Nitartha Digital Library
Tibetan
 
no previousno next

(༡)ཤྲཱི་མ་ཧཱ་ཀཱ་ལའི་བརྒྱུད་འདེབས་བཞུགས་སོ། །

(༢)ཐོག་མར་བླ་མ་བརྒྱུད་རིམ་ལ་གསོལ་བ་འདེབས་པ་ནི། བདེ་ཆེན་རྡོ་རྗེའི་བདག་ཉིད་ཧེ་རུ་ཀ །དངོས་ཀྱི་གོ་འཕང་མཆོག་གྲུབ་ཨརྞ་པ། །དེ་ཡིས་རྗེས་བཟུང་མལ་ལོ་བློ་གྲོས་གྲགས། །དེ་སྲས་གཉལ་པ་སཱུརྻ་ཛཱ་ལ་དང་། །གཉལ་པ་ཇོ་སྲས་གྲུ་གུ་རས་ཆེན་པ། །རྒྱལ་བའི་སྲས་པོ་བསོད་ནམས་རྡོ་རྗེའི་ཞབས། །མཐུ་སྟོབས་དབང་ཕྱུག་གྲུབ་ཆེན་པཀྵི་སོགས། །ཡབ་རྐྱང་བརྒྱུད་པའི་བླ་མར་གསོལ་བ་འདེབས། །པདྨ་འབྱུང་གནས་ཞང་བཙུན་དར་མའི་མཚན། །ཁྱུང་པོ་སྟག་ཤམ་རྒྱྱལ་བ་ཡེ་ཤེས་དང་། །བླ་ཆེན་མགོན་པོ་སྟོང་དཔོན་ཤེས་རབ་མགོན། །མཚུར་ཕུ་བ་སོགས་ཡུམ་རྐྱང་བརྒྱུད་པར་འདུད། །སློབ་དཔོན་པདྨ་ནམ་མཁའི་ལྷ་གཟུངས་དང་། །སྔགས་འཆང་མི་རབས་བཅུ་གསུམ་སོགས་ཀྱི་མཐར། །གྲུབ་ཆེན་ཆོས་ཀྱི་བླ་མ་ལ་སོགས་པ། །ཞལ་སྦྱོར་བརྒྱུད་པའི་བླ་མ་རྣམས་ལ་འདུད། །རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་པ། །མར་པ་མི་ལ་དྭགས་པོ་དུས་མཁྱེན་ཞབས། །རས་ཆེན་ཞབས་སོགས་ལྷོ་བྲག་མགོན་པོ་ཞེས། །རྫོགས་རིམ་རླུང་བསྲེའི་བརྒྱུད་པ་རྣམས་ལ་འདུད། །བཀའ་བབ་ཀུན་འདུས་ཆོས་ཀྱི་བླ་མ་ནས། །སངྒ་ལཀྵ་རང་བྱུང་རྒྱལ་བའི་ཞབས། །མགོན་པོ་རྒྱལ་མཚན་རོལ་པའི་རྡོ་རྗེ་དང་། །གྲགས་པ་སེངྒེྒ་དར་མ་རྒྱལ་མཚན་པ། །མཁའ་སྤྱོད་དབང་པོ་ཀུན་དགའ་

(༣)བློ་གྲོས་དང་། །རིན་ཆེན་བཟང་པོ་ཆོས་ཀྱི་བཟང་པོ་དང་། །མཐོང་བ་དོན་ལྡན་བན་སྒར་འཇམ་དཔལ་བཟང་། །རང་བྱུང་མཚོ་སྐྱེས་འདན་མ་གྲུབ་ཆེན་དང་། །མི་བསྐྱོད་རྡོ་རྗེ་དཀོན་མཆོག་ཡན་ལག་དང་། །དབང་ཕྱུག་རྡོ་རྗེ་ཆོས་ཀྱི་དབང་ཕྱུག་དང་། །ཀརྨ་ཆགས་མེད་དུལ་མོ་ཆོས་ཀྱི་རྗེ། །ཆོས་ཀྱི་དོན་གྲུབ་བསྟན་པའི་ཉིན་བྱེད་ཞབས། །བདུད་འདུལ་རྡོ་རྗེ་ཆོས་གྲུབ་རྒྱ་མཚོའི་སྡེའི། །པདྨ་ཉིན་བྱེད་ཐེག་མཆོག་རྡོ་རྗེ་འཆང་། །བློ་གྲོས་མཐའ་ཡས་དོན་ཀུན་ལྷུན་གྱིས་གྲུབ། །མཁའ་ཁྱབ་རྡོ་རྗེ་པདྨ་དབང་མཆོག་དང་། །རིག་ཀུན་ཁྱབ་བདག་མཁྱེན་བརྩེ་འོད་ཟེར་སོགས། །མི་ཕྱེད་དད་པས་སྙིང་གི་ཏི་ལ་ཀར། །འབྲལ་མེད་བསྙེན་ནས་རྩེ་གཅིག་གསོལ་བ་འདེབས། །དེ་ཡི་མཐུ་ལས་བདེ་དབང་ཡེ་ཤེས་མགོན། །བདག་སྒྲུབ་ལ་བརྟེན་རླུང་བསྲེའི་མན་ངག་གིས། །མཆོག་གི་དངོས་གྲུབ་མྱུར་དུ་འགྲུབ་པ་དང་། །སྐུ་མགོན་དཀར་པོས་ཚེ་ཡི་དངོས་གྲུབ་དང་། །ཡོན་ཏན་མགོན་པོས་ལོངས་སྤྱོད་འཕེལ་བ་དང་། །གསུང་མགོན་དམར་པོས་སྣང་སྲིད་དབང་དུ་སྡུད། །ཕྲིན་ལས་མགོན་པོས་དགྲ་བགེགས་ཚར་གཅོད་ཅིང་། །ཐུགས་མགོན་མཐིང་གས་མངོན་ཤེས་འགྲུབ་གྱུར་ཅིག །ཡབ་རྐྱང་ལས་མགོན་སྲས་མཆོག་ནག་པོ་ཡི། །སྒྲུབ་པ་མཐར་ཕྱིན་ཕྱི་སྒྲུབ་པར་བུ་དང་། །ནང་སྒྲུབ་ཛ་རྡུང་གསང་

