཤིན་ཏུ་མང་ཕྱིར་རེ་ཞིག་འདི་ཙམ་གྱིས་གྲུབ་པར་བྱས་སོ། ༈། དགེ་འདུན་འཕགས་པའི་རིག་གྲོལ་གྱི་ཡོན་ཏན་བརྒྱད་ནི། རིག་པ་བཞི། གྲོལ་བ་བཞི་དང་བརྒྱད་དོ། །རིག་པའི་ཡོན་ཏན་བཞི་ནི། ཇི་ལྟ་བ་རིག་པ། ཇི་སྙེད་པ་རིག་པ། དེ་གཉིས་ཀ་རིག་པ། མ།། །ཉོར་བ་ཚུལ་བཞིན་རིག་པ་དང་བཞིའོ། །གྲོལ་བའི་ཡོན་ཏན་བཞི་ནི། ཆགས་སྒྲིབ་ལས་གྲོལ་བ། དམན་སྒྲིབ་ལས་གྲོལ་བ། ཐོག་སྒྲིབ་ལས་གྲོལ་བ། དེ་གསུམ་ཀ་ལས་གྲོལ་བའོ། །
(༢༩༤)༈། གཉིས་པ་རང་རྒྱལ་གྱི་ཐེག་པ་བཤད་པ་ནི། ༈། ངོ་བོ་ནི་སློབ་དཔོན་ལ་མ་བརྟེན་པར་སྲིད་པ་ཐ་མར་རང་བྱང་ཆུབ་མངོན་དུ་བྱ་ཐབས། བདག་མེད་ཕྱེད་གཉིས་རྟོགས་པས་རྟེན་འབྲེལ་གྱིས་ལམ་གྱིས་བགྲོད་པའོ། ༈། ངེས་ཚིག་ནི། པྲ་ཏྱེ་ཀ་བུདྡྷ་རང་གཅིག་པུར་སངས་རྒྱས་པའི་དོན་ནོ། ༈། དབྱེ་བ་འགག་དྲུག་གི། དང་པོ་འཇུག་སྒོ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་སོ། ༈། གཉིས་པ་ལྟ་བ་ནི། ནང་གང་ཟག་གི་བདག་མེད་རྟོགས་ཚུལ་ཉན་ཐོས་དང་འདྲ་བའི་སྟེང་དུ། ཕྱི་ཆོས་ཀྱི་བདག་མེད་ནི། བཟུང་བ་ཆོས་ཀྱི་བདག་མེད་རྟོགས་པས་ཉན་ཐོས་ལས་འཕགས་ཀྱང་འཛིན་པ་ཆོས་ཀྱི་བདག་མེད་མ་རྟོག་པས་བདག་མེད་ཕྱེད་དང་གཉིས་རྟོགས་པ་ཏེ། བལྟ་རིམ་ལས། དེ་བཞིན་རང་རྒྱལ་ཐེག་པ་ཡང་། ཕྱི་རོལ་བཅུ་གཉིས་སྒྱུ་མ་ཙམ། །རྡུལ་ཀྱང་ཕྱོགས་ཆས་མ་གྲུབ་འཕགས། །ཞེས་ཕྱི་རོལ་གྱི་ཡུལ་རྡུལ་ཆ་མེད་ནི་མ་གྲུབ་པར་འདོད་པར་སྒྱུ་མ་ཙམ་དུ་འདོད་པས། སེམས་ཙམ་དང་ཕྱོགས་འདྲ་བས། ཉན་ཐོས་ལས་འཕགས་ཀྱང་། ཤེས་པ་སྐད་ཅིག་རྗེས་སུ་མཐུན། གསུངས་པས། དོན་དམ་པ་ཤེས་པ་སྐད་ཅིག་མ་ཆ་
(༢༩༥)མེད་རྫས་གྲུབ་ཏུ་འདོད་པ་ནི། ཉན་ཐོས་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་ཀ་དང་རྗེས་སུ་མཐུན་པ་གཅིག་པའོ། །དེ་ཕྱིར་སེམས་ཙམ་པའི་ལྟ་བ་ལས་དམན་པའོ། ༈། གསུམ་པ་ཚུལ་ཁྲིམས་ནི། ཡང་འབྱེད་འཕྲུལ་གྱི་སྡེ་མིག་ལས། །ཉན་ཐོས་རང་རྒྱལ་བསྲུང་མཚམས་ནི། །ཉིས་བརྒྱ་ལྔ་བཅུ་འདུལ་ཁྲིམས་ཡིན། །ཅེས་གསུངས་དེ་དག་ནི་ཉན་ཐོས་ཀྱི་སྐབས་སུ་རྒྱས་པར་བཤད་ཟིན་པ་ཉིད་ཏོ། ༈། བཞི་པ་བསྒོམ་པ་ནི། དེའང་གང་ཟག་དབང་པོ་འབྲིང་པོ། ཉོན་མོངས་པ་ཆུང་ཞིང་། སེམས་འདུ་འཛི་ལ་མི་འཇུག་པ། སྐྱོ་ཤས་ཆེ་བས། དང་པོ་མཁན་པོ་དང་སློབ་དཔོན་ལ་བརྟེན་ནས་ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་ཤིང་། བསམ་པ་རང་བྱང་ཆུབ་ཐོབ་པའི་དོན་དུ། ཕུང་པོ་ལྔ། ཁམས་བཅོ་བརྒྱད། སྐྱེ་མཆེད་བཅུ་གཉིས་དང་། སྐྱེ་མཆེད་བཅུ་གཉིས་དང་། བདེན་པ་བཞི་དང་། རྟེན་འབྲེལ་བཅུ་གཉིས། གནས་དང་གནས་མ་ཡིན་པ་སྟེ། མཁས་པའི་དངོས་པོ་དྲུག་ལ་མཁས་པར་བྱས་ཏེ། བདེན་བཞིའི་མཚན་ཉིད་མི་རྟག་སོགས་བཅུ་དྲུག་སྟེང་། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལྡོག་བསྒོམ་པས་འབྲས་བུ་ལ་སྦྱོར་རོ། ༈། སྤྱོད་པ་ནི།
(༢༩༦)དབང་རྣོན་བསེ་རུ་ལྟ་བུར་གཅིག་པུར།། །བས་ནི་བསྐལ་པ་བརྒྱ་ཙམ་གྱི་རིང་དང་། །དབང་རྟུལ་ནེ་ཚོ་ལྟ་བུ་ནི་གཉིས་གསུམ་མམ། །མང་པོ་བརྒྱ་སོགས་ཁྱུར་པྱོན་པས། བསྐལ་པ་བརྒྱའི་སུམ་ཆ་ཙམ་མམ་སུམ་གཉིས་ཙམ་མམ། མི་ཚེ་བཅུ་གསུམ་ཙམ་རེ་གསུངས་པས། ཚོགས་ལམ་བསྒྲུབ་ནས་རང་དོན་དུ་རྒྱུད་སྨིན་པར་བྱེད་ཅིང་། གཞན་དོན་དུ་གདུལ་བྱ་ལ་ངག་ནི་ཆོས་མི་སྟོན་ཅིང་བརྡ་ཡིས་སྒྲ་མེད་དུ་ཆོས་བསྟན་པས་གོ་བར་བྱེད་དོ། ༈། འབྲས་བུ་ནི། སྲེད་པ་ཐ་མ་པའི་ཚེ། སངས་རྒྱས་དང་། ཉན་ཐོས་མེད་པའི་ཞིང་དུ་སྐྱེ་བའི་སྨོན་ལམ་གྲུབ་པས། ཞིང་དེར་སངས་རྒྱས་དང་ཉན་ཐོས་སུ་ཡང་མི་བཞུགས་པའི་ཕྱིར་རང་རྒྱལ་དེ་ཉིད་སློབ་དཔོན་ལ་མི་བརྟེན་པར་རྟེན་འབྲེལ་བསྒོམ་སྟེ། དུར་ཁྲོད་དུ་ཕྱིན་ནས། རོའམ་རུས་པ་ལ་གཟིགས་ནས། འདི་ཅི་ལས་བྱུང་སྙོམས་དུ་རྟོག་པས་སེམས་ཅན་ཤི་བ་ལས་བྱུང་། ཤི་བ་དེ་ཅི་ལས་བྱུང་སྙམས་པས་སྐྱེ་བ་ལས་སོགས་ནས། མཐར་མ་རིག་པ་ལས་བྱུང་ཞེས་པའི་བར་དུ་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་དུ་བསྒོམ་པས། ཕྱི་མ་ཕྱི་མའི་འབྲས་བུ་རྣམས་ནི་སྡུག་བསྔལ་གྱི་བདེན་པ་དང་། སྔ་མ་སྔ་མའི་རྒྱུ་རྣམས་ནི་ཀུན་འབྱུང་གི།། །བདེན་པ་
(༢༩༧)ཡིན་པར་རྟོགས་ནས། ཡང་། རྟེན་འབྲེལ་ལུགས་འབྱུང་དེ་ཉིད། མ་རིག་པ་འགག་པས་འདུ་བྱེད་འགག་སོགས་ནས་རྒ་ཤིའི་བར་དུ་འགག་པའི་རྟེན་འབྲེལ་བཅུ་གཉིས་ལུགས་བཟློག་ཏུ་བསྒོམ་པས་འགོག་པའི་བདེན་པ་དང་། ལམ་གྱི་བདེན་པ་རྟོགས། སྔོན་དུ་བསམ་གཏན་དང་པོའི་སེམས་ཐོབ་ནས། སྦྱོར་ལམ། མཐོང་ལམ་བསྒོམ་ལམ་མི་སློབ་བཅས་སྟན་ཐོག་གཅིག་ཏུ་བསྒྲུབ་པས་བཟུང་བ་རང་བཞིན་མེད་པར་རྟོགས་ཤིང་རང་བྱང་ཆུབ་མངོན་དུ་བྱེད་དོ། །དེ་ལྟར་བྱང་ཆུབ་པའི་ཚེ་ནའང་གཞན་དོན་དུ་གསུངས་གི་ཆོས་མི་སྟོན་པར་ལུས་ཀྱི་རྫུ་འཕྲུལ་སྣ་ཚོགས་བསྟན་ནས་གདུལ་བྱའི་རྒྱུད་ལ་དགེ་རྩ་འཕེལ་བར་བྱེད་དོ། ༈། མྱ་ངན་ལས་འདས་པའི་སྐབས་རང་ཉིད་སྐུ་སྟོད་ནས་རྫུ་འཕྲུལ་གྱི་མེ་འབར་བ། སྐུ་སྨད་ན་ཆུ་འབྲུབ་པ་སོགས་ཀྱིས་རྫུ་འཕྲུལ་གྱིས་ཕུང་པོ་ལྷག་མ་མེད་པར་མཛད་ནས་ཞི་བདེ་གཅིག་པུར་ཡུན་རིང་པོར་མནལ་བར་མཛད་དོ། ༈། འོ་ན་ཉན་རང་གི་འགོག་པ་དང་། འདུ་ཤེས་མེད་པའི་སྙམས་འཇུག་གཉིས་ཅེས་མི་མཚུངས་ཞེ་ན། འདུ་ཤེས་མེད་པས་ནི་ཚོགས་དྲུག་གི་འདུ་ཤེས་འགོག་ཀྱང་ཉོན་ཡིད་མ་སྤང་ཕྱིར་སླར་ཡང་འཁོར་བར་ལྟུང་ལ།
(༢༩༨)ཉན་རང་གི་འགོག་པས་ནི་ཉོན་ཡིད་འཁོར་བཅས་སྤངས་ཕྱིར་སླར་མི་ལྟུང་ངོ། །འོ་ན་ཉན་རང་གི་འགོག་པ་དེ་སངས་རྒྱས་དང་ཅིས་མི་མཚུངས་ཞེ་ན། ཉན་རང་གིས་འགོག་པ་ནི་ཞི་བདེ་ཕྱོགས་གཅིག་མར་མེ་ཤི་བ་ལྟར་འདོད་ཀྱང་། བག་ཆགས་ཐམས་ཅད་ཀྱི་གཞི་ཀུན་གཞིའི་རྣམ་ཤེས་འཁོར་བཅས་མ་སྤང་ཕྱིར། མཐར་ཐུག་གི་སངས་རྒྱས་མ་ཡིན་ལ། ཉན་རང་གི་བྱང་ཆུབ་འདི་གཉིས་ནི། མགྲོན་པོ་ལམ་གྱིས་དུབ་པ་ལ་གྲོང་ཁྱེར་སྤྲུལ་པའང་། རའི་ཤིང་རྟ་ལྟ་བུ་ཡིན་པར་མདོ་སྡེ་པདྨ་དཀར་པོ་ལས་གསུངས་པ་དེས་ན། ཉན་རང་གི་ཐེག་པ་འདི་གཉིས་ལ་མ་བསོའི་ཐེག་པ་ཞེས་བྱའོ། །མཐར་ནི་སངས་རྒྱས་རྣམས་ཀྱི་འོད་ཟེར་གྱིས་ཉན་རང་གི་འགོག་པའི་ཏིང་འཛིན་དེ་ལས་བསྐུལ་ཏེ་ཞི་བ་ཕྱོགས་གཅིག་པ་དེ་ལས་བསླང་སྟེ། བྱང་སེམས་ཀྱི་ཐེག་པའི་ཚོགས་ལམ་ནས་འཇུག་སྟེ། དེའི་ཚེ་སྔོན་གོམ་པའི་དབང་གིས་བྱང་སེམས་དབང་རྣོན་དུ་འགྱུར་རོ། ༈། ཐེག་ཆུང་པ་ཉན་ཐོས་ཀྱི་གྲུབ་མཐའ་སྨྲ་བ་དག་གིས་ཐེག་ཆེན་ཟེར་བ་ནི་ཁ་ཅིག་གི། མདོ་སྡེ་ཤིན་ཏུ་རྒྱས་པ་རྣམས་ཡིན་གྱི། དེ་ལས་གཞན་པའི། སྟོང་ཕྲག་རྒྱ་པ། དཀོན་མཆོག་བརྩེགས་པ། ཕལ་པོ་ཆེ། ལང་དཀར་
(༢༩༩)གཤེགས་མདོ་སོགས་ཐེག་ཆེན་རྣམས་སངས་རྒྱས་ཀྱིས་མ་གསུངས། ཕྱི་རོལ་པ་སོགས་ཀྱིས་བསྟན་པ་ལ་ཐེ་འཚོམས་ཕྱི་རམ། ཐེག་ཆེན་པས་བྱས་པའི་ཆོས་བརྫུ་ཡིན་པར་འདོད་དེ། བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་དང་འགལ་ཏེ། ལོངས་སྐུ་རྟག་པར་བསྟན་པས་འདུས་བྱས་ཐམས་ཅད་མི་རྟག་པར་གསུངས་པ་དང་འགལ། ཁམས་བདེ་བར་གཤེགས་པའི་སྙིང་པོ་སེམས་ཅན་ཐམས་ཅད་ལ་ཁྱབ་པར་བསྟན་པས། ཆོས་ཐམས་ཅད་བདག་མེད་པར་བསྟན་པ་དང་། འགལ་བ་དང་ཀུན་གཞིའི་རྣམ་པར་ཤེས་པ་བསྟན་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་བདེ་ནས་བདེ་བར་འགྲོ་བར་འདོད་པས། ཟག་བཅས་ཐམས་ཅད་སྡུག་བསྔལ་བར་གསུངས་པ་དང་འགལ། ཉན་ཐོས་སངས་རྒྱས་སུ་ལུང་བསྟན་པར་འདོད་པ་དང་། སངས་རྒྱས་རྣམས་མྱ་ངན་ལ་མི་འདའ་བར་འདོད་པས། མྱ་ངན་འདས་པ་སྤྲོས་པ་ཞི་བའོ། །ཞེ་དང་འགལ་ཟེར་རོ། ༈། ཡང་ཁྱིམ།། །པ་ལ་ཕྱག་བྱ་བར་བསྟན་པ་དང་དགེ་བསྙེན་གྱིས་བསད་པ་དང་རྐུ་བར་བྱ་བ་དགོས། སྟོན་ཕྱིར། སྡེ་སྣོད་དང་འགལ། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་པ་ནི་སོ་སྐྱེས་ཡིན་གྱི་ངེས་འབྱེད་ཡན་ནུབ་
(༣༠༠)གཅིག་ལ་མངོན་དུ་བྱེད་པ་ཡིན་པས། བདེན་པ་མཐོང་ནས་བསྐལ་པ་མང་པོ་གནས་པ་མེད་པས། ས་བཅུ་ཟེར་བ་མི་བདེན། སངས་རྒྱས་ཀྱི་སྐུ་ལ་ཁྲག་ཟག་པ་དང་། སྐུ་རྒྱབ་བསྙུང་བ་སོགས། ཡོད་པ་སོགས་རྣམས་སྨིན་གྱི་ལྷག་མ་ཡོད་པས། སྤྲུལ་སྐུ་མ་ཡིན། ཏིང་ངེ་འཛིན་ལས་བཞེངས་ཏེ་བསོད་སྙོམས་ལ་གཤེགས་གསུངས་པས། རྟག་ཏུ་མཉམ་པར་བཞག་པ་མ་ཡིན་པ་དང་། མྱ་ངན་ལས་འདས་ན་མར་མེ་ཤི་བ་ལྟར་ཡིན་པས་འགྲོ་དོན་རྒྱུན་ཆད་པ་ཡིན་ནོ། །ཞེས་སོགས་ཟེར་བ་དང་། གཞན་ཡང་ཁ་གཅིག་གིས། ཉན་ཐོས་ཀྱིས། ཕུང་ཁམས་སྐྱེ་མཆེད་ཆོས་ཐམས་ཅད་ཡོད་པར་བཤད་པ་ལ། ཐེག་ཆེན་པས། ཆོས་ཐམས་ཅད་སྟོང་པ་ཉིད་བཤད། ཉན་ཐོས་པས་ཆོས་ཐམས་ཅད་སྐྱེ་ཞིང་འཇིགས་པའི་ཆོས་བསྟན་པ་ལ། ཐེག་ཆེན་པས་ཆོས་ཐམས་ཅད་སྐྱེ་འགག་མེད་པར་བསྟན་པ་དང་། །ཉན་ཐོས་པས་མཐོང་སྒོམ་གྱི་ཉོན་མོངས་སྤང་ན་མྱང་འདས་ཐོབ་པར་བསྟན་པ་ལ། ཐེག་ཆེན་པས་རང་བཞིན་གྱིས་མྱ་ངན་འདས་པ་བཤད་པ་སོགས་བཀའ་དང་འགལ་བ་མང་པོ་བཤད་པས་ཐེག་ཆེན་འདི་བཀའ་མ་ཡིན་ནོ། །ཞེས་པ་ལ་སོགས་པ་ཐེག་ཆེན་ལ་བརྒལ་
(༣༠༡)བརྟགས་དུ་མ་བྱེད་དོ། །དེ་དག་གིས་ཐེག་ཆུང་གི་སྐབས་རྒྱས་བཤད་ཟིན་ཏོ། ད་ནི་ཐེག་ཆེན་བྱང་སེམས་ཀྱི་འགག་དྲུག་རྒྱས་པར་བསྟན་པ་ལ། ཐེག་ཆེན་བཀར་སྒྲུབ་པ་དང་། བྱང་སེམས་ཐེག་པ་དངོས་བཤད་པ་གཉིས་ལས། དང་པོ་ཐེག་ཆེན་དཀར་བསྒྲུབ་པ་ནི། ༈རྒྱལ་ཚབ་བྱམས་པ་མགོན་པོས་མདོ་སྡེ་རྒྱན་ལས་ཐེག་ཆེན་བཀའ་སྒྲུབ་གསུངས་པ། སྔར་ལུང་མ་བསྟན་ལྷན་ཅིག་བྱུང་། །སྤྱོད་ཡུལ་མ་ཡིན་གྲུབ་པ་དང་། །ཡོད་དང་མེད་ན་ཡོད་མེད་དང་། །གཉེན་པོ་དང་ནི་སྒྲ་གཞན་ཕྱིར། ཅེས་པས། ཐེག་ཆེན་ཆོས་བརྫུ་ཡིན་ན། བཅོམ་ལྡན་འདས་ལ་སྒྲིབ་མེད་ཀྱི་སྤྱན་ལྔ་དང་མངོན་ཤེས་ལྔ་མངའ་ཞིང་། བསྟན་པ་དག་ཀྱང་བསྲུང་བར་མཛད་ཅིང་སེམས་ཅན་ལ་ཐུགས་བརྩེ་བ་ལྡན་པས། ཆོས་བརྫུ་འདི་འདྲ་འོང་ཞེས་ལུང་བསྟན་འོས་ཀྱང་མ་བསྟན་པ་དང་། ༡སྟོན་པ་ཞལ་བཞུགས་ཚེ་ལ་བྱུང་བ་ཡིན་ཏེ། གཉན་ཡོད་སོགས། ཉན་ཐོས་ཐེག་པ་དང་ལྷན་གཅིག་བྱུང་བ་དང་། ༢ཡང་ཐེག་ཆེན་མུ་སྟེགས་ཀྱིས་བརྩམ་མོ་སྙམས་ཀྱང་། དེའི་སྤྱོད་ཡུལ་མ་ཡིན་པ་དང་། ༣ཡང་
(༣༠༢)གང་ཟག་གཞན་ཞིག་སངས་རྒྱས་ནས་བསྟན་ཏོ་སྙམས་ཀྱང་། དེ་ལྟར་ནའང་སངས་རྒྱས་ཀྱི་བཀའ་ཡིན་པར་གྲུབ་པ་དང་། ༤ཡང་། ཉན་ཐོས་ཀྱི་མདོ་སྡེ་ཐེག་ཆུང་འདི་ཐེག་ཆེན་ཡིན་གྱི། དེ་ལས་གཞན་ཐེག་ཆེན་མདོ་ཟེར་ན་ཡང་། ཐེག་ཆེན་ཡོད་ན་ནི་ཐེག་ཆུང་ཡོད་ལ། ཐེག་ཆེན་མེད་ན་ཐེག་ཆུང་ཡང་མེད་དོ། །ཅིའི་ཕྱིར་ཐེག་ཆུང་མེད་སྙམས་ན། ཐེག་ཆེན་མེད་ན་སངས་རྒྱས་མེད། སངས་རྒྱས་མེད་ན་ཐེག་ཆུང་གསུང་བ་པོ་མེད་དོ། ༥། ཡང་བསྒོམ་ན་ཉོན་མོངས་ཀྱི་གཉེན་པོ་འགྱུར་བ་དེ་བཀའ་ཡིན་ཏེ་སེར་ན་ཉན་ཐོས་ཀྱི་ཐེག་པ་བཞིན་ནོ། །ཐེག་ཆེན་བསྒོམ་ཀྱང་ཉོན་མོངས་གཉེན་པོར་མི་འགྱུར་ཏེ་བཀའ་མིན་ནོ་སྙོམས་ན། ཐེག་ཆེན་བསྒོམ་ན། རྣམ་པར་མ་རྟོག་པའི་ཡེ་ཤེས་སྐྱེ་ཕྱིར་ཉོན་མོངས་གཉེན་པོར་འགྱུར་ཏེ་བཀའ་ཡིན་ནོ། ༦། ཡང་། སངས་རྒྱས་ཀྱིས་ཕུང་ཁམས་སོགས་ཆོས་ཐམས་ཅད་ཡོད་པར་བཤད་ན། ཤེས་ཕྱིར་སོགས་ཆོས་ཐམས་ཅད་སྟོང་པར་བཤད་པས། བཀའ་མ་ཡིན་ཟེར་ན། ཤེས་ཕྱིར་སོགས་ལས་ཆོས་ཐམས་ཅད་མེད་པར་བཤད་པ་ནི་སྒྲ་ཅི་བཞིན་པ་མ་ཡིན་ཏེ། གཟུང་འཛིན་ཀུན་བཏག་ནི། རང་བཞིན་མེད་པར་དགོངས་
(༣༠༣)ནས་གསུངས་ཀྱིས་གཞན་དབང་ཀུན་རྫོབ་དང་ཡོངས་གྲུབ་དོན་དམ་གྱི་ངོ་བོས་མེད་པ་མ་གསུངས་པས་བཀའ་ཡིན་ནོ། ༧༈། ཡང་འགའ་ཞིག་གིས་ཐེག་ཆེན་ཆོས་བརྫུས་འདི་འདྲ་འབྱུང་ཞེས་སྔར་ལུང་མ་བསྟན་པ་བདེན་ཀྱང་། སངས་རྒྱས་རྣམས་སེམས་ཅན་གྱི་དོན་དུ་ཐུགས་བྲེལ་ཆེ་བ་དང་། བསྟན་པ་སྲུང་བའི་བྱ་བ་ཆེར་མི་མཛད་པ་དང་། ཡེ་ཤེས་མ་འོངས་པའི་དངོས་པོ་ལ་མི་འཇུག་པས་ལུང་མ་བསྟན་པ་ཡིན་ཟེར་ན། ལེན་ནི། སངས་རྒྱས་རྣམས་ནི་མངོན་སུམ་སྤྱན། །བསྟན་པ་དག་ཀྱང་བསྲུང་བར་མཛད། །དུས་ལ་ཡེ་ཤེས་མ་སྒྲིབ་ཕྱིར། །དེ་ཕྱིར་བཏང་སྙོམས་མི་རུང་ངོ། །ཅེས་སོ། ༈། ཡང་ཡོད་དང་མེད་ན་ཡོད་མེད་དང་། ཞེས་པ། འགའ་ཞིག་གིས། ཐེག་ཆེན་ནི་ཉན་ཐོས་ཐེག་པ་འདི་ཡིན་ཏེ། བློ་རྣོ་འབྲིང་བརྟུལ་གྱི་ཁྱད་པར་གྱིས། སངས་རྒྱས་དང་། རང་སངས་རྒྱས་དང་། ཉན་ཐོས་དབྱེ་བ་ཡིན་གྱིས། ཐེག་ཆེན་ཟེར་བ་ཉན་ཐོས་ཀྱི་འདི་ལས་གཞན་ཟུར་དུ་མེད་ཟེར་བ་ལ། ལན་ནི། མ་ཚོང་བ་དང་འགལ་བ་དང་། །ཐབས་མིན་དེ་ལྟར་མ་བསྟན་ཕྱིར། །ཉན་ཐོས་ཀྱིས་ནི་ཐེག་པ་འདི། །ཐེག་
(༣༠༤)ཆེན་ཆོས་ཞེས་བྱ་བ་མིན། །ཉན་ཐོས་ཀྱི་ཐེག་པས་སངས་རྒྱས་མི་ཐོབ་སྟེ། བདག་གཞན་གྱི་དོན་ཕུན་སུམ་ཚོགས་པ་སྒྲུབ་པ་མ་ཚང་བ་དང་། ༡ཡང་། ཉན་ཐོས་ཀྱི་བདག་གི་དོན་སྒྲུབ་པའི་ཆོས་དེ་གཞན་ལ་བསྟན་པས་གཞན་དོན་གྱུར་པས་སངས་རྒྱས་སོ་ཟེར་ན། དེ་མི་འགྱུར་ཏེ། བདག་དོན་སྒྲུབ་པ་དེ་གཞན་དོན་དང་འགལ་བའི་ཕྱིར་རོ། ༢ཡང་། །ཉན་ཐོས་ཀྱི་ཐེག་པ་འདི་བསྐལ་པ་གྲངས་མེད་གསུམ་དུ་བསྒོམ་ན་སངས་རྒྱས་ཐོབ། བསྐལ་བརྒྱར་བསྒོམ་ན་རང་སངས་རྒྱས་ཐོབ། མི་ཚེ་གསུམ་དུ་བསྒོམ་པས་ཉན་ཐོས་དགྲ་བཅོམ་པ་ཐོབ་སྟེ། ཡུན་རིང་ཐུང་གི་ཁྱད་ཡིན་ཟེར་ན། དེ་ལྟར་ཡུན་རིང་ཀྱང་སངས་རྒྱས་མི་ཐོབ་ཏེ། སངས་རྒྱས་ཐོབ་པའི་ཐབས་ནི། ཤེས་རབ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་གཉིས་ཡིན་ལ། དེ་གཉིས་ཐེག་ཆུང་ལས་མི་འབྱུང་བས་སངས་རྒྱས་མི་འཐོབ་བོ། །ཐབས་མ་ཡིན་པ་ལས་ཡུན་རིང་དུ་འབད་ན་སངས་རྒྱས་ཐོབ་པར་རེ་ཡང་། དཔེར་ན། རྭ་ཅོ་ལས་རིང་པོར་བཞོས་ཀྱང་འོ་མ་མི་འབྱུང་བ་དང་། བྱེ་མ་ཡུན་རིང་བཙིར་ཀྱང་མར་མི་འབྱུང་བ་བཞིན་ནོ། ༣། ཡང་། ཉན་ཐོས་ཐེག་པ་ལས་བྱང་སེམས་སྤྱོད་པ་དངོས་སུ་མ་
(༣༠༥)བཤད་ཀྱང་། ཡི་གེ་དང་ཚིག་གཞན་རྣམས་ཀྱི་རྣམ་པར་བཤད་པས་ཐེག་ཆེན་ཡང་ཡིན་ཟེར་ན། དེ་མིན་ཏེ། ས་བཅུ་དང་། ཕར་ཕྱིན་བཅུ་སོགས་ཐེག་ཆེན་ནས་གསུངས་པ་དེ་དག་ཉན་ཐོས་ཀྱི་ཐེག་པར་ཅུང་ཟད་མི་འབྱུང་བས་ཐེག་ཆེན་མིན་ནོ། ༥༈། །འགལ་བའི་ཚུལ་ནི། བསམ་པ་དང་ནི་བསྟན་པ་དང་། །སྦྱོར་བ་དང་ནི་སྟོན་པ་དང་། །དུས་འགལ་ཕྱིར་དང་དམན་པ་དང་། །དེ་ནི་དམན་པ་ཁོ་ན་ཡིན། །ཅེས་པས། ཉན་ཐོས་ཀྱིས། རང་ཉིད་མྱང་འདས་ཐོབ་ཐབས་བསམ་པ་དང་། དེ་ཐོབ་ཕྱིར་ཆོས་བསྟན་པ་དང་། བདག་དོན་འབའ་ཞིག་ལ་སྦྱོར་བ་དང་། བདག་མེད་ཙམ་ཁོང་དུ་ཆུད་པས་ཡེ་ཤེས་ཀྱི་ཚོགས་ཡུང་འབྲུ་སྲིན་འབུས་ཟོས་པའི་ཁ་དོག་གི་ནམ་མཁའི་ཁྱོན་ཙམ་དང་། བསོད་ནམས་ཟས་སྤར་བ་གང་གཏོར་བས་བསོད་ནམས་ཚོགས་བ་གླང་གི་རྨིག་རྗེས་ཀྱི་ཆུ་ཙམ་བསམ་ཕྱིར་སྟོན་པ་དང་། ཚེ་གསུམ་གྱི་དགྲ་བཅོམ་ཐོབས་པས་དུས་དང་འགལ་ཕྱིར་དམན་པ་དང་དམན་པ་ཁོ་ན་ཡིན་ལ། ཐེག་ཆེན་གྱི་ནི། བདག་གཞན་རྫོགས་བྱང་ཐོབ་ཕྱིར་བསམ་པ་དང་། དེ་ཐོབ་ཕྱིར་ཆོས་སྟོན་པ་
(༣༠༦)དང་། བདག་གཞན་གཉིས་ཀའི་དོན་ལ་སྦྱོར་བ་དང་། བདག་མེད་གཉིས་རྟོགས་པའི་ཡེ་ཚོགས་ནམ་མཁའ་ལྟར་མཐའ་མེད་པ་དང་། བསོད་ནམས་ཚོགས་ཆེ་ཆུང་།། །ཆེན་པོ་བཞི་ཙམ་རྟེན་པ་དང་། བསྐལ་པ་གྲངས་མེད་གསུམ་གྱིས་སངས་རྒྱས་ཐོབ་པས་དུས་ཏེ་རྣམ་པ་ལྔས་འགལ་ལོ། ༈། ཐེག་ཆེན་བཀའ་མ་ཡིན་ཏེ། སངས་རྒྱས་ཀྱི་བཀའི་མཚན་ཉིད་ནི། དུས་བསྟན་པ་དང་ཆེན་པོ་བསྟན་པའི་མདོ་ལས། གང་ལ་མདོ་སྡེ་ལས་ཀྱང་འབྱུང་ལ། འདུལ་བ་ལས་ཀྱང་སྣང་། ཆོས་ཉིད་དང་ཡང་མི་འགལ་བ་དེ་སངས་རྒྱས་ཀྱི་བཀའ་ཡིན། ཞེས་གསུངས་སོ། །དེ་ལས་གཞན་པ་དག་ནི་བཀའ་མ་ཡིན་ནོ། གསུང་པས་ཉན་ཐོས་ཀྱི་ཆོས་ནི་ཕུང་ཁམས་སྐྱེ་མཆེད་ཡོད་པར་བཤད་པ། མདོ་སྡེ་ལས་ཀྱང་བྱུང་བ་དང་། ལྟུང་བ་སྡེ་བདུན་འཆད་པའི་གཞུང་དེ་འདུལ་བ་ཡིན། འདུལ་བ་ལས། སངས་རྒྱས་དང་ཆོས་དང་དགེ་འདུན་མེད་དོ་སྨྲས་ན། ལྟུང་བ་འབྱུང་བར་བཤད་པས། དེ་ལྟར་སངས་རྒྱས་མེད་དོ་སོགས་མི་འབྱུང་བས་འདུལ་བ་ལས་ཀྱང་སྣང་། རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལྡོག་ཏུ་བཤད་པས། ཆོས་ཉིད་དང་ཡང་མི་འགལ་ལ། ཐེག་ཆེན་ཟེར་བས་
(༣༠༧)ནི། ཆོས་ཐམས་ཅད་རང་བཞིན་མེད་དོ་བཤད་པས་མདོ་སྡེ་ལས་མི་འབྱུང་། སངས་རྒྱས་མེད། ཆོས་མེད་དགེ་འདུན་མེད་པར་བཤད་པས་འདུལ་བ་ལ་མི་སྣང་། །ཆོས་ཐམས་ཅད་སྐྱེ་བ་མེད། འགག་པ་མེད་སོགས་བཤད་པས་ཆོས་ཉིད་དང་འགལ་ཟེར་ལ། ལེན་དུ། མཚན་ཉིད་དང་མི་འགལ་ཚུལ་ནི། །རང་གི་མདོ་ལས་འཇུག་པ་དང་། །རང་གི་འདུལ་བར་སྣང་ཕྱིར་དང་། །ཟབ་པའི་ཕྱིར་དང་།། །ཕྱིར། །ཆོས་ཉིད་དང་ནི་འགལ་བ་མེད། །ཞེས་ཏེ། ཐེག་ཆེན་རང་གི་མདོ་སྡེ་ལ་འཇུག་པ་དང་། །ཉོན་མོངས་པ་རྣམ་རྟོག་ཡིན་པས་དེ་འདུལ་བས་འདུལ་བ་དང་། ཟབ་རྒྱས་ཀྱི་མཚན་ཉིད་ཡིན་ཕྱིར། ཆོས་ཉིད་དང་མི་འགལ་ཏེ་བྱང་ཆེན་ཐོབ་པའི་ཆོས་ཉིད་ཡིན་ནོ། ༈། ཡང་ཉན་ཐོས་ཀྱི་མདོ་སྡེ་སོགས་དང་མི་མཐན་པས་བཀའ་མིན་ནོ་ཞེ་ན། འོ་ན་ཉན་ཐོས་སྡེ་པ་བཅོ་བརྒྱད་ཀྱི་གཞུང་རྣམས་ཀྱང་ཕན་ཚུན་མི་མཐའ་མ་ཡིན་པར་ཁས་བླངས་དགོས་པ་དང་། ༈ཡང་ཉན་ཐོས་སྡེ་པ་ཐམས་ཅད་ཀྱི་གཞུང་འདུས་དེ་བཀའ་ཡིན་ཞེ་ན། ཉན་ཐོས་སྡེ་པ་རེ་རེའི་གཞུང་དུ་ཐམས་ཅད་མ་འདུས་ལ། ཐེག་ཆེན་དུ་འདུས་པ་བཀའ་ཡིན་པར་གྲུབ་བོ། ༈། སྤྱོད་
(༣༠༨)ཡུལ་མ་ཡིན་པའི་དོན་ལ། །རྟོག་གེ་སྟོན་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །བྱིས་པ་ལ་ནི་བརྟེན་པར་འདོད། །དེ་ཕྱིར་དེ་ནི་དེའི་ཡུལ་མིན། །ཞེས་པ་ཏེ། ཐེག་པ་ཆེན་པོ་ནི་བདག་མེད་གཉིས་རྟོགས། ས་དང་ཕར་ཕྱིན་མངོན་དུ་གྱུར་པ་ལ་བཤད་པས་རྟེན་དང་། ཤེར་ཕྱིན་སོགས་ཐེག་ཆེན་གཞུང་ནི་རྟག་ཏུ་མཉམས་པར་ངེས་པ་དང་། ཕུང་ཁམས་སོགས་ཤེས་བྱ་ཐམས་ཅད་ཁྱབ་པ་ཡིན། ཀུན་རྫོབ་དང་དོན་དམ་པའི་ཆོས་ཉིད་གཉིས་སྟོན་པ་དང་། །ཤེར་ཕྱིན་འབུམ་སོགས་འབུམ་ཕྲག་གྲངས་མེད་བཤད་པས་ཚིག་དང་སྤོབ་པ་མི་ཟད་པས་མི་སྐྱོ་བ་དང་། འཕགས་པ་རྣམས་ཀྱི་ཁོང་དུ་ཆུད་པའི་གནས་ཡིན་པ་དང་། །བླ་མེད་བྱང་ཆེན་ཐོབ་པའི་ཐབས་ཡིན་ལ། ༢རྟོག་གེ་པ་ནི་ཐེག་ཆེན་ལྟར་མ་ཡིན་ཏེ། སྔོན་རྟོག་གེའི་གཙུག་ལག་ཅུང་ཟད་ལ་བརྟེན་པ་དང་། རྟོག་གེའི་གཞུང་གཞན་ནས་གཞན་དུ་འགྱུར་ཏེ། སྔོན་ཚད་མ་སྡེ་བདུན། དེ་འོག་ནས་རིམ་པར་སྡེ་ལྔ་དང་བཞི་དང་། །གསུམ་གཉིས་སུ་ཡང་བཞག་པས་མ་ངེས་པ་དང་། མངོན་སུམ་ཚད་མ་དང་། རྗེས་དཔག་གི་ཡུལ་ཉི་ཚེས་སྤྱོད་པས་ཤེས་བྱ་ཐམས་ཅད་ལ་མ་ཁྱབ་པ་དང་།
(༣༠༩)ཀུན་རྫོབ་ཀྱི་ཆོས་ཉི་ཚེ་ཙམ་ལས་དོན་དམ་ལ་མི་དཔྱད་པ་དང་། རྟོག་གེའི་གཙུག་ལག་ཉུང་ཤས་ཡོད་པ་སྟོན་ཚེ། ཤེས་རབ་དང་སྤོབ་པ་དྲག་པོ་གཞན་གྱི་ཚར་གཅོད་ན། གཙུག་ལག་ལས་ཇི་ལྟར་བྱུང་བ་ཞིག་སྨྲ་ནས་ཚིག་དང་སྤོབ་པ་ཟད་ནས་སྐྱོ་བར་འགྱུར་བའི་ཕྱིར། བྱིས་པ་རྣམས་ཀྱི་ཤེས་པར་བྱེད་པ་ཡིན་པ་དང་། ཐབས་མ་ཡིན་པ་གོང་དུ་བསྟན་པ་བཞིན། ཐེག་ཆེན་ནི་རྟོག་གེའི་སྤྱོད་ཡུལ་མ་ཡིན་པའོ། ༈། ཐེག་ཆེན་བྱང་ཆུབ་ཀྱི་ཐབས་སུ་རུང་བ་ནི། རྒྱ་ཆེའི་ཕྱིར་དང་ཟབ་པའི་ཕྱིར། །ཡོངས་སུ་སྨིན་དང་རྣམ་མི་རྟོག། དེ་ཕྱིར་འདི་ལས་གཉིས་བརྟེན་ཏེ། །དེ་ནི་བླ་ན་མེད་པའི་ཐབས། །ཞེས་པས། ཕར་ཕྱིན་དང་། །མངོན་ཤེས་དང་། སྟོབས་སོགས་རྒྱ་ཆེ་བ་དང་། །བདག་མེད་གཉིས་ནི་ཟབ་པའོ། །ཡང་ན། བསོད་ཚོགས་རྒྱ་ཆེ་བ་དང་། ཡེ་ཚོགས་ཟབ་པའོ། །རྒྱ་ཆེའི་ཆོས་ཐོས་པས། དད་པ་སྐྱེ་ཞིང་ཡོངས་སུ་སྨིན་པས་བྱང་ཆུབ་ལམ་ལ་འཇུག་པ་དང་། ཟབ་པའི་ཆོས་བསྒོམ་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །དེ་ཕྱིར་ཐེག་ཆེན་ལས་ཟབ་རྒྱས་གཉིས་བསྟན་པས་བྱང་ཆུབ་ཐོབ་པའི་ཐབས་ཡིན་ནོ།
(༣༡༠)༈། ཐེག་ཆེན་ལ་སྐྲག་པར་འགྱུར་བའི་གནས་མ་ཡིན་པ་བསྟན་པ་ནི། འགྲོ་བ་དེའི་གནས་མིན་ལ་སྐྲག་གདུང་བྱེད་འགྱུར། བསོད་ནམས་མ་ཡིན་ཕུང་ཆེན་བསགས་བྱས་ཡུན་རིང་དུ། །རིགས་མེད་གྲོགས་མེད་སྔོན་དགེ་མ་བསགས་བློ་མ་སྦྱངས། །བསྐལ་པ་གྲངས་མེད་ཆོས་འདི་དོན་ཆེན་འདི་ལས་ཉམས། །ཞེས་པས། གནས་མིན་ལ་སྐྲག་པའི་ཉེས་པས་ངན་སོང་དུ་གདུང་སྟེ། བསོད་ནམས་མིན་པའི་ཕུང་པོ་ཆོས་སྤང་གི་ལས་ཚབ་ཆེན་བསགས་པས་དུས་རིང་པོར་སྡུག་བསྔལ་ལོ། ༈། སྐྲགས་པའི་རྒྱུ་ནི། བྱང་ཆུབ་སེམས་པའི་རིགས་མེད་པ་དང་། ཉན་རང་གི་གྲོགས་ངན་པ་དང་། ཐེག་ཆེན་ལ་བློ་མ་སྦྱོངས་དང་། སྔོན་དགེ་བ་མ་བསགས་པ་དང་བཞི་ཡིན་ནོ། །དོན་ཆེན་བྱང་ཆུབ་ཐོབ་པ་ལས་ཉམས་པའོ། ༈། མི་སྐྲག་པའི་རྒྱུ་ནི། དེ་ལས་གཞན་དང་གཞན་མེད་ཤིན་ཏུ་ཟབ་ཅིང་རྗེས་སོང་ཕྱིར། སྣ་ཚོགས་སྟོན་ཞིང་མང་པོའི་སྒོ་ནས་རྟག་ཏུ་སྟོན་དང་ལྡང་། ཇི་སྐད་བཤད་བཞིན་དོན་མིན་བཅོམ་ལྡན་དགོངས་པ་ཤིན་ཏུ་ཟབ། མཁས་པ་རྣམས་ཀྱིས་ཚུལ་བཞིན་བརྟགས་ནས་ཆོས་འདིས་སྐྲགས་མི་འགྱུར། ཞེས་པས། ཐེག་ཆེན་ནི་ཤེར་ཕྱིན་གྱི་
(༣༡༡)ཐེག་པ་འདི་ཡིན་ལ། དེ་ལས་གཞན་ཉན་རང་གི་ཐེག་པ་དང་། ཤེར་ཕྱིན་ལ་འདི་མ་ཡིན་པ་ཐེག་པ་གཞན་པར་གཞན་ཤེས་ནས་ཆོས་ལ་སྐུར་པ་མི་འདེབས་པ་དང་། ༈། ཡང་གལ་ཏེ་ཉན་ཐོས་ཀྱི་ཐེག་པ་འདི་ཐེག་ཆེན་ཡིན་སྨྲ་ན་ནི། འོ་ན་ཉན་རང་དང་རང་སངས་རྒྱས་མེད་པའི་སྐྱོན་དུ་འགྱུར་རོ། ༈། ཟབ་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་བྱེད་འཕགས་པ་རྣམས་ཀྱི་ཐུགས་སུ་ཆུད་པའོ། །རྗེས་སོང་ནི། ཉན་ཐོས་ཀྱི་ཐེག་པ་དང་མཉམ་དུ་གསུངས་པས། ཉན་ཐོས་ཐེག་པ་ལ་མི་སྐྲག་ན་ཐེག་ཆེན་ལའང་སྐྲག་པར་མི་རིགས་སོ། ། སྣ་ཚོགས་སྟོན་ནི། ཐེག་ཆེན་ལས་སྟོང་པ་སྟོན་སྙམས་སྐྲག་པར་མི་བྱ་སྟེ། སྟོང་པ་བཤད་པ་འདི་ལ་དགོངས་པ་འགའ་ཞིག་ཡོད་པ་དང་། སྟོང་པ་འབའ་ཞིག་ཀྱང་མ་བསྟན་ཏེ། ཕུང་ཁམས་སྐྱེ་མཆེད་པ་ལམ་ཕར་ཕྱིར་སོགས་ཆོས་སྣ་ཚོགས་བསྟན་སྟེ། མང་པོའི་སྒོ་ནས་སོགས་ནི། ལང་ཀར་གཤེགས་པ་ཤེས་རབ་ཀྱི་ཕར་ཕྱིན་སོགས་མདོ་སྡེ་རྣམས་སོ། ༡། སྒོ་ནས་ནི་སྟོང་ཉིད་ཁོང་དུ་ཆུད་ཕྱིར་མ་བྱུང་བ་དང་། མ་སྐྱེས་པ་དང་། རང་བཞིན་གྱིས་སྟོང་པ་སོགས། སྟོང་ཉིད་
(༣༡༢)ཀྱི་རྣམ་གྲངས་དུ་མས་བསྟན་ཏོ། རྟག་ཏུ་ནི། ལན་གཅིག་མིན་པར་རྒྱུན་མི་འཆད་པར་ནན་ཏན་ཡང་ཡང་དུ་བསྟན་པས་དོན་ཆེ་བར་ཤེས་ནས་མི་སྐྲགས་པའོ། །ཇི་སྐད་བཤད་བཞིན་དོན་མིན་ནི་སྒྲ་ཇི་བཞིན་མ་ཡིན་པའི་དོན་ནོ། ། བཅོམ་ལྡན་དགོངས་པ་ཟབ་པ་ནི། སེམས་ཅན་གྱི་ཁམས་སྣ་ཚོགས་པ་མཁྱེན་པས། དེའི་ཁམས་དང་མཐུན་པར་བསྟན་པའི་དགོངས་པ་རྟོགས་དཀའ་བའོ། །ཚིག་ལྷག་མ་དག་པའི་གོ་བར་ཟད་དོ། །ཡེ་ཤེས་ཀྱི་སྤྱོད་ཡུལ་བསྟན་པ་ནི། འདི་ཉིད་དང་པོ་ཐོབ་པ་ལ་བསྟན་ནས་ཡིད་ལ་བྱེད་པ་འབྱུང་། ཚུལ་བཞིན་ཡིད་ལ་བྱེད་ལས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང་། དེ་ལ་ཆོས་འཐོབ་དེ་ཡོད་དེ་ལས་བློ་གྲོས་རབ་ཏུ་སྐྱེ། གང་ཚེ་དེ་ནི་སོ་སོར་རིག་པ་མེད་ན་ཇི་ལྟར་ངེས། ༈སྐྲགས་པའི་གནས་མིན་པ་ནི། བདག་གིས་མི་ཤེས་སངས་རྒྱས་ཀྱིས་ཀྱང་ཟབ་མོ་མཁྱེན་མ་ཡིན། །ཟབ་མོ་ཅིའི་ཕྱིར་ན། རྟོག་གེའི་ཡུལ་མ་ཡིན། ཅི་ཕྱིར་ཟབ་མོའི་དོན་རིག་པ་དག་མཐར་འགྱུར་ཞེས། ༈མ་མོ་ན་ཐེག་ཆེན་མཆོག་ཡིན་པར་གྲུབ་པ་ནི། ཐེག་མཆོག་མ་ཡིན་པར་དམན་པར་མོས་ཤིང་ཁམས་ཀྱང་ཤིན་ཏུ་དམན།
(༣༡༣)གྲོགས་པོ་དམན་པ་དག་གིས་ཡོངས་བསྐོར་བ། །ཟབ་ཅིང་རྒྱ་ཆེ་ལེགས་པར་བཤད་པའི་ཆོས། འདི་ལ་གལ་ཏེ་མོས་མེད་གྲུབ་པ་ཡིན། ༈མ་ཐོས་པར་ཡང་མི་རུང་བ་ནི། སྔོན་ཉན་ཐོས་ཀྱི་ཐོས་པ་འབྱང་ནས་བློ་ལྡན་ཐོབ་ནས་ནི། གང་ཞིག་ཐེག་ཆེན་ཐོས་ལ་རབ་ཏུ་བརྙས་བྱེད་པ། ཐེག་ཆེན་ཐོབ་པ་རྣམ་པ་སྣ་ཚོགས་དཔག་ཏུ་མེད།། །ལ་པ་ཕྱི་རོལ་ཏུ་ལ། རྨོངས་པ་གང་ཞིག་ཕྱིར་ན་ཐེག་ཆེན་བཀའ་མིན་པར་ངེས་པར་བྱེད། ༈ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་ཉེས་པ་ནི། སངས་རྒྱས་མེད་སོགས། དོན་སྒྲ་ཇི་བཞིན་ཡོངས་རྟོག་ན། །བདག་ཉིད་སྒྲ་དོན་མ་རྟོག་པ་ལ་རྟོག་གོ །སྙེམས་ཤིང་བློ་ཉམས་འགྱུར། ལེགས་པར་གསུངས་པའང་སྤང་བས་ན། བརླག་འགྱུར་ཆོས་ལ་ཁོང་ཁྲོས་སྒྲིབ། ༈། ཆོས་ལ་ཁོང་ཁྲོས་མི་རུང་བ་ནི། །ཡིད་ཀྱི་ཉེས་པ་རང་བཞིན་གདུག་པ་སྟེ། །མི་རིགས་པ་ཡི་གཟུགས་ལ་མི་རིང་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །དེ་ཕྱིར་བཏང་སྙོམས་བཞག་ན་ཉེས་པ་མེད། །ཅེས་གསུངས་བཞིན་ཤེས་པར་བྱའོ། ༈། གཞན་ཡང་གོང་དུ་བཀའ་རྟགས་ཀྱི་ཕྱག་རྒྱ་དང་འགལ་
(༣༡༤)ཚུལ་ཟེར་བ་ལ། མི་འགལ་བའི་ཚུལ་བཤད་པ། ལོངས་སྐུ་རྟག་པར་བསྟན་པས་འདུས་བྱས་ཐམས་ཅད་མི་རྟག་པ་གསུང་པ་དང་མི་འགལ་ཏེ། ལོངས་སྐུ་ཡེ་ཤེས་ཀྱི་རང་མདངས་འདུ་མ་བྱས་པ་ཡིན་གྱི། འདུས་བྱས་མ་ཡིན་ནོ། །གལ་ཏེ་ལོངས་སྐུ་འདུ་བྱས་ཡིན་ན་སྐར་མ་རབ་རིབ་མར་མེ་དང་སོགས་ནས་འདུ་བྱས་ཆོས་རྣམས་དེ་ལྟར་བལྟའ། གསུངས་པས། སྐར་མ་རྣམས་མཚན་མོ་སྣང་ཉིན་མོ་མི་སྣང་བ་བཞིན། འདུས་བྱས་ཀྱི་ཆོས་རྣམས། ལྷན་སྐྱེས་ཀྱི་མ་རིག་པ་དང་། ཀུན་བརྟགས་ཀྱི་མ་རིག་པ་དང་། རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་གསུམ་གྱི་དབང་དུ་གྱུར་ཚེ་སྣང་གི། རང་སེམས་ལྷན་སྐྱེས་ཡེ་ཤེས་དང་། ཆོས་ཉིད་རང་བྱུང་གི་ཡེ་ཤེས་དང་། །ཆོས་ཉིད་རང་ཤར་རང་གྲོལ་གྱི་ཉི་མ་ཤར་ན་མི་སྣང་བར་གསུངས་པ། དེའི་ཕྱིར་ལོངས་སྐུ་མ་རིག་པའི་དབང་དུ་གྱུར་པ་མ་ཡིན་པའི་ཕྱིར་འདུས་བྱས་མ་ཡིན་ནོ། ༈། ཡང་འདུས་བྱས་ཀྱི་ཆོས་རྣམས་མར་མེ་དང་འདྲ་བར་གསུངས་ཏེ། ཀུན་གཞི་རྣམ་ཤེས་ནི་མར་མེའི་ཀོང་བུ་ལྟ་བུ། བདག་འཛིན་ནི་མར་མེའི་སྡོང་བུ་ལྟ་བུ། དུག་གསུམ་ནི་མར་ཁུ་ལྟ་བུ། དེ་དག་འཛོམ་པས་འཁོར་བའི་སྡུག་བསྔལ་གྱི་མེ་འབྱུང་བར་གསུངས་
(༣༡༥)པ། ལོངས་སྐུ་ནི་རྒྱུ་དེ་དག་གིས་བསྐྱེད་པ་མིན་ནོ། ༈། ཡང་ཁམས་བདེ་གཤེགས་སྙིང་པོ་སེམས་ཅན་ཐམས་ཅད་ཁྱབ་པར་བསྟན་པ་དང་། ཀུན་གཞིའི་རྣམ་ཤེས་བསྟན་པས། ཆོས་ཐམས་ཅད་བདག་མེད་པར་བསྟན་པ་དང་འགལ་ཟེར་ཡང་། མི་འགལ་ཏེ། བདེ་གཤེགས་སྙིང་པོ་ནི། ཆོས་ཉིད་དོན་དམ་པའི་བདེན་པ་སངས་རྒྱས་སྐུ་གསུམ་གྱི་སྙིང་པོ་དྲི་མ་མེད་པ་གདོད་ནས་ཡོངས་སུ་གྲུབ་པ་འགྱུར་མེད་ཡིན་གྱི། མུ་སྟེགས་པས་མེད་པ་ལ་ཡོད་པར་སྒྲོ་བཏགས་པའི་བདག་དང་། མ་རིག་པའི་དབང་གི། མེད་པ་ལ་ཡོད་པར་སྒྲོ་བཏགས་པའི་ཆོས་དང་གང་ཟག་གི་བདག་དེ་བདེ་གཤེགས་སྙིང་པོ་མ་ཡིན་ཡིན་པའི་ཕྱིར། །གལ་ཏེ་སེམས་ཅན་ལ་བདེ་གཤེགས་སྙིང་པོ་ཡོད་པར་གསུངས་པ་དེའང་མུ་སྟེགས་པའི་བདག་ལྟར་མེད་ན། སེམས་ཅན་ལ་སངས་རྒྱས་ཀྱི་རིགས་མེད་པར་འགྱུར་ཕྱིར་ལམ་ལ་འབད་པ་བྱས་ཀྱང་སངས་རྒྱས་ཐོབ་པར་མི་འགྱུར་ཏོ། །བྱེ་མ་ལ་མར་མེད་པ་ལ་འབད་ཀྱང་མར་མི་འབྱུང་བ་བཞིན་ནོ། །ཡང་། ཀུན་གཞིའི་རྣམ་ཤེས་ནི་དོན་དམ་དུ་ཡོད་པར་བསྟན་པ་མ་ཡིན། དོན་དམ་བདེ་གཤེགས་སྙིང་པོ་དེ་སྒྲིབ་བྱེད་ཀྱི་དྲི་མ་འཁྲུལ་རྟོག་ཐམས་ཅད་ཀྱི་རྩ་བ། ས་བཅུའི་རྒྱུན་མཐའ་རྡོ་རྗེ་
(༣༡༦)ལྟ་བུའི་ཏིང་འཛིན་གྱིས་བཅོམ་བྱ་སེམས་ཅན་གྱི་འཁྲུལ་ངོར་ཡོད་པ། དེའང་། མུ་སྟེགས་སོགས་ཀྱིས་མེད་པ་ལ་ཡོད་པར་སྒྲོ་བཏགས་པའི་བདག་དང་མི་གཅིག་གོ། །གལ་ཏེ་འཁྲུལ་ངོ་ཙམ་དུའང་ཀུན་གཞིའི་རྣམ་ཤེས་གཏན་ནས་མེད་པར་ཁས་ལེན་ན་རྣམ་ཤེས་ཚོགས་དྲུག་གི་ཚོགས་བདུན་དུ་གསུང་པ་ཐམས་ཅད་དང་། མ་རིག་པ་སོགས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལས་ཀྱི་རྣམ་པར་སྨིན་པ། རྣམ་སྨིན་དེས་བསྐྱེད་པའི་འབྲས་བུ་ཁམས་གསུམ་འཁོར་བ་བཅས་པ་ཐམས་ཅད་ཀུན་རྫོབ་འཁྲུལ་ངོ་ཙམ་དུའང་མེད་པར་ཁས་ལེན་ཅིང་། སངས་རྒྱས་ཀྱིས་ཕུང་ཁམས་ལོགས་ཡོད་པར་གསུངས་པའི་ཆོས་ཐམས་ཅད་ཀྱང་མེད་པར་ཁས་ལེན་པ་སོགས་དགོས་པའི་སྐྱོན་གྱི་ཕུང་པོར་འགྱུར་ཏོ། ༈། གཞན་ཡང་། ཀུན་གཞིའི་རྣམ་ཤེས་བདག་ཏུ་རྟོག་པར་གྱུར་ན་མི་རུང་ཕྱིར། དགོངས་པ་ངེས་འགྲེལ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོ་བཞིན་དུ་འབབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་སྟེ། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་གསུངས། ཉན་ཐོས་བྱིས་པའི་བློ་ཅན་ལ་ཀུན་གཞིའི་རྣམ་ཤེས་གསལ་བར་མ་བསྟན་པ་གསུངས་ཀྱི། ཁྱད་ཆག་ཉན་ཐོས་ཐེག་པ་
(༣༡༧)ནས་ཀྱང་། ཀུན་གཞིའི་རྣམ་ཤེས་མིང་ཙམ་ནི་གསུངས་ཏེ། དེ་བཞིན་གཤེགས་པ་འབྱུང་བའི་ཕན་ཡོན་རྣམ་པ་བཞིའི་མདོ་ལས་སྐྱེ་དགུ་ཀུན་གཞི་ལ་མངོན་པར་དགའ་བ། ཀུན་གཞི་ལས་ཡང་དག་པར་འབྱུང་བ། ཀུན་གཞི་ལ་ཡང་དག་པར་དགའ་བ་ཅན་དག་ལ། ཀུན་གཞི་སྤང་བའི་ཆོས་བསྟན་ན་ཉན་པར་འདོད་པ་སོགས་དང་། ཕལ་ཆེན་སྡེ་པའི་ལུང་ལས་ཀྱང་། རྩ་བའི་རྣམ་པར་ཤེས་པ་ཞེས་དང་། །ས་སྟོན་སྡེ་པའི་ལུང་ལས་འཁོར་བ་ཇི་སྲིད་པའི་ཕུང་པོ་དང་། གནས་བརྟན་སྡེ་པའི་ལུང་ལས་སྲིད་པའི་ཡན་ལག་ཞེས་གསུངས་པ་རྣམས་ཀྱང་ཀུན་གཞིའི་རྣམ་ཤེས་བསྟན་པ་ཡིན་ཕྱིར་ཀུན་གཞིའི་རྣམ་ཤེས་བསྟན་པས་སངས་རྒྱས་ཀྱི་བཀའ་མ་ཡིན་པར་སྨྲ་མི་རུང་ངོ། །གལ་ཏེ་ཀུན་གཞིའི་རྣམ་ཤེས་དེ་མེད་ན། སེམས་ཅན་གྱི་རྒྱུ་གཞན་མ་དམིགས་པའི་ཕྱིར་རོ། དེ་དཔེ་དང་བཅས་ཏེ་ཐེག་བསྡུས་ལས། ཀུན་གཞིའི་རྣམ་པར་ཤེས་དེ། སྒྱུ་མ་དང་སྨིག་རྒྱུ་དང་། རྨི་ལམ་དང་། རབ་རིབ་ལྟ་བུ་ཡིན་ཕྱིར། དེ་མེད་དུ་ཟིན་ན་ཡང་དག་མ་ཡིན་པའི་ཀུན་རྟོག་པའི་ས་བོན་དུ། དེ་ཕྱིན་ཅི་ལོག་པའི་རྒྱུ་ཉིད་དུ་མི་རུང་བས་ཡོད་དགོས་སོ། །ཞེས་
(༣༡༨)མང་དུ་གསུངས་སོ། ༈། ཡང་། བྱང་ཆུབ་སེམས་དཔའ་བདེ་ནས་བདེ་བར་འགྲོ་བར་འདོད་པས་ཟག་བཅས་ཐམས་ཅད་སྡུག་བསྔལ་བར་གསུངས་པ་དང་འགལ་ཟེར་ཡང་མི་འགལ་ལྟེ། བྱང་སེམས་འཕགས་པ་རྣམས་འཇིག་རྟེན་པ་ལྟར་ཟག་བཅས་ཉོན་མོངས་ལས་ངན་པའི་དབང་གིས་དབང་མེད་དུ་འཁོར་བར་འཁྱམས་ནས་སྡུག་བསྔལ་བ་མ་ཡིན་པར་ཤེས་རབ་ཟབ་མོས་ཟག་བཅས་ཉོན་མོངས་བཅོམ་པས་འཁོར་བར་གནས་ཀྱང་པདྨ་འདམ་གྱིས་མི་གོས་པ་ལྟར་སྐྱོན་གྱིས་མི་གོས་དང་། སྙིང་རྗེ་ཆེན་པོས་ཉན་རང་ལྟར་ཞི་བ་ཕྱོགས་གཅིག་ལ་མི་གནས་པ་དང་། ཚོགས་གཉིས་མི་ཟད་པ་སྤེལ་བས་བདེ་ནས་བདེ་བར་བསྒྲོད་པའོ། ༈། ཡང་། ཉན་ཐོས་སངས་རྒྱས་སུ་ལུང་བསྟན་པར་འདོད་པ་དང་། །སངས་རྒྱས་རྣམ་མྱ་ངན་ལས་མི་འདའ་བར་འདོད་པས། མྱ་ངན་ལས་འདས་པ་སྤྲོས་པ་ཞི་བའོ། །ཞེས་གསུངས་པ་དང་འགལ་ཟེར་ཡང་མི་འགལ་ཏེ། ཉན་ཐོས་རྣམས་བློ་བུར་གྱི་དྲི་མ་སྦྱངས་ནས་སངས་རྒྱས་ཀྱི་རིགས་སུ་འགྱུར་ཕྱིར། ཤཱ་རིས་བུ་དེ་བཞིན་གཤེགས་པ་པདྨའི་འོད་དུ་ལུང་བསྟན་པ་སོགས་ཉན་ཐོས་ཀྱང་སངས་རྒྱས་འགྱུར་ལ། གལ་ཏེ་ཉན་ཐོས་སངས་རྒྱས་སུ་མི་འགྱུར་ན། ཉན་ཐོས་ཀྱི་ཞི་བ་ཕྱོགས་གཅིག་མར་མེ་ཤི་བ་ལྟར་།
(༣༡༩)གྱུར་པ་ལས་དོན་གཉིས་ཕུན་སུམ་ཚོགས་ཀྱི་སངས་རྒྱས་མ་ཡིན་ཕྱིར་སྤྲོས་པ་ཞི་བ་མ་ཡིན་སྟེ། མུ་སྟེགས་ཆད་ལྟ་དང་མཚུངས་པར་འགྱུར་རོ། ༈། སངས་རྒྱས་མྱ་ངན་ལས་མི་འདའ་བ་བཞུགས་པའང་སྤྲོས་པ་མ་ཞི་བ་མིན་ཏེ་ཉོན་མོངས་སྤྲོས་པ་ཐམས་ཅད་ཞི་བའི་ཕྱིར་མི་འགལ་ལོ། ༈། ཡང་། ཁྱིམ་ས་ལ་ཕྱག་བྱ་བར་བསྟན་པ་དང་དགེ་བསྙེན་གྱིས་བསད་པ་དང་། སྐུ་བར་བྱ་བ་སོགས་སྟོན་ཕྱིར་སྡེ་སྣོད་དང་འགལ། ཟེར་ཡང་མི་འགལ་ཏེ། བྱང་སེམས་ཁྱིམ་ས་ལའང་འཕགས་པ་ཡོད་པའི་ཕྱིར་དང་། བསད་པ་སོགས་ཀྱང་རང་དོན་དུ་ཉོན་མོངས་ཀྱི་ཀུན་སློང་གིས་བྱ་བར་མ་བསྟན་ལ། གཞན་དོན་སྙིང་རྗེ་ཆེན་པོའི་ཀུན་སློང་གིས་འགྲོ་དོན་བྱེད་པ་སྡེ་སྣོད་དང་མི་འགལ་ལོ། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ནི་སོ་སྐྱེ་ཡིན་གྱི་བདེན་པ་མཐོང་ནས་བསྐལ་པ་མང་པོར་གནས་པ་མེད་པས་ས་བཅུ་ཟེར་བ་མི་བདེན་ཟེར་ཀྱང་། བདེན་སྟེ། བདེན་པ་མཐོང་ནས་བསྐལ་པ་མང་པོར་ཚོགས་བསགས་ནས་གནས་པ་ནི། བྱང་སེམས་སྙིང་རྗེའི་གཞན་དོན་དུ་གནས་པ་ཡིན་གྱིས། ལས་ཉོན་གྱི་དབང་གིས་བསྐལ་པ་མང་པོར་བཙོན་ཀྱང་ས་ལམ་
(༣༢༠)བསྒྲོད་མ་ནུས་པ་ཡིན་ནོ། ༈། ཡང་སངས་རྒྱས་ལ། སྐུ་ལ་ཁྲག་ཟག་པ་སོགས་རྣམ་སྨིན་གྱི་ལྷག་མ་ཡོད་པས་སྤྲུལ་སྐུ་མ་ཡིན་ཟེར་ཀྱང་། སྤྲུལ་སྐུ་ཡིན་ཏེ། རྣམ་སྨིན་གྱི་ལྷག་མ་ནི། དེ་ལྟ་བུའི་མཛད་པས་སེམས་ཅན་གདུལ་བ་ལ་དགོངས་ནས་ཐབས་མཁས་པའི་མཛད་པ་ཡིན་གྱིས་སངས་རྒྱས་སངས་མ་རྒྱས་པ་མིན་ནོ། ༈། ཡང་ཉན་ཐོས་ཀྱིས་ཕུང་ཁམས་སྐྱེ་མཆེད་སོགས་ཆོས་ཐམས་ཅད་ཡོད་པར་བསྟན་པ་ལ། ཐེག་ཆེན་པར་སྟོང་པར་བཤད་པས་འགལ་ཟེར་ཡང་། མི་འགལ་ཏོ། །ཆོས་ཐམས་ཅད་བདེན་པ་གཉིས་ཀྱི་སྒོ་ནས་གཏན་གདོད་ནས་སྣང་སྟོང་ཟུང་འཇུག་ཡིན་པ་མི་ཤེས་པ་རྣམས་ལ། རྒྱལ་བས་ཆོས་ཐམས་ཅད་བདེན་པ་གཉིས་ཀྱི་སྒོ་ནས་གཏན་ལ་དབབ་སྟེ་བསྟན་པ་དེ་ལ། འཇིག་རྟེན་ཀུན་རྫོབ་བདེན་པའི་དབང་དུ་གཏན་ལ་དབབ་ཚེ། ཆོས་ཐམས་ཅད་ཡོད་པར་ཐེག་ཆེན་མངོན་པ་ནས་རྒྱས་པར་བསྟན་ལ། གཟུགས་མེད་སྒྲ་མེད་སོགས་སྟོང་པར་གསུངས་པ་ནི། དོན་དམ་བདེན་པ་གཏན་ལ་དབབ་སྐབས་གསུངས་པ་ཡིན་གྱི་ཀུན་རྫོབ་ཀྱི་བདེན་པ་མེད་པར་གསུངས་པ་མིན། དཔེར་ན། མེ་ལོང་དྭངས་པ་ལ་གཟུགས་བསྙན་ཤར་བ་ལ། གཟུགས་བསྙེན་དེ་རང་གི་
(༣༢༡)ངོ་བོས་གྲུབ་པ་མིན་པས། མེ་ལོངས་གི་གཟུགས་བསྙེན་སྟོང་པའོ། །ཞེས་བཤད་ཀྱང་། མེ་ལོང་ལ་གཟུགས་བརྙེན་མཐོང་བ་མེད་ཅེས་བཀག་པ་མིན་པ་བཞིན་ནོ། ༈། ཡང་། ཉན་ཐོས་པས་ཆོས་ཐམས་ཅད་སྐྱེ་ཞིང་འཇིག་པར་བསྟན་ལ། ཐེག་ཆེན་པས་ཆོས་ཐམས་ཅད་སྐྱེ་འགག་མེད་པར་བསྟན་པས་འགལ་ཟེར་ཡང་། མི་འགལ་ཏེ། ཐེག་ཆེན་པས་སྐྱེ་འགག་མེད་པར་བཤད་པའང་། དོན་དམ་པའི་ཆ་ནས་གསུངས་ཀྱི། ཀུན་རྫོབ་འཁྲུལ་ངོར་འཇིག་རྟེན་པ་ལ་སྣང་བའི་ཆོས་ལ་སྐྱེ་འཇིག་གི་རྣམ་བཞག་བྱར་མེད་དོ་ཞེས་གསུངས་པ་མིན་ནོ། ༈། ཡང་ཉན་ཐོས་ཀྱིས་མཐོང་སྒོམ་གྱིས་ཉོན་མོངས་སྤང་ནས་མྱང་འདས་ཐོབ་པར་བསྟན་ལ། ཐེག་ཆེན་པས་རང་བཞིན་གྱིས་མྱ་ངན་ལས་འདས་པར་བཤད་པས་འགལ་བས་ཐེག་ཆེན་བཀའ་མ་ཡིན་ཟེར་ཀྱང་དེའང་མི་འགལ་ཏེ། རང་བཞིན་གྱི་མྱ་ངན་ལས་འདས་པ་ནི། དོན་དམ་ཆོས་ཉིད་གདོད་ནས་རང་བཞིན་གྱིས་དག་པའི་མྱང་འདས་གསུང་པ་ཡིན་ཀྱང་། །དེ་ཉིད་ཀུན་རྫོབ་འཕྲལ་བློ་བུར་གྱི་སྒྲིབ་པས་སྒྲིབ་པ་སྦྱང་དགོས་པ། མྱང་འདས་ཐོབ་པ་མ་ཆད་པ་ཡིན་ཏེ། ཐེག་ཆེན་པས་ཀྱང་
(༣༢༢)མཐོང་སྒོམ་གྱི་ཉོན་མོངས་རྣམས་སྤངས་ནས་མྱང་འདས་ཐོབ་དགོས་པར་བཤད་པ་མཚུངས་སོ། །དེ་བས།། །ན་ཐེག་ཆེན་བཀའ་ཡིན་པར་གྲུབ་བོ། ༈། ཡང་ཉན་ཐོས་ཀྱི་གྲུབ་མཐའ་བྱེད་མདོའི་འདོད་པ་ལ་མི་འཐད་པའི་དགག་བཞག་སྔར་སོ་སོའི་སྐབས་སུ་འགྲེལ་ཆེན་གྱི་ལུང་གིས་གསུངས་པ་བཤད་ཟིན་དང་། ༈། འདིར་ཉན་ཐོས་ཀྱི་རྫས་རྡུལ་ཆ་མེད་ཀྱི་དོན་དམ་བདེན་པ་འདོད་པ་དགག་པ་ནི། ཁྱེད་རང་གི་ཕྲ་རྡུལ་དེ་རྫས་བརྒྱད་འདུས་པར་ཁས་བླངས་ན། དེ་མི་འགྲུབ་དེ། རྫས་བརྒྱད་སོ་སོ་ནས་གྲུབ་པ་ཞིག་མེད་པའི་ཕྱིར། དེ་ཡོད་ན་རྫས་བརྒྱད་ཀྱི་ཆ་དང་ལྡན་པས་ཆ་མེད་ཉམས་རག་པའི་དངོས་པོ་ཐམས་ཅད་སོ་སོར་ཐོག་བཅས་སུ་མི་འགྱུར་ཏེ། ཆུ་ལ་ཆུ་འཕྲད་པ་འདྲ་བའི་སྐྱོན་འགྱུར། རྡུལ་རྣམས་ཕྲད་པ་དེའང་ཤར་ལྷོ་སོགས་ཀྱི་ངོས་ནས་བརྒྱུད་དེ་ཕྲད་ན་ནི། ཤར་གྱི་ཆ་སོགས་ཡོད་པར་གྱུར་པས་ཆ་མེད་ཉམས། རྡུལ་རྫས་ཆ་མེད་ལ་ཆ་མེད་ཞུགས་པའམ་ཐིམ་པ་ལྟར་ན་ནི། རག་པར་མི་འགྱུར་བས་ཆ་མེད་མི་འགྲུབ་བོ། ། རྡུལ་ཆ་མེད་མི་འགྲུབ་པ་བཞིན་དུ། ནང་གི་ཤེས་པ་སྐད་ཅིག་ཆ་མེད་ཀྱང་དཔྱད་ན་མི་འགྲུབ་བོ། ༈། ཡང་། བྱེ་སྨྲས་དབང་པོས་
(༣༢༣)ཡུལ་རྗེན་ཆར་འཛིན་ཟེར་བ་རྫུན་ཏེ། གལ་ཏེ་མི་རྫུན་ན་སྐྱེས་བུ་དཔྲལ་བ་འཕྲད་པ་ལྟར་ཕྲད་ན། མིག་དབང་གིས་མེ་འཛིན་པའི་ཚེ་འཚིག་པ་དང་། ཚེར་མ་མཐོང་བ་ཟུག་པར་འགྱུར་དགོས་པས་སོ། ༈། ཡང་། མདོ་སྡེ་པས་ལྐོག་ན་མདོ་དེ་ཡང་སྔ་ཕྱིའི་རྣམ་པས་བར་ཆོད་པ་མི་འཐད་དེ། དེ་ཡིན་ན་ཤེས་པས་འཛིན་མི་ནུས་ཏེ། ནུས་ན་ཁར་སར་གི་གློག་གིས་དེ་རིང་སྣང་བར་བྱེད་རིགས་པའི་ཕྱིར་རོ། ༈། དམིགས་པའི་ཕུལ་དང་འདྲ་བར་ཤེས་པ་སྣང་ན་མདའ་འཕང་པའང་སྐད་ཅིག་གཉིས་པར་མདའ་དེ་འབན་གྱི་རྣམ་པར་འཆར་ཐལ། སངས་རྒྱས་ལ་དམིགས་པས་ཤེས་པ་སངས་རྒྱས་ཀྱི་རྣམ་པར་འཆར་ཕྱིར། སླར་སྒྲིབ་པའི་སྣང་བ་མི་འཆར་དགོས་པས་དེ་དག་མི་མཐད་དོ། ། ཅེས་སོ། ༈། ཉན་ཐོས་ཀྱི་སྡེ་སྣོད་ལ་ཐེག་ཆེན་ཁྱད་པར་འཕགས་ཚུལ་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གསུངས་རྣམ་པ་བཅུ་ལ་འཕགས་ཏེ། ཐེག་བསྡུས་ལས། ཤེས་བྱའི་གནས་དང་མཚན་ཉིད་དེར་འཇུག་དང་། དེ་ཡི་རྒྱུ་འབྲས་དེ་རབ་དབྱེ་བ་དང་། བསླབ་པ་གསུམ་དང་དེ་འབྲས་སྤངས་པ་དང་། ཡེ་ཤེས་ཐེག་པ་མཆོག་ཏུ་ཁྱད་
(༣༢༤)པར་འཕགས། བསྟན་པ་འདི་ལྟར་གཞན་དུ་མ་མཐོང་ལ། འདི་དག་བྱང་ཆུབ་མཆོག་གི་རྒྱུར་མཐོང་བས། གནས་བཅུ་བསྟན་པས་ཁྱད་ཞུགས་གང་ཡིན་པ། ཐེག་པ་ཆེན་པོ་སངས་རྒྱས་བཀར་འདོད་དོ། །ཞེས་གསུངས་པ། ཉན་ཐོས་ཀྱི་ཐེག་པར་མ་བསྟན་པའི་གནས་བཅུ་པོ་ཐེག་ཆེན་ལས་བསྟན་ཏེ། ཤེས་བྱའི་གནས་ནི། ཀུན་གཞིའི་རྣམ་ཤེས་སོ། །མཚན་ཉིད་ནི། ངོ་བོ་ཉིད་གསུམ་སྟེ་ཀུན་བཏགས། གཞན་དབང་། ཡོངས་གྲུབ་གསུམ་མོ། །མཚན་ཉིད་དེར་འཇུག་པ་ནི་རྣམ་པར་རིག་པ་ཙམ་མོ། །དེའི་རྒྱུ་དང་འབྲས་བུས་ནི་ཕྱི།། །ན་དྲུག་གོ །དེ་དག་རབ་ཏུ་དབྱེ་བ་ནི། ས་བཅུ་པོ་དེ་དག་རྒྱུ་དང་འབྲས་བུ་སྒོམ་པའོ། །བསླབ་པ་གསུམ་ནི། བྱང་སྡོམ་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་། དཔའ་བར་འགྲོ་བ་དང་ནམ་མཁའ་མཛོད་སོགས་ཏིང་འཛིན་ནི་ལྷག་པའི་ཏིང་ངེ་འཛིན་གྱི་བསླབ་པ་དང་། རྣམ་པར་མི་རྟོགས་པའི་ཡེ་ཤེས་ནི་ལྷག་པའི་ཤེས་རབ་ཀྱི་བསླབ་པའོ། །དེའི་འབྲས་བུས་ནི་སྤངས་པ་ནི། མི་གནས་པའི་མྱ་ངན་འདས་སོ། །དེའི་འབྲས་བུས་ཡེ་ཤེས་ནི། སངས་རྒྱས་ཀྱི་སྐུ་གསུམ་སྟེ། ངོ་བོ་ཉིད་སྐུ། ལོངས་སྤྱོད་རྫོགས་སྐུ། སྤྲུལ་པའི་སྐུ་
(༣༢༥)དང་གསུམ་བསྟན་ཏོ། །དེའི་ཕྱིར་ན། ཉན་ཐོས་ཀྱི་ཐེག་པ་ལས་མཆོག་གྱུར་ཁྱད་འཕགས་བཅུ་བསྟན་པ་འདི་ལྟར་ཐེག་ཆེན་ལས་བསྟན་ལ། གཞན་ཉན་ཐོས་ཀྱི་ཐེག་པར་མི་སྣང་ལ། ཐེག་ཆེན་དུ་སྣང་བ་འདི་དག་སངས་རྒྱས་ཀྱི་རྒྱུར་མཐོང་བས། ཐེག་ཆེན་སངས་རྒྱས་ཀྱི་བཀའ་ཡང་དག་པའོ། ༈། གཉིས་པ་ཐེག་ཆེན་བྱང་སེམས་ཀྱི་ཐེག་པ་དངོས་བཤད་པ་ལ། ༈། ངོ་བོ་ནི་བདག་མེད་གཉིས་ཀ་རྟོགས་པས་སྙིང་རྗེས་གཞན་དོན་རླབས་ཆེན་སྤྱོད་པའོ། ༈། ངེས་ཚིག་ནི། བོ་དྷི་པ་ཏྭ་བྱང་ཆུབ་སེམས་དཔའ་སྟེ། ཀུན་རྫོབ་དང་དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་བསྐྱེད་ཅིང་། ཤེས་རབ་ཆེ་བས་སྟོང་པ་ཉིད་ལ་མི་སྐྲག་པ་དང་། སྙིང་རྗེ་ཆེ་བས་སེམས་ཅན་གྱི་དོན་བྱེད་པ་ལ་མི་སྐྲག་པའོ། ༈། དབྱེ་བ། ། འགག་དྲུག་གི། ༈། དང་པོ་འཇུག་སྒོ་ནི། རང་ཤར་ལས། བྱང་ཆུབ་སེམས་དཔའི་ཐེག་པ་ནི། འཇུག་པའི་སྒོ་ནི་བདེན་པ་གཉིས། ༈བདེན་པ་གཉིས་ནི། དབུ་མ་རྩ་ཤེ་ལས། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །
(༣༢༦)གང་དག་བདེན་པ་འདི་གཉིས་ཀྱི། །རྣམ་པར་དབྱེ་བ་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ནི། །ཟབ་མོའི་དེ་ཉིད་རྣམས་མི་ཤེས། །ཞེས་གསུངས། ༈། བདེན་གཉིས་སྒོ་ནས་ཇི་ལྟར་འཇུག་ཚུལ་ནི། དེའང་ཐེག་ཆེན་སེམས་ཙམ་ལུགས་དང་དབུ་མ་པའི་ལུགས་གཉིས་ལ། དང་པོ་སེམས་ཙམ་པའི་ལུགས་ལྟར་ན། ལུང་ཚིག་ཚད་མ་ངེས་པ་མཐོང་ཀྱང་། དང་པོ་ཀུན་བཏགས་ལ་འཇུག་སྟེ་བཏང་དུས་ཉིད་ནས་རང་བཞིན་མེད་པར་ཤེས་པ་དང་། དེ་ནས། གཞན་དབང་ལ་འཇུག་སྟེ། སྣང་བ་ཐམས་ཅད་སེམས་ཙམ་ལས་ཕྱི་རོལ་ཐ་དད་དུ་མ་གྲུབ་པར་ཤེས་པའོ། །དེ་ནས་ཡོངས་གྲུབ་པ་འཇུག་སྟེ། གཟུང་བ་དང་འཛིན་པའི་སེམས་གཉིས་སུ་མེད་པ་སེམས་རྣམ་ཤེས་ཙམ་རང་རིག་རང་གསལ་དུ་འདོད་པའོ། །དེས་ན་ཀུན་བཏགས་དང་གཞན་དབང་གཟུགས་འཛིན་གཉིས་སྣང་ནི་ཀུན་རྫོབ་བདེན་པ་དང་། གཟུགས་འཛིན་གཉིས་མེད་སེམས་རང་རིག་རང་གསལ་ནི་དོན་དམ་བདེན་པའོ། ༈། དབུ་མ་པ་ལྟར་ན་མ་བརྟག་ལ་དཔྱད་པའི་སྣང་བ་འདི་རྣམས་སྣང་ཡང་ངོ་བོ་བདེན་མེད་སྒྱུ་མ་ལྟ་བུར་ཤེས་པའི་བློས། བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་ཟིན་པར་བྱས་ནས་དགེ་མི་དགེའི་འཇུག་ལྡོག་གི་ཚུལ་གྱིས་ཀུན་རྫོབ་བདེན་པར་འཇུག། དོན་དམ་
(༣༢༧)པར་གཤིས་ཀྱི་གནས་ལུགས་སྤྲོས་བྲལ་དུ་ཤེས་པར་བྱས་ཏེ་ཟུང་འཇུག་གི་སྒོ་ནས་འཇུག་གོ། ༈། དབུ་མ་གཞན་སྟོང་ལྟར་ན། རང་བཞིན་གསུམ་གྱི་སྒོ་ནས་འཇུག་དགོས་པ་འདྲ་བས། དེའང་། གང་ཟག་ཐེག་ཆེན་ལ་མོས་པ། རང་དོན་གཉེར་བ་མིན་པ། གཞན་དོན་གྱི་བསམ་པ་ཅན་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ལ་བཀོད་འདོད་ཀྱི་བསམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་དང་ལྡན་པས། ཞི་ལྷག་གི་ཏིང་འཛིན་ལ་གོམ་ཕྱིར། དང་པོ་ཀུན་བཏགས་ལ་འཇུག་སྟེ། ཐོས་བསམ་ལ་བརྟན་ནས་མིང་དང་། དེའི་དངོས་པོ་དང་ངོ་བོ་རྣམས་ལེགས་པར་བརྩལ་བས་བྱེ་བྲག་བརྟགས་པ་ན། དེ་དག་དམིགས་སུ་མེད་ཅིང་། ཡིད་ཀྱིས་བརྗོད་པའི་མཚན་ཉིད་ཙམ་ལས་བརྟགས། དུས་ཉིད་ནས་རང་བཞིན་མེད་པར་ཤེས་པ་ན། ཀུན་བརྟག་མེད་པའི་སྟོང་ཉིད་ཞེས་བྱའོ། །དེ་ནས་གཞན་དབང་ལ་འཇུག་སྟེ། ཆོས་ཐམས་ཅད་རྣམ་པར་རིག་པ་རང་གསལ་བ་ཙམ་ཁོ་ནར་ཤེས་པ་ནི་གཞན་དབང་ཡོད་པའི་སྟོང་ཉིད་ཤེས་པའོ། །དེ་ནས་ཡོངས་གྲུབ་ལ་འཇུག་སྟེ། དེ་ལྟར་ཀུན་བརྟགས་ཀྱིས་སྟོང་པའི་གཞན་དབང་རང་རིག་གི་རྣམ་རིག་ཙམ་དུ་འདུ་ཤེས་པ་དེ་ཉིད་དང་བྲལ་བས། གཟུང་འཛིན་གྱི་
(༣༢༨)དམིགས་པ་ཐམས་ཅད་བཟློག་སྟེ། ཡོངས་གྲུབ་རང་བཞིན་སྟོང་ཉིད་ཤེས་པའོ། །ཞེས་དབྱིངས་ལ་མངོན་གསུམ་གྱིས་གནས་པར་བྱེད་དོ། །དེས་ན་ཀུན་བཏགས་དང་། བཏགས་པ་ཙམ་དང་། །གཞན་དབང་རྟེན་འབྲེལ་དབང་གིས་མེད་བཞིན་སྣང་རུང་ཙམ་ནི་ཀུན་རྫོབ་བདེན་པ་དང་། ཀུན་བཏགས་གཞན་དབང་གཉིས་ཀྱིས་སྟོང་པའི་ཆོས་དབྱིངས་བདེ་གཤེགས་སྙིང་པོ་ཡེ་ནས་སྐྱེ་བ་མེད་པ་འགྱུར་བ་མེད་པ། འཁྲུལ་པའི་དྲི་མས་ནམ་ཡང་མ་གོས་པས་རང་བཞིན་གྱིས། འོད་གསལ་བ་ནི་དོན་དམ་བདེན་པའོ། ༈། གཉིས་པ་ཐེག་ཆེན་གྱི་བྱང་ཆུབ་སེམས་དཔའི་ལྟ་བ་ལ། ༈། སེམས་ཙམ་པ་དང་དབུ་མ་པའི་གྲུབ་མཐའ་གཉིས་བྱུང་བ། ༈། དེའང་དང་པོ་སེམས་ཙམ་པའི་ལྟ་གྲུབ་བཤད་པ་ནི། ༈། ཐེག་ཆུང་གི་བཀའ་བསྡུ་གསུམ་པ་གྲུབ་ནས། སློབ་དཔོན་ཐོབ་བཙུན་གྲུབ་རྗེ་བྱོན་སྐབས་ཙམ། ཕལ་པོ་ཆེ་སོགས་ཐེག་ཆེན་གྱི་མདོ་རྣམས་མི་ཡུལ་བྱོན་པས། བཙུན་པ་ཆེན་པོ་ཨ་བི་ཏརྐ། བི་ག་ཏ་རཱ་ཛྭ་དང་། དེ་བེ་ཀ་ར་གུབ་ཏ་དང་། རཱ་ཧུ་ལ་མི་ཏྲ་དང་། ཛྙཱ་ན་ཏ་ལ་སོགས་སེམས་ཙམ་གྲུབ་མཐའ་སྟོན་པའི་སློབ་དཔོན་ལྔ་བརྒྱ་དུས་གཅིག་བྱོན་པ་ཀུན་ཤཱ་རིས་བུའི་འཁྲུངས་ཡུལ་དུ་ཐེག་ཆེན་རྒྱས་པའི་རྟེན་འབྲེལ་
(༣༢༩)དུ་བྱོན་ནས་གཙུག་ལག་ཁང་བརྩེགས་ནས་བཞུགས། མདོ་སྡེ་དགོངས་པ་ངེས་འགྲེལ་དང་། ལང་དཀར་གཤེགས་པ། རྒྱན་སྟུག་པོ་དང་། ཕལ་པོ་ཆེ་སྟེ་སེམས་ཙམ་མདོ་བཞིན་གྲགས་ངེས་དོན་མཐར་ཐུག་ཏུ་བཞེད་དེ། མདོ་སྡེ་འདི་བཞི་ལ་བསྟན་ནས་སེམས་ཙམ་པའི་གྲུབ་མཐའ་ཐོག་མར་དར་རྒྱས་བྱུང་། བཙུན་པ་དགའ་བོ་དང་། དམ་པའི་སྡེ། ཡང་དག་བདེན་གསུམ་གྱིས་རྣལ་འབྱོར་སྤྱོད་པའི་བསྟན་བཅོས་གཞུང་མང་དུ་བརྩམ། གཞན་བཀའ་ཐམས་ཅད་དྲང་དོན་དུ་འདོད། དེ་ནས་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་བྱོན་ཏེ། སེམས་ཙམ་སྟོན་པའི་སློབ་དཔོན་ལྔ་བརྒྱ་དེ་དག་མཐའ་བྲལ་དབུ་མའི་རིགས་པས་བརྩད་དེ་ཚར་བཅད། ཐམས་ཅད་དབུ་མ་པའི་གྲུབ་མཐའ་འཛིན་པར་གྱུར་ནས་སེམས་ཙམ་སྟོན་པའི་བསྟན་བཅོས་རྣམས་ཀྱང་གཏེར་དུ་སྦས་པར་གྲགས་ཏེ། མདོ་སྡེ་ལང་དཀར་གཤེགས་པ་ལ་བརྟེན་ནས་དབུ་མ་རྩ་བ་ཤེས་རབ་མཛད་དེ་ཕྱིན་འཕགས་ཡུལ་དུའང་སེམས་ཙམ་པའི་གྲུབ་མཐའི་རྐང་འཛིན་པ་མ་བྱུང་ཅིང་། བོད་དུ་སེམས་ཙམ་པའི་གྲུབ་མཐའི་བསྟན་བཅོས་རྒྱས་པ་འགྱུར་བ་མེད་ཀྱང་། ཀླུ་སྒྲུབ་བྱོན་པའི་རྗེས། ཕྱིས་སུ་སློབ་དཔོན་ཆེན་པོ་ཐོག་མེད་ཀྱིས་རྒྱལ་བ་བྱམས་པའི་དྲུང་ནས་ཆོས་
(༣༣༠)གསན་ཏེ། བྱམས་ཆོས་སྡེ་ལྔ་དང་། གཞན་ཡང་བསྟན་བཅོས་དུ་མ་མཛད་པས་རྒྱ་གར་བ་ཁ་ཅིག་དང་། ཕྱིས་བྱོན་སོགས་ཀྱི་མཁས་པ་ཕལ་ཆེར་དབུ་མ་ཐ་འགྱུར་མེད་དགག་ཕྱོགས་གཅིག་ལ་ཞན་པས། འཁོར་ལོ་ཐ་མའི་མདོ་རྣམས་དང་། དེའི་དགོངས་འགྲེལ་བྱམས་ཆོས་རྒྱུད་བླ་སོགས་ཐོག་མེད་སློབ་བརྒྱུད་བཅས་སེམས་ཙམ་པར་ངོས་འཛིན་ཏེ། བདེ་གཤེགས་སྙིང་པོ་སེམས་ཅན་ལ་ཡོད་པར་སྟོན་པ་དང་། ཀུན་གཞིའི་རྣམ་པར་ཤེས་པ་སྟོན་པའི་བཀའ་དང་བསྟན་བཅོས་ཀུན་དྲང་དོན་ཙམ་དུ་འདོད་པ་དང་སེམས་ཙམ་པའི་ལུགས་སུ་འདོད་པ་མང་ངོ། སྦྱངས་གཞི། མཆན། ༈ སེམས་ཙམ་པའི་ལྟ་གྲུབ་དངོས། སྦྱང་བྱ། མཆན། བཤད་པ་ལ། ཕྱི་རོལ་སྣང་བ་སྣ་ཚོགས་པ་འདི། བྱེ་སྨྲ་རྫས་རྡུལ་དང་། མདོ་སྡེ་པས་ཕག་ན་མོའི་རྫས་བདེན་པས་བསྐྱེད་འདོད་པ་རྣམས་བགག་ནས། ལང་དཀར་གཤེགས་མདོ་ལས། ཀྱཻ། རྒྱལ་བའི་སྲས་དག་ཁམས་གསུམ་པོ། འདི་ནི་སེམས་ཙམ་མོ། །གསུངས་པས། ཁམས་གསུམ་གྱི་སྣང་བ་འདི་ཐམས་ཅད། དཔེར་ན་རྨི་ལམ་དུ་གཟུགས་སོགས་རྨིས་ཀྱང་། དེ་དག་རང་གི་སེམས་ལས་གཞན་དུ་གྲུབ་པ་རྡུལ་ཕྲ་རབ་ཙམ་ཡང་མེད་པ་ལྟར་སེམས་སྣང་ཡིན་པར་འདོད། དེ་ལྟར་ཕྱི་རོལ་
(༣༣༡)དུ་མ་གྲུབ་ཀྱང་། གཟུང་འཛིན་གཉིས་སྣང་གི་ཡུལ་དང་ཡུལ་ཅན་ལྟར་གཉིས་སུ་སྣང་བ་ནི་ཀུན་རྫོབ་བདེན་པ་དང་། གཟུང་འཛིན་གཉིས་མེད་ཀྱི་སེམས་སམ་རྣམ་ཤེས་རང་རིག་རང་གསལ་ནི་དོན་དམ་གྱི་བདེན་པ་ཡིན་པར་འདོད་དོ། །དེའང་འགྲེལ་ཆེན་དྲི་མེད་འོད་ལས། སྲིད་གསུམ་མཐའ་དག་རྣམ་པར་ཤེས་པ་ཉིད་དུ་སྨྲ་བ་པོ་ཡང་རྣམ་པར་ཤེས་པ་འདོད་པར་བྱེད། ཅེས་པ་སྟེ།། །།སྨྲས་པ། ཡན་ལག་ཅན་ཞེས་བྱ་བ་མེད། ཕྲ་རབ་རྡུལ་རྣམས་ཡོད་མ་ཡིན། །རྨི་ལམ་ཉམས་སུ་མྱོང་བ་བཞིན། ། མུ་སྟེགས་ཅན་གྱི་འདོད་པ་ལྟར། །ཉན་ཐོས་བྱེ་སྨྲ་དང་མདོ་སྡེ་ས་གཉིས་ཀྱིས། སེམས་ཙམ་རང་གི་འདོད་པ་ནི་དོན་མེད་ཀྱང་དོན་ལྟ་བུ་སྣང་བ་ནི། དམིགས་པ་མེད་པར་རབ་ཏུ་སྣང་། །གཟུང་དང་འཛིན་པ་རྣམ་གྲོལ་བའི། །རྣམ་པར་ཤེས་པ་དོན་དམ་འདོད། ། ཅེས་པ་རྣལ་འབྱོར་སྤྱོད་པའི་གཞུང་། རྒྱ་མཚོའི་ཕ་རོལ་ཕྱིན་རྣམས་སྒྲོགས། ཡུལ། བག་ཆགས་ཀྱི་དོན་གྱི་རྣམ་པར། ༈བླ་མའི་ཡོན་ཏན་ཡོང་སུ་བཟུང་བའི་རྒྱུད་ལས། སྐད་ཅིག་མ། ཀྱང་། རྣམ་ཤེས་ལས་གཞན་ཆོས་མེད་ཅེས། །སྲིད་པ་གསུམ་པོ་མ་ལུས་པ། །རྣམ་པར་ཤེས་པ་ཉིད་དུ་སྨྲ། །ཆོས་
(༣༣༢)ཀུན་ཐམས་ཅད་སྐད་ཅིག་ལ། །སྐྱེ་དང་འཇིག་པར་བྱེད་དོ་ཞེས། །རྣལ་འབྱོར་སྤྱོད་པ་ས་ཡིས་བསྟན། །ཅེས་གསུངས། འདིར་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་དོན་དམ་དུ་འདོད་པ་ལ། སུམ་ཅུ་པའི་འགྲེལ་ལས། འཛིན་པ་ཡོད་ལ་གཟུང་བ་མེད་པ་ནི་རང་སངས་རྒྱས་ཀྱང་འདོད་ལ། གཟུང་འཛིན་གཉིས་ཀ་མེད་ན་སྟོང་པར་སྨྲ་བ་དང་གཅིག་ཏུ་འགྱུར་ན། ཇི་ལྟར་ཡིན་ཞེ་ན། གཟུང་སོགས་ཡུལ་དང་། དེ་ལ་འཛིན་རྟེན་པའི་སེམས་གཉིས་ཀ་མེད་ཀྱང་། གཉིས་མེད་དུ་མྱོང་བའི་སེམས་རང་རིག་རང་གསལ་དུ་འདོད་པ། རང་རྒྱལ་དང་དབུ་མ་པ་གཉིས་ཀ་དང་མི་མཚུང་སོ། ༈། དབྱེ་ན། ཕྱི་དོན་ཤེས་པའི་རྣམ་པ་ཙམ་དུ་བདེན་པར་འདོད་པའི། སེམས་ཙམ་རྣམ་བདེན་པ་དང་། སྣང་བ་ཤེས་པས་སྒྲོ་བཏགས་པར་འདོད་པའི་སེམས་ཙམ་རྣམ་རྫུན་པ་གཉིས་སོ། ༈། རྣམ་བདེན་པ་ལའང་གསུམ་སྟེ། དེའང་སྣང་སེམས་སྒོང་ང་ཕྱེད་བཀས་ལྟ་བུར་འདོད་པ་ནི། ཡུལ་བཟུང་ཆར་སྣང་བའི་རྣམ་རིག་ནི་ཕྱེད་དང་། ཡུལ་ཅན་འཛིན་ཆར་སྣང་བའི་རྣམ་རིག་ནི་ཕྱེད་དེ། དེ་གཉིས་ཀྱིས་སེམས་ཀྱི་མཚན་གཞི་ཆ་གང་བར་འདོད་པའོ། ༈། སྣང་སེམས་སིལ་བུར་འདོད་པ་ནི། ཡུལ་ལྟར་སྣང་བའི་རྣམ་རིག་དུ་མ། དེ་འཛིན་
(༣༣༣)བྱེད་ཀྱི་རྣམ་རིག་ཀྱང་དུ་མས་འཛིན་དགོས་པས། སྐད་ཅིག་ལའང་ཤེས་པ་དུ་མ་ཡུལ་གྱི་གྲངས་དང་མཉམ་པར་འཇུག་པར་འདོད་པའོ། ༈། སྣང་སེམས་ཡུལ་དྲུག་ཡུལ་ཅན་དྲུག་ཏུ་འདོད་པ་ནི། ལུང་སྔ་མ་གཉིས་ནི་ཉུང་ཆེས་པའམ་མང་ཆེས་ཕྱིར། འདིར་ནི་ཡུལ་ཡུལ་ཅན་དྲུག་རེར་ངེས་པར་འདོད་པ་དན་གསུམ་མོ། ༈། འདི་གསུམ་ཀས། རྣམ་པའམ་སྣང་བ་འདི་དག་བདེན་པ་ཉིད་དེ། མཐར་ཐུག་སངས་རྒྱས་པའི་ཚེའང་། རྣམ་པ་འདི་ཐམས་ཅད་དག་པའི་སྣང་བར་འགྱུར་བར་འདོད་དོ། ༈། སེམས་ཙམ་རྣམ་མེད་པའམ་རྣམ་རྫུན་པ་ནི། སྣང་བ་འདི་དག་མེད་བཞིན་སྣང་བ་རབ་རིབ་ཅན་ལ་སྐྲ་ཤད་ལྟར་འཁྲུལ་སྣང་ཡིན་པས་རྣམ་པ་འདི་དག་ནི་མི་བདེན་པ་རྫུན་པ་སྟེ། རང་རིག་ཁོ་ན་བདེན་པས་སངས་རྒྱས་ཚེའང་སྣང་བའི་རྣམ་པ་ཐམས་ཅད་དང་། བྲལ་བའི་རང་རིག་འབའ་ཞིག་མངོན་དུ་གྱུར་པའོ། །འདིས་སྣང་བ་དང་ཚོགས་དྲུག་སྣ་ཚོགས་སྣང་རུང་། དོན་དུ་ཤེས་པ་གཅིག་པུར་བདེན་ཏེ། ཤེས་པ་དྲུག་པོའང་ཡིད་ཤེས་ཁོ་ན་སྤྲེའུ་གཅིག་ཁང་པའི་མཐོང་དང་གློ་སྐར་ནས་རྒྱུ་བ་ལྟར་ཚོགས་བརྒྱད་ངོ་བོ་གཅིག་པར་འདོད་པས་བྱང་ཆུབ་སེམས་དཔའ་གཅིག་པུར་སྨྲ་བ་ཞེས་བྱའོ། ༈། སེམས་ཙམ་པས་ཀྱང་རང་བཞིན་གསུམ་
(༣༣༤)གྱི་རྣམ་བཞག་ཡོད་ཀྱང་། སེམས་ཙམ་རྣམ་བདེན་པས་ཕྱི་རོལ་གྱི་ཡུལ་རྣམས་རྒྱུ་ལས་སྐྱེས་ཤིང་། ཤེས་པ་ཉིད་ཡུལ་དུ་སྣང་ཕྱིར་གཞན་དབང་ཡིན་ཟེར། རྣམ་རྫུན་པས་ཕྱི་རོལ་ཡུལ་རྣམས་འཁྲུལ་སྣང་ཡིན་པས་ཀུན་བཏག་ཏུ་འདོད། ༈ཡང་དག་པའི་གཞན་དབང་དང་། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་གཉིས་གཅིག་པར་འདོད་པའི་ཁྱད་པར་ཡོད་དོ། ༈། འདིར་ཐེག་ཆེན་དབུ་སེམས་གཉིས་ལ་ལྟ་གྲུབ་ཀྱི་ཁྱད་པར་ལས། གཞན་རྣམས་ལ་ཁྱད་པར་ཆེར་མ་མཆིས་ཕྱིར་འགག་དྲུག་ཀ་སོ་སོར་འཆད་མ་དགོས་སོ། ༈། སེམས་ཙམ་པ་རྣམ་ཤེས་ལ་དོན་དམ་དུ་འདོད་པས་མ་རྟོག་པ་དང་། ཆོས་ཐམས་ཅད་སྐད་ཅིག་སྐྱེ་འགག་བྱེད་དོ་ཅེས་སོགས་ཀྱི་སྐྱོན་རྣམས། ༈། བླ་མའི་ཡོན་ཏན་ཡོངས་སུ་བཟུང་བའི་རྒྱུད་ཁོལ་དུ་ཕྱུང་བ་རྩ་མི་སངས་རྒྱས་གྲགས་པའི་འགྱུར་ལས། རྣམ་ཤེས་དོན་དམ་ཡོད་པ་མིན། །གཅིག་དང་དུ་མ་བྲལ་བའི་ཕྱིར། །ཤེས་པ་ལས་གཞན་གཟུགས་མེད་ན། །མིག་ཤེས་ལ་གཟུགས་ཇི་ལྟར་སྣང་དང་། །མ་རིག་བག་ཆགས་ཀྱིས་ཞེ་ན། །མ་རིག་པ་འདི་ཁམས་གསུམ་གྱི། །མཚན་ཉིད་དུ་ནི་མི་འགྱུར་རམ། །འདོད་ན་དེ་ཚེ་འཁོར་བ་ཡང་། །མྱང་འདས་མཚན་ཉིད་ཅན་འགྱུར་ཏེ། །
(༣༣༥)ཤེས་རབ་ཕ་རོལ་ཕྱིན་པ་ནི། །མ་རིག་པ་ནི་མ་ཡིན་ནོ། །མ་རིག་འཁོར་བའི་མཚན་ཉིད་ནི། །མ་རིག་ནམ་ཡང་ཉམས་མེད་འགྱུར། །ཤེས་པ་མ་རིག་མཚན་ཉིད་ཕྱིར། །ཁམས་གསུམ་ཤེས་མིན་དམ་བཅའ་ཉམས། །ཆོས་ཀུན་སྐད་ཅིག་སྐྱེ་འགག་ན། །དེ་ཡི་གནས་པ་དང་བྲལ་ལོ། །གནས་པ་མེད་དང་སྐྱེ་འཇིག་ན། །རི་བོང་རྭ་ཡང་སྐྱེ་འཇིག་འགྱུར། །སྐྱེ་ནས་གནས་ཀྱིན་གནས་ནས་འཇིག། འཇིག་ལས་སྐྱེ་བས་སྐྱོན་མེད་ན། །སྐྱེ་འཇིག་གནས་པ་གཅིག་མི་འགྱུར། །མ་གྲུབ་ཞེ་ན་གནས་པའི་ཚེ། །སྐྱེ་འཇིག་མེད་ལ་སྐྱེ་བའི་ཚེ། །གནས་འཇིག་མེད་ལ་འཇིག་པའི་ཚེ། །སྐྱེ་དང་གནས་པ་མི་འགྲུབ་སྟེ། །དཔེར་ན་སྐྱེ་སྒས་འཆི་བ་ཡང་། །སྐད་ཅིག་མ་ལ་མི་རྫོགས་བཞིན། །སྐྱེ་འཇིག་སྐད་ཅིག་གིས་ཞེ་ན། །འགག་ལས་སྐྱེའམ་མ་འགགས་སྐྱེ། །དང་པོ་ཞེ་ན་མར་མེ་ཡང་། །འགགས་ལས་མར་མེ་གཞན་སྐྱེ་འགྱུར། །མ་འགགས་པ་ལས་གཞན་སྐྱེ་ན། མར་མེ་མ་འགག་སྐྱེ་ཕྲེང་ལྟར། །ཤེས་པ་ཕྲེང་བ་བཞིན་དུ་འགྱུར། །ཅེས་གསུངས་པ། དེའི་དོན་འགྲེལ་ཆེན་ལས་གསུངས་པ། དེའི་ཕྱིར་གཅིག་དང་དུ་མའི་རང་བཞིན།
(༣༣༦)གྱིས་རྣམ་པར་དཔྱད་པས་རྣམ་པར་ཤེས་པ་དང་བྲལ་བའི་ཕྱིར། རྣམ་པར་ཤེས་པ་དོན་དམ་པར་སྨྲ་བ་པོ་ཉམས། འདིར་ཁམས་གསུམ་པོ་ནི་རྣམ་པར་ཤེས་པ་ཙམ་མོ། །གལ་ཏེ་རྣམ་པར་ཤེས་པ་ལས་གཞན་ཕྱི་རོལ་གྱི་དངོས་པོའི་རང་གཟུགས་མེད་ན། དེའི་འཛིན་པ་མིག་གི་རྣམ་པར་ཤེས་པ་ལ། ཕྱི་རོལ་གྱི་ཅི་ལྟར་བཟུང་བའི་རང་བཞིན་གྱིས་རབ་ཏུ་སྣང་སྨྲས་པ། མ་རིག་པའི་བག་ཆགས་ཀྱི་དབང་གིས་སོ། །ཞེ་ན། སྨྲས་པ། ཅི་མ་རིག་པའི་འདི་ཁམས་གསུམ་གྱི་མཚན་ཉིད་ཅན་མ་ཡིན་ནམ། གལ་ཏེ་མ་རིག་པ་ཁམས་གསུམ་གྱི་མཚན་ཉིད་ཅན་མ་ཡིན་པ་འདོད་ན། དེ་ཚེ་འཁོར་བ་ཡང་མྱ་ངན་ལས་འདས་པའི་མཚན་ཉིད་ཅན་དུ་འགྱུར་རོ། །དེ་ལྟར་ན་མ་རིག་པ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ལྟར་ཡང་མ་ཡིན་ནོ། །དེ་ཕྱིར་མ་རིག་པ་འདི་ནི་འཁོར་བའི་བག་ཆགས་སོ། །འཁོར་བ་ཡང་སྲིད་པ་གསུམ་གྱི་མཚན་ཉིད་ཏེ། སྲིད་པ་གསུམ་ནི་ཁམས་གསུམ་མོ། །དེ་ཡང་རྣམ་པར་ཤེས་པ་ཙམ་སྟེ། དེ་ལྟར་མ་རིག་པ་རྣམ་པར་ཤེས་པ་ཙམ་དང་། རྣམ་པར་ཤེས་པ་ཙམ་མ་རིག་པ་དེའི་བདག་ཉིད་ཡིན་ན། དེའི་བདག་ཉིད་ཡིན་པའི་ཕྱིར། རྣམ་པར་ཤེས་པ་དང་མ་
(༣༣༧)བྲལ་ན། མ་རིག་པ་དང་བྲལ་བ་མེད་དེ། རྣམ་པར་ཤེས་པ་ནི་མ་རིག་པ་ཙམ་ཡིན་པའི་ཕྱིར་རོ། །ཅི་སྟེ་ཁམས་གསུམ་པ་རྣམ་པར་ཤེས་པ་ཙམ་མ་ཡིན་ན། དེའི་ཚེ་དམ་བཅའ་ཉམས་ཏེ་ཁམས་གསུམ་པ་རྣམ་ཤེས་ཙམ་དུ་མ་གྲུབ་བོ། ༈། ད་ནི། ཆོས་ཀུན། སྐད་ཅིག་འཇིག་པ་དང་སྐྱེ་བའི་སྐྱོན་གསུངས་པ། འདིར་ཆོས་རྣམས་སྐད་ཅིག་མ་གཅིག་ལ་འཇིག་པ་དང་སྐྱེ་བར་འགྱུར་བ་གང་ཡིན་པ་དེ་ཅི། གནས་པ་མེད་པར་འཇིག་དང་སྐྱེ་བར་འགྱུར་ན། དེ་ཚེ་རི་བོང་གི་རྭ་ཡང་སྐྱེ་འཇིག་འགྱུར་རོ། །ཅི་སྟེ་སྐྱེས་པ་ལས་གནས་ཤིང་། གནས་པ་ལས་འཇིག་སྟེ་ཞིག་པ་ལས་སྐྱེ་བ་དེ་ལྟར། སྐྱོན་མེད་ན། གནས་པ་དང་འཇིག་པ་དང་སྐྱེ་བ་རྣམས་དུས་གཅིག་ཉིད་མེད་དེ། སྔ་ཕྱིའི། མཚན་ཉིད་ཐ་དད་པས་རྟོགས་པར་བྱའོ། །འདིར་གང་གི་དུས་ན་གནས་པ་ཡོད་པ་དེའི་དུས་ན་སྐྱེ་བ་དང་འཇིག་པ་མེད་དོ། །གང་གི་དུས་ན་འཇིག་པ་ཡོད་པ་དེའི་དུས་ན་སྐྱེ་བ་དང་གནས་པ་མེད་དོ། །གང་གི་དུས་ན་སྐྱེ་བ་ཡོད་པ་དེའི་དུས་ན་གནས་པ་དང་འཇིག་པ་མེད་དོ། །དུས་ཞེས་པ་ནི་སྐད་ཅིག་གོ །གལ་ཏེ་གསུམ་ཀ་དུས་གཅིག་ལ་ཡིན་སྐྱེ་བ་དང་རྒ་བ་དང་འཆི་བ་རྣམས་དུས་
(༣༣༨)གཅིག་པ་ཉིད་དོ། །ཞེས་པ་ལས་གཞན་པ་ཅི། འདིར་སྐད་ཅིག་ལ་ཆོས་ཀུན་སྐྱེ་བ་དང་འཇིག་པ་དེ་ཅི། ཆོས་སྔ་མ་འགགས་པ་ལས་སྐྱེའམ་འོན་ཏེ་མ་འགགས་པའི་ཆོས་ལས་ཆོས་ཕྱི་མ་སྐྱེ། གལ་ཏེ་འགགས་པའི་ཆོས་ལས་སྐྱེ་ན། དེའི་ཚེ་འགགས་པའི་མར་མེ་ལས་མར་མེ་གཞན་སྐྱེའོ། །ཅི་སྟེ་མ་འགགས་པ་ལས་སྐྱེ་ན་དེའི་ཚེ་མ་འགགས་པའི་མར་མེ་ལས་མར་མེ་སྐྱེ་བ་བཞིན་དུ་དེ་ལས་གཞན་སྐྱེའོ། །དེ་ལྟར་སྐྱེས་པ་ལས་སྐྱེ་བས་ན་མར་མེའི་ཕྲེང་བ་བཞིན་དུ་རྣམ་པར་ཤེས་པའི་ཕྲེང་བར་འགྱུར། དེའི་ཕྱིར་རྣམ་པར་ཤེས་པ་སྔ་མ་མ་འགགས་པ་ལས་གཞན་སྐྱེ་བར་བརྗོད་པར་མི་ནུས་ཏེ་འགགས་པ་ལས་ཀྱང་ངོ། །འདྲེས་པ་ལས་ཀྱང་མ་ཡིན་ཏེ་དེ་དག་ཕན་ཚུན་འགལ་བས་གཅིག་པ་ཉིད་མེད་དོ། ༈། དེའི་ཕྱིར་དབུ་མ་པས་སྨྲས་པ། རྣམ་ཤེས་དེ་ཡང་དོན་དམ་དུ། །ཡོད་པར་མཁས་རྣམས་མི་འདོད་དེ། །ཞེས་གསུངས་པས་སེམས་ཙམ་པས་འདོད་པའི་གྲུབ་མཐའ་བཀག།། །ཟིན་ནས་འདིར་དབུ་མ་པ་རང་བཞིན་གྱི་གྲུབ་པའི་མཐའ་ནི། གཅིག་དང་དུ་མའི་རང་བཞིན་དང་། །བྲལ་བས་ནམ་མཁའི་པདྨ་བཞིན། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་
(༣༣༩)བཞི་རྣམ་པར་གྲོལ་བ་ཡི། །དེ་ཉིད་དབུ་མ་པ་ཡིས་རིག། ཅེས་གསུངས་སོ། །དེ་ལྟར་འགྲེལ་ཆེན་གྱི་ནང་ལེའི་རྒྱས་འགྲེལ་གྲུབ་མཐའ་བཞིའི་རྣམ་བཞག་སྟོན་པའི་ཚིགས་བཅད་འདི་རྣམས། འཇམ་དཔལ་གྱིས་རང་གི་ལྟ་བའི་འདོད་པ་མདོར་བསྟན་པ་དང་། འཕགས་པ་ལྷའི་ཡེ་ཤེས་སྙིང་པོ་ཀུན་ནས་བཏུས་པ་དང་། སློབ་དཔོན་ཛེ་ཏ་རི་པའི་བདེ་བར་གཤེགས་པའི་གཞུང་རྣམ་འབྱེད་རྣམས་ལས་ཀྱང་གསུངས་སོ། ༈། དེ་ལྟར་དབུ་མ་སྟོན་པའི་ཚིགས་བཅད་གཉིས་ཀྱིས། རྣམ་ཤེས་དེ་ཡང་སོགས་ཚིགས་བཅད་དང་པོ་འཁོར་ལོ་བར་ས།། །དང་མཐུན་པའི་དབུ་མ་ཡིན། ཡོད་མིན་སོགས་ཚིགས་བཅད་རྒྱབ་མ་འདི་འཁོར་ལོ་ཐ་མ་དང་མཐུན་པའི་དབུ་མ་ཡིན་ཅེས་ཀུན་མཁྱེན་དོལ་པོ་ཤེས་རབ་རྒྱལ་མཚན་གྱིས་གསུངས་འདུག༈། ཡང་། འགྲེལ་ཆེན་ལས། ༈གང་ཞིག་ཕྱོགས་ཉམས་དེ་ནི་མ་ཉམས་པར་འགྱུར་རོ། །དེ་གང་ཞེ་ན། སྙིང་རྗེ་སྟོང་ཉིད་གཉིས་སུ་མེད་པར་སྨྲའོ་སྟེ། འདིར་གང་གི་སྙིང་རྗེ་དམིགས་པ་མེད་ཅིང་རྣམ་པར་རྟོག་པ་དང་བྲལ་བ་དང་། སྙིང་རྗེ་སྟོང་ཉིད་གཉིས་སུ་མེད་པར་སྨྲ་པོ། འདི་ཆད་པ་འདྲ། སྟོང་པ་ཉིད་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་དུས་གསུམ་ཡོངས་སུ་ཤེས་པའི་སླད་དུ་དུས་གསུམ་དུ་
(༣༤༠)འཇུག་པའོ། །ཅེས་གསུང་པ་འདི་དོལ་པོ་པས་གསང་སྔགས་ཐུན་མིན་གྱི་དབུ་མ་ཡིན་པར་གསུངས། ༈། དེ་ལྟར་འགྲེལ་ཆེན་ལས་གསུངས་པའི་དབུ་མའི་དགོངས་པ་འདི། ༈། བླ་མའི་ཡོན་ཏན་ཡོངས་སུ་བཟུང་བའི་རྒྱུད་ལས་གསུངས་པ་ནི། འོ་ན་ཤེས་པ་གང་ཞེ་ན། གཅིག་དང་དུ་མ་བྲལ་བའི་ཕྱིར། །ཆོས་ཀུན་རྨི་ལམ་འདྲ་བའི་ཕྱིར། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་པ་ཉིད་ཀྱི་རང་བཞིན་དང་། །དམིགས་པ་མེད་པའི་སྙིང་རྗེ་དག། གཉིས་སུ་མེད་པ་འཇིག་རྟེན་དུ། །མཁྱེན་བརྩེ་ནུས་པ་ལྡན་པར་འཇུག། ཇི་ལྟར་ཆུ་ནང་ཟླ་བ་དེ། །བདེན་མིན་རྫུན་པ་མིན་པ་ལྟར། །ཆོས་རྣམས་གཟུགས་བརྙེན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོགས་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཀུན་ཏུ་འབྱུང་། །དེ་བཞིན་ཉིད་ལ་ངེས་པར་སྐྱེས། །ནམ་མཁར་སྤྲུལ་པའི་མེ་ཏོག་བཞིན། །ཡོད་པ་མ་ཡིན་མེད་པ་མིན། །གཉིས་ཀའི་བདག་ཉིད་ཀྱང་མ་ཡིན། །མཐའ་བཞི་ལས་ནི་རྣམ་པར་གྲོལ། །དེ་ཉིད་དབུ་མ་མཁས་པ་ཡིན། །སྟོང་ཉིད་སྙིང་རྗེ་དབྱེར་མེད་སྨྲ་དང་། །ཤེས་དང་ཤེས་པ་གཅིག་གྱུར་པའི། །དུས་ཀྱི་འཁོར་ལོ་བདེ་ཆེན་པོ། །དཀྱིལ་འཁོར་གསུམ་མཆོག་ལ་ཕྱག་འཚལ། །ཅེས་གསུངས་
(༣༤༡)སོ། །ཁ་གཅིག་གིས་རྒྱུ་འདི་བཀའ་མིན་པར་འདོད་ཡང་རྒྱལ་བ་རང་བྱུང་ཞབས་དང་ཀུན་མཁྱེན་ཆོས་འབྱུང་རྣམས་ཀྱིས་བཀའ་ཚད་མ་མཛད་དོ། ༈། བཀའ་འཁོར་ལོ་བར་པའི་དགོངས་པ་དབུ་མ་ཐལ་རང་རྣམས་ཀྱི་བཞེད་པ་རང་སྟོང་དང་། འཁོར་ལོ་ཐ་མའི་དགོངས་འགྲེལ་ལྟར་དབུ་མ་གཞན་སྟོང་པའི་ལྟ་གྲུབ་མི་མཐུན་སྙམས་པ་མང་ཀྱང་། འཁྲུལ་ཆོས་ཀུན་རྫོབ་ལ་སེམས་ཅན་རྣམས་ཀྱིས་བདེན་པར་ཞེན་པ་མ་གྲུབ་པར་གཏན་ལ་ཕབ་པའི་ཤུགས་ཀྱིས་དོན་དམ་བདེན་པ་སྟོན་པ་ནི་གང་བློ་ཡུལ་དུ་གྱུར་པ་གཉིས་སྣང་མ་རིག་པས་བསྐྱེད་པ་ཐམས་ཅད་གཉིས་མེད་བློ་འདས་སྟོང་པ་ཉིད་སྟོན་པ་ནི་ཆོས་ཐམས་ཅད་གདོད་མ་ནས་རང་གི་ངོ་བོས་མ་གྲུབ་ཡིན། དེ་ཡིན་ལ་ཡིད་བཞིན་དུ་ཤེས་པར་བྱེད་པའི་ཚིག་སྨྲ་བར་བྱེད་ཕྱིར། དབུ་མ་རང་སྟོང་པའམ་ངོ་བོ་ཉིད་མེད་སྨྲ་བའི་དབུ་མ་པ་ཞེས་ནང་པ་སངས་རྒྱས་པའི་མཁས་པ་ཀུན་ལ་རླུང་ལྟར་གྲགས་པ་སྟེ། མཐའ་བྲལ་གྱི་ལྟ་བ་འདི་ཡང་དག་པར་མ་རྟོགས་པས་དབུ་མ་གཞན་སྟོང་སྨྲ་བ་ལ་རྟག་ལྟའི་སྐྱོན་ཞིག་ཡོད་པས། དེས་ན་ཐོག་མར་དབུ་མ་རང་སྟོང་དོན་འདི་རྟོགས་པ་གལ་ཆེའོ། །དེ་ཙམ་གྱིས་དབུ་མའི་དགོངས་པ་མཐར་ཐུག་པ་རྟོག་པ་མིན་པས། དེ་ནས་དབུ་མ་གཞན་སྟོང་
(༣༤༢)ནི། ཆོས་ཐམས་ཅད་སྟོང་པར་ཤེས་དེའང་ཆད་ལྟར་ཤོར་རྟག་ལྟ་ལས་ཆེས་མི་རུང་ཕྱིར། མ་འཁྲུལ་པའི་ཆོས་ཉིད་དོན་དམ་པའི་བདེན་པ་བསམ་གྱི་མི་ཁྱབ་པའི་གནས་བཞིས་འཁྱུད་པས་སངས་རྒྱས་ཀྱི་ཡེ་ཤེས་ཉིད་ལས་སོ་སོའི་སྐྱེ་བོའི་བློས་མི་དཔོག་པ། མཐའ་ཡང་པའི་སེམས་ཅན་ཐམས་ཅད་ལ་ཁྱད་པར་མེད་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ། རྒྱུ་རྐྱེན་ལས་མ་བྱུང་བ་གདོད་ན་ངོ་བོ་ལ་དྲི་མས་མ་གོས་པ་འདུས་བྱས་ཀྱི་མཚན་ཉིད་མི་རྟག་སྟོང་སྡུག་བསྔལ་བདག་མེད་པ་བཞིའི་མཚན་ཉིད་ལས་འདས་པས། འདུས་མ་བྱས་རྟག་བདེ་གཙང་བདག་བཞིའི་ཕ་རོལ་ཏུ་ཕྱིན་པའི་འཁོར་འདས་དཔལ་ཡོན་ཇི་སྙེད་ལྷུན་གྲུབ་པར་བཞུགས་བཞིན་དུ་མེད་བཞིན་འཁྲུལ་པའི་ཉོན་མོངས་པ་བྱེ་བའི་སྦུབས་ཀྱིས་སྒྲིབ་པས་ཆོས་སྐུའི་རྒྱུ་མཐུན་རྒྱས་འགྱུར་གྱི། རིགས་ཀྱི་དྲི་མ་སྦྱང་བར་མ་བྱས་བར་དུ་ཡོན་ཏན་དང་ཡེ་ཤེས་མི་མཐོང་བ་དེ་ཉིད་ལ་རིག་པས་དཔྱད་དུ་མེད་ཀྱང་སངས་རྒྱས་གསུང་ངེས་དོན་ཟབ་མོའི་མདོ་རྣམས་དཔང་པོར་བྱས་ཏེ་དང་པོ་བླ་མ་མཁས་པ་ལས་ཐོས་པ་རྒྱ་ཆེར་བྱ། ཐོས་དོན་བསམ། བསམ་དོན་བསྒོམ་པས་རྟོགས་པར་འགྱུར། ཆོས་ཐམས་ཅད་སྟོང་པར་ཤེས་པས་ཡོད་མཐར་མ་ཤོར། ཆོས་ཉིད་བློ་འདས་ཉིད་ལས་འཁོར་འདས་
(༣༤༣)དཔལ་ཡོན་ཐམས་ཅད་ལྷུན་གྲུབ་ཏུ་ཡོད་པར་ཤེས་པས་ཆང་།། །མཐར་མ་ཤོར་བའི་དབུ་མ་འདི་ནི་སྔོན་བསྐལ་པ་དཔག་མེད་པ་ནས་ཚོག་གཉིས་བསགས་གདུལ་བྱ་རབ་ཏུ་གྱུར་པ་ཐུན་མིན་གྱི་དབུ་མའོ། །འདི་ནི་གསང་སྔགས་བླ་མེད་ཀྱི་དབུ་མ་ལ་མཚམས་སྦྱོར་བར་བྱེད་དོ། །དེ་ནས་སྔགས་ཀྱི་དབུ་མ་ནི། ཆོས་དང་ཆོས་ཉིད། ཤེས་དང་ཤེས་བྱ་འཁོར་བ་དང་མྱང་འདས། ཀུན་རྫོབ་དང་། དོན་དམ་སོགས། གཉིས་ཆོས་ཐམས་ཅད་གཉིས་མེད་འོད་གསལ་ཟུང་འཇུག་བདེ་བ་ཆེན་པོ་རང་བཞིན་ལ་སུ་ཡང་འདའ་བ་མེད་པའི་ཕྱག་རྒྱ་ཆེན་པོ་དང་རྫོགས་པ་ཆེན་པོ་དབུ་མ་ཆེན་པོ་ཞེས་ལ་སོགས་པའི་མཚན་ཅན་ནི་སྔགས་ཀྱི་དབུ་མ་ཆེན་པོ་ཡིན་པར་བདག་གིས་སེམས་སོ། །དེས་ན་སངས་རྒྱས་ས་ལ་བཞི་པ་དང་། ལྔ་པ་ཐུབ་པའི་དགོངས་པ་མིན། གསུང་པ་ལྟར་གྲུབ་མཐའ་ལྔ་སོགས་མི་འབྱུང་ཕྱིར། དབུ་མ་རང་སྟོང་ནས་བཟུང་དེ་ཡན་ཆད་ཀྱི་ལྟ་བ་ཐམས་ཅད་དབུ་མའི་ལྟ་བའི་བྱེ་བྲག་ཡིན་པར་བདག་སྨྲའོ། །ས་སྐྱ་པཎ་ཆེན་གྱིས། དབུ་མའི་ལྟ་བ་ལས་ལྷག་པའི། གལ་ཏེ་ལྟ་བ་ཡོད་ན་ནི། ལྟ་དེ་སྤྲོས་པ་ཅན་དུ་འགྱུར། གསུངས་པའང་ཆུད་མི་ཟ་བར་འགྱུར་རོ། །རང་སྟོང་པ་ཐལ་
(༣༤༤)རང་མཁས་པ་ཆེན་པོ་རྣམས་དང་། དབུ་མ་གཞན་སྟོང་པའི་མཁས་པ་ཆེན་པོ་རྣམས་དང་། ཆོས་འཁོར་བར་པ་དང་། ཐ་མའི་དགོངས་པ་འགལ་མེད་དུ་མ་གོ་བར་དུ་མཐའ་བྲལ་དབུ་མ་ཆེན་པོའི་གནད་གསང་མ་གོ་བ་ཕྱོགས་རེ་ལ་ཞེན་པ་ཡིན་འདུག་པས། རང་གིས་ཟབ་མོའི་དོན་མ་རྟོགས་མ་གོ་བས་ཕྱོགས་ཞེན་བྱེད་པས། ཆོས་འཁོར་བར་ཐ་གཉིས་དགོངས་པ་མི་མཐུན་པས་དྲང་ངེས་ཀྱི་དབྱེ་བ་དེ་བདེན་རྫུན་ཡིན་པས་བཟང་ངན་ཡོད་པར་འདོད་པ་དང་། བཀའ་ཡི་དགོངས་འགྲེལ་མཛད་པོ་རྣམས་ཀྱི་གཙོ་བོ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་ཉིད་དེ་བཞིན་ཉིད་འགྱུར་བ་མེད་པ། རྗེ་བཙུན་བྱམས་མགོན་དང་། སློབ་དཔོན་ཆེན་པོ་ཐོག་མེད་དང་། དབྱིགས་གཉེས།། །སྐུ་མཆེད་ཀྱི་བཞེད་པ་ལྟར་མི་བཞེད་པར་རང་སྟེང་ཕྱོགས་གཅིག་ཡིན་སྙམས་པ་དང་། སློབ་དཔོན་ཆེན་པོ་ཐོག་མེད་སྐུ་མཆེད་ཀྱིས། སློབ་དཔོན་ཀླུ་སྒྲུབ་ཀྱིས་བཞེད་པའི་མཐའ་བྲལ་དབུ་མ་ཆེན་པོའི་ལྟ་བ་དེ་མི་བཞེད་པར་སེམས་ཙམ་པ་ཡིན་པར་སྨྲ་བ་དང་། དབུ་མ་ཆེན་པོ་གཞན་སྟོང་གི་ལྟ་བ་འདི་རྒྱ་གར་གྱི་མཁས་གྲུབ་སུས་ཀྱང་མི་བཞེད། བོད་ཁ་གཅིག་གསར་བཟོ་ཡིན་ཟེར་བ་དང་། དེ་དག་ལ་སོགས་
(༣༤༥)པ་དཔག་ཏུ་མེད་པ་སྨྲ་ནས། རང་གི་བློས་དཔྱད་པའི་འདོད་ཕྱོགས་དེ་ལ་ཞེན་ནས། ཞེན་ལྟའི་བློ་དེས་ཆོས་ཉིད་ཟབ་མོ་བློ་འདས་བསམ་མི་ཁྱབ་པ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ། རང་གི་དད་པས་བསྐྱེད་ཅིང་རྟོགས་པར་བྱ་བ་དེ་ཉིད་མ་རྟོག་པའི་ནང་རྟགས་ཕྱིར་ཤར་བས། ཟབ་མོའི་མདོ་རྒྱུད་དང་། མཁས་གྲུབ་རྣམས་ཀྱི་གསུང་ལ་མི་གུས་པར་ཆོས་སྤངས་ཀྱི་ལས་ངན་ཚབ་པོ་ཆེ་གསོགས་པའི་མཁས་སྙེམས་ཅན་རྣམས་ཐུགས་ལ་བག་ཡོད་མཛད་པར་ཞུ། དེ་དག་ནི་རང་ཉིད་གང་དྲན་མ་བགགས་པར་ཞོར་འཕྲོས་སུ་བྲིས་སོ། ༈། ཡང་། ༈གང་དུ་འགྲེལ་ཆེན་དྲི་མེད་འོད་ལས་གསུངས་པའི། དབུ་མའི་ལྟ་བའི་ཚིགས་བཅད་དེ་ཡི་དོན། བླ་མའི་ཡོན་ཏན་ཡོངས་སུ་བཟུང་བའི་རྒྱུད་ལས། སེམས་ཙམ་གྱི་འདོད་པ་བཀག་པའི་མཚམས་དེར་དབུ་མའི་ལྟ་བ་བཤད་པ་ནི། འོ་ན་ཤེས་པ་གང་ཞེ་ན། །གཅིག་དང་དུ་མ་བྲལ་བའི་ཕྱིར། །ཆོས་ཀུན་རྨི་ལམ་འདྲ་བའི་ཕྱིར། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་པ་ཉིད་ཀྱི་རང་བཞིན་དང་། །དམིགས་པ་མེད་པའི་སྙིང་རྗེ་དག། གཉིས་སུ་མེད་པར་འཇིག་རྟེན་དུ། །མཁྱེན་བརྩེ་ནུས་པ་ལྡན་པར་འཇུག། ཇི་ལྟར་
(༣༤༦)ཆུ་ནང་ཟླ་བ་དེ། །བདེན་མིན་རྫུན་པ་མིན་པ་ལྟར། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་ཀུན་ཏུ་འབྱུང་། །དེ་བཞིན་ཉིད་ལ་ངེས་པར་སྐྱེ། །ནམ་མཁར་སྤྲུལ་པའི་མེ་ཏོག་བཞིན། །ཡོད་པ་མ་ཡིན་མེད་པ་མིན། །གཉིས་ཀའི་བདག་ཉིད་ཀྱང་མ་ཡིན། །མཐའ་བཞི་ལས་ནི་རྣམ་པར་གྲོལ། །དེ་ཉིད་དབུ་མ་མཁས་པ་ཡིན། །སྟོང་ཉིད་སྙིང་རྗེ་དབྱེར་མེད་སྨྲ། །ཅེས་གསུངས་པ་བཞིན་ཤེས་པར་བྱའོ། ༈། དབུ་མ་ཐ་འགྱུར་སྤྱིར་གྱི་རིག་པ་བཞི་ནི། དང་པོ་རྗེས་དཔག་གཏན་ཚིག་གི་རིག་པ་ནི། ཆོས་ཐམས་ཅད་ངོ་བོ་མེད་པ་ཞིག་ཡིན་ན། གཏན་ཚིག་བརྗོད་པ་སོགས་ཀྱང་མི་རིགས་སྟེ་ཡོད་པ་མ་ཡིན་པའི་གཏན་ཚིག་གིས་སུ་ཞིག་འགོག། ཟེར་ན། དབུ་མ་པས་གཏན་ཚིག་ཡོད་པ་ཞིག་གིས་ཆོས་ངོ་བོ་ཉིད་མེད་པ་ཞིག་འགོག་སྟེ། ཡོད་པ་བསྒྲུབ་པར་ཁས་བླངས་པ་མིན་གྱི། ཀུན་རྫོབ་ཙམ་གྱིས་འཇིག་རྟེན་ན་གྲགས་པའི་རྣམ་དཔྱད་ཙམ་གྱིས་དོན་གྱི་ཡིན་ལུགས་མཚོན་པ་ཡིན་ནོ། །མཚོན་པ་དེས་རྗེས་སུ་དཔག་སྟེ་དགག་པའམ་སྒྲུབ་པར་བྱེད་པ་སྒྱུ་མས་སྒྱུ་མའམ་སྤྲུལ་པས་སྤྲུལ་པ་འགོག་པའོ། །ཅེས་སོ།
(༣༤༧)༈། གཉིས་པ། ལྷོག་པ་གཅིག་པའི་དཔུང་འཕུལ་ནི། ཕ་རོལ་པོས་སྒྲ་ཡི་ཤེས་པ་རྟག་པར་ཁས་བླངས་ན། འོ་ན་དུས་ཐམས་དུ་སྒྲ་འཛིན་པར་རིག་སོ། །བརྗོད་པ་ལྟ་བུའོ། ༈། གསུམ་པ་རྒྱུ་མཚན། མཚུངས་པའི་མགོ་སྙོམ་པ་ནི། ཕ་རོལ་པས་དངོས་པོ་གཞན་ལས་གཞན་སྐྱེ་བར་ཁས་བླངས་ན། ལེན་དུ། འོ་ན་མར་མེ་ལས་མུན་པ་སྐྱེ་བར་འགྱུར་རོ། །བརྗོད་པ་ལྟ་བུ། རྒྱུ་མཚན་གཞན་ཡིན་པར་མཚུངས་པའི་མགོ་བྱེད་པའོ། ༈། བཞི་པ་མ་གྲུབ་པས་མ་གྲུབ་པ་སྒྲུབ་པ་ནི། མུ་སྟེགས་ཀྱི་བདག་དང་། ཉན་ཐོས་ཀྱི་རྡུལ་དང་། སེམས་ཙམ་པའི་རྣམ་རིག་རྣམས་སྒྲུབ་བྱེད་འགོད་པ་ན། དཔེར་ན་རང་རིག་ཡོད་དེ། འབྲས་བུ་དྲན་པ་ཡོད་པའི་ཕྱིར། ལྟ་བུ་ལ་ལེན་དུ་ཅི་གོ་རང་རིག་མ་གྲུབ་པ་ལས་སྐྱེས་པའི་དྲན་པ་ཡོད་པར་འདོད་པ་ཁྱོད་ཀྱིས་མོ་ཤམ་བུའི་སྐྱེ་མཆེད་ལ་རྟོག་གོ། །ཅེས་པ་ལྟ་བུའོ། ༈། དབུ་མའི་གཏན་ཚིག་བཞི་ནི། ༈། དང་པོ་ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ་ནི། དངོས་པོར་སྣང་བའི་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ལ་བདེན་པར་གྲུབ་པ་མེད་དེ། གལ་ཏེ་བདེན་ན་གཅིག་གི་ངོ་བོར་བདེན་པའམ་དུ་མའི་ངོ་བོར་བདེན་
(༣༤༨)དགོས་ཀྱང་། དཔྱད་ན་བདེན་པ་མི་འགྲུབ་སྟེ། གཅིག་གྲུབ་པ་ནི་དུ་མ་ལ་ལྟོས་དགོས་ཤིང་། དུ་མ་གྲུབ་པ་ནི་གཅིག་གི་ཚོགས་ལ་ལྟོས་དགོས་པས་ལྟོས་ཆོས་ནི་རྫུན་པ་ཉིད་དུ་ངེས་སོ། །དེ་བཞིན་དུ་དངོས་པོ་གཅིག་བདེན་ན། ཉན་ཐོད་པས་འདོད་པའི་རྡུལ་ཕྲན་ཆ་མེད་གཅིག་པུ་བདེན་དགོས་ཀྱང་། རྡུལ་ཆ་མེད་གཅིག་དཔྱད་ན་མི་འགྲུབ་སྟེ། རྡུལ་ཆ་མེད་དེས་རག་པ་བརྩམ་པ་ན། ཕྱོགས་གཅིག་ནས་རྡུལ་དང་རྡུལ་གཞན་ཕྲད་དམ། རྡུལ་གཉིས་པོ་ཕྱོགས་ཐམས་ཅད་ནས་ཕྲད་པར་འོད། ཕྱོགས་གཅིག་གིས་འཕྲད་ན་ཕྲད་ངོས་དང་མ་ཕྲད་ངོས་ཏེ་ཆ་གཉིས་སུ་འགྱུར་བས་རྡུལ་ཆ་མེད་ཉམས། ཡང་ཕྱོགས་ཐམས་ཅད་ནས་ཕྲད་ན་དབུས་རྡུལ་གཅིག་པོ་དེའི་ཆའམ་ཕྱོགས་ཐམས་ཅད་ལ་ཕྱོགས་དྲུག་གི་རྡུལ་ཐམས་ཅད་ཀྱི་ཆ་ཡིས་ཀྱང་ཕྲད་དགོས་པས་དེའི་ཚེ་རག་པ་བརྩམ་མི་ནུས་ཏེ། དབུས་རྡུལ་ཆ་མེད་དེའི་ནང་དུ་ཕྱོགས་དྲུག་གི་རྡུལ་ཆ་མེད་ཐམས་ཅད་ཐིམ་པར་འགྱུར་པའི་ཕྱིར། དེས་ན་རྡུལ་ཆ་མེད་མ་གྲུབ་བོ། །ཡང་ན་དངོས་པོ་གཅིག་ཁོ་ནར་བདེན་ན། ཤེས་པ་སྐད་ཅིག་ཆ་མེད་ཡོད་པ་བདེན་དགོས་ཀྱང་། ཤེས་པ་ཆ་མེད་དཔྱད་ན་མི་འགྲུབ་སྟེ། དེའང་ཤེས་པ་སྔ་ཕྱི་གཉིས་དང་བར་མ་དག་
(༣༤༩)ཕྲད་དམ་མི་ཕྲད། ཕྲད་ན་ནི་ཕྱོགས་གིས་ཕྲད་དམ་ཐམས་ཅད་ཀྱིས་ཕྲད། ཕྱོགས་གཅིག་གིས་ཕྲད་ན། ཕྲད་པའི་ཆ་དང་མ་འཕྲད་པའི་ཆ་གཉིས་སུ་འགྱུར་བས་ཆ་མེད་ཉམས། ཡང་ཕྱོགས་ཐམས་ཅད་ནས་ཕྲད་ན་ནི། ཤེས་པ་སྐད་ཅིག་ཆ་མེད་དབུས་མ་དེ་ལ་ཤེས་པ་སྔ་ཕྱི་གཉིས་ཐིམ་པས་སྐད་ཅིག་ཇི་ཙམ་མཐུད་ཀྱང་རིང་དུ་མི་འགྲོ་བའི་ཕྱིར། ཡང་ཤེས་པ་སྔ་ཕྱི་བར་གསུམ་མ་ཕྲད་ན་ནི་རག་རྒྱུན་བརྩམ་པར་མི་ནུས་ཏེ་ཤེས་པའི་རྒྱུད་ན་མ་འབྲེལ་བའི་ཕྱིར། དེས་ན་གཅིག་མ་གྲུབ་པས་དེར་ལྟོས་ཀྱི་དུ་མ་མི་འགྲུབ་བོ། །དེའི་ཕྱིར། ཇོ་བོས་བྱང་ཆུབ་ལམ་སྒྲོན་དུ་ཡང་། ཡང་ན་ཆོས་རྣམས་ཐམས་ཅད་དག། གཅིག་དང་དུ་མ་རྣམ་དཔྱད་ན། །དངོས་པོ་ཉིད་ཀྱིས་མ་དམིགས་པས། །རང་བཞིན་མེད་པ་ཉིད་དུ་ངེས། །ཞེས་གསུངས་པ་དང་། ཞི་བ་མཚོས་ཀྱང་། བདག་དང་གཞན་སྨྲས་དངོས་འདི་དག། ཡང་དག་དོན་དུ་རང་བཞིན་མེད། །གཅིག་དང་དུ་མ་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བསྙན་བཞིན། །ཞེས་གསུངས་སོ། ༈།གཉིས་པ་རྒྱུ་ལ་དཔྱོད་པ་མཐའ་བཞིའི་སྐྱེ་འགོག་འམ། རྒྱུ་ལ་དཔྱོད་པ་རྡོ་རྗེའི།། །མའང་གསུངས་ཏེ། ཆོས་
(༣༥༠)ཐམས་ཅད་བདེན་པ་ཞིག་ཡིན་ན། སྐྱེ་བ་བདེན་དགོས་ཀྱང་། སྐྱེ་བ་མི་འགྲུབ་བོ། །གལ་ཏེ་སྐྱེ་བ་འགྲུབ་ན་རྒྱུ་རང་ལས་སྐྱེའམ། རྒྱུ་གཞན་སྐྱེའམ། རྒྱུ་རང་དང་གཞན་གཉིས་སྐྱེའམ། རྒྱུ་མེད་པ་ལས་སྐྱེ། མཐའ་བཞི་པོ་དེ་གང་རུང་ཞིག་ལ་སྐྱེ་དགོས་ཀྱང་། མུ་བཞི་པོ་དེ་ལས་མི་སྐྱེ་བས་ན་སྐྱེ་བ་རྫུན་ནོ། །དེའང་དངོས་པོ་རང་ལས་རང་བསྐྱེ་བ་ནི་མི་སྲིད་དེ། མྱུ་གུའི་རྒྱུ་གཞན་ས་བོན་མངོན་སུམ་པའི་ཕྱིར་རོ། །འོ་ན་གཞན་ལས་གཞན་སྐྱེ་བ་ཡིན་ནོ་སྙམས་ན། གཞན་མས་གཞན་སྐྱེ་བ་མི་སྲིད་དེ། གལ་ཏེ་སྐྱེ་ན་མྱུ་གུའི་རྒྱུ་ས་བོན་དེ་ཞིག་པ་ལས་སྐྱེའམ། ས་བོན་མ་ཞིག་པ་ལས་མྱུ་གུ་སྐྱེ། གལ་ཏེ་ས་བོན་ཞིག་པ་ལས་མྱུ་གུ་སྐྱེ་ན་ནི་རྒྱུ་མེད་པ་ལས་སྐྱེས་པར་འགྱུར་ཞིང་། ས་བོན་མེར་བསྲེག་ནའང་མྱུ་གུ་འབྱུང་རིགས་ཏེ། དེའང་མི་འབྱུང་ངོ། །ཡང་རྒྱུ་མ་ཞིག་པ་ལས་སྐྱེས་ན་ནི། རྒྱུ་འབྲས་དུས་མཚུངས་པར་འགྱུར་བའི་ཕྱིར། མྱུ་གུའི་དུས་ན་ས་བོན་ཡང་ཡོད་དགོས་ལ། དེའང་མ་དམིགས་པའི་ཕྱིར། དེས་ན་རྒྱུ་གཞན་ནས་སྐྱེའང་མ་གྲུབ་བོ། །ཡང་དངོས་པོ་གང་དག །རང་གཞན་གཉིས་ཀ་ལས་སྐྱེ་བ་ཡིན་སྙམས་ན་ནི།
(༣༥༡)མ་ཡིན་ཏེ། གལ་ཏེ་རང་གཞན་གཉིས་ཀ་ལས་སྐྱེ་ན། སྔ་མ་རང་མ་སྐྱེ་བའི་སྐྱོན་དེ་དང་གཞན་ལས་སྐྱེས་པའི་སྐྱོན་གཉིས་ཀ་དེ་དུས་གཅིག་འབྱུང་བས་དེས་ན་གཉིས་ཀ་ལས་མི་སྐྱེའོ། །ཡང་། དངོས་པོ་རྣམས་རྒྱུ་མེད་པ་ལས་སྐྱེའོ་སྙམས་ན། མི་སྐྱེ་ཏེ་གལ་ཏེ་དངོས་པོ་རྣམས་ལ་རྒྱུ་མི་དགོས་པར་སྐྱེ་སྲིད་ན། དངོས་པོ་གཅིག་ལས་ཀྱང་ཤེས་བྱར་སྲིད་ཚད་སྐྱེ་བའམ། རྒྱུ་རྐྱེན་མེད་པར་དུས་རྟག་པར་དངོས་པོ་ཐམས་ཅད་འབྱུང་རིགས་ཀྱང་། དེ་འདྲ་མ་མཐོང་ཕྱིར་རོ། །དེ་ལྟར་ཡང་། ཇོ་བོས་བྱང་ཆུབ་ལམ་སྒྲོན་དུ། །དངོས་པོ་རང་ལས་མི་སྐྱེ་ཞིང་། །གཞན་དང་གཉིས་ཀ་ལས་ཀྱང་མིན། །རྒྱུ་མེད་ལས་མིན་དེ་ཡི་ཕྱིར། །ངོ་བོ་ཉིད་ཀྱི་རང་བཞིན་མེད། །ཅེས་པ་མུ་སྟེགས་པས་བདག་དང་། གཞན་ཕྱ་སོགས་ཀྱིས་བྱས་པར་འདོད་པ་དང་། །རང་སྡེས་ཀྱང་རྒྱུ་དྲུག་རྐྱེན་བཞིས་དངོས་པོ་ཐམས་ཅད་སྐྱེ་བར་ཁས་ལེན་པ་དེ་ལོག་རྟོག་དེ་རྒྱས་དབུ་མ་ཙ་ཤེ་སོགས་ལས་གསུངས་སོ། ༈། གསུམ་པ་འབྲས་བུའི་ཕྱོགས་ནས་དཔྱོད་པ་ཡོད་མེད་སྐྱེ་འགོག་ནི། ཆོས་ཐམས་ཅད་བདེན་ན་འབྲས་ཡོད་པར་བདེན་དགོས་ཀྱང་འབྲུས་མི་འགྲུབ་བོ། །གལ་ཏེ་འབྲས་ཡོད་པར་བདེན་ན། འབྲུས་
(༣༥༢)ཡོད་པ་ཞིག་རྒྱུ་ལས་འབྱུང་ངམ། འབྲུས་མེད་པ་ཞིག་རྒྱུ་ལས་འབྱུང་། ལག་ཏེ་འབྲས་བུས་སྔར་ནས་ཡོད་པ་ཞིག་རྒྱུ་ལས་འབྱུང་ན་ནི། འབྲས་བུ་སྔར་ནས་ཡོད་པ་ལ་ད་གཟོད་རྒྱུ་ཡིས་དགོས་པ་ཅི་ཞིག་ཡོད་དེ། འབྲུས་བུམ་པ་ཡོད་པ་ཞིག་ལ་རྒྱུ་ཀ་བའམ་རྣམ་བུས་ཅི་ཞིག་བྱར་ཡོད། གལ་ཏེ་འབྲས་བུ་མེད་པ་ཞིག་ཡིན་རྒྱུ་ལས་མི་འབྱུང་སྟེ་བྱེ་མ་ལས་མར་དང་སཱ་ལུ་ལས་ཉུང་མ་མི་འབྱུང་བ་མངོན་སུམ་མོ། །གཞན་ཡང་འབྲུས་མེད་པ་དེ་ནི་དངོས་མེད་ནམ་མཁའི་མེ་ཏོག་ལྟ་བུ་སྟེ། དེ་ལྟར་དངོས་ལ་བྱེ་བ་ཕྲག་བརྒྱ་ཡི་རྒྱུ་ཡོད་ཀྱང་བསྐྱེད་མི་ནུས་སོ། །དེ་ལྟར་ཡང་། ཇོ་བོས་བྱང་ཆུབ་ལམ་སྒྲོན་ལས། །ཡོད་པ་སྐྱེ་བར་རིགས་མིན་ཏེ། །མེད་པ་ནམ་མཁའི་མེ་ཏོག་བཞིན། །ཉེས་པ་གཉིས་ཀ་ཐལ་འགྱུར་ཕྱིར། །གཉིས་ཀ་དག་ཀྱང་འབྱུང་བ་མིན། །འདི་ལ་སློབ་དཔོན་ཞི་བ་ལྷས་ཀྱང་། །དངོས་པོ་ཡོད་པར་གྱུར་པ་ལ། །རྒྱུ་རྣམས་ཀྱིས་ནི་ཅི་ཞིག་བྱ། །འོན་ཏེ་དེ་ནི་མེད་ན་ཡང་། །རྒྱུ་རྣམས་ཀྱིས་ནི་ཅི་ཞིག་དགོས། །བྱེ་བ་ཕྲག་བརྒྱའི་རྒྱུ་ཡིས་ཀྱང་། །དངོས་པོ་མེད་ལ་བསྒྱུར་དུ་མེད། །གནས་སྐབས་དེ་དངོས་ཇི་ལྟ་བུ། །དངོས་ལས་གཞན་པ་གང་ཞིག་
(༣༥༣)ཡིན། །མེད་པའི་ཚེ་ན་དངོས་མེད་ན། །ནམ་ཞིག་དངོས་པོ་ཡོད་པར་འགྱུར། །དངོས་པོ་སྐྱེ་བ་མེད་པ་ཡི། །དངོས་པོ་ནི་བྲལ་མི་འགྱུར། །དངོས་པོ་མེད་དང་མ་བྲལ་ན། །དངོས་པོ་ཡོད་པའི་སྐབས་མི་འབྱུང་། །རང་བཞིན་གཉིས་སུ་ཐལ་འགྱུར་ཕྱིར། །དངོས་པོ་དངོས་མེད་ཡོད་མི་འགྱུར། །དེ་བཞིན་ཆད་པ་ཡོད་མིན་ཞིང་། །རྟག་པ་ཡང་ནི་མི་དམིགས་སོ། །དེ་བས་སྐྱེ་བོ་འདི་དག་ནི། །སྐྱེ་བ་མེད་དང་འགག་པ་མེད། །ཞེས་སོགས་གསུངས་སོ། ༈། བཞི་པ་ཀུན་རྫོབ་ལ་དཔྱོད་པ་རྟེན་ཅིང་འབྲེལ་འབྱུང་གི་རིག་ཆེན་ནི། །ཆོས་ཐམས་ཅད་ནི་བྱེད་པོ་མེད་པ། རྒྱུ་རྐྱེན་ཙམ་ལ་ལྟོས་ནས་འདི་ཡོད་ན་འདི་འབྱུང་གི་རྟེན་འབྲེལ་འབྱུང་བ། རིག་པས་དཔྱད་མི་བཟོད་པ། དངོས་པོ་ཀུན་ཀྱང་རང་བཞིན་མེད་པར་གྲུབ་པའི་རྩ་བ་ནི་མ་རིག་པ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་སོགས་ནས་རྒ་ཤིའི་བར་བཅུ་གཉིས་པོའི་རྩ་བར་གྱུར་པའི་མ་རིག་པ་མེད་ན་གཞན་དག་མི་འབྱུང་ངེས་པ་ཅན་ལ། མ་རིག་པ་དེ་ནི། རང་གི་ངོ་བོ་རྡུལ་ཙམ་དམིགས་སུ་མེད་པའི་སྟོང་པ། །ཡིན་ནོ། །དེ་ལྟར་དབུ་མའི་རིག་
(༣༥༤)ཆེན་བཞི་བཤད་ཟིན་ནས། ༈། ཡང་རྒྱུ་འབྲས་གཉིས་ཀ་དཔྱོད་པ་མུ་བཞི་སྐྱེ་འགོག་ཞེས་བཤད་པ་ནི། རྐྱེན་གསུམ་ལས་རྣམ་ཤེས་སྐྱེ་བ་དང་། །ཕ་གཅིག་ལས་བུ་མང་དུ་སྐྱེ་བའང་། རིག་པས་བརྟགས་ཤིང་དཔྱད་ན་སྐྱེ་བ་མི་སྲིད་དོ། །རྒྱུ་གཅིག་ལས་འབྲུས་གཅིག་ཁོ་ན་སྐྱེ་བའང་མི་སྲིད་ལ། རྒྱུ་གཅིག་ལས་འབྲུས་མང་པོ་སྐྱེ་བའང་མི་སྲིད། རྒྱུ་དུ་མས་འབྲུས་གཅིག་གྲུབ་པའང་མི་སྲིད། རྒྱུ་དུ་མས་འབྲས་བུ་དུས་མ་བསྐྱེད་པའང་མི་འགྲུབ་སྟེ། དེ་ལྟར་དཔྱད་ན་རྒྱུ་ལས་འབྱུང་བ་མི་འགྲུབ་བོ། ༈། ཡང་རྣམ་བདུན་དཔྱད་པ་ཤིང་རྟའི་རིག་པ་ཞེས་པ་ནི། དབུ་མ་འཇུག་པ་ལས། ཡང་ཤིང་རྟ་རང་ཡན་ལག་ལས་གཞན་འདོད་མིན། གཞན་མིན་མ་ཡིན། དེ་ལྡན་ཡང་མ་ཡིན། ཡན་ལག་ལ་མེད་ཡན་ལག་དེར་མེད། འདུས་ཙམ་མ་ཡིན་དབྱིབས་མིན་ཇི་བཞིན་ནོ། །ཞེས་གསུངས་པས། ཤིང་རྟ་ཞེས་བཏགས་པ་དེ། ཤིང་རྟའི་ཡན་ལག་གཟེར་བུ་སོགས་དེ་དག་ལས་གཞན་མ་ཡིན་པ་སོགས་རྣམས་བདུན་གྱིས་ཤིང་རྟ་དང་ཤིང་རྟའི་ཡན་ལག་གཅིག་ཐ་དད་བརྟགས་པས་ཤིང་རྟ་མ་རྙེད་པ་ལྟར་
(༣༥༥)དུ། བདག་དང་ཕུང་པོ་ལ་བརྟགས་པ། ཐ་དད་ཀྱང་མ་ཡིན། གཅིག་མ་ཡིན་ལ། ཕུང་པོ་དེ་དང་བདག་ལྡན་ཡང་ཕུང་པོ་ལས་གཞན་མ་ཡིན། ཕུང་པོ་ལ་བདག་བརྟེན་པ་མིན། བདག་ལ་ཕུང་པོ་བརྟེན་པ་མིན། ཕུང་པོ་འདུས་པ་ཙམ་བདག་མིན། དབྱིབས་ཙམ་ཡང་ཤིང་མིན་པ་བཞིན། ཕུང་པོ་ཞེས་བདག་མིན་ཏེ། འདི་དོན་རྒྱས་པར་འཇུག་པའི་གཞུང་ཉིད་ལས་ཤེས་དགོས་པ་འདི་རྣམས་གྲངས་ངོས་བཤད་པ་ཙམ་མོ། །དེ་ལྟར་ན་སྔ་མའི་རིག་ཆེན་བཞི་དང་། ཕྱི་འདི་གཉིས་བརྩིས་པས་དབུ་མའི་རིག་ཆེན་དྲུག་གི་ཆོས་ཀུན་སྟོང་པ་ཉིད་དུ་གཏན་ལ་དབབ་ནས་དམིགས་པ་མེད་པའི་སྒོམ་ལ་འཇུག་ཅིང་དངོས་འཛིན་ལས་ལྡོག་པར་བྱའོ། ༈། སྔར་ཐེག་པ་ཆེན་པོའི་འཇུག་སྒོར་བཤད་པའི་བདེན་གཉིས་ཀྱི་རྣམ་བཞག་ནི། དབུ་མ་པའི་ལྟ་བའི་གཞུང་དངོས་ཀྱང་ཡིན་པས་འདིར་བཤད་པ་དེའང་། ཧེ་རུ་ཀ་གལ་པོ་ལས་ཀྱང་། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་སུ་ཡང་དག་འདུས། །གསུངས་ཏེ་སངས་རྒྱས་རྣམས་ཀྱི་ཆོས་ཐེག་པ་རིམ་པ་དགུ་ཀ་ལ་བདེན་གཉིས་ཀྱི་རྣམ་བཞག་འཇོག་ཚུལ་རེ་ཡོད་པ། དེའི་ཁྱད་པར་གྱིས་ལྟ་བ་དང་གྲུབ་
(༣༥༦)མཐའི་ཁྱད་པར་དུ་མ་བྱུང་བ་ཡིན། དབྱེ་གཞི་ཤེས་བྱ་ཙམ་ལས། གནས་ལུགས་བདེན་པ་གཉིས་སུ་དབྱེ་སྟེ། གལ་པོ་ལས། ཤེས་བྱ་ཙམ་གྱི་སྣང་བ་ལ། །བདེན་པ་གཉིས་ཀྱི་ཞིང་ཡང་གྲུབ། །གསུངས་སོ། །དེ་ལ་ཀུན་རྫོབ་ཅེས་པའི་ཀུན་ནི་མང་ཚིག། རྫོབ་ནི་མི་བདེན་པའི་ཟོབ་སྟེ། དཔྱད་ན་མི་བཟོད་པའོ། །དོན་དམ་ནི་དོན་གྱི་དམ་པ་སྟེ་དཔྱད་བཟོད་པའོ། །ཀུན་རྫོབ་བློ་ཡུལ་དུ་གྱུར་པའི་ཆོས་མཚན་མ་ཅན་ཏེ། གལ་པོ་ལས་བསླུ་ཞིང་བློ་ཡི་ཡུལ་གྱུར་པ། ཀུན་རྫོབ་སྤྱིའི་མཚན་ཉིད་དོ། ༈། དོན་དམ་བདེན་པ་ནི། གལ་པོ་ལས། དོན་དམ་པ་ཡི་མཚན་ཉིད་ནི། སྤྲོས་པ་ཐམས་ཅད་བྲལ་བ་ཡིན། ཛེ་ཏ་རི་པའི་བདེ་གཤེགས་གཞུང་རྣམ་འབྱེད་ལས། །ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་དུ་ཡང་མེད། །མཐའ་བཞི་དག་ལས་ངེས་གྲོལ་བ། །ཞེས་སོ། ༈། ཀུན་རྫོབ་བདེན་པ་ལ་དབྱེ་ན། སྣང་ལ་དོན་བྱེད་ནུས་པ་མི་ལ། མིར་སྣང་བ་ལྟ་བུ་འཇིག་རྟེན་པའི་ཐུན་མོང་སྣོང་ངོར་མེས་བསྲེག། ཆུས་རླན་པ་སོགས་ཡང་དག་ཀུན་རྫོབ། སྣང་ལ་དོན་བྱེད་མི་ནུས་པ་ཆུ་ཟླ་སྐྲ་ཤད། བྲག་ཆ་སོགས་ཐོ་ཡོར་མི་འཛིན་པ་ལྟ་བུ་ལོག་པའི་ཀུན་རྫོབ་ཡིན། ༈།
(༣༥༧)དོན་དམ་ལ་དབྱེ་ན། བློས་སྤྱད་ངོར་མ་གྲུབ་པ་རྣམ་གྲངས་ཀྱི་དོན་དམ་དང་། ཆོས་ཐམས་ཅད་ཀྱི་གནས་ལུགས་གཤིས་མཐའ་བརྒྱད་བྲལ་བ་དང་རྟོགས་པ་རྣམ་གྲངས་མ་ཡིན་པའི་དོན་དམ་སྟེ་གལ་པོ་ལས། དབྱེ་བ་རྣམ་གྲངས་དོན་དམ་དང་། །རྣམ་གྲངས་མ་ཡིན་མཐའ་བརྒྱད་བྲལ། །ཞེས་སོ། ༈། དེ་ལྟར་བདེན་པ་གཉིས་པོ་དེ་གཅིག་གམ་ཐ་དད་ཅེ་ན། བྱང་ཆུབ་སེམས་འགྲེལ་ལས། བུ་རམ་རང་བཞིན་མངར་བ་དང་། །མེའི་རང་བཞིན་ཚ་བ་ལྟར། །ཞེས་སོ། ༈། དེ་ལྟར་འཁོར་ལོ་བར་པའི་དགོངས་དུ་བཞིན་འགྲེལ་བའི་དབུ་མའི་གཞུང་གི་བསྟན་བཅོས་ཀུན་གྱི་གཙོ་འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱི་དབུ་མ་རྩ་བ་ཤེས་རབ་སོགས་རིགས་རྣམས་མཛད་པ། དེའི་རྗེས་སུ་འབྲང་ནས་སློབ་དཔོན་སངས་རྒྱས་སྐྱོང་དང་། དཔལ་ལྡན་ཟླ་བ་གྲགས་པ་སོགས་དབུ་མ་ཐལ་འགྱུར་བ་རྣམས་དང་། དེའི་རྗེས་སུ་སངས་རྒྱས་བརྐྱང་གི་དབུ་མ་ལ་བགགས་པ་མཛད་ནས། སློབ་དཔོན་ལེགས་ལྡན་བྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། ཞི་མཚོ། ཀཱ་མ་ལ་ཤྲཱི་ལ། གྲོལ་སྡེ། སེངྒེ་བཟང་པོ། ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། སྨན་ཞབས་པ། ཐ་གལ་པ་སོགས་
(༣༥༨)།། །དབུ་མ་རང་བརྒྱུད་པ་གྲགས་པ་དང་། ཐལ་རང་གཉིས་ལ་དོན་དམ་འཇོག་ཚུལ་ལ་ཐ་དད་མེད་ཀྱང་ཀུན་རྫོབ་ཏུ་སྣང་བ་སྒྱུ་མ་ཙམ་དུ་ཁས་ལེན་པ་རང་རྒྱུད་པ་དང་། སྣང་དུས་ནས་སྤྲོས་པ་དང་བྲལ་བར་འདོད་པ་ཁས་ལེན་པའི་ཀུན་རྫོབ་ཙམ་ཡང་འགོག་པ་ཐལ་འགྱུར་བའོ། །མཐའ་བརྒྱད་དང་བྲལ་བ། ཞེས་གསུངས། ༈ཡང་ལ་ལས། རང་རྒྱུད་ཅེས་པ། རང་བཞེད་ཀྱི་སྟོང་ཉིད་གཏན་ཚིག་གི་དང་དཔེའི་སྒོ་ནས་སྒྲུབ་ཅིང་གཞན་ལ་སྒོལ་བ་མི་བྱེད་པས་རྣལ་མའི་ལན་དང་། ཐལ་འགྱུར་ཞེས་པ་ལྡོག་པའི་ལན་ཡིན་པར་བཤད་ཅིང་། ཐལ་འགྱུར་བ་རྣམས་རང་ལུགས་ཁས་ལེན་མེད་པར། གཞན་འདོད་ཐམས་ཅད་འགོག་པའི་ཐལ་འགྱུར་འཕེན་པ། སྒྲུབ་མི་དགོས་པར་དོན་ངང་གིས་འགྲུབ་ལ་ཟེར། དབུ་མ་ཐལ་རང་གི་གཞུང་གཙུག་པ་དེ་ལ། རྒྱ་བོད་གཉིས་ཀར་ངོ་བོ་ཉིད་མེད་སྨྲ་བའི་དབུ་མ་པར་གྲགས་ཤིང་། བོད་ཕལ་ཆེ་བས་དབུ་མ་རང་སྟོང་པ་ཞེས་ཟེར། ༈དེ་ལས། སངས་རྒྱས་བསྐྱང་ལེགས་ལྡན། རྣམ་གྲོལ་སྡེ། ཞི་བ་འཚོ་རྗེས་འབྲང་བཅས་ཀྱིས་བཞེད་པར། སོ་སྐྱེའི་བློ་ནས་བརྩམ་སྟེ་རྣམ་མཁྱེན་གྱི་ཡེ་ཤེས་ཐམས་ཅད་ཀུན་རྫོབ་ཡིན། ཀུན་རྫོབ་ཀྱི་
(༣༥༩)རང་བཞིན་བདེན་མེད་ནི་དོན་དམ་ཡིན། བདེན་གཉིས་ཀྱི་ངོ་བོ་ལ་གཅིག་ཐ་དད་བརྗོད་དུ་མེད་པ་ལ་རྣམ་བཞག་ཙམ་ཐ་དད་པ། དོན་དམ་དབྱིངས་ཀྱི་ངོ་བོ་གང་མང་མེད་པས་སྤྲོས་བྲལ་ནམ་མཁའི་དཔེ། ཀུན་རྫོབ་སྣང་དུས་ནས་བདེན་པས་སྟོང་པར་རང་སྣང་ཙམ་མ་འགག་པས་སྒྱུ་མའི་དཔེས་བསྟན། བདེན་པ་གཉིས་ཀ་ཡོད་མེད་སོགས་སྤྲོས་ལས་འདས་པར་འདོད། དེ་ལ་དོན་མ་སྤྲོས་བྲལ་དེ་ལ་ཆད་མཐའ་བཀག་ཕྱིར། མྱང་འདས་དངོས་པོར་མ་གྲུབ་པས། དེར་ལྟོས་དངོས་མེད་ཀྱང་མི་གྲུབ་སྟེ། བློ་འདས་ལ་སུས་ཀྱང་བརྗོད་པར་མི་ནུས་སྙོམ་པ་ཐལ་འགྱུར་བས་སྒྲོག་པའི་ཁྱད་པར་ཙམ་མོ། ༈། ཡང་བདེན་གཉིས་ཀྱི་རྣམ་བཞག་ལ། སློབ་དཔོན་ཀླུ་སྒྲུབ། ཞི་བ་ལྷ། འཕགས་པ་ལྷ། ཟླ་གྲགས་སོགས་ཀྱིས། སོ་སྐྱེའི་བློ་ནི་འཁྲུལ་པ་ཡིན། བློ་དེའི་ཡུལ་ནི་ཀུན་རྫོབ་ཡིན། འཕགས་པའི་བློ་ནི་མ་འཁྲུལ་པའི་ཡེ་ཤེས་དོན་དམ་ཡིན། དེའི་ཡུལ་ནི་དོན་དམ་བདེན་པ་སྟེ། ༈དེའང་། གཟུགས་སོགས་སྣོད་བཅུད་རྣམས་གཟུང་བ་དང་། །དེ་འཛིན་པའི་ཤེས་པ། ལམ་དང་། འབྲས་བུ་སངས་རྒྱས་བར་གྱི་ཤེས་བྱ་ཐམས་ཀུན་རྫོབ་ཡིན་ཅིང་། ཀུན་
(༣༦༠)རྫོབ་ལ་མཐུན་སྣང་དུ་དོན་བྱེད་མི་ནུས་པ་སྨིག་སྒྱུ་ཆུ་ཟླ་སྒྱུ་མ་སོགས་ཡུལ་ལོག་པའི་བཟུང་ཆ་དང་། དེ་འཛིན་གྱི་ཤེས་པའམ་ཡུལ་ཅན་ལོག་པ་མུ་སྟེགས་ཀྱི་བཏགས་པའི་བདག་དང་བྱེད་པོ་སོགས་མ་བཏགས་ཉམས་དགའི་འཁྲུལ་རྟོག་ཕལ་གྱིས་ཀྱང་ཤེས་པར་སླ་བ་ནི་ལོག་པའི་ཀུན་རྫོབ་དང་། ཡང་རིག་ལམ་སོགས་ཀྱིས་མ་དཔྱད་པའི་ཉམས་དགའ་ཙམ་དུ་དངོས་པོ་རང་དང་མཐུན་པའི་དོན་བྱེད་ནུས་པ། འཇིག་རྟེན་དག་གི་བློ་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་ངོར་མེས་བསྲེག་ཆུས་རླན་པ་སོགས་སྣང་བ་ཡང་དག་ཀུན་རྫོབ། དོན་དམ་ནི་རྒྱུ་རྐྱེན་གྱིས་ལུས་མ་བྱས་པ་སྟེ། ཆོས་དབྱིངས་རྟོགས་པའི་ཤེས་རབ་ཀྱིས་གཟུང་འཛིན་སྤྲོས་མཐའ་བྲལ་བ་རྟོགས་བྱ་རྟོགས་བྱེད་ལས་འདས་པ་མངོན་དུ་གྱུར་པ་ཉིད་ཡིན་ཀྱང་། འདི་ལ་དབྱེ་བ་སོ་སྐྱེས་ལུང་ལ་བརྟན་ཏེ་གཅིག་ཏུ་བྲལ་སོགས་ཀྱི་རིག་པ་བརྟགས་པའི་སྤྲོས་བྲལ་ཙམ་ནི་རྣམ་གྲངས་པའི་དོན་དམ་དང་། འཕགས་པའི་མཉམ་བཞག་ན་ཆོས་ཉིད་སྤྲོས་བྲལ་མངོན་དུ་མཐོང་བ་ནི། དོན་དམ་མཚན་ཉིད་པ་ཞེས་བྱའོ། །དེའང་རང་རྒྱུད་ལ་སོ་སྐྱེའི་དུས་ནས་ཆོས་ཅན་ཐམས་ཅད་ཤེས་པའི་བློ་ནི་ཀུན་རྫོབ་དང་། །ཆོས་ཉིད་ཀྱི་དོན་རིག་པས་སྐྱེ་མེད་དུ་ཤེས་པ་དེ་དོན་མ་རྟོགས་བྱེད་ཀྱི་རྒྱུ་ཡིན་པས་མཐུན་
(༣༦༡)པའི་དོན་དམ་དང་། འཕགས་པ་གསུམ་གྱི་མཉམ་བཞག་དོན་དམ་དང་། རྗེས་དཔྱོད་ཀུན་རྫོབ་ཡིན། སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོགས་པ་ནི་དོན་དམ་ཡིན། དག་པ་འཇིག་རྟེན་པའི་ཡེ་ཤེས་ལ་དམིགས་པ་རྣམ་གྲངས་པའི་ཀུན་རྫོབ་ཡིན་ཟེར། ༈དབུ་མ་ཐལ་འགྱུར་བས། སོ་སྐྱེའི་བློ་ཐམས་ཅད་ཀུན་རྫོབ་འབའ་ཞིག་དང་། འཕགས་པ་གསུམ་གྱི་མཉམ་བཞག་དོན་དམ་འབའ་ཞིག་དང་། རྗེས་དཔྱོད་ནི་བདེན་པ་མེད་པ་ཀུན་རྫོབ་ཀྱི་བློ་དང་། སངས་རྒྱས་རྟག་ཏུ་མཉམ་བཞག་དོན་དམ་འབའ་ཞིག་གོ་ཟེར། ༈། ཡང་ཀུན་རྫོབ་འཇོག་ལུགས་ཀྱིས། ཀུན་རྫོབ་བྱེ་སྨྲ་ལྟར་འཇིག་རྟེན་གྲགས་པ་དང་བསྟུན་པས་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་དང་། ལེགས་ལྡན་བྱེད་སོགས་མདོ་སྡེ་ལྟར་འདོད་པས་མདོ་སྡེ་སྤྱོད་པའི་དབུ་མ་དང་། ཞི་མཚོ་སོགས་སེམས་ཙམ་ལྟར་འདོད་པས་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། །སྒྱུ་མ་ལྟར་འདོད་པས་སྒྱུ་མ་རིག་གྲུབ་སྨྲ་བའི་དབུ་མ་དང་། ༈ཡང་། ཟླ་གྲགས་སོགས། འཇིག་རྟེན་གྲང་སྡེར་སྤྱོད་པའི་དབུ་མ་པ་དག་གིས། ཀུན་རྫོབ་ཏུ་ལས་དང་། བྱེད་པ་པོ་དང་། མཚན་ཉིད་དང་། མཚོན་བྱ་དང་། ཡན་ལག་དང་། ཡན་ལག་ཅན་དང་།
(༣༦༢)རྒྱུ་དང་འབྲུས་སོགས་འཇིག་རྟེན་ལ་གྲགས་པ་ལྟར། འཇིག་རྟེན་པའི་ངོར་བཞག་དགོས་ཏེ། སྟོན་པས་འཇིག་རྟེན་ནི་ང་དང་རྩོད་ཀྱིས། ང་ནི་འཇིག་རྟེན་མི་བཅོད་པས། གང་འཇིག་རྟེན་ཡོད་པར་འདོད་པ་དེ་ངས་ཀྱང་ཡོད་པར་འདོད་གསུངས་པས་འཇིག་རྟེན་ལ་གྲགས་པའི་ཀུན་རྫོབ་བརླག་མི་རུང་བ་ཡིན། ཀུན་གཞི་ནི་དྲང་དོན་ཡིན་ཏེ། གལ་སྲིད་ཐམས་ཅད་ཀྱི་ས་བོན་འཛིན་པའི་ཀུན་གཞིས་སྣོད་བཅུད་ཐམས་ཅད་སྐྱེད་པར་འདོད་ན། དབང་ཕྱུག་གིས་ཐམས་ཅད་སྐྱེད་པར་འདོད་པ་དང་ཁྱད་ཅི་ཡོད་དེ། ཀུན་གཞི་དང་། གང་ཟག་དང་། ཕུང་པོ་དང་ཡོད་པར་འདོད་པ་དེས། ཟབ་མོའི་དོན་མཐོང་མི་ནུས་ཏེ། དངོས་དང་། དངོས་མེད་སོགས། བློ་ཡུལ་བྱས་པའི་སེམས་དང་སེམས་བྱུང་གི་འཇུག་པ་ཐམས་ཅད་ཞི་བ་ནི་ཆོས་སྐུ་ཡིན་པས། སངས་རྒྱས་ཀྱི་ཡེ་ཤེས་ཟེར་བའི་དངོས་བདེན་ཀྱང་མེད་ན་གཞན་ལྟ་ཅི། འོན་ཀྱང་སངས་རྒྱས་ཀྱི་ཕྲིན་ལས་ནི། ཡིད་བཞིན་གྱི་ནོར་བུ་དང་། དཔག་བསམ་གྱི་ཤིང་ལ་རྣམ་རྟོག་མེད་བཞིན་འདུལ་བྱའི་སྨོན་ལམ་གྱི་དབང་གིས་རྒྱལ་བའི་སྐུར་སྣང་བ་ནོར་བུ་ལ་གསོལ་བ་བཏབ་པས་དགོས་འདོད་འབྱུང་བ་བཞིན་ནོ། །ཞེས་གསུངས། ༈། བོད་ཡུལ་གྱི་མཁས་པ་ཕལ་ཆེ་བས་ནི། དབུ་མ་ཐ་འགྱུར་བའི་བཞེད་པ་མང་ཡང་། །ནང་ཚན་དུ་
(༣༦༣)མཁས་པ་རྣམས་བཞེད་པ་མི་འདྲ་བ་ནི་གནམ་གྱི་སྐར་མ་ལྟར་མང་བ་དེ་དག་གིས། སངས་རྒྱས་ཀྱི་ཡེ་ཤེས་འདོད་ལུགས་ཀྱང་། ལ་ལས་ཐམས་ཅད་བདེན་པར་མི་འདུག་ཟེར་ནས་ཅི་ཡང་མེད་པ་ལ་བློ་རྩེ་གཏད། ལ་ལས་སངས་རྒྱས་ཀྱི་ཡེ་ཤེས་དེ་སེམས་ཅན་གྱི་དུས་ན་དྲི་བཅས་སུ་མེད་ཀྱང་། སངས་རྒྱས་ཚེ་ཡེ་ཤེས་གསར་སྐྱེས་ཡིན་ཟེར། བདེ་གཤེགས་སྙིང་པོ་སེམས་ཅན་ལ་ཡོད་པར་བསྟན་པ་དྲངས་དོན་ཡིན་ཟེར། ༈། ཡང་། ལ་ལས་སངས་རྒྱས་ཆོས་སྐུ་དེ་སེམས་ཅན་གྱི་ཁམས་ལ་ཡོད། གཟུགས་སྐུ་གཉིས་སེམས་ཅན་གྱི་རྒྱུད་ལ་མེད་པས་སངས་རྒྱས་དུ་གསར་སྐྱེས་ཡིན་ཟེར། ལ་ལས་སངས་རྒྱས་ཀྱི་ཡེ་ཤེས་དེ་རང་སྣང་ལ་མེད་ཀྱང་གཞན་སྣང་ལ་ཡོད་ཟེར། ལ་ལས་སངས་རྒྱས་ཀྱི་ཡེ་ཤེས་དེ་བསམ་གྱི་མི་ཁྱབ་ཟེར་ནས་རྟོགས་བྱའི་མིན་པར་འཇོག། ལ་ལས་སངས་རྒྱས་ཀྱི་ཡེ་ཤེས་དེ་ཚོགས་ལམ་ཆུང་ངུ་ནས། དོན་སྤྱིའི་ཚུལ་དུ་གོ་བ། ངེས་པ་ཅན་སྐྱེ་བའི་ཡུལ་མ་ཡིན་ཟེར་ནས། འོང་སྒུག་བྱེད་དེ། ལ་ལས་ད་ལྟ་སེམས་ཅན་གྱི་རྒྱུད་ལ་བདེ་གཤེགས་སྙིང་པོ་སངས་རྒྱས་དངོས་སུ་མེད་ཀྱང་། སངས་རྒྱས་འབྱུང་རུང་གི་རྒྱུ་ས་བོན་ལྟ་བུ་ཞིག་ཡོད་ཟེར། དེ་ལ་སོགས་པ་མི་འདྲ་བ་དག་ལ་ཕན་ཚུན་རྩོད་པ་མཛད་པའང་སྣང་ངོ། ༈། ད་ནི་ཆོས་འཁོར་ཐ་
(༣༦༤)མའི་དགོངས་པ་གཙོར་བསྟན་ངེས་དོན་མཐར་ཐུག་དབུ་མ་གཞན་སྟོང་གི་ལྟ་བ་མདོར་བསྡུས་འཆད་དེ། མདོ་སྡེ་ལང་ཀར་གཤེགས་པ་ལས། །ཆོས་ལྔ་དང་ནི་རང་བཞིན་གསུམ། །རྣམ་པར་ཤེས་པ་བརྒྱད་དང་ནི། །བདེན་པ་གཉིས་རང་བཞིན་དུ། །ཐེག་པ་ཆེན་པོ་ཐམས་ཅད་འདུས། །ཞེས་གསུངས་པས། ༈དེའི་དང་པོ་ཆོས་ལྔ་ནི་རང་བཞིན་གསུམ་ལ་དབྱེ་བ་མཛད་པའོ། ༈། རང་བཞིན་གསུམ་ནི། ཀུན་བཏགས་དང་། གཞན་དབང་དང་ཡོངས་གྲུབ་དང་གསུམ་གྱི་རང་བཞིན་ནོ། །དེ་གསུམ་ལ་དབྱེ་ན་ལྔ་སྟེ། ཀུན་བཏགས་ལ་མིང་གི་ཀུན་བཏགས་དང་། མཚན་མའི་ཀུན་བཏགས་གཉིས་སུ་དབྱེ། གཞན་དབང་ལ་དབྱེ་བ་མེད་དོ། །ཡོངས་གྲུབ་ལ་ཕྱིན་ཅི་མ་ལོག་གི་ཡོངས་གྲུབ་དང་། འགྱུར་བ་མེད་པའི་ཡོངས་གྲུབ་དང་གཉིས་སུ་དབྱེ་བས་ལྔའོ། ༈། ཀུན་བཏགས་ཀྱི་ངོ་བོ་ནི། སུམ་ཅུ་པ་ལས། རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་དང་གང་བཏགས་པ། །དེ་ནི་ཀུན་ཏུ་བཏགས་པ་ཡིན། །ངོ་བོ་ཉིད་དེ་དེ་མེད་དོ། །ཞེས་དང་། ༈ཆོས་དབྱིངས་བསྟོད་པ་ལས། ཅི་ལྟར་རི་བོང་མགོ་ཡི་རྭ། །བཏགས་པ་ཉིད་དེ་མེད་པ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་
(༣༦༥)ཀྱང་། །བཏགས་པ་ཉིད་དེ་ཡོད་མ་ཡིན། ༈གཞན་དབང་གི་ངོ་བོ་ནི། སུམ་ཅུ་པ་ལས། གཞན་གྱི་དབང་གི་ངོ་བོ་ཉིད། །རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང་། །ཞེས་ཡུལ་དབང་ཤེས་གསུམ་གྱི་ནུས་པས་གཟུང་འཛིན་གྱི་རྣམ་རིག་ལྟ་བུ་བྱུང་བའོ། །ཆོས་དབྱིངས་བསྟོད་པ་ལས་ཀྱང་། ཕྲ་རབ་རྡུལ་གྱི་ངོ་བོ་ཡིས། །གླང་གི་རྭ་ཡོད་མོད་མ་ཡིན། །ཞེས་འཁྲུལ་ངོར་རྟེན་འབྲེལ་དབང་གིས་སྣང་ཡང་རིག་པས་བཏགས་ན་བདེན་པར་མ་གྲུབ་པའོ། །དེས་ན། རི་རྭ་བྱིས་པ་རྣམས་ཀྱིས་རི་བོང་རྭ་མེད་པ་དང་། བ་གླང་རྭ་ཡོད་པར་འཛིན་ཀྱང་གཉིས་ཀ་དབུ་མའི་རིག་པས་བཏགས་ན་བདེན་པར་མ་གྲུབ་པ་མཚུངས་པས་མཁས་པ་རྣམས་ཀྱིས་ཆོས་ཐམས་ཅད་མཐར་འཛིན་བཟློག་ནས་དབུ་མར་སྒྲུབ་པར་བྱེད་དོ། ༈། ཡོངས་གྲུབ་ངོ་བོ་ནི། སུམ་བཅུ་པ་ལས། གྲུབ་ནི་དེ་ལ་སྔ་མ་པོ། །རྟག་ཏུ་མེད་པར་གྱུར་པ་གང་། །དེ་ཕྱིར་དེ་ནི་གཞན་དབང་ལས། །གཞན་མིན་གཞན་མ་ཡིན་པའང་མིན། །མི་རྟག་ལ་སོགས་བཞིན་དུ་བརྗོད། །དེ་མ་མཐོང་བས་དེ་མཐོང་ངོ། །ཞེས་ཡོངས་གྲུབ་ནི་སྔ་མ་གཉིས་ཀྱི་མཚན་མ་མེད་པ་ལ་བརྗོད་པས། སྣང་ཡང་
(༣༦༦)ཡོད་པ་མ་ཡིན་པའི་རྣམ་པར་རིག་པ་ལས་གཞན་ཞེས་བྱ་སྟེ། དེ་ཡི་མཚན་མ་དང་བྲལ་ན་ཡོངས་གྲུབ་དེ་ཡིན་པ། རྣམ་རིག་འཁྲུལ་པས་མེད་བཞིན་བདེན་པར་རྟོགས་པའི་ཀུན་བཏགས་འབྱུང་བས། རྣམ་རིག་དང་གཞན་དབང་གཉིས་གཅིག་དང་ཐ་དད་དུ་ཁས་མི་བླང་ངོ། །དེས་ན་ཀུན་བཏགས་བདེན་པ་མེད་པ་དང་། གཞན་དབང་རྣམ་རིག་ཙམ་ཡོད་ཀྱང་གཟུང་འཛིན་གཉིས་མེད་པར་མཐོང་བས། ཡོངས་གྲུབ་མཐོང་བར་འགྱུར་བ་ཡིན། །ཆོས་དབྱིངས་བསྟོད་པ་ལས་ཀྱང་། །ཅི་ལྟར་ཉི་མ་སྐར་མའི་གཟུགས། །དྭངས་པའི་སྣོད་ཀྱི་ཆུ་ནང་དུ། །གཟུགས་བརྙན་མཐོང་བར་འགྱུར་བ་ལྟར། །མཚན་ཉིད་རྫོགས་པ་དེ་དང་འདྲ། །ཞེས་རང་གི་ངོ་བོས་ཀུན་རྫོབ་གཉིས་སུ་སྣང་བ་འཁྲུལ་པ་ཡིན་ཀྱང་། གཉིས་སུ་མེད་པ་ཆུ་ཟླ་ལྟར་འཕགས་པ་རྣམས་ཀྱིས་ཕྱིན་ཅི་མ་ལོག་པའི་བདེན་པ་གཟིགས་པ་སྟེ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ལ་ཐ་སྙད་ཙམ་དུ་བརྗོད་པ་ལས། དོན་དུ་སྐྱེ་བ་མེད་ཅིང་འགག་པ་མེད་པས་སངས་རྒྱས་ཀྱི་ཆོས་དཀར་པོའི་ཆོས་ཀྱིས་སྐུའི་རྒྱུ་མཐུན་པ་ནི། སོ་སོ་སྐྱེ་བོ་རྣམས་རྣམ་རྟོག་དང་འདྲེས་པ་ལྟར་སྣང་ཡང་། དོན་ནི་མ་འདྲེས་པ་དག་པ་དགེ་བར་བཞུགས་ཏེ།
(༣༦༧)དེས་ན། ཐོག་མ་བར་དང་མཐར་དགེ་བ། །བསླུ་བ་མེད་ཅིང་བརྟན་པ་ཡི། །གང་ཞིག་དེ་ལྟར་བདག་མེད་ལ། །ཇི་ལྟར་བདག་དང་བདག་གིར་བརྟགས། །ཞེས་གསུངས་ཏེ། ཐོག་མ་ནས་དགེ་བ་ལ། བར་དུ་དེ་ཡི་རང་བཞིན་ཤེས་ཤིང་། སྒྲིབ་པ་འཇོམས་པའི་གཉེན་པོ་ལྟར་སྣང་བས་ན་བར་དུ་དགེ་བ། མཐར་གནས་ཡོངས་སུ་གྱུར་པའི་མིང་ཅན། ཡེ་ཤེས་ཕྲིན་ལས་དང་བཅས་པས་འཁོར་བ་མ་སྟོང་བར་འཇུག་པས་མཐར་དགེ་བ་སྟེ། དོན་འདི་ནི་མི་བསླུ་བའི་ཚད་མར་གྱུར་པ། འགྱུར་བ་མེད་པའི་ཕྱིར་བརྟེན་པའོ། །དེ་ལྟར་འགྱུར་བ་མེད། ཅིང་ཕྱིན་ཅི་མ་ལོག་པའི་དོན་གྱིས་ཡོངས་སུ་གྲུབ་པར་བསྟན་པའོ། ༈། རང་བཞིན་གསུམ་གྱི་མཚན་ཉིད་ནི། ལང་ཀར་གཤེགས་པ་ལས། མིང་དང་མཚན་མ་ཀུན་རྟོག་ནི། །དངོས་པོ་གཉིས་ཀྱི་མཚན་ཉིད་དོ། །ཡང་དག་ཡེ་ཤེས་དེ་བཞིན་ཉིད། །ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཞེས་འབྱུང་སྟེ། མིང་དང་མཚན་མ་གཉིས་ནི་ཀུན་བཏགས་སོ། །ཀུན་རྟོག་ནི་གཞན་དབང་སྟེ། འདི་གཉིས་གཉིས་ཆོས་སོ། །ཡང་དག་ཡེ་ཤེས་ནི་ཟག་
(༣༦༨)མེད་ཀྱི་ཆོས་འགོག་ལམ་གྱི་བསྡུས་པ་སྟེ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་བོ། །དེ་བཞིན་ཉིད་ནི་ཤེས་བྱ་ལ་གནས་པའི་བདེན་པ་གཉིས་ཀྱི་རང་བཞིན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་སྟེ་འགྱུར་བ་མེད་པའི་ཡོངས་གྲུབ་བོ། ༈། རང་བཞིན་གསུམ་གྱི་སྤྱི་ལ་ནི་ཀུན་གཞི་ཞེས་བྱ། སེམས་ཞེས་ཀྱང་བྱ། ཀུན་བཏགས་གཞན་དབང་གཉིས་ལ། ཀུན་གཞིའི་རྣམ་ཤེས་དང་མ་དག་པའི་སེམས་སུ་གསུངས། །ཡོངས་གྲུབ་ལ་ཀུན་གཞིའི་ཡེ་ཤེས་དང་། དག་པའི་སེམས། བདེ་གཤེགས་སྙིང་པོ། རྣམ་པར་མི་རྟོག་པའི་ཡེ་ཤེས་སོགས་གསུངས། ཀུན་གཞིའི་རྣམ་ཤེས་ལས་རྣམ་ཤེས་གཞན་ཉོན་ཡིད་དང་། ཚོགས་དྲུག་ཕན་ཚུན་རྟེན་ཅིང་འབྱུང་བས་རྣམ་ཤེས་ཚོགས་བརྒྱད་ནི་སྒྲིབ་པ་བློ་བུར་བ་སྦྱང་བྱ་ཡིན་ལ། ཡེ་ཤེས་བཞི་ནི་རྣམ་ཤེས་ཀྱི་དྲི་མ་མེད་པའི་ཡོངས་གྲུབ་སྦྱངས་གཞི་ཡིན་སྟེ། ཆོས་དབྱིངས་ཡེ་ཤེས་ནི་ཐམས་ཅད་ཀྱི་གནས་ལྟ་བུར་གསུངས། དེས་ན་འཁོར་བའི་རྒྱུ་འབྲས་ཐམས་ཅད་ནི་ཀུན་བཏགས་གཞན་དབང་གཉིས་ཀྱིས་བསྡུས་ལ། མྱ་ངན་ལས་འདས་པའི་རྒྱུ་འབྲས་ཐམས་ཅད་ནི་ཡོངས་གྲུབ་ཀྱིས་བསྡུས་པ་ཤེས་པར་བྱའོ། ༈། མདོ་རྒྱན་ལས་
(༣༦༩)ཀྱང་། རྣམ་གསུམ་རྣམ་གསུམ་སྣང་བ་ཅན། །གཟུང་དང་འཛིན་པའི་མཚན་ཉིད་དེ། །ཡང་དག་མ་ཡིན་ཀུན་རྟོག་ནི། །གཞན་གྱི་དབང་གི་མཚན་ཉིད་དོ། །ཞེས། གནས་དང་དོན་དང་ལུས་སུ་སྣང་བ་གཟུང་བ་གསུམ་དང་། ཡིད་ཉོན་མོངས་ཅན་དང་། སྒོ་ལྔའི་འཛིན་པ་དང་། དྲུག་པ་ཡིད་རྣམ་རྟོག་དང་བཅས་པ་གསུམ་ནི་འཛིན་པ་སྟེ། འདི་ལྟར་སྣང་ཡང་མི་བདེན་པས། ཡང་དག་མ་ཡིན་པའི་ཀུན་ཏུ་རྟོག་པའོ། །ཅི་ལྟར་བརྗོད་དོན་འདུ་ཤེས་ཀྱི། །རྒྱུ་མཚན་དེ་བག་ཆགས་དང་། དེ་ལས་ཀྱང་དོན་སྣང་བ་ནི། ཀུན་བཏགས་པ་ཡི་མཚན་ཉིད་དོ། །ཞེས་རྣམ་གྲངས་པའི་ཀུན་བཏགས་དང་། །ནམ་མཁའི་དཀར་ཟླུམ་ལ་ཟླ་བར་བཏགས་པས་དེ་ཡི་མིང་བརྗོད་པ་ན། དོན་མེད་ཀྱང་དཀར་ཟླུམ་རྣམ་པ་དྲན་པ་དང་། ལྟོ་ལྡིར་ལ་སོགས་པའི་དབྱིབས་ཀྱི་རྣམ་པ་འདི་ལྟ་བུའོ། །ཞེས་དྲན་པ་དེ་དག་ཀྱང་ཀུན་བརྟགས་སྟེ། །མིང་དང་དོན་ནི་ཅི་ལྟར་བར། །དོན་དང་མིང་དུ་སྣང་བ་གང་། །ཡང་དག་མིན་རྟོག་རྒྱུ་མཚན་ནི། །ཀུན་བཏགས་པ་ཡི་མཚན་ཉིད་དོ། ༈། ཀུན་བཏགས་ནི་གཏན་མེད་པ་དང་།
