Nitartha Digital Library
Tibetan
 
no previousno next

(༡)སྲིད་པ་མ་མོའི་འཁྲུགས་སྐོང་ཟླ་ཞུན་བདུད་རྩི་སྨན་གྱི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །

(༢)གུ་རུ་ཤྲཱིམ་ན་པདྨ་ནི་རྟེ་ཤྭ་ར་ཡེ་ན་མོ། ཡེ་ཤེས་རྡོ་རྗེ་བདུད་རྩིའི་ཆུས། །ཉེས་གསུམ་དྲི་མ་ཀུན་བཀྲུས་ཏེ། །རྡོ་རྗེ་གསུམ་གྱི་བདེ་མཆོག་སྦྱིན། །དཔལ་མགོན་རྣམ་སྣང་མཛད་དེས་སྐྱོངས། །རང་རིག་མཐའ་བྲལ་ཡུམ་གྱི་ཀློང་། །ཞི་བ་ཆེན་པོར་རྣམ་དག་ཀྱང་། །ཀུན་འབྱུང་སྒྱུ་མའི་སྣང་ཆ་ན། །སྲིད་ཞིའི་མ་མོ་རབ་འབྱམས་ཤར། །དོན་ལ་ཁྲོས་འཁྲུགས་མ་དམིགས་ཀྱང་། །རྟེན་འབྱུང་སྙིགས་ལྔའི་རྒྱུས་བསྐྱོད་པའི། །འབྲས་བུ་མི་འདོད་ཉེར་འཚེའི་དཔལ། །ཞི་བྱེད་སྐོང་བའི་ཆོ་ག་བཤད། །དེ་ལ་འཁོར་འདས་ཐམས་ཅད་བསྐྱེད་ནས་སྡུད་པ་དང་། བདེ་སྡུག་ལེགས་ཉེས་ཐམས་ཅད་མ་མོས་བྱེད་ཅིང་། སེམས་ཅན་

(༣)ཐམས་ཅད་ལ་མ་ལྟར་བྱམས་པས་རྟག་ཏུ་སྐྱོང་བར་བྱེད་པ་ཡིན་ཀྱང་། བུའི་བྱེད་པ་ངན་ན་མ་ཤུགས་ཀྱིས་མི་དགའ་བཞིན་སྙིགས་མའི་དུས་འདིར་ལ་མ་ཞུགས་ཀྱི་རྣལ་འབྱོར་དང་། འཇིག་རྟེན་ཕལ་པའི་སྐྱེ་བོ་ཕོ་མོ་ཐམས་ཅད་ལོག་པར་སྤྱོད་པ་ཤས་ཆེ་བའི་མཐུས་མ་མོ་གཡེལ་ཞིང་ཁྲོས་པའི་རྒྱུས་འབྲས་བུ་མི་འདོད་པའི་ཉེར་འཚེ་སྣོད་བཅུད་ཐམས་ཅད་ལ་ཤུགས་ཀྱིས་འཆར་བ་རྣམས་ཞི་བའི་ཕྲིན་ལས་ཀྱི་རིམ་པ་སྔགས་རྒྱུད་རབ་འབྱམས་ནས་གསུངས་པ་རྣམས་ཀྱི་སྙིང་པོ་བསྡུས་པའི་ཚུལ་དུ་དྲིལ་བ་ཉམས་སུ་བླངས་པས་སྣོད་བཅུད་བདེ་ལེགས་སུ་བྱེད་པའི་འཁྲུགས་སྐོང་གི་ཆོ་ག་བཤད་པ་ལ་སྦྱོར་དངོས་གཉིས་ཀྱི། དང་པོ་སྦྱོར་བ་ཡོ་བྱད་ཀྱི་གཤོམས་ནི། གཙོང་ཞིང་ཡིད་དུ་འོང་ལ་བཀྲ་ཤིས་

(༤)པའི་གནས་སུ་བདུད་རྩི་འི་ཁྲུས་དང་ཆག་ཆག་གདབ་པར། རྩ་གསུམ་སྲུང་མ་དང་བཅས་པའི་རྟེན་དང་། སྤྱན་གཟིགས་སྣ་ཚོགས་པས་མཛེས་པར་བྱས་པའི་གུང་དུ་རྩ་གསུམ་ཞི་དྲག་བདག་བསྐྱེད་དང་། ལྷ་མོའི་གཞུང་གང་ལ་བརྟེན་པའི་མཆོད་གཏོར་རྣམས་བཤམས་པའི་མདུན་ནམ་གཡོན་དུ་གཞི་གཙང་མར་ཞིང་ངམ། གཅན་གཟན་གྱི་པགས་པས་བཀབ་པའི་ཁར། །འབྲུ་སྣ་ཚོགས་པའི་ཕྱེ་མ་བདུད་རྩིའི་རིལ་བུ། གཏོར་མའི་སྣོད་དང་། ལྔ་ཕྲག་ལྔ། རིན་པོ་ཆེ་དང་སྨན་སྣ་ཚོགས་པ་སྦྱར་བ། འབྲུ་བཅུད་ཀྱི་ཉིང་ཁུས་སྦྲུས་པའི་རི་རབ་བང་རིམ་བཞི་པའི་སྟེང་དུ་ཆོས་འབྱུང་རྩེ་མོ་རྒྱབ་བསྟན་གྱི་ཁར། དཔལ་བཤོས་གཙོ་འཁོར་ལྔ་ཚོམ། དེའི་མཐར་བཤོས་ཕྲན་བརྒྱད་ཀྱིས་བསྐོར་བ། བང་རིམ་གཉིས་པར་བཤོས་ཕྲན་བརྒྱད་དང་། བཀྲ་ཤིས་པའི་རྟགས་བརྒྱད། ཁྱུང་འབྲུག་སོགས་མཁའ་ལ་རྒྱུ་བའི་རིགས། བང་རིམ་གསུམ་པར་བཤོས་བུ་བརྒྱད་དང་། བྱིན་གྱིས་བརླབས་བའི་རྫས་བརྒྱད། སེང་གེ་སོགས་གཅན་གཟན་དང་རི་དྭགས། བཞི་པར་བཤོས་བུ་བརྒྱད་དང་རྒྱལ་སྲིད་སྣ་བདུན། གཡུང་དྭགས་རིགས། ཁོར་ཡུག་ཏུ་བཤོས་ཕྲན་གྲངས་མེད། འདོད་ཡོན་སྣ་ཚོགས། ཆུ་གནས་རིགས། དེ་རྣམས་ཀྱི་བར་མཚམས་ཐམས་ཅད་དུ་རིན་ཆེན་འབྲུ་སྨན། དར་རས། ཟས་ཕུད་ཀྱིས་གཏམས། །མཐའ་སྐོར་དུ་སྟག་གཟིག་རས་མ། དར་ཚོན། ནམ་མཁའ། རྒྱང་བུ། མདའ་འཕང་། ཤིང་རིས་རྣམས་བཙུགས། གཙོ་གཏོར་ལ་རང་རང་

(༥)གི་ལྷ་མོ་གང་ཡིན་གྱི་སྐུ་ཙཀ་རྒྱབ་ཏུ་སྙིང་པོ་དང་ཕྱག་མཚན་བྲིས་པ་དང་གདུགས་ཅན་བཙུགས། སྤྲོ་ན་མདོས་གཞི་ཡངས་པར་བང་རིམ་བཞི་རི་རབ་དང་བཅས་པའི་རི་རབ་ཀྱི་སྟེང་དང་། བང་རིམ་གསུམ་ལ་གོང་བཞིན་གཏོར་མ་རྣམས་བཀོད་པའི་གཙོ་གཏོར་ལ་ནམ་མཁའ་གཙོ་བོའི་ཞལ་མདོས་དང་། གཞན་རྣམས་ལ་ཕྱོགས་མདོག་རེ་དང་། རྒྱང་བུ། མདའ། འཕང་རྣམས་སོ་སོར་བཙུགས་པ་དང་། གཏོར་མའི་གྲངས་མཉམ་གྱི་སྨན་རཀ་ཀྱང་ལྷན་དུ་བཤམས། །བང་རིམ་བཞི་པར་སྡེ་བརྒྱད་ཡུལ་ལྷའི་གཏོར་ཆུང་དཀར་དམར་དང་། བསང་བརྔན་གྱི་རྫས་བཀོད། ཁོར་ཡུག་ཏུ་གཙང་མའི་ངར་མི། ཆང་བུ། ཁྲག་ཀོང་། གཏོར་མ། སྨན་ཕུད་ལ་སོགས་པས་བཀང་། ལྕགས་རིར་ནམ་རྒྱང་། མདའ་འཕང་། ཕོ་སྟོང་མོ་སྟོང་། ཤིང་རིས། མདའ་དར་ལ་སོགས་པ་བཙུགས། སྟེང་དུ་གདུགས་དང་ཁྱུང་ཚང་། དཔལ་བེའུ། ཉི་ཟླ། ནོར་བུ། རྨ་བྱའི་ལྡེམ་འཕྲུ་ལ་སོགས་པ་ཤིན་ཏུ་རྔམས་བརྗིད་ཡིད་དུ་འོང་བར་བྱ། གང་ལྟར་ཡང་དེའི་གཡས་གཡོན་དུ་སྨན་རག །མདུན་དུ་ཁྱད་པར་གྱི་བདུད་རྩི་ཨ་མྲྀ་ཏ། ནལ་བུའི་ཐོད་པ་མཚན་ལྡན་གྱི་ནང་དུ་ཤ་ལྔ་བདུད་རྩི་ལྔ་དང་། ཤུ་དག་དཀར་པོ། གླ་རྩི། ཧོང་ལེན། ཡུངས་བ། གུ་གུལ། ཨུཏྤལ། ཙནྡན་དཀར་པོ་རྣམས་གཙོ་བོར་བྱས་པའི་སྐྱོབས་སུ་དུག་དང་བཤལ་སྐྱུགས་སོགས་མ་འདྲེས་པའི་བཟང་པོ་དྲུག་སོགས་སྨན་སྣ་ཚོགས་པའི་ཕྱེ་མ། གོང་མས་བསྒྲུབས་པའི་ཕབས་དང་སྐྱེར་བ་དང་། བདུད་རྩི་ཆང་གིས་

(༦)བཀང་བ་དར་དཀར་གྱིས་བཀབ་པའི་ཁར། འཁྲུལ་སྟེགས་ལ་མེ་ལོང་སིནིྡྷུ་ར་བརྡལ་བའི་དབུས་སུ་བྷྱོཡིག་དང་། མཐའ་སྐོར་དུ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། ཧ་རི་ནཱི་ས་སརྦ་མ་མ་བྷྱོ་ཧྲི་ཾཛབི་ཤུདྡྷེ་སྭཱ་ཧཱ། ཞེས་ཡིག་མགོ་ཕྱིར་བསྟན་མདུན་ནས་བརྩམས་ཏེ་བྲིས་པས་བསྐོར་བར་དར་དཀར་དམར་མཐིང་གསུམ་གྱི་གུར་ཕུབ། དེའི་གཡས་སུ་བཟང་ཤིང་སྣ་ཚོགས་པའི་ཕྱེ་མ་ལ་དྲི་ཞིམ་པོའི་སྤོས་ཀྱི་རིགས་སྦྱར་བའི་ཕུར་མས་བཀང་བའི་སྣོད་དང་། སྤོས་ཕོར། གཡོན་དུ་ཀུ་ཤའི་འཐོར་གཡབ། མདུན་དུ་ཞི་དྲག་གི་མཆོད་པ་ཕྲེང་ཚར་དང་། གསེར་སྐྱེམས། དཀར་སྐྱེམས། དམར་སྐྱེམས་གཞན་ཡང་ཁ་བསོ་བའི་གཏོར་མ་ལ་སོགས་པ་རྣམས་འདུ་བྱའོ། །གཉིས་པ་དངོས་གཞི་ལའང་སྔོན་དངོས་རྗེས་གསུམ་གྱི་དང་པོ་ལ་གཉིས་ཀྱི། དང་པོ་ནི། བདག་ཉིད་ནུས་ལྡན་དུ་བྱ་བའི་ཕྱིར་བདག་གི་རྣལ་འབྱོར་རྩ་གསུམ་གང་ལ་བརྟེན་པའི་བསྐྱེད་བཟླས་དང་། ཚོགས་ཀྱི་མཆོད་པ་ཡོད་ན་ཚོགས་ལ་རོལ་བའི་བར་གྲུབ་པར་བྱ། གཉིས་པ་བསྐང་བའི་མགྲོན་གྱི་དཀྱིལ་འཁོར་བསྐྱེད་པ་ནི། སྐོང་གཏོར་དང་བདུད་རྩིའི་དཀྱིལ་འཁོར་ལ་ལྷ་མོ་གང་ལ་བརྟེན་པའི་ཕྲིན་ལས་ཀྱི་བྱང་བུ་སོ་སོའི་གཞུང་བཞིན་བསྐྱེད་ཅིང་། སྤྱན་འདྲེན་ནས་སྐོང་པ་རྫོགས་ཀྱི་བར་སྔོན་དུ་བཏང་ངོ་། །གཉིས་པ་དངོས་གཞི་ལ། བྱིན་བརླབས་སྤྱན་དྲངས་བཞུགས་སུ་གསོལ། །དམ་བསྒྲགས་མཆོད་བསྟོད་ཐུགས་དམ་བསྐང་། །བྱེ་བྲག་འཁྲུགས་སྐོང་ཉེས་བྱས་བཤགས། །ཕྲིན་བཅོལ་བཟློག་

(༧)བསྒྱུར་བྷྱོ་ཡིས་གདབ། །སྨན་ལམ་གདབ་སྟེ་བཅུ་གསུམ་མོ། །ཞེས་རྣམ་གྲངས་བཅུ་གསུམ་གྱི་དང་པོ་སྐོང་རྫས་བྱིན་གྱིས་བརླབས་པ་ནི། ལས་སྔགས་ཀྱིས་བསང་། ཆོས་ཉིད་རྣམདག་གི་སྔགས་ཀྱིས་སྦྱང་། །སྐོང་རྫས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲཱུྃ་ལས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡིན་གྱི་རྣམ་པ་མཁོ་དགུ་ཚང་བ། བཟང་དགུས་འབྱོར་པ། མཛེས་དགུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་གང་བར་གྱུར། ན་མསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བཛྲ་སྥ་ར་ཎ་ཁཾ། ཞེས་པས་བྱིན་གྱིས་བརླབ་ཅིང་ཟད་མི་ཤེས་པར་སྤེལ། གཉིས་པ་ནི། སླར་ཡང་གལ་ཆེན་གྱི་ཚུལ་གྱིས་སྤྱན་དྲང་བ་ནི། ཞུན་ཆེན་གྱི་མེ་སྦར། ཚིལ་ཆེན་དང་བཟང་སྤོས་བསྲེགས། རྔ་རོལ་རྐང་གླིང་བཤུག་པ་ཐོད་རྔའི་སྒྲ་དང་། དར་གྱི་གཡབ་མོའི་བརྡས་མཚོན་ཏེ། བྷྱོ མཁའ་བཞིའི་བདེ་ཀློང་འཁྱིལ་བའི་ཀློང་། །ཡེ་གྲུབ་རང་སྣང་དབྱིངས་ཀྱི་ཡུམ། །སྲིད་ཞིའི་ཆོས་ཀུན་རྫོགས་པའི་མ། །ཀུན་