(༤)སྒྲུབ་རྣམ་གཉིས་ལ། །བརྟེན་ནས་བསྟནཔ་སྲུང་བའི་ནུས་ཐོབ་ཤོག །འཇིག་རྟེན་མགོན་པོ་དྲེགས་པ་ཡབ་ཡུམ་ལ། །བརྟེན་ནས་མ་མགོན་དྲག་པོའི་བར་ནག་དང་། །དྲེགས་པ་བདུན་ཅུ་རྩ་གཉིས་པར་བུར་བཅས། །གིང་བདུད་དམར་ནག་ཧེ་ལམ་འབར་མ་སོགས། །མངོན་སྤྱོད་དྲག་པོའི་ཕྲིན་ལས་ཐོགས་མེད་དུ། །འགྲུབ་པས་མ་རུངས་བསྟན་དགྲ་གདུག་པ་ཅན། །རྒྱབ་རྟེན་གནོད་བྱེད་དམ་སྲི་དཔུང་དང་བཅས། །མིང་རུས་རྗེས་ཤུལ་མེད་པར་བརླག་གྱུར་ཅིག །མདོར་ན་ཡོངས་འཛིན་དཔལ་ལྡན་ཀརྨ་པ། །ཡི་དམ་རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །ཆོས་སྐྱོང་རྡོ་རྗེ་ནག་པོ་ལྕམ་དྲལ་བཅས། །དབྱེར་མེད་མཆོག་གི་གོ་འཕང་འགྲུབ་གྱུར་ཅིག །ཆོས་སྐུའི་བདག་ཉིད་མགོན་པོ་འོད་དཔག་མེད། །ལོངས་སྐུའི་དབང་ཕྱུག་འཕགས་མཆོག་སྤྱན་རས་གཟིགས། །ཡེ་ཤེས་སྐུ་བརྙེས་གུ་རུ་པདྨ་འབྱུང་། །ངོ་བོ་གཅིག་བསྡུས་དཔལ་ལྡན་ཀརྨ་པ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབས་ཏུ་གསོལ། །སྐྱེ་བ་ཀུན་ཏུ་སོགས། །ཅེས་ཚ་ཀོ་བ་བླ་མ་བསྟན་རྒྱལ་ཀྱིས་བསྐུལ་ངོར། །སི་ཏུ་ཆོས་ཀྱི་འབྱུང་གནས་ཕྲིན་ལས་ཀུན་ཁྱབ་ཡེ་ཤེས་དཔལ་བཟང་པོས་སྤེལ་བ་སརྦ་མངྒ་ལཾ། །དགེའོ། །

(༥)མགོན་པོའི་སྲུང་འཁོར་བཞུགས་སོ། །

(༦)སྭ་བྷཱ་ཝས་སྦྱངས། །སྟོང་པའི་ངང་ལས་ཡི་གེ་བུཾ། །ནག་པོ་འོད་དུ་ཞུ་བ་ལས། །ནང་ནི་རྡོ་རྗེའི་གཞལ་མེད་ཁང་། །ཕྱི་རོལ་འཁོར་ལོ་རྩིབས་བཅུ་པ། །དེ་དབུས་པདྨ་ཉི་མ་དང་། །རོ་ཡི་སྟེང་དུ་རང་གི་སེམས། །ཧཱུྃ་ཡིག་མཐིང་ནག་འབར་བར་གྱུར། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །གདུག་པ་ཅན་རྣམས་ཚར་བཅད་ཅིང་། །དྲེགས་བྱེད་རྣམས་ཀྱི་ནུས་པ་བསྡུས། །དེ་ནས་ཧཱུྃ་ཡིག་ཡོངས་གྱུར་པས། །བདག་ཉིད་ཡེ་ཤེས་མགོན་པོ་ནི། །སྐུ་མདོག་ནག་ལ་དམར་བའི་མདངས། །སྐུ་ལ་དར་ནག་འཇོལ་བེར་གསོལ། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །སྤྱན་གསུམ་མཆེ་བ་རྣམ་པར་གཙིགས། །ལྗགས་དམར་འདྲིལ་ཞིང་བསྐྱོད་པ་ལས། །འབྲུག་གི་སྒྲ་ལྟར་ཧ་ཧ་སྒྲོག །དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས། །དེ་ལ་ཐོད་སྐམ་ལྔ་ཡིས་སྤྲས། །ཕྱག་གཉིས་ཀྱིས་ནི་ཙན་དན་གྱི། །བེང་ཆེན་གསོར་བའི་སྟབས་ཀྱིས་བསྣམས། །ཐོད་རློན་ལྔ་བཅུའི་དོ་ཤལ་དང་། །སྣ་ཚོགས་རིན་ཆེན་རྒྱན་གྱིས་བཀླུབས། །ཞབས་གཉིས་བརྐྱང་བསྐུམ་འདོར་སྟབས་སུ། །འགྱིང་བའི་ཚུལ་གྱིས་གར་བྱེད་པས། །སྲིད་པ་གསུམ་ཡང་འདར་ཞིང་གཡོ། །སྐུ་ཡིས་ཁམས་གསུམ་ཁྱབ་པར་བཞུགས། །རྩིབས་བཅུར་ཧཱུྃ་ལས་མགོན་པོ་ནི། །སྲས་མཆོག་ནག་པོ་

(༧)ཆེན་པོ་བཅུ། །ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན། །དར་ནག་འཇོལ་བེར་གསོལ་བའོ། །གཞན་ཡང་སྲིད་གསུམ་དྲེགས་པའི་ཚོགས། །བྱེ་བ་དུང་ཕྱུར་དུ་མས་བསྐོར། །གཙོ་བོའི་ཐུགས་ཀར་པད་ཉིའི་སྟེང་། །མཐིང་ནག་ཧཱུྃ་གི་འོད་ཟེར་གྱིས། །རང་འདྲའི་ཡེ་ཤེས་སེམས་དཔའ་ནི། །འཁོར་བཅས་སྤྱན་དྲངས་རང་ལ་ཐིམ། །དེ་ནས་ཐུགས་ཀའི་ཧཱུྃ་གི་མཐར། །སྔགས་ཀྱིས་གཡས་སུ་བསྐོར་བར་གྱུར། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་དུ་བེ༚་ནི་ཛཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ་གུ་ཎ་ཧྲྀ་ད་རཀྵ་དུ་བེ༚་ཛཨོཾ་མ་ཧཱ་ཀཱ་ལཱ་རཱུ་པ་གུ་ཎ་ཤྲཱི་ནི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བསྙེན་པ་མང་དུ་བྱ། རང་གི་ཐུགས་ཀར་ཆོས་འབྱུང་གི། དབུས་སུ་རང་སེམས་ཡི་དམ་ལྷ། །གཡས་གཡོན་མདུན་རྒྱབ་མཚམས་རྣམས་སུ། །བསྲུང་བྱ་མཐའ་དག་གནས་པར་གྱུར། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་དུ་བེ༚་ནི་ཛཨོཾ་མ་ཧཱ་ཀཱ་ལཱ་ཀཱ་ལཱ་ཡ་གུ་ཎ་ཧྲྀ་ད་རཀྵ་དུ་བེ༚་ཛཨོཾ་མ་ཧཱ་ཀཱ་ལ་རླུ་པ་གུ་ཎ་ཤྲཱི་ནི་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། མ་མ་ཀཱ་ཝ་ཙི་རཀྵ་རཀྵ། ལྷ་ཚོགས་རྣམས་ལས་བསྐལ་པའི་མེ། །དྲག་ཏུ་འཚུབ་ཅིང་འབར་བ་ཡིས། །གནོད་བྱེད་མ་ལུས་རབ་བསྲེགས་ཤིང་། །བསྒྲལ་སྟེ་ཞལ་དུ་བསྟབས་པར་གྱུར། །ཨོཾ་ཙཎྜ་མ་ཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲི་ཎཱི་ཡེ་གནོད་བྱེད་མ་ར་ཡ་ཧཱུྃ་ཕཊ། ཨོཾ་ཙཎྜ་མ་ཧཱ་