(༣༧༠)མེད་པ་ལ་མེད་པར་རྟོག་ན་ནི་མ་འཁྲུལ་བས་ཡོད་པ་ཡིན་ལ། ཡོད་མེད་གཉི་ག་ཡང་། ཀུན་རྫོབ་བདེན་པ་ལ་རྣམ་རིག་ཏམ་དུ་མཉམ་པ་དང་། དོན་དམ་པར་མ་ཞི་བ་འཁོར་བ་དང་། ཞི་བ་མྱ་ངན་ལས་འདས་པ་གཉི་ག་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ཐ་དད་དུ་གཅད་དུ་མེད་པའི་ཕྱིར་ཡོངས་སུ་གྲུབ་པའོ། །དེ་ཡང་། མེད་དང་ཡོད་པ་གང་ཡིན་དང་། །ཡོད་དང་མེད་པ་མཉམ་ཉིད་དང་། །མ་ཞི་ཞི་དང་རྣམ་མི་སྟོག། ཡོངས་སུ་གྲུབ་པའི་མཚན་ཉིད་དོ། །ཞེས་མདོ་སྡེ་རྒྱན་ལས་གསུངས་སོ། །ཀུན་ནས་ཉོན་མོངས་པའི་ཆོས་རྣམ་ལས་གྲོལ་ན། གཞན་དབང་རྣམ་རིག་ཙམ་དེ། ཀུན་བརྟགས་མེད་པར་གྱུར་པས། རྣམ་པར་བྱང་བའི་ཆོས་ཀྱིས་འཁྱུད་པའི་རྣམ་རིག་གནས་གྱུར་ནས་ཡོངས་གྲུབ་ཏུ་གྱུར་པའི་ཕྱིར། ཀུན་བཏགས་གཞན་དབང་གཉི་ག་ཡང་། མི་དམིགས་དང་ཆོས་ཉིད་དམིགས་པ་མཉམ་དུ་འབྱུང་ངོ། །དེ་ཡང་། གཞན་དབང་ལ་ནི་བརྟགས་པ་མེད། ཡོངས་གྲུབ་པ་དེ་ན་ཡོད། དེ་ཕྱིར་དེ་ལ་གཉི་ག་ཡང་། མི་དམིགས་དམིགས་པ་མཉམ་དུ་འབྱུང་། །ཞེས་ཐེག་བསྡུས་ལས་གསུངས་སོ། །འཁོར་འདས་
(༣༧༡)ཐམས་ཅད་ཀྱི་རྒྱུ་ལ་སྤྱི་གཞི་ལ་སེམས་ཉིད་ཅེས་གསུངས་ཏེ། དོ་ཧ་ལས་ཀྱང་། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། གང་ལ་སྲིད་དང་མྱ་ངན་འདས་ཕྲོ་བ། འདོད་པའི་འབྲུས་ཐམས་ཅད་གཏེར་བྱེད་པའི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་དང་། ཕར་ཕྱིན་ལས་ཀྱང་། སེམས་ནི་སེམས་མ་མཆིས་པ་སྟེ། །སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་སོགས་མདོ་རྒྱུད་བསྟན་བཅོས་ཞེས་ལས་མང་དུ་གསུངས་འདི་ནི། བདེ་བར་གཤེགས་པའི་སྙིང་པོ། ཆོས་ཀྱི་དབྱིངས་དང་། དྲི་མ་མེད་པའི་སེམས་ཀུན་གཞི་དང་། བྱང་ཆུབ་ཀྱི་སེམས་དང་ཆོས་ཉིད་དེ་བཞིན་ཉིད་སོགས་མིང་གི་རྣམ་གྲངས་མཐའ་ཡས་པ་གསུངས་པ་རྣམས། མཛུབ་མོ་འཛུག་པ་ནི། རང་གི་སེམས་ཉིད་ཐ་མལ་གྱི་ཤེས་པ་འདི་ཡིན། སེམས་ཉིད་འདི་ལ་ཐོག་མ་ནི་མེད་དེ། དུས་ཀྱི་ཐོག་མ་དང་ཐ་མ་ནི་རྟོག་པས་སྒྲོ་བཏགས་པ་ཡིན་ནོ། །དེའི་ཕྱིར་ཆོས་མངོན་པའི་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་ཐོབ་པ་ཡིན། །ཅེས་གསུངས། སེམས་ཉིད་གཅིག་
(༣༧༢)པུ་འཁོར་འདས་གཉིས་ཀའི་སྤྱི་གཞི་ཅིའི་ཕྱིར་འགྱུར་སྙམས་ན། སེམས་ཉིད་ཀྱིས་སེམས་ཉིད་མ་རིག་ཤི། མ་ཤེས་པས་རྟེན་འབྲེལ་བཅུ་གཉིས་ཀྱི་ཐོག་མ་མ་རིག་པ་བྱུང་སྟེ་སེམས་ཅན་རྣམས་བྱུང་། སེམས་ཉིད་ཀྱིས་སེམས་ཉིད་རིག་ཅིང་ཤེས་པས་སངས་རྒྱས་མངོན་དུ་གྱུར་པ་སྟེ། བརྟགས་གཉིས་ལས་ཀྱང་། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་བློ་བུར་དྲི་མས་སྒྲིབ། །དེ་ཉིད་གསལ་ན་སངས་རྒྱས་སོ། །ཞེས་གསུངས་སོ། །གང་མ་རིག་ན་རང་གི་སེམས་ཉིད་སྟོང་གསལ་འགགས་མེད་རང་བྱུང་སྐུ་གསུམ་དབྱེར་མེད་ཟུང་འཇུག་གི་ངོ་བོར་བཞུགས་པ་དེ་མ་རིག་པས་ངོ་བོ་སྟོང་པ་ལ་ང་འཛིན། རང་བཞིན་གསལ་བ་ལ་ཡུལ་དུ་འཁྲུལ། གང་གིས་མ་རིག་ན་རང་རྩལ་འགག་མེད་དེས་མ་རིག་པའོ། །ཚུལ་ཇི་ལྟར་མ་རིག་ན། ཀུན་གཞིའི་རྣམ་ཤེས་ཕན་ཚུན་རྒྱུ་རྐྱེན་དུ་གྱུར་པའི་ཉོན་ཡིད་དེ་མ་ཐག་ཡིད་ཀྱིས་བསྐྱོད་པའི་འདུ་བྱེད་ཡིད་ཀྱི་གཡོ་བ་ནི། ཀུན་གཞིའི་ཀློང་ནས་ཆུ་རླབས་ལྟ་བུར།། །པ་ལས། ཡུལ་དྲུག་ལ་དོན་དང་། འཛིན་པའི་རྣམ་ཤེས་དྲུག་ཐ་དད་མེད་ཀྱང་གཉིས་སུ་སྣང་བ་ལ་འཛིན་པའི་རྣམ་ཤེས་བྱུང་། ཡུལ་དེ་ལ་བླངས་དོར་བྱས་པས་ཚོར་བ་སྐྱེ། ཚོར་བའི་རྐྱེན་གྱིས་ཡུལ་དེ་མཚན་མར་འཛིན་
(༣༧༣)པས་འདུ་ཤེས་སྐྱེ། འདུ་ཤེས་ཀྱིས་ཡུལ་གཞན་དུ་རྟོགས་པའི་བག་ཆགས་བརྟས་པས་གཟུགས་ཕུང་གྲུབ་སྟེ་དེ་ལྟར་ཕུང་པོ་ལྔ་གྲུབ་བོ། ༈། འཁྲུལ་པའི་རྒྱུ་རྐྱེན་ནི། ཐེག་པ་སྤྱི་སྐད་ལ། ཁམས་ལྔ་རྣམ་ཤེས་དང་དྲུག་ལ་རྒྱུ་ཞེས་ཐ་སྙད་བཏགས་སོ། །རྐྱེན་ནི་བཞི་སྟེ། རྒྱུ་ཡི་རྐྱེན་ནི་ཀུན་གཞིའི་རྣམ་ཤེས་སོ། །བདག་པོའི་རྐྱེན་ནི་དབང་ཤེས་རྣམས་སོ། །དམིགས་པའི་རྐྱེན་ནི། ཡུལ་དྲུག་གོ། །དེ་མ་ཐག་པའི་རྐྱེན་ནི་དེ་མ་ཐག་ཡིད་དོ། །དེ་ལྟའི་རྒྱུ་རྐྱེན་རྟེན་འབྲེལ་ལུགས་འབྱུང་ལས་འཁོར་བ་དང་། དེ་རྟོགས་པ་ལུགས་ལྡོག་ལས་མྱང་འདས་ཀྱི་ཆོས་ཀུན་སྣང་བར་འགྱུར། དེ་ལྟར་མ་རིག་པ་འདུ་བྱེད། རྣམ་ཤེས། མིང་གཟུགས། སྐྱེ་མཆེད། རེག་ཚོར། རིམ་པར་བརྟེན་ནས། སྲེད་ལེན་གྱིས་མཚམས་སྦྱར་བས་སྲིད་པ་གྲུབ་བོ། །སྲིད་པ་གསུམ་ནི་ཡུལ་མཚན་འཛིན་ཆུང་འབྲིང་ཆེ་བས་བྱུང་ངོ། །སྲིད་གསུམ་དེ་ཐམས་ཅད་ཀྱིས་གཉིས་འཛིན་བླང་དོར་རྟོག་པས། དགེ་སྡིག་ལུང་མ་བརྟེན་གསུམ་གང་རུང་འདུ་བྱེད་རྐྱེན་ལས། འབྲུས་བདེ་སྡུག་བཏང་སྙོམ་གསུམ་བསྐྱེད་པ་ཐམས་ཅད་ཉོན་ཡིད་ཅན་ཡིན་ཕྱིར་སེམས་ཉིད་མ་དག་པའི་གནས་སྐབས་
(༣༧༤)སོ། །མ་རིག་འཁྲུལ་གཞི་དེ་བློ་བུར་བར་ཤེས་ནས། དྲི་མ་སྦྱང་བའི་སྐབས་ནི་ལམ་པ་དང་། དྲི་མ་ཤིན་ཏུ་དག་པའི་སྐབས་སུ་འབྲུས་སངས་རྒྱས་སོ། །དེ་ཡི་ཕྱིར་སེམས་ཅན་རྣམས་ནི་སངས་རྒྱས་ཡིན་པ་ཤེས་པར་བྱའོ། །དེ་ལྟ་བུའི་སེམས་ཉིད་ནི། སངས་རྒྱས་དང་སེམས་ཅན་ལ་གཅིག་དང་ཐ་དད་བརྗོད་དུ་མེད་པས་རྒྱ་མ་ཆད་པའོ། །སེམས་ཉིད་དེ་ཡོད་ཅེས་བྱ་བ་རྟག་པའི་མཐའ་དང་། མེད་ཅེས་བྱ་བ་ཆད་པའི་མཐའི་ཕྱོགས་སུ་མ་ལྷུང་བ་མཆིས་ཀྱང་། སེམས་ཀྱི་རྣམ་པའམ་མཚན་ཉིད་ནི་རྣམ་པར་རིག་པ་སྐད་ཅིག་གི་རང་ངོ་མ་འགག་པའི་རྣམ་པར་རོལ་པའི་ཆ་ལས་ངོ་བོ་སྟོང་པ་ཉིད་དུ་གནས་པ། སྟོང་པ་དེའང་དངོས་མེད་བེམ་སྟོང་མིན་པ། སྟོང་པའི་རང་བཞིན་འོད་གསལ་བ་ཅན། གསལ་སྟོང་ཁོ་ན་ཙམ་མིན་པ་རྣམ་པ་འགག་པ་མེད་པ་ཅི་ཡང་འཆར་བ། སྟོང་གསལ་འགག་མེད་དེ་གསུམ་གཅིག་ཐ་དད་བརྗོད་དུ་མེད་པ། བློ་ཡི་སྤྱོད་ཡུལ་ལས་འདས་པ། སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཉིད་དེ། དེ་ཉིད་ད་ལྟ་མ་དག་སེམས་ཅན་གྱི་གནས་སྐབས་སུ། སེམས་དང་ཡིད་དང་། རྣམ་ཤེས་ཞེས་བྱ་བར་གསུངས་ལ། དག་པ་ནི་སྐུ་གསུམ་དང་། ཡེ་ཤེས་ཀྱི་མིང་གིས་
(༣༧༥)གསུངས་པས་ཡིན་ནོ། །དེ་ཡང་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། ཉོན་མོངས་དྲ་བས་གཡོག་པ་ན། སེམས་ཅན་ཞེས་བྱར་བརྗོད་པ་ཡིན། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱ། །ཞེས་ཆོས་དབྱིངས་བསྟོད་པ་ལས་གསུངས་སོ། །སེམས་ཉིད་འདི་ཤེས་ན་ཤེས་པ་ཐམས་ཅད་ཀྱི་རབ་འཁོར་བའི་ཕ་རོལ་ཏུ་ཕྱིན་པར་བྱེད་པས། ཤེས་རབ་ཀྱི་ཕར་ཕྱིན་ཞེས་བྱ། མཐའ་ཐམས་ཅད་དང་བྲལ་བས་དབུ་མ་ཆེན་པོ་ཞེས་བྱ། འཁོར་འདས་ཐམས་ཅད་འདི་ལས་འདའ་མེད་པས། ཕྱག་རྒྱ་ཆེན་པོ་ཞེས་བྱ་འདི་ལ་ཀུན་འདུས་པས་རྫོགས་པ་ཆེན་པོ་ཞེས་བྱ། སྐུ་གསུམ་ཡེ་ཤེས་ལྔ་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་ཕྱིར་སངས་རྒྱས་ཀྱི་སྙིང་པོ་ཞེས་གསུངས། འདི་ནི་གཞི་ལམ་འབྲས་གསུམ་ནམ་ཡང་འགྱུར་བ་མེད་པའི་སངས་རྒྱས་ཡིན་ཕྱིར། རྒྱལ་སྲས་ཐམས་ཅད་དེར་ཕྱིན་པར་བྱེད་པའམ། ཡང་ན་མི་ཤིག་པའི་སངས་རྒྱས་ཀྱི་སྙིང་པོ་ནི་འཁོར་འདས་ཐམས་ཅད་དེ་ལས་མི་གཡོ་བའི་གཞི་ཡིན་པས་རྡོ་རྗེ་ཐེག་པ་ཞེས་བྱའོ། །གནས་འདི་ལ་དྲི་མ་ཐམས་ཅད་ཀྱིས་གོས་པ་མེད་པར་དྲི་མ་མེད་པའི་སེམས་ཞེས་བྱའོ། །དེ་ལ་གནས་སྐབས་གསུམ་དུ་འགྱུར་སྟེ། མ་
(༣༧༦)དག་སེམས་ཅན་གྱི་གནས་སྐབས་དང་། དག་མ་དག་གཉིས་ཀ་དང་ལྡན་པ་བྱང་སེམས་ལམ་པའི་གནས་སྐབས། ཤིན་ཏུ་རྣམ་དག་དེ་བཞིན་གཤེགས་པའི་གནས་སྐབས་ཏེ། དེ་ལྟར་རྣམ་པ་གསུམ་པོ་དེ་ལ་མིང་གི་ཐ་སྙད་རྣམ་གྲངས་སུ། གཞི་དང་། ལམ་དང་། འབྲས་བུ་དང་། གཞི་རྒྱུད་དང་། ལམ་རྒྱུད་དང་། འབྲས་རྒྱུད་དང་། གཞི་དངོས་པོའི་གནས་ལུགས་དང་། ལམ་གྱི་རིམ་པ་དང་། འབྲས་བུ་སྐྱེ་བའི་རིམ་པ་སོགས་གསུངས་སོ། །འདི་ནི་ཤིན་ཏུ་རྟོགས་པར་དཀའ་བ། བསམ་གྱི་མི་ཁྱབ་པའི་གནས་གཞིས་འཁྱུད་པ་སྟེ། གང་ཞེ་ན། སངས་རྒྱས་ཀྱི་སྙིང་པོ་ལ་དྲི་མས་གོས་པ་མེད་ཀྱང་། ཉོན་མོངས་པ་དང་། ཤེས་བྱའི་དྲི་མ་མཐའ་དག་མ་སྤངས་ཀྱི་བར་ལ་སངས་རྒྱས་སུ་མི་འགྱུར་བ་ཁམས་ཀྱི་དོན་དང་། དྲི་མ་དེ་ཉིད་ཐོག་མ་མེད་པའི་དུས་ནས་འདྲེ་ཡང་བློ་བུར་བ་ཡིན་པས་དྲི་མ་དེ་རྫས་བདེན་པར་མ་གྲུབ་པར་བྱང་ཆུབ་ཀྱི་དོན་དང་། ད་ལྟ་དྲི་མ་དང་བཅས་པའི་སེམས་ཅན་ལ་སངས་རྒྱས་ཀྱི་ཡོན་ཏན་དྲུག་ཅུ་རྩ་བཞི་རྫོགས་པར་ཡོད་ཀྱང་། ཆོས་དབྱིངས་ཤིན་ཏུ་དྲི་མ་མེད་པའི་རྒྱུ་མཐུན་པ་དཀར་པོའི་ཆོས་ཀྱི་སྐྱོན་གྱིས་མ་བསྐྱེད་ན་ནུས་པ་མི་འབྱིན་པ་ཡོན་ཏན་གྱི་དོན་དང་། སེམས་ཅན་དང་སངས་རྒྱས་ལ་གཅིག་
(༣༧༧)པ་ཉིད་དང་ཐ་དད་པ་ཉིད་དུ་ཕྲིན་ལས་འཇུག་པ་ལ་དབྱེ་བ་མེད་པས་བརྗོད་པ་ཐམས་ཅད་དང་བྲལ་ཡང་། བརྗོད་པ་ཐམས་ཅད་ཀྱི་གཞིར་གྱུར་པ་ནི་བསམ་གྱིས་མི་ཁྱབ་སྟེ། མདོར་བསྡུ་ན་རྒྱུད་བླ་མ་ལས། །དག་དང་ཉོན་མོངས་དང་ལྡན་དང་། །ཀུན་ནས་ཉོན་མོངས་མེད་དག་ཕྱིར། །རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ལྷུན་གྲུབ་རྣམ་པར་མི་རྟོག་ཕྱིར། །ཞེས་གསུངས། ཚུལ་འདི་ནི། ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམ་གྱིས་ཀྱང་རྟོགས་དཀའ་བར་གསུངས་ཀྱང་། རེ་ཞིག་དཔེས་བསྟན་པར་བྱ་སྟེ། ནོར་བུ་རིན་པོ་ཆེ། བཻ་ཌཱུརྻ་ཆེན་པོ་ཤུན་པ་དང་བཅས་པའི་ཚེ། ཤུན་པ་དང་བཅས་ཀྱང་ནང་དུ་ནོར་བུ་ལ་ཤུན་པ་འདྲེས་པ་མེད་པ་ལྟར། སེམས་ཅན་གྱི་དུས་ན་སངས་རྒྱས་ཀྱི་སྙིང་པོ་དྲི་མ་རྣམས་ཀྱིས་སྒྲིབ་ཀྱང་། དྲི་མ་དྲི་མ་དང་མ་འདྲེས་པས་ན་དག་ལ། ཉོན་མོངས་པ་དང་ལྡན་པ་ཡིན་ནོ། །ཡང་ཐོག་མ་ནས་ཤུན་པ་དང་བཅས་པའི་ནོར་བུ་ཡིན་ཡང་། ཤུན་པ་དེ་ནི་ནོར་བུ་རིན་པོ་ཆེན་པོ་ལས་བྱུང་བ་མ་ཡིན། ནོར་བུ་ལས་གཞན་ནས་ཀྱང་བྱུང་བ་མ་ཡིན་ཏེ། གང་ནས་ཀྱང་མ་བྱུང་བའི་ཤུན་པ་དེ་
(༣༧༨)རྣམ་པར་དག་པར་བྱས་པས་དག་པ་ལྟར། སེམས་ཉིད་སངས་རྒྱས་ཀྱི་སྙིང་པོའི་སྒྲིབ་པ་དག་པའི། སངས་རྒྱས་ཀྱང་དེ་ན་གཞན་དུ་ཡིན་ནོ། །ཡང་ནོར་བུའི་ཡོན་ཏན་དེ་རྣམས་དང་པོ་ཐ་མ་ཁྱད་མེད་ཀྱང་། སྔ་མ་ལ་ནི་ཡོན་ཏན་མི་སྣང་ལ། ཕྱི་མ་དྲི་མ་མེད་པ་དེ་རྒྱལ་མཚན་གྱི་རྩེར་བཏགས་ཏེ་གསོལ་བ་བཏབ་ན། ཡོན་ཏན་འབྱིན་པ་བཞིན་དུ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱང་། ད་ལྟ་སེམས་ཅན་ལ་ཡོད་ཀྱང་སྐྱོན་མེད་པའི་རྣམ་པར་དཀར་བས་མ་བསྐྱེད་ན་ནུས་པ་མི་འབྱིན་པས། ཡོན་ཏན་རྣམ་པར་དབྱེ་བ་མེད་པའི་ཆོས་ཉིད་ཡིན་ནོ། །དེ་ལྟ་བུའི་ནོར་བུ་ང་ནི་ཤུན་པ་ཅན་ནོ། །ང་ནི་ཤུན་པ་མེད་པའོ། །གསོལ་འདེབས་པ་ལ་ཡོན་ཏན་སྦྱིན་ནོ། །མི་སྦྱིན་ནོ་ཞེས་རྣམ་པར་མི་རྟོག་ཅིང་ལྷུན་གྱིས་གྲུབ་བཞིན་ཕྲིན་ལས་ལ་འཇུག་སྟེ་དེས་ན་སངས་རྒྱས་ཀྱི་སྙིང་པོ་ཡང་། ལྷུན་གྱིས་གྲུབ་ཅིང་རྣམ་པར་མི་རྟོག་སྟེ། ཚུལ་དེ་ལྟར་རྟོགས་པ་བྱའོ། །རྒྱུ་མཚན་འདི་མ་རྟོགས་པར། ད་ལྟར་འབྲས་བུ་ཡོད་པར་འཆད་པ་དང་། ཉོན་མོངས་མེད་པ་སྤང་དུ་མེད་པ་དང་། གཉེན་པོའི་ཡེ་ཤེས་གསར་དུ་བསྐྱེད་དུ་མེད་པ་དང་། རང་བཞིན་གྱིས་དག་པ་མེད་དགག་འབའ་ཞིག་གི་ཕྱོགས་སུ་
(༣༧༩)འཆད་པ་ནི་རྡོ་རྗེ་ཐེག་པ་ལས་རིང་ངོ། །དེས་ན་བསམ་གྱི་མི་ཁྱབ་པའི་གནས་འདི་ནི། དོན་དམ་དང་། །ཀུན་རྫོབ་དང་། སངས་རྒྱས་དང་། སེམས་ཅན་དང་། སྣང་བ་དང་། སྟོང་པ་ལ་སོགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་གི་ངོ་བོ་ཉིད། གནས་སྐབས་གསུམ་གྱིས་བསྡུས་པར་རིག་པར་བྱའོ། །འདིའི་ངོ་བོ་ནི། ཐོག་མེད་འགྱུར་ཀྱང་ཐ་མ་དང་ལྡན་པ། །རང་བཞིན་གྱིས་དག་རྟག་པའི་ཆོས་ཅན་ནི། །ཐོག་མེད་སྦུབས་ཀྱིས་སྒྲིབ་ཕྱིར་མི་མཐོང་སྟེ། །དཔེར་ན་གསེར་གྱི་གཟུགས་ནི་སྒྲིབ་པ་བཞིན། །ཞེས་གསུངས་ཏེ། རྒྱས་པར་འོག་ནས་དབུ་མའི་ལྟ་བ་བཤད་སྐབས་ཀྱང་སྟོན་ནོ། །དེའི་དོན་སྙིང་པོ་བསྟན་པ་ལས། །དེ་ལ་ཐོག་མེད་ཞེས་བྱ་བ། །དེ་བས་སྔོན་ན་མེད་པ་ཉིད། །དུས་ནི་སྐད་གཅིག་དེ་ཉིད་དེ། །གཞན་ནས་བརྒྱུད་དེ་འོང་བ་མིན། ༈། ཁམས་ནི་བྱེད་པོ་མེད་ཀྱང་ནི། །རང་མཚན་འཛིན་པས་དེ་སྐད་བརྗོད། ༈། ཆོས་ནི་འཁོར་དང་མྱ་ངན་འདས། །གཉིས་སུ་སྣང་ལ་བཤད་པ་སྟེ། །མ་རིག་བག་ཆགས་པ་ཞེས་བྱ། །ཡང་དག་རྟོགས་དང་ཡང་དག་མིན། །འདུ་བྱེད་གཡོ་བ་བསྐྱེད་རྒྱུ་ཡིན། །རྒྱུའི་རྐྱེན་
(༣༨༠)ཏེ་ཀུན་གཞིར་བཤད། ༈། གནས་ནི་རྒྱལ་བའི་སྙིང་པོ་སྟེ། །ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་ཀྱི་དག་པ་ལ་རབ་གནས། ༈། དག་པ་དེ་ཉིད་ད་ལྟར་ཡོད། །ཡོད་ཀྱང་མ་རིག་ཀུན་རྟོག་གིས། །མི་མཐོང་ཕྱིར་ན་འཁོར་བ་ཡིན། ༈། དེ་ཉིད་བསལ་ན་མྱ་ངན་འདས། །དེ་ལ་ཐ་མའི་ཐ་སྙད་བྱ། །ཐོག་མཐའ་ཀུན་རྟོག་ཉིད་ལ་བརྟེན། །འདུ་བྱེད་རླུང་དང་འདྲ་བ་ཡིན། །ལས་དང་ཉོན་མོངས་སྒྲུབ་པ་སྟེ། །དེ་ཡི་ཕུང་པོ་ཁམས་སྐྱེ་མཆེད། །གཉིས་སྣང་ཆོས་ཀུན་སྟོན་པ་ཡིན། ༈། དེ་ལ་བླང་དོར་བྱེད་མཁན་འཁྲུལ། །རང་སྣང་དོར་བས་གོང་དུ་འགགས། །རང་སྣང་བླང་བས་ཅི་ཞིག་འབྱུང་། །གཉིས་འཛིན་རྫུན་པ་མ་ཡིན་ནམ། །དེ་ཤེས་གཉེན་པོར་གསུང་མེད་ཀྱང་། །གཉིས་མེད་རྟོགས་དེས་བདེན་པ་མིན། །རྟོགས་མེད་རྟོག་པར་འགྱུར་བའི་ཕྱིར། །གཟུགས་སོགས་ཆ་ཕྱེས་སྟོང་རྟོགས་པ། །ཁྱོད་རང་འཁྲུལ་པ་མ་ཡིན་ནམ། །འོན་ཀྱང་བདེན་ཞེན་དགག་ཕྱིར་གསུངས། ། ཐམས་ཅད་བདེན་མིན་རྫུན་མིན་ཏེ། ཆུ་ཟླ་བཞིན་དུ་མཁས་རྣམས་འདོ། ༈། ཐ་མལ་ཤེས་པ་འདི་ཉིད་ལ། །ཆོས་ཀྱིས་རྒྱལ་བའི་སྙིང་པོ་ཟེར། །བཟང་དུ་འཕགས་པས་
(༣༨༡)བཏང་བ་མེད། །ངན་དུ་སེམས་ཅན་གྱིས་མ་བཏང་། །ཐ་སྙད་དུ་མ་བརྗོད་མོད་ཀྱང་། །བརྗོད་པས་དེ་ཡི་དོན་མི་ཤེས། །ཞེས་གསུངས་སོ། ༈། ཀུན་བཏགས་ཀྱི་སྒྲ་དོན་ནི། གཟུང་འཛིན་གཉིས་སུ་སྣང་བའི་ཆོས་ཐམས་ཅད་ལ་རང་གི་ངོ་བོས་གྲུབ་པ་རྡུལ་ཙམ་མེད་ཀྱང་། མིང་དང་མཚན་མ་ཐམས་ཅད་ཀུན་རང་གི་བློས་ཕར་བཏགས་པ་ལ་བདེན་ཞེན་བྱས་པ་ཡིན་པས་ཀུན་བཏགས་ཅེས་བྱའོ། །དེ་ལ་གཉིས་ཀྱི། མིང་གི་ཀུན་བཏགས་ནི། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་དང་། ཉི་མ་དང་ཟླ་བ་དང་། སྐར་མ་དང་མི་ལ་སོགས་པ་བདེན་ཞེན་བག་ཆགས་འཇོག་བྱེད་སེམས་ཅན་རྣམས་རང་རང་གི་སྐད་ཀྱིས་མིང་དུ་བཏགས་པ་ཐམས་ཅད་དོ། །མཚན་མའི་ཀུན་བཏགས་ནི། གཟུགས་སྒྲ་དྲི་རེ་རེག་ཆོས་དབང་ཤེས་ཀྱི་ཡུལ་གྱུར་པ་ཐམས་ཅད་ཏེ། དཔེར་ན་ཟླ་བ་ཞེས་པ་ནི། མིང་གི་ཀུན་བཏགས་སོ། །ནམ་མཁར་དཀར་ཟླུམ་འོད་དཀར་བསིལ་བའི་སྣང་བྱེད་མཐོང་ཞིང་སྣང་བ་ལ་ཞེན་པ་མཚན་མའི་ཀུན་བཏགས་ཏེ། མིང་དྲན་པས་དོན་གྱི་ཀུན་བཏགས་དྲན་པའམ། དོན་མཐོང་བས་མིང་དྲན་པའམ། ཆུ་ཟླ་མཐོང་བས་ཟླ་བའི་མིང་དོན་གཉིས་རྟོགས་པ་ལྟ་བུའོ། ༈། གཞན་
(༣༨༢)དབང་ནི་རྣམ་པར་ཤེས་པ་ཚོགས་བརྒྱད་པོ་རྣམས་སོ། ༈། གཞན་དབང་ཞེས་པའི་སྒྲ་དོན་ནི། རང་ངོ་རང་གིས་མ་ཤེས་པའི་ལྷན་སྐྱེས་མ་རིག་པའི་དབང་དུ་གྱུར་བའམ། ཀུན་བཏགས་ཀྱི་དབང་དུ་གྱུར་པའམ། རྣམ་ཤེས་སྔ་མས་ཕྱི་མ་སྐྱེད་པས། རྣམ་ཤེས་སྔ་མའི་དབང་དུ་གྱུར་པས་སོ། ༈། ཡོངས་གྲུབ་གཉིས་ཀྱི། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ནི་ཡང་དག་པའི་ཤེས་རབ་ཀྱིས་བསྐྱེད་པ། འཕགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་ངོ་བོ་སྟེ། རྣམ་གྲངས་ནི། ཕྱིན་ཅི་མ་ལོག་པ་རྣམ་པ་བཅུ་གསུངས་ཏེ། ཡི་གེ་དང་། དོན་དང་། ཡིད་ལ་བྱེད་པ་དང་། མི་འཕྲོ་བ་དང་། རང་གི་མཚན་ཉིད་དང་། སྤྱིའི་མཚན་ཉིད་དང་། མ་དག་པ་དང་། དག་པ་དང་། གློ་བུར་བ་དང་། མི་སྡང་བ་དང་། ཁེངས་པ་མེད་པ་ལ་ཕྱིན་ཅི་མ་ལོག་པ་སྟེ། ཡི་གེའི་དོན་དང་ཡིད་བྱེད་དང་། །མི་འཕྲོ་བ་དང་མཚན་ཉིད་གཉིས། །མ་དག་དག་དང་གློ་བུར་དང་། །མི་སྡང་པ་དང་ཁེངས་པ་མེད། །ཞེས་སོགས་རྒྱ་ཆེར་གསུངས་སོ། །མདོར་སྡུས་ན། ཆོས་སྐུའི་རྒྱུ་མཐུན་རབ་ཏུ་ཟབ་པ། ལམ་དང་འགོག་པས་བསྡུས་པའི་ཟག་མེད་ཀྱི་ཆོས་རྣམས་སོ། ༈། འགྱུར་བ་མེད་པའི་ཡོངས་གྲུབ་ནི།
(༣༨༣)ཀུན་བཏགས་དང་གཞན་དབང་གཉིས་ཀྱིས་མཚན་ཉིད་ཀྱིས་སྟོང་པས་སྟོང་པ་ཉིད་ཀྱིས་མིང་གིས་བརྗོད་པ་སྟེ། འདི་ནི་གཞན་མ་ཡིན་པའི་དེ་བཞིན་ཉིད་དོ། །རྟོགས་པར་བྱ་བའི་དོན་ཕྱིན་ཅི་མ་ལོག་པ་ཡང་དག་པའི་མཐའ་དང་། མཚན་ཉིད་གཉིས་འགག་པས་མཚན་མ་མེད་པ་དང་། འཕགས་པའི་སྤྱོད་ཡུལ་ཡིན་པས་དོན་དམ་པ་དང་། འཕགས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པས་ཆོས་ཀྱི་དབྱིངས་ཞེས་བྱ་སྟེ་རྣམ་གྲངས་སོ། །དེ་ལྟར་ཡང་དབུས་མཐའ་ལས། སྟོང་པ་ཉིད་ནི་མདོར་བསྡུས་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང་། །ཆོས་ཀྱི་དབྱིངས་ནི་རྣམས་གྲངས་སོ། །གཞན་མིན་ཕྱིན་ཅི་ལོག་མ་ཡིན། །དེ་འགགས་འཕགས་པའི་སྤྱོད་ཡུལ་དང་། །འཕགས་པའི་ཆོས་ཀྱི་རྒྱུ་ཡིན་ཕྱིར། །རྣམ་གྲངས་དོན་དེ་གོ་རིམ་བཞིན། །ཞེས་གསུངས་སོ། །སྟོང་ཉིད་ལ་མིང་གི་རྣམ་གྲངས་གཞན་ཡང་། དཔལ་ནཱ་རོ་པས། སྟོང་པ་དེ་ཉིད་རིག་པ་སེམས་བྱང་ཆུབ་སེམས་ཀྱང་དེ་ཉིད་དོ། །བདེ་གཤེགས་སྙིང་པོ་དང་དེ་ཉིད་དེ། བདེ་བ་ཆེན་པོ་དེ་ཉིད་ཡིན། །གསང་སྔགས་ཞེས་བྱ་དེ་ཉིད་ལ། །ཚད་མའི་བདེན་པའང་དེ་ཉིད་ཡིན། །བཞི་པོའི་
(༣༨༤)དབང་ཡང་དེ་ཡིན་ཏེ། །ལྷན་ཅིག་སྐྱེས་དགའ་དེ་ཉིད་དོ། །ཕ་རོལ་ཕྱིན་པའང་དེ་ཡིན་ལ། །ཟུང་འཇུག་པའང་དེ་ཉིད་ཡིན། །དབུ་མ་ཆེན་པོའང་དེ་ཁོ་ན། །རྣམ་པར་སྣང་མཛད་དེ་ཡིན་ཏེ། །རྡོ་རྗེ་སེམས་དཔའ་དེ་ཡིན་ནོ། །རིགས་དྲུག་པའང་དེ་ཉིད་དེ། །སངས་རྒྱས་རིགས་ཀྱང་དེ་ཉིད་ཡིན། །དེ་ལ་སོགས་པ་མདོ་རྒྱུད་ལས། །རྣམ་གྲངས་དུ་མ་གསུངས་པ་རྣམས། །ཕར་ཆེར་འདི་ལ་བརྟེན་པ་ཡིན། །ཞེས་གསུངས་སོ། ༈། ཁ་གཅིག་རང་བཞིན་གསུམ་གྱི་རྣམ་བཞག་དབུ་མའི་ལུགས་ལ་མ་གྲགས་སྙམས་ཀྱང་། ཤེས་ཕྱིན་བྱམས་ཞུས་ལེའུ་ལས། བྱམས་པ་གཟུགས་ཀྱི་རབ་ཏུ་ཕྱེ་བ་ནི་རྣམ་པ་གསུམ་སྟེ། ཀུན་བཏགས་པའི་མཚན་ཉིད་ཀྱི་རབ་ཏུ་ཕྱེ་བ་དང་། རྣམ་པར་བརྟགས་པའི་མཚན་ཉིད་ཀྱི་རབ་ཏུ་ཕྱེ་བ་དང་། ཆོས་ཉིད་ཀྱི་མཚན་ཉིད་ཀྱི་རབ་ཏུ་ཕྱེ་བའོ། །ཞེས་གསུངས་སོ། ༈། དེ་ལྟར་ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་དུ་དབྱེ་བ་ནི་མཚན་ཉིད་ཀྱི་སྒོ་ནས་དབྱེ་བ་སྟེ། ཡུལ་ཐ་དད་པས་དབྱེ་བ་ནི་མ་ཡིན་སྟེ། དཔེར་ན་ཐག་པ་ལ་སྦྲུལ་དུ་འཁྲུལ་པ་བཞིན། ཀུན་བཏག་དེ་མེད་པར་སྣང་བའོ། །གཞན་དབང་ནི་ཐག་པ་སྣང་ཡང་དེ་བཞིན་དུ་མི་བདེན་ཏེ། སྤུའི་
(༣༨༥)ཚོགས་འདུས་པ། ཁ་དོག་དང་དབྱིབས་ཙམ་དུ་སྣང་བའོ། །ཡོངས་གྲུབ་ནི་སྦྲུལ་དང་ཐག་པ་ལ་བདེན་པ་མེད་པའི་རང་གི་ངོ་བོ་དང་། སྣང་བ་ལ་འཁྲུལ་པ་མེད་པས་མ་འཁྲུལ་པའི་རང་རིག་པའོ། །དེས་ན་ཡུལ་ཐ་དད་མ་ཡིན་ཏེ། དེ་སྐད་དུ་འཕགས་པ་ཀླུ་སྒྲུབ་ཀྱིས། ཀུན་བརྟགས་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་འདི་ཉིད་ནི། །སྟོང་ཉིད་གཅིག་པུ་ཁོ་ན་ཡི། །ངོ་བོ་སེམས་ལ་བཏགས་པ་ཡིན། །ཞེས་བྱང་ཆུབ་སེམས་འགྲེལ་ལས་གསུངས། རྒྱས་པར་ནི། ཐེག་བསྡུས་ལས་གསུངས་སོ། ༈། དེ་ལྟར་ཆོས་འཁོར་བར་པ་མཚན་ཉིད་མེད་པའི་མདོ་སོགས་ལས། སྟོང་པ་ཉིད་ཀྱི་སྒྲས་གསུངས་པ་ཐམས་ཅད། ཀུན་བཏགས་དང་། གཞན་དབང་གཉིས་ཀྱི་སྟོང་པ་གསུངས་པ་ཡིན་གྱིས། ཡོངས་གྲུབ་གཉིས་ཀྱིས་སྟོང་པའི་མུ་སྟེགས་ཆད་ལྟ་བའི་འདོད་པ་ལྟ་བུ་ནི་མ་ཡིན་ཏེ། རྔ་བོ་ཆེའི་མདོ་ལས། སྟོང་པ་ཉིད་གང་ཅི་ཡང་རུང་བ་དེ་ནི་དགོངས་པ་ཅན་དུ་རིག་པར་བྱ་ལ། བླ་ན་མེད་པའི་མདོ་འདི་ལྟ་བུ་འདི་དག་ནི་དགོངས་པ་ཅན་མ་ཡིན་པར་རིག་པར་བྱའོ། །ཞེས་གསུངས། དོན་དམ་སྟོང་པ་ཉིད་ཀྱི་མདོ་ལས། གང་ན་གང་མེད་པ་དེ་ནི་
(༣༨༦)དེས་སྟོང་པ་ཉིད་ཡིན་ལ། འདི་ལ་ལྷག་མ་གང་ཡོད་པ་དེ་ནི་འདིར་ཡོད་དེ་དེ་ནི་དབུ་མའི་ལམ་སྟོང་པ་ཉིད་ལ་ལྟ་བ་ཡང་དག་པ་ཕྱིན་ཅི་མ་ལོག་པའོ། །སོགས་གསུངས། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་གང་། །དེ་དག་ཀུན་གྱིས་ཉོན་མོངས་ལྡོག། ཁམས་དེ་ཉམས་པར་བྱེད་མ་ཡིན། །ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་དང་། ཇི་ལྟར་ཡི་དྭགས་རྣམས་སྐྱེས་ནི། །རྒྱ་མཚོ་སྐམ་པར་མཐོང་བ་བཞིན། །དེ་བཞིན་མི་ཤེས་པས་སྒྲིབ་པ། །སངས་རྒྱས་རྣམས་ནི་མེད་པར་བལྟའ། །དམན་པ་བསོད་ནམས་དམན་པ་ལ། །བཅོམ་འདས་ཀྱིས་ཅི་བགྱིར་མཆིས། ༈། འཇིག་རྟེན་འདས་པའི་བསྟོད་པ་ལས་ཀྱང་། ཀུན་རྟོག་ཐམས་ཅད་སྤང་བའི་ཕྱིར། །སྟོང་ཉིད་བདུད་རྩི་སྟོན་མཛད་ན། །གང་ཞིག་དེ་ལ་ཞེན་གྱུར་པ། །དེ་ཉིད་ཀྱི་ཤིན་ཏུ་སྨད། །སོགས་དང་། རིག་པའི་ཚོགས་ལས་ཀྱང་། མཚན་མར་ཞེན་པ་འགོག་པར་མཛད་ཀྱིས། སངས་རྒྱས་དང་ཆོས་ཀྱི་ཚུལ་བསྟན་པ་དང་། ཡེ་ཤེས་
(༣༨༧)དང་། ཐུགས་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཕྲིན་ལས་རྨད་དུ་བྱུང་བ་བཀག་པར་མི་མཛད་མདོ་ཀྱི་སོ་སོ་སྐྱེ་བོའི་ཡེ་ཤེས་ཀྱི་མིག་མདོངས་པ་དག་གཞན་དུ་རྟོགས་པར་བྱེད་དོ། །ཅེས་དང་། ༈རིག་པ་དྲུག་ཅུ་པ་ལས་ཀྱང་། །མྱ་ངན་འདས་པ་བདེན་གཅིག་པུར། །སངས་རྒྱས་རྣམས་ཀྱིས་གང་བསྟན་པ། །དེ་ཚེ་ལྷག་མ་ལོག་པ་ཞེས། །མཁས་པ་སུ་ཞིག་རྟོགས་མི་བྱེད། ཞེས་གསུངས། དབུ་མ་རྩ་ཤེས་ལས། སྟོང་པ་ཉིད་ན་བལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་། །རིགས་སྔགས་ལོགས་པར་སྒྲུབ་པ་བཞིན། །དེ་ཕྱིར་ཞེན་པས་ཆོས་འདི་ཡི། །གཏིང་རྟོགས་དཀའ་བར་མཁྱེན་གྱུར་ནས། །ཐུབ་པའི་ཐུགས་ནི་ཆོས་བསྟན་ལས། །རབ་ཏུ་ལོག་པར་གྱུར་པ་ཡིན། ༈། བལྟའ་འདོད་མདོར་བསྟན་ལས། ཕུང་པོ་རྣམ་དཔྱད་སྟོང་ཉིད་ནི། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །དེ་དག་ཡོངས་གྲུབ་བདེ་གཤེགས་སྙིང་པོ་མེད་པར་ལྟ་བའི་སྐྱོན་གསུངས་ཏེ་ཡོད་པར་བསྟན་པའོ། ༈། སེམས་ཅན་རྣམས་ཀྱིས་ནི། ཡོངས་གྲུབ་ཡོད་པ་།
(༣༨༨)དེ་མ་མཐོད་ཀུན་བཏགས་གཞན་དབང་མེད་པ་དེ་ཡོད་པར་མཐོང་ནས་ཕྱིན་ཅི་ལོག་ཏུ་གྱུར་ཏེ། མདོ་སྡེ་རྒྱན་ལས། གང་ཞིག་ཡོད་པ་མ་མཐོང་མེད་པ་མཐོང་། འདི་འདྲའི་མུན་ནག་རྣམས་ནི་འདི་གང་ཞིག། ཅེས་གསུངས། ༈། དེས་ན་ཁམས་བདེ་གཤེགས་སྙིང་པོ་ནི། འགྱུར་བ་མེད་པར་བཞུགས་པ་སྟེ། འཕགས་མཆོག་ཀླུ་སྒྲུབ་ཀྱིས་ཆོས་དབྱིངས་བསྟོད་པ་ལས། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་བ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱིས་དབྱིངས་ལ་ཕྱག་འཚལ་ལོ། །གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱངས་བར་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཇི་ལྟར་འོ་མ་དང་འདྲེས་པས། །མར་གྱི་སྙིང་པོ་མི་སྣང་བ། །དེ་བཞིན་ཉོན་མོངས་དང་འདྲེས་པས། །ཆོས་ཀྱི་དབྱིངས་ཀྱང་མི་སྣང་ངོ། །ཇི་ལྟར་འོ་མ་རྣམས་སྦྱངས་པས། །མར་གྱི་སྙིང་པོ་དྲི་མེད་འགྱུར། །དེ་བཞིན་ཉོན་མོངས་རྣམས་སྦྱངས་པས། །ཆོས་དབྱིངས་ཤིན་ཏུ་དྲི་མེད་འགྱུར། །ཇི་ལྟར་མར་མེ་བུམ་ནང་ན། །ཅུང་ཞིག་སྣང་བར་མི་འགྱུར། །དེ་བཞིན་ཉོན་མོངས་བུམ་ནང་ན། །ཆོས་ཀྱི་དབྱིངས་ཀྱང་
(༣༨༩)མཐོང་མི་འགྱུར། །ཕྱོགས་ནི་གང་དང་གང་ནས་གནས། །བུམ་པར་བུ་ག་བསྟོད་གྱུར་པའི། །དེ་དང་དེའི་ཕྱོགས་ཉིད་ནས། །བོད་ཀྱི་རང་བཞིན་འབྱུང་བར་འགྱུར། །གང་ཚེ་རྡོ་རྗེ་ལྟ་བུ་ཡིས། །བུམ་པ་དེ་ཉིད་བཅག་གྱུར་པ། །དེ་ཚེ་དེ་ནི་ནམ་མཁའ་ཡི། །མཐར་ཐུག་བར་དུ་སྣང་བར་འགྱུར། ༈། ཆོས་ཀྱི་དབྱིངས་ནི་སྐྱེ་མ་ཡིན། །ནམ་ཡང་འགག་པར་འགྱུར་བ་མེད། །དུས་རྣམས་རྟག་ཏུ་ཉོན་མོངས་མེད། །ཐོག་མ་བར་མཐའ་དྲི་མ་བྲལ། ༈། ཇི་ལྟར་རིན་ཆེན་བཻ་ཌཱུརྻ། དུས་རྣམས་ཀུན་ཏུ་འོད་གསལ་ཡང་། །རྡོ་བའི་ནང་དུ་གནས་གྱུར་ན། །དེ་ཡི་འོད་ནི་གསལ་མ་ཡིན། །དེ་བཞིན་ཉོན་མོངས་ཀྱིས་སྒྲིབ་པའི། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པའང་། །འཁོར་བར་འོད་ནི་གསལ་མ་ཡིན། །མྱ་ངན་འདས་ན་འོད་གསལ་འགྱུར། ༈། ཁམས་ཡོད་པར་ནི་ལས་བྱས་པས། །ས་ལེ་སྒྲམ་དག་མཐོང་བར་འགྱུར། །ཁམས་མེད་པར་ནི་ལས་བྱས་ཀྱང་། །ཉོན་མོངས་འབའ་ཞིག་སྐྱེ་བར་ཟད། ༈། ཇི་ལྟར་སྦུན་མས་གཡོག་གྱུར་པས། །སོ་བ་འབྲས་བུ་འདིར་འདོད་ལྟར། །དེ་བཞིན་ཉོན་མོངས་ཀྱིས་གཡོགས་པས། །དེ་ནི་སངས་རྒྱས་ཞེས་མི་བརྟགས། །ཇི་ལྟར་སྦུན་མ་ལས་
(༣༩༠)གྲོལ་ནས། །འབྲས་ཉིད་སྣང་བར་གྱུར་པ་ལྟར། །དེ་བཞིན་ཉོན་མོངས་ལས་གྲོལ་ན། །ཆོས་ཀྱི་སྐུ་ཉིད་རབ་ཏུ་གསལ། །ཅེས་དང་། ཐོག་མ་བར་དུ་མཐའ་དགེ་བ། །བསླུ་བ་མེད་ཅིང་བསྟན་པ་ཡི། །གང་ཞིག་དེ་ལྟར་བདག་མེད་ལ། །ཇི་ལྟར་བདག་དང་བདག་གིར་བརྟགས། ༈། ཇི་ལྟར་སོས་ཀའི་དུས་སུ་ཆུ། །དྲོ་བོ་ཞེས་ནི་བརྗོད་པར་བྱེད། །དེ་ཉིད་གྲང་བའི་དུས་སུ་ནི། །གྲང་ངོ་ཞེས་ནི་བརྗོད་པ་ཡིན། །ཉོན་མོངས་དྲ་བས་གཡོག་པ་ན། །སེམས་ཅན་ཞེས་བརྗོད་བྱ་བ་ཡིན། །དེ་ཉིད་ཉོན་མོངས་བྲལ་གྱུར་ན། །སངས་རྒྱས་ཞེས་ནི་བརྗོད་པར་བྱ། །ཞེས་གསུངས་པས། ཀླུ་སྒྲུབ་ཀྱིས་འཁོར་ལོ་ཐ་མའི་མདོ་ལས། ཁམས་བདེ་བར་གཤེགས་སྙིང་པོ་གཞི་ལམ་འབྲས་གསུམ་དུ་འགྱུར་བ་མེད་པར། བཞུགས་པ་རྒྱ་ཆེར་གསུངས་རྣམས་དྲང་དོན་ཙམ་ལས་ངེས་དོན་མཐར་ཐུག་ཏུ་མི་བཞེད་དོ། །ཞེས་སེམས་པར་མི་བྱའོ། །གཞན་ཡང་། འཕགས་པ་སྡུད་པ་ལས་ཀྱང་། ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། །ཞེས་གསུངས་སོ། ༈། གལ་ཏེ་བདེ་གཤེགས་སྙིང་པོ་སེམས་ཅན་ལ་མེད་ན། ཆོས་དང་ཆོས་ཉིད་རྣམ་འབྱེད་ལས། གནས་ཡོངས་སུ་གྱུར་པ་མེད་པའི་ཉེས་དམིགས་བཞི་གསུངས་ཏེ། ཉོན་མོངས་པ་
(༣༩༡)མི་འཇུག་པའི་རྟེན་མེད་པའི་ཉེས་པ་དང་། ༡ལམ་འཇུག་པའི་རྟེན་མེད་པའི་ཉེས་པ་དང་། ༢མྱ་ངན་ལས་འདས་པའི་གང་ཟག་གདགས་པ་གཞི་མེད་པའི་ཉེས་པ་དང་། ༣བྱང་ཆུབ་གསུམ་གྱི་ཁྱད་པར་གདགས་པའི་གཞི་མེད་པའི་ཉེས་པ་དང་བཞི་པའོ། །ཞེས་གསུངས་པ། དང་པོ་ནི། གལ་ཏེ་གནས་ཡོང་སུ་གྱུར་པའི།། །ཆོས་སྐུ་རྟག་པ་མེད་ན། རྟེན་ཀུན་གཞིའི་རྣམ་ཤེས་ལ་ནི་ཉོན་མོངས་འཇུག་པ་ཁོ་ན་ཡིན་ཏེ། ཡང་དག་མིན་རྟོག་ཐམས་ཅད་བསགས་པའི་འབྲུས་ཡིན་པ་དང་། དེས་ཀྱང་རྣམ་ཤེས་བསྐྱེད་ཕྱིར་རོ། །རྟེན་ཆོས་སྐུ་ལ་བརྟེན་པའི་ཟག་མེད་ཀྱི་ཡེ་ཤེས་སྐྱེ་བ་ཡོད་ན་ཉོན་མོངས་མི་འཇུག་སྟེ། དེའི་གཉེན་པོ་འབར་ཕྱིར་རོ། །དཔེར་ན་ཉི་མ་ལ་མུན་པ་མི་འབྱུང་བའི་ཕྱིར་རོ། ༈། གཉིས་པ་ནི། ཟག་མེད་ཀྱི་ལམ་ལྔ་རིམ་བསྐྱེད་དགོས་ན། བསྒྲུབ་པ་དོན་དམ་ལ་བརྟན་པ་ཐོབ་པར་མངོན་གསུམ་བྱ་ཕྱིར། རྟེན་རྣམ་པར་མི་རྟོག་པའི་ཡེ་ཤེས་འགྱུར་མེད་ཡོངས་གྲུབ་ལ་བརྟན་ཏེ། དེའི་རྒྱུ་མཐུན་ཕྱིན་ཅི་མ་ལོག་པའི་ཐོས་བསམ་བསྒོམ་པ་ནི་གོང་ནས་གོང་དུ་རྣམ་པར་དག་པའི་འབྲུས་བསྐྱེད་པ་ཡིན་གྱི། མ་དག་པའི་རྟེན་ལས་དག་པའི་འབྲུས་འབྱུང་བ་ནི་མི་རིགས་སྟེ། ཟག་པ་ལས་ཟག་མེད་འབྱུང་བ་མི་
(༣༩༢)འཐད་དེ་མུན་པ་ལས་སྣང་བ་མི་འབྱུང་བ་བཞིན་ནོ། ༈། གསུམ་པ་ནི་ཟག་བཅས་ཁམས་ཀྱི་འཁོར་བ་འདུ་བྱེད་མ་རིག་པས་བསྐྱེད་པའི་རྒྱུའི་ལས་ཀྱིས་སྲེད་ལེན་ལ་བརྟན་པའི་སྲིད་གསུམ་འགྲུབ་བཞིན་ནོ། །མྱང་འདས་རྣམ་དཀར་ཟག་མེད་ལམ་ལ་བརྟེན་ནས་རྣམ་གྲོལ་ལུས་དགྲ་བཅོམ་དང་། རང་སངས་རྒྱས་དང་། བྱང་སེམས་རྣམས་དག་གསུམ་ཡོད་ཅིང་། མཐར་ཕྱིན་པའི་རྫོགས་པའི་བྱང་ཆུབ་ཆེན་པོ་ཡང་ཡོད་དགོས་སོ། །གལ་ཏེ་འཁོར་འདས་གཉིས་རྟེན་གཅིག་ན། མི་མཐུན་པའི་སྤང་བ་ཉིན།། །གཅིག་ཏུ་འགལ་བ་དང་། སེམས་འགགས་ན་འཁྲུལ་པ་འགགས་པས་ཡེ་ཤེས་ཀྱི་ཡོངས་གྲུབ་ཀྱང་འགགས་པར་འགྱུར་བ་དང་། དེ་ལྟར་ཡོངས་གྲུབ་འགགས་ན་འདུག་བྱས་སུ་འགྱུར་བས། འདུས་མ་བྱས་པའི་ཆོས་ཉིད་དང་། ཆོས་སྐུ་རྟེན་མེད་པར་འགྱུར་ཏེ། དེ་ལྟར་ན་ནི། གཟེག་གཟན་གྱི་ལྟ་བར་འགྱུར་ཏེ། རྣམ་དཀར་གྱི་དམ་ཆོས་དོན་མེད་འགྱུར་བས་འཕགས་བཞི་མེད་པར་ལྟར་མི་རུང་། དེས་ན་མྱང་འདས་ཀྱི་གང་ཟག་གདགས་པ་འཐད་པ་ཡིན་ནོ། ༈། བཞི་པ་ནི། བྱང་ཆུབ་གསུམ་ནི། རྟེན་ཆོས་དབྱིངས་དེ་ལ་བརྟེན་ནས་རྣམ་གྲོལ་གསུམ་གྱི་ཁྱད་པར་ཏེ། ཉན་ཐོས་རྣམ་ནི་གང་
(༣༩༣)ཟག་ལ་བདག་ཏུ་འཛིན་པའི་ཉོན་སྒྲིབ་རྟེན་དང་བཅས་པ་སྤངས་པས་རྣམ་པར་གྲོལ་བ་ཡིན་ལ། རང་སངས་རྒྱས་ནི། དེ་སྟེང་ཆོས་ཀྱི་གཟུང་རྟོག་སྤང་བའི་རྣམ་གྲོལ་ཙམ་དང་ལྡན་ཏེ། འདུས་མ་བྱས་པའི་ཟག་མེད་ཀྱི་ཆོས་ལ་བརྟེན་པའི་ནམ་མཁའ་མཛོད་ལ་སོགས་པའི་ཏིང་འཛིན་ལ་ཅུང་ཟད་དབང་འབྱོར་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི། ཆོས་དང་གང་ཟག་གི་བདག་མཐའ་དག་མཐོང་ལམ་ནས་མེད་པར་རྟོགས་ནས། དེའི་དྲི་མ་དྲུང་ནས་དབྱུང་ཕྱིར་བསྒོམ་པ་ལ་བརྟེན་ནས། མ་རིག་བག་ཆགས་ཀྱི་ས་ལས་རྣམ་པར་གྲོལ་བས་སངས་རྒྱས་སུ་གྱུར་པའི་ཕྱིར། རྟེན་ཆོས་སྐུ་ལ་བརྟེན་པ་རྣམ་གྲོལ་གྱི་ཁྱད་པར་གསུམ་དུ་གདགས་རུང་བས། ཉོན་མོངས་སྤོང་བའི་བྱང་ཆུབ་དང་། །གཟུང་བ་སྤང་བའི་བྱང་ཆུབ་དང་། མཐར་ཕྱིན་པའི་བྱང་ཆུབ་གསུམ་གདགས་སུ་རུང་བ་ཡིན་ལ། འདི་ལྟར་གྱུར་པ་མེད་ན་ཐུན་མོངས་མ་ཡིན་པའི་ཀུན་གཞིའི་རྣམ་ཤེས་རྐྱང་པ་ལོག་པ་ལ་ཡང་ཁྱད་པར་མེད་པས་གསུམ་མི་རུང་བ་དང་། དེ་ཉིད་བྱང་ཆུབ་ཀྱི་རྟེན་ཡིན་ན་ནི་རྟེན་པའི་གནས་འགྱུར་རྣམ་པ་ཐམས་ཅད་དུ་འཐད་པ་མ་ཡིན་ཏེ། རྒྱུ་འབྲས་དང་། སྤང་གཉེན་ཕྱིན་ཅི་ལོག་ཏུ་འགྱུར་བའི་ཕྱིར་རོ། ༈། གནས་
(༣༩༤)ཡོངས་སུ་གྱུར་པ་ཡོད་ན། དེས་བཟློག་པའི་ཕན་ཡོན་རྣམ་པ་བཞི་ཉིད་ཡིན་པར་རིག་པར་བྱའོ། །ཞེས་གསུངས་ཏེ། རྟེན་ཆོས་སྐུ་ལ་བརྟེན་པ་དཀར་པོའི་ཆོས་འཕེལ་ཞིང་རྒྱས་ན་ཉོན་སྒྲིབ་མི་འབྱུང་བ་དང་། ༡། ལམ་བདེན་ཟག་མེད་ཀྱི་ཆོས་དེ་ཆོས་སྐུའི་རྒྱུར་འཐད་པའི་དང་། ༢སྒྲིབ་པ་གློ་བུར་བར་མཐོང་བས་གང་གང་སྤངས་པ་དེའི་འབྲུས་འགྲུབ་པ་ཡོད་པས་མྱ་ངན་ལས་འདས་པའི་མཐར་ཐུག་གཅིག་ཀྱང་གནས་སྐབས་གང་ཟག་གསུམ་གྱི་རྣམ་གྲོལ་འཐད་པའི་དང་། ༣དེས་བྱང་ཆུབ་གསུམ་ཡང་འཐད་པས་ཐེག་གསུམ་འགལ་མེད་ཀྱི་ཕན་ཡོན་བཅས་བཞི་པོ་དེ། ཆོས་སྐུ་རྟག་པ་བདེ་གཤེགས་སྙིང་པོ་མེད་ན་མི་འབྱུང་བ། གནས་འགྱུར་ཡོད་པའི་ཕན་དུ་རིགས་པར་བྱའོ། །གཞན་ཡང་། ཡོངས་གྲུབ་འགྱུར་མེད་ཀྱི་ལུང་ཚིག་འཁོར་ལོ་ཐ་མའི་མདོ་རྣམས་དང་། དེའི་དགོངས་འགྲེལ་རྒྱུད་བླ་མ་སོགས་ལས་ཤིན་ཏུ་གསལ་བར་རྒྱ་ཆེར་འབྱུང་བ་དག་ནི་དེར་བལྟའ་བར་གྱིས། ༈། དེ་ལྟར་སེམས་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པར་མ་ཟད། སེམས་ཅན་རྣམས་ཀྱི་ལུས་ཀྱང་སངས་རྒྱས་ཀྱི་གཟུགས་སྐུའི་ཡོན་ཏན་ཐམས་ཅད་དང་ལྡན་པ་ཡིན་ཏེ། ཆོས་དབྱིངས་བསྟོད་པ་ལས། ཤེས་དང་མི་ཤེས་པ་དག་ལས། །ལུས་འདི་ཉིད་ལ་ཐམས་ཅད་དེ། །རང་གི་རྣམ་པར་རྟོག་
(༣༩༥)པས་བཅིངས། །བདག་ཉིད་ཤེས་ན་གྲོལ་བར་འགྱུར། །རྒྱས་པར་ནི་ཐེག་བསྡུས་ལས། གནས་ཡོངས་འགྱུར་རྣམས་ཀྱི་ནང་ནས་ཀྱང་། གཟུགས་ཀྱི་ཕུང་པོ་གནས་གྱུར་པའི་ཕྱིར། མཚན་དང་དཔེ་བྱད་དང་ཞིང་རྣམ་པར་དག་པ་ལ་དབང་འབྱོར་འགྱུར་རོ། །ཞེས་གསུངས། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་བདེ་གཤེགས་སྙིང་པོ་ཅན། །ཞེས་གསུངས་པ་ནི། ལུས་ཅན་ཀུན་གྱི་ལུས་འདི་དྲི་མ་དང་བཅས་པའི་ཚེ་ན་དྲི་མ་དང་བཅས་པའི་སྐུ་འཕྲོ་ལ། དྲི་མ་མེད་པ་ན་གཟུགས་སྐུ་འཕྲོ་བ་སྟེ། ལམ་ལ་ཡང་གོ་རིམ་ལྟར། ས་དང་པོ་ན་གསེར་གྱི་འཁོར་ལོ་སྒྱུར་བ་ནས། ས་བཅུ་པ་ལ་འོག་མིན་གྱི་ལྷའི་བུ་དབང་ཕྱུག་ཆེན་པོའི་ལུས་ལྟ་བུའི་བར་གྱི་ཁྱད་པར་བསྟན་པ་ཡིན་ནོ། །ཞེས་རང་བྱུང་རྒྱལ་བས་འགྲེལ་པར་སྣང་ངོ། ༈། གཞན་ཡང་། རང་བྱུང་རྡོ་རྗེའི་སྙིང་པོ་བསྟན་པ་ལས་ཀྱང་། དེ་ལ་གཟུགས་སྐུ་གཉིས་རང་བཞིན། །སུམ་ཅུ་རྩ་གཉིས་མཚན་དཔེ་བྱད། །ཐོབ་པའི་ཡོན་ཏན་རང་ལུས་ཏེ། །ལུས་དེ་བདག་དང་ཕྱྭ་དབང་ཕྱུག། ཚངས་དང་
(༣༩༦)ཕྱི་རོལ་བདེན་པའི་རྡུལ། །ཕག་ན་མོ་ཡིས་བྱས་པ་མེད། །སྒོ་ལྔ་གཟུགས་དང་འཛིན་པ་ཡི། །རྣམ་འགྱུར་མ་དག་དེ་སྦྱངས་པས། །དེ་ཚེ་ཐོབ་པར་ཐ་སྙད་བྱས། ༈། དེ་ནས་རྩ་རླུང་ཐིག་ལེ་རྣམས། །དག་པ་དག་པའི་གཟུངས་སྐུ་སྟེ། །མ་སྦྱངས་མ་དག་གཟུགས་སྐུའོ། །དཔེར་ན་ཤུན་བཅས་བཻ་ཌཱུརྻ། །དེ་ལ་ཡོན་ཏན་མི་སྣང་དང་། །རེ་བ་ཚའི་ཆུས་སྦྱངས་དང་། །སྐྱུར་པོ་ལ་བས་སྦྱངས་པ་དང་། །ཆུ་གཙང་།། །ཤི་ཀས་སྦྱངས་ནས། དག་དེ་ནོར་བུ་དགོས་འདོད་འབྱུང་། ༈། དེ་བཞིན་སེམས་ཀྱི་བཻ་ཌཱུརྻ། །ཉོན་མོངས་ཤེས་བྱ་སྙོམས་འཇུག་གི། །ཤུན་པ་གསུམ་པོ་སྦྱངས་པའི་ཕྱིར། །ཚོགས་སྦྱོར་མ་དག་ས་བདུན་དང་། །དག་པའི་ས་གསུམ་ལས་རབ་སྦྱངས། ༈། ཡང་དག་མ་ཡིན་ཀུན་རྟོག་དེ། །དག་པའི་ཀུན་རྟོག་དང་སྤྲད་པས། །ཤིང་གཉིས་ཚིག་བཞིན་ཀུན་རྟོག་བྲལ། །སྤང་གཉེན་དེ་བཞིན་ཉིད་རྟོག་དང་། །འབྲས་བུའི་མཚན་འཛིན་བཞི་བྲལ་བ། །དེ་ཚེ་ནམ་ནམ་མཁའི་སྐུ་ཅན་ལ། །མཚན་གྱི་མེ་ཏོག་རྒྱས་པར་འགྱུར། ༈། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པའི་གནས་སྐབས་གསུམ། །བརྗོད་ཀྱང་
(༣༩༧)སངས་རྒྱས་གསར་སྐྱེས་མིན། །ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །མི་འགྱུར་སངས་རྒྱས་སྙིང་པོ་ཡིན། །འགྱུར་བ་དྲི་བྲལ་དེ་ལ་བརྗོད། །ཞེས་གསུངས་སོ། །གཞན་ཡང་། གཞན་གྱི་ལོག་རྟོག་ལྟ་ངན་རྣམས་ལ་བརྒལ་ལན་གྱི་སྒོ་ནས་རང་བཞེད་ཡང་དག་པའི་ལྟ་བ་གཏན་ལ་ཕབ་པའང་། གང་དག་ལྟ་ངན་ཞུགས་པ་རྣམས། །ཞེས་ལྟ་བ་ངན་པ་ལས། རྟགས་ལྟ་མུ་སྟེགས་དང་མཚུངས་པས། །སངས་རྒྱས་ཡོན་ཏན་རྒྱུ་མེད་དང་། ༈། སེམས་ཅན་སངས་རྒྱས་ཡིན་པས་སྦྱིན་སོགས་མི་དགོས་སྙོམས་པ་དགག་པ་ནི། ཆད་ལྟ་སངས་རྒྱས་ཀྱི་སྙིང་པོ་མེད་པར་འདོད་པ། ཡང་ན་རང་མིན་ཕྱི་རོལ་གྱིས། །རྒྱུ་རྐྱེན་གྱིས་བསྐྱེད་རྟོག་པ་ནི། །ཕྱི་རོལ་རྟག་ཆད་ཁྱད་ཅིང་ཡོད། ༈། སངས་རྒྱས་ཀྱིས་གཞན་དོན་འབད་རྩོལ་མེད་པར་མཛད་པ་མི་འདོད་པའི་ལྟ་ངན་དགག་པ་ནི། འདུ་བྱེད་སྐད་ཅིག་སྐྱེ་འགག་སྣང་། །མ་དག་འདུ་བྱེད་དག་དང་མཚུངས། །གལ་ཏེ་དེ་ལྟར་མ་ཡིན་ན། །གཟུགས་སྐུའི་ཕྲིན་ལས་རྒྱུན་ཆད་འགྱུར། །འོན་ཀྱང་འདུ་བྱེད་མིང་མི་བརྗོད། །སོ་སོར་རྟོགས་པའི་ཡེ་ཤེས་ཀྱི། ༈། སངས་རྒྱས་སྤྲུལ་སྐུ་དེ་སངས་རྒྱས་དངོས་མིན་པར་འདོད་པའི་ལྟ་ངན་འགོག་པ་ནི། འབྱུང་བ་ཆེན་
(༣༩༨)སོགས་རང་བཞིན་གང་། །འཛིན་བཅས་ངོ་བོ་ནུས་ལྡན་སྟོན། །འཁྲུལ་དང་མ་འཁྲུལ་གཉིས་པོ་ཡང་། །སྣང་བར་ཁྱད་པར་ཅི་ཡང་མེད། ༈། གཉིས་ཡོད་མེད་ཁྱད་པར་ཡིན། ༈གལ་ཏེ་དེ་ལྟར་མ་ཡིན་ན། །རྒྱལ་བའི་ཕྲིན་ལས་ཇི་ལྟར་འཇུག༈། སངས་རྒྱས་ཀྱི་ཕྲིན་ལས་སངས་རྒྱས་དངོས་ལ་མེད་པ་གཞན་གདུལ་བྱའི་འདོད་བློ་ཡོད་མེད་ལ་ལྟོས་པར་འདོད་པའི་ལྟ་ངན་དགག་པ་ནི། ཡིད་བཞིན་ནོར་སོགས་དཔེར་བརྗོད་པ། །རྟོག་པ་མེད་པའི་ནུས་སྟོན་པ། །བཤད་ཀྱིས་གཞན་རྒྱུད་ཁོ་ན་མིན། །ཡིན་ན་གཞན་རྒྱུད་ཡེ་ཤེས་འགྱུར། །འདོད་ན་སངས་རྒྱས་འཁྲུལ་པར་འགྱུར། ༈། གཟུགས་སྐུ་གཉིས་ཡེ་ཤེས་ཀྱི་རང་སྣང་དུ་འདོད་ན་འཛིན་པ་ཅན་དུ་འགྱུར་སྙམ་པའི་ལྟ་ངན་དགག་པ་ནི། གལ་ཏེ་རང་སྣང་འཛིན་ཡིན་ཞེས། འདོད་ན་མེ་མོང་སྣང་བ་ཡང་། འཛིན་པའི་རྣམ་རྟོག་ཅན་དུ་འགྱུར། ༈། འཁྲུལ་པའི་སེམས་ཅན་འདི་རྣམས་སངས་རྒྱས་ཀྱིས་མི་གཟིགས་ཟེར་བའི་ལྟ་ངན་འགོག་པ་ནི། སེམས་ཅན་འཁྲུལ་པ་ཇི་སྙེད་པ། །ཡེ་ཤེས་ཡུལ་དུ་སྣང་གྱུར་ཀྱང་། །ཡེ་ཤེས་འཁྲུལ་པས་གོས་པ་མིན། །དཔེར་ན་མཁའ་ལ་འབྱུང་ཆེན་རྣམས། །སྐྱེ་འགག་སྣང་ཡང་ནམ་མཁའ་ལ། །གོས་
(༣༩༩)མིན་སྐྱེ་དང་འགགས་པ་མེད། ༈། སེམས་ཅན་ལ་སངས་རྒྱས་ཀྱི་ཡེ་ཤེས་རྣམས་མི་བཞུགས་སྙམས་པའི་ལྟ་ངན་དགག་པ་ནི། རྒྱལ་བའི་ཡེ་ཤེས་སེམས་ཅན་ལ། །ཞུགས་ཀྱང་དེ་བཞིན་གོས་པ་མེད། །འདི་ལ་འཁྲུལ་པའི་མིང་མི་བརྗོད། །བྱ་བ་གྲུབ་པ་ཞེས་སུ་བརྗོད། ༈། ཞི་བ་སྤྲོས་བྲལ་ལ་སྐུ་དང་ཞིང་ཁམས་མཛད་པ་སོགས་མེད། གལ་ཏེ་ཡོད་ན་སྤྲོས་པ་འདུས་བྱས་སོ། །སྙམ་པའི་ལྟ་ངན་ལ་བརྒལ་བ་ནི། སྒྲིབ་གསུམ་དག་པར་གནས་པའི་ཡིད། །མཉམ་པ་ཉིད་དེ་ཞི་བའང་ཞི། །བྱམས་དང་ཐུགས་རྗེ་ཆེན་ལྡན་པས། །ལོངས་སྤྱོད་རྫོགས་སོགས་དེ་ལ་སྣང་། །ལ་ལ་སངས་རྒྱས་ཐོབ་པའི་ཚེ། །ཐེག་དམན་དང་མཚུངས་དགག་ཕྱིར་བརྗོད། ༈། སངས་རྒྱས་ཀྱི་ཡེ་ཤེས་གཞི་ལམ་འབྲས་གསུམ་གར་རྒྱུན་ཆད་མེད་པར་ཡོད་པ་མི་འཐད་སྙམས་པའི་ལྟ་ངན་བསལ་བ་ནི། ཡེ་ཤེས་རྟག་པ་གསུམ་ཡིན་ཏེ། རང་བཞིན་རྟག་པ་ཆོས་ཀྱི་དབྱིངས། །རྒྱུན་གྱི་རྟགས་པ་ལོང་སྤྱོད་རྫོགས། །རྒྱུན་མི་འཆད་པ་སྤྲུལ་སྐུ་ཡིན། ༈། མི་རྟག་པ་གསུམ་ནི། དེ་ལ་མི་རྟགས་གསུམ་ཡོད་དེ། །བློས་བྱས་སྟོང་པ་རྟག་པ་མིན། །གཡོ་བའི་རྟོག་ཡི་
(༤༠༠)རྟག་པ་མིན། །ཚོགས་དྲུག་འདུས་བྱས་རྟག་པ་མིན། ༈། རྟག་མི་རྟག་གི་དབྱེ་བ་ནི། །འོན་ཀྱང་དེ་ལ་རྟག་གསུམ་ཡོད། །མི་རྟག་གསུམ་པོ་དྲི་མ་སྟེ། །རྟག་པ་གསུམ་པོ་ཡེ་ཤེས་ཉིད། ༈། སངས་རྒྱས་རྟག་པ་ཡིན་ན་མུ་སྟེགས་རྟག་ལྟ་བའི་ལྟ་བ་དང་འདྲའོ་སྙམས་པའི་ལྟ་ངན་བསལ་བ། མུ་སྟེགས་བདག་དང་མཚུངས་མིན་ཏེ། ཡིད་ཀྱིས་བརྟགས་དང་མ་བརྟགས་ཕྱིར། ༈སངས་རྒྱས་དེ་ཞི་བ་ཕྱོགས་གཅིག་འདོད་པའི་ལྟ་ངན་བསལ་བ་ནི། ཉན་རང་ཞི་དང་མཚུངས་མིན་ཏེ། །གཟུགས་སྐུའི་ཡོན་ཏན་ཀུན་སྟོན་ཕྱིར། ༈། གཟུགས་སྐུ་སངས་རྒྱས་ཡིན་ན་སེམས་ཅན་གྱི་ལུས་དང་འདྲ། ཟག་བཅས་འདུས་བྱས་པོ་སྙམས་པའི་ལྟ་ངན་བསལ་བ་ནི། སེམས་ཅན་ལུས་དང་མཚུངས་ཡིན་ཏེ། ཟག་བཅས་རྐྱེན་གྱིས་མ་སྐྱེན་ཕྱིར། ༈། སྔར་སངས་རྒྱས་དྲི་བཅས་སུ་ཡོད་པ་དྲི་མ་བསལ་ཡང་སླར་དྲི་བཅས་སུ་འགྱུར་སྲིད་སྙམས་པའི་ལྟ་ངན་འགོག་པ་ནི། ཕྱིར་ལ་ལྡོག་པར་མི་འགྱུར་ཏེ། ཡིན་ལ་ཡིན་བཞིན་མངོན་འགྱུར་ཕྱིར། ༈། སླར་དྲི་མ་ལྡང་བ་སྲིད་སྙམས་ན་མི་སྲིད་པ་ནི། དྲི་མ་ལྡང་བ་གཏན་མེད་དེ། །ཐ་དད་ཀུན་རྟོག་བྲལ་བའི་ཕྱིར། ༈། དོན་བསྡུ་བ་ནི། དེ་
(༤༠༡)ཕྱིར་སེམས་ཉིད་སངས་རྒྱས་འདི། །ད་ལྟ་ཡོད་ཀྱང་ངོ་མ་ཤེས། ༈། སངས་རྒྱས་པའི་ཚེ་སེམས་རྣམ་ཤེས་ཚོགས་བརྒྱད་ཡོད་པ་དང་ཡེ་ཤེས་ལྔ་མེད་པར་འདོད་ན་ནི་མི་འཐད་པའི་དཔེ་ནི། གང་ཚེ་རྟོགས་པ་དེའི་ཚེ། །ཇི་ལྟར་ལྕགས་ལ་ཚ་བ་དང་། །མིག་ལ་རབ་རིབ་ཞི་བ་ལྟར། །སངས་རྒྱས་སེམས་དང་ཡེ་ཤེས་ལ། །ཡོད་དང་མེད་པར་མི་བཞེད་དོ། ༈། ཆོས་དབྱིངས་རྒྱལ་བའི་སྙིང་པོ་དེ་བློ་ཡི་ཡུལ་མིན་པའི་དོན། ཀླུ་སྒྲུབ་ཀྱི་ཐེག་པ་ཉི་ཤུ་པའི་ལུང་ནི། དམ་པའི་དོན་དུ་སྐྱེ་མེད་ཕྱིར། །དེ་བཞིན་ཉིད་དུ་གྲོལ་བའང་མེད། །མཁའ་བཞིན་སེམས་ཅན་དེ་བཞིན་ཏེ། །སེམས་ཅན་དང་ནི་མཚན་ཉིད་གཅིག། ཚུལ་རོལ་ཕ་རོལ་སྐྱེ་མེད་པས། །རང་བཞིན་མྱ་ངན་འདས་པའང་མེད། །དེ་ཕྱིར་འདུས་བྱས་མངོན་པར་སྟོང་། །ཀུན་མཁྱེན་ཡེ་ཤེས་སྤྱོད་ཡུལ་ཡིན། ༈། རྒྱུད་བླ་མ་ལས། ཕྲ་ཕྱིར་ཐོས་པའི་ཡུལ་མ་ཡིན། །དོན་དམ་ཡིན་ཕྱིར་བསམ་པའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །བསྒོམ་པ་ལ་སོགས་ཡུལ་མ་ཡིན། །འོ་གཏན་ནས་རྟོགས་བྱ་མ་ཡིན་ནམ་ཞེ་ན་ཡིན་ཏེ། རང་རིག་ཡེ་ཤེས་སྤྱོད་ཡུལ་ཏེ། །རང་བྱུང་དད་པས་དོན་དམ་བསྐྱེད། །
(༤༠༢)ཀྱེ་མ་ཚུལ་འདི་མ་རྟོག་པས། །བྱིས་རྣམས་འཁོར་བའི་རྒྱ་མཚོར་འཁོར། །ཅེས་གསུངས་པ་ལྟར་ཤེས་པར་བྱའོ། ༈། རྣམ་པར་ཤེས་པ་བརྒྱད་དང་ནི། །ཞེས་གསུངས་པའི་ངོས་བཟུང་སྔར་བཤད་ཟིན་ཏོ། ༈། བདེན་པ་གཉིས་ཀྱང་སྔོན་དུ་བཤད་ཀྱང་། གཞན་རྟོགས་ལུགས་ལ། ཀུན་བཏགས་དང་གཞན་དབང་གཉིས་ནི་ཀུན་རྫོབ་བདེན་པ། ཡོངས་གྲུབ་དོན་དམ་བདེན་པའོ། །ཞེས་བཞེད་པ་པའང་ཡོད་མོད། འདིར་ནི་བླ་མེད་རྒྱུད་ཀྱི་བདེན་གཉིས་རྣམ་བཞག་དང་མཐུན་པར་ཡེ་ཤེས་རྡོ་རྗེའི་རྒྱུད་ཀྱི་ལུང་དོན་བསྡུས་ཏེ། ཟབ་མོ་ནང་དོན་ལས། ཀུན་རྫོབ་གཉིས་སུ་སྣང་བ་སྟེ། །བདེན་པ་ཆུ་ཟླ་ལྟ་བུའོ། །ཞེས། དོན་དམ་སྟོང་ཉིད་བཅོ་བརྒྱད་དེ། །བདེན་པ་གཉིས་མེད་ཡེ་ཤེས་སོ། །ཞེས་ཀུན་རྫོབ་དང་ཀུན་རྫོབ་ཀྱི་བདེན་པ། དོན་དམ་དང་དེའི་བདེན་པ་གསུངས་པ་ལས། ཀུན་རྫོབ་ནི། སེམས་ཅན་ཐམས་ཅད་ཀྱི་འཁྲུལ་སྣང་གཉིས་འཛིན་ཐམས་ཅད་དོ། །དེའི་བདེན་པ་ནི་འཕགས་པ་རྣམས་ཀྱི་མེད་བཞིན་སྣང་བ་ཆུ་ཟླར་ལྟར་གཟིགས་པའོ། །དོན་དམ་ནི། སྟོང་ཉིད་བཅོ་བརྒྱད་དེ་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ཉིད་ཕྱི་སྟོང་པ་ཉིད་སོགས་གསུངས་པ་རྣམས་སོ། །བདེན་པ་ནི་གཉིས་
(༤༠༣)མེད་བསམ་བརྗོད་བློ་འདས་ལས་འདས་པའི་ཡེ་ཤེས་སོ། ༈། གསུམ་པ། བྱང་ཆུབ་སེམས་པའི་ཚུལ་ཁྲིམས་ལ། དང་པོ་སེམས་བསྐྱེད་ཀྱི་བརྒྱུད་ཚུལ་གཉིས་ཏེ། འཕགས་པ་འཇམ་དཔལ་ནས། ཀླུ་སྒྲུབ་ལ་བརྒྱུད་པ་ཟབ་མོ་ལྟ་བརྒྱུད་དང་། རྒྱལ་ཚབ་བྱམས་མགོན་ནས་ཐོག་མེད་ལ་བརྒྱུད་པ་རྒྱ་ཆེན་སྤྱོད་རྒྱུད་གཉིས་སོ། །དེ་གཉིས་ལ་ལ་ལས་སྔ་མ་ལ་དབུ་མའི་ལུགས་དང་ཕྱི་མ་ལ་སེམས་ཙམ་པའི་ལུགས་ཡིན་པར་འདོད་ཀྱང་མ་ངེས་ཏེ། ཆོ་ག་རྒྱས་བསྡུས་ཀྱི་ཁྱད་པར་ཙམ་མོ། ༈། སེམས་བསྐྱེད་ལ་སྨོན་འཇུག་གཉིས་ཀྱི། འཇུག་པ་སེམས་བསྐྱེད་རྟེན་དུ་སོ་ཐར་རིས་བདུན་གང་རུང་དགོས་པའི་དཔེ་ནི། འཁོར་ལོ་བསྒྱུར་རྒྱལ་བཞུགས་སུ་གསོལ་བའི་གནས་ནི། མི་གཙང་བས་ཁྱབ་པའི་ཕྱོགས་མ་ཡིན་ཏེ། ཁང་བཟང་ཡིད་འོང་རྒྱན་སྤྲས་དགོས་པ་ལྟར། བྱང་སེམས་ཀྱི་རྒྱལ་པོ་ཡང་། སོར་སྡོམ་མི་ལྡན་པའི་སྡིག་པའི་དྲི་མ་ཅན་མ་ཡིན་པར། སྡོམ་པའི་ཚུལ་ཁྲིམས་ཡིད་འོང་རྒྱན་ལྡན་གྱི་རྒྱུད་ལ་བཞུགས་སུ་གསོལ་བ་ཡིན་ནོ། ༈། ལུང་ནི། མདོ་སྡེ་རྒྱན་གྱི་སེམས་བསྐྱེད་སྐབས། །སྡོམ་པ་རྒྱ་ཆེ་དེའི་རྟེན། །ཞེས་གསུངས། ཇོ་བོ་རྗེས་
(༤༠༤)བྱང་ཆུབ་ལམ་སྒྲོན་ལས་ཀྱང་། །སོ་སོར་ཐར་པ་རིས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་བ་ཡོད་ཀྱི་གཞན་དུ་མིན། །ཞེས་གསུངས། ༈འཐད་པ་ནི། བྱང་སྡོམ་གཞན་ཕན་གཞིར་བཅས་སྒྲུབ་པ་ཡིན་ལ། སོ་ཐར་ནི་གཞན་གནོད་གཞིར་བཅས་སྤང་བ་ཡིན་པ། དེས་ནི། གཞན་གནོད་བྱེད་བཞིན་དུ་གཞན་ཕན་སྒྲུབ་པ་འགལ་ལོ། ༈། དེའི་ཕྱིར་ཤིང་རྟའི་སྲོལ་གཉིས་ཀར་བྱང་སྡོམ་སྐྱེ་བའི་རྟེན་དུ་སོ་ཐར་རིས་བདུན་གང་རུང་ཞིག་དགོས་སོ། ༈། དེ་ལ་སོ་ཐར་སྡོམ་པ་ལེན་པའི་ཆོ་ག་ནི་སྔར་ཉན་ཐོས་ཀྱི་ལུགས་ཀྱི་ཆོ་ག་ལས་བླང་བའི་སྡོམ་པ་དེ། ཕྱིས་བྱང་སེམས་ཀྱིས་ཟིན་པས་ཐེག་ཆེན་སོ་ཐར་དུ་གནས་གྱུར་པ་ཡིན་ནོ། །སྔར་ཐེག་ཆུང་པོ་ཐར་དེ་ཕྱིས་ཐེག་ཆེན་པོ་ཐར་དུ་འགྱུར་ན། ཐེག་ཆུང་སྡོམ་པ་གཏོང་བར་མི་འགྱུར་རམ་སྙམས་ན་མི་འགྱུར་ཏེ། དམན་སེམས་བཏང་ཡང་སྡོམ་སེམས་མ་བཏང་ཕྱིར་རོ། ༈། སོ་ཐར་སྡོམ་པ་ནི་མ་ནིང་དང་ལྷ་སོགས་ལ་མི་སྐྱེ་བ་དང་། ཤི་ནས་དོམ་པ་གཏོང་བ་དང་། ཉམས་ན་གསོ་མི་རུང་བར་གསུངས་ན། བྱང་སྡོམ་ནི་མ་ནིང་དང་ལྷ་སོགས་ལ་སྐྱེ་ཞིང་།
(༤༠༥)ཤི་ནས་མི་གཏོང་ཉམས་ན་གསོ་རུང་བས་བྱང་སྡོམ་སྟེན་དུ་སོར་སྡོམ་ཅི་ལྟར་སྐྱེ་སྙམས་ན་ཉན་ཐོས་ཀྱི་ངེས་འབྱུང་གི་ཚུལ་ཁྲིམས་དང་། ལེགས་སྨོན་གྱི་ཚུལ་ཁྲིམས་གཉིས་ནི། ལྷ་སོགས་ལ་མི་སྐྱེ་བ་སོགས་དེ་ལྟར་ངེས་ཀྱང་ཐེག་ཆེན་གྱི་སོ་ཐར་ནི་། མ་ནིང་དང་། ལྷ་སོགས་ལ་སྐྱེ་ཞིང་། ཤི་ནས་མི་གཏོང་། ཉམས་ན་གསོ་རུང་བ་ཡིན་ནོ། ༈། བྱར་སྡོམ་ལེན་ཡུལ་ནི། ཐོག་མར་སྐྱབས་འགྲོ་དང་། སྡོམ་ལ་གནས་པའི་དགེ་བའི་བཤེས་གཉེན་དང་། མ་རྙེད་ན། རྒྱལ་བའི་སྐུ་གཟུགས་བྱིན་རླབས་ཁྱད་འཕགས་ལས་ལེན་རུང་བ་ཤིང་རྟའི་སྲོལ་གཉིས་ཀ་མཐུན་ནོ། ༈། བྱང་སྡོམ་ལེན་ཚུལ་ཆོ་ག་ནི། ཐོག་མར་སྐྱབས་འགྲོ་དང་། དེ་ནས། ཟབ་མོ་ལྟ་རྒྱུད་པས་སྨོན་འཇུག་གཉིས་སྟབས་གཅིག་ཏུ་ལེན་པ་དང་། རྒྱ་ཆེན་སྤྱོད་རྒྱུད་པས། དང་པོ་སྨོན་སེམས་སྡོམ་པ་ལེན་ཅིང་། དེ་རྗེས་འཇུག་སྡོམ་ལེན་པའི་ཁྱད་པར་སོགས་ཡོད་པ་ལ། འགའ་ཞིག་གིས། ཤིང་རྟའི་སྲོལ་གཉིས་ཀྱི་ཆོ་གའི་ཁྱད་པར་འདི་ཡང་ལྟ་བ་མཐོ་དམན་ཁྱད་པར་འདོད་ཀྱང་མ་ངེས་སོ། །ཅིའི་ཕྱིར་ན། ཆོ་ག་རྒྱས་པ་
(༤༠༦)དེ་ལྟ་བ་དམན་པ་ཡིན་སྙམས་ན། གསང་སྔགས་སྐབས་ཆོ་ག་ཤིན་ཏུ་རྒྱས་ཕྱིར། དེ་ལྟ་བ་དམན་པ་མ་ཡིན་པའི་ཕྱིར་རོ། །སེམས་བསྐྱེད་ཀྱི་ངོ་བོ་ནི། མངོན་རྟོགས་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེད། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་ཀླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །གཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་པོ། །ཞེས་གསུངས་ཏེ། དཔེ་ཉེར་གཉིས་འདི་དག་ནི་འདུན་པ་ནས། ཆོས་སྐུའི་བར་ཡིན་ཏེ། དེའང་དང་པོ་བདུན་པ་དང་ལྡན་པའི་སེམས་བསྐྱེད་ནི། ས་དང་འདྲ་སྟེ་དཀར་པོའི་ཆོས་རྣམས་ཀྱི་གཞི་བྱེད་པའོ། ༡། ཕན་བདེའི་བསམ་པ་དང་ལྡན་པའི་སེམས་བསྐྱེད་ནི། གསེར་བཞིན་ཏེ་བྱང་ཆུབ་ཀྱི་བར་མི་འགྱུར་བའོ། ༢། ལྷག་བསམ་དང་ལྡན་པ་ནི། ཟླ་བ་ཚེས་པ་དང་འདྲ་སྟེ། དགེ་བའི་ཆོས་མཐའ་དག་འཕེལ་བར་འགྱུར་བའོ། ༣། དེ་གསུམ་ནི་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་ལས་དང་པོའི་པའི་བསྡུས་སོ། །ལམ་གྱི་སྦྱོར་བ་དང་ལྡན་པ་ནི་མེ་དང་འདྲ་སྟེ། ཐམས་ཅད་མཁྱེན་པ་ཉིད་གསུམ་ལ་སྒྲིབ་པའི་བུད་ཤིང་བསྲེག་པར་བྱེད་པའོ། ༤། དེ་ནི་སྦྱོར་ལམ་གྱིས་བསྡུས་པའོ། །
(༤༠༧)སྦྱིན་པའི་ཕར་ཕྱིན་དང་ལྡན་པ་ནི་གཏེར་བཞིན་ཏེ་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་ཅིང་མི་ཟད་པའོ། །ས་དང་པོའོ། ༡། ཚུལ་ཁྲིམས་ཀྱི་ཕར་ཕྱིན་དང་ལྡན་པ་ནི་རིན་པོ་ཆེའི་འབྱུང་ཁུང་དང་འདྲ་སྟེ། ཡོན་ཏན་རིན་པོ་ཆེའི་རྟེན་གྱི་དངོས་པོ་བྱེད་པའོ། ༢། བཟོད་པའི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་རྒྱ་མཚོ་ཆེན་པོ་དང་འདྲ་སྟེ། སྡུག་བསྔལ་མི་འདོད་པ་ཐམས་ཅད་ཐོག་ཏུ་བབ་ཀྱང་མི་འཁྲུགས་པའོ། ༣། བརྩོན་འགྲུས་ཀྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་རྡོ་རྗེ་དང་འདྲ་སྟེ་བྱང་ཆུབ་ཀྱི་སེམས་བརྟན་པས་ཉོན་མོངས་པས་མི་ཤིག་པས་སྲབ་བའོ། ༤། བསམ་གཏན་གྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་རིའི་རྒྱལ་པོ་རི་རབ་དང་འདྲ་སྟེ། དམིགས་པའི་རྣམ་གཡེང་གིས་མི་བསྐྱོད་པའོ། ༥། ཤེས་རབ་ཀྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་སྨན་བཞིན་ཏེ། ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་ཀྱི་ནང་ཞི་བར་བྱེད་པའོ། ༦། ཐབས་ཀྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི། དགེ་བའི་བཤེས་གཉེན་དང་འདྲ་སྟེ། གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་དོན་ཡོངས་སུ་མི་གཏོང་བའོ། ༧། སྨོན་ལམ་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི། ཡིད་བཞིན་ནོར་བུ་འདྲ་སྟེ་ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པའོ། ༨། སྟོབས་
(༤༠༨)ཀྱི་ཕར་ཕྱིན་དང་ལྡན་པའི་སེམས་བསྐྱེད་ནི་ཉི་མ་དང་འདྲ་སྟེ་གདུལ་བྱ་ཡོངས་སུ་སྨིན་པར་བྱེད་པའོ། །ཡེ་ཤེས་ཀྱི་ཕར་ཕྱིར་དང་ལྡན་པའི་སེམས་བསྐྱེད་ནི་དྲི་ཟའི་ཀླུ་དབྱངས་དང་འདྲ་སྟེ་གདུལ་བྱ་འདུན་པར་བྱེད་པའི་ཆོས་སྟོན་པའོ། ༡༠། དེ་ལྟར་བཅུ་ནི། རིམ་པ་ལྟར། ས་དང་པོ་རབ་ཏུ་དགའ་བ་སོགས་ནས་བཅུ་པ་ཆོས་ཀྱི་སྤྲིན་བར་གྱིས་བསྡུས་པའོ། །མཐོང་ལམ་དང་བསྒོམ་ལམ་གཉིས་ཀྱི་སྤྱོད་ཡུལ་ཅན་ནོ། ༈། མངོན་པར་ཤེས་པ་ལྔ་དང་ལྡན་པའི་སེམས་བསྐྱེད་ནི། རྒྱལ་པོ་ཆེན་པོ་དང་འདྲ་སྟེ། གཞན་དོན་སྒྲུབ་པ་ལ་མཐུ་ཐོག་པ་མེད་པའོ། ༡། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་དང་ལྡན་པའི་སེམས་བསྐྱེད་ནི་བོང་མཛོད་དང་འདྲ་སྟེ་ཚོགས་མང་པོའི་མཛོད་དུ་གྱུར་པའོ། ༢། བྱང་ཆུབ་ཀྱི་ཕྱོགས་ཆོས་དང་ལྡན་པའི་སེམས་བསྐྱེད་ནི། ལམ་སོ་ཆེ་དང་འདྲ་སྟེ་འཕགས་པ་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པས་སོ། ༣། སྙིང་རྗེ་ཆེན་པོ་དང་ལྷག་མཐོང་ཤེས་རབ་ཆེན་པོ་དང་ལྡན་པའི་སེམས་བསྐྱེད་ནི་གཞོན་པ་དང་འདྲ་སྟེ་སྲི་ཞིའི་མཐའ་གཉིས་སུ་མི་ལྟུང་བར་བདེ་བླག་ཏུ་འགྲོ་བའོ། ༤། གཟུང་དང་སྤོབ་པ་རྣམས་དང་ལྡན་པའི་སེམས་བསྐྱེད་ནི། བཀོད་མའི་ཆུ་དང་འདྲ་སྟེ། ཐོས་པ་དང་མ་ཐོས་པའི་ཆོས་དང་དོན་འཛིན་ཟད་མི་ཤེས་
(༤༠༩)པར་འབྱིན་པའོ། ༥། དེ་ལྔ་ནི་བྱང་ཆུབ་སེམས་དཔའི་ཁྱད་པར་གྱི་ལམ་གྱི་བསྡུས་པའོ། ༈། ཆོས་ཀྱི་སྐྱེད་མོས་ཚལ་དང་ལྡན་པའི་སེམས་བསྐྱེད་ནི་སྒྲ་སྙེན་ཐོས་པ་དང་འདྲ་སྟེ། ཐར་འདོད་ཀྱི་གདུལ་བྱ་རྣམས་ལ་སྙན་པར་སྒྲོགས་པའོ། ༡། བསྒྲོད་པ་གཅིག་པའི་ལམ་དང་ལྡན་པའི་སེམས་བསྐྱེད་ནི། ཆུ་བོའི་རྒྱུན་དང་འདྲ་སྟེ་འབད་པ་མེད་པར་གཞན་དོན་རྒྱུན་མི་འཆད་པའོ། ༢། ཆོས་ཀྱི་སྐུ་དང་ལྡན་པའི་སེམས་བསྐྱེད་ནི། སྤྲིན་དང་འདྲ་སྟེ། དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་སྟོན་པའི་སྒོ་ནས་སེམས་ཅན་གྱི་དོན་དུ་བྱ་བ་རྣམས་དེ་ལ་རག་ལས་པའོ། ༣། དེ་ལྟར་གསུམ་ནི་སངས་རྒྱས་ཀྱི་ས་ཡི་བསྡུས་པའོ། ༈། ས་མཚམས་ཀྱི་སྒོ་ནས་དབྱེ་བ་བཞི་སྟེ། ༈མོས་པ་སྤྱོད་པའི་སེམས་བསྐྱེད་ནི། ཚོགས་ལམ་དང་སྦྱོར་ལམ་གཉིས་ལ། བདག་གཞན་མཉམ་པར་མོས་པ་ཙམ་གྱི་སེམས་བསྐྱེད་དོ། ༡། ལྷག་པའི་བསམ་པ་དང་ལྡན་པའི་སེམས་བསྐྱེད་ནི། ས་དང་པོ་ཆོས་ཉིད་ཀྱི་བདེན་པ་མཐོང་ནས་བདག་གཞན་མཉམས་པ་དང་། མཐོང་སྤང་སྒོམ་སྤང་གི་ཉོན་མོངས་དག་པས། ས་བདུན་པའི་བར་རོ། ༢། རྣམ་པར་སྨིན་པའི་སེམས་བསྐྱེད་ནི། ས་བརྒྱད་པ་སོགས་དག་པ་གསུམ་ལ། བདག་གཞན་མཉམ་པ་ལྷུན་གྲུབ་སྩོལ་མེད་དུ་རྣམ་པར་སྨིན་
(༤༡༠)པའོ། ༣། སྒྲིབ་པ་སྤང་བའི་སེམས་བསྐྱེད་ནི་སངས་རྒྱས་ཀྱི་སའི་བསྡུས་པའོ། ༈། མཚན་ཉིད་ཀྱི་སྒོ་ནས་དབྱེ་ན། དོན་དམ་བྱང་ཆུབ་ཀྱི་སེམས་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སོ། ༈། དོན་དམ་བྱང་ཆུབ་ཀྱི་སེམས་ནི། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གསལ་བ་མི་གཡོ་བ་སྤྲོས་པའི་མཐའ་བྲལ་བའོ། ༈། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི། སྙིང་རྗེས་སེམས་ཅན་མཐའ་དག་འཁོར་བ་ལས་གདོན་པར་དམ་བཅས་པའོ། ༈། དོན་དམ་བྱང་སེམས་ནི་ཆོས་ཉིད་ཀྱིས་ཐོབ་པ་ཡིན་ལ། ཀུན་རྫོབ་བྱང་སེམས་ནི་ཡང་དག་བླངས་པའི་བརྡ་ལས་བྱུང་བའོ། ༈། དོན་དམ་བྱང་སེམས་དེ་གང་ན་ཡོད་ན་ས་དང་པོ་ཡན་ཆད་ན་ཡོད། ༈། དམ་པ་གསུམ་ལས་སྐྱེས་ཕྱིར་དོན་དམ་སེམས་བསྐྱེད་དོ། ༈། དེ་ལ་དམ་པ་གསུམ་ནི། ལུང་དམ་པ། སྒྲུབ་པ་དམ་པ། རྟོགས་པ་དམ་པ་གསུམ་མོ། །ལུང་དམ་པ་ནི། བསྐལ་པ་གྲངས་མེད་དུ་མར་སངས་རྒྱས་མང་པོ་བསྙེན་བསྐུར་ནས་ཆོས་མང་པོ་ཐོབ་པའོ། །བསྒྲུབ་པ་དམ་པ་ནི། བསྐལ་པ་གྲངས་མེད་པར་ཚོགས་གཉིས་སྒྲུབ་པའོ། །རྟོག་པ་དམ་པ་ནི། ས་དང་པོ་ནས་བརྩལ་ཆོས་ཉིད་མངོན་སུམ་རྟོགས་པའོ། ༈། ཀུན་རྫོབ་སེམས་བསྐྱེད་ལ་དབྱེ་ན་གཉིས་ཏེ། སྨོན་པ་སེམས་བསྐྱེད་དང་། འཇུག་པ་སེམས་བསྐྱེད་དོ། ༈། སྨོན་
(༤༡༡)འཇུག་གཉིས་ཀྱི་ཁྱད་པར་ནི། འཕགས་མཆོག་ཀླུ་སྒྲུབ་ཀྱི་བཞེད་པ་ནི། སྨོན་པ་ནི་སངས་རྒྱས་ཐོབ་འདོད་པའོ། །འཇུག་པ་ནི་སངས་རྒྱས་བསྒྲུབ་པའོ། །དེའང་སྤྱོད་འཇུག་ལས། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་བཞིན་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱིས། །བྱེ་བྲག་ཇི་བཞིན་ཤེས་པར་བྱ། ༈། སློབ་དཔོན་ཆེན་པོ་འཕགས་པ་ཐོག་མེད་ཀྱིས། སྨོན་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་སངས་རྒྱས་ཐོབ་པར་བྱ་སྙམ་དུ། འབྲས་བུ་དམ་བཅའ་བའོ། །འཇུག་པ་ནི། སངས་རྒྱས་ཀྱི་རྒྱུད་ཕར་ཕྱིན་དྲུག་ལ་བསླབ་པར་བྱའོ། །སྙམ་དུ་རྒྱུ་ལ་དམ་བཅའ་བའོ། །དེ་ལྟར་ཤིང་རྟའི་བཞེད་པ་གཉིས་གསུངས་ཚུལ་ཁྱད་པར་ཙམ་ལས་གོ་དོན་མཚུངས་སོ། ༈། སེམས་བསྐྱེད་ཀྱི་དམིགས་པ་ནི། བྱང་པ་ལས། སེམས་བསྐྱེད་པ་ནི། བྱང་ཆུབ་ལ་དམིགས་པ་དང་། སེམས་ཅན་ལ་དམིགས་པ་ཡིན་ནོ། །ཞེས་གསུངས་སོ། །སེམས་ཅན་ལ་དམིགས་པ་ཞེས་པ་ནི། མཁའ་མཉམས་ཀྱི་སེམས་ཅན་ཐམས་ཅད་ལ་དམིགས་པ་ཡིན་གྱིས་གྲངས་ཅན་མ་ཡིན་ནོ། ༈། སེམས་བསྐྱེད་ཀྱི་རྒྱུ་ནི་བཞི་སྟེ། སེམས་བསྐྱེད་ཀྱི་ཕན་ཡོན་མཐོང་བ་དང་། དེ་བཞིན་གཤེགས་པ་ལ་དད་པ་དང་། སེམས་ཅན་གྱི་སྡུག་བསྔལ་མཐོང་བ་དང་།
(༤༡༢)དགེ་བའི་བཤེས་གཉེན་གྱིས་ཡང་དག་པར་བསྐུལ་བའོ། ༈། ཡང་ན། རིགས་ཕུན་སུམ་ཚོགས་པ་དང་། ༡སངས་རྒྱས་བྱང་སེམས་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ་དང་། ༢སེམས་ཅན་ལ་སྙིང་རྗེ་བ་དང་། ༣འཁོར་བའི་སྡུག་བསྔལ་དང་། དཀའ་བ་སྤྱད་པའི་སྡུག་བསྔལ་ཡུན་རིང་དུ་མྱོང་བ་སྣོང་པ་དྲག་པ་བར་ཆད་མེད་པས་འཇིགས་པ་དང་བཞིར་གསུངས་སོ། ༈། ཡང་ཀུན་རྫོབ་སེམས་བསྐྱེད་ཀྱི་རྒྱུ་ནི། དགེ་གྲོགས་སྟོབས་རྒྱུ་རིག་སྟོབས་དགེ་རྩ་བའི་སྟོབས། ཐོས་སྟོབས་དགེ་བ་གོམ་པ་ལས། མི་གྲོགས་སྟོབས་བརྟེན་པ་དང་བརྟན་པ་བྱུང་། གཞན་གྱི་བསྟན་པའི་སེམས་བསྐྱེད་བཤད། །ཅེས་གསུངས། ༈དོན་དམ་སེམས་བསྐྱེད་ཀྱི་རྒྱུ་ནི། །རྫོགས་པའི་སངས་རྒྱས་རབ་བརྙེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོགས་ཡེ་ཤེས་ནི། །སྐྱེད་ཕྱིར་དེ་ནི་དམ་པར་འདོད། །ཅེས་གསུངས་སོ། ༈། སེམས་བསྐྱེད་པའི་ཕན་ཡོན་ནི། རྗེ་དྭགས་པོའི་ཐར་རྒྱན་ལས། ༈། དང་པོ། སྨོན་པའི་སེམས་བསྐྱེད་ཀྱི་ཕན་ཡོན་ནི་བརྒྱད་དེ། ཐེག་པ་ཆེན་པོར་ཆུད་པར་འགྱུར་བ་དང་། ༡། བྱང་ཆུབ་སེམས་དཔའ་བསླབ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་དང་། ༢སྡིག་པ་ཐམས་ཅད་ནས་གཅོད་པར་འགྱུར་བ་དང་། ༣བླ་ན་མེད་པ་
(༤༡༣)བྱང་ཆུབ་ཀྱི་རྩ་བ་ཚུག་བར་འགྱུར་བ་དང་། ༤བསོད་ནམས་དཔག་ཏུ་མེད་པ་ཐོབ་པར་འགྱུར་བ་དང་། ༥སངས་རྒྱས་ཐམས་ཅད་མཉེས་པར་འགྱུར་བ་དང་། ༦སེམས་ཅན་ཀུན་པར་འགྱུར་བ་དང་། ༧མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་འགྱུར་བའོ། ༨༈། འཛུག་པའི་ཕན་ཡོན་ནི་བཅུ་སྟེ། སྔ་མ་བརྒྱད་ཀྱི་སྟེང་དུ། རང་དོན་རྒྱུན་ཆགས་སུ་འབྱུང་བ་ནི། སྤྱོད་འཇུག་ལས། སེམས་དེ་ཡང་དག་བླངས་གྱུར་པ། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་འཆད་པ་དུ་མ་ཞིག། ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། ༩༈གཞན་དོན་སྣ་ཚོགས་འབྱུང་བ་ནི། སེམས་ཅན་རྣམས་ཀྱི་སྡུག་བསྔལ་ནི་སེལ། བདེ་བ་ནི་སྒྲུབ། ཉོན་མོངས་པ་ནི་གཅོད་པའོ། ༡༠༈། གྲངས་སུ་མ་ཆད་པ་ནི་འདི་ནས་བཟུང་ཏེ་སངས་རྒྱས་ཀྱི་སའི་བར་གྱི་ཡོན་ཏན་ཐམས་ཅད་འབྱུང་བ་ཡིན་ཏེ་བགྲང་གིས་མི་ལངས་སོ། ༈། དོན་དམ་པའི་སེམས་བསྐྱེད་ཀྱི་ཕན་ཡོན་ནི། སྙིང་རྗེ་ཆེན་པོའི་མདོ་ལས། བདག་མེད་བསྒོམ་པས་སངས་རྒྱས་ཆོས་ཀྱི་སྐུ་ཐོབ་པར་འགྱུར། དེ་ཡི་བྱིན་རླབས་ཀྱིས་གཟུགས་སྐུ་གཉིས་ཀྱིས་སེམས་ཅན་གྱི་
(༤༡༤)དོན་ཡན་ལག་གི་སྒྲ་རྒྱས་པར་བྱེད་པར་འགྱུར་རོ། །ཞེས་གསུངས་སོ། ༈། ད་ནི་བསྡོམ་པ་མི་ཉམས་པར་བསྲུང་དགོས་ཚུལ་བཤད་པ་ནི། བྱང་སེམས་འཆོར་བའི་རྒྱུ་གཉིས་ཏེ། སྨོན་པ་འཆོར་བའི་རྒྱུ་དང་། འཇུག་པ་འཆོར་བའི་རྒྱུའོ། ༈། དང་པོ་སྨོན་པའི་བསླབ་བྱ་ལ་དགག་བྱ་དང་བསྒྲུབ་བྱ་གཉིས་ལས། དགག་བྱ་སྤངས་པར་བྱ་བ་ནི། ༈དང་པོ། ནག་པོའི་ཆོས་བཞི་སྤངས་བར་བྱ་སྟེ། བཞི་གང་ཞེ་ན། བླ་མ་དང་མཆོད་འོས་རྡོ་རྗེ་སྤུན་སོགས། བཀུར་ཏི་འོས་པ་ལ་དབུ་གཡོག་བསླུ་བའི་བསམ་པ་ངན་པས་ཁམས་ཆེ་ཆུང་གང་བརྗོད་ཀྱང་། ཐུན་ཚོད་ལས་འདས་ནས་བྱང་སེམས་བརྗེད་པའི་སྒྱུར་འགྱུར་རོ། ༡། གཞན་གྱིས་དགེ་བ་བྱས་པ་ལ་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་བཅུག་པ་དང་། ༢སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་འཇིག་རྟེན་ཕྱོགས་སམ་ཆོས་ཀྱི་སྒ་ནས་མི་སྙན་པའི་སྐྱོན་བརྗོད་པ་དང་། ༣སེམས་ཅན་ལ་གཡོ་སྒྱུ་བྱེད་པ་སྟེ་ཐ་ན་བྲེ་སྲང་ཙམ་ལ་གཡོ་རྒྱུ་བྱས་པ་དང་བཞི་སྟེ་འདི་བཞི་ཉིན་མཚན་ཕྲུག་གཅིག་ཐུན་དྲུག་ཏུ་བྱས་པའི་ཐུན་ཚོད་གཅིག་ལས་འདས་ན་རྩ་བ་ནས་བྱང་སེམས་རྗེད་པའི་རྒྱུར་འགྱུར་རོ། ༈། གཉིས་པ་བྱང་སེམས་འཆོར་བའི་རྒྱུ་ནི། བདག་ལྟ་བུ་དམན་པས་བླ་
(༤༡༥)ན་མེད་པའི་བྱང་ཆུབ་དེ་བསྒྲུབ་དཀའོ་སྙམས་ནས་སྨོན་པའི་སེམས་བསྐྱེད་བཏང་ན། བྱང་སེམས་རྩ་བ་ནས་འཆོར་རོ། ༡། སེམས་ཅན་གཅིག་ཙམ་ཡང་བློས་སྤངས་ཏེ། དེའང་སེམས་ཅན་གང་རུང་གཅིག་གིས་བདག་ལ་མི་རིག་པ་གཅིག་བྱས་པས། བདག་དེ་ལ་རྒྱང་བསྲིང་ཏེ་ཤ་ཚད་ང་བྲལ་ཏེ། དེ་ནས་ཁྱོད་ལ་ཕན་ཐོག་པའི་དུས་བྱུང་ཡང་མི་གདགས། གནོད་པ་བཟློག་པའི་དུས་བྱུང་ཡང་མི་བཟློག་སྙམས་ན་ཐུན་ཚོད་ཀྱི་ཁོངས་སུ་གཉེན་པོས་མ་སླེབ་ན་སྨོན་སེམས་རྩ་བ་ནས་འཆོར་རོ། །དེའང་སེམས་ཅན་བློས་སྤངས་ཞིང་བསླབ་བྱ་གཞན་ལ་གནས་པར་ཁས་ལེན་པ་ནི་ཤིན་ཏུ་མི་འཐད་དེ། དཔེར་ན་བུ་གཅིག་པུ་བསད་ནས་བུའི་རྫས་བསགས་པ་དང་འདྲའོ། །དེས་ན་རང་ལ་གནོད་པ་བྱེད་པའི་སེམས་ཅན་དེ་ལ་ཁྱད་པར་སྙིང་རྗེ་བསྐྱེད་ནས་ཕན་བདེ་བ་བསྒྲུབ་པར་བྱའོ། ༈། ལས་རྒྱུ་འབྲས་ལ་མི་བདེན་པར་ལྟ་བ་དང་དཀོན་མཆོག་ལ་མི་བདེན་སྙམས་པའི་ལོག་ལྟ་སྐྱེ་ནའང་བྱང་སེམས་རྩད་ནས་འཆོར་རོ། ༈། གཞན་སེམས་ཅན་ལ་མནར་སེམས་རིམ་དགུ་འཆང་བ་དང་། ༡རང་དོན་ཡིད་བྱེད་སྟོན་པའི་ཉན་རང་གི་རིགས་ཅན་དང་། དྲིན་བཟོ་མེད་པའི་གདུབ་རྩུབ་ཅན་གྱི་གྲོགས་དང་འགྲོགས་ན་བྱང་སེམས་ཉམས་རྨས་པར་འགྱུར་རོ།
(༤༡༦)༈། ཡང་། སེམས་བསྐྱེད་པའི་ཕན་ཡོན་ཉིན་རེ་བཞིན་དྲན་པར་བྱ་དགོས་པ་ནི། སྡོང་པོ་བཀོད་པའི་མདོ་ལས་ཕན་ཡོན་ཉིས་བརྒྱ་དང་སུམ་ཅུ་ཙམ་གྱི་སྒོ་ནས་གསུངས་པ། དེ་དག་ཐམས་ཅད་ཕན་ཡོན་གྱི་སྒོ་ཆེན་བཞིར་བསྡུས་པ་ཡིན་གསུངས། དེའང་རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །དབུལ་བ་ཐམས་ཅད་སེལ་བར་བྱེད་པ་རྣམ་ཐོས་ཀྱི་བུ་ལྟ་བུའོ། །སོགས་ནི་རང་དོན་འབྱུང་བའི་ཕན་ཡོན་ནོ། ༡། འགྲོ་བ་ཐམས་ཅད་ཡོངས་སུ་སྐྱོབས་པས་ན་གནས་ལྟ་བུའོ། །འགྲོ་བ་ཐམས་ཅད་བརྟན་པས་རྟེན་ལྟ་བུའོ། །སོགས་ནི་གཞན་དོན་འབྱུང་བའི་ཕན་ཡོན་ནོ། ༢། ཉོན་མོངས་པའི་དགྲ་ལས་རྒྱལ་བར་བྱེད་པས་མདུང་ལྟ་བུའོ། །སྡུག་བསྔལ་གྱི་ལྗོན་ཤིང་རབ་ཏུ་གཅོད་པར་བྱེད་པས་སྟྭ་རེ་ལྟ་བུའོ། །སོགས་ནི། མི་མཐུན་པའི་ཕྱོགས་གཅོད་པའི་ཕན་ཡོན། ༣བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ། །འདོད་པ་ཐམས་ཅད་ཡོངས་སུ་གྲུབ་པར་བྱེད་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །སོགས་ནི། མཐུན་པའི་མཆོག་ཐམས་ཅད་འགྲུབ་པའི་ཕན་ཡོན་ནོ། ༤། གཞན་ཡང་སྨོན་འཇུག་གི་ཕན་ཡོན་གོང་དུ་མདོར་བསྡུས་ཏེ་
(༤༡༧)སྨོན་པའི་ཕན་ཡོན་བརྒྱད། འཇུག་པའི་ཕན་ཡོན་བཅུ་བཤད་པ་སོགས། ཐ་ན་ཐུན་ཚོད་ཁོང་དུའང་ལེན་རེ་དྲན་པས་ཀྱང་སེམས་དེ་མ་ཉམས་པར་སྐྱོང་བར་བྱའོ། ༡༈། ཡང་བྱང་སེམས་ཉམས་པའི་ཉེས་དམིགས་བསམ་ཏེ་སྐྱོང་བ་ནི། ཉམས་ན་སེམས་ཅན་ཐམས་ཅད་བསླུས་པར་འགྱུར་པས་རང་ཉིད་ངན་སོང་དུ་འགྲོ་བ་དང་། གཞན་དོན་ལས་ཉམས་པའི་ཉེས་པ་དང་། ས་ཐོབ་ལ་ཡུན་རིང་འགོར་བའི་ཉེས་པ་དྲན་པས་བཤགས་སྡོམ་ལ་འབད་པར་བྱའོ། ༢། ཚོགས་གཉིས་བསགས་པ་ལ་བསླབ་པར་བྱ་བ་ནི། བསོད་ནམས་ཀྱི་ཚོགས་ཆོས་སྤྱོད་བཅུ་དང་། བསྡུ་དངོས་བཞི་སོགས་ཐབས་ཀྱི་ཆ་ལ་འབད་པ་དང་། ཡེ་ཤེས་ཀྱི་ཚོགས་འཁོར་གསུམ་ཡོངས་སུ་དག་པའི་ཤེས་རབ་ཏེ་ཐ་ན་སྔགས་ཐུང་གཅིག་བཟློས་པའང་ཚོགས་གཉིས་ཚང་བཏུབ་པས་ཐུན་ཚོད་ཀྱི་ཁོང་དུའང་ལན་རེ་བསགས་པར་བྱའོ། ༈། བྱང་ཆུབ་ཀྱི་སེམས་སྦྱངས་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བློས་ཉིན་མཚན་ལན་གསུམ་དུ་སེམས་བསྐྱེད་ལེན་ཏེ། ཐ་ན་ཐུན་ཚོད་ཀྱི་ཁོངས་སུའང་སངས་རྒྱས་ཆོས་ཚོགས་མ་སོགས་བྱའོ། ༈། བྱང་ཆུབ་སྤྱོད་པའི་སེམས་སྦྱངས་པའམ་གཞན་ཕན་སྤྱོད་པའི་སེམས་སྦྱངས་པ་ནི། རང་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་བ་ཐམས་
(༤༡༨)ཅད་གཞན་ཕན་གྱི་དོན་དུ་བསྔོ་ཞིང་གཏོང་སེམས་བསྐྱེད། ༈རང་གི་རྒྱུད་དག་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྤྱོད་པ་སྦྱངས་པ་ནི། རྟག་ཏུ་ཚུལ་ཁྲིམས་ལ་བག་ཡོད་པས་བསྔོ་བགྲངས་བྱ་ཞིང་སྡིག་པ་དང་ཉོན་མོངས་ལ་འཛེམ་པའོ། ༈། བྱང་སེམས་མི་བརྗེད་པའི་རྒྱུ་དཀར་པོའི་ཆོས་བཞི་ལ་བསླབ་པ་ནི། ཇི་སྐད་དུ། འོད་སྲུང་ཆོ་བཞི་དང་ལྡན་ན། སྐྱེ་བ་ཐམས་ཅད་དུ་སྐྱེས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་མངོན་དུ་འགྱུར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་དུ་བར་མ་དོར་བརྗེད་པར་མི་འགྱུར་རོ། །བཞི་གང་ཞེ་ན་སོགས་ཀྱི་དོན་བསྡུ་ན། དེའང་གོང་བཤད་ནག་པོའི་ཆོས་བཞིའི་གཉེན་པོ་སྟེ། བླ་མ་དང་མཆོད་འོས་བསླུ་བའི་གཉེན་པོར། ཤེས་བཞིན་དུ་སྲོག་གི་ཕྱིར་ཡང་རྫུན་མི་སྨྲ་བ་དང་། འགྱོད་གནས་མིན་ལ་འགྱོད་པ་ལས་ལྡོག་པ་དང་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བར་བྱེད་ཅིང་། སེམས་ཅན་ཐམས་ཅད་དགེ་བ་ལ་འགོད་ཅིང་། དེ་ཡང་ཐེག་པ་ཆེན་པོའི་དགེ་བ་ལ་འགོད་པ་དང་། ༢རྒྱལ་སྲས་གཞན་ལ་ཁྲོ་བ་སྐུར་འདེབས་ལས་ལྡོག་པ། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་དེའི་ཡོན་ཏན་ཕྱོགས་བཅུར་བརྗོད་པ་དང་། ༣སེམས་ཅན་ལ་གཡོ་རྒྱུ་སྤྱོད་པའི་གཉེན་པོར་
(༤༡༩)སེམས་ཅན་ལ་གཡོ་རྒྱུ་མི་བྱེད་པ་བྱམས་སྙིང་རྗེས་བུ་སྡུག་ལྟ་བུར་བལྟའ་ཞིང་ལྷག་བསམ་ལ་གནས་པར་བྱའོ། ༤། འཇུག་པ་བྱང་སེམས་ཀྱི་བསླབ་བྱ་ནི་གསུམ་ཡིན་ཏེ། བསླབ་པ་གསུམ་མོ། །དེ་གསུམ་ནི་ཕར་ཕྱིན་དྲུག་གོ །དེ་ལ། སྦྱིན་ཚུལ་བཟོད་གསུམ་ནི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའོ། །བསམ་གཏན་ནི། ལྷག་པ་སེམས་ཀྱི་བསླབ་པའོ། །ཤེས་རབ་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པའོ། །བརྩོན་འགྲུས་ནི་དེ་གསུམ་ཀའི་གྲོགས་ཡིན་ནོ། ༈། ཡང་ན་སྤང་བྱ་དགག་པའི་བསླབ་བྱ་དང་། བླང་བྱ་སྒྲུབ་པའི་བསླབ་བྱ་གཉིས་སུ་བསྡུ་ལ། དེའང་། སྤངས་བྱ་དགག་པའི་བསླབ་བྱ་ནི་བྱང་སེམས་ཀྱི་སྡོམ་པའི་ཚུལ་ཁྲིམས་ཕར་ཕྱིན་ཡིན་ལ། བསྒྲུབ་པའི་བསླབ་བྱ་ནི་སྤྱིར་ཕར་ཕྱིན་དྲུག་ཡིན་ལ། འདིར་ནི་སྡོམ་པའི་ཚུལ་ཁྲིམས་འཆད་པའི་སྐབས་ཏེ། སྤྱིར་ཕར་ཕྱིན་དྲུག་པོ་ནི་འོག་ནས་སྤྱོད་པའི་སྐབས་སུ་འཆད་དོ། ༈། སྡོམ་པའི་ཚུལ་ཁྲིམས་ནི། །ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །ཐུན་མོང་གི་སྡོམ་པའི་ཚུལ་ཁྲིམས་ནི། སོ་ཐར་རིས་བདུན་སྟེ། དེ་དག་ནི་སྔར་ཉན་ཐོས་ཀྱི་སྐབས་སུ་བཤད་ཟིན་པ་ལྟར་གཞན་དོན་དུ་ལེན་པའོ། །དེའང་བྱང་སྡོམ་
(༤༢༠)མདོར་བསྡུས་ན་གཞན་ཕན་གཞིར་བཅས་སྒྲུབ་ལ་འདུས་པ། གཞན་ཕན་བསྒྲུབ་པ་ལ། གཞན་གནོད་གཞིར་བཅས་སྤངས་དགོས། གལ་ཏེ་གཞན་གནོད་བསྐྱལ་ན་དེ་གཞན་ཕན་མ་ཡིན་པའི་ཕྱིར་རོ། །སོ་ཐར་གྱི་སྡོམ་པ་མདོར་བསྡུས་གཞན་གནོད་གཞིར་བཅས་སྤང་ལ་འདུས་པར་གསུངས་སོ། །དེས་ན་བྱང་སྡོམ་རྟེན་དུ་སོ་ཐར་མི་དགོས་ཁ་གཅིག་བཞེད་མོད་རང་ལུགས་སུ་མི་འདོད་དོ། ༈། འོན་ཀྱང་ཉན་ཐོས་པས་ནི། སོ་ཐར་སྡོམ་པ་རང་དོན་དུ། ངན་སོང་གི་འཇིགས་སྐྱོབ་ཕྱིར་རམ། མཐོ་རིས་ཀྱི་ལེགས་སྨོན་ཕྱིར་རམ། ཡང་ན་རང་གཅིག་པུ་ཞི་བདེ་གཉེར་ཕྱིར་སྡོམ་པ་ལེན་ཅིང་བསྲུང་བ་ཡིན་ལ། བྱང་སེམས་ཀྱི་སྡོམ་པའི་ཚུལ་ཁྲིམས་ནི་གཞན་དོན་དུ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་ཕྱིར་ཚུལ་ཁྲིམས་ལེན་ཅིང་བསྲུང་བ་ཡིན་ཕྱིར་ཁྱད་པར་ཤིན་ཏུ་ཆེའོ། ༈། ཐུན་མོང་མ་ཡིན་པའི་བྱང་སྡོམ་ནི། ནམ་སྙིང་གི་མདོའི་རྗེས་འབྲང་ཞི་བ་ལྷའི་བཞེད་པ་ནི། བྱང་སེམས་རྒྱལ་པོའི་རྩ་ལྟུང་ལྔ། བློན་པོ་ལས་འབྱུང་བ་ལྔ། ལས་དང་པོ་པའི་བརྒྱད་དེ། རྫས་སུ་བཅུ་བཞི། མིང་དུ་བཅོ་བརྒྱད་སྤོང་བར་བསླབ་པ་དང་། དེ་སྟེང་ཐུན་མོང་བ་བཞི་རྩིས་པས་ཉེར་གཉིས་སོ། །དམ་པའི་ཆོས་
(༤༢༡)༈། དང་པོ་བྱང་སེམས་རྒྱལ་པོ་ལ་འབྱུང་བའི་ཕས་ཕམ་པའི་རྩ་བའི་ལྟུང་བ་ལྔ་སྟེ། ༈དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ་ནི། སངས་རྒྱས་དཀོན་མཆོག་མཆོད་པའི་རྫས་དང་སྐུ་གཟུགས་མཆོད་རྟེན་བཞེངས་པ་དང་གསོ་པའི་ཡོ་བྱེད་དང་། དམ་པའི་ཆོས་དཀོན་མཆོག་མཆོད་པའི་ཡོ་བྱེད་དང་། བཞེངས་པའི་རྫས་དང་། དགེ་སློང་བཞི་སྡེ་ཡན་ཆད་དགེ་འདུན་དཀོན་མཆོག་གཉུག་གནས་དང་། ཕྱོགས་བཞིའི་དགེ་འདུན་རེས་འགའ་བྱོན་པ་ཡིན་ཡང་རུང་། དེ་དག་གི་འདུ་སྒོའི་རྫས་འཕྲོག་པ་དང་། ༡དམ་པའི་ཆོས་སྤོང་བ་ནི། རྒྱལ་བའི་བཀའ་དང་། དེའི་དགོངས་འགྲེལ་བསྟན་བཅོས་ཚད་མ་ཐ་ན་ཚིག་འབྲུ་གཅིག་ཙམ་ལ་འདི་ནི་ཡང་དག་མིན་ནོ་ཞེས་ཆོས་ཏིང་འཛིན་རྒྱ་མཚོའི་མདོ་ལས། གང་གིས་འཛམ་བུའི་གླིང་འདིར་ནི། །མཆོད་རྟེན་ཐམས་ཅད་བཤིག་པ་བས། །གང་གིས་མདོ་སྡེ་སྤང་བྱེད་ཀྱི། །སྡིག་པ་དེ་ནི་ཆེས་ཆེར་འཕགས། །གང་གིས་གངྒཱའི་བྱེ་སྙེད་ཀྱི། །དགྲ་བཅོམ་བསད་པར་གྱུར་པ་བས། །གང་གིས་མདོ་སྡེ་སྤང་བྱེད་ཀྱི། །སྡིག་པ་དེ་ནི་ཆེས་ཆེར་འཕགས། །ཞེས་གསུང་། མཆན། སྤང་གི་ལས་བསགས་དང་། ༢རྟགས་ཅན་ཆད་པས་གཅོད་པ་ནི། ཚུལ་ཁྲིམས་ལྡན་པ་ལྟ་ཅི་མི་ལྡན་ཀྱང་། རབ་བྱུང་གི་རྟགས་འཆང་བ་ལ་གོས་ངུར་སྨིག་འཕྲོགས་དང་། བརྡེག་བཙོག་དང་བཙོན་དུ་བཟུང་བ་རབ་བྱུང་ལས་འབེབས་པ་སོགས་ཆད་པ་གཅོད་པ་དང་། ༣མཚམས་མེད་ལྔ་པོ་གང་རུང་གཅིག་བྱེད་པ་དང་། ༤ལོག་
(༤༢༢)པར་ལྟ་བའམ་ཆད་པར་ལྟ་བ་འཛིན་པ་ནི་སྡོམ་པ་ཐམས་ཅད་རྩ་བ་ནས་འཆོར་བའི་རྒྱུ་དང་ལྔའོ། ༥༈། གྲོང་དང་ལྗོངས་དང་གྲོང་ཁྱེར་དང་། གྲོང་བརྡལ་ཡུལ་འཁོར་འཇོམས་པ་སྟེ། བྱང་སེམས་བློན་པོའི་རྩ་ལྟུང་ལྔ། གང་ན། མི་རིགས་བཞི་ཡོད་པ་ནི་གྲོངས་དང་། བཟོ་རིགས་བཅོ་བརྒྱད་ཡོད་པ་ནི་གྲོང་ཁྱེར་དང་། གྲོང་ཁྱེར་དུ་མ་ཡོད་པ་ནི་གྲོང་གི་བརྡལ། གྲང་བརྡལ་དུ་མ་ཡོད་པ་ནི་ཡུལ་ལྗོངས། ལྗོངས་དུ་མ་ཡོད་པ་ནི། ཡུལ་འཁོར་ཡིན་ནོ། །མིང་འདོགས་ཚུལ་འདི་དང་ཅུང་མི་འདྲ་བའང་སྣང་། ༈ཡང་གོང་གི་རྒྱལ་པོའི་རྩ་ལྟུང་གི། དཀོན་མཆོག་དཀོར་འཕྲོག་ཆོས་སྤང་། །རྟག་ཅན་ཆད་པ། མཚམས་མེད་པ། གྲོང་སོགས་འཇོམས་ལྔ་ལ་རྒྱལ་པོའི་ལྟུང་བའང་བཞེད་པ་ལུང་གཅིག་གོ། །དཀོན་མཆོག་གསུམ་གྱི་སྐོར་འཕྲོག་པ། ཕས་ཕམ་པ་ཡི་ལྟུང་བར་འདོད། དམ་པའི་ཆོས་ནི་སྤོང་བྱེད་པ། གཉིས་པར་། ཐུབ་པས་གསུང་པ། བློན་པོའི་ཟེར་འང་སྣང་། ཡིན། ཚུལ་ཁྲིམས་འཁྱལ་པའི་དགེ་སློང་ལའང་། །ངུར་སྨིག་འཕྲོག་དང་བརྡེག་པ་དང་། །བཙོན་རར་འཇུག་པར་བྱེད་པ་དང་། །རབ་ཏུ་བྱུང་ལས་འབེབས་པ་དང་། །མཚམས་མེད་ལྔ་པོ་བྱེད་པ་དང་། །གྲོང་ལ་སོགས་པ་འཇིགས་པ་གང་། །རྩ་བའི་ལྟུང་བར་རྒྱལ་བས་
(༤༢༣)གསུངས། ༈། ལས་དང་པོ་ལ་འབྱུང་བའི་ལྟུང་བ་བརྒྱད་ནི། ༈། བློ་སྦྱང་མ་བྱས་སེམས་ཅན་ལ། །སྟོང་པ་ཉིད་ནི་བརྗོད་པ་དང་། །ཞེས་ཉན་ཐོས་ཀྱི་རིགས་ཅན་ངེས་པ་སོགས་ལ་སྟོང་ཉིད་ཟབ་མོ་བསྟན་ན་སྐྲགས་ཤིང་མི་དད་པར་ཆོས་སྤང་གི་ལས་བསགས་པའི་རིགས་ལ་སྟོང་ཉིད་ཟབ་མོ་བརྗོད་པ་དང་། ༡སངས་རྒྱས་ཉིད་ལ་ཞུང་པ་དག། རྫོགས་པའི་བྱང་ཆུབ་ལས་ལྡོག་དང་། །ཐེག་ཆེན་ལ་ཞུགས་པའི་རིགས་ཉིད་ལ། །ཐེག་དམན་དུ་ལྡོག་པར་བྱེད་པ་སྨྲས་པ་དང་། ༢། སོ་སོར་ཐར་པ་སྤོང་བྱེད་ཅིང་། །ཐེག་པ་ཆེ་ལ་སྦྱོར་བ་དང་། །ཞེས་ཐེག་ཆུང་གི་རིགས་ངེས་བཞིན། མ་ངེས་པའི་ཐེག་ཆེན་ལ་སྦྱོར་བ་དང་། ༣སློབ་པའི་ཐེག་པས་ཆགས་ལ་སོགས་སྤོང་བར་འགྱུར་བ་མིན་ཞེས་འཛིན། ཞེས་པ་ནི། ཉན་རང་གི་ཐེག་པས་ཆགས་སོགས་ཉོན་མོངས་སྤོངས་མི་ནུས་སོ་ཞེས་རང་གིས་འཛིན་པ་གཞན་ལ་སྨོད་པ་སྨྲས་པས་ཉན་རང་གི་ལམ་ལ་མི་ཞུགས་ཤིང་འབྲས་བུ་མི་ཐོབ་པར་བྱས་པ་དང་། ༤རྙེད་པ་དང་ནི་བསྐུར་ཏི་དང་། །ཚིག་བཅད་རྒྱུ་ཡིས་གཞན་སྨོད་དང་། །རང་ཉིད་ལ་ནི་བསྟོད་པ་དང་། །ཞེས་པ། རང་ཉིད་ལ་རྙེད་པ་ཐོབ་འདོད་པ་སོགས་ཀྱི་རྒྱུས་གཞན་ལ་སྨད་པ་དང་རང་བསྟོད་བྱེད་པ་དང་། ༥བདག་ནི་ཟབ་མོ་བཟོད་
(༤༢༤)པའོ་ཞེས། ལོག་པ་ཉིད་ནི་སྨྲ་བ་དང་། བདག་ནི་གཞན་གྱིས་མི་རྟོགས་པའི་ཆོས་ཟབ་མོ་ལ་བཟོད་པ་ཐོབ་བོ་ཞེས་སྒྲོགས་ནས་རྟགས་ཆད་དུ་ལྟ་བ་ལོག་པར་སྨྲས་པ་དང་། ༦དགེ་སྦྱོང་ཆད་པས་གཅོད་འཇུག་དང་། ཞེས་པ། རྒྱལ་པོ་དང་བློན་པོ་སོགས་ལ་རང་གིས་བསྐུལ་ནས་ཆད་པ་གཅོད་འཇུག་པའམ། རང་ཉིད་ཆད་པ་ལས་ཐར་ཕྱིར་དཀོན་མཆོག་གི་དཀོར་ལས་སྟེར་བའམ། གཞན་ཆད་པ་ལས་ཐར་ཕྱིར་དཀོན་མཆོག་གསུམ་གྱི་སྐོར་རང་ལ་བྱིན་པ་བླང་བ་སྟེ། དེ་གསུམ་གང་བྱས་ཀྱང་ལྟུང་བ་འབྱུང་བ་དང་། ༧ཞི་གནས་རང་གིས་བསྒོམ་ནུས་ཀྱང་མི་བསྒོམ་པ་དང་། ཡང་དག་པར་མཉམ་པར་འཇོག་པའི་སྤོང་བ་བསམ་གཏན་པའི་ལོངས་སྤྱོད་ལེན་ནས་ཁྱིམ་པ་སོགས་ལ་བྱིན་ན་ལྟ་ཅི་སྨོས་ཀློག་པ་ཁ་ཏོན་པ་ལ་སྦྱིན་པ་དང་། བརྒྱད་དོ། ༈། དེ་དག་རྩ་བའི་ལྟུང་བ་སྟེ། སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ་ཞེས་གསུངས་སོ། ༈། དེ་ལྟར་བཅོ་བརྒྱད་དང་དེ་སྟེང་། ཐུན་མོང་གི་ལྟུང་བ་བཞི་ནི། བྱང་ཆུབ་ཀྱི་སྨོན་སེམས་བཏང་བ་དང་། ༡རྫས་ལ་ཆགས་པ་དང་སེར་སྣ་ཆེ་བས། སློང་མོ་ལ་ཟས་སོགས་ཕྲན་བུའང་མི་སྦྱིན་པ་དང་། ༢སེམས་ཅན་ལ་མི་བཟོད་པར་ཁྲོས་ནས་བརྡེག་པ་དང་། ༣གཞན་གང་ཞིག་ཉོན་མོངས་པར་གྱུར་པ་དེ་རང་གི་
(༤༢༥)ལྡོག་པར་མི་བྱེད་པའི་སྟེང་དུ་རང་ཉིད་དེ་དང་མཐུན་པར་ཉོན་མོངས་པར་བྱེད་ཅིང་ཆོས་མི་བཤད་པ་དང་། བཤད་ཀྱང་ཆོས་ལྟར་བཅོས་ནས་བརྗོད་ན་ལྟུང་བའོ། ༤༈། ཡན་ལག་གི་ལྟུང་བ་ལ། བདེ་སྡུག་ཡར་འདོར་གྱི་ལྟུང་བ་ཉེར་བཞི་གཉེན་པོ་ཡལ་འདོར་གྱི་ལྟུང་བ་བཅུ་དྲུག་སྟེ་བཞི་བཅུ། དེ་ལ་རེ་ཞིག་ཡལ་འདོར་དང་། གཏན་དུ་ཡལ་འདོར་གཉིས་སུ་ཕྱེ་བས་ཡན་ལག་གི་ལྟུང་བ་བརྒྱད་ཅུ་ཡོད་པ་ལས། ༈། དང་པོ། བདེ་སྡུག་ཡལ་འདོར་གྱི་ལྟུང་བ་ཉེར་བཞི་ནི། རང་གིས་ནུས་བཞིན་དུ། གཞན་གྱི་ལུགས་ཀྱི་སྡུག་བསྔལ་ཞི་བར་མི་བྱེད་པ་དང་། ༡ལུས་ཀྱི་བདེ་བ་སྐྱེད་པར་མི་བྱེད་པ་དང་། ༢ཡིད་མི་བདེ་ཞི་བར་མི་བྱེད་པ་དང་། ༣ཡིད་བདེ་སྐྱེད་པར་མི་བྱེད་པ་དང་བཞིའོ། ༈། དེ་བཞི་ལ་དུས་ཀྱིས་ཕྱེ་བས་བརྒྱད་ནི། རང་གི་ནུས་བཞིན་དུ། གཞན་གྱི་ད་ལྟའི་ལུས་ཀྱི་སྡུག་བསྔལ་ཞི་བར་མི་བྱེད་པ་སོགས་བཞི་དང་། མ་འོངས་འབྱུང་གྱུར་གྱི་ལུས་སེམས་ཀྱི་བདེ་སྡུག་བཞི་ཞི་བ་དང་བསྐྱེད་པར་མི་བྱེད་པས་བརྒྱད་དོ། ༈། བརྒྱད་པོ་དེ་ལ་གསུམ་གྱིས་ཕྱེ་བས་ཉེར་བཞིར་འགྱུར་ཚུལ་ནི། གཞན་གྱི་ད་ལྟར་གྱི་ལུས་ཀྱི་སྡུག་བསྔལ་ཞི་བར་བྱ་བ་ལ། སྒོ་གསུམ་གྱི་བརྩོན་པ་
(༤༢༦)འདོར་བར་བྱེད་ན་ལྟུང་བའོ། །དེ་བཞིན་དུ་གཉེན་པོར་འགྱུར་བའི་རྒྱུ་རྐྱེན་མི་འཚོལ་ན་ལྟུང་བའོ། །བར་དུ་གཅོད་པའི་གཉེན་པོར་འགྱུར་བ་མི་སྐྱེད་ན་ལྟུང་བའོ། །དེ་ལྟར་ལུས་ཀྱི་སྡུག་བསྔལ་ལ་གསུམ་དུ་ཕྱེ་བ་ལྟར། ད་ལྟར་གྱི་གཞན་གྱི་ལུས་བདེ། སེམས་སྡུག། སེམས་བདེ་དང་། མ་འོངས་པའི་ལུས་ཀྱི་བདེ་སྡུག། སེམས་ཀྱི་བདེ་སྡུག་རྣམས་རེ་རེ་ལའང་གསུམ་རེར་དབྱེ་བ་བརྒྱད་གསུམ་ཉེར་བཞིའོ། ༈། གཉེན་པོ་ཡལ་འདོར་གྱི་ལྟུང་བ་བཅུ་དྲུག་ནི། རང་གི་ཚེ་འདིའི་ལུས་ཀྱི་སྡུག་བསྔལ་ཆེན་པོ་ཞི་ཕྱིར། ལུས་ཀྱི་སྡུག་བསྔལ་ཆུང་ངུ་མི་བསྐྱེད་ན་ལྟུང་བའོ། ༡། རང་ཉིད་ཚེ་ཕྱི་མའི་ལུས་ཀྱི་སྡུག་བསྔལ་ཆེན་པོ་ཞི་ཕྱིར་སྡུག་བསྔལ་ཆུང་ངུ་མི་སྐྱེད་ན་ལྟུང་བའོ། ༢། རང་གི་ཚེ་འདིའི་ཡིད་མི་བདེ་ཆེན་པོ་ཞི་བའི་ཚད་དུ། ཚེ་འདིའི་ཡིད་མི་བདེ་ཆུང་ངུ་མི་སྐྱེད་ན་ལྟུང་བའོ། ༈། རང་ཉིད་ཚེ་ཕྱི་མའི་ཡིད་མི་བདེ་ཆེན་པོ་ཞི་ཕྱིར་ཚེ་འདིའི་ཡིད་མི་བདེ་ཆུང་གུ་མི་སྐྱེད་ན་ལྟུང་བའོ། ༤། རྒྱུད་ཀྱིས་ཕྱེ་བས་བཞི་ནི། གཞན་གྱི་ཚེ་འདིའི་ལུས་ཀྱི་སྡུག་བསྔལ་ཆེན་པོ་ཞི་ཕྱིར་རང་གི་ལུས་ཀྱི་སྡུག་བསྔལ་ཆུང་ངུ་མི་སྐྱེད་ན་ལྟུང་བའོ། ༡། གཞན་གྱི་ཕྱི་མའི་ལུས་ཀྱི་སྡུག་བསྔལ་ཆུང་ངུ་མི་སྐྱེད་ན་ལྟུང་བའོ། །
(༤༢༧)གཞན་གྱི་ཚེ་འདིའི་ཡིད་མི་བདེ་ཆེན་པོ་ཞི་ཕྱིར་རང་གི་ཡིད་མི་བདེ་ཆུང་ངུ་མི་སྐྱེད་ན་ལྟུང་བའོ། །གཞན་གྱི་ཚེ་ཕྱི་མའི་ཡིད་མི་བདེ་ཆེན་པོ་ཞི་ཕྱིར་རང་གི་ཡིད་མི་བདེ་ཆུང་ངུ་མི་སྐྱེད་ན་ལྟུང་བའོ། ༈། ཡང་རང་གི་ལུས་ཀྱི་ཚེ་འདི་བདེ་བ་ཆེན་པོ་སྐྱེད་ཕྱིར། ལུས་ཀྱི་བདེ་བ་ཆུང་ངུ་མི་འདོར་ན་ལྟུང་བའོ། ༡། རང་གི་ཚེ་ཕྱི་མའི་ལུས་ཀྱི་བདེ་བ་ཆེན་པོ་ཐོབ་ཕྱིར་ཚེ་འདིའི་ལུས་ཀྱི་བདེ་བ་ཆུང་ངུ་མི་འདོར་བ་ལྟུང་བའོ། ༢། རང་གི་ཚེ་འདིའི་མི་བདེ་ཆེན་པོ་ཐོབ་ཕྱིར་སོགས་དང་། རང་གི་ཚེ་འདིའི་ཕྱི་མའི་མི་བདེ་སོགས། འགྲོ་བ་གཞན་རྒྱུད་ཀྱི་ཕྱེ་བ་བཞི་ནི། གཞན་གྱི་ཚེ་འདིའི་ལུས་ཀྱི་བདེ་བ་ཆེན་པོའི་ཆེད་དུ་རང་གི་ལུས་ཀྱི་བདེ་བ་ཆུང་ངུ་མི་འདོར་ན་ལྟུང་བའོ། །སོགས་གོང་བཞིན་སྦྱར་བས་བཞི་སྟེ། ༈། དེ་ལྟར་བདེ་སྡུག་ཡལ་དོར་གྱི་ལྟུང་བ་ཉེར་བཞི། གཉེན་པོ་ཡལ་འདོར་གྱི་ལྟུང་བ་བཅུ་དྲུག་བཅས་བསྡོམ་པའི་བཞི་བཅུ་པོ། དེའང་། རེ་ཞིག་ཡལ་འདོར་དང་། གཏན་དུ་ཡལ་འདོར་གཉིས་སུ་ཕྱེ་པས། ཕན་ཡོན་ཉེས་མིག་མི་ཟག་པའི། ཡན་ལག་ལྟུང་བ་བརྒྱད་བཅུའོ། །ཞེས་སོ། ༈། རྒྱ་ཆེན་སྤྱོད་པའི་གཞུང་ལྟར་སྡོམ་པ་ཉི་ཤུ་པའི་ལུགས་
(༤༢༨)དགག་སྒྲུབ་ཀྱི་བསླབ་བྱ་མདོར་བསྟན་ནི། གཞན་རྣམས་དང་ནི། བདག་ལ་རུང་། སྡུག་བསྔལ་ཡིན་ཡང་གང་ཕན་དང་། །ཕན་དང་བདེ་བ་རྣམ་པར་བྱ། །བདེ་ཡང་མི་ཕན་མི་བྱའོ། །ཞེས་གསུངས་པའི་དོན་ནི། རང་གཞན་གང་ལའང་རུང་སྟེ། ད་ལྟ་ཚེ་འདིར་གནས་སྐབས་སུ་སྡུག་བསྔལ་བ་ལུས་སེམས་ལ་བྱུང་ཡང་། སྡུག་བསྔལ་དེས་མཐར་ཐུག་སངས་རྒྱས་ཐོབ་པའི་རྒྱུ་བྱེད་པའམ་ཐ་ན་ཕྱི་མ་ངན་སོང་དུ་ལྟུང་བའི་གོ་ཆོད་པའམ། སྐྱེ་བ་མོང་པོར་ལྷ་མིའི་བདེ་ལ་སྦྱར་བའི་རྒྱུར་འདུག་ན་སྡུག་བསྔལ་དེ་མི་སེལ་བར་དང་དུ་ལེན་ནོ། །ཡང་གནས་སྐབས་སུ་ཡང་ཕན། མཐར་ཐུག་ཏུ་ཕན་པ་འགྲུབ་པར་འདུག་ན་གཙོ་བོར་བསྒྲུབ་པར་བྱའོ། །གནས་སྐབས་ཚེ་འདིར་ཕན་པ་ཙམ་དོན་དུ་གཉེར་བས་ཕྱི་མ་ཕན་ཆད་ཀྱི་བདེ་བ་འདོར་བར་འགྱུར་བ་དེ་ལྟ་བུ་མི་བྱའོ། ༢། མདོར་ན་འཕྲལ་དུ་སྡུག་བསྔལ་ཡང་ཕུགས་སུ་བདེ་བ་དེ་བྱའོ། །འཕྲལ་ཕུག་གཉིས་གར།། །བདེ་བ་ན་དེ་སྒྲུབ་བོ། །འཕྲལ་བདེ་ཕང་ཕུག་ཏུ་སྡུག་བསྔལ་བར་གྱུར་པ་དེ་མི་བྱའོ། ༈། འགག་པའི་བསླབ་བྱ་རྒྱས་པར་བསྟན་པ་ལ། ཕམ་འདྲ་བཞི་དང་། ཉེས་བྱས་ཞེ་དྲུག་ལས། དང་པོ་ཕམ་འདྲ་བཞི་ནི། ལོངས་སྤྱོད་རྙེད་པའམ། བསྟན་སྟོབས་པ་སོགས་བསྐུར་ཏི་ལ་ཆགས་པས་བདག་
(༤༢༩)ལ་བསྟོད་པ་དང་། གཞན་ལ་ཕྲག་དོག་སྡང་སེམས་ཀྱིས་སྨད་པ་དང་། ཆོས་དང་ནོར་གྱིས་དབུལ་ཞིང་ཕོངས་པ་སྡུག་བསྔལ་མགོན་མེད་གྱུར་པས་རང་ལ་ལྟོས་པ་བྱས་ཀྱང་སེར་སྣས་ཆོས་མི་སྟོན་པ་བྱེད་པ་དང་། ཟས་ནོར་ཡོད་བཞིན་དུ་མི་སྟེར་བའི་ཕམ་འདྲ་དང་། གཞན་གྱི་རང་ལ་ཉེས་པ་བྱས་པ་སླར་གཤེགས་པ་བྱས་ཀྱང་མནར་སེམས་ཆང་སྟེ་མི་ཉན་པ་དང་། སླར་ཁྲོས་ནས་གཞན་ལ་བརྡེག་འཚོགས་བྱེད་པ་དང་། ༣ཐེག་པ་ཆེན་པོ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ལ་མི་གུས་པར་སྐྱོན་བརྗོད་ཅིང་སྤོང་བར་བྱེད་པ་དང་། ཆོས་མ་ཡིན་པ་སངས་རྒྱས་ཀྱི་བཀའ་དང་མི་མཐུན་པ་ཆོས་ལྟར་བཅོས་ནས་སྟོན་པའི་ཕམ་འདྲ་དང་བཞིའོ། །ཕམ་འདྲ་ནི་སོ་ཐར་ལ་ཕམ་པ་བཞི་ལྟུང་བ་རྣམས་ལ་ལྕི་བ་ལྟར། འདིར་ལྟུང་བ་རྣམས་ལས་ཕམ་འདྲ་བཞིའམ་ཟུང་སྡེབ་སོ་སོར་ཕྱེས་ན་བརྒྱད་འདི། ཉོན་མོངས་དུག་གསུམ་ཤུག་དྲག་སོ་རྒྱུན་མི་འཆད་པ་ངོ་ཚ་མི་ཤེས་པ། མ་གུས་ཤིང་དེས་དགའ་བར་བྱེད་པ། དེ་ལ་ཡོན་ཏན་ཏུ་ལྟ་བའི་ཀུན་དཀྲིས་ཆེན་པོ་དང་ལྡན་པས། བྱང་སྡོམ་ཞིག་པར་བྱེད་པས་ཕམ་འདྲ་གསུངས་སོ། །ཀུན་དཀྲིས་འབྲིང་ནི་ཉོན་མོངས་གིས་ཀུན་ནས་བསླང་ཏེ་ཉེས་བྱས་བརྒྱད་པོ་གང་རུང་བྱས་ནས་དྲན་ཤེས་ཀྱིས་ཟིན་ཞིང་བཤགས་སྡོམ་
(༤༣༠)བྱང་ཀྱང་ཡང་རེས་མོས་སུ་སྤྱོད་པ་ལྟ་བུ་ཡིན་ལ། ཀུན་དཀྲིས་ཆུང་ངུ་ནི་ཉོན་མོངས་ཆུང་ངུས་ཀུན་ནས་བསླང་སྟེ་ཉེས་བྱས་བརྒྱད་པོ་གང་རུང་དབང་མེད་དུ་སྤྱོད་པའམ། གཞན་དབང་ལྟ་བུའི་སྤྱོད་ཀྱང་འགྱོད་བཞིན་དུ་བྱེད་པ་ལྟ་བུ། ༈ཀུན་དཀྲིས་ཆེ་འབྲིང་ཆུང་གསུམ་དང་བསྟུན་པའི་བཤགས་ཚུལ་ནི། ཀུན་དཀྲིས་ཆེ་བ་ནི་བྱང་སེམས་ཀྱི་དགེ་འདུན་དང་སངས་རྒྱས་བྱང་སེམས་དྲུང་དུ་བཤེགས་ཤིང་། བསྡོམ་པ་སླར་ཡང་བླང་བར་བྱ་དགོས་སོ། །ཟག་པ་འབྲིང་ནི་གསུམ་ལ་བཤགས་སོ། །ཆུང་བ་ནི་གཅིག་གི་མདུན་དུ་བཤགས་སོ། །གཤགས་ཡུལ་བྱང་སེམས་མ་རྙེད་ན། སངས་རྒྱས་བྱང་སེམས་བསྒོམ་པའི་དྲུང་དུ་བཤགས་སོ། ༈། ཉེས་བྱས་ཕྲ་བ་ཞེ་དྲུག་ནི། དཀོན་མཆོག་གསུམ་ལ་ཉིན་མཚན་དུས་གསུམ་དུ་མཆོད་ཅིང་དཀོན་མཆོག་གི་ཡོན་ཏན་དྲན་དགོས་པ་ལ་དེ་ལྟར་ཉིན་མཚན་ཡུག་གཅིག་ལ་མི་དྲན་པ་དང་། ༡འདོད་ཡོན་ལྔ་ལ་ཆགས་སྲེད་ཞེན་པས་འདོད་པའི་སེམས་ཀྱི་རྗེས་སུ་ཞུགས་པར་མི་བྱ་བ་ལས་བསླབ་དགོས་ཀྱང་དེ་ལྟར་མི་བྱ་བར་ཆགས་སྲེད་ཀྱི་རྗེས་སུ་ཞུགས་པ་དང་། ༢ཡེ་ཤེས་ཀྱི་རྒན་པ་བསླབ་པ་རྒན་པའམ་མངོན་པར་རྟོགས་པས་རྒན་པ། དཀའ་ཐུབ་ཀྱི་རྒན་པ་ཐོས་པས་རྒན་པ། ནོར་གྱི་རྒན་པ། ན་ཚོད་ཀྱི་རྒན་
(༤༣༡)པ་སྟེ། རྒན་པ་དེ་རྣམས་སོ་སོའི་འོས་ཚོད་དང་བསྟུན། གུས་པ་བྱེད་དགོས་པ་ལ་གུས་པ་མི་བྱེད་པ་དང་། ༣གཞན་གྱིས་རང་ལ་ཆོས་དོན་དྲིས་པ་ལ་ལེན་ཆོས་དང་མཐུན་པར་འདེབས་དགོས་པ་ལ་དེ་ལྟར་མི་འདེབས་པ་དང་། ༤གཞན་གྱིས་བསོད་ནམས་འཕེལ་བའི་ཆེད་དུ་རང་ཉིད་མགྲོན་དུ་བསོ་བ་ལ་རང་ཉིད་འགྲོ་སྟེ་སྦྱིན་བདག་གི་འབུལ་བ་ལེན་པ་ཞེན་ཆགས་ཀྱིས་མིན་པར་བདག་གིར་བྱེད་དགོས་པ་ལ་དེ་ལྟར་མི་བྱེད་པ་དང་། ༥རང་དོན་དུ་སྲེད་ཞེན་བསྐྱེད་པས་འདུལ་བ་ལས་གསར་དངུལ་ལེན་པ་བཀག་ཀྱང་། བྱང་ཆུབ་སེམས་དཔའ་གཞན་དོན་དུ་འགྱུར་བས་གསེར་ལ་སོགས་པ་ལེན་དགོས་ཀྱང་མི་ལེན་པ་དང་། ༦གཞན་གང་ཞིག་འཁོར་བ་ལ་སྐྲགས་ཤིང་ཐར་པ་དོན་དུ་གཉེར་བས་དམ་པའི་ཆོས་འདོད་པ་ལ་ཆོས་སྦྱིན་དགོས་པ་ལ་སྦྱིན་པར་མི་བྱེད་པ་དང་། ༧གང་ཞིག་གིས་མི་ཤེས་པའང་ཉོན་མོངས་པ་སོགས་ཀྱི་དབང་གིས་ཚུལ་ཁྲིམས་འཆལ་བར་འགྱུར་པ་རྣམས། རང་གིས་ལྷོག་ནུས། བཞིན་དུ་བཅོས་དགོས་ཀྱང་ཡལ་བར་འདོར་བ་དང་། ༨ཚུལ་འཆོས་ཟོལ་ཟོབ་མིན་པར། ཕ་རོལ་མི་རྣམ་རང་ལ་དད་པའི་ཕྱིར་ཐེག་པ་གོང་འོག་གི་བསླབ་པ་ཕྲ་བ་ནས་གཅེས་སྤྲས་
(༤༣༢)བསླབ་དགོས་ཀྱང་སློབ་པར་མི་བྱེད་པ་དང་། ༩སེམས་བསྐྱེད་ནས་སེམས་ཅན་གྱི་དོན་བྱེད་པར་ཁས་བླངས་ནས། སེམས་ཅན་གྱི་དོན་བྱེད་པ་རྒྱ་ཆེན་པོ་དངོས་སུ་བསྒྲུབ་པ་དང་མི་འགྲུབ་ཀྱང་བསམ་པའི་སྒོ་ནས་འབད་དགོས་ཀྱང་། སེམས་ཅན་གྱི་དོན་དུ་བྱ་བ་མི་བྱེད་པ་སྙིང་ལས་ཆུང་ངུ་ལ་གནས་པ་དང་། ༡༠རང་དོན་ཁོ་ན་ཉོན་མོངས་པའི་ཀུན་སློང་གིས་སྲོག་བཅད་དང་མི་ཚང་སྤྱོད་པ་སོགས་ལུས་ངག་གི་མི་དགེ་བདུན་པོ་སྤངས་དགོས་ཀྱང་། དད་དཔོན་སྙིང་རྗེ་ཆེན་པོས་སྙིང་རྗེའི་དབང་གིས་མི་ནག་མདུང་ཐུང་ཅན་བསད་པས་བསྐལ་པ་ཁྲིའི་ཚོགས་འདུམ་པར་གསུང་པ་སོགས་འབྱུང་བ་ལྟར་གོང་འོག་ཏུ་སྨོས་པའི་ཉེས་བྱས་ཕྲ་མོ་རྣམས་སོགས་བཅས་པ་རྣམས་ཀྱང་སེམས་ཅན་ལ་ཕན་བདེའི་རྒྱུར་ངེས་ན་སྙིང་རྗེ་བརྩེ་སེམས་དང་བཅས་སྲོག་གཅོད་སོགས་བྱས་ཀྱང་མི་དགེ་བ་མེད་དེ་དགེ་བ་ཡིན་པས་མི་ཤེས་པས་མི་བྱེད་པ་དང་། ༡༡ཁ་བསག་གཞོག་སློང་ཐོབ་འཇལ་སྙེད་ཚོལ་བཞིའི་ལོག་འཚོ་སྤངས་དགོས་ཀྱང་མི་སྤངས་པར། འཚོ་བ་ལོག་པ་དང་དུ་ལེན་པ་དང་། ༡༢རྣམ་གཡེང་སྤང་སྟེ་ཏིང་འཛིན་ལ་འཇུག་དགོས་ཀྱང་། འཕྱར་བ་སྟེ་སྣང་ཤས་ལ་སེམས་གཡེང་བ་དང་འཕྲོད་རྒོད་དྲག་པོ་ཚོགས་ཏིང་ངེ་འཛིན་གྱི་སྐྱོན་མི་སྤངས་པ་དང་། ༡༣གོང་གི་
(༤༣༣)རྒན་ལ་གུས་པ་དང་། ཆོས་འདྲི་གཉིས་གཅིག་ཏུ་བརྩི། དད་ཕྱིར་སློབ་དང་། སེམས་ཅན་དོན་དང་། སྙིང་བརྩེར་ག་སུམ་གཅིག་ཏུ་བརྩིས་པས་འདི་ཡན་ལ་བཅུ་ཚན་དང་པོར་བྱས་པའང་སྣང་། ༈ཉོན་མོངས་རྣམས་སྤོང་བ་རྟག་ཏུ་འབད་དགོས་ཀྱང་། བྱང་སེམས་ཀྱི་ཉན་རང་གི་མྱང་འདས་ཐོབ་པར་མི་བྱེད་པར་འཁོར་བ་ཉིད་དུ་གནས་དགོས་ཕྱིར་ཉོན་མོངས་སྤང་མི་དགོས་སྙོམས་ནས་ཉོན་མོངས་སྤང་བ་ལ་མི་འབད་པ་ནི། འཁོར་བ་གཅིག་པུས་བགྲོད་པར་སེམས་པ་དང་། ༡༤ཡང་རང་ཉིད་ཆོས་དང་མི་མཐུན་པས་རྒྱལ་བསྟན་ལ་གནོད་པའི་གྲགས་པ་ངན་པ་གྲགས་ན་དེ་སྤོངས་དགོས་ཀྱང་མི་སྤང་བ་དང་། ༡༥གཞན་གང་ཞིག་ཉོན་མོངས་པ་དང་བཅས་སྟེ་མི་དགེ་བ་ལ་སྤྱོད་ན། དེ་ཉིད་རང་གི་ཞི་བའི་སྒོ་ནས་འཇམ་པོར་སྨྲ་བའམ་ཁྲོ་བ་ལྟ་བུ་དྲག་པོས་འཆོས་བཏུབ་ན་འཆོས་དགོས་ཀྱང་འཆོས་པར་མི་བྱེད་པ་དང་། ༡༦ཚུར་གཤེ་བ་ལ་སླར་ལན་དུ་མི་གཤེ་བ་དང་། ཚུར་བརྡེག་ཀྱང་སླར་མི་བརྡེག་པ་དང་། ཚུར་ཁྲོ་ཡང་སླར་མི་ཁྲོ་བ་དང་། མཚང་འབྲུ་བའི་ལེན་དུ་སླར་མཚང་མི་འབྲུ་བ་སྟེ་དགེ་སྦྱོང་གི་ཆོས་བཞི་འདི་རྒྱུད་ལ་བརྟེན་དགོས་ཀྱང་མི་བརྟེན་པར། གཤེ་ལ་
(༤༣༤)སླར་གཤེ་བ་དང་། བརྡེག་ལ་སླར་བརྡེག་པ་དང་། ཁྲོ་ལ་སླར་ཁྲོ་བ་དང་། མཚང་འབྲུ་ལ་སླར་མཚང་འབྲུ་བ་རྣམས་བྱེད་པ་དང་། ཚུར་གཤེ་བ་སོགས་མེད་པར་རྙེད་ཚོལ་ཏེ་ཕར་གཤེ་བ་ཁྲོ་བ་བརྡེགས་པ་མཚང་འབྲུ་བ་ནི་སྨོས་ཅི་དགོས། ༡༧གཞན་རང་ལ་ཁྲོས་པའམ་གཞན་ལ་གཞན་ཁྲོས་པ་མཐོང་ན་ཞེ་སྡེང་སེམས་སྐད་ཅིག་དེས་བསྐལ་པར་བསགས་པའི་དགེ་རྩ་འཇོམས་པར་གསུངས་ཕྱིར་རང་གིས་ནུས་ན་ཤད་ཀྱིས་ཁྲོ་བ་དེ་ཞི་བར་བྱ་དགོས་ཀྱང་ཁྲོས་པ་རྣམས་ནི་ཡར་འདོར་བ་དང་། ༡༨རང་ཉིད་ལ་གཞན་གྱིས་སྔོན་དུ་ཉེས་པ་བྱས་པ་སླར་འགྱོད་ནས་བཟོད་པར་གསོལ་ཏེ་བཤགས་བྱུང་ན་དང་དུ་ལེན་དགོས་ཀྱང་། མི་ལེན་པར། ཕ་རོལ་ཤེད་ཀྱིས་འཆགས་པ་སྤང་བ་དང་། ༡གཞན་གྱི་ཁོང་ཁྲོ་བསླང་བའི་རྒྱུ་བྱུང་བ་ལ་བརྟན་ནས། རང་ཉིད་ཁོང་ཁྲོ་ལོངས་པར་གྱུར་ནའང་དེའི་རྗེས་སུ་འཇུག་ནས་ལུས་ངག་གི་བྱ་བ་སྤང་ནས་ཁོང་ཁྲོའི་དབང་དུ་བཏང་མི་རུང་ཀྱང་ཁྲོས་པའི་སེམས་ཀྱི་རྗེས་སུ་འཇུག་པ་དང་། ༢༠བྱང་ཆུབ་སེམས་དཔས་གཞན་དོན་དུ་འཁོར་བསྡུད་པ་ལ་ཉེས་པ་མེད་ཀྱང་། རང་དོན་ཁོ་ནས་རང་ལ་རྙེད་བསྐུར་འདོད་ཕྱིར་འཁོར་རྣམས་སྡུད་པ་དང་། ༢༡འདུ་འཛི་ལ་ཆགས་པས་
(༤༣༥)ངག་འཆལ་བྲེལ་མོའི་གཏམ་གྱིས་དུས་འདའ་བར་བྱེད་པ་སྤངས་དགོས་ཀྱང་མི་སྤང་བར་བརྟེན་པ་དང་། ༢༢དགེ་བའི་བཤེས་གཉེན་ལས་ཏིང་ངེ་འཛིན་གྱི་དོན་ཟབ་མོ་ཚོལ་དགོས་ཀྱང་མི་ཚོལ་བ་དང་། ༢༣ལེ་ལོ་སོགས་བསམ་གཏན་གྱི་སྒྲིབ་པ་ལྔ་པོ་སྤོངས་ཀྱང་མི་སྤང་བ་དང་། ༢༤བསམ་གཏན་གྱི་རོ་སྟེ་ཞི་གནས་ཀྱི་ཉམས་ལ་ཡོན་ཏན་དུ་བལྟའ་ནས་ཞེན་པར་མི་རུང་ཀྱང་། ཡོན་ཏན་དུ་བལྟ་ནས་ཆགས་ཤིང་ཞེན་པ་དང་། ༢༥བསྟན་པའི་གཞི་མ་ཉན་ཐོས་ཀྱི་ཐེག་པ་ཡིན་པས་སྤོངས་མི་རུང་ཀྱང་། ཐེག་དམན་ལ་བསླབ་པ་དང་མཉན་པར་མི་བྱའོ་ཞེས། ཉན་ཐོས་ཐེག་པ་སྤོང་བར་བྱེད་པ་དང་། ༢༦རང་ཉིད་བྱང་ཆུབ་སེམས་དཔའི་ཚུལ་སྟོན་པའི་ཐེག་ཆེན་གྱི་སྡེ་སྣོད་ཡོད་བཞིན་དུ་ཐེག་ཆེན་གྱི་ལྟ་བསྒོམ་ཚུལ་ཁྲིམས་སྤྱོད་པ་ལ་བརྩོན་དགོས་ཀྱང་མི་བརྩོན་པར། ཉན་ཐོས་ཀྱི་ཐེག་པར་བརྩོན་པ་དང་། ༢༧ནང་པ་སངས་རྒྱས་པའི་བསྟན་བཅོས་དག་ལ་བརྩོན་པར་དགོས་ཀྱང་མི་བརྩོན་པར། བརྩོན་པའི་འོས་མིན་པ་ཕྱི་རོལ་མུ་སྟེགས་པའི་བསྟན་བཅོས་ལ་བརྩོན་པར་བྱེད་པ་དང་། ༢༨ནང་པའི་བསྟན་བཅོས་ལ་
(༤༣༦)བརྩོན་པར་བྱས་ཀྱང་སེམས་ཀྱི་གཏིང་ནས་མུ་སྟེགས་པའི་བསྟན་བཅོས་ལ་དགའ་བ་དང་། ༢༩ཐེག་ཆེན་གྱི་ཆོས་ཤིན་ཏུ་ཟབ་པ་ཐུན་མོང་གི་སྤྱོད་ཡུལ་དུ་མ་གྱུར་པའི་བཀའ་བསྟན་ནས། རང་བློ་ཞེན་ལྟ་དང་མི་མཐུན་མཐོང་ཚེ་འདི་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་སོགས་ཆོས་སྤོང་གི་ལས་ཚབ་པོ་ཆེ་བསགས་པ་དང་། ༣༠༈བྱང་སེམས་ཀྱིས་བདག་ལ་སྨད་ཅིང་གཞན་ལ་བསྟོད་དགོས་ཀྱང་དེ་ལྟར་མི་ནུས་པར། ཉོན་མོངས་བག་ཉལ་གྱི་དབང་གིས་བདག་གི་ཡོན་ཏན་ལ་བསྟོད་ཅིང་གཞན་གྱི་སྐྱོན་མཐོང་བ་ལ་སྨད་པ་དང་། ༣༡དགེ་བའི་བཤེས་གཉེན་གྱིས་ཆོས་སྟོན་པའམ་འབེལ་གཏམས་བགྱིད་པ་ལ་གུས་པས་ཉན་ཕྱིར་འགྲོ་དགོས་ཀྱང་ང་རྒྱལ་སོགས་ཀྱིས་ཆོས་ཀྱི་དོན་དུ་འགྲོ་བར་མི་བྱེད་པ་དང་། ༣༢གལ་ཏེ་ཆོས་ཀྱི་དོན་དུ་སོང་ཀྱང་། ཆོས་སྟོན་པ་དེ་ལ་སངས་རྒྱས་ཀྱི་འདུ་ཤེས་ཀྱི་དད་གུས་མི་བྱ་བར་ཕར་སྐྱོན་བརྗོད་པས་སྨད་པ་དང་། ཆོས་བསྟན་པ་དེ་ལའང་དོན་ལ་མི་སྟོན་པར་ཚིག་འབྲུ་ཡི་གེར་ཙམ་མ་སྟོན་པ་དང་འཛིན་པ་དང་སྟོན་པར་བྱེད་པ་དང་། ༣༣བྱང་སེམས་གཞན་གཞན་གྱིས་བསྟན་འགྲོའི་དོན་སྒྲུབ་དགོས་པའི་དོན་དུ་རང་ཉིད་དེའི་གྲོགས་སུ་འགྲོ་དགོས་པར་མཐོང་ཀྱང་འགྲོ་བར་མི་བྱེད་པ་དང་། ༣༤
(༤༣༧)ནད་པ་ནད་གཡོགས་དང་སྨན་སོགས་མེད་པས་མགོན་མེད་པ་མཐོང་ན་ནད་པ་དེའི་རིམ་འགྲོ་བྱ་བ་ལ་རང་ཉིད་འགྲོ་དགོས་ཀྱང་། མི་འགྲོ་བར་ནད་པ་སྤོང་བ་དང་། ༣༥གཞན་གང་ཞིག་ལུས་སེམས་ཀྱི་སྡུག་བསྔལ་ཆེན་པོས་མནལ་བ་མཐོང་ན་སྡུག་བསྔལ་དེ་རང་གིས་སེལ་ནུས་ན་བསལ་དགོས་ཀྱང་སྡུག་བསྔལ་སེལ་བར་མི་བྱེད་པ་དང་། ༣༦གཞན་གང་གིས། བླངས་དོར་གྱི་གནས་ལ་བག་མེད་པ་ལ་དེ་ལྟར་བྱེད་པ་མི་རིགས་པ་སྟོན་དགོས་ཀྱང་མི་སྟོན་པ་དང་། ༣༧གཞན་གྱིས་རང་ཉིད་ལ་ཕན་བཏགས་པར་བྱས་པ་ལ་ལན་དུ་ཁྲེལ་ཡོད་པས་ཆོས་མཐུན་གྱི་དྲིན་བཟོ་ཕན་བཏགས་དགོས་ཀྱང་མི་བཏགས་པ་དང་། ༣༨གཞན་གྱི་སེམས་མྱ་ངན་གྱིས་མནར་བ་མཐོང་ན་རང་གི་ནུས་ན་མྱ་ངན་དེ་སེལ་དགོས་ཀྱང་སེལ་བར་མི་བྱེད་པ་དང་། ༣༩སློང་བ་ནོར་འདོད་པ་ལ་དོན་དུ་འགྱུར་ན་རང་གི་ཡོ་བྱེད་ཡོད་ན་སྦྱིན་དགོས་ཀྱང་སེར་སྣས་སྦྱིན་པར་མི་བྱེད་པ་དང་། ༤༠རང་གི་འཁོར་རྣམས་ཀྱི་དོན་གནས་སྐབས་དང་མཐར་ཐུག་པ་བྱེད་དགོས་ཀྱང་མི་བྱེད་པ་དང་། ༤༡གཞན་གྱི་བློ་དང་མཐུན་པར་བྱེད་ཏེ་ཞེ་མ་སུན་པར་བྱེད་དགོས་ཀྱང་མཐུན་འཇུག་མི་འབྱེད་པ་དང་། ༤༢
(༤༣༨)གཞན་གང་ཞིག་ཡོན་ཏན་དང་ལྡན་ཅིང་བསྔགས་པར་འོས་པ་མཐོང་ཐོས་གྱུར་ན་བསྟོད་བསྔགས་བརྗོད་དགོས་ཀྱང་ཕྱོགས་རིས་ཀྱི་བློ་སོགས་ཀྱིས་སྨྲ་བ་མི་བྱེད་པ་དང་། ༤༣བསྟན་འགྲོ་མང་པོ་ལ་གནོད་པའི་རྐྱེན་ཆེ་འབྲིང་ཆུང་གསུམ་གཞན་གྱིས་བྱེད་པ་མཐོང་ན་དེ་ཉིད་རྐྱེན་ཆེ་ཆུང་དང་འཚོམས་པར་ཚར་གཅོད་པར་རང་གིས་ནུས་ན་དགོས་ཀྱང་། གནོད་པ་སྐྱེལ་མཁན་དེ་རང་གི་ཉེ་ཕྱོགས་སོགས་ཡིན་པས་བག་མེད་པས་ཚར་མི་གཅོད་པ་དང་། ༤༤གདུལ་བྱ་མ་རུང་པ་གདུལ་དཀའ་བའི་རིགས་ལ་རང་ཉིད་ཀྱིས་རྫུ་འཕྲུལ་སྟོན་ནུས་ཡིན་ན་སྟོན་ནས་དད་པར་བྱ་བའམ་མཛུབ་མོའི་རྩེ་ནས་ཐོག་འབེབས་པ་སོགས་ཀྱིས་བསྡིགས་པ་ལ་སོགས་པ་བྱེད་དགོས་ཀྱང་མི་བྱེད་པ་དང་། ༤༥དོན་བསྡུ་བ་ནི། དེ་ལྟར་ཕམ་འདྲའི་ཉེས་བྱས་གཞན་ཡང་རུང་སྟེ་སྙིང་རྗེའི་བརྩེ་སེམས་ཆེན་པོ་དང་བྱམས་པ་ཆེན་པོ་དང་ལྡན་པའི་ཕྱིར་དང་། སེམས་ཉོན་མོངས་དུག་གསུམ་གྱི་ཀུན་སློང་གིས་མིན་པ། ཆགས་སྡང་རྨོངས་གསུམ་དང་བྲལ་བས་བསྐྱེད་པའི་ལུས་ངག་ལས་མི་དགེ་བ་ལྟར་སྣང་སྤྱད་ཀྱང་ཉེས་པ་མེད་དེ་དགེ་བ་ཡིན་པའི་ཕྱིར། དེའང་། མང་པོའི་སྲོག་སྐྱོབ་ཕྱིར་སྙིང་རྗེའི་ཀུན་སློང་གིས་གཅིག་བསད་ལྟ་བུ་དང་།
(༤༣༩)བཀྲེས་པས་འཆི་བ་མཐོང་བ་སྐྱོབ་ཕྱིར་འབྱོར་ལྡན་ལས་མ་བྱིན་པ་ལེན་དང་། །བུད་མེད་འདོད་པས་གདུང་བས་འཆི་ངེས་པར་མཐོང་སྲོག་སྐྱབས་ཕྱིར་རང་ཉིད་དེ་མི་ཚང་སྤྱོད་པ་དང་། གསོད་ངེས་པའི་སྐྱེ་བོ་ཐར་ཕྱིར་སྦས་ནས་རྫུན་སྨྲ་བ་དང་། སྡིག་གྲོགས་ཀྱིས་བསླུས་ནས་ངན་འགྲོར་འཁྲིག་པ་ལས་ལྡོག་ཕྱིར་ཕྲ་མ་སྨྲ་བ་དང་། མྱ་ངན་གྱིས་ནོན་པ་བསལ་ཕྱིར་རམ་ཆོས་ལ་འཇུག་ལ་འཇུག་པའི་དགོས་པ་མཐོང་ན་གཏམ་རྒྱུན་སོགས་ངག་འཁྱལ་སྨྲ་བ་དང་། མི་དགེ་བ་ལས་ལྡོག་ཕྱིར་ཚིག་བརྩུབ་སྨྲ་བ་ལྟ་བུ་རྣམས་སོ། ༤༦། དེ་རྣམས་ལ་ཉེས་བྱས་ཞེ་དྲུག་ཞེས་དང་། ཞེ་གསུམ་དུ་འདྲེན་པའི་ལུགས་ཀྱང་སྣང་ངོ། ༈། གཞན་ཡང་ལྟུང་བར་འགྱུར་བའི་ཕྱོགས་མཐུན་དུ་གྱུར་པ་ནི། ༈མི་དགེ་བ་བཅུ་དང་། འཇིག་རྟེན་གྱི་ཆོས་བརྒྱད་དང་། ལོག་པའི་རྟོག་པ་བརྒྱད་དང་། ཚུལ་འཆོས་སོགས་ཀྱི་ལོག་འཚོ་ལྔ་དང་། སྤྱོད་ཡུལ་མ་ཡིན་པ་ལྔ་དང་། སྡིག་གྲོགས་དང་། བདུད་ཀྱི་ལས་རྣམས་དང་། ལྟ་བས་གཟིང་པ་དང་། དགེ་བ་འཛེད་པའི་རྒྱུ་བཞི་དང་། བྱང་སེམས་གཞན་ལ་ཞེ་སྡང་བ་དང་། བྱང་ཆུབ་སེམས་དཔའི་དགེ་བ་ཕྲ་མོ་
(༤༤༠)ཙམ་ལ་བར་དུ་གཅོད་པ་དང་། མངོན་པའི་ང་རྒྱལ་དང་། གྲོགས་ཚངས་པར་མཚུངས་པ་སྤྱོད་པ་ལ་བརྙས་པའི་ལྟུང་བ་རྣམས་སྤང་བར་བྱའོ། །དེ་ལས་མི་དགེ་བཅུ་ནི་སྔར་བཤད་པ་དང་། ཆོས་བརྒྱད་ཀྱང་བཤད་ཟིན། ༈། ལོག་རྟོག་བརྒྱད་ནི། ཡུལ་མི་ཉེ་དུ་དགྲ་གནོད་སེམས། །རྣམ་འཚེ་ཁྱད་གསོད་ཁ་ཟས་སོགས། །མི་འཆི་བ་ཡི་རྣམ་རྟོག་སྟེ། །ལོག་པའི་རྟོག་པ་བརྒྱད་པོ་སྤང་། །ཞེས་སོ། །ལོག་འཚོ་ལྔ་ནི་བཤད་ཟིན། ཁ་བསགས། གཞོག་སློང་། སྙེད་འགུགས། ཐོབ་འཇལ། ཚུལ་འཆོས་ཀྱི་འཚོ་བ་ལྷག་མ་གཞན་རྣམས་ནམ། ༈། རྒྱལ་པོའི་ཕོ་བྲང་གདོལ་བའི་གནས། །ཤན་པ་གཟུགས་འཚོང་ཆང་འཚོང་གནས། །སྤྱོད་ཡུལ་མིན་པ་རྣམ་ལྔ་སྤངས། ༈། སྡིག་པའི་གྲོགས་དང་འགྲོགས་པ་སྤངས། ༈། སྡིག་ལྟ་འཛིན་དང་ཉན་རང་གི། །ཡིད་ལ་བྱེད་པ་སྐྱེད་པ་དང་། །དམིགས་པ་ལྟ་དང་རླམ་སེམས་དང་། །ལུང་བསྟན་མངོན་པར་ཞེན་པ་དང་། །དབེན་པར་དགའ་བས་གཞན་སྨོད་དང་། །ཕན་ཚུན་མི་མཐུན་རྩོད་པ་དང་། །བདུད་ཀྱི་ལས་རྣམས་རབ་ཏུ་སྤང་། ༈། ལྟ་བས་གཟེང་པ་རྣམ་པར་སྤང་། ༈། མུ་སྟེགས་གསང་ཚིགས་འཚོལ་བ་དང་། །ཁྱིམ་
(༤༤༡)ལ་ལྟ་ཞིང་འཁྲེན་པ་དང་། །རྒྱལ་སྲས་གཞན་ལ་ཕྲག་དོག་དང་། །མ་ཐོས་མདོར་སྡེ་ཡང་བ་སྟེ། དགེ་བ་འཛད་པའི་རྒྱུ་བཞི་སྤངས། ༈། རྡོ་རྗེས་རྡོ་རྗེ་འཇོམས་པ་ལྟར། །རྒྱལ་སྲས་ཕུན་ཚུན་ཞེ་སྡང་བ། །ཁོང་ནས་འཇོམས་ཕྱིར་ཁྲོ་བ་སྤངས། ༈། འཛམ་གླིང་སྐྱེ་བོའི་སྲོག་བཅད་ཅིང་། །བདོག་པ་ཐམས་ཅད་འཕྲོག་པ་བས། །སེམས་དཔའ་གཞན་གྱི་ཟས་ཁམས་གཅིག། དུད་འགྲོ་ཅིག་ལ་སྟེར་བ་ཡི། །དགེ་བའི་བར་ཆད་བྱེད་པ་ནི། །ཆེས་ཆེར་ལྕི་ལྟེ་ཆར་མི་ཕོད། །དེ་བས་དགེ་བའི་བར་ཆད་སྤངས། ༈། མངོན་པའི་ང་རྒྱལ་གྱིས་ཁེངས་པ། །དེ་ལ་ཡོན་ཏན་ཆུ་མི་འཇུག། དེ་བས་ཁེངས་པ་རབ་སྤངས་ཏེ། །ང་རྒྱལ་མེད་པ་ཉིད་དུ་བྱ། ༈། རྒྱལ་བས་རབ་ཏུ་བཀག་པ་ཉིད། །ཐམས་ཅད་ཡོད་སྨྲའི་གཞུང་ལས་ཀྱང་། །ཚོངས་པར་མཚུངས་སྤྱོད་གྲོགས་བསྙས་པའི། །ལྟུང་བ་ལྟ་བུའི་སྡིག་གཞན་མེད། །བསགས་པའི་དགེ་ཀུན་དེ་ཡིས་མཛད། །དེ་བས་འགལ་དུམ་ཙམ་ལ་ཡང་། །གནོད་སེམས་བསྐྱེད་པར་མི་བྱ་ན། །སེམས་བཅས་ལུས་ལ་ལྟ་ཅི་སྨོས། །དེ་ཕྱར་བརྒྱ་ལམ་ཙམ་ལ་ཡང་། །ཁེངས་པ་སྤང་བར་བྱ་ཞེས་བཤད། །ཞེས་གསུངས་
(༤༤༢)སོ། ༈། ཕྱིར་བཅོས་ནི། རྩ་བའི་ལྟུང་བ་ཆེན་པོ་རྣམས། །བྱང་ཆུབ་སེམས་དཔའི་ཚོགས་ལ་བཤགས། །སྡོམ་པ་སླར་ཡང་བླངས་པར་བྱ། ། ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཞེས་གོང་དུ་བཤད་ཡོད་ཀྱང་འདིས་སྐབས་སུ་བབ་པས་སླར་སྨྲོས། ༈། གཞན་ཡང་རྒྱལ་སྲས་ནམ་སྙིང་གི། །མཚན་ནས་བརྗོད་ཅིང་ཕྱག་འཚལ་བ། །རྨི་ལམ་སྐབས་མཚམ་ལུང་བསྟན་ཏེ། །དེ་ཡིས་ལྟུང་བ་ལས་སློང་བྱེད། །མ་གྲུབ་ན་ནི་སྐྱ་རེངས་ལ། །གསོལ་བ་བཏབ་ན་དེ་ཡིས་སྦྲེན། ༈། གཞན་ཡང་ཉིན་མཚན་ཐུན་དྲུག་ཏུ། །ཕུང་པོ་གསུམ་པ་ལ་སོགས་པས། །འཆགས་ལ་ཉེས་པའི་ཆུས་མི་གོས། ༈། ཆོས་ཀུན་གཟོད་ནས་ཞི་བ་སྟེ། །མཁའ་དང་སྒྱུ་མ་ལྟར་ཤེས་ནས། །འགྲོ་ལ་སྙིང་རྗེ་མི་འདོར་རོ། །ལྟུང་བཤགས་མཆན། དེ་ལ་ཉེས་པའི་གནས་མི་དམིགས། །ཅེས་གསུངས་པ་ནི་དོན་དམ་སེམས་བསྐྱེད་ཀྱང་ཡིན་ནོ། ༈། གཞན་ཡང་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་ཚུལ་ནི། སྤང་ཀོང་ཕྱག་རྒྱའི་མདོ་དང་། ཀླུའི་ཞབས་ཀྱི་དོན་དམ་སེམས་ཀྱི་ཆོ་གར་ཡང་། དངོས་པོ་ཐམས་ཅད་དང་བྲལ་བ་ཕུང་པོ་ཁམས་དང་སྐྱེ་མཆེད་དང་། གཟུང་བ་དང་འཛིན་པ་རྣམས་
(༤༤༣)པར་སྤང་བ། ཆོས་བདག་མེད་པ་མཉམ་པ་ཉིད་ཀྱིས་རང་གི་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བགྱིའོ། །ཞེས་པ་འདི་འཕགས་པ་ཀླུ་ཡི་དོན་དམ་སེམས་བསྐྱེད་ཆོ་གའི་སྒོ་ནས་འབོགས་ཅིང་སྐྱེ་བའི་ལུགས་ཡིན། ཚིག་ལྷུག་འདི་གསང་འདུས་རྩ་རྒྱུད་ལ། དངོས་པོ་ཐམས་ཅད་དང་བྲལ་བ། སོགས་ནས་ཚིག་བཅད་མཛད་ནས་གསུངས་སོ། ༈། གཞན་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མདོ་ལས༔འོད་སྲུང་། ཆོས་ཐམས་ཅད་ནམ་མཁའ་ལྟར་མཚན་ཉིད་མེད་ཅིང་། ཡེ་ནས་འོད་གསལ་ཞིང་རྣམ་པར་དག་པ་དེ་ལ་བྱང་ཆུབ་ཅེས་བྱའོ༔དེ་དང་མཐུན་པའི་སྔ་མ་མ་བསྐྱེད་པའི་སེམས་རིན་པོ་ཆེ་བསྐྱེད་པ་ནི༔སེམས་བསྐྱེད་ཅེས་བྱའོ༔ཞེས་གསུངས་སོ། ༈དོན་དམ་པའི་བསླབ་པ་ནི། ཏིང་འཛིན་རྒྱལ་པོའི་མདོ་ལས། བདག་ཉིད་གཞོན་ནུ། འདི་ལ་བྱང་ཆུབ་སེམས་དཔའམ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་རབ་ཏུ་ཤེས་པར་བྱའོ༔རྨི་ལམ། སྒྱུ་མ། བྲག་ཆ་མིག་ཡོར། ཆུ་ཟླ། སྤྲུལ་པ། གཟུགས་བརྙེན་ལྟར་རབ་ཏུ་ཤེས་པར་བྱའོ། །ཞེས་གསུངས་སོ། ༈། བླ་མ་དགོངས་འདུས་ལས། ནང་གི་སེམས་བསྐྱེད་བདག་མེད་བསྒོམ་