(༨""ཏུ་བཟང་མོ་གཤེགས་སུ་གསོལ། །ཁྱབ་གདལ་གདོད་ནས་གྲུབ་པའི་ལྷ། །ལོངས་སྐུ་རིགས་ལྔའི་དབྱིངས་ཕྱུག་མ། །དཔལ་འབར་ཁྲོས་མ་རིགས་ལྔ་ཡུམ། །རྟག་པའི་རྒྱལ་མོ་གཤེགས་སུ་གསོལ། །མ་བཅོས་རིག་སྟོང་བྱང་ཆུབ་སེམས། །འགག་མེད་སྙིང་རྗེས་རོལ་པའི་ཡུམ། །སྤྲུལ་པའི་ཡེ་ཤེས་དཔལ་ལྷ་མོ། །སྲིད་གསུམ་བདག་མོ་གཤེགས་སུ་གསོལ། །གང་འདུལ་ཐུགས་རྗེའི་ཐབས་ཆེན་པོས། །སྤྲུལ་དང་རང་རྒྱུད་ཚུལ་སྟོན་པའི། །འཇིག་རྟེན་ལེགས་ཉེས་བྱེད་པ་མོ། །ལས་དང་འཇིག་རྟེན་མ་མོ་རྣམས། །སྤྱན་འདྲེན་འབོད་པའི་གནས་འདིར་བྱོན། །དོན་ལ་འཁོར་འདས་དབྱེར་མེད་ཀྱང་། །སྣང་ཚུལ་བཀའ་ཡི་གཉེར་འཛིན་མ། །ལས་དང་སྐྱེ་འགྲོའི་སྲོག་གི་བདག །ཤ་ཟ་སྟོང་ཁམས་བདུད་གཅོད་མ། །མིང་པོས་འབོད་པའི་གནས་འདིར་འདུས། །གཙོ་འཁོར་ཕྱི་ནང་གསང་བའི་གར། །སྣ་ཚོགས་སྣང་བའི་དཀྱིལ་འཁོར་རྣམས། །བདེ་ཀློང་དབྱིངས་སུ་རོ་གཅིག་ཕྱིར། །དཔལ་ཆེན་བཀའ་ཡི་མདུན་ས་འདིར། །རྔ་གླིང་རོལ་མོས་སྙན་མནན་ཅིང་། །ཞུན་མར་སྤོས་ཀྱིས་ཐུགས་དམ་བསྐུལ། །འབོད་པའི་གཡབ་མོའི་བརྡས་མཚོན་ཏེ། །ཐུགས་དམ་བསྐང་ཕྱིར་སྤྱན་འདྲེན་ན། །ས་མ་ཡ་

(༩)ལ་དགོངས་ནས་ཀྱང་། །དམ་ཚིག་ཆེན་པོའི་གནས་འདི་རུ། །མ་ཐོགས་རིངས་པར་གཤེགས་སུ་གསོལ། ཧཱུྃ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། མ་མ་རུ་ལུ་ས་མ་ཡ་ཙིཏྟ་ཧྲི༚་ཧྲི༚་ཛཛ ཞེས་པས་སྤྱན་དྲངས་པ་རྣམས་སྔར་བསྐྱེད་པའི་སྨན་དང་གཏོར་མའི་དཀྱིལ་འཁོར་དང་དབྱེར་མེད་དུ་བཞུགས་པར་མོས། །གསུམ་པ་བཞུགས་སུ་གསོལ་བ་ནི། བྷྱོ། དུར་ཁྲོད་དྲག་པོའི་གནས་འདི་རུ། །སྲིད་ཞི་མ་མོའི་མཎྜ་ལར། །མཁའ་དབྱིངས་བདེ་སྟོང་རོལ་པའི་ཚོགས། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །བྷྱོ་མ་མ་རུ་ལུ་ས་མ་ཡ་ཏི་ཥྛ་ལྷན། བཞི་པ་ཐ་ཚིག་བཀུལ་ཞིང་དམ་བསྒྲགས་པ་ནི། ཧཱུྃ་བྷྱོ་ཛ ང་ནི་དཔལ་ཆེན་ཧེ་རུ་ཀ །ཆོས་དབྱིངས་ཡུམ་གྱི་མཁའ་ལ་ཁྱབ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ཅན། །སྲིད་ཞི་ཀུན་གྱི་དབང་ཕྱུག་གི། །བཀའ་ལ་ཉོན་ཅིག་མ་མོ་རྣམས། །སྔོན་ཚེ་བར་དང་ཐ་མའི་དུས། །ཀུན་བཟང་རིག་འཛིན་བླ་མ་ལྷས། །སྟོང་སྲོག་གཅིག་ཏུ་བསྡུས་ནས་ཀྱང་། །དམ་ཚིག་གཉན་གྱི་ཕྱག་རྒྱ་ཡིས། །མ་བསྔམས་མ་མོ་གཅིག་ཀྱང་མེད། །ཀུན་ཏུ་བཟང་མོ་མན་ཆད་ནས། །ས་སྲིན་འདྲི་མོ་ཡན་ཆད་རྣམས། །དེ་ཕྱིར་རྡོ་རྗེའི་དམ་ལ་འདུས། ཁས་བླངས་ཆད་ཐོ་དྲན་

(༡༠)པར་མཛོད། །ས་མ་ཡ་ལས་མ་འདའ་བར། །མཆོད་ཅིང་སྐོང་བའི་རྫས་ལ་གཟིགས། །ཞི་དང་བྱམས་པའི་ཐུགས་ཀྱིས་ དགོངས། །མཁོན་ next hit་བསྡུམས་ལ་འགྲས་པ་སྦྱོངས། །ཁྲོས་དང་འཁྲུགས་པ་དབྱིངས་སུ་སྡུས། །རིག་པ་བདེ་ཆེན་འཁོར་ལོ་ཆེར། །ངང་མཉམ་དབྱིངས་ཀྱི་དཀྱིལ་འཁོར་འདིར། །རང་བྱུང་ཧེ་རུ་ཀ་ཆེན་པོའི། །འདའ་དཀའི་དམ་ཚིག་གཉེར་དུ་ལོངས། །བྷྱོ་མ་མ་སརྦ་ས་མ་ཡ་བཛྲ་ཧ་ན་་ཧ་ན་ཧཱུྃ། ཞེས་གྱེར་ཞིང་དགོངསབའི་དང་གདེངས་བསྐྱེད་ལ་དམ་ཚིག་གི་བདུད་རྩི་འཐོར་རོ། །ལྔ་པ་མཆོད་པས་བསྐང་བ་ནི། བྷྱོ། ཐོད་ཆེན་བྷནྡྷ་འབར་བའི་སྣོད་མཆོག་དང་། །གྲུ་གསུམ་ཆུ་སྐྱེས་པདྨ་འདབ་བཞིའི་སྣོད། །ཁྲག་གི་མཆོད་ཡོན་མེ་ཏོག་སྣ་ཚོགས་ཕྲེང་། །དྲི་སྤོས་གསུར་ཆེན་སྒྲོན་མེ་སྣང་གསལ་འབར། །བདུད་རྩི་རྣམ་ལྔའི་དབུས་གནས་བཅུད་ཀྱི་མཆོག །རོ་བརྒྱའི་ཞལ་ཟས་ཐོད་རྔ་རྐང་གླིང་དུང་། །རྔ་གཤང་གསང་བའི་རྡེའུ་ཆུང་ཏིང་ཏིང་འཁྲོལ། །གཟུགས་སོགས་འདོད་ཡོན་ལྔ་དང་ཉེར་སྤྱོད་ལྔ། །གསང་སྔགས་གསང་རྫས་ཤུ་ཀྲ་སི་ཧ་ལ། །རྩ་བརྒྱད་ལོ་མ་སྟོང་སྦྱར་ཨ་མྲྀ་ཏ། །རྒྱུ་རྐྱེན་རྨད་བྱུང་བསྒྲལ་དང་མཁའ་གསང་ཁྲག། འབྲུ་སྣ་ཁྲག་སྣ་བདུད་རྩི་

(༡༡)རིན་ཆེན་བསྲེས། །རྩི་མངར་གྱིས་བྲན་དམར་གུར་དཀར་ཐིག་སྒྲོན། །དམ་རྫས་གཏོར་མ་ཕུན་སུམ་ཚོགས་པ་དང་། །མི་དབང་འབྲས་བུ་སྨིན་པའི་ཤ་དང་ནི། །ཤིང་ལོ་རླུང་ཁྱེར་ས་ལ་མ་ཕོག་པ། །མཚལ་གྱི་ཤིང་ཏོག་མ་མོ་མཉེས་རྫས་བཅས། །མཆོད་པའི་དངོས་པོ་རབ་འབྱམས་སྣ་ཚོགས་དང་། །ཁྱད་པར་སྨན་རཀ་གཏོར་ཚོགས་མཆོད་པའི་སྤྲིན། །གང་བཞེད་ཡིད་བཞིན་གཏེར་གྱི་སྤྲིན་ཆེན་པོས། །དབྱིངས་དང་ཡེ་ཤེས་ལས་གྲུབ་འཇིག་རྟེན་ཚུལ། །དམ་ཚིག་འཁོར་ལོར་ཤར་བའི་མ་མོ་རྣམས། །དགྱེས་པར་མཆོད་དོ་ཐུགས་དམ་བསྐང་གྱུར་ཅིག །བྷྱོ་མ་མ་རུ་ལུ་སརྦ་ས་མ་ཡ་བཛྲ་ཨརྒྷཾ་བུཥྤེ་ནས། ཤཔྡ་པྲ་ཏཱིཙྪ་ཧོ མ་ཧཱ་མྲི་ཏ་རཀྟ་བ་ལི༚་ཏ་པཉྩ་ཀཱ་མ་གུ་ན་སརྦ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཁ་ཁ་ཁཱ་ཧི་ཁཱ་ཧི། དྲུག་པ་བསྟོད་ཅིང་བསྐང་བ་ནི། བྷྱོ། མཁའ་བཞིའི་བདེ་ཀློད་འཁྱིལ་པ་གསལ་བའི་སྦུབས། །སྲིད་དང་ཞི་བའི་དཀྱིལ་འཁོར་སྤྲོ་ཞིང་སྡུད། །བདེ་ཆེན་རྡོ་རྗེའི་དགྱེས་པར་རྟག་རོལ་བའི། ཁྲག་འཐུང་དབྱངས་ཀྱི་མ་མོར་ཕྱག་འཚལ་བསྟོད། །མཁའ་ལ་དབང་བསྒྱུར་ཡིད་བཞིན་སྤྲུལ་པའི་སྐུ། །ཡ་མཚན་རྨད་བྱུང་ལུས་ལ་ཏིལ་མར་བྱུགས། །དབང་ཕྱུག་ནག་མོ་གསང་བའི་རེ་མ་ཏི། །ནག་མོ་སྟོང་གི་གཙོ་ལ་ཕྱག་འཚལ་

(༡༢)བསྟོད། །བྷྱོ། དཔལ་ལྡན་གཟུང་མ་འདོད་ཁམས་གཙོ་མོ་ཁྱོད། །དྲེའུ་ཞོན་ནས་དཔག་ཚད་བརྒྱད་བརྒྱར་རྒྱུག། །སྣ་ཚོགས་ལས་ཀྱི་མཚོན་ཆའི་རང་རྟགས་འཛིན། །རེ་ལྡེས་སྨད་གཡོགས་སྦྲུལ་གྱི་སྐ་རགས་ཅན། །ལྟེ་བར་ཉི་ཤར་གཙུག་ན་ཟླ་རྒྱས་མ། ཁྲག་ནད་བདག་མོ་དབྱིངས་ཕྱུག་དཔལ་འབར་མ། །ལྷ་མོ་རེ་མ་ཏི་ལ་བསྟོད་པར་བགྱི། །བྷྱོ། ལྷ་ལ་དབང་བསྒྱུར་ལྷ་མོ་དཔལ་འབར་མ། །དབང་ཕྱུག་སྲས་མོ་དཀར་མོ་དུང་སྐྱོང་མ། །སུམ་ཅུ་རྩ་གསུམ་གནས་ཀྱི་གཙོ་མོ་མཛད། །ལྷ་མོ་དཔལ་འབར་མ་ལ་བདག་བསྟོད་དོ། །བྷྱོ། ཀླུ་ལ་དབང་བསྒྱུར་ཀླུ་མོ་དཔལ་འབར་མ། །གཙུག་ན་རིན་ཆེན་བུ་མོ་ཡིད་འོང་མ། །རོལ་པའི་མཚོ་ལྡན་གནས་ཀྱི་གཙོ་མོ་མཛད། །ཀླུ་མོ་དཔལ་འབར་མ་ལ་བདག་བསྟོད་དོ། །བྷྱོ། །གནོད་སྦྱིན་དབང་མཛད་པ་གནོད་སྦྱིན་དཔལ་འབར་མ། །གང་བ་བཟང་མོའི་བུ་མོ་ཤིང་གྲིབ་ཅན། །ནེགས་ཚལ་དྲྭ་བ་ཅན་གྱི་གཙོ་མོ་མཛད། །གནོད་སྦྱིན་དཔལ་འབར་མ་ལ་བདག་བསྟོད་དོ། །བྷྱོ། བདུད་ལ་དབང་བསྒྱུར་བདུད་མོ་དཔལ་འབར་མ། །རེ་ལྡེ་མགོ་ཉག་བུ་མོ་རེ་མ་ཏི། །བདུད་མཁར་རྩེ་དགུའི་གནས་ཀྱི་གཙོ་མོ་མཛད། །བདུད་མོ་དཔལ་འབར་མ་ལ་བདག་བསྟོད་དོ། །ཞི་བའི་ཐབས་

(༡༣)ཀྱིས་གདུལ་དཀའི་སེམས་ཅན་རྣམས། །གཏུམ་དྲག་རྔམས་པའི་སྟོབས་ཀྱིས་བསྡོགས་མཛད་ཅིང་། །རྣམ་འགྱུར་སྣ་ཚོགས་རོལ་པའི་དཔལ་འབར་མ། །སྣང་སྲིད་མ་མོ་འདུས་པའི་དཀྱིལ་འཁོར་རྣམས། །དེ་ཉིད་ཤེས་པའི་བསྟོད་དབྱངས་རྒྱ་མཚོས་བསྟོད། །སྐུ་གསུང་ཐུགས་མཆོག་དགྱེས་པ་བསྐང་གྱུར་ཏེ། །ལས་དང་དངོས་གྲུབ་རེ་བ་བཞིན་དུ་སྩོལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་བསྒྲུབ་ཏུ་གསོལ། །ཞེས་དབྱངས་དང་བཅས་གྱེར་རོ། །བདུན་བསྐོང་གི་ཆོགས་ཐུགས་དམ་བསྐང་བ་ནི། སླར་ཡང་སྐོང་གཏོར་སོགས་རྫས་རྣམས་ནམ་མཁའ་མཛོད་སྔགས་ཀྱིས་སྤེལ། །སྤྲོ་ན་སྔགས་དྲུག་ཕྱག་དྲུག་གི་བྱིན་གྱིས་བརླབས་པ་ནི། ཆོས་དབྱིངས་རྣམ་དག་ཐལ་མོ་ཁོང་སྟོང་དུ། །སྙིང་གར་བཅས་ནང་ཤཱཀྱ་ཐུབ་པར་གསལ། །ཐུགས་ཀའི་ཨ་ལས་འོད་འཕྲོས་ཉེས་སྐྱོན་དག ཨོཾ་སྭ་བྷཱ་བླ་ཤུདྡྷ་སརྦ་དྷཱརྨསྭ་བྷཱ་ལྦ་ཤུདྡྷོ྅་ཧཾ། ནམ་མཁའི་མཛོད་ནི་ཐལ་མོ་ཁོང་སྟོང་དུ། །སོར་མོ་རྩེ་སྤྲད་དཔྲལ་བར་བཅས་པའི་ནང་། །རིན་འབྱུང་ཐུགས་ཀའི་སྭཱ་སེར་འོད་འཕྲོས་པས། །མདོས་གཏོར་ལ་འཕྲོས་བདུད་རྩིའི་རྒྱ་མཚོར་གྱུར། །ན་མསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བདུད་རྩི་ཐལ་སྦྱོར་ཐལ་མོ་ཕྱིར་