(༨)ཀཱ་ལ་བཛྲ་དཾ་ཥྚི་ཎི་ཡེ་གནོད་བྱེད་ཀཱ་ཝ་ཙིསྟཾ་བྷ་ཡ་ནན་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་ཙཎྜ་མ་ཧཱ་ཀཱ་ལ་གནོད་བྱེད་ཨི་དཾ་བ་ལི༚་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ཉེར་གཅིག་རེ་བཟླའོ། །ཞེས་པ་དཔལ་ཡེ་ཤེས་ཀྱི་མགོན་པོའི་སྲུང་འཁོར་གྱི་མན་ངག་དཀོན་མཆོག་འབངས་ཀྱིས་སྦྱར་བའོ། ༈ །རང་ཉིད་དྲང་སྲོང་ལོག་ཏྲི་པཱ་ལ་ཁྲོས། །སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་བཞི་པ། །དང་པོའི་ཕྱག་གཉིས་ཉི་མ་ཟླ་བ་དང་། །འོག་མས་ཐོ་བ་དང་ནི་མེ་ཞགས་བསྣམས། །ཁྲོ་བོའི་ཆས་ལྡན་མེ་དབུས་འདོར་སྟབས་བཞུགས། །ལྗགས་ནི་རྡོ་རྗེ་རྩེ་དགུ་འབར་བ་ལས། །ཕཊ་ཡིག་གྲངས་མེད་ཐོག་ལྟར་འཕྲོས་པ་ཡིས། །གནོད་བྱེད་གཞོབས་སུ་བསྲེགས་ཅིང་རྣམ་པར་གཏོར། །ཨོཾ་ལོག་ཏྲི་པཱ་ལ་ནན། །ས་ག་པ་ཤ་ནན། ན་ག་དུ་དུ་ནན། །མ་མཾ་མ་མཾ། ཙིར་ཙ་ར་ཙིར་ཙ་ར། བཾ་རུ་ལུ་བཾ་རུ་ལུ། རྦད་ཊ་ཀོ་ཤ་ཡ། ཧོ་ར་ཧོ་ར། ཙི་དུ་སོད་ཙི་དུ་སྲོད། ཤིག་གྷུ་ར་གཏུབ། ཧ་ལ་བ་ཏི་ནན། འཁོར་བ་དུལ། བདག་གི་གནོད་བྱེད་བྱད་མ་ཀཱ་བ་ཙི་རླག་རླག །རྗེས་ལ་རྩ་ཕྱག་གཉིས་ཀྱི་ཉི་ཟླའི་བར། །དགྲ་བགེགས་བྱད་མ་རྡུལ་དུ་བརླག་གྱུར་ནས། །རྗེས་མེད་སོང་སྒོམ་ཐལ་མོ་ལན་དགུར་བརྡབ། །དེ་ནས་དམིགས་མེད་དང་དུ་དར་ཅིག་བཞག །དེ་ནས། དྲང་སྲོང་བདེན་པས་དམོད་པ་ཡིས། །དགྲ་བགེགས་བྱད་མ་ཐམས་ཅད་ཀྱི། །ལུས་ངག་ཐལ་བའི་རྡུལ་དུ་རློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཁྱོད་ཀྱི་རིགས་སྔགས་བཟླས་པའི་མཐུས། །གནོད་བྱེད་མ་ལུས་ཞི་བ་དང་། །ཅི་བསམ་ཡིད་བཞིན་འགྲུབ་པ་དང་། །བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད། །ཞེས་སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་སྩལ་བའོ། །

(༩)ཤྲཱི་མ་ཧཱ་ཀཱ་ལའི་མངོན་པར་རྟོགས་པ་དོན་ཀུན་སྒྲུབ་བྱེད་ལོག་འདྲེན་ཚར་གཅོད་སྡང་བ་རྣམ་སྲེག་ལས་བཏུས་པ་བཞུགས་སོ། །

(༡༠)འགྲོ་ལ་རྗེས་སུ་ཆགས་པའི་ཀུན་རྟོག་དག་གིས་དཀྲུགས་པར་བྱས་གྱུར་ལ། །བྱམས་པའི་གོ་ཆས་ལུས་རབ་གཡོགས་ཤིང་སྣ་ཚོགས་སྤྲུལ་པའི་མཚོན་ཆ་ཐོགས། །བདུད་དང་ཉོན་མོངས་དྲེགས་པའི་གཡུལ་དག་རྣམ་པར་ཕམ་མཛད་འཇིགས་རུང་གཟུགས། །སྲིད་གསུམ་མཚུངས་མེད་ནག་པོ་ཆེ་དེས་དེང་འདིར་ལོག་འདྲེན་འཇོམས་གྱུར་ཅིག །ཁྲོ་གཉེར་གཡོ་བའི་རླབས་ཕྲེང་གིས། །རྣམ་རྒྱལ་ཁྱོད་ཞལ་རྒྱ་མཚོ་ཆེ༴ །བདག་གི་དད་པའི་མིག་བཟང་པོས། །ཀུན་ནས་ཀུན་ཏུ་མཐོང་གྱུར་ཅིག །རྣལ་འབྱོར་བ་གང་ཞིག་དཔལ་ནག་པོ་ཆེན་པོའི་དབང་བསྐུར་ཐོབ་ཅིང་དམ་ཚིག་ལ་གནས་པའི་སློབ་དཔོན་རང་གི་བླ་མས་གནང་བ་ནོད་ཅིང་རང་དང་གཞན་ལ་ཕན་པ་ཉེ་བར་སྒྲུབ་པ་དག་གིས་བཤད་པ་དང་མཐུན་པའི་གནས་བསྟེན་པར་བྱ་སྟེ། །དཔལ་ནག་པོ་ཆེན་པོ་དྲག་པོའི་བརྟག་པ་དུར་ཁྲོད་ཆེན་པོའི་རྒྱུད་ཀྱི་སྔགས་ཀྱི་ལེའུར། གང་ཞིག་དཔལ་ནག་པོ་ཆེན་པོ་སྒྲུབ་