(༤༤༤)པ་དང་། གསང་བའི་སེམས་བསྐྱེད། རང་རིག་བྱང་ཆུབ་ཀྱི་སེམས་བསྒོམ་ཚུལ་སོགས་རྒྱས་པར་གསུང་པ་དེར་ཤེས་པར་བྱའོ། །མདོར་ན་རྫོགས་པའི་སངས་རྒྱས་ཀྱིས་བསྟན་པའི་དམ་པའི་ཆོས་ཐམས་ཅད་ཀུན་རྫོབ་དོན་དམ་གྱི་སེམས་བསྐྱེད་གཉིས་རྒྱས་པར་གསུངས་པ་ལས་གཞན་མེད་པར་བདག་གི་གའོ། །བཞི་པ་བྱང་ཆུབ་སེམས་དཔའི་བསྒོམ་པ་ལམ་བསྒྲོད་ཚུལ་བཤད་པ་ལ། ༈། ཐོག་མར་བླ་མ་བསྟན་དགོས་པ་ནི། འཕགས་པ་སྡུད་པ་ལས། བྱང་ཆུབ་སེམས་དཔའ་དང་པོའི་ལས་ཀྱི་སར་གནས་གང་དང་། ལྷག་པའི་བསམ་པས་སངས་རྒྱས་བྱང་ཆུབ་མཆོག་ཞུགས་པ། སློབ་མ་བཟང་པོ་བླ་མ་གུས་ལྡན་དེ་དག་གིས། བླ་མ་མཁས་པ་རྣམས་ལ་རྟག་ཏུ་བརྟེན་པར་བྱ། ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། དེ་དག་ཤེས་རབ་ཕ་རོལ་ཕྱིན་པ་རྗེས་སུ་སྟོན། སངས་རྒྱས་ཆོས་རྣམས་དགེ་བའི་བཤེས་ལ་བརྟེན་ཏོ་ཞེས། ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱལ་བས་དེ་སྐད་གསུངས། །དེའང་དགེ་བའི་བཤེས་གཉེན་ཆོས་བཅུ་དང་ལྡན་པའི་མཚན་ཉིད་ཅན་དེ་དགེ་བའི་བཤེས་གཉེན་ཚུལ་ཁྲིམས་དང་ལྡན་པས་དུལ་པ། ཏིང་ངེ་འཛིན་དང་ལྡན་པས་སེམས་ནང་དུ་ཞི་བ། ཤེས་རབ་དང་ལྡན་པས་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བ། ཡོན་ཏན་གཞན་
(༤༤༥)བས་ཁྱད་པར་དུ་འཕགས་པས་ལྷག་པ། གཞན་དོན་ལ་ལེ་ལོ་མེད་པས་བརྩོན་འགྲུས་དང་བཅས་པ། ཐོས་པ་ཆེ་བས་ལུང་གིས་ཕྱུགས་པ། ཤེས་བྱའི་དེ་ཁོ་ན་ཉིད་རབ་ཏུ་རྟོགས་པ། ཆོས་སྨྲ་བ་ལ་མཁས་པ། ཟང་ཟིང་ལ་མི་ལྟ་བས་བརྩེ་བའི་བདག་ཉིད། ཆོས་སྟོན་པ་ལ་སྐྱོབ་སྤངས་པ་སྟེ་བཅུའོ། །དེ་ལྟར་བྱམས་པས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་པ་ལུང་གིས་ཕྱུགས། །དེ་ཉིད་རབ་ཏུ་རྟོགས་ཤིང་སྨྲ་མཁས་པ། །བརྩེ་བའི་བདག་ཉིད་སྐྱོ་བ་སྤང་ལ་བརྟེན། །ཞེས་གསུངས། དེ་དག་འཕགས་པའི་ཆོས་ཡིན་པས། དེ་ལྟ་བུ་དང་ལྡན་པའི་བླ་མ་མ་རྙེད་ན། མཁས་པའི་ཤེས་རབ་དང་། བརྩེ་བའི་བསམ་པ་དང་། སྦྱོར་བའི་བཟོད་པ་དང་གསུམ་ལྡན་པ་ལ་བརྟན་ཏོ། །དེས་གདུལ་བྱའི་བློ་དང་མཐུན་པར། བློ་ཆེན་ལ་ཟབ་ཅིང་རྒྱ་ཆེ་བ་བཤད། བློ་ཆུང་ལ། ཚིག་བཟུང་བདེ་བ། གོ་ཟླ་བ་ཉུང་བསྡུས་སུ་བཤད། ༈ཡང་ན། བསྟན་བཅོས་འཆད་པའི་ཡན་ལག་ལྔ་སྔར་བཤད་པ་ལྟར་འཆད་ཉན་ཚུལ། ཐོས་བསམ་བསྒོམ་གསུམ་གྱི་སྐབས་སྣོད་ཀྱི་སྐྱོན་གསུམ་སྤང་དགོས་སྟེ། ཨོ་རྒྱན་རིན་པོ་ཆེས་
(༤༤༦)ཁ་སྦུབ་ལྟ་བུའི་སྐྱོན་ནི༔དམ་པའི་ཆོས་ནི་ཉན་བཤད་དུས༔དབང་པོ་རྣ་བ་མ་གཏད་ན༔། སྣོད་སྦུབ་རྒྱབ་ཏུ་ཆུ་བླུགས་འདྲ༔སེམས་གཡེངས་རྟོགས་ཚོགས་རྗེས་འབང་ནས༔སངས་རྒྱས་དངོས་བྱོན་ཆོས་གསུངས་ཀྱང་༔ནང་དུ་རློན་ནི་མི་འགྲོའོ༔ཤེས་པ་སྒྲ་ཡི་དབང་པོ་གཏོ༔ཐོས་པ་ཁ་སྦུབ་སྐྱོན་བསལ་ལོ༔༈། ཞབས་རྡོལ་ལྟ་བུའི་སྐྱོན་ཅན་ནི༔དམ་ཆོས་ཟབ་མོའི་ཚིག་དོན་རྣམས༔བརྩོན་འགྲུས་ཡིད་ལ་མ་བཅག་ན༔ཞབས་རྡོལ་སྣོད་དུ་ཆུ་བླུགས་འདྲ༔བརྗེད་ངས་བྱིང་བའི་སྐྱོན་དུ་འགྱུར༔བརྗེད་ངས་བློ་ངན་རྒྱུན་དག་ལ༔རྒྱལ་བའི་བྱིན་རླབས་ཞུགས་མི་འགྱུར༔བསམ་འཛིན་ཞབས་རྡོལ་སྐྱོན་བསལ་ལོ། ༈། དུག་ཅན་ལྟ་བུའི་སྐྱོན་ཅན་ནི༔དམ་ཆོས་ཟབ་མོ་གང་ཉན་ཀྱང་༔རང་རྒྱུད་ཉོན་མོངས་མ་འདུལ་བས༔སྔར་དུག་ཡོད་པའི་སྣོད་ནང་དུ༔ཁ་ཟས་སྨིན་སྐམ་ཅི་བླུགས་ཀྱང་༔གསོས་སུ་མི་འགྱུར་འཆི་བ་ལྟར༔ཉོན་མོངས་ཀུན་ནས་བསླང་བ་ཡི༔ང་རྒྱལ་ཁྱད་གསོད་ཆགས་སྡང་གི༔ཐོས་བསམ་བསྒོམ་གསུམ་ཅི་བྱས་ཀྱང་༔ཕན་མེད་ཤི་ནས་ཉེས་ལྟུང་ཆེ༔ཤིན་ཏུ་རྣམ་དག་བསམ་པ་ཆེ༔བསྒོམ་པའི་དུག་ཅན་སྐྱོན་རྣམས་
(༤༤༧)བསལ༔ཞེས་གསུངས་སོ། །གཞན་ཡང་མཐའ་དྲུག་དང་། ཚུལ་བཞིའི་བཤད་ཚུལ་འོག་ནས་རྒྱུད་ཀྱི་སྐབས་བཤད་དོ། ༈། ཉན་པོའི་སློབ་མ་ཡང་སྤྱིར་ཐེག་ཆེན་གྱི་སྣོད་དུ་རུང་བ། བྱེ་བྲག༈། ཧེ་རུ་ཀ་གལ་པོ་ལས། སྣོད་ཀྱི་གང་ཟག་རྣམ་པ་ལྔ། །ཨུཏྤལ་པདྨ་དཀར་དམར་དང་། །ཙནྡ་རིན་པོ་ཆེའི་དཔེ། །ཞེས་པས། ༈འཕགས་མཆོག་ཟླ་བ་གྲགས་པས་གསང་འདུས་ཀྱི་འགྲེལ་པ་དོན་གསལ་ལས། རྣམ་པ་ཀུན་ཏུ་ཉན་འདོད་པའི། །འཇིག་རྟེན་ངེས་པར་གྱུར་པ་ནི། །བློ་ཡི་རྣམ་པ་དཔག་མེད་ལས། །གང་ཟག་རྣམ་པ་ལྔ་ཡོད་དེ། །ཨུཏྤལ་ལ་དང་པད་དཀར་དང་། །པདྨ་ཙནྡ་རིན་པོ་ཆེ། །རང་བཞིན་ཐ་དད་མིང་གིས་དེ། །ཐམས་ཅད་མཁྱེན་པས་གསུངས་པ་ཡིན། །དེ་ནི་མ་ལུས་ཐོབ་པར་འགྱུར། །དེ་ནི་མ་ལུས་ཐོབ་གྱུར་ལ། །འཛིན་པ་ལ་ནི་རྣམ་པར་མཁས། །སྐད་གཅིག་གིས་ནི་བརྗོད་འགྱུར་བ། །ཨུཏྤལ་ཞེས་བྱའི་གང་ཟག་གོརྩི་བཅུད་ལྡན་ཀྱང་རྐང་བཞི་འབུ། ༈། གཟུང་བྱ་མང་དུ་ཐོས་གྱུར་ཀྱང་། །སྟོན་པ་ཡི་ནི་ནུས་མེད་པ། །སྙིང་དགའ་རྩི་བཅུད་འཛིན་ཀྱང་ཉི་མ་དང་འགྲོགས་ཚེ་སུམ་པས་རྩི་བཅུད་
(༤༤༨)ཀྱིས་བུང་བ་ལ་ཕན་མི་ཐོག་པ། བུམ་པའི་རས་ལ་ས་བོན་འདྲ། །པད་དཀར་ཞེས་བྱའི་གང་ཟག་གོ༈། དད་དང་ལྡན་ཞིང་སྙིང་རྗེ་ཤེས། །ཐོས་ནས་བློ་ཡི་ཁ་འབྱེ་ལ། །ཚིག་མེད་འོ་མ་བཞིན་འཛགས་པ། །པདྨ་རྩི་བཅུད་རིང་དུ་མི་གནས་ནང་དུ་འཐུམ་པ། ཞེས་བྱའི་གང་ཟག་གོ ༈། ཐོས་པ་ཉུང་ཞིང་ང་རྒྱལ་ལྡན། ལུང་རིགས་གི །རྩ་བ་མེད་པར་མང་དུ་སྨྲ། །རྗེས་སུ་བཟུང་བར་མི་ནུས་པ། ཙནྡ་སྦྲུལ་སྙིང་དངོས་པོ་ཆུང་དྲི་ཆེ། རྩ་བ་ཐུང་ཡལ་འདབ་མང་། །དུག་སྦྲུལ་འཁྲིལ། ཙནྡ་ཞེས་བྱའི་གང་ཟག་གོ །ཚུལ་ཁྲིམས་དག་ཅིང་མཁས་ལ་སྒྲིན། །ཤེས་རབ་ལྡན་ཞིང་རྒྱུད་གཅིག་པ། །ཐོས་ནས་ལེགས་པར་སྟོན་པ་ནི། །རིན་ཆེན་ཞེས་བྱའི་གང་ཟག་གོ། ཨུཏྤལ་དེ་བཞིན་པད་དཀར་དང་། །པདྨ་ཙནྡ་ཉིད་དག་སྟེ། །གང་ཟག་བཞི་པོ་འདི་དག་ནི། །ཚོགས་པ་ལ་བཤད་གང་ཟག་གོ །རྫོགས་པའི་རིམ་གྱི་སྐལ་ལྡན་ཞིང་། །རྟག་ཏུ་སྤྱོད་པས་རྣམ་བརྒྱན་པ། །འདི་ནི་རིན་ཆེན་གང་ཟག་སྟེ། །སློབ་མ་ལ་བཤད་གང་ཟག་གོ། །གང་ཟག་ཞེས་བྱའི་དབྱེ་བ་ཡིས། །སྣོད་དང་སྣོད་མིན་ཡོངས་བརྟགས་ནས། །རྡོ་རྗེ་སློབ་དཔོན་མཁས་པ་ཡི། །བཤད་པ་རྣམ་པ་གཉིས་བྱའོ། །ཞེས་པ་འདི་གཙོ་
(༤༤༩)ཆེར་རྒྱུད་བཤད་སྐབས་ཡིན་ཀྱང་། ཐུན་མོང་ཐེག་པའི་སྐབས་སུའང་འདི་ལྟར་བཤད་དོ། ༈། ལྡེམ་པོར་དགོངས་པ་བཞི་ནི། མཉམ་ཉིད། དུས་དོན་གང་ཟག་ལ་དགོངས་པ་བཞིའོ། །མཉམ་ཉིད་ལ་དགོངས་པ་ནི། སངས་རྒྱས་རྣམ་གཟིགས་ནི་སྐུ་ཚེ་རིང་། བདག་ཅག་གི་སྟོན་པ་ནི་དེ་ལྟར་མ་ཡིན་ནོ། །ཞེས་བརྙས་པའི་གཉེན་པོར་ང་དེའི་ཚེ་སངས་རྒྱས་རྣམ་གཟིགས་ཞེས་བྱ་བར་གྱུར་ཏོ་ཞེས། སངས་རྒྱས་ཐམས་ཅད་ཚོགས་གཉིས་དང་། ཆོས་སྐུ་དང་འགྲོ་དོན་སྤྱོད་པ་མཉམ་པ་ལ་དགོངས་པའོ། །དུས་ལ་དགོངས་པ་ནི། དགེ་བ་ཅུང་ཟད་བྱས་ཏེ་སྨོན་ལམ་བཏབས་པས་བདེ་བ་ཅན་སྐྱེ་བར་གསུངས་པ་ནི་དུས་གཞན་ལ་སྐྱེ་བར་དགོངས་པའོ། །དོན་ལ་དགོངས་པ་ནི། དོན་གཞན་རྟོགས་པའི་ཆོས་སྐྱེ་བའོ། །རྟོགས་པ་ལ་དགོངས་པ་ནི། ཆོས་སྙེད་སླའོ་ཞེས་བརྙས་པའི་གཉེན་པོར་སངས་རྒྱས་གངྒའི་བྱེ་སྙེད་ལ་བརྙེན་བསྐུར་བྱས་ན་ཐེག་པ་ཆེན་པོའི་རྟོགས་པ་སྐྱེའོ། །ཞེས་དང་། གཞན་ཡང་། གཞུགས་པ་ལྡེམ་དགོངས་དང་། མཚན་ཉིད་ལྡེམ་དགོངས་དང་། གཉེན་པོར་ལྡེམ་དགོངས་དང་། བསྒྱུར་བ་ལྡེམ་དགོངས་བཞིའོ། ༈། སངས་རྒྱས་ཀྱི་གསུངས་པའི་བཀའ་ཡི་
(༤༥༠)ངོ་བོའམ་མཚན་ཉིད་ལ་ཁྱད་པར་བཞི་ལྡན་ནི། བརྗོད་བྱ་དོན་དང་ལྡན་པ། བརྗོད་བྱེད་ཚིག་དང་དོན་ཉེར་བར་འབྲེལ་བ། བྱེད་ལས་ཁམས་གསུམ་ཉོན་མོངས་འབྲུས་བཅས་སྤོང་ནུས་པ། འབྲས་བུ་ཞི་བའི་ཕན་ཡོན་སྟོན་པ་སྟེ། །མདོ་སྡེ་ལྷག་བསམ་བསྐུལ་བ་ལས། །གང་ཞིག་དོན་ལྡན་ཆོས་དང་ཉེ་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུངས། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །འདི་ནི་དྲང་སྲོང་བཀའ་ཡིན་བཟློག་པ་གཞན། །ཞེས་གསུངས་སོ། ༈། སྟོན་པ་བཞི་གསུངས་ཏེ། མྱ་ངན་འདས་མདོ་ལས། དགེ་སློང་རྣམས་ནི་ཆོས་བཞི་པོ་ལ་གནས་པར་བགྱིའོ། །བཞི་གང་ཞེ་ན། ཆོས་ལ་གནས་ཀྱི་གང་ཟག་ལ་མི་གནས་པ་དང་། དོན་ལ་གནས་ཀྱིས་ཚིག་ལ་མི་གནས་པ་དང་། ཡེ་ཤེས་ལ་གནས་ཀྱིས་རྣམ་ཤེས་ལ་མི་གནས་པ། ངེས་དོན་ལ་གནས་ཀྱི་དཀྲི་བའི་དོན་ལ་མི་གནས་པ་སྟེ། ཆོས་རྣམ་པ་བཞི་པོ་འདི་ནི་རྟོགས་པར་བགྱི་བ་ལགས་ཀྱི། སྐྱེས་བུ་རྣམ་པ་བཞི་ནི་མ་ལགས་སོ། །དེའི་དོན་བློ་གྲོས་མི་ཟད་པའི་མདོ་ལས་རྒྱས་པར་འབྱུང་སྟེ། དང་པོ་ནི། ལྟ་སྤྱོད་མ་ལོག་པའི་
(༤༥༡)ཆོས་སྟོན་གྱིས། རིགས་རུས་གྲགས་འབྱོར་མཐོ་བའི་གང་ཟག་ལ་མི་རྟོན། གཉིས་པ་ནི། ཡང་དག་པའི་དོན་མ་ནོར་བ་སྟོན་པར་བྱེད་པ་ལ་རྟོན་གྱིས་ཐ་སྙད་སྒྲ་ཚིག་སྡེབ་སྦྱོར་ལེགས་པ་ལ་མི་སྟོན། གསུམ་པ་ནི། གནས་ལུགས་ཡང་དག་པ་མ་ནོར་བ་རྟོགས་པའི་ཡེ་ཤེས་མ་རྟོན་གྱིས། གཉིས་འཛིན་རྣམ་ཤེས་ཀྱི་འཛིན་བློ་ལ་མི་རྟོན། བཞི་པ་ནི་ཟབ་ཅིང་རྒྱ་ཆེ་བའི་ངོས་དོན་མཐར་ཐུག་ལ་རྟོན་གྱིས། གནས་སྐབས་དྲང་དོན་ཙམ་ལ་མི་རྟོན་པའོ། །དེ་ཡི་ཕྱིར། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། །ཚིག་ལ་མི་རྟོན་དོན་ལ་རྟོན། །རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན། །དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། །ཞེས་འབྱུང་ངོ། །འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་དྲང་དོན་དང་ངེས་དོན་གྱི་མཚན་ཉིད་མི་འདྲ་བ་བརྒྱད་བཤད་དེ། ལམ་ལ་འཇུག་པ་དྲང་དོན་དོ། །འབྲུས་ལ་འཇུག་པ་ངེས་པའི་དོན། །ཀུན་རྫོབ་སྒྲུབ་བྱེད་དྲང་དོན་དང་། །དོན་དམ་སྒྲུབ་བྱེད་ངེས་དོན་ནོ། །ལས་ཀྱི་བྱ་བ་ལ་འཇུག་དྲང་། །ལས་དང་ཉོན་མོངས་ཟད་སྟོན་ངེས། །ཀུན་ནས་ཉོན་མོངས་པ་དྲང་དོན། །རྣམ་བྱ་བསྟན་པ་
(༤༥༢)ངེས་པའི་དོན། །འཁོར་བ་སྐྱོ་བསྐྱེད་དྲང་དོན་ལ། །འཁོར་འདས་གཉིས་མེད་ངེས་པའི་དོན། །ཚིག་འབྲུ་སྣ་ཚོགས་སྟོན་པ་དྲང་། །ཟབ་ཅིང་རྟོགས་དཀའ་ངེས་པའི་དོན། །ཚིག་ལ་སེམས་ཅན་མགུ་བྱེད་དྲང་། །ཚིག་ཉུང་གཟུང་བདེ་ངེས་པའི་དོན། །བདག་སོགས་གཙོར་བཤད་དྲང་པའི་དོན། །བདག་མེད་བརྟན་པ་ངེས་པའི་དོན། ༈། བཀའ་ལ་དབྱེ་ན། ཞལ་ནས་གསུངས་པའི་བཀའ་ནི་ལངྐར་།། །གཤེགས་མོད་ལྟ་བུའོ། །སྐུ་གསུང་། ཐུགས་ཀྱི་བྱིན་གྱི་བརླབས་པའི་བཀའ་གསུམ་ནི། བྱང་སེམས་རྡོ་རྗེ་སྙིང་པོའི་སྤྱི་བོར་ཕྱག་བཞག་ནས། མདོ་སྡེ་ས་བཅུ་པ་དང་། འཇམ་དཔལ་ལ་བཀའ་སྩལ་ནས་མ་སྐྱེས་དགྲའི་འགྱོད་པ་བསལ་མོད་དང་། བཅོམ་ལྡན་འདས་ཟབ་མོ་སྣང་བའི་ཏིང་ངེ་འཛིན་ལ་བཞུགས་ནས་སྤྱན་རས་གཟིགས་ཀྱི་ཤེས་རབ་སྙིང་པོ་གསུངས་པ་ལྟ་བུའོ། །གཞན་ཡང་སངས་རྒྱས་ཀྱིས་བྱིན་རླབས་པས། ནམ་མཁའ་དང་། རྡེའུ་དང་། བྱ་སོགས་དུད་འགྲོ་དང་། ཤིང་དང་བརྩིག་པ་དང་། འོད་ཟེར་ལ་སོགས་པ་སྒྲ་བྱུང་སྟེ། ཆོས་སྟོན་པ་འབྱུང་བའང་བཀའོ། ༈། རྗེས་སུ་གནང་བའི་བཀའ་ནི། མྱ་ངན་འདས་རྗེས་བཀའི་བསྡུ་བའི་སྐབས་སུ། ཐོག་མར་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་
(༤༥༣)ཞེས་དང་། བར་དུ་རབ་འབྱོར་གྱིས་གསོལ་བ་སོགས་འཚམས་སྦྱོར། རྗེས་སུ་ཡི་རང་བཅས་ཆུག་ཅེས་རྗེས་སུ་གནང་ངོ། ༈། འཁོར་ལོའི་སྒོ་ནས་དབྱེ་བ། མདོ་དགོངས་པ་ངེས་འགྲེལ་ལས། བཀའ་དང་པོ་བདེན་བཞིའི་ཆོས་འཁོར། བར་པ་མཚན་ཉིད་མེད་པའི་འཁོར་ལོ། །ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་འཁོར་ལོའོ། ༈། ཡང་། གཟུངས་ཀྱི་དབང་ཕྱུག་གི་ཞུས་པའི་མདོ་ལྟར་ན། དང་པོ་བདེན་པ་བཞིའི་ཚུལ། བར་ས་སྟོང་པ་ཉིད་ཀྱི་ཚུལ། ཐ་མ་དེ་བཞིན་གཤེགས་པའི་སྙིང་པོའི་ཚུལ་ཞེས་དང་། ཡང་། རྒྱུད་བླ་མ་ལས། འཇིག་རྟེན་ཞི་བའི་ལམ་ལ་རབ་འཇུག་དང་། རབ་ཏུ་སྨིན་དང་ལུང་སྟོན་འཁོར་ལོ་ཞེས། ༈། ཡང་ཀླུ་སྒྲུབ་ཀྱིས། དང་པོ་བདག་བཟློག་སྟོན་པའི་འཁོར་ལོ་བར་དུ་བདག་མེད་སྟོན་པའི་འཁོར་ལོ། །ཐ་མ་ལྟ་ཀུན་བཟློག་གི་འཁོར་ལོ་གསུངས། དེའི་འགྲེལ་པ། སློབ་དཔོན་ཆེན་པོ་ཨཱརྱ་དེ་ཝས་དང་པོ་བསོད་ནམས་མ་ཡིན་པ་བཟློག་པའི་འཁོར་ལོ། །བར་དུ་བདག་བཟློག་པའི་འཁོར་ལོ། །ཐ་མ་ལྟ་བ་ཀུན་བཟློག་གི་འཁོར་ལོ། །ཅེས་གསུངས་སོ། ༈། སྡེ་སྣོད་ཀྱི་སྒོ་
(༤༥༤)ནས་འདུས་མོད་མངོན་གསུམ་ལས། མངོན་པའི་སྡེ་སྣོད་ནི་དམ་པའི་ཆོས་ལ་དགྲ་ལན་གསུམ་བྱུང་བས་འཇིག་སྟེ་ཐ་མ་མེས་བསྲེགས་པས། སློབ་དཔོན་ཆེན་པོ་ཐོག་མེད་དགའ་ལྡན་ལྷ་ཡུལ་དུ་བྱོན་ནས་རྒྱལ་ཚབ་བྱམས་པ་མགོན་པོ་ལས་མི་ལོ་ལྔ་བཅུར་ཐེག་ཆེན་གྱི་ཆོས་གསན་ནས་མངོན་པ་ཀུན་བསྟུས་སོགས་ཐེག་ཆེན་གྱི་མངོན་པ་དང་། དེའི་ཅུང་དབྱིག་གཉེན་གྱིས་ཐེག་ཆུང་གི་ཆོས་མངོན་པ་མཛོད་མཛད་པའོ། །སྡེ་སྣོད་གསུམ་དེ་གསུང་རབ་ཡན་ལག་བཅུ་གཉིས་ཡིན་པས། ༈དང་པོ་མདོ་ཡི་སྡེ་ནི། འདི་སྐད་བདག་གིས་ཐོས་པ་སོགས་ནས་མངོན་པར་བསྟོད་དོ། །ཞེས་པའི་བར་མདོར་བསྡུས་པའི་ཚུལ་གྱིས་གང་སྨོས་པའི་ཚུལ་གྱིས་རྐྱང་པ་ལྷུག་པར་ཕན་ཡོན་བཅུ་གཟིགས་ནས་གསུངས་ཏེ། སྟོན་པས་གཞག་སླ་བ་དང་། འཆད་པ་པོས་བཤད་ཟླ་བ་དང་། སློབ་མས་བཟུང་སླ་བ་དང་། ཆོས་ལ་གུས་པས་མྱུར་དུ་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་དང་། ཆོས་ཉིད་མྱུར་དུ་རྟོགས་ཕྱིར་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་ཡོན་ཏན་ཤེས་ནས་དད་པ་ཐོབ་ཕྱིར་དང་། མཐོང་ཆོས་བདེར་གནས་མཆོག་ལ་རེག་པ་དང་། འབེལ་གཏམ་གྱིས་གཏན་ལ་
(༤༥༥)འབེབས་པས་དམ་པ་རྣམས་ཀྱི་སེམས་མགུ་བར་བྱེད་དེ། མཁས་པ་ཞེས་བྱ་བའི་གྲོངས་སུ་འགྲོ་བའོ། ༡། དབྱངས་ཀྱིས་བསྙད་པའི་སྡེ་ནི། དབུས་དང་ཐ་མར་ཚིགས་སུ་བཅད་དེ་དབྱངས་ཀྱིས་བསྙད་པའོ། །ཡང་ན། དྲང་དོན་གྱི་མདོ་སྡེ་རྟོགས་པར་བྱེད་པའོ། ༢། ལུང་དུ་སྟེན་པའི་སྡེ་ནི། ཉན་ཐོས་འདས་ཏེ་ཤི་བའི་དུས་བྱས་པ་དང་འབྱུང་བ་ལུང་བསྟན་པ་དང་། བྱམས་པ་ལུང་སྟོན་པ་སོགས་ལྷ་དང་མི་རྣམས་མ་འོངས་པར་སངས་རྒྱས་སུ་འགྱུར་པར་ལུང་བསྟན་པ་དང་། ངེས་པའི་དོན་ལུང་བསྟན་ཕྱིར་ངེས་དོན་གྱི་མདོ་སྡེའང་ཡིན་ནོ། ༣། །ཚིགས་སུ་བཅད་པའི་སྡེ་ནི། དགེ་སློང་འདི་ནི་སྟོན་པ་སྟེ། །ཉེ་བར་ཞི་ཞིང་ཟག་པ་ཟད། །ཅེས་པ་ལྟ་བུ་ཚིགས་བཅད་རྐང་པ་གཉིས་དང་། རྩ་བ་གསུམ་པ། བཞི་པ་ལྔ་པ། དྲུག་པ་རྣམས་སོ། ༤། ཆེད་དུ་བརྗོད་པའི་སྡེ་ནི། སུས་ཀྱང་ཞུས་པ་མེད་པར་ཐུགས་དགྱེས་ནས་ཆེད་དུ་བརྗོད་པའོ། ༥། གླེང་གཞིའི་སྡེ་ནི། ཉེས་པ་དགག་ཕྱིར། སྔོན་གྱི་གླིང་གཞི་བཅས་ཚིགས་བཅད་གསུངས་པ་སྟེ། སྔོན་མཉན་ཡོད་དུ། སྐྱེས་བུ་ཞིག་གིས་བྱ་རྒྱས་བྱ་བཟུང་ནས་གསོས་པོར་བཅུག་ནས། ཆུ་དང་འབྲས་བསྙོད་ནས་ཕྱིར་
(༤༥༦)བཏང་ངོ། །བཅོམ་ལྡན་འདས་ཀྱིས་དེའི་རྒྱུ་རྐྱེན་མཁྱེན་པས། སྡིག་པ་ཕྲ་མོ་ཆུང་ངུ་ལ། །མི་གནོད་སྙམས་སུ་བརྙེས་མི་བྱ། །ཆུ་ཡི་ཐིག་པ་ཟག་པ་ཡང་། །སྣོད་ཆེན་ཡོངས་སུ་གང་བར་འགྱུར། །གསུངས་པ་ལྟ་བུའོ། ༦། རྟོགས་པ་བརྗོད་པའི་སྡེ་ནི། དཔེ་དང་བཅས་གསལ་བར་གསུངས་པའོ། ༧། དེ་ལྟ་བུ་བྱུང་བའི་སྡེ་ནི་གླེང་གཞི་དང་སྐྱེས་རབས་མིན་པ། སྔོན་གྱི་སྦྱོར་བ་དང་ལྡན་པ་གོའུ་ཏ་མའི་གཏམ་རྒྱུད་ལྟ་བུའོ། ༨། སྐྱེས་པའི་རབས་ཀྱི་སྡེ་ནི། སངས་རྒྱས་ཉིད་ཀྱི་སྔོན་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པའི་སྐྱེས་རབས་རྣམས་གསུངས་པའོ། ༩། ཤིན་ཏུ་རྒྱས་པའི་སྡེ་ནི། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཤིན་ཏུ་རྒྱས་པ་སྟེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་གནས་ཡིན་པ་དང་། རྒྱས་པ་དང་། རྒྱ་ཆེ་བ་དང་ཟབ་པའི་ཆོས་རྣམས་བསྟན་པའི་ཕྱིར་དང་། སྒྲིབ་པ་ཐམས་ཅད་རྣམ་པར་འཐག་པ། མཚུངས་པ་དང་བྲལ་བའོ། ༡༠། རྨད་དུ་བྱུང་བའི་སྡེ་ནི། གང་ལས་ཉན་ཐོས་དང་། བྱང་སེམས་དང་། སངས་རྒྱས་རྣམས་ཀྱི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བསྟན་པ་སྟེ་བྱང་ཆུབ་སེམས་དཔའ་སྐུ་འཁྲུངས་མ་ཐག་ཕྱོགས་རྣམས་སུ་གོམ་པ་བདུན་བདུན་བོར་ནས་གསུངས་བྱོན་
(༤༥༧)པ་ལྟ་བུའོ། ༡༡། གཏན་ལ་དབབ་པར་བསྟན་པའི་སྡེ་ནི། ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཇི་ཙམ་དུ། དོན་ལ་དབབ་པར་བྱེ་བྲག་ཕྱེ་ཏེ་མཚན་ཉིད་གཏན་ལ་དབབ་པར་བསྟན་པའོ། ༈། ཡང་ན། གསུང་རབ་ཡན་ལག་དགུ་སྟེ། རྟོགས་པ་བརྗོད་པའི་སྡེ་ནི། མདོའི་སྡེ་ལ་བསྡུས། གླེང་གཞིའི་སྡེ་ནི་དེ་ལྟ་བུ་བྱུང་བའི་སྡེ་ལ་བསྡུས་གཏན་ལ་དབབ་པའི་སྡེ་ནི་ཤིན་ཏུ་རྒྱས་པ་ཉིད་ལ་བསྡུས་པས་དགུའོ། ༈། འདི་རྣམས་སྡེ་སྣོད་གསུམ་དུ་འདུས་ཏེ། མདོ་སྡེ། དབྱངས་བསྙན། ལུང་བསྟན། ཚིགས་བཅད་ལྔ་ནི་ཉན་ཐོས་ཀྱི་མདོ་སྡེའོ། །གླིང་གཞི་ནི་བྱུང་བ་དང་བཅས་པའི་བསླབ་པ་གསུངས་པས་འདུལ་བའི་སྡེ་སྣོད་གཙོ་བོ་ཡིན་ལ། རྟོགས་པ་བརྗོད་དང་། དེ་ལྟ་བུ་བྱུང་བ་དང་། སྐྱེས་རབས་གསུམ་ནི་འཁོར་ཡིན་པས་ཐེག་པ་ཆེ་ཆུང་གཉིས་ཀའི་འདུལ་བའི་སྡེ་སྣོད་དོ། །ཤིན་ཏུ་རྒྱས་པ་དང་། རྨད་དུ་བྱུང་བ་གཉིས་བྱང་སེམས་ཀྱི་མདོ་སྡེའི་སྡེ་སྣོད་དོ། །གཏན་ལ་དབབ་པ་ནི་ཐེག་པ་ཆེ་ཆུང་གཉིས་ཀའི་མངོན་པའི་སྡེ་སྣོད་ཏེ་ཆོས་ཐམས་ཅད་འབྱེད་པའི་རྒྱུར་འགྱུར་བའོ། ༈། ད་ནི་ལམ་བསྒྲུབ་པ་བཤད་པ་ལ། སྐྱབས་འགྲོ་དང་། སེམས་བསྐྱེད། སེམས་བསྐྱེད་ཀྱི་བསླབ་བྱའི་ཚུལ་ཁྲིམས་རྣམས་ནི་བཤད་ཟིན་ལ་བསྒྲུབ་པའི་བསླབ་བྱ་ཕར་ཕྱིན་བཅུ་ནི་འོག་
(༤༥༨)ནས་འཆད། ༈དེ་དག་ལས་གཞན་ཡང་ཆོས་ཀྱི་རྣམ་གྲངས་འགའ་ཞིག་འཆད་དོ། །ཇི་སྐད་དུ། ཀུན་དགའ་ར་བ་གཙུག་ལག་ཁང་། །མལ་སྟན་འཚོ་བ་གནས་མལ་དང་། །བློ་བུར་ནད་པ་ནད་གཡོགས་དང་། །ཡུལ་ངན་ཚེ་ན་སྦྱིན་པ་ནི། །རྫས་ལས་བྱུང་བའི་བསོད་ནམས་བདུན། ༈། བཞུགས་དང་གཤེགས་བརྩམ་ལམ་ཞུགས་དང་། །ཕྱིན་པ་ཐོས་དང་མཐོང་བ་དང་། །ཆོས་ཐོབ་བསླབ་པའི་གཞི་འཛིན་ལས། །དགའ་དང་དད་པ་བསྐྱེད་པ་ནི། །རྫས་ལ་མ་ལྟོས་བསོད་ནམས་བདུན། །ཞེས་གསུངས་སོ། ༈། ཆོས་སྤྱོད་བཅུ་ནི། ཆོས་སྤྱོད་མངོན་པར་རྟོགས་པའི་རྒྱུད་སོགས་ནས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་བཤད་དང་བརྩམ་པ་དང་། །ཀློག་དང་ཁ་ཏོན་བྱེད་པ་དང་། །ཆོས་སེམས་པ་དང་དོན་བསྒོམ་པ། །འདི་བཅུ་ཆོས་ཀྱི་སྒོ་མོ་ཡིན། །ཞེས་པས། ཐེག་པ་ཆེན་པོའི་གསུང་རབ་ཡི་གེར་འདྲི་བ་དང་། ༡དེ་ལ་མཆོད་པ་འབུལ་བ་དང་། གཞན་ལ་སྦྱིན་པ་བཏང་བ་དང་། གཞན་ལ་ཀློག་བཅུག་ནས་ཉན་པ་དང་། ཚིག་དོན་གཞན་ལ་ཕྱིན་ཅི་མ་ལོག་པར་བཤད་པ་དང་། དེའི་དགོངས་འགྲེལ་སོགས་ཕྱིན་ཅི་མ་ལོག་པར་བརྩམ་པ་དང་། རང་གིས་གུས་པའི་ཀློག་པ་དང་།
(༤༥༩)རྒྱུན་དུ་ཁ་ཏོན་དུ་བྱེད་པ་དང་། རིག་པས་དཔྱད་དོ་དོན་ལ་སེམས་པ་དང་། མཉམ་པར་བཞག་པའི་ཤེས་རབ་ཀྱིས་དོན་བསྒོམ་པ་དང་བཅུའོ། །ཡང་ན་བརྩམ་པའི་མལ་དུ་བློ་ལ་ལོན་པའང་དབུས་མཐའ་རྣམ་འབྱེད་ལས་གསུངས་སོ། །ཆོས་སྤྱོད་བཅུ་ལ་བསླབ་ས་བཅུ་ཡང་གསུངས་སོ། ༈། འགྲོ་དོན་བཅུ་ནི། སྤྱན་རས་གཟིགས་ཀྱིས། རྟེན་གསུམ་བཞེངས་དང་སྲོག་འདོན་ཟམ་པ་བཙུག། མཆོད་སྦྱིན་ཁྲུས་དང་བསྐོར་བ་ཚུལ་ཁྲིམས་དང་། །འགྲོ་བའི་དོན་དུ་བརྩོན་པ་ང་ཡི་སྲས། །ལུས་དེ་བོར་ནས་བདེ་བ་ཅན་དུ་སྐྱེ། །ཞེས་གསུངས། ༈འཕགས་པའི་ནོར་བདུན་ནི། དད་པ་ཆུ་བོ་ལྟར་རྒྱུན་ཆད་མེད་པའི་ནོར་དང་། ༡ཚུལ་ཁྲིམས་མེ་ཏོག་ལྟར་གཙང་ཞིང་མཛེས་པའི་ནོར་དང་། ༢ཐོས་པ་རྒྱ་མཚོ་ལྟར་ཆོག་མི་ཤེས་པའི་ནོར་དང་། ༣གཏོང་བ་ནོར་བུ་ལྟར་དགོས་དགུ་འབེབ་པའི་ནོར་དང་། ༤ཤེས་རབ་ཤེལ་གོང་ལྟར་དྲི་མ་མེད་པའི་ནོར་དང་། ༥། ཁྲེལ་ཡོད་པ་ཕ་ལྟ་བུ་དང་ངོ་ཚ་ཡོད་པ་མ་ལྟ་བུ་མི་བསླུ་བའི་ནོར་གཉིས་དང་བདུན་ནི། འཇིག་རྟེན་ལས་འདས་པའི་ནོར་རྣམས་སོ། །དམ་ཚིག་གསུངས་ཀྱང་ཤེས་རབ་གྲགས་ཆེ་ཕྱིར་བྲིས། དེ་དག་ནི་སྒྲུབ་པར་བྱའོ། ༈། སྤང་བར་བྱ་བ་ནི་སྡིག་པ་མི་དགེ་བ་སྟེ། སྤྱིར་སྡིག་པ་ཐམས་ཅད་
(༤༦༠)ནི་ཡིད་ཀྱི་ཀུན་སློང་ལ་རགས་ལས་ཏེ། ཡིད་གཙོ་བོ་ཡིན། ལུས་ངག་གཉིས་ནི་བྲན་ཡིན། དེའང་སྡིག་པ་མི་དགེའི་རིགས་རྣམས། རང་གིས་བྱས་པ་དང་། གཞན་ལ་བྱེད་བཅུག་པ་དང་། བྱེད་པ་ལ་རྗེས་སུ་ཡི་རང་བ་རྣམས་མི་དགེ་བའོ། །དེར་མ་ཟད། ཆོས་ལ་ཐོས་བསམ་བསྒོམ་གསུམ་སོགས་བྱས་པའང་ཉོན་མོངས་ཀྱི་ཀུན་སློང་གིས་བསྐྱེད་ན་མི་དགེ་བའོ། ༈། སྡིག་པ་བཤགས་ན་འདགས་པའི་དཔེ་ནི། ཆུ་སྙོགས་མ་ཅན་ལ་ནོར་བུ་ཆུ་དྭངས་བཅུགས་པ་དང་མཚུངས་པར་གསུངས། ༈སྡིག་པ་བཤགས་ཐབས་གཉེན་པོར་སྟོབས་བཞི་སྟེ། དང་པོ། རྣམ་པར་སུན་འབྱིན་པའི་སྟོབས་ནི། སྔར་བྱས་ལ་འགྱོད་པའོ། །དེ་ལ་འགྱོད་ཚུལ་གསུམ་སྟེ། བདག་གི་སྡིག་པ་དེ་དག་དགྲ་འདུལ། གཉེན་སྐྱོང་ནོར་རྫས་ཀྱི་ཆེད་དུ་བྱས་པ་དོན་མེད་དོ། །བདག་ཤི་བའི་རྗེས་སུ་དེ་དག་ནི་མི་འགྲོགས། སྡིག་པས་ནི་བདག། སྡུག་བསྔལ་བའོ། །ཞེས་འགྱོད་དོ། ༈། ཡང་སྡིག་པའི་འབྲས་བུ། བདག་འཆི་ཀ་གནད། གཅོད་ཀྱི་སྡུག་བསྔལ། ཤི་ནས་བར་དོ་དང་ངན་སོང་དུ་སྐྱེ་བའི་འཇིགས་སྐྲགས་ལ་བསམ་ཏེ་འགྱོད་ཏོ། ༈། ཡང་། སྡིག་པ་དེ་ཕྱིས་ག་ལེར་བཤགས་ལོང་མེད་དེ་འཆི་བདག་བློ་བུར་དུ་འོང་བར་བསམ་ཏེ་འགྱོད་ཏོ། ༈། གཉེན་པོར་ཀུན་ཏུ་སྤྱོད་པའི་སྟོབས་ནི། སྡིག་པའི་གཉེན་པོར་སྟོང་ཉིད་བསྒོམ་པ།
(༤༦༡)མདོ་སྡེ་འདོན་པ་སྔགས་བཟླ་བ། མཆོད་རྟེན་ལ་མཆོད་པ། སྐུ་གཟུགས་བཞེངས་པ། ཆོས་སྤྱོད་བཅུ་སོགས་བྱའོ། །དེས་ནི་འདམ་རྫབ་ཏུ་ལྷུང་བ་བཏོན་ནས་ཁྲུས་བྱས་པ་ལྟར་དག་པར་འགྱུར་རོ། ༈། ཆུར་ལོན་ནི་ཉེས་པ་བཟློག་པའི་སྟོབས་ནི། ཕྱིན་ཆད་མི་བྱེད་པ་སྡོམ་སེམས་དམ་སོ་བྱའོ། །དེས་ནི་ཆུ་བོ་འོམ་ཁ་བསྒྱུར་བ་དང་འདྲའོ། ༈། རྟེན་གྱི་སྟོབས་ནི། དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པར་བྱའོ། །དེས་ནི་ཁ་ཉེན་པོས་དབང་པོ་ཆེ་ལ་འཇུས་པའོ། །དུག་ལ་སྔགས་ཀྱིས་བཏབ་པ་དང་མཚུངས་སོ། ༈། སྡིག་པ་དགེ་བའི་རྟག་དགུ་ནི། རྨི་ལམ་དུ། མི་གཙང་བ་སོགས་ཟག་པ་དང་། ༡ཞོ་འོ་མ་སོགས་ཟ་བ། ༢ཞོ་འོ་མ་སྒྱུགས་པ་དང་། ༣ཉི་ཟླ་མཐོང་བ་དང་འོང་བ་དང་། ༤མར་མེ་འབར་བ་དང་། ༥དུག་བཅས་སྐྱེས་བུ་ནག་པོ་ཕམ་པར་བྱས་པ་དང་། ༦དགེ་སློང་དང་དགེ་སློང་མ་མཐོང་བ་དང་། ༧འོ་མའི་ཤིང་དང་། གླང་ཆེན་སེངྒེ་དང་། ཁང་བཟང་ལ་འཛེག་པ་དང་། ༨ཆོས་ཉན་པ་དང་དགུའོ། ༈། དེ་ནས་ལམ་དངོས་སྒྲུབ་པའི་ཐོག་མར་ཞི་གནས་བསྒོམ་པ་ལ། ཞི་གནས་ཀྱི་འཇོག་ཚུལ་དགུ་ནི་དེ་དང་དེ་ལ་སེམས་འཇོག་གོ། །རྒྱུན་དུ་འཇོག་གོ། །བླན་ཏེ་འཇོག་གོ། །ཉེ་བར་འཇོག་གོ། །འདུལ་བར་
(༤༦༢)བྱེད་དོ། །ཞི་བར་བྱེད་དོ། །རྣམ་པར་ཞི་བར་བྱེད་དོ། །རྩེ་གཅིག་ཏུ་བྱེད་དོ། །མཉམ་པར་འཇོག་གོ། །ཞེས་ཚིག་དགུ་སྨོས་སོ། །དེ་ལ་འཇོག་ཅེས་བྱ་བ་ནི། དམིགས་པ་ལ་སེམས་འཇོག་པའོ། །རྒྱུན་དུ་འཇོག་ཅེས་བྱ་བ་ནི། དམིགས་པ་དེ་ཉིད་ལ་རྒྱུན་དུ་འཇོགས་པའོ། །བླེན་ཏེ་འཇོག་ཅེས་བྱ་བ་ནི། རྣམ་པར་གཡེང་བ་ཤེས་ནས་དེ་སྤོང་བའོ། །ཉེ་བར་འཇོག་ཅེས་བྱ་བ་ནི་རྣམ་པར་གཡེང་བ་སྤངས་ཏེ་ཕྱིར་ཕྱིར་བརྟུན་ཏེ་དམིགས་པ་དེ་ལ་འཇོག་པའོ། །འདུལ་བར་བྱེད་དོ་ཞེས་བྱ་བ་ནི་དགའ་བ་བསྐྱེད་པའོ། །ཞི་བར་བྱེད་ཅེས་བྱ་བ་ནི། རྣམ་པར་གཡེང་བའི་ཉེས་པ་མཐོང་ནས་མི་དགའ་བར་རབ་ཏུ་ཞི་བར་བྱེད་དོ། །རྣམ་པར་ཞི་བར་བྱེད་པ་ནི། རྨུག་པ་དང་གཉིད་ལ་སོགས་པ་ལངས་པ་རྣམས་སེལ་བའོ། །རྩེ་གཅིག་ཏུ་བྱེད་པ་ནི། མངོན་པར་འདུ་བྱེད་མེད་པས་འཇུག་པར་འབད་པའོ། །མཉམ་པར་འཇོག་ཅེས་བྱ་བ་ནི། སེམས་མཉམ་པར་གྱུར་པ་ན་བཏང་སྙམས་སུ་བྱེད་པ་སྟེ། མཉམ་པར་འཛིན་ཅེས་བྱ་བའི་ཐ་ཚིག་གོ། །འདི་རྣམས་ཀྱི་དོན་ནི། འཕགས་པ་བྱམས་པ་སོགས་ཀྱིས་གསུངས་བཞིན་ཀ་མ་ལའི་བསྒོམ་རིམ་ལས་བཤད་དོ། ༈། ལམ་ལྔ་བཤད་པ་ནི། ཐར་རྒྱན་ལས། ཚོགས་ཀྱི་ལམ་དང་། སྦྱོར་ལམ་དང་། མཐོང་བའི་ལམ་དང་། བསྒོམ་ལམ་
(༤༦༣)དང་། ཡོངས་སུ་མཐར་ཕྱིན་པ་ཡི་ལམ་ལྔ་ཡིས་ལམ་རྣམས་ཡོངས་སུ་བསྡུས། ཤེས་པའོ། །འདིར་ལམ་བགྲོད་ཚུལ་ཐེག་ཆེན་བྱང་སེམས་ཀྱི་ལམ། རྗེ་དྭགས་པོའི་ལུགས་ཀྱི་མོས་གུས་ཕྱག་ཆེན་གྱི་ལམ་བགྲོད་ཚུལ་གུང་བསྟུན་ནས་འཆད་ན་སྒོམ་ཆེན་རྣམས་ཀྱི་རྒྱུད་ཐོག་ཏུ་འབྱོར་བ་སོགས་ཤིན་ཏུ་ལེགས་པར་སེམས་པས་བྲིའོ། །མཆན། ༈དེ་ལ་དང་པོ། ཚོགས་ལམ་ནི། སྦྱོར་ལམ་དྲོད་ཀྱི་ཡེ་ཤེས་མ་སྐྱེས་བར་དུ་དགེ་བའི་ཚོགས་བསགས་པས་ན་ཚོགས་ལམ་ཞེས་བྱའོ། །ཐར་པ་ཆ་མཐུན་གྱི་དགེ་རྩ་ཞེས་ཀྱང་བྱའོ། །ལམ་ལྔ་པོ་རྣམས་བྱང་ཕྱོགས་སོ་བདུན་གྱིས་བགྲོད་པའི་དབང་དུ་བཤད་ན། དང་པོ་ཚོགས་ལམ་ཆུང་ངུའི་ལམ་དྲན་པ་ཉེ་བར་བཞག་པ་བཞི་སྔར་ཉན་ཐོས་སྐབས་བཤད་པ་བཞིན་རྗེས་ཐོབ་དུས་བསྒོམ་ལ། མཉམ་བཞག་ཏུ་ནི། རྣམ་པར་མི་རྟོགས་པས། ལུས་ཚོར་སེམས་ཆོས་ཀྱི་རང་བཞིན་མི་དམིགས་པའི་དྲན་པ་ཉེ་བར་བཞག་པ་སྟེ་དོན། འདི་ནི། འདས་མ་འོང་གི་རྟོགས་པས་མི་གཡེངས། ད་ལྟ་ཐད་ཀའི་ཤེས་པ་རིག་ཙམ་དེའི་སྟེང་དུ་རང་ངོ་བཟོད་མེད་དུ་སྤང་བླང་བྲལ་བར་སོ་མའི་ངང་ན་ཡིན་མིན་གྱི་རེ་དོག་མེད་པར། དྲན་པའི་སོ་ས་།། །མ་ཤོར་ཙམ་དེའི་མཚན་ཉིད་མཐོང་བྱ་མཐོང་མཁན་མེད་པར། རང་བབས་སུ་སྐྱོང་བ་ཡིན། ༈ཚོགས་ལམ་འབྲིང་པོར་སྔ་མའི་ཤེས་རབ་དེ་ལ་འགལ་བའི་ཕྱོགས་ངོས་མཚན་དུ་འཛིན་པའམ་ཡིན་ཏེ་
(༤༦༤)མིན་དགོས་ཀྱི་ལྟ་ཉུལ་གྱི་འདོད་བཟོ་མ་སྐྱེས་པ་མི་སྐྱེད་ཅིང་། སྐྱེས་ནའང་རང་ངོ་ལ་བཟོ་མེད་དུ་འཇོག་པས་སྤོང་བའི་བརྩོན་འགྲུས་བསྐྱེད་པ་དང་། གཉེན་པོའི་ཕྱོགས་ངོ་བོ་ངོས་བཟུང་མེད་པ་ཉོན་མོངས་སོགས་རྣམ་རྟོག་གི་རང་བཞིན་བློས་བཟུང་བྱའི་ཡུལ་དུ་མ་གྲུབ་པའི་ཉམ་དེ་འདྲའི་བོགས་མ་སྐྱེས་ན། སྐྱེད་པའི་ཐབས་སུ། བླ་མ་ལ་མོས་གུས། སེམས་ལ་སྙིང་རྗེ་ཚེ་འདི་ལ་ཞེན་ལོག། རི་མཚམས་དང་། འདག་ཆར་སོགས་ཀྱི་བརྩོན་པ་དང་། སྐྱེས་པ་དེ་གཡས་ཆུང་ངུ་མ་ཤོར་བར་ཉིན་མཚན་འགྲོ་འཆག་གང་གི་སྐབས་སུའང་། དྲན་ཤེས་བཞིན་གྱི་བརྩོན་པ་བསྐྱེད་དེ་ཡང་དག་སྤང་བ་བཞིའོ། ༈། ཚོགས་ལམ་ཆེན་པོར་ནི། སྔ་མའི་བརྩོན་འགྲུས་དེས་རྒྱུད་ཀྱི་ལས་སྒྲིབ་བསྲབ་པས། ནང་ཏིང་ངེ་འཛིན་དུ་འཇོག་པ་ལ་སྤྲོ་བ་དང་། མོས་པས་དེའི་སྟོབས་ཀྱིས་རྩེ་གཅིག་པ་ནི་འདུན་པའི་ཏིང་ངེ་འཛིན་དང་། ཉམ་ལེན་དང་མི་མཐུན་པའི་འཇིག་རྟེན་ཆོས་བརྒྱད་སོགས་ལ། མེ་དང་དུག་ལྟར་སྤང་ཞིང་། སྤང་བྱ་གང་དང་འཕྲད་པ་དེའི་གཉེན་པོའི་བསམ་སྦྱོར་ལྷག་པར་འཕེལ་བ་རྒྱུན་མི་གཅོད་པའི་འབད་པ་རྩེ་གཅིག་ཐོབ་པ་ནི། ཏིང་ངེ་འཛིན་འཐོབ་བྱེད་ཀྱི་བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་དང་། དེ་ལྟར་སྦྱངས་པ་སྐྱེས་སྟོབས་ཀྱིས་སེམས་ཉིད་ཀྱིས་སེམས་རྩ་བྲལ་དུ་འཛིན་པ་ལ་རྩེ་གཅིག་པ་ནི། སེམས་ཀྱི་ཏིང་ངེ་འཛིན་
(༤༦༥)དང་། ཐོས་བསམ་གྱིས་བདག་མེད་གཉིས་འོལ་སྤྱི་སྤྱོད་པ་དེ་སེམས་དང་སྣང་བའི་འཛིན་པ་ཞིག་པའི་སྒོམ་ཉམས་ཀྱི་ཐེ་ཚོམ་ཞིག་པའི་དམིགས་རྣམས་རབ་ཏུ་འབྱེད་པའི་གོ་མ་འགགས་པ་རྩེ་གཅིག་པ་ཉིད་ནི་སྤྱོད་པའི་ཏིང་ངེ་འཛིན་རྫུ་འཕྲུལ་གྱི་རྐང་པ་སྟེ། དེ་བཞིས་ཚོགས་ལམ་མཐར་ཕྱིན་པར་བྱེད་དོ། ༈། དེ་ནས་སྦྱོར་ལམ་ངེས་འབྱེད་ཅེས་པ་ཉོན་མོངས་མཐོང་སྤོང་འབྱེད་བྱེད། མཐོང་ལམ་ཡིན་པ་དེ་དང་ཆ་མཐུན་ཅིང་། དེར་སྦྱོར་བྱེད་ཀྱི་ལམ་སྟེ། དང་པོར་ཆོས་ཀུན་སྟོང་སྟོང་པའམ། བདག་མེད་པར་རྟོགས་པའི་གསལ་སྣང་སྐྱེ་སྟེ། དེའང་སྟོང་འཛིན་དང་མེད་འཛིན་ཙམ་མ་ཡིན་པར་དྲན་པས་ཟིན་ཙམ་ངོས་བཟུང་བྲལ་བ་ལ། ཡིད་དཔྱོད་ཀྱི་སླད་མ་ཞུགས་པ་དེ་ཀས་ཆོག་པའི་རང་གྲོལ་གྱི་ཉམས་དྲོད་ཀྱི་ཡེ་ཤེས་ཡིན་ཅིང་། དེ་བརྟན་དུ་སོང་བ་རྩེ་མོ་དང་། ཆོས་ཐམས་ཅད་ཀྱི་སྐྱེ་འགགས་གནས་པ་གང་ལའང་ཡིན་མིན་གྱི་ཁུ་ཕྲིག་མེད་པའི་བློ་འདས་གཅིག་པུར་གྱུར་པས་གནས་ལུགས་ལ་སྐྲག་པ་མེད་པའི་བཟོད་པ་ཞེས་བྱ་བ། མཐོང་ལམ་སྐྱེ་བར་བར་ཆད་མེད་ལམ་གྱི་ཏིང་ངེ་འཛིན་ནི། འཇིག་རྟེན་པའི་ཆོས་རྣམས་ཀྱི་མཆོག་སྟེ། ངེས་འབྱེད་བཞིའི་ཆོས་དང་གང་ཟག་གི་བདག་
(༤༦༦)གཉིས་སྟོང་པའི་ཆོས་དབྱིངས་མངོན་སུམ་དུ་མཐོང་བ་ནི་མིན་ཡང་། དྲོད་ཀྱི་སྐབས་གསལ་སྣང་དང་པོར་སྐྱེ་བ་སོགས་རིམ་གྱིས་ཆོས་དབྱིངས་ཇེ་གསལ་གྱི་སྣང་བ་ཡིན་ནོ། །དེའི་ཚེ་བདག་གཉིས་ཀྱིས་སྟོང་པའི་དོན་ལ་མ་དད་པ་དང་། ལེ་ལོ་དང་བརྗེད་ངས་དང་རྣམ་གཡེང་དང་། རྨོངས་པའི་གཉེན་པོར། དྲོད་དང་རྩེ་མོའི་དུས། བདག་འཛིན་གཉིས་ཀྱིས་སྟོང་པའི་དོན་ལ་ཡིད་ཆེས་ཀྱི། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་འཛིན་དང་། ཤེས་རབ་ཀྱི་དབང་པོ་ལྔ་བསྒོམ་མོ། ༈། འཕགས་པ་བློ་གྲོས་མི་ཟད་པའི་མདོ་ལས། བཙུན་པ་ཤ་རྭ་དྭ་ཏའི་བུ། གཞན་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་པོ་ལྔ་རྣམས་མི་ཟད་པ་སྟེ་དེ་ལ་དབང་པོ་ལྔ་གང་ཞེ་ན། གང་འདི། དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོའོ། །དེ་ལ་དད་པའི་དབང་པོ་གང་ཞེ་ན། དད་པ་གང་གིས་ཆོས་བཞི་ལ་དད་པ་སྟེ། བཞི་གང་ཞེ་ན་འདི་ལྟ་སྟེ། འཁོར་བ་ན་སྤྱོད་པའི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་དད་པ་སྟེ། ༡དེ་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ་ཡིན། དགེ་བའི་སྡིག་
(༤༦༧)པའི་ལས་གང་དང་གང་བྱས་པ་དེ་དང་། དེའི་རྣམ་པར་སྨིན་པ་མྱོང་བར་འགྱུར་རོ། །སྙོམས་ཏེ་སྲོག་གི་ཕྱིར་ཡང་སྡིག་པ་མི་དགེ་བའི་ལས་མི་བྱེད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་དད་པ་སྟེ། ༢སྤྱོད་པ་དེ་ལ་ཞུགས་ནས་ཀྱང་། ཐེག་པ་གཞན་ལ་འདོད་པ་མི་སྐྱེད་པ་དང་། ཆོས་ཐམས་ཅད་ལ་དོན་དམ་པ་ངེས་པའི་དོན་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བ། བདག་མེད་པ། སེམས་ཅན་མེད་པ། སྲོག་མེད་པ། གསོ་བ་མེད་པ་གང་ཟག་མེད་པར་རྣམ་པར་དཔྱོད་པ་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་མཚན་ཉིད་དུ་དད་པ་སྟེ། ༣ལྟ་བར་གྱུར་པ་ཐམས་ཅད་ལ་ཉལ་བར་མི་བྱེད་པ་དང་། སྟོབས་དང་མི་འཇིགས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དད་པ་སྟེ། ༤དད་པའི་ཕྱིར་ཐེ་ཚོམ་དང་ནེམ་ནུར་དང་བྲལ་བས་སངས་རྒྱས་ཀྱི་ཆོས་དེ་དག་ཡང་དག་པར་བསྒྲུབ་པ་སྟེ། འདི་ནི་དད་པའི་དབང་པོ་ཞེས་བྱའོ། །དེ་ལ་བརྩོན་འགྲུས་ཀྱི་དབང་པོ་གང་ཞེ་ན་ཆོས་གང་ལ་དད་པའི་དབང་པོས་དད་པར་འགྱུར་བའི་ཆོས་དེ་དག་བརྩོན་འགྲུས་ཀྱི་དབང་པོས་ཡང་དག་པར་བསྒྲུབ་པ་སྟེ། འདི་ནི་བརྩོན་འགྲུས་ཀྱི་དབང་པོ་ཞེས་བྱའོ། །
(༤༦༨)དེ་ལ་དྲན་པའི་དབང་པོ་གང་ཞེ་ན། ཆོས་གང་བརྩོན་འགྲུས་ཀྱི་དབང་པོ་ཡང་དག་པར་བསྒྲུབ་པའི་ཆོས་དེ་དག་དྲན་པའི་དབང་པོ་ཆུད་མི་གསན་ཏེ། འདི་ནི་དྲན་པའི་དབང་པོ་ཞེས་བྱའོ། །དེ་ལ་ཏིང་ངེ་འཛིན་གྱི་དབང་པོ་གང་ཞེ་ན། དྲན་པའི་དབང་པོས་ཆོས་གང་ཆུད་མི་གསོན་པའི་ཆོས་དེ་དག་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་པ་དེ། འདི་ནི་ཏིང་ངེ་འཛིན་གྱི་དབང་པོ་ཞེས་བྱའོ། །དེ་ལ་ཤེས་རབ་ཀྱི་དབང་པོ་གང་ཞེ་ན། ཆོས་གང་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱས་པ་དེ་དག་ཤེས་རབ་ཀྱི་དབང་པོས་རབ་ཏུ་རྟོགས་ཤིང་། ཤིན་ཏུ་རྟོགས་པར་བྱེད་དེ། ཆོས་གང་དེ་དང་དེ་དག་ལ་གཞན་གྱིས་དྲིན་མིན་འཇོག་པར་ཤེས་ཤིང་སོ་སོར་རང་གི་ཤེས་པ་འདི་ནི་ཤེས་རབ་ཀྱི་དབང་པོའི་ཞེས་བྱའོ། །དེ་ལྟར་ན་དབང་པོ་ལྔ་པོ་འདི་ལྷན་ཅིག་འགྲོགས་ཅིང་འབྲེལ་བ་སྟེ་སངས་རྒྱས་ཀྱིས་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །ལུང་བསྟན་པའི་པར་ཡང་བཞག་གོ། །ཞེས་གསུངས་སོ། ༈། དེ་ནས་བཟོད་པ་དང་། ཆོས་མཆོག་གི་སྐབས་སུ། མ་དད་པ་དང་། ལེ་ལོ་དང་། བརྗེད་ངས་དང་། རྨུགས་པ་དང་། ཚུལ་མིན་ཡིན་བྱེད་རྣམས་འཇོམས་ཤིང་ཅུང་ཟད་གཡོ་བར་མི་ནུས་པའི་སྟོབས་ལྔ་བསྒོམ་པ་
(༤༦༩)ཡིན་ལ། འདི་སྐབས་དད་པ་ཡང་སྣང་གྲགས་རྟོགས་གསུམ་བླ་མར་ཤར་བ་ཆོས་གང་ལའང་ལོག་ལྟ་སྟེ་སྤང་བླང་གི་ཡུལ་དུ་མི་འཆར་བ་གོ་བ་ཙམ་མ་ཡིན་པ་ནང་ནས་བཟང་ངན་གྱི་ཞེན་འཛིན་རང་ཞི་སོང་བ་དང་། དྲན་པའང་སྔར་བརྩོན་པས། དྲན་འདུན་བློས་བཟུང་བར་ལྟོས་དགོས་པ་དེ་དག་ནས། སྩོལ་མེད་ཀྱི་དྲན་པ་ཞེས་སྔར་གྱི་དྲན་པའི་ཤུལ་དུ་བློ་འདས་ཀྱི་ཉམས་དེས་ཆོག་པས། སྤང་གཉེན་གྱི་རྣམ་པའང་མ་སྐྱེས་པའི་དོན་དུ་ཐག་ཆོད་པའི་མྱོང་བྱ་མྱོང་བྱེད་དམིགས་སུ་མེད་པ་ཁོ་ནས་ཆོག་པའི་སྐབས་ཡིན། དེའི་ཚེ་ཏིང་ངེ་འཛིན་འབའ་ཞིག་ལས་ཉིན་མཚན་མི་འདའ་བ་ཡོད་ཀྱང་། སྩོལ་བ་རག་པ་མེད་པ་ལས། ཆོས་ཉིད་ཀྱི་གདང་གསལ་དྭངས་འཆར་བ་བཅས་པའམ་ཚེ་མཉམ་བཞག་དང་། འདི་ལྟར་ཡོངས་སོ་སྙམ་པའི་སྤུ་རིས་མིད་འབྱེད་ཡང་། ཐམས་ཅད་ནམ་མཁའ་ལྟར་རྩ་བྲལ་དུ་མ་ཤར་བའི་སྐབས་དེ་རྗེས་ཤེས་ཡིན་ཕྱིར། ཡང་དག་བརྩོན་འགྲུས་ཏེ་ཆོས་སྐུའི་མོས་གུས་དང་། །དམིགས་མེད་སྙིང་རྗེའི་རྩལ་སྦྱངས་དང་རོ་སྙོམས་ཀྱི་བོག་བདེན་པའི་སྙིང་རུས་ཆེན་པོས་སྒྲུབ་པར་གལ་ཆེ་ལ་ཡང་དག་བརྩོན་འགྲུས་ཤེས་གསུངས་པའང་། དེ་སྔ་ཕན་གྱི་བརྩོན་འགྲུས་རེས་མོས་ལ་ནི། བློ་ཡི་
(༤༧༠)རི་དོག་ཞེན་པའི་ཆ་སྤང་བླངས་ཆགས་སྡང་གིས་སྒྲིབ་གིན་ཡོད་པ་ཡིན། སྐབས་འདིར་ནི་ཆུ་དང་ནམ་མཁའི་རི་མོ་ལྟར། བརྩོན་པ་དེ་ཡང་བློ་འདས་སུ་གྲོལ་ཏེ་སྤྲོས་བྲལ་ཉིད་དུ་སྐྱོ་དུབ་མེད་པར་ཤུགས་འབྱུང་སྐྱེ་བའི་དོན་ཏོ། ༈། དེ་ནས་ཤེས་རབ་དེས་ཆོས་ཐམས་ཅད་ཟག་མེད་ཡིན་མིན་གྱི་ཁུ་འཕྲིག་ལས་གྲོལ་བས། བརྡར་བཏགས་པ་མངོན་ཞེན་མི་སྐྱེ་བའི་ཡང་དག་ཤེས་རབ་སྟེ། འདི་བཞི་སོ། །ཆོས་མཆོག་གི་སྐབས་སུ་ཉམས་ཤས་ཆེ་བ་ཡིན་ལ། དེའི་རྗེས་ཐོག་ནས་མངོན་སུམ་རྟོགས་པ་ལ་མཐོང་ལམ་དུ་བྱང་ཆུབ་ཡན་ལག་གི་མཚན་འཕོ་བའི་དབྱེ་བ་ཡོད་དོ། ༈། དེའང་མཐོང་ལམ་མ་ཐོས་པ་ནི་བྱིས་པ་སྟེང་མུས་ལོང་གིས་གཟུགས་མ་མཐོང་བ་དང་འདྲ་ལ། མཐོང་ལམ་ནི་མིག་ཕྱེས་ནས་གཟུགས་མཐོང་བ་ལྟ་བུ་དང་། དེའི་མཐོང་བྱ་ནི་བདེན་པ་བཞིའི་ཆོས་ཉིད་ཡིན་ཅིང་། བདེན་བཞི་ཡང་སྤྱིར་བཤད་ལུགས་སྣ་ཚོགས་འབྱུང་ཡང་། །ཚིག་གི་སྒྲོ་འདོགས་ལས་རྒྱུད་ལ་འབྱོར་བའི་གོ་བ་མི་འཆར་ཞི། འདིར་གསལ་བར་འཆད་ན། འོ་ཀོལ་ལ་རྣམ་རྟོགས་བདེ་སྡུག་བཏང་སྙོམས་གསུམ་དུ་འཆར་བ་ནི། སྡུག་བསྔལ་ཡིན་ཀྱང་། །བྱིས་པ་རྣམས་མངོན་ཞེན་གྱིས་སྒྲིབ་པས་སྡུག་བསྔལ་དུ་མ་ཤེས་པ་དེ་ལ། བླ་མའི་གདམས་ངག་གིས་རྣམ་རྟོག་རང་ངོ་ལ་བལྟས་ཚེ་
(༤༧༡)འཁྲུལ་པ་ཐམས་ཅད་ཀྱི་རྩ་བ། རྣམ་རྟོག་ཁོ་ནར་ཤེས་པ་ནི། སྡུག་བསྔལ་དུ་ཤེས་པས་བདེན་པའི་དོན་ལ་ཞུགས་པ་ཡིན། དེ་ཡང་རྣམ་རྟོག་དེ་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་འདི་ནི་ཆགས་སྡང་རྨོངས་པའི་བག་ཆགས་ཀྱི་རྒྱུ་བྱས་ནས་སྐྱེས་ཕྱིར། ཀུན་འབྱུང་གི་ངོ་བོ་ཡང་ཆགས་སོགས་གསུམ་ཡིན་ལ། དེའི་རང་ངོ་སྐྱོང་བས་ཆགས་སོགས་སྤང་བྱའི་དྲི་མར་ཤེས་པ་ནི་བདེན་པ་ལ་ཞུགས་པའོ། །དེ་ལྟར་ཚོར་བ་དང་འདུ་ཤེས་ནི་འཁོར་བ་ལུགས་འབྱུང་གི་འབྲུས་དང་རྒྱུའི་རྟེན་འབྲེལ་དུ་ཤེས་ནས། རྣམ་རྟོག་གང་ཤར་གྱི་ངོ་བོ་ལ་བཟོ་བཅོས་མེད་པར་བཞག་ཚེ་ངོས་བཟུང་མེད་པ་ནི་འགོག་བདེན་ཡིན་ལ། སྔ་མ་སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པར་ཤེས་པས་སྡུག་བསྔལ་ཤེས་ཤིང་རྒྱུ་ཀུན་འབྱུང་སྤོང་བའི་འགོག་བདེན་བློ་འདས་ལ་རྩེ་གཅིག་ཏུ་འཇོག་པ་ནི། ལམ་བདེན་ཡིན་ནོ། །དེས་ན་འགོགས་པ་དང་ལམ་བདེན་ནི་རྟེན་འབྲེལ་ལུགས་ལྡོག། མྱང་འདས་ཀྱི་འབྲས་བུ་དང་རྒྱུའི་དོན་ཡིན་ལ། མདོར་ན་སེམས་བག་མེད་དུ་ཡེང་བ་ནི་སྡུག་བསྔལ་ཡིན་ཅིང་། ཡུལ་དང་ཡུལ་ཅན་གྱི་གཟུགས་འཛིན་ནི་ཀུན་འབྱུང་དང་། དུས་གསུམ་སྤྲོས་བཅད་ཀྱི་དྲན་པ་ནི་འགོག་པ་དང་། མཉམ་བཞག་གི་རྒྱུན་མཐུད་པས་ནི་ལམ་གྱི་རིམ་པ་བསྒྲོད་པ་དངོས་པོ། ༈
(༤༧༢)ཐབས་ཀྱི་ཆ་དགེ་རྩ་ལྟ་བུར་ཡང་། སེར་སྣ་ནི་སྡུག་བསྔལ། དངོས་པོའི་བདག་འཛིན་ནི་ཀུན་འབྱུང་། མ་ཆགས་པ་ནི་འགོག་པ། ཡོངས་སུ་གཏོང་བ་ལམ་བདེན་ཡིན་པ་ལྟར་འགྲེའོ། །དེ་ལྟར་ཡུལ་ཆགས་སྡང་སོགས་ཀྱི་ངོ་བོ་ལ་བལྟས་ཚེ་གཞན་དུ་མ་གྲུབ་ཅིང་། ནང་སེམས་ཀྱི་འཆར་སྒོ་ཤེས་པས་དྲོད་ཐོབ་པ་ན། སེམས་དེའང་ངོ་བོ་བརྗོད་དུ་མེད་པར་ངོས་བཟུང་བྲལ་བ་ལས། རྩེ་མོ་དང་བཟོད་པ་ཐོབ་ཅིང་། དེ་ནས་གོང་དུ་སྟོབས་ལྔའི་དོན་བཤད་པས་གཉིས་སྣང་རག་པ་བཅོམ་ནས་ཆོས་མཆོག་གི་ཡེ་ཤེས་དེ། དར་ཡོལ་གྱི་ཕག་གི་དངོས་པོ་མཐོང་བའི་དཔེས་བསྟན་པ་ཡོད་དོ། ༈། དབང་པོ་ལྔ་དེ་སྟོབས་ལྔར་གྱུར་པའི་ཚེ། འཕགས་པ་གཙུག་ན་རིན་ཆེན་གྱི་མདོ་ལས། རིགས་ཀྱི་བུ་དེ་ལ་བྱང་ཆུབ་སེམས་དཔའི་སྟོབས་ཀྱི་སྤྱོད་ཡུལ་ཡོངས་སུ་དག་པ། གང་ཞེ་ན། གང་དབང་པོ་དེ་དག་གིས་ཉེ་བར་བསྟན་ནས། བདུད་ཐམས་ཅད་ཀྱིས་མི་བརྫི་བར་འགྱུར་བ་དང་། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་གཉིས་ཀྱིས་མི་འཕྲོག་པར་གྱུར་པ་དང་། ཐེག་པ་ཆེན་པོ་འདི་ལས་ལྡོག་པར་མི་འགྱུར་བ་དང་། ཉོན་མོངས་པ་ཐམས་ཅད་ཀྱིས་མི་ཐུབ་པར་འགྱུར་བ་དང་། སྔོན་གྱི་དམ་བཅའ་ལ་བརྟན་པར་འགྱུར་བ་དང་། སེམས་ཀྱི་སྟོབས་ཤིན་ཏུ་བརྟན་པར་འགྱུར་བ་དང་། ལུས་ཀྱི་སྟོབས་
(༤༧༣)དང་ལྡན་པར་འགྱུར་བ་དང་། དབང་པོ་རྣམས་རྦད་པར་འགྱུར་བ་དང་། ངག་རྣམས་ཀྱིས་མི་ཚུག་པར་འགྱུར་བ་དང་། ཕྱིར་རྒོལ་བ་ཐམས་ཅད་ཀྱི་མི་བསྐྱོད་པར་འགྱུར་བའོ། །སོགས་གསུངས་སོ། །༈། དེ་ནས། མཐོང་བའི་ལམ་ནི་ཡོལ་བ་བསལ་ན། དངོས་པོ་ཇི་ལྟ་བ་མཐོང་བར་ལྟར་ཡིན་ཀྱང་། སྔར་མཐོང་མ་མྱོང་བའི་དོན་གྱིས་འཕགས་པ་རྣམས་ཀྱིས་དང་པོར་མཐོང་བ་ལ་རྫོགས་པར་བལྟ་བར་མི་ནུས་པ། བཙས་མ་ཐག་པའི་བུ་ཆུང་དེས་ཉི་མའི་དཀྱིལ་འཁོར་མཐོང་ཡང་རྫོགས་པར་བལྟའ་མི་ནུས་པའི་དཔེར་མཛད་ཅིང་། འདིའི་མཉམ་བཞག་ཏུ་སྤྲོས་བྲལ་མངོན་གསུམ་རྟོགས་ལ། རྗེས་ཐོབ་ནི་བཟོད་ཤེས་བཅུ་དྲུག་སྐྱེ་བ་སྟེ། འདིའི་མཉམ་བཞག་སྤྲོས་བྲལ་དེ་ལ་མདོ་སྡེ་ཐེག་ཆེན་པ་དག་གི་མཁྱེན་གསུམ་གྱི་དང་པོ་གཞི་ཤེས་སུ་གསུང་པ་དེ་ཡིན་ལ། སྤྲོས་བྲལ་དེའང་གོ་བའམ། བློ་ཡུལ་ཙམ་མིན་པའི་སྤྲོས་བྲལ་ཉིད་ཀྱི་རང་བཞིན་མེད་པར་རྟོགས་པ་ནི་བྱང་ཆུབ་སེམས་དཔའི་ལམ་ཤེས་ཡིན་ཏེ་འདིས་སངས་རྒྱས་ཀྱི་སར་འགྲོ་བའི་ལམ་དངོས་ཡིན་པའི་དོན་ནོ། ༈། དེ་ལ་མཁྱེན་པ་གསུམ་པ་རྣམ་མཁྱེན་ནི། འདི་འཆད་བྱའི་བཟོད་ཤེས་བཅུ་དྲུག་
(༤༧༤)གམ། ཡེ་ཤེས་སྐད་ཅིག་བཅུ་དྲུག་དང་དོན་གཅིག་པས། མཁྱེན་པ་སྔ་མ་གཉིས་ཀྱང་ཞར་འཕྲོས་སུ་བྱས་པའོ། ༈། དེའང་འདི་ལ་རྣམ་ཀུན་སྐྱེ་མེད་དུ་རྟོགས་པ་ཡིན། ཅིང་རྟོགས་པར་བྱ་རྒྱུའི་རྣམ་པ་གཞི་བདེན་གཞིའི་རྣམ་པ། སྡུག་བསྔལ་བ་མི་རྟག། སྟོང་པ་བདག་མེད་བཞི། རྒྱུ་དང་ཀུན་འབྱུང་རབ་ཏུ་སྐྱེ་བ་སྐྱོན་གྱི་རྣམ་པ་བཞི། འགོག་པ་ཞི་བ་གྱ་ནམ་པ་ངེས་པར་འབྱུང་བ་བཞི། ལམ་རིགས་པ་སྒྲུབ་པ་ངེས་པར་འབྱིན་པ་བཞི་དང་བཅུ་དྲུག་དང་། ཡང་ཐེག་ཆེན་གྱི་ལམ་ཤེས་ཀྱིའམ། མཐོང་ལམ་ན་ཡོད་པའི་རྣམ་པ་སྐད་ཅིག་བཅུ་དྲུག་ཡིན་དེའང་དོན་དམ་དང་། ཀུན་རྫོབ་སོ་སོར་གནས་ལུགས་ཀྱི་རྣམ་པ་གཉིས་ཀྱི། དོན་དམ་གྱི་གནས་ལུགས་ལ་བཅུ་དྲུག་ཕྲག་གཉིས་པོ་སྤྲོས་དང་བྲལ་བར་ཡང་དག་ཏུ་གནས་པ་དེ་ལ་རྣམ་པ་ཞེས་མིང་ཀུན་ཏུ་བཏགས་པ་ཙམ་ཡིན། ཀུན་རྫོབ་ཀྱི་གནས་ལུགས་ཀྱི་རྣམ་པ་ནི། བདེན་བཞིའི་མི་རྟག་སོགས་བཅུ་དྲུག་དང་། མཐོང་ལམ་གྱི་ལམ་ཤེས་སྐད་ཅིག་བཅུ་དྲུག་ཡིན་པའི་ཡེ་ཤེས་བཅུ་དྲུག་ནི་བདེན་བཞིའི་ཡུལ་དུ་བྱས་པའི་ཡུལ་ཅན་བློ། ཆོས་བཟོད་ཆོས་ཤེས་དང་། རྗེས་བཟོད་
(༤༧༥)རྗེས་ཤེས་ཏོ་བཞི་བཞི་ཡོད་པས་བཅུ་དྲུག་ཡིན་པའི་དང་པོ་སྡུག་བསྔལ་བདེན་པའི་སྐད་ཅིག་མ་བཞིའི་ཡུལ་ཅན་ཡེ་ཤེས་བཤད་ན། སྡུག་བསྔལ་དོན་དམ་པར་རང་བཞིན་མེད་པ་སྤྲོས་བྲལ་དུ་རྟོགས་པའི་བློ་ལ་སྡུག་བསྔལ་བདེན་པ་ལ་ཆོས་ཤེས་པའི་བཟོད་པ་སྟེ་སྡུག་བདེན་གྱི་ཆོས་ཉིད་མངོན་སུམ་མཐོང་བའི་ཟབ་མོ་ཀྱི་ཡེ་ཤེས་དེས་སྡུག་བསྔལ་མཐོང་སྤང་བར་བྱེད་ཅིང་། འདིའི་མཇུག་ཐོག་ཏུ་རྣམ་པར་གྲོལ་བའི་ལམ་མངོན་དུ་བྱེད་པས་ན་སྡུག་བསྔལ་ལ་ཆོས་ཤེས་པ་ཞེས་བྱ་ཞིང་། འདི་ནི་སྡུག་བསྔལ་ཉིད་མི་རྟག་པ་ཡིན་ཡང་། ཡང་དག་པར་ནི་མི་རྟག་པར་ཡང་གྲུབ་པ་མེད་པར་རྟོགས་པའི་ཡེ་ཤེས་ཡིན་ནོ། །ཡང་སྡུག་བསྔལ་བདེན་པ་དེ་ཉིད་བདག་དང་དབང་ཕྱུག་སོགས་བྱེད་པོ་མེད་དེ། ཀུན་རྫོབ་ཏུ་ཡང་བྱེད་པོས་སྟོང་པར་རྟོགས་པའི་ངོས་ནས་དེ་སྟོང་པ་དང་། ཡང་དག་པར་དེས་སྟོང་པའི་ཟག་བཅས་སུ་འབྲས་བུར་སྣང་བའི་ཕུང་པོ་འདིའང་སྤྲོས་པ་དང་བྲལ་བར་རྟོགས་པའི་ངོས་ནས་སྡུག་བསྔལ་བདེན་པ་ལ་རྗེས་སུ་ཤེས་པའི་བཟོད་པ་སྟེ་ཟག་མེད་ཀྱི་ཤེས་རབ་དང་། དེ་ལྟར་ཟག་བཅས་འབྲས་བུར་གྱུར་པའི་ཕུང་པོ་རང་གི་ངོ་བོས་གྲུབ་པའི་གང་ཟག་གི་བདག་རྟག་པ་གཅིག་པུར་རང་དབང་ཅན་དུ་ནི་ཀུན་རྫོབ་ཏུ་ཡང་མེད་མོད། ཆོས་ཀྱི་བདག་རྡུལ་ཕྲན་དང་ཤེས་
(༤༧༦)པ་སྐད་ཅིག་ལྟར་སྣང་བའི་ཚོགས། འདིའང་དོན་དམ་པར་ནི་རང་བཞིན་མེད་པར་སྤྲོས་བྲལ་དུ་རྟོགས་པའི་ངོས་ནས་སྡུག་བསྔལ་བདེན་པ་ལ་རྗེས་སུ་ཤེས་པའི་ཡེ་ཤེས་ཀྱི་མིང་འདོགས་པ་སྟེ་སྡུག་བདེན་གྱི་ཡེ་ཤེས་སྐད་ཅིག་མ་བཞིའོ། ༈། ཀུན་འབྱུང་ནི། འདི་ལྟར་ཟག་བཅས་ཀྱི་ཕུང་པོ་ཉིད་ཀུན་རྫོབ་ཏུ་སྐྱེ་བ་ཕྱི་མའི་ལས་ཉོན་གྱི་སྒྱུར་གྱུར་ཅིང་། དོན་དམ་དུ་ནི་དེའི་རྒྱུར་ཡང་མ་གྲུབ་པའི་སྤྲོས་བྲལ་དུ་རྟོགས་པའི་བློ་དེ་ལ་ཀུན་འབྱུང་བདེན་པའི་ཆོས་ཤེས་སུ་ཤེས་པའི་བཟོད་པ་ཞེས་བྱའོ། །ཡང་ད་ལྟའི་ཟག་བཅས་ཀྱི་ཕུང་པོ་འདི་ལ་བརྟེན་ཏེ་སྐྱེ་བ་ཕྱི་མའི་ལས་ཉོན་ཀུན་འབྱུང་ལ། དོན་དམ་དུ་ནི་དེའང་འབྱུང་བའམ་མི་འབྱུང་བའི། ཆོས་སུ་མ་གྲུབ་པའི་སྤྲོས་བྲལ་དུ་རྟོགས་པའི་བློ་དེ་ཀུན་འབྱུང་བདེན་པའི་ཆོས་ཤེས་པའི་ཡེ་ཤེས་ཞེས་བྱའོ། ། དེ་བཞིན་ད་ལྟའི་ཟག་བཅས་ཀྱི་ཕུང་པོ་འདིར་བརྟེན་གྱི་ཕྱི་མའི་ལས་ཉོན་སོགས། སྡུག་བསྔལ་གྱི་ཚོགས་རབ་ཏུ་སྐྱེ་ཞིང་། དེའང་ཡང་དག་གི་དོན་ནི་སྐྱེ་བ་དང་མི་སྐྱེ་བ་གཉིས་ཀར་མ་གྲུབ་པའི་སྤྲོས་བྲལ་ཁོ་ནར་རྟོགས་པའི་བློ་དེར་ཀུན་འབྱུང་བདེན་པའི་རྗེས་སུ་ཤེས་པའི་བཟོད་པ་ཡིན་ནོ། །དེ་བཞིན་ཚེ་འདིའི་ཟག་བཅས་ཀྱི་ཕུང་པོ་ལས་སྐྱེ་བ་གཞན་གྱི་ལས་དང་ཉོན་མོངས་
(༤༧༧)སྡུག་བསྔལ་སོགས་ཟག་བཅས་ཀྱི་ཕུང་པོ་བསྐྱེད་པའི་རྐྱེན་ཡིན་ཞིང་། ཡང་དག་པར་ནི་རྐྱེན་ཡིན་པ་དང་མིན་པ་གང་དུའང་གྲུབ་པ་མེད་དེ། སྤྲོས་དང་བྲལ་བར་རྟོགས་པའི་བློ་དེ་ཀུན་འབྱུང་གི་བདེན་པར་ཤེས་པའི་ཡེ་ཤེས་ཟེར་ཞིང་། ཡུལ་རྐྱེན་ཀུན་འབྱུང་བདེན་པའི་ཡེ་ཤེས་སྐད་ཅིག་མ་བཞིའོ། ༈། འགོག་བདེན་ལ། མྱང་འདས་ཟག་མེད་རྣམ་བྱང་གི་ཕུང་པོ་ལ་རྒྱུ་ལས་དང་ཉོན་མོངས་བཀག་སྟེ་སྤངས་པའི་འབྲས་བུ་སྡུག་བདེན་གྱི་ཕུང་པོ་བཀག་སྟེ་སྤང་བར་རྟོགས་ཤིང་། ཡང་དག་ཏུ་ན་བཀག་དང་མ་བཀག་གང་དུའང་མ་གྲུབ་པའི་སྤྲོས་བྲལ་རྟོགས་པའི་བློ་དེ་ནི་འགོག་བདེན་ལ་ཆོས་ཤེས་པའི་བཟོད་པ་ཡིན་ནོ། ༈། དེ་བཞིན་རྣམ་བྱང་ཟག་མེད་ཀྱི་ཕུང་པོར་རྒྱུ་ཡི་ལས་ཉོན་ཞི་ཞིང་སྤོང་བའི་འབྲུས་སྡུག་བསྔལ་གྱི་བདེན་པ་ཞི་སྟེ་སྤོང་བར་རྟོགས་ཤིང་དོན་དུ་ནི་ཞི་བའམ་མ་ཞི་གཉིས་སུ་གྲུབ་པ་མེད་པའི་སྤྲོས་བྲལ་རྟོགས་པའི་བློ་དེ་ནི་འགོག་བདེན་ལ་ཆོས་ཤེས་པའི་ཡེ་ཤེས་སོ། །ཟག་མེད་ཀྱི་ཕུང་པོ་འདིའི་རྒྱུ་ཀུན་འབྱུང་གི་བདེན་པ་དང་འབྲས་བུ་སྡུག་བསྔལ་གྱི་བདེན་པ་དང་། བག་ཆགས་རྩད་ནས་སྤངས་པས་བདེ་བ་གྱ་ནམ་པར་རྟོག་ཤིང་། ངེས་དོན་དུ་ནི་གྱ་ནམ་དང་མི་ནམ་གང་དུའང་གྲུབ་པ་མེད་
(༤༧༨)པའི་སྤྲོས་བྲལ་རྟོག་པའི་བློ་ནི་འགོག་བདེན་ལ་རྗེས་སུ་ཤེས་པའི་བཟོད་པའོ། །རྣམ་བྱང་ཟག་མེད་ཀྱི་ཕུང་པོ་འདིའི་རྒྱུ་ཀུན་འབྱུང་དང་། འབྲུས་སྡུག་བདེན་གྱི་དྲི་མ་བག་ཆགས་དང་བཅས་པ་སྤོང་བས་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས་ཐར་ཏེ་མྱང་འདས་ཀྱི་སར་ངེས་པར་འབྱུང་བར་རྟོག་ཤིང་དོན་དུ་ངེས་པར་འབྱུང་དང་མ་འབྱུང་གཉིས་ཀར་མ་གྲུབ་པ་སྤྲོས་བྲལ་དུ་རྟོགས་པའི་བློ་ནི་འགོག་བདེན་ལ་རྗེས་སུ་ཤེས་པའི་ཡེ་ཤེས་སོ། །དེས་འགོག་བདེན་གྱི་ཡེ་ཤེས་སྐད་ཅིག་མ་བཞིའོ། ༈། ལམ་ཕར་ཕྱིན་དྲུག་གམ་བསླབ་པ་གསུམ་ནི། སྨན་བཟང་པོ་ལྟར་རྒྱུན་ལ་བརྟེན་བྱར་ཤེས་ཤིང་། དོན་དུ་རྒྱུད་ལ་བརྟེན་བྱའམ། མ་ཡིན་པ་གང་ཡང་གྲུབ་པ་མེད་པའི་སྤྲོས་བྲལ་དུ་རྟོགས་པའི་བློ་ལ་ནི་ལམ་གྱི་བདེན་པའི་ཆོས་ཤེས་པའི་བཟོད་པ་ཞེས་སོ། ཡང་། ཕར་ཕྱིར་ནམ་བསླབ་གསུམ་རང་བརྒྱུད་ལ་བསྟན་རིགས་ཤིང་འབད་བྱར་རྟོགས་པ་ལ་ཡང་དག་དོན་དུ་འོས་སམ་མི་རིགས་གང་དུའང་། མ་གྲུབ་པར་སྤྲོས་བྲལ་དུ་རྟོགས་པའི་བློ་དེ་ལམ། བདེན་ལ་རྗེས་སུ་བཟོད་པའི་ཡེ་ཤེས་སོ། ། ཡང་། ཕར་ཕྱིན་ནམ་བསླབ་གསུམ་རང་རྒྱུད་ལ་བསྟན་ཅིང་ཉམས་བླངས་པས་སྒྲུབ་པར་ཤེས་ཤིང་། དོན་དམ་པར་བསྒྲུབ་དང་མི་སྒྲུབ་གང་དུའང་མ་གྲུབ་པར་སྤྲོས་བྲལ་དུ་རྟོགས་པའི་བློ་དེར་ལམ་བདེན་ལ་ཆོས་ཤེས་པའི་ཡེ་ཤེས་སོ། །དེའང་
(༤༧༩)བསླབ་གསུམ་དང་ཕར་ཕྱིན་རང་རྒྱུད་ལ་བརྟེན་ཅིང་ཉམས་བླངས་པས་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས་ངེས་པར་འབྱིན་ཅིང་མྱང་འདས་ཐོབ་པར་བྱེད་པའི་ས་དང་ལམ་ཡིན་པར་ཤེས་ཤིང་།། །ད།། །མ་དུ། ངེས་པར་འབྱིན་པའམ། མི་འབྱིན་པ་གང་དུའང་མ་གྲུབ་པར་སྤྲོས་བྲལ་དུ་རྟོགས་པའི་བློར་ལམ་བདེན་ལ་རྗེས་སུ་ཤེས་པའི་ཡེ་ཤེས་སོ། །དེ་ལྟར་ལམ་གྱི་བདེན་པའི་ཡུལ་ཅན་ཡེ་ཤེས་སོ། །དེ་ལྟར་ལམ་བདེན་གྱི་ཡུལ་ཅན་ཡེ་ཤེས་སྐད་ཅིག་མ་བཞི་ཡིན་ནོ། ༈། དེ་དག་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། ལམ་ཤེས་ལ་ཡོད་པའི་བཟོད་ཤེས་བཅུ་དྲུག་གི་ཡེ་ཤེས་ཏེ་བཅུ་དྲུག་ཕྲག་གཉིས་ལས་ཡེ་ཤེས་བཅུ་དྲུག་ནི་བདེན་བཞིའི་རྣམ་པ་བཅུ་དྲུག་ལ་ལྟོས་པའི་ཡུལ་ཅན། ཡེ་ཤེས་ལའང་དབྱེ་བ་ཙམ་ལས། ཡེ་ཤེས་རང་ངོ་ནས་ཡུལ་དང་ཡུལ་ཅན་དུ་མ་ཟད་བཅུ་དྲུག་པོ་ཡང་སྤྲོས་བྲལ་ཉིད་ལ་དབྱེ་བ་ཡོད་པ་མིན་ཏེ། བཅུ་དྲུག་ཕྲག་གཉིས་ཀྱིས་མ་བསྡུས་པའི་འཁོར་འདས་ཀྱི་ཆོས་གཏན་མི་སྲིད་པ། དེ་རྟོགས་བྱེད་ཀྱི་བློ་ནི་འཕགས་པའི་རྒྱུད་ཀྱི་ལམ་ཐམས་ཅད་སྐྱེ་བ་མེད་པར་ཤེས་ཤིང་རང་བཞིན་བྲལ་བའི་སྤྲོས་མེད་དུ་རྟོགས་པ་ཁོ་ནའོ། ༈། གཞན་ཡང་སྐབས་འདི་དག་ཏུ་གོ་བར་བྱ་དགོས་པ་ཡང་། སྦྱོར་ལམ་དེ་
(༤༨༠)རྟེན་གང་ལས་སྐྱེ་ན་ཚོགས་ལམ་ཆེན་པོ་སྐྱེས་པའི་རྟེན་དེ་ཡིན་ཕྱིར་འགྲོ་བ་དྲུག་ཀ་ལ་སྐྱེ་བ་དང་། བསམ་པའི་རྟེན་ཡང་བསམ་གཏན་ས་དྲུག་སྟེ། དང་པོའི་དངོས་གཞི་དང་། དང་པོའི་ཉེར་ལྡོག་དང་། དངོས་གཞི་ཁྱད་པར་ཅན་ཏེ་གསུམ། བསམ་གཏན་གོང་མ་གཉིས་པ་དང་གསུམ་པ་བཞི་པ་གསུམ་གྱི་དངོས་གཞི་གསུམ་སྟེ་དྲུག་ཡིན་ཞེས། མཁས་པ་དག་གསུངས་ཡང་། ཀུན་བཏུས་སུ། གཟུགས་མེད་འོག་མ་གསུམ་དང་། ས་དགུ་པོ་ཐམས་ཅད་མཐོང་ལམ་གྱི་རྟེན་དུ་བཤད་པའི་ཤུགས་ཀྱིས་འདིའང་བསྡུས་སམ་བརྟག་གོ། ། ཉེ་རྒྱུ་ནི་ཚོགས་ལམ་ཆེན་པོ། ངོ་བོ་ནི་བསྒོམ་བྱུང་འཇིག་རྟེན་པའི་ཡེ་ཤེས། དབྱེ་བ་བཞི་ནི་སྔར་བཤད་ཅིང་། དེའང་དྲོད་ནི་སྣང་བ་ཐོབ་པའི་ཡེ་ཤེས་ཏེ། ཆོས་ཐམས་ཅད་ཡིད་དམ་རྣམ་རྟོག་གི་སྣང་བ་ཙམ་དུ་མཐོང་བའི་ཕྱིར། འཇིག་རྟེན་པའི་བསྒོམ་བྱུང་གི་སྣང་བ་ཆུང་ངུ་སྐྱེས་པས་དེས་ཕྱི་དོན་ལ་བདེན་ཞེན་གྱི་གཉེན་པོ་ཡིན་ཅིང་། དེ་ནས་རྩེ་མོ་ནི་སྣང་བ་མཆེད་པའི་ཡེ་ཤེས་ཡིན་ཏེ། དྲོད་ཀྱི་མྱོང་བ་དེ་ལ་བོགས་དབྱུང་ཕྱིར་ཆོས་བདག་མེད་བསྒོམ་པར་བརྩོན་པའི་བསྒོམ་བྱུང་གི་སྣང་བ་འབྲིང་པོ་ཐོབ་ནས། དེ་རྗེས་བཟོད་པས་དེ་ཁོ་ན་ཉིད་ཀྱི་ཕྱོགས་ལ་ཞུགས་པའི་ཡེ་ཤེས་ཏེ་སེམས་ཙམ་དུ་གནས་པའི་བསྒོམ་བྱུང་གི་སྣང་བ་ཆེས་ཐོབ་པས་
(༤༨༡""ཕྱི་དོན་ལ་བདེན་ཞེན་གྱི་གཉེན་པོ་ཡིན་ནོ། །ཆོས་མཆོག་ལ། དེ་མ་ཐག་པའི་ཡེ་ཤེས་སུ་བྱ་སྟེ། ཕྱི་དོན་འཛིན་པའི་རྣམ་གཡེངས་མེད་པའི་འཇིག་རྟེན་པའི་བསྒོམ་བྱུང་གི་སྣང་བ་ཡོངས་རྫོགས་ཏེ་མཐོང་ལམ་ཐོབ་པར་གཞན་གྱི་བར་མ་ཆོད་པས་ཉོན་མོངས་རག་པ་མགོ་ནོན་ཅིང་། འཕགས་ལམ་དངོས་དང་པོར་སྐྱེ་བར་ཉེ་བ་ཡིན་པས་དེ་ལྟར་དྲོད་སོགས་རེ་རེའང་། ཆུང་འབྲིང་ཆེན་པོ་དབྱེ་བའང་ཞིབ་པར་སྣང་ངོ། དེ་རྣམས་ཀྱི་སྤངས་བྱ་མགོ་གནོན་ཕྱིར་གཉེན་པོར་བྱེད་པའི་སྤོངས་ཚུལ་དང་སྤོང་བའི་དབྱེ་བ་ལ་སྒྲིབ་པའི་ས་བོན་མངོན་གྱུར་གྱི་ཉམས་སྨད་པས་སོ་སྐྱེའི་ཕོངས་པ་དང་རྒུད་པ་ལས་གྲོལ་ཏེ། རྟོགས་པའི་དབྱེ་བ་འཇིག་རྟེན་པའི་སྒོམ་བྱུང་གི་ཡེ་ཤེས་དེས་ཆོས་དང་གང་ཟག་གི་བདག་མེད་པ་དོན་འོལ་སྤྱིའི་ཚུལ་གྱིས་རྟོགས་དང་། ཡོན་ཏན་ནི། ཏིང་ངེ་འཛིན་དང་། གཟུངས་དང་། མངོན་པ་ཤེས་པ་རྣམས་ཀྱང་འཐོབ་པ་ཡིན་ལ། དེའང་ཚོགས་ལམ་ཆེན་པོ་དང་སྒོམ་བྱུང་ལ་ཁྱད་མེད་ཀྱང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཅུང་ཟད་སྔར་ལས་གསར་ཕྱིར་གོང་མ་མཐོང་ལམ་དང་ཆེས་ཉེ་བར་གྱུར་པས་ཚོགས་ལམ་ལས་རིང་དུ་སོང་ཕྱིར་ཐར་པའི་ཆ་དང་མཐུན་པ་ཞེས་ཀྱང་བརྗོད་པའོ། ༈། མཐོང་ལམ་
(༤༨༢)གྱི་རྗེས་ཐོབ་བཟོད་ཤེས་བཞི་པོ་སྐད་ཅིག་མངོན་བྱས་ཀྱི་སྐབས་སུ་ཀུན་ཤེས་པའི་ཚུལ་ཅེས་བྱ་ལ། རྟེན་ནི་ཆོས་མཆོག་ཆེན་པོ་ཅན་གང་ཡིན་དང་། བསམ་པའི་རྟེན་དུ་བསམ་གཏན་བཞི་པ་དང་། རྒྱུའི་ཁྱད་པར་ཚོགས་སྦྱོར་གཉིས་སྤྱིར་རྒྱུད་པའི་རྒྱུ་དང་ཆོས་མཆོག་དངོས་རྒྱུར་བྱས་ཏེ། འབྲུས་བསྒོམ་ལམ་དང་། མི་སློབ་ལམ་གཉིས་བསྐྱེད་པ་ཡིན་ལ། ངོ་བོ་དྲི་མིའི་ཆ་བདེན་པ་བཞིས་བྱེ་བས་སྤང་བའི་ཆ་ལ་ལྟོས་ནས་སྐད་ཅིག་བཅུ་དྲུག་རྒྱས་བཤད་སྔར་བསྟན་ཀྱང་། དྲི་མ་ལ་ཞིབ་དབྱེ་མཐོང་སྤོང་བརྒྱ་དང་བཅུ་གཉིས་ཀྱང་བདེན་བཞི་ལ་ལྟ་བ་ལྔ་དང་ལྟ་མིན་ལྔས་ལོག་ཞུགས་བྱེད་ཚུལ་བཅས་སྔར་ཉན་ཐོས་ཐེག་པ་བཤད་སྐབས་བཤད་ཟིན་པ་ལྟར་ཡིན་ལ། བདེན་བཞིའི་ཆོས་ཤེས་པའི་བཟོད་པའི་ཉེ་རྒྱུ་ནི། དང་པོར་དེས་དེའི་ངོ་སྐལ་སྤང་བྱ་ནུས་ལྡན་དང་ཕྲད་ནས་སྤོངས་ལ། གཉིས་པར་དེས་དེའི་སྤང་བྱ་ས་བོན་ལྟ་བུ་ནུས་མེད་དུ་ཕྲད་དེ་སྤང་བ་ཡིན་ཅིང་། དངོས་རྒྱུ་ནི་དུས་གསུམ་པར་བདེན་བཞིའི་ཆོས་བཟོད་ཇི་ལྟར་སྐྱེས་པས། དེའི་ངོ་སྐལ་གྱི་སྤང་བྱའི་ས་བོན་ཕྲ་མོ་ཐམས་ཅད་འགག་པ་དུས་མཉམ་དུ་བྱས་ཏེ་སྤོངས་པ་ལ་བདེན་བཞིའི་ཆོས་བཞི་བློའི་རྫས་གཅིག་པས། ཁམས་གསུམ་གྱི་བདེན་བཞིའི་རྣམས་པའི་ཉོན་མོངས་ལས་གྲོལ་བ་
(༤༨༣)གཉེན་པོ་རྣམ་གྲོལ་ལམ་མོ། །དེ་བཞིན་དུ་རྗེས་བཟོད་བཞི་དང་རྗེས་ཤེས་བཞི་ནི་ཐག་བསྲིང་གི་གཉེན་པོར་ཁྱད་པར་གྱི་ལམ་མོ། ༈། དེ་ལྟར་སྤང་བདེ་།། །ནི་སྒྲིབ་གཉིས་ལས་གྲོལ་བ་སྟེ། དེའང་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་སྟེ། སྔ་མ་ནི་སེར་སྣ་སོགས་རྣམ་རྟོག་གང་ཡིན་པ་དང་། ཕྱི་མ་ནི་འཁོར་གསུམ་སྟེ་མཚན་འཛིན་གྱི་རྣམ་རྟོག་ཡིན་ནོ། །ཉོན་སྒྲིབ་ཀུན་བཏགས་རྣམས་ནི་མཐོང་སྤངས་དང་། དེའི་ལྷན་སྐྱེས་ནི་སྒོམ་སྤང་དང་། ཤེས་སྒྲིབ་ལས་གཟུང་འཛིན་གྱི་རྟོག་པ་རག་པ་རྣམས་མཐོང་སྤང་དང་། ཕྲ་བ་བསྒོམ་སྤང་ཡིན་ནོ། ༈། རྟོག་པའི་ཁྱད་པར་ཡང་། འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱིས་བདག་མེད་གཉིས་ཀ་མངོན་སུམ་དུ་རྟོག་པ་ཡིན་པས། དེའི་ཡོན་ཏན་ནི་བརྒྱ་ཕྲག་བཅུ་གཉིས་སོགས་ཡིན། དུས་ཀྱི་ཁྱད་པར་དང་པོ་བདེན་བཞིས་དབྱེ་བའི་ཆོས་བཟོད་བཞིས་དུས་གཅིག་སྐྱེ་བའི་དེ་མ་ཐག་ཆོས་ཤེས་བཞི་དང་། དེ་འོག་བཟོད་ཤེས་བཞི། དེའི་སྐད་ཅིག་ལ་རྗེས་ཤེས་བཞི་སྟེ་བྱ་རྫོགས་སྐད་ཅིག་བཞིར་ངོ་བོ་རིགས་བཞིའི་ལྡོག་ས་བཅུ་དྲུག་པོ་སྐྱེ་བས། བདེན་བཞི་ནི། གཅི་ཆར་དང་། བཟོད་ཤེས་བཞི་རིམ་གྱིས་སྐྱེ་བའོ། ༈། མཐོང་ལམ་
(༤༨༤)ས་དང་པོ་དེ། བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་སྟེ། མྱང་འདས་ཐོབ་བྱེད་ཀྱི་དགེ་ཚོགས་དངོས་པོ། ༈། འདིར་བདེན་བཞི་བཟོད་ཤེས་བཅོ་ལྔའམ་བཅུ་དྲུག་གི། མཐོང་ལམ་དང་པོའི་ས་དྲུག་གང་རུང་གིས་བསམ་གཏན་དང་ལྷན་གཅིག་པར་ཐོབ་པར་ཉན་ཐོས་ཀྱི་ས་ལས་གསུངས་སོ། །འདིར་དེ་རྣམས་ཀྱང་ཆེས་སྨད་དུ་བྱུང་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྣང་བ་ལ་འཇུག་ཅིང་མངོན་སུམ་དུ་བྱེད་པ་སྟེ། འདི་ལ་ངོ། །། །ཉིད་གསུམ་གྱི་ཚུལ་ལ་འཇུག་པ་སྟེ། ཐེག་བསྡུས་ལས། བྱང་ཆུབ་སེམས་དཔའ་འདི་ཡིད་ཀྱི་བརྗོད་པ་སྣང་བའི་ཕྱིར་གྱིས། མཚན་ཉིད་ལ་འཇུག་པས་ཀུན་བཏག་པའི་ངོ་བོ་ཉིད་ལ་འཇུག་པ་ཡིན་ནོ། །རྣམ་པར་རིག་པ་ཅི་ལ་ཞུགས་པས་གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཞུགས་པ་ཡིན་ནོ། །ཡོངས་སུ་གྲུབ་པ་མ་ནི་རྣམ་པར་རིག་པ་ཙམ་གྱི་འདུ་ཤེས།། །ཀྱང་བཟློག་ནས་འཇུག་སྟེ། དེའི་ཚེ་བྱང་ཆུབ་སེམས་དཔའ་དོན་གྱི་འདུ་ཤེས་བཤིག་པ་དེ་ལ་ཡིད་ཀྱི་བརྗོད་པ་ཐོས་པའི་ཆོས་ཀྱི་བག་ཆགས་ཀྱི་རྒྱུ་ལས་བྱུང་བ་དེ་དག་དོན་དུ་སྣང་བ་ཐམས་ཅད་དུ་འབྱུང་བའི་སྐབས་མེད་པ་ཡིན་ནོ། །དེས་ནས་རྣམ་པར་རིག་པ་ཅི་སྣང་བ་མི་འབྱུང་སྟེ། གང་གི་ཚེ་དོན་ཐམས་ཅད་ལ་རྣམ་པར་མི་རྟོག་པའི་མིང་ལ་གནས་ཤིང་ཆོས་ཀྱི་དབྱིངས་ལ་མངོན་སུམ་ཚུལ་གྱིས་གནས་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་དམིགས་པ་བྱ་བ་དང་། དམིགས་མེད་པར་མཉམ་པས་མཉམ་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་འབྱུང་སྟེ། དེའི་ཕྱིར་ན་འདི་ནི་བྱང་ཆུབ་
(༤༨༥)སེམས་དཔའི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་ཞུགས་པ་ཡིན་ནོ། །དེར་ཞུགས་པས་ས་རབ་ཏུ་དགའ་བ་ལ་ཞུགས་པ་ཡིན། ཆོས་ཀྱི་དབྱིངས་ལ་ལེགས་པར་རྟོགས་པ་དང་། རིགས་སུ་སྐྱེ་པ་དང་། སེམས་ཅན་ལ་མཉམ་པ་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ལ་སེམས་མཉམ་པར་ཐོབ་པ་ཡིན་ཏེ། དེ་ནི་མཐོང་བའི་ལམ་ཡིན་ནོ། །ཞེས་གསུངས་སོ། །མདོ་སྡེ་རྒྱན་ལས་ཀྱང་། སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །གློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པ་ཆོས་ཀྱི་དབྱིངས་ལ་གནས། །ཞེས་པའང་འདི་བསྟན་ཏོ། །འདིར་བྱང་ཆུབ་ཀྱི་ཡན་ལག་ཀྱང་།། །།སར་ཞུགས་པ་ལ་བྱང་ཆུབ་ཀྱི། ཡན་ལག་རྣམ་པར་བཞག་པ་བརྗོད། དེའི་རྒྱུ་མཚན་ནི། ཆོས་རྣམས་དང་ནི་སེམས་ཅན་ཀུན། མཉམ་པ་ཉིད་དུ་རྟོགས་ཕྱིར་རོ། །ཅི་ལྟ་བ་དང་ཇི་སྙེད་པའི་ཡེ་ཤེས་ཀྱི་ཤེས་བྱ་ལ་འཇུག་ཅིང་རྒྱལ་བར་བྱེད་པས་ཡང་དག་པའི་དྲན་པ་ནི་འཁོར་ལོ་ལྟ་བུ་སྟེ། ཤེས་བྱ་ལས་རྒྱལ་རྒྱལ་བའི་ཕྱིར། དྲན་པ་རྣམ་པ་ཀུན་ཏུ་སྤྱོད། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ནི་ལོག་པའི་མཚན་མ་ཐམས་ཅད་འཇོམས་པས་གླང་པོ་ཆེ་ལྟ་བུ་སྟེ། འདི་ཡི་རྣམ་འབྱེད་རྟོག་པ་ཡི། མཚན་མ་ཐམས་ཅད་འཇོམས་པར་བྱེད། མཐར་ཕྱིན་པའི་བར་དུ་རྒྱུན་མི་གཅོད་པའི་བརྩོན་འགྲུས་ནི་མྱུར་བའི་རྟ་ལྟ་བུ་སྟེ། འདི་
(༤༨༦)ཡི་བརྩོན་འགྲུས་ལ་ལུས་ལ། མྱུར་དུ་རྟོགས་པར་བྱ་ཕྱིར་འཇུག། ཐེག་པ་ཆེན་པོའི་ཆོས་རྒྱ་མཚོའི་སྣང་བ་འཕེལ་བའི་མདོ་ནི། ཡེ་ཤེས་ཀྱི་འོད།། །རྒྱས་པར་བྱེད་པའི་ཕྱིར་ནོར་བུ་ལྟ་བུ་སྟེ། ཆོས་ཀྱི་སྣང་བ་འཕེལ་བའི་ཕྱིར། དགའ་བས་རྟག་ཏུ་རྒྱན་པར་འགྱུར། སྒྲིབ་གཉིས་བག་ཆགས་དང་བཅས་པ་ལས་ཐར་པར་བྱེད་པའི་ཕྱིར་རྒྱུད་ཤིན་ཏུ་སྦྱངས་པ་ནི་གཏན་དུ་བདེ་བ་ཐོབ་པའི་ཕྱིར་བརྩོན་འགྲུས་ལྟ་བུ་སྟེ། སྒྲིབ་པ་ཀུན་ལས་ཐར་བའི་ཕྱིར། ཤིན་ཏུ་སྦྱོངས་པས་བདེ་བ་འཐོབ། བསམ་གཏན་བཞི་པ་ལ་བརྟེན་པའི་ཏིང་ངེ་འཛིན་ནི་རྣམ་གནས་དང་བཅས་པ་ནི། བསམ་པའི་དོན་འབྱོར་པ་ནམ་མཁའི་མཛོད་འབྱུང་བས་ཁྱིམ་བདག་ལྟ་བུ་སྟེ། ཏིང་ངེ་འཛིན་ལས་བསམ་པའི་དོན་འབྱོར་པ་ཉེ་བར་སྐྱེ་བར་འགྱུར། མཉམ་རྗེས་མཉམ་པ་ཉིད་དུ་འཇུག་པའི་གཏང་སྙོམས་ནི་སྲིད་ཞིའི་རྒོལ་བ་མེད་པར་ཅི་ལྟར་འདོད་པར་གནས་པས་དམག་དཔོན་ལྟ་བུ་སྟེ། བཏང་སྙོམས་ཀྱིས་ནི་ཐམས་ཅད་དུ། འདིས་ནི་ཅི་ལྟར་འདོད་བཞིན་གནས། །དེ་ལྟར་བདུན་ཀ་ཐོབ་པའི་རྒྱུ་མཚན་གྱིས། །རྗེས་ལས་ཐོབ་དང་མི་རྟོག་པའི། །གནས་པ་མཆོག་གིས་རྟག་ཏུ་གནས། །ཞེས་བྱང་ཆུབ་ཀྱི་ཡན་ལག་བདུན་ནི། རིན་ཆེན་བདུན་དང་མཚུངས་པར་འབྱུང་ངོ། །མཐོང་ལམ་གྱིས་རང་བཞིན་ཆོས་རྣམས་པར་འབྱེད་པའི་དེ་དྲན་པ་ལ་གནས། བརྩོན་འགྲུས་ཀྱིས་ངེས་པར་འབྱུང་། ཏིང་འཛིན་གྱིས་ཡོན་ཏན་རྒྱས། ཤིན་སྦྱངས་དགའ་བ། བཏང་སྙོམས་གསུམ་ཉོན་
(༤༨༧)མོངས་མེད་པའི་ཡན་ལག་ཏུ་འགྱུར་ཏེ། རང་བཞིན་ཡན་ལག་གནས་ཡན་ལག། གསུམ་པ་དེས་འབྱུང་ཡན་ལག་སྟེ། །བཞི་པ་གཉན་པོའི་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག། ཅེས་ཡན་ལག་ཅི་ལྟར་ཡིན་པ་བཤད་དོ། །མཆན། ༈། བྱང་ཆུབ་ཀྱི་ཡན་ལག་དེའང་། བྱང་ཕྱོགས་བསྟན་པའི་མདོ་ལས། འཇམ་དཔལ་སུས་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པའི་ཕྱིར་ཆོས་ཐམས་ཅད་དངོས་པོ་མེད་པར་མཐོང་བ་འདི་ནི་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །འཇམ་དཔལ་སུས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཡོངས་སུ་མི་སྒྲུབ་པའི་ཕྱིར་ཆོས་ཐམས་ཅད་དབེན་ཅིང་མི་དམིགས་པ་འདི་ནི་ཆོས་རབ་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་གོ། །འཇམ་དཔལ། སུས་ལུས་ཀྱི་འདུ་ཤེས་བཤིགས་པའམ་ཕྱིར་ཁམས་གསུམ་མི་ལེན་མི་འདོར་བ་འདི་ནི། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །འཇམ་དཔལ་སུས་དགའ་བ་དང་མི་དགའ་བ་བཤིག་པའི་ཕྱིར་འདུ་བྱེད་ཐམས་ཅད་ལ་དགའ་བ་མི་སྐྱེད་པ་འདི་ནི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལ་གོ །འཇམ་དཔལ། སུས་དམིགས་པའི་དངོས་པོ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་ལ་སེམས་ཤིན་ཏུ་སྦྱངས་པར་གྱུར་པ་འདི་ནི་ཤིན་ཏུ་སྦྱངས་ཡང་
(༤༨༨)དག་དག་བྱང་ཆུབ་ཀྱི་ཡན་ལག་གོ། །འཇམ་དཔལ་སུས་ཆོས་ཐམས་ཅད་རྣམ་པར་བཤིག་ས་པ་རྗེས་སུ་རྟོགས་པའི་ཕྱིར་སེམས་མི་དམིགས་པ། འདི་ནི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །འཇམ་དཔལ། སུས་ཆོས་ཐམས་ཅད་གནས་པར་མི་བྱེད་བརྟེན་པར་མི་བྱེད་ཆགས་པར་མི་བྱེད། འཆིང་བར་མི་བྱེད་ཅིང་། ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མི་མཐོང་བའི་བཏང་སྙོམས་ཅན་དུ་གྱུར་ཏེ་དགའ་བ་ཐོབ་པ་འདི་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །ཅེས་པ་ཇི་ལྟ་བ་བཞིན་དུ་མཉམ་པ་ཉིད་ལ་འཇུག་གོ། ༈། ཚུལ་དེས་མཐོང་ཟིན་གོམས་པར་བྱེད་པའི་ཕྱིར། བསྒོམ་ལམ་ལ་ཆུང་འབྲིང་ཆེན་པོ་རེ་རེ་གསུམ་རེ་དབྱེ་བའང་ངེས་འབྱེད་ཆ་མཐུན་གོང་ནས་གོང་དུ་གོམ་ཕྱིར། སེམས་པ་དང་། འཇལ་བ་དང་། ངེས་པར་རྟོགས་པ་ལས། སྦྱོར་ལམ་གྱི་དད་པ་ལ་འདིར་དགའ་བ་ཡང་དག་ཏུ་མིང་འཕོས་ཤིང་། བརྩོན་འགྲུས་དང་། དྲན་པ། ཏིང་འཛིན་ཤེས་རབ་བཞིར་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནས་ཤེས་རབ་ལ་ཆོས་རབ་རྣམ་འབྱེད་ཅེས་ཏེ་ལྔ་དང་། ལུས་སེམས་ལས་སུ་རུང་བ་ནི་ཤིང་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་དང་། སེམས་མི་མཉམ་པ་དང་། རྣལ་དུ་མི་
(༤༨༩)འཇུག་པ་དང་། རྩོལ་བ་དང་བྲལ་བའི་ལྷུན་གྱིས་གྲུབ་པ་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྡེ་བདུན་ནོ། །དེ་དག་ལས་ཆོས་རབ་རྣམ་འབྱེད་ནི་གཙོ་བོ་དང་། དྲུག་ནི་དེའི་ཡན་ལག་ཡིན་པས་སོ། ༈། མཐོང་ལམ་གྱི་རྟེན་ནི་གཙོ་བོར་འདོད་གཟུགས་ཀྱི་ལྷ་ལ་བཤད་ཡོད་ཀྱང་། ཁམས་གཞན་ལའང་སྐྱེ་བ་དང་། སྐྱེས་ཟིན་གྱི་རྟེན་དུ་རུང་བ་ནི། སྒྱུ་མ་ལྟ་བུའི་ཞིང་སྐྱོངས་དང་། བསམ་བཞིན་དུ་སྲིད་པ་ཉེ་བར་ལེན་པའི་དོན་གྱིས་སོ། །སེམས་ཀྱི་རྟེན་ནི་བསམ་གཏན་བཞི་པ་ཤས་ཆེ་ཡང་གཞན་ལའང་སྐྱེ་རུང་བའོ། །སེམས་ཀྱི་རྟེན་ནི། རྒྱུ་ནི་སྔར་བསམ་གཏན་ལམ་དང་པོ་གསུམ་མོ། །འབྲས་བུ་ནི་མཐོང་ལམ་གྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་གོ ༈། བསྒོམ་ལམ་དེར་འཕགས་པའི་ལམ་ཡན་ལག་བརྒྱད་ལ་གོམས་པར་བྱེད་དེ། མཐོང་ལམ་དུ་ཆོས་དབྱིངས་མཐོང་བ་དེ། རྗེས་ཐོབ་ཀྱི་ཡེ་ཤེས་ཀྱིས་འདི་ལྟར་མཐོང་ངོ་སྙོམས་དུ་དམིགས་ཤིང་གཅོད་པས་ཡང་དག་པའི་ལྟ་བ་དང་། མ་བརྟགས་མ་དཔྱད་ཚིག་ཏུ་མི་སྨྲ་བས་ཆོས་རྣམས་སྤྱི་དང་རང་གི་མཚན་ཉིད་ལ་བརྟགས་ཤིང་རྟོགས་པ་བཞིན་གཞན་ལ་སྟོན་པའི་ངག་གི་ཀུན་སློང་ནི་ཡང་དག་པའི་རྟོགས་པ་དང་། རྟོགས་
(༤༩༠)དོན་དེ་གཞན་ལ་སྟོན་པའི་ངག་ནི་ཡང་དག་པའི་ངག་དང་། ལུས་ངག་གི་ཡིད་ཀྱི་བྱ་བ་མ་ཡིན་པ་མི་བྱེད་པའི་ཡང་པའི་ལས་ཀྱི་མཐའ་དང་། འཚོ་བའི་ཡོ་བྱེད་ཀྱི་ཕྱིར་ཚུལ་འཆོས་སོགས་ཀྱི་ཉེས་པ་མེད་པའི་ཡང་དག་པའི་འཚོ་བ་དང་། འདོད་ཆགས་ལ་སོགས་པ་བསྒོམ་པས་སྤང་བའི་བག་ལ་ཉལ་སྤོང་བའི་བརྩོན་འགྲུས་ནི་ཡང་དག་པའི་སྩོལ་བ་དང་། ཉེ་བའི་ཉོན་མོངས་ཞུམ་རྒོད་བྱུང་ན་དེ་དག་སྤང་ཞིང་རྩེ་གཅིག་ཏུ་བྱེད་པའི་ཡང་དག་པའི་དྲན་པ་དང་། མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན། སྒྲིབ་པ་ཉོན་མོངས་ཅན་མ་ཡིན་པ་སྙོམས་འཇུག་གི་སྒྲིབ་པ་སྤོང་བ་ཡང་དག་པའི་ཏིང་ངེ་འཛིན་ཏེ་དེ་བརྒྱད་པོ་རྫོགས་པ་ཡིན་ནོ། ༈། ངེས་དོན་དུ་བྱང་ཕྱོགས་བསྟན་པའི་མདོ་ལས། འཇམ་དཔལ། གང་གིས་ཆོས་ཐམས་ཅད་མི་མཉམ་པ་མེད་ཅིང་གཉིས་སུ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ལྟ་བའོ། །འཇམ་དཔལ། ཆོས་ཐམས་ཅད་མཐོང་བ་མེད་པའི་ཚུལ་གྱིས་རྟོག་ཏུ་མེད། རྣམ་པར་རྟོག་ཏུ་མེད་ལ། ཡོངས་སུ་རྟོག་ཏུ་མེད་པའི་ཚུལ་གྱིས་མཐོང་བ་འདི་ནི་ཡང་དག་པའི་རྟོག་པའོ། །འཇམ་དཔལ། ཆོས་ཐམས་ཅད་བརྗོད་དུ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ངག་གོ། །འཇམ་
(༤༩༡)དཔལ། ཆོས་ཐམས་ཅད་བྱ་བ་མེད་ཅིང་བྱེད་པ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་ལས་ཀྱི་མཐའོ། །འཇམ་དཔལ། ཆོས་ཐམས་ཅད་མི་གསོག་མི་འབྲི་བར་མཐོང་བ་འདི་ནི་ཡང་དག་པའི་འཚོ་བའོ། །འཇམ་དཔལ་ཆོས་ཐམས་ཅད་རྩོལ་བ་མེད་ཅིང་བསྒྲུབ་པ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་ཡོངས་སུ་སྒྲུབ་པ་འདི་ནི་ཡང་དག་པའི་སྩོལ་བའོ། །འཇམ་དཔལ། ཆོས་ཐམས་ཅད་ཡིད་ལ་མི་བྱེད་ཅིང་དྲན་པ་མེད་པར་མཐོང་བ་འདི་ནི་ཡང་དག་པའི་དྲན་པའོ། །འཇམ་དཔལ། ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་རང་བཞིན་གྱིས་མཉམ་པར་བཞག་ཅིང་འཁྲུགས་པ་མེད་ལ་མི་དམིགས་པར་མཐོང་བ་འདི་ནི། ཡང་དག་པའི་ཏིང་འཛིན་ཏོ། །ཅེས་གསུངས་པ་ལྟར་ངོ་བོ་ཚེས་པའི་ཟླ་བ་རིམ་གྱིས་འཕེལ་བ། སྣང་བ་ལྟར། དྲི་མ་བྲལ་བས་མཐར་ཐུག་གི་གནས་ཡོངས་གྱུར་པར་སྒྲིབ་པ་བྲལ་རིམ་ལ་ས་བཅུར་བཞག་པ། ཡིན་ལ། ཆོས་དབྱིངས་ཀྱི་ཆ་ལ་འཕེལ་འབྲི་མེད་པར་བར་སྣང་ལ་བྱ་རྗེས་མི་མངོན་པའི་དཔེ་ལྟར་ལ། འདི་བརྒྱད་པོའི་འབྲས་བུ་ཡང་། ཡང་དག་པའི་ལྟ་བས་ནི། རང་གིས་གོ་བར་བྱེད་པའི་རྟོགས་དོན་འཇལ་
(༤༩༢)བ་ཡིན། རང་གིས་རྟོགས་ནས་དེ་གཞན་ལ་སྟོན་པའི་ངག་གི་ཀུན་སློང་ཡིན་པས་ཡང་དག་རྟོགས་པས་གཞན་ལ་གོ་བར་བྱེད་དོ། །ཡང་དག་ངག་གིས་མངོན་རྟོགས་སོགས་བརྩལ་ནས་དྲིས་པའི་སའི་ལན་གཏན་ལ་ཕབ་ཏེ་ཐོགས་མེད་དུ་བརྗོད་པའི་ངག་དེས་གཞན་དག་ཤེས་རབ་ལ་ཡིད་ཆེས་པར་འགྱུར་རོ། །ཡང་དག་པའི་ལས། མཐའ་ནི་སྲོག་གི་ཕྱིར་ཡང་བྱ་བ་མ་ཡིན་པ་མི་བྱེད་པའི་ལས་སོ། །ཡང་། འཚོ་བས་ཡོ་བྱེད་ལ་སྲེད་པ་སྤང་ཏེ་དག་ཚུལ་ཁྲིམས་དང་ཡོ་བྱེད་བསྡུས་པ་ཡིད་ཆེས་པར་འགྱུར་བའི་ཡན་ལག་གོ། །སྩོལ་བས་ཉོན་མོངས་སྤོངས་པ་དང་། དྲན་པས་བྱིངས་རྒོད་སྤང་བ་དང་། ཏིང་ངེ་འཛིན་གྱིས་སྙོམས་འཇུག་གི་སྒྲིབ་པ་སྤོང་བ་ཡིན་ནོ། ༈། མི་སློབ་པའི་ལམ་ནི། མཐར་ཕྱིར་པའི་ལམ་སྤང་བྱ། བསྒོམ་ལམ་གྱི་མཐར་ཐུག་སངས་རྒྱས་ཀྱི་པར་སྦྱོར་བའི་ལམ། བར་ཆད་མེད་ལམ་གྱིས་བསྡུས་པའོ། །དེའང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་རྗེས་ལ་ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་སྟེ། རྒྱུ་ཀུན་འབྱུང་ལ་ཟད་པའི་དབང་གིས་བདེན་པ། བཞི་པ་དམིགས་པའི་ཡེ་ཤེས་ནི་ཟད་པ་ཤེས་པའོ། །སྡུག་བསྔལ་སྤང་བའི་དབང་གིས་བདེན་པ་བཞི་ལ་དམིགས་
(༤༩༣)པའི་ཡེ་ཤེས་ནི་མི་སྐྱེ་ཤེས་པའོ། །ཡང་ན་རྒྱུད་ཟད་པར་ཤེས་པ་ལ་དམིགས་པའི་ཡེ་ཤེས་ནི་ཟད་པ་ཤེས་པའོ། །འབྲས་བུ་མི་སྐྱེ་བ་ལ་དམིགས་པའི་ཡེ་ཤེས་མི་སྐྱེ་བ་ཤེས་པའོ། །ཅིའི་ཕྱིར་རྡོ་རྗེ་ལྟ་བུ་ཞེ་ན། ཏིང་ངེ་འཛིན་དེ་ལ་བར་ཆད་མེད་པ་དང་། སྲ་བ་དང་། བརྟེན་པ་དང་། རོ་གཅིག་པ་དང་། ཁྱབ་པས་ན་རྡོ་རྗེ་ལྟ་བུ་ཞེས་བཏགས་པའོ། །དེ་ལ་བར་ཆད་མེད་པ་ནི་འཇིག་རྟེན་པའི་རྐྱེན་གྱིས་བར་ཆད་མི་བཏུབ་པའོ། །སྲ་བ་ནི། སྒྲིབ་པ་ཐམས་ཅད་ཀྱིས་མི་ཤིག་པས་སོ། །བརྟན་པ་ནི། རྣམ་རྟོག་གིས་མི་བསྐྱོད་པས་སོ། །རོ་གཅིག་པ་ནི་རྣམ་པར་རོ་གཅིག་པས་སོ། །ཁྱབ་པ་ནི་ཤེས་བྱ་ཐམས་ཅད་ཀྱི་སྤྱིའི་དེ་བཞིན་ཉིད་ལ་དམིགས་པའི་ཕྱིར་རོ། ༈། ལམ་འདི་ཅིའི་ཕྱིར། མཐར་ཕྱིན་པའི་ལམ་ཞེས་བྱ་ཞེ་ན་། བསླབ་པ་མཐར་ཕྱིན་པས་སོ། །མྱང་འདས་ཀྱི་གྲོང་ཁྱེར་དུ་འགྲོ་བས་ན་མཐར་ཕྱིན་པའི་ལམ་ཞེས་བྱའོ། ༈། གནས་སྐབས་དེ་ན་མི་སློབ་པའི་ཆོས་བཅུ་ཡོད་དེ། མི་བསློབ་པའི་ཡང་དག་པའི་ལྟ་བ་སོགས་ནས། མི་བསློབ་པའི་ཡང་དག་པའི་ཏིང་ངེ་འཛིན་གྱི་བར་བརྒྱད་དང་། མི་བསློབ་པའི་རྣམ་པར་གྲོལ་བ་དང་། མི་བསློབ་པའི་ཡང་དག་པའི་ཡེ་ཤེས་དང་བཅུའོ། །
(༤༩༤)༈། མི་བསློབ་པའི་ཆོས་བཅུ་པོ་དེ་ཡང་ཟག་མེད་ཀྱི་ཕུང་པོ་ལྔ་ཡི་དབང་དུ་བྱས་ཏེ། དེ་ལ་མི་བསློབ་པའི་ཡང་དག་པའི་ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་གསུམ་ནི་ཚུལ་ཁྲིམས་ཀྱི་ཕུང་པོའོ། །ཡང་དག་པའི་དྲན་པའང་། ཏིང་ངེ་འཛིན་དང་གཉིས་ནི་ཏིང་ངེ་འཛིན་གྱི་ཕུང་པོའོ། །ཡང་དག་པའི་ལྟ་བ་དང་། རྟོགས་པ་དང་། སྩོལ་བ་དང་གསུམ་ནི་ཤེས་རབ་ཀྱི་ཕུང་པོའོ། །ཡང་དག་པའི་རྣམ་པར་གྲོལ་བ་ནི། རྣམ་པར་གྲོལ་བའི་ཕུང་པོའོ། །ཡང་དག། སའི་ཡེ་ཤེས་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ། །དེ་ལྟར་ལམ་ལྔའི་རྣམ་བཞག་ནི། བདག་གི་འདྲེན་མཆོག་དམ་པ་མཁས་གྲུབ་འཇམ་དབྱངས་རྣམ་རྒྱལ་གྱི་གསུང་གཙོ་བོར་བཏོན་ནས་བཤད་ཟིན་ལ། ༈ད་ནི་ས། ཡི་རྣམ་བཞག་བཤད་པ་ནི། རྗེ་དྭགས་པོ་རིན་པོའི་ཐར་རྒྱན་ལས། ལས་དང་པོ་ས་དང་མོས་སྤྱོད་དང་། བྱང་ཆུབ་སེམས་དཔའི་ས་བཅུ་དང་། །སངས་རྒྱས་ས་ཏེ་དེ་ལྟར་ན། །བཅུ་དང་གསུམ་གྱིས་ས་རྣམས་བསྡུས། །ཞེས་སོ། །དེ་ལ་ལས་དང་པོ་པའི་ས་ནི། ཚོགས་ལམ་སྟེ། རང་རྒྱུད་མ་སྨིན་པ་སྨིན་པར་བྱེད་པའོ། ༈། མོས་པ་སྤྱོད་པའི་ས་ནི། སྦྱོར་ལམ་སྐབས་ཏེ། སྟོང་ཉིད་ལ་མོས་པ་བྱེད་ས་ཙམ་ཡིན་པས་སོ། །
(༤༩༥)ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སའོ། །ས་དང་པོ་ནི་མཐོང་ལམ་ནའོ། །གཉིས་པ་ནས་བཅུའི་བར་བསྒོམ་ལམ་གྱི་སྐབས་སོ། ༈། ས་དེ་དག་ག།། །སྤྱིའི་ཆོས་ནི་གསུམ་སྟེ། སའི་ངོ་བོ་དང་། ངེས་ཚིག་དང་། ས་བཅུར་དབྱེ་བའི་རྒྱུ་མཚན་ནོ། ༈། དང་པོ་སའི་ངོ་བོ་ནི། ཆོས་བདག་མེད་པ་མངོན་སུམ་རྟོགས་པའི་ཤེས་རབ། གྲོགས་ཏིང་ངེ་འཛིན་དང་མཚུངས་པར་ལྡན་པ་སློབ་པའི་རྒྱུད་ཀྱིས་བསྡུས་པའོ། ༈། སའི་ངེས་ཚིག་ནི། ས་དེ་དང་དེའི་གནས་སྐབས་ཀྱི་ཡོན་ཏན་གྱི་རྟེན་བྱེད་པའོ། །ས་གོང་མ་གོང་མ་སྐྱེད་པར་བྱེད་པས་ན། ས་ཞེས་བྱའོ། ༈། ས་བཅུར་དབྱེ་བའི་རྒྱུ་མཚན་ནི། ཡོངས་སུ་སྦྱངས་པའི་ཁྱད་པར་གྱིས་བཅུར་ཕྱེ་བའོ། ༈། བྱེ་བྲག་གི་ཆོས་ནི་ས་རེ་རེ་བཞིན་ཁྱད་པར་དགུ་དགུའི་སྟོན་ཏེ། མིང་གི་ཁྱད་པར་དང་། ངེས་ཚིག་གི་ཁྱད་པར་དང་། ཡོངས་སུ་སྦྱོང་བའི་ཁྱད་པར་དང་། །ཉམས་སུ་བླང་བྱའི་ཁྱད་པར་དང་། །རྣམ་པར་དག་པའི་ཁྱད་པར་དང་། །རྟོགས་པའི་ཁྱད་པར་དང་། སྤངས་པའི་ཁྱད་པར་དང་། སྐྱེ་བའི་ཁྱད་པར་དང་དགུའོ། །མཐུའི་ཁྱད་པར་དང་། ༈། དེ་ལས་དང་པོ་མིང་གི་ཁྱད་པར་བཅུ་ནི། ས་དང་པོ་རབ་ཏུ་དགའ་བ། ས་གཉིས་པ་དྲི་མ་མེད་པ། ས་གསུམ་པ་འོད་བྱེད་པ། ས་བཞི་པ་འོད་འཕྲོ་
(༤༩༦)བ། ས་ལྔ་པ་ཤིན་ཏུ་སྦྱངས་དཀའ་བ། ས་དྲུག་པ་མངོན་དུ་གྱུར་པ། ས་བདུན་པ་རིང་དུ་སོང་བ། ས་བརྒྱད་པ་མི་གཡོ་བ། ས་དགུ་པ་ལེགས་པའི་བློ་གྲོས། ས་བཅུ་པ་ཆོས་ཀྱི་སྤྲིན་དང་བཅུའོ། ༈། གཉིས་པ་ངེས་ཚིག་གི་ཁྱད་པར་བཅུ་ནི། ༈། ས་དང་པོ་ལ་བྱང་ཆུབ་ལ་ཉེ་ཞིང་སེམས་ཅན་གྱི་དོན་གྲུབ་པས་རབ་ཏུ་དགའ་བར་གྱུར་པས་ན་རབ་དགའ་བའོ། ༡། ས་གཉིས་པ་ལ་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་མ་དང་བྲལ་བས་ན་དྲི་མ་མེད་པའོ། །ས་གསུམ་པ་ལ། ཆོས་དང་ཏིང་ངེ་འཛིན་གྱི་སྣང་བ་གསལ་བ་དང་གཞན་དག་ལ་ཆོས་ཀྱི་སྣང་བ་ཆེན་པོ་བྱེད་པས་ན་འོད་བྱེད་པའོ། །ས་བཞི་པ་ལ། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་ཀྱི་ཡེ་ཤེས་ཀྱི་འོད་འཕྲོ་བས་སྒྲིབ་གཉིས་བསྲེག་པས་ན་འོད་འཕྲོ་བ་ཞེས་བྱའོ། །ས་ལྔ་པ་ལ། སེམས་ཅན་སྨིན་པ་བྱེད་པ་ལ་བརྩོན་ཡང་། སེམས་ཅན་གྱི་ལོག་པར་སྒྲུབ་པས་ཀུན་ནས་ཉོན་མོངས་པར་མི་འགྱུར་ཏེ་དེ་གཉིས་ཀ་བྱ་དཀའ་བའི་ཕྱིར་སྦྱངས་དགའ་བ་ཞེས་བྱའོ། །ས་དྲུག་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། འཁོར་འདས་གཉིས་ལ་མི་གནས་པའི་ཕྱིར། འཁོར་བ་དང་མྱ་ངན་ལས་འདས་པ་དག་མངོན་དུ་གྱུར་པས་ན་མངོན་དུ་གྱུར་པ་ཞེས་བྱའོ། །ས་བདུན་པ་
(༤༩༧)བགྲོད་པ་གཅིག་སའི།། །ལམ་དང་འབྲེལ་བའི་ཕྱིར་རིང་དུ་སོང་བ་ཡིན་ཏེ། སྦྱོར་བའི་མཐར་སོང་བའི་ཕྱིར་རོ། །ས་བརྒྱད་པ་ལ། མཚན་མ་ལ་རྩོལ་བའི་འདུ་ཤེས་དང་། མཚན་མ་མེད་པ་ལ་རྩོལ་བའི་འདུ་ཤེས་ཀྱིས་མི་གཡོ་བའི་ཕྱིར་མི་གཡོ་བའོ། །ས་དགུ་པ་ལ། སོ་སོ་ཡང་དག་པ་རིག་པའི་བློ་གྲོས་བཟང་བའི་ཕྱིར་ལེག་པའི་བློ་གྲོས་སོ། །ས་བཅུ་པ་ལ། སྤྲིན་བཞིན་དུ་ཆོས་ཀྱི་ཆར་འབེབས་པས་ན། སེམས་ཅན་གྱི་ཉོན་མོངས་པའི་རྡུལ་ཕྲ་རབ་ཞི་བར་བྱེད་པས་ན་ཆོས་ཀྱི་སྤྲིན་ནོ། །ཡང་ན། སྤྲིན་བཞིན་དུ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་ཐོབ་པའི་ཆོས་རྟེན་ལ་ཡོད་པ་ནམ་མཁའ་ལྟ་བུ་ལ་ཁྱབ་པའི་ཕྱིར་ཆོས་ཀྱི་སྤྲིན་ཞེས་བྱའོ། ༈། གསུམ་པ་ཡོངས་སུ་སྦྱོར་བའི་ཁྱད་པར་བཅུ་ནི། ས་དང་པོ་ནི་གཞི་ཐམས་ཅད་ལ་གྱ་གྱུ་མེད་པའི་བསམ་པ་ལ་སོགས་པ་ཆོས་བཅུ་སྦྱངས་པས་ས་དེ་ཐོབ་པ་ཡིན་ནོ། །ས་གཉིས་པ་ནི། ཚུལ་ཁྲིམས་དང་བྱས་པ་བཟོད་པ་ལ་སོགས་པ་ཡོངས་སྦྱོང་བརྒྱད་ཀྱིས་ས་དེ་ཐོབ་པ་ཡིན་ནོ། །ས་གསུམ་པ་ནི། ཐོས་པས་མི་ངོམ་པ་ལ་སོགས་པ་ཆོས་ལྔ་ལ་བསླབ་པས་དེ་ཐོབ་པ་ཡིན། ས་གཞི་པ་ནི། དགོས་པར་གནས་པར་བྱ་བ་ལ་སོགས་ས་
(༤༩༨)བཅུས་པ་དེ་ཐོབ་པ་ཡིན་ནོ། །ས་ལྔ་པ་ནི། རྙེད་སོགས་ཀྱི་དོན་དུ་ཁྱིམ་ས་དང་འདྲིས་པར་བྱེད་པ་སོགས་བཅུ་སྤངས་བས།། །དེ་ཐོབ་པ་ཡིན་ནོ། །ས་དྲུག་པ་ནི། སྦྱིན་པ་ལ་སོགས་ཆོས་དྲུག་བསླབ་པ་དང་། ཉན་རང་ལ་འདོད་པ་ལ་སོགས་པ་ཆོས་དྲུག་སྤང་བ་ལ་བསླབ་པ་སྟེ། དེ་ལྟར་བཅུ་གཉིས་ཀྱིས་ས་དེ་ཐོབ་པ་ཡིན་ནོ། །ས་བདུན་པ་ནི། བདག་ཏུ་འཛིན་པ་ལ་སོགས་པ་ཉི་ཤུ་སྤངས་པས། དེ་ལས་ལྡོག་པའི་ཆོས་ཐམས་ཅད་རྣམ་ཐར་སྒོ་གསུམ་ཤེས་ལ་སོགས་ཉི་ཤུ་བསྟེན་པས་དེ་ཐོབ་པ་ཡིན། ༈། ས་བརྒྱད་པ་ནི། སེམས་ཅན་ཐམས་ཅད་ཀྱི་སྤྱོད་པ་ཇི་ལྟ་བ་བཞིན་དུ་ཤེས་པ་སོགས་ཡོངས་སུ་སྦྱོང་བ་བརྒྱད་ཀྱིས་ས་དེ་ཐོབ་པ་ཡིན་ནོ། །ས་དགུ་པ་ནི། སྨོན་ལམ་མཐའ་ཡས་པ་སོགས་བཅུ་གཉིས་ཀྱིས་ས་དེ་ཐོབ་པ་ཡིན་ནོ། །ས་བཅུ་པ་ནི་བློ་གྲོས་ཤིན་ཏུ་རྣམ་པར་ཕྱེ་བ་སོགས་ཡོངས་སྦྱོང་བཅུས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དབང་བསྐུར་བའི་ཡེ་ཤེས་ས་ཐོབ་པ་ཡིན་ནོ། ༈། ས་ཐོབ་པར་བྱེད་པའི་ཡོངས་སྦྱོང་སོགས་ཁོང་དེ་དག་ནི། མངོན་རྟོགས་རྒྱན་གྱི་སྐབས་དང་པོའི་གཤམས་སུ་ས་དགུ་པ་བར་དུ་གསུངས། བཅུ་པ་མདོ་དེ་ས་བཅུ་པ་ནས་གསུངས་པ་དེ་དག་ལས་ཤེས་པར་བྱའོ། ༈། ལྔ་པ་ཉམས་སུ་བླངས་པའི་ཁྱད་པར་བཅུ་ནི། ས་བཅུ་པོ་
(༤༩༩)ཐམས་ཅད་ཀྱིས་སྤྱིར་ཕ་རོལ་ཏུ་ཕྱིན་པ་བཅུ་ཀ་ཉམས་སུ་ལེན་ཡང་། ཁྱད་པར་དུ། ས་དང་པོས་སྦྱིན་པའི་ཕར་ཕྱིན་ཤས་ཆེ་སྟེ་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་དོ། །ས་གཉིས་པས་ཚུལ་ཁྲིམས་ཕར་ཕྱིན་དང་། ས་གསུམ་པས་བཟོད་པའི་ཕར་ཕྱིན་དང་། ས་བཞི་པས་བརྩོན་འགྲུས་ཕར་ཕྱིན་དང་། ས་ལྔ་པས་བསམ་གཏན་ཕར་ཕྱིན་དང་། ས་དྲུག་པས་ཤེས་རབ་ཕར་ཕྱིན་དང་། ས་བདུན་པས་ས་འདི་ནས་དྲུག་པ་ལ་བསླབ་པའི་འབྲས་བུ་རྣམ་པ་བཞི་གསུངས་སྟེ། ས་བདུན་པར་ཐབས་མཁས་པ་རྣམ་པར་དག་པས་མཚན་མ་མེད་པ་ལ་འདུ་བྱེད་དང་བཅས་ཐོབ་བོ། །ས་བརྒྱད་པར་འདུ་བྱེད་པའང་ཉེ་བར་ཞི་བས་ཆོས་སྐུ་ཉིད་དུ་གྱུར་ཏེ་རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་ཅིང་ཡིད་དང་འཛིན་པ་དང་། རྣམ་པར་རྟོག་པ་མེད་པར་འགྱུར་བས་སངས་རྒྱས་ཀྱི་གསང་བ་ལ་རེག་པས་ན་སྐད་ཅིག་དེ་ལ་སངས་རྒྱས་ཐམས་ཅད་ཀྱིས་སྣང་བ་མེད་པ་དེ་ལ་བསྐུལ་ནས་ཡེ་ཤེས་ཀྱི་སྣང་བ་ཚད་མེད་པ་ཐོབ་པས་ཞིང་རྣམ་པར་དག་པ་ཐོབ་པའོ། །འདི་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ་སྨོན་ལམ་གྱིས་ཞིང་རྒྱ་མཚོ་རྣམ་པར་དག་པའི་ཕྱིར་རོ། །ས་དགུ་པ་ལ་སེམས་ཅན་གྱི་ཁམས་རྒྱ་མཚོ་བརྗོད་དུ་མེད་པ་སྐད་ཅིག་གཅིག་ལ་སྨིན་པར་བྱེད་པས་སྟོབས་ཀྱི་ཕ་རོལ་ཕྱིན་པ་སྟེ། སོ་སོ་ཡང་སའི་རིག་ས་བཞི་མངོན་དུ་བྱས་པས་ཆོས་ཀྱི་དབང་ཕྱུག་ཏུ་གྱུར་པའི་ཕྱིར་རོ། །སེམས་ཅན་སྨིན་
(༥༠༠)པར་དང་། དེ་མ་ཐག་ཏུ་ཏིང་ངེ་འཛིན་རྒྱ་མཚོའི་རྣམ་པར་ཐར་པ་དང་། གཟུངས་ཐམས་ཅད་ཀྱི་མཐར་སོན་པས་སྤྲུལ་པ་རྒྱ་མཚོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཇུག་ཅིང་སློབ་མ་དུལ་བ་རྒྱ་མཚོ་བ་སྤུ་གཅིག་ཏུ་སྡུད་པ་ལ་དབང་འབྱོར་བས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ས་བཅུ་མཐར་ཕྱིན་པའོ། །འདི་བར་མཆན། ཐབས་ཀྱི་ཕར་ཕྱིན་དང་། ས་བརྒྱད་པས་སྨོན་ལམ་ཕར་ཕྱིར་དང་། ས་དགུ་པས་སྟོབས་ཀྱི་ཕར་ཕྱིན་དང་། ས་བཅུ་པས་ཡེ་ཤེས་ཀྱི་ཕར་ཕྱིན་གཙོ་ཆེར་ཉམས་སུ་ལེན་ཏོ། ༈། དྲུག་པ་རྣམ་པར་དག་པའི་ཁྱད་པར་བཅུ་ནི། མདོ་སྡེ་ས་བཅུ་པ་ལས། ས་རབ་ཏུ་དགའ་བ་འདི་ལ། མཐོང་བ་རྒྱ་ཆེན་པོ་དང་། སྨོན་ལམ་གྱི་སྟོབས་ཀྱི་སངས་རྒྱས་མང་པོར་སྣང་བར་འགྱུར་ཏེ། སངས་རྒྱས་བརྒྱ་ཕྲག་མང་པོ་དང་། སངས་རྒྱས་སྟོང་ཕྲག་མང་པོ་དང་། །དེ་བཞིན་དུ་སྦྱར་ཏེ། སངས་རྒྱས་བྱེ་བ་ཕྲག་ཁྲིག་འབུམ་ཕྲག་མང་པོ་སྣང་བར་འགྱུར་རོ། །དེ་དག་མཐོང་ནས་ལྷག་པའི་བསམ་པ་རྒྱ་ཆེན་པོས། མཆོད་པ་བྱེད། བསྟི་སྟང་བྱེད་དོ། །དེ་བཞིན་དུ་སྦྱར་ཏེ། དེའི་དགེ་འདུན་གྱི་ཚོགས་ལ་ཡང་རི་མོར་བྱེད་དོ། །དགེ་བའི་རྩ་བ་དེ་དག་ཀྱང་བརླན།། །མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་དོ། །སངས་རྒྱས་དེ་དག་ལས་ཀྱང་ཆོས་ཉན་ས་དང་། ལེན་པ་དང་འཛིན་པར་བྱེད་དོ། །ཆོས་དེ་དག་ཀྱང་ནན་ཏན་གྱིས་སྒྲུབ་པར་བྱེད་དོ། །བསྡུ་བའི་དངོས་པོ་བཞིས་ཀྱང་སེམས་ཅན་རྣམས་
(༥༠༡)ཡོངས་སུ་སྨིན་པར་བྱེད་ཏེ། ཞེས་གསུངས། དེ་ལྟར་ན་བསྐལ་པ་མང་པོར་སངས་རྒྱས་དང་ཆོས་དང་དགེ་འདུན་གསུམ། མཆོད་ཅིང་རྗེས་སུ་བཟུང་བ་དང་། ༡ སེམས་ཅན་ཡོངས་སུ་སྨིན་པར་བྱས་དུས་དང་། ༢ དགེ་བ་བདུན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་སྟེ། ༣ རྒྱུ་གསུམ་པོ་དེས་དེའི། དགེ་བའི་རྩ་བ་རྒྱ་ཆེར་རྣམ་པར་དག་པ་ཡིན་ནོ། །དེ་ཡང་ཇི་སྐད་དུ། དཔེར་ན་གསེར་ས་ལེ་སྒྲལ་དེ་ཉིད་གསེར་མགར་དག་གིས། ཅི་ཙམ་ཅི་ཙམ་མེར་བསྲེགས་པས། དེ་ཙམ་དེ་ཙམ་དུ་བྱང་བ་དང་། ཡོངས་སུ་དག་པ་དང་ཤིན་ཏུ་དག་པར་འགྱུར་རོ། །དེ་བཞིན་དུ་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་ཡང་རབ་ཏུ་བྱང་བ་དང་། ཡོངས་སུ་དག་པ་དང་། ཅི་དགར་ལས་སུ་རུང་བར་འགྱུར་རོ། །ཞེས་དང་། ༈ དེ་བཞིན་དུ་རྒྱུ་གསུམ་པོ་དེབ་དགེ་བའི་རྩ་བ་རྒྱ་ཆེར་རྣམ་པར་གསར་གྱུར་ཏེ་ཞེས་པ་གཉིས་པ་སོགས་བཅུ་པའི་བར་ཀུན་སྦྱར་ཏེ། གཉིས་པར། དཔེར་ན་གསེར་ས་ལེར་སྒྲམ་དེ་ཉིད་གསེར་མགར་དག་གིས་ནག་མཚུར་གྱིས་བཀུས་ནས་མེར་བཅུག་ན། དེ་བས་ཀྱང་དྲི་མ་ཐམས་ཅད་དང་བྲལ་བར་འགྱུར་རོ། །དེ་བཞིན་དུ་ས་གཉིས་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་གི་དགེ་བའི་རྩ་བ་ནི། སྔར་བས་ཀྱང་ཆེས་རྣམ་པར་དག་པ་དང་། བྱང་བ་
(༥༠༢)ལས་སུ་རུང་བར་འགྱུར་རོ་ཞེས་དང་། གསུམ་པར། དཔེར་ན་གསེར་ལེ་སྒྲམ་དེ་ཉིད་གསེར་མགར་མཁས་པའི་ལག་ན་འབྲེལ་ན། དང་པོའི་སྲང་ཚད་ཀྱི་ཚད་ལས་ཉུང་ངུ་མི་འགྲོ་བར། སྐྱོན་དང་དྲི་མ་ཐམས་ཅད་ཟད་པར་བྱེད་དོ། །དེ་བཞིན་དུ་ས་གསུམ་པ་ན་གནས་པའི་བྱང་ཆུབ་སེམས་དཔའ་ནི་དགེ་བའི་རྩ་བ་མི་འགྲིབ་པར་གནས་ཤིང་། ཤིན་ཏུ་དག་པ་དང་བྱང་བ་དང་ལས་སུ་རུང་བར་འགྱུར་རོ། །བཞི་པར། དཔེར་ན་གསེར་ས་ལེ་སྒྲམ་དེ་ཉིད་གསེར་མགར་མཁས་པས། རྒྱན་གྱི་རྣམ་པར་བྱས་པ་ནི། རྒྱན་དུ་མ་བྱས་པའི་གསེར་རྣམས་ཀྱིས་མི་འཕྲོག་པ་ཡིན་ནོ། །དེ་བཞིན་དུ་ས་ལྔ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེས་རྒྱུད་ཐ་དད་པ་མེད་པའི་དོན་རྟོགས་སྟེ། མཉམ་པ་ཉིད་བཅུ་ཤེས་སོ། །དྲུག་པར་དཔེར་ན་གསེར་ས་ལེར་སྒྲམ་དེ་ཉིད་མགར་བ་མཁས་པས་དེ་བཻ་ཌཱུརྱ་སྤྲས་ན་མཚུངས་པ་མེད་པའི་ཕྱིར་དེ་མ་ཡིན་པའི་གསེར་ཐམས་ཅད་ཀྱིས་མི་འཕྲོག་པ་ཡིན། དེ་བཞིན་དུ་ས་དྲུག་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་ཡང་ཐབས་དང་ཤེས་རབ་ཀྱིས་དཔྱད་པའི་རྣམ་པར་དག་ཅིང་འོད་གསལ་ཏེ། དེ་མ་ཡིན་པའི་ས་ལས་གནས་པའི་བྱང་ཆུབ་སེམས་དཔའ་མི་འཕྲོག་པ་ཡིན་ནོ། །བདུན་པར། དཔེར་ན་གསེར་ས་ལེ་
(༥༠༣)སྒྲམ་དེ་ཉིད་གསེར་མགར་མཁས་པས་ནོར་བུ་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་ན་ཤིན་ཏུ་མཛེས་ཏེ། དེ་མ་ཡིན་པའི་འཛམ་བུ་གླིང་པའི་རྒྱན་ཐམས་ཅད་ཀྱིས་མི་འཕྲོག་པ་ཡིན་ནོ། །དེ་བཞིན་དུ་ས་བདུན་པ་ལ་ངས་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་ཡང་ཆེས་རྣམ་པར་དག་པ་ཉན་རང་དང་དེ་མ་ཡིན་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་རྣམས་ཀྱིས་མི་འཕྲོག་པ་ཡིན་ནོ། །བརྒྱད་པར། དཔེན་ན་གསེར་ས་ལེ་སྒྲམ་དེ་ཉིད་མགར་བ་མཁས་པས་རྒྱན་དུ་ཟིན་པར་བྱས་ཏེ། འཛམ་བུ་གླིང་གི་བདག་པོའི་མགོ་བོའམ་མགུལ་དུ་བཏགས་ན། འཛམ་གླིང་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱན་གྱི་རྣམ་པ་རྣམས་ཀྱིས་མི་འཕྲོག་པ་མིན་ནོ། །དེ་བཞིན་དུ་ས་བརྒྱད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེའི་དགེ་བའི་རྩ་བ་དེ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཉན་རང་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ས་བདུན་ན་གནས་པའི་བར་དག་གིས་མི་འཕྲོག་པ་ཡིན་ནོ། །དགུ་པར། དཔེར་ན་གསེར་ས་ལེ་སྒྲམ་དེ་ཉིད་གསེར་མགར་མཁས་པས་རྒྱན་དུ་རྒྱས་པ་དེ་འཁོར་ལོས་བསྒྱུར་བའི་
(༥༠༤)རྒྱལ་པོའི་མགོའི་མགུལ་དུ་བཏགས་ན། ཁམས་ཀྱི་རྒྱལ་ཕྲན་རྣམས་དང་གླིང་བཞི་པའི་སེམས་ཅན་རྣམས་ཀྱི་རྒྱན་ཀྱི་རྣམ་པ་རྣམས་ཀྱིས་མི་འཕྲོག་པ་ནོ། །དེ་བཞིན་དུ་ས་དགུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་ཡེ་ཤེས་ཀྱི་སྣང་བ་ཆེན་པོས་བརྒྱན་པ་ཉན་རང་ཐམས་ཅད་དང་ས་འོག་མ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མི་འཕྲོག་བ་ཡིན། བཅུ་པར་དཔེར་ན་ལྷའི་རྒྱན་ཆེན་པོ་མཁན་པོ་དང་བཟོ་བསོ་མ་བྱས་པ་ནོར་བུ་རིན་པོ་ཆེས་སྤྲས་པ་དེ་ལྷའི་རྒྱལ་པོ་དབང་བསྒྱུར་བའི་མགོའམ་མགུལ་དུ་བཏགས་ན། དེ་མ་ཡིན་པའི་ལྷ་དང་མིའི་རྒྱན་རྣམས་པ་དག་གིས་མི་འགྲོག་པ་ཡིན་ནོ། དེ་བཞིན་དུ་ས་བཅུ་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཡེ་ཤེས་ཀྱི་རྒྱུ་དེ་དག་ཀྱང་སེམས་ཅན་ཐམས་ཅད་དང་། ཉན་རང་ཐམས་ཅད་དང་། ས་དགུ་པ་ས་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་འཕྲོག་པ་ཡིན་ནོ། ཞེས་གསུངས་སོ། ༈ །དྲུག་པ་རྟོག་པའི་ཁྱད་པར་བཅུ་ནི། སྤྱིར་ས་བཅུ་པོ་འདི་རྣམས་མཉམ་པར་བཞག་པ་ལ་རྟོགས་པ་གཅིག་མཚུངས་མོད་ཀྱི། རྗེས་ཀྱི་ངེས་པ་འདྲེན་པའི་བྱེ་བྲག་ལ་ལྟོས་ནས་སོ་སོར་ཡོད་དོ། དེ་སོ་སོར་བཤད་ན། ས་དང་པོ་ལ་ཆོས་དབྱིངས་ཀུན་ཏུ་
(༥༠༥)འགྲོ་བའི་དོན་རྟོགས་སྟེ། དེས་བདག་གཞན་མཉམ་པ་ཉིད་རབ་ཏུ་ཐོབ་བོ། །གཉིས་པར་ཆོས་དབྱིངས་མཆོག་གི་དོན་རྟོགས་ཏེ། ངས་འདི་སྙམས་སུ་བདག་གིས་རྣམ་པ་ཐམས་ཅད་དུ་ཡོངས་སུ་སྦྱོངས་བ་མངོན་པར་སྒྲུབ་པ་ལ་བརྩོན་པར་བྱའོ་སྙམས་མོ། གསུམ་པར། ཆོས་དབྱིངས་དེའི་རྒྱུ་མཐུན་པའི་ཆོས་དོན་གྱི་མཆོག་ཏུ་རྟོགས་ཏེ། དེས་ཚིག་ཏུ་བཅད་པ་རེ་རེ་ཙམ་ཐོབ་པའི་ཕྱིར་ཡང་མེད་འོག་སྟོང་གསུམ་དུ་བདག་ཉིད་འཕྱོང་བར་བྱེད་དོ། །བཞི་པར་ཡོངས་སུ་འཛིན་པ་མེད་པའི་དོན་རྟོགས་ཏེ། འདི་ལྟར་ཆོས་ལ་སྲེད་པའང་ལྡོག་གོ། ལྔ་པར། རྒྱུད་ཐ་དད་མེད་པའི་དོན་རྟོགས་ཏེ། མཉམ་པ་ཉིད་བཅུ་ཤེས་སོ། དྲུག་པར། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་དག་པ་མ་ཡིན་པའི་དོན་རྟོགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་གང་ཀུན་ནས་ཉོན་མོངས་པའམ་གང་ཡང་མེད་པ་ཤེས་སོ། །བདུན་པར། ཐ་དད་མེད་པའི་དོན་རྟོགས་ཏེ་མདོ་ལ་སོགས་པའི་ཆོས་ཀྱི་མཚན་ཉིད་ཐ་དད་མི་འབྱུང་ངོ་། །བརྒྱད་པར། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་བྱི་བ་མེད་ཅིང་འཕེལ་བ་མེད་པའི་དོན་རྟོགས་ཏེ། ཀུན་ནས་ཉོན་མོངས་པའམ་རྣམ་པར་བྱང་བ་
(༥༠༦)ཡང་བྲི་བའམ་འཕེལ་བ་མི་འཐོང་ངོ་། གཞན་ཡང་དབང་བཞི་སྟེ། རྣམ་པར་མི་རྟོགས་པ་དང་། ཞིང་ཡོངས་སུ་དག་པ་དང་། ཡེ་ཤེས་དང་། ལས་ལ་དབང་བ་དང་བཞི་ཡོད་པ་ལས། ས་བརྒྱད་པ་འདིར་ལས་ལ་དབང་བ་དང་། ཞིང་ཡོངས་སུ་དག་པ་ལ་དབང་བའོ། །གཞན་ཡང་དབང་བཅུ་ལ་མངའ་བར་གསུང་ཏེ་འོག་ནས་བཤད་དོ། དགུ་པར། དབང་བཞི་སོ་དེ་ལས་ཡེ་ཤེས་ལ་དབང་བའི་གནས་ཉིད་དུ་རྟོགས་ཏེ་སོ་སོ་ཡང་དག་པའི་རིག་པ་བཞི་ཐོབ་པའི་ཕྱིར་རོ། ༈ །སོ་སོ་ཡང་དག་པའི་རིག་བཞི་ནི། ཆོས་སོ་སོ་ཡང་དག་པའི་རིག་པ་དང་། དོན་སོ་སོ་ཡང་དག་པའི་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པ་དང་། སྤོབ་བ་སོ་སོ་ཡང་དག་པའི་རིག་པ་རྟག་པར་རྒྱུན་དུ་འབྱུང་ངོ་། ཞེས་པ་བཅུའི་མོད་ལས་གསུངས་སོ། །དེའི་དོན་ནི་མདོ་སྡེ་རྒྱན་ལས་རྣམ་གྲངས་མཚན་ཉིད་ཚིག་རྣམས་དང་། ཡེ་ཤེས་ཤེས་པ་དེ་དག་འདོད་ཞེས་པས། ཆོས་སོ་སོ་ཡང་དག་རིག་པ་ནི། ཆོས་རེ་རེ་ལའང་མིང་གི་རྣམ་གྲང་དུ་མ་ཡོད་པ་ཤེས་པའོ། །དོན་སོ་སོ་ཡང་དག་རིག་པ་ནི། ཆོས་རྣམས་སྤྱིའི་མཚན་ཉིད། ཆོས་ཐམས་ཅད་མི་རྟག་པ་སོགས་དང་། རང་གི་མཚན་ཉིད་ས་
(༥༠༧)ཡི་མཚན་ཉིད་སྲ་བ་སོགས་སོ་སོར་ཤེས་པའོ། །ངེས་ཚིག་སོ་སོ་ཡང་དག་རིག་པ་ནི། །སེམས་ཅན་ཐམས་ཅད་རང་རང་གི་སྐད་ལ་འཇུག་པའོ། །སྤོབ་པ་སོ་སོ་ཡང་དག་རིག་པ་ནི། བསྐལ་པར་བཤད་ཀྱང་མི་ཟད་པའམ། སེམས་ཅན་ཐམས་ཅད་ཀྱིས་རྒོལ་ཀྱང་ལེན་ཐེབ་པའི་ཡེ་ཤེས་དང་ལྡན་པའི་མཚན་ཉིད་ཅན་ནི། བཅུ་པར་དབང་བཞི་པོ་དེ་དག་ལས་ལས་ལ་དབང་བའི་གནས་ཉིད་དུ་རྟོགས་ཏེ། ཇི་ལྟར་བཞེད་པ་བཞིན་སྤྲུལ་པ་སྣ་ཚོགས་ཀྱིས་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ། ༈ །བདུན་པ་ཡང་བའི་ཁྱད་པར་ནི། དང་པོ་ཉོན་སྒྲིབ་ལས། མཐོང་སྤང་ནི་ཉོན་མོངས་བརྒྱད་ཅུ་རྩ་གཉིས་ཐམས་ཅད་སྤང་ངོ་། ཤེས་སྒྲིབ་གསུམ་ཡོད་པ་ལས། སྤགས་ཤུན་ལ་ཡོད་པ་ལྟ་བུ་རྣམས་སྤངས་བ་ཡིན་ནོ། ༈ །འཇིགས་པ་ལྔ་དང་ཡང་བྲལ་ལོ། །འཕགས་པ་བཅུ་པའི་མོད་ལས། །ས་རབ་ཏུ་དགའ་འདི་ཐོབ་མ་ཐག་ཏུ་འཇིགས་པ་ལྔ་པོ་གང་ཡིན་པ་འདི་ལྟ་སྟེ། འཚོབ་མེད་པའི་འཇིག་པའམ། ཚིགས་སུ་བཅད་པ་མེད་པས་འཇིགས་པའམ། འཚོ་བ་འཇིགས་པའམ། ངན་འགྲོའི་འཇིགས་པའམ། འཁོར་གྱི་ནང་དུ་བག་ཚ་བའི་འཇིགས་པ་
(༥༠༨)དེ་དག་མེད་པ་ཡིན་ནོ། །གཉིས་པར། ས་གཉིས་པ་ནས་བཟུང་སྟེ་བཅུ་པའི་བར་འདིས་ཉོན་མོངས་སྒྲིབ་པ་དབང་དུ་བྱས་ན། བསྒོམ་སྤང་གི་ཉོན་མོངས་བཅུ་དྲུག་ཡོད་པ་ལས། དེ་རྣམས་ཀྱིས་ས་བོན་ཙམ་ནི་མི་སྤང་བར་འཇོག་ལ། མངོན་གྱུར་རྣམས་ནི་མགོ་གནོན་པ་ཡིན་ནོ། །ཤེས་སྒྲིབ་ཀྱི་དབང་དུ་བྱས་ན། སྤྲིན་ལ་ཡོད་ལྟ་བུ་རྣམས་སྤོང་བའོ། ༈ །བརྒྱད་པ་སྐྱེ་བའི་ཁྱད་པར་བཅུ་ནི། ས་དང་པོར་གནས་པ་ནི། ཕལ་ཆེར་འཛམ་བུ་གླིང་ལ་དབང་བའི་འཁོར་ལོས་སྒྱུར་རྒྱལ་ཏེ། སེམས་ཅན་རྣམས་ཀྱི་སེར་སྣའི་སྒྲིབ་པ་སེལ་ལེ། ས་གཉིས་པར་གནས་པ་ནི། ཕལ་ཆེར་གླིང་བཞི་དབང་བའི་འཁོར་ལོའི་སྒྱུར་རྒྱལ་ཏེ། སེམས་ཅན་རྣམས་མི་དགེ་བ་བཅུའི་ལས་ལམ་ལས་བཟློག་ནས་དགེ་བཅུའི་ལས་ལ་འགོས་དོ། ས་གསུམ་པར་གནས་པ་ནི། ཕལ་ཆེར་ལྷ་དབང་བརྒྱ་བྱིན་དུ་འགྱུར་ཏེ། སེམས་ཅན་རྣམས་ཀྱི་འདོད་པའི་འདོད་ཆགས་བཟློག་པ་ལ་མཁས་སོ། ས་བཞི་པར་གནས་པ་ནི། ཕར་ཆེར་ལྷའི་རྒྱལ་པོ་འཐབ་བརླ་དུ་འགྱུར་ཏེ། སེམས་ཅན་རྣམས་ཀྱི་འཇིགས་ཚོགས་ཀྱི་ལྟ་བ་འཇོམས་པ་ལ་མཁས་སོ། །ས་ལྔ་པ་ལ་གནས་པ་ནི། ཕལ་ཆེར་ལྷའི་རྒྱ་པོ་
(༥༠༩)དགའ་ལན་དུ་སྐྱེ་བར་འགྱུར་ཏོ། །མུ་སྟེགས་པ་རྣམས་ཀྱི་ལྟ་བུ་བཟློག་པ་ལ་མཁས་པའོ། །ས་དྲུག་པར་གནས་པ་ནི། ཕལ་ཆེར་འཕྲུལ་དགའི་ལྷའི་རྒྱལ་པོར་འགྱུར་ཏེ། སེམས་ཅན་རྣམ་ཀྱི་མངོན་པའི་ང་རྒྱལ་བཟློག་པ་ལ་མཁས་པའོ། །ས་བདུན་པར་གནས་པ་ནི། ཕལ་ཆེར་ལྷའི་རྒྱལ་པོ་དབང་བསྒྱུར་དུ་འགྱུར་ཏེ། ཉན་རང་གི་མངོན་པར་རྟོགས་པ་སྒྲུབ་པ་ལ་མཁས་སོ། །ས་བརྒྱད་པར་གནས་པ་ནི། ཕལ་ཁྱེར་སྟོང་སྤྱི་ཕུད་ལ་དབང་བའི་རྒྱལ་པོ་ཚངས་བར་འགྱུར་ཏེ་དགྲོལ་པ་དང་། རང་རྒྱལ་ས་སོགས་པའི་དོན་གཏན་ལ་འབེབས་པའོ། །ས་དགུ་པར་གནས་པ་ནི། ཕར་ཆེན་ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོ་འགྱུར་ཏེ། སེམས་ཅན་དང་ཉན་རང་དང་། བྱང་སེམས་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པའི་ཆོས་སྟོན་པ་མ་མཁས་པའོ། ༈ །དགུ་པ་མཐུ་ཡི་ཁྱད་པར་བཅུ་ནི། ས་དང་པོར། ཡོན་ཏན་བརྒྱ་ཕྲག་བཅུ་གསུམ་ལ་དབང་འབྱོར་བ་ནི་ཇི་སྐད་དུ། རབ་ཏུ་དགའ་བའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། འདོད་པས་བརྩོན་འགྲུས་བཙམ་ཏེ། རབ་ཏུ་བྱང་ན། སྐད་ཅིག་ཐང་གཅིག་ཡུད་ཙམ་གཅིག་ལ། ཏིང་ངེ་འཛིན་བརྒྱ་ཐོབ་ཅིང་
(༥༡༠)སྙོམས་པར་འཇུག་པ་དང་། ལྡང་བ་དང་། སངས་རྒྱས་མཐོང་བ་དང་། ༢ དེ་དག་ལས་ཆོས་ཉན་པ་ནི་བྱིན་རླབས་ཀྱང་ཡང་དག་པར་ཤེས་པ་དང་། ༣ འཇིག་རྟེན་གྱི་ཁམས་བརྒྱད་གཡོ་བར་བྱེད་པ་དང་། ༤ འོད་ཀྱི་གཡོ་བ་ སངས་རྒྱས་ཀྱི་ཞིང་བརྒྱར་འགྲོ་བ་དང་། ༥ འཇིག་རྟེན་གྱི་ཁམས་བརྒྱ་འོད་ཀྱིས་སྣང་བར་བྱེད་པ་དང་། ༦ སེམས་ཅན་བརྒྱ་ཡོངས་སུ་སྨོན་པར་བྱེད་པ་དང་། ༧ བསྐལ་པ་བརྒྱར་གནས་པར་བྱེད་པའང་སྟོན་པ་དང་། ༨ སྔོན་གྱི་བསྐལ་པ་བརྒྱ་ཡང་རབ་ཤེས་པ་དང་། ༩ ཕྱི་མའི་མཐའི་བསྐལ་པ་བརྒྱ་ཡང་རབ་ཏུ་ཤེས་པ་དང་། ༡༠ ཆོས་ཀྱི་སྒོ་བརྒྱ་རྣམ་པར་འབྱེད་པ་དང་། ༡༡ ལུས་ཀྱི་སྤྲུལ་པ་བརྒྱ་ཀུན་ཏུ་སྟོན་པ་དང་། ༡༢ ལུས་རེ་རེ་བཞིན་ཡང་བྱུང་ཆུབ་སེམས་དཔའ་འཁོར་བརྒྱ་དང་ལྡན་པ་ཀུན་ཏུ་སྟོན་པའོ། ༢ །ས་གཉིས་པར་སྐད་ཅིག་ཡུད་ཙམ་གཅིག་ལ་ཏིང་ངེ་འཛིན་སྟོང་ཕྲག་ཐོབ་ཅིང་སྙོམ་པར་འཇུག་པ་སོགས་ཡོན་ཏན་སྟོང་ཕྲག་བཅུ་གསུམ། ས་གསུམ་པར་སྐད་ཅིག་ལ་ཡོན་ཏན་བྱེ་བ་འབུམ་ཕྲག་བཅུ་གསུམ་དང་། ས་བཞི་པར་ཡོན་ཏན་བྱེ་བ་བཅུ་གསུམ། ས་ལྔ་པར་བྱེ་བ་ཕྲག་སྟོང་ཕྲག་བཅུ་གསུམ། ས་དྲུག་པ་ལ་བྱེ་བ་ཕྲག་འབུམ་ཕྲག་བཅུ་གསུམ་དང་། ས་བདུན་པར་ཡོན་ཏན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་རྣམས་བཅུ་གསུམ་དང་། ས་བརྒྱད་པར་
(༥༡༡)ཏིང་ངེ་འཛིན་སོགས་ཡོན་ཏན་སྟོན། སྟོང་གསུམ་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་རྙེད་བཅུ་གསུམ་དང་། ས་དགུ་པར། ཡོན་ཏན། སངས་རྒྱས་ཀྱི་ཞིང་གྲངས་མེད་པ་འབུམ་ཕྲག་བཅུ་ཚང་བའི་རྡུལ་ཕྲ་རབ་གྱི་རྡུལ་སྙེད་བཅུ་གསུམ་དང་། ས་བཅུ་པར་སྐད་ཅིག་ཐང་ཅིག་ཡུད་ཙམ་ཞིག་ལ་ཏིང་ངེ་འཛིན་སོགས་རེ་རེ་ལ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཐོབ་གཅིག་དང་གཞན་ཡང་ས་སྤུའི་ཁུང་བུ་རེ་རེ་ལས་ཀྱང་གྲངས་ལས་འདས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཁོར་ཚད་མེད་པ་དང་བཅས་པ་སྐད་ཅིག་ལ་སྟོན་ནུས་སོ། །ལྷ་དང་མི་ལ་སོགས་པའི་འགྲོ་བ་མང་པོ་སྟོན་ནུས་སོ། །ལྷ་དང་མི་ལ་སོགས་པའི་འགྲོ་བ་མང་པོ་སྟོན་ནུས་སོ། །གདུལ་བྱ་གང་འདུལ་དུ་བརྒྱ་བྱིན་དང་། ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། རྒྱལ་པོ་དང་། ཉན་རང་དང་དེ་བཞིན་གཤེགས་པའི་གཟུགས་སུ་གནས་ནས་ཆོས་སྟོན་པར་ནུས་སོ། །བྱང་ཆུབ་སེམས་དཔའི་ས་བཅུ་བཤད་ཟིན་ཏོ། ༈ །སངས་རྒྱས་ཀྱི་ས་ནི། མཐར་ཕྱིན་པའི་ལམ་གྱི་གནས་སྐབས་ཏེ། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་བསྒོམ་ཡང་ཉོན་སྒྲིབ་དང་ཤེས་སྒྲིབ་སྙིང་པོ་ཡོད་ལྟ་བུ་གཅིག་ཆར་དུ་སྤོང་བའོ། ༈ །དེ་ལྟར་ས་དེ་དག་ཀྱང་བསྐལ་ཆེན་གྲངས་མེད་གསུམ་གྱིས་བསྒྲོད་པར་འགྱུར་ཏེ། གྲངས་མེད་པ་དང་པོས་ནི་མོས་སྤྱོད་ལས་འདས་
(༥༡༢)ནས་རག་དགའ་ལ་གནས་པ་ཐོབ་སྟེ། དེ་ཡང་རྟག་ཏུ་འབད་པས་ཐོབ་ཀྱིས་མི་འབད་པས་ནི་མ་ཡིན་སྟེ། བསྐལ་པ་གྲངས་མེད་སུམ་ཅུ་ལ་སོགས་པས་ལམ་བགྲོད་པར་ཡང་གསུངས་པའི་ཕྱིར་རོ། །གྲངས་མེད་གཉིས་པར་ནི། ས་དང་པོ་ནས། བདུན་པའི་བར་ལ་མ་དག་པ་བདུན་ཞེས་བྱ་བ་ལ་འདས་ཏེ་ས་བརྒྱད་པ་ཐོབ་པར་འགྱུར་བ་ནི་ངེས་པ་སྟེ། ས་དང་པོ་ཐོབ་ནས་བཟུང་བསམ་པ་དག་པའི་བྱང་ཆུབ་སེམས་དཔའ་དེས་ངེས་པར་འབད་པའི་ཕྱིར་རོ། །གྲངས་མེད་དགུ་པ་ནི། ས་བརྒྱད་པ་སོགས་ནས། དག་པའི་ས་གསུམ་ཞེས་བྱ་སྟེ་དགུ་པ་འདས་ནས་བཅུ་པ་ཐོབ་པར་འགྱུར་བ་ངེས་ཏེ། ས་བརྒྱད་པ་ཐོབ་ནས་བྱང་ཆུབ་སེམས་དཔའ་དེས་འདོད་ན་ཞག་བདུན་ཀྱི་ཀྱང་སངས་རྒྱས་ཐོབ་པར་བྱེད་དེ་གསུངས་པའི་ཕྱིར་རོ། །བརྩོན་འགྲུས་ཆེན་པོས་སྦྱོར་ནས་བསྐལ་ཆེན་གྲངས་མེད་དེ་དག་གི་ནང་ནས་ལ་ལས་བར་བསྐལ་མང་པོ་དང་། ལ་ལས་བསྐལ་ཆེན་མང་པོ་འདུས་པར་བྱེད་པའང་ཡོད་དོ། ༈ །སྤྱིར་བསྐལ་པ་མ་ཆགས་བསྐལ་དང་། གནས་པའི་བསྐལ་པ་དང་། གནས་པའི་བསྐལ་པ་དང་། འཇིག་བསྐལ་དང་། སྟོང་བསྐལ་བཞི་ཡོད། དེ་བཞི་པོ་རེའི་ཡུལ་ལ་བར་བསྐལ་ཉི་ཤུ་རེ་ཡོད། བར་བསྐལ་ནི་མར་འགྲིབ་དང་ཡར་འཕེལ་རེའི་བཞག་པ། བར་བསྐལ་གཅིག་གི་ཡུན་ཚད་ལ། ལྕག་ཁང་གྲུབ་བཞི་པ་རྒྱ་དབང་སོ་སོ་ལ་རྒྱས་གྲགས་རེ་ཡོད་པའི་
(༥༡༣)ནང་དུ་ཏིལ་གྱིས་བགང་བའི་ནང་ནས་ལོ་བརྒྱ་ཚང་བ་ནས་འབྲུ་རེ་རེ་ཕྱུང་ནས་ཟད་པའི་བར་ཙམ་ཡིན་པར་པཎྚི་ཏ་སྟོབས་བཅུ་དཔལ་གྱི་བཤེས་གཉེན་གྱིས་གསུངས། བསྐལ་ཆེན་ནི་བསྐལ་པ་ཆགས་འཇིགས་གནས་གསུམ་ཀ་རྫོགས་པ་ལ་བཤད་དོ། ༈ གྲངས་མེད་གསུམ་སོགས་ནི། གཅིག་བཅུ་བརྒྱ་སྟོང་ཁྲི་འབུམ་དང་སོགས་ནས་གྲངས་ཀྱི་གནས་དྲུག་ཅུ་པ་ཡིན་གྱི་བརྩི་མི་ནུས་པའི་དོན་ནི་མ་ཡིན་ནོ། །དེའི་བརྩི་ཚུལ་སྟོང་བསྙལ། ནི་ཅིས་ཀྱི་སྐབས་སོགས་རྣམས་འབྱུང་ངོ་། ༈ །འོན་ཀྱང་བླ་མའི་མོས་གུས་ཆེ་ནས་བྱང་ཆུབ་སེམས་དཔའ་རྟག་ཏུ་དུན་དང་། ནོར་བཟང་ལྟ་བུ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ངེས་ཤེས་སྐྱེས་པས། སྒྱུ་མ་མཁན་བཟང་པོ་ལྟ་བུ། ཡུན་ཚན་ཐུང་ངུས་པ་ལམ་བགྲོད་ཚུལ་འབྱུང་ཡང་སྔ་མ་རིམ་གྱིས་པའི་ལུགས་མཛད་ནས་གསུངས་པར་སྣང་དང་། ས་ཡི་རྣམ་བཞག་བཤད་ཟིན་ཏོ། ༈ །གཞན་ཡང་ཉན་རང་དང་ཐུན་མོང་བའི་རྣམ་པར་ཐར་པ་བརྒྱད་ནི། ནང་གི་ལྟ་བ་པོ་རང་ཉིད་ཀྱི་གཟུགས་ཀྱི་འདུ་ཤེས་མ་བཤིགས་པར། གཟུགས་ཅན་འདུ་ཤེས་པས། ཕྱི་རོལ་གྱི་ཡུལ་ཆེ་བ་མཐོང་ན་དེ་བས་ཀྱང་ཆེ་བ་སྤྲུལ་པ། དབེན་ན་རི་བོ་ལ་དེའི་དྲུང་དུ་རི་རབ་སྤྲུལ་པའོ། །ཆུང་བ་དེས་ལས་ཆུང་བ་དཔེར་ན་ཡུངས་དཀར་ལ་རྡུལ་ཕྲན་ལྟ་བུའོ། །བཟང་བ་
(༥༡༤)མ་བཟང་བ་དངུལ་བུམ་ལ་བཟང་བར་འདུ་ཤེས་ན་དེའི་དྲུང་དུ་གསེར་བུམ་སྤྲུལ་པའོ། །ངན་པ་མཆིལ་སྣབས་ལ་བཙོག་པར་འདུ་ཤེས་ན་དེའི་རྩར་ཕྱི་པ་སྤྲུལ་པའོ། །སྡུག་པ་མི་མོ་ལ་མཛེས་པར་འདུ་ཤེས་ན་ལྷ་མོ་སྤྲུལ་པའོ། །མི་སྡུག་པ་སྦལ་སྦྲུལ་ལ་མི་དགའ་བས་སྐྱེས་ན་ཡི་དྭགས་དང་ཤ་ཟ་སྤྲུལ་ནས་ལྟ་བས་སྔ་མའི་བག་ཆགས་དང་བྲལ་བ་དང་། ཡང་བལྟ་མཁན་རང་གི་གཟུགས་ཀྱི་འདུ་ཤེས་བཤིགས་ནས། གཟུགས་མེད་འདུ་ཤེས་པས་ཀྱང་། ཡུལ་གྱི་འདུ་ཤེས་ཆེ་ཆུང་དང་། བཟང་ངན་དང་། མཛེས་མི་མཛེས་དང་། སྡུག་མི་སྡུག་རྣམས་སྔ་མ་ལྟར་རོ་མཉམ་པ་ཆགས་སྡང་གཉིས་ཀ་དང་བྲལ་བར་ཆད་དབང་ཐོབ་པ་ནི། སྤྲུལ་པ་ཤེས་དཔའི་སྒྲིབ་པའི་གཉེན་པོར་མི་སྡུག་པའི་རྣམ་པར་ས་གཉིས་ཤེས་བྱ་ཞིང་འདི་གཉིས་བསམ་གཏན་དང་སོ་གཉིས་ན་ཡོད་དེ་འདོད་པ་དང་བསམ་གཏན་དང་པོའི་ས་པའི་ཁ་དོག་གི་འདོད་ཆགས་ཀྱི་གཉེན་པོའོ། ཡང་དེ་ལྟར་སྤྲུལ་པའི་གཟུགས་མཛེས་པའམ་མི་མཛེས་དེ་ལའང་། དགའ་མི་དགའི་ཉོན་མོངས་སྐྱེ་བར་གྱུར་ན། སླར་དེའི་ཉོན་མོངས་གསེར་བུམ་སྤྲུལ་པ་ལ་དགའ་བའི་འདུ་ཤེས་ཀྱི་གཉེན་པོར། དེ་ན་བཻཌཱུརྱའི་དབུ་མ་པ་སྤྲུལ་ཏེ་གསེར་ལ་དགའ་བའི་བློ་ལྡོག་པའམ། ཕྱིས་སྤྲུལ་པས་མི་དགའ་བར་འདུ་ཤེས་པ་ལ། སླར་རོ་མྱག་གི་