(༡༤)བསྐྱོད་དེ། ཁ་འགྲམ་བཞག་ནང་མཐའ་ཡས་ཐུགས་ཀ་ནས། །རྃ་དམར་འོད་འཕྲོས་བདུད་རྩིའི་རྒྱ་མཚོར་སྤེལ། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། རྒྱ་ཆེན་ཤུགས་ལྡན་སྙིང་གར་མཛུབ་མོ་སྦྲེངས། །དོན་གྲུབ་ཐུགས་ཀའི་ཧ་ལྗང་འོད་འཕྲོས་པས། །མདོས་གཏོར་ལ་ཕོག་མོས་པ་བཞིན་དུ་གྱུར། །ནམསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་ས་མྦྷ་ར་ཧཱུྃ། ཡེ་ཤེས་སྐར་མདའ་ཁུ་ཚུར་སྙིང་གར་བཅའ། །གཡོན་པས་མཆོད་སྦྱིན་ལག་སྟེང་མི་བསྐྱོད་པའི། །ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་སོ་སོར་ཐོབ། །ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མས་མནྟ་སྥ་ར་ཎ་ར་སྨི་བྷ་ཝ་ས་མ་ཡ་མཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུྃ་ཕཊ། དབང་བསྒྱུར་འཁོར་ལོ་སོར་བསྣོལ་མཐེ་བོང་གཤིག། སྤྱི་བོར་བཅས་ནང་རྣམ་སྣང་ཐུགས་ཀ་ནས། །ཛདམར་འོད་འཕྲོས་འདོད་ཡོན་སོ་སོར་ཕུལ། །དགྱེས་ནས་བདག་གི་དབང་དུ་འདུས་པར་གྱུར། །ན་མས་མནྟ་བུདྡྷ་ནཱཾ་གྲ་ཧེ་ཤྭ་རི་པྲ་བྷ་ཛྱོ་ཏི་མ་ཧཱ་ས་མ་ཡ་སྭཱ་ཧཱ། སྔགས་དང་ཕྱག་རྒྱ་བདུན་ནམ་གསུམ་གསུམ་རེས་བརླབས་ནས་བདེན་པ་བརྗོད་པ་ནི། ན་མོ། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །སྔགས་རྒྱ་ཏིང་འཛིན་ཆོས་ཉིད་མཐུས། །སྣོད་བཅུད་བདེ་ལེགས་བྱ་བའི་ཕྱིར། །མ་མོ་རོལ་པའི་

(༡༥)དགྱེས་སྐོང་ཞིང་། །ཁྲོས་འཁྲུགས་ཞི་བྱེད་བདུད་རྩིའི་རྫས། །འདོད་ཡོན་རྣམ་པ་ཐམས་ཅད་པ། །ནམ་མཁའ་མཛོད་ཀྱི་འདོད་ཡོན་རྟེན། །འཇིག་རྟེན་ཁམས་ནི་མ་ལུས་པར། །ཐོགས་པ་མེད་པ་འབྱུང་གྱུར་ཅིག །ཅེས་བརྗོད་ལ་དེ་ལྟར་འབྱུང་བར་བསམ་མོ། །དེ་ནས་ཐོད་གླིང་རོལ་མོའི་བཅས། ཧཱུྃ་བྷྱོ དུར་ཁྲོད་དྲག་ཤུལ་ཆེན་པོའི་ཞིང་༔ སྣོད་བཅུད་འབར་བ་ཨེ་ཡེ་ཀློང་༔ཐོད་པའི་སྐུ་མཁར་བརྗིད་དང་ལྡན༔ མི་རོ་རྟ་རོ་གཅལ་དུ་བཀྲམ༔ ཤ་སྣ་སྙིང་སྣའི་རྒྱ་མཚན་ཕྱར༔ རཀྟ་འབར་བའི་རྦ་ཀློང་འཁྲུགས༔ རྔམས་བརྗིད་ཆེན་པོའི་མཆོད་སྤྲིན་གྱིས༔སྲིད་ཞི་ཀུན་ལ་མངའ་མཛད་ཅིང་༔ དམ་ཚིག་གསང་བའི་གཉེར་འཛིན་པའི༔མ་མོ་འཁོར་བཅས་ཐུགས་དམ་བསྐང་༔ དམ་ཚིག་ཉམས་ཆག་ཉེས་ལྟུང་བཤགས༔ མ་མོ་འཁྲུགས་པ་ཞི་བར་མཛོད༔ནད་ཡམས་མཚོན་འཁྲུགས་བར་ཆད་སོལ༔ སྣོད་བཅུད་རྒུད་པ་དབྱིངས་སུ་སྟིམས༔ དཔལ་འབྱོར་ལོངས་སྤྱོད་ཚེ་གཡང་སྤེལ༔རླུང་སེམས་སྣང་བ་དབང་དུ་སྡུས༔ལོག་ལྟའི་དགྲ་བགེགས་ཆོམ་ལ་ཕོབ༔ གསང་ཆེན་བསྟན་པ་དར་བ་དང༔ འགྲོ་ཀུན་བདེ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ ཉམས་པའི་དགྲ་བགེགས་བསྒྲལ་བ་ཡི༔དབང་པོའི་མེ་ཏོག་

(༡༦)ཚིལ་གསུར་སྦོས༔ ཞུན་ཆེན་མར་མེ་མཁྲིས་པའི་དྲི༔ ཤ་རུས་ཞལ་ཟས་རྐང་གླིང་དུང་༔འཇིགས་རུང་གཟུགས་དང་རྔམས་པའི་སྒྲ༔མི་སྡུག་དྲི་དང་བཅུད་ཆེན་རོ༔ ཁྲག་འཛག་པགས་པའི་གོས་ལ་སོགས༔ དུར་ཁྲོད་རྫས་ཀྱི་མཆོད་སྤྲིན་གྱིས༔སྲིད་ཞི་ཀུན་ལ་མངའ་མཛད་ཅིང་༔ དམ་ཚིག་གསང་བའི་གཉེར་འཛིན་པའི༔མ་མོ་འཁོར་བཅས་ཐུགས་དམ་བསྐང་༔ དམ་ཚིག་ཉམས་ཆགས་ཉེས་ལྟུང་བཤགས༔ མ་མོ་འཁྲུགས་པ་ཞི་བར་མཛོད༔ནད་ཡམས་མཚོན་འཁྲུགས་བར་ཆད་སོལ༔སྣོད་བཅུད་རྒུད་པ་དབྱིངས་སུ་སྟིམས༔ དཔལ་འབྱོར་ལོངས་སྤྱོད་ཚེ་གཡང་སྤེལ༔ རླུང་སེམས་སྣང་བ་དབང་དུ་སྡུས༔ ལོག་ལྟའི་དགྲ་བགེགས་ཆོམ་ལ་ཕོབ༔གསང་ཆེན་བསྟན་པ་དར་བ་དང་༔ འགྲོ་ཀུན་བདེ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔ༔རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ བདུད་རྩི་སྨན་ཕུད་མཚོ་ལྟར་བསྐྱིལ༔ འདོད་ཡོན་རྒྱ་མཚོའི་གཏེར་ཆེན་པོའི༔ དཔལ་གྱི་གཏོར་མ་ལྷུན་པོར་སྤུངས༔ ཁམས་གསུམ་གདུག་པ་བསྒྲལ་བ་ཡི༔ རཀྟའི་ཞམ་ཆུ་ཆར་བཞིན་འབེབས༔རྨད་དུ་བྱུང་བའི་མཆོད་སྤྲིན་འདིས༔སྲིད་ཞི་ཀུན་ལ་མངའ་མཛད་ཅིང༔ དམ་

(༡༧)ཚིག་གསང་བའི་གཉེར་འཛིན་པའི༔མ་མོ་འཁོར་བཅས་ཐུགས་དམ་བསྐང༔ དམ་ཚིག་ཉམས་ཆགས་ཉེས་ལྟུང་བཤགས༔ མ་མོ་འཁྲུགས་པ་ཞི་བར་མཛོད༔ ནད་ཡམས་མཚོན་འཁྲུགས་བར་ཆད་སོལ༔ སྣོད་བཅུད་རྒུད་པ་དབྱིངས་སུ་སྟིམས༔ དཔལ་འབྱོར་ལོངས་སྤྱོད་ཚེ་གཡང་སྤེལ༔ རླུང་སེམས་སྣང་བ་དབང་དུ་སྡུས༔ ལོག་ལྟའི་དགྲ་བགེགས་ཆོམ་ལ་ཕོབ༔ གསང་ཆེན་བསྟན་པ་དར་བ་དང་༔ འགྲོ་ཀུན་བདེ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ སྐུ་དང་སྔགས་བྱང་འཁོར་ལོ་སོགས༔ མ་མོའི་སྲོག་གི་རྟེན་དུ་བཅས༔ ཡོན་ཏན་གཏོར་ཆེན་བརྗིད་དང་ལྡན༔ ཕྲིན་ལས་མཐུན་རྫས་སྐར་ལྟར་བཀྲ༔ ཞིང་ལྤགས་བླ་བྲེ་མཁའ་ལ་བྲེས༔དོན་སྣོད་དྲྭ་བས་བར་སྣང་ཁྱབ༔ འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་སོགས༔ མཐུན་པའི་རྫས་ཀྱི་མཆོད་སྤྲིན་འདིས༔ སྲིད་ཞི་ཀུན་ལ་མངའ་མཛད་ཅིང༔ དམ་ཚིག་གསང་བའི་གཉེར་འཛིན་པའི༔ མ་མོ་འཁོར་བཅས་ཐུགས་དམ་བསྐང༔ དམ་ཚིག་ཉམས་ཆགས་ཉེས་ལྟུང་བཤགས༔ མ་མོ་འཁྲུགས་པ་ཞི་བར་མཛོད༔ ནད་ཡམས་མཚོན་འཁྲུགས་བར་ཆད་སོལ༔ སྣོད་བཅུད་རྒུད་བ་དབྱིངས་སུ་སྟིམས༔་

(༡༨)དཔལ་འབྱོར་ལོངས་སྤྱོད་ཚིག་ཡང་སྤེལ༔ རླུང་སེམས་སྣང་བ་དབང་དུ་སྡུས༔ ལོག་ལྟའི་དགྲ་བགེགས་ཆོམ་ལ་ཕོབ༔ གསང་ཆེན་བསྟན་པ་དར་བ་དང་༔ འགྲོ་ཀུན་བདེ་བའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ མ་ནི་ངོ་བོ་སྟོང་པའི་དབྱིངས༔མོ་ནི་རང་བཞིན་གསལ་ཁྱབ་ཤར༔ གཉིས་མེད་ཐུགས་རྗེའི་འདུ་འཕྲོ་ལས༔ རྟོག་འདུལ་དམ་ཚིག་ཇི་སྙེད་པའི༔ རྣམ་འགྱུར་འགག་པ་མེད་པའི་རྩལ༔ ཅིར་ཡང་འཆར་ཞིང་འབྱུང་བ་ཀུན༔ཐིག་ལེ་ཆེན་པོ་གཅིག་ཏུ་བརྡལ༔ བླ་ན་མེད་པའི་མཆོད་སྤྲིན་འདིས༔ སྲིད་ཞི་ཀུན་ལ་མངའ་མཛད་ཅིང་༔ དམ་ཚིག་གསང་བའི་གཉེར་འཛིན་པའི༔ མ་མོ་འཁོར་བཅས་ཐུགས་དམ་བསྐང་༔ དམ་ཚིག་ཉམས་ཆགས་ཉེས་ལྟུང་བཤགས༔ མ་མོ་འཁྲུགས་པ་ཞི་བར་མཛོད༔ ནད་ཡམས་མཚོན་འཁྲུགས་བར་ཆད་སོལ༔ སྣོད་བཅུད་རྒུད་པ་དབྱིངས་སུ་སྟིམས༔ དཔལ་འབྱོར་ལོངས་སྤྱོད་ཚེ་གཡང་སྤེལ༔ རླུང་སེམས་སྣང་བ་དབང་དུ་སྡུས༔ ལོག་ལྟའི་དགྲ་བགེགས་ཆོམ་ལ་ཕོབ༔གསང་ཆེན་བསྟན་པ་དང་བ་དང་༔ འགྲོ་ཀུན་བེད་བའི་ཕྲིན་ལས་མཛོད༔ ཅེས་བརྗོད་ཅིང་ཡེ་གེ་བརྒྱ་པ་བཟླ། གཞན་ཡང་སྤྱི་བྱེ་བྲག་གི་སྐོང་བར་འདོད་ན་

(༡༩)སྐབས་འདིར་སྦྱར་རོ། །བརྒྱད་པ་བྱེ་བྲག་འཁྲུགས་སྐོང་བྱ་བ་ལ་དམིགས་བཟླས་ཀྱི་ཏིང་འཛིན་ནི། །བདུད་རྩི་སྨན་གྱི་དཀྱིལ་འཁོར་ལ་དམིགས་ཏེ། རང་གི་ཐུགས་ནས་འོད་འཕྲོས་པས༔ རླུང་མེ་ཐོད་སྒྱེད་ལ་གནས་པའི༔ བྷནྡྷའི་བདུད་རྩིའི་བཅུད་ལ་ཕོག༔ རླུང་གཡོས་མེ་སྦར་རྫས་ཞུ་ནས༔ མདག་རླངས་པའི་རྣམ་པར་ཐོན༔ དག་པ་ཡེ་ཤེས་ཨ་མྲྀ་ཏ༔ ཁ་དོག་དྲི་རོ་ནུས་ལྡན་བ༔ བདེ་བ་ཆེན་པོའི་ཐིག་ལེར་འཁྱིལ༔ དེ་ལས་དྭངས་མའི་སྨན་གྱི་བཅུད༔ སྟེང་གི་ནམ་མཁར་སྤྲིན་ལྟར་འཁྲིགས༔སྲིད་པ་མ་མོའི་ཚོགས་རྣམས་ཀྱི༔ཞལ་དུ་ཞུགས་ཤིང་སྐུ་ལ་ཐིམ༔ དབང་པོའི་ལོངས་སྤྱོད་དགྱེས་རྒུར་གྱུར༔དམ་ཚིག་ཉམས་ཆགས་ཉེས་ལྟུང་གི༔གྲིབ་དང་མི་གཙང་ཕོག་པ་སྦྱངས༔ ཟག་མེད་བདེ་བས་རབ་མཉེས་ཏེ་༔ དགྱེས་པ་ཆེན་པོའི་འོད་ཟེར་གྱིས༔ སྣོད་ལ་ཕོག་པས་ཉམས་གྲིབ་སྦྱངས༔ བཅུད་ལ་རེག་པས་ནད་ཡམས་གསོས༔ བདུད་རྩིར་ཐིམ་པས་ནད་རྣམས་ཀུན༔ སེལ་བྱེད་སྨན་གྱི་མཆོག་ཏུ་བསམ༔ཨོཾ་བྷྲཱུྃ་སྭཱ་ཧཱ༔ཨོཾ་ཨཱཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་ས་མ་ཡ་ཤུདྡྷེ་ཧཱུྃ་ཧྲཱིཋ༔ ཞེས་པའི་ཤམ་བུར། དམ་ཚིག་ཉམས་ཆགས་ཞི་བར་འདོད་ན། མ་མ་སརྦ་ས་མ་ཡ་རཱྀ་ཎ་ག་ལེ་ཤཱིནཾྟ་ཀུ་རུ་སྭཱ་ཧཱ།