(༡༡)པར་འདོད་པས། དུར་ཁྲོད་ཆེན་པོའི་གནས་འབྱུང་པོ་དང་རོ་ལངས་འདུ་བའི་ཕྱོགས་སུ་སོང་ལ། ཞེས་དང་། དེའི་འགྲེལ་པར། ནག་པོ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་བའི་དཔའ་བོས་བླ་མ་ལ་གནང་བ་ནོད་ཅིང་འདོད་ཅིང་འདོད་པ་སྒྲུབ་ཅེས་བྱའོ། །དེ་ལ་དངོས་གྲུབ་ཀྱི་རང་བཞིན་འདོད་པས་དུར་ཁྲོད་ཆེན་པོ་ལ་སོགས་པའི་གནས་སུ་སོང་ལ། ཞེས་དང་། །ལྷའི་ལེའུར། །གཞན་ཡང་དུར་ཁྲོད་ལ་སོགས་པ་འབྱུང་པོ་འདུར་བའི་གནས་སུ་སོང་ལ། ཞེས་དང་། དེ་ནས་གཞན་ཡང་བྱང་ཕྱོགས་ཀྱི་ཆུ་འགྲམ་གྱི་དུར་ཁྲོད་དམ། །ཤར་ཕྱོགས་ཀྱི་ཤིང་རྐང་གཅིག་པའམ། །ལྷོ་ཕྱོགས་སུ་རོ་སྲེག་པའི་དུར་ཁྲོད་དམ། །བྱང་ཕྱོགས་ཀྱི་མཁའ་འགྲོ་མའི་ཁང་སྟོང་ངམ། ནུབ་བྱང་མཚམས་རྒྱ་མཚོའི་གླིང་ངམ། བྱང་ཤར་མཚམས་རོ་བོའི་རྩེ་མོའམ། །ཤར་ལྷོ་མཚམས་མ་ཧཱ་དེ་ལྔ་གནས་པའི་སའམ། ལྷོ་ནུབ་མཚམས་གསལ་ཤིང་ཡོད་

(༡༢)པའི་ནགས་འཚལ་ལམ། ཞེས་དང་། འགྲེལ་བར་དུར་ཁྲོད་ལ་སོགས་ཞེས་བྱ་བ་ནི། དུར་ཁྲོད་དང་། ཤིང་གཅིག་དང་། ཁང་སྟོང་དང་། རྒྱ་མཚོའི་གླིང་དང་། མཚན་མ་གཅིག་པ་དང་། དྲག་པོའི་ཆུ་འགྲམ་དང་། འཐབ་མོའི་གནས་དེ་དག་ཏུ་སྒྲུབ་ཅེས་བྱའོ། །ཞེས་གསུངས་པས། དེ་དག་དང་མཐུན་པའི་གནས་སུ་ནག་པོ་ཆེན་པོའི་རྒྱུད་ལེའུ་ལྔ་བཅུ་པའི་དངོས་གྲུབ་ངེས་པའི་ལེའུ་ལས་གསུངས་པའི། དགུན་ཟླ་ཐ་ཆུང་གི་ནག་པོའི་བརྒྱད་དང་། དཔྱིད་ཟླ་ཐ་ཆུང་གི་ལྔ་དང་། དབྱར་ཟླ་དང་སྟོན་ཟླ་ཐ་ཆུང་གི་ནག་པོའི་བཅུ་བཞི་རྣམས་ལ་ཆོ་ག་བརྩམ་པར་བྱ་སྟེ། གནས་དེར་བདུད་རྩི་ལྔའི་མཎྜལ་དང་། ཐད་ཀ་ལ་སོགས་པའི་རྟེན་བཤམས་ལ། བསྟེན་དང་། རྒྱུན་དང་། ཐུན་གྱི་གཏོར་མ་དང་། མཆོད་ཡོན་ལ་སོགས་པ་རྣམས་ནི་ཁྲག་ལ་མི་རུས་ཀྱི་ཕྱེ་མ་བཏབ་པ་དང་། ཨུ་པཱཀྵ་དང་། དུག་གི་མེ་ཏོག་དྲི་ངན་བའམ་དྲི་མེད་ཅིང་རྩུབ་པ། ཁ་དོག་ནག་པོའམ། སྔོན་པོའམ། དམར་པོ་མའི་དབང་པོ་རྣམ་ལྔ་དང་བཅས་པའི་མེ་ཏོག་དང་། དུར་ཁྲོད་དུ་ཚིལ་ཆེན་དང་སྦྱར་བའི་སྤོས་དང་། མན་ངག་ལས་འབྱུང་བ་ལྟར། ཙནྡན་དང་། ད་ལི་ལ་སོགས་པའི་རྫས་བརྒྱད་དམ་དགུ་སྦྱར་བའི་སྤོས་དང་། མར་ནག་ཆེན་པོའི་མར་མེ་སྟེ་མི་ཚིལ་བཞུས་པའི་མར་མེ་དང་། ཐག་དང་། ཞག་དང་། ཐལ་ཆེན་དང་། བདུད་རྩི་ལྔ་སྦྱར་བའི་དྲི་ཆབ་དང་། ཤ་ཆེན་གྱི་ལྷ་བཤོས་དང་། ཐོད་པའི་ཌ་མ་རུ་དང་། རྐང་གླིང་ལ་སོགས་པ་རྣམས་དང་། བདུད་རྩི་ལྔ་དང་ལྡན་པའི་དྲི་བཟང་པོའི་ཆུ་དང་། ཐོད་པ་ཆང་གིས་བཀང་བ་དང་། ནག་པོ་ཆེན་པོ་ཡབ་ཡུམ་དུ་བསམས་པའི་རྡོར་དྲིལ་རྣམས་མདུན་དུ་བཞག །ཡན་ལག་བདུད་རྩི་ལྔས་བྱུགས་ལ། སྐུ་བརྗེས་གྲི་གུག་ཐོད་པ་འཛིན། །