(༥༡༥)འདམ་པ་དང་། ཟང་ཞུན་ཁོལ་མ་སྤྲུལ་པ་ལ་བལྟ་བས་སྔ་མའི་མི་དགའ་བ་བཟློག་སྟེ། འདི་ནི། ནང་རང་ཉིད་གཟུགས་མེད་པར་ཤེས་པས་བལྟས་ཏེ། འདི་ལའང་ཕུང་པོ་ལྔ་ཆར་ཡོད་ཅིང་སྡུག་པའི་རྣམ་པར་ཆར་བ་ཞེས་བྱ་བ་རྣམ་ཐར་གསུམ་པ་འདིའི་ངོ་བོ་ནི་མ་ཆགས་པའི་དགེ་བ་ཡིན་ལ་བསམ་གཏན་བཞི་པའི་ཡ་མཐའ་ན་ཡོད་དོ། ༈ །དེ་ནས་གཟུགས་མེད་ཀྱི་རྣམ་པར་ཐར་པ་བཞི་ཞེས་པ། ནམ་མཁའ་མཐའ་ཡས་ལ་སོགས་པ། མཉམ་བཞག་དགེ་བ་དག་པ་བ་དང་། ཟག་མེད་རྣམ་པ་བཞི་ཡིན་ནོ། ༈ །བརྒྱད་པ་འགོག་པའི་རྣམ་ཐར་ནི། འགོག་པའི་སྙམས་འཇུག་ཉིད་ཡིན་ཅིང་། འདི་སྲིད་རྩེའི་ཡོད་མིན་མེད་མིན་གྱི་སེམས་རང་བཞིན་གྱི་ཕྲ་བ་ཡིན་པ་ལ་དེའི་མཇུག་ཐོགས་སུ་དེ་བས་ཀྱང་ཕྲ་བ་ཚོར་འདུ་འགོག་པས་ཉོན་ཡིད་དང་བཅས་པ་འགོག་ཅིང་འཇུག་པའོ། ༈ །སྙོམས་འཇུག་དགུ་ནི། བསམ་གཏན་བཞི་དང་། གཟུགས་མེད་བཞི་དང་། འགོག་པའི་སྙོམས་འཇུག་བཅས་དགུའོ། ༈ །ཟད་པར་བཅུ་ནི། ཟད་པར་པ་དང་། ཟད་པར་ཆུ་དང་། ཟད་པར་མེད་དང་། ཟད་པར་རླུང་སྟེ། འབྱུང་བ་བཞི་དང་། སྔོ་ སེར་ དམར་ དཀར་ ནམ་མཁའ་རྣམ་ཤེས་ཏེ་དྲུག་སོ་རྣམས་
(༥༡༦)ལ་དམིགས་ཡུལ་གང་ཡིན་པ་རྣམས་ཐམས་ཅད་བཅུ་པོ་འདིས་བསྒྱུར་བར་བྱེད་པའོ། ༈ །འདི་བསྒྲུབ་ཚུལ་ནི། བསམ་གཏན་བཞི་པའི་ཏིང་ངེ་འཛིན་ལ་བརྟེན་དགོས་ཏེ། སྦྱོར་བ་ནི་པ་ལ་སོགས་པས་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་མོས་ཤིང་། དངོས་གཞི་པའི་མཎྜལ་གྲུ་བཞི་སེར་པོ། སྣོད་གཙང་མའི་ཁར་ཆུ་སྣོད་འཛག་བཞིན་པ་དང་། མེ་ལྕེའི་རྩེ་དང་དུ་བ་སྟེང་དུ་འགྲོ་ཞིང་བུད་ཤིང་ཐབས་ཁོང་ནས་མི་མཐོང་བའི་ཐབས་སྒོ་ནས་མེ་གསལ་བ་དང་། བསོ་ཁང་གི་གློ་སྐར་པོར་བཞི་པའི་རླུང་རང་གི་ལུས་ལ་ཕོག་པ་དང་། རྩིག་དངོས་སོགས། ཚོན་སྔོན་པོས་བྱུགས་པའམ། སྣོད་མེ་ཏོག་སྔོན་པོས་བཀང་བ་སོགས་དང་། སྟེང་ནས་མཐོ་གང་ལྷག་པའི་ནམ་མཁའི་མཐོང་ཁུང་དང་། བུམ་པ་ལྔ་པའི་ནང་གི་མར་མེ་གསལ་བའི་འོད་ཅིག་ངོས་མ་ཕོག་པ་རྣམས་ལ་བསྟན་ནས་ཡུན་རིང་བསམ་གཏན་སྦྱངས་ཞིང་། ས་སོགས་སོ་སོའི་མིང་ལ་དམིགས་ནས་བསྒོམ་པས། དེ་དང་དེའི་བག་ཆགས་བརྟན་ཅིང་དམིགས་རྟེན་དེ་འབྱུང་བ་སོགས་དང་དེར་མཐོང་ནས་དེའི་ཏིང་ངེ་འཛིན་མཐོང་བར་འགྱུར་རོ། ༢ །འདིའི་དང་པོ་བརྒྱད་ནི་བསམ་གཏན་བཞི་པ་ལ་ཡོད་ཅིང་མ་ཆགས་པའི་དགེ་བ་སྤྱོད་ཡུལ་འདོད་པའི་གཟུགས་ཀྱི་སྐྱེ་མཆོད་བརྒྱད་དོ། །ནམ་མཁའ་རྣམ་ཤེས་གཉིས་གཟུགས་
(༥༡༧)མེད་དང་པོ་གཉིས་ཀྱི་དགེ་བ་དག་པ་བའི་རང་བཞིན་ཡིན་ཅིང་སྤྱོད་ཡུལ་རང་པའི་ཕུང་པོ་བཞིའོ། ༈ །ཟིལ་གནོན་གྱི་སྐྱེ་མཆེད་བརྒྱད་ནི། དབྱིབས་ཟིལ་གནོན་བཞི་དང་། ཁ་དོག་ཟིལ་གནོན་ཀྱི་སྐྱེ་མཆེད་དོ། །དེའང་དབྱིབས་ལ་གོང་དུ་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་དེ་ལྟར་དུ། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྣོད་ཀྱི་འཇིག་རྟེན་རྒྱ་ཆེན་པོ་ལ་བལྟ་བ། ཆུང་བ་ལ་བལྟ་བས་ཇི་ལྟར་འདོད་པར་དབང་བསྒྱུར་བས་ཟིལ་གྱིས་མནན་ཏེ། ཞི་གནས་ཀྱིས་ཤེས་ཤིང་ལྷག་མཐོང་གིས་མཐོང་། དེ་གཉིས་བསམ་གཏན་དང་པོ་ལ་བརྟེན་པར་འདོད་པའི་ས་ཡི་ཁ་དོག་གོ་ཆགས་པའི་གཉེན་པོ་དང་། ནང་རང་ཉིད་གཟུང་མེད་པས་ཕྱི་རོལ་གྱི་གཟུགས་ཆེ་བའམ་ཆུང་བར་བལྟ་བ་གོ། །མ་རྣམ་ཐར་སྟེ་གཉིས་པ་དང་འདྲ་བ་བསམ་གཏན་གཉིས་པའི་པའོ། ༢ །ཁ་དོག་ལའང་སྔ་མ་སྡུག་པའི་རྣམ་ཐར་དང་འདྲ་བར་ཕྱིའི་གཟུགས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་བཞི་ལ་བལྟའ་བ་སྟེ་ངོ་བོ་ནི་མ་ཆགས་པའོ། །ས་ནི་བསམ་གཏན་བཞི་པ་ཡིན་ཅིང་། གོང་གི་རྣམ་ཐར་གྱིས་ནི་ཉོན་མོངས་མི་སྐྱེ་བ་ལས་ཟིལ་གྱིས་གནོན་མི་ནུས་ལ། ཟིལ་གནོན་གྱིས་ནི་ཉོན་མོངས་མི་སྐྱེ་བའི་སྒོ་ནས་ཟིལ་གྱིས་ཇི་ལྟར་འདོད་པ་བཞིན་དུ་
(༥༡༨)གནོན་པས་ཁྱད་པར་ཆེའོ། །གཞན་ཡང་། །ཉོན་མོངས་མེད་པ་དང་། སྨོན་གནས་ཤེས་པ་རྣམས་ནི། འོག་ནས་འབྲས་བུའི་སྐབས་འཆད་དོ། ༈ །དེ་ནི་ཉན་རང་དང་ཐུན་མོངས་གྱུར་པའམ། ཐུན་མོང་མ་ཡིན་པ་བྱང་ཆུབ་སེམས་དཔའི་ལམ་གྱི་ཡོན་ཏན་སོགས་འགའ་ཞིག་བཤད་པར་བྱའོ། ༈ །གོང་དུ་བྱང་ཆུབ་སེམས་དཔའ་ས་བརྒྱད་ལ་གནས་པའི་རྟོགས་པའི་ཁྱད་པར། དབང་བཅུ་ཐོབ་པར་གསུང་པ་ནི། ༈ ཉེ་བར་འཚེ་བ་བཅུ་ཡི་གཉེན་པོ་ཡིན་ཏེ། དེ་བཅུ་ནི། ཉོན་མོངས་པས་འཚེ་བ་དང་། ༡ དབུལ་བས་འཚེ་བ་དང་། ༢ ཉེ་བར་སྤྱོད་པ་དང་། ༣ ངན་འགྲོ་དང་། ༤ ཡོངས་སུ་ཚོལ་བའི་ས་དང་། ༥ ཆོས་ཀྱི་ཕོང་པ་དང་། ༦ ལས་སྒྲིབ་དང་། ༧ འདོད་པ་རྣམ་པར་ཉམས་པ་དང་། ༨ དཔའ་གོང་བ་དང་། ༩ ཐེག་ཚོམ་གྱི་འཆེ་བ་དང་། ༡༠འོ། དེ་བཅུའི་གཉེན་སོར་རིམ་བཞིན། དབང་བཅུ་ནི། ཚེ་ལ་དབང་བ་དང་། ༡ སེམས་ལ་དབང་བ་དང་། ༢ ཡོ་བྱད་ལ་དབང་བ་དང་། ༣ ལས་ལ་དབང་བ་དང་། ༤ སྐྱེ་བ་ལ་དབང་བ་དང་། ༥ རྫུ་འཕྲུལ་ལ་དབང་བ་དང་། ༦ སྨོན་ལམ་ལ་དབང་བ་དང་། ༧ མོས་པ་ལ་དབང་དང་། ༨ ཡེ་ཤེས་ལ་དབང་བ་དང་། ༩ ཆོས་ལ་དབང་བ་དང་བཅུའོ། །ཚེ་ལ་དབང་བ་ནི། ཚེ་ཚད་བརྗོད་དུ་མེད་པའི་
(༥༡༩)བསྔལ་པར་བྱིན་རླབས་པ་སོགས་སོ། །སེམས་ལ་དབང་བའམ། ཏིང་འཛིན་ལ་དབང་བ་ནི། ཅི་འདོད་པར་བསམ་གཏན་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅིང་། སྙོམས་འཇུག་ལས་བཞེངས་སེམས་ལ་དབང་བའོ། །ཡོ་བྱད་ལ་དབང་བ་ནི། འཇིག་རྟེན་ཐམས་ཅད་རྒྱན་བཀོད་དུ་མས་རབ་ཏུ་བརྒྱན་པ་ཉིད་དུ་བྱིན་རླབས་སོགས་ཅི་ལྟར་འདོད་པས་ཕན་འདོགས་པ་ཉེ་བར་གནས་པའོ། །ལས་ལ་དབང་བ་ནི། ཅི་ལྟར་འོང་བས་ལུས་ངག་གི་ལས་གྲུབ་པ་དང་དུས་ཅི་ལྟ་བ་བཞིན་དུ། ལས་ཀྱི་རྣམ་པར་སྨིན་པ་བྱིན་རླབས་པས་ཀུན་ཏུ་སྟོན་པའོ། །སྐྱེ་བ་ལ་དབང་བ་ནི། སྐྱེས་གནས་ཐམས་ཅད་དུ་ཇི་འོད་དུ་སྐྱེ་བའོ། །རྫུ་འཕྲུལ་ལ་དབང་བ་ནི། སངས་རྒྱས་ཀྱི་ཞིང་ཐམས་ཅད་རྣམ་པར་འགྱུར་བ་ཀུན་ཏུ་སྟོན་པ་སོགས་སོ། །སྨོན་ལམ་ལ་དབང་བ་ན། སྨོན་ལམ་ཕུན་སུམ་ཚོགས་པའོ། །མོས་པ་ལ་དབང་བ་ནི། ས་གཞི་ཆུར་བསྒྱུར་བ་སོགས་གང་མོས་བཞིན་དུ་འབྱུང་བའོ། །ཡེ་ཤེས་ལ་དབང་བ་ནི། གང་ཤེས་པར་འདོད་པ་དེ་ཤེས་པའོ། །ཆོས་ལ་དབང་བ་ནི། སྟོབས་ལ་སོགས་པ་བླ་ན་མེད་པའི་ཆོས་རྣམས་དང་། མདོ་སྡེ་རྣམ་བཞག་མཁས་པའོ། །དེ་ལས་དབང་རྣམ་པ་བཞི། ནི་གོང་དུ་བཤད་ཟིན་ཏོ། །༈ །མངོན་པར་རྟོགས་པ་བཅུ་ནི། ཆོས་མངོན་པར་
(༥༢༠)རྟོགས་པ་དང་། ༡ དོན་མངོན་པར་རྟོགས་པ་དང་། ༢ དེ་ཁོ་ན་ཉིད་མངོན་པར་རྟོགས་པ་དང་། ༣ རྗེས་ཀྱི་མངོན་པར་རྟོགས་པར་དང་། ༤ དཀོན་མཆོག་མངོན་པར་རྟོགས་པ་དང་། ༥ ཀུན་ཏུ་སྤྱོད་པ་མངོན་པར་རྟོགས་པ་དང་། ༦ མཐར་ཐུག་གི་མངོན་པར་རྟོགས་པ་དང་། ༧ ཉན་ཐོས་ཀྱི་མངོན་པར་རྟོགས་པ་དང་། ༨ རང་རྒྱལ་གྱི་མངོན་པར་རྟོགས་པ་དང་། ༩ བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པ་དང་བཅུ། དེ་དག་རིབ་པར། མདོ་སྡེ་སོགས་ཀྱི་ཆོས་དོན་རྟོགས་པ། ༡ བསྒོམ་པས་ཐར་པ་ཆ་མཐུན་དོན་རྟོགས་པ། ༢ སྦྱོར་ལམ་ཆ་བཞི་བསྒྲོད་ནས་མཐོང་ལམ་རྟོགས་པ་དེའི་རྗེས་ཀྱི་བསྒོམ་ལམ་རྟོགས་པ། ༤ དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོའི་དོན་ལ་ཡིད་ཆེས་པས་དད་པ་ཐོབ་པ་དང་། ༥ ཚུལ་ཁྲིམས་ཀྱི་སྡོམ་པ་རབ་ཏུ་བརྙེས་པས་བདག་ངན་འགྲོ་ཀུན་ཏུ་སྤྱོད་པ་མིན་པ་རྟོགས་པ། ༦ མཐར་ཐུག་གི་མངོན་རྟོགས་ནི་མངོན་རྟོགས་ལམ་མཐར་ཕྱིན་པ། ༧ དེ་ལྟར་མངོན་རྟོགས་བདུན་དེ་གཞན་ལས་ཐོས་ནས་རྟོགས་པས་ཉན་ཐོས་ཀྱི་མངོན་རྟོགས། ༨ གཞན་ལས་མ་ཡིན་པའི་མངོན་རྟོགས་ནི་རང་རྒྱལ་གྱི་མངོན་རྟོགས། ༩ ཉན་ཐོས་ཀྱི་མངོན་རྟོགས་དེ་དག་བྱང་སེམས་རྣམས་ཀྱི་བཟོད་པ་ཐོབ་པ་ནི། ཐེག་དམན་དྲངས་བའི་དོན་ལས་
(༥༢༡)མངོན་རྟོགས་མིན་ནོ། །འོན་ཀྱང་རབ་དགའ་ལ་སོགས་པར་བཞུགས་པ་ནི་བྱང་ཆུབ་སེམས་དཔའི་མངོན་པར་རྟོགས་པའོ། ༡༠ ༈ ཉན་ཐོས་ཀྱི་མངོན་རྟོགས་ལས། བྱང་སེམས་ཁྱད་པར་བཅུས་འཕགས་ཏེ། དམིགས་པའི་ཁྱད་པར། ཉེ་བར་སྟོན་པའི་ཁྱད་པར། རྟོགས་པའི་ཁྱད་པར། མྱང་འདས་ཀྱི་ཁྱད་པར་པའི་ཁྱད་པར། ཡོངས་སུ་དག་པའི་ཁྱད་པར། མཉམ་ཉིད་ཀྱི་ཁྱད་པར། སྐྱེ་བའི་ཁྱད་པར། སྐྱེས་འབྱུང་གི་ཁྱད་པར། འབྲས་བུའི་ཁྱད་པར་རྣམས་སོ། ༈ །དམིགས་པའི་ཁྱད་པར་འཕགས་པ་ནི། ཐེག་པ་ཆེན་པོའི་ཆོས་ལ་དམིགས་པའི་ཕྱིར་རོ། །ཉེ་བར་བརྟན་པའི་ཁྱད་པར་ནི་བསོད་ནམས་དང་ཡེ་ཤེས་ཚོགས་གཉིས་བསམ་གཏན་པའི་ཕྱིར་རོ། །རྟོགས་པའི་ཁྱད་པར་རམ་མངོན་དུ་བྱས་པའི་ཁྱད་པར་ནི་བདག་མེད་གཉིས་རྟོགས་པ་མངོན་དུ་བྱས་པའོ། །མྱང་འདས་ཀྱི་ཁྱད་པར་ནི་མི་གནས་པའི་མྱང་འདས་ཡོངས་སུ་འཛིན་པའི་ཕྱིར་རོ། །སའི་ཁྱད་པར་ནི། ས་བཅུས་ངེས་པར་འབྱུང་བའི་ཕྱིར་རོ། །ཡོངས་དག་པའི་ཁྱད་པར་ནི། ཉོན་མོངས་པའི་བག་ཆགས་སྤང་བ་དང་། ཞིང་ཡོངས་སུ་སྦྱོང་བའི་ཕྱིར་རོ། །སེམས་ཅན་ཐམས་ཅད་བདག་སེམས་མཉམ་པ་ཉིད་ཐོབ་པའི་ཁྱད་
(༥༢༢)པར་ནི། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་རྒྱུན་མི་གཅོད་པའི་ཕྱིར་རོ། སྐྱེ་བའི་ཁྱད་པར་ནི་དེ་བཞིན་གཤེགས་པའི་རིགས་སུ་སྐྱེད་ཕྱིར་རོ། །སྐྱེ་འབྱུང་གི་ཁྱད་པར་ནི་སངས་རྒྱས་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་སྐྱེ་འབྱུང་ཡོངས་སུ་རྫོགས་པའི་ཕྱིར་རོ། །འབྲས་བུའི་ཁྱད་པར་ནི། སྟོབས་དང་མི་འཇིགས་མ་འདྲེས་པའི་འབྲས་བུ་ཚད་མེད་པ་ཉིད་ཐོབ་ཕྱིར་རོ། ༈ །གཟུངས་བཞི་ནི། བཟོད་པའི་གཟུངས། ཆོས་ཀྱི་གཟུངས། དོན་གྱི་གཟུངས། སྔགས་ཀྱི་གཟུངས་བཞིའོ། །བཟོད་པའི་གཟུངས་ནི། ཨ་ར་པ་ཙ་སོགས། ཡི་གེ་རྣམས་ལ་དེའི་དོན་དེ་བཞིན་ཉིད་དམིགས་ནས་སྒོམ་པར་བྱེད་ཅིང་། བསྒོམ་པ་ཡོངས་སུ་རྫོགས་པ་དག་པའི་ཡི་གེའི་དོན་ལ་བཟོད་པ་སྐྱེ་བའོ། །ཆོས་ཀྱི་གཟུངས་ནི། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཀྱིས་བསྟན་པའི་ཕུང་པོ་འཛིན་པའི་དྲན་པ་དང་ཤེས་རབ་དག་གཅིག་ཏུ་བྱས་པའོ། །དོན་གྱི་གཟུགས་ནི་ཆོས་ཀྱི་གཟུངས་དེ་ཉིད་འཛིན་པའི་དྲན་པ་དང་ཤེས་རབ་དག་གཅིག་ཏུ་བྱས་པའོ། །སྔགས་ཀྱི་གཟུངས་ནི། སེམས་ཅན་རྗེས་སུ་འཛིན་པ་སྒྱུ་མ་ལྟ་བུ་གསང་སྔགས་སྨྲ་བ་ལ་དབང་དུ་གྱུར་པའོ། །ཞེས་བཤད་པ་སྣང་། ༈ །སྤྱན་ལྔ་ནི། ཤའི་སྤྱན་
(༥༢༣)དང་། ལྷའི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། ཆོས་ཀྱི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་དང་ལྔའོ། ༈ །ཤའི་སྤྱན་ནི་དཔག་ཚད་བརྒྱའམ་སྟོང་གསུམ་གྱི་སྟོང་བར་གྱི་གཟུགས་རྣམས་མ་འདྲེས་ཤེས་པའོ། །ལྷའི་སྤྱན་ནི། སེམས་ཅན་ཐམས་ཅད་ཀྱི་འཆི་བ་དང་བར་སྲིད་དང་སྐྱེ་བ་རྣམས་ཤེས་པའོ། །ཤེས་རབ་ཀྱི་སྤྱན་ནི་ཆོས་ཐམས་ཅད་ལ་བདག་ཏུ་མི་རྟོགས་པའི་ཚུལ་གྱིས་ཤེས་པའོ། །ཆོས་ཀྱི་སྤྱན་ནི་ཀུན་ཏུ་སྦྱོར་བ་གསུམ་སྤང་བའི་ཕྱིར། འདི་ནི་རྒྱུན་དུ་ཞུགས་པའོ་ཞེས་སོགས་འཕགས་པའི་གང་ཟག་ཐམས་ཅད་ཤེས་པའོ། །སངས་རྒྱས་ཀྱི་སྤྱན་ནི་ཤེས་བྱའི་ཆོས་ཐམས་ཅད་དུ་མངོན་པར་རྫོགས་པ་བྱང་ཆུབ་པ་ཡིན་ནོ། །དེ་ལ་ཤའི་སྤྱན་ནི་ཚོགས་ལམ་ནས་ཡོད། ལྷའི་སྤྱན་ནི་སྦྱོར་ལམ་ནས། ཤེས་རབ་ཀྱི་སྤྱན་ནི་མཐོང་ལམ་ལས་ཆོས་སྤྱན་དེའི་རྗེས་ཐོབ་ནས། སངས་རྒྱས་ཀྱི་སྤྱན་ནི་སངས་རྒྱས་ཀྱི་ས་ཁོ་ན་ཡོད་དོ། །ཅེས་བཤད་དོ། ༈ །མངོན་པར་ཤེས་པ་ལྔ་ནི། རྫུ་འཕྲུལ་གྱི་མངོན་པར་ཤེས་པ་དང་། ལྷའི་རྣ་བའི་མངོན་པར་ཤེས་པ་དང་། གཞན་གྱི་སེམས་ཀྱི་རྣམ་གྲངས་ཤེས་པའི་མངོན་པར་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་པར་ཤེས་པ་དང་། ལྷའི་
(༥༢༤)མིག་གི་མངོན་པར་ཤེས་པ་དང་ལྔའོ། །ཡང་ན། ལྷའི་མིག་གི་མངོན་པར་ཤེས་པ་མི་བརྩི་བར། ཆོས་མངོན་པ་ཀུན་བཏུས་ལས། འཆི་འཕོ་དང་སྐྱེ་བ་མངོན་པར་ཤེས་པ། ཞེས་གསུངས། ༈ དེ་དག་རེ་རེ་འང་ལྔ་རེ་སྟེ། རྫུ་འཕྲུལ་གྱི་མངོན་ཤེས་ལྔ་ནི། ལུས་དང་གཟུགས་ཀུན་ཏུ་སྟོན་པ་ས་གཡོ་བར་བྱེད་པ་སོགས་དང་། མི་སྣང་བར་བྱེད་པ་དང་། གཞན་ཏུ་སྤྲུལ་པ་དང་། བསྒྱུར་བ་དང་ནི་མཁར་འགྲོ་བ་སོགས་སྟོན་པའི་རྫུ་འཕྲུལ་དང་། ༡ མངོན་དུ་མངོན་པར་འདུ་བའི་མངོན་པར་ཤེས་དང་ལྔའོ། ༈ །ལྷའི་རྣ་བའི་མངོན་པར་ཤེས་པ་ལྔ་ནི། གླིང་བཞིའི་མིའི་སྒྲ་རྣམས་དང་། ༡ མི་མ་ཡིན་གྱི་སྒྲ་རྣམས་དང་། ༢ ཆུང་ངུ་འབུ་སྲིན་ཡན་ཆད་ངན་འགྲོ་རྣམས་ཀྱི་སྒྲ་དང་། ༣ སངས་རྒྱས་ཀྱི་ཆོས་སྒྲ་སོགས་ཕྱོགས་བཅུའི་སྒྲ་སྐད་ཐམས་ཅད་ཐོས་པ་དང་ལྔའོ། །ཕ་རོལ་གཞན་སེམས་ཤེས་པའི་མངོན་པར་ཤེས་པ་ལྔ་ནི། འགྲོ་བ་ཐམས་ཅད་ཀྱི་སྔོན་གྱི་མཐར་སེམས་སྐྱེས་པ་གང་ཡིན་པ་དང་། ཕྱི་མའི་མཐར་སེམས་སྐྱེ་
(༥༢༥)འགྱུར་གང་ཡིན་པ་དང་། ད་ལྟར་སེམས་སྐྱེ་བ་གང་ཡིན་པ་ཐམས་ཅད་རབ་ཏུ་ཤེས་པ་དང་། དེ་དག་གི་སེམས་ཀྱི་རྒྱུད་དང་རྐྱེན་དང་། དམིགས་པར་ལྡན་པ་དང་། ངེས་པ་དང་མ་ངེས་པ་དང་། ལོག་པར་ངེས་པ་དང་། ཡང་དག་པར་ངེས་པའི་སེམས་རྣམས་ཀྱི་སྤྱོད་པ་རབ་ཏུ་ཤེས་སོ། ༤ །དེ་དག་དང་མཐུན་པར་ཆོས་སྟོན་པའོ། ༥ །སྔོན་གནས་རྗེས་འདྲེན་གྱི་མངོན་ཤེས་ལྔ་ནི། སེམས་ཅན་གང་དུག་གསུམ་གྱིས་བསྐྱིད་པའི་མི་དགེ་བའི་རྒྱུ་ལས་ལུས་ཅི་འདྲེ་བཟུང་བ་དང་། ༡ སྦྱིན་སོགས་དགེ་བའི་རྒྱུས་བསྐྱེད་པའི་ལུས་ཇི་འདྲ་བཟུང་བ་དང་། ༤ ལུས་བཟུང་བ་དེ་དག་དག་གི། ཚེ་རིང་ཐུང་། ཁ་དོག་བཟང་ངན། གཟུགས་དང་། གཟི་བརྗི། གཡོག་དང་། སྟོབས་དང་། གྲགས་པ་དང་། བརྗོད་པ་དང་། དབང་ཕྱུག་ཅི་འདྲ་བ་གྱུར་བ་བཅས་ཡང་དག་པར་རྗེས་སུ་དྲན་ནོ། ༥ །ལྷའི་མིག་གི་མངོན་ཤེས་ལྔ་ནི། ཕྱོགས་བཅུར་ལྟ་བས་སྣང་བ་དང་། ༡ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཡང་དག་པར་ལྟ་བ་ལ་མུན་པ་དང་བྲལ་བ་ དང་། ༢ སེམས་ཅན་
(༥༢༦)རྣམས་འཆི་འཕོ་དང་སྐྱེ་བ་ཡང་དག་པར་བལྟའ་བས་ངེས་པ་དང་། ༣ ཕྱོགས་བཅུའི་གཟུགས་སྣང་བས་ཁ་དོག་དང་། །མཚན་ཉིད་དང་། དབྱིབས་ལྟ་བ་དང་། ༤ རང་གི་གཟི་བརྗིད་ལས་ལུས་གྲུབ་པའི་ལས་མངོན་པར་འདུ་མི་བྱེད་པའི་མཚན་ཉིད་ལྷ་ཀླུ་གནོད་སྦྱིན་དྲི་ཟ་ཉན་རང་ཐམས་ཅད་ཀྱི་སྤྱི་བོར་ཕྱིན་པ་དེ་དག་བྱང་ཆུབ་སེམས་དཔའི་མིག་གི་མཐོང་ངོ་། །མངོན་ཤེས་ལྔ་འདི་ཚོགས་ལམ་ནས་བཟུང་སངས་རྒྱས་ཀྱི་སའི་བར་དུ་མངོན་པར་ཤེས་པ་རྒྱ་ཆེ་ཆུང་མ་གཏོགས་ཆ་མཐུན་ཅི་རིགས་ཡོད་ལ། ཁ་ཅི་ལམ་ལ་མ་ཞུགས་པ་ལའང་མངོན་ཤེས་ཕྲ་མོ་དག་ཡོད་པ་སྲིད་དོ། ༈ །དེ་དག་གི་རྒྱུ་ནི། བསམ་གཏན་གྱི་དངོས་གཞི་དག་པ་ཐོབ་པས་རིམ་པ་ལྟར་ལུས་ཡང་བའི་འདུ་ཤེས་དང་། །སྒྲ་ལ་སེམས་འདུ་ཤེས་དང་། མི་རྟོགས་པ་བསྒོམ་པ་དང་དྲུག་གིས་ཐོབ་བོ། ༈ །མངོན་ཤེས་ལྔའི་སྟེང་དུ། ཟག་པ་ཟད་པར་ཤེས་པའི་མངོན་ཤེས་ནི་སངས་རྒྱས་ལ་བཞུགས་པ་བརྩིས་པས་མངོན་ཤེས་དྲུག་གོ། །ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་མ་ལུས་པ་སྤང་བས་ཟད་པར་
(༥༢༧)ཤེས་པའོ། །མངོན་ཤེས་ལྔ་པོ་ཐོབ་ནས། སེམས་ཅན་གྱི་དོན་དང་། སངས་རྒྱས་མཆོད་པ་ལ་སོགས་པ་བདེ་བླག་ཏུ་འགྲུབ་པས་མྱུར་དུ་སངས་རྒྱས་ཐིབ་པ་ཡིན་ནོ། །༈ །ལྔ་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྒྲུབ་པའི་བསླབ་བྱ་ཕར་ཕྱིན་དྲུག་བཤད་པ་ནི། དང་པོ་བསྡུས་དོན་ནི། ཐར་རྒྱན་ལས་གྲངས་ངེས་གོ་རིམ་ངེས་པ་དང་། །མཚན་ཉིད་དང་ནི་ངེས་ཚིག་དང་། རབ་ཏུ་ཕྱེ་དང་བསྡུས་པ་ཏེ། དྲུག་གི་ཕ་རོལ་ཕྱིན་པ་བསྡུས། གསུངས་ཏེ། གྲངས་ངེས་པ་ནི་མངོན་མཐོའི་རྒྱུ་གསུམ་ངེས་ལེགས་ཀྱི་རྒྱུ་གསུམ། དེ་ལ་དང་པོ་གསུམ་ནི་ལོངས་སྤྱོད་དོན་དུ་སྦྱིན་པ་ལུས་ཀྱི་དོན་དུ་ཚུལ་ཁྲིམས། འཁོར་གྱི་དོན་དུ་བཟོད་པའོ། ཕྱི་མ་གསུམ་ནི། ཡོན་ཏན་འཕེལ་ཕྱིར་བརྩོན་འགྲུས། ཞི་གནས་དོན་དུ་བསམ་གཏན། ལྷག་མཐོང་དོན་དུ་ཤེས་རབ་བོ། ༈ གོ་རིམ་ནི། སྔ་མ་ལ་བསྟན་ནས་ཕྱི་མ་རིམ་པར་སྐྱེ་ཕྱིར་རོ། །སྔ་མ་དམན་པ་དང་ཕྱི་མ་རིམ་པར་མཆོག་ཏུ་གནས་ཕྱིར་དང་། སྔ་མ་རག་པ་དང་ཕྱི་མ་རིམ་པར་ཕྲ་ཕྱིན་བཞག་གོ། ༈ །མཚན་ཉིད་ནི་བཞི་ལྡན་ཏེ་སྦྱིན་སོགས་མི་འཐུན་ཕྱོགས་ཉམས་པར་བྱེད་པ་དང་། །རྣམ་པར་མི་རྟོགས་པའི་ཡེ་ཤེས་དང་། ལྡན་པར་བྱེད་པ་དང་། འདོད་པ་ཐམས་ཅད་ཡོངས་
(༥༢༨)སུ་རྫོགས་པར་བྱེད་པ་དང་། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་པ་དང་བཞིའོ། ༈ །ངེས་ཚིག་ནི། མདོ་སྡེ་རྒྱན་ལས། དབུལ་བ་འདོར་བར་བྱེད་པ་དང་། བསིལ་བ་ཐོབ་དང་ཁྲོ་བཟོད་དང་མཆོག་སྦྱོར་བ་དང་ཡིད་འཛིན་དང་། དོན་ལམ་ཤེས་པའི་ཕྱིར་བཤད་དོ། །ཞེས་པས་སྦྱིན་སོགས་ཀྱི་ངེས་ཚིག་རིམ་པར་ཤེས་པར་བྱའོ། ༈ །རབ་ཏུ་དབྱེ་བ་ནི། དྲུག་པོ་རེ་རེ་ལའང་། པར་ཕྱིན་དྲུག་དྲུག་ཏུ་འགྱུར་བས་སོ་དྲུག་གོ། །དེའང་རང་ཉིད་ཕྱིན་དྲུག་གང་ལ་གནས་གཞན་དེ་ལ་འགོད་པ་སྦྱིན་པ། དེའི་མི་མཐུན་ཕྱོགས་སྤོང་བ་ཚུལ་ཁྲིམས། འགལ་རྐྱེན་ལ་བཟོད་པ་བཟོད་པ། དེ་ལ་བརྩོན་པ་བརྩོན་འགྲུས། མི་གཡོང་བ་བསམ་གཏན། འཁོར་གསུམ་དག་པ་ཤེས་རབ་དེ་ལྟར་དབྱེ་བ་སོ་དྲུག་གོ། །ཤིན་ཏུ་རྒྱས་པ་བསྐལ་བཟང་གི་མདོ་ལས་འབྱུང་ངོ་། ༈ །བསྡུ་བ་ནི། མདོ་སྡེ་རྒྱན་ལས། སྦྱིན་པ་ཚུལ་ཁྲིམས་བསོད་ནམས་ཀྱི། ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། གསུམ་པོ་གཞན་ནི་གཉིས་ཀའི་སྟེ། ཞེས་སོ། ༈ །ཅིའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་ཞེ་ན། འཁོར་བ་ནི་ཚུལ་རོལ་དང་། མྱང་འདས་ནི་ཕ་རོལ་ཡིན་ལ། འཁོར་བའི་ཕ་རོལ་ཏུ་ཕྱིན་བྱེད་ཀྱི་ལམ་ཡིན་པས་ཕ་རོལ་སུ་ཕྱིན་པ་ཞེས་བྱ་
(༥༢༩)ལ། སྦྱིན་པའི་ཕར་ཕྱིན་སྔ་མ་ལྔ་པོ་ཤེས་རབ་ཀྱིས་མ་ཟིན་ན་ཕ་རོལ་ཏུ་ཕྱིན་མི་ནུས་པ། སྦྱིན་པ་སོགས་ཡིན་ལ། ཤེས་རབ་ཀྱིས་ཟིན་པ་ནི་ཕ་རོལ་ཏུ་ཕྱིན་པར་བྱེད་ཕྱིར། སྦྱིན་པའི་ཕར་ཕྱིན་སོགས་ཡིན་ནོ། ༈ །ཡན་ལག་རྒྱས་པར་བཤད་པ་ལ་དྲུག །སྤྱིར་སྦྱིན་སོགས་རེ་རེ་ལ། སྐྱོན་ཡོན་རྣམ་གཉིས་བསམ་པ་དང་། ངོ་བོ་དང་ནི་དབྱེ་བ་དང་། དབྱེ་བ་སོ་སོ་མཚན་ཉིད་དང་། སྤེལ་དང་དག་པར་བྱ་བ་དང་། །འབྲས་བུ་དང་ནི་དོན་བདུན་གྱིས། སྦྱིན་པའི་ཕ་རོལ་ཕྱིན་སོགས་བསྡུས། ཞེས་སོ། །དང་པོ་སྦྱིན་པའི་ཕར་ཕྱིན་བཤད་པ་ལ། སྦྱིན་པ་མ་བཏང་བའི་སྐྱོན་ནི། སྡུད་པ་ལས། སེར་སྣ་ཅན་ནི་ཡི་དྭགས་གནས་སུ་སྐྱེ་བར་འགྱུར། ཅི་ལྟེ་མིར་སྐྱེ་ན་ཡང་དེ་ཚེ་དབུལ་པོར་འགྱུར། ཞེས་སོ། ཡང་། སྦྱིན་བཏང་མ་མྱོང་ལོངས་སྤྱོད་ སེམས་ཅན་བསྡུ་བར་ཡོང་མི་ནུས། བྱང་ཆུབ་ཐོབ་པ་ལྟ་ཅི་སྨོས། ༈ །བཏང་བའི་ཕན་ཡོན་ནི། སྡུད་པ་ལས། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད། སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་ཐོབ་པར་འགྱུར། ཅེས་གསུངས། གཞན་ཡང་། སྦྱིན་པས་སྡུག་བསྔལ་
(༥༣༠)གྱུར་པའི་སེམས་ཅན་ཡོངས་སྨིན་བྱེད། ཅེས་དང་། སྦྱིན་པ་བཏང་ལ་བྱང་ཆུབ་སྙེད་མི་དཀའ། ༈ སྦྱིན་པའི་ངོ་བོ་ནི་མ་ཆགས་པའི་སེམས་ཀྱིས་བདག་པོ་པ་ཡོངས་སུ་གཏོང་བའོ། ༈ །དབྱེ་བ་ནི། ཟང་ཟིང་མི་འཇིགས་ཆོས་དང་གསུམ་མོ། །ཟང་ཟིང་སྦྱིན་པས་ནི། གཞན་གྱི་ལུས་བརྟེན་པར་བྱེད། མི་འཇིགས་པའི་སྦྱིན་པས་ནི་སྲོག་བརྟན་པར་བྱེད། ཆོས་སྦྱིན་གྱིས་སེམས་བརྟན་པར་བྱེད་པའོ། །ཡང་ཟང་ཟིང་མི་འཇིགས་གཉིས་ཀྱིས་ཚེ་འདིའི་བདེ་བ་བསྒྲུབ་ལ། ཆོས་སྦྱིན་གྱིས་ཕྱི་མའི་དགེ་སྒྲུབ་པ་ཡིན། ཟང་ཟིང་སྦྱིན་པ་ལ་མ་དག་པའི་སྦྱིན་པ་ནི་སྤང་བར་བྱ་བ་སྟེ། དེའང་བསམ་པ། དངོས་པོ། ཞིང་། ཐབས་དང་བཞི་མ་དག་པའོ། །བསམ་པ་མ་དག་པ་ནི། གཞན་ལ་གནོད་ཕྱིར་དང་། ༡ ཚེ་འདི་གྲགས་འདོད་ཕྱིར་དང་། ༢ འགྲན་སེམས་གྱིས་སྦྱིན་པ་ནི། ལོག་པའི་བསམ་པས་སྦྱིན་པའོ། །བསམ་པ་དམན་པའི་སྦྱིན་པ་ནི། ཕྱི་མ་དབུལ་བ་དོར་པས་དང་། །ལྷ་མའི་ལུས་དང་ལོངས་སྤྱོད་འདོད་པས་སྦྱིན་པའོ། །དངོས་པོ་མ་དག་པ་ནི། སྦྱིན་ཡུལ་དང་གཞན་ལ་འདི་ཕྱི་གཉིས་དཀར་གནོད་པའི། དུག་དང་། མཚོན་དང་། རྒྱ་ལོ་ཌ་ས་མི་སྦྱིན་ནོ། ཕ་མ་མི་སྦྱིན། བུ་དང་ཆུང་མ་སོགས་ཀྱང་མི་དགའ་བཞིན་དུ་མི་སྦྱིན་། ལོངས་
(༥༣༡)སྤྱོད་མང་པོ་ཡོད་པས་ཉུང་ངུ་མི་སྦྱིན། ༢ ཞིང་མ་དག་པ་ནི། བདུད་ཀྱི་ཐོ་འཚམ་པའོ། །བདུད་ཀྱི་བྱིན་རླབས་པའམ། སྨྱོས་པ་རྣམས་ལ་ལུས་མི་སྦྱིན་ནོ། །སེམས་ཅན་འགྲངས། ངོམས་ཆེས་པ་ལ་ཡང་ལོངས་སྤྱོད་མི་སྦྱིན། ཐབས་མ་དག་པ་ནི། ཁྲོས་འཁྲུགས་བྱས་ནས་མི་སྦྱིན། །བརྙས་པ་དང་། །འཕྱ་བ་དང་། བསྡིགས་པས་མི་སྦྱིན་ནོ། ༈ །གཞན་ཡང་། ཉོ་བ་ལ་སྦྱིན་པ་ཞེས་སློང་མོས་དཔྲལ་ལ་བྱེད་པ་དང་། འཇིགས་པས་སྦྱིན་པ་ཞེས་སྲོག་གྲུ་ལྟ་བུ། བདག་ལ་སྦྱིན་པས་སམ་ཞེས་འབྱོར་ལེན་ལྟ་བུ། སྦྱིན་འགྱུར་བས་སྦྱིན་པ་ཤ་ལྟ་བུས། གཟུགས་དྲུང་ལྟ་བུ་ཕ་མ་མེས་དག་གིས་སྦྱིན་པ་བྱིན་པས། སྦྱིན་པ་སྔོན་སྲོལ་སྐྱོང་བའི་བརྟུལ་ཞུགས་དང་། །མཐོ་རིས་ཀྱི་དོན་དུ་སྦྱིན་པ། མུ་སྟེགས་ཀྱི་མཆོད་སྦྱིན་ལྟ་བུ་རྣམས་སོ། ༈ དག་པའི་སྦྱིན་པ་ཉམས་སུ་བླངས་བྱ་ནི། ནང་གི་དངོས་པོ་དག་པ། གཏོང་བ་ནི། བདག་གཞན་བརྗོད་ནུས་པས་ལུས་སྦྱིན་པ་བཏང་ལ་རྗེས་སུ་མི་འགྱོད་པར་སྤྲོ་བ་འཕེལ་བའོ། །ཕྱིའི་དངོས་པོ་དག་པ་ལོངས་སྤྱོད་བཟའ་བཏུང་སོགས་གང་ལ་འདོད་སྦྱིན་པའོ། །བུ་དང་ཆུང་མ་སོགས་ཀྱི་ནང་ཐུན་མོང་སྦྱིན་པ་དང་། བྱང་སེམས་རབ་བྱུང་གིས་རང་གི་འབྲལ་
(༥༣༢)སྤོང་ཆོས་གོས་གསུམ་གཏོགས་སྦྱིན་པའོ། །ཆོས་གོས་བྱིན་ན་གཞན་དོན་ཉམས་པས་སོ། ༈ །སྦྱིན་ཡུལ་ཞིང་ནི་སྤྱིར་ཕྱོགས་རིས་མེད་པ་ཡང་། འབྱེད་དགོས་སྐབས། ༈ ཞིང་ནི་བཞི་ལས། ཡོན་ཏན་གྱི་ཞིང་བླ་མ་དང་། དཀོན་མཆོག་ལ་དད་པས་ཕུལ། ཕན་བཏང་བའི་ཞིང་ཕ་མ་ལགས་ལ་བྱམས་པས་སྦྱིན། སྡུག་བསྔལ་གྱི་ཞིང་ནད་པ་མགོན་མེད་སོགས་ལ་སྙིང་རྗེས་སྦྱིན། གནོད་སྦྱེད་ཀྱི་ཞིང་དགྲ་སོགས་ལ་བཟོད་པ་དང་འབྲེལ་བས་སྦྱིན། ༈ སྦྱིན་པ་བཏང་བའི་ཐབས་ནི། བསམ་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པས་སྦྱིན་ནོ། །བསམ་པ་ཕུན་སུམ་ཚོགས་པ་ནི་སྙིང་རྗེས་ཀུན་ནས་སློང་ནས་སེམས་ཅན་གྱི་དོན་དང་བྱང་ཆུབ་ཀྱི་དོན་དུ་སྦྱིན་ནོ། ༢ །སྦྱོར་བ་ཕུན་སུམ་ཚོགས་པ་ནི། དད་པས་སྦྱིན། བསྐུར་ཏིས་སྦྱིན། རང་གི་ལག་པས་སྦྱིན། དུས་ལ་བབ་པར་སྦྱིན། གཞན་ལ་མི་གནོད་པར་སྦྱིན་ནོ། །དད་པས་སྦྱིན་པ་ནི། སྦྱིན་པའི་སྔོན་རོལ་ཏུ་ཡིད་དགའ་བ་དང་། སྦྱིན་ཚེ་སེམས་དྭངས་བ་དང་། སྦྱིན་ཟིན་ནས་འགྱོད་པ་མེད་པའོ། །བཀུར་ཏིས་སྦྱིན་པ་ནི། གུས་པས་སྦྱིན་པའོ། །རང་གི་ལག་པས་སྦྱིན་པ་ནི་གཞན་ལ་མ་བཅོལ་བའོ། །དུས་ལ་བབ་པ་ནི། རང་གིས་ཐོབ་པའི་དུས་སུ་སྦྱིན་པའོ། །གཞན་
(༥༣༣)ལ་མི་གནོད་པ་ནི། རང་གི་འཁོར་ཡོངས་སུ་འཛིན་པ་དང་བཅས་པ་རྣམས་ལ་མི་གནོད་པར་སྦྱིན་པའོ། ༈ ཡང་ཡང་དུ་སྦྱིན་ནོ། །ཕྱོགས་རིས་མེད་པར་སྦྱིན་ནོ། །འདོད་པ་རྫོགས་པར་སྦྱིན་ནོ། །བསམ་པ་དང་མཐུན་པར་སྦྱིན་ནོ། ༈ །ཡང་ན་མདོ་ལས། སེམས་ཀྱི་རྒྱན་གྱི་དོན་དང་། སེམས་ཀྱི་ཡོ་བྱེད་ཀྱི་དོན་དང་། རྣལ་འབྱོར་གྱི་ཚོགས་ཀྱི་དོན་དང་། དོན་གྱི་མཆོག་ཐོབ་པར་བྱ་ཕྱིན་སྦྱིན་པའོ། །ཞེས་པ། འདིའི་སེམས་ཀྱི་རྒྱན་སོགས་བཞི་ནི། སེམས་ཀྱི་རྒྱན་ནི། རྫུ་འཕྲུལ་དང་། སེམས་ཀྱི་ཡོ་བྱེད་འཕགས་ལམ་བརྒྱད་དང་། རྣལ་འབྱོར་གྱི་ཚོགས་ཞི་ལྷག་དང་། དོན་གྱི་མཆོག་དགྲ་བཅོམ་པ་དང་མྱང་འདས་སོ། །ཡང་ན། དད་པ་སོགས་ནོར་བདུན་འདྲེན་པས་རྒྱན་དང་། སེར་སྣའི་དྲི་མ་འཁྲུད་པས་ཡོ་བྱེད། སྙམས་འཇུག་གི་བདེ་བ་བསྐྱེད་པས་རྣལ་འབྱོར་གྱི་ཚོགས་དང་། མྱོང་འདས་ཀྱི་བདེ་བ་འདྲེན་པ་མཆོག་གི་ཡང་ན། བདེ་འགྲོའི་རྒྱུ་ཡིན་པས་ན། ལོངས་སྤྱོད་བས་འབྱུང་བས་ཡོ་བྱེད། ཐར་པའི་རྒྱུ་ཚོགས་ཡིན་པས་ཚོགས་བྱང་ཆུབ་ཆེན་པོ་བསྔོས་པས་དོན་གྱི་མཆོག་གོ། །ཞེས་ཞར་བྱུང་དུ་སྨྲས་སོ། ༈ །ཡང་ཐབས་མཁས་པའི་ཁྱད་པར་ནི། མེ་ཏོག་གཅིག་གིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་པར་འགྱུར་བ་དང་། ཟན་ཁམས་གཅིག་གིས་སེམས་ཅན་ཐམས་ཅད་ཁྱབ་པར་གསུངས་ཏེ། དངོས་པོ་ཆུང་ངུ་མེ་ཏོག་གཅིག་ལས་མེད་ཀྱང་། དེ་ལྷའི་མེ་ཏོག་ལ་སོགས་
(༥༣༤)པ་མེ་ཏོག་རེ་རེས་ཀྱང་མཆོད་པ་རྣམ་པ་མང་པོའི་བྱ་བ་བྱེད་པ་སངས་རྒྱས་བྱང་སེམས་རྣམས་མཉེས་པར་བྱེད་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་པར་མོས་པའི་སྟོབས་ཀྱིས་སྤེལ་ཞིང་སྤྲུལ་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕུལ་ཞིང་། དགེ་བ་ཡང་སེམས་ཅན་ཐམས་ཅད་བྱང་ཆེན་ཐོབ་ཕྱིར་བསྔོའོ། །ཟན་ཁམས་གཅིག་གམ་ཆུ་ཐིག་གཅིག་ལས་མེད་ཀྱང་། དེ་ལྷའི་བདུད་རྩི་སོགས་རི་དང་རེག་བྱ་སོགས་མཆོག་ཏུ་གྱུར་པ་དཔག་མེད་མོས་པའི་སྟོབས་ཀྱིས་སྤྲུལ་ཏེ་སེམས་ཅན་ཐམས་ཅད་ལ་ཁྱབ་པར་མོས་ཏེ་བྱིན་པས། ཡུལ་སེམས་ཅན་གང་ཡང་རུང་བ་དེས་གཙོས་པའི་འགྲོ་ཀུན་གནས་སྐབས་དང་མཐར་ཐུག་གི་བདེ་བ་ཐམས་ཅད་ཅད་ཐོབ་པའི་སྒྱུར་བསམ་ལ་བསྔོ་བ་ཡང་བྱའོ། །གསང་སྔགས་ཀྱི་སྐབས་སུ་ནི་རྫས་དེ་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་སྦྱངས་སྤེལ་བསྒྱུར་གསུམ་བྱས་ལ་སྦྱིན་ཡུལ་ཡང་ལྷར་གསལ་བ་ལ་མཆོད་པ་སོགས་ནི་ཐུན་མིན་ནོ། ༈ །མི་འཇིགས་པའི་སྦྱིན་པ་ནི། ཆོས་རྐུན་གྱི་འཇིགས་པ་དང་། རྒྱལ་པོའི་འཇིགས་པ་དང་། གཅན་གཟན་གྱི་འཇིགས་པ་དང་། ནད་ཀྱི་འཇིགས་པ་དང་། ཆུའི་འཇིགས་པ་ལ་སོགས་པའི་འཇིགས་པ་ཐམས་ཅད་ཡོངས་སུ་སྐྱབས་ནུས་ན་སྐྱོབ་མི་ནུས་ཀྱང་བསམ་པའི་སྒོ་ནས་འབད་པར་བྱའོ། ༈ །ཆོས་ཀྱི་སྦྱིན་པ་བཞི་སྟེ། ཡུལ་བསམ་
(༥༣༥)ཆོས་དང་ཐབས་སོ། །ཡུལ་ཆོས་སྨྲ་བ་ལ་གུས། ཆོས་འདོད་པ་ལ་སྦྱིན་ནོ། །བསམ་པ་ནི། རྙེད་བསྐུར་བསྟོད་གྲགས་སོགས་ཟང་ཟིང་གི་འདོད་པས་མི་འབད། བསམ་པ་བཟང་བ་སྙིང་རྗེའི་ཀུན་སློང་གིས། བསྡུད་པ་ལས། སྡུག་བསྔལ་ཟད་པར་བྱ་ཕྱིར་འཇིག་རྟེན་ཆོས་སྦྱིན་བྱེད། གསུངས་པ་ལྟར་སྦྱིན་ནོ། ༈ །ཆོས་ནི་བྱང་པ་ལས། ཆོས་ཀྱི་སྦྱིན་པ་ནི་ཕྱིན་ཅི་མ་ལོག་པར་ཆོས་སྟོན་པ་ནི། རིགས་པར་ཆོས་སྟོན་པ་དང་། བསླབ་པའི་གཞི་ཡང་དག་པར་འཛིན་དུ་བཅུག་ཏེ། ཞེས་པ་ལྟར་སྦྱིན་ནོ། ༈ །ཆོས་བསྟན་པའི་ཐབས་ནི། སྣོད་དང་ལྡན་པ་ཡིན་པ་མ་ངེས་ན། ཞུས་ཀྱང་རབ་རྒྱས་བདག་གིས་མ་བསླབ་ཅེས་བརྗོད་དེ་རེ་ཞིག་ཆོས་མི་བཤད་དོ། །སྣོད་ལྡན་ལ་མ་ཞུས་ཀྱང་བཤད་དོ། ཆོས་བཤད་པའི་སར་གཙང་རིས་ལྷ་སོགས་དུ་མ་དད་པས་ཆོས་ཉན་ཕྱིར་འོང་བས་ཕྱོགས་གཙང་བར་བྱ། ཆོས་ཀྱི་ཆེ་བ་ཡིན་པས་འཆད་སོ་ཁྲི་བཟང་པོར་བཤམས་ལ་བཞུགས། བདུད་ཀྱི་ནུས་པ་བཅོམ་པའི་སྔགས་བརྗོད། འཆད་ཚུལ་གསལ་བ་རན་པ་འབྲེལ་བར་བཤད་ཏོ། ༈ །སྦྱིན་པ་སྤེལ་བ་ནི། བྱང་ཆུབ་སེམས་པའི་སྡེ་སྣོད་ལས། ཤཱ་རིས་བུ་བྱང་ཆུབ་སེམས་དཔའ་ཐབས་མཁས་པ་ནི། སྦྱིན་པ་
(༥༣༦)ཉུང་ངུ་ལ་མང་པོ་བྱེད་དོ། ཡེ་ཤེས་ཀྱི་སྟོབས་ཀྱིས་ལྷག་པར་བྱེད། ཤེས་རབ་ཀྱི་སྟོབས་ཀྱིས་རྒྱས་པར་བྱེད། །བསྔོ་བའི་སྟོབས་ཀྱིས་དཔག་ཏུ་མེད་པར་བྱེད་དོ། །ཞེས་གསུངས་པས། ༈ དང་པོ་ནི་སྦྱིན་ཡུལ་སྦྱིན་བྱ་སྦྱིན་པ་པོ་གསུམ་ཀ་སྒྱུ་མ་ལྟར་ཤེས་པ་འཁོར་གསུམ་ཡོངས་དག་ཏུ་ཤེས་པའོ། །གཉིས་པ་ནི། སྦྱིན་པ་གང་གཏོང་ཡང་། དང་པོར་སེམས་ཅན་ཐམས་ཅད་སངས་རྒྱས་ལ་འགོད་ཕྱིར། གཏོང་། བར་དུ། དངོས་པོ་ལ་ཞེན་པ་མི་བྱ། ཐ་མ་རྣམ་སྨིན་ལ་རེ་བ་བྲལ་བ། སྦྱིན་པའི་བསོད་ནམས་རྒྱས་པར་བྱེད་དོ། །གསུམ་པ་ནི། སྦྱིན་པའི་དགེ་བ་འགྲོ་ཀུན་བྱང་ཆེན་ཐོབ་ཕྱིར་བསྔོས་ན་དཔག་ཏུ་མེད་པར་བྱེད་དོ། །བྱང་ཆུབ་མ་ཐོབ་བར་དུ་མི་ཟད་པར་འགྱུར་རོ། །བསྔོ་བ་མ་ཤེས་ན་དེ་ལྟར་མི་འགྱུར་བའོ། ༈ །འཕགས་པ་བློ་གྲོས་མི་ཟད་ལའི་མོད་ལས། བཙོན་པ་ཤཱ་ར་དྭ་ཏིའི་བུ། དཔེར་ན་ཆུ་ཐིགས་པ་གཅིག་རྒྱ་མཚོ་ཆེན་པོར་ལྷུང་བ་ནི་བསྐལ་བའི་མཐར་ཐུག་པའི་བར་དུ་བར་མ་དོར་ཟད་པ་མེད་དོ། །དེ་བཞིན་དུ་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བས་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གི་བར་རོ་འགའ་ཡང་ཟད་པར་མི་འགྱུར་རོ། །ཞེས་གསུངས་སོ། ༈ །སྦྱིན་པ་དག་པར་བྱེད་པ་ནི། སྙོང་ཉིད་དང་སྙིང་རྗེས་ཟིན་
(༥༣༧)ན་དག་པར་འགྱུར་ཏེ། སྟོང་ཉིད་ཀྱིས་ཟིན་ན་འཁོར་བའི་སྒྱུར་མི་འགྲོ། སྙིང་རྗེས་ཟིན་པས་ཐེག་དམན་གྱི་སྒྱུ་མི་འགྲོ་བས། མི་གནས་བྱང་འདས་ཀྱི་རྒྱུར་འགྲོ་བས་དག་པའོ། ༈ །སྦྱིན་པའི་།།།ནི། མཐར་ཐུག་གི་འབྲས་བུ་བླ་ན་མེད་པའི་རྫོགས་བྱང་ཐོབ་བོ། གནས་སྐབས་སུ། ཟང་ཟིང་གི་སྦྱིན་པས་ལོངས་སྤྱོད་མི་འདོད་ཀྱང་འབྱུང་བ་དང་། སྦྱིན་པས་བསྡུས་ནས་གཞན་རྣམས་མཆོག་ལ་སྦྱོར་བ་སོགས་སོ། །བྱང་པ་ལས། ཟས་སྦྱིན་པས་ནི་སྟོབས་ཆེན་འགྱུར། གོས་བྱིན་པས་ནི་ཁ་དོག་ལྡན། གཞོན་པ་བྱིན་པས་བདེ་ལྡན་འགྱུར། མར་མེ་བྱིན་པས་མིག་དང་ལྡན། ༢ མི་འཇོགས་སྦྱིན་འབྲས་ནི། རིན་ཆེན་ཕྲེང་བ་ལས་མི་འཇིགས་པ་ཡི་སྦྱིན་པ་ཡིས། བདུད་རྣམས་ཀུན་གྱིས་མི་ཚུག་ཤིང་། སྟོབས་པོ་ཆེ་ཡི་མཆོག་ཏུ་འགྱུར། ཞེས་དང་། ཆོས་ཉན་པ་དང་སྦྱིན་པ་དག །སྒྲིབ་པ་མེད་པར་བྱས་པ་ཡིས། སངས་རྒྱས་རྣམས་དང་འགྲོགས་པ་ཉིད་འདོད་པ་མྱུར་དུ་འཐོབ་པར་འགྱུར། ཞེས་གསུངས་སོ། ༈ །ཚུལ་ཁྲིམས་ཕར་ཕྱིན་ནི། བདུན་ལས། དང་པོ་སྐྱོན་ཡོན་ནི་དང་པོ་ཚུལ་ཁྲིམས་མི་ལྡན་པའི་སྐྱོན་ནི་
(༥༣༨)འཇུག་པ་ལས། སྐྱེས་བུ་ཚུལ་ཁྲིམས་རྐང་པ་ཆགས་གྱུར་ན། སྦྱིན་པས་ལོངས་སྤྱོད་ལྡན་ཡང་ངན་འགྲོར་ལྟུང་། ཚུལ་ཁྲིམས་རབ་སྔགས་མོད་ལས། ཇི་ལྟར་མིག་མེད་གཟུགས་མཐོང་མི་འགྱུར་བ། དེ་བཞིན་ཚུལ་ཁྲིམས་མེད་ན་ཆོས་མི་མཐོང་། ཞེས་དང་། ཇི་ལྟར་རྐང་མེད་ལམ་འཇུག་ག་ལ་ནུས། དེ་བཞིན་ཚུལ་ཁྲིམས་མེད་ན་ཐར་མི་འགྱུར། ཚུལ་ཁྲིམས་ལྡན་པའི་ཕན་ཡོན་ནི། དལ་འབྱོར་གྱི་ལུས་ཐོབ། ཡོན་ཏན་གྱི་གཞི་ཐིངས། ཏིང་ངེ་འཛིན་མྱུར་དུ་འཐོབ། སྨོན་ལམ་ཅི་བཏབ་འགྲུབ། སངས་རྒྱས་དང་ཆོས་རྣམས་དང་འཕྲོད། དེ་དག་གི་ལུང་མང་གིས་དོག་པས་མ་བྲིས་སོ། ༈ །ཚུལ་ཁྲིམས་གྱི་ངོ་བོ་ནི། ཉེས་སྤྱོད་བསྡོམ་པའོ། ༈ །དབྱེ་བ་ནི། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་གསུམ་མམ། དང་པོ་ནི་སེམས་གནས་པར་བྱེད་པའོ། །གཉིས་པ་ནི། རང་རྒྱུད་སྨིན་པར་བྱེད་པའོ། གསུམ་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །རྡོམ་པའི་ཚུལ་ཁྲིམས་ལ་གཉིས་ལས། ཐུན་མོང་བ་ནི་སོ་ཐར་རིས་བདུན་ནོ། །ཐུན་མོང་མིན་པ་ནི། བྱང་སྡོམ་གྱི་བསླབ་བྱས་ཟབ་མོ་ལྟ་རྒྱུད། རྒྱ་ཆེན་སྤྱོད་རྒྱུད་ཀྱི་
(༥༣༩)ལུགས་གཉིས་ཏེ་དེ་དག་གོང་དུ་རྒྱས་པར་བཤད་ཟིན་ཏོ། ༈ །དགེ་བ་ཆོས་སྡུད་ནི། བྱང་ཆུབ་སེམས་དཔས་གཞན་དོན་བྱང་ཆུབ་ཆེན་པོའི་ཕྱིར་སྒོ་གསུམ་གྱི་དགེ་བའི་ཆོས་སྒྲུབ་པ་ཐམས་ཅད་ཉིད་དོ། ༈ །སེམས་ཅན་དོན་བྱེད་ནི། སེམས་ཅན་གྱི་དོན་བྱེད་པ་རྣམས་ཏེ། མདོར་བསྡུ་ནས་བཅུ་གཅིག་སྟེ། བྱང་པ་ལས། བྱ་བ་དོན་ལྡན་པ་ལ་གྲོགས་སུ་འགྲོ་བ་དང་། སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ་སེལ་བ་དང་། ཐབས་མི་ཤེས་པ་རིག་པ་སྟོན་པ་དང་། བྱས་པ་བཟོ་ཞིང་ཁྱེར་ཏེ་ལན་དུ་ཕན་བཏགས་པ་དང་།འཇིགས་པ་རྣམས་ལས་བསྲུང་བ་དང་། ཡོ་བྱེད་མེད་པ་རྣམས་ལ་ཡོ་བྱེད་སྟོབས་པ་དང་། ཆོས་ཀྱི་འཁོར་ལེགས་པར་སྡུད་པ་དང་། སེམས་ཅན་དང་མཐུན་པར་འཇུག་པ་དང་། ༨ ཡང་དག་པའི་ཡོན་ཏན་གྱིས་དགའ་བར་བྱེད་པ་དང་། ༩ ལེགས་པར་ཚར་གཅོད་པ་དང་། ༡༠ རྫུ་འཕྲུལ་གྱིས་སྐྲག་པ་དང་འདུན་པར་བྱེད་པའོ། ༡༡ །གསུངས་སོ། ༈ །གཞན་རང་མི་ཉམས་པ་དང་། གཞན་དད་པར་བྱ་ཕྱིར། སྒོ་གསུམ་གྱི་མ་དག་པ་གསུམ་སྤང་ཞིང་དག་པར་གསུམ་བསྟན་ཏེ། ལུས་ཀྱི་ཆ་དག་པ། དགོས་མེད་དུ་མཆོད་རྒྱུག་དང་རྨུ་རྒོད་ཀྱི་སྤྱོད་པ་རྣམས་དང་། ཁྲོ་གཉེར་
(༥༤༠)དང་། ངོ་ཟུམ་དང་། རྐང་བརྐྱང་དང་། ལག་ལ་མཉེ་བ་དང་། ཁ་གདངས་བ་དང་། སྒྲ་བཅས་དང་། ཁ་བཀང་ནས་ཟས་ཟ་བ་དང་། རྒོ་དྲག་ཏུ་དབྱེ་བ་སོགས་སྤངས། ངག་གི་འདུ་བྱེད་མ་དག་པ་དང་། རྟག་པར་དོན་མེད་པ་མང་དུ་སྨྲ་བ་དང་། སྨྲ་བ་རྣོ་བ་སྟེ། དེ་དག་གི་ཉེས་པ་ཟླ་བ་སྒྲོན་མའི་མོད་སོགས་ནས་མང་དུ་གསུངས་སོ། །ཡིད་ཀྱི་འདུ་བྱེད་མ་དག་པ་ནི། རྙེད་བསྐུར་ལ་ཞེན་པ། གཉིད་རྨུག་ལ་ཆགས་པ་སོགས་ཏེ། དེ་དག་གི་ཉེས་པ་ནང་དུ་འབྱུང་ངོ་། ༈ །སྒོ་གསུམ་དག་པ་ནི་ལུས་དལ་བ་དང་། འཇམ་པ་དང་། བཞིན་འཇུམ་པ། གཞན་ལ་བལྟ་བའི་ཚེ་འདི་ཉིད་ལ་བརྟན་ནས་བདག་སངས་རྒྱས་པར་གྱུར་ཅིག །གཞན་ཡང་། སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་སྡེ་ལས་གསུངས་ལྟར་སྤྱོད་ལམ་ཐམས་ཅད་དུ་བག་ཡོད་པས་ཤེས་པར་བྱའོ། །ཉལ་དུས་མགོན་པོ་མྱ་ངན་འདས་པའི་གཟིམ་པ་ལྟར་བྱས། མགོ་བླ་མ་དང་ལྷ་རྟེན་བཞུགས་པའི་ཕྱོགས་སུ་བསྟན་ནས་ཉལ་ལོ། །ངག་གི་འདུ་ཤེས་དག་པ་ནི་ཡིད་ཕེབས་པར་སྨྲ་བ་དང་། དོན་དང་འབྲེལ་བ། དོན་གསལ་བ། ཡིད་དུ་འོང་བ་ཆགས་སྡང་རྨོང་པའི་གཏམ་མེད་པར་སྨྲའོ། །ཡིད་ཀྱི་འདུ་བྱེད་དག་པ་ནི། དགེ་བའི་སེམས་རྣམས་གོང་
(༥༤༡)དུ་འཕེལ་བར་བསྐྱེད་དོ། ༈། ཚུལ་ཁྲིམས་སྤེལ་བ་ནི། ཡེ་ཤེས་དང་ཤེས་རབ་དང་བསྔོ་བའི་སྟོབས་གསུམ་གྱིས་སྤེལ་བ་སྟེ་གོང་དུ་སྦྱིན་པའི་སྐབས་བཞིན་ཤེས་པར་བྱའོ། ༈། ཚུལ་ཁྲིམས་དག་པར་བྱེད་པ་ཡང་། །སྟོང་ཉིད་དང་སྙིང་རྗེས་ཟིན་པ་ཏེ་གོང་བཤད་པ་ལྟར་རོ། ༈། ཚུལ་ཁྲིམས་ཀྱི་འབྲས་བུ་ནི། མཐར་ཐུག་སངས་རྒྱས་ཐོབ། གནས་སྐབས་སུ་འཁོར་བའི་བདེ་སྐྱིད་རྣམས་འབྱུང་ངོ། ༈། བཟོད་པའི་ཕར་ཕྱིན་ལ་བདུན་ཏེ། ༈དང་པོ་སྐྱོན་ཡོན་ཏན་ལས། བཟོད་པ་མ་བསྒོམ་པའི་སྐྱོན་ནི། སྤྱོད་འཇུག་ལས་བསྐལ་པ་སྟོང་དུ་བསགས་པ་ཡི། སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་གསུངས། གཞན་ཡང་བཟོད་པ་དང་མི་ལྡན། ཞེ་སྡང་ཁོང་དུ་ཞུགས་ཏེ། ཡིད་ལ་ཟུག་རྔུ་ལང་བདེ་བ་མི་མྱོང་། གཉིད་མི་ཕེབས། མཛའ་བཤེས་འཁོར་རྣམས་སྐྱོ། བདུད་ཀྱི་གླགས་སྙེད། བྱང་ཆུབ་ཀྱང་མི་ཐོབ་བོ། །བཟོད་པའི་ཕན་ཡོན་ནི། གནས་སྐབས་སུ་ཡང་བདེ་ལེགས་ཐམས་ཅད་ཐོབ། མཐར་ཐུག་བླ་མེད་བྱང་ཆུབ་ཐོབ་བོ། ༈། ངོ་བོ་ནི་ཁྲོ་བའི་ཡུལ་རྣམས་ལ་ཇི་མི་སྙོམས་
(༥༤༢)པའོ། ༈། དབྱེ་ན་གསུམ་སྟེ། གནོད་པ་ལ་ཇི་མི་སྙམས་པའི་བཟོད་པ། ཆོས་བསྒྲུབས་པ་ལ་སྡུག་བསྔལ་དང་ལེན་གྱི་བཟོད་པ། ཆོས་ཟབ་མོ་ལ་ངེས་པར་སེམས་པའི་བཟོད་པའོ། །དང་པོ་གཉིས་ཀུན་རྫོབ་ལ་བཟོད་པ། ཕྱི་མ་དོན་དམ་གྱི་དབང་དུ་བཟོད་པའོ། །དང་པོ་གནོད་པ་ལ་ཇི་མི་སྙམས་པའི་བཟོད་པའི་མཚན་ཉིད་ནི། བདག་གམ་བདག་གི་བ་ལ། བརྡེག་པ་དང་། གཤེ་བ་དང་། ཁྲོ་བ་དང་། མཚང་འབྲུ་སོགས་མི་འདོད་པ་བྱེད་ན། དེ་ལ་བཟོད་པར་བྱེད་པའོ། །བཟོད་པ་གང་ཞེ་ན། མི་འཁྲུགས་པ་དང་། ཕྱིར་གནོད་པ་མི་བྱེད་པ་དང་། སེམས་ལ་མི་འཛིན་པའོ། །དེའང་། སྤྱོད་འཇུག་ལྟར་ན། གཞན་དག་རང་ངམ་རང་ཕྱོགས་ལ་གནོད་པ་བྱེད་ན། རྣམ་པ་དགུས་བརྟགས་ཏེ་བཟོད་པ་བསྒོམ་པར་བྱ་སྟེ། ཁོ་ཞེ་སྡང་གི་དབང་དུ་གྱུར་པ། ཁོ་ལ་རང་དབང་མེད་པར་བརྟགས་པ་དང་། སྔོན་དུ་རང་གིས་ལས་ཀྱི་ཉེས་པ་བརྟགས་པ་དང་། ལུས་འདི་མེད་ན་བརྡེག་པ་སོགས་མི་བྱེད་པས་དེས་ན། ལུས་ཀྱི་ཉེས་པར་བརྟགས་པ་དང་། ལུས་ངན་འདི་སེམས་ཀྱིས་བཟུང་བྱུང་ཕྱིར། ཕ་རོལ་མི་ཤེས་པའི་སྐྱོན་ཅན། སྔོན་ཕར་ལ་འདི་འདྲ་བྱས་པའི། དང་རང་གི་ཤེས་པ་གཉིས་མི་འདྲ་བ་ལ། སྐྱོན་ཅན་ཁྱད་མེད་དུ་བརྟགས་པ་དང་། བཟོད་པ་བསྒོམ་པའི་རྒྱུ་རྐྱེན་བྱས་ཕྱིར། ཕན་འདོགས་པར་བརྟགས་པ་དང་། གནོད་བྱེད་མེད་ན་བཟོད་པ་བསྒོམ་མི་བཏུབ། བཟོད་པ་མ་བསྒོམ། སེམས་ཀྱི་ཉེས་པར་བརྟག་པ་དང་། ན་ཕར་ཕྱིན་
(༥༤༣)དྲུག་མི་ཚང་ཞིང་བྱང་ཆུབ་མི་ཐོབ་པས་འདིས་བྱང་ཆུབ་ཐོབ་པའི་རྟེན་བྱེད་ཕྱིར། དྲིན་ཆེ་བར་བརྟགས་པ་དང་། བཟོད་པ་བསྒོམ་པ་སེམས་ཅན་མགུ། སེམས་མགུ་བས་སངས་རྒྱས་མཉེས་ཕྱིར། སངས་རྒྱས་མཉེས་པར་བརྟགས་པ་དང་། དེ་ལྟར་བཟོད་པའི་ཕན་ཡོན་དྲན་ནས། ཕན་ཡོན་ཆེ་བར་བརྟགས་པ་སྟེ། དགུ་ཡིས་བརྟགས་ནས་བཟོད་པ་བསྒོམ་མོ། ༈། བྱང་པ་ལས། འདུ་ཤེས་ལྔ་བསྐྱེད་ལ་བཟོད་པ་བསྒོམ་པར་གསུངས་ཏེ། ད་ལྟའི་གནོད་བྱེད་འདི་སྔོན་ཚེ་རབས་མང་པོའི་ཕ་མ་སོགས་དྲིན་ཆེན་ཡིན་པས་ད་ལྟ་འདིས་གནོད་ལན་གཅིག་བྱས་ཙམ་ལ་ཁྲོ་བར་མི་རིགས་སྙམས་ཏེ། གནོད་པ་བྱེད་པ་ལ་སྙིང་དུ་སྡུག་པའི་འདུ་ཤེས་བསྒོམ་པ་དང་། ༈། གནོད་པ་བྱེད་པ་འདི་རྐྱེན་ལ་རག་ལས་པ་དང་། འདུ་ཤེས་ཙམ་དུ་ཟད་དེ། འདི་ལ་ནི་གཤེ་བའམ། བརྡེག་པའམ་མཚང་འབྲུ་བ་དང་། བརྒྱད་ཀག་བྱེད་པའི། བདག་གམ་སེམས་ཅན་ནམ། སྲོག་གམ། སྐྱེ་བ་པོ། གང་ཡང་མེད་དོ་བསམ་སྟེ། ཆོས་ཙམ་དུ་རྗེས་སུ་འབྲང་བའི་འདུ་ཤེས་བསྒོམ་པ་དང་། སེམས་ཅན་ནི་མི་རྟག་པ་འཆི་བའི་ཆོས་ཅན་ཡིན་པས་སྲོག་བཅད་མི་དགོས་སོ་སྙམས་ཏེ། མི་རྟག་པའི་འདུ་ཤེས་བསྒོམ་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་གསུམ་གྱིས་ཉེན་པ་ན། བདག་གིས་སྡུག་བསྔལ་དེ་
(༥༤༤)དག་བསལ་བར་བྱའི་བསྒྲུབ་པར་མི་བྱའོ་སྙམས་པས། སྡུག་བསྔལ་བའི་འདུ་ཤེས་བསྒོམ་པར་བྱ་བ་དང་། བདག་གིས་སེམས་བསྐྱེད་ན་སེམས་ཅན་ཐམས་ཅད། ཆུང་མའི་ཚུལ་དུ་ཡོངས་སུ་བཟུང་སྟེ། དེས་རང་ལ་གནོད་པ་ཕྲན་ཚེགས་ལ་ལེན་མི་རིང་པོ་སྙམས་པས། ཡོངས་སུ་བཟུང་བའི་འདུ་ཤེས་བསྒོམ་སྟེ། དེ་ལྟར་འདུ་ཤེས་ལྔ་བསྒོམ་པས་བཟོད་པ་བསྒོམ་པར་བྱའོ། ༈། སྡུག་བསྔལ་དང་ལེན་གྱི་བཟོད་པ་ནི། བླ་མེད་བྱང་ཆུབ་བསྒྲུབ་པའི་ཆེད་དུ། ཐོས་བསམ་བསྒོམ་གསུམ། འཆད་རྩོད་རྩམ་གསུམ། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་བཅུ་གཅིག་སོགས་དང་། བླ་མ་དཀོན་མཆོག་ལ་བསྙེན་བསྐུར། ཆོས་སྤྱོད་བཅུ་ལ་བརྩོན་པ་སོགས་དགེ་བའི་ཆོས་སྒྲུབ་པའི་ཚེ། ངལ། དུབ་ཚ་གྲང་། བསྐྲེས་སྐམ་སོགས་སྡུག་བསྔལ་ཅི་བྱུང་ཡང་། །ནད་དྲག་པོ་ཞི་ཐབས་ལ་གཏར་ག་དང་མེ་བཙའ་བཟོད་པ་བཞིན་དུ་ལེན་ཏེ་བཟོད་པ་བསྒོམ་པར་བྱའོ། །ཆོས་ཟབ་མོ་ལ་ངེས་པར་སེམས་པ་ལ་མོས་པའི་བཟོད་པ་ནི། བྱང་པ་ལས་དཀོན་མཆོག་གི་ཡོན་ཏན་ཚད་མེད་ལ་སོགས་པ་གནས་བརྒྱད་ལ་བཟོད་པ་དང་། དེ་ཁོ་ན་ཉིད་ཀྱི་དོན་བདག་མེད་གཉིས་ཀྱིས་སྟོང་པའི་རང་བཞིན་ལ་མོས་ཤིང་བཟོད་པའོ། ༈། བཟོད་པ་སྤེལ་བ་ནི་སྔར་ལྟར་རོ། ༈། དག་པར་བྱེད་པའང་གོང་ལྟར་རོ། ༈། འབྲས་བུ་མཐར་ཐུག་བྱང་ཆུབ་
(༥༤༥)ཐོབ་པ་དང་། གནས་སྐབས་སུ། ཚེ་རབས་ཐམས་ཅད་དུ་གཟུགས་མཛེས་པ་དང་། ནད་མེད་པ་དང་། སྙན་གྲགས་དང་། ཚེ་རིང་བ་དང་། འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱང་ཐོབ་བོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་། བདུན་ལས། དང་པོ་སྐྱོན་ཡོན་གཉིས་ཀྱི། བརྩོན་འགྲུས་མེད་པའི་སྐྱོན་ནི། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ལེ་ལོ་ཅན་ལ་ནི། སྦྱིན་པ་མེད་པ་ནས་ཤེས་རབ་ཀྱི་བར་དུ་མེད་དོ། །ལེ་ལོ་ཅན་ནི་གཞན་དོན་བྱ་བ་མེད་དོ། །ལེ་ལོ་ཅན་ནི་བྱང་ཆུབ་ཤིན་ཏུ་རིང་ཞིང་རྣམ་པར་རིང་ངོ། །། །། ཞེས་གསུངས་སོ། །ཕན་ཡོན་ནི་དེ་ལ་བཟློག་ཏེ། སྡུད་པ་ལས། བརྩོན་འགྲུས་ཀྱིས་ནི་དཀར་པོའི་ཡོན་ཏན་འགྲིབ་མི་འགྱུར། ཡེ་ཤེས་མཐའ་ཡས་རྒྱལ་བའི་བོང་མཛོད་རྙེད་པར་འགྱུར། ཅེས་སོ། ༈། ངོ་བོ་ནི་དགེ་བ་ལ་སྤྲོ་བའོ། །བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ལེ་ལོ་སྟེ། ལེ་ལོ་ལ། སྙམས་ལས། སྒྱིད་ལུག་སྨད་པའི་ལེ་ལོ་དང་གསུམ་དབྱེ། སྙམས་ལས་ནི། སོས་དལ་ཉལ་སྙེལ་གཉིད་སོགས་ལ་ཆགས་པའོ། །དེའི་གཉེན་པོ་འཆི་བ་མི་རྟག་པ་བསྒོམ་མོ། །དེའང་སྤངས་དུ་སྦྲུལ་བྱུང་བའང་། མགོ་ལ་མེ་ཤོར། བ་ལྟར་སྙམས་ལས་སྤང་དགོས། སྒྱིད་ལུག་གི་ལེ་ལོ་
(༥༤༦)ནི། བདག་ལྟ་བུས་འབད་ཀྱང་བྱང་ཆུབ་མི་འཐོབ་བོ་སྙམས་ཏེ་ཞུམ་པའོ། །དེའི་གཉེན་པོར། སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོས་ཁྱབ་པའི་དོན་གྱིས་འབད་ན། ཤ་སྦྲང་སྲིན་བུ་སོགས་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་གསུངས་ན་བདག་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་ཐོབ་ཅིང་ཐེག་ཆེན་གྱི་རིགས་ཅན་གྱིས་ཅིའི་ཕྱིར་བྱང་ཆུབ་མི་ཐོབ་སྙམས་དུ་སྙིང་སྟོབས་བསྐྱེད་དོ། །སྨད་པའི་ལེ་ལོ་ནི། དགྲ་འདུལ་བ། རྫས་བསགས་པ་སོགས་མི་དགེ་བ་ལ་ཆགས་པས་དགེ་བ་བསྒྲུབ་པའི་ལོངས་མེད་པ་སྟེ། དེ་དག་སྡུག་བསྔལ་གྱི་རྒྱུར་ཤེས་པས་སྤང་ངོ། ༈། བརྩོན་འགྲུས་ལ་དབྱེ་ན་གསུམ། གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་དང་། ཆོག་པར་མི་འཛིན་པའམ་མི་བཟློག་པའི་བརྩོན་འགྲུས་སོ། ༈། དང་པོ་ནི་བསམ་པ་ཕུན་སུམ་ཚོགས་པའོ། །གཉིས་པ་ནི། སྦྱོར་བ་ཕུན་སུམ་ཚོགས་པའོ། །གསུམ་པ་ནི། བསམ་སྦྱོར་མཐར་ཕྱིན་པར་བྱེད་པའོ། ༈། གོ་ཆའི་བརྩོན་འགྲུས་ནི། དུས་འདི་ནས་བཟུང་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་མ་བཀོད་ཀྱི་བར་དུ་བདག་གི་དགེ་བའི་བརྩོན་འགྲུས་མི་དོར་རོ་སྙམས་དུ་གོ་ཆ་བསྒོ་བའོ། ༈། སྦྱོར་བའི་བརྩོན་འགྲུས་ནི་གསུམ་སྟེ། ཉོན་མོངས་སྤངས་བ་ལ་བརྩོན་འགྲུས་བྱ་བ་ནི། ཉོན་མོངས་དང་། དེ་དག་གི་ཀུན་
(༥༤༧)སློང་གིས་བསྐྱེད་པའི་ལས་མི་དགེ་བ་ནི་སྡུག་བསྔལ་གྱི་རྩ་བ་ཡིན་པས་ཡུན་རིང་པོར་མི་འབྱུང་བར་བྱེད་པ་དང་། ནང་གསེས་སུ་ཉོན་མོངས་འདི་དང་འདི་ལོ་ཟླ་ཞག་དུས་འདི་ཙམ་ནས་མི་འབྱུང་བར་བྱེད་དོ་སྙམས་ནས་འབད་པའོ། །དེའང་བསྒྲིམ་ཏེ་འབད་དགོས་པའི་དཔེ་ནི། ཡུངས་མར་གང་བའི་སྣོད་བསྐུར་ལ། རལ་དྲི་ཐོག་པ་དྲུང་བསྡད་དེ། འོ་ན་གསོད་བསྡིག་འཇིགས་པ་ལྟར། །བརྟུལ་ཞུགས་ཅན་གྱིས་དེ་ལྟར་བསྒྲིམ། །ཞེས་སོ། །དགེ་བ་བསྒྲུབ་པའམ། དགེ་བ་ཆོས་སྡུད་ཀྱི་བརྩོན་འགྲུས་ནི། ཕར་ཕྱིན་དྲུག་ལ་ལུས་སྲོག་ལ་མི་བལྟ་བར་འབད་པའོ། །དེའང་། ༈བརྩོན་འགྲུས་རྣམ་པ་ལྔས་འབད་པར་བྱ་སྟེ། དེའང་། རྟག་སྦྱོར་གྱི་བརྩོན་འགྲུས་དང་། གུས་སྦྱོར་གྱི་བརྩོན་འགྲུས་དང་། མིག་གཡོ་བའི་བརྩོན་འགྲུས་དང་། མི་ལྡོག་པའི་བརྩོན་འགྲུས་དང་། ང་རྒྱལ་མེད་པའི་བརྩོན་འགྲུས་སོ། །རྟག་སྦྱོར་ནི། གཏིང་གྲིམ་ལ་ཁ་ལྷོད་སྙོམས་ཅིང་རྒྱུན་ཆད་མེད་པའི་བརྩོན་འགྲུས་སོ། ། གུས་སྦྱོར་ནི། དགའ་ཞིང་སྤྲོ་བཞིན་པས་མྱུར་དུ་བྱེད་པ་སྟེ། དཔེར་ན་ཉིན་གུང་གླང་པོ་ཆེ་མཚོར་འཇུག་པ་ལྟར་བརྩོན་ཏེ། མི་གཡོ་བ་ནི། རང་
(༥༤༨)གི་རྣམ་རྟོག་དང་། ཉོན་མོངས་དང་སྡུག་བསྔལ་གྱིས་མི་གཡོ་བའོ། ། མི་ལྡོག་པ་ནི། གཞན་གྱི་འཚེ་བ་དང་། རྨུ་རྒོད་འཁྲུགས་པ་དང་། ལྟ་བའི་སྙིང་མ་ལྟ་ལོག་སོགས་ཀྱིས་བསྒྱུར་མི་ནུས་པའོ། །ང་རྒྱལ་མེད་པ་ནི། བརྩོན་འགྲུས་བརྩོམ་པ་དེས་ང་རྒྱལ་མེད་པའོ། ༈། སེམས་ཅན་དོན་བྱེད་ཀྱི་བརྩོན་འགྲུས་ནི། བྱ་བ་གྲོགས་མེད་པའི་གྲོགས་བྱ་བ་ལ་བརྩོན་པ་སོགས་བཅུ་གཅིག་པོ་ཚུལ་ཁྲིམས་ལྟར་འབད་པ་བྱའོ། ༈། ཆོག་པར་མི་འཛིན་པའི་བརྩོན་འགྲུས་ནི། བྱང་ཆུབ་མ་ཐོབ་བར་དུ་དགེ་བ་ལ་ངོམས་ཆོག་མེད་པར་འབད་པའོ། ༈། བརྩོན་འགྲུས་སྤེལ་བ་ནི་སྔར་བཞིན་ནོ། ༈། དག་པར་བྱེད་པའང་གང་ལྟར་རོ། ༈། འབྲས་བུ།། །ནི། མཐར་ཐུག་བྱང་ཆུབ་མྱུར་དུ་འཐོབ། གནས་སྐབས་འཁོར་བའི་བདེ་འབྲས་ཚོགས་ཀྱང་མྱུར་དུ་འཐོབ་པའོ། ༈། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་། བདུན་གྱིས་བཤད་དོ། །སྐྱོན་ཡོན་བསམ་པ་ལས། སྐྱོན་ནི། གང་ཞིག་སྦྱིན་སོགས་ལྡན་ཡང་བསམ་གཏན་དང་མི་ལྡན་ན། རྣམ་པར་གཡེང་བས་སེམས་ཉོན་མོངས་པའི་མཆེ་བས་རྨས་བར་འགྱུར། མངོན་ཤེས་མི་འཆར་བས་སེམས་ཅན་གྱི་དོན་མི་ནུས། ཤེས་རབ་མི་སྐྱེ་བས་བྱང་ཆུབ་མི་ཐོབ་བོ། །བསམ་གཏན་དང་ལྡན་པའི་ཕན་ཡོན་ནི། དངོས་པོ་དམན་
(༥༤༩)པ་ལ་ཞེན་པར་འདོར། ཉོན་མོངས་མགོ་ནོན། མངོན་ཤེས་སྐྱེ། གཞན་དོན་ནུས། ཤེས་རབ་སྐྱེ། ཏིང་ངེ་འཛིན་གྱི་སྒོ་མང་པོ་རྒྱུད་ལ་སྐྱེ། ཡང་དག་པའི་དོན་མཐོང་། སྙིང་རྗེ་སྐྱེ། སྐྱེ་བོ་ཐམས་ཅད་བྱང་ཆུབ་གསུམ་ལ་འགོད་ནུས་སོ། ༈། ངོ་བོ་ནི། ཞི་གནས་ཀྱི་རང་བཞིན་སེམས་ནང་དུ་དགེ་བ་ལ་རྩེ་གཅིག་གནས་པའོ། །བསམ་གཏན་གྱི་མི་མཐུན་ཕྱོགས་རྣམ་གཡེང་སྤངས་བར་བྱའོ། །རྣམ་གཡེང་ངམ་འདུ་འཛི་སྤངས་བ་ལ་དབེན་དགོས་པ་སྟེ། དེ་ལ་ལུས་འདུ་འཛིས་དབེན་པ་དང་། སེམས་འདུ་འཛིས་དབེན་པ་གཉིས་ཡོད། ལུས་འདུ་འཛིའི་དབེན་པ་ནི་དོན་དྲུག་གིས་ཤེས་པར་བྱ་སྟེ་འདུ་འཛིའི། ངོ་བོ་དང་། རྒྱུ་དང་། ཉེས་པ་དང་། དབེན་པའི་ངོ་བོ་དང་། རྒྱུ་དང་། ཕན་ཡོན་ནོ། ༈། འདུ་འཛིའི་ངོ་བོ་ནི། བྱང་སེམས་ཁྱིམ་པ་ལ། བུ་དང་ཆུང་མ་དང་། ཁྱིམ་དང་ལོངས་སྤྱོད་སོགས་ཀྱིས་གཡེངས། རབ་བྱུང་། གཙུག་ལག་ཁང་དང་། ཆོས་གོས་དང་། འཚོ་བའི་ཡོ་བྱེད་བཟང་པོ་སྒྲུབ་པས་གཡེངས། ༈། འདུ་འཛིའི་རྒྱུ་ནི། དེ་དག་ལ་སྐྱོན་དུ་མི་ལྟ་བས་ཆགས་པར་བྱེད་དོ། ༈། འདུ་འཛིའི་ཉེས་པ་ནི། ཞི་ལྷག་སོགས་གནས་སྐབས་དང་། མཐར་ཐུག་གི་དོན་རྣམ་ལས་ཉམས་པར་བྱེད་དོ། ༈། དེ་ལས་བཟློག་པ་དབེན་པའི་ངོ་བོ་ནི་
(༥༥༠)འདུ་འཛི་དེ་དག་དང་བྲལ་བའོ། ༈། དབེན་པའི་རྒྱུ་ནི་གཅིག་པུར་དགོན་པར་གནས་པའོ། ༈། དབེན་པའི་ཕན་ཡོན་ནི། བྱང་ཆུབ་དང་སེམས་ཅན་གྱི་དོན་དུ་དགོན་པ་བརྟེན་ན། ངེས་འབྱུང་སྐྱེ་ཉོན་མོངས་ཞི། ཏིང་འཛིན་སྐྱེ། སངས་རྒྱས་མཉེས་པ་སོགས་སོ། ༈། སེམས་འདུ་འཛིས་དབེན་པ་ནི། དགོན་པར་ཕྱིན་ནས། བདག་ཅིའི་ཕྱིར་དགོན་པར་འོངས་སྙམས་ན། རྙེད་བསྐུར་དང་སྡིག་གྲོགས་ཉོན་མོངས་དང་། བདུད་བཞི་དང་། ངན་སོང་གིས་དོག་ནས་འོང་ད་ལྟ་ཅི་བྱེད་ཅིན་འདུག་སྒོ་གསུམ་ལ་བརྟགས་པས། ལུས་ཀྱི་མི་དགེ་བ་བྱེད་ཅིན་འདུག་ན་ནི་གཅན་ཟན། རྔོན་པ་ཆོམ་རྐུན་རྣམས་དང་འདྲ། གལ་ཏེ་ངག་གི་མི་དགེ་བྱེད་ན་ནི། ནགས་ཀྱི་བྱ་རྣམས་དང་འདྲ། སེམས་ཀྱི་ཉོན་མོངས་པའི་རྣམ་རྟོག་མང་པོ་རྒྱུ་ཞིང་འདུག་པ་ནི། སྤྲེའུ་སོགས་དང་འདྲ་བས་དེས་དོན་འབྲུབ་བམ་སྙམ་དུ་བསམ་ནས། ཏིང་འཛིན་ལ་འཇུག་གོ། ༈། དེ་ནས་རང་གི་སེམས་སྦྱངས་པར་བྱ་སྟེ། རང་རྒྱུད་ལ་ཉོན་མོངས་དུག་གསུམ་ཤས་གང་ཆེ་བརྟགས་པས། འདོད་ཆགས་ཤས་ཆེ་ན། རང་ལུས་མི་གཙང་བའི་རྫས་སོ་དྲུག་འདུས་པའི་ཚུལ་བསྒོམ། དེ་ནས་དུར་ཁྲོད་དུ་ཕྱིན་ནས་རོ་གསར་རྙིང་རྣམས་ལ་བལྟའ། རང་ཡང་འདི་ལྟ་བུ་ལས་མ་འདས་སོ་སྙམས་མོ། ༈། ཞེ་སྡང་ཤས་ཆེ་ན། བྱམས་པ་བསྒོམ་པ་ནི། སྤྱིར་བྱམས་པ་ལ། སེམས་ཅན་ལ་
(༥༥༡)དམིགས་པའི་བྱམས་པ་དང་། ཆོས་ལ་དམིགས་པའི་དང་། དམིགས་པ་མེད་པ་དང་གསུམ་ཡོད་པ་ལས་འདིར་སེམས་ཅན་ལ་དམིགས་པའི་བྱམས་པ་བསྒོམ་སྟེ། ཐོག་མར་རང་གི་མ་སོགས་རང་ལ་དྲིན་ཆེན་ལ་ཕན་ཚུན་བརྩེ་སེམས་ཤིན་ཏུ་གང་ཆེ་བ་སྙིང་དུ་སྡུག་པའི་སེམས་ཅན་ལ་ཕན་པ་བདེ་བ་སྒྲུབ་པའི་བྱམས་པ་བསྒོམ། དེའི་འོག་ཏུ་རིམ་པ་བཞིན་འདྲིས་པ་རྣམས་དང་། །ཐ་མལ་པ་རྣམས་དང་ཉེ་འཁོར་རྣམ་དང་ཡུལ་གྲོང་རྣམས་དང་། དེ་ནས་ཤར་ལ་སོགས་པའི་ཕྱོགས་བཅུའི་སེམས་ཅན་ཐམས་ལ་རྒྱ་ཆེར་བཏང་ནས་བྱམས་པ་བསྒོམས། དེ་ལྟར་བྱམས་པ་སྐྱེ་བའི་སེམས་ཅན་དེ་ཐམས་ཅད་བདེ་བར་འདོད་པ་བྱམས་པའི་བྱེད་ལས་ཡིན་ནོ། ༈། གཏི་མུག་ཤས་ཆེ་བར་འདུག་ན་རྟེན་འབྲེལ་བསྒོམ་པར་བྱ་སྟེ་གོང་དུ་བཤད་པ་ལྟར་རོ། ༈། ཕྲག་དོག་ཤས་ཆེ་བའི་གཉེན་པོར་བདག་གཞན་མཉམས་པར་བསྒོམ་པ་སྟེ། བདག་གི་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ལྟར་སེམས་ཅན་གཞན་ཡང་འདྲ་བར་མཉམ་པས། བདག་གིས་གཞན་ལ་སྡུག་བསྔལ་དང་གནོད་པ་མི་སྒྲུབ་པར་ཕན་བདེ་སྒྲུབ་སྙམས་པ་དེ་ལྟར་བྱའོ། ༈། ང་རྒྱལ་ཤས་ཆེ་བའི་གཉེན་པོར་བདག་གཞན་བརྗེ་བ་བསྒོམ་སྟེ། བདག་གཅེས་པར་འཛིན་པ་འདི་སྐྱོན་ཅན་དུ་ཤེས་ནས་དོར། གཞན་གཅེས་པར་འཛིན་པ་ཡོན་ཏན་དུ་ཤེས་པས་དེ་ལྟར་གཞན་ལ་བདག་གི་
(༥༥༢)འདུ་ཤེས་ཀྱིས་གཅེས་པར་བཟུང་ངོ། ༈། རང་ཉོན་མོངས་ཆ་མཉམ་རག་པའམ། རྣམ་པར་རྟོག་ཤས་ཆེ་ན་རླུང་ལ་བསླབ་ཏེ་བགྲང་བ་དང་རྗེས་སུ་འགྲོ་བ་སོགས་སྔར་ཉན་ཐོས་སྐབས་བཤད་བཞིན་བསྒོམ་མོ། ༈། བསམ་གཏན་གྱི་སྒྲིབ་པ། རྒོད་འགྱོད། གཉིད་རྨུག། གནོད་སེམས། འདོད་འདུན། ཐེ་ཚོམ་ལྔའམ་ཡང་ན། རྒོད་པ། འགྱོད་པ། གཉིད་དང་། རྨུག་པ། ཐེ་ཚོམ། ལྔར་ཡང་བཤད་པ་དེ་ལྔའི་དབང་དུ་མ་ཤོར་བར་འབད་དོ། ༈། བསམ་གཏན་གྱི་དབྱེ་བ་ནི། མཐོང་ཆོས་བདེར་གནས་ཀྱི་བསམ་གཏན། ཡོན་ཏན་སྒྲུབ་པའི་བསམ་གཏན། སེམས་ཅན་དོན་བྱེད་ཀྱི་བསམ་གཏན་ནོ། །དང་པོ་རང་རྒྱུད་སྣོད་རུང་དུ་བྱ་བ་དང་། གཉིས་པ་ནི་གཞན་སྣོད་རུང་བྱ་བས་སངས་རྒྱས་ཀྱི་ཆོས་སྒྲུབ་པ། གསུམ་པ་ནི་སེམས་ཅན་གྱི་དོན་བྱ་བའོ། ༈། མཐོང་ཆོས་བདེར་གནས་ཀྱི་བསམ་གཏན་ནི། བྱང་པ་ལས། དེ་ལ་བྱང་ཆུབ་སེམས་དཔའ་དོན་བྱེད་ཀྱི་བསམ་གཏན་ནི། རྣམ་པར་རྟོགས་པ་ཐམས་ཅད་དང་བྲལ་བ། ལུས་སེམས་ཤིན་ཏུ་སྦྱངས་བ་སྐྱེད་པ། མཆོག་ཏུ་རབ་ཏུ་ཞི་བ། རློམ་སེམས་དང་བྲལ་བ། རོ་མྱོང་བ་མེད་པ་དང་། མཚན་མ་ཐམས་ཅད་དང་བྲལ་བ། གང་ཡིན་པ་འདི་ནི། དེ་དག་གིས་ཚེ་འདི་ལ་བདེ་བར་གནས་པ་ཡིན་པར་རིག་པར་བྱའོ། །ཞེས་གསུངས། དེ་དག་ཀྱང་
(༥༥༣)རིམ་པར། ཡོད་མེད་སོགས་རྟོག་པའི་གྱ་གྱུ་མེད་པར་ཙེ་གཅིག་ཏུ་གནས་པ། ལུས་སེམས་ཀྱི་གནས་ངན་ལེན་ཐམས་ཅད་འཇིགས་པ། ངག་གིས་འཇུག་པ། ལྟ་བའི་ཉོན་མོངས་དང་བྲལ་བ། སྲིད་པའི་ཉོན་མོངས་མེད་པ། གཟུགས་ལ་སོགས་པའི་ལོངས་སྤྱོད་དང་བྲལ་བ། འོ། ཡང་ཐམས་ཅད་ཀྱི་སྒོ་ལྟར་ན། བསམ་གཏན་དང་པོ་སོགས་བཞི་ལས། བསམ་གཏན་དང་པོ་ནི། རྟོགས་སྤྱོད་དང་བཅས་པ། གཉིས་པ་ནི། དགའ་བ་དང་ལྡན་པ། གསུམ་པ་ནི་སེམས་བདེ་བ་དང་ལྡན་པ། བཞི་པ་ནི་བཏང་སྙོམས་དང་ལྡན་པའོ། ༈། ཡོན་ཏན་བསྒྲུབ་པའི་བསམ་གཏན་ནི་གཉིས་ལས་དང་། སོ་ཐུན་མོང་མིན་པ་ནི། སྟོབས་བཅུའི་རིགས་ཀྱི་བསྡུས་པའི་ཏིང་འཛིན་སྣ་ཚོགས་བསམ་མི་ཁྱབ་པ་ཚད་མེད་པ། ཉན་རང་རྣམས་ཀྱིས་མིང་ཙམ་ཡང་མི་ཤེས་ན་སྙོམས་འཇུག་ལྟ་བདག་ལ་འགྱུར་བ་རྣམས་སོ། ༈། ཐུན་མོང་བ་ནི། རྣམ་ཐར་དང་ཟིལ་གནོན་དང་། ཟད་པར་གྱི་སྐྱེ་མཆེད་དང་། སོ་སོ་ཡང་དག་པའི་རིགས་བཞི་སོགས་ཉན་ཐོས་དང་ཐུན་མོང་བ་རྣམས་སོ། །དེའང་མིང་ཐུན་མོང་ཙམ་ལས་ངོ་བོ་ནི་མ་ཡིན་ནོ། ༈། ཞི་ལྷག་གི་ཁྱད་པར་ནི། ཡང་དག་པའི་ཏིང་ངེ་འཛིན་ལ་བརྟེན་ནས་སེམས་འཇོག་པ་ནི་ཞི་གནས་སོ། །དེའི་རྗེས་ལ་བྱ་བ་དང་། བྱ་བ་མིན་པ་ཤེས་པའི་ཆོས་རབ་རྣམ་འབྱེད་
(༥༥༤)ནི་ལྷག་མཐོང་ངོ། ༈། བསམ་གཏན་སྤེལ་བ་ནི། སྔར་བཤད་པ་ལྟར་རོ། ༈། དག་པར་བྱེད་པ་ཡང་སྔར་ལྟར་རོ། ༈། འབྲས་བུ་མཐར་ཐུག་ནི་བླ་མེད་བྱང་ཆུབ་ཐོབ་ལ། གནས་སྐབས་ནི་ཆགས་བྲལ་ལྷའི་ལུས་ཐོབ་བོ། ༈། ཤེས་རབ་ཕ་རོལ་ཕྱིན་པ་ཡང་དོན་བདུན་གྱིས་བསྡུས་ཏེ། དང་པོ་སྐྱོན་ཡོན་གྱི་ཤེས་རབ་མི་ལྡན་པའི་སྐྱོན་ནི། འཕགས་པ་སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་ནུས། ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་ཡིས། དམིགས་བུ་མེད་པར་བྱང་ཆུབ་རེག་པར་ནུས་མ་ཡིན། ཞེས་གསུངས། ཤེས་རབ་ལྡན་པའི་ཕན་ཡོན་ནི། དབུ་མ་འཇུག་པ་ལས། ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ། །མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པ་ཡི། ཡུལ་དུ་ཁྲིད་པ་དེ་བཞིན་ཤེས་རབ་ཀྱིས། མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་བས་ཁྲིད། འཕགས་པ་སྡུད་པ་ལས། ཤེས་རབ་ཀྱིས་ནི་ཆོས་རྣམས་རང་བཞིན་ཡོངས་ཤེས་ནས། ཁམས་གསུམ་མ་ལུས་པ་ལས་ཡང་དག་འདའ་བར་འགྱུར། འོ་ན་སྦྱིན་སོགས་མི་དགོས་སམ་ཞེ་ན་དགོས་ཏེ། བློ་གྲོས་མི་ཟད་པའི་མདོ་ལས། ཐབས་དང་བྲལ་བའི་ཤེས་རབ་ཀྱིས་མྱ་ངན་འདས་པར་འཆིང་ལ་ཤེས་རབ་དང་བྲལ་བའི་ཐབས་ཀྱི་འཁོར་བར་འཆིང་བས་ཟུང་དུ་
(༥༥༥)འབྲེལ་བ་གཅིག་དགོས་སོ། །ཞེས་གསུངས། ༈ཤེས་རབ་ཀྱི་ངོ་བོ་ཆོས་རབ་རྣམ་འབྱེད་དོ། །༈། དབྱེ་ན། འཇིག་རྟེན་པའི་ཤེས་རབ་དང་། འཇིག་རྟེན་ལས་འདས་པ་དམན་པའི་ཤེས་རབ་དང་། འཇིག་རྟེན་ལས་འདས་པ་ཆེན་པོའི་ཤེས་རབ་བོ། ༈། འཇིག་རྟེན་པའི་ཤེས་རབ་ནི། ཐུན་མོང་ཕྱིའི་རིག་གནས་བཞིའོ། །འཇིག་རྟེན་ལས་འདས་པའི་ཤེས་རབ་གཉིས་ནི་ནང་རིག་པའོ། །དེ་ལའང་། འཇིག་རྟེན་ལས་འདས་པ་དམན་པའི་ཤེས་རབ་ནི། ཉན་རང་གི་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་སྟེ། ཉེ་བར་ལེན་པའི་ཕུང་པོ་ཕྱིན་ཅི་ལོགས་བཞིར་རྟོགས་པའོ། །འཇིག་རྟེན་ལས་འདས་པ་ཆེན་པོའི་ཤེས་རབ་ནི། ཐེག་པ་ཆེན་པོའི་ཤེས་རབ་གསུམ་གྱིས་ཆོས་ཐམས་ཅད་རང་བཞིན་གྱི་སྟོང་ཉིད་སྐྱེ་མེད་དུ་ཤེས་པའོ། ༈། ཤེས་རབ་གསུམ་གྱི་ཕྱི་མ་དེ་ཤེས་པར་བྱ་དགོས་པས། དེ་འཆད་པ་ལ་དོན་རྣམ་པ་དྲུག་སྟེ། དངས་འཛིན་དགག་པ་དང་དངོས་མེད་འཛིན་པ་དགག་པ་དང་། མེད་པར་འཛིན་པའི་སྐྱོན་དང་། འཛིན་པ་གཉིས་ཆར་གྱི་སྐྱོན་དང་། གྲོལ་བར་གྱུར་པའི་ལམ་དང་། གྲོལ་བའི་རང་བཞིན་མྱ་ངན་ལས་འདས་པའོ། ༈། དང་པོ་དངོས་འཛིན་དགག་པ་ནི། བྱང་ཆུབ་ལམ་སྒྲོན་ལས། ཡོད་པ་སྐྱེ་བར་རིག་མིན་ཏེ། མེད་པ་ནམ་མཁའི་མེ་ཏོག་བཞིན། །ཞེས་སོགས་སྔར་དབུ་མའི་ལྟ་གྲུབ་འཆད་སྐབས་བཞིན་
(༥༥༦)གཏན་ཚིགས་ཆེན་པོ་རྣམས་ཀྱིས་དཔྱད་ནས་གསུངས་སྟེ། ལམ་རིམ་དུ་ནི། དངོས་པོའི་དངོས་འཛིན་ཐམས་ཅད་བདག་གཉིས་སུ་འདུས་པར་གསུངས། བདག་གཉིས་པོ་དེ་རང་བཞིན་གྱིས་སྟོང་པ་ཉིད་ཡིན་པར་གསུངས་སོ། །འདི་ལ་འདོད་ལུགས་མང་ཡང་། དོན་ལ་གང་ཟག་ཞེས་བྱ་བ་ནི་རིག་པ་དང་བཅས་པའི་ཉེ་བར་ལེན་པའི་ཕུང་པོའི་རྒྱུན་འདི་ཡིན་ནོ། །རྒྱུན་དེ་ལ་རྟག་པ་དང་གཅིག་པུར་ཞེ་བཟུང་ནས་ང་དང་།། །བདག་ཏུ་ཞེན་ཅིང་ཆགས་པ་དེ་ལ་གང་ཟག་གི་བདག་ཅེས་བྱ་སྟེ། བདག་དེས་ཉོན་མོངས་དང་ཉོན་མོངས་དེས་ལས་དང་། ལས་དེས་སྡུག་བསྔལ་བསྐྱེད་དོ་ཆོས་ཤེས་བྱ་བ་ནི་གཟུང་འཛིན་གཉིས་ཀྱི་སེམས་ཏེ། དེ་དག་རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ། །གཟུང་འཛིན་གཉིས་དེ་ལ་དངོས་པོར་བཟུང་ནས་ཞེན་པ་ནི་ཆོས་ཀྱི་བདག་ཅེས་བྱའོ། །དེ་ལ་བདག་མེད་གཉིས་མ་གྲུབ་ཚུལ། བྱེ་མདོའི་འདོད་པ་དང་། སེམས་ཙམ་པའི་འདོད་ཚུལ་དགགས་པ་སྔར་བཤད་ཟིན་ལ། འདིར་ནི། གལ་ཏེ་བདག་དེ་ཡོད་ན། རང་ལས་སམ། གཞན་ལས་སམ། གཉིས་ཀ་ལས་སམ། དུས་གསུམ་གང་རུང་ལས། སྐྱེ་དགོས་ཀྱང་བརྟག་ན་མི་སྐྱེའོ། །དེ་ལ་རང་ལས་མི་སྐྱེ་སྟེ། རང་གྲུབ་ཟིན་ན་སྐྱེ་བ་འགལ་ལོ། །གཞན་ལས་མི་སྐྱེ་སྟེ། འདི་ལྟར་རྒྱུ་ནི་འབྲས་བུ་ལ་ལྟོས་ཕྱིར། འབྲས་བུ་མ་བྱུང་བར་དུ་རྒྱུ་མ་ཡིན་ནོ། །གང་ཚེ་
(༥༥༧)རྒྱུ་མ་ཡིན་པ་དེ་ཚེ་འབྲས་བུ་མི་བསྐྱེད་དོ། །བདག་གཞན་གཉིས་ཀ་ལས་ཀྱང་མི་སྐྱེ་སྟེ་སྐྱོན་གཉིས་ཀར་འགྱུར་ཕྱིར་རོ། །དུས་གསུམ་ལས་ཀྱང་མི་སྐྱེ་སྟེ། འདས་པ་ལས་མི་སྐྱེ་བ་ནི། དེ་ཉིད་ས་བོན་རུལ་བ་ནུས་པ་པ་ཟད་པ་བཞིན་ནོ། །མ་འོངས་པ་ལས་མི་བསྐྱེད་པ་ནི། མོ་ཤམ་གྱི་བུ་བཞིན་ནོ། །ད་ལྟ་བ་ལས་མི་བསྐྱེད་པ་ནི། དུས་མཉམ་པར་ཕན་གདགས་བྱ་འདོགས་བྱེད་མི་འཐད་པས་སོ། །ཡང་། འདི་ལྟར་གོ་བར་བྱ་སྟེ། བདག་དེ་ལུས་སམ་སེམས་སམ། མིང་ལ་ཡོད་ཅེས་བརྟག་ན། ལུས་ནི་འབྱུང་བཞིའི་རང་བཞིན་ཏེ། དེ་བཞི་ལ་བདག་མེད་དེ། དཔེར་ན་ཕྱིའི་འབྱུང་བཞི་ལ་བདག་མེད་པ་བཞིན་ནོ། །སེམས་ནི་མ་གྲུབ་སྟེ་རང་གཞན་གཉིས་ཀས་མ་མཐོང་ཕྱིར། དེ་ལ་བདག་མེད། མིང་ནི་བཏགས་པ་ཙམ་ལས་རྫས་སུ་མ་གྲུབ་པས་བདག་མེད་དོ། ༈། ཆོས་ཀྱི་བདག་མ་གྲུབ་པ་ནི། ཕྱིའི་ཡུལ་ནི་སེམས་ཀྱི་འཁྲུལ་སྣང་ཉིད་ལས་གཞན་དུ་མ་གྲུབ་པ། ཕལ་པོ་ཆེ་ལས། ཀྱཻ། རྒྱལ་བའི་སྲས་དག། ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་གསུངས། དཔེར་ན་རྨི་ལམ་བཞིན་ནོ། །ནང་དུ་སེམས་མ་གྲུབ་པ་ནི། སེམས་ཞེས། ལུས་ཀྱི་ཕྱི་ནང་གང་དུའང་བརྩལ་ཡང་མ་མཐོང་བས་
(༥༥༨)སེམས་ཙམ་པས་རང་རིག་རང་དུ་བརྗོད་པའང་དོན་མེད་དོ། །དེ་ལྟར་ན་གཟུང་འཛིན་གཉིས་ཀ་མ་གྲུབ་བོ། ༈། དོན་གཉིས་པ་དངོས་མེད་དུ། འཛིན་པ་དགག་པ་ནི། གལ་ཏེ་དངོས་པོ་མ་གྲུབ་ན་དངོས་མེད་ཡིན་ནམ་ཞེ་ན། སྔར་དངོས་པོ་ཡོད་པ་མ་གྲུབ་ན་ཕྱིས་དེ་ལ་ལྟོས་པའི་དངོས་མེད་མི་འགྲུབ་སྟེ། ས་ར་ཧས། དངོས་པོར་ལྟ་བ་ཕྱུགས་དང་འདྲ་བར་སྤྱོད། དངོས་མེད་ལྟ་བ་དེ་བས་ཀྱང་བླུན། རིན་ཆེན་ཕྲེང་བ་ལས། གང་ཚེ་དངོས་པོ་མི་སྙེད་པ། །དེ་ཚེ་དངོས་མེད་ག་ལ་འགྱུར། །ཞེས་གསུངས། ༈དོན་གསུམ་པ་མེད་པར་འཛིན་པའི་སྐྱོན་བཤད་པ་ལ། འོ་ན་དངོས་འཛིན་ནི་འཁོར་བའི་རྩ་བར་འདུག་ལ། དངོས་མེད་ལྟ་བ་ནི་གྲོལ་བའི་རྒྱུ་མིན་ནམ་ཞེ་ན། མིན་ཏེ། རྩ་ཤེས་ལས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་པར་འགྱུར། །ཞེས་གསུངས་སོ། །དཀོན་བརྩེགས་ལས། འོད་སྲུང་གང་ཟག་ཏུ་བལྟ་བ་ནི་རི་རབ་ཙམ་ལ་གནས་པ་བླའི། མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟར་མ་ཡིན་ནོ། །རིན་ཆེན་ཕྲེང་བ་ལས་ཀྱང་། ཡོད་པ་པོ་དེ་བདེ་འགྲོར་འགྲོ། །མེད་པ་པོ་དེ་ངན་འགྲོར་འགོར། །ཞེས་གསུངས། ༈། དོན་བཞི་པ་འཛིན་པ་གཉིས་ཆར་གྱི་སྐྱོན་འཆད་པ་ལ། ཡོད་མེད་གཉིས་ཀར་
(༥༥༩)འཛིན་ན་དེ་ནི་རྟག་ཆད་གཉིས་ཀའི་སྐྱོན་འབྱུང་སྟེ། རྩ་ཤེ་ལས། ཡོད་ཅེས་བྱ་བ་རྟག་པར་ལྟ། །མེད་ཅེས་བྱ་བ་ཆད་པར་ལྟ། །ཞེས་གསུམ། ༈དོན་ལྔ་པ་གྲོལ་བར་འགྱུར་བའི་ལམ་འཆད་པ་ལ། མཐའ་གཉིས་དང་བྲལ་བའི་དབུ་མའི་ལམ་ཤེས་པས་གྲོལ་ཏེ་རིན་ཆེན་ཕྲེང་བ་ལས། ཡང་དག་ཇི་བཞིན་ཡོངས་ཤེས་ན། །གཉིས་ལ་མི་བརྟེན་ཐར་བར་འགྱུར། །ཞེས་སོ། །དེས་ན། རྟག་མི་རྟག། བདག་དང་བདག་མེད་འཁོར་བ་དང་མྱང་འདས་རྣམས་མཐའ་ཡིན་ལ། མཐའ་དེ་རྣམས་ཀྱི་དབུས་གང་ཡིན་པ་ནི། དཔྱད་དུ་མེད་པ། བརྟན་དུ་མེད་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པའོ་གསུངས་སོ། ༈། དོན་དྲུག་པ་འགྲོ་བའི་རང་བཞིན་མྱ་ངན་ལས་འདས་པར་འཆད་པ་ནི། འོ་ན་འཁོར་བ་མ་གྲུབ་ཀྱང་མྱང་འདས་དངོས་པོ་ཡིན་ནམ་ཞེ་ན། རིན་ཆེན་ཕྲེང་བ་ལས། མྱ་ངན་འདས་པ་དངོས་མེད་པ། །མིན་ན་དངོས་པོ་ག་ལ་མིན། །ཞེས་གསུངས། ནམ་མཁའ་རིན་པོ་ཆེའི་མདོ་ལས། །འདི་ལ་གསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་སོ། ༈། ད་ནི་ཤེས་རབ་གོམ་པར་བྱ་བ་འཆད་དོ། །ཆོས་ཀུན་སྟོང་ཉིད་
(༥༦༠)ཡིན་ན་གོམ་ཅི་དགོས་ཞེ་ན་དགོས་ཏེ། དཔེར་ན་དངུལ་རྡོ་དངུལ་གྱི་རང་བཞིན་ཡིན་ཀྱང་བཞུ་བརྟུལ་དགོས། ཆོས་ཀུན་སྟོང་ཉིད་ཡིན་ཀྱང་སེམས་ཅན་རྣམས་ཀྱིས་དངོས་པོར་འཛིན་ཕྱིར་ཤེས་དགོས་པ་དང་གོམ་པར་བྱ་དགོས། དེ་ལ་སྔོན་འགྲོ་དང་། མཉམ་བཞག་དང་། རྗེས་ཐོབ་དང་། གོམ་རྟགས་བཞི་ལས། སྔོན་འགྲོ་ནི། དབེན་པའི་མ་ལ་བསྟེན་ལ། འདུ་འཛི་མེད་པར་དགའ་བར་བྱ། མཚན་མ་ཐམས་ཅད་ཡིད་ལ་མི་བྱེད་པར་སྐྱིལ་ཀྲུང་བཅས་ནས་འདུག། དེ་ནས། མཉམ་པར་བཞག་པ་ནི། འཕགས་པ་བརྒྱད་སྟོང་པ་ལས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བསྒོམ་པ་འདི་ནི་ཆོས་གང་ཡང་མི་བསྒོམ་པའོ། །གསུངས་ལྟར། ཡོད་མེད་དམ་བླང་དོར་ལ་སོགས་པ་ཅི་ལ་ཡང་མི་སེམས་པར་བཞག་གོ། ༈། རྗེས་ཐོབ་ནི། འཕགས་པ་སྡུད་པ་ལས། གང་ཞིག་ཕུང་པོ་ལྔ་དག་སྒྱུ་མ་འདྲ་ཤེས་ཤིང་། སྒྱུ་མ་གཞན་དང་ཕུང་པོ་གཞན་དུ་མི་བྱེད་ལ། སྣ་ཚོགས་འདུ་ཤེས་བྲལ་ཞིང་ཉེ་བར་ཞིང་སྤྱོད་པ། འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། ཞེས་པ་ལྟར་སྦྱིན་སོགས་བསོད་ཚོགས་ལ་འབད་པར་བྱའོ། ༈། ཤེས་རབ་ལ་གོམ་པའི་རྟགས་ནི། དགེ་བ་ལ་བག་ཡོད། ཉོན་མོངས་ཤས་ཆུང་། སེམས་ཅན་ལ་སྙིང་རྗེ་སྐྱེ། བསྒྲུབ་པ་ལ་ནན་ཏན་བྱེད། གཡེང་བ་ཐམས་ཅད་སྤོངས། ཚེ་
(༥༦༡)འདི་ལ་མི་ཆགས་ཤིང་ཞེན་པ་མེད་པར་འགྱུར་རོ། ༈། ཤེས་རབ་ཀྱི་སྤེལ་བ་དང་དག་པ་གཉིས་ནི་མ་གསུངས་པ། ཡེ་ཤེས་ཀྱི་སྟོབས་ཀྱི་ལྷག་པར་བྱེད་པ་དང་། སྟོང་ཉིད་ཀྱི་ཟིན་པ་གཉིས་ཤེས་རབ་ཀྱི་རང་བཞིན་ཡིན་པ་ལ་དགོངས་ཏེ་མ་གསུང་པ་ཡིན་ནམ་སྙམས། ༈ཤེས་རབ་ཀྱི་འབྲས་བུ་ནི། མཐར་ཐུག་ཏུ་བྱང་ཆུབ་ཐོབ་པའི་དངོས་རྒྱུ་ཡིན་ལ། གནས་སྐབས་ནི། སྡུད་པ་ལས། སངས་རྒྱས་སྲས་དང་ཉན་ཐོས་རང་རྒྱལ་སྲས་རྣམས་དང་། འགྲོ་བ་ཀུན་གྱི་བདེ་སྐྱིད་ཆོས་རྣམས་ཇི་སྙེད་པ། དེ་ཀུན་ཤེས་རབ་ཕ་རོལ་ཕྱིན་པ་མཆོག་ལས་བྱུང་། ཞེས་གསུངས་སོ། ༈། གཞན་ཡང་ཐབས་ཀྱི་ཕར་ཕྱིན་སོགས་བཞི་ནི། ཕར་ཕྱིན་དྲུག་པོ་དེའི་ནང་དུ་འདུས་པར་འགྱུར་ཞིང་དེའི་ཡན་ལག་ཀྱང་ཡིན་ནོ། ༈། ཐབས་ཀྱི་ཕར་ཕྱིན་གྱི་ཐབས་ལ་མཁས་པས་ཡོངས་བསྔོ་བའོ། །བྱེད་ལས་ནི་ཡོངས་སུ་བསྔོ་བ་དང་། མོས་པ་དང་། ཡི་རང་བ་དང་ལྡན་ཤེས་རབ་ཀྱི་སྟོབས་ཀྱིས་སྦྱིན་པ་ལ་སོགས་པའི་ཕར་ཕྱིན་ཀུན་མི་ཟད་པ་རྒྱ་ཆེན་པོ་མྱུར་བར་བྱེད་པའོ། །སྒྲིབ་པ་ནི། ཐབས་མི་མཁས་པས་འཁོར་གསུམ་འཛིན་པའི་སྒྲིབ་པའོ། ༈། སྨོན་ལམ་གྱི་ཕར་ཕྱིན་ནི། ཕར་ཕྱིན་དྲུག་དེ་ཟད་མི་ཤེས་པ་སྤེལ་བ་དང་སྐྱེ་བའི་ཐབས་མཁས་སྒྲུབ་པའི་ཕྱིར་ངག་དང་འབྲེལ་བའོ། །བྱེད་
(༥༦༢)ལས་ནི་ཚེ་རབ་ཐམས་ཅད་དུ་སངས་རྒྱས་འབྱུང་བ་ལ་མཉེས་པར་བྱེད་ཅིང་སྦྱིན་སོགས་ལའང་རྟག་པར་འཇུག་སྟེ། སྨོན་ལམ་དང་མཐུན་པའི་སྐྱེ་བ་འཛིན་ཅིང་གཞོན་དོན་བསྒྲུབ་པའོ། །དེའི་སྒྲིབ་པ་ནི་སྨོན་ལམ་གྱི་འབྲས་བུ་ཚེ་རབས་ཐམས་ཅད་དགེ་བ་རྒྱུན་མི་འཆད་པ་འབྱུང་ལ། སྨོན་ལམ་མི་འདེབས་པ་ནི་དགེ་བའི་རྒྱུན་ལ་གེགས་བྱེད་པ་ཡིན་ནོ། ༈། སྟོབས་ཀྱི་ཕར་ཕྱིན་ནི། སོ་སོར་རྟོགས་པ་དང་བསྒོམ་པའི་སྟོབས་ཀྱིས་མི་མཐུན་པའི་ཕྱོགས་ཐམས་ཅད་ཟིལ་གྱིས་གནོན་ཅིང་རྣམ་པར་རྒྱལ་བར་བྱེད་པའོ། །དེའང་སྟོབས་ཀྱི་ཕར་ཕྱིན་གྱིས་སྦྱིན་སོགས་ལ་ངེས་པར་འཇུག་སྟེ། སོ་སོར་རྟོགས་པ་དང་། བསྒོམ་པའི་སྟོབས་ཀྱིས། དེའི་འབྲས་བུ་དགེ་བ་དེ་ཉིད་དུ་ངེས་པར་བྱེད་པ་ལ། སྒྲིབ་པ་ནི། སོ་སོར་རྟོགས་པ་དང་བསྒོམ་པ་ཆུང་བས་སྒྲིབ་པའོ། ༈། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡང་དག་པའི་ཤེས་རབ་ཇི་ལྟ་བ་དང་ཇི་སྙེད་པས་ཆོས་རྣམས་ཀྱི་ཆོས་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པ་མཐའ་དག་པའོ། །དེའི་འབྲས་བུ་ནི། བདག་གཞན་ཐེག་པ་ཆེན་པོའི་ཆོས་རྣམས་ལ་ལོངས་སྤྱོད་པ་དང་། སྤྲུལ་པ་སྣ་ཚོགས་ཀྱིས་ཆོས་སྟོན་པས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ། །དེའི་སྒྲིབ་པ་ནི། ཐོས་པའི་སྒྲ་དོན་ཇི་བཞིན་དུ་སྤྱོད་པ་དང་། ཤེས་རབ་ཉམས་ཆུང་བྱས་སྒྲིབ་པའོ། །དེ་ལྟར་ཕར་ཕྱིན་བཅུའི་ངོ་བོ་ནི་ཤེས་
(༥༦༣)པར་བྱ། བྱེད་ལས་ཀྱི་བྱས་པའི་འབྲས་བུ་དོན་ཡོད་པར་མཐོང་ནས་སྒྲུབ་པར་བྱེད། སྒྲིབ་པ་མི་མཐུན་ཕྱོགས་སྤང་བྱ་ཡིན་ནོ། ༈། སྟོང་ཉིད་བཅུ་དྲུག་གམ་བཅོ་བརྒྱད་ནི། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱིང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་སྟོང་པ་ཉིད་དང་། དེ་ལྟར་བཅུ་དྲུག་དང་། ངོ་བོ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་སྟོང་པ་ཉིད་དང་བཅོ་བརྒྱད་དོ། ༈། ནང་སྟོང་པ་ཉིད་ནི། ནང་གི་མིག་གི་རྣམ་ཤེས་ནས་ཡིད་ཀྱི་རྣམ་པར་ཤེས་པའི་བར་ཚོགས་དྲུག་གི་རྣམ་ཤེས་རྣམས་ཏེ། དེ་ནི་དེའི་རང་བཞིན་གྱིས་སྟོང་པའོ། །ཕྱི་སྟོང་པ་ཉིད་ནི་ཕྱིའི་གཟུགས་སོགས་ཡུལ་དྲུག་སྟེ་དེ་ནི་དེའི་རང་བཞིན་གྱི་སྟོང་པའོ། །ཕྱིང་སྟོང་པ་ཉིད་ནི། ཕྱིའི་ཡུལ། ནང་གི་རྣམ་ཤེས་གཉིས་ཀའི་རྟེན་དུ་གྱུར་པ་བར་གྱི་མིག་དབང་པསོགས་ནས་ཡིད་དབང་སྟེ་དེ་མ་ཐག་ཡིད་
(༥༦༤)བར་གྱི་དབང་པོ་དྲུག་སྟེ་དེ་ནི་དེའི་རང་བཞིན་གྱིས་སྟོང་པའོ། །སྟོང་པ་ཉིད་སྟོང་པ་ཉིད་ནི། རང་བཞིན་གྱིས་སྟོང་པ་ཉིད་དེ་ཡང་དེའི་རང་བཞིན་གྱིས་སྟོང་པའོ། །ཆེན་པོ་སྟོང་པ་ཉིད་ནི། ཕྱོགས་བཅུའི་ཕྱི་སྣོད་ཀྱི་འཇིག་རྟེན་རྒྱ་ཆེན་པོ་སྟེ་དེ་ནི་དེའི་རང་བཞིན་གྱིས་སྟོང་པའོ། །དོན་དམ་པ་སྟོང་པ་ཉིད་ནི། དོན་དམ་པ་ནི་མྱ་ངན་ལས་འདས་པ་ཡིན་པས་དེའང་དེའི་རང་བཞིན་གྱིས་སྟོང་པའོ། །འདུས་བྱས་སྟོང་པ་ཉིད་ནི། ཁམས་གསུམ་གྱི་འཇིག་རྟེན་སྐྱེ་བ་ལྭོགས་པ་འདུས་བྱས་ཀྱི་མཚན་ཉིད་ཅན་ཐམས་ཅད་སྒྱུ་མ་ལྟ་བུ་སྟེ། དེ་ནི་དེའི་རང་བཞིན་གྱིས་སྟོང་པའོ། །འདུས་མ་བྱས་སྟོང་པ་ཉིད་ནི་ནམ་མཁའ་དང་། འགོག་པ་དང་། དེ་བཞིན་ཉིད་དེ་སྐྱེ་འགག་གནས་གསུམ་དང་བྲལ་བ་འགྱུར་བ་མེད་པ་འདུས་མ་བྱས་རྒྱུ་རྐྱེན་གྱིས་མ་གྲུབ་པ་སྟེ་དེ་ནི་དེའི་རང་བཞིན་གྱིས་སྟོང་པའོ། །མཐའ་ལས་འདས་པ་སྟོང་པ་ཉིད་ནི། ཡོད་ཅེས་བྱ་བ་རྟག་པའི་མཐའ་དང་། མེད་ཅེས་བྱ་བ་ཆད་པའི་མཐའ་སོགས་སྤྲོས་པའི་མཐའ་ཐམས་ཅད་བྲལ་བ་སྟེ་དེ་ནི་དེའི་རང་བཞིན་གྱིས་སྟོང་པའོ། །ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཐོག་མ་དང་ཐ་མ་མེད་ཅིང་དབུས་མེད་པ་དེ་ནི་དེའི་རང་བཞིན་གྱིས་སྟོང་པའོ། །དོར་བ་མེད་པ་སྟོང་པ་ཉིད་ནི། དགེ་བའི་ཆོས་ནི་མྱང་འདས་ཐོབ་ནའང་སྤང་ཤིང་དོར་བར་བྱ་བ་མ་
(༥༦༥)ཡིན་པ་དེ་ནི་དེའི་རང་བཞིན་གྱིས་སྟོང་པའོ། །རང་བཞིན་སྟོང་པ་ཉིད་ནི། རིགས་རང་བཞིན་གྱིས་དག་པ་ཆོས་ཉིད་ནི། སངས་རྒྱས་ཀྱིས་མ་བྱས། སེམས་ཅན་གྱིས་མ་བཅོས། ཉན་ཐོས་སོགས་ཀྱིས་མ་བསྒྱུར་བ་སྟེ་དེ་ནི་དེའི་རང་བཞིན་གྱིས་སྟོང་པའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ནི། འཁོར་བ་དང་མྱང་འདས། འདུས་བྱས་དང་འདུས་མ་བྱས་ཀྱིས་བསྡུས་པའི་གཉིས་ཆོས་ཐམས་ཅད་དེ། དེ་ནི་དེའི་རང་བཞིན་གྱིས་སྟོང་པའོ། །རང་གི་མཚན་ཉིད་སྟོང་པ་ཉིད་ནི་གཟུགས་ལ་གཟུགས་རུང་ཟུགས་ཀྱི་མཚན་ཉིད་སོགས་དང་། སྲ་ན་སའི་མཚན་ཉིད་སོགས་ཆོས་ཐམས་ཅད་ལ་སྤྱིའི་མཚན་ཉིད་དང་རང་གི་མཚན་ཉིད་དུ་མར་ཡོད་དོ། །དེ་ནི་དེའི་རང་བཞིན་གྱིས་སྟོང་པའོ། །མི་དམིགས་པ་སྟོང་པ་ཉིད་ནི། འདས་མ་འོངས་ད་ལྟ་དུས་གསུམ་གདོད་ནས་རྣམ་པར་དག་ཕྱིར་ཆོས་ཐམས་ཅད་མིང་བཏགས་པ་ཙམ་ལས་གདོད་ནས་མི་དམིགས་སྟེ་དེ་ནི་དེའི་རང་བཞིན་གྱིས་སྟོང་པའོ། །དངོས་པོ་མེད་པ་སྟོང་པ་ཉིད་ནི། དངོས་པོ་ཕུང་པོ་ལྔ་སྟེ། ཕུང་པོ་ལྔ་ནི་རྟེན་ཅིང་འབྲེལ་བར་འབྱུང་བས་སྣང་ཡང་དངོས་པོ་མེད་པ་སྒྱུ་མ་རྨི་ལམ་སྨིག་སྒྱུ་མིག་ཡོར་སྤྲུལ་པ་ལྟ་བུ་སྟེ། དེ་ནི་དེའི་རང་བཞིན་གྱིས་སྟོང་པའོ། །དེ་ལྟར་སྟོང་པ་ཉིད་བཅུ་དྲུག་གོ། །ནང་ལྟར་ན་དམིགས་པ་མེད་པའི་རྡོ་རྗེའི་ཕྱག་རྒྱ་བཅུ་དྲུག། སྙིང་རྗེ་བཅུ་དྲུག། དགའ་
(༥༦༦)བ་བཅུ་དྲུག་ཞེས་གསུངས་སོ། ༈། ངོ་བོ་ཉིད་སྟོང་པ་ཉིད་ནི། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་རང་གི་ངོ་བོས་གདོད་ནས་སྟོང་པའོ། །དངོས་པོ་མེད་པའི་དངོས་པོ་སྟོང་པ་ཉིད་ནི་དངོས་པོ་མེད་པ་ནི་ནམ་མཁའ་སོགས་དངོས་པོར་མ་གྲུབ་པའི་ངོ་བོ་སྟེ། དེ་ནི་དེའི་རང་བཞིན་གྱིས་སྟོང་པའོ། ༈། དེ་དག་ལས། ནང་དང་ཕྱི་དང་ཕྱི་ནང་གསུམ་ནི་ཚོགས་ལམ་ན་ཡོད། སྟོང་པ་ཉིད་སྟོང་པ་ནི་སྦྱོར་ལམ་ན། ཆེན་པོ་སྟོང་པ་ཉིད་མཐོང་ལམ་ན་ཡོད། ཉན་རང་དང་ཐུན་མོང་ངོ། །དོན་དམ་པ། འདུས་བྱས། འདུས་མ་བྱས། མཐའ་ལས་འདས་པ། ཐོག་མ་དང་ཐ་མ་མེད་པ། དོར་བ་མེད་པ་རང་བཞིན། ཆོས་ཐམས་ཅད་གཉིས། རང་གི་མཚན་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་གཉིས། དངོས་པོ་མེད་པ། དངོས་པོ་མེད་པའི་ངོ་བོ་སྟོང་པ་ཉིད་ཀྱི་བར་བཅུ་གཅིག་ནི་རིམ་པར་ས་གཉིས་པ་ནས་སངས་རྒྱས་ཀྱི་ས་ཡི་བར་དུ་གསུངས་སོ། ༈། རྣམ་པར་ཐར་པའི་སྒོ་གསུམ་མམ་བཞི་ནི། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་དང་། རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་དང་གསུམ་མོ། ༈། དེ་སྟེང་རྣམ་པར་ཐར་པའི་སྒོ་འདུ་མ་བྱས་པ་དང་བཞིའོ། །ཡང་ན་འོད་གསལ་བའོ། །དེའང་། རྣམ་པར་ཐར་པ་ནི་འཁོར་བའི་སྡུག་བསྔལ་ལས་རྣམ་པར་ཐར་པ་སྟེ། མྱང་འདས་
(༥༦༧)ཀྱི་གྲོང་ཁྱེར་དུ་ཕྱིན་པའོ། །སྒོ་ནི་ཐར་པའི་གྲོང་ཁྱེར་དུ་འཇུག་པའི་སྒོ་ལྟ་བུའོ། ༈། ཆོས་ཐམས་ཅད་ཀུན་བཏགས་དང་གཞན་དབང་དང་། ཡོངས་གྲུབ་གསུམ་གྱི་མཚན་ཉིད་གསུམ་གྱིས་བསྟན་ཏེ། ཀུན་བཏགས་ནི་མེད་པའི་མཚན་ཉིད། གཞན་དབང་ནི་ཡོད་པའི་མཚན་ཉིད། ཡོངས་གྲུབ་འདུས་མ་བྱས་པའི་མཚན་ཉིད་དོ། །ཆོས་ཐམས་ཅད་ལ་ཀུན་བཏགས་ཀྱི་མཚན་ཉིད་ནི། སྟོང་ཞིང་བདག་མེད་པ་ཡིན་པས་དེ་ཤེས་པའི་ཏིང་ངེ་འཛིན་ནི་རྣམ་པར་ཐར་པའི་སྒོ་སྟོང་པའོ། །གཞན་དབང་ཡོད་པའི་མཚན་ཉིད་ནི་འདུས་བྱས་ཐམས་ཅད་དེ་འདུས་བྱས་ཐམས་ཅད་ནི་མི་རྟགས་པ་སྡུག་བསྔལ་བར་ཤེས་ནས་དེ་ལ་སྨོན་ལམ་མི་འདེབས་པ་དེ་ལྟར་ཤེས་པའི་ཏིང་ངེ་འཛིན་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པའོ། ༈། ཡོངས་གྲུབ་ཀྱི་མཚན་ཉིད་འདུས་མ་བྱས་པ་ནི། དབྱིབས་དང་ཁ་དོག་སོགས་བློ་ཡི་ཡུལ་དུ་གྲུབ་པའི་མཚན་མ་ཀུན་ལས་འདས། ས་དེ་ཡིད་དོན་རྟོགས་པའི་ཏིང་ངེ་འཛིན་ནི་རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའོ། ༈། འདུས་མ་བྱས་པའི་སྒོ་ནི་ཆོས་དབྱིངས་ཡོངས་གྲུབ་དེའི་ངོ་བོའི། རྣམ་ཐར་སྒོ་བཞི་དེ་གསང་སྔགས་ཀྱི་སྐབས་སུ་དཀྱིལ་འཁོར་གྱི་སྒོ་བཞིའོ། ༈། བྱང་ཆུབ་སེམས་དཔའ་གཞན་དོན་མཛད་པ་ལ་བསྡུ་བའི་དངོས་པོ་བཞི་ནི། མཁོ་བ་སྦྱིན་པ་སྙན་པར་སྨྲ་བ། གདུལ་བྱའི་དོན་སྤྱོད་པ། གདུལ་བྱའི་དོན་དང་མཐུན་པ་བཞིའོ། །
(༥༦༨)མཁོ་བ་སྦྱིན་པ་ནི་གདུལ་བྱ་ཆོས་ལ་འཇུག་པའི་ཕྱིར་སྐུ་གསུང་ཐུགས་ཀྱི་རྟེན་བཞིངས་པའི་ཆ་རྐྱེན་ནམ། ཐོས་བསམ་སྒོམ་གསུམ་ཆོས་སྤྱོད་བཅུ་སོགས་དགེ་བ་སྤྱོད་པའི་ཆ་རྐྱེན་སོགས་དུ་འོས་པ་དག་སྦྱིན་པས་བསྡུ་བའོ། ༈། སྦྱིན་པའི་སྐབས་མ་དག་པའི་སྦྱིན་པ་པོ་གཉིས་སྤང་བྱར་གསུངས་པ་ནི། ༈། སྦྱིན་ཡུལ་མ་དག་པ། མེ། ཆུ། རྒྱལ་པོ། ཕན་ལེན། རང་འཇིགས་སྐྱོབ་ལོག་ལྟ་ཅན། མ་དད་པ། རོལ་མོ་བ། རྩིས་མཁན། བཟོ་བོ། སྨན་པ། རྣམས་པ། དར་མ། བརྒྱག་པ་ལ་རང་དོན་ཁོ་ན་ལས་གཞན་ཕན་གྱི་སེམས་མེད་ཕྱིར་སྟེར་བ་ཡུལ་མ་དག་པར་བཤད། དངོས་པོ་མ་དག་པ། དུག་མཚོན། བསད་ཤ། མྱོས་ཆང་། གཞོན་པར་བླངས་ནས་སྟེར་བ། རྣམས་དང་། སྦྱིན་དུས་མ་དག་པ། རྒས་དུས། ན་དུས་འཆི་དུས། བུ་མེད་པས། གཞན་གྱིས་བརྐུལ། བསམ་པ་མ་དག་པ། རང་ལ་བསྟོད་ཕྱིར། གྲགས་ཕྱིར། འཁོར་བསྡུ་ཕྱིར། འདི་དང་ཕྱི་མལ་ལེན་ཐོབ་ཕྱིར། ཆུང་མའི་ཕྱིར་གཏོང་ཕོད་ཅན་དུ་བསྟན་ཕྱིར། སྤྱོ་བས། སྦྱིན་པ། རང་ཉིད། གཅིག་པུས་། རྣམ་སྨིན་མྱོང་ཕྱིར། སྦྱིན་རྗེས་འགྱོད་པ་དང་། སོ་གཉིས་སྔར་བཤད་ཀྱང་གྲང་མ་ངེས་པ་དང་། བརྩི་
(༥༦༩)ཚུལ་འདྲ་མིན་འདུག་པས་བྲིས་སོ། ༈། སྙན་པར་སྨྲ་བ་ནི། གདུལ་བྱའི་བློ་དང་འཚམས་པར་ཆོས་ཉན་པ་ལ་བཤད། དོན་སྤྱོད་པ་ནི། སྡོམ་པ་གསུམ་གང་འོས་འགོག་པ་ལ་བཤད། དོན་མཐུན་ནི་རང་ཉིད་ཆོས་དང་མཐུན་པར་བཤད། ༈། ཡང་། དམ་པ་དྲུག་ལྡན་གྱི་དགེ་བརྩ་ཞེས་པ་ནི། གནས་དམ་པ་ནི་བྱང་ཆུབ་ཀྱི་སེམས་གནས་པའི་ཕྱིར་རོ། །དངོས་པོ་དམ་པ་ནི་མཐའ་ཀུན་ཏུ་སྤྱོད་པའི་ཕྱིར་རོ། །ཆེད་དུ་བྱ་བ་དམ་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་བྱ་བ་དང་། ཐབས་ལ་མཁས་པའི་ཁྱད་པར་འམ་ས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཡོངས་སུ་ཟིན་པའི་ཕྱིར་རོ། །ཡོངས་སུ་བསྔོ་བ་དམ་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་ཕྱིར་རོ། །རྣམ་པར་དག་པ་དམ་པ་ནི། ཉོན་སྒྲིབ་དང་ཤེས་སྒྲིབ་མེད་པར་དག་པར་འགྲུབ་པའི་ཕྱིར་རོ། ༈། བྱང་ཆུབ་སེམས་དཔའི་འབྲས་བུ་ནི། མི་སློབ་ལམ་མཐར་ཕྱིར་ནས། འོད་ཟེར་ཆེན་པོའི་དབང་བསྐུར་བ་ཐོབ་པའི་དེ་མ་ཐག་ནས་ས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ། རང་དོན་ཆོས་སྐུ་མངོན་དུ་གྱུར་གཞན་དོན་གཟུགས་སྐུ་གཉིས་ལྷུན་གྲུབ་ནས་དོན་གཉིས་ལྷུན་གྲུབ་ཀྱི་ཡེ་ཤེས་ཕྲིན་ལས་བཅས་འབྱུང་བ། སྡོམ་ནི། ངོ་བོ་རྒྱུ་དང་འབྲས་བུ་དང་།
(༥༧༠)། ལས་དང་ལྡན་པ་འཇུག་པ་དང་། །དེ་རྟག་བསམ་མི་ཁྱབ་ཉིད་ཀྱིས། །སངས་རྒྱས་པ་ནི་རྣམ་པར་གནས། །ཞེས་ངོ་བོ་ནི་ཁམས་བདེ་བར་གཤེགས་པའི་སྙིང་པོ་ལ་སྒྲིབ་པའི་ཆ་ཀུན་གཞིའི་རྣམ་ཤེས་བག་ཆགས་ཀྱི་ཆ་ཕྲལ་བའང་རྡོར་ཏིང་གིས་བཅོམ་ནས་དག་ཕྱིར་རྣམ་པར་དག་པའོ། །དག་པ་དེའི་རྒྱུ་ནི། ཐོས་པའི་སྒྲས་བསྟན་ཏེ་རྒྱུ་མཐུན་པའི་ཆོས་དཀར་པའོ། །དེས་སྒྲིབ་གཉིས་བྲལ་བར་བྱེད་པའོ། །འབྲས་བུ་ནི་སྐུ་གསུམ་མོ། །ལས་ནི་རྣམ་པར་མི་རྟོགས་པར་སྒྲིབ་པ་འཇོམས་ཤིང་། ཟག་མེད་ཡེ་ཤེས་ཀྱི་ལས་ཐོགས་པ་མེད་པའོ། །ལྡན་པ་ནི། རང་གཞན་གྱི་དོན་རྨད་དུ་བྱུང་བའི་ཕྲིན་ལས་དང་ལྡན་པའོ། །འཇུག་པ་ནི། སྐུ་གསུམ་གྱིས་འཁོར་བ་ཇི་སྲིད་དུ་འཇུག་པའི་རྟག་པ་ཉིད་གསུམ་མོ། །རྟག་པ་དེ་ཡང་། ངོ་བོ་དང་། རྒྱུན་དང་། རྒྱུན་མི་འཆད་པ་དང་གསུམ་དུ་བཤད་པའོ། །དེའི་རྒྱུ་མཚན་ཡང་། རྒྱུ་མཐའ་ཡས་པ་དང་སེམས་ཅན་ཟད་མེད་དང་། བརྩེ་དང་། འཕྲུལ་དང་མཁྱེན་དང་ཕུན་ཚོགས་ལྡན། །ཆོས་ཀྱི་དབང་ཕྱུག་འཆི་བའི་བདུད་བཅོམ་དང་། །ངོ་བོ་མེད་ཕྱིར་འཇིག་རྟེན་མགོན་པོ་རྟགས། ཅེས་གསུངས་པ་ཡིན་ནོ། །འདི་རྣམས་རྒྱས་པར་རྒྱུད་བླ་མར་གསུངས་སོ། ༈། འདི་ལས་རྣམ་པར་དབྱེ་བའི་སྡོམ་ནི། མཚན་ཉིད་དང་ནི་ཐོབ་པ་དང་། །དབང་དང་གནས་དང་ཡོངས་བསྡུས་དང་། །དབྱེ་བ་
(༥༧༡)ཡོན་ཏན་ཟབ་པ་དང་། །དྲན་དང་ཕྲིན་ལས་ཟབ་པ་ཉིད། ༈། མཚན་ཉིད་ཀྱང་ལྔ་སྟེ། གནས་འགྱུར་བ་ནི་སྒྲིབ་པ་ཐམས་ཅད་དང་གཞན་དབང་འཁོར་བའི་ཆ་ལས་གྲོལ་ཞིང་གནས་གྱུར་པ་རྣམ་བྱང་དུ་རྟོགས་པར་གྱུར་པའོ། །དཀར་པོའི་ཆོས་རྫོགས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལས་དབང་བཅུ་ཐོབ་པའོ། །ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པའི་དོན་གྱིས་གཉིས་སུ་མེད་ལ་འདུས་བྱས་འདུས་མ་བྱས་གཉིས་མེད་པས་གཉིས་ཀ་ལ་དབང་འབྱོར་ཐོབ་ཅིང་། སངས་རྒྱས་རྣམས་ཐ་དད་པ་དང་གཅིག་ཏུ་མེད་པའི་མཚན་ཉིད་དོ། །རྟག་པ་ཉིད་གསུམ་དང་བསམ་གྱིས་མི་ཁྱབ་པ་རྟོག་གེ་ལས་འདས་པ་སྟེ་ལྔའོ། ༈། ཐོབ་པ་ནི། མཉམ་རྗེས་ཀྱི་ཡེ་ཤེས་ཀྱིས་སྒྲིབ་གཉིས་བཤིག་པས་ཐོབ་པ་ཉིད་དོ། ༈། དབང་འབྱོར་ལྔ་ནི། གཟུགས་ཀྱི་ཕུང་པོ་གནས་གྱུར་པས་ཞིང་དང་སོགས། འོག་ནས་འབྲས་བུའི་སྐབས་སུ་འཆོད། ༈གནས་པ་ལ་ཡང་གསུམ།། །ཆོས་སྐུ་ནི། མཐུ་དང་། བྱ་བ་གྲུབ་དང་། ཆོས་ཀྱི་རོ་དང་། དོན་དང་། ཡོན་ཏན་དང་། འབྱོར་བ་དཔག་ཏུ་མེད་པ་དང་། རྟག་ཏུ་མི་ཟད་པ་དང་། གཟིགས་པ་བརྙེས་པས་བདེ་བ་ཆེན་པོ་གནས་པ་དང་། ལོངས་སྤྱོད་རྫོགས་པའི་གནས་པ་ནི། བྱང་ཆུབ་སེམས་དཔའ་རྣམས་སྨིན་པར་མཛད་པའོ། །སྤྲུལ་པའི་སྐུ་སྣ་ཚོགས་ཀྱི་
(༥༧༢)གནས་པ་ནི་ཕལ་ཆེར་ཉན་ཐོས་རྣམས་སྨིན་པར་མཛད་པའོ། ༈། གང་གིས་བསྡུས་པ་ནི་དྲུག་སྟེ། སངས་རྒྱས་ཀྱི་ཆོས་རྣམ་དག་ཀུན་གཞི་དག་པ་ཆོས་སྐུས་བསྡུས་པ་དང་། དབང་པོ་གཟུགས་ཅན་གྱུར་པའི་རྣམ་སྨིན་གྱི་ཡེ་ཤེས་དང་། འདོད་པ་གནས་གྱུར་པའི་ཡེ་ཤེས་ཚད་མེད་པ་དང་། འཇིག་རྟེན་པའི་ལས་སྣ་ཚོགས་པ་གྱུར་ནས་ཐམས་ཅད་དུ་ཐོག་པ་མེད་པའི་ཡེ་ཤེས་དང་། ཐ་སྙད་ཀྱིས་བསྟན་པ་ཐམས་ཅད་ཀྱིས་འགྲོ་བ་ཚིམ་པ་དང་། སེལ་བ་ནི་འགྲོ་བའི་ཉེས་པ་ཐམས་ཅད་སེལ་བ་དང་། དྲུག་གིས་ཆོས་ཀྱི་སྐུ་བསྡུས་སོ། ༈། དབྱེ་བ་ནི། རྟེན་དང་། དགོངས་པ་དང་། ཕྲིན་ལས་ཀྱིས་ནི་སངས་རྒྱས་ཐམས་ཅད་མཉམ་ཞིང་། །སེམས་ཅན་དཔག་ཏུ་མེད་པ་དེར་བྱང་ཆུབ་པས་ནི་ཐ་དད་པའོ། །ལོངས་སྐུ་ཡང་། དགོངས་པ་དང་། ཕྲིན་ལས་ཐ་དད་མེད་ཅིང་། གནས་ཐ་དད་པ་ནི་མ་ཡིན་ནོ། །སྤྲུལ་པ་ཡང་དེ་ཉིད་དང་མཚུངས་སོ། ༈། ཡོན་ཏན་ནི། ཆོས་སྐུའི་ཡོན་ཏན་སོ་གཉིས། གཟུགས་སྐུའི་སོ་གཉིས་ཏེ། དྲུག་ཅུ་རྩ་བཞིར་ཡང་འདུ་ལ། ཡང་དག་བཞི་དང་། ཚད་མེད་པ་བཞི་དང་། རྣམ་ཐར་བརྒྱད་དང་། ཟིལ་གནོན་བརྒྱད་དང་། ཟད་པར་བཅུ་དང་། ཉོན་མོངས་མེད་པ་དང་། སྨོན་གནས་མཁྱེན་པ་དང་། སོ་སོ་ཡང་དག་པར་རིག་པ་བཞི་དང་། མངོན་ཤེས་དྲུག་དང་
(༥༧༣)མཚན་སུམ་ཅུ་སོ་གཉིས། དཔེ་བྱེད་བརྒྱད་ཅུ་དང་། སྟོབས་བཅུ་དང་། མི་འཇིགས་བཞི་དང་། བསྲུང་བ་མེད་པ་གསུམ་དང་། དྲན་པ་ཉེ་བར་བཞག་པ་གསུམ་དང་། བག་ཆགས་བཅོམ་པ་དང་། མི་བསྙེལ་བའི་ཆོས་ཉིད་དང་། ཐུགས་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པ་དང་ལྡན་པ་རྣམས་ཏེ། རྒྱ་ཆེན་པོར་ནི་བྱེ་བ་དྲུག་ཅུ་རྩ་བཞིར་ཡང་གསུངས་སོ། ༈། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཟབ་པའི་རང་བཞིན་བསམ་གྱིས་མི་ཁྱབ་ཀྱང་། བསྡུས་ན་བཅུ་གཉིས་ཏེ། ༈། དང་པོ་མྱ་ངན་ལས་འདས་པ་དང་ཕྲིན་ལས་དང་། གནས་པ་ཟབ་པ་ནི། སྐྱེ་མེད་སངས་རྒྱས་སྐྱེ་བ་སྟེ། མི་གནས་པ་ལ་རབ་ཏུ་ཞུགས། ལྷུན་གྲུབ་པར་ཐམས་ཅད་མཛད། ཟབ་བཞི་པོ་ནི་གསོལ་བ་ལགས། །ཞེས་སོ། ༈། གཉིས་པ་ཚུལ་ལུགས་དང་། གྲངས་དང་ཕྲིན་ལས་ཟབ་པ་ནི། །ཐ་དད་མེད་ཅིང་དཔག་ཏུ་མེད། །ཕྲིན་ལས་དཔག་ཏུ་མེད་ཅིང་གཅིག། མི་བརྟན་པ་ཡི་ཕྲིན་ལས་ཅན། །སངས་རྒྱས་རྣམས་ནི་སྐུ་གསུམ་ལྡན། །ཞེས་སོ། ༈། གསུམ་པ་མངོན་པར་རྫོགས་པ་བྱང་ཆུབ་པས་ཟབ་པ་ནི། གང་ཡང་མངོན་རྫོགས་སངས་རྒྱས་མེད། །ཐམས་ཅད་སངས་རྒྱས་མ་ཡིན་མིན། སྐད་ཅིག་རེ་ལ་དཔག་ཏུ་མེད། །
(༥༧༤)དངོས་པོ་དངོས་མེད་རབ་ཏུ་ཕྱེ། །ཞེས་སོ། ༈། བཞི་པ་འདོད་ཆགས་དང་བྲལ་བས་ཟབ་པ་ནི། ཆགས་པ་མ་ཡིན་མི་ཆགས་མིན། །འདོད་ཆགས་ཉིད་ཀྱིས་འབྱུང་བ་ཡིན། །འདོད་ཆགས་འདོད་ཆགས་མིན་མཁྱེན་ནས། །འདོད་ཆགས་ཆོས་ཉིད་ལ་ཡང་ཞུགས། །ཞེས་སོ། ༈། ལྔ་པ་ཕུང་པོ་ལྔ་སྤངས་པས་ཟབ་པ་ནི། སངས་རྒྱས་ཕུང་པོ་རྣམ་ལས་འདས། །ཕུང་པོ་རྣམས་ལའང་མངོན་པར་ཞུགས། །དེ་ལས་གཞན་མིན་གཞན་མིན་མིན། །དེར་མ་བཏང་བས་ལེགས་པར་འདས། །ཞེས་སོ། ༈། དྲུག་པ་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་ཟབ་པ་ནི། ཀུན་ཀྱང་འདྲེས་པའི་ཕྲིན་ལས་ཅན། །རྒྱ་མཚོར་ཆུ་འདྲ་རྒྱལ་བ་རྣམས། །བྱས་སོ་བྱེད་དོ་བྱའོ་ཞེས། །གཞན་གྱི་དོན་ལ་དགོངས་པ་མེད། །ཞེས་སོ། ༈། བདུན་པ་མཐོང་བ་ཟབ་པ་ཉིད་ནི། སེམས་ཅན་ཉེས་པས་མི་སྣང་སྟེ། །སྣོད་ཆགས།། །ཡི་ཟླ་བ་བཞིན། །འཇིག་རྟེན་ཀུན་ལ་ཉི་མ་བཞིན། །དེ་དག་ཆོས་འོད་ཁྱབ་པར་མཛད། །ཞེས་སོ། ༈། བརྒྱད་པ་མྱ་ངན་ལས་འདས་པ་ཀུན་ཏུ་བསྟན་པ་ཟབ་པ་ཉིད་ནི། ལ་ལར་རྫོགས་པའི་བྱང་ཆུབ་སྟོན། ལ་ལར་མེ་བཞིན་མྱ་ངན་འདས། །ནམ་ཡང་མེད་པ་མ་ཡིན་ཏེ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །ཞེས་སོ། ༈། དགུ་པ་བཞུགས་པ་ཟབ་པ་ནི། །
(༥༧༥)སངས་རྒྱས་འཕགས་མིན་ཆོས་རྣམས་ཏེ། །མི་དང་ངན་སོང་བ་རྣམས་དང་། །ཚངས་སྤྱོད་མ་ཡིན་ཆོས་རྣམས་ལ། །བདག་ཉིད་དང་ནི་བཞུགས་པ་མཆོག། ཞེས་སོ། ༈། བཅུ་པ་ཀུན་ཏུ་སྟོན་པས་ཟབ་པ་ནི། དེ་དག་ཀུན་ཏུ་རྣམ་པར་དཔྱོད། །གང་དུའང་རྣམ་པར་དཔྱོད་མི་མངའ། །གནས་རྣམས་ཀུན་ནས་མཐོང་མོད་ཀྱི། །དབང་པོ་དྲུག་གི་སྤྱོད་ཡུལ་མིན། །ཞེས་སོ། ༈། བཅུ་གཅིག་པ་ཉོན་མོངས་པ་སྤངས་པ་ཟབ་པ་ནི། ཉོན་མོངས་ཐུལ་ལ་སྤངས་པ་མེད། སྔགས་ཀྱིས་བསད་པའི་དུག་དང་འདྲ། །སངས་རྒྱས་རྣམས་ནི་ཉོན་མོངས་ལས། །ཉོན་མོངས་ཟད་པ་ཀུན་མཁྱེན་བརྙེས། །ཞེས་སོ། ༈། བཅུ་གཉིས་པ་བསམ་གྱི་མི་ཁྱབ་པ་ཟབ་པ་ཉིད་ནི། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །འཁོར་བའང་ཞི་བའི་བདག་ཉིད་དེ། །དེ་ཕྱིར་དེ་བཞིན་གཤེགས་བསམ་ཡས། །ཞེས་གསུངས་པ་འདི་རྣམས་ཀྱིས་སངས་རྒྱས་ཀྱི་ཟབ་པ་བསམ་གྱིས་མི་ཁྱབ་པ་བསྟན་པ་ཁོང་དུ་ཆུད་པར་བྱའོ། །དེ་ལྟར་འབྲས་བུ་སངས་རྒྱས་ཉིད་ཀྱི་རྣམ་བཞག་འདི་རྒྱལ་བ་རང་བྱུང་ཞབས་ཀྱིས་གསུངས་སོ། ༈། འདི་ལྟ་བུའི་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པར་བྱའོ། །དེ་དག་ནི་བྱང་ཆུབ་སེམས་དཔའི་འབྲས་བུ་ས་དཔྱད་ཙམ་མོ། ༈། ཉན་རང་བྱང་སེམས་
(༥༧༦)གསུམ་གྱིས་དེ་དག་གིས། ཀུན་འབྱུང་ཉོན་མོངས་པ་སྦྱངས་ནས་ཐར་པར་འདྲེན་པས། ཀུན་འབྱུང་འདྲེན་པའི་ཐེག་པ་ཞེས་བྱའོ། ༈། ཞར་འཕྲོས་སུ། ༈དེ་ལྟར་ཕྱི་མཚན་ཉིད་ཐེག་པའི་སྐབས་སུའང་། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་འཁོར་ལོ་ཐ་མའི། ངེས་དོན་གྱི་མདོ་རྣམས་དང་། དེའི་དགོངས་འགྲེལ་རྒྱུད་བླ་མ་སོགས་བྱམས་ཆོས་སྡེ་ལྔ་སོགས་ནས་གསུངས་ཞིང་། ཁྱད་པར་རྒྱུད་བླ་མ་ནི་འབེ་ལོ་ཙཱ།། །ཚེ་དབང་ཀུན་ཁྱབ་ཀྱི་གྲུབ་མཐའི་རྣམ་དག་ལས། དྭགས་པོས་ངད་ཀྱི་གནས་ལུགས་ཕྱག་ཆེན་འདི། །རྒྱུད་བླ་མའི་དགོངས་པ་ཡིན་ཞེས་གསུངས་ཕྱིར་དང་། བྱམས་མགོན་རྒྱུད་བླ་འདིའི་དགོངས་པ་ནི། །ངེས་དོན་རྣམ་ཀྱི་ནང་ནས་མཐར་ཐུག་སྟེ། །སྔགས་དང་འཚམས་སྦྱོར་བྱེད་པའི་ལྟ་བ་ཡིན། །མི་བསྐྱོད་ཞབས་ཀྱིས་སྔགས་སུ་བཀྲལ་བའང་ཡོད། །དེ་ཕྱིར་འབྲི་གུང་པ་ཡིས་ངེད་ཀྱི་འདི། །མདོ་སྔགས་གསེང་ལམ་ཡིན་ཞེས་གསུངས་པར་གདའ། གནས་ལུགས་ཕྱག་རྒྱ་ཆེན་པོ་ཞེས་གྲགས་པ། །འཁོར་ལོ་ཐ་མའི་མདོར་བཞུགས་དགོངས་པའི་དོན། །དབང་པོའི་རིམ་པ་སྔགས་དང་བསྟུན་པ་འདི། །མཆོག་དམན་ཀུན་ལ་ཕན་པ་བླ་ན་མེད། །ཇོ་ནང་རྗེ་བཙུན་སྔགས་བརྗོད་དང་བཅས་པས། །འཁོར་ལོ་ཐ་མའི་བསྒོམ་རིམ་ཡིན་པར་
(༥༧༧)གསུངས། །ཤན་ཏི་པ་ཡི་ཤེར་ཕྱིན་མན་ངག་ལས། །འདི་ཉིད་ཤེས་ན་སྔགས་ཀྱང་ལག་པའི་མཐིལ། །ཞེས་གསུངས་པ་ཡང་འདི་ལ་དགོངས་པ་ཡིན། ཞེས་སོགས་གསུངས་པ་ལྟར། མཚན་དུའང་རྒྱུད་བླ་མ་ཞེས་གསུངས་པ། གཞི་བདེ་གཤེགས་སྙིང་པོ་སེམས་ཅན་ལ་ཡོད་པ་གཞི་རྒྱུད་གསལ་བར་གསུངས་ལམ་རྒྱུད་འབྲས་རྒྱུད་ཀྱང་རྡོ་རྗེའི་གནས་བདུན་གྱི་སྒོ་ནས་བསྟན་ཕྱིར་རྒྱུད་ཀྱི་ཡང་བླ་མ་ལྟ་བུར་བཞུགས་འདུག། འོན་ཀྱང་རྡོ་རྗེ་ལུས་ཀྱི་གནས་ལུགས་གསལ་བར་མ་གསུངས། ཕྱིར་ན་གསང་སྔགས་བླ་མེད་ཀྱི་རྒྱུད་དངོས་ནི་མ་ཡིན་ནོ། །དེའང་ས་བོན་ཙམ་ནི་གསུངས་ཏེ། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །ཅེས་པས། ད་ལྟར་སེམས་ཅན་སྐབས་མ་དག་པའི་གཟུགས་སྐུ་དང་། སྦྱངས་པས་དག་པའི་གཟུགས་སྐུ་གཉིས་འཕྲོ་བའི་ཕྱིར་ཞེས་ལུས་ཀྱི་གནས་ལུགས་སྟོན་པར། རང་བྱུང་རྡོ་རྗེས་དམ་ཚིག་རྒྱ་མཚོའི་རང་འགྲེལ་དུ་གསུངས་སོ། ༈། དེའི་ཕྱིར་འཁོར་ལོ་བར་ས།། །དང་ཀླུ་སྒྲུབ་ཀྱི་དབུ་མ་རིག་ཚོགས་རྣམས་ཀྱིས་བདེ་གཤེགས་སྙིང་པོ་དེ་འཕྲལ། གློ་བུར་གྱི་དྲི་མས་སྟོང་ཚུལ་གཏན་ལ་དབབ་པ་དང་། འཁོར་ལོ་ཐ་མའི་མདོ་དང་། རྒྱུད་བླ་མ་དང་། ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པ་སོགས་བསྟོད་ཚོགས་ཀྱིས་
(༥༧༨)ནི་བདེ་བར་གཤེགས་པའི་སྙིང་པོ་དེ་རིགས་རང་བཞིན་གྱིས་དག་པར་བཞུགས་ཚུལ་གཏན་ཚིག་དབབ་པས་བཤད་ཚུལ་མི་མཐུན་པ་འདྲ་བ་ལས། དོན་དུ་མཐའ་བྲལ་དབུ་མའི་དགོངས་པ་དབྱེར་མེད་ཉིད་ལས་འཁོར་ལོ་བར་མཐའ་གཉིས་ཀྱི་ལྟ་བ་མི་མཐུན་པ་མིན་ལ། སྔགས་ཀྱི་སྐབས་སུའང་། སེམས་བདེ་བར་གཤེགས་པའི་སྙིང་པོ་ལ་མཚན་དུ་བདེ་བ་ཆེན་པོ་སོགས་གསུངས་པས་མིང་མི་འདྲ་བ་དང་། བཤད་ཚུལ་མདོ་སྔགས་ལ་ཁྱད་པར་ཡོད་མོད། །དོན་དམ་གནས་ལུགས་ཀྱི་ལྟ་བ་རྟོགས་ན་དབྱེ་བ་མེད་ཕྱིར། རྡོ་རྗེ་སྙིང་འགྲེལ་ལས་ཀྱང་། ཉན་ཐོས་རང་སངས་རྒྱས་དང་འདིར། སངས་རྒྱས་པ་ལ་བཞི་པ་དང་། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཅེས་ཐེག་པ་བཞི་དང་། །གྲུབ་མཐའ་སྔ་མེད་པར། གསུངས་པའང་དབུ་མའི་ལྟ་བ་ལ་འཁོར་ལོ་བར་ཐ་རྒྱུད་སྡེ་བཅས་ཁྱད་པར་མེད་པའི་དོན་ཡིན་ཀྱང་། འཁོར་ལོ་ཐ་མའི་དགོངས་པ་བྱམས་ཆོས་རྒྱུད་བླ་མ་རྣམས། ལ་ལས་དྲང་དོན་དུ་འདོད། ལ་ལས་སེམས་ཙམ་དུ་འདོད། ལ་ལས་གཞི་རྒྱུད་བདེ་གཤེགས་སྙིང་པོ་མེད་པར་འདོད། ལམ་དང་འབྲས་བུ་བཞི་ལམ་འབྲས་བུ་གཞི་ལ་མི་འདོད་པ་གསར་བྱུང་དུ་འདོད། འཁོར་བའི་གཞི་ཀུན་གཞིའི་རྣམ་ཤེས་མི་འདོད་ཟེར་བ་དང་། ལ་ལས་
(༥༧༩)སངས་རྒྱས་ལ་ཡེ་ཤེས་མེད་ཟེར་བ། ལ་ལས་སངས་རྒྱས་ལ་རྣམ་རྟོག་མངའ་ཟེར་བ་དང་། ཁ་གཅིག་གིས་སངས་རྒྱས་ཀྱི་ཡེ་ཤེས་རྒྱུན་ཆད་ཟེར་བ་དང་། ལ་ལས་སངས་རྒྱས་ལ་ཡེ་ཤེས་ཡོད་མ་མྱོང་ཟེར་བ་དང་། ལ་ལས་ཇི་ལྟ་མཁྱེན་པ་ཡོད་ཇི་སྙེད་མཁྱེན་པ་མེད་ཟེར་བ་དང་། ལ་ལས་སངས་རྒྱས་ཀྱི་གཟུགས་སྐུ་རང་སྣང་ལ་མེད་ཟེར་བ་སོགས་མི་འདྲ་བ་དུ་མ་དང་། ལ་ལས་སྟོང་ཉིད་གཙོ་ཆེ་ཟེར་བ་དང་། ལ་ལས་སྡོམ་པ་གཙོ་ཀུན་རྫོབ་མེད་ཕྱིར། མཆན། ཆེ་ཟེར། བསྒོམ་པ་ལ་ཚོགས་གཉིས་མི་དགོས་ཟེར་བ་དང་། ལ་ལས་ཚོགས་བསགས་ཁོ་ན་དགོས་ཟེར་བ་སོགས་གྲུ་མཐའི་འདོད་པ་མི་འདྲ་བ་དཔག་ཏུ་མེད་པ་དག་ལ་ཕན་ཚུན་རྩོད་པ་ལ་ཟད་པ་མེད་ཀྱང་། དགོངས་འདུས་ལས། བདག་འདྲ་པདྨས་འདི་སྐད་སྨྲས༔སངས་རྒྱས་རྣམས་ཀྱི་གསུངས་པ་ཡི༔མདོ་རྒྱུད་དུ་མའི་དགོངས་པ་དང་༔འཕགས་པ་དགེ་བའི་བཤེས་གཉེན་གྱི༔མཛད་པའི་བསྟན་བཅོས་ཐམས་ཅད་ཀྱི༔དགོངས་པ་གྲུབ་མཐའ་མདོར་བསྡུས་པས༔མེ་བར་གཤེགས་པའི་སྙིང་པོ་ནི༔སེམས་ཅན་རྣམས་ཀྱི་རྒྱུད་ལ་བཞུགས༔སངས་རྒྱས་བསྒྲུབ་པར་བྱེད་པའི་རྟེན༔ཁྱད་པར་ལོངས་སྤྱོད་བཅོ་བརྒྱད་ལྡན༔། ལྷ་མའི་མཆོག་ལ་གནས་པ་སྟེ༔དེ་དག་རྟོགས་པར་བྱེད་པའི་ཐབས༔སོ་སོ་ཐར་པའི་སྡོམ་པ་ལ༔གཞི་བཅས་ལམ་གྱི་ཆོས་རྣམས་ནི༔
(༥༨༠)དབང་པོ་རབ་འབྲིང་གང་ཡིན་ཀྱང་༔བྱང་ཆུབ་སེམས་དཔའ་ཀྱི་ཁ་དོག་ཕུབ་ནས༔སྟོང་ཉིད་སྙིང་རྗེའི་སྲང་ལ་བཅུར༔དྲང་པོར་དབུ་མའི་ལམ་ལ་ཞུགས༔ཟུང་འཇུག་སྤྱོད་པས་གཏན་ལ་ཕབ༔དགོངས་པ་མཐའ་བྲལ་དོན་ལ་བལྟའ༔། བསྒོམ་པ་མ་ཡེངས་རྒྱང་པོ་བཙུགས༔དེ་འདྲེའི་འབྲས་བུ་བླ་མེད་དོན༔དབང་པོ་རབ་དང་བརྩོན་འགྲུས་རབ༔ཚེ་གཅིག་བྱང་ཆུབ་འགྲུབ་པར་འགྱུར༔དེ་བཞིན་འབྲིང་དུ་གྱུར་པ་ཡིས༔བར་དོ་དང་པོར་གྲོལ་ཞེས་བཤད༔ཐ་མས་ཀྱང་ནི་ཚེ་འཕོས་ནས༔ལས་ཀྱི་འཕྲོ་མཐུད་མངོན་སངས་རྒྱས༔། ཉམས་ལེན་གཙོ་བོ་ཟུང་འཇུག་ཉིད༔མཐར་ཐུག་བླ་མེད་གཅིག་ཐོག་ཕེབ༔དཔེར་ན་ཆུ་ཚོགས་མཐའ་ཡས་ཀྱང་༔། །རྒྱ་མཚོའི་ཀློང་དུ་གཅིག་པ་བཞིན༔། ཆོས་སྒོ་གྲུབ་མཐའ་དཔག་མེད་ཀྱང་༔ཆོས་ཀྱི་དབྱིངས་ལ་འདའ་བ་མེད༔ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི༔ངོ་བོ་རང་བཞིན་ཐུགས་རྗེའི་ཀློངས༔སྐུ་གསུམ་བདག་ཉིད་ཆེན་པོ་སྟེ༔ངོ་བོ་སྟོང་ལ་རང་བཞིན་གསལ༔ཐུགས་རྗེ་འགག་པ་མེད་པ་ཉིད༔ཀུན་བཟང་།། །ཀ་དག་ཞེས་ཀྱང་བྱ༔མདོར་ན་ཐེག་པ་རིམ་དགུ་དང་༔རྒྱུད་སྡེ་བཞི་སོགས་བྱང་ཆུབ་ཆོས༔ཡོངས་ཀྱི་མདོ་འགག་དེ་ལ་འདུས༔གླེག་བམ་འབུམ་ཕྲག་ཞལ་ཕྱེས་ཀྱང་༔འགག་དོན་དེ་ལས་མ་མཆིས་རྣམས༔ཞེས་
(༥༨༡)སོགས་གསུངས་ལྟར་ཤེས་པར་བྱའོ། ༈། དེ་ལྟར་གདུལ་བྱ་དབང་པོ་ཐ་མའི་བློ་རབ་འབྲིང་ཐ་གསུམ་ལ་དགོངས་ཏེ་སྤྲུལ་སྐུའི་བསྟན་པ་ཐུན་མོང་གི་ཐེག་པ་གསུམ་གྱི་རྣམ་བཞག་བསྟན་ཟིན་ཏོ། ད་ནི། །ཐུན་མོང་མ་ཡིན་པ་སྔགས་ཀྱི་ཐེག་པ་བསྟན་པ་ལ། སྤྱིར་སྟོན་པ་སྐུ་གསུམ་གྱིས་རྒྱུད་རྣམས་གསུངས་ཚུལ་བྱེ་བྲག་ཏུ་སྟོན་པ་ཤཱཀྱ་ཐུབ་པ་ཉིད་སངས་རྒྱས་ཚུལ། དེས་རྒྱུད་སྡེ་གོང་འོག་རྣམས་གསུངས་ཚུལ། དེ་དག་བཀའ་ཡི་བསྡུ་བ་བྱས་ཚུལ། རྒྱལ་པོ་ཛ་སོགས་ལུང་བསྟན་ནས་རྒྱུད་རྣམས་མི་ཡུལ་བྱོན་པ། ར་ལུང་བསྟན་པ་བཞིན་གསང་སྔགས་མི་ཡུལ་དུ་བྱོན་ཚུལ། གྲུབ་ཆེན་རྣམས་ཀྱིས་སྤྱན་དྲངས་ཚུལ་དང་བཀའ་བབ་ཚུལ། དེ་དག་བོད་དུ་བསྟན་པ་སྔ་དར་དང་ཕྱིས་དར་འགྱུར་ཚུལ། དེ་དག་ལ་རྒྱུད་སྡེའི་གྲངས་དང་། གསར་རྙིང་གི་དབྱེ་བ་སོགས་རྒྱས་པར་ནི་རྒྱུད་སྡེའི་རྣམ་བཞག་ལས་ཤེས་པར་བྱ་བ་ལས་འདིར་སྨོས་ཀྱི་མི་ལངས་ཕྱིར་མ་བྲིས་སོ། ༈། འདིར། མཚན་ཉིད་རྒྱུའི་ཐེག་པ་དང་། འབྲས་བུ་སྔགས་ཀྱི་ཐེག་པ་ཞེས་གསུངས་པའི་རྒྱུ་འབྲས་གཉིས་ཀྱི་སྒྲ་དོན་ནི། ཧེ་རུ་ཀ་གལ་པོ་ལས། མཚན་ཉིད་རྒྱུ་ཡི་ཐེག་པ་ཡིས། །སེམས་ཉིད་སངས་རྒྱས་རུ་ཤེས། །
(༥༨༢)འབྲས་བུ་སྔགས་ཀྱི་ཐེག་པ་ཡིས། །སེམས་ཉིད་སངས་རྒྱས་ཉིད་དུ་བསྒོམ། །རྒྱུ་དང་འབྲས་བུ་གང་ཡིན་པའི། །ཁྱོགས་ཀྱང་རབ་ཏུ་ཤེས་པར་བྱ། །ཞེས་གསུངས། བང་མཛོད་འཕྲུལ་གྱི་སྡེ་མིག་ལས། འབྲས་བུ་རྡོ་རྗེ་ཐེག་པ་ནི། ཕྱག་རྒྱའི་དཀྱིལ་འཁོར་ལམ་བྱས་ནས། །འབྲས་བུ་དེ་ཉིད་ལམ་དུ་ཁྱེར། །རང་གི་ལུས་ངག་ཡིད་གསུམ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྦྱོར། དེ་རིགས་རྡོ་རྗེ་ཐེག་པ་བཏགས། །ཞེས་དང་། སེམས་ཉིད་སངས་རྒྱས་ཡིན་པའང་། །གལ་པོ་ལས། དུས་བཞི་ཕྱོགས་བཅུ་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་མཉེས་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་ཚོལ་ཞིག། ཅེས་དང་། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །ཞེས་དང་། རྒྱས་པ་ལས། རྒྱུ་འབྲས་ཡེ་ནས་སྔ་ཕྱི་མ་ཡིན་པས། འབྲས་བུ་ལམ་དུ་གྱུར་ནས་དུས་གཅིག་མཉམ་པར་སྦྱོར། །ཞེས་དང་། ལམ་རིམ་ལས། དེ་ལས་གཞན་པའི་ཐོབ་བྱ་མེད། །ཀུན་ཀྱང་སྨིན་ཟིན་བསྒྲོད་པ་མེད། །དེ་ཉིད་ལམ་གྱི་ངོ་བོ་ཏེ། །ཞེས་གསུངས། སྨིན་ཟིན་ན། ལམ་གྱི་དགོས་པ། ཅི་ཞེ་ན། བརྟགས་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་བློ་བུར་དྲི་མས་སྒྲིབ། །དེ་ཉིད་གསལ་ན་སངས་རྒྱས་སོ། །ཞེས་སོ། །དེའང་
(༥༨༣)དགོངས་འདུས་རྒྱབ་ཆོས་ལས། །སྔགས་དང་མཚན་ཉིད་ཀྱི་ཁྱད་པར་དབྱེ་སྟེ༔མཚན་ཉིད་ཀྱི་ཐེག་པ་ནི༔སྡེ་སྣོད་གསུམ་ཡང་སངས་རྒྱས་ཀྱིས་གསུངས་ལ་མཚན་ཉིད་ནི། སྒྱུ་མ་རྣམ་དག་རྗེས་དཔག་གི་ལམ་ལ་གོམ་པ་ལས་བྱུང་བ་ཡིན་ཏེ༔རྒྱུ་ལམ་དུ་བྱས་ན། བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ཤིང་༔ས་བཅུ་ལམ་ལྔ་ཕར་ཕྱིན་བཅུ་དང་༔བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་སོགས་མི་འདྲ་བའི་རྒྱུས༔མི་འདྲ་བའི་འབྲས་བུ། བདེ་བར་གཤེགས་པ་དག་རྗེས་དཔག་གི་ཐོབ་པར་འདོད་དེ༔ཐབས་ཤེས་ཟུང་འཇུག་ལམ་དུ་བྱེད་པ་ནི་མེད་དོ༔ །འོ་ན་མཚན་ཉིད་ལས་ཀྱང་༔ཐབས་དང་བྲལ་བའི་ཤེས་རབ་ཀྱང་འཆིང་བའོ༔ཤེས་རབ་དང་བྲལ་བའི་ཐབས་ཀྱང་འཆིང་བའོ༔ཞེས་དང་༔ཤེས་རབ་དང་བྲལ་བའི་ཕ་རོལ་ཕྱིན་ལྔ་ནི་ལོང་བ་དམིག་བུ་མེད་པ་དང་འདྲའོ༔ཞེས་དང་༔ལག་པ་འཁྲུ་བའི་དུས་གཅིག་ལ་གཅིག་བསྟེན་ཏེ་དག་པ་བཞིན་དུ། ཐབས་དང་ཤེས་རབ་ཀྱང་གཅིག་ལ་གཅིག་བརྟེན་པས་གཅིག་གྲོལ་བའོ། །ཞེས་དང་། ཕྱག་མཆོད་ལྭོགས་པ་ཐབས་ཀྱི་བྱེ་བྲག་གི་དབྱེ་བ་རྣམས། འཁོར་གསུམ་ཡོངས་སུ་དག་པའི་ཤེས་རབ་ཀྱིས་མ་ཟིན་ན་བྱང་ཆུབ་ཀྱི་རྒྱུར་མི་འགྲོའོ༔ཞེས་སོགས་མང་པོ་མ་གསུང་སམ། ཞེ་ན་།
(༥༨༤)དེ་ལྟར་འདོད་ཀྱང་ཐབས་ཤེས་ཟུང་འཇུག་དབྱེར་མེད་མངོན་གསུམ་དུ་སྤྱོད་པར་མི་ནུས་ཤིང་༔ཉམས་མྱོང་མེད་པར་རྗེས་དཔག་གིས་དཔྱད་ཅིང་། ཡིད་སྨོན་ཡུལ་དུ་བྱས་ཏེ། ཐབས་མཚན་བཅས་ཀྱི་དགེ་བ་སྤྱོད་པའི་རྗེས་ལ་ཤེས་རབ་འཁོར་གསུམ་ཡོངས་དག་མི་དམིགས་པ་དང་། ཤེས་རབ་སྟོང་ཉིད་བསྒོམ་པའི་རྗེས་ལ། ཐབས་ལུས་ངག་གི་དགེ་བ་སྩོལ་བ་ལ་ཞུགས་པ་ལས་མེད་དོ། ༈། སྔགས་རང་བཞིན་རྣམ་དག་མངོན་སུམ་བྱིན་རླབས་ཀྱི་ལམ་ཐབས་ཤེས་རབ་ཟུང་འཇུག་དབྱེར་མེད་ལམ་དུ་བྱས་ཤིང་། མངོན་སུམ་དུ་མྱོང་སྟེ་འབྲས་བུ་ལམ་དུ་བྱས་ནས་འདྲ་བའི་རྒྱུས༔འདྲ་བའི་འབྲས་བུ་མངོན་སུམ་དུ་སྤྱོད་པ་རྟེན་གྱི་གང་ཟག་གཅིག་གི་རྒྱུ་སེམས་ཅན་གྱི་དུས་ནས་འབྲས་བུ་སྐུ་གསུམ་གྱི་དོན་བསྒོམ་པས་རབ་ཚེ་འདི། འབྲིང་བར་དོ༔ཐ་མ་ཡང་སྐྱེ་བ་བདུན་ཚུན་ཆད་དུ་སངས་རྒྱས་པར་འགྱུར་བས་ཁྱད་པར་འཕགས་ཏེ༔། རྒྱ་མཚོའི་རྒྱུད་ལས༔ཤེས་བྱའི་དཀྱིལ་འཁོར་མ་ལུས་ཐམས་ཅད་ནི༔སྐུ་གསུམ་ཉིད་ལ་མ་འདས་གསང་སྔགས་ཐེག་པ་ཡིན༔སྐུ་གསུམ་ཉིད་ལ་འཇུག་པ་རྡོ་རྗེ་ཐེག་པ་ཡིན༔ཞེས་སོགས་ལུང་མང་དུ་གསུངས་ཀྱང་འདིར་མ་བྲིས་སོ། །སངས་རྒྱས་ཤཱཀྱ་ཐུབ་པ་ཡང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་དབང་མ་བསྐུར་བར་དུ་སངས་མ་རྒྱས་ཏེ༔རྡོ་རྗེ་རྩེ་མོ་ལས༔རྒྱལ་བའི་སྲས་པོ་ས་ཐོབ་ནས༔ཇི་སྲིད་ས་བརྒྱད་པ་ཡི་བར༔དེ་སྲིད་
(༥༨༥)ཐེག་པ་དམན་པས་འཇིགས༔གསང་བའི་དཀྱིལ་འཁོར་ཆེན་པོ་འདིར༔ཞུགས་པས་སྟོན་པ་ཡོངས་སུ་གྲོལ༔ཞེས་སོགས་རྒྱ་ཆེར་གསུངས་སོ༔༈གཞན་ཡང་སུ།། །སི་ཏི་ཀ་ར་ལེགས་པར་གྲུབ་པའི་རྒྱུད་ལས། དོན་གཅིག་ནའང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །ལམ་བདེ་འཇུག་པ་བདེ་བའི་ཕྱིར། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །གསུངས་པས། རྒྱུ་འབྲས་ཀྱི་ཐེག་པ་གཉིས་ཀ་སེམས་ཅན་གྱི་དོན་ལ་དམིགས་ནས་སངས་རྒྱས་ཐོབ་པར་འདོད་པ་དོན་གཅིག་ནའང་། རྒྱུའི་ཐེག་པས་ཉོན་མོངས་སྤང་བྱའམ་སྦྱངས་བྱེད་པའམ། ལུས་ལ་སངས་རྒྱས་ཡོད་པ་མི་ཤེས་པ་ལྟ་བུ་རྨོངས་ལ། སྔགས་སུ། ཉོན་མོངས་ཡེ་ཤེས་སུ་ཤེས་སོགས་སམ་ལུས་ངག་ཡིད་གསུམ་ལམ་རྩ་རླུང་ཐིག་གསུམ་སྐུ་གསུམ་ཡེ་ནས་ཡིན་པར་ཤེས་པའམ། ཕུང་ལྔ་རིགས་ལྔར་ཤེས་པ་སོགས་མ་རྨོངས་ཞིང་། རྒྱུའི་ཐེག་པ་ནས་མ་གསུངས་པའི་ཐབས་བསྐྱེད་རིམ་གྱི་སྐོར། དང་། རྫོགས་རིམ་རྩ་རླུང་བསྒོམ་པ་སོགས་ཐབས་ཤིན་ཏུ་མང་བ་དང་། རྒྱུའི་ཐེག་པ་ནས་མགོ་སོགས་སྦྱིན་པ་བཏང་བ་སོགས་བསྐལ་པ་གྲངས་མེད་དུ་དགའ་བ་སྤྱད་དགོས་པ་ལ། འབྲས་བུའི་ཐེག་པས་འདོད་ཡོན་ལྔ་ཅི་བདེར་སྤྱོད་ནས་ཚེ་