(༢༠)ཁྲོས་འཁྲུགས་མཁོན་འགྲས་ཞི་བར། མ་མ་སརྦ་ཀྵུ་ཊེ་ནོ་བ་ནཱ་ཧ་ཡུ་དྷི་པྲ་ཏི་ཧ་ཏ་ཤཱནྟི༚་ཀུ་རུ་སྭཱ་ཧཱ། ནད་ཞི་བར། མ་མ་སརྦ་རོ་ག་ཤཱནྟི༚་ཀུ་རུ་སྭཱ་ཧཱ། རིམས་ནད་ཞི་བར། མ་མ་སརྦ་ཛྭ་རཾ་ཤཱནྟི༚་ཀུ་རུ་སྭཱ་ཧཱ། ལོ་ཏོག་གི་དགྲ་ཞི་བར། མ་མ་སརྦ་ཀ་རཾ་ཀ་སྱ་ཤཱ་ཏཱུཾ་ཤཱནྟི༚་ཀུ་རུ་སྭཱ་ཧཱ། མཚན་ལྟས་ངན་པ་ཞི་བར། མ་མ་སརྦ་དུ་རྣི་མི་ཏྟཾ་ཤཱནྟི༚་ཀུ་རུ་སྭཱ་ཧཱ། དུས་འཁྲུགས་ཞི་བར། མ་མ་སརྦ་ཡུ་དྷི་ཀཱ་ལ་ཤཱནྟི༚་ཀུ་རུ་སྭཱ་ཧཱ། ཉེར་འཚེའི་རིགས་ཐམས་ཅད་ཞི་བར། མ་མ་སརྦ་ཨུ་པ་དྲ་ཝ་ཤཱནྟི༚་ཀུ་རུ་སྭཱ་ཧཱ། ཞེས་པ་རྣམས་གང་འདོད་བཏགས་ལ། དམིགས་བསལ་སྦྱིན་བདག་གི་དོན་ཡིན་ན། མ་མའི་མལ་དུ། དཱ་ན་པ་ཏེ་དང་། རྒྱལ་ཁམས་བདེ་རིམ་ལ། དེའི་མལ་དུ་ལོ་ཀ་ཞེས་བསྒྱུར་ཏེ་དམིགས་བཟླས་ནན་ཏན་བསྐྱེད། མཐར་ཐོད་པའི་བདུད་རྩིས་མདོས་གཏོར་ལ་བྲན་ཏེ། ཧཱུྃ་བྷྱོ རྡོ་རྗེ་ཉི་མ་བདེ་བ་ཆེ༔ རིན་ཆེན་དབྱིངས་ཕྱུག་ཡུམ་དང་སྦྱོར༔ བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོ༔ རཱ་ས་ཡཱ་ནའི་བཅུད་དུ་བསྐྱིལ༔ ཚེ་དང་གལ་གྱིས་མཐུན་བསྡེབས་པར༔ རཏྣ་འབྲུ་སྨན་སྤོད་ཀྱིས་བྲན༔ དཔལ་གྱི་གཏོར་མ་བརྗིད་དང་ལྡན༔ རི་རབ་ཆོས་འབྱུང་འབར་བའི་དབུས༔ འདོད་ཡོན་རྣམ་པ་ཐམས་ཅད་པའི༔ མཆོད་པའི་ཕྱག་རྒྱ་ཆེན་པོར་རྫོགས༔ དབྱིངས་ཀྱི་ནམ་མཁའ་འོད་ལྔར་འབར༔ ཡེ་ཤེས་རྒྱང་བུ་སྐུ་གསུང་ཐུགས༔

(༢༡)ཐབས་ཤེས་ལས་ཀྱི་མདའ་འཕང་དང་༔ འཇིག་རྟེན་མིག་བསྒྱུར་ཤིང་རིས་བཀྲ༔ དགོས་འབྱུང་རིན་ཆེན་ནད་སེལ་སྨན༔ སྲོག་ཆགས་མདངས་དང་དཀོར་ནོར་དབྱིག༔ བཟའ་བཅའ་བཏུང་བའི་ལོངས་སྤྱོད་སོགས༔ གང་བཞེད་མཐུན་རྫས་སྤྲིན་ལྟར་གཏིབས༔ འདོད་འབྱུང་དཔལ་གྱི་དམ་ཚིག་འདིས༔ དབྱིངས་ཀྱི་མ་མོར་མཉེས་མཆོད་འབུལ༔ ཡེ་ཤེས་མ་མོའི་ཐུགས་དམ་བསྐང་༔ ལས་ཀྱི་མ་མོ་དགྱེས་དགུར་རོལ༔ འཇིག་རྟེན་མ་མོ་ཚིམ་པར་སྤྱོད༔ བདག་ཅག་དམ་ཚིག་ཉམས་ཆགས་དང་༔ དུས་ངན་སེམས་ཅན་འཁྲུལ་པ་ཡིས༔ ཐུགས་དང་འགལ་བའི་ལས་བགྱིས་པ༔ སྙིང་ནས་བཤགས་སོ་ཚངས་པར་སྩོལ༔ ཐུགས་རྗེ་ཁྲོས་པ་ཞི་བར་མཛོད༔ དམ་དང་འགལ་བ་བཟོད་པར་བཞེས༔ ཁོང་ནས་འཁྲུགས་པ་དབྱིངས་སུ་སྟིམས༔ རྔམས་པའི་བརྟུལ་ཞུགས་བགེགས་ལ་ཕོབ༔ ཁྱད་པར་ཉོན་མོངས་ང་རྒྱལ་དང་༔ འབྱུང་བ་ས་ལས་གྱུར་བ་ཡི༔ མ་མོ་འཁྲུགས་པའི་རྒྱུ་རྐྱེན་དང་༔ ནད་མཚོན་དུས་འཁྲུགས་འབྲས་བུའི་ཚོགས༔ མཁའ་ལ་སྤྲིན་ལྟར་དག་ནས་ཀྱང་༔ ཞི་དང་བཀྲ་ཤིས་བདེ་ལེགས་སྩོལ༔ བྷྱོ་མ་མ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ལྃ་ཧོ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ བདུད་རྩིའི་དཀྱིལ་འཁོར་གྱི་ཐོད་བཅུད་

(༢༢)སྦྲེངས་ལ། ཧཱུྃ་བྷྱོ རྡོ་རྗེ་གར་དབང་བདེ་བ་ཆེ། །པདྨ་དབྱིངས་ཕྱུག་ཡུམ་དང་སྦྱོར། །བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོས༔ རཱ་ས་ཡཱ་ནའི་བཅུད་དུ་བསྐྱིལ༔ གཙང་མའི་ཕུད་དང་མཐུན་བསྡེབས་པར༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ བདུད་རྩི་ཆེན་པོས་རབ་ཏུ་བྲན༔ ཡིད་བཞིན་མཚན་ལྡན་ཀ་པཱ་ལར༔ རྒྱ་མཚོ་བཞིན་དུ་འཁྱིལ་བ་ལས༔ འདོད་དགུའི་རྦ་རླབས་མཁའ་ལ་འཕྲོ༔ ཁ་དོག་དྲི་དང་རོ་ལྡན་ཅིང་༔ ནུས་པ་ཕུན་སུམ་ཚོགས་པ་ཡི༔ བདེ་ཆེན་བཅུད་ཀྱི་དམ་ཚིག་འདིས༔ དབྱིངས་ཀྱི་མ་མོར་མཉེས་མཆོད་འབུལ༔ ཡེ་ཤེས་མ་མོའི་ཐུགས་དམ་བསྐང་༔ ལས་ཀྱི་མ་མོ་དགྱེས་དགུར་རོལ༔ འཇིག་རྟེན་མ་མོ་ཚིམ་པར་སྤྱོད༔ བདག་ཅག་དམ་ཚིག་ཉམས་ཆགས་དང་༔ དུས་ངན་སེམས་ཅན་འཁྲུལ་པ་ཡིས༔ ཐུགས་དང་འགལ་བའི་ལས་བགྱིས་བ༔ སྙིང་ནས་བཤགས་སོ་ཚངས་པར་སྩོལ༔ ཐུགས་རྗེ་ཁྲོས་པ་ཞི་བར་མཛོད༔ དམ་དང་འགལ་བ་བཟོད་པར་བཞེས༔ ཁོང་ནས་འཁྲུགས་པ་དབྱིངས་སུ་སྟིམས༔ རྔམས་པའི་བརྟུལ་ཞུགས་བགེགས་ལ་ཕོབ༔ ཁྱད་པར་ཉོན་མོངས་འདོད་ཆགས་དང་༔ འབྱུང་བ་ཆུ་ལས་གྱུར་པ་ཡི༔ མ་མོ་འཁྲུགས་པའི་རྒྱུ་རྐྱེན་དང་། ནད་མཚོན་དུས་འཁྲུགས་འབྲས་བུའི་

(༢༣)ཚོགས༔ མཁའ་ལ་སྤྲིན་ལྟར་དག་ནས་ཀྱང་༔ ཞི་དང་བཀྲ་ཤིས་བདེ་ལེགས་སྩོལ༔ བྷྱོ་མ་མ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ བྃ་ཧོ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ བདུད་རྩི་དེ་ཉིད་གཡས་སུ་བཤམས་པའི་བཟང་སྤོས་ཀྱི་ཕྱེ་མར་སྦོལ་བ་སྤོས་མེར་འབུལ་ཞིང་། ཧཱུྃ་བྷྱོ རྡོ་རྗེ་མི་བསྐྱོད་བདེ་བ་ཆེ༔ རྡོ་རྗེ་དབྱིངས་ཕྱུག་ཡུམ་དང་སྦྱོར༔ བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོས༔ རཱ་ས་ཡཱ་ནའི་བཅུད་དུ་བསྐྱིལ༔ འབར་བའི་མེ་དང་མཐུན་བསྡེབས་པོར༔ བཟང་ཤིང་སྣ་ཚོགས་དྲི་དང་སྦྱར༔། བཟའ་བཏུང་སྨན་འབྲུ་ཕུར་མས་བྲན༔ གཙང་ཞིང་ཡིད་འཕྲོག་དུད་སྤྲིན་གྱིས༔ འཇིག་རྟེན་ཁམས་ཀུན་ཡོངས་ཁྱབ་པས༔ གྲིབ་དང་མི་གཙང་ཐམས་ཅད་སེལ༔ དབང་ཡུལ་ཟག་མེད་བདེ་ཆེན་བསྐྱེད༔ འདོད་པའི་ལོངས་སྤྱོད་ཆར་འབེབས་པའི༔ ངོ་མཚར་ཆེན་པོའི་མཆོད་པ་འདིས༔ དབྱིངས་ཀྱི་མ་མོར་མཉེས་མཆོད་འབུལ༔ ཡེ་ཤེས་མ་མོའི་ཐུགས་དམ་བསྐང་༔ ལས་ཀྱི་མ་མོ་དགྱེས་དགུར་རོལ༔ འཇིག་རྟེན་མ་མོ་ཚིམ་པར་སྤྱོད༔ བདག་ཅག་དམ་ཚིག་ཉམས་ཆགས་དང་༔ དུས་ངན་སེམས་ཅན་འཁྲུལ་པ་ཡིས༔ ཐུགས་དང་འགལ་བའི་ལས་བགྱིས་པ༔ སྙིང་ནས་བཤགས་སོ་ཚངས་པར་སྩོལ༔ ཐུགས་རྗེ་ཁྲོས་པ་

(༢༤)ཞི་བར་མཛོད༔ དམ་དང་འགལ་བ་བཟོད་པར་བཞེས༔ ཁོང་ནས་འཁྲུགས་པ་དབྱིངས་སུ་སྟིམས༔ རྔམས་པའི་བརྟུལ་ཞུགས་བགེགས་ལ་ཕོབ༔ ཁྱད་པར་ཉོན་མོངས་ཞེ་སྡང་དང་ འབྱུང་བ་མེ་ལས་གྱུར་པ་ཡི༔ མ་མོ་འཁྲུགས་པའི་རྒྱུ་རྐྱེན་དང་༔ ནད་མཚོན་དུས་འཁྲུགས་འབྲས་བུའི་ཚོགས༔ མཁའ་ལ་སྤྲིན་ལྟར་དག་ནས་ཀྱང་༔ ཞི་དང་བཀྲ་ཤིས་བདེ་ལེགས་སྩོལ༔ བྷྱོ་མ་མ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ རྃ་ཧོ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ བདུད་རྩི་དེ་ཉིད་གཡོན་ངོས་སུ་བཤམས་པའི་འཐོར་གཡབ་ཀྱིས་ཕྱོགས་ཀུན་ཏུ་འཐོར་ཞིང་། ཧཱུྃ་བྷྱོ རྡོ་རྗེ་རྟ་མཆོག་བདེ་བ་ཆེ༔ ལས་རབ་དབྱིངས་ཕྱུག་ཡུམ་དང་སྦྱོར༔ བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོས༔རཱ་ས་ཡཱ་ནའི་བཅུད་དུ་བསྐྱིལ༔ གཡོ་བའི་རླུང་དང་མཐུན་བསྡེབས་ནས༔ དག་བྱེད་རྩ་ཡིས་ཕྱོགས་བཅུར་གཏོར༔ ལྷ་ལ་ཕོག་ན་དགྱེས་པ་བསྐྱེད༔ མཆེད་ལ་ཕོག་ན་ཉམས་ཆགས་སྦྱོང་༔ སྣོད་ལ་ཕོག་ན་བྱིན་འོད་ཆགས༔ བཅུད་ལ་ཕོག་ན་ནུས་སྟོབས་འབར༔ རྫས་ལ་ཕོག་ན་འདོད་དགུར་སྤེལ༔ བགེགས་ལ་ཕོག་ན་རྒྱང་དུ་བྲོས༔ ཅིར་ཡང་འཆར་ཞིང་འབྱུང་བ་ཡི༔ མིག་འཕྲུལ་ལྟ་བུའི་དམ་ཚིག་འདིས༔ དབྱིངས་ཀྱི་མ་མོར་མཉེས་མཆོད་འབུལ༔ ཡེ་ཤེས་

(༢༥)མ་མོའི་ཐུགས་དམ་བསྐང་༔ ལས་ཀྱི་མ་མོ་དགྱེས་དགུར་རོལ༔ འཇིག་རྟེན་མ་མོ་ཚིམ་པར་སྤྱོད༔ བདག་ཅག་དམ་ཚིག་ཉམས་ཆགས་དང་༔ དུས་ངན་སེམས་ཅན་འཁྲུལ་པ་ཡིས༔ ཐུགས་དང་འགལ་བའི་ལས་བགྱིས་པ༔ སྙིང་ནས་བཤགས་སོ་ཚངས་པར་སྩོལ༔ ཐུགས་རྗེ་ཁྲོས་པ་ཞི་བར་མཛོད༔ དམ་དང་འགལ་བ་བཟོད་པར་བཞེས༔ ཁོང་ནས་འཁྲུགས་པ་དབྱིངས་སུ་སྟིམས༔ རྔམས་པའི་བརྟུལ་ཞུགས་བགེགས་ལ་ཕོབ༔ ཁྱད་པར་ཉོན་མོངས་ཕྲག་དོག་དང་༔ འབྱུང་བ་རླུང་ལས་གྱུར་པ་ཡི༔ མ་མོ་འཁྲུགས་པའི་རྒྱུ་ཆེན་དང་༔ ནད་མཚོན་དུས་འཁྲུགས་འབྲས་བུའི་ཚོགས༔ མཁའ་ལ་སྤྲིན་ལྟར་དག་ནས་ཀྱང་༔ ཞི་དང་བཀྲ་ཤིས་བདེ་ལེགས་སྩོལ༔ བྷྱོ་མ་མ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཡོཾ་ཧོ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ བདུད་རྩི་དེ་ཉིད་དཀར་དམར་སྐྱེམས་ཕུད་མདུན་དུ་བཤམས་previous hit ་རྣམས་སྦྱར་བ་སྦྲེང་། དག་མཉམ་ཆེན་པོའི་དགོངས next hit་སྤྱོད་ཀྱི་རྩལ་སྦར་ལ། ཧཱུྃ་བྷྱོ རྡོ་རྗེ་སྣང་མཛད་བདེ་བ་ཆེ༔ ཡེ་ཤེས་དབྱིངས་ཕྱུག་ཡུམ་དང་སྦྱོར༔ བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་པོས༔ རཱ་ས་ཡཱ་ནའི་བཅུད་དུ་བསྐྱིལ༔ ཆོས་ཀྱི་དབྱིངས་དང་མཐུན་བསྡེབས་ནས༔ རྣམ་རྟོག་ཐམས་ཅད་སེམས་སུ་བཅད༔ སེམས་