(༡༣)ཁ་དོག་ནག་པོ་དུར་ཁྲོད་གོས། །རྣལ་འབྱོར་པ་ཡིས་བགོ་བར་བྱ། །ལྷོ་འམ་ལྷོ་ནུབ་བསྒྲུབ་བྱའི་ཕྱོགས། ཁ་བལྟས་ཞིང་གི་གདན་ལ་འདུག །ཅེས་འབྱུང་བ་ལྟར། སྣ་ཚོགས་རྡོ་རྗེ་དང་པདྨས་མཚན་པའི་རོའམ། ཞིང་གི་པགས་པའམ་དབུགས་བྲལ་དུ་བསམས་པའི་གདན་ལ་འདུག་ཅིང་། ཅུང་ཟད་ཁྲོ་བོའི་ཉམས་ཅན། སྐྲ་གྲོལ་ཞིང་གོས་ནག་པོ་གྱོན། གདོང་ལྷོར་ཕྱོགས་ཏེ་སྒྲུབ་པའི་གྲོགས་དང་བཅས་པས་འདུག་སྟེ། ཡི་དམ་མམ་མགོན་པོའི་བདག་བསྐྱེད་སྔོན་དུ་འགྲོ་བས། རྡུལ་ཚོན་གྱི་དཀྱིལ་འཁོར་རམ། །རབ་གནས་དང་ལྡན་པའི་ཐང་ཀའམ། དུར་ཁྲོད་ཀྱི་ཤིང་ལ་བྱས་པའི་སྐུའམ། །རིན་པོ་ཆེ་ཀརྨ་པས། བྲིས་ཤིང་གཏོར་མ་ལ་གཙུགས་ནས་གཞུང་བཞིན་བསྐྱེད་བསྟིམ་བསྟོད་བསྐུལ་ཞག་བདུན་གྱི་བར་དུ་བྱས་ན་དཔལ་མ་མགོན་གྱིས་ལུས་དང་གྲིབ་མ་བཞིན་དུ་སྟོང་གྲོགས་བྱེད་ཅིང་ཕྱི་མའི་མུ་མཐར་ཐུག་གི་བར་དུ་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་རོ། །ཞེས་པས་མན་ངག་ལས་འབྱུང་བ་བཞིན་གྱི་བསྟེན་གཏོར། །ལྷ་བཤོས། ཟུར་གསུམ་དམར་པོ། །གྲུ་བཞི་རྩེ་རྒྱལ། །གསང་ཕྱི་རྣམས། ལྷ་གྲངས་ཀྱི་གཏོར་མས་བསྐོར་བའམ། བཟའ་བ་སྣ་ཚོགས་དང་ལྡན་པའི་རྒྱུན་གཏོར་དབྱིབས་སྙིང་ལ་ཟུར་གཏོད་པ་ལྟ་བུ་ལ། མ་མགོན་འཁོར་བཅས་ཀྱི་སྐུ་བྲིས་ཤིང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་བཙུགས་པ་སོགས་མདུན་བསྐྱེད་ཀྱི་དམིགས་རྟེན་ལ་བདུད་རྩི་གཏོར་ཞིང་། ཨོཾ་དཾ་ཥྚོྲ་ཊ་བྷཻ་ར་ཝཱ་ཡ་སཾ་སཾ་སཾ་རུ་རུ་རུ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ་སརྦ་བྷཱུ་ཏ་བི་ཥ་མ་པྲེ་ཏ་ཨ་ཏི་ག་ཎ། སྟམྦྡྷ་ཡ་སྟམྦྷ་ཡ། གྲ་ས་གྲ་ས། མཱ་ར་ཡ་མཱ་ར་ཡ། བི་དྷྭན་ས་ཡ་བི་དྷྭ་ན་ས་ཡ་ཧཱུྃ་

(༡༤)ཧཱུྃ་ཕཊ་ཕཊ་སྭཱཱ་ཧཱ། ཞེས་པས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷཱསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པའི་ངང་ལས། མདུན་གྱི་ནམ་མཁར་ཧཱུྃ་ཁཾ་ལས་རྡོ་རྗེའི་བྲག་སྟེང་མཐིང་ནག་གྲུ་གསུམ་འབར་བ་སྟོང་གསུམ་དང་མཉམ་པ་ལ་ཨིནྡྲི་ནཱི་ལའི་སྡོང་པོ་དང་། རལ་གྲིའི་ལོ་མ་དང་། འཁོར་ལོའི་མེ་ཏོག་དང་། གྲི་གུག་གི་འབྲས་བུས་རྣམ་པར་བརྒྱན་པའི་ལྗོན་ཤིང་དུ་མ་དང་ནམ་མཁར་བལྟ་བའི་རྩེ་མོ་ཅན་གྱི་མདའི་རྩྭ་དང་རྣོ་བ་དང་ལྡན་པའི་དགྲ་སྟྭའི་ལོ་མ་དང་ཁྲག་གི་ཆུ་རྒྱུན་དང་། གནོད་པ་དང་ལྡན་པའི་གཅན་གཟན་གྱི་ཚོགས་མང་པོ་བག་ཡངས་སུ་རྒྱུ་བས་བརྒྱན་པ། དེའི་སྟེང་དུ་ཡེ་ཤེས་ཀྱི་མེ་རླུང་དམར་ནག་འཚུབས་མ་དགུ་ཀློང་འཁྱིལ་བའི་དབུས་སུ། རབ་ཏུ་གདེངས་པའི་རྩེ་མོ་ཅན་གྱི་རྡོ་རྗེའི་ཕྲེང་བའི་ནང་རྡོ་རྗེས་མཚན་པའི་མདུད་དང་། རལ་གྲི་དང་། ཤག་ཏི་དང་། དགྲ་སྟ་དང་། མདའ་དང་། རྩེ་གཅིག་དང་། ཕུར་བུ་དང་། གྲི་གུག་དང་འཁོར་ལོ་ལ་སོགས་པའི་མཚོན་ཆ་དུ་མས་རབ་ཏུ་གཏམས་པའི་དབུས་སྣ་ཚོགས་པདྨའི་ལྟེ་བར་དུར་ཁྲོད་ཆེན་པོ་ནི་འདི་ལྟ་སྟེ། །ཤར་ནས་མེ་སོགས་གཡས་སྐོར་དུ། །དྲག་གཏུམ་ནགས་ཚལ་ཕུན་སུམ་ཚོགས། འཇིགས་རུང་མུན་པ་མུན་མི་བཟད། །འུར་འུར་འབར་བ་ལིའི་སྒྲ། ཚང་ཚིང་འཁྲིགས་དང་ཧ་ཧ་རྒོད། །དེ་དག་ནང་གནས་དབང་པོ་དང་། །