(༥༨༦)འདིར་རྡོ་རྗེ་འཆང་མངོན་དུ་བྱེད་ཕྱིར། ལམ་དང་འཛུག་པ་བདེ་བའི་ཕྱིར་སྔགས་ཁྱད་པར་དུ་མས་འཕགས་པའོ། ༈། དགོངས་འདུས་ལས། འབྲས་བུ་ལམ་བྱེད་སྔགས་ཀྱི་ཐེག་པའང་། ཕྱི་རྒྱུད་གསུམ་དང་། ནང་རྒྱུད་བླ་མེད་ཀྱི་རྒྱུད་ཀྱི་ཁྱད་པར་ལྔ་སྟེ༔སྨིན་ལམ་གྱི་དབང་། གྲོལ་ལམ་གྱི་བསྐྱེད་རྫོགས། ལྷའི་རྒྱན། མཆོད་པ། སྣོད་ཀྱི་ཁྱད་པར་རོ༔། །དང་པོ་ནི། བྱ་རྒྱུད་ལ་སུམ་དབང་ལས་མེད༔སྤྱོད་རྒྱུད་ལ་བུམ། འདིར་རྒྱུད་སྡེ་འོག་མ་གསུམ་ལ་བུམ་དབང་དང་གསང་།། །བ་ཡོད་ཀྱང་བླ་མེད་ཀྱི་བུམ་དབང་ལྟར་ནི་མེད་དོ། །མཆན། དབང་དང་གསང་དབང་གཉིས། རྣལ་འབྱོར་རྒྱུད་དུ་གསུམ་པ་མན་ཆད༔བླ་མེད་རྒྱུད་དུ་དབང་བཞི་རྫོགས་པར་བསྐུར་བའོ༔གཉིས་པ་བསྐྱེད་རྫོགས་ཀྱི་ཁྱད་པར་ནི༔། ལྷ་ཕོ་རྐྱང་མོ་རྐྱང་དང་༔རྫོགས་རིམས་ཡིག་འབྲུ་ཐིག་ལེ་ལས་མེད༔ནང་པ་ལ་ཡབ་ཡུམ་ཟུང་འཇུག་དང་༔རྫོགས་རིམ་ལས་ཕྱག་རྒྱ་བསྒོམ་པ་སྟེ༔ལུང་ལས༔ཁ་སྦྱོར་ལྷའི་རྣལ་འབྱོར་བསྒོམ༔། ཅེས་སོགས་མང་དུ་གསུངས་སོ༔༈གསུམ་པ། ལྷའི་རྒྱན་གྱི་ཁྱད་པར་ནི༔ཕྱི་བའི་ལྷ་ལ་རིན་པོ་ཆེའི་རྩེ་བྲན་མེད་ལ༔ནང་པ་ལ་རིན་པོ་ཆེའི་རྩེ་བྲན་ཡོད༔༈བཞི་པ་མཆོད་པའི་ཁྱད་པར་ནི༔ཕྱི་པ་ལ་དཀར་གསུམ་མངར་གསུམ་གྱིས་མཆོད་ཅིང་༔ཤ་ལྔ་བདུད་རྩི་ལྔ་སྤངས་སྟེ༔མདོ་
(༥༨༧)ལུང་ལས༔ཅི་སྟེ་ཡེ་ཤེས་སེམས་པའི་ཞལ༔མི་གཙང་རྫས་ཀྱིས་བཀངས་པ་ཡིས༔གལ་ཏེ་སྡིག་པར་མི་འགྱུར་རམ༔ཞེས་སོ། །ནང་པ་ལ་ཤ་ལྔ་བདུད་རྩི་ལྔ་མཆོད་དེ༔ལྔ་པ་སྣོད་ཀྱི་ཁྱད་པར་ནི༔སྔགས་ཕྱི་པ་རིན་པོ་ཆེའི་སྣོད་དང་༔ནང་པ་ཐོད་པའོ། །གཞན་ཡང་བསྒྲུབ་བྱའི་ཡི་དམ་གྱི་ལྷ་རྣམས་ཕྱི་རོལ་དུ་འདོད་པ་སྔགས་ཕྱི་པ་ལྷ་རྣམས་རང་གི་སེམས་ཉིད་ཀྱི་ངོ་བོར་རྟོགས་པ་ནང་པ། ཡེ་ཤེས་ཀྱི་ལྷ་གཞན་དུ་འདོད་པ་ལ་རེ་ཞིང་དངོས་གྲུབ་ཞུ་བ་ཕྱི་པ། རང་ཉིད་ཡི་དམ་གྱི་ལྷའི་ངོ་བོར་ཡེ་ནས་རྟོགས་པས་དངོས་གྲུབ་རང་ལ་མཐོང་བ་ནང་པ། བུམ་དབང་ཙམ་ལས་བསྐུར་མི་ནུས་པ་ཕྱི་པ། མཆོག་དབང་གོང་མ་གསུམ་བསྐུར་ནུས་ཤིང་དེ་གསུམ་གཙོ་བོར་འཛིན་ལ་ནང་པ། འཁོར་བའི་ཆོས་ཉི་ཤུ་ལ་ཐབས་ཀྱིས་ཟིན་ནས་སྤྱོད་མི་ནུས་པ་ཕྱི་པ་དང་། ནུས་པ་ནང་པ། འབྲས་བུ་ཚེ་གཅིག་ལ་སྦྱོར་མི་ནུས་ཕྱི་པ། ཚེ་གཅིག་ལ་འབྲས་བུ་ཐོབ་པ་ནང་པའོ། །གཞན་ཁྱད་པར་ཕྲ་ཞིབ་མང་ངོ། ༈། སྔགས་ཕྱི་ནང་ཐམས་ཅད་ལ་ཁ་བསྐང་གི་ཆོ་ག །ཐུན་མོང་དུ་བྱས་པ་ཡིན་ནོ། །བར་ཆད་བསལ་ཕྱིར་གཏོར་མའི་ཆོ་ག །ལྷ་དགྱེས་ཤིང་ལས་འགྲུབ་པ་སྦྱིན་བསྲེགས་གི་ཆོ་ག༔དངོས་གྲུབ་འབྱུང་བ་གནས་ཀྱི་ཆོ་ག་ཚོགས་
(༥༨༨)བསགས་ཕྱིར་སཱཙྪའི་ཆོ་ག། དྲི་མ་སྦྱངས་ཕྱིར་བུམ་པའི་ཆོ་གའོ༔༈ཁྱད་པར་དུ་བྱས་པ་ལ། སྨིན་པར་བྱེད་པ་དབང་གི་ཆོ་ག། དེའི་ཡན་ལག་ཏུ་སྨིན་པ་མི་ཉམས་པར་བྱེད་པ་དམ་ཚིག་བསྲུང་བའི་ཆོ་ག༔མཚན་ཉིད་ཤེས་པར་བྱེད་པ་བསླབ་པའི་ཆོ་ག༔འབྲས་བུ་འགྲུབ་བར་བྱེད་པ་སེམས་སྦྱོང་བའི་ཆོ་ག༔དེ་རྣམས་མཐར་ཕྱིན་པར་བྱེད་པ་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་རྣམ་པར་དག་པའོ། ༈། རྒྱུད་ཀྱི་ངོ་བོ་དང་། ངེས་ཚིག། དབྱེ་བ། རྒྱུད་སྡེ་བཞིར་གྲངས་ངེས་རྒྱུ་མཚན་ནི། དགོངས་འདུས་ལས། རྒྱུད་ཀྱི་ངོ་བོ་ནི༔སེམས་ཉིད་ལྷན་གཅིག་སྐྱེས་པ། སྐྱེ་འགག་ནས་གསུམ་དང་བྲལ་བ། ཐབས་ཤེས་རབ་དབྱེར་མེད་པ་ཡིན་ཏེ༔དུར་ཁྲོད་།། །རྒྱན་གྱིས་རྒྱུད་ལས༔ལྷན་གཅིག་སྐྱེས་པའི་རང་བཞིན་ལ༔རྒྱུད་རྣམས་ཀུན་གྱི་ངོ་བོར་འདུས༔ཅེས་སོ༔། ༈ངེས་ཚིག་ནི། འཁོར་འདས་ལམ་གསུམ་གྱི་ངོ་བོར་འབྲེལ་ཞིང་། རྒྱུན་ཆགས་པས་ན་རྒྱུད་ཅེས་བྱ་སྟེ༔གསང་བ་འདུས་པའི་རྒྱུད་ཕྱི་མ་ལས༔རྒྱུད་ནི་རྒྱུན་ཆགས་ཅེས་བྱ་སྟེ༔ཕུན་ཚོགས་པ་ལྔ་འཆད་ཕྱིར༔འབྲེལ་དང་མ་ཚད་མེད་པ་དང་༔བཀྲུས་པའི་ཕྱིར་དང་རག་ལས་ཕྱིར༔གསང་སྔགས་བསླབ་པ་སྟོན་ཕྱིར་རོ༔༈། དབྱེ་བ་ནི། རྡོ་རྗེ་སྙིང་པོ་བཀོད་པའི་རྒྱུད་ལས༔
(༥༨༩)སེམས་ཅན་རྣམས་ནི་འདུལ་བའི་ཕྱིར༔བདེ་བར་གཤེགས་པའི་རྒྱུད་རྣམས་ནི༔རྣམ་པ་བཞི་རུ་ཡང་དག་བཤེད༔བྱ་སྤྱོད་རྣལ་འབྱོར་བླ་མེད་རྒྱུད༔ཅེས་སོ༔༈། གྲངས་ངེས་པའི་རྒྱུ་མཚན་ནི༔དུས་བཞི་དང་། མི་རིག་བཞི་དང་༔ཉོན་མོངས་ཕྲ་རབ་བཞི་དང་། དབང་པོའི་བྱེ་བྲག་བཞི་ལ་དགོངས་ནས་རྒྱུད་སྡེ་བཞིར་ངེས་སྟེ༔། དང་པོ་དུས་བཞི་ལ་དགོངས་པ་ནི༔རྫོགས་ལྡན་དང་པོར་བྱ་རྒྱུད། སུམ་ལྡན་ལ་སྤྱོད་རྒྱུད། ཉིས་ལྡན་ལ་རྣལ་འབྱོར་རྒྱུད། རྩོད་ལྡན་དུས་བླ་མེད་རྒྱུད་གསུངས་སོ༔༈མི་། རིགས་བཞིར་དགོངས་པ་ནི། བྲམ་ཟེ། རྒྱལ་རིགས་རྗེ་རིགས། དམངས་རིགས་འདུལ་ཕྱིར་རིམ་པར་བྱ་རྒྱུད་སོགས་གསུངས་སོ། །ཉོན་མོངས་ཕྲ་རག་ལ་དགོངས་པ་ནི། འདོད་ལྷ། གཞན་འཕྲུལ་དབང་བྱེད། འཕྲུལ་དགའ། དགའ་ལྡན་མཐའ་བྲལ་མན་ཆད། རིམ་པ། སམ་བྷུ་ཏྲི་ལས་བལྟ་དང་རྒོད་དང་ལག་བཅངས་དང་། གཉིས་གཉིས་འཁྱུད་དང་འཁྲིག་པ་ཡི༔སྲིན་བུའི་ཚུལ་གྱི་རྒྱུད་བཞིར་གནས། །ཅེས་གསུངས་སོ། །འདི་དོན་གྱི་རྒྱུད་སྡེ་བཞི་ལ་ལྷ་ཡབ་ཡུམ་ཀྱང་ཚུལ་འདི་ལྟར་བཞུགས་སོ། ༈།། །པོའི་བྱེ་བྲག་ལ་དགོངས་པ་ནི། དབང་པོ་དམན་པ་ལུས་ཀྱི་བྱ་བ་གཙོར་སྟོན་པ་ལ་བྱ་རྒྱུད། དེ་
(༥༩༠)བཞིན་དུ། ངག་གཙོར་སྟོན་པ་ལ་སྤྱོད་རྒྱུད། སེམས་སྤྱོད་པ་གཙོར་བོར་སྟོན་པ་ལ་རྣལ་འབྱོར་རྒྱུད། ཡང་། རབ་ལུས་ངག་ཡིད་གསུམ་སྤྱོད་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཙོར་སྟོན་ལ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྣམས་གསུངས་སོ། ༈། རྒྱུད་སྡེ་བཞི་དེ་དག་རེ་རེའི་གྲངས་ཚད་ངེས་པར་གསུངས་པར་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པའི་རྒྱུད་ལས། བྱ་བའི་རྒྱུད་ལ་སྟོང་ཕྲག་བཞི་ཉིད་དང་། སྤྱོད་པའི་རྒྱུད་ལ་སྟོང་ཕྲག་དྲུག་ཉིད་དང་། རྣལ་འབྱོར་རྒྱུད་ལ་རྒྱུད་སྡེ་སྟོང་ཕྲག་བརྒྱད་ཉིད་དང་། བླ་མེད་རྒྱུད་ལ་རྒྱུད་སྡེ་སྟོང་ཕྲག་བཅུ་གཉིས་ཁོ་ནའོ། ༈། ཡང་། བདེ་མཆོག་སྡོམ་འབྱུང་ལས། ཐེག་ཆེན་ལས་གཞན་མདོ་སྡེ་ལས༔དུང་ཕྱུར་ཕྲག་བརྒྱ་གསུངས་པ་ཡིན༔དེ་བཞིན་ཕ་རོལ་ཕྱིན་པའི་ཚུལ༔ས་ཡ་དང་ནི་དུང་ཕྱུར་ལྔ༔རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚང་༔བྱེ་བ་ཕྲག་ནི་དྲུག་ངེས་ཏེ༔དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས༔བྱེ་བ་ཕྲག་ནི་བཅུ་དྲུག་གྲགས༔འདི་དག་ཐམས་ཅད་ཐུབ་དབང་པོ༔སྐུ་གསུམ་བདག་ཉིད་ཅན་གྱིས་གསུངས། །ཞེས་སོ། ༈། གྲང་མ་ངེས་པ་ནི། འབུམ་པ་ལས། སྟོན་པ་རྣམས་ཀྱི་གསུངས་པའི་རྒྱུད། །བརྗོད་མཐའ་ཡས་ཤིང་གྲངས་མི་རྫོགས༔ཞེས་གསུངས་སོ། ༈། སྔགས་ལ་བཞི་ནི། སྔགས་ཀྱི་ངོ་བོ་ནི། སངས་རྒྱས་
(༥༩༡)ཀུན་གྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་སོ། ༈། ངེས་ཚིག་ནི། ཡིད་འཁོར་བའི་སྡུག་བསྔལ་ལས་སྐྱོབས་པར་བྱེད་པས་ན་སྔགས་ཏེ། མན་ཏྲ་ཞེས་པ། མན་ནི་ཡིད། ཏྲ་ནི་སྐྱོབས་པར་བྱེད་པའོ། ༈། དབྱེ་བ་ནི་གསུམ་སྟེ། ཡོངས་སུ་གྲུབ་པའི་རྒྱུད་ལས། སྔགས་རྣམས་ཀུན་གྱི་དབྱེ་བ་ནི༔རྣམ་པ་གསུམ་དུ་ཤེས་པར་བྱ༔རིགས་སྔགས་ཐབས་ཀྱི་ངོ་བོ་ཉིད༔གཟུངས་སྔགས་ཤེས་རབ་ངོ་བོ་སྟེ༔གསང་སྔགས་གཉིས་མེད་ཡེ་ཤེས་སོ། །ཅེས་སོ། ༈། དགོས་པ་ནི། སྔགས་ཀྱི་དོན་ཐམས་ཅད་རྒྱུད་གསུམ་དུ་འདུས་ཏེ། ཀུན་གཞི་རྒྱུའི་རྒྱུད༔ལམ་ཐབས་ཀྱི་རྒྱུད༔མཐར་ཐུག་འབྲས་བུའི་རྒྱུད་དོ༔དེ་ལ་གཞི་རྒྱུད་ནི་བདེ་གཤེགས་སྙིང་པོའོ། །ལམ་རྒྱུད་ནི་སྨིན་གྲོལ་གཉིས་སོ། །འབྲས་རྒྱུད་ནི། སྐུ་བཞི་ཡེ་ཤེས་ལྔའོ། ༈། ཡང་། རྡོ་རྗེ་ཐེག་པ་ནི། རྡོ་རྗེ་ནི་འགྱུར་བ་མེད་པའི་སངས་རྒྱས་ཡིན། དེའི་ལམ་དུ་འགྲོ་བས་ན་ཐེག་པ་སྟེ། རྒྱལ་བའི་སྲས་རྣམས་དེར་ཕྱིན་པར་བྱེད་པའམ། ཡང་ན་མི་ཤིག་པའི་སངས་རྒྱས་ཀྱི་སྙིང་པོ་ནི་འཁོར་འདས། དེ་ལས་མི་གཡོ་བའི་གཞི་ཡིན་པས་རྡོ་རྗེ་ཐེག་པའོ། ༈། རིག་འཛིན་གྱི་སྡེ་སྣོད་ཅེས་བྱ་བ་ནི། དཔུང་བཟང་གི་འགྲེལ་ལས། རིག་སྔགས་འཆང་བ་རྣམས་ཀྱི་བསླབ་པའི་གཞི་
(༥༩༢)དང་། ལྟ་བའི་རླུང་གི་གྲུབ་མཐའ་ཉིད་སྟོན་པ་ཡིན་ནོ། །ཅེས་གསུངས། དེའི་རིག་པ་ནི་རྒྱུད་ཀྱི་ངོ་བོའོ། །འཛིན་པ་ནི་དེའི་དོན་ལ་མཉམ་པར་བཞག་པའོ། །སྡེ་སྣོད་ནི་ཉམས་སུ་བླངས་བྱའི་ཐེག་པ་རྣམས་སྡེ་ཚན་དུ་བསྡུས་པའོ། །ཞེས་གསུངས་སོ། །དེ་དག་ནི་གསང་སྔགས་རྒྱུད་སྡེ་བཞི་ཀའི་སྤྱི་དོན་བཤད་པའོ། ༈། ད་ནི། གཉིས་པ་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ལ་གསུམ་གྱི། དང་པོ་བྱ་བའི་རྒྱུད་ཀྱི། ངོ་བོ་ནི། དོན་དམ་མཐའ་བཞི་དང་བྲལ་བའི་དག་པ་རྟོགས་པས། ཀུན་རྫོབ་ཏུ་དངོས་གྲུབ་མུས།། །ཞུ་ཞིང་གནང་བའི་ཐབས་སུ་གྱུར་པ་སྟེ། ལམ་རིམ་ལས། གཉིས་མེད་མཉམ་པར་མ་ཤེས་པས། །དོན་དམ་དག་པ་ཆོས་ཉིད་ཙམ། །ཡེ་ཤེས་བཞི་ཡོན་ཀུན་རྫོབ་ལྷ། །རེས་བསྒོམ་བྱ་བ་ལས་ཀྱི་ས། །ཞེས། ངེས་ཚིག་ནི། ཀྲྀ་ཡ་ཞེས་བྱ་རྒྱུད་སྟེ། བསམ་གཏན་ཕྱི་མའི་འགྲེལ་ལས། རྒྱུད་འདི་ནི་ལུས་ངག་གི་བྱ་བ་གཙོ་བོར་སྟོན་པར་བྱ་བའི་ཕྱིར་བྱ་བའི་རྒྱུད་ཅེས་བྱའོ། །ཞེས་གསུངས་སོ། །དབྱེ་བ་དྲུག་གི། ༈དང་པོ་འཇུག་སྒོ་ནི། དབང་ལ། ཡེ་ཤེས་ཐིག་ལེ་ལས། ཆུ་ཡི་དབང་བསྐུར་དབུ་རྒྱན་དག། བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་པ། དེའང་
(༥༩༣)ཆུ་མི་བསྐྱོད་པ། ཅོད་པཎ་རིན་འབྱུང་གི་དབང་ཞེས་བཤད། ༈བྱ་བའི་འཇུག་སྒོ་ནི། རང་ཤར་ལས། འཇུག་པའི་སྒོ་ནི་དག་པ་གསུམ། ཁྲུས་དང་གཙང་སྦྲས་འཇུག་པའོ། །ཞེས་གསུངས། དག་པ་གསུམ་ནི། ལྷ་དང་དཀྱིལ་འཁོར་དག་པ་དང་། རྫས་དང་ལོངས་སྤྱོད་དག་པ་དང་། སྔགས་དང་ཏིང་འཛིན་དག་པའོ། ༈། ལྟ་བ་ནི། ལྟ་རིམ་ལས། ཀྲི་ཡ་དོན་མ་ཆོས་ཉིད་བལྟའ། ཀུན་རྫོབ་རང་རིག་ཡོན་ཏན་ལྷ། །རིགས་གསུམ་དཀྱིལ་འཁོར་སྣང་བ་ལ། སྐྱེ་བོ་འཁྲུལ་པ་མེད་པར་འདོད། ༈དོན་དམ་བདེན་པ་ནི་ལ་ཤན་ལས། རང་སེམས་དག་པ་སྟང་གསལ་གྱི་ཡེ་ཤེས་ཡོད་མེད་སྣང་སྟང་གི། མཐའ་བཞི་ཡོངས་སུ་བྲལ་བ། རིག་ཕྱིར་ཡེ་ཤེས་གཞན་ལས་མིན། །ཞེས་གསུངས། ཀུན་རྫོབ་ལ། ཡང་ལོག་གཉིས་ལས། ལོག་པའི་ཀུན་རྫོབ་ནི་དབུ་མ་པ་མན་ཆད་ཀྱི་ཡང་དག། ལོག་པར་བརྟགས་པའི་ཀུན་རྫོབ་ཐམས་ཅད་ཡིན། བྱ་རྒྱུད་ཀྱི་ཡང་དག་ཀུན་རྫོབ་ནི། ཆོས་ཉིད་རྟོགས་པའི་ཡོན་ཏན་རིགས་གསུམ་ལྷའི་དཀྱིལ་འཁོར་དུ་སྣང་བར་འདོད་པ་སྟེ། ལ་ཤན་ལས། སྐྱེད་བསླད་སྣང་བའི་ཡེ་ཤེས་ཀྱིས། སྣང་བའི་དངོས་པོ་མཐོ་འཇམ་རྩུབ། །དྲུག་ཕྱེད་རིགས་ཀྱི་དཀྱིལ་འཁོར་དུ། །མཐོང་
(༥༩༤)བ་རྣམ་པར་དག་ཅེས་བྱ། །དེ་ལ་མཐོ་འཇམ་རྩུབ་ནི། འདོད་ཆགས་དང་། གཏི་མུག་དང་ཞེ་སྡང་གསུམ་མོ། །དྲུག་གི་ཕྱེད་ཀ་ནི་གསུམ་མོ། །བདག་ཉིད་དམ་ཚིག་སེམས་དཔའ་དང་། ལྷ་ནི་ཡེ་ཤེས་སེམས་དཔའ་གཉིས། དོན་དམ་དུ་ནི་རོ་གཅིག་ལ། ཀུན་རྫོབ་ཙམ་དུ་རྗེ་འབངས་བལྟའ། ༈ཚུལ་ཁྲིམས་ནི། ཡང་འབྱེད་འཕྲུལ་སྡེ་ལས་དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། སྔགས་དང་ཕྱག་རྒྱ་མི་སྤངས་ཤིང་། །རྡོ་རྗེ་དྲིལ་བུ་སྤང་མི་བྱ། །ལྷ་དང་བླ་མ་དེ་བཞིན་ནོ། །དེ་ནི་རྩ་བའི་དམ་ཚིག་ཡིན། ༈། ཡན་ལག་དམ་ཚིག་ལྔ་པོ་ནི། །ཁྲི་ལ་ཉལ་བར་མི་བྱ་ཞིང་། །ཤ་མི་བཟའ་ཞིང་ཆགས་མི་བཏུང་། །སྒོག་པ་ལ་ཕུག་བཟའ་མི་བྱ། ༈གསང་བ་སྤྱི་རྒྱུད་ལས། སངས་རྒྱས་ཆོས་དང་དགེ་འདུན་དང་། བྱང་སེམས་མཐོང་བཟང་ལ། དཔའ་རྣམས་དང་ནི། རིགས་སྔགས་གསང་སྔགས་ཚོགས་རྣམས་ལ། །དད་པས་རབ་ཏུ་བརྟན་པར་བྱ། །ཅེས་དཀོན་མཆོག་གསུམ་ལ་དད་པ་སྤྱིའི་དམ་ཚིག་གསུམ་དང་། ༈གསང་སྔགས་ལ་མ་དད་པ་སྤང་བ་དང་། རྟགས་པར་ཐེག་ཆེན་པོ་ལ། རྟག་པར་དུ་ནི་མོས་པར་བྱ། དམ་ཚིག་ཅན་དང་མཛའ་བོ་དང་། །བླ་མ་ལ་ཡང་གུས་པར་བྱ། །ཅེས་ཞིང་མཆོག་ལ་གུས་པ་དང་། ལྷ་
(༥༩༥)རྣམས་ཀུན་ལ་སྡང་མི་བྱ། དུས་མཚམས་དག་ཏུ་མཆོད་པར་བྱ། །སྟོན་པ་གཞན་གྱི་གཞུང་མི་མི་མཆོད། །རྟག་ཏུ་བློ་བུར་མགྲོན་མཆོད་བྱ། །སྲོག་ཆགས་ཀུན་ལ་བྱམས་པའི་སེམས། །རབ་ཏུ་མ་འགྲུབ་པས་ཉ་སྟོང་བརྟན་པ་ཉེ་བར་བཞག །ཐེག་མུ་སྟེགས་ཆེན་ལ་ནི་གའང་རྣམས་ཀྱིས། །བསོད་ནམས་ཟས་སྙམ་སོགས་དག་ནི་ནན་ཏན་བསྐྱེད། །བཟླས་བརྗོད་མི་བཏང་བར་བྱེད་ལ་འབད་པ་ཡིས། །གསང་སྔགས་སྤྱོད་ལ་བརྩོན་པར་བྱ། །གསང་སྔགས་རྒྱུད་ལས་གསུངས་ཡི། །དམ་ཚིག་གཞན་རྣམས་ཀྱང་བསྲུང་བར་བྱ། །དམ་ཚིག་མེད་པ་རྣམས་ལ་ནི། །སྔགས་དང་ཕྱག་རྒྱ་མི་སྦྱིན་ནོ། །གསང་སྔགས་རྒྱུད་ནི་ལེགས་བསྲུང་ཞིང་། །དེ་ཡང་བདག་གིས་རྟོག་པར་བྱ། །ཅེས་བཅུ་བཞི་དང་། གཞན་ཡང་ལེགས་པར་གྲུབ་པའི་རྒྱུད་ལས་དམ་ཚིག་སུམ་ཅུའང་སྡོམ་སུ་བཀོད་ན། དཀོན་མཆོག་སྔགས་དང་། ཐོས་བསམ་བསྒོམ་གསུམ་གྱི། ཐེག་པ་ཆེ་ལ་མོས། ལྷ་ལ་དུས་མཚམས་མྲོན།། །ལ་བློ་བུར་མཆོད། །བསོད་ནམས་ཚོགས་བསགས་བཟླས་བརྗོད་ཚུལ་བཞིན་བརྩོན། །སྤྱི་དང་བྱེ་བྲག་རིགས་ཀྱི་དམ་ཚིག་བརྟན། །རྒྱུད་སྲུང་རྟོགས་དང་སྒོ་གསུམ་ཉེར་ཞི་བྱ། །ཁྲུས་དང་གཙང་
(༥༩༦)སྒྲ་བཅུ་གཉིས་གྲུབ་ཕྱོགས་སོ། །ལྷ་ལ་མི་ལྡང་གཞན་གྱི་གཞུང་མི་མཆོད། །མ་གནང་མི་ལེན་གསང་སྔགས་རང་བཟོ་མིན། །གདོན་གྱི་ལས་མིན་ལས་སྒྲུབ་གཞན་མི་བསྒྱུར། །དམ་མེད་མི་སྦྱིན་ཕྱག་རྒྱ་སོགས་མི་འགོང་། །མ་སྡོམ་པ་ཡིན་མ་གནང་ཟས་མི་ཟ། །བྱམས་པ་མི་གཏོང་མ་ཟིན་སྨྲ་བ་མིན། །ཁྲོས་ནས་དྲག་ཤུལ་མི་སྤྱོད་བདག་མི་བརྙེས། །གཞན།། །པུན་མི་འགྱིན་གནས་ངན་ལེན་རྣམས་སྤངས། །ལྟད་མོ་མི་ལྟ་བཤང་གཅི་ཆུར་མི་འདོར། །བཅོ་བརྒྱད་དེ་དག་དགག་པའི་སྒོ་ནས་གསུངས། །ཞེས་སོ། ༈། བསྒོམ་པ་ནི། མཚན་བཅས་དང་མཚན་མེད་གཉིས་ལས། ༈། མཚན་བཅས་ལྷའི་དེ་ཁོ་ན་ཉིད་ནི། །རྣམ་འཇོམས་ཀྱི་རྒྱུད་རྒྱས་པ་ལས། །སྟོང་པ་ཡི་གེ་སྒྲ་གཟུགས་དང་། །ཕྱག་རྒྱ་མཚན་མ་དྲུག་ཡིན་ནོ། །ཞེས་གསུངས་པ། དང་པོ་སྟོང་ཉིད་ཀྱི་ལྷ་ནི། བདག་གི་དེ་ཁོ་ན་ཉིད་བསྒོམ་པའོ། །ཡི་གེའི་ལྷ་ནི། སྟོང་པ་དེ་ལས་ཀུན་རྫོབ་བྱང་སེམས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསྒོམ་པའོ། །སྒྲའི་ལྷ་ནི་ཟླ་བའི་སྟེང་དུ་བཟླས་བྱའི་སྔགས་སྒྲ་བཅས་འགོད་པའོ། །གཟུགས་ཀྱི་ལྷ་ནི་ཟླ་བ་སྔགས་དང་བཅས་པ་དེ་ཡོངས་སུ་གྱུར་པ་ལས་རིགས་གསུམ་སྟེ། དེ་བཞིན་གཤེགས་
(༥༩༧)པའི་རིགས་དང་། པདྨའི་རིགས་དང་། རྡོ་རྗེའི་རིགས་གསུམ་པོ་སོ་སོའི་བསྒོམ་པའི། ཕྱག་རྒྱའི་ལྷ་ནི། གཟུགས་ཀྱི་ལྷ་དེ་རང་རང་གི་རིགས་གང་ཡིན་པ་དེའི་དམ་ཚིག་གི་ཕྱག་རྒྱས་འདེབས་པའོ། །མཚན་མའི་ལྷ་ནི། གནས་སྐབས་ཐམས་ཅད་དུ་ལྷའི་ཏིང་ངེ་འཛིན་གྱི་འདུ་ཤེས་དང་མི་འབྲལ་བའོ། །དེ་ལྟར་ལྷ་དྲུག་གི་སྒོ་ནས་བདག་དམ་ཚིག་པ་ཁོལ་པོའི་ཚུལ་དུ་བསྒོམ་ཏེ། དེའི་མདུན་དུ། ཡེ་ཤེས་པའི་ལྷ་སྤྱན་དྲངས་པ་རྗེ་བོའི་ཚུལ་དུ་བསྟས་ལ། མཆོད་བསྟོད་བཟླས་པ་ལ་སོགས་པ་བྱས་ལ། རྒྱལ་པོས་འབང་ལ་བདག་ཆེན་གནང་བ་ལྟར་དངོས་གྲུབ་མདུན་བསྐྱེད་ཡེ་ཤེས་པ་དེ་ལས་བླངས་སྟེ། རང་ཤར་ལས། ལྷ་དང་རྣལ་འབྱོར་དག་པ་གཉིས། །རྗེ་དང་འབང་གྱི་ཚུལ་དུ་བལྟའ། །ཞེས་དང་། རིགས་ཐམས་ཅད་པའི་དངོས་གྲུབ་ལེན་པའི་རྒྱུད་ལས། རྗེ་དཔོན་རྒྱལ་པོའི་ཚུལ། བལྟས་ནས་རང་ཉིད་བྲན་གྱི་འདུ་ཤེས་ཀྱི། །སྔགས་སྒྲུབ་དངོས་གྲུབ་སྙིང་པོ་ནི། །བླ་ན་མེད་པའི་མཆོག་ཏུ་བླངས། །ཞེས་སོ། ༈། མཚན་མེད་བསྒོམ་པ་ནི། མཚན་བཅས་ཀྱི་ལྷ་དེ་དག་མི་དམིགས་པར་དག་པ་སྟོང་གསལ་གྱི་ཡེ་ཤེས་ཡོད་མེད་སྣང་སྟོང་མཐའ་བཞི་དང་བྲལ་བའི་ངང་དུ་འཇོག་པའོ། །དེ་ལྟར་མཚན་བཅས་ཀུན་རྫོབ་ཀྱི་བདེན་པ་དང་། མཚན་མེད་དོན་དམ་གྱི་བདེན་པ་གཉིས་རེས་མོས་བསྒོམ་
(༥༩༨)སྟེ། ལ་ཤན་ལས་སྣང་སྟོང་རིམ་གྱིས་བརྟེན་པར་བྱེད། ཅེས་གསུངས་སོ། ༈། བཟླས་བརྗོད་སྔགས་ཀྱི་དེ་ཁོ་ན་ཉིད་ནི། བསམ་གཏན་ཕྱི་མ་ལས། སྒྲ་དང་སེམས་དང་གཞི་ལ་གཞོལ། །གསང་སྔགས་མི་འགྱུར་གཞི་ལ་གནས། །ཡན་ལག་མ་ཉམས་གསང་སྔགས་བཟླས། །ངལ་ན་བདག་ལ་ངལ་གསོས་ཤིག། ཞེས་གསུངས་པ། བདག་མདུན་ལྷར་བསྒོམ་པ་ནི་གཞི་ལ་གཞོལ་བའོ། །བདག་མདུན་ལྷ་དེའི་ཐུགས།། །ཟླ་དཀྱིལ་བསམ་པ་ནི་སེམས་ལ་གཞོལ་བའོ། །ཟླ་སྟེང་དུ་སྔགས་ཕྲེང་ཡིག་འབྲུ་སོ་སོའི་རང་སྒྲ་སེང་ངེ་གྲགས་པར་གསལ་བཏབ་པ་ནི་སྒྲ་ལ་གཞོལ་བའོ། །དེ་ལྟར་གཞི་སེམས་སྒྲ་གསུམ་ལ་གཞོལ་ནས། སྲོག་རྩོལ་བསྡོམ་པའི་སྦྱོར་བས་དམིགས་པ་རྩེ་ཅིག་མི་འགྱུར་བར་བྱ་བས་ཡིད་བཟླས་བྱ་བའམ། ཡང་ན་ཤུབ་བུར་སྔགས་ཀྱི་སྒྲ་ཟུར་མ་ཉམས་པ་སོགས་ཡན་ལག་མ་ཉམ་པར་བཟླས་པས་དངོས་གྲུབ་ཐོབ་པར་འགྱུར་རོ། ༈། བསམ་གཏན་གྱི་དེ་ཁོ་ན་ཉིད་ནི། བསམ་གཏན་ཕྱི་མ་ལས། གསང་སྔགས་མེར་གནས་དངོས་གྲུབ་སྟེར། །སྒྲར་གནས་རྣལ་འབྱོར་སྟེར་བར་དྲན། །སྒྲ་མཐས་ཐར་པ་སྟེར་བར་བྱེད། །འདི་དག་དེ་ཉིད་རྣམ་གསུམ་ཡིན། །ཅེས་པ་ལྟར། མེར་གནས་ཀྱི་བསམ་གཏན་ནི་རང་ཉིད་ལྷར་གསལ་བའི་ཐུགས་ཀར།། །མེ་ལྕེ་འབར་བའི་ཕུང་པོའི་དབུས་སུ་ཟླ་བ་སྔགས་ཕྲེང་
(༥༩༩)བཅས་གསལ་བཏབ་ཏེ་སྲོག་བསྡོམ་པའི་སྦྱོར་བ་ལ་བསླབ་པས་ཞི་སོགས་ལས་འགྲུབ་པའི་གཞིའོ། །སྒྲ་གནས་ཀྱི་བསམ་གཏན་ནི་སྔགས་ཕྲེང་ལས་ཡིག་འབྲུ་སོ་སོའི་རང་སྒྲ་དྲིལ་བུའི་སྒྲ་ལྟར་གྲགས་པར་བསམ་ནས་སྲོགས།། །སྡོམ་པ་ནི་ཞི་གནས་བསྒྲུབ་པའི་གཞི་རྟེན་དང་། སྒྲ་མཐའི་བསམ་གཏན་ནི། སྔགས་སྒྲ་དེ་ཡང་དཔྱད་ཞིང་གཞིག་ན་ཅིར་ཡང་མ་གྲུབ་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ངང་ལ་མཉམ་པར་འཇོག་པས་ལྷག་མཐོང་འཆར་བའི་ཉེར་ལེན་གྱི་སྒྱུར་གྱུར་པའོ། ༈། སྤྱོད་པ་ནི། ཧེ་རུ་ཀ་གལ་པོ་ལས། གཟའ་སྐར་དུས་ཚིག་ཟས་གོས་གཙང་། །བརྟུལ་ཞུགས་དཀའ་ཐུབ་སྤྱོད་པ་སྤྱོད། ། ༈། འབྲས་བུ་ནི། མི་ཚེ་བདུན་ནས་སངས་རྒྱས་པ། །རིགས་གསུམ་མགོན་པོས་འགྲོ་བ་འདུལ། །ཞེས་གསུངས་སོ། ༈། གཉིས་པ་སྤྱོད་རྒྱུད་ལ། ངོ་བོ་ནི། ལྟ་བསྒོམ་ཡོ་ག་ལྟར་སྤྱོད། སྤྱོད་པ་བྱ་བ་ལྟར་སྤྱོད་པས་དངོས་གྲུབ་སྤྱོད་པར་བྱེད་དོ། །ངེས་ཚིག་ནི། ཨུ་བྷའི་སྒྲས། ཕྱི་ལུས་ངག་གི་བྱ་བ་དང་། ནང་སེམས་ཀྱི་ཉོན་མོངས་རྣལ་འབྱོར་གཉིས་ཆ་མཉམ་སྤྱོད་ཕྱིར་གཉིས་ཀའི་རྒྱུད་དོ། ༈། རང་ཤར་ལས། ཨུ་པ་ཡ་ན་འདི་ལྟར་སྟེ། །ལྟ་བ་ཡོ་གར་བལྟ་བ་ལ། །སྤྱོད་པ་ཀྲི་ཡར་སྤྱོད་པའོ། །དེ་ཕྱིར་གཉིས་ཀའི་བརྒྱུད་ཅེས་
(༦༠༠)གྲགས། །ཞེས་སོ། ༈། དབྱེ་བ་དྲུག་གི། འཇུག་སྒོ་ནི་གཉིས་ཏེ། དབང་གི་འཇུག་སྒོ་ནི། བྱ་རྒྱུད་ཀྱི་ཆུ་ཅོད་པཎ་དེའི་སྟེང་། ཡེ་ཤེས་ཐིག་ལེ་ལས། རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལ་རབ་ཏུ་གསལ། །ཞེས། འོད་དཔག་མེད་རྡོ་རྗེ། དྲིལ་བུ་དོན་འགྲུབ། མིན་རྣམ་སྣང་གི་དབང་བསྐུར་བར་བཤད། བྱ་བའི་འཇུག་སྒོ་ནི། བྱ་རྒྱུད་དང་མཚུངས། ༈ལྟ་བ་ནི་གོང་མ་ཡོ་ག་དང་མཐུན་ནོ། ༈། ཚུལ་ཁྲིམས་ནི། མི་དགེ་བཅུ་སྤྱོད་པ། དམ་པའི་ཆོས་སྤོངས་པ། ཆོས་ནོར་ལ་སེར་སྣ་བྱེད་པ། འགྲོ་ལ་གནོད་ཅིང་འཚེ་དང་བཅུ་བཞི་སྤང་དགོས་པར་རྣམ་སྣང་མངོན་བྱང་ལས་གསུངས་དེ་ལས་གཞན་ནི་འོག་མ་བྱ་རྒྱུད་དང་མཐུན་ནོ། ༈། བསྒོམ་པ་ལ། མཚན་བཅས་དང་། མཚན་མེད་གཉིས་ལས། མཚན་བཅས་ནི། རྣམ་སྣང་མངོན་བྱང་ལས། ཡི་གེ་དང་ནི་ཡི་གེ་སྦྱོར། །དེ་བཞིན་གཞི་ལས་གཞིར་གྱུར་ཉིད། །ཤིན་ཏུ་བསྡོམ་པའི་ཡིད་ལས་ནི། །བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ། །ཞེས་པ་ལྟར་བདག་བསྲུང་བ། གནས་བསྲུང་བ། རྣལ་འབྱོར་བསྲུང་བ་རྣམས་སྔོན་དུ་འགྲོ་བས། དང་པོ་ཡི་གེ་དང་ཡི་གེ་སྦྱར་བ་ནི། ཡི་གེ་དང་པོ་དོན་དམ། བྱང་སེམས་སྟོང་ཉིད་དང་། དེའི་སྣང་ཆ་ཀུན་རྫོབ་བྱང་སེམས་ཟླ་དཀྱིལ་
(༦༠༡)བསྒོམ་པ་དང་། ཡི་གེ་གཉིས་པ་ཟླ་བ་དེའི་སྟེང་དུ་བཟླ་བྱའི་སྔགས་རང་སྒྲ་དང་བཅས་བཀོད་པ་དང་། གཉིས་པ་གཞི་དང་གཞི་སྦྱར་བ་ནི། གཞི་དང་པོ་ཟླ་བ་སྔགས་བཅས་ཡོངས་སུ་གྱུར་པ་ལས། བདག་ཉིད་ལྷར་བསྐྱེད་ལ། སྔགས་རྒྱ་སོགས་ཀྱིས་བྱིན་གྱིས་བརླབས་པ་དང་། གཞི་གཉིས་པ། མདུན་དུ་ཡེ་ཤེས་པ་སྤུན་ནམ་གྲོགས་ཀྱི་ཚུལ་དུ་བལྟས་ཏེ། ཐུགས་ཀར་ཟླ་དཀྱིལ་ལ་སྔགས་ཕྲེང་བཀོད་ནས། སྲོག་བསྡོམ་ཏེ་རྩེ་གཅིག་གིས་སྦྱོར་བས་ཏིང་ངེ་འཛིན་བརྟན་པར་བྱེད་དོ། ༈། མཚན་མེད་ཀྱི་རྣལ་འབྱོར་ནི། འཇུག་པའི་སེམས་ཆོས་ཐམས་ཅད་རྣམ་པར་དཔྱད་པས་སྐྱེ་མེད་དུ་རྟོགས་པ་དང་། གནས་པའི་སེམས་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་གྱུར་པ་དང་། ལྡང་བའི་སེམས་དེ་ལྟར་མ་རྟོགས་པ་རྣམས་ལ་སྙིང་རྗེ་ཆེན་པོ་ལྷག་པར་འཇུག་པའོ། །དེ་ལྟར་འཇུག་གནས་ལྡང་གསུམ་གྱི་ཁྱད་པར་དུ་བྱས་པའི་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། དེ་ནས་ཐུན་མོང་ཐུན་མིན་གྱི་ལས་རབ་འབྱམས་སྒྲུབ་པའོ། ༈། འབྲས་བུ་ནི་མི་ཚེ་ལྔ་ནས་རིགས་བཞི་རྡོ་རྗེ་འཛིན་པའི་ས་ཐོབ་པ་སྟེ། རིགས་ལྔ་རིགས་བཞིར་བསྡུས་པ་ནི་འགྲོ་བའི་རེ་འདོད་ཐམས་ཅད་རིན་ཆེན་རིགས་ཀྱིས་བསྐང་ལ་ལས་ཀྱི་རིགས་ཀྱི་འགྲོ་དོན་ཐམས་ཅད་འགྲུབ་པས་ལས་ཀྱི་རིགས་དེ་རིན་ཆེན་རིགས་དང་གཅིག་ཏུ་བསྡུས་པའོ། ༈། གསུམ་
(༦༠༢)པ་ཡོ་གའི་ཐེག་པ་ལ། ངོ་བོ་ནི་དོན་དམ་མཚན་མེད་ཆོས་ཉིད་ཀྱི་བྱིན་རླབས་ཀུན་རྫོབ་རྡོ་རྗེ་དབྱིངས་ཀྱི་ལྷར་བརྟགས་ཏེ། རྟོག་པ་བཟང་ངན་བླངས་དོར་གྱི་རྩོལ་བས་འབྲས་བུས་སྒྲུབ་པར་འདོད་པ་སྟེ། ལམ་རིམ་ལས། ལྷུན་གྲུབ་མཉམ་པ་མ་མཐོང་བས། །ཆོས་ཀུན་རྣམ་དག་ཡེ་ཤེས་ཀྱི། །བྱིན་བརླབས་རྡོ་རྗེ་དབྱིངས་སྤྲུལ་པ། །བླང་དོར་འབྱེད་པ་རྣལ་འབྱོར་པའོ། །ཞེས་སོ། ༈། ངེས་ཚིག་ནི། ཡོ་གའི་སྒྲ་ལས། ནང་གི་རྣལ་འབྱོར་གཙོ་བོར་བྱེད་པའམ། སྟོན་པས་ན་རྣལ་འབྱོར་རྒྱུད་དོ། ༈། དབྱེ་བ་འགག་དྲུག་ལས། དང་པོ་འཇུག་སྒོ་ལ་གཉིས་ཀྱི། ༈དབང་གི་འཇུག་སྒོ་ནི། ཡེ་ཤེས་ཐིག་ལེ་ལས། ཕྱིར་མི་ལྡོག་པ་བུམ་པའི་དབང་། རྣལ་འབྱོར་རྒྱུད་དུ་གསལ་བར་བྱས། དེ་སྟེང་། དེ་ནི་དྲུག་གི་བྱེ་བྲག་དབང་། །དེ་ནི་སློབ་དཔོན་དབང་ཞེས་བྱ། །ཞེས་རིགས་པའི་དབང་ལྔའི་སྟེང་དུ་སློབ་དཔོན་དབང་དྲུག་ཅིག་ཏུ་བརྩིས་པའི་དྲུག་གོ། །སློབ་དཔོན་གྱི་དབང་དྲུག་ན། ཕྱིར་མི་ལྡོག་པའི་དབང་། རྗེས་གནང་དབང་། ལུང་བསྟན། དབུགས་དབྱུང་། བཟེང་བསྟོད་དེ་དྲུག་གོ། ༈། བྱ་བའི་འཇུག་སྒོ་ནི། ཀུན་བྱེད་ལས། ཡོ་ག་སྟུག་པོ་བཀོད་འདོད་པས། །མཚན་མ་ཡོད་མེད་ཀྱི་ཏིང་འཛིན་གྱི་སྒོར་ཞུགས་ནས། །ཅེས་སོ། ༈། ཡོ་གི་
(༦༠༣)ལྟ་བ་ནི། བདེན་པ་གཉིས་ཏེ། དོན་དམ་བདེན་པ་ནི། ཆོས་ཐམས་ཅད་སྤྲོས་པའི་མཚན་མ་དང་བྲལ་བ་རང་བཞིན་འོད་གསལ་སྟོང་པ་ཉིད་དེ་སམ་གྲ་ཧ་ལས། ཆོས་རྣམས་རང་བཞིན་འོད་གསལ་བས། །ངོ་བོ་ཉིད་ཀྱིས་གདོད་ནས་དག། ཅེས་སོ། །ཀུན་རྫོབ་ལ་གཉིས་ཀྱིས། ལོག་པའི་ཀུན་རྫོབ་ནི། དབུ་མ་པ་ཕྱིན་དང་མཐུན་ལ། ཡང་དག་ཀུན་རྫོབ་ནི་ཅིར་སྣང་ཐམས་ཅད་ཆོས་ཉིད་རྟོགས་པའི་བྱིན་བརླབས། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་སྣང་བའི་ཕྱིར། སྐྱེ་བོས་སྣང་བ་རང་རྒྱུད་དུ་བརྟགས་པ་འདི་མེད་པར་འདོད་དོ། །ལྟ་རིམ་ལས། ཡོ་ག་དོན་དམ་རྣམ་དག་པའི། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ། །རྟོགས་པའི་བྱིན་བརླབས་ལྷར་སྣང་བས། །དེ་ཕྱིར་སྐྱེ་བོས་ལྟར་མཐོང་འཁྲུལ། །ཅེས་སོ། ༈། ཡེ་ཤེས་པ་ཡི་ལྷ་ཉིད་དང་། །བདག་ཉིད་དམ་ཚིག་སེམས་དཔའ་གཉིས།། །།མ་སྐྱེ་བ་མེད་པར་གཅིག། ཀུན་རྫོབ་ཏུ་ནི་སྤུན་དུ་བལྟའ། །ཅེས་སོ། ༈། ཡོ་གའི་ཚུལ་ཁྲིམས་ནི། དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དེ་རྗེས་ཚུལ་ཁྲིམས་གསུམ་ལ་བསླབ་པ་དང་། དེ་སྟེང་རྡོ་རྗེ་རྩེ་མོ་ལས། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དག་པའི། །དམ་ཚིག་བརྟན་པར་འགྱུར་བའོ། །རྡོ་རྗེ་
(༦༠༤)དྲིལ་བུའི་ཕྱག་རྒྱ་ཡང་། །བློ་ཆེན་གྱིས་ནི་བཟུང་བར་བགྱི། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བཤད་དོ། །སློབ་དཔོན་དག་ཀྱང་བཟུང་བར་བྱ། །བླ་མ་སངས་རྒྱས་ཀུན་དང་མཉམས། །འདི་ནི་རྡོ་རྗེའི་རིགས་དག་པའི། །སྡོམ་པ་དམ་ཚིག་ཡིན་པར་གསུངས། །རིན་ཆེན་རིང་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་དང་གསང་བ་ཐེག་པ་གསུམ། །ཕྱི་བྱ་སྤྱོད་གསང་བ་རྣལ་འབྱོར་རྒྱུད། །དམ་པའི་ཆོས་ཀྱང་བཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བྱ། ༈། དེ་ལྟར་རིགས་ལྔའི་རྩ་བའི་དམ་ཚིག་ལྔ་པོའི་སྟེང་དུ། ཉམས་སྒྲིབ་ཅན་དང་ཟས་མི་བསྲེ་ཞིང་། དམ་ཚིག་ཉམས་པའི་མི་དང་ལུང་པ་གཅིག་གི་འབབ་ཆུ་ཡང་མཉམ་པོར་མི་འཐུང་བ་སྟེ། ལུང་གཅིག་ཆུ་ལ་མི་བཏུང་ཞིང་། །ཉམས་དང་ཁ་འཕྲོ་མི་བསྲེ་གསུངས། །ཞེས་སོ། ༈། དེ་ལས་གཞན་པ་བཅུ་བཞི་ནི། །ཕས་ཕམ་པ་ནི་རབ་ཏུ་བཤད། །སྤོང་ཞིང་དོར་
(༦༠༥)བར་མི་བྱ་སྟེ། །རྩ་བའི་ལྟུང་བ་ཞེས་བཤད་དོ། །ཉིན་དང་མཚན་མོ་ལེན་གསུམ་དུ། །ཉིན་རེ་ཞིང་ནི་ཟླ་བར་བྱ། །གང་ཚེ་ཉམས་གྱུར་རྣལ་འབྱོར་པ། །ཁ་ན་མ་ཐོ་སྦམ་པོར་འགྱུར། །ཁྱོད་ཀྱི་སྲོག་ཆགས་བསད་མི་བྱ། །མ་བྱིན་པ་ཡང་མི་བློང་ངོ། །འདོད་ལ་ལོག་པར་མི་བྱེད་ཅིང་། །རྫུན་དུ་སྨྲ་བར་མི་བྱའོ། །ཕུང་ཁྲོལ་ཀུན་གྱི་རྩ་བ་ནི། །ཆང་ནི་རྣམ་པར་སྤང་བར་བྱ། །སེམས་ཅན་འདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤང་། །དམ་པ་ཉེ་བར་བརྟན་བྱ་ཞིང་། །རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ། །ཐེག་པ་དམན་ལ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་དག་ཀྱང་སྤང་མི་བྱ། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་། །ཕྱག་རྒྱ་བཞོན་པ་མཚོན་ཆ་སོགས། །མཚན་མ་འགོམ་པར་མི་བྱའོ། །འདི་དག་དམ་ཚིག་ཡིད།། །བཤད། །ཅེས་རྩ་ལྟུང་བཅུ་བཞིར་འདོད། ༈། ཡོ་གའི་བསྒོམ་པ་ནི། མཚན་བཅས་དང་མཚན་མེད་གཉིས་ལས། མཚན་བཅས་ནི། མངོན་བྱང་ལྔ་དང་།
(༦༠༦)སྒོ་དྲུག། ཆོ་འཕྲུལ་བཞིའི་སྒོ་ནས་ལྷ་དང་ལྷ་མོའི་རྣལ་འབྱོར་ཕྱག་རྒྱ་བཞི་ལྡན་དུ་བསྒོམ་ཏེ། ལྟ་ཕྲེང་ལས། ཕྱི་ཡོ་བྱེད་ལ་གཙོ་བོར་མི་འཛིན་པར། དོན་དམ་པར་སྐྱེ་འགག་མེད་པའི་ལྷ་དང་ལྷ་མོ་དང་། དེ་དང་འདྲ་བའི་རྒྱུད་ཡོངས་སུ་དག་པའི་ཏིང་ངེ་འཛིན་གྱི་འཕགས་པའི་གཟུགས་ཀྱི་སྐུ་ཕྱག་རྒྱ་བཞི་དང་ལྡན་པ་བསྒོམ་པའི་རྣལ་འབྱོར་གཙོ་བོར་བྱས་པས་འགྲུབ་བོ། །ཅེས་སོ། །དེའང་དམ་ཚིག་དང་ལྷ་ཡེ་ཤེས་པ་སྤུན་གྲོགས་ལྟར་བལྟའ་སྟེ། རང་ཤར་ལས། ལྷ་དང་རྣལ་འབྱོར་བདག་ཉིད་ཀྱང་། །སྤུན་དང་སྤུན་གྲོགས་ཚུལ་དུ་འདོད། །ཅེས་སོ། ༈། གཙོ་བོར་མངོན་བྱང་ལྔས་བསྐྱེད་པ་ནི། ཆོས་ཐམས་ཅད་སྐྱེ་བ་མེད་ཕྱིར་གཞི་གང་ཡང་མི་དམིགས་པ་ནི། གཞི་སྟོང་ཉིད་ལ་མངོན་པར་བྱང་ཆུབ་པའོ། །ཨ་ལི་ཀཱ་ལི་གཡས་གཡོན་དུ་བསྐོར་བ་ཞུ་བའི་ཤེས་རབ་དང་ཐབས་ཀྱི་ཟླ་བ་གཉིས་སུ་བསམ་པ་ནི། གདན་ཟླ་བ་ལ་མངོན་པར་བྱང་ཆུབ་པའོ། །ཟླ་བ་དེ་འོད་དུ་ཞུ་བ་ལས་སྔགས་བསྐྱེད་པ་ནི། གསུངས་ཡིག་འབྲུ་ལ་མངོན་པར་བྱང་ཆུབ་པའོ། །ཡིག་འབྲུའི་འོད་ཟེར་གྱིས་འགྲོ་དོན་མཛད་དེ་འདུས་པ་ལས། ཕྱག་མཚན་དུ་བསྒོམ་པ་ནི། ཐུགས་ཕྱག་མཚན་ལ་མངོན་པར་བྱང་ཆུབ་པའོ། །དེ་ལས་ལྷའི་སྐུར་བསྒོམ་པ་ནི། སྐུ་
(༦༠༧)ཡོངས་རྫོགས་ལ་མངོན་པར་བྱང་ཆུབ་པའོ། ༈། འཁོར་རྣམས་སྒོ་དྲུག་གིས་བསྐྱེད་པ་ནི། གཙོ་བོའི་ཐུགས་ཀར་འཁོར་ལྷའི་སྙིང་པོ་བསྐྱེད་པ་ནི། སྙིང་པོ་བསྐྱེད་པའི་སྒོའོ། །དེ་ལས་འོད་ཟེར་འཕྲོ་བ་འོད་ཟེར་སྤྲོ་བའི་སྒོའོ། །དེས་འགྲོ་དོན་མཛད་པ། མཛད་པ་མཛད་པའི་སྒོའོ། །འོད་ཟེར་ཚུར་བསྡུ་བ་ནི། སླར་བསྡུ་བའི་བསྒོའོ། །དེ་ལས་འཁོར་ལྷའི་སྐུ་བསྐྱེད་པ། སྐུ་བསྐྱེད་པའི་སྒོའོ། །ཐུགས་ཀར་ནས་བྱུང་སྟེ་རང་རང་གི་གདན་ལ་འཁོད་པ་ནི་གནས་ན་གནས་ན་སའི་སྒོ་སྟེ་དྲུག་གོ། ༈། ཆོ་འཕྲུལ་བཞི་ནི། ཏིང་འཛིན་གྱི་ཆོ་འཕྲུལ་གྱིས་འཁོར་བཀོད་པ། དབང་བསྐུར་བའི་ཆོ་འཕྲུལ་གྱིས་དབང་བསྐུར་བ། བྱིན་གྱིས་རླབས་པའི་ཆོ་འཕྲུལ་གྱིས་ཕྱག་རྒྱ་བཞིས་རྒྱས་གདབ་པ་དང་། མཆོད་པའི་ཆོ་འཕྲུལ་ནི་མཆོད་བསྟོད་བཟླས་བརྗོད་སོགས་སོ། ༈། ཕྱག་རྒྱ་བཞི་ནི། ལུས་ལ་སྐུ་ཡི་རྒྱས་བཏབ་པ་དང་། ཀུན་གཞི་ལ་མེ་ལོང་ཡེ་ཤེས་ཀྱི་རྒྱས་བཏབ་པ་སྐུ་ཕྱག་རྒྱ་ཆེན་པོའོ། །ངག་དང་ཡིད་ལ་གསུང་པོར་རྟོགས་ཡེ་ཤེས་ཀྱིས་རྒྱས་བཏབ་པ་གསུང་ཆོས་ཀྱི་ཕྱག་རྒྱའོ། །སེམས་ཉོན་ཡིད་ལ། ཐུགས་མཉམ་ཉིད་ཡེ་ཤེས་ཀྱི་རྒྱས་བཏབ་པ་ནི། ཐུགས་དམ་ཚིག་གི་ཕྱག་རྒྱའོ། །བྱ་བ་དང་སྒོ་ལྔའི་རྣམ་ཤེས་ལ།
(༦༠༨)ཕྲིན་ལས་བྱ་གྲུབ་ཡེ་ཤེས་ཀྱི་རྒྱས་བཏབ་པ་ནི། ལས་ཀྱི་ཕྱག་རྒྱ་སྟེ་བཞིའོ། །ཆོས་དབྱིངས་ཡེ་ཤེས་ནི་ཐམས་ཅད་ཀྱི་རང་བཞིན་ནོ། ༈། མཚན་མེད་ཀྱི་ཏིང་ངེ་འཛིན། དོན་དམ་མཚན་མ་མེད་པའི་ངོ་བོ་ཉིད་དང་དེའི་བྱིན་བརླབས་ལྷར་སྣང་ཡེ་ཤེས་ཀྱི་སྣང་ཆ་གཉིས། གཉིས་སུ་མེད་པའི་ངང་ལ་མཉམ་པར་འཇོག་པ་ཏེ། རྡོ་རྗེ་འབྱུང་བ་ལས། གཉིས་སུ་མེད་པའི་ཆོས་དབྱིངས་དང་། །བླ་མེད་དངོས་གྲུབ་དམ་པ་བླངས། །ཞེས་སོ། ༈། ཡང་། དེ་ཁོ་ན་ཉིད་བཅུ་ལ་སྤྱད་པས་དངོས་གྲུབ་སྒྲུབ་པར་བྱེད་དེ། དེ་ཉིད་བཅུ་ནི། དེ་ཉིད་སྣང་བ་ལས། དཀྱིལ་འཁོར་དང་། སྔགས་དང་། ཕྱག་རྒྱ་དང་། བདག་དང་། གནས་ལ་སོགས་པ་བསྲུང་བ་དང་། ལྷ་རྣམས་སྤྱན་དྲངས་པའི་ཆོ་ག་དང་། བཟླས་བརྗོད་དང་། བསྒོམ་པ་དང་། ཕྱི་ནང་གི་བདག་ཉིད་ཅན་གྱི་སྦྱིན་བསྲེག་པ་དང་། ཉེ་བར་བསྡུ་བ་དང་། གཤེགས་སུ་གསོལ་བའོ། །དེའི་དོན། དཀྱིལ་འཁོར་ནི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་གཉིས་དང་། ཕྱི་དང་ནང་གི་སྔགས་དང་། ལྷ་རྣམས་ལ་རྒྱས།། །འདེབས་པའི་ཕྱག་རྒྱ་བཞི་དང་། བདག་དང་གནས་དང་རྣལ་འབྱོར་བསྲུང་བ་དང་། ཡེ་ཤེས་པ་རྣམས་བསྡུ་བ་སྤྱངས་པ་དང་། རྡོ་རྗེའི་ཚིག་གི་དང་ཡིད་ཀྱི་བཟླས་པ་དང་། ཏིང་ངེ་འཛིན་
(༦༠༩)གསུམ་ལ་སོགས་པའི་བསྒོམ་པ་དང་། དཀྱིལ་འཁོར་མཆོད་པ་ལ་སོགས་པའི་དོན་དུ་སྦྱིན་བསྲེགས་དང་། ཕྱག་རྒྱ་གྲོལ་བ་ཉེ་བར་བསྡུ་བ་དང་། མཆོད་ན་གཤེགས་སུ་གསོལ་བ་དང་བཅུའོ། ༈། དེ་བཅུ་འབྲས་བུ་དང་། རྒྱུ་དང་། དོན་དམ་གྱི་དབྱེ་བ་དང་། ཐབས་ཀྱི་དབྱེ་བ་དག་ཀྱང་བཤད་དོ། ༈། ཡོ་གའི་སྤྱོད་པ་ནི། རྩེ་མོ་ལས། ལྷའི་ཏིང་འཛིན་ལ་གནས་ཏེ། །སེམས་ཅན་ཐམས་ཅད་ཡོངས་མི་གཏོང་། །རྟག་ཏུ་སངས་རྒྱས་ཡིད་ལ་བྱེད། །རྟག་ཏུ་སངས་རྒྱས་མཆོད་པ་མཆོག། ཅེས་སོ། ༈། ཡོ་གའི་འབྲས་བུ་ནི། ཀུན་བྱེད་ལས། ཡོ་ག་སྟུག་པོ་བཀོད་འདོད་པས། །མི་ཚེ་གསུམ་ན་གྲོལ་བར་འདོད། །ཅེས་དང་། ཐུགས་ཀྱི་སྒོ་ལྕགས་ལས། གཟུང་འཛིན་བག་ཆགས་ལྔ་བྱང་ནས། །ཡེ་ཤེས་ལྔ་ཡི་ཚུལ་དག་གིས། །སྟུག་པོ་བཀོད་པའི་ས་ནོན་ནས། །རིགས་ལྔ་འདུས་པའི་འབྲས་བུ་ཐོབ། །སྐྱེ་མེད་ཆོས་སྐུ་དག་པ་ནི། །སྐྱེ་མེད་སྒོ་ནས་འགྲོ་དོན་མཛད། །ཕྱག་རྒྱའི་རིགས་སྔ་ལོངས་སྤྱོད་རྫོགས། །བྱང་ཆུབ་སེམས་དཔའ་འགྲོ་དོན་རྫོགས། །སྤྲུལ་པ་བྱེ་བ་ས་ཡ་ཡིས། །རིགས་དྲུག་ངོ་ལ་ཅི་ཡང་སྟོན། །ཅེས་སོ། ༈། ཟབ་མོ་ནང་དོན་ལས་ནི། བྱ་སྤྱོད་གཉིས་མི་ཚེ་དྲུག་
(༦༡༠)ཅུ་དང་། རྣལ་འབྱོར་མི་ཚེ་བཅུ་དྲུག་གིས་འགྲུབ་པར་གསུངས་པ་དེའང་རྒྱུད་སྡེ་འོག་མ་གསུམ་དབུགས་ལོ་བརྒྱ་རེ་མི་ཚེ་རེ་བྱས་པ་ཡིན་ནོ། ༈། གསུམ་པ་དབང་བསྒྱུར་ཐབས་ཀྱི་ཐེག་པ་ལ། རྒྱུད་གསུམ་ཡོད་པའི། དང་པོ། མ་ཧཱ་ཡོ་གའི་རྒྱུད་ཀྱི་ངོ་བོ་ནི། ཐབས་བསྐྱེད་པའི་རིམ་པ་གཙོ་བོར་བསྟན་པའི་སྒོ་ནས་ལྷག་པ། བདེན་པ་དབྱེར་མེད་ཀྱི་དོན་ལ་རྟོགས་གོམས་ཀྱི་སྦྱོར་བས་གྲོལ་བ་ཐོབ་པའི་རང་བཞིན་ནོ། ༈། ངེས་ཚིག་ནི། མ་ཧཱ་ཡོ་གའི་སྒྲས་རྣལ་འབྱོར་ཆེན་པོ་སྟེ། གཉིས་མེད་ཀྱི་དོན་རྣལ་མ་འབྱོར་བས། ཕྱི་རྒྱུད་རྣལ་འབྱོར་རྒྱུད་ལས་ཆེས་འཕགས་པས་ཆེན་པོའོ། ༈། མ་ཧཱ་ཡོ་གའི་དབྱེ་བ་ལ་འགའ་དྲུག་གི། དང་པོ་མ་ཧཱ་ཡོ་གའི་འཇུག་སྒོ་ལ་གཉིས་ལས། དང་པོ་དབང་གི་འཇུག་སྒོ་ལ། ཐོག་མར་བླ་མ་མཚན་ལྡན་དགོས་པ་ནི། ལམ་རིམ་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་འཆང་བརྒྱད་འཆང་བ། །ཞེས། མཛོད་ལྡན་ནི། ལྟ་བའི་མཛོད་ཨ་ཏི། ཏིང་འཛིན་མཛོད་ཨ་ནུ། སྤྱོད་པའི་མཛོད་མ་ཧཱ་ཡོ་གའོ། །ཆུ་བོ་རྫོགས་ནི། ཕན་ནུས་
(༦༡༡)ཟབ་མོའི་དབང་གི་ཆུ་བོ་རྫོགས་པའོ། །གཉེར་ལྡན་ནི་གསང་བ་གཉེར་ཐུབ་པའམ། སྣོད་ལྡན་ཡལ་བར་མི་འདོར་བས་གཉེར་བའོ། །རྒྱུད་ལ་མཁས་ནི་རྒྱུད་ཀྱི་དངོས་པོ་བཅུ་ལ་མཁས་པའོ། །ལས་ལ་མཁས་ནི་དཀྱིལ་འཁོར་དང་ཞི་རྒྱས་སོགས་ལས་ཚོགས་ལ་མཁས་པའོ། །མན་ངག་འཆང་ནི་སྙན་རྒྱུད་ཀྱི་མན་ངག་ཟབ་མོ་འཆང་བའོ། །དྲོད་འཆང་བ་ནི་ཉམས་མྱོང་གི་དྲོད་རྟགས་འཆང་བའོ། །དེའང་། ལྟ། བསྒོམ། སྤྱོད་པ། གཉེར། རྒྱུད། ལས། མན་ངག་དྲོད་འཆང་བ་སྟེ་བརྒྱད་བརྩིའོ། ༈། བླ་མ་ལྔ་བཅུ་པ་ལས་ཀྱང་། །བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་རྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །ཞེས་པ་དེ་ཉིད་བཅུ་ནི། རྩ་རྒྱུད་ལས། དཀྱིལ་འཁོར་དང་ནི་ཏིང་འཛིན་དང་། །ཕྱག་རྒྱ་འདུག་སྟངས་སྟངས་སྟབས་དང་། །བཟླས་བརྗོད་སྦྱིན་བསྲེག་མཆོད་སྦྱིན་དང་། །ལས་སྦྱོར་དང་ནི་སླར་བསྡུའོ། །ཞེས་པའི་དཀྱིལ་འཁོར་ནི་རྒྱུ་མཚོན་དང་ཡིད་ཀྱི་དཀྱིལ་འཁོར་གཉིས་སོ། །ཏིང་ངེ་འཛིན་ནི་བསྐྱེད་རིམ་སོགས། ཕྱག་རྒྱ་ནི་རྒྱས་གདབ་པོ། །སྟངས་སྟབས་ནི་ཁྲོ་བོའི་སྟངས་
(༦༡༢)སྟབས་སོགས། འདུག་སྟངས་ནི་རྡོར་དཀྱིལ་སོགས། བཟླས་བརྗོད་ནི་ཆོ་ག་བཟླས་པ་སོགས། སྦྱིན་བསྲེགས་ནི་མེ་ལའོ། །ལས་སྦྱོར་ནི། ཆོ་གའི་རིམ་པ་རྣམས་དང་ཞི་སོགས་ལས་སོ། །ཉེར་བསྡུ་ནི། བསྡུ་རིམ། གཤེགས་གསོལ་ནི་དཀྱིལ་འཁོར་བསྡུ་བ་ལ་མཁས་པའོ། །ཕྱིའི་དེ་ཉིད་བཅུའོ། །རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྡོ་རྗེ་སྙིང་པོ་བརྒྱན་གྱི་ལེའུ་ཐ་མ་ལས། ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང་། གསང་དང་ཤེས་རབ་ཡེ་ཤེས་དང་། །ཁ་སྦྱོར་འབྱེད་པའི་ཆོ་ག་དང་། །གཏོར་མ།། །རྡོ་རྗེའི་བཟླས་པ་དང་། །དྲག་ཤུལ་སྒྲུབ་པའི་ཆོ་ག་དང་། །རབ་ཏུ་གནས་དང་དཀྱིལ་འཁོར་བསྒྲུབ། །ཁྲོ་བཅུ་ལྟ་བུ་བསྒོམས་ནས་བྲིས་ནས་འདོག། དབང་། དབང་། དགྲ་བོ།། །ལྷ་སྲུང་དང་མངོན་སྤྱོད་ཀྱི། ཕྱོགས་སྐྱོང་བཅོ་ལྔའི། ཡིད་དང་ངག་གི། ལྷ་མ་འགྲུབ་ན། ཕུར་བུའི་འདེབས་པའི། རྟེན་གསུམ་ལ། མདུན་བསྐྱེད་ཀྱི་ས་དང་མཆོད་བསྟོད་དབང་ལེན་པ་དང་བཅུ་ནི། གསང་བའི་དེ་ཉིད་བཅུ་ཡིན་ནོ། །དཀྱིལ་འཁོར། དེའི་ཤུགས་ལས་བུམ་དབང་དང་ཚིག་དབང་ཀྱང་། ཏིང་འཛིན་ཕྱག་རྒྱ་དང་། སྟངས་སྟབས་འདུག་རྟངས་བཟླས་བརྗོད་དང་། སྦྱིན་བསྲེགས་མཆོད་པ་ལས་སྦྱོར་དང་། སླར་བསྡུ་པ་ཡི་རྣམ་པ་ནི། ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། ༈། ལྷའི་རྣལ་འབྱོར་གྱི། རྒྱས་འདེབས་པའི། རྐང་པའི། གསང་བའི་དེ་ཉིད་བཅུ་ནི། བསྲུང་བ་ནི་ཁྲོ་བོ་བསྒོམ་པའི་
(༦༡༣)བསྲུང་།། །དང་། བྲིས་པ་དང་། རྫས་ཀྱི་བསྲུང་།། །རོ། །དབང་བསྐུར་ནི་དབང་བཞིའོ། ། གཏོར་མ་ནི་ཕྱོགས་སྐྱོང་སོགས་ལ༴བཟླས་པ་ནི་ཡིད་བཟླས་རྡོར་བཟླས་སོགས། ཁ་སྦྱོར་དབྱེ་བ་ནི། དགྲ་བོ།། །སྐྱོབས་པའི་ལྷ་སྲུང་།། །དང་ཕྲལ་ནས་མངོན་སྤྱོད་བརྩམ་པའོ། །སྟོབས་ཀྱི་སྦྱོར་བ་ནི་མ་གྲུབ་ན་ལྷ་ལ་དྲག་པོའི་སྦྱོར་བས་ཕུར་བུ་འདེབས་པའོ། །དཀྱིལ་འཁོར་སྒྲུབ་པ་ནི་མདུན་བསྐྱེད་དཀྱིལ་འཁོར་སྒྲུབ་པའོ། །བཟློག་པ། རབ་གནས། གཤེགས་གསོལ་བཅས་བཅུའོ། ༈། སློབ་དཔོན་ལ་ཉེ་བར་མཁོ་བའི་དེ་ཉིད་བཅུ་ནི། བླ་མའི་ཡོན་ཏན་ཡོངས་སུ་བཟུང་བའི་རྒྱུད་ལས། གནས་དང་དུས་དང་ལྷ་དང་སྔགས། བགྲངས་ཕྲེངས་ཕྱག་རྒྱ་སྦྱིན་བསྲེགས་དང་། །དབུ་དམར།། །དང་ནི་རབ་གནས་ཀྱི། །དེ་ཉི་བཅུ་ནི་ཡོངས་སུ་ཤེས། །ཞེས་སོ། ། དཀྱིལ་འཁོར་བྲི་བའི་ལས་ལ་མཁས། ཐིག། །སྔར་ནས་བཤད་པའི་སྦྱོར་བ་ཤེས། སྣོད་དང་སྣོད་མིན། །མཐའ་གཏོར་མ་ཡིན་ནམ་སྙམ། དྲུག་ཚུལ་བཞི་སོགས་ཤེས་པའོ། །རབ་ཏུ་དྭངས་ཞིང་དབང་པོ་དུལ། །ཐེག་པ་དགུ་ལ་གུས་པ་དང་། བ་དྭངས། །ཉོན་མོངས་མེད་པས་དུལ་བའོ། ༈། སློབ་མ་སྣོད་དང་ལྡན་པ་ནི། །ངང་རྒྱུད་ཆུ་ལྟར་རིང་བ། ཚུལ་དགེ་སློང་
(༦༡༤)ལྟར་ཞི་བ། བསམ་པ་གསེར་ལྟར་བཟང་བ། བློ་རི་རབ་ལྟར་བརྟན་པ། ལུས་ལོངས་སྤྱོད་ཆོས་ཕྱིར་གཏོང་ཕོད་པ་ལྔའོ། །གཞན་ཡང་སློབ་མའི་མཚན་ཉིད་སྔར་བཤད་པ་བཞིན་ནོ། ༈། དབང་བསྐུར་བ་པོའི་རྒྱུད་ཚོད་དང་སྦྱར་བས་དཀྱིལ་འཁོར་བཞིར་བྱེད།། །པ་ནི། རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ནི། རྒྱུད་ཀྱི་གླིང་བཞི་ལྟ་བུའོ། ༈། ལྷག་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ནི། གྲུབ་ཐོབ་རྣམ་ཀྱི་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་བའོ། ༈། རིག་པ་ཉམས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ནི། སློབ་དཔོན་མཐོང་ལམ་ཐོབ་པས། རིག་པ་ཉམས་ཀྱི་དཀྱིལ་འཁོར་དུ་དབུ་དམར་བའོ། ༈། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པས་དབུ་དམར་བའོ། ༈། ཁ་གཅིག་དབང་པོ་རབ་འབྲིང་ཐ་གསུམ་ཀས། རྡུལ་མཚོན་དཀྱིལ་འཁོར་ཁོ་ན་ལས་ཐོབ་དགོས་ཟེར་ཡང་། བདེ་འདུས་དབང་གི་རྩ་བ་ལས། །དཀྱིལ་འཁོར་གང་དུ་དབུ་དམར་ན། །རབ་འབྲིང་ཐ་མར་གསུངས་པ་ཡིས། །མེ་ཏོག་བྲིས།། །རྡུལ་མཚོན་གསུམ། །དཀྱིལ་འཁོར་གསུམ་དུ་དབུ་དམར་རོ། །ཞེས་དང་། དྲིལ་བུ་ལས། བཅོས་མ་གཉིས་ཀྱི་དཀྱིལ་འཁོར་གང་། །དེ་ནི་གདུལ་བྱའི་དབང་ལས་འདོད། །མཁས་པས་སྒྲུབ་བྱ་དེ་མ་ཡིན། །འགྲོ་བ་འདི་ཀུན་རང་བཞིན་གྱིས། །གྲུབ་པའི་
(༦༡༥)དཀྱིལ་འཁོར་གཉིས་མེད་པའོ། །དེ་ལ་བཅོས་མ་གཉིས་ནི་རྡུལ་ཚོན་དང་རས་བྲིས་སོ། ༈། འདིར་དབང་ལ་མུ་བཞི་བརྩིར་བར་ཁ་གཅིག་གིས་མི་འཐད་པར་གསུང་ཀྱང་། རྒྱུད་སད་སྡོང་བརྩེགས་པ་ལས། བསྐུར་ཐོབ་མ་བསྐུར་ཐོབ་པ་ཉིད། བསྐུར་ནས་མ་ཐོབ་ལ་སོགས་པ། །དཔོན་སློབ་གཉིས་ཀྱི་སྤང་བླང་རྣམས། །དབང་པོའི་བྱེ་བྲག་ཤེས་པར་བྱ། །ཞེས་གསུངས་པས། དབུ་དམར་ལ་ཐོབ་པའི་མུ་དང་། མ་བསྐུར་ལ་མ་ཐོབ་པའི་མུ་གཉིས་ནི་ཤེས་སླ། དབང་མ་བསྐུར་ལ་ཐོབ་པའི་མུ་ནི། མཉམ་སྦྱོར་ལས། དཀྱིལ་འཁོར་དུ་ནི་མ་ཞུགས་ཤིང་། །དབང་རྣམས་བསྐུར་བར་མ་བྱས་ཀྱང་། །དེ་ཁོ་ཉིད་ལ་འབད་ལྡན་ན། །བསོད་ནམས་དམན་ཡང་འགྲུབ་པར་འགྱུར། །འཇམ་དཔལ་བཤེས་གཉེན་གྱིས། ཟབ་པ་དོན་གྱི་དབང་མཆོག་ནི། །རིག་པའི་རྩལ་དབང་ཐོབ་པ་ཉིད། །ཆོས་ཉིད་རྟོགས་པས་དབང་ཞེས་བྱ། །ཡེ་ཤེས་དབང་བསྐུར་ཅོད་པཎ་ཅན། །ཞེས་གསུངས་སོ། །དབང་བསྐུར་ནས་མ་ཐོབ་པའི་མུ་ནི་བླ་མ་བསྐྱེད་རྫོགས་ཆོ་གའི་ཕྱག་ལེན་ཚུལ་བཞིན་མི་ལྡན་པས། སློབ་མ་ཡང་སྣོད་དང་མི་ལྡན་པར་དབང་དོན་གྱི་ཡེ་ཤེས་གོ་སྙོམས་རྟོགས་གསུམ་གང་ཡང་མ་སྐྱེས་པས་དབང་བསྐུར་ཞུས་
(༦༡༦)ཀྱང་མ་ཐོབ་པའོ། ༈། དབང་བསྐུར་བ་དངོས་ལ། གསང་སྔགས་གསར་མ་ལྟར་ན། དབང་བཞི་ལས། བུམ་དབང་ནི། རྒྱུ་མཚོན།། །དཀྱིལ་འཁོར་ལས་སྔར་རྣལ་འབྱོར་རྒྱུད་དང་ཆ་འདྲ་བ་རིག་པའི་དབང་ལྔ་བསྐུར་ཏེ། ཕུང་ཁམས་ལྷའི་དཀྱིལ་འཁོར་ངོ་སྤྲད་པའོ། །གསང་དབང་ནི། བྷ་གའི་དཀྱིལ་འཁོར་ལས་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་སེམས་དཀར་དམར་མྱོང་བས་བདེ་ཆེན་སྐྱེས་ཏེ་རྩ་རླུང་སྒོམ་པ་དབང་ཤེས་རབ་ཡེ་ཤེས་ཀྱི་དབང་ནི་ཀུན་རྫོབ་བྱང་སེམས་ཀྱི་དཀྱིལ་འཁོར་ལས་དབང་ལེན་པ་སྟེ། རིག་མ་ལ་སྙོམས་པར་ཞུགས་པས་དགའ་བཞིའི་ཡེ་ཤེས་ངོ་སྤྲད་པ་དང་། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལས་དབང་བཞི་པ་ཚིག་གི་དབང་ཕྱག་རྒྱ་ཆེན་པོ་བསམ་མི་ཁྱབ་པའི་དབང་བསྐུར་ནི། བླ་མེད་ཀྱི་རྒྱུད་ཀུན་མཐུན་ལ། རྒྱུད་ཕལ་ཆེར་ནས། རིག་པའི་དབང་ལྔ་དང་། རྡོ་རྗེ་སློབ་དཔོན་དབང་ལ་རྡོར་དྲིལ་གྱི་བརྟུལ་ཞུགས། སྔགས་ཀྱི་རྗེས་གནང་། མིག་སྣན། མེ་ལོང་།། །མདའ་གཞུ། རིག་ལྔའི་ཕྱག་མཚན།། །ཆོས་འཆད་པའི་རྗེས་གནང་། དེ་སྟེང་། གསང་དབང་། ཤེར་དབང་། བཞི་པ་དང་། གཞན་ཡང་ཧེ་རུ་ཀའི་སྐོར་ལ། རྒྱན་དྲུག་སོགས་དང་། ཕྱག་མཚན་དང་། མཆོད་པའི་རྗེས་གནང་རིགས་འབྱུང་ངོ། །དུས་འཁོར་ལས། དང་པོ་བྱིས་པ་འཇུག་པའི་དབང་། །ཆུ་
(༦༡༧)ཅོད་པཎ། དར་དཔྱངས་རྡོར་དྲིལ་བརྟུལ་ཞུགས། མིང་དང་། རྗེས་གནང་བདུན་ནི་བསོད་ཚོགས་ཀྱི་དོན་དང་། བུམ་དབང་སོགས་གསུམ་ནི་འཇིག་རྟེན་པའི་དངོས་གྲུབ་དོན་དུ་ཀུན་རྫོབ་དང་། བཞི་པ་དོན་དམ་ཤེས་རབ་ཡེ་ཤེས་ཕྱིར་བསྟན་ཏོ། །དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་ནི་གཞན་དོན་ཕྲིན་ལས་ལ་དབང་བ་སྟེ་བཅུ་གཉིས་ཡོད་པ། གཞི་སྦྱང་བྱ། མ་ལས་སྐྱེས་མ་ཐག་པའི་ལུ་བཀྲུ་བ་དང་། གཙུག་ཕུད་འཇོག་པ་དང་། རྣ་བ་ཕུག་སྟེ་རྒྱན་གདགས་པ་དང་། སྤྱོད་ལམ་བསློབ་པ་དང་། སྨྲ་བ་སློབ་ཅིང་མིང་འདོགས་པ་དང་། རིགས་དང་ཡོ་བྱེད་ལ་དབང་བ། བྱིས་པའི་གནས་སྐབས་དེ་བདུན་སྦྱོངས་ཞིང་། ལོ་བཅུ་དྲུག་ནས་ཐིག་ལེ་རྫོགས་ཤིང་ཁྱིམ་ཐབས་བྱེད་པ་དང་། དེར་འཁྱུད་པ་དང་། འཛག་བདེ་མྱོང་བ་གསུམ་ཏེ་དབང་བཅུའོ། །བཅུ་གཅིག་པ་དང་། བཅུ་གཉིས་པ་ནི། འཇིག་རྟེན་པའི་དཔེ་ལས་འདས་པའི་དབང་ངོ། །དེའང་བུམ་དབན་གིས་ཁམས་ལྔ་དག་པ་ཡུམ་ལྔ་ཐོབ་པ་སོགས་རིམ་པར་ཕུང་པོ་ལྔ་སྦྱོང་བས་རིགས་ལྔ། དར་དཔྱངས་སྐྱེ་མཆེད་ལྔ་དང་། ཕར་ཕྱིན་སེམས་དཔའ། རྡོར་དྲིལ་ལས་དབང་ཁྲོ་བོ་གསུང་རྡོ་རྗེ། བརྟུལ་ཞུགས་ཡུལ་དབང་སྦྱོང་བ་སེམས་མ། མིང་ནི་ངག་དག་པ་བྱམས་པ་སོགས། རྗེས་གནང་འདག་བདེ་དག་པ་སངས་རྒྱས་
(༦༡༨)ཉིད་སྦྱོང་བ་སྟེ་བདུན་པོ་ནི་ས་མཆོག་སོགས་དཀྱིལ་འཁོར་བྲིས་ནས་སྦྱིན་པའོ། །བྱིས་པའི་བདེ་བ་ཐོབ་པ་ཤེས་རབ་ཀྱི་ནུ་མ་ལ་རེག་པ་བྱང་སེམས་འཕོ་བདེ་སྦྱོང་བ་དཀར་འཛིན་གྱི་དབང་། གསང་བ་མཉེད།། །ལས་སྐྱེས་པའི་བྱང་སེམས་འཕོ་བདེ་དར་མ་ལས་སྐྱེས་པ་གསང་བའི་དབང་དང་། ཡུན་རིང་མཉེད་ལས་སྐྱེས་པ་རྡོ་རྗེའི་རྩེ་མོར་འཛག་པ་རྒན་པོ་ལས་སྐྱེས་འཕོ་བདེ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་སྟེ་དབང་བཅུ་དང་། དཀྱིལ་འཁོར་ཡང་ལུས་དང་བྷ་ག་ལ་བསྟན་པ་ཕྱི་མ་གསུམ་མོ། །དབང་བཞི་པ་ནི་ཕྱག་རྒྱ་ཆེན་པོའི་རྗེས་ཆགས་ལས་སྐྱེས་པ་སེམས་སྣང་སྲིད་ཀྱི་དཀྱིལ་འཁོར་ལ་བརྟེན་ཏེ་རྡོ་རྗེ་སློབ་དཔོན་དུ་དབུ་དམར་བ་དང་བཅས་པས། ཐོབ་འབྲས་ནི་ས་བཅུ་གཉིས་རིམ་པར་མངོན་དུ་བྱེད་ཅིང་། དེ་ལྟར་ཆོ་གས་དབུ་དམར་བའི་ཚེ་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་བྱིན་པ་ནི་དགེ་བསྙེན་དང་། རིགས་ལྔའི་དམ་ཚིག་དང་། སྡོམ་པ་ལས་དགེ་ཚུལ་དང་། དབང་བདུན་བསྐུར་བས་རྒྱུད་བལྟ་བ་དང་ཉན་དུ་བཏུབ་ཅིང་ཕྲིན་ལས་ཕྲན་ཚེག་བསྒྲུབ་པ་རུང་བ་ཡིན་ལ། གོང་མ་གསུམ་དང་། མཆོག་གི་དམ་ཚིག་ལྔ་བྱིན་པ་ནི་དགེ་སློང་སྟེ་ལས་ཐམས་ཅད་འགྲུབ་པ་དང་། སྤྱོད་པ་ལ་དབང་བ་ཡིན་ཀྱང་། དེ་ནས་ངེས་པར་བཞི་པ་ཐོབ་ནས་རྡོ་རྗེ་རྣམ་གསུམ་སྦྱོར་བ་ཡན་ལག་དྲུག་གིས་ཚུལ་གྱིས་སྦྱིན་དུ་
(༦༡༩)རུང་བར་འགྱུར་ལ། གཞན་དག་སྔོན་དུ་མ་སོང་བར་ནི་བསྐུར་དུ་མི་རུང་ཞིང་། དེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་པས་གཞན་ལ་བསྟན་པར་བྱ་བ་ཡང་མ་ཡིན་ནོ། །དེ་དག་ནི་གསང་སྔགས་གསར་མའི་ལུགས་སུ་བཤད་ལ། ༈ད་ནི་སྙིང་མའི་མ་ཧཱ་ཡོ་གའི་ལུགས་ལ་དབང་བཞིའི། བུམ་དབང་ལ་ཕན་དབང་དང་། ནུས་དབང་གཉིས་སུ་ཕྱེ་ཏེ། དེའང་ཞི་བ་ལ་ཕན་དབང་བཅུ། ནུས་དབང་ལྔ་ཕྱེ། ཁྲོ་བོ་ལ། གདན་དང་། ལྷ་དབང་དང་། ཕྱག་མཚན་དང་། ཆས་བཅུ། སྒྲུབ་རྫས་བཅོ་ལྔ་སྟེ། ཕན་དབང་ཉེར་བརྒྱད། ནུས་དབང་ལྔ། ཞི་དྲག་གཉིས་ཀ་ལ་ཕན་དབང་ནུས་དབང་གཉིས་ཀྱི་སྟེང་དུ་མཆོག་དབང་གོང་མ་གསུམ་བསྐུར་བས་དབང་བཞི་ལ་ཕན་ནུས་དབྱེ་བས་ལྔར་འགྱུར་ཏེ། རྡོ་རྗེ་ལས་དང་པོ་ས་བོན་འཇོག་པ་སྟེ། གཉིས་པ་ནུས་པ་བསྐྱེད་པ་ཡིན། །གསུམ་པ་ཉམས་མྱོང་བསྐྱེད་པའོ། །ལྔ་པ་བསྟན་པ་ཉམས་ལོན་པས། །མཆོག་གི་དངོས་གྲུབ་ཚེ་འདིར་འགྲུབ། །ཅེས་སོ། ༈། བྱ་བའི་འཇུག་སྒོ་ནི། ཤེས་རབ་སྟོང་པ་ཆེན་པོ་དང་། ཐབས་སྙིང་རྗེ་སྒྱུ་མ། ཕྱག་རྒྱ་ཕྲ་རག་སྟེ། རང་ཤར་ལས། འཇུག་པའི་སྒོ་ནི་ཏིང་འཛིན་གསུམ། །ཞེས་གསུངས་སོ། ༈། མ་
(༦༢༠)ཧཱ་ཡོ་གའི་ལྟ་བ་ནི། ༈ལམ་རིམ་ལས། ཐབས་ཀྱི་ལྟ་སྤྱོད་ཆེན་པོ་ནི། བླ་མེད་ཐེག་པ་ལས་འཕགས་སྟེ། དོན་དམ་དུ་ནི་དཀོར་བདུན་ལ། །ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ། །ཡང་དག་སྐྱེས་མཆོག་དམགས།། །ཡི། །དོན་དམ་ཀུན་རྫོབ་དབྱེར་མེད་པར། །ཡང་དག་ཉིད་དུ་རབ་ཏུ་རྟོགས། །ཞེས་གསུངས་པས། མཐའ་གང་དུའང་མ་རེག་པའི་སེམས་ཉིད་ཡེ་གདོད་མ་ནས་དོན་ལྟ་བའི་སྐོར་བདུན་ངོ་བོ་ཉིད་དུ་ལྷུན་གྲུབ་པ་ནི་ལྷག་པ་དོན་དམ་བདེན་པ་དང་། དེ་ཉིད་ཀྱི་རྩལ་སྣང་སྣོད་བཅུད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བས་འཁོར་འདས་མཉམ་པ་ཉིད་དུ་རྫོགས་པ་ནི་ལྷག་པ་ཀུན་རྫོབ་བདེན་པ། དེ་གཉིས་ཀྱང་ཕྱོགས་སུ་ལྷུང་བ་མ་ཡིན་པར་ངོ་བོ་དབྱེར་མེད་པ་མཉམ་པ་ཉིད་དུ་གནས་ཤིང་། དེར་འཛིན་གྱི་བསམ་བརྗོད་ལས་ཀྱང་ཡང་དག་པར་འདས་པས་ན་ཐ་སྙད་ཙམ་དུ་ལྷག་པ་བདེན་པ་དབྱེར་མེད་པ་སྤྱོད་ཡུལ་དང་བྲལ་བ་ཞེས་བཏགས་པ་སྟེ། ལམ་རིམ་ལས། རང་བཞིན་རང་གི་དབྱེར་མེད་པའང་། དེ་མིང་ཞེན་པ་གྲོལ་ཕྱིར་ལས། །ཐ་སྙད་གཉིས་པ་བསམ་བརྗོད་འདས། །ཞེས་གསུངས། ༈དེའང་དོན་དམ་ལྟ་བའི།། །བདུན་ཞེས་པའི་དོན་ནི། ལམ་རིམ་ལས། དོན་མཆོག་ལྔ་འབྲས་ཡེ་ཤེས་དབྱིངས། །བདུན་དང་གསུམ་གྱི།། །དོན་དམ་པ། །ཞེས་གསུངས་པས། དོན་དམ་པ་ཞེས་
(༦༢༡)པའི། དོན་དམ་མ་ནོར་བའོ། །དམ་པ་ནི་མི་བསླུ་བའི་ཕྱིར་མཆོག་གོ། །ལྟ་བ་ནི་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ།། །ལྟ་བའོ། །དཀར་པོ་ནི་རྒྱལ་པོའི་སྐོར་མདོ་ལྟར་མི་ཟད་རྒྱན་འཁོར་ལྔ་དང་དབྱིང་ཡེ་མི་ཟད་པ་ལས་དོན་དམ་སྟོང་ཀྱང་མིན་པའི་དོན་ནོ། །དེ་ལ་བདུན་ནི། འབྲས་བུ་མཐར་ཕྱིན་པ་རྫོགས་པའི་སངས་རྒྱས་ཀྱི། སྐུ་དང་གསུངས་དང་། ཐུགས་དང་། ཡོན་ཏན་དང་། ཕྲིན་ལས་དང་ལྔ་ནི་ཁམས་བདེ་བར་གཤེགས་པའི་སྙིང་པོ་ལ་ཡེ་ནས་སུས་ཀྱང་མ་བྱས་རང་བྱུང་ལྷུན་གྲུབ་ཏུ་བཞུགས་པས་འབྲས་བུ་དོན་དམ་དང་། སེམས་ཉིད་རང་བཞིན་གསལ་བའི་ཆ་ནས་ཡེ་ཤེས་དོན་དམ་དང་། སེམས་ཀྱི་དབྱིངས་ངོ་བོ་སྟོང་པའི་ཆ་ནས། དབྱིངས་དོན་དམ་ཞེས་བྱ་སྟེ། དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཡེ་ཤེས་དང་དྲུག། དབྱིངས་དང་བདུན་ལ་སྐོར་བདུན་ཞེས་བྱ་ལ། བསྡུ་ན། དབྱིངས་དོན་དམ་ཡེ་ཤེས་དོན་དམ་འབྲས་བུ་དོན་དམ་དང་གསུམ་ལ་འདུས་སོ། །དེའང་ངོ་བོ་སྟོང་པ་རང་བཞིན་གསལ་བ། ཐུགས་རྗེ་འགག་མེད། འབྲས་བུ་སྐུ་སོགས་ཡེ་ནས་མ་བཅོས་ལྷུན་གྲུབ་པའོ། །ལྷག་པ་དོན་དམ་དང་། ལྷག་པ་ཀུན་རྫོབ་ཞེས་པའི་ལྷག་པའི་སྒྲ་ནི། དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ཀ་རྒྱུའི་ཐེག་པའི་བདེན་གཉིས་ལས་སྔགས་ཀྱི་བདེན་གཉིས་ལྷག་པའམ།
(༦༢༢)ཁྱད་པར་འཕགས་ཕྱིར་དེ་སྐད་བརྗོད་དོ། །དེའང་ལམ་རིམ་ལས། བླ་མེད་ཐེག་པའི་ནང་ནས་ནི། །དོན་དམ་དུ་ནི་དབྱེར་མེད་ལ། །ཀུན་རྫོབ་ཏུ་ནི་ཐམས་ཅད་ལ། །དག་དང་མ་དག་གཉིས་སུ་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོར་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག། ཀུན་རྫོབ་དུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་གསུངས་པས། ༈དོན་དམ་ལ་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ཁྱད་པར་ཡོད་ཚུལ་གྱིས། ངོ་བོའི་ཁྱད་པར་ནི། དབུ་མ་ཐལ་རང་རྣམས་ཀྱིས། དོན་དམ་སྟོང་ཉིད་སྤྲོས་བྲལ་དུ་འདོད་ལ། འདིར་ནི་སྟོང་མཐའ་ལས་གྲོལ་ཏེ། སྣང་བ་ངོ་བོ་ཉིད་ཀྱི་རྒྱུར་ལྷུན་གྲུབ་པར་བཞེད་དེ། ལམ་རིམ་ལས། དཔག་བསམ་ཤིང་དང་རིན་ཆེན་ལྟར། །དེ་ཀུན་ངོ་བོ་ཉིད་རྒྱུར་གནས། །ཞེས་གསུངས། མཚན་ཉིད་ཀྱི་ཁྱད་པར་ནི། དབུ་མ་པའི་དོན་དམ་སྟོང་མཐར་ལྷུངས་ལ། འདིར་སྣང་ཆོས་མ་སྤངས་ལ་མི་ལྡན་པའི་ཕྱིར་གང་ཡང་མ་སྤངས་མི་ལྡན་པས། མ་བྲལ་ཕྱི་ནང་བྲལ་ཞེས་བྱ། །ཞེས་གསུངས། རང་བཞིན་གྱི་ཁྱད་པར་ནི། དབུ་མ་རང་སྟོང་པས་དོན་དམ་སྐྱེ་མེད་སྒྲ་ཇི་བཞིན་པར་སོང་བས་བྱིན་བརླབས་རིག་པ་རང་སྣང་དུ་མི་འཆར་འདིར་ནི་བྱིན་རླབས་རིགས་པ་རང་སྣང་། ལྷ་དང་གཞལ་ཡས་ཁང་སོགས་སུ་འཆར་བས་འཕགས་ཏེ།
(༦༢༣)དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཞེས་སོ། ༈། ཡང་ཀུན་རྫོབ་བདེན་པ་ལ་མདོ་སྔགས་གཉིས་ཀྱི་ཁྱད་པར་ནི། དང་པོ་ངོ་བོའི་ཁྱད་པར་ནི། །རྒྱུའི་ཐེག་པའི་ཀུན་རྫོབ་ཀྱི་ངོ་བོ་རྒྱུ་རྐྱེན་གྱིས་བསྐྱེད་ལ། འདིར་རྒྱུ་རྐྱེན་གྱིས་མ་བསྐྱེད་པས་འཕགས་ཏེ། རྒྱས་པ་ལས། རྒྱུ་རྐྱེན་རག་ལུས་མེད་པའི་ཕྱིར། །ཞེས་གསུངས། ༈མཚན་ཉིད་ཀྱི་ཁྱད་པར་ནི། རྒྱུའི་ཀུན་རྫོབ་སྐྱེ་འཇིགས་ཀྱི་མཚན་ཉིད་ཅན་ཡིན་ལ། འདིར་སྐྱེ་འཇིགས་དང་བྲལ་བས་འཕགས་ཏེ། སྒྱུ་མ་རྡོ་རྗེ་བཙན་པོ་མཆོག། ཞེས་སོ། ༈། རང་བཞིན་གྱི་ཁྱད་པར་ནི། རྒྱུའི་ཀུན་རྫོབ་བཟང་ངན་ཡིན་པ། འདིར་ཀུན་རྫོབ་ཏུའང་ཆོས་རྣམས་ལ་མི་གཉིས་པའི་བསམ་སྤྱོད་ལྡན་པས་འཕགས་ཏེ། རྒྱས་པ་ལས། ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག། ཀུན་རྫོབ་ཏུའང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་དང་། ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ། །ཞེས་སོ། །རྒྱུད་གསང་བ་སྙིང་པོ་ལས་ཀྱང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག། སངས་རྒྱས་ཉིད་ལས་གཞན་མ་ཡིན། །ཞེས་དང་། རྨད་བྱུང་རྒྱལ་པོ་ལས། ཡེ་ནས་ལྷུན་མཉམ་དཀྱིལ་འཁོར་ལ། །ཡིན་པར་ཤེས་ནས་བསྒོམ་པ་ལས། །
(༦༢༤)ཞེས་སོ། ༈། བདེན་གཉིས་དབྱེར་མེད་ལ། རྒྱུ་འབྲས་ཐེག་པ་གཉིས་ཁྱད་པར་ཡོད་ཚུལ་ནི། ངོ་བོའི་ཁྱད་པར་ནི། རྒྱུ་ཡི་ཐེག་པས་བདེན་གཉིས་རེས་འཇོག་ཏུ་སོང་བས་ངོ་བོ།། །བསྐུར་འདེབས་སུ་སོང་ལ། འདིར་སྣང་སྟོང་དུས་གཅིག་ཏུ་ཆོད་པས་སྐུར་འདེབས་སུ་མ་སོང་བས་ངོ་བོས་ལྷག་སྟེ། ཨ་ནི་སྟོང་དང་མི་སྟོང་གི། །དབུས་མའང་དམིགས་སུ་ཡོད་མ་ཡིན། །ཞེས་སོ། །མཚན་ཉིད་ཀྱི་ཁྱད་པར་ནི། རྒྱུའི་བདེན་གཉིས་དབྱེར་མེད་མཐར་ཐུག་དཔྱད་པའི་རིག་ངོར་གྲུབ་པར་འདོད་པས་མཚན་ཉིད་བཟུང་དུ་ཡོད་ལ། འདིར་བློ་ཡི་སྤྱོད་ཡུལ་དང་བྲལ་ཕྱིར་མཚན་ཉིད་ཕྱོགས་གཅིག་ཏུ་མེད་པས་མཚན་ཉིད་ཀྱིས་ལྷག་སྟེ། ཐ་སྙད་གཉིས་པར་བསམ་བརྗོད་འདས། །ཞེས་སོ། །རང་བཞིན་གྱི་ཁྱད་པར་ནི། རྒྱུའི་བདེན་གཉིས། རང་བཞིན་ཡོད་མེད་རིས་སུ་ཆད་སོགས་ལ། སྔགས་ཀྱི་སྣང་སྟོང་དབྱེར་མེད་པའི་ཕྱིར་རང་བཞིན་གྱིས་འཕགས་ཏེ་ལམ་རིམ་ལ། རང་བཞིན་ངང་གིས་དབྱེར་མེད་པའོ། ༈། རྒྱས་པ་ལས། སེམས་ཅན་མ་ལུས་ཐམས་ཅད་ལ། །ཡེ་ཤེས་ལྔ་ཡིས་ཀུན་ཁྱབ་ཀྱང་། །རང་གི་རྣམ་རྟོག་སྒྲིབ་བྱས་ནས། །ཡེ་ཤེས་ལྔ་ཡི་དོན་མ་རྟོགས། །ཞེས་གསུངས། ༈ཆོས་ཉིད་རྟོགས་པའི་ཕན་ཡོན་ནི། རྒྱས་པ་ལས། ཐབས་
(༦༢༥)དང་ཤེས་རབ་རྟོགས་པ་ཡིས། །དུག་གསུམ་དུག་ལྔ་གནོད་མི་འགྱུར། །ཞེས་དང་། རང་རིག་ཡེ་ཤེས་དོན་རྟོགས་པ། །སྐྱེ་ཤི་མེད་པའི་གཡུང་དྲུང་ཐོབ། ༈། མ་ཧཱ་ཡོ་གའི་ཚུལ་ཁྲིམས་ནི། །གསང་སྔགས་གསར་མའི་དམ་ཚིག། རྗེ་རང་བྱུང་བས་དམ་ཚིག་རྒྱ་མཚོར་གསུངས་པ། ཐོག་མར་པོ་ཐར་གྱི་དགེ་བསྙེན་དང་མཐུན་པའི་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་ནི། རྒྱུད་སྡེ་བཞི་ལའི་སྤྱི་རྒྱབ་ཏུ་བསྲུང་བྱ་སྟེ། ༈། སྲོག་གཅོད་རྫུན་དུ་སྨྲ་བ་དང་། གཞན་གྱི་བུ།། །ནོར་འཕྲོག་དང་། ཆང་འཐུང་མྱོས་པར་བྱེད་པ་སྟེ། སྤང་ཞིང་བསླབ་པའི་གཞི་ལྔའོ། །འདི་རྣམས་ཀྱིས་དགེ་བ་འཇོམས་ཤིང་འཁོར་བར་འཆིང་བའི་ཞགས་པ་ལྟ་བུ་ཡིན་པས་དགེ་བསྙེན་སྐབས་གཏན་ཁྲིམས་ལྔར་གྲགས་སོ། ༈། མི་བྱ་བ་ལྔ་ནི། རྒྱན་པོ་སྟེ་ཆོ་ལོ་དང་མིག་བརྩེ་བ་སོགས། ཁ་ན་མ་ཐོའི་ཟས་བསྔོ་ཤ་སོགས་དང་། ངན་ཚིག་བསྟན་བཅོས་སྨྲ་བ་ནི་དགོས་པ་མེད་པར་གཞན་སྨོད་པ་དང་། མུ་སྟེགས་རྒྱང་འཕེན་པ་སོགས་ཀྱི་ཆོས་ལུགས་སྤྱོད་པ་དང་། འབྱུང་པོ་དང་ལྷ་མིན་གྱི་ཆོས་ཀླ་ཀློའི་ཆོས་སྤྱོད་པ་དང་ལྔའོ། ༈། མི་བསྣུན་པ་ལྔ་ནི་མཐོ་རིས་ཀྱི་ཆེད་དུ་དུད་འགྲོ་བ་གླང་ལ་མཚོན་བསྣུན་ནས་གསོད་པ་དང་། མ་མོ་
(༦༢༦)མཆོད་པའི་དོན་དུ་བྱིས་པ་གསོད་པ་དང་། བུད་མེད་ཀྱི་ཆེད་དུ་བུད་མེད་གསོད་པ། སྐྱེས་པའི་ཆེད་དུ་སྐྱེས་པ་གསོད་པ་དང་། འདི་རྣམས་མུ་སྟེགས་པས་མཆོད་སྦྱིན་གྱི་དོན་དུ་གསོད་པ་སྡིག་པ་མིན་པར་འདོད། མཆོད་རྟེན་སོགས་སྐུ་གསུང་ཐུགས་བརྟེན་བཤིགས་པ་བསོད་ནམས་ཀྱི་ལས་ཡིན་པར་ཀླ་ཀློས་འདོད་པ་དང་ལྔ་པོ་ཞེན་མི་བྱའོ། ༈། མི། །དགེ་བའི་གྲོགས་དང་རྗེ་བོ་དང་། དགེ་འདུན་རྣམས་དང་རྒྱལ་བ་དང་། ཡིད་གཏད་རྣམས་ལ་འཁུ་མི་བྱ། ༈མི་ཞེན་པ་ལྔ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་ལ། མིག་སོགས་ལྔ་པོ་ཞེན་མི་བྱ། ༈དེ་ལྟར་བརྟུལ་ཞུགས་ཉེར་ལྔའི་དུས་འཁོར་ལས་དཀྱིལ་འཁོར་དུ་འཇུག་པའི་སྔོན་སྟེར་བར་བཤད་དོ། ༈། དེ་ཙམ་གྱིས་ཆོག་པ་མ་ཡིན་པས་བྱང་ཆུབ་སེམས་དཔའ་རྣམས་དང་། ཐུན་མོང་རྒྱུད་སྡེ་བཞི་ཀར་འཇུག་པ་ལ་དགོས་པ་བར་མའི་བརྟུལ་ཞུགས་རྣམས་ནི། རིགས་ལྔའི་སྡོམ་པ་གོང་དུ་ཡོ་གའི་སྐབས་བཤད་མོད་ཀྱང་། འདིར་གསལ་བར་བཤད་ན། རྒྱུད་ལས་བྱུང་བཞིན་དཀྱིལ་འཁོར་གྱི་ཆོ་ག་ཐམས་ཅད་དུ། དུས་འདི་ནས་ནམ་བཟུང་ནས་ཀྱང་། །བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །ཅི་ལྟར་དུས་གསུམ་ མགོན་པོ་རྣམས། །བྱང ་ཆུབ་དུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཞེས་
(༦༢༧)སེམས་བསྐྱེད་དང་། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ཉམས། །བདག་གིས་བརྟན་པོར་བཟུང་བར་བགྱི། །ཞེས་ཚུལ་ཁྲིམས་གསུམ་པོ་ཐར་དང་བྱང་སྡོམ་སྐབས་རྒྱས་པར་བཤད་པ་བཞིན་དང་། སངས་རྒྱས་ཆོས་དང་དགེ་འདུན་སྟེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །ཞེས་སྐྱབས་འགྲོའི་སྡོམ་པ་སྔར་བཤད་པ་ལྟར་བཟུང་བ་སྟེ་དེ་ལྟར། སྡོམ་པ་སངས་རྒྱས་རྣལ་འབྱོར་འབྱུང་། །དེང་ནས་བརྩམ་སྟེ་བཟུང་བར་བགྱི། །ཞེས་ཁས་བླངས་པ་གསུངས་དེ་དག་ནི་སྐྱབས་སྡོམ་ནས་བཟུང་། རྣལ་འབྱོར་རྒྱུད་མན་ཆད་ཀྱི་སྡོམ་པ་དམ་ཚིག་ཐམས་ཅད་རྣམས་སྣང་གི་སྡོམ་པར་བསྡུས་ནས་བཟུང་བ་ལགས། ༈རྣལ་འབྱོར་རྒྱུད་མན་ཆད་དམ་ཚིག་ཡང་རྡོ་རྗེ་སློབ་དཔོན་དུ་མི་བྱེད་ན་རིགས་གཞན་གྱི་ཆོ་ག་མེད་ཀྱང་རུང་ངོ། ༈། རིགས་གཞན་གྱི་སྡོམ་པ་གང་ཞེ་ན། རྡོ་རྗེའི་རིགས་ཀྱི་སྡོམ་པ་ནི། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །དེ་ཉིད་ཀྱི་ནི་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །ཞེས་པ། ཕྱིའི་རྡོར་དྲིལ་ནི། རྫས་སམ་རྟག་གྱི་རྡོར་དྲིལ། ནང་རྩ་རླུང་ཐིག་ལེ་དང་། གསང་བ་བདེ་སྟོང་གི་རང་བཞིན་ནོ། །སློབ་དཔོན་ནི། དེ་སྟོན་པའི་བླ་མའི་དམ་ཚིག་འཛིན་པ་སྟེ། དེ་དག་
(༦༢༨)མི་སྤང་བར་བཟུང་བྱའོ། ༈། རིན་ཆེན་རིགས་ལ། ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །སྦྱིན་པ་སྔ་མ་གསུམ་ནི་སྔར་ཡང་བཤད་ལ་གོ་སླད། བྱམས་པའི་སྦྱིན་པ་ནི། སེམས་ཀྱིས་བདེ་བ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱའོ་སྙམས་པའི་བྱམས་པ་ནི། སྦྱིན་པ་གོང་མ་གསུམ་གྱི་རྩ་བ་ཡིན་ནོ། ༈། པདྨའི་རིགས་ལ། ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་སོ་སོར་བཟུང་བར་བགྱི། །ཞེས་པ། ཕྱི་ཉན་རང་ཐེག་པ་དང་། ནང་བྱང་སེམས་ཐེག་པ་དང་། གསང་བ་སྔགས་ཀྱི་ཐེག་པའི་ཆོས་རྣམས་མ་འདྲེས་པ་ཡོངས་སུ་འཛིན་པའོ། ༈། ལས་ཀྱི་རིགས་ལ། སྡོམ་པ་ཐམས་ཅད་ཡང་དག་ལྡན། །མཆོད་པའི་ལས་ནི་ཅི་ནུས་བཞིན། །ཀུན་ནས་སོ་སོར་བཟུང་བར་བགྱི། །ཞེས་པ། ཐེག་པ་ཐམས་ཅད་ཀྱི་སྡོམ་པ་ཐམས་ཅད་ཡང་དག་པར་བཟུང་བ་དང་། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་ཕྱིར། མཆོད་བསྟོད་གཏོར་མ། སྦྱིན་བསྲེགས་སོགས་ལས་རབ་འབྱམས་སྒྲུབ་པར་བྱའོ། ༈། མདོར་བསྡུ་ན་ཐམས་ཅད་ཀྱང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཁོ་ན་ལ་འདུའོ། །ཞེས་རྗེ་རང་བྱུང་རྡོ་རྗེས་གསུངས་སོ། །འོ་ན། མདོ་སྔགས་ལ་ཁྱད་མེད་དམ་སྙམས་ན། བཤད་པ། སངས་རྒྱས་ཀུན་གྱི་སྡོམ་པ་ནི། ཨེ་
(༦༢༩)ཝཾ་རྣམས་ཀྱིས་རབ་ཏུ་གནས། །ཨེ་ཝཾ་རྣམ་པའི་བདེ་ཆེན་པོ། །དབང་ལས་ཡང་དག་ཤེས་པར་བྱ། །ཞེས་ཀྱཻ་རྡོར་ལས་གསུངས་ཏེ། སངས་རྒྱས་ནི་གཞི་ལམ་འབྲས་བུའི་དེ་བཞིན་གཤེགས་པ་ལྔ། དེའི་སྡོམ་པ་ནི་ཨེ་ཝཾ་ཐབས་ཤེས་ཀུན་རྫོབ་དོན་དམ་གྱི་བདག་ཉིད་ཅན། དེ་དབང་ལས་རྟོགས་པར་བྱེད་དོ། །ཕྱི་རྡུལ་ཚོན། ནང་ལུས་དང་། གསང་བ་བྷ་ག། དེ་ཁོ་ན་ཉིད་ཕྱག་ཆེན་དཀྱིལ་འཁོར་ལས་དབང་བཞིའི་རིམ་པས་མངོན་དུ་བྱེད་དགོས་པའི་དོན་ནོ། ༈། གཞན་ཡང་ཧེ་བཛྲ་ལས། ཀུན་རྫོབ་དོན་མ་གཟུགས་ཅན་གྱིས། །བྱང་ཆུབ་སེམས་ནི་བསྐྱེད་པ་ལགས། །ཀུན་རྫོབ་ཀུན་ཟླ་ལྟ་བུ་ཉིད། །དོན་དམ་བདེ་བའི་གཟུགས་ཅན་ནོ། །ཞེས་ཁམས་བྱང་ཆུབ་ཀྱི་སེམས་དང་། དེ་བསྟན་པ་ལས་བདེ་བ་ཆེན་པོ་མངོན་དུ་གྱུར་པར་གསུངས་སོ། །ཚུལ་དེས་ཀུན་རྫོབ་སྨོན་འཇུག་དང་། ཀུན་རྡ་ལྟ་བུ་གཉིས། དོན་དམ་སྟོང་པ་ཉིད་དང་བདེ་བ་ཆེན་པོ་གཉིས་ཏེ་བཞིར་གནས་པ་ལ། ཕ་རོལ་ཏུ་ཕྱིན་པ་ལས། ཀུན་ཟླ་ལྟ་བུ་དང་། བདེ་བ་ཆེན་པོ་གཉིས་མ་གསུངས་པས། ཡོངས་སུ་མ་རྫོགས་པའི་ལམ་ཞེས་བཤད་དོ། ༈། འདི་ཆོ་ག་ནི་སྔོན་བཅོམ་ལྡན་འདས་ཀྱིས་སྒྲུབ་པ་ལྟར། སྙིང་གར།། །ཀུན་རྫོབ་
(༦༣༠)བྱང་སེམས་བརྟན་པའི་རྟག་ཟླ་བའི་དཀྱིལ་འཁོར་སྟེང་དུ། དོན་དམ་བྱང་སེམས་ངོ་བོ་རྡོ་རྗེ་དཀོར།། །རྩེ་ལྔ་པ་བསྒོམ་ལ། ཨོཾ་སརྦ་ཡོ་ག་ཙིཏྟ་སོགས། བདེ་བ་དང་སྟོང་པ་དབྱེར་མེད་པའི་དམ་ཚིག་རྡོ་རྗེ་རྣལ་འབྱོར་དུ་སེམས་བསྐྱེད་པ་འབྱུང་ངོ། །དེ་བཞིན་དུ་དབང་བཞི་ཀས་རྒྱས་པར་མཛད་པ་ཡིན་ནོ། །རིག་ལྔའི་སྡོམ་པ་འཛིན་པ་ནི་དགེ་ཚུལ་ལོ། ༈། ད་ན་རྒྱུད་སྡེ་འོག་མ་རྣམས་ལས། ཁྱད་པར་འཕགས་པའི་རིག་ལྔའི་སྡོམ་པ་ནི། ༈། དམ་ཚིག་རྒྱ་མཚོ་ལས། ཁྱད་པར་བླ་མེད་སྡོམ་པ་ནི། །རྡོ་རྗེའི་རིགས་ལ་སྲོག་གཅོད་དེ། །ཞིང་བཅུ་རླུང་དང་རྟོག་པར་གསུངས། །རིན་ཆེན་རིགས་ལ་མ་བྱིན་ལེན། །ནོར་དང་བུད་མེད་ཐེག་པ་ཆེ། །གཞན་དང་རང་དོན་སྒྲུབ་པའོ། །པདྨའི་རིགས་ཀྱི་དམ་ཚིག་མཆོག། ལས་ཆོས་དམ་ཚིག་ཕྱག་རྒྱ་ཆེ། །བུད་མེད་ཡིན་ཏེ་བརྟེན་པའོ། །ལས་ཀྱི་རིགས་ཀྱི་རྫུན་དུ་སྨྲ། །བདག་དང་སེམས་ཅན་མི་དམིགས་པ། །མྱ་ངན་འདས་པར་འགོད་པར་གྲགས། །འཁོར་ལོའི་རིགས་ལ་ཤ་ལྔ་དང་། །ཆགས་དང་ཡུལ་ཀུན་བརྟན་པ་སྟེ། །ཕྱི་ནང་གསང་བའི་རིམ་པ་ཡིས། །མ་ཉམས་སྤྱོད་པ་བླ་ན་མེད། །ཅེས་གསུངས་ཏེ། དེ་ལྟར་དུག་ལྔ་དག་པ་རིགས་ལྔའི་དམ་ཚིག་ལས། ཞེ་སྡང་དག་པས་སྲོག་གཅོད་དགོས་པ་ནི། རྣམ་ཤེས་
(༦༣༡)ཕུང་པོ་དག་པ་མེ་ལོང་། ཡེ་ཤེས་ཐོབ་ཕྱིར། ཕྱི་ནང་གང་གསུམ་ལས། ཕྱི་ཞི་བཅུ་ཚང་བའི་སྲོག་གཅོད་པ་ནི། མཚམ་མེད་ལྔ་བྱེད་པ་དང་། བསྟན་པ་ལ་གནོད་པར་བྱེད་ཕྱིས་དགེ་སེམས་མི་སྐྱེ་རིགས་ཀྱི་ཞིང་བཅུ་ཚང་བ་ནི། དཀོན་མཆོག་སློབ་དཔོན་སྐུ་དགྲ་དང་། དམ་ཉམས་ལོག་ལྟ་འཁུ་བ་དང་། བླ་མ་དང་མཆེད། སྔགས་སྤྱོད་ལ། འདུ་བར་འོས་མིན་ཡོངས་ལ་གནོད། ངན་སོང་གསུམ་དང་བཅུ་པོ་ནི། རྣལ་འབྱོར་ཀུན་གྱིས་དང་དུ་བླངས། བསམ་པ་ནི་སྙིང་རྗེས་བསྒྲལ་ལོ། ཚུལ་ནི་བསད་པ་གསོ་ནུས་པས་སམ། རང་དོན་མེད་པ་དེ་དཔོན་སྙིང་རྗེ་ཆེན་པོ་ལྟ་བུ་དང་། ལྷ་དང་བླ་མས་ལུང་བསྟན་པའོ། །དེ་ལྟར་མིན་ན་རང་ཉིད་ངན་འགྲོར་འགྲོའོ། ༈། ནང་དུ།། །རླུང་སྟེ། དེ་བཅད་པར་བྱ་བ་ནི། རླུང་བུམ་ཅན་སོགས་ཀྱིས་དགག་གོ། ༈། གསང་བ་དེ་ཁོ་ན་ཉིད་ཀྱི།། །གཅོད་པ་ནི། རྣམ་ཤེས་ཚོགས་བརྒྱད་ཀྱི་གཟུགས་འཛིན་བཅད་ནས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དག་པར་བྱེད་པའོ། །ཚོགས་བརྒྱད་ཀྱང་ཀུན་གཞིའི་རྣམ་ཤེས་ཀྱི་ཆོ་འཕྲུལ་སྟེ། ཀུན་གཞི་བསད་པས་མེ་ལོང་ཡེ་ཤེས་སུ་གྲོལ་ལོ། ༈། ང་རྒྱལ་དག་པས། ཚོར་ཕུང་དག་པ་མཉམ་ཉིད་ཡེ་ཤེས་ཐོབ་ཕྱིར། མ་བྱིན་པ་ལེན་དགོས་ཏེ།
(༦༣༢)ཕྱིའི་མ་བྱིན་ལེན་པ་ནི། སྙིང་རྗེས་སེམས་ཅན་ཡི་དྭགས་ཀྱི་སྐྱེ་གནས་ལས་བཟློག་ཕྱིར། སྦྱིན་པ་ལ་འགོད་པ་དང་། སྔགས་ཀྱིས་ནོར་བསྒྲུབ་བཟའ་བ་དང་། རྫས་ཐམས་ཅད་བཀུགས་ཏེ་འཁོ་བོས།། །བསྒྱུར་བ་བསྒྲུབ་པའང་གསུངས་སོ། ༈། །དུད་འགྲོའི་སྐྱེ་གནས་ལས་བཟློག་ཕྱིར་དང་། ཉོན་མོངས་ལས་བཟློག་ཕྱིར་དང་། བྱང་སེམས་ཀྱི་སྤྱོད་དང་མཐུན་ཕྱིར་དང་། སྔགས་ཀྱིས་ཡེ་ཤེས་སྒྲུབ་ཕྱིར། གཞན་ལ་གནོད་པ་མེད་པར། མི་ཡི་བུ་མོ་དང་ལྷ་སོགས་མི་མ་ཡིན་གྱི་བུ་མོའི་རིགས་མ་བྱིན་པར་འགུགས་པར་གསུངས་སོ། །དེ་ལས་ཀྱང་རང་གི་བདེ་བ་ཉམས་པ་མེད་པར་ཤུ་ཏྲ་བླངས་པ་ཡིན་ནོ། ༈། གསང་བའི་མ་བྱིན་ལེན་པ་ནི། དུས་འཁོར་ལས། རྣལ་འབྱོར་པ་གང་རྐུ་བར་གསུངས་པ་ཡང་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཞི་འཛིན་པའོ། །ཞེས་སོ། ༈། འདོད་ཆགས་དག་པས་འདུ་ཤེས་ཀྱི་ཕུང་པོ་དག་ལ་སོར་རྟོག་ཡེ་ཤེས་བསྒྲུབ་ཕྱིར། བུད་མེད་བསྟེན་པར་བྱ་བ་ནི་གསུམ་ཏེ། ཕྱིའི་བུད་མེད། སྔགས་སྐྱེས། ཞིང་སྐྱེས། རིགས་སྐྱེས་ཀྱི་ལས་རྒྱ་བསྟེན་ནོ། །བརྟེན་པའི་དུས་ནི་ཁྱིམ་པ་རྡོར་འཛིན་ནམ། དབང་རྟེན་དང་། རྗེས་དྲན་སྐབས། བརྟུལ་ཤུགས་ཀྱི་སྤྱོད་པའོ། །བུད་མེད་ཀྱི་མཚན་ཉིད་ནི་སྔགས་སྐྱེས་ནི། དགེ་བ་བཅུ་ལ་བརྩམ་
(༦༣༣)ནས་ནི། ཞེས་པ་ནས། མཆོག་ཐོབ་པ་ཡི་བུད། མེད་གང་། ཞེས་པའི་བར་གྱིས་བརྟན་ནོ། །ཞིང་སྐྱེས་ནི། ཡུལ་སུམ་ཅུ་སོ་གཉིས་ཀྱི་བུ་མོ་རྣམས་རྣལ་འབྱོར་མའི་རིགས་སོ། །རིགས་སྐྱེས་ནི། བུད་མེད་ཀྱི་ཁ་དོག་དང་དབྱིབས་སོགས། ལས་རྒྱར་བསྟན་པར་འོས་མི་འོས་ཚུལ་དུ་མ་གསུངས་པའི་རིགས་ལྔའི་རིགས་བརྟན་འོས་པ་རྣམས་སོ། །ཅི་ལྟར་བརྟན་པ་ནི། རྡོ་རྗེ་སློབ་དཔོན་དང་མྲོས།། །གནང་བ་དང་། རང་ལྷ་སྔགས་ཏིང་འཛིན་དང་ལྡན་པས། གསང་ཞིང་ཁམས་འཛག་པ་མེད་པའོ། །རྒྱུ་མཚན་ནི། དངུལ་ཆུ་འཆིང་བའི་དེས་སོགས་ཀྱིས་བསྟན་ཏོ། ༈། ནང་གི་བུད་མེད་ནི། ཆོས་ཀྱི་ཕྱག་རྒྱ་ནི། ཡུལ་སྣ་ཚོགས་པ་ལ་སྣང་བ་སྒྱུ་མ་ལྟ་བུར་བསྒོམ་པའོ། ༈། དམ་ཚིག་གི་ཕྱག་རྒྱ་ནི་གཏུམ་མོ་བསྒོམ་པའོ། ༈། གསང་བའི་བུད་མེད་ནི། ཕྱག་རྒྱ་ཆེན་པོ་ནི། གཉུག་མ་ལྷན་ཅིག་སྐྱེས་པ་སྟེ། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྟོང་ཉིད་ཤེས་རབ་མཛེས་མ་ཉིད། །རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ། །དེ་ཉིད་མ་བརྟེན་སངས་མི་རྒྱས། །ཞེས་སོ། ༈། ཕྲག་དོག་དག་པ་འདུ་བྱེད་།། །དང་སྒོ་ལྔའི་ཤེས་པ་དག་ན་བྱ་གྲུབ་ཡེ་ཤེས་སུ་འགྱུར་ཕྱིར། །རྫུན་སྨྲ་བར་བྱ་སྟེ། ཕྱི་ཡི་རྫུན་སེམས་ཅན་ལ་ཕན་ཕྱིར་གནས་སྐབས་སུ་སྨྲ་སྟེ། བརྒྱ་བྱིན་གྱིས་གནོད་སྦྱིན་
(༦༣༤)དུ་སྤྲུལ་པའི་སྐྱེ་རབས་བཞིན་ནོ། ༈། ནང་གི་རྫུན་ནི། བྱིས་པ་མེས་ཚིག་པ་བྱུང་ཕྱིར། ར་དང་། ར་དྭགས་གླང་པོ་ཆེའི་ཤིང་རྟ་སྦྱིན་གྱིས་ཚུར་ཤོག་བྲིད་ནས། དུས་གཞན་ན་དེ་ཐམས་ཅད་ལ་གླང་པོ་ཆེའི་ཤིང་རྟ་སྟེར་བ་ལྟར། ཐེག་པ་གསུམ་གྱི་འཁོར་བ་ལས་བསྟེན་སྟེ་མཐར་ཐུག་སངས་རྒྱས་ཀྱི་ཐེག་པར་སྟོན་པ་ཡིན་ནོ། །ཞེས་མདོ་སྡེ་སད་དཀར་ལས་ངལ་བསོའི་ཐེག་པ་གཉིས་ལ། གསུངས་པ་ལྟ་བུའོ། ༈། གསང་བའི། རྫུན་ནི། མདོ་ལས། བདག་དང་སེམས་ཅན་མི་དམིགས་ལ། །འཁོར་བ་ལས་སྒྲོལ་རྫུན་གྱི་ཚིག། ཞེས་པ་ལྟར། མདོར་བསྡུ་ན། བརྗོད་དུ་མེད་པའི་དོན་ལ་བརྗོད་པ་ཐམས་ཅད་ལ་དབང་ཐོབ་པར་བྱེད་ཅིང་རིགས་སྔགས་བླ་ན་མེད་པ་ཐོབ་པའོ། ༈། གཏི་མུག་དག་པ། གཟུགས་ཕུང་སྦྱངས་ནས། ཆོས་དབྱིངས་ཡེ་ཤེས་རྟོགས་ཕྱིར། ཤ་ཆང་བདུད་རྩི་བསྟེན་པར་བྱ་སྟེ། གཉིས་མེད་ཡེ་ཤེས་སེམས་ཀྱི་ནི། །མི་བྱ་བ་ནི་ཅི་ཡང་མེད། །ཅེས་གསུངས། དེ་ལ་གསུམ་སྟེ། ཕྱིའི་ཤ་ནི། གོ་ཀུ་ད་ཧ་ན་སྟེ། ཡུལ་དབུས་ན་བཟའ་བའི་དོན་དུ་འདི་ལྔ་གསོད་པ་མེད་པས་དམ་རྫས་སུ་རུང་བའོ། །བཟའ་ཕྱིར་བསད་པ་མིན་པ་ལས་ཀྱི་ཤི་ཤ་བཟའ་བའོ། །དེའང་ལུས་སྟོབས་རྒྱས་ཕྱིར་དང་། གཞན་དེ་ལ་ཕན་ཕྱིར་དང་། ཤ་ཐམས་ཅད་རོ་མཉམ་
(༦༣༥)པར་བཟའ་ཕྱིར་རོ། ༈། དེ་བཞིན་ཆང་ཡང་མྱོས་སྐྱོན་མེད་ན་བཏུང་ངོ། །མྱོས་སྐྱོན་ཡོད་ན་མི་རུང་སྟེ་སྡོམ་འབྱུང་ནས་ཉེས་པ་དུ་མ་གསུངས་སོ། ༈། བདུད་རྩི་ལྔ་ནི། རིགས་ཀྱི་ང་རྒྱལ་གཞོམ་ཕྱིར་དང་། རང་བཞིན་གྱིས་གྲུབ་པའི་སྨན་ཡིན་པས་དང་། གཙང་སྨེ་ཐམས་ཅད་རྣམ་རྟོག་ལས་དོན་དུ་གཙང་རྩོག་མ་གྲུབ་པ་རྟོགས་ཕྱིར་བཟའོ། །དེའང་ལས་དང་པོས་གསང་ཚུལ་གྱིས་མོས་པ་ཙམ་བྱ། དྲོད་ཐོབ་ནས་བསྒྱུར་ནུས་ནས་བསྒྱུར་ནས་བཟའ། དེ་ལས་གཞན་མ་དད་པ་སོགས་བྱེད་ན་དམྱལ་བར་འགྲོ་བས་མི་བྱའོ། །དེའང་། དྭངས་མི་བདུད་རྩི་ལྔ་ནི་ཡེ་ཤེས་ལྔའོ། །སྙིགས་མ་ནི་ལུས་ཀྱི་ལྔའོ། །རོ་བཅུད་ཀྱི་བདུད་རྩི་ལྔ་ནི། དངུལ་ཆུ། ལྷང་ཚེར། མུ་ཟི། བྷི་ག་ར་ཙ། འབྲས་བུ་གསུམ་མོ། །རླུང་གི་བདུད་རྩི་ནི་རྩ་བའི་རླུང་ལྔའོ། །མིང་གིས་བཏགས་པའི་བདུད་རྩི་ནི། ག་པུར། སི་ལ། ཨ་རུ། གླིང་། །ཙནྡ་ནོ། ༈། ནང་དུ་ནི། རྩ་རླུང་བྱང་ཆུབ་སེམས་ལ་དབང་ཐོབ་ཕྱིར། དབང་པོ་ཡུལ་ལ་མི་འཕྲོ་བ་དང་། ལུས་རིགས་ལྔར་དག་པར་བྱ་བ་དང་། བདེ་བ་ཆེན་པོའི་བཏུང་བ་སྟེ། དུས་འཁོར་ལས། བ་ལང་ཁྱི་ལ་སོགས་པ་ཉི་མ་སོ་སོའི་མིག་ལ་སོགས་པ་འཕྲོ་བ་ནི་ཡང་གཞན་གྱི་ཤ་
(༦༣༦)མ་ཡིན། བདུད་རྩི་ལྔ་རྣམས་བསྟེན་པ་རང་རང་རིགས་ཀྱི་སར་ནི་ས་བོན་པའི་ལྷར་ནི་ལུས་རྣམས་དག་པའོ། །སྲོག་དང་སྩོལ་བ་མེ་ཡིས་རི་བོང་ཅན་ནི་ཞུ་བའི་བཏུང་བ་ཆང་གི་བཏུང་བའོ། །ཞེས་གསུངས་སོ། ༈། གསང་དོན་དེ་ཁོ་ནར་ནི་ཡུལ་ཀུན་བསྟེན་པ་སྟེ། དབང་པོ་ལྔ་དང་ཡུལ་ལྔ་ཕྱག་རྒྱ་ཆེན་པོ་གཅིག་ཏུ་བྱེད་པ་སྟེ། རྣམ་པར་རྟོག་པ་ཀུན་རྟོག་གི། །དངོས་དང་དངོས་མེད་སོགས་འཁྲུལ་བ། །རྣམ་རྟོག་དྲ་བའི་ས་བོན་ཚོགས། །རྣམ་པར་མི་རྟོག་པ་ཡི་བཟའ། །སྙིང་རྗེའི་སྣོད་ཀྱི་མཆོག་ཏུ་ནི། །ཡེ་ཤེས་ཆེན་པོ་མཉམ་པར་བཞག། བཏུང་ཞིང་རྟག་ཏུ་བཏུང་བར་བྱ། །ཕྱག་རྒྱའི་དམ་ཚིག་ཞེས་སུ་བཤད། ༈། འདི་ལྟར་བུད་མེད་བརྟེན་པ་སོགས་དགེ་སློང་གི་ཚུལ་ཁྲིམས་ཉམས་པར་མི་འགྱུར་རམ་ཞེ་ན། མ་སྦྱངས་པས་བུད་མེད་བརྟེན་པ་སོགས་ཉེས་པར་འགྱུར་གྱིས། མཆོག་གི་སྐྱེས་བུའི་སྡོམ་པ་ཉམས་པར་མི་འགྱུར་ཏེ། རྨི་ལམ་ལྟར་བརྟན་པའི་དོན་ཤེས་པས་སོ། ༈། དེ་ལྟར་ཁྱད་པར་གྱི་སྡོམ་པ་འཛིན་པ་ནི་དགེ་སློང་ངོ། ༈། དེ་དག་ནི། དང་པོ་སྔོན་འགྲོ་ཙམ་མོ། ༈། ད་ནི་དེ་ལྟར་དབང་ཐོབ་ནས། །དམ་ཚིག་མ་བསྲུང་ན་ལྟུང་བའི་ཚུལ་ནི། །རྩ་ལྟུང་བཅུ་བཞི་ཡན་ལག་བརྒྱད། །གཞན་ཡང་དམ་ཚིག་བཅོ་ལྔ་དང་། །ཡན་ལག་རྣམ་གྲངས་བཅས་
(༦༣༧)པའོ། །ཅེས་གསུངས་པ། ༈དེ་ལ་རྩ་ལྟུང་བཅུ་བཞི་ནི། ༈། བླ་མ་དམ་པ་མི་བརྙས་དང་། །ཞེས། དབང་བསྐུར། རྒྱུད་བཤད། མན་ངག་སྟོན་པའི་བླ་མ་ཐ་ན་ཚིག་གཅིག་བཅད་ཡན་ཐོབ་པའི་བླ་མ་ནི་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དེ་ལ་རག་ལས་པ་དང་སངས་རྒྱས་ཀུན་དང་མཉམ་པའི་ཕྱིར་བརྙས་པར་མི་བྱའོ། །ལུས་ངག་ཡིད་གསུམ་དང་དབང་བཞིའི་རིམ་པ་སོགས་ཀྱིས་ཕམ་འདྲ་སོགས་ལྟུང་བ་ལྕི་ཡང་གི་བྱེ་བྲག་མང་དུ་གསུངས་སོ། །བདེ་གཤེགས་བཀའ་ལས་མི་འདའ་ཞིང་། །ཞེས་སངས་རྒྱས་ཀྱི་བཀའ་དང་། བླ་མའི་བཀའ་ལས་འདས་ན་རྩ་ལྟུང་དུ་གསུངས་ཏེ། དང་པོ་ཕམ་འདྲ་ནི། ཐེག་ཆེན་གྱི་ཆོས་སྤོངས་པའོ། །སྦོམ་པོ་ནི་ཉོན་མོངས་པས་ཚིག་བཞིན་སྒྲ་ལ་ཞེན་ནས་གཞན་ལ་ཞེ་སྡང་བ་སྟེ་དངོས་པོ་དང་ངོ་བོས་མེད་དུ་ལྟ་བས་ཞེན་པར་མི་བྱའོ། །ཉེས་བྱས་ནི་སྒྲོ་སྐུར་གྱི་མཐའ་ཐམས་ཅད་དོ། །ཉེས་མེད་ནི་མངོན་ཞེན་བཟློག་ཕྱིར་དང་མ་རྟོགས་འདྲི་བ་དང་། གྲུབ་མཐའ་ལས་འདི་སྐད་འབྱུང་ཞེས་བཤད་པ་ལྟ་བུའོ། །ཚུལ་དེ་ལྟར་ན། གང་ཟག་དང་། ཚིག་དང་། ཡི་གེ་དང་། སྒྲ་ཅི་བཞིན་དུ་རྟོན་པ་སྤངས་ལ། ཆོས་ཉིད་དང་། དོན་དང་། ཡེ་ཤེས་དང་། སྒྲ་ཅི་བཞིན་མ་ཡིན་པ་ལ་རྟོན་པ་ཁོང་དུ་ཆུད་པར་བྱའོ། ༈། གཞན་
(༦༣༨)ཡང་བཀའ་ལ། ལྡེམ་དགོངས་བཞི་དང་། དགོངས་པ་ཅན་བཞི་དང་། མཐའ་དྲུག་དང་། ཚུལ་བཞིའི་སྒོ་ནས་གསུངས་ཕྱིར་རྟོགས་དཀའ་བས། ཆོས་སྤང་མི་བྱའོ། ༈། དེ་ལ། ལྡེམ་དགོངས་བཞི་ནི། གཞུགས་པ་ལྡེམ་དགོངས་ནི། ཐེག་དམན་བཟློག་ནས་ཐེག་ཆེན་དུ་བཞུགས་པ་ལ། ཉན་ཐོས་ནི་གཏན་གྱི་གེགས་ཡིན་གྱིས་བློ་དེ་ཟློག་ཅིག། ལྟ་བུ་དང་། བློ་ཆུང་ལ་པདྨ་དཀར་པོར་བསྟན་པའི་ཚུལ་གྱིས་སྟོན་ཅིང་འཇུག་པའོ། ། མཚན་ཉིད་ལྡེམ་དགོངས་ནི། ཆོས་ཐམས་ཅད་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་ཡིན་པས། མིག་མེད་རྣ་བ་མེད་སོགས་གསུངས་པ་ལྟ་བུའོ། །གཉེན་པོ་ལྡེམས་དགོངས་ནི། འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ་དང་། ལྷ་མོའི་རྣམ་པའི་བདེ་བ་ལྟ་བུ་དང་བཅས་པ་བསྒོམ་པ་དང་། ཞེ་སྡང་གི་གཉེན་པོར་བྱམས་པ་དང་། ཁྲོ་བོའི་ལྟ་བས་བསད་པ་བསྟན་པ་དང་། གཏི་མུག་གི་གཉེན་པོར། ཕུང་པོ་སོགས། དེའི་དྲི་མ་དང་། ཡེ་ཤེས་རྣམས་བསྟན་པ་ལྟ་བུའོ། །བསྒྱུར་བ་ལྡེམ་དགོངས་ནི། སྒྲ་བསྒྱུར་ཏེ། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱའོ། །ཞེས་དང་། ཕ་དང་མ་ནི་བསད་པར་བྱ། །ཞེས། སེམས་ཅན་གྱི་ཕ་ནི་འདོད་ཆགས་མ་ནི་མ་རིག་པ་ཡིན་པས་དེ་གཉིས་བསད་ན་བྱང་ཆུབ་ཐོབ་པར་བསྟན་པ་ལྟ་བུའོ། །དེ་ཡང་ཉན་
(༦༣༩)ཐོས་དང་ནི་ངོ་བོ་ཉིད། དེ་བཞིན་ཉེས་པ་འདུལ་བ་དང་། །བཟོ་པ་ཟབ་པ་ཉིད་ལ་ནི། །ལྡེམ་པོར་དགོངས་པ་འདི་རྣམས་བཞི། །ཞེས་སོ། ༈། དགོངས་པ་ཅན་བཞི་ནི་སྔར་བཤད་མོད། མཉམ་ཉིད་ལ་དགོངས་པ་ནི། སངས་རྒྱས་ཐམས་ཅད། དག་པ། ཐོབ་པ། ཕྲིན་ལས་མཉེས་པ་ཐམས་ཅད་གཅིག་ཡིན་པར་བཤད་པ་དང་། དོན་གཞན་ལ་དགོངས་པ་ནི། ཉན་ཐོས་ནི་ཞི་བའི་འབྲས་བུ་ཐོབ་པ་མ་ཡིན། ཞེས། སངས་རྒྱས་རང་ཉིད་ཞི་བར་དགོངས་པ་དང་། དུས་གཞན་ལ་དགོངས་པ་ནི། མ་ཎི་གཅིག་བསྒྲང་བས་བདེ་བ་ཅན་དུ་འགྲོ་སོགས་གསུངས་པ་ལྟ་བུའོ། །གང་ཟག་གི་བསམ་པ་ལ་དགོངས་པ་ནི། ཐ་དད་པ་ཐམས་ཅད་དེ་དང་མཐུན་པའི་ཆོས་བསྟན་པའོ། ༈། མཐའ་དྲུག་ནི། དགོངས་པ་ཅན་ནི་གོང་དུ་བཤད་མ་ཐག་པའི་དགོངས་པ་ཅན་བཞི་དང་། དགོངས་མིན་ནི། ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །སོགས་གསུངས་པ་རྣམས་དང་། དྲང་དོན་ནི། རྡུལ་ཚོན་གྱི་དཀྱིལ་འཁོར་དང་། མཆོད་པ་དང་། བརྡ་དང་། ལག་པའི་ཕྱག་རྒྱ། སྦྱིན་བསྲེག། བསྐྱེད་རིམ། ལས་ཚོགས་སོགས་དང་། ངེས་དོན་ནི། རྩ་རླུང་བྱང་ཆུབ་ཀྱི་སེམས་བཅིངས་པ། རང་བཞིན་གྱི་འོད་གསལ་བའི་སེམས་ཀྱི་གནས་ལུགས་ཀུན་བཞི་དང་། དེ་
(༦༤༠)བཞིན་གཤེགས་པའི་སྙིང་པོ་བསྟན་པ་རྣམས་སོ། །སྒྲ་ཇི་བཞིན་མིན་པ་ནི། སྲོག་རླུང་གི་མིང་སོགས་ལ། ཀོ་ཏ་ཁྱད་སོགས་དང་། ཚོགས་ལ་སི་ཏྲི་ཏ་སོགས། འཇིག་རྟེན་པའི་བསྟན་བཅོས་ཀྱི་སྒྲ་ལ་མེད་པ་དང་། སྒྲ་ཇི་བཞིན་པ་ནི། འཇིག་རྟེན་གྱི་བསྟན་བཅོས་ལ་གྲགས་པའི་མིང་བརྗོད་པ་རྣམས་སོ། ༈། ཚུལ་བཞི་ནི། ཡི་གེའམ། ཚིག་གི་ཚུལ་ནི། ངག་དང་ཚིག་གི་ལམ་རེ་རེ་བཞིན་དུ་གསུངས་སོ། ། སྤྱི་དོན་གྱི་ཚུལ་ནི། རྡོ་རྗེ་བཙུན་མོའི་བྷ་ག་ན་བཞུགས་སོ། །ཞེས་བྱ་བ་ལ་སོགས་པ། ཉན་ཐོས་སོགས་ཐེག་པ་སྤྱི་དང་མི་འགལ་བསྟན་པའོ། །སྦས་དོན་གྱི་ཚུལ་ནི་བྱང་ཆུབ་ཀྱི་སེམས་འོད་གསལ་སྟོང་པ་ཉིད་གསུམ་དབྱེ་བ་མེད་པར་རྟོག་པ་མཐར་ཕྱིན་པ་དང་མཐུན་པར་གསུངས་པ་རྣམས་སོ། །མཐར་ཐུག་གི་དོན་ནི། གང་འོད་གསལ་བ་ལས་བྱུང་བའི་རྣམ་པར་ཤེས་པ་དེ་ཉིད། སེམས་དང་། ཡིད་དང་། རྣམ་པར་ཤེས་པ་ཞེས་བྱ་བ། ཆོས་ཐམས་ཅད་ཀྱི་རྩ་བ་སྟེ་ཞེས་བྱ་བ་ལ་སོགས་པ། རྟེན་དང་བརྟེན་པ། ཐབས་དང་ཤེས་རབ་གཞི་ལམ་མཐར་ཐུག་གི་དོན་བཤད་པའོ། །དེ་ལྟ་བུས་བརྟགས་པར་བྱའོ། །གལ་ཏེ་མ་ཤེས་ན་སྨད་པར་མི་བྱ་སྟེ། ཆོས་ཉིད་བསམ་མི་ཁྱབ་པའི་དོན་དྲན་པར་བྱའོ། ༈། རྡོ་རྗེའི་སྤུན་ལ་ཁྲོ་མི་བྱ། །ཞེས། རྡོ་རྗེ་
(༦༤༡)ཐེག་པས་བསྡུས་པས་རྡོ་རྗེའི་སྤུན་ནོ། །དེ་ལ་འཇམ་དཔལ་གྲགས་པས། སེམས་ཅན་ཐམས་ཅད་ཀྱང་རྡོ་རྗེ་སེམས་དཔའི་རང་བཞིན་ཡིན་པས་ན་སྤུན་ཡིན་ལ། དཀྱིལ་འཁོར་གཅིག་ཏུ་ཞུགས་པ་ནི་རྡོ་རྗེའི་སྤུན་ནི། རྡོ་རྗེ་ཐེག་པ་ལ་ཞུགས་པ་ཐམས་ཅད་ནི་ཉེ་བའི་སྤུན་ནོ། །བསྟན་པ་གཅིག་ལ་གནས་པ་ཐམས་ཅད་མཛེས་པའི་སྤུན་ནོ། །སློབ་དཔོན་གཅིག་ལས་ཐོབ་པ་ནི་ཁྱད་པར་རྡོ་རྗེའི་སྤུན་ནོ། །བྱེ་བྲག་ཏུ་ཐོབ་པ་བྱེ་བྲག་པའི་རྡོ་རྗེའི་སྤུན་ནོ། །དེ་རྣམས་ལ་ལྟུང་བ་ལྕི་ཡང་དེ་བཞིན་ནོ། །དོན་འདི་སངས་རྒྱས་ཡེ་ཤེས་ཀྱི་ལམ་རིམ་ལས། བསྟན་པ་རྡོ་རྗེ་ཐེག་པ་ལ། ཞུགས་པ་ཐམས་ཅད་སྤུན་དུ་བརྗོད། །ཀུན་ཀྱང་ཡེ་ཤེས་ལྡན་པས་ན། །རྡོ་རྗེ་སེམས་དཔའ་རྡོ་རྗེའི་སྤུན། །དཀྱིལ་འཁོར་གཅིག་དང་སློབ་དཔོན་གཅིག། དབང་བཞི་དག་གི་བྱེ་བྲག་གིས། །ཉེ་དང་ཁྱད་པར་བྱེ་བྲག་གོ། །ཞེས་སོ། །དེ་ལྟའི་སྤུན་རྣམས་ལ་ཁྲོས་པས་དང་། མནར་སེམས་རིམ་དགུ་འཆང་ན་ཕྲག་དོག་གི་བརྙས་པ་སོགས་མི་བྱའོ། ༈། སེམས་ཅན་ཀུན་ལ་བྱམས་མི་སྤངས། །ཞེས་པ། དམ་ཚིག་ཐམས་ཅད་ཀྱི་རྩ་བ་ནི། ཀུན་རྫོབ་སྨོན་འཇུག་གཉིས་ཀྱི་བྱང་སེམས་ཡིན་ལ། དེའི་རྩ་བ་ནི་བྱམས་པ་ཡིན། བྱམས་པ་ཡོད་ན་དེས་སྙིང་རྗེའི་རྩ་བ་ཟུག་ནས། བྱང་ཆུབ་མྱུ་གུ་
(༦༤༢)སོགས་འཁྲུངས་པར་འགྱུར། གལ་ཏེ་བྱམས་པ་དེ་བོར་ན་སྙིང་རྗེ་མི་སྐྱེ། སྙིང་རྗེ་མེད་ན་བྱང་སེམས་མེད་པས། སྔར་བྱང་སྡོམ་སྐབས་སེམས་ཅན་བློས་སྤང་བ་ཞེས་པ་དེ་ཡིན་པས། འདི་བརྟན་པར་བཟུང་བ་གལ་ཆེའོ། །དེ་ཅི་ཙམ་གྱིས་སྤང་ན། ཞི་བདེ་འདོད་པས་སེམས་ཅན་བློས་སྤངས་པ་དང་། ཁྲོ་བས་སྤངས་པའོ། །ཞི་བདེ་འདོད་པ་ནི། སྡུད་པ་ལས། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་ཉིད་ལ་འདོད་སྐྱེད་ན། དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། སེམས་བསྐྱེད་དེ་ནི་ཕས་ཕམ་པས་ཀྱང་ཤིན་ཏུ་ལྕི། ཞེས་གསུངས། ཁྲོས་པས་མནར་སེམས་དགུ་དང་ལྡན་ན་ལྟུང་བའོ། །སེམས་ཁོང་ནས་འཁྲུགས་པ་སྣམ་པོའོ། །དུས་འདས་ན་ལྕི་བའོ། །སྦྱོར་བ་ཙམ་ཉེས་བྱས་སོ། །ལུས་ངག་གི་ཉེས་པ་ཕྲ་མོ་ནི་ཆུང་ངུ་ཕྲ་མོའོ། ༈། ཉན་ཐོས་ཐེག་པར་འདོད་ཆགས་ལྕི་ན། འདིར་ཞེ་སྡང་ཅིའི་ཕྱིར་ལྕི་སྙམས་ན། ཉན་ཐོས་ནི་འཁོར་བ་ལས་ཐར་འདོད་པས། འདོད་ཆགས་ཀྱིས་འཁོར་བ་ལས་མི་ཐར་ཕྱིར་བསྟན། འདིར་འཁོར་བར་བརྩེ་བས། འདོད་ཆགས་ཀྱིས་སེམས་ཅན་སྡུད་པའི་བག་ཡོད་པས་དེ་ཙམ་མི་ལྕི་ལ། ཞེ་སྡང་གིས་དགེ་རྩ་གཅོད་ཕྱིར་
(༦༤༣)ལྕི་སྟེ། མདོ་ལས། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ནི་འདོད་ཆགས་ཀྱི་ཕུང་པོ་རི་རབ་ཙམ་བླའི། ཞེ་སྡང་གི་སེམས་སྐད་ཅིག་མ་དེ་ལྟར་མ་ཡིན་ནོ། །ཞེས་སོ། ༈། བྱང་ཆུབ་སེམས་ནི་ཉམས་མི་བྱ། །ཞེས་པ། འདིར་བྱང་ཆུབ་ཀྱི་སེམས་ནི་ཁུ་བའོ། །ཞེས་གསུངས་སྔགས་ཀྱི་དོན་དམ་བྱང་སེམས་ནི་བདེ་བ་ཆེན་པོ་ཡིན་ལ། དེའི་རྟེན་ནི་ཁུ་བའོ། །ཁུ་བ་ཉམས་ན་བྱང་སེམས་བདེ་བ་ཆེན་པོ་མི་སྐྱེ། གཞན་ཡང་གཟུགས་སྐུ་གཉིས་ཐོབ་པའི་རྒྱུ་སྟེ། ཧེ་བཛྲ་ལས་བཙུན་མོའི་བྷ་ག་བདེ་ཆེན་དུ། སྟོན་པ་སུམ་ཅུ་རྩ་གཉིས་མཚན། གཙོ་བོར་དཔེ་བྱས་བརྒྱད་ཅུ་ལྡན། །ཁུ་བ་ཞེས་བྱའི་རྣམ་པར་གནས། །དེ་མེད་ན་ནི་བདེ་མེད་འགྱུར། །ཅི་ཙམ་གྱིས་སྤང་བར་འགྱུར་ན། །འདོད་པའི་ཀུན་སློང་གིས། ཁམས་དྲུག་བདག་ཉིད་རང་དབང་གིས་ཉམས་པའོ།། །།ཉོས་ཀྱི་ལམ་ལྟ་བུ་ཡང་མ་ཡིན་ཏེ། འདོད་ཆགས་བྲལ་བ་ལྟ་བུའི་སྡིག། ཁམས་གསུམ་ལ་ནི་གཞན་མེད་དོ། །དེ་བས་འདོད་ལ་ཆགས་བྲལ་བ། ། ཁྱོད་ཀྱིས་ནམ་ཡང་མི་བྱའོ། །ཞེས་གསུངས། གསང་དབང་དང་། དབང་གསུམ་པ་དང་། རོ་མཉམ་པ། ལྷ་མཆོད་པ་དང་། རིགས་རྒྱུད་སྤེལ་བ་དང་། རི་ལུ་དང་། འཆི་ལྟས་བརྟགས་པའི་དུས་དང་གནས་
(༦༤༤)སྐབས་བདུན་ལ་ལྟུང་བར་མི་འགྱུར་རོ། །ཨིན་ཏྲ་བྷོ་ཏིས། ཀུན་རྫོབ་ལྕེས་བླངས་གང་ལས་ཉམས། །དེ་ཉིད་ལས་ནི་བླང་བར་བྱ། །ཤུ་ཏྲ་དོར་ན་རྩ་བ་ཉམས། །ཞེས་གསུངས་སོ། ༈། རང་གཞན་གྲུབ་མཐའ་ལ་མི་སྨད། །ཞེས་རང་གི་གྲུབ་མཐའ་བཞི་དང་གཞན་ཀླ་ཀློ་དང་མུ་སྟེགས་ཀྱི་གྲུབ་མཐའ་ལ་སྡང་སེམས་ཀྱིས་སྨད་ན་བདེ་གཤེགས་བཀའ་འདས་ཀྱི་ལྟུང་བའི་ཡན་ལག་ནག་ཏུ་འགྱུར། ལྟ་བ་ངན་སེལ་སོགས་འདུལ་བའི་དུས་ལ་བབ་ན་སྨད་ཀྱང་སྐྱོན་མེད་དོ། །བསོད་ནམས་མང་དུ་འཕེལ་ལོ། །ཐེག་ཆེན་གྱི་རྒྱུད་ལ་སྨད་ན་ལྟུང་བ་དང་། མདོ་ལ་སྨད་ན་སྦམ་པོ། ཉོན་མོངས་ལམ་ལ་ཉེས་བྱས། ཕྱི་རོལ་པ་ལ་ཕྲ་མོའི་ཉེས་བྱས་སོ། ༈། གསང་བ་མ་སྨིན་ལ་མི་བསྒྲགས། །ཞེས་པ། གསང་སྔགས་ནི་སྣོད་མིན་ལ། གསང་དགོས་ཕྱིར། དཀྱིལ་འཁོར། བྲིས་སྐུ། དམས། ཚོགས་འཁོར། དམ་ཚིག་གི་ཕྱག་རྒྱ། གསང་བའི་དམ་ཚིག་དང་། ཟུང་འཇུག་གི་ཡེ་ཤེས། སྟོང་ཉིད་དང་ལྡན་པའི་རིམ་གཉིས་ཀྱི་གསང་བ་རྣམས་དབང་གིས་རྒྱུད་མ་སྨིན་པ་དང་། རྒྱུད་བླ་མ་ལས། ཆོས་ལ་ཁོང་ཁྲོ་བདག་ལྟ་དང་། །འཁོར་བའི་སྡུག་བསྔལ་གྱིས་འཇིགས་དང་། །སེམས་ཅན་དོན་ལ་ལྟོས་མེད་པ། །འདོད་ཆེན་མུ་
(༦༤༥)སྟེགས་ཉན་ཐོས་དང་། །རང་རྒྱལ་རྣམས་ཀྱི་སྒྲིབ་རྣམས་བཞི། །ཞེས་པའི་གང་ཟག་བཞི་སོགས་ཀྱིས་མི་དད་པར་གནོད་པའི་རྒྱུར་གྱུར་པ་ལ་གསང་སྔགས་མི་བསྒྲགས་པར་གསང་བར་བྱའོ། །ཕ་རོལ་ལོག་ལྟ་སྐྱེས་ན་རྩ་ལྟུང་ངོ། ༈། ཕུང་ཁམས་སོགས་མི་བརྙེས་དང་། ཞེས་པ། ཕུང་པོ་ལྔ་སོགས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གདོད་ནས་སངས་རྒྱས་ཀྱི་ངོ་བོ་ཡིན་པ། རང་གི་ལུས་ཀྱི་རྩ་རླུང་ཐིག་ལེ་བ་སྤུ་དང་བཅས་པ་གདོད་ནས་སངས་རྒྱས་ཡིན་པར་རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྣམས་ན་ཤིན་ཏུ་རྒྱས་པར་འབྱུང་ལ། རྒྱུད་བླ་མ་ལས་ཀྱང་། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་བདེར་གཤེགས་སྙིང་པོ་ཅན། ། ཞེས་དྲི་མ་དང་བཅས་པའི་ཚེ་དྲིལ་བཅས་ཀྱི་སྐུ་འཕྲོ། དྲི་མེད་ཚེ་གཟུགས་སྐུ་འཕྲོ་སྟེ། གཞན་ཡང་ཕྱི་འཇིག་རྟེན་གྱི་ཁམས། ནང་རྡོ་རྗེའི་ལུས་གཞན་དཀྱིལ་འཁོར་རབ་འབྱམས་ཀྱི་འཁོར་ལོ་རྣམས་དབྱེར་མེད་པའི་རིམ་པ་བླ་མེད་ཀྱི་རྒྱུད་རྣམས་ལས་གསུངས་པ་ལ་བརྙེས་ཏེ། ལུས་བསད་པ་དང་། སྤྱུགས་།། །པ་དང་། བརྩིངས་པ་དང་། རང་ལ་རང་ཞེ་སྡང་ཞིང་ཡིད་མུག་པ་དང་། དཀའ་སྤྱོད་ཀྱིས་ཉོན་མོངས་བྱེད་པ་དང་། ལུས་མི་གཙང་བར་བསྒོམ་
(༦༤༦)པ་སོགས་བརྙས་པ་རྩ་ལྟུང་ཡིན་ཕྱིར་མི་བྱའོ། །འོ་ན་དཀའ་ཐུབ་དང་། མི་གཙང་བ་བསྒོམ་པ་སངས་རྒྱས་ཀྱིས་མ་གསུང་ངོམ་སྙམས་ན། དེ་ནི། ལུས་དང་ཟས་གོས་སོགས་ལ་ཆགས་ཞེན་སྤངས་ཕྱིར་གསུངས་པའོ། །ཁ་གཅིག། ལུས་སེམས་ཀྱི་སྣང་བར་མ་རྟོགས་སྟེ། སྤོང་བར་འདོད་པ་ནི་དམན་པ་སྟེ་ལུས་ཡེ་ནས་སངས་རྒྱས་ཀྱི་ངོ་བོར་གྲུབ་སྟེ་ཤུན་བཅས་ཀྱི་ནོར་བུ་ལྟ་བུ་དེ་སྦྱངས་པས་། སངས་རྒྱས་ཡིན་ནོ། །ལུས་སངས་རྒྱས་ཡིན་པར་ཤེས་བཞིན་དུ་བརྙས་ན་དངོས་གཞིའོ། །ཡན་ལག་མ་ཚང་ན་སྦོམ་པོའོ། །དོན་མེད་དུ་ཟས་གཅོད་ན་ཉེས་བྱས་སོ། །གཞན་འདུལ་ཕྱིར་དང་། བླ་མ་སོགས་ཀྱི་ཞབས་ཏོག་ཏུ་ཉེས་པ་མེད་དོ། ༈། དག་པའི་ཆོས་ལ་སོམ་ཉི་སྤངས། །ཞེས་པ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་ནི་གཉིས་ཏེ། ཡེ་ཤེས་རྡོ་རྗེ་ལས། ཀུན་རྫོབ་ནི་བརྟན་པ་དང་གཡོ་བའོ། །བདེན་པ་ནི་ཆུའི་ཟླ་བ་ལྟ་བུའོ། །དོན་དམ་པའི་བདེན་པ་ནི་སྟོང་པ་ཆེན་པོ་བཅོ་བརྒྱད་དོ། །དེའི་མཐའ་ནི་གནས་པའོ། །འདིར་སོམ་ཉི་ཟ་བ་ལ་ཁ་གཅིག་གིས། བདག་མེད་པར་རྣམ་པར་དབེན་པའོ། །ཞེས་འཆད་ཀྱང་། དེ་ནི་དོན་དམ་བདེན་པ་སྟེ། བཅུ་གཅིག་པར་བཤད་པས་ལེན་གཉིས་ཟློས་པ་ལ་དོན་
(༦༤༧)མེད་པར་རང་བྱུང་ཞབས་ཀྱིས་བཞེད་པས། འདིར་ནི་ཀུན་རྫོབ་ཀྱི་བདེན་པ་ལ་སམ་ཉི་ཟ་བ་ལ་བཤད་དེ། འོ་ན་ཆོས་ཐམས་ཅད་ཀུན་རྫོབ་བདེན་པ་ཉིད་དུ་ཅི་ལྟར་དག་ཅེ་ན། འཁོར་བ་ནི་ཡང་དག་མིན་པའི་ཀུན་རྟོག་གིས་བསྐྱེད། མྱ་ངན་འདས་པའི་གང་ཟག་གསུམ་གྱི་གཉེན་པོའི་ཆོས་ཡང་དག་པའི་ཀུན་རྟོག་གིས་བསྐྱེད་པ། ཡང་དག་པའི་ལྟ་བ་སོགས་འཕགས་པའི་ལམ་མོ། །གནས་ཡོངས་སུ་གྱུར་ནི། དབང་པོ་ལྔ་རྣམས་གནས་འགྱུར་ན། །དོན་ཀུན་འཇུག་པ་ཐམས་ཅད་ཀྱི། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང་། །དབང་འབྱོར་དམ་པ་ཐོབ་པར་འགྱུར། །ཞེས་སོགས་འགག་མེད་སྩལ་གྱིས་གནས་གྱུར་བསམ་གྱིས་མི་ཁྱབ་ཅིང་། དེ་སྒྲུབ་པའི་ཐབས་ལམ་དང་། ནོར་བུ་སྨན་སྔགས། སེམས་ཅན་གྱི་རྣམ་རྟོག། བྱང་སེམས་ཀྱི་སྙིང་རྗེ། ཡོན་ཏན་དང་ནམ་མཁའ། རྟེན་ཅིང་འབྲེལ་བར་འབྱུང་བ་བསམ་མི་ཁྱབ་པ་དང་། སངས་རྒྱས་ཀྱི་ཕྲིན་ལས་བར་ལ་འདི་འདྲ་རང་འགལ་ལོ་སྙམས་སྟེ། སམ་ཉི་སྐྱེ་བ་ཡིན། དེ་ལ། རང་བཞིན་མེད་པ་ལ་ཡོན་ཏན་དང་། རྟོག་པ་མེད་པར་གཞན་སེམས་མཁྱེན་སོགས། གང་རུང་གཅིག་མི་བདེན་ཏེ་རང་རེའི་བློ་དང་འགལ་ལོ་སྙམས་ན་དངོས་གཞིའོ། །གཞན་གྲུབ་མཐའ་སྨད་སྐབས་བཞིན་ནོ། ༈། གདུག་ལ་རྟག་ཏུ་
(༦༤༨)བྱམས་ལྡན་མིན། །ཞེས་གདུག་པ་ནི། བདུད་དང་མུ་སྟེགས། ཕྱིར་རྒོལ། ལོག་སྲེད་ཅན་སོགས་ཞིང་བཅུ་ཚང་བ་ལའང་བཤད་པས། ཞིང་བཅུ་ནི། སྒེགས་པ་རྡོ་རྗེའི་གསལ་བཀྲ་ལས་བཤད་ཁྱད་པར་གྱི་དམ་ཚིག་གོང་དུ་བཤད་པ་དང་། ཕྱག་བཞི་པའི་རྒྱུད་ཁ་གཅིག་ཏུ། བླ་མ་ལ་སྡང་སྔགས་ལ་སྨོད། བསྟན་པ་སྡང་ཞིང་སེམས་ཅན་འཚེ། །དཀོན་མཆོག་སྨོད་དང་སྒྲུབ་ལ་ལྡང་། །དམ་ཉམས་པ་དང་ངན་སོང་གསུམ། །ཞེས་གསུངས། ༈ཡང་ན་སྙིང་མ་ལས། ཉམས་པ་བདུན་ལྡན་ནི། སྲོག་དོན་བཀའ་དམ་ལས་ཀྱིས་ཉམས། །མཚན་མ་འདོད་པ་ཉམས་དང་བདུན། ༈། ཕ་མ་སློབ་དཔོན་མཁན་པོ་གསོད། །རྡོ་རྗེ་ནང་དམེ་བྱེད་པ་ནི། །སྲོག་ལས་ཉམས་པ་བསྒྲལ་བའི་ཞིང་། །སློབ་དཔོན་བཀའ་བསླུ་ངན་སྤྱོད་སེམས། །སྔགས་དང་ཕྱག་རྒྱ་རྒྱུན་གཅོད་དང་། །གསང་བ་གཞན་ལ་སྤེལ་བ་རྣམས། །དོན་ལས་ཉམས་པ་བསྒྲལ་བའི་ཞིང་། །རྣལ་འབྱོར་ཆས་རྐུ་མཚང་ནས་འབྲུ། །བཀའ་སྨོད་འཁོར་རྣམས་ལོག་པར་ཁྲིད། །རྟོགས་ཀྱི་དོན་སྟོན་ལེགས་པ་མཐོང་། །བཀའ་ལས་ཉམས་པ་བསྒྲལ་བའི་ཞིང་། །གཞི་མེད་བསྐུར་འདེབས་ལྟ་བ་ནོར། །ལོག་པར་སྤྱོད་པ་དང་དུ་ལེན། །གཞུང་བོར་ཕྱིན་ཅི་ལོག་ལ་མཁས། དམ་ལས་
(༦༤༩)ཉམས་པ་བསྒྲལ་བའི་ཞིང་། །སྔོན་ཆད་འཁོན་མེད་བློ་བུར་དུ། །ཁྱད་གསོད་བྱ་བ་ངན་ལ་འཇུག། རང་ཉེས་མི་དྲན་གཞན་མཐུ་བྱེད། །ལས་ཀྱི་ཉམས་པ་བསྒྲལ་བའི་ཞིང་། །གཉིས་མེད་དོན་ལ་ཕྱོགས་ཆར་འཛིན། །ང་ཉིད་དཔལ་ཆེན་ཡིན་ནོ་ཟེར། །གཞན་ལ་འཚེ་ཞིང་ལྟ་བ་ལོག། སྐྱེ་མེད་དོན་ལ་ཚད་མར་འཛིན། །མཚན་མ་ཉམས་པ་བསྒྲལ་བའི་ཞིང་། ། མི་ཐོད་ཞིང་ཆེན་མཚན་མར་ཐོག། གསང་སྔགས་རྐུ་ཞིང་གཞོག་སློང་བྱེད། །གཡོ་རྒྱུ་ཐོ་ཅོས་ནོར་སོགས་འགུགས། །འདོད་པ་ཉམས་པ་བསྒྲལ་བའི་ཞིང་། །ཞེས་གསུངས། དེ་ལྟ་བུའི་འདུག་པ་ཅན་རྣམས་མངོན་པར་ཤེས་པ་ཐོབ་པས་ཕྱིས་དགེ་རྩ་མི་སྐྱེ་བར་ངན་སོང་དུ་འགྲོ་ངེས་ན་བྱམས་པ་ཆེན་པོའི་མངོན་སྤྱོད་ཀྱིས་བསྒྲལ་དགོས་པ་དང་། །ཡང་ན་རྫུ་འཕྲུལ་སོགས་ཀྱི་བསྡིགས་དགོས་པ་ལ། དེ་ལྟར་མི་བྱེད་པར། ཁོ་ཡི་བྱ་བ་བཟང་པོ་ཡིན་པ་ལྟར་འཕྲལ་དེར་དེའི་ལོག་སྤྱོད་དང་མཐུན་པར་བྱེད་ན་བྱམས་པ་ལྟར་བྱེད་ན་རྩ་ལྟུང་ཡིན་པས་ལྟར་སྣང་གི་བྱམས་པ་མི་བྱའོ། །སྙམས་ལས་ཀྱིས་ནུས་ཀྱང་མི་འདུལ་ན་སྦམ་པོའོ། །འདུལ་མི་ནུས་ཀྱང་། ཀྱེ་མ་དུས་གཞན་ལ་འདི་ཉེས་པ་ལས་ལོག་པར་གྱུར་ཅིག། ཞེས་
(༦༥༠)སྙིང་རྗེས་མི་འཛིན་ན་ཉེས་བྱས་སོ། །གཞན་གཏུམ་པོ་ལ་སོགས་པ་སྤྲུལ་བར་གོ་བ་དང་། དུས་དང་ཐབས་མེད་པ་དང་དེ་ལས་གནོད་པ་ཆེར་འབྱུང་བར་མཐོང་ན་ཉེས་པ་མེད་དོ། ། མིང་བྲལ་དོན་ལ་སྒྲོ་འདོག་ཡངས། ཞེས་པ། མིང་ནི་བཞི་སྟེ་ཚོར་འདུ། འདུ་བྱེད་རྣམ་ཤེས་བཞི་དང་སོགས་པ་ནི་གཟུགས་སྟེ། དེ་ཐམས་ཅད་དང་བྲལ་བ་ནི། ཆོས་དབྱིངས་དང་། དེ་བཞིན་ཉིད་དང་བརྗོད་དུ་མེད་པའི་དོན་སྟེ། དེ་ནི། རྒྱུད་བླ་མ་ལས། ཕྲ་ཕྱིར་ཐོས་པའི་ཡུལ་མ་ཡིན། །དོན་མ་ཡིན་ཕྱིར་བསམ་བྱའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །བསྒོམ་པ་ལ་སོགས་ཡུན་མ་ཡིན། །སོགས། སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །ཞེས་གསུངས་པའི་དོན་ལ། བློས་དཔྱོད་ཅིང་། ཡོད་པ་དང་མེད་པ་དང་གཉིས་ཡིན་དང་། གཉིས་མིན་བློས་སྒྲོ་འདོགས་ན་ལྟུང་བའོ། །ཕྲ་རགས་ནི་དྲུག་པའི་གནས་སྐབས་བཞིན་ནོ། །དེ་ལྟ་བུའི་ཆོས་དེ། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །རྒྱུད་བླ་མ་ལས་གསུངས་ཕྱིར་དད་པས་མོས་པ་ནི་སྐྱོན་མ་ཡིན་ནོ། ༈། དད་ལྡན་སེམས་ཅན་སུན་མི་འབྱུང་། །ཞེས་པ། ཡང་དག་པའི་དོན་དང་། དེ་སྟོན་པའི་སངས་རྒྱས་ལ་དད་པ་ལྡན་པའི་སེམས་ཅན་སུན་
(༦༥༡)མེད་བྱུང་སྟེ། ཕྱུང་ན་ལྟུང་བར་འགྱུར་རོ། །ཅིང་ཙམ་གྱིས་སུན་ཕྱུང་བར་འགྱུར་ཞེ་ན། ཀྱེ་ཁྱོད་ཀྱི་བརྩོན་པ་འདིས་ཅི་ཞིག་བྱ། སངས་རྒྱས་ནི་བསྒྲུབ་དཀའོ། །ཞེས་སམ། ཚུལ་གྱིས་ཀྱང་རུང་སྟེ། བྱང་ཆུབ་གསུམ་གྱི་ལམ་ལས་ཕྱིར་ལྡོག་པར་བྱེད་པ་དང་། གསང་སྔགས་ཀྱི་སྤྱོད་པ་བློ་ཆུང་གིས་མཐོང་བས་དད་པ་ལྡོག་པར་འགྱུར་བ་སྟེ། དབྱེ་བ་ནི། རྡོ་རྗེ་ཐེག་པ་ལས་ལོག་ན་དངོས་གཞིའོ། །མདོ་དང་། ཉན་ཐོས་ཀྱི་ལམ་ལས་ལོག་ན་སྦམ་པོའོ། །སྒྱིད་ལུགས་ན་ཉེས་བྱས་སོ། ༈། དམ་ཚིག་རྙེད་པ་ཡང་མི་བྱ། །ཞེས་པ་ནི། དམ་ཚིག་གི་སྒྲས་སྨོས་པའི། ཤ་ལྔ་དང་། བདུད་རྩི་ལྔ་དང་། ཆང་ལ་སོགས་པ། ཕྱི་ནང་གསང་བའི་དོན་དུ་བསྟན་པ་དེ་རྣམས། ཚོགས་ཀྱི་འཁོར་ལོ་བསྐོར་བའི་དུས་དང་། དབང་གསུམ་པ་དང་བཞི་པའི་སྐབས་དངོས་སམ་ཡིད་ཀྱི་རིག་མ་བསྟན་པ་དང་། རྡོར་དྲིལ་རྒྱན་དྲུག་ལག་པའི་ཕྱག་རྒྱ་བསྟན་པ་སོགས། །སྤང་ཞིང་དོར་བར་མི་བྱ་སྟེ་དོར་ན་ལྟུང་བའོ། །མདོར་ན་དམ་ཚིག།། །ལ་བརྡའ་ཡི་སྐད་ཀྱིས་མ་བརྗོད་ནའང་ཉམས་པར་འགྱུར་རོ། །དབྱེ་བ་ནི་ཤེས་བཞིན་ཉོན་མོངས་པ་དང་བཅས་པས་ཁྱད་པར་དུ་གསོད་ན་ལྟུང་བའོ། །ཉན་ཐོས་སོགས་ཀྱིས་གོང་མའི་བྱ་བ་དོར་ནས་འོག་མའི་དམ་ཚིག་ལྟར་བྱེད་ན་སྦམ་
(༦༥༢)པོའོ། །མི་ཤེས་པ་དང་བག་མེད་པའི་སྙམ་ལས་ཀྱི་ཉེས་བྱས་སོ། །གཞན་དོན་ལ་མཉམ་ཉིད་རྟོགས་ན་ཉེས་པ་མེད་དོ། ༈། ཤེས་རབ་བུད་མེད་མི་སྨད་པའོ། །ཞེས་པ། ཤེས་རབ་ཐོས་བསམ་བསྒོམ་པས་བརྟེན་པར་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡུམ་ཆེན་པོའོ། །དེའི་རང་བཞིན་གྱི་བུད་མེད་ནི་ཕྱག་རྒྱ་ཡིན་ལ། བྱེ་བྲག་ཏུ། དབང་གསུམ་པའི་སྐབས་ཀྱི་རིག་མ་ལས་རྒྱ་བརྟེན་པའོ། །ཕྱག་རྒྱ་བཞི་ཀ་བུད་མེད་ཀྱི་སྒྲལ་བསྟན་པ་ལ་སྨོད་ན་ལྟུང་བའོ། །ལས་རྒྱ་བརྟེན་པ་ལ་ངོས་དང་ལྐོག་ནས་དམོད་ན་སྦམ་པོའོ། །བུད་མེད་སྤྱི་ལ་སྨད་ན་ཉེས་བྱས་སོ། ༈། དེ་ལྟར་རྩ་ལྟུང་བཅུ་བཞི་འདི་དང་འགལ་ན་གསང་སྔགས་ཀྱི་ལྟུང་བའི་ནང་ནས་ལྕི་བས་མ་བཤགས་ན་རྡོ་རྗེའི་དམྱལ་བར་ལྟུང་བའོ། ༈། རྩ་ལྟུང་དང་ཕྱོགས་མཐུན་པའི་ཡན་ལག་གི་ལྟུང་བ་བརྒྱད་ནི། དམ་མེད་རིག་མ་བསྟེན་མི་བྱ། །ཚོགས་ཀྱི་འཁོར་ལོ་རྩོད་པ་སྤངས། །མ་གསུང་པ་ཡི་རིག་མ་ལ། །དམ་རྫས་བདུད་རྩི་བླང་མི་བྱ། །གསང་ཆོས་དུས་ལྡན་བསྟེན་པར་བྱ། །ཆོས་འདྲི་བྲེ་མོའི་གཏམ་མི་བྱ། །ཉན་ཐོས་ནང་དུ་ཞག་བདུན་མིན། །རྣལ་འབྱོར་ཡེ་ཤེས་མི་ཤེས་པར། །རྡོ་རྗེ་འཛིན་པར་ཁས་མི་བླངས། །དུས་མིན་གསང་ཆོས་སྟོན་པ་མིན། །འདི་འགལ་ཡན་
(༦༥༣)ལག་ཏུ་ལྟུང་བར་བརྗོད། འདི་བརྒྱད་ལ་ཕམ་པ་མེད་པས་སྦམ་པོ་དང་མཚུངས་ཡན་ལག་སྦམ་པོ་བརྒྱད་ཞེས་ཀྱང་བྱ། ༈དང་པོ་དམ་ཚིག་དང་མི་ལྡན་པའི་རིག་མ་ནི་དབང་མ་ཐོབ་པ་དང་། གསང་མི་ཐུབ་པ་དང་། བདག་ཉིད་ལ་མི་དད་པ་དང་། མཚན་ཉིད་བཤད་པ་དང་མི་ལྡན་པའི་རིག་མ་བརྟེན་པ་ནི་ལྟུང་བ་ཡིན་པས་བསྟེན་པར་མི་བྱའོ། ༈། གཉིས་པ་ཚོགས་ཀྱི་འཁོར་ལོའི་སྐབས་སུ་བག་མེད་པའི་དབང་གིས་སམ། ཡོན་ཏན་། ལྷག་པའི་ང་རྒྱལ་གྱི་བརྩོད་པར་མི་བྱའོ། །སྟན་དེ་ཉིད་ལ་ཞེ་ན་ཉེས་བྱས་སོ། ༈། གསུམ་པ། རྒྱུད་ནས་གསུངས་པའི་རིགས་ལྡན་གྱི་མཚན་རྟགས་མེད་པའི་རིག་མ་ལས་བདུད་རྩི་ལྔ་ཕྱི་དང་ནང་གི་བདག་ཉིད་ཀྱིས་བླང་ནས་མ་བཤགས་པར་དུས་འདས་ན་སྦམ་པོའོ། ༈། བཞི་པ། སྣོད་ལྡན་དོན་གཉེར་ལ། གསང་བའི་ཆོས་བཤད་པའི་དུས་དང་ལྡན་ལ་བཤད་དགོས་ཀྱང་། དཔེ་འཁྱུད་དང་། རང་གི་ཆེད་དམ། འདོད་པས་ལོངས་སྤྱོད་མེད་པས་མི་སྟོན་ན་སྦམ་པོའོ། །སྟོན་རུང་ངམ་མི་རུང་ཐེ་ཚོམ་པས་མ་བསྟན་ན་ཉེས་བྱས་སོ། ༈། ལྔ་པ། དད་ལྡན་གྱིས་ཆོས་འདྲི་བ་ལ། ཀུ་རེ་ལྟ་བུའི་རླུང་ལ་བསྐུར་ན་ལྟུང་བ་སྟེ། དེའང་། ཐེག་ཆེན་འདྲི་བ་
(༦༥༤)ལ་བྲེ་མོའི་གཏམ་སྟོན་ན་སྦམ་པོའོ། །ཐེག་དམན་འདྲི་བ་ལ་ཉེས་བྱས་སོ། ༈། དྲུག་པ། གསང་སྔགས་ཐེག་ཆེན་གྱི་ཆོས་ལ་མི་དད་པའི་ཉན་ཐོས་ནང་དུ་ཞག་བདུན་ལོངས་པར་བསྡད་ནས། རང་ཚུལ་དོར་ནས་གནས་ན་སྦམ་པོའོ། །རྐྱེན་དབང་གིས་གནས་ན་ཉེས་བྱས་སོ། །འདུལ་ཕྱིར་འདུག་ན་ཉེས་མེད་དོ། ༈། བདུན་པ་གསང་སྔགས་ཀྱི་ཚུལ་ཕྱི་ནང་གཞན་གསུམ་དང་ཟུང་འཇུག་གི་རྣལ་འབྱོར་ཡེ་ཤེས་མི་ཤིས་པར། བསྐྱེད་རིམ་སོགས། གསང་སྔགས་ཀྱི་ཕྱོགས་ཙམ་ཤེས་པས། མངོན་པའི་ང་རྒྱལ་གྱིས་ང་ནི་སྔགས་པ་རྡོ་རྗེ་འཛིན་པའོ། །ཞེས་ཁས་བླངས་ན་སྦམ་པོའོ། །ཕྱོགས་འདི་ཙམ་གྱི་སྔགས་པའོ་རློམ་ན་ཉེས་བྱས་སོ། །ང་རྒྱལ་རློམ་སེམས་མེད་ཅིང་མིང་བརྗོད་ན་ཉེས་མེད་དོ། ༈། བརྒྱད་པ་ནི། །སློབ་བཤད་ཀྱི་སྣོད་དུ་གྱུར་པ། རིན་པོ་ཆེ་ལྟ་བུ་མིན་པ་ཚོགས་བཤད་ཀྱི་སྣོད་དུ་གྱུར་པ། ཙནྡ་ལྟ་བུ་དང་། པདྨ་དང་། པདྨ་དཀར་པོ་དང་། ཨུཏྤལ་ལྟ་བུ་སྔར་བཤད་པ་དག་ལ། གསང་སྔགས་ཆོས་སྣོད་མིན་པ་ཤེས་བཞིན་དུ་བཤད་ན་སྦམ་པོའོ། །མ་ཤེས་པ་ཉེས་བྱས་སོ། ༈། བརྒྱད་པོ་ཀུན་ལ་ཕྲ་མོ་དང་ཉེས་མེད་ཀྱང་ཤེས་པར་བྱའོ། ༈། ཚོགས་ཀྱི་འཁོར་ལོ་རྩོད་པ་རྡོ་རྗེ་སྤུན་ལ་ཁྲོ་བ་མ་ཡིན་ནམ་ཞེ་ན། མིན་ཏེ། ཚོགས་ཀྱི་
(༦༥༥)རྩོད་པ་ནི། ཁྱོད་བསང་མཁས་པ་ལྟ་བུ་ཆོས་རྩོད་ཀྱིས་སེམས་འཁྲུགས་པ་སོགས་བྱེད་པ་ཡིན། ཞེ་སྡང་གིས་ཁྲོ་ན་རྩ་ལྟུང་གཉིས་པ་འབྱུང་། དེས་བླ་མ་མི་མཉེས་ན་གསུམ་པ་འབྱུང་། དེས་ཁྱོད་ཀྱི་འདི་ཆོས་མིན་ནོ་ཟེར་ན་བཞི་པ་འབྱུང་ངོ། །དེ་ང་རང་གི་ལུས་དང་ཁ་ཡིས་ལེན་ཅེས་རང་ལ་སྨད་ན་བརྒྱད་པ་སོགས་དུ་མ་ཁོངས་དུ་ཆུད་པར་བྱའོ། ༈། ཡང་། སྣོད་མིན་གསང་ཆོས་བསྟན་པ་གསང་སྒྲོགས་མིན་ནམ་ཞེ་ན་མིན་ཏེ། སློབ་མས་དབང་ཐོབ་ཅིང་རྒྱུད་ལྟ་བ་དང་། ཉན་པ་ལ་དབང་བ་ཡིན་པའི་ཕྱིར། འོན་ཀྱང་ཅུང་ཟད་ནང་གི་དོན་བློ་ལ་མི་མཚམས་པ་བཤད་པ་སྐྱོན་དུ་བསྟན་ཏོ། །དེ་སོགས་དུ་མ་འགྱུར་བ་ཞིབ་ཏུ་དཔྱད་པར་བྱའོ། ༈། ད་ནི་རྒྱུད་གཞན་ལས་བྱུང་བ་བསྐྱེད་རྫོགས་ཀྱི་ཚུལ་སྤྱོད་པ་དང་ཕྲིན་ལས་བསྒྲུབ་པར་བྱེད་པ་ལ་བསྟན་པ་ལྟུང་བ་བཅོ་ལྔ་ནི། འདི་ཡང་རྩ་བ་བཅུ་བཞི་ལ། འདུ་ཡང་རྣམ་གྲངས་གཙོ་བོ་ལྟ་བུ་བསྟན་ཏོ། །གང་ཞེ་ན། མཆོད་སོགས་དུས་ལས་འདས་པ་ནི། ཉིན་མཚན་དུ་སྒོ་གསུམ་གྱི་མཆོད་བསྟོད་བཟླས་པ་ཐ་ན་མོས་པ་ཡང་དྲན་པར་མི་བྱེད་ན་ལྟུང་བར་འགྱུར་བས། སླར་ཉིས་འགྱུར་དུ་བརྩོན་དགོས། བླ་མའི་དོན་དང་ན་བ་སོགས་ཉེས་
(༦༥༦)མེད་དོ། །རང་ལྷ་བླང་དོར་བྱེད་པ་ནི། རང་གི་ཐོག་མར་དབང་ཐོབ་པའི་རྩ་བའི་ཡིད་མ་དེ་ལས་ལྷ་གཞན་བཟང་བ་སེམས་བླང་དོར་བྱེད་ན་ལྟུང་བ་སྟེ། མཉམ་པར་རྟོགས་པ་དང་། །རྒྱུད་ཀྱི་རིམ་པ་གོང་མར་སྤྱོད་པ་དང་། ཕྲིན་ལས་ཀྱི་ཁ་བསྒྱུར་དང་། བླ་མའི་རྗེས་སུ་མོས་པ། གཅིག་པ་ཉིད་དུ་བྱིན་བརླབས་པ་ཉེས་པ་མེད་དོ། །ཕྱི་རོལ་འཇིག་རྟེན་ལྷ་དགའ་དང་ནི། མུ་སྟེགས་པའི་ལྷ་སོགས་ལ་རང་གི་ཡི་དམ་ལས་དགའ་ན་ལྟུང་བའོ། །གཞན་ཕན་དང་། དབང་མེད་ལྟ་བུ་ཉེས་པ་མེད། དངོས་པོ་ཐེར་ཟུག་ཞེན་ཅིང་བསྒོམ་ནི། བསྐྱེད་རིམ་སྒྱུ་མ་ལྟ་བུའམ། ཡང་ན་ཐུན་བསྡུ་ནས་རྫོགས་རིམ་གྱིས་རྒྱས་མི་འདེབས་ཐེར་ཟུག་ཏུ་ཞེན་ན་ལྟུང་བའོ། །དམིགས་པ་འཛིན་པ་དང་མཐུས་བརྟས་པར་བྱེད་པ་ལ་ཉེས་པ་མེད་དོ། །དབང་མ་རྫོགས་པར་གཞན་ལ་བསྐུར་ནི་། རང་གི་བུམ་དབང་ཙམ་ལས་དབང་གོང་མ་གསུམ་རྫོགས་པར་མ་ཐོབ་པར་གཞན་ལ་རྫོགས་པར་བསྐུར་ན་ལྟུང་བའོ། །གཞན་གྱི་རྒྱུད་མཆོག་གིས་ཐོབ་ཅིང་། བྱེ་བྲག་གིས་མ་ཐོབ་ན་ཕྲ་མོའི་ཉེས་བྱས་སོ། །འོན་ཀྱང་བསྟན་པ་རྒྱས་ཕྱིར་དང་། སྙིང་རྗེ་བྱས་ན་ཉེས་པ་མེད་དོ། །ལུང་བསྟན་ས་ཐོབ་ན་ཉེས་པ་མེད་དོ། ། ཚེ་འདིའི་དོན་དུ་བསྟན་པ་དང་། ཟབ་མོའི་དོན་ཕྱི་