(༢༦)ཉིད་སྐྱེ་མེད་གཉུག་མར་ཤེས༔ རང་བཞིན་ཡོངས་ཤེས་འོད་གསལ་ངང་༔ རྩལ་དང་རོལ་པ་ཅིར་ཡང་འཕྲོ༔ སྣང་གྲགས་ཐམས་ཅད་ལྷ་དང་སྔགས༔ རྟོག་པའི་དྲྭ་བ་དབྱིངས་ཀྱི་རྒྱན༔ དབྱིངས་རིག་ཟུང་འཇུག་འདོང་དགུའི་གཏེར༔ ནམ་མཁའ་མཛོད་དུ་ཡོངས་ཤར་བའི༔ བླ་ན་མེད་པའི་དམ་ཚིག་འདིས༔ དབྱིངས་ཀྱི་མ་མོར་མཉེས་མཆོད་འབུལ༔ ཡེ་ཤེས་མ་མོའི་ཐུགས་དམ་བསྐང་༔ ལས་ཀྱི་མ་མོ་དགྱེས་དགུར་རོལ༔ འཇིག་རྟེན་མ་མོ་ཚིམ་པར་སྤྱོད༔ བདག་ཅག་དམ་ཚིག་ཉམས་ཆགས་དང་༔ དུས་ངན་སེམས་ཅན་འཁྲུལ་པ་ཡིས༔ ཐུགས་དང་འགལ་བའི་ལས་བགྱིས་བ༔ སྙིང་ནས་བཤགས་སོ་ཚངས་པར་སྩོལ༔ ཐུགས་རྗེ་ཁྲོས་པ་ཞི་བར་མཛོད༔ དམ་དང་འགལ་བ་བཟོད་པར་བཞེས༔ ཁོང་ནས་འཁྲུགས་བ་དབྱིངས་སུ་སྟིམས༔ རྔམས་པའི་བརྟུལ་ཞུགས་བགེགས་ལ་ཕོབ༔ ཁྱད་པར་ཉོན་མོངས་གཏི་མུག་དང་། འབྱུང་བ་ནམ་མཁའ་ལས་གྱུར་པའི༔ མ་མོ་འཁྲུགས་པའི་རྒྱུ་རྐྱེན་དང་༔ ནད་མཚོན་དུས་འཁྲུགས་འབྲས་བུའི་ཚོགས༔ མཁའ་ལ་སྤྲིན་ལྟར་དག་ནས་ཀྱང་༔ ཞི་དང་བཀྲ་ཤིས་བདེ་ལེགས་སྩོལ༔ བྷྱོ་མ་མ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨེ་ཧོ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཞེས་

(༢༧)བརྗོད་དམ་ཚིག་རྫས་ཀུན་གྱི༔ རྟེན་འབྲེལ་བརྡ་ལ་ངེས་ཤེས་བསྐྱེད༔ དོན་གྱི་དེ་ཉིད་བྲན་བྱས་ལ༔ དབྱིངས་རིག་དབྱེར་མེད་previous hit དགོངས next hit་བསྐྱང་༔ ཏིང་འཛིན་དེ་ལས་མ་གཡོས་བཞིན༔ སླར་ཡང་ནན་གྱིས་བསྐང་བ་ནི༔ བདུད་རྩི་ཆེན་པོ་འཐོར་བཞིན་བར༔ བྷྱོ སྣང་སྲིད་གདོད་ནས་ཡུམ་ལྔའི་ཀློང་༔ མ་མོ་མཁའ་འགྲོའི་དཀྱིལ་འཁོར་ལ༔ འཕོ་འགྱུར་མཚན་མ་ལས་འདས་ཤིང་༔ ཞི་བ་ཆེན་པོར་རྟག་གནས་ཀྱང་༔ ལྷན་སྐྱེས་ཀུན་བརྟགས་མ་རིག་གི༔ རྒྱུ་འབྲས་རྟེན་འབྲེལ་ལ་བརྟེན་ནས༔ རང་རྒྱུད་དུག་ལྔ་འཁྲུགས་པ་ལས༔ མ་མོ་འཁྲུགས་པའི་ཆོ་འཕྲུལ་སྟན༔ སྣོད་ཀྱི་འབྱུང་བ་རྒུད་བར་བྱེད༔ བཅུད་ཀྱི་སེམས་ཅན་རྣམ་རྟོག་སྒུལ༔ མི་ཕྱུགས་ནད་ཡམས་སྤྲིན་ལྟར་འཁྲིགས༔ ལོ་ཉེས་སད་སེར་འཐབ་རྩོད་ལྡང་༔ དེ་དག་ཐམས་ཅད་འབྱུང་བའི་རྒྱུ༔ བཅས་དང་རང་བཞིན་སྡིག་པའི་ལས༔ བག་མེད་འཆོལ་བར་སྤྱོད་པ་ཡིས༔ དམ་གྲིབ་མི་གཙང་ཕོག་པས་བྱུང་༔ སྡིག་པའི་ལས་རྣམས་འགྱོད་པས་བཤགས༔ དམ་ཚིག་ཉམས་ན་ཚོགས་ཀྱིས་བསྐང་༔ ཉམས་གྲིབ་བདུད་རྩིའི་ནུས་པས་སྦྱངས༔ ཐུགས་དང་འགལ་བ་དབྱིངས་སུ་མཐོལ༔ འཁོར་འདས་གདོད་ནས་བདུད་རྩི་ལྔ༔ མ་བཅོས་མ་བསླད་དེ་

(༢༨)བཞིན་གཤེགས༔ ཡེ་ཤེས་རིགས་ལྔར་རྣམ་དག་པའི༔ དག་མཉམ་ཆེན་པོའི་ཕུད་ཀྱིས་མཆོད༔ བདུད་རྩིའི་ཟེར་ལས་བྱུང་བ་ཡི༔ སྣང་སྲིད་གཞིར་བཞེངས་འདོད་ཡོན་སྤྲིན༔ ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ཀྱིས༔ རྟག་པ་རྒྱུན་དུ་ཐུགས་དམ་བསྐང་༔ ཡེ་ཤེས་དབྱིངས་ཀྱི་མ་མོ་ལ༔ ཁྲོ་དང་འཁྲུགས་པ་མི་མངའ་ཡང་༔ རྣམ་འགྱུར་འཇིག་རྟེན་མ་མོའི་ཚོགས༔ ཁྲོས་ཤིང་འཁྲུགས་པ་ཞི་བ་དང་༔ དགྱེས་པ་ཆེན་པོའི་འཕྲིན་ལས་ཀྱིས༔ ནད་དང་གནོད་པ་དབྱིངས་སུ་སྦྱོངས༔ ཚེ་དང་བསོད་ནམས་སྙན་གྲགས་སྤེལ༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ ཅེས་བརྗོད། བརྒྱ་སྟེང་ལྟ་བུའི་གྲངས་གསོག་དགོས་ན། ཕྱི་མ་འདི་ཉིད་བཅུ་རེའི་མཚམས་གོང་གི་དམིགས་བཟླས་ཚར་རེ་བསྐྱར་ཞིང་། མདོས་གཏོར་གྱི་རྫས་ཀྱང་ཁ་གསོ། ཡང་འབུམ་ཐེར་སོགས་ཤིན་ཏུ་གྲངས་མང་གསོག་དགོས་ན། བརྒྱ་རྩ་རེའི་མཚམས་གོང་གི་དམིགས་བཟླས་དང་འཁྲུགས་སྐོང་བསྡུས་པ་ཚར་རེ་བསྐྱར། གྲངས་ཀྱི་དངོས་གཞི་རྗེ་བཅུ་གསུམ་པས་བསྩལ་བ་འདི་ལ་འཛིན་ཏེ། བྷྱོ དུས་ངན་སྙིགས་མའི་མཐར་ཐུག་ལ། །བནྡེ་བླ་མའི་དམ་ཚིག་ཉམས། །སྐྱེ་བོ་ཁྲེལ་དང་ངོ་ཚ་བོར། །དེ་ཚེ་མ་མོ་ཐུགས་ཁྲོས་ནས། །ནད་མུག །

(༢༩)འཁྲུགས་གསུམ་སྤྲིན་ལྟར་གཡོ། །དེ་དག་ཁྱོད་ཀྱི་ཆོ་འཕྲུལ་ཏེ། །དེ་ཕྱིར་དམ་རྫས་གཏོར་བདུད་རྩི། །རྟེན་སྐོང་སྒྲུབ་པ་གསུམ་གྱི་རྫས། །མ་མོ་འཁྲུགས་པོའི་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐང་བའི་མཐུས། །བདག་སོགས་མཁའ་མཉམ་འགྲོ་ཚོགས་ཀྱི། །ནད་གདོན་བར་ཆད་བཟློག་ཏུ་གསོལ། །མི་མཐུན་ཕྱོགས་ཀུན་བཟློག་ཏུ་གསོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བདག་གཞན་མི་ཤེས་ལེ་ལོ་ཡིས། །ས་ལམ་བགྲོད་ལ་འགལ་བ་རྣམས། །མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་གསོལ། །འཛམ་གླིང་བདེ་བའི་བཀྲ་ཤིས་ཤོག། ཅེས་དང་། གཞན་ཡང་མ་མོའི་འཁྲུགས་སྐོང་རྒྱས་བསྡུས་རིགས་སྤྲོ་ན་འདིར་བྱའོ། །དགུ་བ་ཉམས་ཆགས་བཤགས་པ་ནི། ཧཱུྃ་བྷྱོ དོན་དམ་སྐྱེ་མེད་ཡུམ་གྱི་མཁའ་ཀློང་ནས། །སྐྱེ་བའི་ཆོ་འཕྲུལ་འཁོར་འདས་དབང་བསྒྱུར་མ། །དབྱིངས་ཡེ་ལས་དང་འཇིག་རྟེན་དམ་ཚིག་ཚུལ། །གཅིག་པུའི་རྩལ་ལས་དུ་མའི་གར་མཁན་མ། །དཔལ་འབར་ལྷ་མོའི་ཚོགས་རྣམས་previous hit དགོངས་སུ་གསོལ། །སྤྲོས་བྲལ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཆེ། །སྣང་རིག་དབྱེར་མེད་ལྷུན་རྫོགས་མཉམ་ next hit་ཉིད། །རང་རིག་བདེ་སྟོང་ཟུང་འཇུག་ཡིན་པ་ལ། །

(༣༠)མ་རིག་གཟུང་འཛིན་རྟོག་པའི་རླབས་གཡོས་པས། །འཁོར་བའི་རྟེན་འབྲེལ་བཅུ་གཉིས་ཤིང་རྟ་ཡིས། །མཐའ་མེད་ལོག་པའི་ལམ་དུ་དྲངས་པའི་མཐུས། །ཐོག་མེད་དུས་ནས་བདག་ཅག་འཁོར་བཅས་ཀྱིས། །དུག་ལྔ་རང་གར་སྤྱོད་པ་མཐོལ་ལོ་བཤགས། །འཇིག་རྟེན་པ་ཡི་དགེ་བཅུ་བདེ་བའི་རྒྱུ། །ཡིན་པར་ཤེས་ཀྱང་ལྟ་ངན་གྱིས་དཀྲུགས་པས། །མི་དགེ་བཅུ་པོ་ངོམས་མེད་སྤྱད་པའི་མཐུས། །བྱམས་པའི་མ་གཅིག་འཁྲུགས་པའི་ལས་བསགས་པ། །མཐོལ་ལོ་བཤགས་སོ་བཟོད་པར་མཛད་དུ་གསོལ། །ཐར་པའི་ལམ་སྟོན་བདེ་བར་གཤེགས་པའི་བཀའ། །ཁྱད་དུ་བསད་ནས་མི་དགེའི་སློབ་དཔོན་གྱི། །རྗེས་སུ་ཞུགས་ཏེ་དམ་ཆོས་འདྲར་སྤྱོད་པས། །ཕྱིན་ཅི་ལོག་པའི་ལམ་དུ་འཕྱན་གྱུར་ཏེ། །སྤྱན་ལྡན་མ་གཅིག་འཁྲུགས་པའི་ལས་བསགས་པ། །མཐོལ་ལོ་བཤགས་སོ་བྱང་ཞིང་དག་པར་མཛོད། །སྔོན་བསགས་ལེགས་སྤྱད་མཐུ་ཡིས་རྒྱལ་བསྟན་སྒོར། །ཞུགས་ནས་སོ་ཐར་རིགས་བརྒྱད་སྡོམ་བླངས་ཀྱང་། །མ་གུས་བག་མེད་ལེ་ལོའི་དབང་གྱུར་པའི། །བཅས་པའི་ཁྲིམས་ལས་འགལ་བའི་ལས་ངན་གྱིས། །བཀའ་སྲུང་མ་མོ་འཁྲུགས་པའི་རྒྱུར་གྱུར་པ། །མཐོལ་ལོ་བཤགས་སོ་དག་

(༣༡)ཅིང་ཚངས་པར་མཛོད། །དུས་གསུམ་རྒྱལ་བ་རྣམས་ཀྱི་རྗེས་ཞུགས་ཏེ། །སྨོན་འཇུག་དོན་དམ་བྱང་ཆུབ་སེམས་བསྐྱེད་ཀྱང་། །བདག་འཛིན་འགོང་པོའི་ཆོ་འཕྲུལ་གཡོས་པའི་མཐུས། །བདག་གཞན་མཉམ་དང་བརྗེ་དང་ལྷག་པའི་སེམས། །མ་བསྐྱེད་རང་འདོད་ཉེ་རིང་སྤོང་ལེན་གྱིས། །ཞི་བའི་མྱུ་གུ་རྩད་ནས་བརླག་གྱུར་པས། །དཔལ་ལྡན་ལྷ་མོ་འཁྲུགས་པའི་ལས་བསགས་པ། །མཐོལ་ལོ་བཤགས་སོ་བཟོད་པར་མཛད་དུ་གསོལ། །རྡོ་རྗེ་ཐེག་པ་བླ་ན་མེད་པའི་གནས། །སྨིན་གྲོལ་ཟབ་མོའི་དོན་མཆོག་བསྒྲུབ་པའི་ཕྱིར། །འདའ་དཀའི་དམ་ཚིག་གཉེར་དུ་བླངས་ལགས་ཀྱང་། །གོ་རྟོགས་རྩལ་ཞན་ཉོན་མོངས་དབང་བཙན་པས། །སྐུ་གསུང་ཐུགས་མཆོག་རྩ་བ་ཡན་ལག་གི། །དམ་ལས་འགལ་ཞིང་སྲུང་མཚམས་འཆོལ་གྱུར་པས། །དམ་ཚིག་སྟངས་འཛིན་མ་གཅིག་འཁྲུགས་པའི་ལས། །མཐོལ་ལོ་བཤགས་སོ་དག་ཚངས་དབུགས་དབྱུང་སྩོལ། །ཁྱད་པར་དཔལ་འབར་ལྷ་མོ་འཁོར་བཅས་དང་། །དམ་ཚིག་བསྲེས་ནས་བརྟེན་པར་ཁས་བླངས་ཀྱང་། །བསྐྱེད་རིམ་མ་གསལ་སློབ་དཔོན་སྐུ་ལ་བརྙས། །ཕྱི་རྟེན་མ་ཚང་སྡིག་ཅན་མི་ངང་འགྲོགས། །སྲོག་