(༡༥)ཉེ་དབང་མེ་གཤིན་སྲིན་པོ་ཀླུ། །རླུང་ལྷ་གནོད་སྦྱིན་བགེགས་དབང་ལྡན། །རྫུ་འཕྲུལ་ཆེ་འཇིགས་ཞིང་སྐྱོང་རྣམས། །ཤིང་དང་ལྷུན་པོ་མཆོད་རྟེན་མེ། །ཆུ་བོ་ཀླུ་རྒྱལ་སྤྲིན་ཆེན་དང་། །གནོད་སྦྱིན་མཁའ་འགྲོ་མ་བརྒྱད་གནས། །ཞེས་པ་ཙམ་མམ། གཞན་ཡང་དུར་ཁྲོད་དེ་དག་ན། །འཇིགས་པའི་གཟུགས་ཅན་རོ་ལངས་དང་། །འབྱུང་པོ་མང་པོ་ཡོངས་སུ་འདུ། །མཚོན་ཆ་མང་པོའི་རྒྱུན་འབེབས་ཤིང་། །རལ་གྲི་མིག་སྨན་རིལ་བུ་དང་། །རྐང་ཕྱུག་བཅུད་ལེན་མཆིལ་ལྷྭམ་དང་། །དངུལ་ཆུ་ས་འོག་ལས་ཆེན་རྣམས། །གྲུབ་པ་རིག་འཛིན་རྣམས་གནས་ཤིང་། །དཔའ་བོ་རྣལ་འབྱོར་མ་ཚོགས་འདུ། །མགོ་ལུས་བྲལ་དང་ཀེང་རུས་དང་། །དུམ་བུར་རྒྱུག་དང་མེ་འབར་དང་། །ཧ་ཧ་སྒྲོགས་པའི་རོ་རྣམས་དང་། །གཅན་གཟན་ཁྲོ་བོའི་ཚོགས་རྣམས་རྒྱུ། །དེ་ལྟར་དུར་ཁྲོད་ཆེན་པོ་ནི། །འཇིགས་སུ་རུང་བའི་དབུས་ཉིད་དུ། །ཐུགས་ཀའི་ས་བོན་ལས་འཕྲོས་པ། །བྷྲཱུྃ་ཡིག་ནག་པོ་ལས་བྱུང་བའི། །གྲུ་གསུམ་མཐིང་ནག་འབར་བ་ཡི། །གཞལ་མེད་ཁང་པ་ཆེན་པོ་སྟེ། །གནམ་ལྕགས་འབར་བ་ལས་གྲུབ་ཅིང་། །ནོར་རྒྱས་བུ་དང་ཏཀྵ་ཀ །པདྨ་ཆེན་པོ་སྟོབས་ཀྱི་རྒྱུ། །པདྨ་དང་ནི་ཀུ་ལི་ཀ །ཤཾ་ཁ་པཱ་ལ་མཐའ་ཡས་ཏེ། །གདེངས་ཅན་བརྒྱད་ཀྱི་ཀ་

(༡༦)གདན་སྟེང་། །ལོག་འདྲེན་འདོད་ལྷ་ཀཱ་རྟི་ཀ །བྷྲྀ༚་གི་རི་ཏི་ཁྱབ་འཇུག་དང་། །དབང་ཕྱུག་འབྱེར་འཇིག་ཚངས་པ་སྟེ། །ལྷ་ཆེན་བརྒྱྱད་ཀྱི་ཀ་བ་ལ། །ཉི་མ་ཟླ་བ་བཀྲ་ཤིས་དང་། །གཟའ་ལྷག་ཕུར་བུ་པ་བ་སངས། །ཤ་ནཻ་ཉྩ་ར་སྦྲ་གཅན་ཏེ། །གཟའ་བརྒྱད་ཀྱི་ནི་གདུང་གྲེས་ཤིང་། །སྨིན་དྲུག་སྣར་མ་མགོ་དང་ལག །ནབས་སོ་རྒྱལ་སྐག་མཆུ་གྲེ་སྦོ། །མེ་བཞི་ནག་པ་ས་རི་དང་། །ས་ག་ལྷ་མཚམས། སྣོྲན་དང་སྣུབས། །ཆུ་སྟོད་ཆུ་སྨད་གྲོ་བཞིན་དང་། །བྱི་བཞིན་མོན་གྲེ་མོན་གྲུ་དང་། །ཁྲུམས་སྟོད་ཁྲུམས་སྨད་རེ་བ་ཏཱི། །ཨ་སྭི་ནཱི་དང་བྷ་ར་ཎཱ། །དེ་ལྟར་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། །ཞིང་ཆེན་རྐང་དང་རྩིབ་མའི་གྲལ་གྲབ་ཅན། །འཇིག་རྟེན་དྲེགས་བྱེད་ལྷ་སྲིན་སྡེ་བརྒྱད་དང་། །ཤ་ཆེན་ཁྲག་ཆེན་ཐོག་ལེབ་ཕྱི་རོལ་གྱི། །སྟོད་ན་ཟླ་བའི་ཕྲེང་བ་ལྟ་བུ་ཡི། །དཀར་འཚེར་ཐོད་པ་སྐམ་པོའི་དྲ་བ་དང་། །ཁྲག་འཛག་མགོ་བོ་རློན་པ་སྦེལ་བ་ཡི། །དྲ་བ་བྱེད་པ་འཕྱང་བས་རྣམ་པར་མཛེས། །ཕྱི་རོལ་ཕྱེད་མན་རལ་གྲི་མདུང་དང་མདའ། །རྩེ་གསུམ་གྲི་གུག་དང་ནི་ཤག་ཏི་སོགས། །མི་བཟད་རྣོ་ངར་ཤིན་ཏུ་འབར་བ་ཡི། །མཚོན་ཆ་སྣ་ཚོགས་གཟིངས་པས་རབ་ཏུ་འབར། །ཁྲག་གིས་གོས་པ་དྲག་པོའི་ཟུར་གསུམ་ལ། །སྦྲུལ་ནག་མཐུར་དུ་རྒྱུག་པ་ལྟ་བུས་བརྒྱན། །སྟེང་འོག་ཕྱོགས་མཚམས་ཕྱི་ནང་ཐམས་ཅད་དུ། །