(༦༥༧)མའི་དོན་དུ་མི་སེམས་ན་ལྟུང་བའོ། །ཚེ་འདི་ཞར་ལ་སེམས་ལ་ཉེས་མེད་དོ། ། འོག་མོའི་བསླབ་པ་ཁྱད་དུ་བསད། གོང་མ་ལ་ཡར་ལྡན་མཐོང་ན་ཉེས་པ་མེད་དོ། ། རྙེད་ཕྱིར་རང་ཚུལ་གོང་མར་སྟོན། འདི་ཚུལ་འཆོས་བྱེད་པས་ལྟུང་བའོ། །གཞན་དོན་དུ་ཉེས་པ་མེད། ནུས་མིན་ཕྲིན་ལས་བརྩམ་པ་དང་། རང་ལ་ནུས་པ་མེད་བཞིན་དུ་ཕྲིན་ལས་བཞི་བརྩམ་པས་གཞན་གྱིས་མ་དད་པ་དང་། ལོག་པར་བྱེད་པའི་རྐྱེན་བྱེད་ན་ལྟུང་བའོ། །རང་གི་མཐུ་བསྟས་པ་དང་། གྲོགས་བྱས་པ་ལ་ཉེས་པ་མེད་དོ། ། དོན་མེད་སྙམས་ལས་ཀྱིས་གནས་བྱེད། ན་བ་དང་རྐྱེན་དྲག་པོ་གཞན་མང་པོ་དང་འགལ་ན་ཉེས་པ་མེད་དོ། ། བརྩེ་བ་སྤོང་བར་བྱེད་པ་དང་། ནད་པ་དང་ལོག་སྤྱོད་ལ་བརྩེ་བས་བསྒྱུར་བར་མི་བྱེད་ན་ལྟུང་བའོ། །མི་ནུས་པའམ། གཞན་གྱིས་བྱེད་པ་ཡོད་ན་ཉེས་པ་མེད་དོ། ། དམན་པའི་སྤྱོད་པ་བྱེད་ལ་དགའ། རྣལ་འབྱོར་བླ་མེད་ཀྱི་ཚུལ་ལ་ཞུགས་ཤིང་ཤེས་ཀྱང་དེ་མི་བྱེད་པར་ཐེག་པ་འོག་མའི་སྤྱོད་ལ་དགའ་ན་ལྟུང་བའོ། །གཞན་འདུལ་བའི་དུས་ཤེས་པ་ལ་ཉེས་པ་མེད་དོ། ། འཇིག་རྟེན་གཡེང་བས་དུས་འདས་དང་། ཆོས་བརྒྱད་ཀྱི་གཡེངས་པས་ཉིན་མཚན་
(༦༥༨)དུས་འདའ་བ་ལྟུང་བའོ། །གཞན་དེས་འདུས་ན་ཉེས་པ་མེད། ཉམས་པ་ཡལ་བར་འདོར་བྱེད་ཅིང་། ཐེག་གསུམ་གྱི་སྡོམ་པ་ཞིག་ས་ཡལ་བར་འདོར་ན་ལྟུང་བའོ། །མི་ནུས་པ་དང་གཞན་གྱིས་འདུལ་བ་དང་། འདུལ་བའི་དུས་ལ་མ་བབ་པ་ཤེས་པ་ལ་ཉེས་པ་མེད་དོ། ། རང་ཚུལ་སྤྱོད་པ་འདོར་བྱེད་པ། ལས་དང་པོ་ནས་རྣལ་འབྱོར་མཆོག་གི་བར་དུ་རང་ཚུལ་དང་མཐུན་པའི་སྤྱོད་པ་མི་བྱེད་ན་ལྟུང་བའོ། །དྲི་མེད་འོད་ལས། ལས་དང་པོ་པས་རྣལ་འབྱོར་པའི་སྤྱོད་པ་མི་བྱ། རྣལ་འབྱོར་པས་གྲུབ་ཐོབ་ཀྱི༴གྲུབ་ཐོབ་ཀྱི་ཐམས་ཅད་མཁྱེན་པའི་སྤྱོད་པ་མི་བྱའོ། །གསུངས་ལྟར་སྤྱོད་པ་དུས་ཚོད་དང་འབྲེལ་བར་སྤྱོད་དོ། ༈། ད་ནི་དེ་ལས་ཡན་ལག་བདུན་གསུངས་ཏེ། དམ་པ་ཉེར་བརྟེན་གཅིག་ཤོས་མིན། བླ་མ་མཚན་ལྡན་བརྟན་དགོས། མི་ལྡན་པ་སྔར་ལྟར་བསྟན་ན་ཐབས་ཀྱིས་བཅོས་པར་བྱའོ། ། སྣོད་དང་ལྡན་པ་རྣམ་པར་བརྟགས། སློབ་མ་མ་བརྟགས་ན་དྲི་མ་ལས་ལྡང་དཀའ་བའི་ཕྱིར་རོ།། །འདོད་ཕྱིར་གཞན་ལ་གནོད་པ་སྤངས། འདོད་པས་སྔགས་ལ་སོགས་པ་དོན་ཆུང་ཕྱིར་དུ་སེམས་ཅན་ཤ་རུས་སོགས་ཀྱི་ཕྱིར་དུ་མི་འཚེ། དཀོན་མཆོག་ལ་སོགས་ནོར་ལ་མིན། དཀོན་མཆོག་གི་རྫས་ནི་ཤིན་
(༦༥༩)ཏུ་ལྕི་ཕྱིར། ཐ་ན། སྤོས་དྲི་མི་བསྣམས་པ་དང་། མར་མེའི་འོད་སྒྲིབ་ནས་ཉལ་ལོ། ། གཞན་དོན་སྐད་ཅིག་ཡལ་མི་འདོར། གཞན་དོན་བྱ་བ་དང་། དགེ་ཀུན་སེམས་བསྐྱེད་བསྔོ་བས་བཟུང་། དགེ་རྩ་ཀུན་སེམས་བསྐྱེད་དང་ལྡན་པར་བྱས་ལ། དགེ་བ་ཀུན་བསྔོ་བས་ཟིན་པར་བྱ། རྣམ་ཤེས་འཕོ་བའི་དེ་ཉིད་མཁས། འཆི་བའི་ཚེ་འོད་གསལ་ལས་ལྡང་ཚུལ་ཤེས་པར་བྱ་བ་དང་། འཕོ་བ་རན་མ་རན་ཤེས་པར་བྱ། དུས་མིན་དུ་འཕོས་ན་ཕུང་པོ་སངས་རྒྱས་བསད་པའི་ཉེས་པའང་། བར་དོར་ཟུང་འཇུག་མི་ཐོབ་པའི་སྐྱོན་ཡོད། ༈། ཕམ་སོགས་དབྱེ་བའི་གོ་རིམ་ཀྱང་། །ཉོན་མོངས་ཀུན་སློང་དེར་ཤེས་ལྡན། །ལུས་ངག་སྦྱོར་བརྟེན་བར་ཆོད་ཅིང་། །མ་འཁྲུལ་འགྱོད་མེད་ཚད་ལས་འདས། །བདུན་ལྡན་ཕམ་པ་ཞེས་བརྗོད་ལ། །དངོས་གཞི་མེད་དང་ཚད་ལས་འདས། །ལྟུང་བ་ཞེས་བརྗོད་ལྷག་མ་འདྲ། །དེ་བས་དམན་དང་ཡན་ལག་གི། །གཙོ་བོ་ལྕི་སྟེ་སྦམ་པོ་བཞིན། །ཡན་ལག་གཞན་དག་ལྟུང་བྱེད་མཚུངས། །ཕྱོགས་མཐུན་ཕྲ་མོ་ཉེས་ཏེ། ལྟུང་བ་ཉེས་མེད་གཟུགས་བསྙེན་སྣང་། །ལེགས་ཤེས་གཉེན་པོས་རབ་ཏུ་བསྟེན། ༈། བྱ་བ་དང་སྤྱོད་པའི་
(༦༦༠)རྒྱུད་རྣམས་ནི། ཕར་ཆེར་བླ་མ་དང་བུམ་པའི་དབང་གཙོ་ཆེ་ལ། སྨོན་འཇུག་བླ་མའི་དམ་ཚིག་དང་། ཀུན་བཏགས་ཀྱི་བསྐྱེད་རྫོགས་དང་། བཟླས་བརྗོད་དང་། མཆོད་བསྟོད་གཙོར་བཟུང་ངོ། །རྣལ་འབྱོར་དང་བླ་ན་མེད་པ་ནི། དབང་བཞི་བཞི་ཀ་ལྡན་པའི་ཕྱིར་ཐམས་ཅད་བཟང་མོད་ཀྱི། དབང་གསུམ་པ་དང་བཞི་པ་ནི། ཁྱད་པར་དུ། ལྔ་པ་དང་། དགུ་པ་དང་། བཅུ་གཅིག་པ་དང་བཅུ་བཞི་པ་དང་། དམ་ཚིག་གཙོ་བོ་ཡིན་པར་སེམས་སོ། །བླ་མ་ནི་ཐམས་ཅད་ལས་གཙོ་བོར་བཟུང་ངོ། །འོན་ཀྱང་དཀོན་མཆོག་གསུམ་གྱི་སྐྱབས་སུ་འགྲོ་བ་དང་འབྲེལ་ལ། བཞི་པ་དང་ལྔ་པ་ནི་ཀུན་རྫོབ་ཏུ་སེམས་བསྐྱེད་པའོ། །ཆོས་ལ་སྨོད་པ་དང་། གསང་སྒྲོགས་ནི། ཆོས་ཀྱི་བླངས་དོར་ཤེས་པ་དང་། མི་ཤེས་པ་ལ་བསྟེན་པ་སྟེ། བརྒྱད་པ་ནི་རྟེན་ཕུང་པོའི་དག་པ་མི་ཤེས་པ་སྤངས་པའོ། །དགུ་པ་ནི་དེའི་དག་པའི་ཐེ་ཚོམས་སྤངས་པའོ། །བཅུ་པ་ནི་ཚར་བཅད་པའོ། །བཅུ་གཅིག་པ་ནི་དོན་དམ་བྱང་ཆུབ་ཀྱི་སེམས་སོ། །བཅུ་གཉིས་པ་ནི་བཟུང་བའོ། །བཅུ་གསུམ་པ་ནི་བཅང་བ་དང་། བཟའ་བ་དང་། དཔྱད་པའོ། །བཅུ་བཞི་པ་ནི་འཆིང་བྱེད་ཀྱི་རྐྱེན་གྱི་དམ་ཚིག་སྟེ། དཀོན་མཆོག་ཕྱི་ནང་བྱང་ཆུབ་སེམས། ཡུལ་དང་ཡུལ་ཅན་ཕྱི་ནང་རྐྱེན། །ཚར་གཙོད་རྗེས་
(༦༦༡)བཟུངས་ཕྲིན་ལས་སུ། དམ་ཚིག་ཐམས་ཅད་བསྡུས་པའོ། །ཞེས་གསུངས། ༈གསང་སྔགས་རྙིང་མའི་མ་ཧཱ་ཡོ་གའི་དམ་ཚིག་ནི། ༈། དམ་ཚིག་ངོ་བོ་ནི། ཐུགས་ཏིག་ལས། གསང་སྒོར་ཞུགས་པ་ཐམས་ཅད་ཀྱི། །སྒོ་གསུམ་རང་གི་བསྲུང་བྱ་ལ། །རྒྱལ་པོའི་བཀའ་རྟགས་ཇི་ལྟར་བར། ༈། མི་འབྲལ་སྡོམ་པ་དེ་ངོ་བོ། ༈། ངེས་ཚིག་ནི། རྡོ་རྗེ་ལས། དམ་པ་རྣམས་ཀྱི་དགོངས་པ་ལ། །དབང་དང་བྱིན་བརླབས་ཐོབ་པ་ཡིས། །དམ་པའི་ཚུལ་བཞིན་ངེས་སྤྱད་ན། །མི་མཐུན་ཚོགས་རྣམས་ཚིག་པར་འགྱུར། །ཞེས་དང་། དམ་པ་འདི་ལས་གང་འདས་པའི། །རྡོ་རྗེ་ཅན་ཡང་ཚིག་པར་འགྱུར། ༈། དམ་ཚིག་གི་རྣམ་གྲངས་ནི། རྩ་བའི་དམ་ཚིག་ལྔ་ནི། བྱང་སེམས་རྣམ་གཉིས་སློབ་དཔོན་དྲུག། མཆེད་བཞི་སྔགས་གསུམ་ཕྱག་རྒྱ་བཞི། །གསང་བཅུད་རྩ་བར་ཤེས་པར་བྱ། ༈བྱང་སེམས་གཉིས་ནི། ཀུན་རྫོབ་བྱང་ཆུབ་ཀྱིས་སེམས་ལ། དོན་དམ་བྱང་ཆུབ་ཀྱི་སེམས་ཀྱིས་རྒྱས་ཐོབ་ཤིང་། ཡེ་གདོད་མ་ནས་ལུས་ལྷའི་རང་བཞིན། ངག་སྔགས་ཀྱི་རང་སྒྲ། སེམས་ཆོས་ཉིད་ཀྱི་རང་སྩལ་ལས་གང་དུའང་མ་གཡོས་མ་འདས་པའི་ཀློང་དུ་གྱུར་པ་ལས། སེམས་ཅན་གྱི་ལུས་ངག་ཡིད་གསུམ་ཡང་དེ་ལྟ་བུའི་
(༦༦༢)རོལ་པ་ལས་མ་འདས་པའི་ཕྱིར། དམ་ཚིག་མ་བསྲུང་བའི་ཡེ་སྲུང་ཆེན་པོར་ལྷུན་གྱིས་གྲུབ་པའོ། །དེ་ལྟ་བུའི་དམ་ཚིག་གི་མཚན་ཉིད་དུ་མ་ཤེས་ན་ཐེག་པ་ཆེན་པོའི་རྣལ་འབྱོར་པའི་གྲལ་དུ་མི་ཚུད་ཅེས་གླང་པོ་ཆེ་རབ་འབོག་གི་རྒྱུད་དུ་གྲགས་སོ། ༈། གཉིས་པ་སློབ་དཔོན་དྲུག་ནི། གསལ་བཀྲ་ལས། སྤྱི་དང་འདྲེན་དང་དམ་ཚིག་དང་། །ཉམས་ཆགས་སྐོང་དང་ཤིན་ཏུ་འགྲོལ། །མན་ངག་ལུང་གི་སློབ་དཔོན་རྣམས། །ཅེས་གསུངས་པ། རང་ཉིད་ཀྱིས་དབང་ཆོས་མ་ཐོབ་ཀྱང་། རྒྱལ་བསྟན་ལ་ཞུགས་པ་ཀུན་གྱིས་བསྐུར་འོས་པ་སྤྱིའི་བླ་མ་དང་། རང་ཉིད་ལ་ཐོག་མར་སྐྱབས་སྡོམ་གནང་བ་སོགས་ཆོས་སྒོར་བཅུག་མཁན་འདྲེན་པའི་བླ་མ་དང་། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་འཇུག་སྒོ་སྨིན་བྱེད་དབུ་དམར་གནང་མཁན། དམ་ཚིག་དབང་གི་སློབ་དཔོན་དང་གསུམ། གསང་སྔགས་ཀྱི་རྩ་བ་དམ་ཚིག་ཡིན་ལ། གལ་ཏེ་ཉམས་ཆགས་ཅུང་ཟད་ཤོར་ན་དེ་དག་གསོ་ཞིང་བསྐང་བར་མཛད་སོ། །ཉམས་ཆགས་བསྐང་བའི་བླ་མ་དང་བཞི། གསང་སྔགས་ཀྱི་རྒྱུད་ཟབ་མོའི་དོན་བཤད་པར་མཛད་པ་པོ་རང་རྒྱུད་གྲོལ་བར་མཛད་མཁན། ཤེས་རྒྱུད་གྲོལ་བའི་བླ་མ་དང་ལྔ། རྒྱུད་དོན་དེ་དག་ཉམས་སུ་ལེན་ཚུལ་སྙིང་པོར་དྲིལ་ནས། བསྐྱེད་
(༦༦༣)རྫོགས་ཀྱི་མན་ངག་ཟབ་མོ་མཇུག་ཁྲིད་དུ་སྟོན་མཛད་རྩ་བའི་བླ་མར་གྱུར་པ་མན་ངག་ལུང་གི་བླ་མ་དང་དྲུག་གོ། །དེ་ལ་སྤྱིའི་བླ་མ་ནི་ཡུལ་གྱི་རྒྱལ་པོར་ལྟ་བུར་བསྐུར། འདྲེན་པའི་བླ་མ་ནི་རང་གི་ཕ་ལྟ་བུར་བསྐུར་རོ། །ཉམས་ཆགས་བསྐང་བའི་བླ་མ་ནི་ཁུ་བོ་ལྟར་བསྐུར་རོ། །དབང་བསྐུར་བའི་བླ་མ་ནི་རང་གི་མ་ལྟར་དུ་དྲིན་ཆེ་བར་བསམ་ནས་བསྐུར་རོ། །རྒྱུད་བཤད་པའི་བླ་མ་ནི་རང་གི་བལྟ་བྱེད་ཀྱི་མིག་ལྟར་ཤེས་ནས་བསྐུར་རོ། །མན་ངག་སྟོན་པའི་བླ་མ་ནི་རང་གི་སྙིང་ལས་ཀྱང་ལྷག་པར་བལྟའ་སྟེ་བསྐུར་ཞིང་དམ་ཚིག་བསྲུངས་དགོས། དེ་དག་ལས། དབང་གནང་། རྒྱུད་བཤད། མན་ངག་བསྟན་པའི་བླ་མ་ནི་བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་སྟེ་ཤིན་ཏུ་བསྐུར་བར་བྱའོ། །བླ་མ་དྲུག་པོ་དེ་བླ་མ་གཅིག་ལ་རྫོགས་ན་ནི་ཤིན་ཏུ་བསྐུར་བར་བྱའོ། ༈། བསྐུར་ལུགས་ནི། བླ་མ་ཐ་མལ་དུ་མི་འཛིན་པར་སངས་རྒྱས་རྡོ་རྗེ་འཆང་དངོས་སུ་བལྟ་ཞིང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལས་ཀྱང་ཡོན་ཏན་ལྷག་པ། ཐུགས་རྗེ་ཆེ་བ། ཕྲིན་ལས་ལྷག་པ་ནུས་མཐུ་ཆེ་བ། བྱིན་རླབས་ཆེ་བ། དངོས་གྲུབ་ཆེ་བ། འཁོར་འདས་ཐམས་ཅད་ཀྱི་སྤྱི་དཔལ། རིགས་ཐམས་ཅད་ཀྱི་
(༦༦༤)ཁྱབ་བདག། དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག། མཆོག་ཐུན་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། འཁོར་འདས་ཀྱི་བདེ་ལེགས་ཐམས་ཅད་ཀྱི་བྱེད་པོ་ཡིན་པ་ཐག་གཅོད་ནས། ཅི་མཛད་ལེགས་མཐོང་། ཅི་གསུངས་ཚད་འཛིན། མེ་ལ་ཆུ་ཡིན། ཞྭ་ལ་ལྷམ་ཡིན་གསུངས་ཀྱང་བླ་མའི་གསུངས་ལ་བདེན་པར་འཛིན་ཏེ། ལུས་ཀྱི་སྒོ་ནས་ཕྱག་འཚལ་བ། བསྐོར་བ་བྱེད་བཞུགས་ཁྲི་བཤམ། བྲན་དུ་བྱ། ཁོལ་པོར་བྱ། བླ་མའི་ཞབས་ཏོག་དུ་རང་གི་ལུས་དང་སྲོག་ལ་མི་བལྟ་བ་ཅི་ཡོད་པའི་དངོས་པོ་བཟང་དགུ་འབུལ། མཛེས་དགུས་བརྒྱན་འདོད་ཡོན་ལྔས་མཆོད། ཡོན་ཏན་ལ་བསྟོད་ཅིང་སྔགས་བརྗོད་ཐམས་ཅད་དུ་བརྗོད། གཏམ་དྲངས་པོ་བདེན་པར་ཞུ། ཚིག་སྙན་ཅིང་འཇམ་པར་ཞུ། ཞེ་པ་དང་བཅས་པས་ཞུ། གསོལ་འདེབས་རྒྱུན་མི་ཆད་པར་བྱ། ཐུགས་གང་ལ་དགྱེས་པ་ཐམས་ཅད་སྨྲ། ཡིད་ཀྱིས་མོས་གུས་དད་པ་གདུང་ཤུགས་དག་སྣང་། བླ་མ་ཆོས་སྐུའི་མོས་གུས་དཀོར་ཆིག་ཐུབ་ལ་འབད་པར་བྱ། དམ་ཚིག་བསྲུང་བར་བྱ་བ་ནི། ལུས་ཀྱི་སྒོ་ནས། བླ་མའི་སྐུ་ལ་བརྡོ་བ་དང་བརྡེག་པ་སོགས་སྨོས་ཅིང་། ཐ་ན་སྐུ་ལུས་ཀྱི་གྲིབ་མའང་འགོང་པར་མི་རུང་སྟེ། གལ་ཏེ་སྐུ་
(༦༦༥)ཡི་གྲིབ་མ་དེ་རང་གི་རྐང་པས་འགོམ་ན། རྒྱལ་བའི་མཆོད་རྟེན་བཤིགས་པ་དང་འདྲ་བར་གསུངས་པས། གཞུགས་གདན་སོགས་སྐུ་ཆས་རིགས་ལའང་འགོམ་ཡུག་མི་བྱ། དྲི་ཆུ་དང་མཆིལ་བསྣབ་སོགས་སྐུ་ཡི་ཉེ་སྐོར་དུ་མི་འདོར། མ་གནང་ན་སྔོན་ལ་མི་འགྲོ། སྐས་ལ་ཡར་འགྲོ་ན་སྐུ་རྒྱབ་ནས་འགྲོ། མར་ཕབ་ཚེ་སྔོན་ལ་ཕབ། གློ་ལུ་བ་ལྟ་བུའང་ལག་པས་རང་གི་ཁ་དགབ་ནས་ལུ། བླ་མའི་ཡོ་བྱེད་ཕྱག་རྗེས་ནི་བླ་མས་གནང་བ་མ་གཏོགས། རྐུ་འཕྲོག་ཧབ་ཐོབ་དུ་ཏིལ་འབྲུ་ཙམ་ཐ་ན་ཁབ་སྐུད་པ་ཙམ་ཡང་མི་བླངས་ངོ། །གལ་ཏེ་བླ་མའི་སྐུ་རྒྱུ་ཕྲའུ་ཙམ་མ་བྱིན་པར་བླང་ནའང་ཡི་དྭགས་ཀྱི་གནས་སུ་བསྐལ་པ་གསུམ་དུ་སྡུག་བསྔལ་ལ་སྤྱོད་དགོས་པར་གསུངས་སོ། །བླ་མའམ་ཡུམ་ལ་མི་སྤྱོད། ངག་གི་སྒོ་ནས་བླ་མའི་ཅི་གསུངས་བཀའ་ཚིག་ཟུར་ཙམ་ཡང་མི་བཅག། སེམས་ཅན་གྱི་སྲོག་ཆོད་གསུངས་ཀྱང་བཀའ་མི་བཅག། མི་མཉེས་པའི་ཚིག་མི་སྨྲ་རྫུན་གྱི་ཚིག་ཕྲ་མོ་ཉེས་མེད་ཙམ་ཡང་བླ་མ་ལ་མི་ཞུ། བླ་མ་ལ་ཕྲ་མ་མི་སྨྲ། བླ་མའི་བཀའ་སྐྱོན་གནང་བ་ལ། ཚིག་ལན་ཟློག་པ་སོགས་བྱས་ན། སྟོང་གསུམ་གྱི་
(༦༦༦)འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཐམས་ཅད་བསྙེན་བསྐུར་བྱས་ཀྱང་ཕན་པ་མེད་པར་རྡོ་རྗེའི་དམྱལ་བར་སྐྱེ་བ་ཐེ་ཚོམ་མེད་དོ། །ཞེས་གསུངས། བླ་མའི་སྐྱོན་གང་ཡང་གཞན་ལ་མི་བཤད། ཡོན་ཏན་མེད་ཀྱང་སྒྲོ་འདོགས་ནས་བསྔགས་པར་བྱའོ། །ཚིག་མི་བསྙན་པར་མི་སྨྲ་བར། ཀུ་རེ་དང་། རྐྱལ་ཀ་དོན་མེད་ངག་འཆལ་མི་ཞུའོ། །ཡིད་ཀྱི་སྒོ་ནས། བླ་མའི་གསང་ཡུམ་དང་། ཕྱག་རྫས་ཀྱི་རིགས་ལ་འདོད་ཆགས་མི་བྱ། མནལ་སེམས་མི་བྱ། བླ་མ་ལས་དང་ལྷག་སྙོམས་པའི་ང་རྒྱལ་གྱི་མཉམ་འགྲོགས་བརྙས་པ་མི་བྱ། བླ་མའི་ཕུན་ཚོགས་ལ་ཕྲག་དོག་གནོད་སེམས་མི་བྱ། གཡོ་རྒྱུ་མི་བྱ། འཕྱ་སེམས་མི་བྱ། མིག་སེར་མི་བྱ། ཁོག་སྐྲན་མི་བྱའོ། ༈། བླ་མ་དངོས་ལ་ཇི་ལྟ་བ་དེ་བཞིན་བླ་མའི་སྐུ་ཆ་ལ་གཏོགས་པའི། བླ་མའི་ཡུམ། སྲས་སོ། །སྲས་མོ། །མཆེད་ཡ། ཡབ་ཡུམ། ལྕམ་སྲིང་སོགས་སྐུ་ཉེ་དང་། ལས་བྱེད། ཉེ་གནས་དང་ཕྱག་གཡོགས་ཀྱི་རིགས་རྣམས་དང་བཅས་པ་ལ་བླ་མ་དང་ཁྱད་མེད་ཀྱི་བཀུར་ཏི་འབུལ་ཞིང་དམ་ཚིག་བསྲུང་ངོ། །དེ་བཞིན་དུ་བླ་མའི་བཀའ་ཉན། ཞབས་ཏོག་སྒྲུབ་མཁན། བུ་སློབ་གྲ་རིས། ཡོན་བདག་རྣམས་ལའང་བརྙས་པ་སྤངས། མདོར་ན་བླ་མ་ཉིད་ཀྱི་ཐུགས་
(༦༦༧)ལ་གང་བརྩེ་བའི་མི་དེ་ལ་བླ་མས་བརྩེ་བ་ལྟར་རང་གིས་ཀྱང་བླ་མ་དང་ཁྱེད་མེད་པས་བསྐུར་ཏི་འབུལ། གནོད་པ་མི་བྱ། བརྡུང་བརྡེག་མི་བྱ། རྩིག་རྩུབ་དམོད་མོ་མི་བྱའོ། ༈། རྩ་བའི་དམ་ཚིག་གསུམ་པ་ཁྱེད་བཞི་ནི། སྤྱིའི་མཆེད་ནི། བརྟགས་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་བློ་བུར་དྲི་མས་སྒྲིབ། །དེ་ཉིད་བསལ་ན་སངས་རྒྱས་སོ། །ཞེས་གསུངས་པས། སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་སྒྲིབ་བཅས་ཀྱི་སངས་རྒྱས་ཡིན་པས། ནམ་ཞིག་ལམ་ལ་ཞུགས་ན། སངས་རྒྱས་མི་ཐོབ་པའི་སེམས་ཅན་གཅིག་ཀྱང་མེད་པས་དང་། མ་འོང་བར་ཐམས་ཅད་སངས་རྒྱས་ཀྱི་དབྱིངས་སུ་རོ་གཅིག་པའི་སྤྱིའི་མཆེད་ཡིན་པ་དང་གཅིག། རིང་ལམ་ཉན་རང་གི་ལམ་མམ་བསྐལ་པ་གྲངས་མེད་སུམ་ཅུའི་གསུམ་སོགས་ལམ་བགྲོད་ནས་འཚང་རྒྱ་བའི་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལ་ཞུགས་སོ་ཅོག་ཐམས་ཅད་རིང་བའི་མཆེད་དང་གཉིས། ཉེ་ལམ་མི་ཚེ་དྲུག་ཅུ་སོགས་སམ་མི་ཚེ་གཅིག་གིས་སངས་རྒྱས་ཀྱི་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་ལ་ཞུགས་སོ་ཅིག་ཐམས་ཅད་ནི་ཉེ་བའི་མཆེད་དང་གསུམ། དེའང་བླ་མ་གཅིག་གིས་དཀྱིལ་འཁོར་གཅིག་ཏུ་དུས་གཅིག་ཏུ་སྨིན་གྲོལ་མཛད་སྒྲུབ་པ་ལ་ཉམས་སུ་བླངས་པ་ནི། འདྲེས་པའི་མཆེད་དང་བཞིའོ། ༈། དམ་
(༦༦༨)ཚིག་བསྲུང་ཐབས་ནི། སྤྱིའི་མཆེད་ནི་ཕ་ཚན་ནང་གཅིག་པའི་ཚུལ་ལྟར་དང་། རིང་བའི་མཆེད་ནི་གྲུ་ནང་གི་མི་ལྟར་དང་། ཉེ་བའི་མཆེད་ནི་བྱན་མོ་གཅིག་གི་ལག་ནས་འགྲིམ་པའི་ཟས་ལ་ལྷན་གཅིག་ཏུ་ཟ་བའི་ཚུལ་དང་། འདྲེས་པའི་མཆེད་ནི། ཕྲེང་ཐག་གཅིག་གི་ཕྲེང་བའི། རང་གི་སྲོག་ལས་གཅེས་སྤྲས་སུ་འཛིན་པའི་ཚུལ་བཞིན་བྱའོ། ༈། བཞི་པ། སྔགས་དང་ཕྱག་རྒྱ་རྒྱུན་མི་གཅོད་པ་ལས་སྔགས་གསུམ་སྟེ། རྒྱུ་མ་ནོར་བ་རྩ་བའི་སྔགས། བསྐྱེད་པ་རྐྱེན་གྱི་སྔགས། བཟླས་པ་ལས་ཀྱི་སྔགས་དང་གསུམ་མོ། །ཕྱག་རྒྱ་བཞི་ནི། ལྟ་བ་ཆོས་ཀྱི་ཕྱག་རྒྱ་ལ་ལྟ་བསྒོམ་གྱི་གཟེར་གདབ། འཛིན་པ་དམ་ཚིག་གི་ཕྱག་རྒྱ་མིག་འབྲས་ལྟར་བསྲུངས། སྤྱོད་པ་ལས་ཀྱི་ཕྱག་རྒྱ་བུད་མེད་རིགས་བཟང་རྒྱུན་དུ་བརྟེན། སྐུ་ཡོངས་སུ་རྫོགས་པའི་ཕྱག་རྒྱ་ཆེན་པོ་ལ་མཉམ་པར་བཞག། དེ་ལྟར་སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད་པ། སྐུ་སྣང་སྟོང་སྒྱུ་མ་ལྟ་བུའི་བསྐྱེད་རིམ་དང་མི་འབྲལ་བར་བྱའོ། །དེ་དག་ཡིད་མ།། །ལྷའི་བསྐྱེད་རྫོགས་བཟླས་བརྗོད་ཀྱི་དམ་ཚིག་གོ། ༈། རྩ་བའི་དམ་ཚིག་ལྔ་པ། གསང་བཅུ་ནི། སྤྱི་གསང་བཞི་དང་། བར་གསང་བཞི་དང་། གསང་བར་འོས་པ་དང་། གསང་བར་
(༦༦༩)གཉེར་གཏད་པ་དང་བཅུའོ། །དེ་ལས་སྤྱི་གསང་བཞི་ནི། ལྟ་བ་ཟབ་མོ་ཐུན་མོངས་མ་ཡིན་པ་གསང་བ་དང་། སྦྱོར་སྒྲོལ་ལ་སོགས་སྤྱོད་པ་རླབས་པོ་ཆེ་གསང་བ་དང་། གྲུབ་རྟགས་ཉེ་བའི་ཕྱིར་གྱི་ལྷ་དང་སྙིང་པོ་གསང་བ་དང་། དངོས་གྲུབ་ཉེ་བའི་ཕྱིར་གྲུབ་པའི་རྟགས་གསང་བ་དང་བཞིའོ། ༈། བར་གསང་བ་བཞི་ནི།། །།གྱིས་མི་མངོན་པའི་ཕྱིར་སྒྲུབ་པའི་གནས་གསང་བ་དང་། ཡ་གའི་གཏམ་མི་འབྱུང་ཕྱིར་སྒྲུབ།། །གྲོགས་ཕྱག་རྒྱ་གསང་བ་དང་། གསང་སྔགས་ཚུལ་བཞིན་གསང་བའི་ཕྱིར་སྒྲུབ་རྫས་གསང་བ་དང་། གསང་སྤྱོད་བྱ་ཕྱིར་སྒྲུབ་པའི་དུས་གསང་བ་དང་བཞིའོ། །གསང་བར་འོས་པ་ནི། ནང་མཆོད། གསང་མཆོད། སྨན་གཏོར་རཀྟ། བྷནྡྷ། ཕུར་པ། ཁ་ཊྭྃ། རྡོར་དྲིལ། ཕྲེང་བ། དུར་ཁྲོད་ཀྱི་ཆས་རུས་རྒྱན། བསྟན་རྫས། ཁྱད་པར་ཐོད་རྔ། རྐང་གླིང་རྣམས་གསང་བའོ། །གསང་བར་གཉེར་གཏད་པ་ནི། བླ་མ་དང་མཆེད་གྲོགས་ཀྱིས་གསང་དགོས་པར་གཉེར་གཏད་པ་མཆེད་ལྕམ་གསང་སྤྱོད་སོགས་མཚང་དུ་གྱུར་པ་རྣམས་དང་། །སྐྱེ་བོ་ཕོ་མོའི་ངན་སྤྱོད། མདོར་ན་བླ་མ་མཆེད་ལྕམ་སྐྱེ་བོ་ཕོ་མོ་གང་གིས་ཀྱང་སྤྱོད་པའི་རིགས་གཞན་ལ་གསང་བར་འོས་པའི་རིགས་ཐམས་ཅད་སྨྲ་
(༦༧༠)བར་མི་བྱ་བར་ཀུན་ལ་གསང་བ་དང་བཅུའོ། ༈། དེ་རྣམས་གང་ལ་གསང་ཞེ་ན། གླང་པོ་ཆེ་རབ་འབོག་གི་རྒྱུད་ལས། དམ་ཉམས་དམ་ལས་ལོག་པ་དང་། དམ་མེད་དཀྱིལ་འཁོར་མ་ཐོང་དང་༔གང་ཡང་ཉན་རང་ཐེག་པ་དམན༔འདྲེས་དང་མ་འདྲེས་ལ་སོགས་པ༔བློ་ཆུང་བྱིས་པའི་རིགས་རྣམས་ལ༔སེམས་ཀྱིས་བསྟན་པར་མི་བསམ་ཞིང་༔ལུས་ཀྱིས་ཐམས་ཅད་སྦས་ལ་བཤད༔ངག་གི་རྡོ་རྗེའི་ལྕེ་ཡོད་ཀྱང་༔སྒྲ་ཟུར་ཙམ་ཡང་མི་བརྗོད་ཅིང་༔བརྡའ་དང་རྣམ་འགྱུ་མཚོན་པས་སོ༔ཞེས་གསུངས། ༈དེའང་བླ་མ་དང་མཆེད་ནི་སྐུའི་དམ་ཚིག། སྔགས་དང་ཕྱག་རྒྱ་ནི་གསུངས་གི་དམ་ཚིག། གསང་བཅུ་ནི་ཐུགས་ཀྱི་དམ་ཚིག་གོ། ༈། ཡན་ལག་གི་དམ་ཚིག་ཉེར་ལྔ་ནི། ༈། གསལ་བཀྲ་ལས། སྤྱད་པ་ལྔ་དང་མི་སྤང་ལྔ། དང་དུ་བླངས་དང་བསྒྲུབ་དེ་བཞིན། །ཤེས་བྱ་ལྔ་རྣམས་ཐུན་མིན་བཤད། །ཞེས་གསུངས། ༈དེ་ལས། སྤྱད་བྱ་ལྔ་ནི། སྒྲོལ་བ། སྦྱོར་བ། མ་བྱིན་ལེན་པ། རྫུན་སྨྲ་བ། ངག་གླང་པོར་སྤྱོད་པ་དང་ལྔའོ། ༈། བསྒྲལ་བ་ལྔ་ལས་གང་བསྒྲལ་ན་སྤྱིར་ཁམས་གསུམ་སེམས་ཅན། དགོས་ཞིང་བཅུ་ཚང་བའི་བསྟན་དགྲ་རུ་ཏྲའོ། །གང་དུ་བསྒྲལ་ན་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་
(༦༧༡)དག་པའི་དབྱིངས་སུ་བསྒྲལ། གང་གིས་བསྒྲལ་ན་སྟོང་ཉིད་སྙིང་རྗེའི་ངང་ནས་ལྷ་གྱེད་དུ་གྱུར་པ་ཚད་མེད་བཞི་དང་ལྡན་པས་བསྒྲལ། ཅི་ཕྱིར་བསྒྲལ་ན་དགོས་ཆེད་དྲུག་སྟེ། བྱང་སེམས་ཀྱི་སྤྱོད་པ་རླབ་ཆེན་འཕེལ་བ་དང་། སེམས་ཅན་བདེ་དང་ལྡན་ཕྱིར་དང་། ལྷ་ཚོགས་མཉེས་ཕྱིར་དང་། རྣལ་འབྱོར་མཆེད་ལྕམ་ཉམས་ཆགས་བསྐང་ཕྱིར་དང་། ཁོའི་ལས་ངན་འཕྲོ་ཆད་ཕྱིར་དང་། ཁོ་ངན་སོང་ལས་ཐར་ནས་བྱང་ཆུབ་མྱུར་དུ་ཐོབ་ཕྱིར་རོ། །ཚུལ་ཇི་ལྟར་བསྒྲལ་ན། བྱང་ཆུབ་སེམས་ཀྱིས་ཏིང་འཛིན་སྔགས་རྒྱ་ལ་སྦྱངས་ཏེ། ཁོའི་སྒྲིབ་པ་སྦྱངས། རྣམ་ཤེས་ལྷར་བསྐྱེད་ནས་དབུ་དམར་ཞིང་བདེ་བ་ཅན་དུ་འཕང་ངོ། །དེ་སྤྲོས་བྲལ་དུ་ཤེས་པས་ཡེ་ཚོགས་རྫོགས། །རང་དོན་ཆོས་སྐུ་ཐོབ། ཁོའི་ཕུང་པོ་བྱིན་བརླབས་ནས་ཞལ་བསྟབས་བྱས་པས། བསོད་ཚོགས་རྫོགས་གཞན་དོན་གཟུགས་སྐུ་གཉིས་ཐོབ་བོ། ༈། འོ་ན་སྲོག་གཅོད་བྱས་པའི་མི་དགེ་བར་མི་འགྱུར་རམ་ཞེ་ན། མི་འགྱུར་ཏེ། ལུང་ལས། ཐབས་ཀྱི་སྤྱོད་པའི་འཆིང་གྱུར་ན། །བྱང་ཆུབ་སེམས་དཔའ་གདུལ་དབང་གིས། །རྔོན་དང་སྨད་འཚོང་བསྟན་པའང་རུང་། །ཁོ་དང་སྤྱོད་པ་དེ་མིན་ཕྱིར༔ཐབས་ཆེན་ལམ་ལ་གནས་པ་ཡིན༔སྐྱེས་བུ་ཀུན་གྱིས་བྱ་བར་འགྱུར༔ཞེས་གསུངས།
(༦༧༢)༈སྦྱོར་བ་ནི་དྲུག་སྟེ། གང་གིས་སྦྱོར་ན་ཆགས་སྲེད་བྲལ་བའི་རྣལ་འབྱོར་པས་བདག་གཞན་གྱི་དོན་མངོན་སུམ་སྒྲུབ་ཕྱིར་སྦྱོར། གང་ལ་སྦྱོར་ན། ལུང་དང་མཐུན་པའི་རིག་མ་མཚན་ལྡན་ལ་སྦྱོར། གང་དུ་སྦྱོར་ན་དབེན་གནས་སུ་སྦྱོར། གང་ལྟར་སྦྱོར་ན། དབང་བསྐུར། གདམ་པ་གདབ། ཉམས་ལེན།། །སྲང་དུ་བཅུག། དམ་ཚིག་ལ་གནས་པ་ལ། ཐབས་ལམ་ཟབ་མོའི་ལན་ལག་།། །གི་ལུགས་ལས་འབྱུང་བ་ལྟར་སྦྱོར། གང་ཕྱིར་སྦྱོར་ན། དངོས་གྲུབ་གཉིས་ཐོབ་ཕྱིར་དང་། སློབ་མ་སྨིན་ཕྱིར་དང་། ཕྲིན་ལས་སྒྲུབ་ཕྱིར་སོགས་ཀྱི་སླང་དུ་སྦྱོར། ཐབས་དང་མི་ལྡན་པའི་ཆགས་སྲེད་ཅན་ལ་སྦྱོར་བ་བྱེད་པ་མ་གནོང་ངོ། །ཆགས་སྲེད་ཅན་གྱིས་ཐབས་དང་མི་ལྡན་པར་སྦྱོར་ན་ངན་འགྲོར་འགྲོའོ། ༈། མ་བྱིན་པ་བླངས་པ་ལ་བརྒྱད་དེ། དོན་མ་བྱིན་པ་བླངས་བ་བླ་མས་མ་བསྒོམ་བྱས་ཀྱང་བསྒོམ་མོ། །ཐབས་མ་བྱིན་པ་བླངས་པ། སྐྱེ་བོའི་ཁྲོད་དུ་རིག་མ་མཚན་ལྡན་དང་། རྫས་མ་བྱིན་པ། བྷནྡྷ་མཚན་ལྡན་བུ་མོ་གཙང་མའི་ཏི་ལ་མངོན་སྤྱོད་ཀྱི་སྒྲུབ་རྫས། མཁའ་འགྲོ་ཆོས་སྐྱོང་གི་དམ་ཚིག། བམ། རོ་མཚན་ལྡན། ཞིང་བཅུ་ཚང་བའམ་སེར་སྣ་འགྱུར་བགེགས་ཅན་གྱི་ནོར་རྫས་རྣམས་མ་བྱིན་པར་བླངས་ཏེ་རང་འདོད་མེད་
(༦༧༣)པར་བླ་མ་དཀོན་མཆོག་ལ་མཆོད་པར་བྱའོ། ། དེ་ལས་གཞན་བླ་མའི་ཕྱག་རྫས་དང་། མཆེད་ལྕམ་དང་། དགེ་འདུན། བསྒོམ་ཆེན་དང་། ཕ་མ་དང་། ཚོགས་འཁོར་ལ་བསྔོ་བ་དང་། ཆོས་འཁོར་དང་། ལྷ་དང་མཆོད་རྟེན་གྱི་སྐོར་རྣམས་ཏིལ་འབྲུ་ཙམ་ཡང་མི་བླངས། གཞན་ཆོས་སྒོར་ཞུགས་པའི་སྐྱེ་བོ་ཕལ་པ་སོགས་ལས་ཀྱང་མ་བྱིན་མི་བླངས་ཏེ་བླངས་ན་སྐྱབས་སེམས་ཀྱི་སྡོམ་པ་དམ་ཚིག་དང་འགལ་ལོ། ༈། རྫུན་སྨྲ་བ་ལ་བཞི་སྟེ། བླ་མའི་སྟོན་ལ་བསྔགས་བརྗོད་ལ་མེད་ཀྱང་ཆེ་བ་བརྗོད་པ་སྨྲ་བར་བྱ་ཞེས་གསུངས། སྔར་བཤད་གསང་བཅུ་རྩ་བའི་དམ་ཚིག་ལ་གནས་པར་བྱ། ཞིང་བཅུ་ཚངས་པའི་བསྟན་དགྲ་ལ་རྫུན་དུ་སྨྲ། སེམས་ཅན་ལ་ཕན་པའི་ཕྱིར་རྫུན་དུ་སྨྲ་བར་བྱའོ། །རྫུན་དུ་མི་སྨྲ་བ་བཞི་ནི་བླ་མ་མཆེད་གྲོགས་ལ་རྫུན་མི་སྨྲ། སེམས་ཅན་ལ་གནོད་པའི་རྫུན་དང་། ཕན་གནོད་མེད་པའི་རྫུན་མི་སྨྲའོ། ༈། ཚིག་བརླང་པོ་སྨྲ་བ་ལ་བཞི་སྟེ། ཞིང་བཅུ་ཚར་གཅོད་ཕྱིར་དང་། དགྲ་བགེགས་བསྒྲལ་ཕྱིར་དྲག་སྔགས་དམོད་བཅོལ་དང་། གཞན་དོན་དུ་གྱུར་ན་དང་། ལོག་ལྟ་ཚར་གཅོད་ཕྱིར་སྨྲའོ། །མི་སྨྲ་བ་བཞི་ནི། རང་འདོད་དང་། གཞན་ལ་གནོད་པར་
(༦༧༤)འགྱུར་བ་དང་། དུག་ལྔ་ཁོང་ཁྲོའི་ཕྱིར་དང་། མ་བརྟགས་ཅལ་ཅོལ་དུ་མི་སྨྲའོ། ༈། མི་ཡང་བའི་དམ་ཚིག་ལྔ་ནི། ཉོན་མོངས་པ་ལྔ་སྟེ། དེ་ལྔ་ནི་རྟོགས་པའི་དུས་ན་ཡེ་ཤེས་ལྔ། ངོ་བོ་རྒྱལ་བ་རིགས་ལྔ། མ་སྤངས་གནས་སུ་དག་པ་ཡེ་ནས་རང་ལ་གནས་པའི་དོན་ཁོང་དུ་ཆུད་པར་བྱ། གཞན་ཡང་། གཞན་རྗེས་སུ་བཟུང་བའི་འདོད་ཆགས་མི་སྤངས། མ་རུང་བ་རྣམས་ཚར་གཅོད་ཕྱིར་ཞེ་སྡང་མི་སྤངས། ཡང་དག་པའི་ལྟ་བསྒོམ་སྤྱོད་པའི་ང་རྒྱལ་མི་སྤངས། ལྟ་བ་ཕྱོགས་རིས་མེད་པ། བསྒོམ་པ་མཚན་འཛིན་མེད་པ། སྤྱོད་པ་བླངས་དོར་མེད་པ་ཐམས་ཅད་མཉམ་ཉིད་ཆེན་པོར་རང་བཞིན་མ་བཅོས་ལྷུགས་པའི་ངང་ལ་གནས་པ་ནི་གཏི་མུག་ཆེན་པོ་ཡིན་པས་མི་སྤངས། ལྟ་སྤྱོད་དམན་ཅིང་དམ་ཉམས་ལོག་པའི་ལམ་ལ་ཁྲིད་པ་རྣམས་སུན་འབྱིན་ཕྱིར་ཕྲག་དོག་མི་སྤངས་སོ། ༈། དང་དུ་བླང་བའི་དམ་ཚིག་ལྔ་ནི། དྲི་ཆེན། བྱང་སེམས། མམ་པ། དམར་ཆེན་དྲི་ཆུ་ལྔ་ནི། ཡེ་ནས་རིགས་ལྔའི་ངོ་བོ་བདུད་རྩི་མཆོག་གི་དམ་ཚིག་ཏེ། །ཟོས་པས་འདུ་བའི་ནད་འཇོམས། ཚེའི་རིགས་འཛིན་ཐོབ། མཆོག་ཐུན་གྱི་དངོས་གྲུབ་ཐོབ་ཕྱིར་རྣལ་འབྱོར་པ་དྭངས་དུ་བླངས་པར་བྱའོ། ༈། བསྒྲུབ་པར་བྱ་བའི་དམ་ཚིག་ལྔ་ནི། རིགས་ལྔ། ཡེ་ཤེས་ལྔ་ཡབ་
(༦༧༥)ལྔ། ཡུམ་ལྔ། སྐུ་ལྔ་ཡང་། སྐུ་ལྔ། གསུང་ལྔ། ཐུགས་ལྔ། ཡོན་ཏན་ལྔ། ཕྲིན་ལས་ལྔ་ནི་བསྒྲུབ་པར་བྱ་བའོ། །རིགས་ལྔ་ནི་རྡོ་རྗེའི་རིགས་སོགས་ལྔའོ། །ཡེ་ཤེས་ལྔ་ནི་ཆོས་དབྱིངས་ཡེ་ཤེས་སོགས་ལྔའོ། །ཡབ་ལྔ་ནི། བུདྡྷ་ཧེ་རུ་ཀ་སོགས་ལྔའོ། །ཡུམ་ལྔ་ནི། བུདྡྷ་ཀྲོ་ཏི་ཤྲི།། །རི་སོགས་ལྔའོ། །སྐུ་ལྔ་ནི། ཆོས་སྐུ་སོགས་ལྔའོ། །གསུང་ལྔ་ནི་བསྐྱེད་པ་དོན་གྱི་གསུངས། དགོངས་པ་བརྡའི།། །གསུངས། བརྗོད་པ་ཚིག་གི་གསུངས། གནས་ལུགས་ལུང་གི་གསུངས། དབྱེར་མེད་རྡོ་རྗེའི་གསུངས་དང་ལྔའོ། །ཐུགས་ལྔ་ནི་ཡེ་ཤེས་ལྔའོ། །ཡོན་ཏན་ལྔ་ནི། གཞལ་ཡས་ཁང་། ཞིང་ཁམས། གདན་ཁྲི། རྒྱན། འོད་ཟེར་ཚོགས་ལྔའོ། །ཕྲིན་ལས་ལྔ་ནི། ཞི་རྒྱས་དབང་དྲག་ལས་སྣ་ཚོགས་པ་དང་ལྔའོ། ༈། ཤེས་པར་བྱ་བའི་དམ་ཚིག་ལྔ་ནི། ཕུང་པོ་ལྔ། འབྱུང་བ་ལྔ། དབང་པོ་ལྔ། ཡུལ་ལྔ། ཡན་ལག་ལྔ། སོར་མོ་ལྔ། ཉོན་མོངས་ལྔ། དམ་རྫས་ལྔ། ཤ་ལྔ། ཕྱོགས་ལྔ། ཁ་དོག་ལྔ། འགྲོ་བ་ལྔ། སྙིགས་མ་ལྔ། བག་ཆགས་ལྔ་སྟེ། འཁོར་བའི་ཆོས་བདུན་ཅུ་རྣམས། རིགས་ལྔ། ཡབ་ཡུམ་ལྔ་ཡེ་ཤེས་ལྔར་ཤེས་པར་བྱའོ། །དེ་དག་ལས་ཤ་ལྔ་ནི། སེངྒེ། གླང་ཆེན། རྟ་མཆོག་
(༦༧༦)རྨ་བྱ། ཤང་ཤང་གི་ཤ་ལྔར་ཡང་གསུངས། བག་ཆགས་ལྔ་ནི། ཟས་ཀྱི་བག་ཆགས། རྒྱུ་མཐུན་པའི༴རྣམ་སྨིན་གྱི༴མངོན་པར་བརྗོད་པའི༴ལས་ཀྱི་བག་ཆགས་དང་ལྔའོ། ༈། གཞན་ཡང་བླ་མ་དགོངས་འདུས་ལས། དམ་ཚིག་ཉམས་པའི་རྒྱུ་ཉི་ཤུ་གསུངས་ཏེ། དཔོན་དད་ཆེ་བས་ཡབ་ཡུམ་ལ་དགའ་བ། མི་ཆོས་ཀྱི་བར་འདུམ་ཞལ་ལྕེ་གཅོད་པ་ལ་སྤྲོ་བ། ཉོབ་ཆོར་ཆེ་བས་རང་བསྟོད་བྱེད་པ། གྲུབ་མཐའ་ཁ་འཛིན་ཆེ་བས་གཞན་ལ་སྨད་པ། ཟུར་མགོ་རག་པས་ཚིག་ཟུར་འཛིན་རྐྱེན་པ། ཁེ་དྲག་འདོད་ཕྱིར་ཟང་ཟིང་མང་པོ་ལ་བརྟེན་པ། ལོངས་སྤྱོད་ལ་ཆགས་སྲེད་ཀྱིས་བཅིངས་པ། རང་ཕྱོགས་མངའ་རིས་ཆུས་སྲིད་རྒྱས་ན་དགའ་ཞིང་། གཞན་ཇི་ལྟར་དགྱེས་དགྱེས་མཛོད་ཅེས་སྨྲ་བ་ཆང་དང་ཆེ་བས་བག་མེད་དུ་བཏུང་བ། རྒྱན་དང་ཆ་ལུགས་མང་བས་སྒེགས་ཆོས་བྱེད་ཅིང་རང་མཐོང་སྐྱེ་བ། ལྟ་བསྒོམ་མམ།། །སྤྱོད་གསུམ་ཉམས་པ་སྟེ་བླ་མ་དང་མཆེད་ལྕམ་ལ་ལོག་ལྟ། གདམས་ངག་ལ་ཐེ་ཚོམ་སྒྲུབ་མཐའ་ལ་ཡིད་གཉིས་བྱེད་པ་དང་། ཆོས་ལ་ཕྱོགས་རིས་བྱེད་ཅིང་རེས་འཇོག་ལམ་བོར་མང་པོ་རྐྱེན་པ། ཐོས་པ་ཕྲན་ཚེགས་ཀྱིས་ངོམས་རྐྱེན་པ། ཅལ་ཅོལ་མང་པོ་ལབ་དད་
(༦༧༧)ཆེ་བ། གསང་སྒོ་གང་ཡང་མི་ཐུབ་པ། གཙོང་སྨེ་དང་རྟོག་པ་ཆེ་བ། སྒྲོ་མེད་ལ་སྒྲོ་འདོག་སྐྱེན་པ། བསྐུར་བ་བཏབ་རྒྱུ་མེད་པ་ལ་བསྐུར་འདེབས་སྣ་ཚོགས་བྱེད་པ། མཆེད་ཀྱི་འོག་བྲུས་ནས་ཚོད་ཉུལ་མང་པོ་བྱེད་པ། འདོད་སྲེད་ཆེ་བས་བུ་ཚ་རིགས་རྒྱུད་མང་པོ་སྤེལ་བ། དབེན་གནས་སུ་གཅིག་པུར་སྒྲུབ་པ་བྱེད་པ་ལ་མི་ཆགས་པ། མང་པོའི་དཀྱིལ་དུ་དགའ་བ་དེ་རྣམས་དམ་ཚིག་ཉམས་པའི་རྒྱུར་གསུངས་ཕྱིར་བག་ཡོད་པར་བྱའོ། ༈། དམ་ཚིག་ཉམས་རྟགས་ནི། ཚེ་འདིར་ཡང་མི་རུང་བའི་ལྟས་ངན་སྣ་ཚོགས་པ་བསྟབས་བསྣོལ་དང་བཅས་པ་འབྱུང་ལ། གལ་ཏེ། དམ་ཚིག་ཉམས་ངེས་པ་ལ། ཉམས་རྟགས་མ་བྱུང་བར། སླར་བདེ་ལེགས་འབྱུང་ན། ཚེ་འདིར་སྨིན་མ་ནུས་པས་ཕྱི་མ་མནར་མེད་དུ་ལྟུང་བའི་སྔ་ལྟས་ཡིན་ནོ། ། གལ་ཏེ་དམ་ཚིག་མ་ཉམས་པ་ལ་ཉམས་རྟགས་བྱུང་ན། སྔོན་ལས་ཚེ་འདིར་སྨིན་ནས་ཟད་རྟགས་ཡིན་པ་བསྐངས་བཤགས་སོགས་ལ་འབད་ན། ཕྱི་མ་རིགས་འཛིན་བརྙེས་པར་ཡང་འགྱུར་བར་གསུངས་སོ། ༈། དམ་ཚིག་ཉམས་པའི་སྐྱོན་ནི། བྱང་ཆུབ་སེམས་ཀྱི་དམ་ཚིག་ཉམས་ན། བསྐལ་པར་སྒོ་གསུམ་གྱིས་དགེ་བཅུ་བསགས་ཀྱང་། གཞི་རྟེན་ཙམ་ཡང་མི་འབྱུང་བར་འཁོར་བའི་ཁམས་གསུམ་ཟག་པར་
(༦༧༨)འགྱུར། ༈སྐུའི་དམ་ཚིག་ཉམས་ན། ཚེ་འདིར་ལུས་ཀྱི་བདེ་བ་ཐམས་ཅད་དང་བྲལ་ཞིང་། །ཕྱི་མ། བསྐལ་པ་གཅིག་ཏུ་རྡོ་རྗེའི་དམྱལ་བར་ལྟུང་ངོ། ༈། གསུང་གི་དམ་ཚིག་ཉམས་ན། ཚེ་འདིར་ངག་གི་ཉེས་པ་རྣམས་འབྱུང་ཞིང་བྱིན་བརླབས་ཡལ། ཤི་ནས་བསྐལ་པ་གཉིས་སུ་རྡོ་རྗེའི་དམྱལ་བར་ལྟུང་ངོ། ༈། ཐུགས་ཀྱི་དམ་ཚིག་ཉམས་ན། ཡིད་ལ་མི་འདོད་པའི་རིགས་ཐམས་ཅད་འབྱུང་ཞིང་། ཤི་ནས་རྡོ་རྗེའི་དམྱལ་བར་བསྐལ་ཆེན་གསུམ་དུ་གནས་ནས་སྡུག་བསྔལ་བར་འགྱུར་རོ། ༈། དམ་ཚིག་ཉམས་ནས་མ་བཤགས་ན། ཚེ་འཕོས་མ་ཐག་ཏུ། མནར་མེད་པའི་དམྱལ་བར་ཞེས། གཞན་དམྱལ་ཁམས་བཅོ་བརྒྱད་པོ་ཐམས་ཅད་ཕྱོགས་གཅིག་ཏུ་དྲིལ་བའི་སྡུག་བསྔལ་གྱིས་འབུམ་གྱི་ཆར་ཡང་མི་ཕོད་པའི་སྡུག་བསྔལ་བསྲན་མི་བཟོད་པ་ཡུན་སྐབས་ཀྱང་བར་མཚམས་བཟུངས་དུ་མེད་པ་ཉམས་སུ་མྱོང་བར་འགྱུར་ལ། དེ་ལྟ་བུའི་དམྱལ་བ་ནི་སངས་རྒྱས་བརྒྱའམ། སྟང་ངམ། ཁྲིའམ། འབུམ་ལ་སོགས་པའི་ཐུགས་རྗེའི་འོད་ཟེར་དང་༔། བྱང་ཆུབ་སེམས་དཔའ་གྲངས་མེད་པའི་ཕྲིན་ལས་དང་། སྟོབས་རྒྱུན་ཆད་མེད་པ་དེ་ཉིད་གཅིག་པུར་ལ་འཛད་ཀྱང་༔རྡོ་རྗེའི་དམྱལ་བ་ཆེན་པོར་སྐྱེས་པ་དེ་ལ་ཕན་པར་མི་འགྱུར་ཞིང་། ༔རྡོ་རྗེའི་དམྱལ་བར་སྐྱེས་པའི་དམ་ཉམས་དེ་ནི་བསྐལ་པ་ཐེར་འབུམ་སོགས་དུ་ཡང་ཐར་མི་འགྱུར་རོ༔འཇིག་
(༦༧༩)རྟེན་དེ་འཇིག་ནའང་། འཇིག་རྟེན་གྱི་ཁམས་གཞན་དུ་འཕོ་ཞིང་༔། སྐད་ཅིག་ཡུད་ཙམ་གཅིག་གིས་ཡུན་སྐབས་ཀྱང་མི་འགྱངས་པར་སླེབ་ནས་སླར་སྔོན་བཞིན་བར་འཚམས་མེད་པར་ཤིན་ཏུ་དམྱལ་བར་འགྱུར་རོ༔། །ཞེས་དགོངས་འདུས་ལས་གསུངས་སོ། །༈། རང་བྱུང་རྡོ་རྗེས་དམ་ཚིག་རྒྱ་མཚོའི་རང་འགྲེལ་ལས་ཀྱང་། མ་བཤགས་རྡོ་རྗེའི་དམྱལ་བར་སོགས་ཚུལ་མེན་སྡུག་བསྔལ་བསམ་ལས། །། ཞེས་བྱ་བ་སྨོས་ཏེ། འདིར་ཕྱོགས་ཙམ་བརྗོད་པ། གང་དམ་ཚིག་ཉམས་པ་དེ་རྡོ་རྗེ་དམྱལ་བར་འགྲོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའི་འགྲེལ་བར། རྡོ་རྗེ་ནི་འོག་གི་རླུང་གི་དཀྱིལ་འཁོར་དང་། ནམ་མཁར་རླུང་རྡོ་རྗེའི་རང་བཞིན་གྱི་ཆར་གནས་པར་བཤད་དོ། །དེའི་རྣམ་པ་རྒྱ་ཆེ་ཐར་པ་ཆེན་པོ་འགྱོད་ཚང་གྱི་སྡིག་སྦྱོངས་སངས་རྒྱས་སུ་གྲུབ་པ་རྣམ་པར་བཀོད་པའི་མདོར་གསུངས་སོ། །ཚེའི་ཚད་ནི། འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལས། །དབང་བསྐུར་རྫོགས་ཐོབ་སློབ་དཔོན་ལ། །རྨོངས་པར་གྱུར་པའི་སློབ་མ་ཡིས། །སྦྱོར་བ་དངོས་གཞི་རབ་རྫོགས་པས། །རྩ་བ་ཡན་ལག་རྣམས་གྱུར་ན། །བློ་ངན་སློབ་མས་བཤགས་པར་བྱ། །གལ་ཏེ་མ་བཤགས་དུས་འདས་ན། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ཡི། །ཆུ་དེ་སྐྲ་ཡིས་གཏོར་ནུས་པ། །དེ་ཡི་ཚད་དུ་སྡུག་བསྔལ་མྱོང་། །རྡོ་རྗེའི་དམྱལ་
(༦༨༠)བར་གྲགས་པ་ཡིན། །ཞེས་གསུངས་སོ། །རྒྱས་འབྲིང་ལས་ཀྱང་། ཆོས་སྤང་བའི་ལས་བྱས་པའི་སེམས་ཅན་དམྱལ་བ་དེའི་ལུས་དང་སྡུག་བསྔལ་གྱི་ཚད་བཤད་ན། ཐོས་པའི་སེམས་ཅན་དེ་ཁ་ནས་ཁྲག་དྲོན་མོ་སྐྱུགས་ཅིང་འགུམ་པའམ། འགུམ་པ་ལ་ཐུག་པར་འགྱུར་བས། དེ་ཡི་ལུས་ཀྱི་ཚད་ནི་བཅོམ་ལྡན་འདས་ཀྱིས་མ་གསུངས་སོ། །ཞེས་དང་། འཇིག་རྟེན་ཆགས་སྟོང་གནས་ཀྱི་བསྐལ་པ་ཆེན་པོ་དུ་མར་གནས་པ་ལ་སོགས་སོ། །ཞེས་སོགས་དུ་མ་གསུངས་སོ། ༈། དམ་ཚིག་མ་ཉམས་པའི་ཡོན་ཏན་དུ་མར་གསུངས་པ་བྲིར་མི་ལང་ལ། མདོར་བསྡུས་ན། སྐུ་གསུང་ཐུགས་ཀྱི་དམ་ཚིག་མ་ཉམས་ན་གནས་སྐབས་སུ་ལུས་ངག་ཡིད་གསུམ་ལ་ཉེས་སྐྱོན་མི་འབྱུང་ཞིང་བདེ་ལེགས་དཔལ་ཡོན་ཐམས་ཅད་ཕུན་ཚོགས་པར་འགྱུར་ལ། མཐར་ཐུགས་རྫོགས་པའི་བྱང་ཆུབ་ཀྱང་མྱུར་དུ་ཐོབ་ནས། སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཐམས་ཅད་ཐོབ་པར་འགྱུར། ཡན་ལག་གི་དམ་ཚིག་མ་ཉམས་པས་བདག་གཞན་གྱི་དོན་གཉིས་ཡོངས་སུ་རྫོགས་པར་འགྱུར་རོ། ༈། དྲི་མེད་པདྨོ་འདབ་ཀྱི་རྒྱུད། །དབང་ཆེན་རྒྱ་མཚོ་མཐའ་ཡས་ལས། །དམ་ཚིག་ཐེག་ཆེན་ཆོས་ཀྱི་སྲོག། མ་ཉམས་བསྲུང་བའི་རྣལ་འབྱོར་ལ། །ཡེ་ཤེས་ཕོ་རྒྱུད་སྤྲིན་ལྟར་གཏིབ། །བགེགས་དང་ལོག་འདྲེན་བར་ཆད་སེལ། །མ་དང་མཁའ་འགྲོ་ཆར་ལྟར་འདུ། །མཆོག་དང་ཐུན་
(༦༨༡)མོངས་དངོས་གྲུབ་སྟེར། དམ་ཅན།། །།སྲུང་མ་བྲན་ལ་ཁོལ། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་འགྲུབ། །ཅེས་གསུངས། ༈དམ་ཚིག་རྒྱ་མཚོ་ལས་ཀྱང་། །མ་ཉམས་རབ་ནི་ཚེ་གཅིག་གིས། །རྡོ་རྗེ་སེམས་དཔའ་ཉིད་འགྲུབ་ཅིང་། །ཐུན་མོང་དངོས་གྲུབ་ཐམས་ཅད་ཀུན། །ཐོག་མེད་བསམ་པ་ཙམ་གྱིས་བགྲུབ། ༈འཇམ་དཔལ་གྲགས་པས་ཕན་ཡོན་མདོར་བསྡུས་བརྗོད་ལ། །བདེ་གཤེགས་རྣམས་ཀྱིས་བུ་བཞིན་རབ་དགོངས་ནས། །སྐུ་གསུམ་ཡེ་ཤེས་སྒྲིབ་མེད་མངོན་དུ་གྱུར། །ནད་མེད་ནོར་དང་རྐང་འགྲོས་མང་པོ་འཕེལ། །འབད་པ་མེད་པ་འདོད་པ་ཀུན་འགྲུབ་ཅིང་། །རྒྱལ་པོ་ལ་སོགས་གསོང་པོར་སྨྲ་བ་དང་། །སྐྱེ་བོ་མང་པོས་རྟགས་ཏུ་བསྐུར་བར་འགྱུར། །འཁོར་དང་ལོངས་སྤྱོད་མང་པོས་རྣམ་པར་མཛེས། །རིམས་གདོན་གནོད་པ་ཀུན་ལས་མྱུར་དུ་ཐར། །རིན་ཐང་མེད་པའི་རིན་ཆེན་རྣམས་ཀྱང་ཐོབ། །གདོན་དང་མཁའ་འགྲོ་རྣམས་ཀྱིས་འབར་བར་མཐོང་། །རྡོ་རྗེ་འཆང་བ་མང་པོ་རྗེས་སུ་འགྲང་། །བྱང་ཆུབ་སེམས་དཔའ་མང་པོས་སྤུན་བཞིན་དགོངས། །སྔགས་དང་ཞིང་སྐྱེས་མཁའ་འགྲོས་དངོས་གྲུབ་སྟེ། །འཇིག་རྟེན་སྐྱོང་བ་ཀུན་གྱིས་རྟགས་ཏུ་སྐྱོང་། །གདུག་པ་ཅན་རྣམས་མཐོང་ནས་དགའ་བར་བྱེད། །འབད་པ་མེད་པར་གསུངས་པའི་ལས་རྣམས་འགྲུབ། །ཞིང་གཞན་
(༦༨༢)བསྐལ་མང་སྡོམ་ལ་གནས་པ་བས། །སྐད་ཅིག་འདིར་གནས་འབྲས་བུ་རྫོགས་པར་བྱེད། །ཐབས་ཀྱི་བསོད་ནམས་ཚོགས་ནི་རབ་རྫོགས་བྱེད། །བདེན་པའི་ངག་ཅན་དེ་ནི་ལུང་བསྟན་ཏེ། །བརྟགས་པ་རྣམས་ལོག་བདེན་པའི་དོན་མཐོང་ནས། །གནས་པར་འཕགས་པར་མི་མཐུན་ཕྱོགས་སྤངས་ཏེ། །སྒྱུ་མ་ལྟ་བུར་རྟོག་མེད་མཉམ་པར་གནས། །ཁ་སྦྱོར་བདེ་བ་མཚན་གྱིས་རྣམ་པར་བརྒྱན། །སྟོབས་སོགས་སངས་རྒྱས་མཚན་རྣམས་ཡོངས་རྫོགས་ནས། །འབད་མེད་རྩོལ་མེད་ཡིད་བཞིན་ནོར་བུ་ལྟར། །དུས་ལས་ཡོལ་མེད་དྭངས་མའི་ཆུ་ཟླ་བཞིན། །དེ་དག་སྟོབས་ལྡན་རྣམས་ལ་མངོན་སུམ་བཞིན། །ཞེས་གསུངས་སོ། ༈། གལ་ཏེ་དམ་ཚིག་ཉམས་ན་བཤགས་ཐབས་ནི། རྣལ་འབྱོར་བླ་མེད་རྒྱུད་ཀྱི་རྩ་ལྟུང་བྱུང་ན་བཤགས་ཐབས་སོགས། །དམ་ཚིག་རྒྱ་མཚོའི་གཞུང་ལས། གལ་ཏེ་ཉམས་ན་བཤགས་བྱ་སྟེ། །དབུ་དམར་སྦྱིན་སྲེགས་གསང་སྔགས་དང་། །མཎྜལ་གཏོར་མའི་རིམ་པ་ནི། །ཉམས་པའི་ཚད་དང་སྦྱར་ཏེ་སྤྱད། །ལུས་ངག་ཡིད་ཀྱི་རིམ་པ་ཡིན། །དཀའ་སྤྱད་བསམ་གཏན་ཚུལ་བཞིན་སྦྱར། །ཞེས་པས། ཐོག་མར་སློབ་དཔོན་ལ་རྩ་བ་རྫོགས་པ་ནས་ཉམས་ན་བཤགས་པའི་ཚད་ནི། འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལས། །རྡོ་རྗེ་འཛིན་པ་རབ་ཏུ་ཉོན། །བསྐང་བའི་ཆོ་ག་
(༦༨༣)བཤད་པར་བྱ། །གཅིག་ལ་སློབ་དཔོན་གསུམ་རྫོགས་ལ། །སྦྱོར་བ་བདུན་དང་ལྡན་པ་ཡིས། །རྩ་བའི་ལྟུང་བ་བྱུང་གྱུར་ན། །སྡུག་བསྔལ་བསྐྱེད་པའི་རྩ་བ་ཡིན། །རང་གི་བསམ་པ་རྫོགས་བྱས་ཀྱང་། །སློབ་དཔོན་གནང་བར་མ་གྱུར་ན། །དང་པོ་སྡུག་བསྔལ་དཀའ་སྤྱད་དེ། །དེ་ནས་བཟློག་པ་ཐམས་ཅད་འབུལ། །རྗེས་སུ་གནང་བ་སྒྲུབ་པར་བྱ། །དབུ་དམར་ཆོ་ག་ལན་བདུན་བྱ། །ཚོགས་ཀྱི་འཁོར་ལོ་ཉི་ཤུ་གཅིག། སྦྱིན་བསྲེག་གིས་ནི་འབུམ་ཕྲག་བདུན། །གསང་སྔགས་བྱེ་བ་ལྔ་ཡིས་སོ། །མེ་ཏོག་ཚོམ་བུ་འབུམ་ཕྲག་གཉིས། །སྲོག་ཆགས་བྱེ་བའི་ཚེ་སྐྱབས་ན། །འདི་ནི་བཤགས་པ་དམ་པའོ། །འཇིག་རྟེན་ཆོས་ལ་མི་གནས་ཤིང་། །དྲང་སྲོང་སྤྱོད་པ་ཡང་དག་སྤྱད། །ཡང་ན་ལུས་ལ་ཁྲག་བྱུང་སྟེ། །བརྒྱ་རྩ་བརྒྱད་ཀྱི་དཀྱིལ་འཁོར་ནི། །བྱས་ཏེ་བླ་མ་ལ་དབུལ་བྱ། །ཡང་ན་གནང་བ་ཐོབ་པ་ཡི། །བསམ་གཏན་གྱིས་ནི་ཟླ་བ་བདུན། །ཞེས་བྱ་བ་དེ་བཞིན་དུ་ཉམས་ལྡན་དང་། གཅིག་དང་ལྡན་ཡང་དེ་ཡི་ཆ་ཉམས་དང་སྦྱར་ཏེ་བྱའོ། ༈། གཉིས་པ། བདེ་གཤེགས་བཀའ་ལས་འདས་པ་ལ། །ཡིད་ནི་ལྷའི་རྣལ་འབྱོར་གྱིས། །ཕྲ་མོའི་ཐིག་ལེ་བསྒོམ་པས་འདགས། །མི་རྟོག་པ་ཡིས་ཐམས་ཅད་བསྲེག། སེམས་
(༦༨༤)སུན་བྱུང་སྟེ་སྡོམ་ལ་བསླབ། །ངག་གིས་སྔགས་བཟླས་སྒྱུ་མར་ཤེས། །ལུས་ཀྱིས་མཆོད་པའི་ཚུལ་ལ་སྦྱར། །དེ་ལྟར་ཉེས་པའི་བྱེ་བྲག་རྣམས། །ཞིང་དང་བསམ་པའི་ཁྱད་པར་དང་། །དུས་དང་ནུས་པའི་བྱེ་བྲག་གིས། །མཁས་པས་བློ་ཡིས་ཕྱེས་ནས་ནི། །དྲི་མ་དག་པར་བཤད་པ་ཡིན། །ཞེས་གསུངས་སྟེ།། །༈ གསུམ་པ་ནི། ལུས་ཀྱི་ཉེས་པ་དང་པོ་ལ། །ཚེ་གཅིག་ཏུ་ནི་སྤྱོད་པ་བྱ། །གཉིས་པ་ཉེས་པའི་ཚད་ཀྱིས་ནི། །སྤྱོད་པ་དག་ཏུ་བྱ་བ་ཡིན། གསུམ་པ། མཎྜལ་ཕྱག་སོགས་ཀྱིས། གཞན་དུ་སྒོ་གསུམ་ཡིད་ཀྱིས་བསྡོམ། །ངག་གིས་འདུལ་ལ་བཤགས་པ་དང་། །དེ་བཞིན་སྔགས་དང་ངག་གིས་བཤགས། །ཡིད་ཀྱིས་ཚོགས་དང་སྐྱེ་བ་མེད། །རིག་པ་བརྟུལ་ཞུགས་ཟླ་བ་དྲུག། མ་མོ་ཉམས་ཆེ་མཐོལ་བ་སྟེ། །བར་མ་ཡན་ལག་ལྐོག་འགྱུར་ཡིན། །ཡང་ན་གང་ཟག་དུས་དང་ཡུལ། །རྐྱེན་གྱི་བྱེ་བྲག་ཤེས་པར་སྤྱད། །ཞེས་གསུངས། ༈བཞི་པ་ལ་ནི། ཙན་དྲ་གོ་མིས། སྡོམ་པ་སླར་ཡང་བླངས་བར་བྱ། །ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་བདུན་དུ་ལྷག་མ་རྣམས། །ཞེ་གསུངས། ༈། ལྔ་པ་ནི། ཧེ་བཛྲ་ལས། དཀྱིལ་འཁོར་འཁོར་ལོ་ཐབས་དང་ནི། །བདག་བྱིན་བླས་པའི་རིམ་པས་ཀྱང་། །
(༦༨༥)། ཀུན་རྫོབ་དོན་དམ་ཚུལ་ཅན་གྱི། །བྱང་ཆུབ་སེམས་ནི་རབ་ཏུ་བསྐྱེད། །ཅེས་དང་། གྱེན་དུ་བསྟན་ཅིང་བདེ་བ་ཆེན་པོ་བསྒོམ་པས་ཉེས་པ་འདག་གོ།། །།ཞེས་གསུངས། ༈། དྲུག་པ་ལ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་ཤེས་པར་བྱ་ཞིང་། ཉོན་མོངས་ཀྱི་བསམ་པའི་ཉེས་པ་བཤགས་པར་བྱ་བ་གཉིས་དང་ཕྱོགས་མཐུན་ནོ། ༈། བདུན་པ་ལ། སྙིང་རྗེ་བསྐྱེད་ཅིང་། ཐམས་ཅད་སངས་རྒྱས་ཀྱི་སྙིང་པོར་ཤེས་པར་བྱ་བ་དང་། དབང་དང་ཚོགས་ཀྱིས་བཤགས་སོ། ༈། བརྒྱད་པ་ལ། ནང་གི་ཚུལ་རྟོགས་པ་དང་། དབང་དང་ཚོགས་བདག་གིས་བྱའོ། ༈། དགུ་པ་ལ། བསམ་གྱིས་མི་ཁྱབ་པ་དྲན་ཅིང་ཐེ་ཚོམ་སྤངས་ལ་སྔ་མ་བཤགས་སོ། ༈། བཅུ་པ་ལ། ཕྲིན་ལས་རྣམས་སྒྲུབ་ཅིང་སྙིང་རྗེ་བསྐྱེད་པར་བྱའོ། ༈། བཅུ་གཅིག་པ་ལ། སྔ་མ་བཤགས་པ་དང་། རྣམ་པར་མི་རྟོགས་པ་བསྒོམ་ཞིང་ངེས་ཤེས་བསྐྱེད་པར་བྱའོ། ༈། བཅུ་གཉིས་པ་ལ། ཚོགས་པ་དང་དམ་ཚིག་ཅན་ལ། ཚོགས་དང་མཎྜལ་སྔོན་དུ་འགྲོ་བས་བཤགས་ཤིང་གཞན་ལ་ཕན་པ་རྒྱ་ཆེར་སྒྲུབ་བོ། ༈། བཅུ་གསུམ་པ་ལ། གནས་སྐབས་ཤེས་པ་དང་། བྱིན་གྱིས་བརླབས་པ་ལ། ཚོགས་དང་མཎྜལ་དང་། དབང་གིས་བསྡོམ་པར་བྱའོ། ༈། བཅུ་བཞི་པ་ལ། དབང་དང་ཚོགས་ཀྱིས་བྱའོ། ༈། ཡན་ལག་ཐམས་ཅད་ནི། སྔ་མའི་ཆ་བརྩིས་
(༦༨༦)པས་སམ། ཡང་ན། མཆོད་རྟེན་གྱི་ལས་བྱ་བ་དང་། ཡི་གེ་བརྒྱ་པ་དང་། སྒྱུ་མ་ལྟར་ཤེས་པར་བྱ་བ་དང་། སྦྱིན་བསྲེགས་དང་གཏོར་མ་བྱའོ། །ཞེས་གསུངས། ༈མངའ་རིས་པཎ་ཆེན་གྱི་སྡོམ་གསུམ་རྣམ་ངེས་ལས། ཉིན་མཚན་ཚད་ནི། དྲུག་ཆ་འདས་ནས་ཐུན་ཚོད་འདས་ཞེས་བྱ། ཞག་གཅིག་ཟླ་གཅིག་ལོ་གཅིག་ལོ་གཉིས་འདས། །འགལ་ཉམས་འདས་རལ་ཞེས་བརྗོད་དེ་དག་ཀྱང་། །སྙིང་ནས་བཤགས་ན་གསོ་རུང་ཕྱི་རམ་ལྕི། ལོ་གསུམ་འདས་གསོར་མི་རུང་བ་ཡིན། ༈། དབང་བདུན་ཐོབ་ལ་ལྷ་གྲངས་རམ་ལ། །བཟླས་པ་གསུམ་ཁྲི་དྲུག་སྟོང་བྱས་པ་སྦྱོངས། །བུམ་གསང་ཐོབ་ཉམས་སྔོན་དུ་ཆད་ལས་སྦྱོངས། །དེ་རྗེས་དཀྱིལ་འཁོར་ཞུགས་ལ་དབང་བཞི་ལེན། །ཤེར་དབང་ཚིག་དབང་ཐོབ་ཉམས་བསྐྱེད་རིམ་དང་། །འཕོ་མེད་ཚུལ་ཁྲིམས་རྫོགས་པའི་རིམ་པ་དང་། །རང་རྒྱུད་བྱིན་བརླབས་མ་གཏོགས་གཞན་མི་འདག༈། འགལ་ན་ཚོགས་འཁོར་ཉམས་ན་བདོག་པས་བསྐང་། །རྣལ་འབྱོར་སྤྱི་ཁྲུས་འདས་ན་བུ་དང་ཆུད་མ་ནོར་བསོགས་དང་། །རལ་ན་རང་གི་སྲོག་གིས་གསོ་བར་བཤད། ༈། སྙིང་པོ་རྒྱན་ལས་གསོ་བའི་ཆོ་ག་ནི། །ཚོགས་ཞིང་ལ་བཤགས་རྒྱལ་བའི་སྔགས་རྒྱ་དང་། །ཀྲུ་བའི་རིམ་པ་གཏུམ་མོའི་མེར་བསྲེག་ན། །མི་དམིགས་བསྒོམ་དང་དབང་བཞི་བླང་བ་དང་། །ཚོགས་སུ་
(༦༨༧)ཞུ་དང་རྟེན་ལ་སྨྲེ་བ་དང་། །མཎྜལ་འབུལ་དང་མཆོད་རྟེན་བྱ་བ་དང་། །མེ་ལ་སྦྱོངས་དང་གཏོར་མ་བཏོང་བ་དང་། །གསང་སྔགས་བཟླས་དང་ཟབ་མོའི་བསམ་གཏན་དང་། །སྲོག་སྐྱོབས་བཀའ་ཀློག་བླ་མ་བརྟེན་པ་དང་། །བདག་འཇུག་རྒྱལ་བའི་ཡིག་བརྒྱ་དུས་བཟང་བཟླས། །ཕུང་པོ་གསུམ་པ་རྡོར་སེམས་བླ་མ་དང་། །ཐིག་ལེ་ཕྲ་མོའི་རྣལ་འབྱོར་བསྒོམ་པས་གསོ། ༈། གླང་ཆེན་རབ་འབོག་རྒྱུད་ནས་གསུངས་པ་ཡི། །རྣལ་འབྱོར་སྤྱི་ཁྲུས་འགྱོད་ཚང་ངོ་སྤྲུག་གི། །བཤགས་པས་མི་དག་མེད་ཕྱིར་ཉམས་སུ་བླངས། །ཞེས་གསུངས་སོ། ༈། དགོངས་འདུས་ལས། རྩ་བ་བྱང་ཆུབ་སེམས་ཀྱི་དམ་ཚིག་ཉམས་ན༔བླ་མ་མཁས་པ་ཡོངས་སུ་འཛིན་པའི་དགེ་བའི་བཤེས་གཉེན་ལ་བྱང་ཆུབ་སེམས་ཀྱི་དམ་ཚིག་ཉམས་པ་གསོས་ཏེ༔སླར་བྱང་ཆུབ་ཀྱི་སེམས་ལ་གནས་པར་བྱ༔༈སྐུ་ཡི་དམ་ཚིག་ཉམས་པར་འགྱུར་བ་བླ་མ་མའམ༔ མཆེད་གྲོགས་གང་ལའང་ཉམས་པའི་དྲུང་དུ་ཕྱིན་ལ༔ལོངས་སྤྱོད་ཀྱི་རྫས་ཀྱིས་ཁོང་དགྱེས་པར་ཕུལ་ནས༔ནོངས་ངོ་འགྱོད།། །བཅས་པས་ཉེས་ཚིག་ལ་སོགས་ཉམས་པའི་བྱ་བ་གང་བྱས་པ་དེ་བཤགས་ཤིང་། ཕྱིན་ཆད་ཀྱང་དམ་ཚིག་ཉམས་པའི་བྱ་བ་མི་བྱེད་པར་དམ་བཅས་ནས༔སླར་དམ་ཚིག་ལ་གནས་པར་བྱ༔གལ་ཏེ་རང་གིས་མི་སླེབ་པའི་ས་ཕྱོགས་སུ་སོང་བ་དང་༔ གྲོང་ཆེད་དུ་གྱུར་ནས་དངོས་སུ་མི་བཞུགས་ན༔དེའི་
(༦༨༨)སྐུ་མཆེད་ཡབ་ཡུམ་སྲས་ལ་སོགས་པའི་ཐུགས་ལ་བཅག་པའི་གོམ་དུ་ཕྱིན་ལ་སྔ་མ་ལྟར་བཤགས༔དུས་ཀྱི་མཆོད་པ་རྒྱ་ཆེར་བཤམས་པ་ལ་ཡང་བཤགས༔དེ་ཉིད་ཀྱི་བླ་མ་སློབ་དཔོན་བཞུགས་ནའང་འགྱོད་ཚིག་དང་བཅས་པ་སྔར་ལྟར་བཤགས༔དེ་ལྟར་མ་འཛམ་ན་ཁོར་རང་དང་མཉམས་པ་བརྒྱ་རྩ་བརྒྱད་ལ་བཤགས་ཤིང་ཚུལ་བསྒོམ་སོགས་བྱ༔དེ་ཡང་མ་འབྱོར་ན། དུས་བཟང་གི་སྐབས་དང་བསྟུན་བླ་མ་མཆེད།། །རྒྱུས་ཡོད་པའི་དབང་པོ་གསུམ་བཀུག་ལ༔ཚོགས་དང་སྦྱིན་བསྲེགས་གི་དལ་བཤམས་ནས༔དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་༔བསྲེག་ཆོག་ཚོགས་བརྒྱ་འབུལ་བ་ནི། དབང་པོ་གསུམ་ལ་ལོངས་སྤྱོད་ཀྱི་འབུམ་བ་བྱ་སྟེ༔གནོང་འགྱོད་དང་བཅས་པས་བཤགས་ཤིང་༔སླན་ཆད་ཉམས་པའི་ལས་མི་བྱེད་པར་དམ་བཅའ༔ཅི་སྟེ་བཤགས་ཀྱང་དངོས་སུ་བཞུགས་པ་དང་༔དཔང་པོ་སོགས་པས་བཤགས་པ་མི་ལེན་ན་བེའུ་སྒྲལ་གཡང་ལ་འཆོང་བ་དང་འདྲ་སྟེ༔ཡུལ་དང་ཡུལ་ཅན་ཐམས་ཅད་རྡོ་རྗེའི་དམྱལ་བར་ལྟུང་བའི་ནང་ནས་ཀྱང་༔བཤགས་པ་མི་ལེན་པ་སྡིག་ཆེའོ༔དེས་ན་དུས་མ་འགྱོངས་པར་བརྩོན་འགྲུས་དང་ལྡན་པས་མྱུར་དུ་བཤགས་པ་བྱེད་པ་གལ་ཆེའོ། །བཤགས་པ་བྱས་པས་ཆོག་སྙོམས་པའི་སྒོ་ནས་ཚོད་ཡོད་ཀྱིས་ཉམས་པའི་རྒྱུ་བསགས་པ་ནི༔དེ་བས་ཀྱང་ཉེས་པ་ཆེ་བ་ཉེ་བ་ལྔ་དང་མཚུངས་པར་འགྱུར་བའི་སྡིག་སྒྲིབ་ལྗི་བ་མྱོང་
(༦༨༩)བར་འགྱུར་རོ༔། ༈། གསུང་གི་དམ་ཚིག་ཉམས་པར་གྱུར་ན༔ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་ངེས་པར་ཤེས་ན་བསྐང་བར་འགྱུར་ཞིང་༔ཚེ་སྒྲུབ་སྨན་སྒྲུབ༔བཾ་སྒྲུབ་སྟེ་སྒྲུབ་པ་གསུམ་གྱིས་བསྐང་༔བསྙེན་སྒྲུབ་ནར་མ་བྱ༔ངག་གི་སྒོ་ནས་བཤགས་ཚིག་གང་ཤེས་ཆོ་གའི་སྐབས་དང་བསྟུན་ལ་བརྒྱ་སྟོང་ལ་སོགས་པ་མང་དུ་བརྗོད༔ཆོ་ག་དང་བཅས་ཏེ་མ་འཕྲོད་ཀྱང་ནང་ནུབ་དུས་གསུམ་དུ༔རང་གི་གནས་གསུམ་བླ་མ་ཡི་དམ་མཁའ་འགྲོའི་དཀྱིལ་འཁོར་གསལ་བཏབ་ལ༔བཤགས་ཚིག་བཀླག་པར་བྱའོ༔ ཀྱི་དམ་ཚིག་ཉམས་པར་གྱུར་ན༔ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་༔ནང་བཅུད་ཀྱི་སྐྱེ་འགྲོ་ཐམས་ཅད་ལྷ་དང་ལྷ་མོར་ཤེས་ཤིང་༔ཆོས་ཐམས་ཅད་སེམས་ཀྱི་དཀྱིལ་འཁོར་དུ་ཐག་ཆོད་དེ་སེམས་རྣམ་པར་མི་རྟོགས་པའི་ཏིང་འཛིན་གྱི་སྦུབས་སུ་ཞུགས་ཤིང་༔འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མ་ཡེང་བློ་ལ་དྲིས་པར་བྱས་ན། ཐུགས་ཀྱི་ཉམས་པ་ཐམས་ཅད་རང་བཞིན་ངང་གིས་སོར་ཆུད་པར་འགྱུར་ལ༔དེ་ལྟར་མ་ཤེས་པས་ནི་གོང་མིའི་བཤགས་ཐབས་ཐམས་ཅད་བརྩོན་པར་བྱ་ཞིང་༔དགོངས་པ་ཏིང་ངེ་འཛིན་དུ་མི་སྒོ་ནས་བཤགས་པར་བྱའོ༔༈། ། ཡན་ལག་གི་དམ་ཚིག་ཉམས་པར་གྱུར་ན་གང་ཉམས་པ་རྣམས་ཐ་དད་དུ་བཤགས་ཤིང་༔གང་ཡིན་སོར་ཆུད་པར་བྱ༔ཚོགས་བརྒྱ་དང་༔བསྐང་བཤགས་ནར་མ་སྦྱིན་
(༦༩༠)བསྲེག་བརྒྱ་རྩ། བསྐང་བའི་ཆོ་ག་རྣམས་ལ་འབད་པར་བྱའོ༔དེ་ལྟར་ཉམས་སུ་བླངས་ན་ཡན་ལག་གི་དམ་ཚིག་ཉམས་པ་སྐོང་ཤིང་སོར་ཆུད་པར་འགྱུར་རོ༔༈། མདོར་ན་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་འགལ་འཁྲུལ་དུ་གྱུར་པ་ཅི་བསགས་མངོན་དུ་ཕན་ཚུན་རང་རང་གི་མངོན་པར་རྟོགས་པ་དང་༔འོན་ཏེ་ཞར་དང་ཞོར་གྱིས་བསལ་ནས་བག་ལ་ཉལ་བ་མངོན་གྱུར་དུ་མེད་ཅིང་༔ཡུན་གྱི་སྒྲིབ་པར་འགྱུར་བའི་རྒྱུ་འབྱུང་སྲིད་པས༔ལུས་ངག་ཡིད་གསུམ་དཀྱིལ་འཁོར་རྣམས་གསུམ་དང་ལྡན་པའི་ངང་ནས༔རབ་དགོངས་པ་ཀློང་གྱུར་གྱི་ངང་ནས་བཤགས༔འབྲིང་ཡེངས་མེད་དྲན་རྫི་དང་བཅས་ལས་འཁོར་འདས་ཐམས་ཅད་སེམས་སུ་ཤེས་པར་བྱས་ལ་བཤགས༔ཐ་མ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བཤགས༔ཐབས་ཀྱི་ཆོ་ག་དང་བཅས་པ་དུ་མ་ལ་ལག་ཏུ་བླངས་ཤིང་བཤགས་ཏེ༔ཉེས་ལྟུང་རྣམས་རབ་ཞག་གིས་མ་བཅད་པ། འབྲིང་ཟླ་བས་མ་འགྱང་བར༔ཐ་མ་ཡང་ལོ་མ་འཁོར་བའི་གོང་དུ་བཤགས་པ་གལ་ཆེ༔ཞེས་གསུངས༔༈གཞན་ཡང་། དགོངས་འདུས་ལས༔དམ་ཚིག་མདོར་བསྡུས་ཏེ་བཤད་པ་ནི༔དམ་ཚིག་གི་རྣམ་གྲངས་བསམ་གྱིས་མི༔ཁྱབ་པ་གསུངས་ཀྱང་ཡོངས་སུ་བསྡུས་པས༔བདག་དོན་ཉེར་གཅིག་དང་། གཞན་དོན་ཞེ་བཞིར་འདུས་ཏེ༔༈། བདག་དོན་ཉེར་གཅིག་ནི༔རྒྱན་སོགས་ཆོ་ལོ་མི་འགྱེད་པ༔ལུས་
(༦༩༡)མཛེས་སྒེགས་ཆོས་མི་བྱེད་པ༔འདུ་ཚོགས་གཡེང་བ་ལྟད་མོ་ལ་མི་འགྲོ་བ༔གསང་སྔགས་ཀྱི་དམ་རྫས་དངོས་གྲུབ་ལེན་སོགས་ཀྱི་དུས་མ་གཏོགས་པ། མྱོས་བྱེད་ཀྱི་ཆང་བག་མེད་འབོག་སྐྱལ་དུ་མི་འཐུང་བ༔དྲེག་སྤྱོད་སྣ་ཚོགས་མི་བྱེད་པ༔ཁེངས་སེམས་ཀྱི་སྤྱོད་པ་འདོར་བ༔རྡོ་རྗེ་སློབ་དཔོན་དང་མཆེད་ལྕམ་ལ་སྨོད་པ༔འཇིག་རྟེན་པའི་ལྷ་ལ་ཕྱག་མི་བྱེད་པ༔ཆེ་ངག་ཨང་རྡིར་མི་བྱེད་པ༔དགེ་བའི་བྱ་བ་བྱེད་པ་ལ་མི་དམོད་པ༔སྡིག་པ་སྣ་ཚོགས་ལ་མི་བསྟོད་པ༔བླ་མེད་བྱང་ཆུབ་སྒྲུབ་པའི་བྱ་བ་གང་དང་གང་ལ་ལེ་ལོ་དང་ཕྱི་བཤོལ་མི་བྱེད་པ༔ཟས་ནོར་ལོངས་སྤྱོད་ཀྱི་དངོས་པོ་དཀོར་དགེ་བའི་ཕྱོགས་སུ་གཏོང་བ༔སེར་སྣ་འགྱུར་གེགས་ཀྱིས་མི་འཆིང་བ༔གཉིད་གཤོག་ཆུང་བར་བྱེད་པ༔རྣམ་གཡེང་བརྐྱུང་བ༔ཁྲོ་གཏུམ་དང་པོར་ཆུང་བར་བྱེད་པ༔ཡེ་ཤེས་མངོན་དུ་གཏོང་བ༔བླ་མའི་བཀའ་སྩལ་མི་གཅོག་པ༔སྡིག་པའི་གྲོགས་པོ་མི་བརྟེན་པ༔ལུས་ངག་ཡིད་གསུམ་བག་མེད་ཀྱི་སྤྱོད་པ་ཚུལ་དང་མི་མཐུན་པ་གང་ཡང་མི་བྱེད་པ༔གང་དམ་བཅས་པ་དེ་མི་འདོར་བ༔ཟས་ནོར་ལོངས་སྤྱོད་འདོད་སྲེད་ལ་ཆོག་ཤེས་ཤིང་གཞན་ལ་བརྔོན་པའི་དཔེ་མི་བྱེད་པ་དེ༔དེ་ལྟར་ཉེར་གཅིག་གོ༔༈གཞན་དོན་
(༦༩༢)ཞེ་བཞི་ནི། ཕ་རོལ་ཏུ་ཕྱིན་པ་དྲུག༔ཆོས་སྤྱོད་བཅུ༔ཕྲིན་ལས་བཞིའི་སྤྱོད་པ་དང་༔མཐུན་འཇུག་ཐབས་ཀྱི་སྤྱོད་པ་བསྡུ་བའི་དངོས་པོ་བཞི༔ཐེག་པ་རིམ་པ་དགུ༔མུ་སྟེགས་དགུ། འགྲོ་དྲུག་གི་སྤྱོད་པ་འཛིན་དང་ཉམས་ང་མེད་པར་སྤྱོད་པ་སྟེ༔དེ་ལྟར་བཞི་བཅུ་ཞེ་བཞིའོ༔འགྲོ་བ་སེམས་ཅན་གྱི་དོན་དུ་འགྱུར་བར་འདུག་ན་རང་འདོད་ཀྱི་དྲི་མ་མཐའ་དག་དང་བྲལ་བའི་སྒོ་ནས་ཅི་ཡིན་ཀྱང་ཉམས་སུ་བླངས་པར་བྱའོ༔དེ་ལྟར་བདག་གཞན་གྱི་དོན་དྲན་ཤེས་བཞིན་དང་བཅས་པས་བརྩོན་པ་རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡིན་གསུངས་སོ། ༈། དམ་ཚིག་གི་འབྲས་བུ་མཐར་ཐུགས་པ་ནི༔སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་གདོད་མ་ནས་རང་བཞིན་སྤྲོས་པའི་མཐའ་དང་བྲལ་བ་དེ་ཉིད་དོ༔དེ་ལས་མ་གཡོས་པ་ནི༔ལྟ་བའི་དམ་ཚིག་ཆེན་པོ༔དེ་ལྟ་བུའི་དོན་ན་ཐག་ཆོད་ཅིང་། བྱེད་སྤྱོད་འཛིན་སྣང་གཉིས་འཛིན་གྱི་རྒྱ་མདུད་རང་སར་གྲོལ་ནས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་གྱུར་ནས༔རྐྱེན་བཞི་དང་བྲལ་བ༔བསྒོམ་པའི་དམ་ཚིག་ཆེན་པོ༔ཀློང་ཆེན་པོའི་རོལ་པ་མ་འགག་ཅིང་སྣང་ལམ་དུ་ཝ་ལ་ལ་འཁྱེ་བ་སྤྱོད་པའི་དམ་ཚིག་ཆེན་པོ༔དེ་ཐམས་ཅད་འུབ་ཐུབ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་ནས་མཉམ་ཉིད་ལྷུག་པའི་ངང་ལ་མེར་གྱིས་གནས་པ་འབྲས་བུའི་དམ་ཚིག་ཆེན་པོའོ༔དེ་ཡང་། དམ་ཚིག་ཅེས་བྱ་བ་
(༦༩༣)གཞན་གུད་དུ་ཡོད་པ་མ་ཡིན་ཏེ༔རང་གི་སེམས་ཉིད་འདི་ག་དམ་ཚིག་ཡིན༔ཇི་སྙེད་དུ་སྣང་བའི་ཆོས་ཐམས་ཅད་རང་རིག་པའི་རྐྱེན་དང་བྲལ་བ་ཉིད་དེ་ཉིད་དུ་སྣང་བས༔ཡུལ་ཅིར་སྣང་། སེམས་ཇི་སྲིད་ཐམས་ཅད་རང་རིག་ཉིད་ལས་གཞན་གང་དུ་ཡང་མེད༔མཐོ་རིས་ངན་སོང་། འདྲེ་ལོག། སྤྱི་གཙུག་ལ་སོགས་གང་སོང་ཡང་སྙིང་པོའི་དོན་ཉིད་ལས་འདའ་མི་སྲིད་པ་ནི་རང་བཞིན་དམ་ཚིག་ཆེན་པོ་ཡིན༔རང་བཞིན་ལྷུན་གྱིས་གྲུབ་པའི་དམ་ཚིག་ཆེན་པོ་ལ་རིག་པ་ཕྱིན་ཅི་མ་ལོག་པ་ནི༔ཚད་མའི་སྒོ་ནས་གཞལ་བྱ་མངོན་སུམ་སྣང་བ་དང་༔རྟགས་དེ་ལ་བརྟེན་པའི་རྗེས་དཔག་གི་ཆོས་གཉིས་སུ་མེད་པས༔ལྟ་བའི་དམ་ཚིག་ཆེན་པོའོ༔དེ་དག་བློ་ལ་འདྲིས་པས། སྤྱོད་ལམ་འགྲོ་ཆགས་ཉལ་འདུག་བཟའ་བཏུང་ལ་སོགས་ཐམས་ཅད་ཀུན་ཏུ་མ་ཉམས་པ་ནི༔ཏིང་ངེ་འཛིན་གྱི་རྒྱུན་གྱི་དམ་ཚིག་ཡིན་ཏེ། དེ་དག་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བཞུགས་པ་ལ་སོགས་སངས་རྒྱས་ཐམས་ཅད་སྤྱོད་ཡུལ་གཅིག་པ་ཉིད་དོ༔དེ་ལྟར་ན་བསྲུང་རྒྱུ་ཅི་ཡང་མེད་པས་ཉམས་པ་རྡུལ་ཙམ་ཡང་འབྱུང་མི་སྲིད་དོ༔སཱ་མཱ་ཡཱ༔ཞེས་གསུངས་སོ། ༈། བཞི་པ། མ་ཧཱ་ཡོ་གའི་བསྒོམ་པ་ནི། སྒྲུབ་སྡེ་གཙོ་བོར་བྱས་ན། འཇམ་དཔལ་སྐུ། པདྨ་གསུང་། ཡང་དག་
(༦༩༤)། ཐུགས། ཆེ་མཆོག་ཡོན་ཏན། ཕྲིན་ལས་ཕུར་པ་སྟེ་ཡེ་ཤེས་ཀྱི་སྒྲུབ་སྡེ་ལྔ་དང་། མ་མོ་སྦོད་གཏོང་། དམོད་པ་དྲག་སྔགས། འཇིག་རྟེན་མཆོད་བསྟོད་སྟེ། ཐུན་མོང་གི་སྒྲུབ་སྟེ་དཔལ་དགུའི་སྒྲུབ་སྡེའོ། ༈། འདིར་རྒྱུད་ཀྱི་དངོས་པོ་བཅུ། ཞེས་པ་ནི། ལྟ་སྤྱོད་དཀྱིལ་འཁོར་དབང་དམ་ཚིག། མཆོད་སྔགས་ཏིང་འཛིན་ཕྲིན་སྒྲུབ་ཀྱིས། །གསང་སྔགས་རྒྱུད་ཀྱི་བྱེ་བ་བྱ། །ཞེས་པ། དེ་ཁོ་ན་ཉིད་ལྟ་བ་ལ་དོར་བ་སྤྱོད་པ་བཀོད་པ་དཀྱིལ་འཁོར། རིམ་པར་བགྲོད་པ་དབང་། མི་འདའ་བ་དམ་ཚིག། རོལ་པ་ཕྲིན་ལས། དོན་དུ་གཉེར་བ་སྒྲུབ་པ། མ་གཡོ་བ་ཏིང་འཛིན། གནས་སུ་སྟོབས་པ་མཆོད་པ། འཆིང་ཟློས་སྔགས་དང་ཕྱག་རྒྱའོ། །ཞེས་བཅུར་གསུངས་པ་ལས། ལྟ་བ་དང་། དབང་དང་། དམ་ཚིག། རྣམ་བཤད་ཟིན་ལ། ༈། དཀྱིལ་འཁོར་ནི། སངས་རྒྱས་གསང་བས། ཆོས་དོན་ལས་གསུམ་དང་། བི་མ་ལའི་འགྲེལ་ཆུང་ལས། འདིར་རྒྱས་པ་ལས་བདུན་དུ་གསུངས་ཏེ། འདི་ནི་རང་བཞིན་དཀྱིལ་འཁོར་དང་། །གཟུགས་བསྙེན་ལྷག་པའི་གཟུགས་བརྙེན་གསུམ། །ཏིང་འཛིན་ལྷག་པའི་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་ཚོགས་མཆོག་བསྟན། ༈། ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ལ་འཇུག་ཚུལ་ལ། ཞི་བ་རྡོ་རྗེ་ལས་རིམ་ལས། ས་གཞི་མཉམ་དང་ཚད་ཐིག་དང་། ཚོན་དང་བྲི་དང་རྣམ་པ་དང་། རབ་
(༦༩༥)གནས་སྦྱིན་བསྲེག་དཀྱིལ་འཁོར་དུ། །འཇུག་དང་ཞུགས་པའི་ཡོན་ཏན་ནོ། །ཞེས་གསུངས་སོ། ༈། ཕྲིན་ལས་ནི་ཞི་སོགས་ལས་བཞིའོ། །དེ་དག་ཀྱང་གང་གིས་བྱ་བའི་ཐབས་ཀྱི་རིམ་པ་ནི། མེ་དང་། རྫས་དང་། ལུ་གུ་རྒྱུད་དང་། མཆོད་རྟེན་དང་། ཕྱག་རྒྱའི་སྒོ་ནས་བྱ་བ་རྣམས་སོ། ༈། སྒྲུབ་པ་ནི། རྒྱུད་ཕྱི་མ་ཁ་ཆེའི་འགྱུར་ལས། འཇིག་རྟེན་པ་ཡི་དངོས་གྲུབ་ནི། བསྐྱེད་པའི་རིམ་པའི་སྦྱོར་བས་ཐོབ། །འཇིག་རྟེན་འདས་པའི་དངོས་གྲུབ་ནི། རྫོགས་པའི་རིམ་པའི་སྦྱོར་བས་སོ། ༈། ཐུན་མོང་གི་དངོས་གྲུབ་པ་ནི། ཁ་དོག་གཞུང་ལས། རོ་ལང་ཚེ་དང་སྲ་སྒྲུབ་དང་། །ལྷ་ཆེན་པོ་དང་རྒྱལ་པོ་བཞི། །གདུག་པ་ཀླུ་འདུལ་རྒྱལ་བློན་གྱི། །ཆུང་མ་དབང་དུ་བྱ་བ་གཉིས། །ཡུལ་ཁམས་ལྕེ་སྤྱང་རྐང་མགྱོགས་བསྐྲད། །མི་སྣང་གཟུང་སྒྲུབ་ལྷ་ཀླུ་མོ། །རྒྱལ་བློན་དམག་དཔོན་ཞང་བློན་སྒྲུབ། །ཚེ་འདིའི་ཆེད་ཕྱིར་འཛིན་པའོ། །ཞེས་སོ། ༈། ཐུན་མོང་གི་གྲུབ་ཆེན་བརྒྱད་ནི། རྡོ་རྗེ་གུར་ལས། མིག་སྨན་དང་ནི་རྐང་མགྱོགས་དང་། །རལ་དྲི་དང་ནི་ས་འོག་གྲུབ། །རིལ་བུ་དང་མཁའ་སྤྱོད་ཉིད། །མི་སྣང་བ་དང་བཅུད་ཀྱི་ལེན། །ཞེས་པས། མིག་སྨན་གྱིས་ས་འོག་གི་གཏེར་མཐོང་། རི་བྲག་གིས་མི་སྒྲིབ་པ་དང་། ལེགས་ཉེས་ཐམས་ཅད་མཐོང་། རྐང་བྱུག་གིས་
(༦༩༦)ཡུད་ཙམ་ལ་རྒྱ་གར་ནས་བོད་དུ་འཁོར་བའམ། ཐ་ན་རྟ་ལྟར་མགྱོགས་པའོ། །རལ་གྲིས་ཞིང་ཁམས་དང་ལྷ་གནས་སོགས་སུ་བསྒྲོད་ནུས། ས་འོག་གིས་ན་བུན་ལྟར་ས་འོག་སོགས་ལ་ཐོག་མེད་འགྲོ་ནུས་རི་ལུས་མཁའ་སྤྱོད་དུ་ཕྱིན། ཚེ་རིང་སྐྱེ་བ་དྲན། ནམ་མཁར་འགྲོ་བ་སོགས་སོ། །དངུལ་ཆུས་བཅུད་ལེན་གྱིས། ཚེ་བསྐལ་པར་ཐུབ་པ་སོགས། མཆིལ་ལྷྭམ་གྱིས་ཆུར་མི་བྱིང་། རྐང་མགྱོགས་འགྲུབ་པ་སོགས་སོ། ༈། ལས་ཆེན་བརྒྱད་ནི། ཧེ་བཛྲ་ལས། དབང་དང་། མངོན་སྤྱོད་དང་། དགྲ་སྡེའི་འཇིགས་པ་དང་། བསྐྲད་པ་དང་། བསད་པ་དང་། དགུགས་པ་དང་། ཞི་བ་དང་རྒྱས་པ་ཡང་དག་པར་འགྱུར་རོ། །ཞེས་གསུངས་སོ། ༈། མཆོག་སྒྲུབ་པ་ནི། ཁ་དོག་གཞུང་ལས། ཡི་གེ་རྫུ་འཕྲུལ་ཚོགས་སྒྲུབ་དང་། །རྡོ་རྗེ་སེམས་དཔའ་སྨན་སྒྲུབ་དང་། །རིགས་ལྔ་སྒྲུབ་དང་ཡུམ་ལྔ་སེམས། །བྱིན་ལས་སྒྲུབ་པ་རྣམ་གཉིས་སོ། །ཞེས་སོ། ༈། ཇི་ལྟར་སྒྲུབ་པའི་ཚུལ་ནི། བྱེ་བྲག་སོ་སོའི་སྒྲུབ་ཐབས་གུད་དུ་ཕྱུང་བ་རྣམས་དང་། གཙོ་བོར་སྒྲུབ་པའི་ཚོམ་བུ་ཚོགས་སྒྲུབ་སྟེ། ཕུན་ཚོགས་པ་ལྔ་ཚང་བའི་སྒོ་ནས་བསྙན་སྒྲུབ་ཡན་ལག་བཞིའི་ཐབས་ཀྱིས་སྒྲུབ་པའོ། ༈། བསྙེན་སྒྲུབ་བཞི་ནི། བསྙེན་པ་དང་། ཉེ་བསྙེན། སྒྲུབ་པ་དང་། སྒྲུབ་ཆེན་ཏེ། དབྱེ་
(༦༩༧)བ་རྒྱས་པར་གཞན་ལས་ཤེས་པར་བྱའོ། ༈། ཏིང་ངེ་འཛིན་ནི་ཕྱི་མ་ཁ་ཆེའི་འགྱུར་ལས། ལྷ་ཡི་རྣམ་པའི་སྦྱོར་བ་ཡི། །ཟླ་བ་རྡོ་རྗེ་ལ་སོགས་རིམ། །བསྐྱེད་པའི་རིམ་པ་ཞེས་སུ་བཤད། །རང་བཞིན་སྒྲུབ་པའི་རྣལ་འབྱོར་ནི། །རྫོགས་པའི་རིམ་པ་ཞེས་བྱར་བརྗོད། །ཞེས་རིམ་པ་གཉིས་ལས། དང་པོ་ལའང་དེ་ལས། བསྐྱེད་རིམ་ལ་བརྟེན་སྐྱེ་གནས་ཏེ། མངལ་སྐྱེས་ལ་སོགས་དབྱེ་བ་ཡིས། །དེ་ཡང་རྣམ་པ་བཞི་རུ་འདོད། །ཅེས་པས་སྐྱེས་གནས་བཞིའི་བག་ཆགས་སྦྱངས་བ་དང་བསྟུན་ཏེ། བསྒོམ་པའི་ཚུལ་བཞི་འམ། ཡང་ན་ལམ་རིམ་ལྟར། སྲིད་པ་མངལ་སྐྱེས་བརྫུས་སྐྱེས་གཉིས་དང་བསྟུན་ཏེ་རིམ་གྱིས་དང་ཅིག་ཆར་བའོ། ༈། དཀྱིལ་འཁོར་བསྒོམ་པའི་སྐབས་སུ། འདིར་རྟ་བབ་བརྒྱད་བྱུང་བ་ལ། རྒྱུའི་རྟ་བབ་བརྒྱད་ཀྱི་མཚོན་དོན་ནི་འགྲེལ་ཆུང་ལས། ཉན་ཐོས་རང་རྒྱལ་བྱང་ཆུབ་དང་། །བྱ་བའི་རྒྱུད་དང་གཉིས་ཀའི་རྒྱུད། །རྣལ་འབྱོར་བསྐྱེད་དང་རྫོགས་པ་ཡི། །རྣམ་ཐར་བརྒྱད་ཕྱིར་རྟ་བབ་བརྒྱད། །ཞེས་སོ། །འབྲས་བུའི་རྟ་བབ་བརྒྱད་ནི། སྒྱུ་འཕྲུལ་བྱེ་བྲག་བསྟན་པ་ལས། །དེ་ཡི་སྒྲུབ་པའི་མཐའི་རྫོགས་པའི། །ཡོན་ཏན་བརྒྱད་ཕྱིར་རྟ་རྐང་དང་། །ཆུ་སྐྱེས་སྦྲམ་དང་ཟ་རབ་ཚག། རྣ་འཕྱང་ཆུ་
(༦༩༨)འཕྱང་ཤར་བུ་དང་། །ཁྱུང་མགོ་མཛེས་པས་རིམ་པར་འཁྲིག། ཞེས་གསུངས་སོ། ༈། ལྷའི་བཞུགས་ཁྲི་ལ་སེངྒེ་སོགས་དགོས་པ་ནི། དབུ་དམར་རྒྱལ་པོའི་རྒྱུད་ལས། ཐུགས་ནི་མི་འཇིགས་བཞི་ཡིས་བདུད་བཞི་འཇོམས། །དེ་གྲུབ་རྟགས་སུ་སེངྒེའི་ཁྲི་ལ་བཞུགས། །སྐུ་ནི་སྟོབས་བཅུས་མི་དགེ་བཅུ་རྣམས་འདུལ། ། དེ་གྲུབ་བརྟགས་སུ་གླང་ཆེན་ཁྲི་ལ་བཞུགས། །ཡོན་ཏན་རྫུ་འཕྲུལ་རྐང་བཞིས་ཆག་མེད་སྒྲོལ། །དེ་གྲུབ་རྟགས་སུ་རྟ་མཆོག་ཁྲི་ལ་བཞུགས། །གསུང་ནི་དབང་བཅུ་མཐར་ཕྱིན་རྒྱལ་པོའི་གསུངས། །དེ་གྲུབ་རྟགས་སུ་རྨ་བྱའི་ཁྲི་ལ་བཞུགས། །ལས་ནི་ཕྲིན་ལས་བཞིའི་ཐོག་མེད་སྒྲོལ། །དེ་གྲུབ་རྟགས་སུ་ཤང་ཤང་ཁྲི་ལ་བཞུགས། །ཞེས་གསུངས་སོ། །ཁྲི་འཇོག་རྣམས་མཇུག་ལ་ནང་དུ་མདུད། ༈ལྷ་ཞི་བ་ལ། ཞི་ཚུལ་དགུ་ནི། ཞི་ཚུལ་མཉེན་ཅུག་འཁྲིལ་ལྡེམ་གཞོན། གསལ་འཚེར་ལྷུན་སྡུག་གཟི་བརྗིད་ལྡན། ང་རྒྱལ་དག་པས་སྐུ་མཉེན་པ་དང་། ཞེ་སྡང་དག་པས་ཡན་ལག་ལྕུགས་པའམ་སྐུ་སྐབས་ཕྱེད་ཅིང་འཚམས་པས་ལྕུགས་པ། འདོད་ཆགས་དག་པས་ཡབ་ཡུམ་འཁྲིལ་བག་ཆགས་པས་ལྷོ།། །མ་གྱུར་པས་སྐུ་འཁྲིལ་བ། ཕྲག་དོག་དག་པས་དྲང་ཞིང་ལྡེམ་པ། གཏི་མུག་དག་པས་གཞོན་ཚུལ་ལྡན་པ། མ་རིག་པ་དག་པས་གཙང་
(༦༩༩)ཞིང་གསལ་བ། ཡེ་ཤེས་རྒྱས་པས་བསྐྲག་ཅིང་འཚེར་བ། མཚན་དཔེ་རྫོགས་པས་བརྗིད་ཅིང་ཡིད་འོང་བས་ལྷུན་སྟུག་པ། ཆེ་བའི་ཡོན་ཏན་ཟིལ་གྱིས་མི་གནོད་པས། གཟི་བྱིན་ཆེན་པོ་དང་ལྡན་པ་སྟེ། དགུའོ། །སྔ་མ་བཞི་ནི་ངོ་བོའི་ཡོན་ཏན་དང་། ཕྱི་མ་ལྔ་ནི་རྣམ་པའི་ཡོན་ཏན་ནོ། ༈། ཞི་བའི་ལྷ་ལ་འོད་ཟེར་འཕྲོ་བ་ནི། བ་སྤུའི་བུ་ག་རེ་རེ་ལས་ཀྱང་གསལ་ཞིང་དག་པའི་འོད་ཟེར། དཀར་སེར་དམར་སྔོ་བཙོད་ཁ་དངུལ་མདོག་ལ་ངེས་མ་ངེས་གཉིས་ཀྱི། ངེས་པའི་ཁ་དོག་ནི། ཆོས་ཉིད་མི་འགྱུར་བའི་ཕྱིར་སྐུ་མདོག་མཐིང་ནག། ཉེས་སྐྱོན་གྱིས་མ་གོས་པའི་རྟགས་དཀོར། །། ཆེ་བའི་ཡོན་ཏན་རྒྱས་ཕྱིར་སེར་པོ། གདུལ་བྱ་ལ་ཆགས་ཕྱིར་དམར་པོ། ལས་སྣ་ཚོགས་མཚོན་ཕྱིར་སྣ་ཚོགས་པ། ༈རང་བཞིན་གྱི་མདོག་ལ། སྐུ་མདོག་དེ་དག་ཀྱང་རེ་རེ་བཞིན་རང་བཞིན་བཞི་བཞི་དང་ལྡན་སྟེ། དུང་ལྟར་སྐྱོན་གྱིས་མ་གོས་པར་གཙང་བ། ཀུ་མུད་ལྟར་སྣུམ་ལ་འདྲིལ་བ། ཟླ་བ་ལྟར་གསལ་བ། ཉི་མ་ལྟར་འཚེར་བའོ། ༈། རྒྱན་ཆས་བཅུ་གསུམ་ནི། དར་གྱི་སྟོད་གཡོག་སྨད་དཀྲིས་དང་། །ཅོད་པཎ་ཟིད་རི་གར་དུང་ལྔ། ། རིན་ཆེན་དབུ་རྒྱན་སྙན་ཆ་དང་། །མགུལ་རྒྱན་དོ་ཤལ་སེ་མདོད་དོ། །
(༧༠༠)ཕྱག་ཞབ་གདུབ་བུ་སྐད་རག་བརྒྱད། །སྡོམ་པས་རྒྱན་ཆས་བཅུ་གསུམ་མོ། ༈། ཁྲོ་བོ་རྣམས། ལ། དབུ་སྐྲ་གྱེན་བརྗེས་འཁོར་བ་རྒྱུ་བཟློག་ཆས། །ཁྱུང་གཤོག།། །ཐབས་དང་ཤེས་རབ་ཆས། །མཐིང་དམར་ཅོད་པཎ་རྟག་ཆད་ཟིལ་གནོན་ཆས། །སྤྱི་གཙུག་རྡོ་རྗེ་ལྷག་པ་རིགས་ཀྱི་ཆས། །དབང་གི་བསེ་ཁྲབ་གཟི་འབར་བགྲོད་པའི་ཆས། །གཉིས་མེད་སྦྱོར་བ་ཤེས་རབ་ཡུམ་གྱི་ཆས། །སྙན་གང་གཡས་གཡོན་དུ། གནོད་གདུག་བཟློག་བྱེད་དཔའོ་ལྕགས་ཀྱི་ཆས། །ཉོན་མོངས་བསྲེག་བྱེད་རྡོ་རྗེ་མེ་དཔུང་ཆས། ཡང་ན། གཡུང་སྟོན་པས། གཟི་བརྗིད་འབར་བ་ཆུ་སྲིན་བརྗིད་པའི་ཆས། །ཐབས་དང་ཤེས་རབ་ཟུང་འབྲེལ་ཉི་ཟླའི་ཆས། །སྐུ་སྨད་ལ། ཁྲབ། གདུག་པ་སྲག་བྱེད་ཡེ་ཤེས་མེ་ཡི་ཆས། །སྐྱེ་ཤི་རྩོད་གཅོད་མཆེ་བ་ཟླ་ཚེས་ཆས། །ཁྱབ་མཛད་རེ་སྐོང་རྡོ་རྗེ་གཤོགས་པའི་ཆས། །མངའ་ཐང་ཡོངས་རྫོགས་རྡོ་རྗེའི་སློག་པའི་ཆ། །སངས་རྒྱས་པར་བསྒྲོད་དབང་གི་བསེ་ཁྲབ་ཆས། །གནོད་གདུག་བཟློག་བྱེད་རྡོ་རྗེ་རྒྱ་གྲམ་ཆས། །ཞེས་པའི་ཕྱི་མ་གསུམ་ནི་རྡོ་རྗེའི་གོ་ཁྲབ་སྟེ། །སྐུ་སྟོད་གྱི་ཁྲབ་རིས་ལ་རྡོ་རྗེ་རི་མོ། །སྐུ་སྐད་ལ་བསེ་ཁྲབ། སྐུ་སྨད་ལ་སྣ་ཚོགས་རྡོ་རྗེའི་གོ་ཁྲབ་གསོལ་བའོ། ༈། ཡང་ན། དཔལ་གྱི་ཆས་བརྒྱད་དེ། །སྤྱི་གཙུག་མི་འགྱུར་རྡོ་རྗེ་
(༧༠༡)ཕྱེད་པའི་ཆས། །ཁམས་གསུམ་ཟིལ་གནོན་ཅོང་ལོ་རལ་པའི་ཆས། །རྫུ་འཕྲུལ་ཤུག་ལྡན་ཐབས་ཤེས་གཤོག་པའི་ཆས། །ཕ་རོལ་དཔུང་འཇོམས་ཕྱག་མཚན་མཚོན་ཆའི་ཆས། །གཞན་གྱིས་མི་ཐུབ་བསྲུང་བ་གོ་ཁྲབ་ཆས། །ཉམས་དང་ཀུན་བྲལ་རྟོགས་མེད་རོ་གདན་ཆས། །འཁོར་འདས་རོ་མཉམས་ཁྲག་ཞག་རྒྱ་མཚོའི་ཆས། །ཉོན་མོངས་ཀུན་བསྲེགས་བསྐལ་པའི་མེ་དཔུང་ཆས། །ཞེས་དང་། གཞན་ཡང་དཔལ་གྱི་ཆས་བཅུ་དང་། །སོ་ཟུར་སོགས་ཀྱི་བཞེད་པ་མང་ངོ། ༈། དུར་ཁྲོད་ཀྱི་ཆས་བརྒྱད་ནི། བགོ་བའི་གོས་གསུམ། གདགས་པའི་རྒྱན་གཉིས། བྱུག་པའི། དུར་ཁྲོད་ཆས་བརྒྱད་སྟེང་དུ་། རྡོ་རྗེའི་གོ་ཁྲབ་དང་མེ་དཔུང་གཉིས་བསྣན་པའོ། །མེ་དཔུང་དང་། གཤོགས་པ་བསྣན་པའི་སོགས། རྫས་གསུམ་སྟེ་བརྒྱད་དོ། ༈། གསོ་གསུམ་ནི། །ཞིང་ཆེན་གཡང་གཞི་བྱང་ཆུབ་སེམས་ཀྱི་རྒྱན། །གླང་ཆེན་ཀོ་རློན་སྟོབས་ཆེན་མཆོག་གི་རྒྱན། སྟག་གི་ཤམས་ཐབས་དཔའ་གཏུམ་ཟ་བྱེད་རྒྱན། །གདགས་པའི་རྒྱན་གཉིས་ནི། སྦྲུལ་ནག་ཆུན་པོ་མཉན་ལྕུག་འཁྲིལ་བའི་རྒྱན། རྒྱལ་རིགས་དཀར་པོའི་དབུ་བརྒྱན། རྗེ་རིགས་སེར་པོའི་སྙན་བརྒྱན། བྲམ་ཟེ་དམར་པོའི་མགུལ་རྒྱན། རྨངས་རིགས་ལྗང་གུའི་སྐང་།། །རགས། གདོལ་པ། ནག་པོའི་ཕྱག་ཞབས་ཀྱི་གདུབ་བུ་བྱས་པ་
(༧༠༢)པ་དང་། ཡང་ན་སྦྲུལ་རིགས། ལྔའི་ཆུ་བོའི་སྐད་རག་ཀྱང་འབྱུང་ངོ། །ཐོད་པ་ཚལ་གསུམ་སྐུ་གསུམ་བརྙེས་པའི་རྒྱན། རྫས་གསུམ་ནི། ཐལ་ཆེན་ཚོམ་བུ་འདུལ་བྱེད་ཕྲིན་ལས་རྒྱན། རཀྟའི་ཐིག་ལེ་ཐུགས་རྗེ་ཆགས་པའི་རྒྱན། །ཞག་གི་ཟོ་རིས་དོན་དམ་བཅུད་ཀྱི་རྒྱན། ༈ཐོ་སྐ། མ་ལྔའི་དབུ་རྒྱན། སྐམ་རློན་ར་རི་ཚམ་གསུམ་གྱི་དོ་ཤལ་བྱས་པ། གསལ་བའི་རྒྱན། དཔྲལ་བར། གཉིས་ནི། བྱང་སེམས་བརྟན་པ། མཁུར་ཆོས་ལ། ཨོ་ཀོ་ལ། ཉི།། །ཟླས་སྙན་གོང་གཡས་གཡོན་བརྒྱན་པའོ། ༈། འོག་མིན་གྱི་གནས་ནས་སྤྱན་འདྲེན་པ། སྤྱིར་འོག་མིན་ལ་ལྔ། ཆོས་དབྱིངས་དོན་གྱི་འོག་མིན་ནི་ཆོས་ཀྱིས་དབྱིངས་སོ། །རིག་པའི་འོག་མིན་ནི་རང་རིག་པའི་ཡེ་ཤེས་སོ། །གསང་བའི་འོག་མིན་ནི་ཡུམ་གྱི་མཁའ་དབྱིངས་སོ། །འཇིག་རྟེན་གནས་ཀྱི་འགོ་མིན་ནི་གཙང་མ་རིས་ཀྱི་གནས་གོང་མའོ། །དབང་ཕྱུག་ཆེན་པོའི་འོག་མིན་ནི་ཆོས་སྐུའི་གནས་ཀྱི་འོག་མིན་ཆོས་དབྱིངས་སོ། ༈། མཆོད་པ་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོད་པའམ། ཕྱི་མཆོད་ཉེར་སྤྱོད་ལྔ། ནང་མཆོད་དམ་རྫས་བདུད་རྩི། གསང་མཆོད་སྦྱོར་གྲོལ་སོགས་སོ། ༈། བདུད་རྩིའི་མཆོད་པ་ལ། རྩ་བརྒྱད་སྟོང་སྦྱར་ནི། དཔེར་ན་ཤིང་ཞིག་ལ། རྩ་བ། སྡོང་པོ། ཡལ་ག། ལོ་མ། མེ་ཏོག་
(༧༠༣)འབྲུས། ཤུན་པ། ཐང་ཆུའམ་སྙིང་པོའང་ཟེར་ཏེ་བརྒྱད་ཡོད། ༈ནང་གི་རྩ་བརྒྱད་ནི། སྙིང་སྲོག་རྩ་བཅས། ཤ་རུས་པ་བཅས། རྐང་ལག་པ་བཅས། སྐྲ་སེན། དབང་ལྔ། དོན་ལྔ། ལྤགས་པ། ཀླད་རྐང་ངོ། ༈། གསང་བའི་རྩ་བརྒྱད་ནི། ཡབ་ཀྱི་བྱང་སེམས་ཀྱི་གནས་ཀླད་པ། གཤེགས་ཤུལ་གཞུང་པ། རྒྱུ་ལམ་གསང་བའི་རྩ་སྣེ། འབབ་པའི་སྣོད་ཡུམ་གྱི་མཁའ་དང་བཞིའོ། །ཡུམ་གྱི་དམར་ཆའི་རྒྱུ་ནི་མཆིན་པ། གནས་བུ་སྣོད། རྒྱུ་ལམ་བྷ་ག། ལེན་པའི་གནས་ཟེ་འབྲུའོ། ༈། ཡན་ལག་སྟོང་ནི། ཆུ་སྨན། རླུང་། རྩི། རྡོ། སྔོ། ཤིང་། གཤོག་ཅན། སྡེར་ཅན། མཆེ་ཅན། སྨིག་ཟླུམ། ཁ་བྲག། དུག་ཅན། དེ་དག་རེ་རེ་ལའང་བརྒྱ་ཉེར་ལྔ་རེ། ཕྱི་ནང་གང་རུང་གི་བརྒྱད་རེ་བསྒྱུར་ན་སྟོང་ཕྲག་རེ་ཡིན་སྟེ། མདོར་ན་སྲིད་དོ་ཅོག་གི་དངོས་པོ་གསུངས་སོ། ༈། ད་ལྟ་ཆ་མཐུན་གྱི་རྩ་བརྒྱད་ལ། མ་ལ། ཙན་དན། ལི་ཤི། ཤིང་ཚ། གནྡྷ་པ་ཏྲ། གུར་གུམ། ཛ་ཏི། ག་པུར་བརྒྱད་ཡིན་པར་བཤད་པ་སྣང་ངོ། ༈། པདྨ་རཀྟ་ནི་ཟླ་མཚན་ཏེ་འདོད་ཆགས་མཚོན། མཱུ་ཧཱ་རཀྟ་སྙིང་ཁྲག་བཅས་སྟོང་ཡལ་ག་ཤུན་པ། ལོ་མ་
(༧༠༤)སྟེ་མཚོན། མཱུ་མ་རཀྟ་ལུས་ཟུང་དང་རྩི་བཅུད་བཙོད་ཁུ་མཚལ་བཙག་སོགས་འབྱུང་བའི་ཁྲག་ནི་གཏི་མུག་མཚོན་ནོ། ༈། ཡང་ན། རཀྟ་ལ་རྩ་བ་བརྒྱད་བཤད་པ་ནི། ཡབ་ཀྱི་སྣ་གཡས་པའི་རཀྟ། ཡུམ་གྱི་པདྨ་རཀྟའི་ཁྲག། སྲིད་པ་ཆགས་པའི་ལྟེ་ཁྲག། དཔའ་བོ་གཡུལ་དུ་བསད་པའི་སྙིང་ཁྲག། བཞི་ལ་ནང་གི་རྩ་བ་བཞི། ཕྱིའི་བཞི་ནི། མཆེད་ཅན། འདབ་ཆགས། རྨིག་ཟླུམ། རྨིག་བྲག དེ་བརྒྱད་དོ། ༈། ཡན་ལག་ལྔ་ཞེས། མཚལ་སོགས་པའི་ཁྲག་ལྔ། ཙན་དན་དམར་པོ་སོགས། ཤིང་ཁྲག་ལྔ། བྱི་རུ་སོགས་རྡོའི་ཁྲག་ལྔ། ཁུག་ཆོས་སོགས་མེ་ཏོག་ལྔ། གྲོ་མ་སོགས་རྩ་བའི་ལྔ། རྒུན་འབྲུམ་སོགས་འབྲུའི་ལྔ། རྒྱ་སྐྱེགས་སོགས་རྩིའི་ལྔ་སྟེ་སོ་ལྔ་བཤད་འདུག། དེ་ཡི་ཡན་ལག་དམར་པོའི་རིགས་ཡོད་དོ་ཅོག་གོ། ༈། ཆང་སྣ་ལྔ་ཞེས་ཞེས་པ། ནས་འབྲས་གྲོ་རྒུན་འབྲུམ་སྦྲང་ཆང་ལྔའོ། ༈། སྔགས་དང་ཕྱག་རྒྱ་ནི། ༈། སྔགས་ནི་རྒྱུ་མ་ནོར་བ་རྩ་བའི་སྔགས། བསྐྱེད་པ་རྐྱེན། བཟླ་བ་ལས་ཀྱི་སྔགས་སོ། །སྤྱིར་རྟོགས་ཚོགས་ཡེ་ནས་ལྷ་ཡི་དཀྱིལ་འཁོར་དུ་གནས་པ་དང་། རྟོགས་པ་དང་། མངོན་དུ་ཕྱེད་པའི་གནས་བསྐབ་གསུམ་ལས། རང་བཞིན་དང་ལྟ་བ་དང་། འབྲུའི་ཕྱག་རྒྱ་
(༧༠༥)གསུམ་དང་། བྱེ་བྲག་ཏུ། ལྷག་པ་ཏིང་ངེ་འཛིན་གྱི་དབང་དུ་བྱས་ན། གསལ་བཀྲ་ལས། དམ་ཚིག་ལས་དང་ཆོས་དང་ནི། །སྐུ་ཉིད་ཕྱག་རྒྱ་ཆེན་པོ་བཞི། །ཞེས་གསུངས་སོ། །ཡང་། བསྒོམ་པ་ལ། རྒྱུད་སྡེ་ལྟར་བཤད་ན། སྤྱིར་མ་ཧཱ་ཡོ་ག་ཁོ་ན་ལའང་། ཕ་རྒྱུད། མ་རྒྱུད། གཉིས་མེད་རྒྱུད་ལས། ཕ་རྒྱུད་ནི་གསང་བ་འདུས་པ། གཤིན་རྗེ་གཤེགས་སོགས་ཐབས་བསྐྱེད་རིམ་སྤྲོས་པ་གཙོ་བོར་སྟོན་པ་དང་། བདེ་མཆོག། དགྱེས་རྡོར། ཡང་དག་སོགས། མ་རྒྱུད། རྣམས་ལ་བསྐྱེད་རིམ་ཤེས་ཆུང་ཞིང་ཤེས་རབ་དབང་གི་ཉམས་ལེན། རྫོགས་རིམ་བྱང་ཆུབ་ཀྱི་སེམས་ཐིག་ལེ་གཙོ་བོར་བྱེད་པས་བདེ་སྟོང་རྣམ་པར་མི་རྟོགས་པའི་ཡེ་ཤེས་དང་། གཉིས་མེད་རྒྱུད། དུས་འཁོར་སྒྱུ་འཕྲུལ་སོགས་བསྐྱེད་རྫོགས་ཟུང་འཇུག། རྫོགས་རིམ་དབང་བཞི་པའི་ཉམས་ལེན་བདེ་གསལ་རྣམ་པར་མི་རྟོགས་པའི་ཡེ་ཤེས་དང་ཁྱད་པར་ཡེ་ཤེས་ཆེན་པོ་འོད་གསལ་ལྷན་གཅིག་སྐྱེས་པའི་དེ་ཉིད་གཙོ་བོར་ཉམས་ལེན་ནོ། ༈། འདིར་གསང་སྔགས་གསར་མའི་རྒྱུད་སྡེ་རྣམས་ལས་བསྐྱེད་རྫོགས་ཀྱི་རིམ་པ་གཉིས་རྒྱ་ཆེར་འབྱུང་བ་ལས་བསྐྱེད་རིམ་ལའང་། སྐྱེ་གནས་བཞི་སྦྱང་བ་དང་བསྟུན་པའི་རྒྱས་བསྡུས་སམ། རིམ་གྱིས་དང་ཅིག་ཆར་བསྒོམ་ལུགས་འབྱུང་སྟེ། སློབ་དཔོན་དྲིལ་བུ་པས། སེམས་ཅན་བརྫུས་ཏེ་སྐྱེ་བ་བཞིན། །ས་བོན་མེད་པར་
(༧༠༦)རྣམ་པར་བསྒོམ། །གསུངས་པས། ཡི་དམ་སྐད་ཅིག་དྲན་རྫོགས་སུ་བསྐྱེད་པའི་ལུགས་ཡོད་སྟེ་བརྫུས་སྐྱེས་སྦྱོང་བྱེད་དང་། ཉི་མ་དང་ས་བོན་དང་བཅས་པ་ལས་སྐྱེད་ཅིང་ཞུ་བ་ཀླུས་བསྐུལ་མེད་པ་སྒོང་སྐྱེས་སྦྱོངས་བྱེད་དང་། ཞུ་བ་གླུ་བསྐུལ་ལས་བཞེངས་ཏེ་མངལ་ནས་ལྷ་སྤྲོ་བ་མངལ་སྐྱེས་སྦྱོང་བྱེད་དང་། ཟླ་བ་ས་བོན་ཙམ་ལས་བསྐྱེད་པ་དྲོད་གཤེར་སྐྱེས་སྦྱོང་བྱེད་དེ། ངེས་བརྗོད་ལས། མངལ་སྐྱེས་གླུ་ཡི་སྦྱོར་བ་ཡི། བསྒོམ་པ་རྣམས་ནི་ཡོངས་སུ་བརྟགས། སྒོང་སྐྱེས་གླུ་ནི་མེད་པ་སྟེ། སྒྲ་དང་སྒྲ་མིན་སྤངས་པའོ། །སྡོམ་འབྱུང་འགྲེལ་ལས། དེ་ལ་ཟླ་བ་དང་ཉི་མ་ལས་ས་བོན་དང་མཚན་མའི་རིམ་པས་རྫོགས་པའི་ལྷ་ནི་སྐྱེ་གནས་སྒོ་ང་ལས་སྐྱེས་པའོ། །ཡབ་དང་ཡུམ་གྱི་རྡོ་རྗེ་དང་པདྨ་བསྲུབ་པ་ལས་ཞུ་བའི་བྱང་ཆུབ་ཀྱི་སེམས་ལས་འཐོན་པ་ནི་མངལ་ལས་སྐྱེས་པའོ། །ཟླ་བ་དང་ས་བོན་ཙམ་ལས་སྐྱེས་པ་ནི་དྲོད་གཤེར་ལ་སྐྱེས་པའོ། །ས་བོན་ལ་སོགས་པ་དང་བྲལ་བས་སྐད་ཅིག་ལ་འོད་གསལ་ལས་སྐྱེས་པ་ནི་སྐྱེ་གནས་བརྫུས་ཏེ་སྐྱེ་བའོ། །ཞེས་སོ། །གཞན་ཡང་བསྐྱེད་རིམ་གྱི་བསྒོམ་ཚུལ་རྒྱས་བསྡུས་མི་འདྲ་བ་དུ་མ་གསུངས་སོ། ༈། གསང་སྔགས་གསར་རྙིང་དག་ལས། ལྷ་ཁྲོ་བོ་ལ་གར་གྱི་ཉམས་དགུ་གསུངས་པ་ནི། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་
(༧༠༧)རྒྱལ་བ་རྒྱ་མཚོའི་དོན་འགྲེལ་ལས། སྐུ་ལྟ་བས་ཆོག་མི་ཤེས་ཤིང་རྒྱན་དང་ལྡན་པ་བསྒེགས་པས་འདོད་ཆགས་ཅན་འདུལ། བདུད་བཞི་འདུལ་ཞིང་སྐུ་ཆེ་ལ་བརྗིད་པས་། དཔའ་བ་སྟེ་ཞེ་སྡང་ཅན་འདུལ། སྨིན་མ་བསྡུས་ཤིང་ཁྲོ་ཚུལ་དུ་མས་མི་སྡུག་པས་གཏི་མུག་ཅན་འདུལ་ཏེ་སྐུ་ཡི་ཉམས་གསུམ་དང་། དགའ་ཞིང་ཆགས་པའི་བཞད་སྒྲས་འདོད་ཆགས་ཅན་འདུལ། ཧཱུྃ་ཕཊ་ལ་སོགས་དྲལ་ཤུལ་གྱི་སྒྲས་ཞེ་སྡང་ཅན་འདུལ། སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་སྒྲས་རྟག་ཆད་སོགས་འཇིགས་པར་བྱེད་པ་སྟེ་གསུངས་གི་ཉམས་གསུམ་དང་། སྙིང་རྗེས་སེམས་ཅན་རྗེས་སུ་འཛིན་པས་འདོད་ཆགས་ཅན་འདུལ། རྔམས་པ་ནི་བྱམས་པ་ཆེན་པོས་གྲོལ་བར་མཛད་པས་ཞེ་སྡང་ཅན་འདུལ། ཟུང་འཇུག་ཞི་བ་ཆེན་པོས་ལོག་ལྟ་གཏི་མུག་ཅན་འདུལ་བ་སྟེ། ཐུགས་ཀྱི་ཉམས་གསུམ་མོ། །ཞེས་གསུངས། ༈འོག་དཔག་ནི་སྐད་རག་ཡིན་པར་བདེ་མཆོག་ལས་བཤད་ཕྱིར་སྐད་རྒྱན་ཡིན། ༈། དཔྲལ་བར་ཨོཾ་ནི་མཛོད་པུའི་ཐད་ཀྱི་ནང་ངོས་ཚངས་བུག་གི་འོག་ཏུ་བསྒོམ། མགྲིན་པའི་ཨཱདམར་ནི་ལྕེའི་རྩ་བར་བསྒོམ། སྙིང་ཁའི་ཧཱུྃ་སྔོན་ནི་ཐུགས་ཀའི་ཆ་སྨད་དུ་བཞེད་པ་
(༧༠༨)ཡོད་ལ། ཐུགས་སྲོག་ས་བོན་གྱི་ནང་དུ་བསྒོམ་པར་གསུངས། ༈སྔགས་བཟླ་བ་ལ། ངག་བཟླས་དང་། ཡིད་བཟླས་དང་། འགོག་བཟླས་དང་། ཡིག་འབྲུའི་དབྱིབས་ལ་འགོག་པ། སྔགས་སྒྲ་ལ་འགོག་པ། སྔགས་དོན་ལ་འགོག་པ་དང་གསུམ་ཡོད། །རྡོར་བཟླས་དང་། རྙིང་མ་ནས། སྐར་ཕྲེང་ལྟ་བུའི་བཟླས་པ་དང་། འགལ་མེའི་འཁོར་ལོ་ལྟ་བུ་དང་། རྒྱལ་པོའི་ཕོ་ཉ་ལྟ་བུ་དང་། བུང་བ་བཅུད་ལེན་ལྟ་བུའི་དམིགས་པའི་རྣམས་གྲངས་རྣམས་ནི་ཁྲིད་ཡིག་རྣམས་ལས་ཤེས་པར་བྱའོ། །གསང་སྔགས་གསར་རྙིང་གང་ལའང་། རྫོགས་རིམ་སྟེང་སྒོ་རྩ་ལ་བརྟན་པ་དང་། འོག་སྒོ་ལས་རྒྱ་ལ་བརྟེན་ཐབས་རྣམས་ནི་སོ་སོའི་གཞུང་ལྟར་ཞལ་མས་ཤེས་དགོས་ལ། མངལ་དུ་ལུས་ཆགས་ཚུལ་དང་། རྩ་དང་། རླུང་དང་། ཐིག་ལེ་དང་། རྣམ་ཤེས་སོགས་དང་འབྲེལ་ཚུལ། སྣོད་ལ་སྦྱར་ཚུལ་དང་བསྐྱེད་རིམ་དང་། སྦྱང་གཞི་དང་། ལམ་བསྒྲོད་ཚུལ་དེ་རྣམས་སྡུད་ཚུལ་རྣམས་ནི་རྒྱས་པར་ཟབ་མོ་ནང་དོན་སོགས་ལས་ཤེས་པར་བྱ་དགོས་པ་འདིར་མ་སྤྲོས་སོ། ༈། སྤྲོས་མེད་འོད་གལ་གྱི་རྫོགས་རིམ་བསྒོམ་པའི་ཚུལ་ཡང་རིམ་ལྔ། ཆོས་དྲུག། སྦྱོར་དྲུག། ལམ་འབྲས་སོགས་རྒྱ་བོད་གྲུབ་ཐོབ་ཆེན་པོ་སོ་སོའི་བཀའ་བབ་བརྒྱུད་ཚུལ་འདི་འདྲ་བ་གསར་རྙིང་སོ་སོར་དུ་མ་འབྱུང་བ་དག་ནི་སོ་སོ་ཁྲིད་རྒྱུན་བཞུགས་པའི་མཁས་གྲུབ་བླ་མ་རྣམས་ཀྱི་ཞལ་ཁྲིད་ལ་ལྟོས་དགོས་ཕྱིར་འདིར་མ་བྲིས་སོ། ༈། སྦྱང་བྱ་གནས་སྐབས་རྣམས་བཞིའི་འཁྲུལ་
(༧༠༩)པ་ནི། སད་པའི་གནས་སྐབས། རྨི་ལམ་གྱི་གནས་སྐབས། གཉིད་འཐུག་གི་གནས་སྐབས། སྙོམས་འཇུག་གི་གནས་སྐབས་བཞིའོ། །དེ་བཞིས་སྐུ་བཞི་སྒྲིབ་སྟེ། དེ་སྦྱོང་བྱེད་ལམ་ཕྱག་རྒྱ་བཞིའི། གཏུམ་མོ། །སྒྱུ་ལུས། རྨི་ལམ། འོད་གསལ་དང་བཞི་སོགས་ཀྱིས་སྦྱོང་བའོ། ༈། ལམ་རྟགས་བཅུ་ནི། མུན་བསྒོམ་བྱས་པ། གཡས་ཀྱི་ས་ཆུ་མེ་རླུང་ནམ་མཁའི་རླུང་ལྔ་དབུ་མར་ཚུད་པའི་རྟགས་ལྔ་འཆར། དང་པོ་སེར་པོའི་རྣམ་པ་ས་ཚུབ་ལྟ་བུ་དང་། །དུ་བ་ལྟ་བུ་ལང་ལང་འོང་། གཉིས་པ། སྔོ་སྐྱ་ཆུ་འདྲ་བ་གཡོ་བ་བྲིབ་བྲིབ་སྨིག་རྒྱུ་ལྟ་བུ་འབྱུང་། གསུམ་པ་དམར་པོ། དམར་ཚག་ཚག་འོད་འཕྲོ་བ་སྲིན་བུ་མེ་ཁྱེར་ལྟ་བུ་འབྱུང་། བཞི་པ། མདུན་རྒྱབ་གཡས་གཡོན་གང་རུང་དུ་འོད་འབར་བ་མར་མེ་ལྟ་བུ་འབྱུང་། དེ་བཞིན་ནི་མཚན་རྟགས་བཞིའོ། །ལྔ་པ། ཉིན་མཚན་སྤྱི་ཁྱབ་ལ་སྔོ་ལ་དྭངས་པ་ནམ་མཁའ་ཁྱབ་པ་སྙོམས་བྱེད་པའི་སྤྲིན་མེད་ནམ་མཁའ་ལྟ་བུ་མཐོང་བར་འགྱུར་རོ། །དེ་ནས་ནམ་མཁའ་ཤིན་ཏུ་དྭངས་པ་ལ་ཉིན་མོ་རིག་པ་གཏད་ནས་བསྒོམ་པས་གཡོན་གྱི་རླུང་ལྔ་རིམ་པར།། །ཏིར་ཚུད་ནས་ཉིན་མོའི་རྟགས་རྣམས་འབྱུང་སྟེ། ནམ་མཁའ་ལ་མེ་འབར་བ་ལྟ་བུའི་སྣང་བ་ནི་འབར་བ་ཞེས་བྱ། ཟླ་བའི་རྣམ་པ་དང་། ཉི་མའི་
(༧༡༠)རྣམ་པ་དང་། ནག་པོ་སླ་ངའི་རྒྱབ་ལྟ་བུ་སྒྲ་གཅན། རིན་པོ་ཆེ་དང་། བར་སྣང་གི་གློག་ལྟ་བུ་མཆོག་གི་ཆ་མཐོང་ཞིང་། རྣམ་པ་ཀུན་ལྡན་གྱི་སྟོང་པ་ཉིད་ཀྱི་གཟུགས་ཐིག་ལེ་དང་། བུམ་པ་དང་། རས་ཡུག་སོགས་སྣ་ཚོགས་གཟུགས་དང་། ཐིག་ལེ་དཀར་སེར་དམར་ནག་སྔོ་ལྗང་རྣམས་འབྱུང་སྟེ། ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་སྣ་ཚོགས་ཐིག་ལེ་ཞེས་བྱ། ཐིག་ལེའི་ནང་དུ། སྣ་ཚོགས་པའི་སྐུ་དང་། སྤྲུལ་པའི་སྐུ་སྣ་ཚོགས་མཐོང་སྟེ་རྣམ་ཀུན་མཆོག་ལྡན་གྱི་སྐུའོ། ། དེ་ཚེ་གཞོམ་དུ་མེད་པའི་སྒྲ་ཐོས་པར་གསུངས་སོ། །དེ་ནས་ཐིག་ལེ་ཁ་དོག་ཅི་རིག་པའི་དབུས་སུ་རི་མོ་ནག་པོ་སྐྲ་ཡི་ཚད་ཙམ་རིགས་ཐུང་ཅི་རིག་པའི་ནང་དུ་སངས་རྒྱས་ཀྱི་སྐུ་དང་། རིགས་དྲུག་གི་གཟུགས་སྣ་ཚོགས་པ་མཐོང་བར་གྱུར་པ་ནི། ངེས་པའི་སྐུ་ཞེས་པའམ། བརྟན་པའི་སྐུ་ཞེས་བྱ་སྟེ། རྟགས་ཀྱི་མཐར་ཐུག་པ་ཡིན་ནོ། ཞེས་གསུངས། འབུམ་དང་ཉི་ཁྲི་སོགས་ལས། དྲི་མ་མེད་པའི་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་དང་། །སྒྲོན་མ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་དང་སོགས། ཟླ་བ་བཟང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་དང་སོགས། མྱ་ངན་ལས་འདས་མདོ་ལས་ཟླ་བའི་འོད་ཟེར་གྱི་ཏིང་ངེ་འཛིན་ཐོབ་བོ་ཞེས་སོགས་གསུངས་སོ། །མ་ཧཱ་ཡོ་གའི་སྤྱོད་པ་ནི། བང་མཛོད་འཁྲུལ་སྡེ་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི། ཏ་ན་དང་ནི་ག་ན་དང་།
(༧༡༡)། དམ་རྫས་བདུད་རྩི་ལྔ་པོ་ལ། །ཐབས་ཆེན་ལྟ་བའི་སྤྱོད་པ་སྤྱད། །ཅེས་སོ། །དེའང་གསང་སྔགས་ཆེན་པོ་གསར་མའི་ལུགས་སུ། རྩ་རླུང་ཐིག་ལེའི་གནད་ཤེས་པས་ཚོགས་ལམ་དུ་ཀུན་ཏུ་བཟང་པོའི་སྤྱོད་པ་རྫོགས་པའི་རིམ་པའི་ཉམས་མྱོང་རྒྱུན་མ་ཆད་པ་སྐྱོང་ཏེ། སྡོམ་གསུམ་བསྐྱེད་རྫོགས་དང་མ་བྲལ་བའོ། །སྦྱོར་ལམ་དྲོད་ཐོབ་ཆུང་ངུ་ཐོབ་ནས།། །སྤྱོད་བྱ། དྲོད་འབྲིང་དང་ཆེན་པོ་ཐོབ་ནས་རིག་པ་བཏུལ་ཞུགས་ཀྱི་སྤྱོད་པ་བྱའོ། །མི་འདོད་ན་ནང་གི་སྤྱོད་པོ་དེ་འཇིག་རྟེན་གྱི་ཀུན་ཏུ་རྟོག་པ་ཐམས་ཅད་སྤངས་ནས་སོ་སོར་སྡུད་པ་དང་། བསམ་གཏན་བསྒོམ་པའི་རྒྱུས་སྤྱན་ལྔ་དང་མངོན་པར་ཤེས་པ་དྲུག་ཐོབ་སྟེ། སྐུ་ཡི་དཀྱིལ་འཁོར་དུ་ཞུགས་པ་ཞེས་རྩ་དག་པའི་འབྲས་བུ་མངོན་དུ་བྱེད་པ་ཉིད་དོ། ༈། དྲོད་ཆེ་འབྲིང་ཆུང་གསུམ་ནི། ཧེ་བཛྲ་ལས། འཇིགས་སྨྱོ་དེ་བཞིན་སྡུག་བསྔལ་དང་། །མྱ་ངན་གདུང་བའི་འཚེ་བ་དང་། །ཞེས་དེ་རྣམས་ཀྱིས་མི་གནོད་པའི་དྲོད་ཆུང་ངུ་དང་། འདོད་ཆགས་ཞེ་སྡང་གཏི་མུག་ཆེས། །སྒྲུབ་པ་པོ་ནི་ཉོན་མི་མོངས། །ཞེས་རྐྱེན་ཆེན་པོའི་ཉོན་མོངས་ཀྱིས་མི་གནོད་པ་དྲོད་འབྲིང་པོ་དང་། ཕན་དང་གནོད་པའི་འབྲས་བུ་འབྱུང་བ་ཞེས་ཏིང་ངེ་འཛིན་གྱི་འབྲས་བུ་མངོན་ཤེས་དང་རྫུ་འཕྲུལ་གྱི་རྩལ་གྲུབ་རྟག་ཅི་རིག་སྟོན་ནུས་ན་དྲོད་ཆེན་པོའི་རྟགས་སུ་བཤད་དོ། །ཕ་རོལ་
(༧༡༢)ཕྱིན་པའི་དྲོད་རྩེ་མོ་བཟོད་པའི་དོན་ཡིན། དེ་ནས་སྲོག་རྩོལ་གྱི་སྦྱོར་བས་མཐོང་ལམ་ཐོབ་ནས། བསྒོམ་ལམ་དུ་། ཆགས་ཅན་སྤྲོས་བཅས་ཀྱི་སྤྱོད་པ་ཨིནྟྲ་བྷུ་ཏི་ལྟ་བུ། སྤྲོས་པ་བསྡུས་པ་རྡོ་རྗེ་དྲིལ་བུ་པ་ལྟ་བུ་དང་། ཆགས་བྲལ་གྲོལ་ལམ་གྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་མཉམ་པར་བཞག་པ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་དང་། རྗེས་ཐོབ་སྒྱུ་མ་ལྟ་བུའི་སྤྱོད་པ་བྱ་བ་རྗེས་དྲན་གྱི་ཡན་ལག་སྦྱང་བ་དང་། ཡང་ན་བྷུ་སུ་ཀུའི་སྤྱོད་པ་ཞེས་ཟ་གཉིད་བཤང་ལྕི་འདོར་བ་གསུམ་མ་གཏོགས་འདུ་ཤེས་སྤངས་བ་རྒྱལ་སྲས་ཞི་བ་ལྷ་ལྟ་བུ་དང་། ཡང་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་ཞེས། བདུད་དང་ཐེག་པ་དམན་པ་རྣམས་ཀྱིས་མི་འཕྲོག་པས་རྣམ་པར་རྒྱལ་བའི་སྤྱོད་པའམ། གཞན་གྱིས་ཕུན་ཚོགས་པ་དང་འབྲེལ་བས་ན་ཚོགས་ཀྱི་སྤྱོད་པ་ཆེན་པོ་ཞེས་ཀྱང་བཤད་པ་འདི་ནི་བསྒོམ་པའི་ལམ་ཡིན་ནོ། ༈། ཡང་རྙིང་མ་ལས། སྤྱོད་པ་བརྒྱད་གསུངས་ཏེ། ཤ་བརྩོན་ལྟ་བུའི་སྤྱོད་པ། བུང་བ་ལྟ་བུའི་སྤྱོད་པ། ཁྱིམ་པ་ལྟ་བུ། རི་དྭགས་རྨས་མ་ལྟ་བུ། སྨྱོན་པ་ལྟ་བུ། སེངྒེ་ལྟ་བུ། ཁྱི་ཕག་ལྟ་བུ། རྒྱལ་པོ་ལྟ་བུའི་སྤྱོད་པ་དང་བརྒྱད་དོ། །སྤྱོད་པའི་སྐབས་ཕྱག་རྒྱ་ལྔའི་རྒྱན་པའི་དོན་ནི། དཔལ་ནཱ་རོ་པས་བདེ་བ་ཆེན་པོ་རྟོགས་པའི་རྒྱུད་ཀྱི་ལུང་དྲངས་པ། བླ་མ་སློབ་དཔོན་འདོད་ལྷ་ལ།
(༧༡༣)ཕྱག་འཚལ་དོན་དུ་འཁོར་ལོ་འཛིན། བླ་མ་རྡོ་རྗེ་སློབ་དཔོན་ལ། སྨོད་ཚིག་མི་ཉན་པ་ཡི་ཕྱིར། རྣ་བ་དག་ཏུ་རྣ་ཆ་འཛིན། སྔགས་ཀྱི་བཟླས་པའང་མགུལ་རྒྱན་ཉིད། གདུབ་བུ་སྲོག་ཆགས་གསོད་པར་སྤངས། ཕྱག་རྒྱ་བསྟེན་པ་སྐད་རག་ཉིད། སངས་རྒྱས། ལྔ་ཡི་ཕྱག་རྒྱ་ནི། རྟག་ཏུ་ལུས་ལ་ཕྱག་རྒྱས་གདབ། ༈། བདུད་རྩི་རིལ་བུ་བཟའ་བའི་དོན་ཡང་། །གང་ཚེ་སེམས་ཅན་མེད་རིག་པ། །དེ་དོན་ཡང་དག་རྟོགས་པ་ན། །ཁྲག་ཉིད་བཟའ་བ་ཉིད་དུ་འགྱུར། །རཀྟ་ཆེན་པོ་དེ་ཟོས་པས། །འོད་དཔག་མེད་དུ་འགྲོ་བར་བྱེད། །ཆོས་རྣམས་སྐྱེ་བ་མེད་པ་གང་། །ཁུ་བའི་སྒྲ་ཡིས་བརྗོད་པ་སྟེ། །སྐྱེ་མེད་དེ་ནི་རྟོགས་པ་ལ། །བཟའ་བ་ཉིད་དུ་མངོན་པར་བརྗོད། །དངོས་པོ་རྣམས་ཀྱི་མཉམ་ཉིད་གང་། །ཤ་ཞེས་བྱ་བ་རབ་ཏུ་གྲགས། །སྐྱེ་མེད་ལ་ནི་མཉམ་སྦྱོར་བ། །བཟའ་བ་ཉིད་དུ་མངོན་པར་བརྗོད། །དམ་ཚིག་དོན་ལ་རབ་སྦྱོར་བས། །སེམས་གང་རབ་ཏུ་འཛག་པས་ན། །མི་བསྐྱོད་པ་ཞེས་དེ་ལ་གསུངས། །སེམས་ནི་གང་དུའང་ཅུང་ཟད་ཀྱང་། །གནས་པ་མ་ཡིན་སྣང་བ་མེད། །དྲི་ཆེན་ཉིད་ཀྱང་དེ་ལ་བརྗོད། རྟོགས་པའི་ཕྱིར་ན་བཟའ་བའོ། །གསལ་པོར་གསུང་པ་འདི་རྣམས་ཀུན།
(༧༡༤)དམ་ཚིག་རྣམས་ཀྱི་མཐན་ཉིད་དོ། །ཞེས་གསུངས་སོ། །མ་ཧཱ་ཡོ་གའི་འབྲས་བུ་ནི། ལམ་འགྱུར་གྱི་འབྲས་བུ་རིགས་འཛིན་བཞི་ནི། རྣམ་པར་སྨིན་པའི་རིགས་འཛིན་དང་། ཚེ་ལ་དབང་བའི་རིགས་འཛིན་དང་། ཕྱག་རྒྱ་ཆེན་པོའི་རིགས་འཛིན་དང་། ལྷུན་གྱིས་གྲུབ་པའི་རིགས་འཛིན་དང་བཞིའོ། ༈། རྣམ་སྨིན་རིགས་འཛིན་ནི། བློ་ཡི་ནུས་སྟོབས་ཆུང་བས། མཐོང་ལམ་ཐོབ་ཀྱང་འབྱུང་བའི་སྙིགས་མ་རྣམ་སྨིན་ཤ་དྲག་གི་ལུས་ཡེ་ཤེས་ཀྱི་མེས་སྦྱང་བར་མ་ནུས་པས་ཕུང་པོ་དང་མ་བྲལ་བ། མཐོང་ལམ་ཐོབ་ཕྱིར་ཡིད་འོད་གསལ་གྱི་ལྷ་སྐུར་སྨིན་པས། ལུས་རྒྱ་དང་བྲལ་མ་ཐག་ཕྱག་ཆེན་རིགས་འཛིན་ལ་སྦྱོར་ངེས་པའོ། །མཛད་སྤྱོད་ནི། བདག་དོན་དུ་བཀོད་པ་དཀྱིལ་འཁོར་གྱི་བྱ་བ་ལ་སོགས་པའི་ཚོགས་གཉིས་རྫོགས་པར་བྱེད་ཅིང་། ཕྲིན་ལས་བཞིས་གཞན་དོན་རྫོགས་པར་བྱེད། ཟག་མེད་ལྷའི་སྤྱན་སོགས་ཡོན་ཏན་ལྡན་ལ། གླིང་བཞིའི་འཇིག་རྟེན་ཙམ་དུ་སྐུ་དངོས་ཀྱི་དོན་མཛད། སྤྲུལ་གཟུགས་སྟོན་ནུས་པ་ཚེ་དབང་རིགས་འཛིན་དང་ཆ་འདྲ་བ་ཙམ་མོ། ༈། མཐོང་ལམ་ཚེ་དབང་རིགས་འཛིན་ནི། བློ་ཡི་ནུས་སྟོབས་ཆེ་བས། ཡེ་ཤེས་ཀྱི་མེའི་སྟོབས་ཀྱིས་ལུས་སེམས་གཉིས་ཀ་འོད་གསལ་གྱིས་ལྷ་སྐུར་སྨིན་ཅིང་། ཕྲ་ཡང་ལ་སོགས་པའི་འཇའ་
(༧༡༥)ལུས་ཀྱི་ཡོན་ཏན་གྱི་ཁྱད་པར་ཅན་དང་ལྡན་པའི་རྡོ་རྗེའི་ལུས་ཐོབ་པས། ཚེ་ཡི་རིགས་འཛིན་བརྙེས་པ་སྟེ། དེ་ལ་སྤྱིར། སྨན་གྱི་བཅུད་ལེན་དང་། ཐིག་ལེ་དབབ་བཟུང་དང་། རླུང་གི་འཁོར་ལོ་དང་། ལམ་མཆོག་ཡོངས་སུ་རྫོགས་པའི་ཚེ་དབང་དང་བཞི་ཡོད་པ་ལས། ཕྱི་མ་སྟེ་སྔ་མ་གསུམ་ལས་མཆོག་གོ། །མཛད་སྤྱོད་ནི། བདག་དོན་ཀུན་འགྲོའི་དྲི་མ་སྦྱོངས་ཤིང་། གཞན་དོན་ཆོ་འཕྲུལ་བཞི་དང་ཕྲིན་ལས་བཞིས་སོགས་ཀྱིས་འགྲོ་དོན་མཛད། །མངོན་ཤེས་ཀྱི་ཡུལ་དོན་ཡང་དབང་ཤེས་ཉི་ཤུ་རྩ་ལྔས་གླིང་བཞི་བྱེ་བྲག་བརྒྱར་དུས་གཅིག་ཏུ་འགྲོ་དོན་མཛད་པའོ། ༈། བསྒོམ་ལམ་ཕྱག་ཆེན་རིགས་འཛིན་ནི། ཡེ་ཤེས་སྒྱུ་མའི་ལུས་ཅན་ཏེ། ཆ་བྱེད་ཟུང་འཇུག་གི་ལྷ་སྐུའི་མཚན་དཔེས་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་ནོ། །བདག་དོན་དུ་ལྷན་ཅིག་གནས་པའི་དྲི་མ་སྦྱོངས་ཞིང་། གཞན་དོན་དུ་མཉམ་བཞག་ངང་ལས་མ་གཡོས་བཞིན་དུ། ལུས་རྔོན་པ་དང་། སྨན་འཚོང་མ་སོགས་གང་འདུལ་དུ་སྟོན་པས་འདུལ་བར་བྱེད། མངོན་ཤེས་ཀྱི་ཡུལ་དོན་ཀྱང་དབང་ཤེས་ཉེར་ལྔའི་ཡོན་ཏན་ཚེ་དབང་དང་འདྲ་ཡང་། གསལ་བརྟན་ཁྱད་པར་འཕགས་པས་ལོངས་སྐུའི་
(༧༡༦)ཞིང་དང་མཉམ་པའི་འགྲོ་དོན་མཛད་པའོ། །འདི་ལ་ནང་ཚན་དུ། ས་གཉིས་པ་གསུམ་པ་བཞི་པ་ལྔ་པ་རྣམས་ལ་རྟོགས་པའི་ཡེ་ཤེས་རྡོ་རྗེས་རང་པའི་སྒྲིབ་པ་འཇོམས་ཕྱིར་རྡོ་རྗེའི་རིགས་འཛིན་དང་། ས་དྲུག་པར། ཤེར་ཕྱིན་གཙོ་བོར་སྤྱོད་ཅིང་། ཆོས་འཁོར་བསྐོར་ཕྱིར་དང་། ས་བདུན་པ་ལ། ཐབས་མཁས་པ་འཁོར་ལོ་ལྟར་གྱུར་པས། འཁོར་ལོའི་རིགས་འཛིན་ཞེས་བྱ། ས་བརྒྱད་པར། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་བསྒྱུར་ཕྱིར་རིན་ཆེན་རིགས་འཛིན་ཞེས་བྱའོ། །ས་དགུ་པར། ཆགས་པ་མེད་པས་ཞི་སྦྱོངས་ཞིང་འགྲོ་དོན་མཛད་པས་པདྨ་རིགས་འཛིན་ཞེས་བྱའོ། །ས་བཅུ་པར་ནི། ཕྲིན་ལས་ཕུན་སུམ་ཚོགས་པས། སེམས་ཅན་གྱི་དོན་དཔག་མེད་མཛད་ཕྱིར་རལ་གྲིའི་རིགས་འཛིན་ཞེས་བྱའོ། ༈། ལྷུན་གྲུབ་རིགས་འཛིན་ནི། ས་བཅུའི་ཁྱད་པར་གྱི་ལམ་གྱི་མཐར་སྐུ་ལྔ་ལྷུན་གྲུབ་རྡོ་རྗེ་འཆང་གི།། །འཛིན་པ། དྲུག་པའི་རྒྱལ་ཚབ་གསང་བའི་བདག་པོ་བཞིན་ནོ། །སྤྱོད་ཚུལ་ནི། བདག་དོན་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ་ནང་གི་མངོན་བྱང་གི་ཤེས་སྒྲིབ་ཕྲ་བ་སྣང་གསུམ་གྱི་དྲི་མ་སྦྱང་ཞིང་། གཞན་དོན་རྗེས་ཐོབ་ལ་སངས་རྒྱས་དང་ཆ་འདྲ་བའི་འགྲོ་དོན་མཛད་དོ། །སྤྲུལ་གཟུགས་ཀྱང་མཛད་པ་བཅུ་གཉིས་སོགས་མཆོག་གི་སྤྲུལ་སྐུ་དང་ཕྱོགས་མཐུན་སྟོན་ཏོ། །
(༧༡༧)མངོན།། །ཀྱི་ཡུལ་དོན་ཇི་སྙེད་མཁྱེན་པའི་ཡུལ་རྒྱལ་བ་ཉིད་དང་ཆ་འདྲ་བ་སྟེ། ནམ་མཁས་ཁྱབ་ཚད་ཀྱི་སེམས་ཅན་གྱི་དོན་ཡང་ཅི་རིག་པ་མཛད་དོ། ༈། རིགས་འཛིན་བཞི་དེ། མེད།། །ལམ་གྱི་ས་རྣམས་དང་དགོངས་པ་མཉམ་ཚུལ་དང་། དགོངས་སྤྱོད་ཁྱད་པར་འཕར། ཞེས། རྣམ་སྨིན་རིགས་འཛིན་དང་མདོའི་ས་དང་པོ། གཉིས་སྐལ་བ་མཉམ། ཚེ་དབང་རིགས་འཛིན་དང་ས་བརྒྱད་པ་སྐལ་མཉམ་དང་། ཕྱག་ཆེན་རིགས་འཛིན་དང་བཅུ་པ་དང་། ལྷུན་གྲུབ་རིགས་འཛིན་དང་བཅུ་གཅིག་ཀུན་ཏུ་འོད་དང་སྐལ་བ་མཉམ་མོད། དགོངས་སྤྱོད་རྒྱ་མཚོས་མདོའི་ས་དང་པོ་སོགས་ལས་རྣམ་སྨིན་རིགས་འཛིན་སོགས་ཁྱད་པར་འཕགས་པའོ། །ཚེ་དབང་རིགས་འཛིན་ལས། ལྷུན་གྲུབ་རིགས་འཛིན་བར་ཏུ་ཐོད་སྒལ་དུ་ལམ་བགྲོད་པའང་ཡོད། མཐར་ཐུག་གི་འབྲས་བུ་ནི། བརྩོན་འགྲུས་མཆོག་དང་ལྡན་པ་ཚེ་འདིའམ། བརྩོན་པ་དེ་ཙམ་མི་ལྡན་པས་ཀྱང་བར་དོ་ནས་སྐུ་ལྔ་ལྷུན་གྲུབ་པའི་སངས་རྒྱས་ཐོབ་སྟེ། གསང་འདུས་ལས། །འདི་ནི་སྐུ་གསུམ་བདག་ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོས་རྣམ་པར་བརྒྱན། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཡེ་ཤེས་ཐིག་ལེ་ལས། ཡང་ན་ལུས་འདི་སྤང་མ་ཐག། བརྩོན་པ་མི་ལྡན་པས་ཀྱང་གྲུབ། །ཅེས་གསུངས་སོ། །གཉིས་
(༧༡༨)པ་མ་རྒྱུད་ལུང་ཨ་ནུ་ཡོ་ག་ལ། ངོ་བོ་ནི། ཤེས་རབ་རྫོགས་རིམ་གཙོར་བརྟན་དབྱིངས་ཡེ་གཉིས་མེད་དོན་ལ་རྟོགས་སྒོམས་ཀྱི་སྦྱོར་བས་གྲོལ་བའོ། །ངེས་ཚིག་ནི་ཨ་ནུ་ཡོ་ག་སྟེ། ཤེས་རབ་རྗེས་ཆགས་ཀྱི་ལམ་གཙོ་བོར་སྟོན་པའི་རྗེས་སུ་རྣལ་འབྱོར་རོ། ༈། དབྱེ་བ་ལ་དྲུག་གི། འཇུག་སྒོ་དང་པོ་དབང་ནི། ཕྱི། ནང་། སྒྲུབ། གསང་། བཞིས་བསྡུས་པའི་དབང་པོ་དྲུག་ལས། ཡན་ལག་གི་དབང་བརྒྱད་བརྒྱ་པོ་གཅིག་ཕྱེ་བས་བསྐུར་རོ། ༈། བྱ་བའི་འཇུག་སྒོ་ནི། ཀུན་བྱེད་ལས། ཨ་ནུ་དབྱེར་མེད་པ་འདོད་པའི། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ཏེ། ཇི་ལྟར་ཞུགས་ན། མ་བསྐྱེད་རྫོགས་པའི་ཚུལ་གྱིས་སྟེ། ཐུགས་ཀྱི་སྒོ་ལྕགས་ལས། སྐྱེ་མེད་དབྱིངས་ཉིད་ཡེ་ཤེས་ཏེ། ཡེ་ཤེས་རིགས་པ་དབྱིངས་ཉིད་ཚུལ། །གཉིས་མེད་རོལ་པའི་བདེ་བ་ཆེ། །རིམ་པར་འཇུག་པ་མ་ཡིན་ཏེ། །སྣང་སྲིད་ཕྱག་རྒྱ་ཐམས་ཅད་ལ། །ཆུ་ལ་ཉ་ལྡང་ཇི་བཞིན་དུ། །ཐུགས་ཕྲད་སྣང་སྲིད་ཕྱག་རྒྱ་ཆེ། །ཞེ་སོ། ༈། ལྟ་བ་ནི་ཆོས་ཐམས་ཅད་རང་གི་སེམས་ཡིན་ཏེ། སེམས་ཀྱི་ངོ་བོ་དོན་དམ་དབྱིངས་སྐྱེ་མེད་སྤྲོས་དང་བྲལ་བ་སྐྱེ་མེད་དེའི་རང་བཞིན་ནམ། ཡེ་ཤེས་འགག་པ་མེད་པ་རིག་པ་རང་བྱུང་འོད་གསལ་བའི་རྩལ་ལྷ་སྐུར་
(༧༡༩)ཤར་བ། དབྱིངས་དང་ཡེ་ཤེས་དེ་གཉིས་ལ་ངོ་བོ་ཐ་དད་མེད་པས་གཉིས་མེད་བདེ་བ་ཆེན་པོ་སྟེ། དེའང་སེམས་ཀྱི་དབྱིངས་ནི་ཡུམ་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་པར་དག་པ་ཡེ་ཤེས་ནི་ཡབ་ཀུན་ཏུ་བཟང་པོ། དབྱིངས་ཡེ་གཉིས་སུ་མེད་པ་ནི་སྲས་བདེ་བ་ཆེན་པོ་ཞེས་གསོལ་བ་དང་། ངོ་བོ་ལ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་དང་། རང་བཞིན་ལ་རང་བཞིན་ལྷུན་གྲུབ་པའི་དཀྱིལ་འཁོར་དང་། ངོ་བོ་རང་བཞིན་དབྱེར་མེད་པ་ལ། རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཞེས་བྱ་བ། དེའི་ཕྱིར་ཆོས་ཐམས་ཅད་དཀྱིལ་འཁོར་གསུམ་དབྱེར་མེད་པའི་རང་བཞིན་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་སངས་རྒྱས་པར་བསྟན་སྟེ། སྤྱོ་མདོ་ལས། ཐམས་ཅད་དེ་ཉིད་དེར་གཅིག་པས། །ཡེ་ནས་སངས་རྒྱས་བདེ་ཆེན་ཉིད། །སྐྱེ་འགག་མེད་པའི་སྙིང་པོ་ཡིན། ། བྱ་བྱེད་མེད་པའི་དཀྱིལ་འཁོར་གསུམ། །ཡེ་ནས་གྲུབ་ཟིན་ལྷུན་གྲུབ། །ཅེས་དང་། གཡུ་ཐང་ལས། སྣང་སྲིད་བཟང་མོའི་མཁའ་ཀློང་ནས། །མ་སྐྱེད་དཀྱིལ་འཁོར་ཀུན་བཟང་ཤར། །ཤར་བ་ཉིད་ལ་ཤར་བ་མེད། །ཡབ་ཡུམ་སྲས་བཅས་བདེ་ཆེན་དོན། །ལྷུན་རྫོགས་ཞེས་དང་། བང་མཛོད་འཕྲུལ་སྡེ་ལས། རྫོགས་པ་ཨ་ནུ་ཡོ་ག་ནི། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ། །མ་བསྐྱེད་རྫོགས་པའི་ཚུལ་དུ་འདོད། །
(༧༢༠)། ཅེས་སོ། ། ཚུལ་ཁྲིམས་ནི། དོན་བསྡུས་ལས། གཞི་འཛིན་པ་ནི་དམ་ཚིག་སྟེ། །སྒོ་གསུམ་སྡོམ་པར་གནས་པའི་དོན། །རྩ་བ་ཡན་ལག་ལ་སོགས་པའི། །བསྲུང་དང་སྒྲུབ་པ་དེ་ཉིད་དོ། །ཞེས་པས་སྒོ་གསུམ་གྱི་རྩ་བ་དང་ཡན་ལག་ལ་སོགས་པའི་དམ་ཚིག་བསྲུང་ཞིང་སྒྲུབ་པར་བྱ་བ་རྣམས་ཏེ། དེ་ལའང་། དབྱེ་ན། གལ་མདོ་ངེས་པའི་དམ་ཚིག་བཞི། ཐུན་མོང་གི་ཉི་ཤུ་རྩ་བརྒྱད། ལྷག་པའི་བཞི། བརྟུལ་ཞུགས་ཀྱི་ཉེར་གསུམ། སྒྲུབ་པའི་ཉི་ཤུ། སྤྱོད་ལམ་རྒྱུན་གྱི་བཞི། བདུད་ལྔ་སྤང་བ། དགྲ་བཞིར་གཞོམ་པ། ལྟ་བའི་དམ་ཚིག་སྟེ་རྣམ་གྲངས་དགུར་སྤྱི་མདོའི་ལེའུ་རེ་དྲུག་པར་གསུངས་མོད་ཀྱང་། བསྡུ་ན་གཉིས་ཏེ། བསྲུང་མཚམས་མེད་པར་གཅིག་ཆར་བའི་དམ་ཚིག་དང་། བསྲུང་མཚམ་ཅན་རིམ་གྱིས་པའི་དམ་ཚིག་གཉིས་སུ་འདུས་ཏེ། སྤྱི་མདོ་ལས། བསྲུང་བྱ་སྲུང་སུ་མེད་པ་ནི། །ཆོས་ཉིད་དམ་ཚིག་དམ་པ་ཡིན། །ཞེས་དང་། དམ་ཚིག་འདི་ནི་རྨད་པོ་ཆེ། །ཀུན་གྱི་ཐུན་མོང་མ་ཡིན་ཕྱིར། །མོས་པ་ཆུང་ངུ་ཐམས་ཅད་ལ། །གསང་བའི་མཚམས་དག་བཟུང་བར་བྱ། བསྒོམ་པ་ནི། ཐར་ལམ་དང་གྲོལ་ལམ་གཉིས་ལས། ཐར་ལམ་ནི་
(༧༢༡)སྟེང་སྒོ་རྩ་འཁོར་བཞིའམ་དྲུག་བསྒོམ་པའི་རྣལ་འབྱོར། འོག་སྒོ་མཁའ་གསང་ལ་བརྟེན་ནས་ལྷན་སྐྱེས་ཡེ་ཤེས་བསྐྱེད་པའོ། ༈། གྲོལ་ལམ་ལའང་གཉིས་ཀྱི། དོན་བཀོད་པ་སྤྲོས་མེད་ཀྱི་ཏིང་ངེ་འཛིན་ནི། སྤྱི་མདོ་ལས། ཇི་བཞིན་པ་ཡི་ཆོས་ཉིད་ལ། །དེ་བཞིན་པ་ཡི་བློ་བཞག་ནས། །བརྗོད་མེད་པ་ཡི་ངང་ཉིད་ལས། །མ་ཡེངས་རྒྱུན་དུ་དྲན་པའོ། །ཞེས་པའི་རྟག་ཀྱི་རོལ་པ་སྤྲོས་བཅས་ལྷའི་ཏིང་ངེ་འཛིན་ནི་སྔགས་བརྗོད་པ་རྩམ་གྱིས་ཆུ་ལ་ཉ་ལྡང་བ་ལྟར། སྣོད་བཅུད་ལྷའི་དཀྱིལ་འཁོར་གསལ་ལ་མ་འདྲེས་གཅིག་ཆར་དུ་བསྒོམ་པ་གཙོ་བོར་བྱེད་པའི། ཉམས་ལེན་ནོ། །བང་མཛོད་འཕྲུལ་སྡེ་ལས། ཨ་ནུ་ཡོ་གའི་ཐེག་པར་ནི། སྙིང་པོ་ཙམ་ཞིག་བརྗོད་བྱས་ནས། མ་བསྐྱེད་རྫོགས་པའི་ལྷ་རུ་བསྒོམ། ངེས་རྫོགས་ལ། ཚོགས་ལམ། འདུན་པ་སེམས་ཀྱི་རྣལ་འབྱོར། སྦྱོར་ལམ་རིག་ཆེན་འབྱེད་པའི་རྣལ་འབྱོར། མཐོང་ལམ་དབུགས་ཆེན་འབྱིན་པའི་རྣལ་འབྱོར། བསྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར། མི་སློབ་ལམ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་རོ་སྤྱོད་པ་ནི། སྤྱིར་མཉམ་པ་ཉིད་ལ་གཙོ་བོར་སྤྱོད་པ་སྟེ། བང་མཛོད་འཕྲུལ་སྡེ་ལས། རྫོགས་པ་ཨ་ནུ་ཡོ་ག་ནི། དབྱིངས་དང་ཡེ་ཤེས་ལོངས་སྤྱོད་རྫོགས།
(༧༢༢)ཞེས་སོ། །བྱེ་བྲག་ཏུ་དབྱེ་ན་སྤྱོད་པ་གསུམ་ཏེ། སྤྱི་མདོ་ལས། བྱིན་རློབས་ཀྱི་སྤྱོད་པ་དང་། དབང་བསྒྱུར་ཐབས་ཀྱི་སྤྱོད་པ་སྟེ། །དཔེ་ནི་ནམ་མཁའ་རྒྱལ་པོའམ། །ཇི་ལྟར་མེ་དཔུང་ཆུ་བོ་འདྲ། །ཞེས་སོ། ༈། དྲུག་པ་འབྲས་བུ་ནི། མི་ཚེ་གཅིག་གིས་འབྲས་ཆོས་ཉེར་ལྔ་དབྱེར་མེད་ལྷུན་གྲུབ་ཀྱི་ངོ་བོ་སྐུ་བཞིའི་བདག་ཉིད་བདེ་བ་ཆེན་པོའི་སྐུ་པདྨ་ཅན་གྱི་ས་ལ་མངོན་དུ་བྱེད་དེ། ཐིག་ལེ་མཆོག་གི་རྒྱུད་ལས། འོད་གསལ་བ་ཡི་སེམས་ཉིད་ནི། །དབྱིངས་དང་ཡེ་ཤེས་གཉིས་མེད་པར། །བདེ་བ་ཆེ་དེ་སུས་བསྒོམ་པ། །འབྲས་བུ་ཚེ་འདིར་རྫོགས་སངས་རྒྱས། །ཞེས་སོ། །གསུམ་པ་མན་ངག་ཨ་ཏི་ཡོ་གའི་ཐེག་པ་ལ། ངོ་བོ་ནི། ཡེ་སངས་རྒྱས་པའི་དོན་རང་ཐོག་ཏུ་གྲོལ་བར་བྱེད་པའི་ཐབས། སྤངས་བླང་རེ་དོག་དང་བྲལ་བའི་རང་བཞིན་ཅན་ནོ། ༈། ངེས་ཚིག་ནི། ཨ་ཏི་ཡོ་ག་ཏེ། བསྐྱེད་རྫོགས་གཉིས་ཀའི་རྫོགས་རིམ་མཐར་ཐུག་ཡིན་པའི་ཕྱིར་དང་། ཐེག་པ་ཀུན་གྱི་རྩེ་མོར་གྱུར་ཕྱིར་ཤིན་ཏུ་རྣལ་འབྱོར་རོ། ༈། དབྱེ་བ་དྲུག་གི་དབང་གི་འཇུག་སྒོ་ནི། རྟགས་དགོས། དབང་བཞི་པ་རྩལ་དུ། བཏོན་པའི་སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད། རབ་ཏུ་སྤྲོས་མེད། རིག་པའི་
(༧༢༣)རྩལ་དབང་སོགས་བསྐུར། ༈། བྱ་བའི་འཇུག་སྒོ་ནི། ཅི་ཡང་འཇུག་ཏུ་མེད་པའི་སྒོ་ནས་འཇུག་སྟེ། ཀུན་བྱེད་ལས། ཆོས་ལ་བྱ་རུ་མེད་པའི་ཕྱིར། །རྩོལ་བ་མེད་པའི་སྒོ་ནས་འཇུག། ཅེས་སོ། ༈། ལྟ་བ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཐིག་ལེ་ཆེན་པོ་ཆོས་སྐུ་རང་བྱུང་གི་ཡེ་ཤེས་ཆེན་པོའི་ངོ་བོ་བྱ་རྩོལ་མེད་པར་ཡེ་ནས་སངས་རྒྱས་པར་འདོད་པ་སྟེ། ནམ་མཁའ་ཆེ་ལས། རང་བྱུང་ཡེ་ཤེས་རྩོལ་མེད་ལས། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཞེས་སོ། །དབྱེ་ན་སེམས་ཀློང་མན་ངག་གི་སྡེ་གསུམ་གསུམ་སྟེ། ཆོས་ཐམས་ཅད་སེམས་ཉིད་ལས་གུད་དུ་མེད་པས་སྤང་བྱའི་མཐའ་མས་གྲོལ་བ་སེམས་སྡེ་དང་། ཆོས་ཅན་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ཆུད་པས་གཉེན་པོའི་མཐའ་ལས་གྲོལ་བ་བྱ་བྲལ་ཀློང་སྡེ་དང་། དོན་རང་གི་མཚན་ཉིད་ཡིན་ལུགས་ལྟར་གཏན་ལ་འབེབ་པས་སྤང་གཉེན་གཉིས་ཀའི་མཐའ་ལས་གྲོལ་བ་ཟབ་པ་མན་ངག་གི་སྡེའི་ལྟ་བའོ། ༈། དམ་ཚིག་ནི། ཡང་འབྱེད་འཕྲུལ་སྡེ་ལས། ཨ་ཏི་ཡོ་གའི་དམ་ཚིག་ནི། །མེད་པ་དང་ནི་ཕྱལ་བ་དང་། །གཅིག་པུ་དང་ནི་ལྷུན་གྲུབ་ཀྱི། དེ་ཡི་དོན་ལས་འདའ་མི་བྱ། །ཞེས་སོ། ༈། བསྒོམ་པ་ནི།
(༧༢༤)རིག་སྟོང་ཆོས་སྐུའི་ངང་དུ་འཇོག་པ་སེམས་སྡེ། ཆོས་ཉིད་བྱ་རྩོལ་མེད་པའི་ཀློང་དུ་འཇོག་པ་ཀློང་སྡེ། ཡེ་གྲོལ་སྤང་བླང་བྲལ་བའི་ཆོས་ཉིད་ངང་དུ་འཇོག་མན་ངག་སྡེའོ། །ཨ་ཏི་བཀོད་པ་ཆེན་པོ་ལས། །ཡིད་ཅན་ཉམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་བརྩོལ་བྲལ་ལ་མན་ངག་སྡེ། །ཞེས་སོ། །སྤྱིར་ནི་ཁྲེག་གཅོད་དང་ཐོད་རྒལ་གཉིས་སུ་འདུས་ཏེ། ༈དང་པོ་སློབ་དཔོན་དགའ་རབ་རྡོ་རྗེས། སེམས་ཀྱི་རང་བཞིན་ཡེ་ནས་བུདྡྷ་སྟེ། སེམས་ལ་སྐྱེ་འགག་མེད་པ་ནམ་མཁའ་འདྲ། ཆོས་ཀུན་མཉམ་ཉིད་ཡང་དག་དོན་རྟོགས་ནས། དེ་ཉིད་མ་བརྩལ་བཞག་པས་བསྒོམ་པ་ཡིན། དེ་ལྟར་བསྒོམ་པས། ལམ་གྱི་སྐྱེ་རིམ་བཞི་སྟེ། གནས་དང་མི་གཡོ་མཉམ་ཉིད་ལྷུན་གྱིས་གྲུབ། །ཞེས་གསུངས་སོ། ༈། ཐོད་རྒལ་ལ། གནད་དྲུག་ལ་བརྟན་ནས་སྣང་བཞི་རིམ་པར་འཆར་སྟེ། ཆོས་ཉིད་མངོན་གསུམ། ཕྱག་ཆེན་པས་རྣལ་འབྱོར་གཞི་རིམ་ཟེར་དར། མཆན། ཉམས་གང་འཕེལ། རིག་པ་ཚད་ཕེབ། ཆོས་ཉིད་ཟད་པའི་སྣང་བ་མཐར་ཕྱིན་པའོ། །དེ་དག་ངོས་འཛིན་ཞིབ་ཏུ་ཁྲིད་ཡིག་དག་ལ་འབྱུང་བ་བླ་མའི་ཞལ་ཁྲིད་ཀྱིས་ངོ་སྤྲོད་དགོས་ཕྱིར་འདིར་མང་དུ་མ་བྲིས་སོ། ༈། སྤྱོད་པ་ནི། ཅི་སྣང་ཐམས་ཅད་ཆོས་
(༧༢༥)ཉིད་ཀྱི་རོལ་པར་ཤར་བས་བླངས་དོར་མེད་པར་སྤྱོད་པའོ། ༈། བང་མཛོད་འཕྲུལ་སྡེ་ལས། ཨ་ཏི་ཡོ་གའི་སྤྱོད་པ་ནི། །ལྟ་སྒོམ་སྲོག་དང་ལྡན་པ་ཡིས། །ཤུགས་ལས་། བྱུང་བའི་སྤྱོད་པ་ནི། །ཇི་ལྟར་སྨྱོན་པའི་སྤྱོད་པ་བཞིན། །གང་ལའང་ཐོག་པ་མེད་པར་སྤྱོད། །ཞེས་སོ། ༈། འབྲས་བུ་ནི། ཡང་འབྱེད་ལས། རྫོགས་ཆེན་ཨ་ཏིའི་འབྲས་བུ་ནི། །གདོད་ནས་སྙིང་པོ་བྱང་ཆུབ་ཏུ། །ཐོབ་མེད་འབྲས་བུ་རང་ལ་སྨིན། །ཡི་གེ་འཁོར་ལོ་ཚོགས་ཆེན། །ཞེས་གསུངས་སྟེ། ལྷུན་རྫོགས་ཀུན་ཏུ་བཟང་པོའི་ས་ལ་ད་ལྟ་ནས་མཐར་ཕྱིན་ཏེ། གདེང་བཞིའི་ཚད་དུ་ཕྱིན་པས་འཁོར་བ་མྱང་འདས་སུ་རྟོགས་པའོ། ༈། དེ་དག་གིས་ཐེག་པ་རིམ་པ་དགུའི་འགག་དྲུག་གི་དོན་རྒྱས་པར་བཤད་ཟིན་ནོ། ༈། ད་ནི་རྫོགས་ཆེན་སྤྱི་ཏིའི་ལྟ་བ། རྒྱུད་ཀྱི་རྩེ་རྒྱལ་ཉི་ཟླ་འོད་འབར་མཁའ་ཀློང་རྣམས་དག་རྒྱ་མཚོ་ཀློང་གསལ་ལས། ཐེག་པ་དགུ་རྩེ་སྤྱི་ཏི་ཡོ་ག་འདི། གཞན་ལས་མི་རྙེད་རང་ལ་སྙེད། །ཐེག་མཆོག་ངོ་མཚར་ཁྱད་པར་ཅན། །རྫོགས་ཆེན་སྤྱི་ཏིའི་ལྟ་བ་ནི། །སྣང་སྲིད་འཁོར་འདས་མ་ལུས་པ། །ཀ་དག་རྟེན་མེད་ཆེན་པོར་གྲོལ། །ཡིན་མིན་སྩིས་གདག་མེད་པའི་དགོངས་པ་ཤར། །བྱ་སྩོལ་
(༧༢༦)སྩོལ་སྒྲུབ་མེད་པ་རུ། །ཟང་ཀར་རྣལ་དམར་གནས་པའོ། །སྐྱེ་མེད་དངོས་མེད་འབྲས་བུ་བློ་ལས་འདས། །ཞེས་གསུངས། ༈རྫོགས་ཆེན་ཡང་ཏིའི་ལྟ་བ་ནི། །ཡང་ཏི་ཉི་ཟླའི་སྙིང་པོ་འདི། །ལྟ་བསྒོམ་སྤྱོད་འབྲས་སྒྲུབ་ཏུ་མེད། །གཏད་མེད་དམིགས་མེད་པོ་མ་བློ་ལས་གྲོལ། །སྣང་བ་ཐམས་ཅད་མེད་ཆེན་པོར་གྲོལ། ། ཀ་དག་སྐྱེ་མེད་དངོས་པོའི་ཆོས་རྣམས་མེད། །སྤྱི་ཏི་ཉིད་ལ་གང་གི་འཕགས་ཞེ་ན། །སྣང་བའི་རྣམས་ལ་གང་ལ་ཡང་། །མིང་འདོག་མེད་པར་ཐིག་ལེ་སྤྱི་བརྡེལ་ཡིན། དག་དང་མ་དག་མེད་པར་གཏི་མུག་ཆེན་པོ་གྲོལ། །ཁམས་གསུམ་སྡུག་བསྔལ་མེད་པའི་ཀ་དག་ལྟ་བུར་གྲོལ། །སངས་རྒྱས་སེམས་ཅན་འགྲོ་དྲུག་གནས་མེད་པར། །བློས་བཏགས་མིང་འདོག་མེད་པར་གྲོལ། །ཆོས་ཟད་བློ་གཏོར་མཚན་བརྗོད་བསམ་ལས་འདས་པར་གྲོལ། །ཞེས་དང་། ༈ཡང་ཏི་ཉི་མའི་སྙིང་པོ་ལ། །ཞེ་འདོད་བྱ་རྩོལ་མི་བྱེད་དེ། །བྱར་མེད་ལྷུག་པར་བཞག་པས་ཆོག། མ་བཅོས་རྣལ་མར་རང་སར་ཞོག། ཆེད་དུ་སྩོལ་སྒྲུབ་གང་ཡང་མེད། །སོགས་དང་། ༈ཡང་ཏི་སྩོལ་སྒྲུབ་འདས་པ་སྟེ། །ལྟ་བསྒོམ་སྤྱོད་འབྲས་བློ་ཡི་ཡུལ། །བློ་ཡི་ཡུལ་ལས་ངེས་པ་མེད། །བློ་ཡུལ་མ་ཟ།། །སངས་རྒྱས་ཆོས་མི་ཟད། །དེས་ན་ཡང་སྙིང་ཉི་ཟླའི་སྙིང་པོ་
(༧༢༧)ལ། །ཞེ་འདོད་ལྟ་བའི་སེམས་དང་བྲལ། །དམིགས་པ་བསྒོམ་པའི་སེམས་དང་བྲལ། །བྱ་རྩོལ་སྤྱོད་པའི་སེམས་དང་བྲལ། །རེ་དོག་འབྲས་བུའི་སེམས་དང་བྲལ། །ཐིག་ལེ་མཐོང་བརྟོལ་སེམས་དང་བྲལ། །ཞེ་འདོད་བཟའ་གཏད་ལྟ་བ་མེད། །ཀ་དག་འོད་གསལ་བསྒོམ་པ་ལས། །དམིགས་གཏད་ཡིད་གཟུགས་བསྒོམ་པ་མེད། །དངོས་མེད་བྱར་མེད་རྣལ་མ་ལ། །བྱ་སྩོལ་མེད་པས་སྤྱོད་པ་མེད། །གསང་བའི་ཡང་སྙིང་བློ་འདས་ལ། །གཞན་ནས་རྙེད་པའི་སངས་རྒྱས་མེད། །ཞེས་དང་། །ཀ་དག་འོད་གསལ་དམ་ཚིག་ལ། །ཆེད་དུ་བསྲུང་ཞིང་སྡོམ་དུ་མེད། ཞེས་གསུངས་པས། བློས་བྱས་ཀྱི་འགག་དྲུག་གི་དབྱེ་བ་མེད་པས་ཕྱག་རྒྱ་ཆེན་པོ་དང་མིང་ལ་ཁྱད་པར་ཡོད་ཀྱང་དོན་ལ་ཁྱད་པར་མེད་དོ། ༈། ཕྱག་རྒྱ་ཆེན་པོ་ནི། མདོ་སྔགས་ཐམས་ཅད་ཀྱི་བསྟན་བྱའི་སྙིང་པོ་བླ་ན་མེད་པ་སྟེ། མདོ་ལྟར་ན། སྟོན་པ་ཤཱཀྱའི་དབང་པོ་ཉིད་སངས་རྒྱས་མ་ཐག་ཏུ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཞིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འདུག་པས། །མི་སྨྲ་ནགས་ཀྱི་ཚལ་དུ་གནས་པར་བྱ། །ཞེས་གསུངས་པས། ཟབ་ཅིང་ཞི་བ་རྩེ་གཅིག། སྤྲོས་པ་མེད་པས་སྤྲོས་བྲལ། རང་བཞིན་གྱི་