(༣༢)བཅད་རྟེན་བཤིགས་སྐུ་ཡི་དམ་ཚིག་ལས། །འགལ་ཞིང་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས། །རླུང་དང་གཏུམ་མོའི་རྣལ་འབྱོར་མ་བརྩོན་དང་། །བཟླས་བརྗོད་གྲངས་ཉུང་བཀའ་དང་ལུང་ལས་འགལ། །ནང་རྟེན་མ་ཚང་དམ་ཉམས་ཁ་འཕྲོ་བསྲེ། །རྫུན་བརླངས་ངག་འཁྱལ་གསུང་གི་དམ་ཚིག་ལས། །འགལ་ཞིང་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས། །སྣང་སྲིད་བདེ་རྫོགས་ཐིག་ལེའི་རྩལ་མ་སྦྱང་། །ཏིང་འཛིན་གཡེལ་ཞིང་གསང་བཅུ་གཞན་ལ་བསྒྲགས། །གསང་རྟེན་མ་བཤམས་ཕྱག་རྒྱ་རྣམ་གསུམ་རལ། །ལོག་ལྟས་རྒྱུད་དཀྲུགས་མཆེད་ལྕམ་ཐུགས་མ་ཟིན། །གནོད་སེམས་ལ་སོགས་ཐུགས་ཀྱི་དམ་ཚིག་ལས། །འགལ་ཞིང་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས། །ཉ་ཤི་དུས་དྲུག་ཚོགས་ཀྱི་མཆོད་པ་ཆགས། །རྟེན་རྒྱུན་དུས་གཏོར་དམན་ཅིང་འབགས་བཙོག་བསྣོལ། །འབོད་རྟེན་སྒྲུབ་སྐོང་དགྱེས་མཆོད་རྫས་མ་ཚོགས། །ཆོ་ག་ནོར་ཞིང་ལས་སྦྱོར་ལོག་པ་སོགས། །མ་མོའི་ཡོན་ཏན་ཕྲིན་ལས་དམ་ཚིག་ལས། །འགལ་ཞིང་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས། །ལྷ་མིན་སྤྱོད་དང་གདུག་ལ་རྟག་ཏུ་བྱམས། །མཚམས་དྲལ་རྟགས་དོར་ལ་

(༣༣)སོགས་སྤང་བྱ་དང་། །ཤེས་རབ་རིགས་དང་བོང་དྲེལ་བྱ་ནག་རླུང་། །ནལ་བུ་ལ་སོགས་བླང་བྱའི་དམ་ཚིག་དང་། །བསྟན་དགྲ་སྒྲོལ་ཞིང་བདེ་ཆེན་ཆོ་ག་སྤེལ། །ཚོགས་དང་བརྟུལ་ཞུགས་སྤྱད་པར་བྱ་བ་དང་། །རང་རིག་མ་མོར་ཤེས་པའི་དགོངས་སྤྱོད་ཀྱིས། །ཕྱི་ནང་གཞན་གསུམ་དག་མཉམ་དབྱིངས་སུ་སྦྱོར། །བསྐྱེད་བཟླས་ཏིང་འཛིན་ལས་ཀྱི་སྦྱོར་བ་སོགས། །ཤེས་དང་བསྒྲུབ་བྱའི་དམ་ལས་འགལ་བ་རྣམས། །མཐོལ་ལོ་བཤགས་སོ་དག་ཅིང་ཚངས་པར་སྩོལ། །གཞན་ཡང་བདག་དང་རྒྱུ་སྦྱོར་འཁོར་བཅས་ཀྱི། །ངོ་ཚ་ཁྲེལ་བོར་མནའ་ཟོས་ཆད་ལས་འགལ། །དམེ་མནོལ་འཐབ་མཁོན་སྡེ་བརྒྱད་མ་མོར་འགྲས། །འབྱུང་པོའི་རྟེན་བཤིགས་དཀོར་དང་སྐུ་གླུད་ཟོས། །ཀླ་ཀློའི་རྟགས་བླངས་སྨད་པའི་ཟས་ལ་སྤྱོད། །ཡ་རབ་གོང་མ་མི་བཀུར་བ་ལ་སོགས། །རང་བཞིན་ཁ་ན་མ་ཐོའི་ངན་སྤྱོད་ཀྱིས། །སྣང་སྲིད་མ་མོ་འཁྲུགས་པའི་ལས་བསགས་པ། །མཐོལ་ལོ་མཐོལ་ལོ་ཡེ་ཤེས་ལྷ་ལ་མཐོལ། །བཤགས་སོ་བཤགས་སོ་མ་ཡི་སྤྱན་སྔར་བཤགས། །སྔོན་ཆད་ནོངས་པའི་ལས་ལ་གནོང་ཞིང་འགྱོད། །ཕྱིན་ཆད་མི་བགྱིད་སྡོམ་པར་བགྱིད་ལགས་ན། །མཁའ་ལྟར་ཁྱབ་

(༣༤)པའི་ཐུགས་རྗེས་བརྩེར་དགོངས་ནས། །དག་ཅིང་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་བཛྲ་རེ་མ་ཏི་ས་མ་ཡ། སོགས་ཡི་གེ་བརྒྱ་པ་བཟླའོ། །བཅུ་པ་ཕྲིན་ལས་བཅོལ་བ་ནི། སྦོས་བཏུལ། །བདུད་རྩི་སྨན་གཏོར་རཀྟ་སྐྱེམས་ཕུད་རྣམས་འཐོར་ཞིང་། ཧཱུྃ་བྷྱོ དབྱིངས་ཀྱི་ཡུམ་ཆེན་ཀུན་ཏུ་བཟང་༔ རང་བྱུང་སྤྲུལ་པ་ཡེ་ཤེས་ལས༔འཇིག་རྟེན་དམ་ཚིག་ཤ་ཟའི་སྡེའི༔ མཁའ་འགྲོ་མ་མོའི་དཀྱིལ་འཁོར་བ༔ འབུམ་ཕྲག་ཡངས་པའི་འཁོར་ཚོགས་ཀུན༔ སྔོན་ཚེ་ཧེ་རུ་ཀ་དཔལ་དང་༔ རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ༔ ཇི་ལྟར་ཞལ་བཞེས་དམ་བཅས་ལྟར༔ སྨན་གཏོར་རཀྟའི་མཆོད་པ་དང་༔ མྱོས་བྱེད་བདུད་རྩིའི་སྐྱེམས་ཕུད་བཞེས༔ དགྱེས་པའི་ཕྲིན་ལས་ཤུགས་ཕྱུངས་ལ༔ གསང་ཆེན་རྡོ་རྗེའི་བསྟན་པ་སྲུངས༔ བསྟན་འཛིན་སྐྱེས་བུའི་ཕྲིན་ལས་སྒྲུབས༔ བདག་ཅག་དཔོན་སློབ་འཁོར་བཅས་ལ༔ མཁོན་འཁྲུགས་ཆོ་འཕྲུལ་དབྱིངས་སུ་བསྡུམས༔ དལ་ཡམས་གནོད་གདོན་ཕྱིར་ལ་སྡུས༔ མི་མཐུན་རྐྱེན་ལས་བསྲུང་བ་དང་༔ ནད་གདོན་བར་ཆད་ཞི་བར་མཛོད༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སྤེལ༔ སྣོད་བཅུད་ལེགས་ཚོགས་དབང་དུ་སྡུས༔ བསྟན་དང་འགྲོ་ལ་འཚེ་བ་ཡི༔ དགྲ་དཔུང་ཐལ་བའི་རྡུལ་དུ་རློག༔ བགེགས་དཔུང་

(༣༥)བདུན་བརྒྱུད་རྩད་ནས་ཆོད༔ བྱང་ཕུར་རྦོད་གཏོང་ཐན་ལྟས་ཟློག༔ ཕྱི་ནང་འབྱུང་བ་འཁྲུགས་པ་ཡི༔ རྒུད་པ་ཐམས་ཅད་དབྱིངས་སུ་སོལ༔ བཤད་སྒྲུབ་བསྟན་པ་རྒྱས་པ་དང་༔ འཇིག་རྟེན་བདེ་བའི་་ཕྲིན་ལས་མཛོད༔ སླར་ཡང་མཆོད་གསོལ་དབུལ་ཞིང་ནན་གྱིས་ཕྲིན་ལས་བཅོལ་བ་ནི། ཧོ དགོངས་སུ་གསོལ་ལོ། །ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་ནས་འཁོར་འདས་ཐམས་ཅད་ལ་ཁྱབ་ཅིང་གཅིག་ཅར་དུ་གཟིགས་པ། ཀུན་འབྱུང་མ་མོའི་དཀྱིལ་འཁོར་གྱི་གཙོ་མོ། །དབྱིངས་ཕྱུག་ཆེན་མོ་མུ་ཁ་ལེ་ལ་གསོལ་ལོ། །རྟག་པའི་རྒྱལ་མོ་ཆེན་མོ་ལ་གསོལ་ལོ། །ཕྱི་ལྟར་རྗེ་བཙུན་འཕགས་མ་སྒྲོལ་མ་ལ། ནང་ལྟར་རྒྱལ་ཡུམ་རྡོ་རྗེ་རྣལ་འབྱོར་མ་ལ༴ གསང་བ་ལྟར་ན་མཁའ་འགྲོ་གསང་བ་ཡེ་ཤེས་ལ་གསོལ་ལོ། །ཚངས་པའི་སྲས་མོ་དབྱངས་ཅན་མ་ལ༴ རིམས་ནད་ཀུན་སྐྱོབས་པརྞ་ཤ་བ་རི་ལ༴ ཆོམ་རྐུན་བཟློག་མཛད་ལྷ་མོ་མ་རི་ཙྱེ་ལ༴ ཁྲག་འཐུང་གི་རྒྱལ་མོ་དུད་པའི་སོལ་བ་མ་ལ༴ འཁོར་ཤན་པ་མ་གསུམ་ལ༴ རིགས་བཞིའི་མཁའ་འགྲོ་ལ༴ མ་མོ་བརྒྱད་ལ༴ ཕྲ་མེན་མ་བརྒྱད་ལ༴ སྒོ་མ་བཞི་ལ༴ ནག་མོ་འབུམ་སྡེ་ལ༴ རྒྱ་གར་ཡུལ་གྱི་ཙཎྜི་ཀཱ་ལ༴ བལ་པོའི་ཡུལ་གྱི་རལ་གཅིག་མ་ལ༴ བོད་ཡུལ་

(༣༦)སྐྱེང་བའི་ལྷན་ཅིག་སྐྱེས་མ་ལ་གསོལ་ལོ། །སྔགས་སྲུང་རྡོ་རྗེ་རལ་གཅིག་མ་ལ༴ སྨུག་ནག་ཁྲོས་མ་རག་གདོང་མ་ལ༴ དམར་སྨུག་དབང་གི་ཌཱ་ཀི་མ་ལ༴ འབར་མ་མེ་ཡི་གདོང་ཅན་མ་ལ༴ previous hit དགོངས་འདུས་རྗེས་འབྲངས་འཛོམ་ next hit་སྐྱིད་ལ༴ སྙིང་ཐིག་བསྟན་སྲུང་སྲོག་སྒྲུབ་མ་ལ༴ བསྟན་དགྲའི་ཤ་ལ་ཟ་བའི་ཧོར་མོ་ཆེ་ལ༴ འདོད་པ་ཁམས་ཀྱི་དབང་ཕྱུག་མ་ལ༴ རང་བྱུང་སྲིད་པའི་རྒྱལ་མོ་ཆེན་མོ་ལ༴ ཞི་མཛད་དཀར་མོ་འོད་ལྡན་མ་ལ༴ དྲག་མོ་ཆེན་མོ་དམག་ཟོར་རྒྱལ་མོ་ལ༴ བདུད་རྩི་སྨན་གྱི་རྒྱལ་མོ་ཆེན་མོ་ལ༴ རྡོ་རྗེ་མཁའ་འགྲོ་གཤོག་རྒོད་མ་ལ༴ ཙིཏྟ་མཁའ་ཡི་གཤོག་གཅིག་མ་ལ༴ ཚོགས་བདག་ཡུམ་མཆོག་དབང་མོ་ཆེ་ལ༴ དཀར་མོ་ཆེན་མོ་དུང་སྐྱོང་རྒྱལ་མོ་ལ༴ ཉི་ཟླ་སྟོང་གི་ཐོད་ཕྲེང་ཅན་མ་ལ༴ གཏུམ་མོ་ཆེན་མོ་ཙ་མུཎྜི་ལ༴ དབང་ཆེན་བཀའ་སྲུང་སྦྱང་ཞོན་དམར་ནག་ལ༴ གཡུང་དྲུང་བོན་གྱི་དགྲ་བླ་མོ་ལ༴ དཀར་སྔོ་དམར་ནག་དྲེལ་ཞོན་མ་ལ༴ མ་མོ་རྡོ་རྗེ་གློག་མ་སྤྲིན་ལ༴ རྡོ་རྗེ་གདན་སྐྱོང་ཁ་འབར་མ་ལ༴ ལས་ཀྱི་མ་མོ་རེ་ཏི་མཆེད་བཞི་ལ༴ གནོད་སྦྱིན་བུ་མོ་ཕག་གདོང་ཅན་ལ༴ གཤིན་རྗེ་གཏུམ་མོ་དུག་ཧྲུལ་མ་ལ༴ གཟའི་ཆུང་མ་སྦལ་མགོ་མ་ལ༴ མུ་

(༣༧)སྟེགས་ཀྱི་རྒྱལ་མོ་རྐྱལ་འབུད་མ་ལ༴ དུར་ཁྲོད་ཀྱི་བདག་མོ་ངས་ནུས་མ་ལ༴ ལྷ་མོ་རྫོང་གི་དཀའ་བཟློག་མ་ལ༴ དབྱིངས་ཕྱུག་ཆོས་ཀྱི་སྒྲོན་མ་མཆེད་ལྔ་ལ༴ བཀྲ་ཤིས་ཚེའི་དབང་ཕྱུག་མ་མཆེད་ལྔ་ལ༴ སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མ་ལ༴ བོད་སྐྱོང་བརྟན་མ་བཅུ་གཉིས་ལ་གསོལ་ལོ། །ཆུ་སྲིན་གདོང་ཅན། བ་ལམ་དྲེལ་སྣ། ཁྲི་སྨན་སི་ལི། སྟག་སྨན་སོར་ལྡེམ། མ་མོ་བདུན། སྲིང་མོ་བཞི། འབར་མ་དགུ། དུས་བཞིའི་ལྷ་མོ། དམག་གི་རྒྱལ་མོ། དབང་ཕྱུག་ཉེར་བརྒྱད། སྐྱོད་མ་བཅུ་གཉིས། ཡ་མ་བཅུ་གཉིས། ཡེ་ཤེས་དང་ལས་དང་། འཇིག་རྟེན་ལས་གྲུབ་པའི་སྣང་སྲིད་མ་མོའི་ཚོགས་རྣམས་ལ་གསོལ་ལོ། །ངོ་བོ་དེ་བཞིན་གཤེགས་པ་རིགས་ལྔའི་ཡུམ་ལྔ། འབྱུང་བ་ལྔ་དང་ཤ་ཁྲག་དྲོད་དབུགས་ཀུན་ཁྱབ་ཀུན་གྱི་བདག་མོ། དབྱིངས་རང་བྱུང་ཀུན་ཏུ་བཟང་མོར་ཡོངས་སུ་བཟླུམས་པ། མིང་བརྒྱ་མཚན་སྟོང་མ། འཁོར་ཚོགས་སྨན་མོ་འབུམ་ཕྲག། མ་མོ་བྱེ་བས་ཡ། སྤྲུལ་པ་དུང་ཕྱུར་གྲངས་མེད་འབྱེད་པ་ཁྱེད་རྣམས་ལ་གསོལ་ལོ། །མཆོད་དོ། །གསོལ་ཞིང་མཆོད་པས་དགྱེས་མཉེས་ཚིམ་པར་མཛད་ནས། རང་བཞིན་མཉམ་པའི་དམ་