(༡༧)མེ་རླུང་འཚུབ་མ་འཁྱིལ་བའི་རྩེ་མོ་ལས། །སྣ་ཚོགས་མཚོན་ཆའི་རིགས་རྣམས་ཆར་ལྟར་འབབ། །གཡང་གཞིའི་བླ་རེས་རྒྱུ་རློན་ལྔ་ལྡི་དྲེས། །རོ་སྐྲའི་རྔ་ཡབ་མི་ལྤགས་རྒྱལ་མཚན་ཕྱར། །རོ་རས་ནག་པོའི་བ་དན་འཕན་གྱིས་བརྒྱན། །མཆེ་བ་གཙིགས་ཤིང་ཁ་གདངས་མེ་འབར་བའི། །གདུག་པའི་གཅན་གཟན་དྲག་ཏུ་ཁྲོས་པ་རྣམས། །ཤ་དང་ཁྲག་ཞག་ཟ་ཞིང་ཕན་ཚུན་རྒྱུ། །འཇིགས་པའི་ང་རོ་མི་བཟད་སྒྲ་ཆེན་སྒྲོག །ལྷ་སྲན་སྡེ་བརྒྱད་ཆོས་སྐྱོང་ཕོ་མོའི་ཚོགས། །ཁྲོས་འཁྲུགས་རྔམ་པ་དཔག་ཏུ་མེད་པ་རྣམས། །ཕྱི་ནང་ཁྱབ་པར་ཀུན་ཏུ་རྒྱུག་ཅིང་ཉུལ། །འབྱུང་པོ་མི་དང་མི་མ་ཡིན་ཀུན་གྱིས། །མཐོང་བ་ཙམ་གྱིས་སྐྲག་ཅིང་སྡངས་པ་དང་། །བརྒྱལ་ཞིང་སྙིང་ཡང་འགས་པར་བྱེད་ནུས་པ། །གཤིན་རྗེའི་གྲོང་ཁྱེར་བྱེ་བ་ཕྲག་བརྒྱ་དག །གཅིག་ཏུ་བསྡུས་པ་ལྟ་བུའི་དབུས་ཀྱི་ཆར། །བྷྲཱུྃ་ནག་པོ་ལས་བྱུང་བའི་འཁོར་ལོ་བཞི་རིམ་སྟེ། །དང་པོ་རྩིབས་བརྒྱད་པ་གཉིས་པ་རྩིབས་བཅུ་པ། །གསུམ་པ་དང་བཞི་པ་རྩིབས་བརྒྱད་པ། །འཁོར་ལོའི་ལྟེ་བར། རང་གི་ཐུགས་ཀ་ནས་མ་དང་ཧཱུྃ་གི་ཡི་གེ་འཕྲོས་ཏེ། ནམ་མཁར་བཞུགས་པ་ལས་སྤྲོས་པའི་པཾ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར། མ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཏི་ནག་པོ་ལས་འོད་ཟེར་ནག་

(༡༨)པོ་འབར་བའི་ཚོགས་སྤྲོས་ཤིང་གཅིག་ཏུ་འདུས་པ་ཡོངས་སུ་གྱུར་པ། །གྷོ་ར་ཏི་གྷ་རྡབ་ཧཱུྃ་ལས་རྫུ་འཕྲུལ་གྱི་དྲེལ་བུ་རྟ་སྔོ་ནག་རྫུ་འཕྲུལ་གྱི་རྐང་པ། རླུང་གི་གཤོག་པ། མྱུར་མགྱོགས་ཀྱི་རྩལ་དང་ལྡན་པ་སྟེ་རྐང་པ་གསུམ་པ། །དེའི་རྒྱབ་ཏུ་སྟག་དང་ཞིང་ཆེན་པགས་པའི་གདན་གྱི་སྟེང་དུ་བསེ་སྒ་དམར་པོ་བསྟད་པ་ལ་སྦྲུལ་ནག་གི་གོང་སྨེད་དང་། མཆོང་གི་གློ་ནན་འཁྱུག་པ། དངུལ་གྱི་ཡོབ་ཆེན་དང་ཞིང་ཆུང་གི་སྨད་བྱིལ་བྱས་པ། གཡུ་མཐུར་སྔོན་པོ་དང་། གསེར་སྲབ་སེར་པོ་ལ་བྱེ་རུ་དམར་པོའི་ཆུན་འཕྱང་དང་། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱི་ཕོག་གུ་དང་ཁ་སྲབ་བྱས་པ། །སྙིང་དང་མི་མགོའི་དོམ་དོམ་དྲིལ་བུ་གཡེར་ཁའི་དྲ་བས་བརྒྱན་པ། ཕྱི་ཤ་ལ་ལྕགས་ཀྱི་དྲ་བ་དང་དང་སྦྲུལ་གྱི་ས་ཁ་ཆིངས་བྱས་པའི་ནད་ཀྱི་རྐྱལ་བ་བཏགས་པ། སྔ་ཤ་ལ་ཚོན་གྱི་གྲུ་གུ་བཅིངས་པ། དེའི་སྒ་གོང་དུ་ནམ་མཁར་གནས་པའི་ཡི་གེ་གཉིས་འོད་དུ་ཞུ་བ་ལས། སྐད་ཅིག་གིས་ཁམས་གསུམ་ཟ་བྱེད་དུར་ཁྲོད་བདག་པོ་འཇིགས་བྱེད་འབར་བ་ཡབ་ཡུམ་གྱི་སྐུར་གྱུར་པ་སྟེ། དཔལ་ལྡན་ལྷ་མོ་སྐུ་མདོག་མཐིང་ནག་ཏུ་འདུག་པ་ཞལ་གཅིག་ཕྱག་བཞི་སྤྱན་གསུམ་མཆེ་བ་བཞི་གཙིགས་པ་དབུ་སྐྲ་ཁམ་ནག་གྱེན་དུ་བཅིངས་ཤིང་ཐུར་དུ་གྲོལ་བ་ལ་ཐོད་སྐམ་ལྔའི་ཕྲེང་བས་བཅིངས་པ། སྤྱི་གཙུག་ཏུ་ཟླ་བ་ཕྱེད་པ་

(༡༩)དང་། རྨ་བྱའི་མདོངས་ཀྱིས་མཛེས་པ། །དར་གྱི་ཅོད་པན་དང་སྦྲུལ་ནག་གི་ཆུན་འཕྱང་དང་རིན་པོ་ཆེ་སྣ་ཚོགས་འཕྲོ་བའི་ཕྲེང་བས་བརྒྱན་པ། །སྐུ་ལ་དར་ནག་གི་འཇོལ་བེར་གསོལ་ཞིང་། ཐོད་རློན་གྱི་དོ་ཤལ་ཅན། །ཞབས་གཉིས་བཙན་སྟབས་འཁྱིལ་བའི་ཚུལ་གྱིས་བཞུགས་པ། གཡས་རྡོ་རྗེ་གྲི་གུག་དང་གཡོན་ཁྲག་གིས་གང་བའི་ཐོད་པ་འཛིན་ཅིང་ཐུགས་ཀར་བསྣོལ་བས་དཔལ་ནག་པོ་ཆེན་པོ་ལ་འཁྱུད་པ་སྟེ། ཡང་ན་ཕྱག་བཞི་གཡས་ཀྱི་དང་པོ་ན་ཁ་ཊཱཾྭ་ག་རྩེ་གསུམ་བསྣམས་པ། གཡོན་གྱི་དང་པོ་ན་འཕྲུལ་གྱི་མེ་ལོང་ཕྱི་ཞིང་བལྟ་བ། གཡས་ཀྱི་འོག་མ་ན་གནམ་ལྕགས་ཀྱི་ཕུར་པ་འདྲིལ་ཞིང་འདེབས་པ། གཡོན་གྱི་འོག་མ་ན་སྦྲུལ་ནག་གི་ཞགས་པ་སྔོག་ཅིང་འཕེན་པ། གཡོན་གྱི་གོང་མའི་ཕྱག་གིས་དཔལ་ནག་པོ་ཆེན་པོ་ལ་འཁྱུད་པ་སྟེ། ཞེས་འཇུག་སྟེ་གདམ་གའོ། །དེ་ཡང་སྐུ་མདོག་དུད་ཁ་མུན་ཆེན་གྱི་མདོག་ལྟ་བུ་རབ་ཏུ་ཁྲོས་པའི་ཞལ་མཆེ་བ་བཞི་གཙིགས་ཤིང་ལྗགས་འགྱུ་བ། སྡང་མིག་རྣམ་པར་གཡོ་བའི་སྤྱན་གསུམ་འཁྱིལ་ཞིང་ཕྱོགས་བཅུར་བལྟ་བ། གློག་ལྟར་ཁམ་པའི་སྨིན་མ་དང་སྨ་ར་འབར་བ། མེ་སྟག་འཕྲོ་བ་གྱེན་དུ་ལངས་པའི་དབུ་སྐྲ་དམར་སེར་སྦྲུལ་དང་དར་གྱིས་བཅིངས་ཤིང་ནོར་བུ་རིན་པོ་ཆེ་ངུ་མའི་རྩེ་བྲན་ཅན་གྱི་ཐོད་པ་མེ་རབ་ཏུ་འབར་བའི་ཐོད་དང་ལྡན་པ་རུས་པ་དང་དུག་སྦྲུལ་གདུག་པས་དབུ་དང་སྐུ་དང་ཡན་ལག་བརྒྱན་ཅིང་། སྟག་གི་ལྤགས་