(༧༢༨)འོད་གསལ་བ་རོ་གཅིག། འདུ་མ་བྱས་པས་འདུས་པས་བསྒོམ་མེད་སྟེ། དེའང་གནས་ལུགས་ཕྱག་ཆེན་གྱི་དོན་མེད་ཏིང་འཛིན་རྒྱལ་པོ་ལས་རྒྱས་པར་གསུངས་ནས་དཔལ་མཉམ་མེད་དྭགས་པོ་འཁོར་ལྔ་བརྒྱ་དང་བཅས་ལུང་བསྟན་པར་བཞེད་ཅིང་། དཔལ་མཉམ་མེད་དྭགས་པོས་ངེད་ཀྱི་ཕྱག་རྒྱ་ཆེན་པོ་འདི་ཐེག་པ་ཆེན་པོ་རྒྱུད་བླ་མའི་དགོངས་པ་ཡིན་ཅེས་གསུངས་པ་དང་། དཔལ་མཉམ་མེད་ཇོ་བོ་རྗེའི་ལུགས་ཀྱི། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་དང་། གོ་ཆ་གཉིས་མའི་ཁྲིད་རྒྱུན་སོགས་ཇོ་བོ་བཀའ་གདམས་པའི་གདམས་ངག་ཐམས་ཅད་ཀྱི་བརྒྱུད་པའི་ཆུ་བོ་དང་། རྗེ་བཙུན་མི་ལ་ནས་བརྒྱུད་པའི་གདམས་པའི་ཆུ་བོ་གཅིག་ཏུ་འདྲེས་ཕྱིར། བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་བརྒྱུད་པ་ཞེས་གྲགས་ཤིང་། དེའང་དབང་དང་རིམ་གཉིས་དང་མི་སྦྲག་པར་དང་པོ་ནས་ཐ་མལ་གྱི་ཤེས་པ་ངོ་སྤྲོད་པའི་ཕྱག་རྒྱ་ཆེན་པོ་འདི་སྔགས་ལུགས་སུ་མི་འཐད་དོ་སྙམས་པའི་བློ་ཆུང་རྣམས་སྐྱོབ་ཕྱིར། ཕྱག་ཆེན་མདོ་ལུགས་ཡིན་པར་བླ་མ་གོང་མ་རྣམས་ཀྱིས་གསུངས་ཤིང་། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས། ཐ་མལ་གྱི་ཤེས་པ་ཆོས་དབྱིངས་རྒྱལ་བའི་སྙིང་པོ་ངོ་བོ་
(༧༢༩)སྟོང་པ་རང་བཞིན་གསལ་བ། མཚན་ཉིད་འགག་པ་མེད་དེ་གསུམ་དབྱེར་མེད་པ་ཡེ་ནས་མ་བཅོས་སྐུ་གསུམ་ལྷུན་གྲུབ་ཆེན་པོ། གཞི་ལམ་འབྲས་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་དེ་ལས་འདའ་མེད་པས་ན། སེམས་ཅན་གྱི་འཁྲུལ་སྣང་རྣམ་ཤེས་རྣམ་རྟོགས་ཞེས་བྱ་བ་ཕར་ལ་གསལ་བྱ་དང་། སངས་རྒྱས་ཀྱི་ཡེ་ཤེས་སམ་ཆོས་སྐུ་ཞེས་བྱ་བ་ཚུར་ལ་བཞག་བྱ་མེད་པ་ཡང་དག་པ་ཉིད་ལ་བསལ་བཞག་སྔོན་བསུ་རྗེས་སྤྱོད་བློ་ཡི་བཅོས་མི་བཞུགས་པར་ཡང་དག་པར་བལྟ་བ་འདི་མདོ་ལུགས་ཡིན་ཀྱང་དབུ་མ་ཐལ་རང་རྣམས་ཀྱི་དཔྱད་བསྒོམ་མཉམ་རྗེས་བསྒོམ་པ་དང་ནི་ཕྱོགས་ཙམ་ལས་མི་འདྲ་སྟེ། དཔལ་ས་ར་ཧས་དོ་ཧ་ལས། གྲོགས་པོ་ཕག་དང་གླང་ཆེན་བཞིན། །ཞེས་གསུངས་ཕྱིར། ཕག་དང་གླང་ཆེན་གཉིས་སྣ་རིང་བ། ལུས་སྐུར་བ་། མཇུག་མ་ཕྲ་བས་ཕྱོགས་ཙམ་འདྲ་ཡང་། ལུས་ཆེ་ཆུང་སོགས་ཕག་དང་གླང་ཆེན་གཉིས་ཁྱད་པར་ཤིན་ཏུ་ཆེ་བ་ལྟར་དབུ་མ་ལས་ཕྱག་ཆེན་ཆེས་ཁྱད་པར་ཆེའོ། །དེས་ན་འདི་ནི་མདོ་ལུགས་ཁོ་ན་མིན་ཏེ། དཔལ་རྡོ་རྗེ་འཆང་ཆེན་པོ་ལས་བརྒྱུད་པ་དང་། གྲུབ་ཐོབ་ཀརྨ་པཀྴིས་ཕྱག་རྒྱ་ཆེན་པོ་དང་རྫོགས་པ་ཆེན་པོ་གཉིས་མིང་ལ་ཁྱད་པར་ཡོད་ཀྱང་དོན་ལ་ཁྱད་པར་མེད་པར་ཡང་ཡང་དུ་གསུངས་པ་དང་། ཏཻ་ལོ་པས་ཕྱག་ཆེན་
(༧༣༠)གངྒ་མ་ལས། སྔགས་སུ་སྨྲ་དང་ཕ་རོལ་ཕྱིན་པ་དང་། །འདུལ་བ་མདོ་སྡེ་མངོན་པ་ལ་སོགས་པ། །རང་རང་གཞུང་དང་གྲུབ་པའི་མཐའ་ཡིས་ནི། །འོད་གསལ་ཕྱག་རྒྱ་ཆེན་པོ་མཐོང་མི་འགྱུར། །ཞེ་འདོད་བྱུང་བས་འོད་གསལ་མ་མཐོང་སྒྲིབ། །རྟོགས་པའི་བསྲུང་སྡོམ་དམ་ཚིག་དོན་ལ་ཉམས། །ཅེས་གསུངས་པ་དང་མཐུན་པར། ཀརྨ་པཀྴིས་རྫོགས་ཆེན་དབང་གི་ཆུ་བོ་ལས། ཁྱད་ཅག་ཐེག་པ་འོག་མ་པས། །མཚན་མ་དངོས་སུ་སྤྱོད་དགོས་ན། །འབྲས་བུ་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་ཐོབ་པར་འདོད་པ་ནི། །ཤིན་ཏུ་གཏི་མུག་སྨད་པའི་གནས། །ཀུན་བཏགས་སྒོམ་པའི་ཆོས་རྣམས་ཀུན། །ལམ་གྱི་གེགས་ཀྱི་ཐབས་ཡིན་ཕྱིར། །གོལ་པ་ཡིན་པར་ཀུན་ནས་བཤད། །དེ་ཕྱིར་ཐབས་ལ་བརྟེན་མི་དགོས། །ཞེས་དང་། ལུས་ངག་ཡིད་ཀྱི་རྩོལ་བ་ཡིས། །འབྲས་བུ་མི་ཐོབ་སྙིང་རྗེའི་གནས། །ཞེས་ཉན་རང་དང་། བདེན་གཉིས་གཅིག་བཞག་གཅིག་ཚོལ་བ། །ཆུ་བཞག་ཟླ་བ་ངོས་འཛིན་འདྲ། །ཅེས་སེམས་ཙམ་ས་དང་། བསམ་མེད་ངང་དུ་གང་འཇོག་པ། །དེ་ནི་བྱིས་པ་བླུན་པོ་སྟེ། །མུན་པའི་སྐྱེ་མཆེད་ཉིད་དུ་འགྱུར། །ཞེས་དབུ་མ་པ་དང་། ༈རིགས་གསུམ་དཀྱིལ་འཁོར་ལྷར་གསལ་ཡང་། །དངོས་གྲུབ་གཞན་གྱི་ལྷར་གསལ་ཕྱིར། ཁྱི་རྒན་འདབ་ཆགས་རྙེགས་པ་འདྲ། །ཞེས་ཀྲྀ་ཡ་དང་། གོང་འོག་ལྟ་སྤྱོད་གཉིས་འཛིན་པ། །ནེ་ཙོས་མི་སྐད་ལྟར་འཆོས་འདྲ། །ཞེས་ཨུ་པ་དང་། ཡོ་གའི་རྣལ་འབྱོར་སེམས་དཔའ་ནི། །རྒྱལ་སྲིད་
(༧༣༡)མེད་པའི་བློན་པོ་འདྲ། །ཞེས་ཡོ་ག་དང་ཏིང་འཛིན་གསུམ་གྱིས་ལྷ་བསྒོམ་པས། གྲིབ་མ་གཟུགས་སུ་བསྒྱུར་བ་འདྲ། །ཞེས་མ་ཧཱ་ཡོ་ག་དང་། དམིགས་པ་ཅན་ལ་སེམས་གཏད་ཀྱང་། །ནམ་མཁའ་དག་ལ་འཛིན་པ་འདྲ། །ཞེས་ཨ་ནུ་དང་། ཐེག་དགུ་སེམས་སུ་བཤད་པའི་ཕྱིར། །ངེས་དོན་ཨ་ཏི་གོལ་བར་བཤད། ༈། གུ་རུ་པདྨས་རིག་པ་གཅེར་མཐོང་ངོ་སྤྲོད་ལས་ཀྱང་། །དབུ་མ་བདེན་གཉིས་མཐའ་ལ་ཞེན་པས་སྒྲིབ། །ཀྲི་ཡོག་བསྙེན་སྒྲུབ་མཐའ་ལ་ཞེན་པས་སྒྲིབ། །མ་ཧཱ་ཨ་ནུ་དབྱིངས་རིག་ཞེན་པས་སྒྲིབ། །གཉིས་མེད་དོན་ལ་གཉིས་སུ་ཕྱེ་བས་གོལ། །ཞེས་དང་། ལྕམ་དཔལ་མོས་ལྷན་སྐྱེས་གྲུབ་པ་ལས་ཀྱང་། དབུ་མའི་ལྟ་བ་སོགས་དང་པོ་བཀག་ནས་ཕྱིས་ཕྱག་ཆེན་བསྟན་པས། འདིར་ཕྱག་རྒྱ་ཆེན་པོ་ནི་རྫོགས་ཆེན་སྤྱི་ཏི་ཡོ་གའི་ལྟ་བསྒོམ་དང་མཚུངས་ཕྱིར་སྔགས་ལུགས་ཀྱི་ཕྱག་ཆེན་མཐར་ཐུག་པའོ། །དེའི་ཕྱིར་རྗེ་བཙུན་མི་ལས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ། །རྒྱུད་རྣམས་ཀུན་གྱི་རྩ་བ་ཡིན། །གསུངས་ལྟར། རྣལ་འབྱོར་མའི་དཀྱིལ་འཁོར་སོགས་སུ་སྨིན་པར་བྱས་ནས། དེའི་བསྐྱེད་རིམ་དང་ནཱ་རོ་ཆོས་དྲུག་སོགས་ཀྱི་བསྐྱེད་རྫོགས་དང་ཕྱག་ཆེན་ཟུང་འཇུག་འཁྲིད་སྲོལ་ལ་
(༧༣༢)སྔགས་ལུགས་ཕྱག་ཆེན་ཞེས་སྐལ་བ་དང་བརྩོན་འགྲུས་མཆོག་རྣམས་ལ་གདམས་པ་བརྒྱུད་པ་འདིའི་བཀའ་སྲོལ་རྣམ་དག་གོ། ༈། ཕྱག་རྒྱ་ཆེན་པོའི་ལུང་ནི་ཐེག་ཆེན་གྱི་མདོ་དང་། བླ་མེད་རྒྱུད་སྡེ་རྣམས་ལས་སྦས་པའི་ཚུལ་གྱིས་དུ་མ་གསུངས་སོ། ༈། ཕྱག་ཆེན་གྱི་རྒྱ་གཞུང་ནི། གྲུབ་པའི་སྐོར་དང་། དོ་ཧའི་སྐོར་དང་། གངྒ་མ་སོགས་སོ། །འགག་དྲུག་ནི་གསར་མའི་ཆོས་སྐད་དུ་མ་གསུངས་ཀྱང་། རིགས་བསྒྲེ་ན། དབང་གི་འཇུག་སྒོ་ནི། དཔལ་འཁོར་ལོ་སྡོམ་པ་སོགས་མ་རྒྱུད་གསང་མཐའི་དཀྱིལ་འཁོར་དུ་འཇུག། ཡང་ན། དཔལ་ས་ར་ཧས་མདའ་མཁན་གྱི་བུ་མོ་དང་ཞལ་སྦྱོར་ནམ་མཁའ་ནས་དོ་ཧ་སྐོར་གསུམ་གསུངས་པ་དང་། དཔལ་ཏཻ་ལོ་པས་ཏིལ་བརྡུང་ཞིང་རྟོགས་པའི་གླུ་བླངས་པས་ཡུལ་ཁམས་སྟོང་པར་མཛད་པ་དང་། ཤ་བ་རི་པས་རི་དྭགས་བཤོལ་ལྟར་མཛད་ནས་རྟོགས་པའི་འགུར་གསུངས་པ་ལས་རྡུལ་ཚོན་དཀྱིལ་འཁོར་ལས་དབང་མ་བསྐུར་བ་དང་། ལྷན་སྐྱེས་གྲུབ་པའི་ལོ་རྒྱུས་སུའང་དབང་མ་བསྐུར་བར་གདམས་ངག་བསྟན་པའི་ལོ་རྒྱུས་མང་བ་དང་། བོད་ཡུལ་དུའང་མར་མི་བཀའ་བརྒྱུད་ཀྱི་བརྒྱུད་འཛིན་གྲུབ་བོ་གོང་མ་དུ་མས་རྡོ་རྗེའི་འགུར་བཞེངས་པའམ་ཞལ་གདམས་དང་གསུང་རིས་རྩལ་བས་རྟོག་པ་ངོ་འཕྲོད་ནས་ལམ་སྣ་ཟིན་པ་གྲངས་མེད་པ་བྱུང་བ་འདི་ཀ་དབང་མ་བསྐུར་
(༧༣༣)བ་ཐོབ་པའི་མུ་ཡང་ཡིན་ནོ། །ངེས་ཚིག་ནི། ཕྱག་ཆེན་ཐིག་ལེ་ལས། ཕྱག་ནི་སྟོང་པའི་ཡེ་ཤེས་ཏེ། རྒྱ་ནི་འཁོར་བའི་ཆོས་ལས་གྲོལ། ཆེན་པོ་ཟུང་དུ་འཇུག་པ་ཏེ། ཕྱག་རྒྱ་ཆེན་པོ་ཞེས་བྱའོ། ༈། བྱ་བའི་འཇུག་སྒོ་ནི། ཐེག་པ་ཀུན་དང་གོ་བསྟུན་ཏེ། རྗེ་དྭགས་པོའི་ཆོས་བཞི་ཞེས་པ་ལས། དང་པོ་བློ་ཆོས་སུ་འགྲོ་བར་དལ་འབྱོར་རྙེད་དཀའ་སོགས་ཐུན་མོང་སྔོན་འགྲོ་དང་། དེ་ནས་སྐྱབས་སེམས། སྡིག་སྦྱང་། ཚོགས་བསགས་གསུམ་ནི་ཆོས་ལམ་དུ་འགྲོ་བའི་ཐབས། དེ་ནས་ལམ་འཁྲུལ་པ་སེལ་བའི་ཆོས་ནི། བརྒྱུད་པའི་བྱིན་བརླབས་དང་། རྟོགས་པའི་གདེང་ཚད་ལྡན་པའི་མཚན་ལྡན་གྱི་བླ་མ་ལ་རིགས་ཀུན་འདུས་པ་རྩ་བའི་བླ་མ་བཟུང་ནས་བྱང་ཆུབ་བར་དུ་སྐྱབས་སུ་བཟུང་ཏེ། ལམ་ཟབ་མོ་བླ་མའི་རྣལ་འབྱོར་བསྒོམ་ཞིང་། དབང་བཞི་ཡང་བླ་མའི་སྐུ་ལས་ཏིང་ངེ་འཛིན་གྱིས་བླངས་ཤིང་ཁྱད་པར་བླ་མ་ཆོས་སྐུའི་མོས་གུས་དཀར་པོ།། །ཆིག་ཐུབ་ཁོ་ནས་ལམ་བསྒྲོད་པ་ནི། ཇི་སྐད་དུ། གཞན་གྱིས་བརྗོད་མིན་ལྷན་གཅིག་སྐྱེས། །གང་དུ་ཡང་ནི་མི་བསྙེད་དེ། །བླ་མའི་དུས་ཐབས་བརྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་པ་ལྟར་ཤེས་པར་བྱ། དེ་ནས་སེམས་དུས་གསུམ་སྤྲོས་བཅད་ཀྱིས་རྟེན།། །རྟེན་མེད་ཀྱི་ཞི་གནས་
(༧༣༤)ལ་བསླབ་ནས་ལྷག་མཐོང་གི་ཡེ་ཤེས་ངོ་སྤྲོད། ༈ལྟ་བ་ནི། རྗེ་རང་བྱུང་རྡོ་རྗེས། གཞི་ལ་སྒྲོ་འདོག་ཆོད་པ་ལྟ་བའི་གདེངས། །ཞེས། དེའང་ནང་དོན་ལས། གཞི་ནི་སེམས་ཉིད་ཐོག་མེད་སྟེ། །ངོ་བོ་སྟོང་ལ་རང་བཞིན་གསལ། །རྣམ་པ་འགག་མེད་ཅིར་ཡང་འཆར། །གསུངས་པ། རང་སེམས་བདེ་གཤེགས་སྙིང་པོ། སྟོང་གསལ་འགག་མེད་འདི་ཡེ་གདོད་མ་ནས་སྐུ་གསུམ་ལས་མི་འདའ་བས་ཕྱག་རྒྱ་ཆེན་པོ་སྟེ། དེའང་བསྡུ་ན་སྣང་སེམས་གཉིས་སུའང་མ་འདུས་པ་གང་ཡང་མེད་པས། རྗེ་དྭགས་པོས། རང་སེམས་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །ཅེས་གསུངས་པ། རྫོགས་ཆེན་དབང་གི་ཆུ་བོ་ལས། །བདུད་དང་བར་ཆད་ཐམས་ཅད་ཀྱང་། །ང་ཉིད་རོལ་པ་ལས་གཞན་མེད། །ང་མ་ཤེས་པ་ཅི་སྤྱད་ཀྱང་། །འབྲས་བུ་བརླག་ཅིང་འཚིག་པར་འགྱུར། །ཞེས་གསུངས་པ། ང་ཅེས་པ་ནི་དངོས་པོ་གཤིས་ཀྱི་གནས་ལུགས་རང་སེམས་ཆོས་སྐུ་ལ་གསུངས་པའོ། །དེས་ན། སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཉིད་ལས་འདའ་བ་མེད་པའོ། །དེ་ལ་གཟུང་འཛིན་གཉིས་མ་གྲུབ་སྟེ། ཏཻ་ལོ་པས། གཟུང་འཛིན་ཀུན་ལས་འདས་ན་ལྟ་བའི་རྒྱལ་པོ་ཡིན། །ས་ར་ཧས། རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་པ་སུས་ཀྱང་ཤེས་
(༧༣༥)མི་འགྱུར། །ཞེས་གསུངས་སོ། ༈། དམ་ཚིག་གི་ཚུལ་ཁྲིམས་ནི། མདོ་སྡེ་ཏིང་འཛིན་རྒྱལ་པོ་ལས། ཏིང་འཛིན་རྒྱལ་པོ་སྟོང་ཉིད་འདི་བསྒོམ་པ། ཚུལ་ཁྲིམས་དག་པའི་མགོ་ལ་དེ་འདུག་སྟེ། །བྱིས་པ་མ་རིག་བརྩོན་པས་མི་ཤེས་སོ། །གངྒ་མ་ལས། ཡིད་ལ་མི་བྱེད་ཞེ་འདོད་ཀུན་དང་བྲལ། །རང་བྱུང་རང་ཞི་ཆུ་ཡི་ས།། །འདྲ། །མི་གནས་མི་དམིགས་དོན་ལ་མི་འདའ་ན། །དམ་ཚིག་མི་འདའ་མུན་སེལ་སྒྲོན་མེ་ཡིན། །གྲུབ་ཐོབ་ཀརྨ་པཀྴིས་རྫོགས་ཆེན་དབང་ཆུ་ལས། །ནོར་བུ་རིན་ཆེན་སྙེད་པའི་མིས། །འཇིག་རྟེན་སོ་ནམས་མི་དགོས་ལྟར། །མ་བསྒོམ་སེམས་ཀྱི་དོན་རྟོགས་ན། །དེ་ལས་མི་འདའ་དམ་ཚིག་ཡིན། །རྒྱལ་པོ་ཨིནྡྲབྷུ་ཏིས། །ཡང་དག་ཡེ་ཤེས་ཀུན་ལྡན་པས། །བྲིས་པའི་དཀྱིལ་འཁོར་སོགས་གཞན་དུ། །དབང་བསྐུར་བ་ནི་ལེན་ཅེ་ན། །དེ་ནི་དམ་ཚིག་ཉམས་པར་འགྱུར། །ཞེས་དང་། །བསྒོམ་པ་ཡི་ནི་བར་ཆད་ཅན། །སྔགས་པས་གསང་སྔགས་མི་ཟློས་ཤིང་། །དཀྱིལ་འཁོར་དག་ཀྱང་མི་བྱ་ལ། ཕྱག་རྒྱ་མི་བྱ་ཕྱག་མི་བྱ། །ཞེས་དང་། ས་རྡོའི་རང་བཞིན་མཆོད་རྟེན་དང་། །གླེག་བམ་ལ་སོགས་མི་བྱ་ཞིང་། །རྨི་ལམ་དུ་ཡང་དཀྱིལ་འཁོར་སོགས། ལག་པའི་ཕྱག་རྒྱ་མི་བྱའོ། །སློབ་དཔོན་པདྨ་བཛྲ་གྱིས། །
(༧༣༦)མྱ་ངན་འདས་པའི་གོ་འཕང་མཆོག། མདོར་བསྡུས་བདག་གི་བཤད་པར་བྱ། །ལས་ཀྱི་ཕྱག་རྒྱ་འཁོར་རྒྱུ་ཅན། །ཡེ་ཤེས་ཕྱག་རྒྱ་དེ་བཞིན་ནོ། །རྣམ་རྟོག་མང་པོ་སྤང་བྱས་ལ། །ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ། ༈། བསྒོམ་པ་ནི། །ཕྱག་ཆེན་སྨོན་ལམ་ལས། །དེ་ལྟ་བ་ལ་མ་ཡེང་སྐྱོང་བ་བསྒོམ་པའི་གནད། གངྒ་མ་ལས། ཡེང་བ་མེད་ན་བསྒོམ་པའི་རྒྱལ་པོ་ཡིན། །ཞེས་དང་བརྟག་གཉིས་ལས། །རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱི་རྣམ་གྲོལ་མིན། །ངང་ལ་མ་ཡེངས་གནས་པ་ལ། །ལུས་ངག་བཅོས་ཤིང་བསྒོམ་དུ་མེད། །མཉམ་པར་བཞག་དང་མ་བཞག་ཅེས། །འདི་ལ་གང་ཡང་མ་གྲུབ་སྟེ། །ཞེས་དང་། ཕྱག་ཆེན་སྨོན་ལམ་ལས། ཡིད་བྱེད་བྲལ་བ་འདི་ནི་ཕྱག་རྒྱ་ཆེ། །ཞེས་དང་། ཁ་སྦྱོར་ལས་བློ་བྲལ་ཡིད་ལ་བྱར་མེད་པ། འདི་ནི་སངས་རྒྱས་ཀུན་གྱི་ལམ། །ཞེས་གསུངས། ཡིད་བྱེད་བྲལ་བ་ཞེས་པའང་དྲན་རིག་གི་རྩལ་བཀག་ནས་རྣམ་རྟོག་འཕྲོ་མི་བཅུག་པ་མིན་ཏེ། རྣམ་པར་མ་རྟོག་པའི་ཡེ་ཤེས་བསྟན་པས་ནོར་བ་འདི་རྣམས་སྤང་བའི་མཚན་ཉིད་ཤེས་པར་བྱའོ། །དེའང་ཆོས་དང་ཆོས་ཉིད་རྣམ་འབྱེད་ལས། །དེ་ལ་མཚན་ཉིད་ཡོངས་སུ་ཤེས་པ་ནི། ཡིད་ལ་མི་བྱེད་པ་
(༧༣༧)དང་། ཡང་དག་པར་འདས་པ་དང་། ཉེ་བར་ཞི་བ་དང་། ངོ་བོ་ཉིད་ཀྱིས་དང་། མངོན་དུ་བྱེད་པ་སྟེ། རྣམ་པ་ལྔ་སྤང་བའི་མཚན་ཉིད་གྱིས་སོ། །ཞེས་གསུངས་པ་ཁ་གཅིག་ཡིད་ལ་མི་བྱེད་ཙམ་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་འདོད་པ་ནི་ནོར་བ་ཡིན་ཏེ། རྣམ་པར་རྟོག་པ་མེད་པ་ནི་བུ་ཆུང་ལ་ཡང་ཡོད་དེ། དེས་ཀྱང་རྣམ་པར་མི་གྲོལ་ལོ། །རྟོག་དཔྱོད་ནུབ་པ་ནི་ཡང་དག་པར་འདས་པ་ཞེས་བྱ་སྟེ། དེ་ཡང་མི་རྟོག་པའི་ཡེ་ཤེས་མིན་ཏེ། བསམ་གཏན་གཉིས་པ་ལ་སོགས་པ་ནི་རྟོག་དཔྱོད་མེད་པ་ཡིན་ཀྱང་། ཡོན་ཏན་དེ་མེད་པའི་ཕྱིར་རོ། །རྣམ་པར་རྟོག་པ་ཉེ་བར་ཞི་བའི་རང་བཞིན་ཡང་ཡིན་པར་མི་རིགས་ཏེ། གཉིད་ལོག་པ་དང་། སྨྱོ་བ་དང་། བརྒྱལ་བ་རྣམ་ཀྱང་དེར་འགྱུར་ཏེ། དངོས་པོ་མི་རྟོག་པའི་ཕྱིར་རོ། ངོ་བོ་ཉིད་ཀྱིས་རྟོག་པ་མི་བྱེད་པ་ཡང་། དེ་ཡིན་པར་མི་རིགས་ཏེ། གལ་ཏེ་དེ་ལྟ་ན་ནི་གཟུགས་ལ་སོགས་པའི་ཡུལ་ཡང་དེར་འགྱུར་ཏེ། ངོ་བོ་མི་རྟོག་པའི་ཕྱིར་རོ། ། རྣམ་པར་མི་རྟོག་པའོ། །ཞེས་མངོན་རྟག་ཏུ་བྱེད་པ་ཡང་དེ་ཡིན་པར་མི་རིགས་ཏེ། འདི་ལྟར་རྣམ་པར་མི་རྟོག་པའོ། །ཞེས་ཡིད་ལ་བྱེད་ན། དེའི་རྣམ་རྟོག་དེ་ནི་།
(༧༣༨)རྟོག་པ་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་ན་རྣམ་པ་ལྔ་པོ་འདི་ལས་གྲོལ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ཏེ། མདོར་བསྡུ་ན། བརྡའ་ལ་མ་བྱང་བས་བླུན་པ་དང་། རྟོག་པ་དང་དཔྱོད་པ་ནུབ་པ་ཙམ་དང་། རེ་ཞིག་བསམ་གཏན་གྱི་རྟོག་པ་ཞི་བ་ཙམ་དང་། དྲན་པ་མེད་པ་དང་། བེམ་པོ་ལྟ་བུ་དང་། ཡིད་ཀྱིས་མཚན་མར་འཛིན་པ་དང་བཅས་པ་རྣམས། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མི་མཐུན་ཕྱོགས་སུ་བསྟེན་ཏོ། །དེས་ན་འདིའི་ངོ་བོ་ནི། དེ་ལས་མ་ཡིན་གཞན་ལས་མིན། ཤེས་དང་ཤེས་བྱ་ཁྱད་མེད་པའི། ཤེས་གང་དེ་ནི་མི་རྟོག་ཉིད། །རྣམ་པར་བརྟག་བྱ་མེད་པས་ན། །ཆོས་རྣམས་ཐམས་ཅད་རང་བཞིན་གྱིས། །རྣམ་རྟོག་མེད་པ་གང་ཕྱིར་བཞེད། །དེ་ཕྱིར་ཤེས་དེ་མི་རྟོག་ཉིད། །ཅེས་ཐེག་བསྡུས་ལས་གསུངས་པ་རང་བྱུང་རྒྱལ་བས་བསྟན་ཏོ། །ཀརྨ་པཀྴིས་མདོ་སྡེ་རྒྱ་མཚོ་མཐའ་ཡས་ལས། རྩོལ་སྒྲུབ་རེ་དོག་ཡོད་ཀྱི་བར། །རྟོགས་ལྡན་རྒྱལ་པོ་མ་ལགས་སོ། །བདེ་བར་གཤེགས་པའི་བཀའ་རྣམ་ལ། །ཕྱོགས་མེད་ལུང་ཆེན་མ་ཐོབ་བར། །ཏིང་འཛིན་རྒྱུན་ཆད་མེད་ལགས་ཀྱང་། །ཉམས་མྱོང་གནས་པ་རྒྱ་མཚོ་ཡིན། །ཞེས་དང་། སེམས་འཛིན་རྣམ་པ་སྣ་ཚོགས་ལ། །ཕྱག་རྒྱ་ཆེན་པོར་བཞེད་པ་ཡོད། །
(༧༣༩)དེ་ལྟར་བསྐལ་པ་གྲངས་མེད་དུ། །བསྒོམ་ཞིང་བརྩོན་འགྲུས་བསྐྱེད་ལགས་ཀྱང་། །རང་བྱུང་ཆོས་སྐུ་མི་གནས་ཕྱིར། །ཕྱག་ཆེན་མ་ཡིན་གོལ་པ་ཡིན། །ཞེས་དང་། བསོད་ནམས་ཚོགས་དང་ཡེ་ཤེས་ཚོགས། །ས་ལམ་རིམ་འཇུག་འབྲས་བུ་རྣམས། །བག་ཆགས་ཤེས་བྱའི་སྒྲིབ་པ་སྟེ། །སྤྲུལ་སྐུའི་བསྟན་པ་སྡེ་སྣོད་ཀྱི། །གཞི་ལམ་འབྲས་བུའི་མཐར་ཐུག་སྟེ། །རང་བྱུང་ཆོས་སྐུ་མ་རྟོགས་ན། །དེ་རྣམས་ཐམས་ཅད་གྲོལ་བ་ཡིན། ༈། ཕྱག་ཆེན་གངྒ་མ་ལས། འཁོར་བའི་ཆོས་ནི་དོན་མེ་སྡུག་བསྔལ་རྒྱུ། །བྱས་པའི་ཆོས་ལ་སྙིང་པོ་མེད་པས་དོན་ལྡན་སྙིང་པོར་དྲིལ། ཞེས་པས། འཁོར་བའི་ཆོས་ནི་འདུས་བྱས་ཀྱི་དགེ་བསྒྲུབ་ཡིན་པར་རང་། བྱུང་རྒྱལ་བས་གསུངས་སོ། །ས་ར་ཧས། ཀྱེ་མ། གནས་ལུགས་རྟོགས་ནས་དམན་པའི་སྤྱོད་པ་ཉིད་བྱེད་ན། རྒྱལ་པོ་ཁྲི་ལས་བབ་ནས་ཕྱག་དར་བྱེད་པ་བཞིན། ཟད་མི་ཤེས་པའི་བདེ་བ་ཆེན་པོ་ཉིད་སྤངས་ནས། འཁོར་བའི་བདེ་བ་དག་ལ་རེ་བ་ཉིད་ཀྱིས་འཚངས། ཀྱེ་མ་སྤྲོས་པ་རྣམས་དང་བྲལ་བའི་རང་གི་སེམས་མཐོང་ནས། སྤྲོས་པ་རྣམས་ལ་ཆེད་དུ་འབད་པའི་རྣལ་འབྱོར་པ་ཡང་ནོར། ནོར་བུ་རིན་ཆེན་སྙེད་ནས་འཆིང་བུ་ཚོལ་བ་
(༧༤༠)བཞིན། འབད་པ་བྱས་ཀྱང་སྙིང་པོ་ནམ་ཡང་ཡོད་མ་ཡིན། ཞེས་གསུངས། ༈། བསྒོམ་ཉམས་སྐྱེ་ཚུལ་ལམ་རྣལ་འབྱོར་བཞི་རེམ་ནི། མཁས་གྲུབ་ཆེན་པོ་ཁ་གཅིག་གིས་འགོག་མཛད་ཀྱང་། མདོ་སྡེ་ལང་དཀར་གཤེགས་པ་ལས་གསུངས་པར་ཀུན་མཁྱེན་སི་ཏུ་ཆོས་འབྱུང་གིས་གསུངས་ལ། ༈རྒྱུད་ལས་ཀྱང་གསུངས་ཏེ། གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། སེངྒེ་རྣམ་པར་བསྒྱིང་བའི་ཏིང་འཛིན་གྱིས། མི་གཡོ་རྩེ་གཅིག་དང་བས་ཤེས་པ་གསལ། རང་རིག་ཡེ་ཤེས་ཁོ་ན་སད་པར་བྱེད། བཟོད་པ་བརྟན་པོས་ངན་སོང་སྡུག་བསྔལ་སྤངས། ༈། གཉིས་པ་དཔའ་བར་འགྲོ་བའི་ཏིང་འཛིན་གྱིས༔སྤྲོས་དང་བྲལ་བའི་མཉམ་བཞག་ཆེན་པོ་ལ༔། བསམ་མི་ཁྱབ་པའི་ཏིང་འཛིན་རྩལ་དུ་ཤར༔། །རྟོགས་པ་ཐོབ་ནས་སྐྱེ་ལ་དབང་བ་ཡིན༔། ༈གསུམ་པ་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས༔དུ་མ་རོ་གཅིག་ས་བཅུའི་རྟོགས་པ་འཆར༔ དུས་གསུམ་རྒྱལ་བའི་སྲས་པོས་གཞན་དོན་མཛད༔རྩེ་མོར་ཕྱིན་པས་འཕེལ་བ་རྒྱུན་མི་ཆད༔༈བཞི་པ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔བསྒོམ་དུ་མེད་པའི་མཉམ་བཞག་ཆེན་པོ་ལ༔། མཁྱེན་པའི་ཡེ་
(༧༤༡)ཤེས་རྒྱས་ཤིང་ཞིང་ཁམས་མཐོང་། །མ་བཅོས་ལྷུན་གྲུབ་ཆོས་མཆོག་ཆེན་པོའི་ངང་། །ཞེས་གསུངས་པ་དང་། ༈ཡེ་ཤེས་གསང་བའི་རྒྱུད་ལས། དང་པོ་གནས་པའི་ཏིང་ངེ་འཛིན། གཉིས་པ་གཡོ་བ། གསུམ་པ་མཉམ་ཉིད་དུ་སྦྱོར་བ༔བཞི་པ་ལྷུན་གྲུབ་པ། ཞེས་གསུངས། ཤིནྟི་པས་བཤད་པར་བཞེད་ལ་མཁས་གྲུབ་གཞན་གྱི་བསྟན་བཅོས་དག་ལས་ཀྱང་གསུངས་ཏེ། རྒྱ་གར་གྱི་སློབ་དཔོན་ཆེན་པོ། རིགས་འཛིན་དགའ་རབ་རྡོ་རྗེ་དང་། མཁས་པ་ཆེན་པོ་ཤྲི་སེངྷ་དང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། པཎ་ཆེན་བི་མ་ལ་མི་ཏྲ་རྣམས་ཀྱིས་གསུངས་རྣམས་བསྡུས་ཏེ། གནས་མདོ་ཀརྨ་ཆགས་མེད་ཀྱིས་རྫོགས་ཆེན་སངས་རྒྱས་ལག་བཅང་ནི་ཁྲིད་ཡིག་སུ་ཏི་དེ་ནང་གསུངས་ཡོད་པ་དེ་ལྟར་བར་བྱའོ། ༈། ཡང་། ཇོ་བོ་ཨ་ཏི་ཤས། དགོན་དཀར་བ་ལ་གནང་བའི་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག་ནང་དུ་ཡོད་ཅེས་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོས་གསུངས་འབུམ་དུ་འདུག་གོ། ༈། ཡང་། ཇོ་བོ་ཨ་ཏི་ཤས་། བདེ་མཆོག་ནས་བཤད་ཅེས། །ཀུན་མཁྱེན་བུ་སྟོན་གྱིས་གསུངས་འདུག་གོ། ཤཱིནྟི་པས། གསུངས་པ་ལ་ཁུང་མེད་པ་ཡང་མིན་ཏེ། །རྫོགས་པའི་སངས་རྒྱས་ཀྱིས་ལུང་གིས་བསྟན་པའི་སྐྱེས་
(༧༤༢)། དམ་པ་ཤར་སྒོ་སྲུང་བའི་པཎ་ཆེན་ཡིན་པའི་ཕྱིར་རོ། ༈། དེ་ལྟར་མདོ་རྒྱུད་བསྟན་བཅོས་ཚད་མ་ཀུན་ལས་བཤད་པ་དང་མཐུན་པར། ༈འདིར་ནི། མཁས་གྲུབ་ཀྱི་རྒྱལ་པོ་ནཱ་རོ་པཎ་ཆེན་གྱིས། དང་པོ་རྩེ་གཅིག་ཉམས་སུ་མྱོང་། །གཉིས་པ་སྤྲོས་བྲལ་འཆར་བར་འགྱུར། །གསུམ་པ་རོ་གཅིག་རྣལ་འབྱོར་འཆར། །བཞི་པ་བསྒོམ་མེད་རྣལ་འབྱོར་འཆར། །ཞེས་པའི་དོན། རྗེ་བཙུན་མི་ལ་རས་ཆེན་གྱིས་གསུང་འགུར་ལས། ན་མོ་གུ་རུ། །སེམས་དངོས་པོར་འཛིན་པ་འཁོར་བའི་རྒྱུ། །གསལ་ལ་འཛིན་མེད་རང་སེམས་འདི། །ལྷུན་གྲུབ་ཡིན་པར་ངོ་ཤེས་ན། །རྩེ་གཅིག་མཐའ་རུ་ཕྱིན་པ་ཡིན། །རིམ་འཇུག་ཟེར་ཞིང་མཚན་བཅས་བསྒོམ། །རྒྱུ་འབྲས་ཟེར་ཞིང་ལོག་འཚོ་སྒྲུབ། །རྨོངས་པ་ཀུན་འབྱུང་བསྒོམ་པ་ལ། །རྩེ་གཅིག་གི་རྣལ་འབྱོར་ཁྱོད་ལ་མེད། །གསལ་ལ་འཛིན་མེད་རང་སེམས་འདི། །སྤྲོས་བྲལ་བདེ་བའི་སྙིང་པོ་ཡིན། །ངོ་བོ་མཁའ་ལྟར་གསལ་ཙམ་ན། །སྤྲོས་བྲལ་མཐའ་རུ་ཕྱིན་པ་ཡིན། །སྤྲོས་མེད་ཟེར་ཞིང་སྤྲོས་པ་མང་། །བརྗོད་མེད་ཟེར་ཞིང་ཐ་སྙད་མང་། །རྨོངས་པ་གཉིས་འཛིན་བསྒོམ་པ་ལ། །སྤྲོས་བྲལ་གྱི་རྣལ་འབྱོར་ཁོང་ལ་མེད། །སྣང་སེམས་
(༧༤༣)གཉིས་མེད་ཆོས་སྐུ་ལ། །འཁོར་འདས་རོ་གཅིག་ཉམས་སུ་མྱོང་། །སངས་རྒྱས་སེམས་ཅན་འདྲེས་པ་ན། །རོ་གཅིག་མཐའ་རུ་ཕྱིན་པ་ཡིན། །རོ་གཅིག་ཟེར་ཞིང་དུ་མ་སྨྲ། །གཅིག་ཆར་ཟེར་ཞིང་ཐུན་དུ་གཅོད། །རྨངས་པ་ཡོངས་རྨོངས་བྱེད་པ་ལ་དོར་གཅིག་གི་རྣལ་འབྱོར་ཁོང་ལ་མེད། རྣམ་རྟོག་ཡེ་ཤེས་སྙིང་པོ་ཅན། །ལྷུན་གྲུབ་རྒྱུ་འབྲས་གཉིས་སུ་མེད། །བསྒོམ་མེད་མཐའ་རུ་ཕྱིན་པ་ཡིན། །བསྒོམ་མེད་ཟེར་ཞིང་ཡིད་ལ་བྱེད། །འོད་གསལ་ཟེར་ཞིང་གཏི་མུག་བསྒོམ། །བསྒོམ་མེད་ཀྱི་རྣལ་འབྱོར་ཁོང་ལ་མེད། །ཞེས་གསུངས་པ་དང་། ༈། རྗེ་མར་པའི་འགུར་ལས། ཕྱི་བཟུང་བ་ཡུལ་གྱི་སྣང་བ་འདི། །བདེ་བ་ཆེན་པོར་རྒྱུན་ཆད་མེད། །སྐྱེ་མེད་ཆོས་ཀྱི་སྐུ་རུ་རྟོགས། །ནང་འཛིན་པ་སེམས་ཀྱི་རྣམ་ཤེས་འདི། །འགྱུར་བ་ངོས་བཟུང་མེད་པའི་ཕྱིར། །རིག་པ་གཏན་མེད་གཅེར་བུར་མཐོང་། །སྤྱིར་སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །གདོད་ནས་མ་གྲུབ་སྐྱེ་བ་མེད། །ངོ་བོ་སྤྲོས་དང་བྲལ་བར་རྟོག། འཁོར་བ་སྤང་བྱར་མི་འདོད་ཅིང་། །མྱ་ངན་འདས་པ་སྒྲུབ་བྱར་མེད། །འཁོར་འདས་རང་གྲོལ་གཉུག་མའི་ངང་། །ཟུང་འཇུག་བདེ་བ་ཆེན་པོ་རྟོགས། །དུས་གསུམ་སངས་རྒྱས་ཐུགས་ཕྱུང་ཡང་། །མཐར་ཐུག་དེ་ལས་མེད་
(༧༤༤)དོ་གསུངས། །མི་ཁོ་བོའི་སྒྲོ་དོག་དེ་ནས་ཆོད། །རྗེ་མེ་ཏྲི་ཆེན་པོའི་བཞེད་པ་ཡིན། ༈། རྗེ་བཙུན་མི་ལའི་མགུར་ལས། །ཁྱེད་བློ་མན་རྣམས་ཀྱི་བསམ་པ་དང་། །བསྟུན་ནས་ཀུན་མཁྱེན་སངས་རྒྱས་ཀྱི། །ཐམས་ཅད་ཡོད་ཅེས་གསུངས་པ་ཡིན། །དོན་དམ་བདེན་པའི་དབང་དུ་ནི། །བགེགས་པས་སངས་རྒྱས་ཉིད་ཀྱང་མེད། །བསྒོམ་པ་ས་མེད་བསྒོམ་བྱ་མེད། །བསྒྲོད་བྱ་ས་དང་ལམ་རྟགས་མེད། །འབྲས་བུ་སྐུ་དང་ཡེ་ཤེས་མེད། །དེ་ཕྱིར་མྱ་ངན་འདས་པ་མེད། །མིང་དང་ཚིག་གིས་བརྟགས་པ་ཙམ། །ཁམས་གསུམ་བརྟན་དང་གཡོ་བར་བཅས། །གདོད་ནས་མ་གྲུབ་སྐྱེ་བ་མེད། །གཞི་མེད་ལྷན་ཅིག་སྐྱེས་པ་མེད། །ལས་དང་ལས་ཀྱི་རྣམ་སྨིན་མེད། །དེ་ཕྱིར་འཁོར་བའི་མིང་ཡང་མེད། །མཐར་ཐུག་དོན་ལ་དེ་ལྟར་གདའ། །ཨེ་མ་སེམས་ཅན་མེད་གྱུར་ན། །དུས་གསུམ་སངས་རྒྱས་ཅི་ལས་འབྱུང་། །རྒྱུ་མེད་འབྲས་བུ་མི་སྲིད་པས། །ཀུན་རྫོབ་བདེན་པའི་དབང་དུ་ནི། །འཁོར་བ་དང་ནི་མྱ་ངན་འདས། །ཐམས་ཅད་ཡོད་ཅེས་ཐུབ་པས་གསུངས། །ཡོད་པ་དངོས་པོར་སྣང་བ་དང་། །མེད་པ་སྟོང་པའི་ཆོས་ཉིད་གཉིས། །ངོ་བོ་དབྱེར་མེད་རོ་གཅིག་པས། །རང་རིག་གཞན་རིག་ཡོད་མིན་ཏེ། །ཐམས་ཅད་ཟུང་ངག་ཡང་པ་ཡིན། །དེ་ལྟར་རྟོགས་པའི་མཁས་
(༧༤༥)པ་ཡིས། །རྣམ་ཤེས་མ་མཐོང་ཡེ་ཤེས་མཐོང་། །སེམས་ཅན་མ་མཐོང་སངས་རྒྱས་མཐོང་། །ཆོས་ཅན་མ་མཐོང་ཆོས་ཉིད་མཐོང་། །དེ་ལས་སྙིང་པོ་ཤུགས་འབྱུང་སྟེ། །སྟོབས་དབང་མི་འཇིགས་གཟུངས་ལ་སོགས། །སངས་རྒྱས་ཡོན་རྟེན་གང་ཡིན་པ། །ནོར་བུ་རིན་ཆེན་ཚུལ་དུ་འབྱུང་། །དེ་རྣལ་འབྱོར་ང་ཡི་རྟོགས་ཚད་ཡིན། །ཞེས་གསུངས་པ་ལྟར། བཀའ་ཕྱག་ཆུ་བོ་གཉིས་འདྲེས་ཀྱི་བརྒྱུད་པའི་བཀའ་བབ། །དཔལ་མཉམ་མེད་དྭགས་པོ་ལྷ་རྗེས། ངང་ལ་གནས་པ་རྩེ་གཅིག་ཡིན། །སྒྲོ་འདོགས་ཆོད་པ་སྤྲོས་བྲལ་ཡིན། །བླང་དོར་མེད་པ་རོ་གཅིག་ཡིན། །ཉམས་མྱོང་དག་པ་བསྒོམ་མེད་ཡིན། །ཞེས་གསུངས་སོ། ༈། ཡང་རྗེ་དྭགས་པོས། སེམས་ཀྱི་རང་བཞིན་ཤེས་པ་དེ་རྩེ་གཅིག་ཡིན། །རྟོགས་པའི་རང་བཞིན་ཤེས་པ་དེ་སྤྲོས་བྲལ་ཡིན། །སྣང་བའི་རང་བཞིན་ཤེས་པ་དེ་རོ་གཅིག་ཡིན། །རྟོགས་པ་འཁོར་ཡུག་ཡོང་བ་བསྒོམ་མེད་ཡིན། །ཞེས་གསུངས་པ། རྣལ་འབྱོར་བཞི་རིམ་འདི་ངོས་འཛིན་བཤད་ཚུལ་འདྲ་མིན་དུ་མ་སྣང་བས། ཇི་བཞིན་འཆད་དཀའ་ཡང་། །དང་པོ་སེམས་དུས་གསུམ་སྤྲོས་པ་བཅད་དེ་མ་བཅོས་པ་འཇོག་ཚེ་བསྒོམ། ཞི་གནས་བདེ་གསལ་མི་རྟོགས་པའི་ཉམས་ཤར་ཏེ། དེའི་ངོ་ལ་སེམས་ཀྱི་ངོ་བོ་སྟོང་སང་ངེ་གནས་
(༧༤༦)པ་ལ། །རྣམ་རྟོགས་འཇུ་བའི་ཚེ་དྲན་རྫི་མ་བོར་བར་བྱས་ཀྱང་། །གནས་པའི་སྐབས་ལྟར་རྣམ་རྟོག་སྟོང་སང་ངེར་མི་མཐོང་ལ། །ལྷའི་བསྐྱེད་རིམ་སོགས་དམིགས་པའམ། །རྣམ་རྟོག་ལ་སེམས་རྩེ་གཅིག་བསྒྲིམ་དགོས་པའི་ཚེ་སེམས་ངོ་སྐྱོང་བ་ཅུང་མི་བདེ་བ་དེ། །རྣམ་རྟོག་གི་ངོ་བོ་ཆོས་སྐུ་མ་ཤར་བ་ཡིན་པས། རྩེ་གཅིག་ཞེས་བྱ་སྟེ་འདི་དུས་བསྒོམ་ལ་དྲན་པས་རྩིར་ཟིན་དགོས་པའི་སྐབས་ཡིན། དེ་ནས་རྩེ་གཅིག་གི་ཉམས་དེ་ཞིག་ནས་རྣམ་རྟོག་གི་རང་ངོ་རང་གིས་ཤེས་ནས་གནས་འཇུ་གཉིས་ཁྱད་པར་མེད་པས། གནས་འཇུའི་བར་ལག་འགྱེལ་ཞེས་གསུངས་ཏེ། རྣམ་རྟོག་ཆོས་སྐུར་ཤར་བའི་སྤྲོས་བྲལ་གྱི་རྟོག་པ་ཤར་བ་སྟེ། རྣམ་རྟོག་གི་རང་བཞིན་མ་གྲུབ་པ་སྟོང་པ་མྱོང་བས་སྟོང་པ་དྲན་པའི་སྐབས་སོ། །དེ་ནས་སྟོང་འཛིན་གྱི་དྲན་པ་དག་ནས་གཟུགས་སྒྲ་དྲི་རོ་རེག་བྱའི་སྣང་བ་ཐམས་ཅད་ཆོས་སྐུར་ཤར་ཏེ། འཁོར་འདས་རོ་གཅིག། བསྐྱེད་རྫོགས་རོ་གཅིག། སྣང་སྟོང་རོ་གཅིག། མཉམས་རྗེས་རོ་གཅིག་ཏུ་འདྲེས་ཏེ་དྲན་རྫི་རྩོལ་བ་ཆེར་མི་དགོས་པའོ། །དེ་ནས་རྩོལ་དྲན་བྲལ་ནས་རིག་པ་ཉིད་བསྒོམ་དུ་ཤར་ཏེ་འོད་གསལ་འཁོར་ཡུག་ཤར་ནས། བསྒོམ་རྒྱུ་ཅི་ཡང་མེད་དོ། །༈། དེ་ལྟར་རྣལ་འབྱོར་བཞི་རིམ་ལ། རེ་རེ་ལ་ཆུང་འབྲིང་ཆེ་གསུམ་
(༧༤༧)དུའང་བཞེད་དེ། དཔལ་ཕག་མོ་གྲུབ་པས། བདེ་གསལ་གྱི་ངོ་བོ་མཐོང་རྩེ་གཅིག་ཆུང་ངུ། ཏིང་ངེ་འཛིན་ལ་བརྟན་པ་ཐོབ་པ་འབྲིང་པོ། ཉམས་འཁོར་ཡུག་ཏུ་སོང་ཆེན་པོ། ༈། སེམས་སྐྱེ་འགག་མེད་པ་མངོན་སུམ་དུ་མཐོང་བ་སྤྲོས་བྲལ་ཆུང་ངུ། གཞི་རྩ་བྲལ་བར་རྟོགས་པ་འབྲིང་པོ། །ཕྱི་ནང་གི་སྒྲོ་འདོག་ཆོད་པ་ཆེན་པོའོ། ༈། འཁོར་འདས་རོ་གཅིག་ཏུ་འདྲས་པ་རོ་གཅིག་ཆུང་ངུ། ། གཟུང་འཛིན་རྦད་ཀྱིས་ཆོད་པ་འབྲིང་པོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ངང་དུ་ཞི་བ་ཆེན་པོའོ། ༈། བསྒོམ་བྱ་སྒོམ་བྱེད་བྲལ་བ་སྒོམ་མེད་ཆུང་ངུ། ལྷུན་གྲུབ་ཀྱི་རང་ས་ཟིན་པ་འབྲིང་པོ། །འོད་གསལ་མ་བུ་འདྲེས་པ་ཆེན་པོའོ། །ཞེས་གསུངས་སོ། །དེའང་རྩེ་གཅིག་ཆེན་པོའི་སྐབས་སུ་ཉིས་འཁོར་ཡུག་ཏུ་སོང་སྐབས། །ཉིན་མཚན་སྤྱོད་ལམ་ཀུན་ཏུ་ཡེང་བ་མེད་པས། །བསྒོམ་མེད་ཡིན་ནམ་སྙམ་པ་ཤར་ཡང་། དེ་དུས་ཉམས་ཤར་བ་ལས། རྟོགས་པ་མ་ཤར་བས་འོད་གསལ་འཁོར་ཡུག་ཏུ་ཤར་བ་ནི་མིན་ནོ། །སྤྲོས་བྲལ་སྐབས་ཡེང་བ་ཡོད་ལ། །མཚན་འཁྲུལ་ཆོད་པ་མི་འོང་། །རོ་གཅིག་སྐབས་ཕལ་ཆེར་ཉིན་མཚན་འདྲེས་ཀྱང་། །ད་དུང་ཡེང་བ་ཅུང་ཟད་ནི་འབྱུང་བར་གསུངས།
(༧༤༨)སྒོམ་མེད་སྐབས་ཡེངས་འཁྲུལ་ཉིན་མཚན་ནམ་ཡང་མི་སྲིད་དོ། ༈། ཉམས་རྟོགས་ཀྱི་གོལ་པ་བཞི་ནི། །རྩེ་གཅིག་ཁྱི་སྣ་མུན་ལ་འཁྱམས། །ཞེས་པ། སེམས་གནས་ཆ་བརྟན་པས་ཉིན་མཚན་འདྲེས་པ་འདྲ་བའི་ཉམས་སྐྱེས་སྲིད་ནའང་ལྷག་མཐོང་མ་ཤར་བ་ཞི་གནས་ཏིང་པོ་འདྲར་གྱུར་པའོ། །སྤྲོས་བྲལ་མེད་པའི་སྟོང་རྫིས་ཁྱེར། ། ཞེས་པ། གནས་འཇུ་གཉིས་ཀར་སྟོང་པར་ཤར་ཀྱང་། ཐམས་ཅད་སྟོང་པར།། །འདུག་སྙམས་ནས་ལས་རྒྱུ་འབྲས་ལ་འཛེམ་མི་ཤེས་པའོ། །རོ་གཅིག་འདྲེས་པའི་རྦ་ལ་གཡེངས། །ཞེས་པ། ཐམས་ཅད་དུ་མདོར་གཅིག་ཏུ་རྟོགས་ཀྱང་། བླ་མ་ལ་མོས་གུས། སེམས་ཅན་ལ་སྙིང་རྗེ་སོགས་བྱ་རྒྱུ་མི་འདུག། ཐམས་ཅད་རང་སེམས་སུ་འདུག་སྙམས་པའོ། །སྒོམ་མེད་ཉི་མ་སྤྲིན་གྱིས་སྒྲིབ། སྒོམ་མེད་སྐྱེས་ཀྱང་། ད་དུང་འབྲས་བུའི་མཚན་འཛིན་ཕྲ་བས་སྒྲིབ་པའོ། ༈། ལམ་ལྔ་དང་ས་བཅུ་དང་བསྟུན་ན། རྩེ་གཅིག་ནི་ཚོགས་སྦྱོར་གཉིས། སྤྲོས་བྲལ་ས་དང་པོ་ནས་དྲུག་པའི་བར། རོ་གཅིག་ས་བདུན་པ་ནས་དགུ་པའི་བར། སྒོམ་མེད་ས་བཅུ་པ་ནས་བཅུ་གཅིག་བར་གསུངས་པ་ཡོད། ༈། ཡང་རྩེ་གཅིག་ཚོགས་ལམ། སྤྲོས་བྲལ་སྦྱོར་ལམ། རོ་
(༧༤༩)གཅིག་དང་བསྒོམ་མེད་ཆུང་འབྲིང་མཐོང་སྒོམ། སྒོམ་མེད་ཆེན་པོ་སངས་རྒྱས་ཀྱི་བར་བརྩི་བ་སོགས་བཞེད་པ་མི་འདྲ་བ་དུ་མ་སྣང་ཡང་། འདིར་རྣལ་འབྱོར་བཞི་གསུམ་བཅུ་གཉིས་ལ། ཉམས་ཀྱི་རྣལ་འབྱོར་བཅུ་གཉིས་དང་། རྟོགས་པའི་རྣལ་འབྱོར་བཅུ་གཉིས་བརྩི་ནས་ལམ་བགྲོད་ཚུལ་འདི་འཐད་ཆེ་བར་མཐོང་སྟེ། དེའང་སངས་རྒྱས་བྱང་སེམས་རྣམས་ཀྱིས་ལུང་བསྟན་ཐོབ་པའི་སྐྱེས་བུ་དམ་པ་རྣམས་ནི། ས་ཐོབ་ཀྱི་ཡོན་ཏན་སྟོན་མི་སྟོན་ཇི་ལྟར་ཡང་། །ཐེག་ཆུང་ལ་ཞེན་པ་ཁ་གཅིག་གིས། འཕགས་པ་ཀླུ་སྒྲུབ་པ་དང་པོ་ཐོབ། དེ་ཕྱིན་བསྟན་པ་འདི་ལ་འཕགས་པ་མེད་ཅེས་བསྐུར་འདེབས་ཆེར་བྱེད་ཀྱང་། ས་ཐོབ་ཀྱི་འཕགས་པ་གྲངས་མེད་བྱོན་པ་ལ་ལོག་རྟོག་མི་རུང་། ས་ཐོབ་ཡོན་ཏན་ལའང་མུ་དྲུག་ཡོད་པར་གསུངས་པས་གཅིག་ཏུ་མ་ངེས་སོ། །མཆན། ས་ཐོབ་པའི་འཕགས་ཆེན་ཡིན་པར་གུ་རུ་པདྨས་གསུངས་ཕྱིར། དེ་ལྟ་བུ་རྟོགས་པའི་རྣལ་འབྱོར་བཞི་རིམ་གང་རུང་གི་རྣལ་འབྱོར་དམ་པ་དུ་མ་བོད་དུའང་བྱོན་པ་མང་ལ། གཞན་ལུང་བསྟན་མ་ཐོབ་ཤིང་། ས་ཐོབ་རྟགས་མེད་ཅིང་། སྒོམ་ཉམས་བཟང་པོ་ཡོད་པ་ཚོགས་སྦྱོར་གྱི་ལམ་ལ་གནས་པ་དུ་མ་འདི་རྣམས་ནི་ཉམས་ཀྱི་རྣལ་འབྱོར་བཞི་རིམ་དུ་ངོས་འཛིན་དགོས་སོ། ༈། ལམ་རྣལ་འབྱོར་བཞི་རིམ་དེ་ལ་ཉམས་རྟོགས་ཀྱི་ངོས་འཛིན་ཇི་ལྟར་
(༧༥༠)བྱ་སྙམས་ན། ༈ ། བདག་གི་བླ་མ་འཇམ་དབྱངས་རྣམ་རྒྱལ་གྱིས། དཔལ་རྒྱལ་བའི་དབང་པོ་ལ་ཕུལ་བའི་ལམ་རིམ་ལས། ཉམས་ཀྱི་རྣལ་འབྱོར་བཞི་བྱུང་བ། བསམ་གཏན་ལ་བསྟན་ནས་བདེ་གསལ་མི་རྟོགས་འདྲེས་ཤིང་ཅི་ཙམ་བཞག་པ་ལ་དབང་ཡོད་པ་ཉམས་ཀྱི་རྩེ་གཅིག། དེའི་ངང་ལ་ཐམས་ཅད་ཀྱང་རང་ངོ་སྟོང་པ་ཉིད་དུ་བཞུགས་པར་བློས་མ་བཅོས་པར་སྟོང་པ་དང་འདྲེས་པར་འཆར་བ་སྤྲོས་བྲལ་དང་། རྗེས་ཤེས་འགྲོ་ཆགས་ཉལ་འདུག་ཐམས་ཅད་དུ་རྐྱེན་གྱིས་བར་མ་ཆོད་པར་རོ་སྙོམ་པ་ན། རོ་གཅིག་སྟེ། དེ་ནི་བསྒོམ་མེད་དམ། རྟོགས་པའི་རྩེ་གཅིག་སྐྱེ་བའི་ཉེ་རྒྱུ་བྱེད་པ་རྣམས་སོ། །དེ་ནས་འཇིག་རྟེན་འདས་ལམ་གྱི་མཐོང་སྒོམ་ནི། རྟོགས་དཔྱོད་སོགས་བསམ་གཏན་གྱི་སྐྱོན་བརྒྱད་དང་བྲལ་བ་རྩེ་གཅིག་འདྲེས་པ་འཕགས་པའི། བདེན་པ་བཞི་མངོན་དུ་བྱེད་པའི་སྐབས་སུ། ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་ཏིང་འཛིན་དང་འདྲེས་པར་གནས་པའི་དྲན་པ་སངས་རྒྱས་ཀྱི་བར་ལ་རྒྱུན་མི་ཆད་པའི་བརྩོན་འགྲུས་ཀྱིས། ལུས་སེམས་ཤིན་ཏུ་སྦྱངས་པ་དང་། རང་གཞན་གྱི་དོན་འགྲུབ་པའི་དགའ་བ་ཁྱད་པར་ཅན་དང་། ལེ་ལོ་མེད་པའི་བཏང་སྙོམས་ཆེན་པོའི་ཡན་ལག་བདུན་གཅིག་ཏུ་འབྱུང་བས་ཉམས་མྱོང་རྟགས་དང་འབྲེལ་བའི་མཐོང་ལམ་ཐོབ་པ་ཡིན། དེ་ལྟར་
(༧༥༡)མཐོང་ལམ་ཐོབ་པ་དེ་གོམ་། བྱེད་པ་བསྒོམ་ལམ་ལའང་། སྲིད་ཞིའི་མཐའ་སྤང་བའི་མཉམ་བཞག་གི་རང་ངོ་ཆོས་ཀུན་ནམ་མཁའི་དཀྱིལ་ལྟར་སྣང་ཞིང་། འདུ་བྱེད་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟར་མངོན་སུམ་གྱི་རྣམ་པར་མི་རྟོགས་པའི་ཡེ་ཤེས་སྣང་བའི་ཏིང་འཛིན་བརྟེན་པའི་མཉམ་བཞག་གིས་སངས་རྒྱས་ཀྱི་ཇི་ལྟར་བ་མཁྱེན་པའི་ཡེ་ཤེས་སྒྲུབ་ཅིང་། །རྗེས་ཐོབ་སྒྱུ་མ་ལྟ་བུས་སེམས་ཅན་ཡོངས་སུ་སྨིན་དང་། ཞིང་སྦྱོང་གི་ཇི་སྙེད་མཁྱེན་པའི་ཡེ་ཤེས་ས་སྒྲུབ་པས་ས་དྲུག་པར་ཤེར་ཕྱིན་རྫོགས་པར་རྟོགས་པའི་སྤྲོས་བྲལ་ནི། སྲིད་པར་སྐྲགས་པ་དང་། ཞི་བར་དགའ་བའི་སེམས་བྲལ་ནས་ཡིད་ཀྱི་དྲི་མ་དྲུང་ནས་ཕྱུང་བ་སངས་རྒྱས་ཀྱི་གསང་བའི་གནས་ལ་ཞུགས་པས། ས་བརྒྱད་པ་ཐོབ་པ་ནི་སྲིད་ཞི་གཉིས་མེད་རྟོགས་ཤིང་། དེ་བཞིན་ཉིད་དང་འབྲས་བུའི་མཚན་འཛིན་གྱིས་འདུ་ཤེས་ཀྱིས་མི་གཡོ་བ་ནི་རྟོགས་པའི་རོ་གཅིག་ཆེན་པོར་གསུང་སོ། །དེ་ནས་སེམས་ལ་ཟག་པ་མེད་པའི་ལས་འདུ་བྱེད་པ་དང་། བག་ཆགས་ཕྲ་མོའི་ནད་དང་། ཡིད་ཀྱི་རང་བཞིན་གྱི་ལུས་དང་། བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་དང་བྲལ་བའི་སངས་རྒྱས་ཀྱི་ས་ཐོབ་པ་ནི་རྟོགས་པའི་བསྒོམ་དུ་མེད་པ་སྟེ་མཐར་ཐུག་པའི་ཕྱིར། དོན་འདི་མ་རྟོགས་པའི་ཁ་
(༧༥༢)ཚོན་གྱིས་ཅིར་ཡང་མི་བཏུབ། ཞེས་གསུངས་པ་དེ་ལྟར་ཤེས་པར་བྱའོ། ༈། ཡང་རྗེ་དྭགས་པོས། རྩེ་གཅིག་བྱ་བ་ནམ་ཕྲུག་དང་འདྲ་སྟེ། །སྐྱེ་བ་མང་སྟེ་ཁས་ལེན་པ་དེ་ཉུང་། །སྤྲོས་བྲལ་རྟ་རྒན་སྤྱི་ནོར་དང་འདྲ་སྟེ། ཁས་ལེན་མང་སྟེ་སྐྱེས་པ་ཉུང་། །རོ་གཅིག་གཏེར་གྱི་ཁ་བྱང་དང་འདྲ་སྟེ། གླེང་བ་མང་སྟེ་ཐོན་པ་ཉུང་། སྒོམ་མེད་རྒྱལ་པོའི་གདན་པ་དང་འདྲ་སྟེ། །སྨོན་པ་མང་ཡང་ཐོབ་པ་མེད། ༈མཉམ་བཞག་གི་རྟོག་པ་བཞི་ནི། །རྩེ་གཅིག་ཁྱི་སྣ་མུན་ལ་འཁྱམས། །སོགས་གོང་དུ་བྲིས་ཟིན་པ་དེའོ། ༈། མཉམ་རྗེས་ཀྱི་ས་མཚམས་བཞི་ནི། རྩེ་གཅིག་ལ་མཉམ་རྗེས་མཚན་ཉིད་པ་མེད། །སྤྲོས་བྲལ་གྱི་དུས་མཉམ་རྗེས་སོ་སོར་ཕྱེད་དོ། །རོ་གཅིག་གི་དུས་སུ་མཉམ་རྗེས་འདྲེས། །བསྒོམ་མེད་མཉམ་བཞག་འབའ་ཞིག་ཡིན་ནོ། ༈། རྗེས་ཤེས་ཀྱི་སྐྱེ་ཚུལ་བཞི་ནི། རྩེ་གཅིག་དྲན་རྫི་བོར་སྐབས་བསྒོམ་དང་བྲལ་བ་ཡོད་ལ། །ངོ་བོ་མ་མཐོང་བས་ཐོབ་པ་མེད། །སྤྲོས་བྲལ་བྲལ་ཐོབ་གཉིས་ཀ་ཡོད། །རོ་གཅིག་བྲལ་བ་མེད་ལ་ཐོབ་པ་ཡོད། །བསྒོམ་མེད་བྲལ་ཐོབ་གཉིས་ཀ་མེད། ༈། ཉམས་རྟོགས་ཀྱི་ས་མཚམས་
(༧༥༣)བཞི་ནི། རྩེ་གཅིག་ཉམས་རྟོགས་འཛིན་པ་ཡིན་པས་དྲི་མ་ཅན་ནོ། །སྤྲོས་བྲལ་ཉམས་རྟོགས་ཤེན་ཕྱེད། རོ་གཅིག་ཉམས་རྟོགས་ཟུང་དུ་འཇུག། སྒོམ་མེད་རྟོགས་པའི་འཁོར་ཡུག་མའོ། ༈། ཀུན་རྫོབ་རྒྱུ་འབྲས་ཀྱི་མཁྱེན་ཚུལ་བཞི་ནི། རྩེ་གཅིག་དུས་སུ་དངོས་འཛིན་ཡོད་པས་རྒྱུ་འབྲས་ལ་ཨ་འཐས། སྤྲོས་བྲལ་གྱི་སྐབས་སུ་རྒྱུ་འབྲས་སྒྱུ་མ་ལྟ་བུ། །རོ་གཅིག་གི་དུས་སུ་རྒྱུ་འབྲས་ནམ་མཁའ་ལྟ་བུ་སྟེ། སྟོང་པ་རྟེན་འབྱུང་དུ་འཆར་རུང་བས་སོ། །སྒོམ་མེད་ཀྱི་དུས་སུ་གཉིས་སྣང་མེད་པས་གཞི་མེད་ཀྱི་རྟེན་ཅིང་འབྲེལ་འབྱུང་མཁྱེན་པའོ། ༈། མཉམ་རྗེས་གཉིས་ཀྱི་ཁྱད་པར་བཞི་ནི། །རྩེ་གཅིག་གི་མཉམ་རྗེས་ཡེང་མ་ཡེང་། །སྤྲོས་བྲལ་གྱི་མཉམ་རྗེས་དྲན་མ་དྲན། །རོ་གཅིག་གི་མཉམ་རྗེས་འཛིན་མ་འཛིན། །སྒོམ་མེད་ལ་མཉམ་རྗེས་མེད་དོ། ༈། ཉམས་ཀྱི་རྟགས་བཞི་ནི། །རྩེ་གཅིག་དུས་འདོར་ཡོན་ལ་ཞེན་པ་ལྡོག། སྤྲོས་བྲལ་དུས་ཚེ་འདི་བློས་ཐོངས། །རོ་གཅིག་དུས་ཆོས་བརྒྱད་འགོ་སྙོམས། བསྒོམ་མེད་དུས་གཉིས་སྣང་ཕྲ་ཞིང་ཕྲ་བ་གནས་ངན་ལེན་དང་བཅས་པ་འདག་གོ། ༈། གལ་ཆེ་བ་བཞི་
(༧༥༤)ནི། རྩེ་གཅིག་གི་དུས་སུ་འདུ་འཛི་སྤངས་ནས་བརྩོན་འགྲུས་གལ་ཆེ། །སྤྲོས་བྲལ་དུས་སུ་བཏང་སྙོམས་སུ་མ་ལུས་པ་ཤེས་པ་ངར་དང་བཅས་པ་གལ་ཆེ། །རོ་གཅིག་གི་དུས་སུ་གོ་ཡུལ་སྤྱིའི་རྣམ་པ་དང་། རྟོགས་པའི་ཉམས་མྱོང་མ་ནོར་ཞིང་མ་འདྲེས་པ་གལ་ཆེ། བསྒོམ་མེད་དུས་སུ་ཉམས་མྱོང་གི་རྩི་ལ་མ་འབྱར་བ་གལ་ཆེའོ། ༈། ཁྱད་པར་བཞི་ནི། རྩེ་གཅིག་དང་སྤྲོས་བྲལ་གྱི་ཁྱད་རྣམ་རྟོག་ཆོས་སྐུར་ཤར་མ་ཤར། སྤྲོས་བྲལ་དང་རོ་གཅིག་གི་ཁྱད་པར་སྣང་བ་བསྒོམ་དུ་ཤར་མ་ཤར། རོ་གཅིག་དང་བསྒོམ་མེད་གྱི་ཁྱད་པར་ཡང་དག་པའི་དྲན་པའི་རྩོལ་བ་བརྟན་དགོས་མི་དགོས་སོ། ༈། །སྒྲིབ་པ་དག་ལུགས་བཞི་ནི། རྩེ་གཅིག་གིས་ལས་སྒྲིབ་དག། སྤྲོས་བྲལ་གྱིས་ཉོན་སྒྲིབ་དག། རོ་གཅིག་གིས་སྙོམས་འཇུག་གི་དྲི་མ་དག། བསྒོམ་མེད་ཀྱིས་ཤེས་བྱའི་སྒྲིབ་པ་དག་གོ། ༈། ཡང་རྩེ་གཅིག་གིས་གཟུགས་ཕུང་སྒོ་ལྔའི་ཤེས་པ་དག། སྤྲོས་བྲལ་གྱིས་ཚོར་འདུའི་ཕུང་པོ་གཉིས་དང་ཡིད་ཤེས་དག། རོ་གཅིག་གིས་འདུ་བྱེད་ཕུང་པོ་དང་ཉོན་ཡིད་དག། བསྒོམ་མེད་ཀྱིས་རྣམ་ཤེས་ཕུང་པོ་དང་ཀུན་གཞིའི་རྣམ་ཤེས་དག་འགོ༈། གཞན་ཡང་རྣལ་འབྱོར་
(༧༥༥)བཞི་རིམ་འདི། དྲོད་རྩེ་བཟོད་ཆོས་བཞི་དང་། དབང་བཞི་དང་། དགའ་བཞི་དང་། སྣང་མཆེད་ཐོབ་པ་ཉེར་ཐོབ་ཀྱི་ཡེ་ཤེས་བཞི་དང་། །སྣང་སྟོང་གསལ་སྟོང་བདེ་སྟོང་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་བཞི་སོགས་དང་སྦྱར་ནས་བཤད་པའི་པའང་སྣང་ངོ། ༈། འཆི་དུས་ཀྱི་གྲོལ་ལུགས་བཞི་ནི། རྩེ་གཅིག་གི་རྣལ་འབྱོར་ས་འཆི་དུས་ཐུགས་དམ་ཟིན་པ་རབ་ནི། བར་དོ་ནས་སྤྲོས་བྲལ་དུ་ན་འཕར་ནས་གྲོལ། ཐུགས་དམ་ཟིན་ན་མི་ལུས་ཆོས་ལྡན་ཐོབ་ནས་སྤྲོས་བྲལ་རྟོགས། སྤྲོས་བྲལ་གྱི་རྣལ་འབྱོར་དེ་ཤི་དུས་ཐུངས་མ་ཟིན་ན་བར་དོ་མེད་པར་སངས་རྒྱས། རོ་གཅིག་འབྲིང་པོ་ཞག་གསུམ་ནས་སངས་རྒྱས། རོ་གཅིག་ཆེན་པོ་ཕྱི་དབུགས་ཆད་པ་དང་སངས་རྒྱས་པ་དུས་མཉམ་པས་དེ་ལ་ཐུགས་དམ་མི་བཞུགས། བསྒོམ་མེད་ཆུང་ངུ་དང་འབྲིང་པོ་གཉིས་འཆི་བའི་སྐད་ཅིག་གཅིག་གམ། གཉིས་སམ་གསུམ་ནས་སངས་རྒྱས། བསྒོམ་མེད་ཆེན་པོ་ཚེ་འདིར་སངས་རྒྱས། འདི་རྣམས་དགའ། རབ་རྡོ་རྗེ་སོགས་ཀྱིས་གསུངས་པས་ངེས་པ་ཅན་ནོ། །བསྒོམ་མེད་ཐུགས་དམ་ལ་མི་བཞུགས་སོ། ༈། ཞར་བྱུང་སྨྲས་པ། ཕར་ཕྱིན་སྟོང་ཕྲག་ཉེར་ལྔ་པ་ལས། གལ་ཏེ་ཡིད་ལ་བྱེད་ན་ཁམས་
(༧༥༦)གསུམ་དང་འགྲོ་བར་འགྱུར་གྱི། གལ་ཏེ་ཡིད་ལ་མི་བྱེད་ན་ཁམས་གསུམ་དང་འགྲོ་བར་མི་འགྱུར་རོ། །ཞེས་གསུངས་པ་དང་། ཕྱག་རྒྱ་ཆེན་པོའི་དོན། མེ་ཏྲི་པས། བློ་བྲལ་ཡིད་ལ་བྱར་མེད་པ། །འདི་ནི་སངས་རྒྱས་ཀུན་གྱི་ལམ། །ཞེས་གསུངས་པ་ལྟ་བུའི་དོན་ལ། ཁ་ཅིག་གིས་རྣམ་རྟོག་བཀག་ནས་མི་རྟོག་པ་ཆེད་དུ་བསྒོམ་ཀྱང་། བསྒོམ་པ་ཡིད་ལ་མི་བྱེད་པ་ནི། རྣམ་རྟོག་བཀག་པ་མིན་ཏེ། བཀའ་བརྒྱུད་པ་རྣམས་ཀྱིས་ནི་ཆོས་སྐུ་ལ་ངོ་སྤྲོད་ཅིང་བསྔགས་པས་སོ། །དེ་ལ་མཁས་པ་ཁ་ཅིག་གིས། །རྣམ་སྣང་མངོན་བྱང་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཡེ་ཤེས་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་གནས། །ཞེས་གསུངས་པས་རྣམ་རྟོག་ནི་ཆོས་སྐུའི་སྒྲིབ་བྱེད་ཡིན་གྱིས་ཆོས་སྐུ་མ་ཡིན་ཞེས་གསུངས་པ། དེ་ནི་ཆོས་སྐུ་མ་རྟོགས་པའམརང་ངོ་རང་གིས་མ་རིག་པ་རྣམས་ལ་དགོངས་ནས་གསུངས་པ་ཡིན་གྱི། རྣམ་རྟོག་སྐྱེ་མེད་སྟོང་པ་རུ་མཐོང་བའམ། རང་ངོ་རང་གིས་མཐོང་བའམ་རིག་ན། རྣམ་རྟོག་སྟོང་པ་ཉིད་དོ། །སྟོང་པ་ཉིད་རྣམ་རྟོག་གོ། །རྣམ་རྟོག་ལས་སྟོང་པ་གཞན་མ་ཡིན། །སྟོང་པ་ཉིད་
(༧༥༧)ལས་རྣམ་རྟོག་གཞན་མ་ཡིན། །དེས་ན་རྣམ་རྟོག་ཐམས་ཅད་སྟོང་པ་ཉིད་དེ། མཚན་ཉིད་མེད། མ་སྐྱེས་པ་མ་འགག་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། འབྲི་བ་མེད་པ། གང་བ་མེད་པའོ། །དེས་ན། རྣལ་འབྱོར་སྐྱེ་མེད་དུ་རྟོགས་ཤིང་ཆོས་སྐུའི་རང་ཞལ་མཐོང་ན་ཐམས་ཅད་ཡེ་ནས་ཆོས་སྐུའི་རང་བཞིན་ཉིད་ལས་རྣམ་རྟོག་གདོད་ནས་མ་གྲུབ་ཕྱིར། སྒྲིབ་བྱ་སྒྲིབ་བྱེད་གཉིས་སུ་མེད་པས་རྣམ་རྟོག་ཆོས་སྐུ་ཡིན་ཏེ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་མདོ་ལས་ཀྱང་། །སེམས་ཀྱི་རྣམ་རྟོག་གང་སྐྱེས་པ། །སེམས་ཀྱི་སེམས་ལ་བརྟགས་བྱས་ན། །རང་བཞིན་མེད་པར་ཤེས་པ་ནི། །ཤེས་རབ་ཕ་རོལ་ཕྱིན་པ་སྟེ།། །དེ་ཡི་ངང་ལ་མ་ཡེང་ན། །དེ་ནི་ཏིང་ངེ་འཛིན་ཞེས་བྱ། །ཞེས་དང་། ༈། ཡང་སྙིང་འདུས་པའི་རྒྱུད་ལས། རྟོགས་ཚོགས་ཆོས་སྐུ་རང་གྲོལ་ཡིན། །ཞེས་དང་༈ཨོ་། རྒྱན་པདྨས་མི་ཏྲ་སྙིང་ཐིག་ལས། །རྣམ་པར་རྟོག་པའི་མཚན་མ་ཅི་བྱུང་ཡང་། །རྟོག་པ་དེ་ཉིད་ཆོས་སྐུ་ཡིན་ཤེས་ནས། །ཆོས་ཀྱི་སྐུ་ནི་གཞན་དུ་བརྩལ་མི་བྱ། །ཞེས་དང་། ༈། དཔལ་ས་ར་ཧས། རྣམ་རྟོག་ཡེ་ཤེས་ཆེན་པོ་ཡིན། །དུག་ལྔ་སྨན་གྱི་རང་བཞིན་ཡིན། །
(༧༥༨)གཟུང་རྟོག་འཛིན་རྟོག་རྡོ་རྗེ་འཆང་། །ཅེས་དང་། ༈རྗེ་ཏཻ་ལོ་པས། །འདི་ལྟར་སྣང་བའི་ཆོས་རྣམས་ཀུན། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད། །འཁོར་བའི་རྣམ་རྟོག་སྣ་ཚོགས་ལས། །རྒྱལ་བའི་སྐུ་དང་ཡེ་ཤེས་འབྱུང་། །ཅེས་དང་། ༈དཔལ་ནཱ་རོ་པས། །རྣམ་རྟོག་ཆོས་སྐུ་ཡོངས་ཤེས་ན། །མཚན་མའི་གཡེང་བ་ཆོས་ཀྱི་སྐུ། །ཚོང་དུས་སུ་ཕྱིན་ཡང་གཡེང་བ་མེད། །རྣམ་རྟོག་ཕྲ་རབ་ཐམས་ཅད་ཀྱང་། །ཕྱག་རྒྱ་ཆེན་པོའི་རང་བཞིན་ཡིན། །གཉེན་པོས་བཅོས་ཤིང་གདག་ཏུ་མེད། །ཅེས་དང་། ༈། རྗེ་མར་པའི་རྒྱས་འདེབས་སུ། །སེམས་ལ་འགག་པ་མེད་པ་ཉིད། །གཉེན་པོའི་མཆོག་ཏུ་ཁོ་བོས་མཐོང་། །ཅེས་དང་། ༈རྗེ་མི་ལས། ནང་འཇུ་བ་སེམས་ཀྱི་རྣམ་ཤེས་འདི། །མ་རྟོགས་དུས་ན་མ་རིག་པ། །ལས་ཉོན་ཀུན་གྱི་རྩ་བ་ཡིན། །རྟོགས་ན་རང་རིག་ཡེ་ཤེས་ཏེ། །དཀར་པོའི་ཡོན་ཏན་རྫོགས་པར་འགྱུར། ༈རྗེ་དྭགས་པོས། །མཚན་མར་སྐྱེ་བའི་རྣམ་རྟོག་འདི། །ཆོས་སྐུ་ཡིན་པར་རྩར་གྱིས་ཟུངས། །ཉམས་སུ་མྱོང་ན་སྙིང་པོ་མཐོང་། །ཅེས་དང་། རྣམ་རྟོག་ཆོས་སྐུར་ལག་པར་གདའ། །གཉེན་པོས་བཅོས་སུ་མེད་པར་གདའ། །ཅེས་དང་། ༈། རྗེ་དུས་གསུམ་མཁྱེན་པས། །རྣམ་
(༧༥༩)རྟོག་ཆོས་སྐུའི་རང་བཞིན་ལ། །བཟང་ངན་དུ་བྱེད་པའི་བློ་དང་བྲལ། །ཅེས་དང་། ༈རྗེ་ཕག་མོ་གྲུབ་པས། །རྣམ་པར་རྟོག་པ་རིག་པ་སྟེ། །རིག་པ་རྣམ་ཐར་སྒོ་གསུམ་དུ། །སྐྱེས་བུ་དམ་པས་ཤེས་བྱ་སྟེ། །དགའ་བ་ཆེན་པོའི་འདུ་ཤེས་ཀྱིས། །དགོས་ཀྱང་སྐུ་དྲིན་ཆེ་བར་བསམ། །རྣམ་པར་རྟོག་པའི་སེམས་ཉིད་ལ། །སྤང་བར་འདོད་ཅིག་མང་བར་འགྲོ། །སྐྱེ་བ་མེད་པས་སྤང་མི་དགོས། །སོགས་དུ་མ་དང་། ༈རྗེ་གླིང་རྗེ་རས་པས། ཤིན་ཏུ་དྭངས་པའི་རྒྱ་མཚོ་ལ། །ཆུ་བུར་བྱུང་ཞིང་ཐིམ་པ་དེ། །རྣམ་རྟོག་ཆོས་སྐུ་ངོ་སྤྲད་པའི། །སློབ་དཔོན་གཅིག་ལགས་ཏེ་གོ་ལགས་སམ། །ཅེས་དང་། རྣམ་རྟོག་ཡེ་ཤེས་སུ་འདུག་པ་ལ་སྐྱོན་དུ་བཟུང་། སྤང་བྱའི་དྲི་མར་བཟུང་བ་མཐོལ་ལོ་བཤགས། །ཞེས་དང་། ༈ཞང་འགྲོ་བའི་མགོན་པས། །རྣམ་རྟོག་སྐྱོན་དུ་བལྟས་ཤིང་བཀག། མི་རྟོག་འདོད་ཅིང་ཆེད་དུ་སྒྲུབ། །ཆུ་རླབས་ཕྱག་པས་ཕྱིར་ཕྱིར་འཁྱམས། །རྟོག་པ་བགག་པའི་མི་རྟོག་པ། །དེ་ཉིད་རྣམ་རྟོག་འཁྲུལ་པ་སྟེ། །ཆོས་སྐུ་སྒྲིབ་པའི་མུན་ཆེན་ཡིན། །རྟོགས་པ་འཕྲོ་བར་མི་འདོད་ཅིང་། །མི་རྟོག་གནས་པར་འདོད་པ་ཡི། །ཞེ་འདོད་འགོང་པོ་ཕུགས་སུ་བཅུག།
(༧༦༠)གཉུག་མའི་སྐོར་མཛོད་ཟད་པར་བྱེད། །རྣམ་རྟོག་བཀག་པའི་སྒོམ་ཆེན་དེ། །མར་འདོད་ཆུ་ལ་སྲུབ་པ་བཞིན། །བསྐལ་པར་བསྒོམ་ཀྱང་དོན་མི་མཐོང་། །དེ་ཕྱིར་རྣམ་རྟོག་བཀག་མི་དགོས། །འཕྲོས་ཀྱང་ཆོས་སྐུ་འདུག་ཀྱང་ནི། །ཆོས་ཀྱི་སྐུ་ལ་གཡོ་བ་མེད། །བླ་མའི་གདམས་ངག་ཟིན་གྱུར་ན། །འཕྲོས་ཀྱང་གྲོལ་ལ་འདུག་ཀྱང་གྲོལ། །བླ་མའི་གདམས་ངག་མ་ཟིན་ན། །འཕྲོས་ཀྱང་འཆིང་ལ་འདུག་ཀྱང་འཆིང་། །སོགས་དུ་མ་དང་། དེ་དག་ལ་སོགས་བཀའ་དང་བསྟན་བཅོས་གྲུབ་ཐོབ་གོང་མ་རྣམས་ཀྱི་གསུང་ལས་ཤིན་ཏུ་མང་པོ་འབྱུང་བ་ཤེས་དགོས། ༈། དོན་འདི་ནི། །ཕ་ཅིག་དམ་པ་སངས་རྒྱས་ཀྱིས། །དུས་གསུམ་སངས་རྒྱས་ཀྱི་དགོངས་པ་དེ། །རྟོག་མེད་པ་ལེར་མཁྱེན་པ་ལ། །དུས་ད་ལྟའི་སྒོམ་ཆེན་ཕོ་མོ་རྣམས། །རྟོག་མེད་དྲན་མེད་བདུད་ཀྱིས་ཁྱེར། །མཁྱེན་པའི་ཡེ་ཤེས་བོག་མ་ཐོན། །བསྒོམ་གྱི་ཞེན་པ་ཇེ་ཆེར་སོང་། །ཐ་མལ་གྱི་གསེབ་ནས་ཉུལ་ལེ་མ། །གྲུབ་ཐོབ་རྗེ་དང་མ་མཇལ་བས། །སེམས་དྭངས་སྙིགས་མ་ཕྱེད་འོབ་རེ་བརྒྱལ། །ཞེས་གསུངས་སོ། །གྲུབ་ཐོབ་ཐང་སྟོང་རྒྱལ་པོས་ཀྱང་། །ད་ལྟའི་ཤེས་པ་པོ་མ་འདི། །རང་སེམས་ཆོས་སྐུ་སྤྲོས་བྲལ་ཡིན། །ཅིར་སྣང་ཐམས་ཅད་རང་གི་སེམས། །རང་
(༧༦༡)སེམས་སྤྲོས་བྲལ་ཆོས་ཀྱི་སྐུ། །དེ་ནས་རྣམ་རྟོག་ཆོས་སྐུའི་རྩལ། །ཞེས་གསུངས་སོ། ༈། དེའི་ཕྱིར་ཕྱག་རྒྱ་ཆེན་པོ་རྟོགས་པར་འདོད་པའི་བསྒོམ་ཆེན་རྣམས་ཀྱིས་རྣམ་རྟོག་ཆོས་སྐུའི་དོན་འདི་རྟོག་པར་བྱ་བ་གལ་ཆེ་བར་སྣང་ངོ། ༈། སྤྱོད་པ་ནི། གངྒ་མ་ལས། བྱ་རྩོལ་མེད་ན་སྤྱོད་པའི་རྒྱལ་པོ་ཡིན། །ཞེས་དང་། ཕྱག་ཆེན་སྨོན་ལམ་ལས། བསྒོམ་དོན་ཀུན་ལ་རྩལ་སྦྱངས་སྤྱོད་པའི་མཆོག། ཅེས་གསུངས། ༈ འབྲས་བུ་ནི། ཕྱག་ཆེན་གངྒ་མ་ལས། རེ་དོག་མེད་ན་འབྲས་བུ་མངོན་དུ་འགྱུར། །ཅེས་དང་། ཏཻ་ལོས། དོ་ཧ་མཛོད་ལས། དེ་ཉིད་རིག་པ་འབྲས་བུ་ཡིན། རྟོགས་ཐོབ་དུས་གཅིག་ལམ་ལ་ལྟོས་པ་མེད། །འཇིག་རྟེན་རྨོངས་པས་གཞན་དུ་ཚོལ་བར་བྱེད། །ཅེས་གསུངས་སོ། ༈། རྣལ་འབྱོར་པ་འཆི་དུས་རྟགས་འབྱུང་ཚུལ་ནི། དགོངས་འདུས་རྒྱབ་ཆོས་ལས། སྐྱེས་བུའི་ལུས་རྒྱ་གྲོལ་བའི་ཚེ། བར་དོ་གྲོལ་བའི་རྟགས་ནི། གསང་ཆེན་ལས། འོད་གསལ་ལ་བརྟན་པ་ཐོབ། རྟོགས་འོད་ལྔ་ལྡན་དུ་སྣང་༔སྒྲོན་མ་ལ་བརྟེན་པ་ཐོབ་པས་གདུང་༔རླུང་ལྔ་ལ་བསྟན་པ་ཐོབ་པས་སྒྲ་འབྱུང་༔དབྱིངས་ཚད་ཟིན་པས་ས་གཡོ། སྐུ་ཟིན་པས་རུས་པ་ལ་སོགས་པ་ལ་སྐུ་བྱོན༔
(༧༦༢)དེ་རྣམས་ཀྱང་ཕྱིའི་རྟགས་རྣམས༔ལ་ལ་སྔ་ཐོག་ཏུ་འབྱུང་༔ལ་ལ་རྗེས་ལ་འབྱུང་སོགས་དུ་མ་ནི་ངེས་པ་མེད་དོ༔འོད་ཀྱི་ཚད་ནི་འོད་དུ་སྣང་བ་ཡིན༔ཐིག་ལེའི་ཚད་ནི༔གདུང་དང་རིང་བསྲེལ་ཡིན༔རླུང་གི་ཚད་ནི་དེ་བཞིན་དེ་བཞིན་སྒྲ༔དབྱིངས་ཀྱི་ཚད་ནི་ས་རྣམས་གཡོ་བ་ཡིན༔སྐུ་ཡི་ཚད་ནི་ཕྱི་ནས་དེ་བཞིན་དུ༔འདི་རྣམས་ཐམས་ཅད་རིག་པའི་ཡོན་ཏན་ཡིན༔ཅེས་སོ། །དེ་ཡང་སྐྱེས་བུའི་སྤུར་དེ་བཞུ་བའི་ཚེ༔འཇའ་འཁྱིལ་བ་དང་༔འོད་འཕྲོ་བ་དང་། མེ་ཏོག་གི་ཆར་དང་༔སྒྲ་ཆེན་པོ་གྲགས་པ་ལ་སོགས་པའི་ལྟས་དང་༔དུད་པའི་དབྱིབས་དང་༔ཁ་དོག་དང་༔དུད་པའི་འཕྱོ་ཚུལ་ཀྱང་བཟང་པོའི་ལྟས་ཤ་སྟག་འབྱུང་སྟེ༔ལུང་ལས་ཀྱང་༔དེ་ཉིད་འདས་ཚེ་གདུང་བཞུ་བས༔འཇའ་འོད་ཟེར་དང་མེ་ཏོག་དུད་པའི་རྟགས༔གདུང་རིགས་ལྔའི་གཅིག་འབྱུང་སྟེ༔རྣལ་འབྱོར་ཕྱིར་མི་ལྡོག་པའི་རྟགས༔ཅེས་སོ༔དེ་ཡང་། སྐུ་ཐོབ་པའི་རྟགས་དང་༔དེ་བཞིན་དུ༔གསུང་ཐོབ་པ་དང་༔ཐུགས་ཐོབ་པའི་རྟགས་རྣམས་ཤ་དྲག་རུས་རྐང་སོགས་ལས་བྱུང་བ་ནི༔དོན་རྒྱུད་ལས༔རྡོ་རྗེ་རིན་ཆེན་པདྨའི་གདུང་༔ལས་དང་དེ་བཞིན་གཤེགས་པའི་གདུངས༔ཤ་དྲག་རུས་དང་ཡན་ལག་དང་༔། འབྱུང་འདུས་ལྔ་
(༧༦༣)ལ་བརྟེན་ནས་འབྱུང་༔ཤ་རི་རམ་དང་ཆུ་རི་རམ༔བ་རི་རམ་དང་ཉ་རི་རམ༔ པཉྩ་རམ་དང་ལྔ་ལྡན་གདུང་༔རིགས་ལྔའི་གདུངས་ཏེ་སྐུ་ཡང་འབྱུང་༔དེ་རྣམས་སྐུ་ཐོབ་རྟགས་ཡིན་ནོ། །ཅེས་གསུངས་པ༔ཤ་སོགས་ལྔ་ལས་ཤ་རི་རམ་སོགས་ལྔ་ཁ་དོག་དཀར་པོར་སྔོ་དམར་ལྗང་ལྔ་ལྡན་རིམ་བཞིན་ཤེས་སོ། ༈། དེ་བཞིན་གསུང་ལྔ་ཐོབ་པའི་རྟགས་ཀྱང་༔དེ་ཉིད་ལས། གསུང་ཐོབ་རྟགས་སུ་མེ་འོད་སྒྲ༔མེ་འོད་འཇའ་འཁྱིལ་བ་དང་༔གྱེན་ལ་མདའ་ལྟར་དྲང་ཐད་དུ་འབར་བ་དང་༔འུར་སྒྲ་སིང་སྒྲ་ལ་སོགས་པའི་སྒྲ་སྣ་ཚོགས་པ་འབྱུང་བར་བྱེད་དོ༔༈ཐུགས་ཐོབ་པའི་རྟགས་ཀྱང་དེ་ཉིད་ལས༔འཇའ་དེ་ཡང་སྔར་གྱི་གདུང་ལྔ་པོ་གང་ལས་བྱུང་བ་ནི༔དེ་ཉིད་ལས༔འཇའ་དང་ནམ་མཁའ་དྭངས་གསལ་བ༔ངེས་པར་ཐུགས་ཐོབ་རྟགས་ཡིན། ནོ༔སྙིང་ནང་གི་མགོན་པོ་འོད་ཟེར་ལྔ་ལྡན་འཕྲོ་བའི་རྟགས་སུ་འཇའ་ཚོན་དང་༔ཀ་དག་གི་རྟགས་སུ་ནམ་མཁའ་གསལ་ཞིང་དྭངས་པའོ༔ཅེས་སོ། །དེའང་སྔར་གྱི་གདུང་ལྔ་པོ་དེ་གང་ལས་བྱུང་བ་ནི༔། དེ་ཉིད་ལས༔རྟགས་ལ་འབྲས་བུ་འདི་བཞིན་འབྱུང་༔ཤ་རི་ཆུ་རི་བ་རི་ཡིས༔སྐྱེ་མེད་ཡོན་ཏན་ལོངས་སྐུ་ཐོབ༔ཉ་རི་པཉྩ་རམ་གྱིས་ནི༔སྤྲུལ་པ་སྐུ་ལྔ་
(༧༦༤)ངེས་པར་ཐོབ༔ཅེས་སོ༔དེ་ལྟར་གདུང་དང་༔སྒྲ་འོད་ཟེར་སོགས་པ་གཡོ་བ་ལ་སོགས་པའི་རྟགས་ཐམས་ཅད་ཀྱི་ཐུན་མོང་དུ་མཐོང་བ་ནི༔བར་དོ་སྒྲོལ་བ་སྟེ༔མངོན་པར་རྫོགས་པ་སངས་རྒྱས་ཞེས་བྱ་སྟེ། སྙིང་གི་མེ་ལོང་ལས༔མངོན་པར་རྫོགས་པ་སངས་རྒྱས་པ་ཞེས་བྱ་བ་ནི༔འོད་དང་། སྒྲ་དང་། སྐུ་དང་། གདུང་དང་། ས་གཡོ་བ་སོགས་འབྱུང་ངོ་༔ཅེས་སོ༔རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་གྲོལ་བ་རྣམས་ཀྱང་འདིའི་ཁོངས་སུ་འདུའོ༔ཞེས་གསུངས་སོ༔༈དེ་ལྟ་བུའི་སངས་རྒྱས་བྱང་སེམས་སྐུ་གདུང་རིང་སྲེལ་ལ་མཆོད་རྟེན་བྱ་བ་ནི། སྔོན་རྡོ་རྗེ་སེམས་དཔའི་བུའི་གཙུག་གཏོར་ནས་གདུང་ཤ་རི་རམ་དཀར་ལ་འཚེར་བ། སྣམ་ལ་འདྲིལ་བ། ཐེབ་མོ་ཙམ་བྱུང་བ་ལྷོ་འཛམ་བུའི་གླིང་དུ་ཡིད་བཞིན་རིན་ཆེན་བརྩེགས་པའི་མཆོད་རྟེན་དུ་བཞག། སྔོན་བྱ་རྒོད་ཕུང་པོ་རིན་པོ་ཆེའི་དབྱིབས་སུ་གནས་པ་སངས་རྒྱས་ཐམས་ཅད་ཀྱི་བཞུགས་གནས་སོ༔དེ་བཞིན་དུ་ནུབ་བ་ལོངས་སྤྱོད་དུ་དགའ་བ་བརྩེགས་པའི་མཆོད་རྟེན་དང་། བྱང་སྒྲ་མི་སྙན་དུ་བཏང་སྙོམས་རྒྱ་གྲམ་བརྩེགས་པའི་མཆོད་རྟེན་དང་། ཤར་ལུས་འཕགས་སོར་བྱམས་པ་རྡོ་རྗེ་བརྩེགས་པའི་མཆོད་རྟེན་དང་བཞི་བྱུང་། དེའི་ཡང་སྤྲུལ་དུ་ལྷ་ལས་བབ་པའི་མཆོད་རྟེན་བྱུང་། ༈དེ་ནས་རྣམ་པར་སྣང་མདད་ཀྱི་དབུའི་ཐོ་གཙུག་ནས་
(༧༦༥)གདུང་ཤ་རི་རམ་དཀར་པོ་ཐེ་བོང་ཙམ་རང་བྱུང་དུ་བྱུང་། དེ་དག་ལྷོ་འཛམ་བུ་གླིང་གི་དབུས་རྡོ་རྗེ་གདན་གྱི་ཕྱོགས་མཚམས་བརྒྱད་དུ་རང་བྱུང་གི་རང་གི་མཆོད་རྟེན་བྱུང་སྟེ། མངྒ་རྡར་དུར་ཁྲོད་ཆེན་པོ་བསིལ་བ་ཚལ་དུ་མཆོད་རྟེན་བདེ་བྱེད་བརྩེགས་པ། སིངྒ་ལར་དུར་ཁྲོད་སྐུ་ལ་རྫོགས་མཆོད་རྟེན་རི་བོ་ཏ་ལ། དུར་ཁྲོད་ཧེ་ཆེན་བརྡལ་མཆོད་རྟེན་ཀ་ནི་ཀ། དུར་ཁྲོད་གསང་ཆེན་རོལ་པ་སར་མཆོད་རྟེན་འོག་ཏུ་རོ་ཤན། བལ་ཡུལ་དུར་ཁྲོད་ལྷུན་པོ་བརྩེགས་པར་མཆོད་རྟེན་ཁ་ཤོ་བྱ་གྲི། ཨོ་རྒྱན་གྱི་དུར་ཁྲོད་པདྨ་བརྩེགས་སུ་མཆོད་རྟེན་གཟི་བྱིན་བརྩེགས། ཟ་ཧོར་དུ་དུར་ཁྲོད་ལང་དཀར་བརྩེགས་སུ་མཆོད་རྟེན་བདེ་བྱེད་གཞོན་ནུ། མི་ཡུལ་དུ་འཇིག་རྟེན་པའི་དུར་ཁྲོད་མཆོད་རྟེན་གྷིའུ་དན་ཤན་དང་བརྒྱད་བྱུང་ངོ། །དེའི་ཡང་སྤྲུལ་དུ་མཆོད་རྟེན་ཀུན་ཏུ་ཞལ་བཞུགས་སོ། ༈། དེ་ནས་སངས་རྒྱས་ཤཱཀྱ་ཐུབ་པའི་གཙུག་གཏོར་ནས་གདུང་ཤ་རི་རམ་དཀར་པོ་མཐེ་བོང་ཙམ་བྱུང་། འཛམ་བུའི་གླིང་བཞི་རང་བྱུང་གི་མཆོད་རྟེན་བཞིར་བཞག། དེའི་སྤྲུལ་པ་སྐུ་གདུང་ཆེན་པོ་ཆ་བརྒྱད་བཞུགས་སོ། །དེ་ཡི་ཡང་སྤྲུལ་བཀྲ་ཤིས་སྒོ་མང་གི་མཆོད་རྟེན་བྱུང་ངོ། ༈། སངས་རྒྱས་ལ་གདུང་རིང་སྲེལ་བྱོན་པ་ལྟར། བྱང་སེམས། རང་རྒྱལ། ཉོན་ནས་སེམས་ཅན་ལ་གདུང་འབྱུང་བར་
(༧༦༦)གསུངས་སྟེ། སངས་རྒྱས་ཀྱི་གདུང་ལ་ཕྲུག་གུ་མང་པོ་འབྱུང་། དེ་མན་ཆད་ལ་ཅང་མི་འོང་། གདུང་དང་རིང་སྲེལ་ལ་རིགས་མི་གཅིག་པ་མང་པོ་འབྱུང་བར་གསུངས། རིང་སྲེལ་དམན་པ་ནི་ཏིལ་དང་ཡུངས་འབྲུ་ཙམ་ལས་འཕགས་མི་ནུས་པའང་ཡོད། སེམས་དངོས་པོ་གཤིས་ཀྱི་གནས་ལུགས་ཀྱི་ཆ་ངོ་བོ་རང་བཞིན་མཚན་ཉིད་ཇི་ཙམ་རྟོགས་བཞིན། གདུང་དང་རིང་སྲེལ་འཇའ་འོད་སོགས་ལྟས་སྣ་ཚོགས་འབྱུང་བ། དེ་རྣམས་ལ་མཆོད་རྟེན་བྱ་བར་འོས་སོ། ༈། དེ་ལ་ཉན་ཐོས་ཀྱི་མཆོད་རྟེན་ནི། ཆོས་གོས་བཞི་ལྟེབ་པར། ལྷུང་བཟེད་སྦུབ་སྟེང་མཁར་བསིལ་བཙུག་པ་ལྟ་བུར་འདོད་རང་རྒྱལ་གྱི་མཆོད་རྟེན་ནི། རྨང་གྲུ་བཞི། སྟེང་དུ་ངོས་ཟླུམ་པོ་བ་རིམ་བཅུ་གཉིས་འཁོར་ལོ་རྩིབ་བརྒྱད་ཅན་ནོ། ༈། ཐེག་ཆེན་གྱི་མཆོད་རྟེན་ནི། ཀླུ་སྒྲུབ་ཀྱིས་མདོའི་དགོངས་པར། ལྷུང་བཟེད་སྦུབ་འདྲ་ཟླུམ་པོ་དང་། ཁང་བུ་ལྟ་བུ་གླུ་བཞི། རྒྱལ་མཚན་ལྟ་བུའི་མཆོད་རྟེན་སོགས་བརྒྱད་གསུངས། འདུལ་བ་ལས། ཆོས་འཁོར་ལ་གདུགས་ཆར་ཁེབ་དང་། སོ་སྐྱེའི་མཆོད་རྟེན་ལ་གདུགས་ཆར་ཁེབ་མེད་པ་དང་། །ཉན་ཐོས་ལ་འབྲས་བུའི་གྲངས་ཀྱི་གདུངས། །རང་རྒྱལ་ལ་གདུགས་བདུན། །སངས་རྒྱས་ལ་གདུགས་བཅུ་གསུམ་ཁར་ཁེབ་བཅས་བྱ། ༈བྱ་
(༧༦༧)སྤྱོད་ཀྱི་མཆོད་རྟེན་བང་རིམ་ནང་དུ་བཀུམས་ཤིང་ཕྱིར་འབུར་བའམ། དབུས་འབུར་བ་ལ་མཐའ་ནང་དུ་བཅག་པ་འཁོར་ལོ་བཅུ་གཉིས་གསུངས། རྣལ་འབྱོར་རྒྱུད་རྡོ་རྗེ་བརྩེགས་པ། ༈དུས་འཁོར་ལས་ཡེ་ཤེས་མཆོད་རྟེན། གཞན་ཡང་། དཔལ་རེག་པ་མེད་པའི་མཆོད་རྟེན་དང་། འབྲས་སྤུང་གི་མཆོད་རྟེན་རྣམས་སོ། ༈། ཐུབ་པའི་མཆོད་རྟེན་བརྒྱད་ནི། གྲང་ཁྱེར་སེར་སྐྱར་སྐུ་བལྟམས་པའི་དུས་བྱུང་བ། ཟླུམ་པོ་བང་རིམ་བཞིའམ་བདུན་ཅན་པདྨའི་འདབ་མ་ཅན་གྱི་མཆོད་རྟེན་དང་། རྒྱལ་པོའི་ཁབ་ཏུ་བྱང་ཆུབ་པར་བྱུང་བ། བྱང་ཆུབ་མཆོད་རྟེན་གྲུ་བཞི་བང་རིམ་བཞིའོ། ། ཝ་ར་ཎཱ་སིར་ཆོས་འཁོར་བསྐོར་ཚེ་བྱུང་བ་ཆོས་འཁོར་མཆོད་རྟེན་ནམ་ཡེ་ཤེས་མཆོད་རྟེན། གྲུ་བཞིའམ་ཟླུམ་པོ་བང་རིམ་བཞིའམ་བརྒྱད་པདྨ་དང་འཁོར་ལོས་སྤྲས་པའོ། །རྒྱལ་བྱེད་ཚལ་དུ་ཆོ་འཕྲུལ་བསྟན་དུས་བྱུང་བ་ཆོ་འཕྲུལ་མཆོད་རྟེན་ནམ། བདུད་འདུལ་མཆོད་རྟེན་གྲུ་བཞི་བང་རིམ་བཞི་གློ་འབུར་ལྡན་པའོ། ། དབྱར་གནས་དུས་ཡུམ་ལ་ཆོས་བསྟན་སྐབས་བྱུང་བ་ལྷ་ལས་བབ་པའི་མཆོད་རྟེན་བདུད་འདུལ་མཆོད་རྟེན་ལ་སྐས་བཙུགས་པ་འདྲ་བའོ། ། རྒྱལ་པོའི་ཁབ་ནས་སླར་འཛམ་གླིང་དུ་བབ་
(༧༦༨)ཏུ་ལྷས་སྦྱིན་གྱིས་དབྱེན་བྱས་པས་མཆོག་ཟུང་གིས་ཟླུམ་སྐབས་བྱུང་བ་གྲུ་བཞི་བང་རིམ་བཞི་པའི་ཟུར་མཉམ་པར་བཅད་པ་དབྱེན་ཟླུམ་མཆོད་རྟེན་ནོ། ། ཡང་པ་ཅན་དུ་སྐུ་ཚེ་བྱིན་བརླབས་མཛད་སྐབས་བྱུང་བ་རྣམ་རྒྱལ་བྱིན་བརླབས་མཆོད་རྟེན་དང་། རྩ་མཆོག་གྲོང་དུ་མྱ་ངན་འདའ་སྐབས་བྱུང་བ། བང་རིབ་མེད་པ་མྱང་འདས་མཆོད་རྟེན་དང་བརྒྱད་དོ། ༈། དེ་དག་གི་གཟུངས་གཞུགས་རིང་སྲེལ་བཞིའི། ཡུངས་འབྲུ་ལྟ་བུའི་རིང་སྲེལ་ནི་གདུང་རིང་སྲེལ་རྣམས་སོ། །སྐུ་གདུང་རིང་སྲེལ་ནི་གདུང་རུས་དང་བྱོན་རྟེན་སོགས། སྐུ་བལ་རིང་སྲེལ་ནི་དབུ་སྐྲ་སོགས་སོ་ཆོས་སྐུའི་རིང་སྲེལ་ནི་གཟུངས་སྔགས་རྣམས་སོ། །གསང་སྔགས་གསར་མ་ཁ་གཅིག་གིས། གསང་སྔགས་རྙིང་མ་རྣམས་ལ་སྔགས་ལོག་སུན་འབྱིན་ཟེར་བ་སོགས་བརྩམ་ནས་ཆོས་མ་ཡིན་སྐད་ཟེར་ཀྱང་། གཟུར་གནས་རྣམ་དཔྱོད་ལྡན་པས་རིག་པས་དཔྱད་ནའང་གསར་མའི་རྒྱུད་དང་ཕྱོགས་མི་མཐུན་པའི་ཆོས་ལོག་མེད་ཅིང་། གང་ཟག་ཁྱད་པར་འཕགས་འབྲི་གུང་དཔལ་འཛིན་གྱིས་རྙིང་མ་ལ་བརྒལ་བརྟགས་མང་པོ་མཛད་པས། ཚེ་དེར་མཐོང་ཆོས་མྱོང་གྱུར་གྱི་འབྲས་བུ་མངོན་སུམ་པ་གས་ཏེ་དམྱལ་བར་ལྷུང་བ་དང་། སློབ་དཔོན་པདྨ་དང་། བི་མ་ལ་བོད་དུ་ཕེབས་ནས་ད་ལྟའི་
(༧༦༩)བར་དུ་རྙིང་མའི་གྲུབ་ཐོབ་ཟམ་མ་ཆད་པ་ནམ་མཁའི་སྐར་འཚོགས་ལྟར་བྱོན་པས་མང་དུ་སྨྲ་མི་དགོས་སོ། ༈། ཡང་། བླུན་པོ་ཁ་ཅིག་གིས། གཏེར་ཆོས་ལ་བརྒྱུད་པ་མེད་ཟེར་བ་སོགས་ཀྱི་ལོགས་རྟོག་དུ་མ་སྨྲ་བ་དགག་པ། ༈། ཆུ་ཀླུང་རོལ་པའི་མདོ་ལས། ང་ཡི་བསྟན་པའི་ཆོས་ཀྱི་གཞུང་། །ཐུགས་ནས་ཐུགས་ཀྱི་གཏེར་དུ་སྦས། །ཡང་ན་ས་ཡི་སྙིང་པོར་བྱ། །ཅི་ཕྱིར་མུ་སྟེགས་ཅན་མགོ་རྒོད། །ངེས་དོན་ཀྲུགས་པར་གྱུར་ཏ་རེ༔དེ་ཕྱིར་ཆུ་ཀླུང་རྒྱུན་མི་གཅོད༔ཅེས་རཏྣ་གླིང་པས་རྩོགས་བཟློག་ཏུ་ལུང་དྲང་པ་ལྟར་རྒྱལ་བའི་བཀའ་ཐམས་ཅད་ལ་གཏེར་མར་གྱུར་པ་མེད་གསུངས་པ་གསར་མའི་ཕྱོགས་ལ། རྒྱལ་པོ་སྲོང་བཙན་སྒམ་པོ། མ་གཅིག་ལ་སྒྲོན། མར་ས་ལོ་ཙཱ། རས་ཆུང་རྡོར་གྲགས། དྭགས་པོ་ལྷ་རྗེ། གྲུབ་ཐོབ་གླིང་རས་རྣམས་ཀྱིས་ཟབ་ཆོས་གཏེར་དུ་སྦས་པ་རྣམས། ཇོ་བོ་ཨ་ཏི་ཤ་སོགས་ཀྱི་ཕྱིས་ཀྱི་གཏེར་སྟོན་དུ་མས་བཞེས་པ་ཡོད་ལ། རྒྱུད་ཡེ་ཤེས་གསང་བ་ལས། སུ་ཞིག་ཐུགས་ཀྱི་དཀྱིལ་འཁོར་དུ༔གཏེར་དང་ལྡན་ནོ་ཁྱད་པར་ཆེ༔ཞེས་དང་། མདོ་རྣམ་རོལ་ལས། འཇམ་དཔལ་འབྱུང་བ་ཆེན་པོ་བཞི་ནི་ནམ་མཁའི་གཏེར་ལས་བྱུང་ངོ་༔
(༧༧༠)དེ་བཞིན་དུ་ཆོས་ཐམས་ཅད་རྒྱལ་བའི་ཐུགས་གཏེར་ལས་བྱུང་བས་གཏེར་དོན་ལ་ལོངས་སྤྱོད་པར་ཤེས་པར་གྱིས་ཤིག། མདོ་རྣམ་འཕྲུལ་ལས། བདེ་གཤེགས་མཁྱེན་པའི་ཡོན་ཏན་གཏེར། །རིག་པའི་གནས་ཆེན་རྣམ་ལྔ་འཕྲོས༔ཅེས་དང་། དཔལ་མཆོག་ལས། རྒྱུད་དང་རྒྱུད་ཀྱི་རྒྱལ་པོ་གང་༔ཕྱག་ན་རྡོ་རྗེ་ཁྱོད་ཉིད་ཀྱིས། །གཏེར་ནས་གཏེར་དུ་བརྒྱུད་དེ་རྩལ། །ཞེས་གསུངས་སོ། ༈། དུས་གསུམ་མཁྱེན་པ་གུ་རུ་པདྨ་ཉིད་ཀྱིས་རྟ་མཆོག་རོལ་པའི་རྒྱུད་ཀྱི་ལོ་རྒྱུས་ལས་གསུངས་པ། མ་འོང་པའི་དུས་ན་རྟོག་གེ་ཐ་སྙད་མཁན་ཕལ་གྱིས། གཏེར་ཆོས་ལ་བརྒྱུད་པའི་བཀའ་བབ་ཀྱི་བྱིན་བརླབས་མེད་ཅེས་མུ་ཅོར་དུ་བྱེད་པ་འབྱུང་སྟེ༔དེ་ལྟར་མིན་ཏེ༔གཏེར་གྱི་ཆོས་ལ་བརྒྱུད་པའི་བྱིན་བརླབས་ཀྱི་བརྒྱུད་པ་བཞི་དང་ལྡན་ཏེ། རྒྱལ་བ་གོང་མས་བྱིན་བརླབས་ཀྱི་བརྒྱུད་འཛིན་ལ་དགོངས་པ་གཏད་ཅིང་བྱིན་རླབས་ཏེ༔བཀའ་རྟགས་ཀྱི་ཕྱག་རྒྱ་བཞག་པས་དགོངས་བརྒྱུད་དང་ལྡན༔བདག་པདྨས་ཀྱང་མ་འོང་པའི་ལས་ཅན་དེ་ལ་དགོངས་པ་སྒྲིབ་མེད་དུ་གཏད་ནས་གཏེར་བཞག་པ་ཡིན་པས་དགོངས་རྒྱུད་དང་ལྡན༔དེ་བཞིན་དུ་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་བརྡ་ལ་མ་བརྟན་པ་མེད་ཀྱི༔བདག་པདྨས་
(༧༧༡)གཏེར་དཔེ་བཞག་པའི་ཚིག་དེའི་དོན་རྟོགས་ནས་ཉམས་སུ་ལེན་པ་ཡིན་པས། སྙན་རྒྱུད་ལའང་ཚིག་ཁོ་ན་ཉམས་སུ་ལེན་པ་ལས་ཅི་ཡོད༔། ཆོས་ཀྱི་མཐའ་སྨོན་ལམ་གྱིས་སྡུད་ཅིང་དབང་བསྐུར་བའང་དོན་དུ་སྨོན་ལམ་ཡིན་ཏེ། འཕགས་པ་བདེན་པ་གྲུབ་པ་རྣམས་སྨོན་ལམ་གང་བཏབ་འགྲུབ་པའི་ཕྱིར༔བདག་པདྨས་ཀྱང་། ཕྱི་རབ་ལས་ཅན་གཅིག་དང་འཕྲད་པར་ཤོག༔། འཕྲད་ནས་ཉམས་སུ་ལེན་པར་ཤོག༔དེས་ཀྱང་གདུག། བྱ་མང་པོ་སྨིན་གྲོལ་ཤོག༔ཅེས་སྨོན་ལམ་མཐུ་དང་༔ཞལ་གདམས་ཐུགས་བཅུད་ཡི་གེར་བཏབ་ཅིང་། མཁྱེན་པ་གཉིས་ལྷན་གྱི་ལུང་ལ་བསྟན་ནས༔ལུང་མཐུན་གྱི་སྐྱེས་བུའི་ལག་ཏུ་བབ༔བབ་པ་དེ་ཡི་གེའི་རིས་ལྟར་གོ་ཞིང་ཉམས་སུ་བླངས་པས་རྟོགས་ནས་རང་གཞན་གཉིས་ཀའི་དོན་འབྱུང་བ་དེ་ནི་སྙན་རྒྱུད་ཀྱི་དོན་ཀྱང་དེ་གའོ༔དཔེར་ན་སྔར་གྱི་ཕ་མས་ཀྱི་བཀའ་རྟགས་རྒྱལ་བུ་ཡང་ཚའི་ལག་ཏུ་བབ་པའི་ཚེ༔། ཕྱིས་དེར་གང་འདུག་བཞིན་གྱི་བྱ་བ་སྒྲུབ་ཚེ༔མེས་ཀྱི་རང་བཞིན་ལྟར་བྱ་བ་ཐམས་ཅད་འགྲུབ་མོད༔མཁའ་འགྲོ་གཏེར་རྒྱ་བརྒྱུད་པ་ནི། གྲུབ་པ་ཐོབ་པའི་རྣལ་འབྱོར་པས་ཌཱཀྐི་ཆོས་སྐྱོང་བྲན་དུ་ཁོལ་ཞིང་
(༧༧༢)ཇི་ལྟར་བསྒོ་བ་ཉན་པས༔། བདག་པདྨས་ཀྱང་མཁའ་འགྲོ་ཆོས་སྐྱོང་དབང་བསྡུས་ཤིང་༔། དང་པོ་བཀའ་གཉེར་གཏད་ཅིང་། ཕྱི་རབ་ཀྱི་སྐྱེས་བུ་ལས༔ཡུལ་འདིར། རིགས་རུས་ལོ་ལུས་ཀྱི་རྟགས་འདི་དང་ལྡན་པར། ཆོ་འབྲང་གིས་མཐོང་བའི་ཆེ་གེ་མོ་འདི་ཞེས་ལག་ཏུ་གཏོད་ལ༔ཁྱོད་ཀྱིས་དེའི་གྲོགས་ཀྱིས་ལ་བསྟན་པ་སྲུངས་ཤིག༔ཅེས་བསྒོམ་པས། དེ་རྣམས་དམ་ལ་གནས་ཤིང་དེ་བཞིན་དུ་བསྒྲུབ༔བསླུ་མེད་དུ་ཁྱད་པར་བཀའ་གསང་གཉེན་པོས་བྱིན་རླབས་པར་འགྱུར་བས༔མཁའ་འགྲོ་གཏེར་རྒྱ་བརྒྱུད་པ་དང་ལྡན་ཅིང་༔མདོར་ན་པདྨ་དང་། ལས་ཅན་དེའི་བར་ན་བརྒྱུད་པ་གཞན་མ་བཅུག་སྟེ། མཁའ་འགྲོ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཡོད་པས། བཀའ་གསང་གཉེན་པོའི་བྱིན་རླབས་ཀྱི་དྲོད་མ་ཡལ་བ་ཉིད་དོ༔དེས་ན་ཕྱི་རབས་གཏེར་ཆོས་ལ་ཞུགས་པའི་བརྒྱུད་པ་འདི་རྣམས་ལ་བར་མ་ཞུགས་ཤིང་། བསྲེ་བསླད་མ་སོང་བར༔ལས་ཅན་སྨོན་ལམ་ལུང་བསྟན་དང་ལྡན་པ་རྣམས་སུ་བརྒྱུད་པ་གལ་ཆེ་ཞིང་༔སྨོན་ལམ་མ་དག་པའི་བདུད་ཀྱི་ཤེས་པ་བསྒྱུར་བའི་སློབ་དཔོན་ལ་བརྒྱུད་ན། ལོག་པའི་བྱིན་རླབས་ཞུགས་ནས་རང་གཞན་ཕུང་བའི་ཉེས་ཆེ་བས་གཟབ་པ་གལ་ཆེའོ༔
(༧༧༣)ཞེས་གསུངས་པ་ཤེས་པར་བྱའོ༔༈གཏེར་མ་ལ་དགོངས་པའི་རྩལ་བདུན་ཞེས་པ༔བྲི་གཞི༔བྲི་བྱེད༔གཏེར་སྣོད། གཏེར་གནས། གཏེར་སྲུང་། ཆོས་བདག། བརྒྱུད་འཛིན་དང་བདུན་ལ་དགོངས་པའོ། ༈། དེ་ལྟར་ལམ་ཐམས་ཅད་རྩ་བ། སོར་བྱང་སྔགས་གསུན་པོ་དེ་གང་ཟག་གཅིག་གི་རྒྱུད་ལ་ལྡན་པ་ན། སྡོམ་གསུམ་འདོད་ཚུལ་ལ་འཕགས་ཡུལ་དུ་མི་འདྲ་བ་དྲུག་ཡོད་དེ། དབང་གི་ལྡེ་མིག་ལས། རྟེན་ཅན་ཉིད་དུ་འདོད་པ་དང་། །འཕེལ་ཞིང་དག་པར་ལྟ་བ་དང་། །ཕྱི་ནང་གསང་བར་འཛིན་པ་དང་། །ཡར་ལྡན་རིམ་པ་ཅན་འདོད་དང་། །མ་འདྲེས་ཡོངས་སུ་རྫོགས་པ་སྟེ། གང་འོག། །ཞེས་གསུངས། དེ་དག་ལས། གོང་མས། འོག་མ། ཆོས་རྗེ་ས་སྐྱ། གཅིག་ཉིད་ལ། སས་རིམ་ཅན་བཞེད། གོང་མ་ལ་འོག་མ། གནས་འགྱུར། དཔལ་རི་བོ། སོ་སོར། དགེ་ལྡན་པས་རྟེན་ཅན་བཞེད། རྗེ་དྭགས་པོའི་གསུང་འབུམ་ལས། སྡོམ་གསུམ་ངོ་བོ་ཐ་དད། བསྲུང་ན་འཆོལ་བར་བསྲུང་། འདམ་ཐུགས་ན་གོང་མ་གཙོ། ཡོན་ཏན་ཡར་ལྷན་ཡིན། གཏོང་ཐོབ་ཐ་དད། ཅེས་གསུངས། ༈རྗེ་། མངའ་རི་པཎ་ཆེན་གྱི། སྡོམ་
(༧༧༤)གསུམ་རྣ་ངེས་ལས། དེ་ལྟེའི་སྡོམ་གསུམ་གང་ཟག་རྒྱུད་གཅིག་ལ། །རང་ལྡོག་མ་འདྲེས་སམ་དགག་དགོས་ཡོངས་སུ་རྫོགས། །ངོ་བོ་གནས་འགྱུར་ཡོན་ཏན་ཡར་ལྡན་པས། །གནད་ཀྱིས་མི་འགལ་དུས་སྐབས་གང་གཙོ་སྤྱད། །ཅེས་གསུངས། དེའང་། ༈། སྡོམ་གསུམ་དེ་གང་ཟག། གཅིག་གི་རྒྱུད་ལ་གནས་པའི། རང་རང་གི་ལྡོག་ཆ་མ་འདྲེས་པའམ། ངོ་བོ་གཅིག་ཏུ་གནས་པ་མ་ཡིན་པ་ཐ་དད་པ་སྟེ། དེའང་། ༈དང་པོ་གང་ནས་བྱུང་བའི་ཐེག་ཆུང་ཐེག་ཆེན་སྔགས་ཀྱི་ཐེག་པ་གསུམ་མི་གཅིག་པ་དང་། ༈། སྡེ་སྣོད་ཉན་ཐོས་ཀྱི་སྡེ་སྣོད་དང་། ཐེག་ཆེན་གྱིས་སྡེ་སྣོད་དང་། རིག་འཛིན་སྔགས་ཀྱི་སྡེ་སྣོད་མི་གཅིག་པ་དང་། ༈། ལེན་པའི་ཡུལ་མི་གཅིག་ཏེ། སོ་ཐར་ནི་མཁན་སློབ་དགེ་འདུན་སོགས་ལས་ལེན། བྱང་སྡོམ་བླ་མ་དང་སངས་རྒྱས་བྱང་སེམས་ལས་ལེན། དངོས་དང་ཡིད་ཀྱིས་བསམ་པ། སྔགས་སྡོམ་བླ་མ་རྡོ་རྗེ་སློབ་དཔོན་དང་དཀྱིལ་འཁོར་ལས་ལེན་དགོས། ༈། ལེན་བྱེད་ཀྱི་ཆོ་ག་མི་གཅིག་སྟེ། སོར་སྡོམ་ཀརྨ་ཤ་ཏམ་སོགས་ཀྱི་ཆོ་ག་ལས་ཐོབ། བྱང་སྡོམ་ནི། བོད་ཀྱིས་སེམས་ཙམ་དང་། དབུ་མའི་ཆོ་ག་ཟེར་ཡང་། དེ་གཉིས་ཆོ་ག་རྒྱས་
(༧༧༥)བསྡུས་ཀྱི་ཁྱད་པར་ལས་དབུ་སེམས་ཀྱི་ལྟ་བའི་ཁྱད་པར་མིན་པ། རྒྱ་ཆེན་སྤྱོད་རྒྱུད་དང་། ཟབ་མོ་ལྟ་རྒྱུད་ཀྱི་ཆོ་ག་ལས་ཐོབ། སྔགས་སྡོམ་ནི་དབང་ལས་ཐོབ། ༈། ཐོབ་པའི་དུས་མི་གཅིག་སྟེ་རིམ་པ་བཞིན་ཐོབ་དགོས། ༈གནས་པའི་དུས་མི་གཅིག་སྟེ་སོར་སྡོམ་ཇི་སྲིད་འཚོའི་བར་གནས། བྱང་སྡོམ་སྔགས་སྡོམ་བྱང་ཆུབ་ཐོབ་པར་དུ་གནས། ༈གཏོང་བའི་དུས་མི་གཅིག་སྟེ། སོར་སྡོམ་རྩ་བཞི་ཤོར་ན་གཏོང་བར་བཤད། བྱང་སྡོམ་ལུས་ངག་གི་མི་དགེ་བདུན་སེམས་ཅན་གྱི་དོན་དུ་འགྱུར་ན་དགེ་བ་ཡིན་ཕྱིར་གནང་ཤིང་། ཡིད་ཀྱི་མི་དགེ་གསུམ་སྤང་དགོས་པར་གསུངས། གསང་སྔགས་པ་ནི་ལོག་པར་ལྟ་བ་མ་གཏོགས་དགེ་བར་འགྱུར་ཚེ་གནང་སྐབས་ཡོད་ལ། ལོག་ལྟ་ནི་དགེ་བར་འགྱུར་སྐབས་མེད་པས་ནམ་ཡང་གནང་བའི་སྐབས་མེད་པ་གསུངས་སོ། ༈། རྟེན་ཐ་དད་དེ། སོར་སྡོམ་ནི། གླིང་གསུམ་གྱི་སྐྱེས་པ་བུད་མེད་ལས་འགྲོ་བ་གཞན་ལ་མི་སྐྱེ་བར་བཤད་ལ། བྱང་སྡོམ་སྔགས་སྡོམ་གཉིས་ནི། མ་ནིང་དང་མཚན་གཉིས། སྒྲ་མི་སྙན་ལྷ་ཀླུ་ལ་སོགས་མི་ཁམས་པའི་གནས་བརྒྱད་སྤང་བ་ཐམས་ཅད་ལ་
(༧༧༦)སྐྱེ་བ་བཤད། ༈བསམ་པ་དང་སེམས་བསྐྱེད་མི་གཅིག་སྟེ། སོར་སྡོམ་ནི་རང་ཉིད་འཁོར་བ་ལས་ཐར་འདོད་དང་། དམན་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན། བྱང་སྡོམ་ནི་མཁའ་མཉམ་འགྲོ་བ་ཐམས་ཅད་འཁོར་བ་ལས་ཐར་ཅིང་ཐེག་དམན་དུ་སེམས་མི་བསྐྱེད་པ། ཐེག་ཆེན་བྱང་སེམས་ཆེན་པོར་སེམས་བསྐྱེད་པ་དང་། སྔགས་སྡོམ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་གཅིག་ཆར་དུ་བསྒྲུབ་པ་ཡིན་པར་བསམ་པ་དང་། རྡོ་རྗེའི་སེམས་བསྐྱེད་པ་ཡིན་པའོ། ༈། གཙོ་བོར་སྟོན་ཚུལ་མི་གཅིག་སྟེ། སོར་སྡོམ་དགེ་སྡིག་གཙོར་སྟོན། བྱང་སྡོམ་སྙིང་རྗེ་གཙོར་སྟོན། སྔགས་སྡོམ་སྐུ་གསུང་ཐུགས་མི་ཕྱེད་པ་གཙོར་སྟོན། ༈། སྐྱེ་བའི་རྟེན་མི་གཅིག་སྟེ། སོར་སྡོམ་མྱང་འདས་བསམ་པ་བརྟན་པས་སྐྱེས། བྱང་སྡོམ་ལྷག་བསམ་བཟང་པོ་ལས་སྐྱེ། སྔགས་སྡོམ་རྡོ་རྗེ་བྱང་ཆུབ་ལས་སྐྱེས། ༈བརྗེད་ཚུལ་མི་གཅིག་སྟེ། སོར་སྡོམ་གྱིས་ཁ་མ་ཐོ་བ་བཅས་རང་གཉིས་སུ་བརྗོད། བྱང་སྡོམ་བཅས་རང་གཉིས་ཀ་རང་བཞིན་ཁ་ན་མ་ཐོ་བ་འབའ་ཞིག་བརྗོད། སྔགས་སྡོམ་གཉིས་ཀའི་ཐ་སྙད་མེད་དོ། ༈། རྫས་རྟགས་ཀྱི་ཁྱད་པར་མི་གཅིག་སྟེ། སོར་སྡོམ་རྫས་ཡོད་འདོད། བྱང་
(༧༧༧)སྡོམ་བརྟག་ཡོད་འདོད། སྔགས་སྡོམ་ལ་རྫས་བརྟགས་གཉིས་ཀའི་ཐ་སྙད་མ་གསུངས་སོ། ༈། བར་ཆད་ཡོད་མེད་མི་མཚུངས་གཅིག་སྟེ། སོར་སྡོམ་ལ་བར་མང་ངོ། །བྱང་སྡོམ་ལ་བར་ཆད་ཉུང་། སྔགས་སྡོམ་ལ་བར་ཆད་མེད་དོ། ༈། ཕྱིས་བླངས་སྐབས་ཡོད་མེད་ཁྱད་པར་ཡོད་དེ། སོར་སྡོམ་ཕམ་པ་བྱུང་ནས་ཕྱིས་བླངས་སྐབས་མེད། བྱང་སྡོམ་ལ་ཕམ་པ་བྱུང་ཡང་ཕྱིས་བླངས་སྐབས་ཡོད། སྔགས་སྡོམ་རྡོ་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་ཉམས་པ་མེད། ༈བླངས་དོར་བྱ་ཚུལ་མི་གཅིག་སྟེ། སོར་སྡོམ་གཞན་གནོད་ལས་ལྡོག། བྱང་སྡོམ་གྱིས་དེ་སྟེང་གཞན་ཕན་འདོགས། སྔགས་སྡོམ་ལ་དེ་སོར་བྱང་གཉིས་ཀྱི་སྟེང་དུ་རང་ཉིད་སངས་རྒྱས་ཀྱི་སྤྱོད་པ་ཉམས་སུ་ལེན་པའོ། ༈། ཡང་རྗེས་སུ་སློབ་ཚུལ་གཅིག་མི་སྟེ། སོར་སྡོམ་ཉན་ཐོས་དགྲ་བཅོམ་གྱི་རྗེས་སུ་སློབ། །བྱང་སྡོམ་བྱང་སེམས་ཀྱི་རྗེས་སུ་སློབ། སྔགས་སྡོམ་སངས་རྒྱས་རྣམས་ཀྱི་རྗེས་སུ་སློབ་པའོ། ༈། དོན་བྱེད་ཚུལ་མི་གཅིག་སྟེ། སོར་སྡོམ་རང་དོན་འབའ་ཞིག། བྱང་སྡོམ་གཞན་དོན་འབའ་ཞིག། སྔགས་སྡོམ་གཉི་གའི་དོན་འབའ་ཞིག་གོ༈། ། བསམ་པའི་མི་
(༧༧༨)གཅིག་སྟེ། སོར་སྡོམ་ཇི་སྲིད་འཚོའི་བར་དང་། བྱང་སྡོམ་བྱང་ཆུབ་བར་དང་། སྔགས་སྡོམ་ནམ་མཁའ་ཇི་སྲིད་བར་ལེན་པའོ། ༈། འབྲས་བུ་དམིགས་ཕྱོགས་མི་གཅིག་སྟེ། སོར་སྡོམ་ཉན་རང་གི་ཞི་བ་ཙམ་དང་། བྱང་སྡོམ་འབྲས་བུ་ས་བཅུ་གཅིག། སྔགས་སྡོམ་ལ་བཅུ་གཉིས་སོགས་གསུངས་སོ། ༈། སྡོམ་གསུམ་ངོ་བོ་མི་གཅིག་སྟེ། སོར་སྡོམ་ནི། སེམས་བྱུང་ཡུལ་ལྔ་དང་། དབང་པོ་ལྔ་དང་བཅུ་སྟེ་རྣམ་པ་རིག་བྱེད་མིན་གཟུགས་སུ་འདོད་ལ། བྱང་སྡོམ་ངོ་བོ་ནི། སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་ཅེས་བཤད། །ཅེས་སེམས་ཀྱི་ཁྱད་པར་ལ་འདོད། སྔགས་སྡོམ་གྱི་ངོ་བོ་ནི། ལྷན་གཅིག་སྐྱེས་པའི་ཡེ་ཤེས་ལ་འདོད་པའོ། །དེའི་ཕྱིར་སྡོམ་གསུམ་ངོ་བོ་ཐ་དད་ཡིན་ཏེ། རྒྱུད་འབུམ་ཕྲག་ལྔ་པ་ལས། རྡོ་ཡི་རིགས་ཀྱི་བྱེ་བྲག་གིས། བཞུས་པས་གསེར་དངུལ་ཟངས་ལྕགས་འགྱུར། དེ་ལྟར་སྡོམ་གསུམ་ངོ་བོ་ཐ་དད་ཀྱང་། གནས་སྐབས་སུ་ཆུ་དང་འོ་མ་འདྲེས་པ་ལྟར་སེམས་རྒྱུད་གཅིག་ལ་འདྲེས་པའི་ཚུལ་དུ་ཡོད་ཚེ་ངང་པས་ཆུ་དང་འོ་མ་ཕྱེ་བ་ལྟར། སོར་སྡོམ་ཕུལ་ན་ཡང་། སྡོམ་པ་གོང་མ་གཉིས་མ་ཉམས་པར་གནས་
(༧༧༩)པའང་ཡོད། ༈ཡང་སྡོམ་གསུམ་ངོ་བོ་ཐ་དད་དེ་གནས་འགྱུར་དུའང་བཞེད་དེ། ཉན་ཐོས་ཀྱི་སོ་ཐར་ཐོབ་པ་དེ། བྱང་སྡོམ་ཅན་གྱི་རྒྱུད་དུ་གནས་ཚེ། སོར་སྡོམ་དེའང་བྱང་སྡོམ་དུ་གནས་འགྱུར་བ་དང་། སོ་བྱང་གཉིས་ཀྱི་སྡོམ་ལྡན་དེ། སྔགས་སུ་ཞུགས་ཚེ་ནི། སོར་བྱང་གཉིས་ཀྱང་སྔགས་སྡོམ་དུ་གནས་འགྱུར་ཏེ། དེ་ལྟར་ཡང་། རྒྱུད་འབུམ་ལྔར། རྡོ་ཡི་རིགས་ཀྱི་བྱེ་བྲག་གིས། །བཞུས་པས་གསེར་དངུལ་ཟངས་ལྕགས་འབྱུང་། །གསེར་འགྱུར་རྩི་ཡི་རང་བཞིན་གྱིས། །ཐམས་ཅད་གསེར་དུ་འགྱུར་བ་བཞིན། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིགས་འཛིན་སྔགས་ཀྱི་སྡོམ་པའོ། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ནས། །རིགས་པ་འཛིན་པ་ཞེས་བྱའོ། །ཞེས་སྡོམ་གསུམ་འོག་མ་གོང་མར་གནས་འགྱུར་ཏེ། ལྕགས་ཟངས་ལ་གསེར་འགྱུར་གྱི་རྩིས་ཐེབ་པ་བཞིན་ནོ། ༈། སྡོམ་གསུམ་དགག་བྱ་དང་དགོས་པ་གནད་གཅིག་པ་ནི། སྡོམ་པ་གསུམ་ཀ་དགག་བྱ་ཉོན་མོངས་པ་སྤངས་བར་བྱེད། དགོས་པ་ཉོན་མོངས་པས་མི་འཆིང་བའི་ཐབས་སུ་གནད་གཅིག་པའོ། །དེའང་། སོ་ཐར་གྱིས་ཉོན་མོངས་སྤང་བ་དང་། བྱང་སེམས་ཀྱིས་ཉོན་མོངས་
(༧༨༠)གཉེན་པོར་བསྒྱུར་བ་དང་། སྔགས་ཉོན་མོངས་ལམ་དུ་བྱེད་པས། ཉོན་མོངས་སྤོང་བྱེད་ཀྱི་ཐབས་སོ་སོ་ཡིན་ཀྱང་། སོར་བྱང་སྔགས་གསུམ་ཀས་ཉོན་མོངས་རང་མཚན་པ་སྤོ་བར་བྱེད་པས་གནད་གཅིག་གོ། ༈། སྡོམ་པ་གསུམ་པོ་དེ་བསྲུང་ན་འཚོལ་བར་བསྲུང་དགོས་ཏེ། སྡོམ་གསུམ་རང་རང་གི་གཞུང་ལས་ཇི་ལྟར་གསུངས་པ་བཞིན་བསྲུང་བའོ། ༈། འདོམ་ཐུག་བྱུང་ན་གང་གཙོ་ཆེ་བ་དེ་སྲུང་སྟེ། གཞན་དོན་དུ་སྙིང་རྗེས་སྲོག་གཅོད་པ་དང་། མ་བྱིན་ལེན་པ་དང་། མི་ཚང་སྤྱོད་པ་དང་། རྫུན་ལ་སོགས་པ་དགོས་པ། དེ་དག་ལ་སྤྱད་ན་བྱང་སྡོམ་དང་སྔགས་སྡོམ་འཆོར་ལ། སྤྱད་ན་སོ་ཐར་འཆོར་བ་ལྟ་བུ་སྡོམ་གསུམ་དེ་འདོམ་ཐུག་བྱུང་ན་གོང་མ་དེ་གཙོ་ཆེ་བ་འདོམ་ཤེས་པར་བྱའོ། ༈། ཡོན་ཏན་ཡར་ལྡན་ཡིན་གསུངས་ཏེ་སྡོམ་པ་གོང་མ་སྔགས་སྡོམ་མ་ཉམ།། །པར་བྱས་པའི་ཚེ། འོག་མ་སོ་ཐར་གྱི་ཕམ་པ་བྱུང་བ་འདྲ་ལ་ཉེས་པ་མེད་པ། དཔེར་ན་གསེར་འགྱུར་གྱི་རྩི་ལེགས་པས་ལྕགས་གསེར་དུ་བསྒྱུར་ཚེ་ལྕགས་ཀྱི་ངོ་བོ་མི་སྣང་ཡང་། ལྕགས་དེ་གསེར་གྱི་ངོ་བོར་གནས་གྱུར་པ་ལྟར་ཡོན་ཏན་ཡར་ལྡན་ནོ། །ཡང་། གལ་ཏེ། གོང་མ་སྔགས་སྡོམ་ཚུལ་བཞིན་དུ་ལྡན་པ་མི་བསྲུང་བར་འོག་མ་ཉན་ཐོས་ཀྱི་བསྡོམ་པ་མི་བསྲུང་བར།
(༧༨༡)བྱང་སྡོམ་མམ་སྔགས་སྡོམ་ལ་ཁ་གཡར་བས་མི་ཚང་སྤྱོད་པ་སོགས་ནི། ལྕགས་ལ་གསེར་འགྱུར་གྱི་རྩི་ལེགས་པར་མ་ཐེབ་པར་བཟོ་ཉེས་པས། ལྕགས་གསེར་དུ་འགྱུར་བ་ལྟ་ཞོག། ལྕགས་ཉིད་ཀྱང་སོལ་བ་ལ་འགྱུར་བ་ལྟར་སྡོམ་པ་གསུམ་ཀ་དུས་གཅིག་ལ་ཤོར་ཡིན་པ་ཤེས་པར་བྱའོ། ༈། ཕྱིར་འཆོས་ན་གྲུབ་མཐའ་བཞིན་དུ་འཆོས་ཏེ། སྡོམ་གསུམ་རང་རང་གི། སྡེ་སྣོད་ལས་གསུངས་པ་བཞིན་རང་རང་གི་ཉེས་པ་བཤགས་དགོས་ན་བཤགས། བསྐྱར་དགོས་ན་བསྐྱར། དེའང་སྡོམ་གསུམ་དང་འགལ་བ་དང་། ཆོས་ཐམས་ཅད་སྒྱུ་མ་ལྟར་རྟོགས་པ་ནི་བཤགས་པ་ལ་ཚེགས་མེད་དེ། དེ་ལྟར་ཡང་། བཤགས་བྱ་བཤགས་བྱེད་བཤགས་པ་རྣམས། གང་ཚེ་རྣལ་འབྱོར་པས་མ་མཐོང་རང་ཉིད་དག་པ་ཡོངས་སུ་མཐོང་། དེ་ནི་བཤགས་པའི་དམ་པའོ། །ཞེས་གསུངས། ༈། སྡོམ་གསུམ་མི་དགེ་བཅུ་སྤང་ཚུལ་གནང་བཀག་མི་འདྲ་ཡང་གནད་གཅིག་པས་མི་འགལ་བ་བསྟན་པ་ནི། སོར་སྡོམ་ལ་ལུས་ངག་གི་སྤང་བདུན་གཙོ་བོར་བཀག་པས་ཡིད་ཀྱི་རྣམ་གསུམ་ཆེད་དུ་མ་བཀག་ཀྱང་ཤུགས་ཀྱིས་སྤང་བར་འགྱུར་
(༧༨༢)བ་དང་། བྱང་སྡོམ་ལ་ལུས་ངག་གི་སྤང་བདུན་གཞན་དོན་དུ་འགྱུར་སྐབ་ཡོད་ན་གནང་ཡང་། ཡིད་ཀྱི་རྣམ་གསུམ་བཀག་པས། སྙིང་རྗེ་བྱང་སེམས་ཀྱིས་ཟིན་ཅིང་གཞན་དོན་དུ་འགྱུར་བའི་ལུས་ངག་གི་སྤང་བདུན་མི་དགེ་བ་མ་ཡིན་པས་གནང་ཡང་། དེ་ལྟར་མ་ཡིན་པ་རྒྱུ་དུག་གསུམ་གྱིས་བསྐྱེད་པའི་སྤང་བདུན་མི་དགེ་ཡིན་པས་བཀག་པར་ཤེས་པར་བྱའོ། །སྔགས་སྡོམ་ལ་ལོག་ལྟ་ཁོ་ན་བཀག་ལ། གཞན་དགུ་གནས་པའི་སྐབས་བཤད་ཀྱང་། ལོག་ལྟ་སྤང་བ་ནི་སྒོ་གསུམ་ལྷ་སྔགས་ཡེ་ཤེས་ཀྱི་རྩིས་ཐེབ་སྟེ་སྣོད་བཅུད་ཐ་མལ་དུ་སྐད་ཅིག་ཙམ་མ་ཤོར་བ་ཡིན་པ་དེ་ལྟ་བུས་ངང་ནས་དགུ་པོ་ཐབས་ལམ་དུ་གྱུར་པའམ། གཞན་དོན་དུ་འགྱུར་ན་གནང་བ་དགེ་བ་ཡིན་གྱིས། དེ་ལྟར་མ་ཡིན་པ། དུག་གསུམ་རང་རྒྱུད་པ་སྤྱོད་པའི་མི་དགེ་བཅུ་ནི་སྔགས་ཀྱི་སྐབས་སུའང་ནམ་ཡང་གནང་བའི་སྐབས་མེད་པས། དེས་ན་སྡོམ་གསུམ་གནང་བཀག་མི་འདྲ་བ་ལྟར་གསུངས་ཀྱང་། མི་དགེར་འགྱུར་ན་ནམ་ཡང་བཀག་ལ། དགེ་བར་འགྱུར་ཚེ་ནམ་ཡང་གནང་བས་མི་འགལ་ལོ། །དེའི་ཕྱིར། མགོན་པོ་འབྲི་གུང་པས། གནང་བ་ཡེ་གནང་བཀག་པ་ཡེ་བཀག་
(༧༨༣)ཅེས་གསུངས་པའོ། །མཆན། ༈དུས་སྐབས་མི་འགལ་བར་གཙོ་བོར་སྤྱོད་ཚུལ་ནི་རྣམ་པ་དྲུག་སྟེ། དུས་མི་འགལ་བ་ནི། ཉིན་མོ་སོ་ཐར་དང་མི་འགལ། མཚན་མོ་གསང་སྔགས་དང་མི་འགལ་ལ། མཉམས་ཀར་བྱང་ཆུབ་སེམས་དཔའི་སྡོམ་པ་དང་མི་འགལ་བར་བྱའོ། །གནས་མི་འགལ་བ་ནི། གྲོང་དུ་སོ་ཐར་དང་མི་འགལ། དགོན་དང་དབེན་པར་སྔགས་སྡོམ་དང་མི་འགལ། གཉིས་ཀར་བྱང་སྡོམ་དང་མི་འགལ་བར་བྱའོ། །གྲོགས་དང་མི་འགལ་བར་བྱ་བ་ནི། ཉན་ཐོས་ནང་དུ་སོ་ཐར་དང་མི་འགལ་ཐེག་ཆེན་རིགས་ཅན་ནང་དུ་བྱང་སྡོམ་དང་མི་འགལ། རྒྱུད་སྨིན་གྲོལ་ལྡན་པའི་ནང་དུ་སྔགས་སྡོམ་དང་མི་འགལ་བར་བྱའོ། །རྐྱེན་མི་འགལ་བ་ནི་ན་བ་དང་སྲོག་གི་ཆེད་དུ་འགྲོ་བ་དང་། ལམ་གོང་མའི་བར་ཆད་དུ་འགྲོ་ན་དེ་མི་བྱ་སྟེ་མ་བསྲུང་ཀྱང་འགལ་བ་མེད་དོ། །བསམ་པ་མི་འགལ་ནི། གཞན་དོན་དུ་འགྱུར་ན་དང་། ལམ་གོང་མ་རང་རྒྱུད་ལ་བསྟེན་ནས་སྲོག་བཅད་སོགས་བྱས་ཀྱང་མི་འགལ་ལོ། །གང་ཟག་གི་གནས་མི་འགལ་བ་ནི། བསད་པ་གསོ་ནུས། རིག་
(༧༨༤)མ་འགུག་ནུས། དངོས་པོ་རྦད་ནུས་པས་དེ་ལྟར་བྱས་ཀྱང་འགལ་བ་མེད་དོ། ༈། དེ་ལྟར་བསླབ་པ་གསུམ་པོ་དེ་དག་ཀྱང་། འོ་མ་ཐུག་བྱུང་དུས། ཤེས་རབ་ཀྱིས་སྲང་ལ་དབབ། དགག་དགོས་ཀྱི་ཡང་ལྗིད་བསྡུར། དགག་བྱ་ཆེ་ཤོས་སྤང་བའི་དོན་དུ་ཆུང་ཤོས་གནང་། ཆུང་ཤོས་ཆེད་དུ་ཆེ་མི་སྤང་། དུས་ཚོད་གཙོ་ཆེར་ཤེས་པར་བྱའོ། ༈། དེ་ལྟ་བུའི་ལམ་རིམ་དེ་དག་ཀྱང་གཞི་བདེ་གཤེགས་སྙིང་པོའི་རང་འོད་ཀྱིས་དྲི་མ་དག་རིམ་དུ་ཇེ་གསལ་དུ་འགྲོ་བ་ཡིན་གྱི། ཀུན་གཞིའི་རྣམ་ཤེས་ལས་བྱུང་བའམ་རྒྱུ་མེད་པ་ལས་བྱུང་བ་ནི་མ་ཡིན་ནོ། །དེ་དག་གིས་མདོ་སྔགས་ལམ་གྱི་རིམ་པ་ཀུན་བཤད་ཟིན་ཏོ། །ང་ནི་ལམ་དེ་དག་རྣམས་ཀྱི་མཐུགས་སྒྲིབ་པ་མཐའ་དག་བྲལ་བའི་འབྲས་བུ་སངས་རྒྱས་ཀྱི་ས་དང་། སེམས་དག་པའི་ཚུལ་དང་། ཡེ་ཤེས་ཀྱི་ལུས་རྫོགས་ཚུལ་དང་སྐུ་དང་ཡེ་ཤེས་ཡོན་ཏན་ཕྲིན་ལས་བཅས་བཤད་པ་ནི། དང་པོ་སངས་རྒྱས་ཀྱི་སའི་དབྱེ་བ་ནི། བདག་གི་བླ་མ་དམ་པ་མཁས་གྲུབ་འཇམ་དབྱངས་རྣམ་རྒྱལ་གྱིས། དཔལ་ལྡན་རྒྱལ་བའི་དབང་པོ་ལ་ཕུལ་བའི་ལམ་རིམ་ལས། བསྐང་བཤགས་ཀྱི་མར་མེ་སྨོན་ལམ་ལས་བྱུང་བའི་སངས་རྒྱས་ཀྱི་ས་ཡི་རྣམ་བཞག་ནི། སྦྱོར་ལམ་
(༧༨༥)ས་བཅུའི་ཁྱད་པར་རིམ་གྱིས་བགྲོད་པའི་ཚེ༔ཞེས་དེས་མཐོང་ལམ་ཐོབ་པས་མཐོང་སྤང་དངོས་སུ་བྱང་། བསྒོམ་སྤང་རྒྱུད་ནས་སྤང་པས་ཉོན་མོངས་བག་ཆགས་མ་ལུས་དེར་བྱང་ནས༔ཅེས་དང་། དེ་ཚེ་ས་བཅུ་ནི། སྒྱུ་མ་ལྟ་བུའི་སྙིང་རྗེས་གཞན་དོན་འབའ་ཞིག་ལ་ཐོག་མེད་ཀྱི་བརྩོན་འགྲུས་ཀྱི་མཐར་ཕྱིན་པས་མི་སློབ་པའི་ལམ་ལ་ཞུགས་པའི་འཕགས་པའི་ཕྲིན་ལས་དང་རོ་མཉམ་པས་མདུན་པ་དང་། སྔ་མའི་ཚོགས་ལམ་ནས་སློབ་པའི་སེམས་དཔའ་ཀུན་གྱི་ཡོན་ཏན་ཡར་ལྡན་དུ་མངའ་བས་ནི་མཐའ་སྐྱོངས། ལམ་གྱི་གེག་སྤང་བྱ་ཐམས་ཅད་ཟད་པས་ལས་དབང་དག་པའི་ཁྲོ་བོ་དང་ཁྲོ་མོའི་ཕྲིན་ལས་རྫོགས་ཕྱིར་རྒྱབ་བསྟན་ཅེས། དཀྱིལ་འཁོར་འཁོར་ལོ་འགྲུབ་པའང་ཤུགས་ཀྱིས་བསྟན་པ་ལས། སྐད་ཅིག་གཅིག་གིས་ས་བཅུ་རྫོགས་པའི་སངས་རྒྱས་འཕགས་པ་ཕྱིར་མི་ལྡོག་པའི་འབྲས་བུའི་དངོས་གྲུབ་ཐོབ་པ་ན། སངས་རྒྱས་དེའི་ཡེ་ཤེས་སམ་ཡོན་ཏན་གྱི་བྱེ་བྲག་ཀུན་ཏུ་འོད་ཀྱིས་སངས་རྒྱས་སྔ་མ་ཐམས་ཅད་ཀྱིས་འོད་ཟེར་ཆེན་པོའི་དབང་བསྐུར་ནས་སྔར་ཡིད་དམ་དུ་མཛད་པའི་རྒྱལ་བ་དེ་དག་དང་དབྱིངས་དང་མཛད་པ་རོ་གཅིག་པས་ཤུལ་མཚོན་ཏེ་ཕྲིན་ལས་ལྷན་གཅིག་ཏུ་འཇུག་པ་ན། བྱ་བའི་རྒྱུད་ཀྱི་སྟོན་པ་རྣམས་འཁོར་བཀྲ་ཤིས་ལྷ་མོ་
(༧༨༦)བརྒྱད་ཀྱིས་མཚོན་ཅིང་བརྗོད་པ་ན་མཐའ་སྐྱོང་བ་དང་། །ཡེ་ཤེས་དང་ཏིང་འཛིན་མཐར་ཐུག་ཡིན་པས་རྒྱབ་བརྟེན་པ་ཡིན་ནོ། །དེ་ལྟར་སངས་རྒྱས་པ་དེ་ཉིད་ཡེ་ཤེས་ལྔ་ཡི་རོལ་པ་ཅན་ཡིན་པས། གདུལ་བྱའི་ཞེ་སྡང་སྦྱངས་ཞིང་དག་འབྲས་མེ་ལོང་ཡེ་ཤེས་རྡོ་རྗེ་སེམས་དཔའ། དེ་སངས་རྒྱས་རྣམས་ཀྱི་འོད་གསལ་བའི་ཇི་ལྟ་མཁྱེན་པའི་ཡེ་ཤེས་ཀྱིས་ཤུལ་མཚོན་ཏེ། རོ་གཅིག་པ་ལ་མཐར་ཐུག་ཡུམ་སྤྱན་མ་ཡིས་རོ་མཉམ་པ། མིག་དབང་དག་པས་ཡིད་སྙིང་པོ་དང་། གཟུགས་སྣང་དག་པ་ལ་སེ།། །མ་རྣམས་འདུ་འབྲལ་མེད་པས་མཆོད་པའི་ལྷ་མོས་མཐའ་སྐྱོང་ཞིང་བྱང་སེམས་ཀྱིས་རྒྱབ་བརྟན་པ་སྟེ། དེས་འགྲོ་བའི་པདྨ་ཅན་ནི་འདོད་ཆགས་དག་པ་འོད་དཔག་མེད་སོར་རྟོགས་ཡེ་ཤེས་རོ་མཉམ་པས་ཤེས་རབ་ཏིང་ངེ་འཛིན། མགྲིན་པ་མེ་ཁམས་དག་པའི་དགོས་དཀར་མོ་རོལ་པ། ངག་གི་དབང་ཕྱུག་སྤྱན་རས་གཟིགས་སོགས་སྔ་མས་འགྲོ་བའི་ཆགས་བྲལ་ཞེ་སྡང་དག་པའི་ཁྲོ་ཆེན་མི་འགྱུར་བའི་བདེ་བས་རྒྱབ་བརྟེན་ནོ། །རྡོ་རྗེ་འཛིན། ། ༈འཁོར་ལོ་ཚོགས་ཆེན་ནི། ང་རྒྱལ་དག་པའི་རིན་འབྱུང་མཉམ་ཉིད་ཡེ་ཤེས་ཡིན་ཕྱིར། འདས་པའི་སངས་རྒྱས་ཀུན་གྱི་དབྱིངས་དང་རོ་གཅིག་པའི་མདུན་བསུ་བ་དང་། བྱ་སྤྱོད་ཀྲི་ཡ་སོགས་ཀྱི་ཡི་དམ་
(༧༨༧)ལྷ་ཚོགས་རྣམས་ཀྱི་རྣམ་པ་ཀུན་དང་ཡང་རོ་གཅིག་པས་རྒྱན་བརྟན་པའི་ལོངས་སྐུ་ཆེན་པོ་འདི་ནི། མ་ཚོགས་དབང་ཕྱུག་ཀུན་གྱི་ཚོགས་རྗེར་གྱུར་པས་མཐའ་སྐྱོང་བར་སྨོན་པའོ། ༈། བཀོད་པ་རབ་རྫོགས་ནི། ཕྲག་དག་རྣམ་དག་བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་གྱུར་པས། ཁྲོ་གཉེར་རིམ་པར་ལྡན་པའི་ཕྲིན་ལས་ཐོག་མེད་མངོན་གྱུར་གྱི་ཞལ་མཐོང་བ་དང་། གདུལ་བྱ་དག་པ་རིགས་འཛིན་གྱི་གནས་སུ་སྐུ་སྣང་བས་ཐེག་པ་མཆོག་གི་དོན་གསང་བ་བླ་མེད་ཀྱི་གནས་ལ་དཀྲི་བའི་དོན་ཏེ། དེ་ལྟར། ཤེས་སྒྲིབ་ཕྲ་བ་བཅོམ་པས་མ་ལུས་བྱང་བའི་ཚེ། ཡི་གེའམ། ཡོ་ག་གསུམ་ཡང་གསུངས་པ། མ་ཧཱ་ཨ་ནུ་ཨ་ཏིའི་ལམ་བདེ་བདེ་གསལ་མི་རྟོག་གསུམ་ལ་ཡིད་སྤྱོད་ཞེན་འཛིན་གྱིས་གོལ་པ་ཁམས་གསུམ་གྱི་བག་ཆགས་རྩད་ནས་གཅོད་པའི་དོན་དང་། ༈། དེ་ཝ་ཀོ་ཇ་ལྷའི་སྦུབ་ལྟ་བུས་ལྟ་བུའི་གཞི་གནས་འོད་གསལ་ཀློང་ཡང་ཆོས་དབྱིངས་མངོན་དུ་བྱས་ཚེ། ལམ་དུས་ཀྱི་རང་རིག་པའི་ཞན་འཛིན་ནམ། སྙོམས་འཇུག་གི་སྒྲིབ་པ་དག་པ། ཆེ་མཆོག་ཧེ་རུ་ཀ་བདེ་བ་ཆེན་པོའི་ཁྲག་འཐུང་རྒྱུ་རྐྱེན་གྱིས་མ་བསྐྱེད་མཐའ་ཀུན་ལ་མི་གནས་
(༧༨༨)པའི་གཞི་ཐོག་སྨིན་པས་མདུན་བསུས་ཤིང་། སྤང་བྱའི་མ་རིག་ཉོན་མོངས་བཅོམ་པའི་བློ་ཟད་ཆོས་ཟད་ཀྱི་ངོ་བོ་ཀྲོ་ཏི་ཤྭ་རིས་མཐའ་སྐྱོང་ཏེ། གཞི་འབྲས་གཉིས་ཀའི་མཚན་འཛིན་དག་པ་དེས་ཡི་དམ་ལྷ་ཚོགས་ཏེ། རྒྱལ་བ་ཐམས་ཅད་ཀྱི་ཆོས་དབྱིངས་རྟགས་པའི་དབང་ཕྱུག་ཆེན་པོའི་ཕྱིར་ནི་སྲོག་བརྟན་པས་མི་འགྱུར་བའོ། ༈། རྣམ་པ་དེ་དག་གིས་ནི་སངས་རྒྱས་ཀྱི་ཞིང་ཐར་པ་ཆེན་པོའི་ཞིང་ན་གཟི་བརྗིད་དཔག་མེད་ཆོས་སྐུའི་སྣང་སྟོང་དབྱེར་མེད་པའི་ཤེས་རབ་དང་སྦྱོར་བས་སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་པ་ཀུན་ཏུ་ཞལ་དང་། ཀུན་ཏུ་སྤྱན་སོགས་ཀྱིས་ན་ཡི་དམ་ཐམས་ཅད་ཀྱང་ཆོས་སྐུ་ལས་མི་གཡོ་བས་རྒྱབ་བརྟན་པས་སོ། ༈། རྡོ་རྗེ་འཛིན་པའི་མིང་ཙམ་འཛིན་པ་ནི། རྡོ་རྗེ་སྟོང་པ་ཉིད་མཚོན་ཕྱིར། བརྡར་བཏགས་པའི་རྡོ་རྗེ་འཆང་ནི་སྔ་མའི་ཆོས་སྐུ་སྤྲོས་བྲལ་གྱི་གཟི་བརྗིད་འབར་བ་དེ་ལས་ཡེ་ཤེས་རང་གསལ་གྱི་ཏིང་ངེ་འཛིན་ལོངས་སྐུ་ངེས་ལྔའི་འཆར་གཞི་ཡིན་པས་ཤུལ་མཚོན་པ། དོན་དུ་གཞུང་རྣམས་ནས་ཡོན་ཏན་བརྒྱད་ལྡན་དུ་སངས་རྒྱས་ཐམས་ཅད་མཚུངས་པས་མཉམ་པ་དང་། སྤྲོས་པ་དང་བྲལ་བས་ཟབ་པ། འདུ་མ་བྱས་པས་རྟག་པ་དང་། དབྱིངས་དང་ཡེ་ཤེས་དབྱེར་མེད་པས་ཐ་མའི་དད་པ་དང་། ཡང་དག་པས་
(༧༨༩)ཕྱིན་ཅི་མ་ལོག་པ་དང་། དྲི་མ་མེད་པས། གཙང་བ་དང་། རྣམ་པར་མི་རྟོག་པས་འོད་གསལ་བ་དང་། ལོངས་སྐུའི་རྟེན་དུ་གྱུར་པ་སྟེ་དོན་དེ་སྟོན་པ་ཡིན་ནོ། ༈། ལྕང་ལོ་ཅན་ནི། རིགས་འཛིན་ཐོད་པ་རྩལ་ཞེས་པ་སོགས་རྡོ་རྗེ་འཆང་དེ་ཡི་ཕྲིན་ལས་ཀྱི་ཆ་དང་། གྲུབ་པ་ཀུན་གྱི་སྤྱི་མེས་སུ་གྱུར་པ་དང་། ༈རྫོགས་པ་བླ་མེད་ནི་དེ་དག་ཐམས་ཅད་ཀུན་བཟང་ཀུན་ཁྱབ་ཀྱི་ཡེ་ཤེས་གཅིག་ཏུ་འུབ་ཆུད་པ་ཁོ་ན་ཡིན་པས་ན་མཐའ་བསྡུས་ཏེ་བརྗོད་མེད་ཉག་གཅིག གོ༈། སྲིད་གསུམ་དྭངས་རྫོགས་ཀྱི་ས་སྟེ་ཀ་དག་ཉིད་སྤངས་བྱ་ཇི་སྙེད་དང་བྲལ་བ་དང་དྭངས་མ་ཐིག་ལེ་ཡེ་དག་གི་དགོངས་པ་མངོན་དུ་གྱུར་མ་ཐག་ལྷུན་གྲུབ་ཀྱི་འགྲོ་དོན་ཉི་མའི་དཀྱིལ་འཁོར་དང་། འོད་ཟེར་ལ་སྔ་ཕྱིའི་སྤྲོས་པ་མི་འབྱུང་བ། དེ་ལྟར་འཁོར་བ་དོང་སྤྲུག་གི་ཕྲིན་ལས་མཐར་ཐུག་གི་དགོངས་པ་དང་། ༈ དེ་དོན་གྱིས་བྱ་རྩོལ་གཉིས་དང་བྲལ་བའི་ས་ཐོབ་པ་ཆོས་སྐུ་སྐྱེ་མེད་དུ་རྟོགས་པའི་རང་དོན་སྤངས་པ་ཕུན་ཚོགས་དང་། གདུལ་བྱ་ཉོན་མོངས་བྲལ་བ་ལ་ལོངས་སྐུ་ངེས་པ་ལྔ་ལྡན་སྣང་བ་དང་། གདུལ་བྱ་ཐུན་མོངས་པར་ཐབས་མཁས་པ་དང་། ཐུགས་རྗེ་རྨད་དུ་བྱུང་བའི་རང་རྩལ་མ་འགག་པའི་སྤྲུལ་པ་གང་འདུལ་
(༧༩༠)དེར་སྟོན་གཞན་དོན་རྟོགས་པ་མཐར་ཕྱིན་ཏེ། ཐ་མའི་ཚིག་བཅད་རྐང་པ་བཅུས་རྫོགས་སྨིན་སྦྱངས་གསུམ་བསྟན་པའང་ཡིན་འདུག། ཞེས་གསུངས་སོ། །སེམས་དག་པའི་ཚུལ་ནི། རིམ་གྱིས་འཇུག་པའི་ལུས་ཉིད་ཀྱི། །སངས་རྒྱས་སྲས་པོ་གྲགས་ཆེན་རྣམས། །ཆོས་ཀྱི་སྤྲིན་གྱི་ཡེ་ཤེས་ཀྱི། །ཆོས་ཉིད་སྟོང་པ་མཐོང་གྱུར་ནས། །གང་ཚེ་སེམས་ནི་རབ་བཀྲུབ་པ། ། འཁོར་བའི་གཟེབ་ལས་འདས་གྱུར་ནས། །ཞེས་ཆོས་དབྱིངས་བསྟོད་པ་ལས་གསུངས་པ་ནི། བྱང་ཆུབ་སེམས་དཔའ་ས་བཅུ་པ་རྣམས་ལེགས་པར་རིམ་གྱིས་ཞུགས་ཤིང་ཐོབ་པས། དབང་བསྐུར་བའི་སངས་རྒྱས་ཀྱི་ས་ཐོབ་པ་དེའི་ཚེ། ནམ་མཁའི་མཐའ་ཀླས་པར་སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པས་གྲགས་པ་ཆེན་པོ་སྟེ། དེ་ཡང་ཆོས་དཀར་པོའི་ཕྲིན་ལས་ནམ་མཁའ་དང་མཉམ་པའི་ཐུགས་རྗེའི་ཕྲིན་ལས། བྱང་ཆུབ་ཆེན་པོ་ལ་སོགས་པའི་ཕྲིན་ལས་ཀྱི་ཆར་འབད་པ་མེད་པ་ལྷུན་གྲུབ་ཏུ་འབྱུང་བར་གྲུབ་ཅིང་། རྣམ་པར་མི་རྟོག་པའི་ཡེ་ཤེས། སྤང་བྱ་དང་། གཉེན་པོ་དང་། དེ་བཞིན་ཉིད་དང་། འབྲས་བུའི་རྟོག་པའི་མཚན་མ་སྟེ། བཞི་པོ་སྟོང་པ་མཐོང་མ་ཐག་ཏུ། གང་གི་ཚེ་མ་རིག་བག་ཆགས་ཀྱི་སའི་རྟེན་གྱི་སེམས་ཀུན་གཞིའི་རྣམ་ཤེས་པ་དག་ཅིང་བཀྲུས་པ་སྟེ། འགགས་
(༧༩༡)པས་སྤང་བྱ་ཐམས་ཅད་དང་བྲལ་བར་འགྱུར་ཏེ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཞི་བ་ཞེས་བྱའོ། ༈། དེ་ལྟར་སེམས་འགག་པས་ཡེ་ཤེས་ཀྱི་ལུས་རྫོགས་པའི་ཚུལ་ནི། པདྨ་ཆེན་པོའི་རང་བཞིན་གྱི། །སྟན་ལ་དེ་ནི་རབ་གནས་འགྱུར། །འདབ་མ་རིན་ཆེན་དུ་མའི་འོད། །འདོད་པར་བྱ་བ་ཟེའུ་འབྲུ་ཅན། །པདྨ་བྱེ་བ་དུ་མ་ཡིས། །རྣམ་ཀུན་དུ་མས་ཡོངས་སུ་བསྐོར། །ཞེས་ཆོས་དབྱིངས་བསྟོད་པ་ལས་གསུངས་སྟེ། གང་གི་ཚེ་སེམས་འགགས་པས་འཁོར་བའི་གཟེབ་ལས་གྲོལ་བར་གྱུར་པ་ཡེ་ཤེས་ཀྱི་སྐུ་སྟེ། བཞུགས་པའི་གདན་ཡང་འདི་ལྟ་སྟེ། སངས་རྒྱས་ཀྱི་སྨོན་ལམ་ཚད་མེད་པ་ལས་གྲུབ་པ་བྱང་ཆུབ་སྙིང་པོའི་ནོར་བུ་དྲི་མ་མེད་པའི་སྙིང་པོ་ཅན་དབང་གི་རྒྱལ་པོ་དང་བསམ་པ་འཕེལ་བ་དང་། བརྒྱ་བྱིན་ཐོགས་དང་། འཐོན་ཀ་ཆེན་པོ་དང་། པདྨ་རཱ་ག་དང་། སྐར་མདོག་དང་། ཆུ་འདངས་དང་། སྤུག་དང་། རྡོ་རྗེའི་སྙིང་པོ་དང་། འཛམ་བུ་ཆུ་བོའི་གསེར་ལྟ་བུ་ལགས་པ། ཚད་མེད་པ། བསམ་གྱིས་མི་ཁྱབ་པ། འཇིག་རྟེན་ཐམས་ཅད་ལས་འདས་པ། ནམ་མཁའི་མཐས་གཏུག་པ་རྒྱས་པར་འགེངས་པའི་འོད་ཅན། རྒྱན་ཐམས་ཅད་ཀྱིས་སྤྲས་པ། མདོར་
(༧༩༢)བསྡུས་ན། དེའི་བསྔགས་པ་དང་བཀོད་པ་ནི། ཁ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས། །བསྐལ་པ་གངྒའི་ཀླུང་གི་བྱེ་མ་སྙེད་དུ་བརྗོད་ཀྱང་། མཐར་ཐུག་པ་མི་འགྱུར་བ། དེ་ལྟ་བུ་པདྨ་བྱེ་བ་དུ་མ་ཡིས་རྣམ་པ་ཀུན་ཏུ་ཡོངས་སུ་བསྐོར་བ། དེ་ལྟ་བུ་ལ་བཞུགས་པར་འགྱུར་ཏེ། རྒྱས་པར་ནི་ཕལ་པོ་ཆེ་ལས་གསུངས་པ་ལྟ་བུ་ཡིན་ནོ། དེའི་སྐུའི་བཀོད་པ་ནི་རྒྱལ་སྲས་ཀུན་ཏུ་བཟང་པོས་བྱང་ཆུབ་ཀྱི་ཤིང་གཟིགས་པའི་བཀོད་པ་ལྟ་བུ་སྟེ། འདིར་བརྗོད་ཀྱིས་མི་ལང་ངོ། ༈། སངས་རྒྱས་ཀྱི་སྐུའི་དབྱེ་བ་བཤད་པ་ནི། དགོངས་འདུས་ཀྱི་རྒྱབ་ཆོས་ལས་གསུངས་པ། སྙིང་གི་མེ་ལོང་ལས༔འདི་ཡང་དག་པ་རྫོགས་པའི་སངས་རྒྱས་ནི་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་སངས་རྒྱས་པའོ༔། ཅེས་པ་སྟེ། ཉོན་མོངས་པ་ཕྲ་རགས་ཀྱི་ཚོགས་དང་༔ འབྱུང་བ་ལུས་ཀྱི་གདོས་བཅས་ཐམས་ཅད་རང་སར་སངས་ཤིང་༔། ངོ་བོ་ཆོས་སྐུར་སངས་པས། སྐུ་གསུམ་འདུ་འབྲལ་མེད་ཅིང་༔སྟོང་གསལ་སྤྲོས་དང་བྲལ༔རང་བཞིན་ལོངས་སྐུར་སངས་རྒྱས་པས་སྐུ་དང་ཡེ་ཤེས་ཀྱི་འཆར་གཞི་བྱེད་ཅིང་སྐུ་དང་ཡེ་ཤེས་འདུ་འབྲལ་མེད༔ཐུགས་རྗེ་མཛད་པའི་ཕྲིན་ལས་སུ་སངས་རྒྱས་པས། ཐུགས་རྗེ་མཛད་ཕྲིན་འགྲོ་དོན་རྒྱུན་མི་འཆད་པ་སྟེ༔ཀློང་གསལ་
(༧༩༣)ལས༔ངོ་བོ་སྟོང་གསལ་ཡེ་ཤེས་སྐུ༔རང་བཞིན་ཐུགས་རྗེ་ཕྱོགས་རིས་མེད༔དབྱེར་མེད་ཆེན་པོ་ཡེ་སངས་རྒྱས༔ཅེས་སོ༔དེའི་ཚེ་གཞིར་གནས་ཀྱི་ཡེ་ཤེས་ལ། གཞན་དོན་གྱི་ཐུགས་རྗེ་ངང་གིས་འབྱུང་སྟེ༔སྣང་བྱེད་ལས། ཆོས་སྐུའི་ཡེ་ཤེས་གཞི་གནས་ཏེ༔ཤེས་པའི་ཆ་ནི་གསལ་བྱེད་ལ༔འཛིན་པ་རག་པའི་རྟོག་པ་མེད༔ངང་ངམ་ཤུགས་ཀྱི་ཐུགས་རྗེའོ༔གསལ་ཤིང་ཤེས་པ་རིག་དང་བཅས༔ཆ་ལ་འདྲེས་པ་མེད་པར་གནས༔ཅེས་སོ༔དེ་ལྟར་གདོད་མའི་སངས་རྒྱས་ལ་ཡེ་ཤེས་རག་པ་མེད་ཀྱང་། རང་བཞིན་གསལ་རིག་ཏུ་ནི་བཞུགས་སོ༔དེ་ཡང་རག་པའི་ཐེར་ཟུགས་ཀྱང་མ་ཡིན༔མེད་པའི་ཕྱ་ཆད་ཀྱང་མ་ཡིན་ཏེ༔སྒྲོན་སྣང་ལས༔དེ་ལྟར་ཡེ་ཤེས་ཆ་མེད་ན༔ཕྱི་རོལ་ནམ་མཁའ་སྟོང་པ་དང་༔། ཁྱད་པར་ཉིད་ནི་ཡོད་མ་ཡིན༔དེ་ཕྱིར་གཞི་གནས་ཡེ་ཤེས་ཁྱབ༔ཡེ་ཤེས་མེད་ན་ཆད་པ་དང་༔ཁྱད་པར་ཅི་ཡང་ཡོད་མི་འགྱུར༔རག་པའི་ཡེ་ཤེས་ཡོད་གྱུར་ན༔འོན་ཏེ་རྟག་པ་ཉིད་དང་མཉམ༔དེ་ཕྱིར་ཤེས་པ་ཉིད་དུ་ནི༔རྟེན་པ་ཡོད་པ་མ་ཡིན་ཏེ༔ཕྲ་བའི་ཡེ་ཤེས་ཉིད་དུ་གནས༔ཅེས་སོ༔དེ་ལྟ་
(༧༩༤)བུའི་གནས་ལུགས་ཡེ་སངས་རྒྱས་པ་དེ་ལ༔སྐུ་གསུམ་གྱི་འཆར་ལུགས་གསུམ་སྟེ༔དང་པོ་ཆོས་སྐུའི་འཆར་ལུགས་ནི༔ཡེ་གཞིའི་གནས་ལུགས་ཡེ་ཤེས་ཀྱི་སྐུ་སྟོང་གསལ་མཚན་མ་མེད་པ་ལ༔ལོངས་སྐུའི་འཆར་གཞིའི་ནང་དུ་ངོ་བོ་ཉིད་རང་སྣང་དུ་ཤར་ཡང་༔ཕྱིར་གདུལ་བྱའི་སྣང་ཡུལ་དུ་སྐུ་མཚན་མ་ཅན་དུ་མ་གྲུབ་ཅིང་༔ཆོས་སྐུ་སྟོང་གསལ༔། ཀུན་ཏུ་ཁྱབ་པར་བཞུགས་སོ༔དེའི་གསུང་བརྗོད་མེད་ཡེ་ཤེས་ཆེན་པོའི་རང་བཞིན༔ཐུགས་རྗེ་ཆོས་ཉིད་དྲན་བསམ་དང་བྲལ་བ༔ཡོན་ཏན་ནི་རོལ་པ་འགག་མེད་སྐུ་དང་ཡེ་ཤེས་ཀྱི་ངོ་བོ༔ཕྲིན་ལས་ནི་ཕྱི་ནང་འཕྲོ་འདུའི་རོལ་པ་འགྲོ་བའི་དོན་རྒྱུན་ཆད་མེད་པར་མཛད་དོ༔མདོར་ན་གདོད་མའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ཡིན་སྟེ༔ཐལ་འགྱུར་ལས༔གྲོལ་བ་ཐོག་མ་གང་ཡིན་པའོ༔ཅེས་སོ༔༈གཉིས་པ་ལོངས་སྐུའི་འཆར་ལུགས་ནི༔༈དེ་ལྟར་གཞི་གནས་ཆོས་སྐུའི་རོལ་པ་ལས༔འགྲོ་བའི་དོན་དུ་སྣང་ལ་རང་བཞིན་མ་གྲུབ་པའི་སངས་རྒྱས་མཚན་དཔེས་སྤྲས་པ་དཔག་ཏུ་མེད་པས༔སྐུ་གསུང་། ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མཛད་པ་རྨད་དུ་བྱུང་བའི་ནས༔འཁོར་མཐའ་མ་རྫོགས་ཀྱི་བར་དུ་འགྲོ་བའི་དོན་དུ་རྒྱུན་ཆད་མེད་པར་མཛད་པའོ༔། །དེའང་སྐུ་སྣང་ལ་རང་
(༧༩༥)བཞིན་མེད་པ༔གསུང་གྲགས་སྟོང་གི་ངང་ནས་གདུལ་བྱ་གང་ལ་གང་འདུལ་གྱི་ཆོས་ཁྱབ་པར་སྒྲོགས༔ཐུགས་ཡེ་ཤེས་ལྔའི་མཚན་ཉིད་རྒྱུན་ཆད་མེད་པས་གདུལ་བྱ་ཐམས་ཅད་ལ་གཟིགས་པ་ལ་སོགས་པའོ༔ཡོན་ཏན། འདི་དགོངས་འདུས་རྒྱབ་ཆོས་དཔེ་ཆ་ལ་ཆད་སོང་འདུག། གསུམ་པ་སྤྲུལ་སྐུའི་འཆར་ལུགས་ནི། ལོངས་སྐུའི་གདངས་ལས། རང་བཞིན་སྤྲུལ་པའི་སྐུ་ལས་དག་པའི་སེམས་གསལ་པ་ལེ་བ་གནས་པ་རྣམས་ཀྱི་དོན་མཛད་ལ༔དེའི་ཆོས་འཕྲུལ་ལས་སྤྲུལ་པའི་ཐུབ་པ་དྲུག་གི་རྣམ་པར་སྤྲུལ་ནས་རིག་དྲུག་གི་དོན་མཛད་པ་ནི༔སྤྲུལ་པ་དང་ཡང་སྤྲུལ་དཔག་ཏུ་མེད་པ་འགྱེད་ཅིང་༔སྐུ་གདུལ་བྱ་དང་མཐུན་པར་སྤྱད༔གསུང་ཚངས་པའི་དབྱངས་ཀྱིས་གདུལ་བྱ་སོ་སོའི་གོ་ཞིང་སྣང་བ་དང་མཐུན་པར་ཆོས་སྟོན༔ཐུགས་ཇི་ལྟར་བ་དང་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཆེན་པོས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུ་མ་བྱས་པའི་ཀློང་ནས༔། འགྲོ་བ་འདུལ་བའི་སྟོབས་ཀྱིས་དགོངས་པ་འགྱེད༔ཡོན་ཏན་ནི་མཁྱེན་པ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་མངའ༔ཕྲིན་ལས་ནི་མཛད་པ་དུ་མས་སེམས་ཅན་ཐམས་ཅད་འདྲེན་པའི་ནུས་ཤུགས་རང་བཞིན་གྱི་མངའོ༔དེ་ལྟར་སྐུ་གསུང་ཐུགས་གསུམ་གྱི་མཛད་པ་ཕྲིན་ལས་དང་ལུགས༔བཅས་པའི་ཐ་
(༧༩༦)འགྱུར་ལས༔ཆོས་ཀྱི་སྐུ་ནི་སྐུ་གསུང་དང་༔ཐུགས་དང་ཡོན་ཏན་ཕྲིན་ལས་སོ༔སྐུ་ནི་སྟོང་དང་གསལ་བ་དང་༔མཚན་མ་མེད་པའི་རང་བཞིན་ནོ༔གསུང་ནི་སྒྲ་ཚིག་མིང་བྲལ་ནས༔བརྗོད་མེད་གླིང་པ་ཉིད་བྲལ་ལོ༔ཐུགས་ནི་བསམ་དང་འགྱུར་མེད་པས༔འཕོ་ཞིང་གཅོད་པ་རྣམས་ལས་འདས༔ཡོན་ཏན་ཕྱིར་མའི་ལྡོག་པ་མེད༔དབྱིངས་དང་ཡེ་ཤེས་ཁྱབ་པ་དང་༔རང་བཞིན་བཅོས་མ་མེད་པའོ༔ཕྲིན་ལས་མ་བྱུང་མ་སྐྱེས་པ༔ཤུགས་འབྱུང་བ་དང་འགགས་པ་མེད༔མ་བྱས་བྱས་པ་མེད་པའོ༔༈ལོངས་སྤྱོད་རྫོགས་སྐུ་སྐུ་གསུང་ཐུགས༔ཡོན་ཏན་ཕྲིན་ལས་ལྔ་ཡིན་ནོ༔སྐུ་ནི་སྣང་ལ་རང་བཞིན་མེད༔གསལ་དྭངས་གསལ་བྱེད་རིག་པས་ཁྱབ༔། གསུང་ནི་རང་མདངས་རང་སྣང་དང་༔སྤྲོ་བསྡུ་རྣམ་པའི་འཁོར་ལོའོ༔ཐུགས་ནི་རྒྱུན་ཆད་མེད་གཟིགས་དང་༔མཁྱེན་པ་རྩལ་དང་དགོངས་པའོ༔ཡོན་ཏན་མཚན་དཔེ་རྫོགས་པ་ལ༔དགོངས་གསལ་མངོན་ཤེས་རྫོགས་པའོ༔ཕྲིན་ལས་ཆོས་ཀྱི་འཁོར་ལོ་ལས༔ཕྱི་ནང་གསང་བ་རྣམས་སྤྲོས་ཏེ༔སོ་སོའི་རིགས་ཀྱི་སངས་རྒྱས་དང་༔བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་༔རང་བྱུང་ལས་ཕྲིན་ལས་རྣམ་སྤྲོས་ཏེ༔འཁོར་ལས་རང་གི་ངོ་བོས་སྟོང་༔༈སྤྲུལ་པའི་སྐུ་
(༧༩༧)ཡང་སྐུ་གསུང་ཐུགས༔ཡོན་ཏན་ཕྲིན་ལས་ལྔ་པའོ༔སྐུ་ནི་མཚན་དང་དཔེ་བྱེད་ལས༔གདུལ་བྱ་གང་འདུལ་ལས་སུ་སྤྲུལ༔གསུང་ནི་ཚིག་སྦྱོར་ལེགས་པ་ལ༔ཚངས་པའི་དབྱངས་ནི་ལན་ལག་དྲུག༔ཐུགས་ནི་ཤེས་བྱའི་ཡེ་ཤེས་ཀྱིས༔རང་གཞན་དོན་གཉིས་དགོངས་པར་གནས༔ཡོན་ཏན་མཁྱེན་པ་རྫོགས་པ་དང་༔ཕྲིན་ལས་ཕྱི་ནང་གསང་བ་ཡི༔མཛད་པ་མ་ལུས་རྫོགས་པ་དང་༔ཕུན་སུམ་ཚོགས་པ་ལྔར་གནས་སོ༔༈སྤྲུལ་པའི་མཚན་ཉིད་ངོ་བོ་དང་༔ངེས་ཚིག་དབྱེ་བ་རྣམས་དང་ནི༔སོ་སོའི་ཞིང་ཁམས་གདུལ་བྱ་དང་༔བྱེད་པའི་ལས་དང་ལྡང་ཚད་དོ༔མཚན་ཉིད་གོ་བའི་ཁྱད་པར་ཀྱང་༔། མཚན་ཉིད་ཆོས་ལས་གྲུབ་པ་དང་༔སྣ་ཚོགས་ཐབས་ལས་གྲུབ་པའོ༔གོ་བ་རང་བཞིན་དག་པ་དང་༔སོ་སོའི་ཡུལ་རྣམས་སྟོན་པ་དང་༔གཟུགས་ལྡན་དབང་པོ་རྫོགས་པའོ༔སྐུ་ཡི་བཞུགས་ཚུལ་རྣམ་པ་གསུམ༔མཚན་མའི་ཆོས་ལས་གྲོལ་བའི་ཕྱིར༔རིས་ཅན་གཟུགས་སུ་མ་ཡིན་དང་༔གསལ་བའི་རང་བཞིན་རྫོགས་པའི་ཕྱིར༔སྣང་ལ་རང་བཞིན་མེད་པ་དང་༔གདུལ་བྱའི་རྒྱུད་ནི་སྦྱང་བའི་ཕྱིར༔མི་གཡོ་མཉམ་བཞག་ཆེན་པོར་བཞུགས༔མི་གཡོ་བ་དང་གསལ་བ་དང་༔
(༧༩༨)རིག་ཅིང་མཁྱེན་པའི་ཆར་སྣང་དང་༔མཉམ་དང་ཕྱོགས་རིས་མི་འབྱེད་པའོ༔སྐུ་ཡི་རང་བཞིན་ཆོས་ཉིད་ནི༔རང་བཞིན་སྟོང་དང་གསལ་བ་དང་༔མཁྱེན་རིག་མ་འགགས་མངོན་སྣང་བའོ༔སྐུ་ཡི་ཆོས་ཉིད་རྫོགས་པ་དང་༔ཕྱིར་མི་ལྡོག་དང་འགྲོ་འོང་མེད༔སྨྲ་བསམ་བརྗོད་པ་མེད་པའོ༔ཞེས་གསུངས་སོ༔མདོར་ན་ལུས་ངག་ཡིད་གསུམ་གྱི་གདོས་བཅས་སྤངས༔སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གྲོལ་བ་སྟེ༔སྐུ་ལྔའི་འཛིན་པ་སྟོང་ནས་ཐོག་མའི་གཞི་ཀ་དག་ཆེན་པོ་རང་ཤར་རང་གྲོལ་དུ་གསལ་བའོ༔རང་ཤར་ལས༔མཚན་མར་འཛིན་པའི་འཁོར་བ་སངས༔ཡམས་སྐུ་ནི་དོན་ལ་རྒྱས༔སངས་རྒྱས་ཞེས་ཀྱང་དེ་ལ་བྱ༔ཞེས་དང་༔སྐུ་གསུམ་ཡེ་ཤེས་ལྔ་ལྡན་ཉིད༔དབྱེར་མེད་གཅིག་ཏུ་རྣམ་པར་གྲོལ༔གྲོལ་བ་མཐར་ཕྱིན་འཁྲུལ་པ་མེད༔གདོད་མའི་གཞི་ཐོག་ཕེབ་པའོ༔ཞེས་གསུངས་སོ༔དེ་ལྟར་གསུམ་པོ་དེ་ཐ་དད་རེས་འཇོག་མ་ཡིན་ཏེ༔དཔེར་ན་ཉི་མའི་སྙིང་པོ་ལས་འོད་ཟེར་ཤུགས་ཀྱི་ས་གསལ་བ་བཞིན༔ཆོས་སྐུ་མངོན་དུ་གྱུར་པའི་དུས་ན་གཟུགས་སྐུ་གཉིས་ཤུགས་ལས་ཐོབ་སྟེ༔ཕྲ་བཀོད་ལས༔ཆོས་ཀྱི་སྐུ་ཡི་སྣང་བ་ལས༔སྐུ་གསུམ་སྣང་བ་དུས་གཅིག་རྫོགས༔ཞེས་གསུངས། ༈འོ་ན་སྐུ་གཉིས་
(༧༩༩)དང་། སྐུ་བཞི་དང་། སྐུ་ལྔར་ཡང་གསུངས་པ་ཇི་ལྟར་ཞེ་ན། དོན་དུ་སངས་རྒྱས་ནི་ཆོས་སྐུ་ཉག་གཅིག་སྟེ། འཕགས་པ་བརྒྱད་སྟོང་པ་ལས༔དེ་བཞིན་གཤེགས་པ་ནི་གཟུགས་སྐུར་མི་ལྟ་སྟེ༔དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུའོ༔ཞེས་གསུངས༔འོན་ཀྱང་སངས་རྒྱས་ཀྱི་བྱིན་བརླབས་དང་༔གདུལ་བྱའི་སྣང་བ་དག་ཆེ་ཆུང་གིས་ཆོས་སྐུ་དེ་ལོངས་སྤྱོད་རྫོགས་སྐུ་དང་། སྤྲུལ་སྐུར་སྣང་བའོ༔ལོངས་སྤྲུལ་གཉིས་གཅིག་ཏུ་བརྩི་བས་གཟུགས་སྐུ་སྟེ༔དེས་ན་ཆོས་སྐུ་དང་གཟུགས་སྐུ་སྟེ་སྐུ་གཉིས་སུ་གསུངས་པའོ༔སྐུ་གསུམ་དབྱེར་མེད་པའི་ཆ་ནས་ངོ་བོ་ཉིད་སྐུའམ་རྡོ་རྗེའི་སྐུ་སྟེ་སྐུ་བཞིའོ༔སྐུ་གསུམ་པོ་སོར་མ་འདྲེས་པའི་ཆ་ནས་མངོན་པར་བྱང་ཆུབ་པའི་སྐུ་སྟེ་སྐུར་ལྔར་གསུངས་པའོ༔༈ཡང་ན། གསང་སྔགས་རྙིང་མའི་དགོངས་བཞེད། སྐུ་ལྔ། གསུང་ལྔ། ཐུགས་ལྔ། ཡོན་ཏན་ལྔ། ཕྲིན་ལས་ལྔ་སྟེ་འབྲས་ཆོས་ཉེར་ལྔ་ནི། ༈རང་དོན་སྤངས་རྟོགས་མཐར་ཕྱིན་ཞི་བ་ཆེན་པོ་མངོན་དུ་གྱུར་པ་ཆོས་སྐུ། གཞན་དོན་ལྷུན་གྱིས་གྲུབ་པ་ཟུང་འཇུག་མཚན་དཔེའི་སྐུ་འཕགས་ཆེན་རྣམས་ལ་སྣང་བ་ལོངས་སྤྱོད་རྫོགས་སྐུ། དེ་ཉིད་གང་ལ་གང་འདུལ་ཐབས་མཁས་སྣ་ཚོགས་ཆུ་ཟླ་ལྟར་སྣང་བ་སྤྲུལ་སྐུ། སྣང་ཆ་
(༨༠༠)སོ་སོར་མ་འདྲེས་པར་སྣང་བ་མངོན་པར་བྱང་ཆུབ་པའི་སྐུ། སྟོང་ཆ་ཆོས་དབྱིངས་སུ་རོ་གཅིག་པ་རྡོ་རྗེའི་སྐུའོ། ༈། དེ་ལྟར་སྐུ་ལྔ་ཐོབ་ནས་གསུང་ལྔས་དོན་མཚོན་པ་ནི། བརྗོད་བྲལ་རྣམ་པར་དག་པ་ཆོས་སྐུ་སྐྱེ་མེད་དོན་གྱི་གསུང་། དོན་རྣམས་སྐུ་ཡིས་མཚོན་པ་ལོངས་སྐུ་འགག་མེད་བརྡ་ཡི་གསུང་། ཡན་ལག་དྲུག་ཅུའི་སྒྲ་དང་ལྡན་པ་སྤྲུལ་སྐུ་ཚངས་པའི་དབྱངས་ཀྱི་གསུང་གཅིག་རང་རང་དབང་པོ་དང་འཚོམས་པར་སོ་སོར་དེ་ལྟར་སྣང་བ་མངོན་བྱང་རིག་པ་བྱིན་རླབས་གསུངས། གྲགས་སྟོང་གཉིས་མེད་ཡེ་ཤེས་རྡོ་རྗེའི་སྐུའི་གསུང་དང་ལྔའོ། །སྐུ་ལྔའི་སྙིང་པོ་ཐུགས་ཡེ་ཤེས་ལྔ་ནི། ཀུན་གཞིའི་རྣམ་ཤེས་འབྱེད་པ་མེད་པ་དག་པ་ཆོས་དབྱིངས་ཡེ་ཤེས་ཆོས་སྐུའི་ཐུགས། ཉོན་ཡིད་དག་པ་ཡོན་ཏན་ཀུན་གྱི་འབྱུང་གནས་མཉམ་ཉིད་ཡེ་ཤེས་ལོངས་སྐུའི་ཐུགས་སྒོ་ལྔའི་རྣམ་ཤེས་དག་པ་འབད་མེད་ཕྲིན་ལས་ལྷུན་གྱིས་གྲུབ་པ་བྱ་གྲུབ་ཡེ་ཤེས་སྤྲུལ་སྐུའི་ཐུགས། དེ་མ་ཐག་ཡིད་དག་པ་ཤེས་བྱ་ཐམས་ཅད་སོ་སོར་མ་འདྲེས་པ་ལེར་གཟིགས་པ་སོར་རྟོགས་ཡེ་ཤེས་མངོན་པར་བྱང་ཆུབ་པའི་སྐུའི་ཐུགས། ཀུན་གཞིའི་རྣམ་ཤེས་གསལ་ལ་མི་རྟོགས་པ་དག་པ་ཡེ་ཤེས་ཐམས་ཅད་ཀྱི་རྟེན་བྱེད་པ་མེ་ལོང་ཡེ་ཤེས་རྡོ་རྗེའི་སྐུའི་ཐུགས་དང་ལྔའོ། ༈། སྐུ་ལྔའི་ཡན་ལག་ཡོན་ཏན་ལྔ་ནི། མཐའ་