(༣༨)ཚིག་ཆེན་པོ་རྗེས་སུ་དགོངས་ཏེ་དབྱིངས་ཀྱི་མ་མོས་བྱིན་གྱིས་རློབས་ཤིག །ཡེ་ཤེས་མ་མོས་དངོས་གྲུབ་སྩོལ་ཅིག །ལས་ཀྱི་མ་མོས་ཕྲིན་ལས་མཛོད་ཅིག །འཇིག་རྟེན་མ་མོས་ཕྱྭ་གཡང་སྡུས་ཤིག །མི་ཕྱུགས་དལ་ཡམས་གཉན་རིམས་ཆོད་ཅིག །བླ་ཚེ་སྲོག་མདངས་འཕྲོག་པ་གཏོད་ཅིག །སྡེ་བརྒྱད་ཆོ་འཕྲུལ་གཡོས་བཟླུམས་ཤིག །བྱད་ཟོར་གཏད་ཁྲམ་ཕུར་ཁ་ཟློག་ཅིག །ཞི་དང་བཀྲ་ཤིས་བདེ་ལེགས་མཛོད་ཅིག །ཚེ་སྲིངས་དཔལ་བསྐྱེད་ཕྱྭ་གཡང་ཁུག་ཅིག །བྱམས་པའི་ཐུགས་ཀྱིས་དུས་འདིར་དགོངས་ཏེ། །བཅོལ་བའི་ཕྲིན་ལས་ཐམས་ཅད་སྒྲུབས་ཤིག །ཧོ མ་མོ་ཆེན་མོ་འཁོར་དང་བཅས་པས་སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་ཆེ་བ་ཕྱུངས། སེམས་ཅན་གྱི་བདེ་སྐྱིད་སྤེལ། ཁྱད་པར་དུ་སྔགས་འཆང་རྣལ་འབྱོར་བ་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་བར་ཆད། བྱད་ཕུར་རྦོད་གཏོང་། མོ་རྨིས་མཚན་ལྟས་ངན་པ། ཆགས་ཆེ་ཉམ་ང་། བདུད་དང་ལོག་འདྲེན་ཐམས་ཅད་ཞི་བར་མཛད་དུ་གསོལ། ཚེ་བསོད་དཔལ་འབྱོར་སྙན་གྲགས་དབང་ཐང་ཉམས་རྟོགས་ཡོན་ཏན་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་

(༣༩)རྒྱས་པར་མཛད་དུ་གསོལ། སྣང་སྲིད་འཁོར་འདས་རང་སེམས་སྣང་བ་ཐམས་ཅད་དབང་དུ་འདུས་པར་མཛད་དུ་གསོལ། ཆོས་བརྒྱད་དང་དུག་ལྔའི་རྣམ་རྟོག་བསྟན་འགྲོ་ལ་སྡང་བའི་དགྲ་བགེགས་ཐམས་ཅད་ཚར་གཅོད་པར་མཛད་དུ་གསོལ། ནམ་ཞིག་བེམས་རིག་བྲལ་མ་ཐག་ཏུ་སྐྱེ་བ་གཞན་དུ་མི་གཏོང་བར་བདེ་ཆེན་དག་པའི་ཞིང་དུ་ལམ་སྣ་འདྲེན་པར་མཛད་དུ་གསོལ། སྐུ་ཡི་ཞལ་སྟོན། གསུང་གིས་ལུང་སྟོན། ཐུགས་ཀྱིས་ཏིང་འཛིན་སྐྱེད། ཉིན་གྱི་བྱ་ར་མཛོད། མེ་ལ་ཚེ་མཛོད། འཁོར་ནོར་ལོངས་སྤྱོད་སྤེལ། རྣམ་རྒྱལ་གྱི་རྒྱལ་རྔ་རྡུངས། གཞི་བྱེས་ལམ་གསུམ་སྐྱོངས། ལུས་དང་གྲིབ་མ་བཞིན་དུ་འགྲོགས་ལ་ཅི་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ཞེས་གྱེར་རོ།། །བཅུ་གཅིག་པ་བཟློག་བསྒྱུར་བྱ་བ་ནི། རྔ་བོན་ཐབས་སུ་བརྡུང་། ཐལ་མོ་དང་དུབ་མོ་བརྡབ་ཅིང་། ཧཱུྃ་བྷྱོ དེ་ལྟར་ཐུགས་དམ་བསྐང་གྱུར་ནས༔ རྡོ་རྗེ་རྒྱལ་པོ་རྒྱལ་ཐེབས་དང་༔ ལས་ཀྱི་ཀརྨ་གྲོགས་མཆེད་དང་༔ བདག་ཅག་འདིར་འདུས་ཐམས་ཅད་དང་༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི༔ རྐྱེན་དང་བར་ཆད་བཟློག་ཏུ་གསོལ༔ འདུ་བ་

(༤༠)རྣམ་བཞི་བཟློག་ཏུ་གསོལ༔བད་ཀན་དམར་སྨུག་དགྲ་ལ་ཟློག༔ མཁྲིས་པ་ཤ་ཡ་དགྲ་ལ་ཟློག༔ རླུང་གང་འཕྱོ་བ་དགྲ་ལ༴ ཁྲག་དང་འདུས་པ་དགྲ༴ སྨྱོ་བ་ཉེར་ལྔ་དགྲ༴ སྨྱོ་འབོགས་བརྒྱལ་ནད་དགྲ་ལ༴ འགྱུར་བུ་བདར་བུ་དགྲ༴ མཛེ་རིགས་བཅོ་བརྒྱད༴ མཛེ་ནད་འབྲུམ་ནད༴ ལྷོག་པ་འབྲས་ཆེན༴ དྲེག་པ་གྲུམ་བུ༴ སྐེག་དང་གཡེམ་པ༴ ཤུ་བ་རྒྱ་ཐོར༴ རླུང་སྐམ་འབྲས་ཆེན༴ ཕོལ་མིག་སྐམས་ནད༴ ཚ་ག་དང་རྐང་ནད༴ རིམས་ནད་རྣམ་ལྔ་དགྲ༴ ཀླད་གཟེར་བལ་ནད༴ རྒྱུ་གཟེར་བལ་ཚད༴ གློ་སྙིང་རིམས་གཟེར༴ མཚོན་གྲུག་སྣ་བདུན་དགྲ༴ མདའ་གྲི་མདུང་གྲི༴ ཁ་ཊྲཱྃ་ཏྲི་ཤུལ༴ སྒྱོགས་འགུལ་རྡོ་དབྱུག༴ མཚོན་འཁྲུགས་བསྐལ་པ༴ དུས་འཁྲུགས་མཐའ་དམག༴ རྟ་དྲེལ་ཕྱུགས་ནད་༴ ར་ལུག་བོང་ནད༴ ལོ་ཉེས་སད་སེར༴ བཙའ་ཐན་འབུ་སྲིན༴ བྱད་ཕུར་ཐན་ལྟས༴ བཀའ་ཆད་རྩུབ་རིམ༴ འབྱུང་བཞིའི་གཡོ་འཁྲུགས༴ རྒྱ་འདྲེ་འགོང་པོ་གློ་བུར་ཉི་ཁྲི༴ ཡེ་འབྲོག་སུམ་བརྒྱ༴ དུས་མིན་འཆི་བ༴ ནད་རིགས་བཞི་བརྒྱ༴ གདོན་རིགས་སྟོང་ཕྲག༴ མི་མཐུན་རྐྱེན་ཚོགས་དགྲ་ལ་ཟློག༔ བཅུ་གཉིས་བ་བྷྱོས་གདབ་པ་ནི། བྷྱོ མ་མོ་ཆེན་མོ་འཁོར་བཅས་ཀྱིས༔ འདི་ལྟར་གསོལ་

(༤༡)བའི་ཕྲིན་ལས་མཛོད༔ བདག་ཅག་དཔོན་སློབ་འཁོར་བཅས་ལ༔ མི་མཐུན་ཉེ་བར་འཚེ་བ་ཡི༔ ཆགས་ཆེ་ཉམ་ང་དགྲ་ལ་བྷྱོ༔ ལོ་ཀེག་ཟླ་ཀེག་དགྲ་ལ༴ ཟ་མའི་བདུན་ཟུར་དགྲ༴ རྦོད་གཏོང་རྦད་འདྲེ༴ འབྱུང་བའི་གཙུག་ལག་རྩུབ་པ༴ བརྟགས་པའི་རྟེན་འབྲེལ་ངན་པ༴ རྨིས་ལྟས་མཚན་མ་ངན་པ༴ ཡས་ཀྱི་བདུད་དུ་གཡོས་པ༴ མས་ཀྱི་སྲི་རུ་ལངས་པ༴ བར་གྱི་རྩུབ་འགྱུར་ངན་པ༴ ཕ་ཚན་ནང་གི་རྒྱབ་འདྲེ༴ དར་ཚན་ནང་གི་སྟོང་འདྲེ༴མཚན་ནང་གི་སྣ་འདྲེ༴ མ་བུའི་བྱུར་འདྲེ༴ ཕ་བུའི་ལྟོགས་འདྲེ༴ ལྟག་པའི་བདུད་བབ༴ དཔྲལ་བའི་གཤེད་འཁོར༴ ཕོ་བདུད་དལ་ཁ༴ མོ་བདུད་ཡམས་ཁ༴ སྤྱི་བདུད་དལ་བ༴ སྔགས་པའི་སྔགས་ཟོར༴ བོན་པོའི་བྱད་ཟོར༴ ཕུར་པའི་དཔལ་ཟོར༴ དྲང་སྲོང་དམོད་ཟོར༴ རང་གཤེད་རང་འཁོར༴ རླུང་གི་འཁོར་ལོ༴ སེལ་གྱི་ཕུང་བཤིག༴ ལྟས་ངན་ཆོ་འཕྲུལ༴ མི་མཐུན་ཕྱོགས་རྣམས༴ ལྟས་ངན་བརྒྱད་ཅུ༴ གཞན་གྱི་བྱད་གཏད་དགྲ་ལ་བྷྱོ༔ བཟློག་གོ་ཆགས་ཆེ་དགྲ་ལ་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ བཟློག་བསྒྱུར་བཅོལ་བའི་ཕྲིན་ལས་མཛོད༔ སྔགས་བཟློག་མཁའ་འགྲོའི་དམོད་པ་ནི། ཨོཾ་ཧ་ཧ་མོ་ཧེ་ཏྲི་

(༤༢)ཧ་ལ༔ བ་རི་ཧ་རི་ཡ༔ ཁ་ལིང་ཏ་ཡ༔ མཱ་ར་ཎ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ས་མ་ཡ་ཟློག་ཟློག༔ ཨ་ལ་བྲ་མོ་ཧ་བྷྱོ༔ ཨ་ཏི་བྲ་མོ་ཧི་བྷྱོ༔ ཨ་ཏི་བྲ་མོ་ཟློག༔ ཟོར་ཁ་ཟློག༔ བྱད་ཁ་ཟློག༔ དམོད་མོ་ཟློག༔ རྦོད་གཏོང་ཟློག༔ རྦད་འདྲེ་ཟློག༔ ཐམས་ཅད་དགྲ་བགེགས་ཀྱི་སྟེང་དུ་བྷྱོ་ཟློག༔ བཅུ་གསུམ་པ་འདོད་དོན་སྨོན་ལམ་གདབ་པ་ནི། ཧོ བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི༔ ཚེ་ལ་བར་ཆད་མ་བྱེད་ཅིག༔ སྲོག་ལ་ཧུར་ཐུམ་མ་བྱེད་ཅིག༔ དབུས་ཀྱི་གཙོ་མོ་མ་གཡེལ་ཅིག༔ ཕྱི་ཡི་བརྟན་མ་མ་གཡེལ་ཅིག༔ འཁོར་གྱི་མཁའ་འགྲོ་མ་འཁྲུགས་ཤིག༔ ནང་གི་རྗེ་མོ་མ་སྡུག་ཅིག༔ ཕྱི་ཡི་མ་ཡམས་མ་འཁུ་ཞིག༔ མ་མོ་ཆེན་མོ་འཁོར་བཅས་ཀྱིས༔ བདག་གིས་བསྟེན་པའི་མ་སྲིང་མཛོད༔ སྙིང་དུ་ཉེ་བའི་མཛའ་མོ་མཛོད༔ བསམ་པ་འགྲུབ་པའི་བྲན་མོ་མཛོད༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གནོད་པར་བྱེད་པའི་དམ་སྲི་དང་༔ དམིགས་པར་བྱ་བའི་དགྲ་བགེགས་རྣམས༔ ལོ་ཟླ་མ་བཞག་ཟ་མར་སྒྲོལ༔ ད་ལྟ་ཉིད་དུ་རྡུལ་དུ་རློག༔ བདག་ཅག་བསམ་པའི་དོན་ཀུན་སྒྲུབས༔ ཉམས་པ་ཅི་མཆིས་བསྐང་དུ་གསོལ༔ འགལ་འཁྲུལ་ཐམས་ཅད་བཟོད་པར་གསོལ༔ འཁྲུལ་previous hit ་ཐམས་ཅད་བཤགས་པར་བགྱི༔ བྱམས་

(༤༣)པའི་ཐུགས་ཀྱིས་དགོངས ་ནས་ཀྱང་། །བདག་ཅག་རེ་བ་ཡོངས་བསྐངས་ཏེ། །དུས་གསུམ་ཀུན་ཏུ་དགེ་བ་ཡི། །བཀྲ་ཤིས་མཆོག་རྣམས་སྩལ་དུ་གསོལ། །ཞེས་གྱེར་རོ། །དངོས་གཞིའི་གསུམ་པ་རྗེས་ཀྱི་རིམ་པ་ལ་གསུམ་གྱི། །དང་པོ་ཆོ་གའི་རྗེས་ནི། ཚོགས་མཆོད་ཡོད་ན་ཚོགས་ལ་རོལ་ཞིང་། ལྷག་ཆོག་དང་མ་མོའི་གཏོར་ཆག་གི་རྗེས་རིམ་རྣམས་ལེགས་པར་བཏང་བའི་གཤེགས་གསོལ་བསྟིམ་པ་གང་ཡིན་མ་བགྱིས་པའི་གོང་དེར། གཏོར་མའི་ལྷ་དམ་ཡེ་དབྱེར་མེད་མདུན་མཁར་བཞུགས། གཏོར་མདོས་མཆོད་བརྔན་གྱི་ཡོ་བྱང་བསམ་གྱིས་མི་ཁྱབ་པར་བསྐྱེད་ཅིང་། སྐོང་བའི་མདོས་གཏོར་ཁ་གསོས་ལ། སྐོང་མའི་གཏོར་མདོས་བཏེགས། རོལ་ཆ་སྦིར་ལ་དབྱངས་དང་བཅས་ཏེ། བྷྱོ། དོན་དམ་ཆོས་ཉིད་ཀུན་བཟང་དབྱིངས་ཀྱི་ཡུམ། །རྣམ་འགྱུར་སྣ་ཚོགས་ཡེ་ཤེས་ལས་འཇིག་རྟེན། །དམ་ཚིག་ཤ་ཟའི་ཚུལ་དུ་སྣང་བའི་མགྲོན། །སྣང་སྲིད་མ་མོ་རོལ་པའི་ལྷ་ཚོགས་རྣམས། །ཐུགས་དམ་སྐོང་བའི་ཆོ་ག་རྫོགས་ལ་གསན། །དགྱེས་པའི་མདངས་ཕྱུངས་མཉེས་པའི་འཛུམ་མདངས་སྟོན། །དོན་དམ་སྐྱེ་བ་མེད་པའི་ཆོ་འཕྲུལ་ལས། །སྐྱེ་བའི་ཚུལ་སྟོན་མ་མེ་ཡལ་གམ་ཅན། །དབྱིངས་ཀྱི་དཀྱིལ་འཁོར་དམ་པར་བསྐྱོད་རེ་ར་ན། །ཐུགས་དམ་བསྐུལ་བའི་