(༨༠༡)དབུས་གང་དུའང་མི་དམིགས་ཤིང་ཅིར་ཡང་སྣང་བ་མ་འགག་པའི་སྒྱུ་འཕྲུལ་རིས་མེད་ཀུན་ཁྱབ་མཉམ་པ་ཆེན་པོའི་དབྱིངས་རྣམ་པར་དག་པའི་ཞིང་ཁམས་ཀྱི་ཡོན་ཏན། རྒྱ་ཚད་ཀྱིས་གཞལ་བའི་ཡུལ་རང་སྣང་གི་བཀོད་པ་དང་། བཅས་པར་མཐའ་ཡས་ཀུན་ཏུ་སྣང་བ་ནི། རྒྱ་ཚད་བྲལ་བའི་གཞལ་ཡས་ཁང་གི་ཡོན་ཏན། བ་སྤུའི་བུ་ག་རེ་རེ་ལས་ཀྱང་གསལ་ཞིང་དག་པའི་འོད་ཟེར་སྣ་ཚོགས་འཕྲོ་བ་ནི་གསལ་ཞིང་དག་པའི་འོད་ཟེར་གྱི་ཡོན་ཏན། འདོད་ཡོན་གྱི་ལྷ་མོ་རེ་རེས་ཀྱང་མཐའ་ཡས་པ་ཕྱོགས་བཅུ་ཀུན་ནས་མ་བརྩལ་ལྷུན་གྲུབ་ཅིང་དབང་པོ་སོ་སོར་ཐིམ་པ་ནི་དགྱེས་དགུར་སྤྱོད་པའི་ལོངས་སྤྱོད་ཀྱི་ཡོན་ཏན། མི་འཇིགས་པ་བཞི་སོགས་ཡོན་ཏན་སྣ་ཚོགས་ཐུགས་ལ་མངའ་བས་སེངྒེ་ལ་སོགས་པའི་ཁྲི་ལྔས་བཏེག་པའི་སྟོང་དུ། ཁུ་བ་དག་པ་སྐུ་ཟླ་བ། རྡུལ་དག་པ་གསུང་ཉི་མ། རླུང་དག་པ་སྐྱོན་གྱིས་གོས་པ་མེད་པ་ཐུགས་པདྨའི་གདན་དང་། རེ་བ་སྐོང་བས་རིན་པོ་ཆེ་སྣ་ཚོགས་ཁྲི་རྐང་སྟེ་ཁྱད་པར་དུ་མས་འཕགས་པའི་གདན་ཁྲིའི་ཡོན་ཏན་ནོ། །ཕྲིན་ལས་ལྔ་ནི། དོན་བྱ་བའི་ཡུལ་ཕྱོགས་བཅུའི་འཇིག་རྟེན་རྡུལ་ཕྲ་མོ་སྙེད་ཀྱི་ཞིང་ཁམས་དག་པ་དང་མ་དག་པ་ཀུན་ཏུ། བྱེད་པའི་ཐབས་རྒྱལ་བ་རྣམས་
(༨༠༢)ཀྱི་གདུལ་བྱའི་དོན་རྣམས་ཐོག་པ་མེད་པའི་ཕྲིན་ལས། རྡུལ་ཕྲ་རབ་ཀྱི་གྲངས་རྙེད་དུ་སྟོན་ཀྱང་། ཞི་རྒྱས་དབང་དྲག་བཞིར་འདུ་ལ། དེ་དག་བྱེད་མཁན། ཞི་ཁྲོ་སོགས་གང་འདུལ་སྤྲུལ་པ་རྡུལ་ཕྲན་གྲངས་མཉམ་བསམ་ཡས་ཀྱིས་དོན་མཛད་དོ། །ཕྲིན་ལས་དེ་བྱེད་པོ་ནི། སྤྲུལ་པ་དེ་དག་གིས་ཞིང་དེ་དག་ཏུ་སྐད་ཅིག་ཡུད་ཙམ་ལའང་འབད་རྩོལ་མེད་པར་ཕྲིན་ལས་བཞིས་དོན་མཛད་པ་ནི། ལྷུན་གྱིས་གྲུབ་པའི་ཕྲིན་ལས་སོ། ༈། འབྲས་ཆོས་ཉེར་ལྔ་དེ། རྒྱལ་བ་དྲུག་པའི་བདག་ཉིད་དུ་འདུ་ཚུལ་ནི། ཕྱོགས་བཅུ་དུས་བཞི་དང་། རང་སྣང་རྒྱལ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་མ་ལུས་པའི་རང་བཞིན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་སྟེ། དེ་དག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་སངས་རྒྱས་ཀུན་གྱི་གཟུགས་རྒྱལ་བ་དྲུག་པའི་བདག་ཉིད་ཆེན་པོར་འདུ་ཞིང་། ཁྱབ་བྱེད་རིགས་དྲུག་པའི་སའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཆར་གྱིས་ཀྱང་ཁྱབ་བྱ་རྒྱལ་བ་ཀུན་ལ་ཁྱབ་བོ། །དེའི་ཕྱིར་མཚོ་གཅིག་ཏུ་གངས་ལྔའི་གཟུགས་བརྙན་ཤར་བ་ལྟར་དང་། གངས་གཅིག་མཚོ་ལྔར་འཆར་བའི་དཔེས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྣང་ཚུལ་ཀུན་གཅིག་གི་བདག་ཉིད་དུ་འདུས་པ་དང་། གཅིག་ཀུན་ཏུ་འཆར་བས་ནི། གཅིག་དང་དུ་མའི་མཐའ་ལས་
(༨༠༣)གྲོལ་བ་ཐིག་ལེ་ཆེན་པོའི་རང་བཞིན་ནོ། ཞེས་གསུངས། ༈ཐར་རྒྱན་ལས། ཆོས་སྐུ་ལ་མཚན་ཉིད་བརྒྱད་དང་ལྡན་ཏེ། མཉམ་པ་དང་། ཟབ་པ་དང་། རྟག་པ་དང་། གཅིག་པ་དང་། ཡང་དག་པ་དང་། གཙང་བ་དང་། འོད་གསལ་བ་དང་། ལོངས་སྤྱོད་རྫོགས་པ་དང་འབྲལ་བའོ། །དེ་ལ། མཉམ་པ་ནི། སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་ལ་དབྱེ་བ་མེད་ཕྱིར་རོ། ། ཟབ་པ་ནི། སྤྲོས་པ་ཐམས་ཅད་དང་བྲལ་བས་རྟོགས་པར་དཀའ་བའི་ཕྱིར་རོ། ། རྟག་པ་ནི། འདུས་མ་བྱས་པས་ཐོག་མཐའ་བར་གསུམ་དུ་སྐྱེ་འགག་དང་བྲལ་བའི་ཕྱིར་རོ། ། གཅིག་པ་ནི། དབྱིངས་དང་ཡེ་ཤེས་ཐ་དད་མེད་པས་དབྱེར་མེད་པའི་ཕྱིར་རོ། ། ཡང་དག་པ་ནི། སྐྲོ་སྐུར་གཉིས་ཀྱི་མཐའ་ལས་འདས་པས་ཕྱིན་ཅི་མ་ལོག་པའི་ཕྱིར་རོ། ། གཙང་བ་ནི། སྒྲིབ་པ་གསུམ་གྱི་དྲི་མ་དང་བྲལ་བའི་ཕྱིར་རོ། ། འོད་གསལ་བ་ནི། རྟོག་པ་མེད་པ་སྟེ། རྣམ་པར་མི་རྟོག་པ་དེ་ཉིད་མི་དམིགས་པའི་ཕྱིར་རོ། ༈། ལོངས་སྤྱོད་རྫོགས་དང་འབྲེལ་བ་ནི། ཡོན་ཏན་རྒྱ་ཆེན་པོའི་བདག་ཉིད་ཀྱི་ལོངས་སྤྱོད་རྫོགས་པའི་རྟེན་དུ་གྱུར་པའི་ཕྱིར་རོ། ། དེ་ལྟར་རྒྱུད་བླ་མ་ལས། །ཐོག་མ་
(༨༠༤)དབུས་མཐའ་མེད་ཅིང་རྣམ་དབྱེར་མེད། །གཉིས་མེད་གསུམ་བྲལ་དྲི་མེད་རྣམ་རྟོག་མེད། །ཆོས་དབྱིངས་རང་བཞིན་གང་ཡིན་དེ་རྟོགས་པ། །མཉམ་པར་བཞག་པའི་རྣལ་འབྱོར་ས་ཡིས་མཐོང་། །ཞེས་དང་། མདོ་སྡེ་རྒྱན་ལས་ཀྱང་། །རང་བཞིན་སྐུ་ནི་མཉམ་པ་དང་། །ཕྲ་ཞིང་ལོངས་སྤྱོད་འབྲེལ་བ་དང་། །ཞེས་གསུངས་སོ། ༈། ལོངས་སྤྱོད་རྫོགས་པའི་སྐུ་ཡང་། མཚན་ཉིད་བརྒྱད་དང་ལྡན་ཏེ། འཁོར་དང་། ཞིང་དང་། སྐུ་དང་། མཚན་དང་། ཆོས་དང་། མཛད་པ་དང་། ལྷུན་གྱིས་གྲུབ་པ་དང་། རང་བཞིན་མེད་པའོ། །དེ་དག་གང་དང་ལྷན་ཅིག་ཏུ་ལོངས་སྤྱོད་པའི་འཁོར་ནི། ས་བཅུའི་བྱང་སེམས་ཤ་སྟག་གོ། ། གང་དུ་ལོངས་སྤྱོད་པའི་ཞིང་ནི་ཞིང་ཁམས་ཡོངས་སུ་དག་པའོ། ། གང་གིས་ལོངས་སྤྱོད་པའི་སྐུ་ནི་རྣམ་སྣང་ལ་སོགས་པའོ། ། གང་དང་ལྡན་པའི་མཚན་ནི་སྐུ་མཚན་དཔེ་དང་ལྡན་པའོ། ། གང་ལ་རྫོགས་པར་ལོངས་སྤྱོད་པའི་ཆོས་ནི་ཐེག་ཆེན་འབའ་ཞིག་གོ །གང་མཛད་པའི་ཕྲིན་ལས་ནི། རྒྱལ་ཚབ་ལུང་སྟོན་ལ་སོགས་མཛད་པའོ། །ལྷུན་གྱིས་གྲུབ་པ་ནི། མཛད་པ་ལ་སོགས་དེ་ཀུན་འབད་པ་དང་བྲལ་བ་སྟེ། ནོར་བུའི་རྒྱལ་པོ་ལྟར་ལྷུན་
(༨༠༥)གྲུབ་ཏུ་འབྱུང་བའོ། ། རང་བཞིན་མེད་པ་ནི། སྐུ་སྣ་ཚོགས་པ་སྣང་ཡང་། ཤེལ་གྱི་ཁ་དོག་ལྟར་སྣ་ཚོགས་ཀྱི་རང་བཞིན་བྲལ་བའོ། ། དེ་ལྟར་ཡང་། མདོ་སྡེ་རྒྱན་ལས། ལོངས་སྤྱོད་རྫོགས་པ་ཁམས་ཀུན་ཏུ། །འཁོར་དང་སྐུ་དང་ཞིང་ཁམས་མཚན། །སྐུ་དང་ཆོས་རྫོགས་ལོངས་སྤྱོད་དང་། །མཛད་པ་དག་ནི་ཐ་དད་དོ། །མངོན་རྟོགས་རྒྱན་ལས། །མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་ནི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་སོ། ༈། སྤྲུལ་སྐུ་ཡང་མཚན་ཉིད་བརྒྱད་ལྡན་ཏེ། རྟེན་དང་། སྒྱུ་དང་། ཞིང་དང་། དུས་དང་། རང་བཞིན་དང་། འཇུག་པར་བྱེད་པ་དང་། སྨིན་པར་བྱེད་པ་དང་། གྲོལ་བར་བྱེད་པའོ། ༈། དེ་ལ་རྟེན་ནི། ཆོས་སྐུ་སྟེ་གཡོ་བ་མེད་བཞིན་དུའོ། ། རྒྱུ་ནི་འགྲོ་བ་མཐའ་དག་ཕན་པར་བཞེད་པའི་སྙིང་རྗེ་ཆེན་པོའོ། །ཞིང་ནི་ཡོངས་སུ་དག་པའི་ཞིང་དང་། མ་དག་པའི་ཞིང་ངོ། །དུས་ནི་ཇི་སྲིད་གནས་ཀྱི་བར་དུ་རྒྱུན་མི་འཆད་པའོ། །རང་བཞིན་ནི། སྤྲུལ་པ་གསུམ་གྱི་གཟུགས་ཀྱིས་སྟེ། བཟོ་སྤྲུལ་སྐུ་པི་ཝཾ་ལེན་པ་ལ་སོགས་པ་བཟོ་སྣ་ཚོགས་དཔེ་
(༨༠༦)མེད་ལ་མཁས་ཤིང་སྦྱོང་བ་དང་། སྐྱེ་བ་སྤྲུལ་པ་རི་བོང་ལ་སོགས་པའི་ལུས་དམན་པ་སྣ་ཚོགས་ཀྱང་ལེན་པ་དང་། མཆོག་གི་སྤྲུལ་པ་དགའ་ལྡན་ནས་གཤེགས་པ་མཛད་པ་བཅུའི་སྟོན་པའོ། ། དེ་ལྟར་ཡང་། མདོ་སྡེ་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟགས་སྟོན་པས། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་སོ། །འཇུག་པར་བྱེད་པ་ནི། འཇིག་རྟེན་ཐ་མལ་དག་ཅི་རིགས་པར་མྱ་ངན་ལས་འདས་པ་རྣམ་པ་གསུམ་ལ།། །ཞིང་འཇུག་པར་བྱེད་པའོ། ། སྨིན་པར་བྱེད་པ་ནི། ལམ་ལ་ཞུགས་པ་རྣམས་ཚོགས་ཡོངས་སུ་སྨིན་པར་བྱེད་པའོ། ། གྲོལ་བར་བྱེད་པ་ནི། དགེ་བས་ཡོངས་སུ་སྨིན་པ་དག་སྲིད་པའི་འཆིང་བ་ལས་གྲོལ་བར་བྱེད་པའོ། ། དེ་ལྟར་ཡང་རྒྱུད་བླ་མ་ལས། །འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང་། །རབ་ཏུ་སྨིན་དང་ལུང་སྟོན་རྒྱུ་ཡི་གཟུགས་ཤེས་སོ། ༈། སྐུ་གསུམ་གྱི་ཁྱད་པར་གསུམ་སྟེ། །མཉམ་པའི་ཁྱད་པར་དང་། །རྟག་པའི་ཁྱད་པར་རོ། །ཁྱད་པར་དང་། སྣང་བའི། །དང་པོ་མཉམ་པའི་ཁྱད་པར་གསུམ་ནི། སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་ནི། །རྟན་ཆོས་དབྱིངས་ལ་ཐ་དད་མེད་པས་མཉམ་པའོ། །སངས་རྒྱས་ཐམས་ཅད་ཀྱི་ལོངས་སྤྱོད་རྫོགས་སྐུ་ནི། དགོངས་
(༨༠༧)པ་ཐ་དད་མེད་པས་མཉམ་པའོ། །སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་སྐུའི་སྐུ་ནི། ཕྲིན་ལས་ཐུན་མོངས་དུ་གྱུར་པས་མཉམ་པའོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། །དེ་དག་རྟེན་དགོངས་པ་དང་། ཕྲིན་ལས་ཀྱིས་ནི་མཉམ་པ་ཉིད། །ཅེས་གསུངས་སོ། ༈། རྟག་པའི་ཁྱད་པར་གསུམ་ནི། ཆོས་སྐུ་དོན་དམ་པར་སྐྱེ་འགག་དང་བྲལ་བའི་བདག་ཉིད་ཡིན་པས། རང་བཞིན་གྱིས་རྟགས་པའོ་ལོངས་སྐུ་ཆོས་ཀྱི་རང་བཞིན་དང་སྤྲུལ་སྐུ་རྒྱུན་ཆད་མེད་ཕྱིར་རྒྱུན་གྱི་རྟགས་པའོ། །དེ་ལྟར་ཡང་མདོ་སྡེ་རྒྱན་ལས། རང་བཞིན་དང་ནི་རྒྱུན་མི་ཆད། །རྒྱུན་གྱི་དེ་དག་རྟགས་པ་ཉིད། ཅེས་སོ། ༈། སྣང་བའི་ཁྱད་པར་གསུམ་ནི། །ཆོས་དབྱིངས་ལ་ཤེས་བྱའི་སྒྲིབ་པ་དག་པས་ཆོས་སྐུ་སྣང་། །ཉོན་སྒྲིབ་དག་པས་ལོངས་སྐུ་སྣང་། །ལས་སྒྲིབ་དག་པས་སྤྲུལ་སྐུ་སྣང་ངོ། ༈། བཅོམ་ལྡན་འདས་ཞེས་པའི་སྒྲ་དོན་ནི། བྷ་ག་ཝན་བཅོམ་པ་དང་ལྡན་པ་གཉིས་ཀ་ལ་འཇུག་པས། བོད་སྐད་དུ་བཅོམ་ལྡན་འདས་ཏེ། །དཔལ་རྡོ་རྗེ་རྒྱལ་པོའི་རྒྱུད་ལས། །ཉོན་མོངས་དང་ནི་འཆི་བདག་བདུད། །ཕུང་པོའི་བདུད་དང་ལྷ་ཡི་བདུད། །བདུད་བཞི་བཅོམ་པའོ། །ལྡན་པ་དབང་ཕྱུག་དྲུག་ལྡན་ཕྱིར། །ཞེས་སོ། ༈།
(༨༠༨)དབང་ཕྱུག་དྲུག་ནི། ནཱ་རོའི་འགྲེལ་ཆེན་ལས། །དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་ལྡན་པ། །དྲུག་པོ་དེ་ལ་ལྡན་ཞེས་བརྗོད། །དེའང་སངས་རྒྱས་ལ་ཡེ་ཤེས་ལྔ་ཡིས་བསྡུས་ཏེ། དབང་ཕྱུག་ནི་བག་ཆགས་ལ་ལུས་ཤིན་ཏུ་རྣམ་པར་དག་པའི་ཆོས་དབྱིངས་ཡེ་ཤེས། །ཕུན་སུམ་ཚོགས་པ་གཟུགས་བཟང་བ་ནི། །ཡོན་ཏན་གྱི་འབྱུང་གནས་མེ་ལོང་ཡེ་ཤེས། དཔལ་དང་གྲགས་ནི། འགྲོ་བ་ལ་ཡོན་ཏན་སྟེར་བ་མཉམ་ཉིད་ཡེ་ཤེས། ཡེ་ཤེས་ནི་ཇི་ལྟ་མཁྱེན་པ་སོ་སོར་རྟོག་པའི་ཡེ་ཤེས། བརྩོན་འགྲུས་ཕུན་སུམ་ཚོགས་པ་ནི། །བྱ་བ་གྲུབ་པའི་ནན་ཏན་ཡེ་ཤེས་སོ། ༈། ཡང་། རྡོ་རྗེ་འཆང་ཆེན་ནི་ཡོན་ཏན་བརྒྱད་ལྡན་ཞེས་པའི་དབང་ཕྱུག་གི་ཡོན་ཏན་བརྒྱད་ནི། མུ་སྟེགས་གཞུགས་ཕྱིར་ལྷ་དབང་ཕྱུག་གི་ཡོན་ཏན་དང་མིང་མཐུན་པའི་ཡོན་ཏན་བརྒྱད་ནི། ཕྲ་ཞིང་ཡང་ལ་ཕྲ་བར་ནུས་པ་དང་། །སྤྱོད་པར་ནུས་དང་བདག་ཉིད་ཆེན་པོ་དང་། །དགའ་མགུར་བྱེད་དང་ཐམས་ཅད་དབང་དུ་གྱུར། ཅི་འདོད་བྱེད་དང་དབང་ཕྱུག་དོན་བརྒྱད་དོ། །ཞེས་པ། འཁོར་འདས་ཐམས་ཅད་དབུ་མ་འབའ་ཞིག་མཐོང་བས་ཕྲ་བ། ཡེ་རླུང་སྟོབས་ཀྱིས་འཇིག་རྟེན་འབྱམས་ཀླས་ལ་སྐད་ཅིག་གིས་བལྟའ་འགྲོ་བ་སོགས་རྫུ་འཕྲུལ་ལྡན་པས་ཡང་བ།
(༨༠༩)རླུང་སེམས་དབུ་མར་ཞུགས་པའི་མཐའ་དག་སྟོང་པར་ཐིམ། གཉིས་སྣང་ནུབ་པས་ཕྲ་བར་ནུས་པ། ནང་གི་བཙུན་མོར་རླུང་སེམས་ཞུགས་པས་ཕྱི་རོལ་སྤྱན་མ་སོགས་དང་། གཟུགས་རྡོ་རྗེ་མ་སོགས་ཀྱིས་བསྐོར་བའི་ཟག་མེད་ཀྱི་འདོད་ཡོན་ལ་སྤྱོད་ནུས་པའི་ཕྱིར་སྤྱོད་ནུས་པ། མཚན་དཔེ་སོགས་ཡོན་ཏན་མཐའ་ཡས་མངའ་བ་དང་། བདུད་བཞི་ལས་རྒྱལ་བའི་མཐུ་སྟོབས་ཀྱི་བདག་ཉིད་ཡིན་པས་བདག་ཉིད་ཆེན་པོ། སེམས་ཅན་གྱི་འདོད་པ་ལྟར་སྐུ་གསུང་ཐུགས་སོགས་རྣམ་འཕྲུལ་སྣ་ཚོགས་ཀྱིས་གདུལ་བྱའི་བསམ་པ་ཚིམ་ནུས་པ་སོགས་རྗེས་བསྟན་ནམ་ཀུན་བརྗོད་པའི་ཆོ་འཕྲུལ་ལ་དབང་འབྱོར་ཕྱིར་དགའ་མགུར་བྱེད། འགྲོ་ཀུན་ཚོགས་གཉིས་རྫོགས་པ་ལ་དབང་ཐོབ་ཕྱིར་སེམས་ཅན་གྱི་དོན་ལ་སྐད་ཅིག་ཀྱང་གཡེལ་བ་མེད་པས་ཐམས་ཅད་ཐམས་ཅད་དབང་དུ་གྱུར་པ་རང་གཞན་གཉིས་ཀའི་དོན་དུ། གནམ་རྡོ་ལྷུང་བའམ། རྒྱ་མཚོ་འཕྲུགས་པའི་སྒྲ་དང་། གཅིག་ལས་དུ་མ་སོགས་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་དབང་ཐོབ་ཅིང་ཅི་འདོད་བྱེད་པ་དང་བརྒྱད་དོ། །དེའང་བདག་འདོད་པ་ཙམ་གྱིས་འདུ་བྱེད་ལ་རག་མ་ལས་པར་ཟག་མེད་ཀྱི་ཡོན་ཏན་ཇི་སྙེད་ལ་དབང་འབྱོར་བ་སྟེ། དེ་ཡང་། ཕྲ་ཡང་ནུས་གསུམ་ཐུགས་རྡོ་རྗེའི་ཡོན་ཏན། སྤྱོད་ནུས་
(༨༡༠)བདག་ཉིད་ཆེན་པོ་དགའ་མགུར་བྱེད་གསུམ་སྐུ་རྡོ་རྗེའི་ཡོན་ཏན་ལ་དབང་བྱེད་པ་དང་། ཅི་འདོད་བྱེད་ནི་གསུང་གི་ཡོན་ཏན་གཙོ་བོ་ཡང་ཡིན་ནོ། །གསུངས་སོ། ༈། ཐུན་མིན་ལྟར་འཆད་ན། སློབ་དཔོན་ཟླ་གྲགས་ཀྱིས། །གསང་འདུས་ཀྱི་འགྲེལ་ཆེན་སྒྲོན་གསལ་ལས། །སྐུ་ཡི་དབང་ཕྱུག་གསུང་གིས་དབང་ཕྱུག་དང་། །དེ་བཞིན་ཁོ་ནར་ཐུགས་ཀྱི་དབང་ཕྱུག་དང་། །རྫུ་འཕྲུལ་དང་ནི་ཀུན་འགྲོའི་དབང་ཕྱུག་དང་། །འདོད་དང་བྱེད་པ་ཡོན་ཏན་བརྒྱད་པའོ། །ཞེས། སྐུ་ཡི་དབང་ཕྱུག། གསུང་གི་དབང་ཕྱུག། ཐུགས་ཀྱི་དབང་ཕྱུག། རྫུ་འཕྲུལ་གྱི་དབང་ཕྱུག། ཀུན་ཏུ་འགྲོ་བའི་དབང་ཕྱུག། འདོད་པའི་དབང་ཕྱུག། བྱེད་པོའི་དབང་ཕྱུག། ཡོན་ཏན་གྱི་དབང་ཕྱུག་དང་བརྒྱད་དོ། །དེ་དག་ཀྱང་རིམ་པར། མོས་པ་གང་འདུལ་གྱི་སྐུ་མཐའ་ཡས་པ་སྟོན་པ་དང་། །ཐམས་ཅད་ཀྱི་སྐད་དུ་ཆོས་སྟོན་པ་དང་། །མཁའ་ཁྱབ་སེམས་ཅན་གྱི་སེམས་ཐུགས་ཀྱིས་མཁྱེན་ཅིང་འདུལ་བས་དང་། རྫུ་འཕྲུལ་མཐའ་ཡས་པས་འཇིག་རྟེན་ཁམས་གཟིགས་པ་དང་། །འཇིག་རྟེན་གསུམ་པོ་གཅིག་པའི་སྐུ་དང་། འདོད་པས་སེམས་ཅན་གྱི་བདེ་བ་སྐྱེད་པར་བྱེད་པ་དང་། །བྱེད་པོ་རྡོ་རྗེ་འཆང་ཉིད་ཞེས་པས་དང་། །ལྷའི་རྣམ་པས་ལོངས་སྤྱོད་པས་བརྒྱད་དུ་བཤད། ། གཞན་ཡང་འཆད་ཚུལ་མི་འདྲ་འགའ་རེ་སྣང་ཡང་
(༨༡༡)མ་བྲིས་སོ། ༈། ལོངས་ཀུ་ལ་སྔགས་ཀྱི་སྐབས། ཁ་སྦྱོར་ཡན་ལག་བདུན་ལྡན་ཞེས་པ་ནི། །ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད། །ཅེས་པ། གནས་ངེས་པ་འོག་མིན་ཆེན་པོར། འཁོར་ངེས་ས་བཅུའི་བྱང་སེམས་འབའ་ཞིག་རྣམས་ལ་ཆོས་ངེས་པ་ཐེག་ཆེན་པོ་ཁོ་ན་སྟོན་པའི་ལོངས་སྤྱོད་བསམ་གྱི་མི་ཁྱབ་རྫོགས་ཕྱིར་ལོངས་སྤྱོད་རྫོགས་པའི་ཡན་ལག། སྐུ་ངེས་པ་མཚན་དཔེའི་ཕུང་པོ་ཡེ་ཤེས་ཀྱི་རང་བཞིན་ཅན། རང་སྣང་རྣམ་དག་གི་བཙུན་མོ་དང་གཉིས་སུ་མེད་པར་ཞལ་སྦྱོར་ནས་བཞུགས་པ་ཁ་སྦྱོར་གྱི་ཡན་ལག། བཙུན་མོ་དང་སྦྱོར་བའི་ཟག་མེད་ཀྱི་བདེ་བ་ཆེན་པོའི་རྒྱུན་གྱིས་གང་བས་བདེ་བ་ཆེན་པོའི་ཡན་ལག། བདེ་ཆེན་གྱི་རང་བཞིན། ནམ་རང་བཞིན་སྤྲོས་པ་མེད་པ་སྟོང་ཉིད་དང་རོ་མཉམ་པ་རང་བཞིན་མེད་པའི་ཡན་ལག །སྟོང་པའི་རང་མདངས་ཐུགས་རྗེ་ཆེན་པོས་སེམས་ཅན་མ་ལུས་པའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་སྙིང་རྗེའི་ཡན་ལག སྙིང་རྗེ་ལ་བར་ཆད་མེད་པས་མཛད་ཕྲིན་ལ་རྒྱུན་ཆད་མེད་པ་རྒྱུན་ཆད་མེད་པའི་ཡན་ལག སྲིད་ཞི་གཉིས་ལ་མི་གནས་པའི་དུས་ངེས་པ་འཁོར་བ་མ་སྟོང་བར་མྱ་ངན་
(༨༡༢)ལས་མི་འདའ་བར་བཞུགས་པས་འགོག་པ་མེད་པའི་ཡན་ལག་དང་བདུན་ནོ། ༈། མདོ་ལས་ལོངས་སྐུ་ངེས་པ་ལྔ་ལྡན་ཡང་འདི་ཡི་ནང་དུ་ཚང་བར་གྱུར་ཏོ། ༈། གནས་གྱུར་ནས་སངས་རྒྱས་ཐོབ་པའི་ཚུལ་ནི། གཟུགས་ཀྱི་ཕུང་པོ་གནས་གྱུར་ཕྱིར། ཞིང་དང་། ལུས་དང་། མཚན་དང་དཔེ་བྱེད་བཟང་པོ་དང་། དབྱངས་མཐའ་ཡས་པ་དང་། སྤྱི་གཙུག་བལྟར་མི་མཐོང་བ་ལ་དབང་འབྱོར་བ་དང་། ཚོར་བའི་ཕུང་པོ་གནས་འགྱུར་ཕྱིར་ཁ་ན་མ་ཐོ་བ་མེད་ཅིང་ཚད་མེད་ཅིང་རྒྱ་ཆེ་བའི་བདེ་བར་གནས་པ་ལ་དབང་འབྱོར་བ་དང་། འདུ་ཤེས་ཀྱི་ཕུང་པོ་གནས་འགྱུར་བའི་ཕྱིར། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་དང་། ཐམས་ཅད་ཀྱི་བསྟན་པ་ལ་དབང་འབྱོར་བ་དང་། འདུ་བྱེད་། ཀྱི་ཕུང་པོ་གནས་གྱུར་ཕྱིར། སྤྲུལ་པ་དང་བསྒྱུར་བ་དང་། འཁོར་བསྡུ་བ་དང་། དཀར་པོའི་ཆོས་བསྡུ་བ་ལ་དབང་འབྱོར་བ་དང་། རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར་པའི་ཡེ་ཤེས་བཞི་ལ་དབང་འབྱོར་ཐོབ་བོ། ༈། ཡེ་ཤེས་ཀྱི་ངེས་ཚིག་ནི། རང་ཤར་ལས། ཡེ་ནས་རང་བཞིན་ལྷུན་གྱིས་གྲུབ། །དེ་ནས་རྟོག་པ་མངོན་དུ་གྱུར། །ཡེ་ཤེས་ངེས་ཚིག་དེ་བཞིན་ནོ། །
(༨༡༣)ཞེས་སོ། །ཡེ་ཤེས་ཀྱི་དབྱེ་བ་ནི། ༈དེའང་ཀུན་གཞིའི་རྣམ་ཤེས་གནས་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། ཉོན་ཡིད་རྣམ་ཤེས་གནས་གྱུར་པ་མཉམ་ཉིད་ཡེ་ཤེས། དེ་མ་ཐག་ཡིད་གནས་གྱུར་པས་སོར་རྟོགས་ཡེ་ཤེས། སྒོ་ལྔའི་རྣམ་ཤེས་དང་ཡིད་ཀྱི་རྣམ་ཤེས་གནས་གྱུར་པས་བྱ་གྲུབ་ཡེ་ཤེས་སོ། །མེ་ལོང་ཡེ་ཤེས་ཆོས་སྐུ། མཉམ་ཉིད་དང་པོར་རྟོགས་ཡེ་ཤེས་གཉིས་ལོངས་སྐུ། བྱ་གྲུབ་ཡེ་ཤེས་སྤྲུལ་སྐུའོ། །ཡེ་ཤེས་དེ་དག་གི་རང་ངོ་ཤིན་ཏུ་རྣམ་པར་དག་པའི་རང་བཞིན་དུ་བཞུགས་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། ༈། མེ་ལོང་ཡེ་ཤེས་ཀྱི་ངོ་བོ་ནི། མདོ་སྡེ་རྒྱན་ལས། མེ་ལོང་ཡེ་ཤེས་དང་ཡིར་མེད། །ཡོངས་སུ་མ་ཆད་རྟག་ཏུ་ལྡན། །ཤེས་བྱ་ཀུན་ལ་མ་རྨོངས་པ། །རྟག་ཏུ་དེ་ལ་མངོན་ཕྱོགས་མིན། །ཡེ་ཤེས་ཀུན་གྱི་རྒྱུ་མཚན་ཕྱིར། །ཡེ་ཤེས་འབྱུང་གནས་ཆེན་པོ་འདྲ། །ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙེན་འབྱུང་ཕྱིར་དེ། །ཞེས་བྱ་བ། གཡོ་བ་མེད་པ་དང་། ང་ཡིར་མེད་པ་དང་། རྒྱ་ཡོངས་སུ་མ་ཆད་པ་དང་། དུས་རྟག་ཏུ་ལྡན་པ་དང་། ཤེས་བྱ་ཐམས་ཅད་ལ་མ་རྨོངས་ཀྱང་། དེ་ལ་ཕྱོགས་ས་མ་ཡིན་པ་དང་། ཡེ་ཤེས་
(༨༡༤)ཐམས་ཅད་ཀྱི་རྒྱུ་མཚན་ཉིད་ཀྱི་ཕྱིར། ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཀྱི་ཡང་དེའི་རྒྱུ་རྐྱེན་དུ་རྣམ་པར་བཞག་ཏེ། དེའི་ངེས་ཚིག་ཏུ་ཡེ་ཤེས་ཐམས་ཅད་ཀྱི་གཟུགས་བརྙེན་དེ་ལས་འབྱུང་བའི་ཕྱིར། སངས་རྒྱས་ཀྱི་སྐུ་གསུམ་ལས་འདི་ནི་ཆོས་ཀྱི་སྐུ་ཡིན་ནོ། །དཔལ་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས་ཀྱང་། ཀུན་གཞི་མེ་ལོང་ཡེ་ཤེས་ཏེ། །དེ་ནི་ཆོས་ཀྱི་སྐུ་ཡིན་ནོ། །ཞེས་སོགས་གསུངས་སོ། །མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་ནི། བསྒོམ་པ་དག་པས་སྲིད་ཞི་ལ། །མི་གནས་ཞི་བར་བཞུགས་པ་ཡང་། །མཉམ་ཉིད་ཡེ་ཤེས་ཡིན་པར་འདོད། །དུས་རྣམས་ཀུན་ཏུ་བྱམས་པ་དང་། །ཐུགས་རྗེ་ཆེན་པོ་དག་དང་ལྡན། །སེམས་ཅན་རྣམས་ལ་མོས་པ་བཞིན། །སངས་རྒྱས་སྐུ་ནི་ངེས་པར་རྟོན། །ཞེས་པ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམ་པ་དག་པ་དང་། གང་གི་ཡང་ཕྱོགས་སུ་མ་ལྷུང་བ་དང་། སྲིད་ཞི་ལ་མི་གནས་པའི་ཞི་བ་དང་། ཐུགས་རྗེ་ཆེན་པོ་འཇུག་པ་དང་། སེམས་ཅན་ལ་མོས་པ་བཞིན་དུ་མཚན་དང་དཔེ་བྱེད་སྟོན་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་འདི་ནི་ཀུན་གཞི་ལ་གནས་པའི་ཉོན་ཡིད་གནས་གྱུར་ཏེ། འདི་དང་དྲུག་པ་ཡིད་ཀྱི་ཆ་གཅིག་ཏེ་དེ་མ་ཐག་ཡིད་གནས་འགྱུར་པ་ལོངས་སྤྱོད་རྫོགས་པའི་སྐུའོ། ༈། སོ་སོར་རྟོགས་པའི་ཡེ་ཤེས་ནི། །ཤེས་
(༨༡༥)བྱ་ཀུན་ལ་རྟག་མི་ཐོགས། །ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི། །གཏེར་དང་འདྲ་བ་ཁོ་ན་ཡིན། །འཁོར་གྱི་དཀྱིལ་འཁོར་རྣམས་སུ་ཡང་འབྱོར་བ་ཐམས་ཅད་སྟོན་མཛད་ཅིང་། ཐེ་ཚོམ་ཐམས་ཅད་གཅོད་མཛད་པའི། ཆོས་ཆེན་ཆར་ནི་རབ་ཏུ་འབེབས། ཞེས། ཏིང་ངེ་འཛིན་དང་གཟུངས་རྣམས་ཀྱི་གཏེར་ལྟ་བུ་དང་། གསུང་ཆོས་ཀྱི་དུང་འབྱུང་བའི་ཕྱིར། དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ཀྱང་། དོན་དང་བཅས་འཛིན་པ་གནས་གྱུར་པས་ཞིང་ལ་སོགས་པ་སྟོན་པ་དང་། རྣམ་རྟོག་གཞན་དུ་གྱུར་པ་དུས་ཐམས་ཅད་དུ་ཡེ་ཤེས་དང་ལས་ལ་ཐོགས་པ་མེད་པ་འདི་གཉིས་ཀྱི་ཆ་རེ་སྤྲུལ་སྐུ་ཡིན་ནོ། ༈། བྱ་གྲུབ་པའི་ཡེ་ཤེས་ནི། ཁམས་རྣམས་ཀུན་ཏུ་ཡེ་ཤེས་སྣ་ཚོགས་ཤིང་། དཔག་མེད་བསམ་ཡས་སྤྲུལ་པ་ཡིས། །སེམས་ཅན་ཀུན་གྱི་དོན་སྒྲུབ་པའོ། །སངས་རྒྱས་སྤྲུལ་པ་དེ་རྟག་ཏུ། །མཛད་པ་གྲུབ་པའི་བྱེ་བྲག་དང་། །གྲངས་དང་ཞིང་གི་རྣམ་ཀུན་ཏུ། །བསམ་གྱིས་མི་ཁྱབ་ཤེས་པར་བྱ། །ཞེས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣ་ཚོགས་པས་འཇུག་པས་སྒོ་ལྔ་དང་། ཡིད་ཀྱི་ཆ་གཅིག་གི་དངོས་པོ་ལ་འཇུག་པའི་རྣམ་པར་ཤེས་པ་གནས་གྱུར་པ་བྱ་བ་གྲུབ་པ་སྟེ་སྤྲུལ་པའི་
(༨༡༦)སྐུ་ཡིན་ནོ། ༈། ལྔ་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཇི་ལྟ་བུ་ཞེ་ན། །རིགས་དང་དོན་ཐ་དད་མེད་པ་དང་། །འཁོར་འདས་ཐམས་ཅད་རྫོགས་པ་དང་། །ཐོག་མ་དང་ཐ་མ་མེད་པ་དང་། །གཅིག་ཐ་དད་མ་ཡིན་པ་དང་། །རྣམ་པ་དེ་དག་གི་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་ངོ་བོ་ཡིན་པའི་ཕྱིར། ཐ་དད་རིགས་དོན་མེད་ཕྱིར་དང་། །རྫོགས་སངས་ཐོག་མ་མེད་ཕྱིར་དང་། །སངས་རྒྱས་གཅིག་མིན་དྲི་མེད་གནས། །ཐ་དད་མིན་ཕྱིར་མང་པོའོ།། །མིན་ཞེས་བྱ་བས་བསྟན་པར་མངོན་ནོ། ༈། ཡེ་ཤེས་ལྔའི་ངོས་འཛིན་ནི། ཐལ་འགྱུར་ལས། ཆོས་ཀྱི་དབྱིངས་ནི་ཡངས་པ་ལ། །མཐའ་དང་དབུས་སུ་མི་དམིགས་པས། །གྲོལ་གཞི་ཆོས་ཉིད་དག་པའོ། །ཆོས་ནི་སྤྱོད་པར་བྱ་བ་ལ། །འདས་དང་འཇིག་རྟེན་བྱ་བ་མེད། །རང་བཞིན་གསལ་ཞིང་དག་པའོ། །དབྱིངས་ཀྱི་གོ་སྐབས་འབྱེད་པ་ལ། །རང་བྱུང་ཆེན་པོ་གནས་པའོ། །ཡེ་ནི་རྫོགས་པའི་རིག་པས། བདག་ཉིད་ལ། །ཐོག་མ་ནས་ནི་བཅོས་པ་མེད། །ཤེས་དྭངས་མོད། པས་འཁོར་འདས་གཉིས་ལས་གྲོལ། །རང་སྣང་རྫོགས་འདི་ཟེར་བའི་པའི་དགོངས་པའོ། །མེ་ལོང་ཡེ་ཤེས་གཟུགས་བརྙན་ལས། །དབྱིབས་དང་ཁ་
(༨༡༧)དོག་སྣང་ཆ་རྫོགས། །དཀར་པོ་དྲི་མ་དག་ཕྱིར་འོད། །རང་ཆས་སྣང་སྟེ་འཁོར་འདས་སྦྱོར། །ཆོས་རྣམས་ཀུན་གྱི་གཟུགས་སྣང་བས། །རང་རིག་ཡེ་ཤེས་ཞེས་བྱའོ། །གསལ་ཞིང་སྟོང་ལ་སྟོང་པས་གྲོལ། །གྲོལ་འཛིན་མཐའ་ཡི་རྟོག་པ་ཟད། །གཞན་མེད་གྲོལ་གཞི་རྫོགས་པའོ། །རང་ཤར་ལས། དེ་ཡང་ངེས་ཚིག་འདི་ལྟ་སྟེ། །སྣ་ཚོགས་དོན་ལ་སྤྱོད་པ་མེད། །དེ་ལ་རྟོགས་ཤིང་གོམ་པས་ལོང་། །མེ་ལོང་ཡེ་ཤེས་དེ་བཞིན་ནོ། ༈། མཉམ་པ་ཉིད་ཅེས་བྱ་བ་ལ། མཉམ་རྒྱུ་འཁོར་འདས་གཉིས་ལ་མཉམ་རྐྱེན། སྣང་བ། སྟོང་པ་གཉིས་མེད་རྟོགས་པ། གསུམ། མཉམ་པའི་དུས་དང་། འབྲས་བུ་མངོན་གྱུར་གྱི། མཉམ་པའི། ཚད་ཟད་པར་སྐྱོལ་བ་ཉིད། ཀྱིས་སོ། །འདི་ལ་གཉིས་མེད་རིས་དང་བྲལ། །མ་ཕྱེ་མི་འབྱེད་རང་གནས་ཉིད། །མཉམ་པ་ཞེས་བྱ་ཆོས་ཉིད་ལ། །ཟུག་རྔུའི་སྤྲོས་དང་བྲལ་བའོ། །ཉིད་ཅེས་བཅོས་ཤིང་རྩོལ་སྒྲུབ་མེད། །རང་བཞིན་གནས་པ་ངོ་བོས་སྟོང་། །སེམས་ཉིད་རྟོགས་པ་ཀུན་ཟད་པའོ། །ཡེ་ཤེས་ཞེས་བྱ་གནས་པ་ལ། །དེ་ཡི་མཚན་ཉིད་རྟོགས་པ་ཡིས། །འཁོར་འདས་གཉིས་ལ་མི་གནས་པའོ། ༈།
(༨༡༨)སོ་སོར་རྟོག་པ་དབང་པོའི་རིགས། །གང་ལ་གང་འདུལ་དེ་ཡི་ཆོས། །རིམ་པ་སོ་སོར་གསལ་བའོ། །རྟོགས་པས་རང་སྣང་དག་ནས་ནི། །རིག་པའི་ཡུལ་དུ་གྱུར་པ་ཉི། །སོ་སོར་ཞེས་བྱ་བྱེ་བྲག་ལས། །གཉེན་པོའི་ཚུལ་དུ་བྱུང་བ་སྟེ། །རྟོགས་པ་ཞེས་ནི་མཚན་ཉིད་མཐོང་། །རང་སྣང་འཕེལ་དང་བཅས་པའོ། །ཡེ་ཞེས་ཐོག་མར་བྱུང་བ་ལ། །ཤེས་པ་ཉོན་མོངས་སྐྱོན་དག་གོ། ༈། བྱ་བ་གྲུབ་པ་ཞེས་བྱ་བ། །འབད་ཅིང་རྩོལ་བ་རང་འགགས་ནས། །ཆོས་ཀུན་རང་བཞག་རང་གྲོལ་ལོ། །རང་གྲོལ་རྫོགས་པའི་གཞི་སྣང་ལས། །ཆ་ཕྲ་རྡུལ་བྲལ་དྲི་མེད་ཐོབ། །རྟོག་དཔྱོད་ཡུལ་ལས་འདས་པ་སྟེ། །གང་གིས་མ་ཕྱིས་ཆོས་ཉིད་དོ། །རང་བཞིན་རྫོགས་པས་སྣང་མཐའ་ཟད། །གཅིག་ཆར་རྟོགས་པས་བྱ་བའོ། །གྲུབ་པས་འདོད་པ་བྲལ་བ་ལ། །བསྐྱེད་དང་ལྡོག་པ་མེད་པའོ། །ཡེ་ནི་གནས་པའི་ངོ་བོ་ཉིད། །ཤེས་པ་མངོན་དུ་གྱུར་ནས་ནི། །ཆོས་ཉིད་ཟད་པའི་སར་ཕྱིན་པའོ། །ཞེས་གསུངས་སོ། ༈། ཡེ་ཤེས་ཉི་ཤུ་རྩ་བསྐྱར། ཟེར་བའང་། ཟློགལྔའི་དབྱེ་བ་ནི། རྡོ་རྗེ་དོན་ཉིད་ལ། ཟེར་བའང་སྣང་། སེམས་དཔའ་སྙིང་གི་མེ་ལོང་ལས། ཀྱཻ་
(༨༡༩)ཧོ། གསང་བའི་བདག་པོ་ཉོན། །ཡེ་ཤེས་རྣམ་པ་ལྔ་པོ་ལ། །ལྔ་ལྔ་ཉི་ཤུ་ལྔར་ཞེས་བྱ། །དེའི་དབྱེ་བ་ནི་འདི་ལྟ་སྟེ། དབྱིངས་ཀྱི་ཡེ་ཤེས་དང་། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། །དབྱིངས་རྣམ་པར་དག་པའི་ཡེ་ཤེས་དང་། དབྱིངས་ཆེན་པོའི་ཡེ་ཤེས་དང་། དབྱིངས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་དང་ལྔའོ། ༈། མེ་ལོང་ལྟ་བུའི་ཡེ་ཤེས་དང་། །མེ་ལོང་ཆེན་པོའི་ཡེ་ཤེས་དང་། །རྟོག་མེད་གསལ་བའི་ཡེ་ཤེས་དང་། །རྟོག་མེད་དྭངས་པའི་ཡེ་ཤེས་དང་། །གསལ་ལ་འཛིན་པ་མེད་པའི་ཡེ་ཤེས་དང་ལྔའོ། ༈། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། མཉམ་པ་ཉིད་མ་འགག་པའི་ཡེ་ཤེས་དང་། །མི་གཡོ་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། །མི་འགག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། །ཅིར་ཡང་མི་གནས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ལྔའོ། ༈། སོ་སོར་རྟོགས་པའི་ཡེ་ཤེས་དང་། །དོན་ཐམས་ཅད་རབ་ཏུ་འབྱེད་པའི་ཡེ་ཤེས་དང་། །རྟོག་པ་སྐད་ཅིག་མ་ལས་སྐྱེས་པའི་ཡེ་ཤེས་དང་། །སྒྲ་ཐམས་ཅད་རྣམ་པར་སེལ་བའི་ཡེ་ཤེས་དང་། །སྒྲ་དང་མཚན་མ་ལ་མི་གནས་པར་གོམ་རྟག་པའི་ཡེ་ཤེས་དང་ལྔའོ། ༈། བྱ་བ་གྲུབ་པའི་ཡེ་ཤེས་དང་། བྱ་བ་ཐམས་ཅད་བྱེད་པའི་ཡེ་ཤེས་དང་། །བྱ་བ་མི་གནས་པའི་
(༨༢༠)ཡེ་ཤེས་དང་། །བྱ་བ་བྲལ་བའི་ཡེ་ཤེས་དང་། །སྒྲོ་འདོགས་ཐམས་ཅད་ཆོད་པའི་ཡེ་ཤེས་དང་ལྔའོ། ༈། དེ་དག་གི་དོན་བཤད་པ་ནི། རིག་པ་རང་ཤར་གྱི་རྒྱུད་ལས། །རྣམ་དག་ཆོས་ཉིད་དག་པའི་ཀློངས། །དབྱིངས་ཀྱི་ཡེ་ཤེས་ཆེན་པོར་འདོད། །ཕྱི་ནང་གསང་བའི་ཆོས་རྣམས་རྫོགས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། །ཕྱི་ནང་སྟོང་པ་རིས་མེད་ནི། །དབྱིངས་ཆེན་དག་པའི་ཡེ་ཤེས་ཡིན། །རྟོག་མེད་བསམ་པ་ཀུན་སྤངས་ཤིང་། །དབྱིངས་ཆེན་པོ་ཡི་ཡེ་ཤེས་ཡིན། །གཉིས་མེད་དོན་ལྡན་རྡོ་རྗེའི་དོན། །གཉིས་མེད་དབྱིངས་ཀྱི་ངོ་བོར་འདོད། ༈། འགག་མེད་གསལ་དྭངས་ཆེན་པོའི་དོན། །མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དག་པ་གསལ་དྭངས་ངོ་བོ་ལ། །དག་པའི་སྣང་བ་དུས་གཅིག་རྫོགས། །དག་པའི་སྣང་བ་དུས་གཅིག། མེ་ལོང་ཡེ་ཤེས་ཆེན་པོ་ཡིན། །རྣམ་རྟོག་ཡིད་མེད་སེམས་མེད་ལ། །ཆགས་པའི་འཛིན་པ་མ་ཞུགས་པ། །རྟོག་མེད་གསལ་བའི་ཡེ་ཤེས་ཡིན། །འོད་ནང་མ་འགག་གསལ་བ་ལ། །ཡིད་ཀྱི་རྟོགས་པ་མ་འགྱུས་པ། །རྟོག་མེད་དྭངས་བའི་ཡེ་ཤེས་ཡིན། །གསལ་བྱ་གསལ་བྱེད་ཆོས་དང་བྲལ། །དེ་ལ་རྣམ་རྟོག་མ་འགྱུས་ན། །གསལ་
(༨༢༡)བ་འཛིན་མེད་ཡེ་ཤེས་ཡིན། ༈། ཆོས་ཉིད་མཉམ་དང་མ་འདྲེས་པ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། །མ་འགག་སོ་སོའི་མཚན་ཉིད་འཛིན། །མཉམ་ཉིད་མ་འགག་ཡེ་ཤེས་ཡིན། །མི་གཡོ་བ་ཡི་སྐུ་ཡི་རྒྱ། །རྒྱ་ཆད་ཕྱོགས་ལྷུང་མེད་པ་ནི། །མི་གཡོ་མཉམ་ཉིད་ཡེ་ཤེས་ཡིན། །མ་འགག་གསལ་དངས་ཆེན་པོ་ལ། །ཡིད་ཀྱིས་མི་རྟོག་གསལ་བ་ནི། །མཉམ་ཉིད་མི་འགག་ཡེ་ཤེས་ཡིན། །ཅིར་ཡང་མི་གནས་ཡེ་ཤེས་ཀུན་གྱི་རྩེ། །མཚན་མའི་དངོས་པོ་རང་སར་གྲོལ་བ་ནི། །ཅི་མི་གནས་པ་མཉམ་ཉིད་ཡེ་ཤེས་ཡིན། ༈། བློ་ལ་སྣང་བའི་ཐེ་ཚོམ་གྲོལ། །སོ་སོར་རྟོག་པའི་ཡེ་ཤེས་ཡིན། །སྣ་ཚོགས་གཅིག་ཏུ་སྡུས་པ་སྟེ། །དེ་ལ་ཕྱེ་ན་དོན་རྣམས་འབྱུང་། །དོན་རྣམས་འབྱེད་པའི་ཡེ་ཤེས་ཡིན། །རྟོགས་པའི་དོན་ལས་མི་འདའ་ཞིང་། །སྐད་ཅིག་གསུམ་ལ་གྲོལ་བྱེད་པ། །སྐད་ཅིག་སྐྱེ་བའི་ཡེ་ཤེས་ཡིན། །སྒྲ་ཚིག་རིག་པའི་ངོ་བོར་འདས། །ཐ་སྙད་གཅིག་ལ་རྫོག་པའི་ཕྱིར། །སྒྲ་རྣམས་སེལ་བའི་ཡེ་ཤེས་ཡིན། །སྒྲ་ཚིག་ཐམས་ཅད་དོན་ལ་རྫོགས། །རིག་པའི་ཀློང་དུ་ཚིག་རྣམས་འདས། །ཚིག་ལ་མི་གནས་ཡེ་ཤེས་ཡིན། །
(༨༢༢)༈། རང་རིག་འཛིན་པའི་ཆོས་ལས་གྲོལ། །ཐ་སྙད་བཏགས་པའི་མིང་ལས་འདས། །བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོ། །སྤྲུལ་པས་འགྲོ་བའི་དོན་བྱེད་ཕྱིར། །བྱ་བ་བྱེད་པའི་ཡེ་ཤེས་ཡིན། ༈། འགྱུར་མེད་ངང་ལ་བྱ་བ་བཏང་། །མཚན་མའི་ཆོས་ལས་འདས་པ་ནི། །བྱ་བ་མི་གནས་ཡེ་ཤེས་ཡིན། །རིག་པ་རྟོག་མེད་གསལ་བ་ལ། །ཤེས་པ་ངང་གིས་རལ་བ་ན། །བྱ་བ་བཏང་བའི་ཡེ་ཤེས་ཡིན། །ཕྱི་ནང་གསང་བའི་ཆོས་རྣམས་ཀུན། །རིག་པའི་ཀློང་དུ་ཀུན་འདུས་པས། །སྒྲོ་འདོག་གཅོད་པའི་ཡེ་ཤེས་ཡིན། །དེ་ལྟར་ཡེ་ཤེས་དོན་སྦྱར་ནི། །གང་ཞིག་མྱ་ངན་འདས་འདོད་པས། །འདི་ལ་གནས་ན་གཉིས་མེད་ཐོབ། །སྐུ་གསུམ་པ་ལ་ཕྱིར་མི་ལྡོག། ཡེ་ཤེས་མཚན་དཔེ་དེ་བཞིན་ནོ། །ཞེས་གཙོ་ཆེར་ལམ་དུས་ཀྱི་ཉམས་སུ་ལེན་བྱའི་ཡེ་ཤེས་སུ་གསུངས་ཀྱང་། །འབྲས་དུས་ཀྱང་ཉེར་ལྔ་དབྱེར་ཡོད་དོ། ༈། ཡང་། ཡེ་ཤེས་དགུར་གསུངས་པ་ནི། ཡེ་ཤེས་ལྔའི་སྟེང་དུ། སྟོང་ཉིད་ཡེ་ཤེས། །འདའ་དཀའ་ཡེ་ཤེས། དབྱིངས་སྒྲོལ་ཡེ་ཤེས། ཀློང་གྱུར་ཡེ་ཤེས་སོ། ༈། ཡང་ཡེ་ཤེས་ལ། མུ་ཏིག་
(༨༢༣)ཕྲེང་བ་ལས། ཡེ་ཤེས་ཉིད་ནི་འདི་ལྟ་སྟེ། །གཞི་གནས་དག་པའི་ཡེ་ཤེས་དང་། །མཚན་ཉིད་འཛིན་དང་ཁྱབ་པའོ། །ཞེས་ཡེ་ཤེས་གསུམ་དུ་གསུངས་ལ། །དང་པོ་གཞི་གནས་ཀྱི་ཡེ་ཤེས་ལ་དབྱེ་ན་གསུམ་སྟེ། ངོ་བོ་ཀ་དག་གི་ཡེ་ཤེས། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་གསུམ་མོ། ༈། གཉིས་པ་མཚན་ཉིད་འཛིན་པའི་ཡེ་ཤེས་ལ་དབྱེ་བ་ན། རྩ་བའི་ཡེ་ཤེས་ལྔ། དེ་ལ་དབྱེ་བའི་ཡེ་ཤེས་ཉེར་ལྔ་གོང་བཤད་དེའོ། ༈། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་གཉིས་ཏེ། །ཤེས་པས་བསྡུས་པའི་ཡེ་ཤེས་དང་། །ཤེས་པས་བསྡུས་པའི་ཡེ་ཤེས་ནི། །སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་དགོངས་པ་རང་གསལ་མངོན་གྱུར་གནས་པ་ཡིན་ལ། སེམས་ཅན་ལ་ཕྲ་བ་སྙིང་ཀར་གནས་སོ། ༈། ཤེས་བྱས་བསྡུས་པའི་ཡེ་ཤེས་ནི། །ཇི་ལྟར་མཁྱེན་པའི་ཡེ་ཤེས་དང་། །ཇི་སྙེད་མཁྱེན་པའི་ཡེ་ཤེས་གཉིས་སོ། ༈། དེ་གཉིས་ཀྱི་ངོ་བོ་ནི། ཐལ་འགྱུར་ལས། ཇི་ལྟར་མཁྱེན་པའི་ཡེ་ཤེས་བཤད། །སྣང་ཆས་བརྗོད་གཞི་བྲལ་བ་ལ། །རང་སྣང་དག་པའི་གཟུགས་
(༨༢༤)བརྙན་གསལ། །དངོས་པོའི་གནས་ལུགས་མཁྱེན་པ་ལ། །རང་དོན་རྟོགས་འཁྲུལ་པ་ཟད། ། དེ་ལ་ཤེས་བྱ་ཇི་སྙེད་མཁྱེན། །འདིས་ནི་གདུལ་བྱའི་བསམ་པ་མཁྱེན། །གཞན་དོན་ཁོང་དུ་ཆུད་པ་ཡིས། །ཆོས་རྣམས་རང་བཞིན་ཤེས་པའོ། །ངེས་ཚིག་ནི། ཇི་ཞེས་བྱ་བ་གནས་ལུགས་ལ། །ལྟ་བ་ཡེང་བ་མེད་པར་སྤྱོད། །མཁྱེན་པ་འགགས་པ་མེད་ཕྱིར་རྫོགས། །ཡེ་ནི་ལམ་དུ་གྱུར་པ་ལ། །ཤེས་པས་ཚད་དུ་ཕྱིན་པའོ། །ཇི་ཞེས་བྱ་བ་གནས་ལུགས་ལ། །སྙེད་པས་མ་ལུས་རྫོགས་པར་བྱས། །ཡེ་ནི་སེམས་ཅན་ཀུན་དོན་ལ། །ཤེས་པས་ཁམས་གསུམ་དང་པོ་ནས་འབྱིན། །ཞེས་གསུངས་སོ། ༈། ད་ནི་ཡོན་ཏན་བཤད་དེ། དང་པོ་ཆོས་སྐུའི་ཡོན་ཏན་སོ་གཉིས་ལས། ༈། སྟོབས་བཅུ་ནི། དེའང་སྔོན་གདུལ་བྱའི་དོན་དུ་ཐུགས་བསྐྱེད་ཅིང་སྡོམ་པའི་དམ་བཅའ་བསྟན་པས། དགེ་བས་མཐོ་རིས་ཐོབ་པ་ནི་གནས་ཡིན་པ་དང་། མི་དགེ་བས་ངན་སོང་དུ་འགྲོ་བ་ཡང་གནས་ཡིན་ལ། མི་དགེས་བདེ་འགྲོ་ཐོབ་པ་དང་། དགེ་བས་ངན་འགྲོར་འགྲོ་བ་གནས་མ་ཡིན་ཏེ་མི་སྲིད་པ་གནས་དང་གནས་མིན་མཁྱེན་པའི་སྟོབས་དང་།
(༨༢༥)སྔོན་རྒྱུ་འབྲས་ལ་ཡིད་ཆེས་པས་ལས་ཀྱི་འབྲས་བུ་དང་རྣམ་པར་སྨིན་པ་ཕྲ་མོ་དང་མཁྱེན་པའི་སྟོབས་དང་། ཁམས་རྣམས་དང་མཐུན་པར་ཆོས་སྟོན་པ་ལ་བཞུགས་པས། སེམས་ཅན་གྱི་ཁམས་ཏེ་འཇིག་རྟེན་པའི་རིག་སམ། ཉན་རང་གི་རིགས་སམ། བྱང་སེམས་ཀྱི་རིགས་ཅན་སོགས་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། དབང་པོ་དང་མཐུན་པའི་ཆོས་བསྟན་པའི་རྒྱུས། སེམས་ཅན་གང་ཞིག་དད་པ་སོགས་དབང་པོ་མཆོག་དང་། །ཁྲེལ་མེད་པ་སོགས་དབང་པོ་མཆོག་མ་ཡིན་པའི་སྟོབས་དང་། མོས་པ་དང་མཐུན་པར་ཞུགས་པས་སེམས་ཅན་གང་ཐེག་ཆེན་ལ་མོས་པ་དང་། གང་ཐེག་དམན་སོགས་ལ་མོས་པ། ལ་ལ་སྦྱིན་པ་མ་མོས་པ་སོགས་མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས་དང་། ། ཐེག་པ་ཐམས་ཅད་ལ་གོལ་པའི་རྒྱུས། སེམས་ཅན་གང་བདེ་འགྲོའམ། ངན་འགྲོའམ། བྱང་ཆུབ་གསུམ་ཀུན་ཏུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། སྔོན་ཏིང་ངེ་འཛིན་ལྷུར་བླངས་པས། འཇིག་རྟེན་པའི་བསམ་གཏན་སྙོམས་འཇུག་ཉོན་མོངས་ཅན་དང་། རྣམ་བྱང་གི་བསམ་གཏན་སྙོམས་འཇུག་དག་པ་བ་སོགས་ཟག་བཅས་ཟག་མེད་ཀྱི་དགེ་བ་ཐམས་ཅད་མཁྱེན་པའི་སྟོབས་དང་། སེམས་ཅན་
(༨༢༦)ལ་ལྷག་པའི་བསམ་པ་སོགས་ཀྱིས། ལྷ་ཡི་མིག་གིས། སེམས་ཅན་འཆི་འཕོ་དང་། སྐྱེ་བ་དང་། བར་སྲིད་དང་། དེ་དག་ཀྱང་། དགེ་སྡིག་གིས་རིགས་དྲུག་གང་དུ་སྐྱེ་བ་མཁྱེན་པའི་སྟོབས་དང་། དགེ་བ་ཆུད་མ་གསན་པས་རང་གཞན་གྱི་སྔོན་གྱི་སྐྱེ་གནས་མ་ལུས་རྗེས་སུ་དྲན་པའི་སྟོབས་དང་། ཟག་པ་ཟད་པའི་དོན་སྟོན་པས། རང་རྒྱུད་ཀྱི་ཟག་པ་བག་ཆགས་བཅས་མ་ལུས་པར་ཟད་པར་མཁྱེན་པའི་སྟོབས་དང་བཅུའོ། ༈། སྟོབས་བཅུ་པ་དེ་ལ་བརྟེན་པའི། མི་འཇིགས་བཞི་ནི། ཆོས་ལ་དཔེ་འཁྱུད་དང་བྲལ་ཕྱིར། རང་དོན་མཐར་ཕྱིན་པས། བདག་ནི་སངས་རྒྱས་ཏེ། ཆོས་ཀུན་ལ་མངོན་པར་བྱང་ཆུབ་གོ། ཞེས་འཁོར་གྱི་དབུས་སུ་དམ་བཅའ་བ་དང་གཅིག། སྔོན་བར་ཆད་ཀྱི་ཆོས་ལ་མ་བརྟེན་པས། གཞན་དོན་དུ་བར་ཆད་ཀྱི་ཆོས། ཉོན་མོངས་པ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་གེགས་ཡིན་ནོ། །ཞེས་འགོག་པར་བྱེད་པ་དང་གཉིས། སྔོན་དཀར་པོའི་ཆོས་རྣམ་བྱང་གི་ལམ་དུ་ཞུགས་པས། གཞན་དོན་དུ་ཐེག་པ་གསུམ་གྱི་ལམ་འདི་ལས་ངེས་པར་འབྱིན་པ་ཡིན་ཅེས་ཞལ་གྱིས་བཞེད་པ་དང་གསུམ། །སྔོན་ང་
(༨༢༧)རྒྱལ་སྤངས་པས། རང་དོན་སྤང་བ་ཕུན་སུམ་ཚོགས་ཟག་པ་མ་ལུས་ཟད་པས་བདག་གིས་འགོག་པ་ཐོབ་བོ་ཞེས་སྟོན་པ་དང་བཞི་པོ་དེ་ལ། དགེ་སྦྱོང་ངམ་བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་གང་ཡང་རུང་སྟེ་ཆོས་མཐུན་གྱི་རྒོལ་བ་ཡང་དག་པར་རྗེས་སུ་མ་གཟིགས་པས་ན། གང་ལའང་མི་འཇིགས་པ་ཐོབ་པས་དཔྱོད་དེ་ཁྱུ་མཆོག་རླབས་པོ་ཆེའི་ནང་དུ་དམ་འཆའ་ཞིང་། འཁོར་གྱི་ནང་དུ་སེངྒེའི་སྒྲ་སྒྲོགས་སོ། །ཚངས་པའི་འཁོར་ལོ་སྔོན་ཆད་སུས་ཀྱང་མ་བསྐོལ་བ་བསྐོར་བ་ཡིན་ནོ། །མ་འདྲེས་པ་བཅོ་བརྒྱད་ནི། སྟོབས་བཅུ་དང་མི་འཇིགས་བཞི་ཐོབ་པའི་རྒྱུ་དེས། སྔོན་དུ་ལམ་སྟོར་བའི་སེམས་ཅན་ལ་ལམ་མངོན་དུ་བསྟོན་པའི་རྒྱུས་སྐུ་ཡི་སྤྱོད་ལམ་གནས་མིན་དུ་གཤེགས་པ་སོགས་ཀྱི་འཁྲུལ་པ་མི་མངའ་བས་ཉན་རང་སོགས་དང་མ་འདྲེས་པ་དང་། སྔོན་རྩོད་པ་མེད་པ་ལྷུར་མཛད་པས། གསུང་རྟ་གད།། །དུ་རྒོད་པ་དང་། འོ་དོད་བྱེད་པ་སོགས་ཅ་ཅོ་མེད་པ་དང་། སྔོན་རྗེས་དྲན་བཅུ་དྲུག་གོམ་པས། གཞན་དོན་ནུས་བཞིན་དུ་ཐུགས་ལ་བསྙེལ་བ་མེད་པར་ཐམས་ཅད་སྐད་ཅིག་གིས་མཁྱེན་པའི་ཕྱིར་དྲན་
(༨༢༨)པ་ཉམས་པ་མི་མངའ་བ་དང་། སྔོན་གཞན་སེམས་བསྲུང་བས་མཉམ་གཞག་ལས་ལང་བའི་རྗེས་ཐོབ་ལ་མཉམ་པར་མ་བཞག་པའི་སྐབས་མེད་པ་རྟག་པར་མཉམ་ཉིད་བཞག་འབའ་ཞིག་མངའ་བ་དང་། སྔོན་ཕྱིན་ཅི་ལོག་གི་འདུ་ཤེས་སྤངས་པས། འཁོར་བ་ལ་མི་མཐུན་ཕྱོགས་དང་། མྱང་འདས་ལ་ཞི་བ་ཐོབ་བྱར་འདུ་ཤེས་མེད་པར་འཁོར་བ་མྱང་འདས་ཡིན་པས་ཐ་དད་མཚན་མར་འཛིན་པའི་འདུ་ཤེས་བླངས་དོར་སྣ་ཚོགས་མི་མངའ་བ་དང་། སྔོན་བཏང་སྙོམས་བསྒོམ་པས་གདུལ་བྱ་འདུལ་བའི་དུས་ལ་བབ་བཞིན་དུ་མ་བརྟགས་པར་བཏང་སྙོམས་སུ་ཡར་བར་འདོར་བ་མི་མངའ་བ་དང་། དེ་དྲུག་ནི་སྐུ་གསུང་། ཐུགས་ཀྱི་སྤྱོད་པས་བསྡུས་པའོ། ༈། སྔོན་རྟགས་ཏུ་རྒྱུན་མི་ཆད་པའི་མོས་པ་དྲག་པོའི་སྟོབས་ལས། རང་དོན་དང་སེམས་ཅན་ཉུང་ངུའི་དོན་ལ་ཆོས་སྟོན་པའི་འདུན་པ་ཉམས་པ་མ་ཡིན་པར། སེམས་ཅན་མ་ལུས་པ་བརླན།། །མེད་པའི་བྱང་ཆུབ་ཏུ་འགོད་འདོད་པའི་འདུན་པས་ཆོས་བསྟན་པར་འོས་པ་སྟོན་པའི་འདུན་པ་མ་ཉམས་པ་དང་། སྔོན་བརྩོན་འགྲུས་བརྩམ་པས། སེམས་ཅན་གདུལ་དཀའ་བ་འདོར་བར་མི་སྲིད་པ། སེམས་ཅན་གཅིག་གི་དོན་དུ་བསྐལ་པར་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཚད་མེད་པ་
(༨༢༩)སྟོན་པ་སོགས་ཀྱིས་ཆོས་སྟོན་པས་འདུལ་དགོས་ནའང་དེ་ལྟར་བརྩོན་པས་བརྩོན་འགྲུས་ཉམས་པ་མེད་པའོ། །སྔོན་དྲན་པ་ཉེ་བར་བཞག་པ་བཞི་གོམ་པས། སེམས་ཅན་གང་དང་གང་འདུ་ལ་བ་ལ་འཕྲམ་དུ་དགོངས་པས་གཟིགས་མི་དགོས་པར། སེམས་ཅན་གྱི་ཁམས་དང་བསམ་པ་བག་ཉལ་ཐམས་ཅད་མཁྱེན་ཅིང་གང་གིས་འདུལ་བའང་སྔ་ནས་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་བཞིན་པས་དྲན་པ་ཉམས་པ་མེད་པ་དང་། སྔོན་ཏིང་ངེ་འཛིན་གོམ་པས། འཕྲལ་དུ་ཏིང་ངེ་འཛིན་ལ་བཞུགས་མི་དགོས་པར། དུས་རྟག་ཏུ་ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་ཏིང་འཛིན་ལ་ཉམས་པ་མི་མངའ་བ་དང་། སྔོན་ཤེས་རབ་ལ་གོམ་པས། མཁྱེན་པ་ཉི་ཚེ་ཙམ་དང་། གང་ཟག་གི་བདག་མེད་ཕྱོགས་རེ་ཙམ་རྟོགས་པ་ཙམ་མིན་པར་སེམས་ཅན་གྱི་ཁམས་ཇི་སྙེད་དང་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་མཁྱེན་ཅིང་བདག་མེད་གཉིས་ཀ་མངོན་དུ་བྱས་ཏེ། སེམས་ཅན་གྱི་དོན་མི་ཟད་པར་མཁྱེན་པའི་ཤེས་རབ་ལས་ཉམས་པ་མི་མངའ་བ་དང་། སྔོན་ཁྱིམ་དང་འདོད་ཡོན་དོན་དུ་མི་གཉེར་བར་ཁྱིམ་ནས་བྱུང་བར་དགའ་བས། ཉོན་སྒྲིབ་ཉི་ཚེ་ཙམ་
(༨༣༠)ལས་གྲོལ་ཙམ་མིན་པ། ཉོན་མོངས་ཀྱི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ཐམས་ཅད་ལས་གྲོལ་བ། སྲིད་ཞི་གཉིས་ལ་མི་གནས་པའི་མྱང་འདས་ཐོབ་པས་རྣམ་གྲོལ་གྱི་ཡེ་ཤེས་མཐོང་བ་ལས་ཉམས་པ་མི་མངའ་བའོ། །དེ་དྲུག་ནི་རྟོག་པས་བསྡུས་པ་ཡིན་ནོ། ༈། སྔོན་ང་རྒྱལ་སྤང་བའི་ཡེ་ཤེས་ཀྱིས་བྱས་པའི་ལུས་ངག་ཡིད་ཀྱི་ལས་བྱས་ཕྱིར། སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་རྣམས་ལ་རྒྱུ་ཡི་ཀུན་སློང་ཡེ་ཤེས་ཀྱི་སྔོན་འགྲོ་བ་དང་། དུས་ཀྱི་ཀུན་སློང་ཡེ་ཤེས་ཀྱི་རྗེས་སུ་འབྲང་པས་ཡེ་ཤེས་ཀྱི་གཏན་ལ་ཕབ་ནས་སེམས་ཅན་གྱི་བསམ་པ་དང་མཐུན་པར་འབྱུང་བས་ཕྲིན་ལས་ཀྱིས་བསྡུས་པ་གསུམ་མོ། ༈། སྔོན་དུས་གསུམ་སངས་རྒྱས་ཀྱི་ཡེ་ཤེས་ཆགས་ཐོག་མེད་པ་ཐོབ་ནས། དེ་ལ་མོས་ཤིང་ཡིད་ཆེས་པས། དུས་འདས་པ་དང་། མ་འོང་པ་དང་། ད་ལྟ་བ་གསུམ་ཀ་ལ། ཤེས་བྱ་ཐམས་ཅད། ཇི་ལྟ་མཁྱེན་པའི་ཡེ་ཤེས་མངའ་བས་མ་ཆགས་པ་དང་། ཇི་སྙེད་མཁྱེན་པའི་ཡེ་ཤེས་མངའ་བས་མ་ཐོགས་པར་དུས་གསུམ་ལ་སྒྲིབ་པ་མེད་པའི་ཡེ་ཤེས་གསུམ་ནི་དུས་ཀྱི་བསྡུས་པ་གསུམ་སྟེ། དེ་ལྟར་ཉན་རང་སོགས་འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པ་ཀུན་དང་།
(༨༣༡)རྡུལ་ཙམ་མ་འདྲེས་པའི་ཆོས་བཅོ་བརྒྱད་དོ། ༈། དེ་ལྟར་སྟོབས་བཅུ། མི་འཇིགས་བཞི། མ་འདྲེས་བཅོ་བརྒྱད་དེ་ལ། བྲལ་བའི་ཡོན་ཏན་ནམ། ཆོས་སྐུའི་ཡོན་ཏན་སོ་གཉིས་ཞེས་གསུངས་སོ། ༈། གོང་བཤད་མ་འདྲེས་བཅོ་བརྒྱད་ཀྱི་ཐོག་མར་སྐུའི་སྤྱོད་ལམ་འཁྲུལ་པ་མེད་པའང་། གཟུངས་ཀྱི་དབང་ཕྱུག་གྱིས་ཞུས་པའི་མདོ་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། །སྐུ་ཡི་ལས་གྱ་ཚོམ་མེད་པ། །སྤྱོད་ལམ་དང་སྤྱོད་ལམ་རྣམ་བཞི་རབ་ཏུ་དྭངས་བར་བྱེད་པའོ། །གྲོང་ཁྱེར་དུ་འཇུག་པ་དང་འབྱུང་བ་ན། ཞབས་ཀྱི་མཐིལ་གྱིས་ས་ལ་མི་རེག་ཅིང་། ས་ཆེན་པོ་ལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ་འབྱུང་བར་འགྱུར་རོ། །ཡིད་དུ་འོང་བའི་དྲི་དང་ལྡན་པའི་པདྨ་ནི་འབྱུང་བར་འགྱུར་རོ། །གང་དུ་གཤེགས་པའི་ཞབས་ཀྱིས་བཞག་པ་དེ་རུ། གང་དུ་འགྲོའི་སྐྱེ་གནས་སུ་གྱུར་པའི་སེམས་ཅན་དེ་བཞིན་གཤེགས་པའི་འོད་ཀྱིས་རེག་པར་གྱུར་པ་དེ་ཞག་བདུན་དུ་མཆོག་ཏུ་བདེ་བ་དང་ལྡན་པར་འགྱུར་རོ། །ཚེ་འཕོས་ནས་ཀྱང་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་བཞིན་གཤེགས་པའི་སྐུ་ལ་ཆོས་གོས་རྣམས་སོར་བཞིའི་བར་གྱིས་མ་རེག་པ་ཉིད་དོ། །བྷེ་ར་
(༨༣༢)བྷའི་རླུང་གིས་ཀྱང་བསྐྱོད་པར་མི་ནུས་ཏེ། སྐུའི་འོད་ཀྱིས་མནར་མེད་པའི་མཐར་ཐུག་པའི་སེམས་ཅན་རྣམས་བདེ་བར་བྱེད་དོ། །དེས་ན་དེ་བཞིན་གཤེགས་པའི་སྐུ་ལ་གྱ་ཚོམ་མེད་པར་ཞེས་ཏེ། རྟག་པ་ཉིད་དུ་ཡང་དག་པར་རྟོགས་པར་བྱེད་པའི་ཕྱིར་རོ། །ཞེས་གསུངས་སོ། ༈། སྐྱེས་བུ་ཆེན་པོའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ནི། རྒྱུད་བླ་མ་ལས། ལེགས་གནས་འཁོར་ལོས་མཚན་པ་དང་། །སོགས་གསུང་པའི་གོ་རིམ་ལྟར་འཆད་ན། །ཡིད་དམ་བཅའ་བརྟན་པས། །ཞབས་ལེགས་པར་གནས་པ་ནི། །རུ་སྦལ་ལྟོ་བ་ལྟར་ཞབས་མཐིལ་པ་ལ་མཉམ་དུ་རེག་པ་སྟེ། ས་ཆེན་པོ་ལ་མཐོ་དམན་དང་གྲོགས་པོ་དང་། གསེག་མ་དང་། ཆུ་དང་། འདག་པ་དང་། ཚེར་མ་འོབ་སོགས་རྣམས་མཉམ་པར་གནས་པའོ། །འཇིག་རྟེན་ཁམས་འབུམ་ཕྲག་དུ་མས་བར་དུ་ཆོད་པའི་རིང་དུ་གྱུར་པ་དང་ཉེ་བར་གྱུར་པ་ཡིན་ནོ། །སྔོན་བླ་མ་ལ་བསུ་བསྐྱེ།། །དང་ཆོས་ཉན་པའམ་བཏི་ཏང་བྱས་པའི་རྒྱུས་ཕྱག་ཞབས་ཀྱི་མཐིལ་ལ་འཁོར་ལོ་བ་པོ་ལ་བསྐོས་པ་འདྲ་བས་མཚན་པའོ། །གཞན་ཆེད་དུ་མ་བསད་པས། ཞབས་ཏིང་པ་ཡངས་པ་རྐང་མཐིལ་གྱི་ཐམས་ཅད་ཆ་བཞིར་བྱས་ཏེ་ཆ་གསུམ་
(༨༣༣)ནི་ཞབས་སོ། །ཆ་གཅིག་རྟིང་པའི་ཚད་དང་ལྡན་པའི་ཞབས་སྟོད་སྨད་ཞིང་མཉམ་པ་དང་། ཞབས་ལོང་བུ་སོགས་རུས་པ་འབུར་པོ་རྣམས་མི་མངོན་པའོ། །སེམས་ཅན་གཞན་སྐྱབས་པས། སོར་མོ་རིང་བ་ནི། ཕྱག་ཞབས་ཀྱི་སོར་མོའི་ཚིགས་དང་པོ་ནས་བཟུང་སྟེ་བར་མ་། ཆད་ཀྱང་སོར་གདུབ་ལ་སོགས་པས་བརྒྱན་དུ་རུང་བའོ། ། གཞན་གྱི་འཁོར་མ་ཕྱེས་པས། ཕྱག་ཞབས་ཀྱི་སོར་མོའི་བར་སོར་གདུབ་བརྒྱན་པས་མི་གནོད་པར་བྱ་ངང་པའི་དབང་པོ་བཞིན་དྲ་བས་འབྲེལ་བ། བགོ་བ། སྣ་ཚོགས་བྱིན་པས་པགས་པ་སྲབ་ཅིང་འཇམ་ལ་གཉེར་མ་དང་ལྷོད་འཁུམ་མེད་པ་གཞོན་ཤ་ཅན་ལགས་པ་ཉིད་དོ། །བཟའ་བཅའ་བཏུང་བ་ཞིམ་ཞིང་བདེ་བ་བྱིན་པས་སྐུ་ནི་བདུན་དག་མཐོང་བ་དང་། ཞེས་པ། ཕྱག་ཞབས་ཀྱི་མཐེབ་ཆེན་གྱི་རྩ་བའི་སྐྱོང་བཞི། སྒྲོག་རུས་ཀྱི་སྐྱོང་གཉིས། ལྟག་པའི་སྐྱོང་སྟེ་བདུན་སྐུ་ཤས་གང་བས་མཐོང་བ་དང་། སངས་རྒྱས་ཀྱི་ཆོས་བཟུང་བས་བྱིན་པ་ཟླུམ་ཞིང་རིམ་གྱིས་ཕྲ་བ་རིས་དྭགས་ཨེ་ན། ཤ་བའམ་ཁ་ཤ་ལ་རོས་འཛིན་སྣང་། ཡ་འདྲ་བ་དང་། གསང་ཚིག་བསྲུང་ཞིང་འཁྲིག་
(༨༣༤)པ་སྤངས་པས་གསང་གནས་རྟ་གླང་བཞིན་དུ་སྦུབས་སུ་ནུབ་པས་མི་སྣང་བ་དང་། དགེ་བའི་ལས་རྒྱ་ཆེན་པོ་མཐར་གྱིས་སྤྱད་པས་སྐུ་སྟོད་རྒྱས་པས་སེངྒེ་འདྲ་བ་དང་། དགེ་རྩ་ཡང་དག་སྤྱད་པས་ཐལ་གོང་བར་མེད་རྒྱས་པ་ཞེས་པ་ཐལ་མོའི་ཆང་ཁ་རྒྱས་པ་དང་། ཐལ་གོང་རྒྱས་པ་འདི་ལ། ལ་ལས་ཕྲག་པོ་རྒྱས་སོགས་སྣང་ཡང་། སྒྲོག་རུས་ཀྱི་གཤོང་ཡིན་ན་སྐུ་ནི་བདུན་མཐོ་བ་དང་། ཟློས་པའམ། ཕྲག་གོང་ཡིན་ན་དཔུང་མགོ་ཟླུམ་བ་དང་ཟློས་རྐྱེན་ནམ། ལ་ལས་མགྲིན་པ་ཟླུམ་ལ་ཐང་ག་རྒྱས་པར་གསུངས་ཀྱང་། མགྲིན་པ་དུང་འདྲ་གསུངས་པ་དང་ཟློས་པ་འདྲ།། །བས། ཐལ་མོའི་ཆང་ཁ་རྒྱས་པ་ཡིན་པར་མངོན་རྟོགས་རྒྱན་གྱི་རྒྱ་འགྲེལ་ལས་བཤད་པས་འཐང་།། །སར་སེམས་སོ། །གཞན་ལ་མི་འཇིགས་པ་བྱིན་ཅིང་དབུགས་དབྱུང་བས་དཔུང་མགོ་གཉིས་ཟླུམ་ཞིང་ལེགས་པ་དང་། གཞན་གྱི་བྱ་བའི་གྲོགས་ལ་སྤྲོ་བས། ཕྱག་འཇམ་ཞིང་ཟླུམ་ཞིང་མཐོ་དམན་མེད་པ་སྐུ་མ་བཏུད་པར་ཕྱག་དཔུས་མོར་སླེབ་པས་རིང་བ་དང་། དགེ་བཅུད་མོ།། །མེད་སྤྱད་པས། སྐུ་ཡོངས་སུ་རྣམ་པར་དག་པ་འོད་ཀྱི་དཀྱིལ་འཁོར་དང་ལྡན་པ་དང་། ནད་པ་ལ་སྨན་སྣ་ཚོགས་བྱིན་པས་མགྲིན་པ་ཤིན་ཏུ་ཟབ་པའི་རི་མོ་འཁོར་བར་ཡོད་པས་དྲིན་མེད་དུང་འདྲ་བ་དང་།
(༨༣༥)དགེ་བའི་རྩ་བ་ཡོངས་སུ་སྦྱོར་བས་འགྲམ་པ་ཟླུམ་ཞིང་རྒྱས་པ་རི་དྭགས་རྒྱལ་པོ་སེངྒེ་འདྲ་བ་དང་། སེམས་ཅན་ལ་བསམ་པ་རྣམ་པར་སྦྱར་བས་ཚེམ་བཞི་བཅུ་མཉམ་པ་དང་། འཁོན་བསྡུམ་པས། གཙང་ཞིང་རབ་ཏུ་དག་པ་བར་མཚམས་མད།། །དོ་པས་ཚེམས་ཐག་བཟང་བ་དང་། ཡིད་དུ་འོང་བའི་ནོར་བུ་བྱིན་པས་རྣམ་པར་དག་པའི་ཚེམ་རིང་ཐུང་དང་ཆེ་ཆུང་ཡ་ཡོ་མེད་ཅིང་མཉམ་པ་ཉིད་དང་། ལུས་ཀྱི་ལས་གསུམ་བསྲུང་བས། མཆེ་བ་དང་ཚེམས་སྤྱིར་རབ་ཏུ་མཆོག་ཏུ་དཀར་བ་དང་། བདེན་པའི་ཚིག་བསྲུང་བས་ལྗགས་རིང་བ་སྟེ་བརྐྱང་ན་སྲལ་མཚམས་དང་སྙན་གྱི་བར་ཁེབ་པ་དང་། བསོད་ནམས་ཚད་མེད་པས་བརྟེན་ཅིང་ཡིད་དུ་འོང་བའི་རོ་བྲོ་བྱིན་པས་འཇིག་རྟེན་ན་རོ་མི་ཞིམ་པར་གྲགས་པ་རྣམས་ཀྱང་ལྗགས་ཐོག་ཏུ་ཕྱིན་ཚེ་མཐའ་མེད་པ་དང་བསམ་དུ་མེད་པའི་རོ་མཆོག་ཏུ་གྱུར་པར་སྣང་བ་དང་། འཇམ་ཞིང་དགའ་བའི་ཚིག་སྨྲས་པས། རང་བྱུང་ཀ་ལ་པིང་ཀའི་སྒྲ་ལྟར་འཇམ་མཉན་དང་། ཚངས་པའི་དབྱངས་ཉིད་དང་། བྱམས་པ་དང་ལྡན་ཞིང་ཐམས་ཅད་བསྲུང་བས་མཐོན་
(༨༣༦)མཐིང་དཀར་ནག་འབྱེད་པས་སྤྱན་བཟང་ཨུཏྤལ་འདྲ་བ་དང་། གཡོ་རྒྱུ་མེད་པས་ཁྱུ་མཆོག་སྟེ་བ་ཡི་། རྫི་མ་འདྲ་བ་ནི། བའི་བེའུ་གཞོན་ནུ་ལྟར་སྟེང་དང་འོག་སྔོ། ལ་འོད་དང་ལྡན་པ་དང་། བསྔགས་འོས་རྣམས་བསྔགས་པས་ཞལ་མཛེས་པའི་སྨིན་མཚམས་སུ་མཛོད་སུ་དུང་ལྟར་དཀར་བ་འོད་འཚེར་བ་ཕྲ་ཞིང་འཇམ་པའི་སྤུ་སུམ་ཅུ་རྩ་གཉིས་ཚང་བ་འཐེན་ན་རིང་པོར་ཕྱིན་ཀྱང་ཚད་མི་མངོན་པ། གཡས་སུ་འཁྱིལ་བས་བརྒྱན་པ་དང་། བླ་མ་ལ་གུས་པས་དབུའི་གཙུག་གཏོར་རང་གི་སོར་བཞིའི་ཚད་ཀྱི་དབུས་དྲང་པོར་གྱེན་དུ་འཕགས་ཤིང་། དབུ་སྐྲ་ཚོམ་བུ་ཚོམ་བུར་འཁྱིལ་བའི་ཕྲེང་བས་གཙུག་ཏོར་གྱི་དངོས་དུང་གི་འཁྱིལ་བ་ལྟར་རིམ་པར་ཕྱེད་དང་བཅུ་གསུམ་དུ་འཁྱིལ་བའི་རྩེ་མོའི་གཙུག་འཁྱིལ་ནི་ལྷ་མི་སུས་ཀྱང་མཐོང་བར་མི་མངོན་པ་དང་། ཆོས་ཡང་དག་པར་ཚོལ་བས་པགས་པ་དྲི་མ་མེད་པར་དག་པ་དང་། སེམས་ལས་སུ་རུང་བ་དང་ཡིད་དུ་འོང་བའི་མལ་སྟན་བྱིན་པས་པགས་པ་སྲབ་པ་དང་ལྡན་པའི་གསེར་གཙོ་མའི་ཁ་དོག་དང་འདྲ་བ་དང་། འདུ་འཛི་སྤངས་པས། བ་སྤུའི་བུ་ག་རྣམས་རིན་པོ་ཆེ་
(༨༣༧)འབར་བ་ལྟ་བུའི་བུ་ག་གྱེན་དུ་ཕྱོགས་པ་ལས་སྐྱེས་པའི་བ་སྤུ་རྣམས་བཻ་ཌཱུ།། །སྔོན་པོའི་མདོག་ཅན་ཕྲ་ཞིང་འོད་འཚེར་བ་རེ་རེ། ནས་གཡས་སུ་འཁྱིལ་བ་དང་། སྙིང་རྩེ་ཞིང་མཚོན་ཆ་ལ་སོགས་པ་སྤངས་པས། དབུ་སྐྲ་དྲི་མེད་རིན་ཆེན་ཨིནྡྲ་ནི་ལ་མཐོན་མཐིང་གི་ཁ་དོག་བཞིན་དང་། བདག་གཞན་ཏིང་ངེ་འཛིན་ལ་སྦྱོར་བས་ཤིང་ནྱ་སྒྲོ་རྡའི་སྡོང་པོ་ལྟར་ཆུ་ཞེང་གབ་པ་ནི་སྐུ་བཞེངས་པའི་སྐུ་བོང་གི་ཚད་དང་། ཕྱག་འདམ་དུ་བརྐྱང་བའི་ཆུ་ཞེང་མཉམ་པའོ། །མཚན་བཟང་པོ་གཉིས་བརྩི་བའི་གོ་རིམ་དང་བརྩི་ལུགས་ཅུང་ཟད་ཁྱད་པར་དང་། མཚན་གྱི་རྒྱུ་རྣམས་ལ་ཅུང་ཟད་འདྲ་མིན་འདུག་ཀྱང་ཤེར་ཕྱིན་གྱི་མདོ་དང་། བུ་མོ་རིན་ཆེན་མདོ་སོགས་ནས་ཅུང་ཟད་ཁྱད་པར་གསུངས་པའི་ཁྱད་ཡིན་འདུག༈། དེ་ལྟར་སོ་གཉིས་ནི། གཟུགས་སྐུའི་ཡོན་ཏན་ནམ་རྣམ་པར་སྨིན་པའི་ཡོན་ཏན་ཞེས་གསུངས་སོ། ༈། དེ་ལྟར་ཡང་། རྒྱུད་བླ་མ་ལས། དེ་དག་ཡོན་ཏན་སུམ་ཅུ་ནི། །གཉིས་འདི་ཆོས་སྐུའི་རབ་ཕྱེ་སྟེ། །ནོར་བུ་རིན་ཆེན་འོད་མདོག་དང་། །དབྱིབས་བཞིན་དབྱེ་བ་མེད་ཕྱིར་རོ། །མཐོང་ན་ཚིམ་བྱེད་ཡོན་ཏན་གང་། །སུམ་
(༨༣༨)ཅུ་རྩ་གཉིས་ཞེས་བྱ་བ། །སྤྲུལ་པ་མཆོག་ལ་རྫོགས་པ་ནི། །ལོངས་སྤྱོད་རྫོགས་སྐུ་གཉིས་ལ་བརྟེན། །ཞེས་སོ། ༈། འདིར་ཆོས་སྐུའི་ཡོན་ཏན་སོ་གཉིས། །གཟུགས་སྐུའི་ཡོན་ཏན་སོ་གཉིས་སྟེ། །ཡོན་ཏན་དྲུག་ཅུ་རྩ་བཞི་གསུངས་པ་ནི་མདོར་བསྡུས་རག་པ་ཙམ་ཏེ། རྗེ་རང་བྱུང་བའི་སྙིང་པོ་བསྟན་པ་ལས། ཡོན་ཏན་དྲུག་ཅུ་རྩ་བཞི་པོ། །རག་པ་ཙམ་ཡིན་རེ་རེ་ཡང་། །བྱེ་བ་ཕྲག་རེར་གསུངས་པ་ཡིན། །ཞེས་གསུངས་སོ། །དེ་ལྟར་ཡོན་ཏན་དྲུག་ཅུ་རྩ་བཞི་པོ་དེ་དག་ཀྱང་། །ད་ལྟ་སེམས་ཅན་གྱི་ལུས་ལ་དྲི་བཅས་སུ་བཞུགས་པ། ལམ་གྱི་རྒྱུས་དྲི་མ་བསལ་བས་སྣང་བ་ཡིན་གྱི། སྔར་གཞི་ལ་མེད་པའི་ཡོན་ཏན་གསར་ཐོབ་མིན་པ་ནི་སྔར་བྱང་སེམས་ཐེག་པའི་སྐབས་ནས་བཤད་ཟིན་ཏོ། ༈། སངས་རྒྱས་ཀྱི་སྟོབས་ཚད་མེད་པ་ཡང་། །ཚན་པོ་ཆེ་དྲི་མ་མེད་པའི་གཟི་བརྗིད་ཀྱིས་ཞུས་པ་དང་། །འཕགས་པ་རྡོ་འཕང་བ་སོགས་པ་དག་ལས་གསུངས། མདོར་བསྡུས་རང་བྱུང་ཞབས་ཀྱི་ཆོས་དབྱིངས་བསྟོད་འགྲེལ་དང་། དཔའ་བོའི་སྤྱོད་འཇུག་འགྲེལ་སོགས་ལས་གསུངས་ཀྱང་འདིར་མང་གྱི་དོག་པས་མ་བྲིས་པས་དེར་བལྟའོ། ༈། དཔེ་
(༨༣༩)བྱད་བཟང་པོ་བརྒྱད་ཅུ་ནི་མངོན་རྟོགས་རྒྱན་ལས་གསུངས་པའི་གོ་རིམ་ལྟར། འདུ་བྱེད་ལས་དབེན་པས་ཐུབ་པའི་སེན་མོ་ཟངས་མདོག་དང་། ཕན་། བདེའི་ཐུགས་མངའ་བས་སེན་མོ་སྣུམ་པ་དང་། རིགས་མཐོ་བས་སེན་མོ་མཐོ་བ་དང་། ཁ་ན་མ་ཐོ་མེད་པས་སེན་མོ་ཟླུམ་པ་དང་། དགེ་ཚོགས་བསགས་པས་སོར་མོ་རྒྱས་པ་དང་། དགེ་བ་སྒྲུབ་པས་སོར་མོའི་རྩེ་མོ་བྱིན་གྱིས་ཕྲ་བ་དང་། ། འཚོ་བ་རབ་ཏུ་བསྲུང་བས་རྩ་རྣམས་སགས།། །པའི་ཕྱི་མི་མངོན་པ་དང་། ཉོན་མོངས་མེད་པས་རྩ་མདུད་མེད་པ་དང་། དབེན་པའི་ཆོས་མངའ་བས་ལང་བུ་ནང་དུ་འབུར་བ་མི་མངོན་པ་དང་། འདྲེན་ཟླ་མེད་པས་ཞབས་གཉིས་རིང་ཐུང་ཆེ་ཆུང་མེད་པ་སྙོམས་པ་དང་། མི་ཡི་སེངྒེ་ཡིན་པས་སེངྒེའི་སྟབས་དང་། མི་ཡི་གླང་པོ་ཡིན་པས་ཐ་དཀར་གླེང་ཆེན་དང་། ནམ་མཁར་གཤེགས་པས་བྱ་ངང་པའི་རྒྱལ་པོ། །མི་ཡི་ཁྱུ་མཆོག་ཡིན་པས་འཁོར་གྱི་སྣ་འདྲེན་པ་ཁྱུ་མཆོག་གི་སྟབས་ཀྱིས་གཤེགས་པ་དང་། མཐུན་པའི་ལམ་མངའ་བས་གཡས་ཕྱོགས་ནས་འབྱོན་ཞིང་གཡས་ནས་ལྡོག་པ་དང་། བལྟས་ན་མཛེས་
(༨༤༠)པར་གཤེགས་པ་དང་། ཐུགས་མ་གཡོ་བས་སྐུ་དྲང་པོར་གཤེགས་པ་དང་། དག་པའི་ཡོན་ཏན་སྟོན་པས་སྐུ་འགྱིང་ལེགས་པ་འཁྲིལ་བག་ཆགས་པ་དང་། སྡིག་པ་མེད་པས་སྐུ་དྲི་མ་མེད་པ་བྱི་དོར་བྱས་འདྲ་དང་། གདུལ་བྱ་ལ་འཚམས་པའི་ཆོས་བསྟན་པས་སྦམ་ཕྲ་ཕྱེད་པ་རིམ་པར་འཚམ་པའི་སྐུ་དང་། ཀུན་སྤྱོད་དག་པས་སྐུ་གཙང་བ་དང་། ཐུགས་འཇམ་པས་སྐུ་འཇམ་པ་རེག་ན་བདེ་བ་དང་། ཐུགས་དག་པས་སྐུ་དག་པ་དང་། ཆོས་འདུལ་བ་རྫོགས་པས་མཚན་པོ་གཉིས་ཡོངས་སུ་རྫོགས་པ་དང་། ཡོན་ཏན་ཡངས་ཤིང་བཟང་བས་སྐུ་ཡི་ཁོ་ལག་ཁྱོན་ཆེ་བ་ཡངས་ཤིང་བཟང་བ་དང་། ཐུགས་ཐམས་ཅད་ལ་སྙོམས་པས་གོམ་པ་ཆེ་ཆུང་སྙོམས་པ་དང་། སྤྱན་གཉིས་གཟིགས་པ་དག་པ་དང་། །འཇམ་པའི་ཆོས་སྟོན་པས་གཞོན་ཤ་ཆགས་པ་དང་། ཐུགས་མི་ཞུམ་པས་སྐུ་ཤ་ཞུམ་པ་མེད་པ་དང་། མི་དག་པ་ཐམས་ཅད་བྱང་བས་སྐུ་ཤ་ཁེང་སྟེ་རྒྱས་པ་དང་། ཡང་སྲིད་བཅོམ་པས་སྐུ་མི་ལྷོད་པར་ཤིན་གྲིམ་པའི་སྐུ་ཉིད་དང་། རྟེན་འབྲེལ་སྟོན་པས་ཡན་ལག་རྣམས་ཀྱི་རིང་བོས་རིང་ཐུང་བསོ་བ་ཤིན་ཏུ་རྣམ་པར་འབྱེད་པ་དང་། སྤྱན་འདི་གཉིས་ཀྱི་རྒྱུ་བལྟ་དགོས་
(༨༤༡)རབ་རིབ་སོགས་ཀྱི་སྒྲིབ་པ་མེད་ཅིང་མིག་རྣག་སོགས་མེད་པས་དག་པ་དང་། སློབ་མ་ཁྲིམས་ལྡན་འཁོར་བས་སྐུའི་ཕྱལ་ཟླུམ་པ་དང་། འཁོར་བའི་སྐྱོན་མེད་པས་སྐད་སྐབས་ཕྱེད་པ་དང་། ང་རྒྱལ་མེད་པས་ཕྱལ་མ་རྙོངས་པ་རྒྱུ་སྟོང་མིན་པ་དང་། ཆོས་སྟོན་པ་ལ་ཟད་པ་མེད་པས་ཕྱལ་མཐོ་སྐྱོང་མེད་པ་འཕྱང་ངེ་བ་དང་། ཆོས་ཟབ་མོ་རྟོགས་པས་ལྟེ་བའི་ཁུང་བུ་ཟབ་པ་དང་། གདམས་ངག་འཛིན་པའི་སློབ་མ་འདུ་བས་ལྟེ་བའི་རི་མོ་གཡས་ཕྱོགས་སུ་འཁྱིལ་བ་དང་། སྤྱོད་ལམ་མཛེས་པའི་དགེ་འདུན་འདུ་བས་སྐུའི་སྤྱོད་པ་ཀུན་ནས་བལྟའ་ན་སྡུག་པ་དང་། སྒོ་གསུམ་གྱི་ཀུན་སྤྱོད་གཙང་བ་དང་། ཆོས་ནག་པོ་དང་བྲལ་བས། སྐུ་ལ་སྨེ་བ་དང་ཤ་མཚན་ནག་བག་མེད་པ་དང་། ཉམས་སུ་ལེན་བདེའི་ཆོས་སྟོན་པས་ཕྱག་ཤིང་བལ་ལྟར་འཇམ་པ་དང་། དགེ་སྦྱོང་ཆེན་པོ་བརྙེས་པས། ཕྱག་གི་རི་མོ་ལ་སྣུམ་མདངས་ཡོད་པ་དང་། བརྟེན་པར་བཞུགས་པས་། ཕྱག་གི་རི་མོ་ཟབ་པ་དང་། བཟོད་པའི་ཆོས་སྟོན་པས་ཕྱག་གི་རི་མོ་རིང་བ་དང་། བསླབ་པ་ཕྲ་མོ་ལ་གནས་འཆང་
(༨༤༢)བས་ཞལ་སྒྲོས་ཧ་ཅང་མི་རིང་བ་དང་། གཟུགས་བརྙེན་འཇིག་རྟེན་དུ་བསྐྱེ་བས་མཆུ་བཏོག་བིམ་བ་ལྟར་དམར་གསལ་ལ་གཟུགས་བརྙེན་སྣང་བ་དང་། ཚིག་འཇམ་པོས་འདུལ་བས་ལྗགས་བདེ་ཞིང་མཉམ་པ་དང་། ཡོན་ཏན་ཕྲ་བའི་ཚོགས་དང་ལྡན་པས་ལྗགས་སྲབ་པ་དང་། ཆོས་འདུལ་གཏིང་དཔག་དཀའ་བས་ལྗགས་དམར་བ་དང་། བསྙེང་བ་མི་མངའ་བས་འབྲུག་གི་སྒྲ་ལྟར་བརྗིད་པ་ཉིད་དང་། འཇམ་པར་སྨྲ་བའི་སློབ་མ་མང་བས་གསུང་མཉན་ཅིང་འཇམ་པ་དང་། སྲིད་པ་ཀུན་ཏུ་སྦྱོར་བ་ལས་འདས་པས་མཆེ་བ་ཟླུམ། གདུལ་དཀའ་འདུལ་བས་མཆེ་བ་རྣོ་བ་དང་། །ཆོས་འདུལ་བ་དཀར་བས་མཆེ་བ་དཀར་བ་དང་། མཉམ་པ་ཉིད་ལ་གནས་པས་མཆེ་བ་རིང་། ཐུང་སོགས་སྙོམས་པ་དང་། མངོན་རྟོག་རིམ་གྱིས་སྟོན་པས་མཆེ་བའི་རྩེ་མོ་བྱིན་གྱིས་ཕྲ་བ་དང་། ཤེས་རབ་ཀྱི་རི་མོ་ལ་གནས་པས་ཤངས་མཐོ་བ་དང་། འདུལ་བའི་སྐྱེ་བོ་གཙང་མ་མངའ་བས་ཤང་ལ་དྲི་མ་མེད་པས་མཆོག་ཏུ་དག་པ་དང་། སངས་རྒྱས་ཀྱི་ཆོས་མངའ་བས་སྤྱན་ཀྱུས་རིང་ཞིང་ཡངས་པ་དང་། སེམས་ཅན་གྱི་ཚོགས་འདྲེན་པས་སྤྱན་གྱི་རྗི་མ་
(༨༤༣)སྟུག་པ་དང་། ལྷ་དང་ལྷ་མིན་ན་ཆུང་སོང་བར་བྱས་པས་སྤྱན་དཀར་ནག་འབྱེད་པའི་པདྨའི་འདབ་མ་འདྲ་བ་དང་། ཕྱི་རྗེས་སུ་གཟིགས་པས་སྨིན་མ་གཡོན་འབྲེལ་བས་ཚུག་རིང་བ་དང་། འཇོམ་པོར་འདུལ་བས་སྨིན་མ་འཇམ་པ་དང་། དགེ་བའི་སྣུམ་དང་ལྡན་པས་སྨིན་མ་སྣུམ་པ་དང་། སྐྱོན་ཐམས་ཅད་མཁྱེན་པས་སྨིན་མའི་སྤུ་རིང་ཐུང་མཉམ་པ་དང་། གནོད་པ་བཟློག་པས་ཕྱག་རིང་ཞིང་རྒྱས་པ་དང་། ཉོན་མོངས་ལས་རྒྱལ་བས་སྙན་མཐོ་དམན་ཆེ་ཆུང་སྙོམས་པ་སྙན་ཤལ་རིང་བ་དང་། བསམ་པ་མཉམ་པས་འདུལ་བས་སྙན་འོན་པ་སོགས་ཉམས་པ་རྣམ་པར་སྤངས་པ་དང་། ལྟ་བ་ཐམས་ཅད་བྱང་བས་སྐྲ་མཚམས་དོད་པ་ནི་དཔྲལ་བ་ལེགས་པར་འཕྱེས་པ་དང་། ཕ་རོལ་འདུལ་བས་དཔྲལ་བའི་དབྱེས་ཆེ་བ་དང་། སྨོན་ལམ་དམ་པ་རྫོགས་པས་དབུ་གདུགས་ལྟར་རྒྱས་པ་དང་། ཡུལ་གྱི་དགའ་བ་ལྡོག་པས་དབུ་སྐྲ་དཀར་པོ་མི་འབྱུང་ཞིང་བུང་བ་ལྟར་ཁ་དོག་གནག་པ་དང་། སྤང་བྱའི་བག་ཉལ་ཟད་པས་དབུ་སྐྲ་སྟུག་པ་དང་། ལྷུན་འཇམ་པོས་བསྟན་པའི་སྙིང་པོ་ཐུགས་སུ་ཆུད་པ་སྐྲ་འཇམ་པ་དང་།
(༨༤༤)། ཐུགས་མ་འཁྲུལ་པས་སྐྲ་མ་འཇིགས་པ་དང་། བརླང་བའི་གསུང་དང་བྲལ་སྐྲ་གྱེན་ལ་མ་བརྗེས་པ་མི་བཤོར་བ་དང་། བྱང་ཆུབ་ཡན་ལག་གི་སྤོས་སྦུབ་པས། སྐྲ་དྲི་ཞིམ་པས་སྐྱེས་བུའི་ཡིད་འཕྲོག་པར་བྱེད་པ་དང་། ཕྱག་ཞབས་ཐམས་ཅད་ལ། དཔལ་གྱི་བེའུ་དང་། བཀྲ་ཤིས་རྟགས་བརྒྱད་དང་། རི་མོ་གྲུ་བཞི་སོགས་ངོ་མཚར་བ་ཤིན་ཏུ་མང་། རབ་ཏུ་གསལ་བ་ཡོད་པ་དང་བརྒྱད་ཅུ་ཡོད་པ་ནི་སངས་རྒྱས་ཀྱི་དཔེ་བྱད་བཟང་པོ་རྣམས་སོ། ༈། དེ་བཞིན་གཤེགས་པའི་གསུང་དབྱངས་ཡན་ལག་དྲུག་ཅུ་ནི། ༈མདོ་སྡེ་རྒྱན་ལས། །བདེ་གཤེགས་གསུང་ནི་མཐའ་ཡས་ཏེ། །ཡན་ལག་དྲུག་བཅུ་བསམ་མི་ཁྱབ། །ངག་ཚིག་ཤིན་ཏུ་རིགས་པ་དང་། །བསྟན་དང་རྣམ་དབྱེ་ཐེ་ཚོམ་གཅོད། །ལན་མང་བྱེད་དང་ལྡན་པ་ནི། །མགོ་སྨོས་རྣམ་སྤྲོས་གོ་རྣམ་ལ། །སངས་རྒྱས་རྣམས་ཀྱི་སྟོན་པ་འདི། །འཁོར་གསུམ་གྱིས་ནི་དག་པ་སྟེ། །འདི་ནི་ཉེས་པ་བརྒྱད་དག་དང་། །བྲལ་བ་ཉིད་དུ་ཤེས་པར་བྱ། །ལེ་ལོ་དང་ནི་མི་གོ་བ། །སྐབས་མི་ཕྱེད་དང་མ་ངེས་དང་། །ཐེ་ཚོམ་དག་ནི་མི་གཅོད་དང་། །དེ་དང་བྲལ་བར་གཏས་མི་བྱེད། །སྐྱོ་བ་དང་ནི་སེར་སྣ་ཉིད། །འདི་
(༨༤༥)དག་གཏམ་གྱི་ཉེས་པར་འདོད། །དེ་དག་མེད་ཕྱིར་སངས་རྒྱས་ཀྱི། །བཤད་པ་བླ་ན་མེད་པར་འགྱུར། །ཞེས་གསུངས་སོ། །དེ་དག་གི་དོན་འབྲེལ་བ། མཉན་པ་ནི་སེམས་ཅན་གྱི་ཁམས་ཀྱི་དགེ་བའི་རྩ་བ་སྟོན་པའི་ཕྱིར་རོ། །འཇམ་པ་ནི་མཐོང་བའི་ཆོས་ཁོ་ན་ལ་རེག་པ་བདེ་བའི་ཕྱིར་རོ། ། ཡིད་དུ་འོང་བ་ནི་དོན་བཟང་བའི་ཕྱིར་རོ། ། ཡིད་དུ་འཐད་པ་ནི་ཡི་གེ་བཟང་བའི་ཕྱིར་རོ། ། དག་པ་ནི་འཇིག་རྟེན་ལས་འདས་པ་གོ།། །ན་མེད་པའི་རྗེས་ཐོབ་པའི་ཕྱིར་རོ། ། དྲི་མ་མེད་པ་ནི་ཉོན་མོངས་པའི་བག་ལ་ཉལ་བ་དང་བག་ཆགས་ཐམས་ཅད་དང་བྲལ་བའི་ཕྱིར་རོ། ། གསལ་བ་ནི་ཚིག་དང་ཡི་གེ་རབ་ཏུ་གྲགས་པའི་ཕྱིར་རོ། ། སྙན་ཅིང་འཇེབ་པ་ནི། མུ་སྟེགས་ཅན་བློ་གྲོས་ངན་པ་ཐམས་ཅད་ཀྱི་ལྟ་བ་འཇོམས་པའི་སྟོབས་ཀྱིས་ཡོན་ཏན་དང་ལྡན་པའི་ཕྱིར་རོ། ། མཉན་པར་འོས་པ་ནི་སྒྲུབ་པས་ངེས་འབྱུང་བའི་ཕྱིར་རོ། ། མི་ཚུག་པ་ནི་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཚུགས་པའི་ཕྱིར་རོ། ། སྙན་པ་ནི་འགའ་བར་བྱེད་པའི་ཕྱིར་རོ། ། འདུལ་བར་བྱེད་པ་ནི། འདོད་ཆགས་ལ་སོགས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །
(༨༤༦)མི་རྩུབ་པ་ནི་བསླབ་པ་བཅས་པའི་ཐབས་བདེ་བའི་ཕྱིར་རོ། ། མི་བསླུ་པ་ནི། དེ་ལས་འདས་ནས་ངེས་པར་འབྱུང་བའི་ཐབས་ཡང་དག་པ་སྔོན་དུ་སྟོན་པའི་ཕྱིར་རོ། ། རབ་ཏུ་དུལ་བ་ནི་ཐེག་པ་གསུམ་ཆར་གྱི་འདུལ་བ་སྟོན་པའི་ཕྱིར་རོ། ། རྣམ་པར་སྙན་པ་ནི། རྣམ་པར་གཡེང་བའི་གཉེན་པོ་ཡིན་པའི་ཕྱིར་རོ། ། ལུས་སིམ་པར་བྱེད་པ་ནི་ཏིང་ངེ་འཛིན་བསྐྱེད་པའི་ཕྱིར་རོ། ། སེམས་སིམ་པར་བྱེད་པ་ནི་ལྷག་མཐོང་གིས་རབ་ཏུ་དགའ་བ་བསྐྱེད་པའི་ཕྱིར་རོ། ། སྙིང་དགའ་བར་བྱེད་པ་ནི་ཐེ་ཚོམ་གཅོད་པའི་ཕྱིར་རོ། ། དགའ་བ་དང་བདེ་བ་སྐྱེད་པ་ནི་ལོག་པར་ངེས་པ་སེལ་བའི་ཕྱིར་རོ། ། ཡོངས་སུ་གདུང་བ་མེད་པ་ནི། །སྒྲུབ་པ་ལ་འགྱོད་པ་མེད་པའི་ཕྱིར་རོ། ། ཀུན་ཏུ་ཤེས་པར་བྱ་བ་ནི། །ཐོས་པ་ལས་བྱུང་བའི་ཤེས་པ་ཕུན་སུམ་ཚོགས་པའི་རྟེན་ཡིན་པའི་ཕྱིར་རོ། ། རྣམ་པར་གསལ་བ་ནི། སློབ་དཔོན་གྱི་དཔེ་འཁྱུད་མེད་པར་ཆོས་སྟོན་པའི་ཕྱིར་རོ། ། རྣམ་པར་རིག་པར་བྱེད་པ་ནི། བསམ་དུ་རུང་བའི་ཤེས་པ་ཕུན་སུམ་ཚོགས་པའི་རྟེན་ཡིན་པའི་ཕྱིར་རོ། ། དགའ་བར་བྱེད་པ་ནི་རང་གི་དོན་རྗེས་སུ་ཐོབ་པ་རྣམ་པར་དགའ་བར་བྱ་བའི་ཕྱིར་རོ། ། མངོན་
(༨༤༧)པར་དགའ་བར་བྱེད་པ་ནི། རང་དོན་རྗེས་སུ་ཐོབ་པ་རྣམས་ཀྱིས་དགའ་བར་བྱ་བ་ཡིན་ནོ། ། ཀུན་ཏུ་ཤེས་པར་བྱེད་པ་ནི། བསམ་གྱིས་མི་ཁྱབ་པའི་ཆོས་ཡང་དག་པར་སྟོན་པའི་ཕྱིར་རོ། ། རྣམ་པར་རིག་པར་བྱེད་པ་ནི་བསམ་དུ་རུང་བའི་ཆོས་ཡང་དག་པར་སྟོན་པའི་ཕྱིར་རོ། ། རིག་པ་ནི་ཚད་མ་དང་མི་དགའ་བའི་ཕྱིར་རོ། ། འབྲེལ་བ་ནི་གདུལ་བྱ་རྣམས་ལ་ཇི་ལྟར་རིགས་པ་སྟོན་པར་མཛད་པའི་ཕྱིར་རོ། ཟློས་སྐྱོན་མེད་པ་ནི། །དོན་མེད་པ་མ་ཡིན་པའི་ཕྱིར་རོ། སེངྒེའི་སྒྲ་ཤུགས་ནི་མུ་སྟེགས་ཅན་གྱི་ཚོགས་ཐམས་ཅད་སྐྲགས་པར་བྱེད་པའི་ཕྱིར་རོ། ། གླང་པོ་ཆེའི་སྒྲ་སྐད་ནི་རྒྱ་ཆེ་བའི་ཕྱིར་རོ། ། འབྲུག་གི་སྒྲ་དབྱངས་ནི་བརྗིད་པའི་ཕྱིར་རོ། ། ཀླུ་ཡི་དབང་པོའི་སྒྲ་ནི་གཟུང་བར་འོས་པའི་ཕྱིར་རོ། ། དྲི་ཟའི་གླུ་དབྱངས་ནི་སྙན་པའི་ཕྱིར་རོ། ། ཀ་ལ་སིང་ཀའི་སྒྲ་དབྱངས་ནི་རྣོ་བ་དང་འཇེབས་པའི་ཕྱིར་རོ། །ཚངས་པའི་སྒྲ་དབྱངས་སུ་བསྒྲགས་པ་ནི་ཐག་རིང་པོར་གྲགས་པའི་ཕྱིར་རོ། ། ཤང་ཤང་ཏེའུའི་སྒྲ་དབྱངས་སུ་གྲགས་པ་ནི་གྲུབ་པ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་བཀྲ་ཤིས་ཡིན་པའི་ཕྱིར་རོ། ༈། འདིར་
(༨༤༨)སེངྒེའི་སྒྲ་ཤུགས་ཀྱིས་རི་དྭགས་ཕྲ་མོ་རྣམས་སྐྲགས་པར་བྱེད་པའོ། །གླང་པོའི་སྒྲ་ནི་མིའི་གླང་པོ་མ་ཡིན། ལྷ་ཡི་གླང་པོ།། །ལ་བ་ར་སོགས་ཀྱི་དབྱངས་ནི་འཛེར་འཛེར་པོ་དང་། སུབ་སུབ་པོ་མ་ཡིན་པའོ། །སྤྲིན་གྱི་སྒྲ་ནི་འབྲུག་སྒྲ་སྟེ་ཐག་ཉེ་རིང་མེད་པའོ། །གླུའི་དབང་པོའི་དབྱངས་ནི། ཚིག་མཛེས་ཤིང་བཙུན་ལ། གླུ་ཀུན་གྱིས་ཉན།། །པའོ། །མིའམ་། །ཅིའི་དབྱངས་ནི་ཤིན་ཏུ་སྙན་པའོ། །ཞངས་རིར་ཡོད་པའི་བྱ་ཀ་ལ་སིང་ཀའི་སྒྲ་ནི་གཞན་ནས་གཞན་དུ་བསྐྱོད་མ་རྗེས་ཀྱང་མི་གཅོད་དེ། དཔེར་ན་འཕེན་རིང་རླུང་གིས་འཆད་པ་ཡང་མེད་ཅིང་། གཞན་ནས་གཞན་དུ་ལྡོག་པར་བྱེད་དོ། །བྱ་ཛི་བ་ཛི་ཀའི་སྐད་ཐོས་ན་དོན་ཐམས་ཅད་གདོན་མི་ཟ་བ་འགྲུབ་པའི་ཕྱིར་རོ། །ལྷའི་དབང་པོའི་སྒྲ་དབྱང་ལྟར་སྙན་པ་ནི་མི་འདའ་བར་བྱ་བའི་ཕྱིར་རོ། ། རྔའི་སྒྲ་ནི་བདུད་དང་ཕྱིར་རྒོལ་བ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྔོན་འགྲོ་ཡིན་པའི་ཕྱིར་རོ། ། མ་ཁེངས་པ་ནི། བསྟོད་ཀྱང་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། ། མི་དམའ་བ་ནི་སྨད་ཀྱང་ཀུན་ནས་ཉོན་མོངས་མེད་པའི་ཕྱིར་རོ། ། སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་ནི་ཐམས་ཅད་ལུང་བསྟན་པའི་མཚན་ཉིད་ལ་རྣམ་པ་ཐམས་ཅད་དུ་རྗེས་སུ་ཞུགས་པའི་ཕྱིར་རོ། ། ཚིག་ཟུར་ཆག་མེད་པ་ནི་བསྙེལ་ཏེ་མི་གསུངས་པའི་ཕྱིར་རོ། །
(༨༤༩)ལྡབ་ལྡིབ་མེད་པ་ནི་དོན་མེད་པ་མ་ཡིན་པའོ། །འདི་གཞུང་ལ་ལར་མི་འདུག་པ་བརྟགས། མ་ཚང་པ་མེད་པ་ནི་གདུལ་བྱའི་བྱ་བ་ལ་དུས་ཐམས་ཅད་དུ་ཉེ་བར་གནས་པའི་ཕྱིར་རོ། ། མ་ཞུམ་པ་ནི་རྙེད་པ་དང་བསྐུར་ཏི་ལ་མི་ཞེན་པའི་ཕྱིར་རོ། ། མི་ཞེན་པ་ནི་སྙེངས་པ་དང་བྲལ་བའི་ཕྱིར་རོ། ། རབ་དགའ་ནི་སྐྱོ་བ་མེད་པའི་ཕྱིར་རོ། ། གཞུང་ལ་ལར་འདི་ཁྱད་པར་ཟེར་བ་ཞིག་འདུག་པ་བརྟགས། ཁྱབ་པ་ནི་རིག་པའི་གནས་ཐམས་ཅད་ལ་མཁས་པ་དང་ལྡན་པའི་ཕྱིར་རོ། ། ཐབས་དང་བཅས་པའི་ཆེད་ནི་སེམས་ཅན་དེ་དག་གི་དོན་སྒྲུབ་པའི་ཕྱིར་རོ། ། རྒྱུན་ཆགས་པ་ནི་རྒྱུན་མ་ཆད་པའི་ཕྱིར་རོ། འབྲེལ་བ་ནི་རྣམ་པ་སྣ་ཚོགས་སུ་གནས་པའི་ཕྱིར་རོ། ། སྒྲ་ཐམས་ཅད་རྫོགས་པར་བྱེད་པ་ནི་གསུང་གཅིག་ལས་སྒྲ་ཡི་རྣམ་པ་རིགས་རྣམ་པ་དུ་མར་ཉེ་བར་གནས་པའི་ཕྱིར་རོ། ། དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་ནི། གསུང་གཅིག་ལ་དོན་དུ་མའི་རྣམ་པར་རིག་པ་ཉེ་བར་གནས་པའི་ཕྱིར་རོ། ། མ་སྨད་པ་ནི་དམ་བཅའ་བ་ཇི་ལྟར་བ་བཞིན་པའི་ཕྱིར་རོ། ། མི་འགྱུར་བ་ནི་དུས་ལ་བབ་པ་ན་རྟག་ཏུ་སྦྱོར་བའི་ཕྱིར་རོ། ། མ་བརྟབ་པ་ནི། རྟབ་རྟབ་
(༨༥༠)པོར་མི་གསུང་པའི་ཕྱིར་རོ། ། འཁོར་ཀུན་ཏུ་གྲགས་པ་ནི། འཁོར་ཉེ་བ་དང་རིང་བ་མཚུངས་པར་ཐོབ་པའི་ཕྱིར་རོ། ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ནི་འཇིག་རྟེན་པའི་དོན་ཐམས་ཅད་དཔེའི་ཆོས་སུ་བསྒྱུར་བའི་ཕྱིར་རོ། ། དེ་ལྟར་ཡན་ལག་དྲུག་ཅུ་བློ་གྲོས་བརྟན་པས་མདོ་སྡེ་རྒྱན་གྱི་འགྲེལ་ལས་བཤད་ལ། ཐུབ་པའི་དགོངས་རྒྱན་ལས་། བཤད། ཉི་ཁྲི་སྣང་བ་དང་། ས་སྡེ་དང་། འབུམ་ཏིག། རྣམ་བཤད་རིག་པ་དང་། པཎྜི་ཏ་སྟོབས་བཅུ་དཔལ་གྱི་བཤེས་གཉེན་གྱིས་དེ་བཞིན་གཤེགས་པའི་མདོའི་ལུང་དྲངས་པ་རྣམས་ལས་དྲུག་ཅུ་ཁོ་ནར་བཤད་ལ། འོན་ཀྱང་དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་མདོའི་ནང་དུ། འཁོར་ཀུན་ཏུ་གྲགས་པའི་རྗེས་སུ། འདོད་ཆགས་ཞི་བར་བྱེད་པ་དང་། །ཞེ་སྡང་འདུལ་བ་དང་། གཏི་མུག་སེལ་བ་དང་། བདུད་ཚར་གཅོད་པའི་ཡན་ལག་དྲུག་ཅུ་རྩ་བཞིར་གསུངས་པ་བུ་སྟོན་གྱིས་བརྟགས་བྱར་མཛད་འདུག༈། ཡང་སྙིང་རྗེ་ཆེན་པོ་ངེས་བསྟན་གྱི་མདོ་ལས། འབྲས་བུ་ཡོད་པའི་ཆོས་བསྟན་པ་དང་སོགས་ནས་གསུང་དབྱངས་ཡན་ལག་གི་རྣམ་གྲངས་བརྒྱད་ང་ལྔ་གསུངས་པའང་འདུག་གོ། ༈། དེས་ན་ཡན་ལག་དྲུག་ཅུ་ནི་བསྡུས་ཏེ་གསུངས་པའོ། ༈
(༨༥༡)༈། དེ་བཞིན་གཤེགས་པའི་བསོད་ནམས་ཚད་མེད་པ་ནི། རང་རྒྱལ་དང་ཉན་ཐོས་དགྲ་བཅོམ་པ་མན་ནས་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཚད་མེད་པ་ཕྱོགས་གཅིག་ཏུ་བསྡོམ་པ་བཅུ་འགྱུར་གྱིས་སངས་རྒྱས་ཀྱི་བ་སྤུའི་བུ་ག་གཅིག་གྲུབ་བོ། །དེ་ལྟ་བུའི་བ་སྤུའི་བུ་ག་ཐམས་ཅད་ཀྱི་བསོད་ནམས་བརྒྱ་འགྱུར་གྱིས། དཔེ་བྱད་བཟང་པོ་གཅིག་འགྲུབ་བོ། །དཔེ་བྱད་བརྒྱད་ཅུ་འགྲུབ་པའི་བསོད་ནམས་དེའང་བརྒྱས་མཚན་བཟང་གཅིག་འགྲུབ། མཚན་བཟང་པོ་སོ་གཉིས་འགྲུབ་པའི་བསོད་ནམས་སྟོང་འགྱུར་གྱིས་མཛོད་སུའོ། །མཛོད་སུ་གྲུབ་པའི་བསོད་ནམས་དེ་འདྲ་སྟོང་ཕྲག་བརྒྱ་བསྡོམ་པས་དབུ་ཡི་གཙུག་གཏོར་འགྲུབ་པ་དེ་འདྲའི་བསོད་ནམས་བྱེ་བ་གྲངས་མེད་ས་བཅུས་གསུངས་འགྲུབ་པར་གསུངས་སོ། ༈། བསྲུང་བ་མེད་པ་གསུམ་ནི། སྐུ་གསུང་ཐུགས་གསུམ་གྱི་སྤྱོད་པ་ཡོངས་མ་དག་པ་མི་མངའ་བས། གཞན་གང་གིས་ཤེས་སུ་འོང་ཞེས་བཅབ་པར་དགོངས་པ་མངའ་བའོ། ༈། དྲན་པ་ཉེ་བར་བཞག་པ་གསུམ་ནི། ཆོས་སྟོན་པ་ལ་གུས་པས་ཉན་པ་ལ་ཆགས་པ་མེད་པ་དང་། མི་གུས་ཤིང་ཉན་མི་འདོད་པ་ལ་ཁྲོ་བ་མེད་པ་དང་། རེས་ཉེན་རེ་མི་ཉན་པ་ལའང་ཆགས་ཁྲོ་གཉིས་ཀ་བྲལ་བའི་བཏང་སྙོམས་
(༨༥༢)ཀྱི་དྲན་པ་གསུམ་དང་ལྡན་པའོ། ༈། ཡང་ཐུགས་རྗེ་ཆེན་པོ་དང་ལྡན་ཏེ། དེ་ནི་སེམས་ཅན་གཞན་ལ་སྙིང་རྗེ་ནི་ཡོད་ཀྱང་། དེ་ཐུགས་རྗེ་དང་མི་འདྲ་བའི་དབྱེ་བ་ཡོད་ལ། སྙིང་རྗེ་ནི། རེས་འགའ་བ་དང་། ཞེ་སྡང་དང་གཏི་མུག་དང་ལྡན་ཅིང་། །ཡུལ་འདོད་ཁམས་ཀྱི་ངན་འགྲོ་ལ་དམིགས་པ་དང་། རྣམ་པ་སྡུག་བསྔལ་མཐོང་བས་སྐྱེ་ལ། བསམ་གཏན་བཞི་པ་ཡན་ན་མེད་པ་དང་། གང་ཟག་ཉན་ཐོས་ཀྱི་རྒྱུད་ལ་ཡོད་པ་དང་། འབྲས་བུ་སྲིད་རྩེའི་བར་དུ་སྨོན་པ་དང་། སེམས་ཅན་ཐམས་ཅད་སྤང་བྱ་ལས་སྐྱོབས་མི་ནུས་པ་དང་། སེམས་ཅན་ལ་ཕན་པ་མི་འདྲ་བ་བྱེ་བྲག་སྦྱིན་པ་ཙམ་ཡིན་ལ། ཐུགས་རྗེ་ནི་དེ་ལས་ལྡོག་པ། ཉིན་མཚན་དུས་དྲུག་ཏུ་འཇིག་རྟེན་ལ་གཟིགས་པ། ཞེ་སྡང་དང་གཏི་མུག་དང་བྲལ་བ། ཁམས་གསུམ་པོ་དམིགས་པ། །སྡུག་གསུམ་ཀ་ལ་རྣམ་པ་འདྲ་བ། །བསམ་གཏན་བཞི་པ་ཡན་ན་ཡོད་པ། །རྒྱལ་བ་ཉིད་དམ་དེའི་རིག་ཅན་བྱང་ཆུབ་སེམས་དཔའི་རྒྱུད་ལ་ཡོད་པ། འབྲས་བུ་སྲིད་ཞི་ལས་འདས་པ། །སེམས་ཅན་མ་ལུས་པ། །དེའང་སྤང་བྱ་ལས་སྐྱོབས་པ། བྱེད་ལས་རྣམ་པ་གཅིག་ཏུ་དཀར་བ་ཁོ་ནར་འདྲ་བའོ། ༈། དེ་ལྟར་སྟོབས་བཅུ། མི་འཇིགས་བཞི། དྲན་པ་
(༨༥༣)ཉེར་བཞག་གསུམ། ཐུགས་རྗེ་ཆེན་པོ་དང་བཅོ་བརྒྱད་ལ། ཉན་རང་གིས་མ་འདྲེས་བཅོ་བརྒྱད་དུ་འདོད་དོ། ༈། ཉོན་མོངས་མེད་པ་ནི། ཐུན་མོང་དགྲ་བཅོམ་གྱི་བསམ་གཏན་བཞིར་བསྟན་ནས། རང་ཉིད་ལ་བརྟེན་པའི་དམིགས་པས་ཕ་རོལ་སེམས་ཅན་གཞན་དག་གི་རྒྱུད་ལ་ཆགས་ཁྲོ་སོགས་མི་སྐྱེ་ཕྱིར་མཉམ་པར་བཞག་པས་བསྲུང་ཞིང་། དེ་ལས་ལང་བའི་ཚེ་བདག་ཉིད་དེ་ལས་བྱོལ་བས་གཞན་སེམས་བསྲུང་བའི་ཐབས་ཡིན་ལ། འདི་ལ་རང་ལ་བརྟེན་ནས་སེམས་ཅན་གཞན་ལ་སྡུག་བསྔལ་གྱི་རྒྱུ་མི་མི་བསྐྱེད་པའི་ཕྱིར་རོ། །ཐུན་མོངས་མིན་པ་སངས་རྒྱས་ཀྱིས་ནི། གང་ཟག་སུ་ཞིག་བདག་ལ་དམིགས་པས་ཉོན་མོངས་སྐྱེ་བ་གཟིགས་བཞིན། དེར་བྱོན་ནས་ཉོན་མོངས་པ་དེ་ས་བོན་བག་ཆགས་དང་བཅས་པ་རྩད་ནས་གཅོད་པར་མཛད་པའི་ཏིང་ངེ་འཛིན་ཡིན། ༈། སྨོན་གནས་ཤེས་པ་ནི། ཐུན་མོངས་བ་དགྲ་བཅོམ་གྱིས་མིའི་རྟེན་ལ་བརྟེན་ནས་འདི་དང་འདི་ཤེས་པར་གྱུར་ཅིག་སྙམས་པ་དེ། གཞི་བསམ་གཏན་བཞི་པ་ལ་བརྟེན་ནས་གོམ་པས་དེ་དང་དེ་ཤེས་པར་འགྱུར་བས་རྩོལ་བཅས་ཡིན། སངས་རྒྱས་ཀྱིས་ནི་འབད་རྩོལ་ལ་མི་ལྟོས་ཏེ། ཤེས་བྱ་ཐམས་ཅད་ལ་ཆགས་ཐོག་མི་མངའ་བའི་སྟོབས་ཀྱིས་ལྷུན་གྲུབ་
(༨༥༤)ཡིན་པས་རྟགས་ཏུ་མཉམ་བཞག་ཉིད་ཀྱིས་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད། ཉན་རང་དང་བྱང་སེམས་ཐམས་ཅད་ཀྱིས་དུས་གཅིག་ལ་སོ་སོའི་དོན་མི་འདྲ་བ་རེ་རེ་དྲིས་ཀྱང་དེའི་ལན་མ་འཛིང་པར་གཅིག་ཆར་དུ་ཐེ་ཚོམ་རྩ་བ་ནས་གཅོད་པ་དེ་ཡིན་ནོ། ༈། ཡོངས་དག་པ་བཞི་ནི། ལུས་ལེན་པ་དང་། གནས་པ་དང་། གཏོང་བ་ལ་མངའ་བརྙེས་པས་རྟེན་ཡོངས་སུ་དག་པ་དང་། མེད་པ་སྤྲུལ་བ་དང་། ཡོད་པ་བསྒྱུར་བ་ལ་སོགས་པ་ལ་མངའ་བརྙེས་པས་དམིགས་པ་ཡོངས་སུ་དག་པ་དང་། ཏིང་ངེ་འཛིན་ཐམས་ཅད་ལ་དབང་བསྒྱུར་བས་ཐུགས་ཡོངས་སུ་དག་པ་དང་། མི་རྟོག་པ་ལ་མངའ་བརྙེས་པས་ཡེ་ཤེས་ཡོངས་སུ་དག་པའོ། ༈། གཞན་ཡང་། རྣམ་པར་ཐར་པ་བརྒྱད་དང་། སྙོམས་པར་འཇུག་པ་དང་དགུ་དང་། ཟད་པར་བརྒྱད་དང་། ཟིལ་གནོན་བཅུ་དང་། སོ་སོ་ཡང་དག་པ་རིག་པ་བཞི་དང་། དབང་བཅུ་དང་། སྤྱན་ལྔ་དང་། མངོན་པར་ཤེས་པ་དྲུག་དང་། བསམ་གཏན་བཞི་དང་། ཚད་མེད་བཞི་སོགས་རྣམས། དེ་དག་ཐུན་མོངས་བ་རེ་ཉན་རང་ལའང་ཆ་འདྲ་ཡོད་པ་དག་ནི། སྔར་བྱང་སེམས་ཀྱི་སྐབས་སུ་བཤད་ཟིན་པ། དེ་དག་ཡོངས་སུ་རྫོགས་པ་ཁྱད་པར་འཕགས་པ་ནི་རྫོགས་པའི་སངས་རྒྱས་
(༨༥༥)ལ་མངའ་བའོ། ༈། གཞན་ཡང་སངས་རྒྱས་ལ་ཆོ་འཕྲུལ་ཚད་མེད་པ་མངའ་བ་ནི། ༈། སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ནི། མདོ་སྡེ་མཛང་བླུན་ལས་མུ་སྟེགས་སྟོན་པ་དྲུག་ལ་ཚེས་གཅིག་ནས་བཅོ་ལྔའི་བར་དུ་ཆོ་འཕྲུལ་ཆེན་པོ་བསྟན་པ་ལྟ་བུའོ། ༈། གསུང་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་ནི། ངག་བརྗོད་པའི་ཀུན་སློང་གི་འབད་རྩོལ་གྱི་ཞལ་ན་བྱུང་བ་མ་ཡིན་ཀྱང་། སེམས་ཅན་སོ་སོའི་བསམ་ས་དང་མཐུན་པའི་ཆོས་ཀྱི་གསུངས་དབྱངས་ཡན་ལག་དྲུག་ཅུ་ཞལ་ནས་གསུངས་པ་ཐོས་པར་འགྱུར་བ། གསུང་ཧ་ཅང་ཆེ་བས་རྣམ་པར་གཟན་པ་མ་ཡིན། ཧ་ཅང་ཆུང་བས་མི་ཐོས་པ་མ་ཡིན་པར། ཀ་ལ་སིང་ཀའམ། རྨ་བྱ་དང་། ཚངས་པའི་དབྱངས་སོགས་གང་ལ་མོས་པའི་སྐྲ་དེ་ཞབས་དྲུང་ཡོད་པ་དང་། སྟོང་གསུམ་གྱི་ཕ་མཐར་ཡོད་པ་དག་གིས་ཁྱད་མེད་པར་ཐོས་པ། གསུངས་གཅིག་དེས་ཁམས་གསུམ་གྱི་འགྲོ་བ་སྐད་རིགས་མི་གཅིག་པ་དཔག་ཏུ་མེད་པ་ཡོད་ཀྱང་། སོ་སོས་རང་རང་གི་སྐད་དུ། ཆོས་ཐེག་པ་ཆེ་ཆུང་། ཚིག་མང་ཉུང་གང་ལ་གང་གིས་འདུལ་བ་དེ་དེ་ལྟར་དུ་ཐོས་པར་འགྱུར་བ་གསུངས་པར་
(༨༥༦)མཛད་དོ། ༈། ཐུགས་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ནི། དེ་བཞིན་གཤེགས་པའི་སྤྱོད་ཡུལ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་མདོ་ལས། འཁོར་འདུས་པ་དེ་དག་ཐམས་ཅད་ལས་ཁ་གཅིག་གིས་དེ་བཞིན་གཤེགས་པ་དགའ་ལྡན་ནས་འཕོ་བ་ནས་རིང་བསྲེལ་གྱིས་འགེང་བ་དང་། མྱ་ངན་ལས་འདས་ནས་བསྐལ་པ་བརྗོད་དུ་མེད་པའི་བར་ན་ཐ་དད་དུ་སྣང་བ་དང་། གསེར་དང་མུ་ཏིག་དང་། ཐོན་ཀ་ལྟ་བུའི་ཁ་དོག་ཐ་དད་པར་སྣང་བ་དང་། སྐུ་འདམ་གང་བ་ནས་སྲིད་རྩེ་ལ་ཐུག་གི་བར་དུ་སྣང་བ་དང་། ༈ཆོས་ཀྱི་སྒོ་མཐའ་ཡས་པར་སྟོན་པ་ནི། འཇམ་དཔལ་དང་སྒྲིབ་སེལ་གྱི་དྲིས་ལེན་དུ། དེ་བཞིན་གཤེགས་པ་རྟོག་པ་དང་འབད་པ་མེད་བཞིན་དུ་གང་འདུལ་གྱི་སྣང་བ་དང་། དབྱིབས་དང་ཆོས་སུ་སྣང་བ་དང་། ཉི་མ་རྟོག་མེད་དུ་རྒྱུ་བ་ལ། ཡུལ་སོ་སོ་ནས་ཤར་བ་དང་། ནུབ་པ་དང་། གུང་དུ་སྟོན་པ་དང་། བཻ་ཌཱུརྻ་རས་སོགས་སོ་སོའི་སྟེང་དུ་བཞག་ན་ཁ་དོག་ཐ་དད་པར་སྣང་བ་སོགས་དཔེ་མང་པོས་གཏན་ལ་ཕབ་པ་ལྟ་བུའོ། ༈། ལྗགས་ཀྱི་ཆོ་འཕྲུལ་ནི། ཆོས་གསུང་བ་ན་ལྗགས་ཀྱིས་འཁོར་གྱི་དཀྱིལ་འཁོར་འགེབས་པ་དང་། ཆོས་
(༨༥༧)ཀྱི་དབྱིངས་གང་སོགས་མཛད་པའོ། ༈། གྲོང་ཁྱེར་དུ་གཤེགས་པའི་ཆོ་འཕྲུལ་ནི། མདོར་བསྡུས། སྔོན་མ་འདྲེས་ཆོས་བཤད།། །སྐབས་སུ་བྲིས་ཡོད་པ་ལྟ་བུའོ། ༈། ལྷུང་བཟད་ཀྱི་ཆོ་འཕྲུལ་ནི། ཁྱིམ་བདག་འབྱོར་བ་དང་ལྡན་པས་མང་དུ་འབུལ་བར་འདོད་ན། ཀརྵ་ས་ཎི་བྱེ་བ་མང་པོའི་འབྲས་ཆན་ཡང་ལྷུང་བཟད་དུ་ཤོང་ལ། ཉུང་ངུ་ལས་མི་འབྱོར་རྣམས་ནི། འབྲས་ཆེན་གྱི་ཟེག་མ་ཙམ་ཕུལ་བས་ཀྱང་ཡོངས་སུ་གང་བ་དང་། བཟའ་བ་དང་། ལྡག་པའི་བྱེ་བྲག་བརྒྱ་སྟོང་མང་པོ་ལྷུང་ཟད་ནང་དུ་བླུག་ཀྱང་། ཕན་ཚུན་གཅིག་ལ་གཅིག་མ་རེག་ཤིང་མ་འདྲེས་ཤིང་གོས་པར་གནས་ལ། དེའི་ཚེའང་ལྷུང་ཟད་ཀྱི་ཚད་སྔ་མ་ལས་ཆེ་རུང་མི་འགྲོ་བའོ། ༈། ཡང་དེ་བཞིན་གཤེགས་པ་གྲོང་དུ་གཤེགས་ནས་བསོད་སྙམས་ཕུལ་བ་ཞལ་དུ་བཞེས་ནས་གསོལ་བ་ལྟར་མཛད་པ་ཡང་། མི་རྣམས་བསོད་ནམས་བསགས་པ་སོགས་ཀྱི་ཆེད་དུ་ཆོ་འཕྲུལ་སྟོན་པ་ཡིན་གྱིས། ལྷ་རྣམས་ཀྱིས་མཐོང་བ་ལ། དེ་བཞིན་གཤེགས་པའི་སྐུ་འོད་ཀྱི་གང་བུ་ལྟ་བུའི་ནང་སྦུབ་སྟོང་མི་མངའ་ཞིང་དོན་སྣོད་སོགས་མེད་པ་རྡོ་རྗེ་ལྟར་
(༨༥༨)མཁྲེག་པར་མཐོང་ནས་བཀྲེས་སྐམ་མེད་པས་གསོལ་མི་མཛད་པས། ཞལ་ཟས་བསོད་སྙམས་ཕུལ་བ་དེ་དག། གཙང་མའི་ལྷའི་བུ་ཞིག་གིས་རིན་པོ་ཆེའི་གཞོང་པ་ཁྱེར་ཏེ་སངས་རྒྱས་མེད་པའི་འཇིག་རྟེན་གྱི་ཁམས་དུ་སོང་ནས་སེམས་ཅན་རྣམས་ཚིམ་པར་བྱེད་ཅིང་། དེ་ཟོས་པས། ཟོས་སོ་ཅོག་གི་སེམས་ཅན་ཕྱིར་མི་ལྡོག་པ་ཐོབ་པར་འགྱུར་བ་འདི་ཡང་ཁྱད་པར་གྱི་ཆོ་འཕྲུལ་གཅིག་གོ། ༈། དེ་ལྟར་སངས་རྒྱས་སྤྲུལ་སྐུའི་ཡོན་ཏན་གདུལ་བྱ་ཅུང་ཟད་དག་པ་རྣམ་ལ་ཐུན་མོངས་དུ་སྣང་རུང་ཞིང་། ཡོན་ཏན་གྱི་རྣམ་གྲངས་ཚད་ཅན་དུ་གསུང་པ་དག་ནི་མདོར་བསྡུས་ཕྱོགས་མཚོན་པ་སྟེ། དེ་བཞིན་གཤེགས་པའི་ཡོན་ཏན་ནི་མཐའ་ཡས་པ་བསམ་གྱིས་མི་ཁྱབ་ཀྱང་། དཔེར་ན་ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་རྣམས་བསྡུས་ནས་མེ་ཁྱེར་ཙམ་དུ་བརྫུས་ནས་སྣང་བར་བྱས་ལྟར། གདུལ་བྱ་མ་དག་པ་རྣམས་ཀྱི་སྣང་ཚུལ་དང་བསྟུན་པ་ཡིན་གྱིས། དོན་ལ། སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཡོན་ཏན་ཕྲིན་ལས་ལ་རྒྱ་ཁྱོན་དང་གྲངས་འདི་ཙམ་ཞེས་ཚད་ཡོད་པ་མ་ཡིན་ཏེ། དཔེར་ན། འོ་སྐོལ་གྱི་ཡོན་ཏན་ས་ཤཱཀྱའི་དབང་པོ་འདི་སྐུ་ཚད་མི་རྣམས་ཀྱི་སྣང་ཚུལ་དུ་མི་གཞན་ལས་བཞི་འགྱུར་ཙམ་གྱི་ཆེ་བའི་ཚད་ཁྲུ་
(༨༥༩)བཅུ་དྲུག་ཡོད་པ་ལ། རྒྱལ་ཆེན་བཞི་ནས་འོག་མིན་གྱི་བར་གྱི་ལྷ་རྣམས་ཀྱིས་མཇལ་ཚེ་རང་རང་གི་ལུས་ཀྱི་བཞི་འགྱུར་དུ་མཐོང་། འཇིག་རྟེན་གྱི་ཁམས་གཞན་གྱི་མི་རི་རབ་ཞིང་གི་རྡུལ་སྙེད་ལས་ཆེ་བ་རྣམས་ཀྱིས་ཀྱང་རང་རང་གི་ལུས་ཀྱི་བཞི་འགྱུར་དུ་སྣང་བ་སྟེ་དེ་ལྟར་ནམ་མཁའ་ལྟར་མཐའ་ཡོད་པ་མ་ཡིན་ནོ། ༈། ཕལ་ཆེན་ལས། བྱང་ཆུབ་སེམས་དཔའ་ཀུན་སྣང་མཛད་ཀྱི་སྙིང་པོས་བྱུང་བ་སོགས་བཅུ་འཁོར་མཐའ་ཡས་པས་བསྐོར་ནས་ཕྱོགས་བཅུ་ནས་སྟོན་པའི་སྤྱན་སྔར་ལྷག་པའི། སྟོན་པ་དང་། ཀུན་བཟང་མ་གཏོགས་པའི་འོད་ཐམས་ཅད་ཟིལ་གྱིས་མནན་ཏེ། ཀུན་བཟང་མ་གཏོགས་པའི་འཁོར་ཐམས་ཅད་ཏབ་ཏོབ་ཏུ་ལངས། བྱང་ཆུབ་སེམས་དཔའ་དེ་འཁོར་སུས་ཀྱང་ག་ལས་འོང་བ་མ་ཤེས་པ་ན། སྟོན་པས་ཀུན་བཟང་ལ་དྲིས་ཤིག་གསུངས་སྟེ་དྲིས་པས། གསོལ་བ་ཐོབ་ལ་སྟོན་པའི་སྐུ་ལ་ལྟོས་ཟེར་བས། བལྟས་པས་སྟོན་པའི་ཞབས་མཐིལ་གྱི་འཁོར་ལོ་གཉིས་ན་ཆོས་དབྱིངས་འཁོར་ལོའི་ཞིང་ན་སངས་རྒྱས་ཆོས་དབྱིངས་རྒྱན་གྱི་རྒྱལ་པོ་བཞུགས་པ་སོགས། །སྟོན་པའི་བྱིན་པ་དང་། སུས་མོ་དང་། ལྟ་ཟུར་
(༨༦༠)དང་། ལྟེ་བ་དང་། ཐུགས་ཀ་དང་། ཕྲག་པའི་ལྷུན་དང་། ཞལ་དང་། སྨིན་མཚམས་རྣམས་སུ། སངས་རྒྱས་ཀྱི་ཞིང་ཁམས་ཐ་དད་པ་སངས་རྒྱས་དང་བཅས་པ་མཐོང་སྟེ། ཞིང་ཁམས་རེའི་ཚད་ཀྱང་ཆོས་དབྱིངས་ཀྱིས་བཀླས་ཤིང་རྒྱན་དང་བཀོད་པ་གཞལ་དུ་མེད་པ་དག་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་འོང་བ་མཐོང་བ་ལྟ་བུ་སྟེ། སངས་རྒྱས་སྤྲུལ་སྐུའི་བ་སྤུའི་ཁུང་བུ་རེ་ཡི་ཚད་དང་ཡོན་ཏན་ཀྱང་བརྗོད་མི་ནུས་སོ། ༈། ཕྲིན་ལས་ནི་རྣམ་པ་ལྔ་སྟེ། ཕྲིན་ལས་ནི་གཙོ་བོར་རྒྱལ་བའི་སྲས་པོ་དབང་བསྐུར་བ་ལ་སོགས་པ་དང་། འཁོར་བ་ལ་ཕྲིན་ལས་མཛད་ཚུལ་དང་། ཞི་བ་རྣམས་བསྐུལ་བ་དང་། མྱ་ངན་ལས་འདས་ཀྱི་དོན་དང་། འབད་པ་མེད་པའི་ཕྲིན་ལས་ཀྱི་དོན་བསྟན་པའོ། །དང་པོ་ནི། སངས་རྒྱས་དེ་ལ་མཛད་པ་དང་ཕྲིན་ལས་དཔག་ཏུ་མེད་ཀྱང་། གཙོ་བོར་རྒྱལ་བའི་སྲས་པོ་དབང་བསྐུར་བ་སྟེ། ཆོས་ཀྱི་སྐུ་ལས་མ་གཡོས་པར་ལོངས་སྤྱོད་རྫོགས་སྐུའི་སྐུར་སྟོན་ཏོ། །དེ་ལས་སྐྱེ་བའི་སྤྲུལ་པ་དགའ་ལྡན་གྱི་གནས་སུ་དམ་པ་ཏོག་དཀར་ལྟ་བུར་སྟོན་ཏོ། །དེས་བྱང་ཆུབ་ཆེན་པོར་སྤྲུལ་ནས་གླིང་བཞིའི་འཇིག་རྟེན་བྱེ་བ་ཕྲག་བརྒྱར་དུས་གཅིག་ཏུ་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་དཔག་ཏུ་མེད་པའི་དོན་
(༨༦༡)མཛད་མོད་ཀྱང་། གཙོ་བོར་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་སྲས་ཀྱི་ཐུ་བོར་དབང་བསྐུར་བ་ལྟ་བུའོ། །ཕལ་པོ་ཆེ་ལས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱི་བོར་ཕྱག་བཞག་ནས་དབང་བསྐུར་བ་ལྟ་བུ་སངས་རྒྱས་ཀྱི་ཕྱག་གི་ཡེ་ཤེས་ཀྱི་ཉི་མ་སྒྲིབ་པ་ཐམས་ཅད་བྲལ་བའི་རིན་པོ་ཆེ་རྒྱལ་སྲས་རྒྱ་མཚོར་དབང་བསྐུར་བ་རྒྱུན་ཆད་མེད་པར་བརྩོན་པར་མཛད་དོ། །དེ་ལྟར་ཡང་། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམ་སུ་འཇུག་དང་བལྟམས་པ་དང་། །བཟོ་བའི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་ལ་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པ་གཤེགས་པ་རྣམས། བྱང་ཆུབ་ཀྱི་ཤིང་དྲུང་དུ། མཆན། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་ཏེ། ཀླུ་སྒྲུབ་ཀྱིས་སངས་རྒྱས་ཕྱག་གི་ཉི་མ་དེར། དྲི་མེད་རིན་ཆེན་འབར་གྱུར་ཏེ། །སྲས་ཀྱི་ཐུ་བོར་དབང་བསྐུར་བས། །དབང་བསྐུར་བས་ནི་ཀུན་ཏུ་རྩོལ། །ཞེས་གསུངས་སོ། ༈། གཉིས་
(༨༦༢)པ་འཁོར་བའི་སེམས་ཅན་གྱི་དོན་མཛད་ཚུལ་ནི། ཞི་ལྷག་མཐར་སོན་པའི་རྣལ་འབྱོར་ཆེན་པོ་དེར་གནས་ནས་སངས་རྒྱས་དེས། སངས་རྒྱས་ཀྱི་སྙིང་པོ་རང་ལ་ཡོད་པར་མ་ཤེས་པའི་ངན་སོང་གི་སེམས་ཅན་རྣམས་སྡུག་བསྔལ་གྱིས་གཡེངས་པ་འཇིགས་རུང་པ་རྣམས་སྒྲིབ་པ་མེད་པའི་ལྷའི་སྤྱན་གྱིས་གཟིགས་ཏེ། མཆོག་གི་སྤྲུལ་སྐུ་ཆེན་པོ་དེས་སྐུ་ལས་འོད་ཟེར་བྱེ་བ་ཁྲག་གིས་བརྒྱ་སྟོང་ཕྲག་དྲུག་ཅུང་བྱུང་བར་གྱུར་ནས་རྨོངས་པའི་མུན་པར་ཞུགས་པ་རྣམས་ཀྱི་ཐར་པའི་སྒོ་ཕྱེས་ནས་ཞི་བའི་ལམ་དུ་འགྲོ་བར་མཛད་དོ། །རྒྱས་པར་འོད་ཟེར་གྲུབ་པ་བསྟན་པའི་མདོ་ལས་ཤེས་པར་བྱའོ། །དེ་ཡང་ཆོས་དབྱིངས་བསྟོད་པ་ལས། །རྣལ་འབྱོར་ཆེན་པོ་དེར་གནས་ནས། །རྨོངས་པ་དམན་པའི་སེམས་ཅན་རྣམས། །སྡུག་བསྔལ་གྱིས་གཡེངས་འཇིག་པ་ལ། །ལྷ་ཡི་སྤྱན་གྱི་གཟིགས་གྱུར་ཏེ། །དེའི་སྐུ་ལས་འོད་ཟེར་རྣམས། །འབད་པ་མེད་པར་འབྱུང་གྱུར་ཏེ། །རྨོང་པའི་མུན་པར་ཞུགས་དེ་ཡི། །སྒོ་རྣམས་བྱེད།། །པར་མཛད་པ་ཡིན། །ཞེས་གསུངས་སོ། ༈། གསུམ་པ་ཞི་བ་རྣམས་བསྐུལ་བའི་ཕྲིན་ལས་བསྟན་པ་ནི། ས་བོན་ཐམས་ཅད་ས་ཀུན་གཞིའི་རྣམ་ཤེས་མ་སྤངས་པའི་ཕྱིར་
(༨༦༣)ལྷག་མ་དང་བཅས་པ་དང་། ཁམས་སུ་སྐྱེ་བའི་ས་བོན་ཅན་ཉོན་མོངས་པ་ཤེས་རབ་ཀྱིས་བཅད་པས་ཟག་མེད་ཀྱི་དབྱིངས་ལ་ཞི་བའི་ཏིང་ངེ་འཛིན་གྱི་ཡིད་ཀྱི་རང་བཞིན་གྱི་ལུས་ཡོད་པས་ལྷག་བཅས་ཡིན་ལ། མྱང་འདས་ཀྱང་ཡིན་པས་ལྷག་བཅས་ཀྱི་མྱ་ངན་ལས་འདས་པ་ཉན་རང་དགྲ་བཅོམ་པ་དང་། རང་བྱང་ཆུབ་རྣམས་འོད་ཟེར་གྱིས་བསྐུལ་ཏེ་ལྷག་མེད་ཀྱི་མྱང་འདས་སངས་རྒྱས་ཀྱི་སར་འགོད་པར་མཛད་པ་འདོད་དེ། དེ་ཡང་། བྱང་ཆུབ་སེམས་འགྲེལ་ལས། །ཅི་སྲིད་ལམ་ལ་སྐྱོ་རྣམས་ལ། །ངལ་བསོའི་དོན་དུ་ཐེག་པ་ཆེར། །འབྱུང་བའི་ཡེ་ཤེས་གཉིས་པོ་ཡང་། །གསུངས་པ་ཡིན་ཏེ་དོན་དམ་མིན། །ཅི་སྲིད་སངས་རྒྱས་ཀྱིས་མ་བསྐུལ། །དེ་སྲིད་ཡེ་ཤེས་ལུས་དངོས་ཅན། །ཏིང་འཛིན་མྱོས་ནས་བརྒྱར་འགྱུར་པས། །ཉན་ཐོས་དེ་དག་གནས་པར་གསུངས། །བསྐུལ་ན་སྣ་ཚོགས་གཟུགས་ཀྱིས་ནི། །སེམས་ཅན་དོན་ལ་ཆགས་འགྱུར་ཞིང་། །བསོད་ནམས་ཡེ་ཤེས་ཚོགས་བསགས་ནས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །ཞེས་གསུངས། འོ་ན་སྲིད་པའི་ས་བོན་བཅད་པ་དེ་ཡང་སྲིད་པར་ལུས་ཇི་ལྟར་སྐྱེ་ཞེ་ན། རྒྱུ་ས་བོན་ཐམས་ཅད་པའི་བག་ཆགས་ཀྱི་རྟེན་དང་། རྐྱེན་སངས་རྒྱས་
(༨༦༤)སངས་རྒྱས་ཀྱི་འོད་ཟེར་གཉིས་ཀྱིས་རུང་ངོ། །དེ་སྐད་དུའང་། ལྷག་བཅས་མྱ་ངན་འདས་པ་རྣམས། །ལྷག་མེད་མྱ་ངན་འདའ་བར་འདོད། །ཅེས་གསུངས་སོ། ༈། བཞི་པ་མྱ་ངན་ལས་འདས་པའི་དོན་བཤད་པ་ནི། འདིར་སངས་རྒྱས་རྣམས་ཀྱི་མྱ་ངན་ལས་འདས་པ་ཞེས་གསུངས་པ་ཉིད་ནི། དྲི་མ་མེད་པའི་སེམས་ཞེས་བྱ་བ་ཉོན་མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་སྒྲིབ་པ་འདི་སེམས་ཅན་ཐམས་ཅད་ལ་གནས་ཀྱང་། སེམས་ཅན་ཀྱ་གྱི་བསམ་པ་དང་། གཞལ་བར་བྱ་བའི་དངོས་པོ་མེད་པ། བསམ་གྱིས་མི་ཁྱབ་པ་འདི་ནི་ཆུ་ཟླ་ལྟ་བུའི་ངོ་བོ་སྟེ། དེ་ཡང་བློ་མཆོག་དེའི་སྤྱོད་ཡུལ་ཡིན་པས། དེ་མཐོང་ནས་མཐར་ཐུག་པའི་ཚེ་ཤིན་ཏུ་དྲི་མ་མེད་པའི་ཆོས་སྐུ་ཐོབ་བོ། །ཅེས་གསུངས། དྲི་མ་མེད་པའི་སེམས་ནི་བདེ་གཤེགས་སྙིང་པོའི་མཐན་གྱི་བྱེ་བྲག་གོ། །དེའང་ཆོས་དབྱིངས་བསྟོད་པ་ལས། །འདིར་ནི་མྱ་ངན་འདས་པ་ཉིད། །དྲི་མ་མེད་པ་སེམས་གྱུར་པའི། །སེམས་ཅན་ཀུན་གྱི་དངོས་མེད་པའི། །ངོ་བོ་དེ་ཡང་དེ་སྤྱོད་ཡུལ། །དེ་མཐོང་བྱང་ཆུབ་སེམས་དབང་པོ། །ཤིན་ཏུ་དྲི་མེད་ཆོས་ཀྱི་སྐུ། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་གསུངས་པ་མེད། །ཞེས་གསུངས་སོ། ༈། འབད་
(༨༦༥)པ་མེད་པའི་ཕྲིན་ལས་སྟོན་པ་ནི། །ཆོས་དབྱིངས་བསྟོད་པ་ལས། །དྲི་མ་མེད་པའི་ཆོས་སྐུ་ལས། །ཡེ་ཤེས་རྒྱ་མཚོ་གནས་འགྱུར་ནས། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །དེ་ལས་སེམས་ཅན་དོན་རྣམས་མཛོད། །ཞེས། དྲི་མ་མེད་པའི་ཆོས་ཀྱི་སྐུ་ལ་གནས་པར་གྱུར་པ་དེ་ནི། ཅི་ཡང་མེད་པ་མ་ཡིན་གྱིས་ཡེ་ཤེས་རྒྱ་མཚོར་རྟོག་པའི་ཚོགས་རྒྱ་མཚོ་གནས་གྱུར་པ་དེ། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་ཉིད་མཐར་སོན་པའོ། །དེའང་། རྣམ་པ་ཀུན་ཞེས་གསུངས་པའང་། སྦྱིན་སོགས་ཁམས་རྒྱས་བྱེད་ཀྱི་ཆོས་ཐམས་ཅད་དོ། །དེའི་མཆོག་ནི། གང་ན་མེད་པའི་མཐར་སོན་པའི་སྟོང་པ་ཉིད་ནི་རང་གི་ངོ་བོས་དག་པ་ཉིད་དུ་སོན་པས་དབྱེ་བ་མེད་པའི་ཕྱིར་ཏེ། རྒྱུད་བླ་མར། རི་མོ་མཁན་ཕྱོགས་རེར་ཤེས་པ་ཐམས་ཅད་འཚོགས། རི་མོ་རྫོགས་པར་མི་འགྱུར་བའི་དཔེ་ནས། དེ་རྣམས་འདྲི་བྱེད་གང་དག་ཡིན། །སྦྱིན་དང་ཚུལ་ཁྲིམ་བཟོད་ལ་སོགས། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་པ་ཉིད་ནི་གཟུགས་སུ་བརྗོད། །ཤེས་རབ་ཡེ་ཤེས་རྣམ་གྲོལ་རྣམས། །གསལ་དང་འཕྲོ་དང་དག་ཕྱིར་དང་། །ཐ་དད་མེད་ཕྱིར་འོད་དང་ཟེར། །
(༨༦༦)ཉི་མའི་དཀྱིལ་འཁོར་ཉིད་དང་མཚུངས། །དེས་ན་སངས་རྒྱས་མ་ཐོབ་བར། །མྱ་ངན་འདས་པ་མི་ཐོབ་སྟེ། །འོད་དང་ཟེར་ནི་སྤངས་ནས་སུ། །ཉི་མར་བལྟ་བར་མི་ནུས་བཞིན། །ཞེས་མཐར་ཐུག་པ།། །ཡང་། སངས་རྒྱས་ཀྱི་རྒྱུད་ལ་མངའ་བ་རྣམ་པར་མི་རྟོག་པའི་ཤེས་རབ་ནི། ཤེས་བྱའི་དེ་ཁོ་ན་ཉིད། དམ། པའི་མུན་པ་སེལ་བར་ཉེ་བར་གནས་པའི་ཕྱིར། འོད་གསལ་བ་དང་ཆོས་མཚུངས་ལ། དེའི་རྗེས་ལ་ཐོབ་པའི་ཤེས་བྱ་ཐམས་ཅད་ཀྱི་ཡེ་ཤེས་ནི། ཤེས་བྱའི་དངོས་པོ་མ་ལུས་པ་རྣམ་པ་ཐམས་ཅད་ལ་འཇུག་པས་ན་འོད་ཟེར་གྱི་དྲ་བ་འཕྲོ་བ་དང་ཆོས་མཚུངས་སོ། །གཉིས་ཀའི་རྟེན་སེམས་ཅན་གྱི་རང་བཞིན་རྣམ་པར་གྲོལ་བ་ནི་ཤིན་ཏུ་དྲི་མ་མེད་ཅིང་འོད་གསལ་བ་ཉིད་ཀྱི་ཉི་མའི་དཀྱིལ་འཁོར་རྣམ་པར་དག་པ་དང་ཆོས་མཚུངས་སོ། །གསུམ་ཀའང་ཆོས་ཀྱི་དབྱིངས་དང་དབྱེ་བ་མེད་པ་རང་བཞིན་ཉིད་ཀྱིས་གསུམ་པོ་དེ་དབྱེ་བ་མེད་པ་དང་། ཆོས་མཚུངས་པ་ན་གཅིག་མ་རྟོགས་ཀྱང་རྣམ་པར་གྲོལ་བར་མི་རིགས་པས། འོད་ཟེར་སྤངས་ནས་ཉི་མའི་དཀྱིལ་འཁོར་མི་མཐོང་བའི་དཔེས་བསྟན་ཏོ། ༈། དེ་ལྟར་ཡེ་ཤེས་རྒྱ་མཚོས་ཕྲིན་ལས་མཛད་ཚུལ་ཡང་། འབད་རྩོལ་མེད་ཅིང་ལྷུན་གྱིས་གྲུབ་པར་འཇུག་པས་ན། མཆོག་གི་སྤྲུལ་སྐུ་
(༨༦༧)ཆེན་པོ་སྟོན་པ་ནི། དེའང་སྐུ་གསུང་ཐུགས་རྣམ་རྟོག་མེད་པས་སེམས་ཅན་གྱི་དོན་མཛད་པ་དེ་དཔེ་དང་སྦྱར་ནས། རྒྱུད་བླ་མར། བརྒྱ་བྱིན་རྔ་སྤྲིན་ཚངས་པ་དང་། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་བསྙན་བཞིན། །ནམ་མཁའ་དང་ནི་ས་བཞིན་ནོ། །ཞེས་གསུངས། དེའང་། སྐུ་རྟོག་པ་མེད་པས་འགྲོ་དོན་མཛད་པ་ནི། །དཔེར་ན་ལྷ་དབང་བརྒྱ་བྱིན་དེ། ལྷའི་བུ་མོའི་ཚོགས་དང་བཅས་རྣམ་རྒྱལ་ཁང་བཟང་ན་བཞུགས་པ་ལ། ཁང་བཟང་དེ། བཻ་ཌཱུརྻའི་རང་བཞིན་དག་ཅིང་དྭངས་པ་ཡིན་པས། བརྒྱ་བྱིན་གྱི་གཟུགས་བསྙན་ཁང་བཟང་གི་ཕྱི་རོལ་ཏུ་སྣང་བ་འབྱུང་ངོ། །དེར་ས་གཞི་ལ་གནས་པའི་སྐྱེས་པ་དང་བུད་མེད་གཞན་དག་གིས། བརྒྱ་བྱིན་གྱི་གཟུགས་བརྙན་དང་ལོངས་སྤྱོད་ཀྱི་གཟུགས་བསྙན་མཐོང་ནས། ངེད་ཀྱང་མྱུར་དུ་འདི་ལྟར་གྱུར་ཅིག་ཅེས་སྨོན་ལམ་འདེབས་ཤིང་། དེའི་དོན་དུ་དགེ་བ་ལ་འབད་པས་ཤི་འཕོས་པས་དེར་སྐྱེའོ། །གཟུགས་བསྙན་སྣང་བ་དེ་ལ་ནི། རྣམ་རྟོག་མེད་ཅིང་གཡོ་བ་མེད་དོ། །དེ་བཞིན་དུ་དོན་ཆེན་པོ་ལ་ཉེ་བར་ཞུགས་པ་དད་པ་སོགས་བསྒོམ་ལ། སངས་རྒྱས་རྣམས་སྐུ་མཚན་དཔེས་བརྒྱན་པས། ཆོས་
(༨༦༨)གསུང་བ་སོགས་སྤྱོད་ལམ་སྣ་ཚོགས་པའི་ཆོ་འཕྲུལ་མཛད་པ་མཐོང་བར་འགྱུར་ལ། དེ་སྣང་བ་དེ་ལ་དད་ཅིང་འདུན་ཏེ། དེ་ཐོབ་ཕྱིར་དེའི་རྒྱུ་སེམས་བསྐྱེད་སོགས་ལ་འཇུག་པས། མཐར་སངས་རྒྱས་ཐོབ་པར་འགྱུར་རོ། །སྐུར་སྣང་བ་དེ་ནི་རྣམ་རྟོག་མེད་ཅིང་གཡོ་བ་མེད་དོ། དེ་ལྟར་ཡང་། ཇི་ལྟར་བཻ་ཌཱུརྻས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བསྙེན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུའི་གཟུགས་བསྙན་འཆར། །ཞེས་གསུངས། ༈གསུང་རྣམ། རྟོག་མེད་པས་འགྲོ་དོན་མཛད་པའི་དཔེ་ནི། དཔེར་ན། རྣམ་རྒྱལ་ཁང་བཟང་སྟེང་ན། །ལྷའི་རྔ་ཆོས་ཀྱི་ཤུགས་འཆང་ཞེས་བྱ། །ལྷ་རྣམས་ཀྱི་སྔོན་གྱི་དཀར་པོའི་ལས་ཀྱི་འགྲུབ་པ་ཞིག་ཡོད། །རྔ་དེ་ལ་རྟོགས་མེད་བཞིན། མི་རྟག་སྡུག་བསྔལ་བདག་མེད་དང་། ཞི་བའི་སྒྲས། ལྷ་རྣམས་བག་མེད་པ་ལས་ཡང་ཡང་བསྐུལ་ལོ། །དེ་བཞིན་འབད་རྩོལ་རྣམ་རྟོག་མེད་ཀྱང་། སངས་རྒྱས་ཀྱི་གསུང་གིས་སྐལ་ལྡན་རྣམས་ལ་བློ་དང་མཚམས་པའི་ཆོས་སྟོན་ཏོ། །དེ་ལྟར་ཡང་། དེ་བཞིན་ཁྱབ་བདག་འབད་སོགས་དང་། །བྲལ་ཡང་
(༨༦༩)འགྲོ་བ་མ་ལུས་པ། །སངས་རྒྱས་གསུངས་གིས་ཁྱབ་མཛད་དེ། །སྐལ་ལྡན་རྣམས་ལ་ཆོས་སྟོན་ཏོ། །ཞེས་གསུངས་སོ། ༈། ཐུགས་རྣམ་རྟོག་མེད་པས་འགྲོ་དོན་མཛད་པའི་དཔེ་ནི། དབྱར་དུས་འབད་རྩོལ་མེད་པ་མཁའ་ལ་སྤྲིན་ཚོགས་ཏེ། སྤྲིན་ལ་རྣམ་རྟོག་མེད་པར་ཆར་བབ་ནས་ལོ་ཏོག་ཕུན་སུམ་ཚོགས་པ་བསྐྱེད་དོ། །དེ་བཞིན་དུ་ཐུགས་ཀྱི་སྤྲིན་ལས་རྣམ་རྟོག་མེད་པའི་ཆོས་ཀྱི་ཆར་གདུལ་བྱ་ལ་བབ་པས་དགེ་བའི་ལོ་ཏོག་སྨིན་པར་བྱེད་ཏོ། དེ་ལྟར་ཡང་། དེ་བཞིན་ཐུན་མོང་སྤྲིན་ལས་ནི། །རྒྱལ་བའི་དམ་ཆོས་ཆུ་ཡི་ཆར། །འགྲོ་བའི་དོན་དུ་ལོ་ཏོག་རྒྱུ། །རྣམ་པར་རྟོག་པ་མེད་པར་འབེབས། ༈། ལོངས་སྤྱོད་རྫོགས་སྐུ་ཆོས་སྐུ་ལས།། །གཡོས་བཞིན་དུ་སྤྲུལ་སྐུ་འཕྲོ་བའི་དཔེ་ནི། །ཇི་ལྟར་ཚངས་པ་ཚངས་པ་ཡི། །གནས་ནས་འཕོ་བ་མེད་བཞིན་དུ། །ལྷ་མི་གནས་རྣམས་ཐམས་ཅད་དུ། །སྣང་བ་འབད་མེད་བསྟོན་པ་ལྟར། །དེ་བཞིན་ཐུབ་པ་ཆོས་སྐུ་ལས། །སྤྱོད་པ་མེད་པར་ཁམས་ཀུན་ཏུ། །སྐལ་ལྡན་རྣམས་ལ་འབད་མེད་པར། །སྤྲུལ་པ་དག་ནི་སྟོན་པར་མཛད། །ཅེས་སོ། ༈། ཡེ་ཤེས་
(༨༧༠)འཕྲོས་ཀྱང་མ་གོས་པ་ཉི་མའི་དཔེ་ནི། ཇི་ལྟར་ཉི་མ་རྟོག་མེད་པར། །རང་འོད་གཅིག་ཆར་སྤྲོས་པ་ཡིས། །པདྨ་རྒྱས་པར་འབྱེད་པ་དང་། །གཞན་དག་སྨིན་པར་བྱེད་པ་ལྟར། །དེ་བཞིན་དེ་བཞིན་གཤེགས་པ་ཡི། །ཉི་མ་དམ་ཆོས་འོད་ཟེར་དག། གདུལ་བྱའི་སྐྱེ་བའི་པདྨ་ལ། །རྣམ་པར་རྟོག་པ་མེད་པར་འཇུག། ཅེས་གསུངས་སོ། ༈། ཐུགས་རྟོག་པ་མི་མངའ་བས་སེམས་ཅན་ཐམས་ཅད་ཀྱི་རེ་བ་སྐང་བའི་ཕྲིན་ལས་འབྱུང་བའི་དཔེ་ནི། ཇི་ལྟར་ཡིད་བཞིན་ནོར་བུ་ནི། །རྟོག་པ་མེད་པ་ཅིག་ཆར་དུ། །སྤྱོད་ཡུལ་གནས་པ་རྣམས་ཀྱིས་ནི། །བསམ་པ་སོ་སོར་རྫོགས་བྱེད་ལྟར། །དེ་བཞིན་སངས་རྒྱས་ཡིད་བཞིན་ལ། །བརྟན་ནས་བསམ་པ་ཐ་དད་རྣམས། །སྣ་ཚོགས་ཆོས་ཀྱི་ཐོས་གྱུར་ཀྱང་། །དེ་ནི་དེ་ལ་རྣམ་མི་རྟོག༈། གསུང་འདུ་མི་མཛད་ཀྱང་སོ་སོའི་རྣམ་པར་རིག་པ་དང་མཐུན་པའི་བྲག་ཆའི་དཔེ་ནི། ཇི་ལྟར་སྒྲ་བསྙན་གྱི་ནི་དཔེ། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་རྟོག་མེད་ཅིང་གཟོ་མེད་ལ། །ཕྱི་དང་ནང་ན་མི་གནས་ལྟར། །དེ་ནི་དེ་བཞིན་གཤེགས་པའི་གསུངས། །གཞན་གྱི་རྣམ་རིག་ལས་བྱུང་བ། །རྣམ་པར་རྟོག་དང་གཟོ་མེད་ཅིང་། །ཕྱི་དང་ནང་ན་གནས་
(༨༧༡)མ་ཡིན། །ཅེས་གསུངས་སོ། ༈། སྐུ་ཐམས་ཅད་ལ་ཁྱབ་ཅིང་རྟག་པ་ལ་ཐོག་པ་དང་བྲལ་ནམ་མཁའི་དཔེ་ནི། ཅུང་ཟད་མེད་ཅིང་སྣང་བ་མེད། །དམིག་པ་མེད་ཅིང་རྟེན་མེད་ལ། །མིག་གི་ལམ་ལ་རབ་འདས་པ། །གཟུགས་མེད་བསྟན་དུ་མེད་པ་ཡི། །མཁའ་ལ་ཇི་ལྟར་མཐོ་དང་དམའ། །མཐོ་ཡང་དེ་ནི་དེ་ལྟ་མིན། །དེ་བཞིན་ཐམས་ཅད་སངས་རྒྱས་ལ། །མཐོ་ཡང་དེ་ནི་དེ་ལྟ་མིན། །ཞེས་གསུངས་སོ། ༈། སེམས་ཅན་ཐམས་ཅད་ཀྱི་རྣམ་པར་དཀར་བ་བསྐྱེད་པའི་རྟེན་མཛད་པས། ས་ལྟ་བུ་སྟེ། ཇི་ལྟར་ས་ལ་སྐྱེ་བ་ཀུན། །རྟོག་མེད་ས་ལ་བརྟེན་ནས་ནི། །འཕེལ་དང་གནས་དང་ཡོངས་གྱུར་ལྟར། །དེ་བཞིན་རྫོགས་པའི་སངས་རྒྱས་པ། །རྣམ་རྟོག་མེད་པ་ལ་བརྟན་ནས། །འགྲོ་བའི་དགེ་བའི་རྩ་བ་ནི། །མ་ལུས་པ་ནི་འཕེལ་བར་འགྱུར། ༈། བསྡུས་དོན་ནི། འབད་རྩོལ་མེད་པར་བྱ་བ་འགའ། །བྱེད་པ་མཐོང་མེད་དེ་བས་ན། །གདུལ་བྱའི་ཐེ་ཚོམ་བཅད་པའི་ཕྱིར། །དཔེ་རྣམས་དགུ་ཡིས་བསྟན་པ་ཡིན། །ཅེས་དཔེ་དགུ་པོ་དེ་དག་གིས་སངས་རྒྱས་ཀྱི་ཡེ་ཤེས་ལ་རྣམ་རྟོག་གི་འབད་རྩོལ་མི་མངའ་
(༨༧༢)བ་ལྷུན་གྱི་གྲུབ་པའི་ཕྲིན་ལས་བསྟན་པའོ། །དེས་དོན་དགུ་པོའི་གོ་རིམ་ཡང་སྔ་མ་ཕྱི་མ་ཆོས་མི་མཐུན་པ་དེ་ཕྱི་མས་སྤངས་པའི་སྒོ་ནས་བརྗོད་པ་ནི། དོན་ནི་འདི་ཡིན་རིམ་པ་ཡང་། །སྔ་མ་ཕྱི་མ་ཆོས་མི་མཐུན། །སྤང་བའི་སྒོ་ནས་བརྗོད་པ་ཡིན། །སངས་རྒྱས་གཟུགས་བརྙན་ལྟ་བུ་སྟེ། །དབྱངས་དང་མི་ལྡན་དེ་འདྲ་མིན། །ལྷ་ཡི་རྔ་བཞིན་ཐམས་ཅད་དུ། །དོན་བྱེད་མིན་པ་དེ་འདྲ་མིན། །སྤྲིན་དང་མཚུངས་པ་དོན་མེད་པའི། །ས་བོན་སྤངས་མིན་དེ་འདྲ་མིན། །ཚངས་ཆེན་བཞིན་ཏེ་གཏན་དུ་ནི། །སྨིན་པར་བྱེད་མིན་དེ་འདྲ་མིན། །ཉི་མའི་གཟུགས་བཞིན་གཏན་དུ་ནི། །མུན་པ་འཇོམས་མིན་དེ་འདྲ་མིན། །ཡིད་བཞིན་ནོར་འདྲ་འབྱུང་བ་ནི། །སྙེད་པར་མི་དཀའ་དེ་འདྲ་མིན། །སྒྲ་སྙན་བཞིན་ཏེ་སྐྱེན།། །ལས་ནི། །བྱུང་བ་དེ་དང་འདྲ་བ་མིན། །ནམ་མཁའ་དང་འདྲ་དགེ་བ་ཡི། མིག་སྦྱིན་ནུས་པས། །གཞི་མིན་དེ་དང་འདྲ་བའང་མིན། །འཇིག་རྟེན་འཇིག་རྟེན་ལས་འདས་པ། །འགྲོ་བའི་ཕུན་ཚོགས་མ་ལུས་པ། །དེར་གནས་ས་ཡི་རྟེན་བྱེད་ཕྱིར། །ས་ཡི་དཀྱིལ་འཁོར་དག་དང་འདྲ། །ཞེས་གསུངས་སོ། ༈། ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཀྱི། །ཡང་དག་
(༨༧༣)པའི་ལྟ་བ་དང་། རྟོགས་ཤིང་། ཐོབ་པར་བྱ་བ་ཐམས་ཅད་གཅིག་ཏུ་བཤད་ཅིང་ཤེས་པར་བྱ་དགོས་པ་ནི། ཏིང་འཛིན་རྒྱལ་པོའི་མདོ་ལས། །སངས་རྒྱས་ཡེ་ཤེས་བསམ་མི་ཁྱབ། །འཛིན་པ་ལ་ནི་གང་གནས་པ། །དེ་ལ་ཡེ་ཤེས་ཡོད་མི་འགྱུར། །གང་དག་སྒྲ་ཡིས་བསྟན་པ་ཡི། །ཆོས་རྣམས་མང་པོ་བསམ་མི་ཁྱབ། །སྒྲ་དེ་ལ་ཡང་གང་ཆགས་པ། །དགོངས་པས་བཤད་པ་མི་ཤེས་སོ། །ཅི་ལ་དགོངས་ཏེ་བཤེད།། །པ་ཡི། །དགོངས་པ་དག་ནི་མི་ཤེས་པ། །ཆོས་མ་ཡིན་པ་ལ་ཆོས་སུ་འཆད། །འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ངས་ནི་མདོ་སྡེ་གང་བཤད་པ། །ཚིག་འབྲུ་ཐ་དད་དོན་གཅིག་ཏེ། །ཐམས་ཅད་བརྗོད་པར་ནུས་མ་ཡིན། །ཚིག་གཅིག་རྣམ་པར་བསྒོམ་པ་ནི། །དེ་དག་ཐམས་ཅད་བསྒོམ་པར་འགྱུར། །སངས་རྒྱས་ཅི་སྙེད་ཐམས་ཅད་ཀྱི། །ཆོས་རྣམས་མང་པོ་གང་བཤད་པ་དང་། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད། །མི་གང་དོན་ལ་མཁས་པ་དག། ཚིག་འདི་བསླབས་པར་གྱུར་པ་ལ། །སངས་རྒྱས་ཆོས་རྣམས་དཀོན་མ་ཡིན། །ཆོས་ཀུན་སངས་རྒྱས་ཆོས་ཡིན་ཏེ། །ཆོས་ཉིད་ལ་ཡང་གང་བསླབས་པ། །ཆོས་ཉིད་རབ་ཏུ་ཤེས་པ་ནི། །
(༨༧༤)ཆོས་ཉིད་དང་ཡང་འགལ་མི་བྱེད། །ཅེས་གསུངས་སོ། །མདོར་བསྡུས་ན། གཞི་བདེ་བར་གཤེགས་པའི་སྙིང་པོ། །ལུས་སེམས་ནང་གི་བདག་ཉིད་མ་རིག་པའི་དྲྭ་བས་གཡོག་པ་འདི་ལ་བརྟགས་ལ། ལམ་རྒྱལ་བའི་དགོངས་པ། བདེན་གཉིས་དབྱེར་མེད་ཀྱི་གནས་ལུགས་ཟབ་མོ་ཤེས་པར་བྱ་ཞིང་ཚོགས་གཉིས་ཟུང་འཇུག་དུ་བསླབ་པར་བྱ། །སྐུ་གཉིས་དབྱེར་མེད་ཀྱི་འབྲས་བུ་ཐོབ་པར་བྱའོ། ༈། འདི་ལྟ་བུའི་ཆོས་ལ་མོས་པ་བྱས་པའི་ཕན་ཡོན་ནི། རྒྱུད་བླ་མ་ལས། སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། །སངས་རྒྱས་ཆོས་དང་སངས་རྒྱས་ཕྲིན་ལས་ཏེ། །དག་པའི་སེམས་ཅན་གྱིས་ཀྱང་བསམ་བྱ་མིན། །འདི་ནི་འདྲེན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན། །བློ་ལྡན་རྒྱལ་བའི་ཡུལ་འདི་ལ་མོས་པ། །སངས་རྒྱས་ཡོན་ཏན་ཚོགས་ཀྱི་སྣོད་གྱུར་ཏེ། །བསམ་མེད་ཡོན་ཏན་ཚོགས་ལ་མངོན་དགའ་བས། །སེམས་ཅན་ཀུན་གྱི་བསོད་ནམས་ཟིལ་གྱིས་གནོན། །ཞེས་སོགས་གསུངས་སོ། ༈། གཞི་ལམ་འབྲས་གསུམ་སྡོམ་གསུམ་གྲུབ་མཐའ་ཐེག་དགུའི་རྣམ་བཞག་ཀུན་བཏུས་པ། མཁས་གྲུབ་རྣམས་ཀྱི་གཞུངས་ལས་ཅི་ལྟར་གསུངས་བཞིན་ཚིག་དོན་མ་འཁྲུལ་སྙམས། །འོན་ཀྱང་མི་ཤེས་
(༨༧༥)དབང་གྱུར་ནོར་འཁྲུལ་ཆོས་ལ་དབང་ཟ་གྱུར་སྲིད་ན། དཀོན་མཆོག་རྩ་གསུམ་སྤྱན་སྔར་མཐོལ་བཤགས་བཟོད་གསོལ་སྒྲིབ་མེད་དངོས་གྲུབ་སྩོལ། ཚུལ་འདིར་མོས་ཤིང་བརྩམ་པའི་དགེ་བ་བསམ་མི་ཁྱབ་པ་གང་ཐོབ་དེས། ཐོག་མེད་དུས་ནས་ཕ་མར་གྱུར་པའི་སེམས་ཅན།། །པ་ཡི་ཚོགས། མཐའ་ཡས་འོད་མངའ་དྲང་སྲོང་ཆེན་པོ་ཚེ་དཔག་མེད་ཀྱི་ཞལ་མཐོང་ཞིང་། མཐོང་ནས་ཀྱང་ནི་ཆོས་མིག་དྲི་མེད་སྐྱེས་ཏེ་བྱང་ཆུབ་མཆོག་ཐོབ་ཤོག། བདག་ཀྱང་དེང་བཟུང་བྱང་ཆུབ་ཐོབ་པར་ཚེ་རབས་ཀུན་ཏུ་སངས་རྒྱས་ཀྱི། ཆོས་ལ་རྨོངས་མེད་ཆོས་མིག་དྲི་མེད་སྐྱེས་ནས་རྩེ་གཅིག་བསྒྲུབ་ལ་བརྩོན། །འཕགས་ཆེན་རྣམས་དང་སྐལ་མཉམ་གྱུར་ཏེ་རང་གཞན་དོན་གཉིས་ལྷུན་གྲུབ་ཀྱི། རྒྱལ་བ་མཆོག་ལའང་མྱུར་དུ་འཛེག་ནས་མཐའ་ཡས་སེམས་ཅན་སྨིན་བྱེད་ཤོག། བརྩམ་འོས་སྐྱེ་སྦྱང་མ་མཆིས་ཀྱང་། །རང་གི་མོས་བློས་བསྐུལ་ཕྱིར་དང་། །བླ་བོ་མཆོག་སྤྲུལ་གྱིས་བསྐུལ་ངོར། །རྒྱལ་གསུང་ཀུན་ལ་འཇུག་པའི་སྒོ། །མདོར་བསྡུས་སྡེ་མིག་ལྟ་བུའོ། །ཐར་འོད་བློ་གསལ་སྐལ་བཟང་གིས། །མཐོང་ན་ནོར་བུའི་སྒྲོལ་ཕྱེས་བཞིན། །རྨོངས་ལྡན་ཚོགས་ལ་འདི་ཅི་བྱ། །འོན་ཀྱང་རང་ལ་མཁོ་ཕྱིར་བྲིས། །
(༨༧༦)ཞེས་རྡོ་དགོན་རི་ཁྲོད་བསམ་གཏན་འོད་གསལ་བདེ་ལྡན་གླིང་དུ། ཟུར་མང་རས་ཆུང་པའི་བཀའ་བབ། སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པའི་མགྲོན་མིང་རྒན་པོ་ཀརྨ་ཆོས་།། །རྒྱལ་གྱིས་ཤིང་བྱིའི་ལམ་འཇུག་ནས་བཟུང་ཤིང་གླང་ཟླ་༢་བའི་ཚེས་༡༨་ཀྱི་སྔ་གྲོ་ལ་གྲུབ་པར་བྱས་སོ། །དགེའོ། ༈། བདག་གི་བླ་མ་བཀའ་དྲིན་ཅན། །ཀརྨ་ཡེ་ཤེས་འགྱུར་མེད་ཀྱི། །ཞལ་ལུང་མདོ་རྒྱུད་མན་ངག་བཅུད། །མི་ཟད་ལུང་ནི་བང་མཛོད་ཀྱི། །ཆད་འཛུད་ཞུ་དག་དཔྱད་གསུམ་གྱི། ། ལེགས་པར་ཞུས་པའི་ལེགས་བཤད་འདི། །འཆད་སྤེལ་འགྲོ་དོན་འཕེལ་རྒྱས་ཤོག། ཅེས་པའང་འདུལ་འཛིན་རཏྣས་ཆེད་དུ་བརྗོད་པ་དགེ་ལེགས་འཕེལ།