(༤༤)མཆོད་གཏོར་འདི་བཞེས་ཤིག། ཤ་ཁྲག་དམར་གྱི་གཏོར་མ་འདི་བཞས་ཤིག །སྨན་རཀ་ཕུང་ཀྱི་མཆོད་པ་འདི༴ དཀར་དམར་གསེར་སྐྱེམས་མཆོད་པ་འདི༴ ཕྱི་ནང་གསང་རྟེན་མཆོད་པ་འདི༴ དཀོར་ནོར་སྤྱན་གཟིགས་མཆོད་པ་འདི། སྔར་བཅོལ་ལས་ཀྱི་གཏང་རག་གཉེན་པོ་བཞེས། །ད་བཅོལ་ཕྲིན་ལས་ཞུ་དོན་གཉན་པོ་འབུལ། །འཁོར་རྣམས་བསྲུང་ཞིང་རྐྱེན་རྣམས་བཟློག་པ་དང་། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །སྔར་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །ཐམས་ཅད་རྡུལ་ཕྲིན་བཞིན་དུ་བརླག་པར་མཛོད། །དགྱེས་སྐོང་མདེས་གཏོར་དམ་པ་འདི་བཞེས་ལ། །སྔོན་ཚེ་རང་དམ་གཉན་པོ་བཅས་པ་དང་། །བར་དུ་རྒྱལ་བའི་སྤྱན་སྔར་གཉེར་དུ་བླངས། །དེང་འདིར་ཐུགས་དམ་བསྐང་བའི་གཡར་དམ་རྣམས། །མ་གཡེལ་མ་བསྙེལ་རྗེས་སུ་དྲན་པར་མཛོད། །ཞི་དང་རྒྱས་པའི་གཟི་བྱིན་ཆེར་སྦར་ཏེ། །རྣལ་འབྱོར་བདག་དང་སྦྱིན་བདག་འཁོར་རྣམས་ལ། །ཞལ་ནས་བདུད་རྩི་སྨིན་གྱི་ཆར་རྒྱུན་ཕོབ། །ནད་གདོན་སྡུག་བསྔལ་ཚོགས་རྣམས་ཞི་བར་མཛོད། །ཚེ་དང་མངའ་ཐང་ལེངས་སྤྱོད་རྒྱས་པར་མཛོད། །ཟང་ཟིང་ལོ་ཐོག་འབྲུ་ཡི་ཕུང་པོ་དང་། །རིན་ཆེན་

(༤༥)། རྐང་འགྲོས་ཕྱུགས་རྣམས་འཕེལ་བར་མཛོད། །གཞན་ཡང་ཁྱེད་ལ་ཕྲིན་ལས་བཅོལ་བ་ནི། །བླ་མ་སྨོད་ཅིང་དཀོན་མཆོག་དབུ་འཕང་སྨོད། །བདག་གི་དགེ་དང་ཡོན་གྱི་བདག་པོ་ལ། །སྡང་ཞིང་གདུག་རྩུབ་གནག་པའི་སེམས་འཆང་བའི། །དགྲ་འདྲེ་རྒྱད་གསུམ་བྱེད་པའི་ལས་ངན་རྣམས། །ཁྱེད་ཀྱི་ཁོང་ནས་དུག་གི་རླུང་བུས་ལ། །འདུ་བ་རྣམ་བཞིའི་ནད་སོགས་ཁྱོད་ནས་སློངས། །པགས་གཞི་ས་ལ་ལྷུང་ནས་རྡེབ་ཏུ་ཆུག །དོན་སྙིང་རྣམ་ལྔ་ཁོང་ཁྲག་སྐྱུག་ཏུ་ཆུག །ལས་ངན་འཁོར་བཅས་བྲང་ཆེན་རྡུང་དུ་ཆུག །སྨྲེ་སྔགས་ཆོ་དེ་གནམ་དུ་འབོད་དུ་ཆུག །འཆི་བའི་དུས་སུ་སྨྱོ་འབོགས་གསོད་པར་མཛོད། །གཅན་གཟན་མཁའ་ལྡིང་ལ་སོགས་ལྟས་ངན་ཕོབ། །བསྟན་པ་བསྲུང་ཞིང་འཇིག་རྟེན་བདེ་ཞིང་སྐྱེད། །རྣལ་འབྱོར་དཔོན་སློབ་སྦྱིན་བདག་འཁོར་དང་བཅས། །བཀྲ་ཤིས་བདེ་ལེགས་འཕེལ་བའི་ལས་མཛོད་ཅིག། བྷྱོ་བྷྱོ་བྷྱོ་མ་མ་རུ་ལུ་ས་མ་ཡ་གཙྪ། ཞེས་བརྗོད་ཀྱིས་བདུད་རྩིའི་དཀྱིལ་འཁོར་བ་རྣམས་ཞུ་བསྟིམ་དང་། གཏོར་མའི་ལྷ་ཡེ་ཤེས་པ་རྣམས་དགོན་གནས་ཡིན་ན་རྟེན་ལ་བརྟན་བཞུགས་དང་། གྲོང་ཁྱིམ་ཡིན་ན་རང་ལ་བསྡུ། གཞན་རྣམས་རང་རང་གི་གནས་སུ་གཤེགས་པར་

(༤༦)མོས་ལ། སྐོར་གཏོར་རྣམས་དགོན་གནས་ཀྱི་ཡང་ཐོགས་དང་། གྲོང་ཁྱིམ་གྱི་བུང་ཤ་རས་གཙང་དུ་གཤེགས། ཡང་སྤྱི་རིམ་ལྟ་བུའི་རྒྱས་སྤྲོས་དགོས་ན། སློབ་དཔོན་སྔགས་ཆས་སུ་ཞུགས། ཕྱི་རོལ་གཙང་སར་གདོང་ཕྱོགས་པས་སྤྱི་འགྲོའི་གསེར་སྐྱེམས་ཕུལ། ནང་དུ་འོང་ནས་གོང་གསལ། བྷྱོ། དོན་དམ་ཆོས་ཉིད་སོགས་གྱེར། མདོས་བཏེགས། དར་ཆས་ཀྱིས་སྣ་དྲངས། རོལ་མོ་སོགས་སེར་སྦྲེང་བཅས། ཕྱོགས་གཙང་ཡོད་པའི་ས་གཙང་ངམ། བྱང་ཤར་མཚམས་གྲོང་ལས་རིང་དུ་དཔག་པའི་སར་ཕྱིན་ནས། ཧཱུྃ་བྷྱོ༔ དབྱིངས་ཀྱི་ཡུམ་ཆེན་ཀུན་ཏུ་བཟང་༔རང་བྱུང་སྤྲུལ་པ་སོགས་ཀྱིས་གོང་ལྟར་ཕྲིན་བཅོལ་གསལ་ཚིག་ལྷུག་གདངས་བཅས་པས་ལྡིར། དོ་གལ་ཆེན། བཟློག་པ། བྷྱོ་གདབ། སྨོན་ལམ་བཅས་བྱ། སླར་ཡང་། སངས་རྒྱས་བསྟན་སྲུང་ལྟ་བུའི་ཕྲིན་བཅོལ་དང་། བཀྲ་ཤིས་གང་འོས་བཏང་ནས་ནང་དུ་ལྡོག་པའི་ལམ་ཞིར་བདུད་རྩི་སྒྲུབ་པའི་སྔགས་དེ་བཟླ་བཞིན་དུ། སྒྲུབ་པའི་བདུད་རྩིས་ཡུལ་ཕྱོགས། མི་ཕྱུགས། གནས་གང་སོགས་ལ་འཐོར། ནང་དུ་སླེབས་པ་དང་ཡི་དམ་གྱི་རྗེས་རིམ་རྣམས་མཐར་དབྱང་། བཀྲ་ཤིས་རྒྱས་པར་བརྗོད་པས་དགེ་ལེགས་རྒྱ་ཆེར་སྤེལ་ལོ། །ཡང་ཆོ་ག་གྲངས་མང་ཉིན་བརྒྱུད་ཀྱིས་བསགས་དགོས་ན། ཉིན་སྔ་མ་རྣམས་ལ་ལ་ཚོགས་ལྷག་རྗེས་སྲུང་མ་དང་ཡི་དམ་གྱི་རྗེས་ཆོག་

(༤༧)། དབྱུང་། །གྲོལ་ཉིན་གོང་བཤད་བཞིན་བགྱིས་པས་འགྲུབ་བོ། །གཉིས་པ་ལས་ཀྱི་སྦྱོར་བའི་རྗེས་ནི། གཞུང་ལས། སྨན་པུད་ཡུལ་གྱི་ཆུ་མགོ་དང་༔ གནས་རྟེན་བྱིན་ཅན་ཀུན་ལ་འཐོར༔ མི་ཕྱུགས་རྣམས་ཀྱི་ཁོང་དུ་བཏང་༔ རིལ་བུར་བྱས་ཏེ་མགུལ་དུ་གདགས༔ བསང་ཤིང་དུད་པར་སྦྱར་ལ་བདུག༔ ཅེས་ཆེ་ཐང་དུ་བསྔགས་པར་མཛད་པ་བཞིན་བསྒྲུབ་པར་བྱའོ། །གསུམ་པ་དེ་ལྟར་བྱས་པའི་ཕན་ཡོན་ནི། སྤྱིར་གསར་རྙིང་གི་སྐོང་གཞུང་རྣམས་ནས་རྒྱ་ཆེར་འབྱུང་བ་བཞིན་དང་། བྱེ་བྲག་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོའི་ཆ་ལག་གི་སྐོང་གཞུང་ལས། འདིས་ནི་མ་མོ་འཁྲུགས་པ་ཡི༔ རྒྱུ་འབྲས་སྐད་ཅིག་ཡུད་ལ་ཞི༔ སྲུང་མ་ལུས་དང་གྲིབ་བཞིན་འགྲོགས༔ དངོས་གྲུབ་མཚོ་ལྟར་རྒྱས་པར་འགྱུར༔ ཞེས་དང་། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་གྱི་ཆ་ལག་སྲུང་མའི་འཁྲུགས་སྐོང་ལས། དེ་ལྟར་དུས་དྲུག་བརྩོན་པ་ཡིས༔ ཉམས་གྲིབ་དག་པའི་རྟགས་འབྱུང་ཞིང་༔ བསྐལ་པ་འཇིག་པའི་ནད་ཡམས་ཀྱང་༔སྐད་ཅིག་ཉིད་ལ་ཞི་བར་འགྱུར༔ དེ་དག་ཚུལ་བཞིན་མ་གྲུབ་ཀྱང་༔ ཚོགས་གཏོར་བདུད་རྩི་ཙམ་ཉིང་ལ༔ བརྟེན་ནས་བསྐང་བཤགས་བགྱིས་བས་ཀྱང་༔ གློ་བུར་ནད་ཡམས་འཕྲལ་དུ་ཞི༔ སྔོན་ཆད་གཞན་དུ་མ་བསྟན་པའི༔ ཕན་པ་ཆེན་པོའི་ཕྲིན་ལས་སོ༔ ཞེས་དང་། གཞན་ལས་ཀྱང་། སྔོན་ཚེ་སློབ་དཔོན་ཆེན་པོ་ཡིས༔ མ་མོ་འཁྲུགས་མདོས་འདི་མཛད་

(༤༨)པས༔ མངའ་བདག་ཆབ་འབངས་བདེ་བ་དང་༔ རྒྱལ་ཁམས་བདེ་ཞིང་ལོ་ལེགས་པ༔ ཡིད་ལ་བསམ་པ་ཐམས་ཅད་འགྲུབ༔ དེ་ཕྱིར་འཁྲུགས་སྐོང་འདི་ཉིད་ནི༔ གལ་ཆེ་དོན་ཆེ་གནད་ཟབ་བོ༔ དེ་ཕྱིར་མ་འོངས་ཐ་མའི་དུས༔ མ་མེ་མཁའ་འགྲེ་གང་དང་ཅི༔ རང་རང་ཆོ་གའི་གཞུང་ལ་སྦྱར༔ དེ་དང་དེ་ཡི་ཉམས་འཁྲུགས་བས་ལ༔ འཇིགས་བརྒྱད་ཞི་དང་འབྱོར་དྲུག་སྤེལ༔ དབང་སྡུད་དགྲ་བགེགས་བསྒྲལ་བའི་ལས༔ ཡུལ་འཛིན་དགྲ་བཟློག་ལེའུ་གསོ༔ བྱེས་བགྲོད་དོན་ཆེན་གང་བྱེད་ཀྱང་༔ འཁྲུགས་སྐོང་འདི་བྱས་མྱུར་དུ་འགྲུབ༔དེ་ཕྱིར་འཇིག་རྟེན་འཇིག་རྟེན་འདས༔ ཆེ་ཧྲག་བྱ་བ་ཐམས་ཅད་དུ༔ འཁྲུགས་པའི་སྐོང་བ་བྱ་བ་མཆོག༔ ཁྱད་པར་ནད་ཁ་བཅོས་པ་དང་༔ རིམས་ནད་མི་ཕྱུགས་ཡམས་ནད་གཅོད༔ ལས་ཀུན་འདི་བྱས་འགྲུབ་པར་འགྱུར༔ ཞེས་སོགས་བསྡུགས་པར་མཛད་པ་བཞིན་རྣལ་འབྱོར་པ་དང་སྦྱིན་བདག་འཁོར་བཅས་དད་དམ་གཙང་མར་འཚོགས་པས་འབད་ན་དངོས་གྲུབ་ཀྱི་ངེས་པ་ཆེད་མ་སྟེར་བར་འགྱུར་ལ། དེ་ལས་ལྡོག་པའི་ཚུལ་གྱིས་འབད་ན་སླར་ཡང་བཀའ་ཡི་ཆད་པའི་རྒྱུར་ཤེས་པའི་སྒོ་ནས་འཇུག་ལྡོག་གི་གནས་ལ་ཚུལ་བཞིན་སྤྱོད་པར་མཛོད་ཅིག །ཐབས་ཆེན་གསང་བའི་ཆོ་གའི་འཕྲུལ། །མ་མོ་དགྱེས་སྐོང་མཛེས་སྤྲིན་ལས། །ཞི་བྱེད་བདུད་རྩིའི་སྨན་ཆར་གྱིས། །འཇིག་རྟེན་ཕན་བདེར་སྦྱོར་གྱུར་ཅིག །ཅེས་པའང་ཡོངས་འཛིན་བཀའ་དྲིན་མཚུངས་

(༤༩)མེད་སྡིངས་ཆེ་ཅོག་གྲྭ་རིན་པོ་ཆེས་གནང་སྐྱེས་ཀྱི་མེ་ཏོག་བཅས། །དུས་ཀྱི་རྒུད་བས་མནར་བའི་འགྲོ་ལ་ཡོངས་སྨན་གྱི་ཐུགས་བསྐྱེད་དམ་པས་འདི་ལྟར་སྦྱོར་ཅིག་པར་བཀའ་གནང་བའི་བཞད་པ་སྐོང་སླད། བྱིན་རླབས་ལྡན་པའི་གཞུང་གསུམ་གྱི་ནང་ནས་བཏུས་ཏེ་འདུ་བགྱིད་པ་པོ་ནི་སངས་རྒྱས་ཀརྨ་པའི་མཚན་སྙན་གདོང་ལྔའི་དབང་པོའི་གསོབ་ཀྱིས་སྦ་བའི་རྨོངས་པ་མཁའ་ཁྱབ་རྡོ་རྗེར་འབོད་པས་དྲག་པོའི་ལོ་ས་ཟླའི་ཡར་ངོའི་རྫོགས་པ་གསུམ་པར་མཚུར་གྱི་དབེན་ཁྲོད། འཇིག་རྟེན་དབང་ཕྱུག་ཧེ་རུ་ཀའི་ཕོ་བྲང་གི་སྙིང་པོ་པདྨ་ཁྱུང་རྫོང་དང་འདབ་འབྲེལ་བའི་སྒྲུབ་སྡེ་ཆེན་མོ་ལྷུན་གྲུབ་ཕོ་བྲང་ནས་སྦྱར་བའི་ཡི་གེ་གཉིས་པར་འགོད་པ་པོ་ནི་འཇམ་དཔལ་ཚུལ་ཁྲིམས་ཀྱིས་བགྱིས་པ་ལ་ཉེས་འགལ་གང་མཆིས་ཤེར་ཕྱིན་ཡུམ་ལ་བཤགས་ཤིང་། དགེ་ཚོགས་འཛམ་གླིང་སྤྱི་དང་བྱེ་བྲག་གངས་ལྗོངས་བསྟན་འགྲོའི་ཉེས་ཚོགས་མུན་པའི་ཆ་རྣམས་ཟད་ཅིང་སྟོངས་ཏེ་ལེགས་ཚོགས་ཡར་གྱི་ཟླ་བ་གསར་དུ་འཆར་བའི་རྒྱུར་གྱུར་ཅིག །སརྦ་དཱ་ཤཱནྟ་ཨ་ཀྲ་མངྒ་ལ་ཀུ་ཝར་ནྟུུུ།། །།

(༥༠)


no previousno next