(༢༠)པའི་ཤམ་ཐབས་དང་དར་ནག་གི་འཇོལ་བེར་དགུ་བརྩེགས་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན་གདུག་པ་ཅན་རྣམས་ཀྱི་མགོ་བོའི་ཕྲེང་བ་ཁྲག་དང་བཅས་པའི་དོ་ཤལ་བྱས་ཤིང་། ཁྲག་གིས་གོས་ཤིང་མེ་འབར་བའི་གྲི་གུག་ཕྱག་གཡས་དག་གིས་གདེངས་པའི་འོད་ཀྱིས་འཇིག་རྟེན་གསལ་བ། ཡུམ་གྱི་ཞལ་དུ་སྟོབ་བཞིན་པའི་ཁྲག་ཅན་གྱི་ཐོད་པ་གཡོན་དུ་འཛིན་ཅིང་ཞབས་གཡས་བརྐྱང་བའི་གར་དང་། གཡོན་པས་ཡུམ་ལ་འཁྲིལ་བའི་ཚུལ་ཅན་མ་ལུས་པའི་བགེགས་དང་དགྲའི་ཚོགས་ཟ་བར་མཛད་ཅིང་ཆེར་རབ་ཏུ་འབར་བའི་མེའི་དབུས་ན་རྔམ་པའི་གད་མོས་མ་བྷྱོ་ཧཱུྃ་གི་སྒྲ་ཆེན་པོ་ཁམས་གསུམ་ཁྱབ་པར་སྒྲོག་པས་སྲིད་གསུམ་ཟིལ་གྱིས་གནོན་ཅིང་དབང་དུ་སྡུད་པ་འཇིགས་པ་མཐའ་དག་འཇིགས་པར་བྱེད་པ། འཁོར་ལོའི་རྩིབས་དང་པོ་བརྒྱད་ལ་ཤར་ལ་སོགས་པའི་ཕྱོགས་དང་། མེ་ལ་སོགས་པའི་མཚམས་རྣམས་སུ་རིམ་བཞིན་ནག་པོ་ཆེན་པོ་བརྒྱད་ཡབ་ཡུམ་སྟེ་ནག་པོ་འགུགས་བྱེད་ཆེན་པོ་དང་། ནག་པོ་སྙིང་ཁྲག་འཐུང་བྱེད་དང་། ནག་པོ་དབུགས་ལེན་ཆེན་པོ་དང་། ནག་པོ་སྲོག་གི་བདག་པོ་དང་། ནག་པོ་དུར་ཁྲོད་འཇོམས་བྱེད་དང་། ནག་པོ་ཁ་ལོ་སྒྱུར་བྱེད་དང་། ནག་པོ་གདུག་པ་འདུལ་བྱེད་དང་། ནག་པོ་སྲེག་བྱེད་ཆེན་པོ་སྟེ་བརྒྱད་ཀྱང་རང་འདྲ་བའི་ཡུམ་ལ་འཁྱུད་པ། ཁ་དོག་སྣ་ཚོགས་རྒྱན་ཆ་ལུགས་ཕྱག་མཚན་

(༢༡)གཙོ་བོ་ཡབ་ཡུམ་ལྟ་བུའོ། །འཁོར་ལོ་གཉིས་པའི་རྩིབས་རྣམས་ལ་ཤར་དུ་འབྲུག་ལ་གནས་པའི་དཔལ་འབར་འཆང་དཀར་པོ་དར་ནག་གི་འཇོལ་བེར་གསོལ་ཞིང་གཡས་ནོར་བུ་རིན་པོ་ཆེའི་ཞགས་པ་དང་། །གཡོན་པས་བ་དན་ཁྲ་བོ་ཕྱར་བ། །མགོ་བརྙན་བྱེ་བ་འབུམ་གྱིས་བསྐོར་བ། མདུན་ན་ལྕགས་ཀྱི་བྱ་ཁྲ་ལྡིང་ཞིང་ཕྱི་ནས་སྟག་གཟིག་མང་པོ་འབྲང་བ། །བྱང་དུ་སེང་གེ་ལ་གནས་པའི་རྣམ་ཐོས་སྲས་ལྗང་ནག་གསེར་གྱི་ཡ་ལད་གྱོན་ཞིང་གཡས་ན་རིན་པོ་ཆེའི་བེ་ཅོན་མདུང་དར་དང་གཡོན་ན་ནོར་བུ་འཛིན་པ་རིན་པོ་ཆེ་སྣ་ཚོགས་པའི་རྒྱན་དང་། གསེར་གྱི་ཕྲེང་བའི་དོ་ཤལ་ཅན་གནོད་སྦྱིན་གྱི་ཚོགས་ཀྱིས་བསྐོར་བ། ནུབ་ཏུ་རྟ་མཚལ་བུ་རྟིང་དཀར་ལ་གནས་པའི་དབང་ཕྱུག་འབར་བ་དམར་ནག་གཡས་ཙན་དན་གྱི་གྲུ་ཚལ་དང་། གཡོན་པས་གྲི་གུག་དང་ནོར་བུ་འཛིན་པ། །དར་ནག་གི་འཇོལ་བེར་གསོལ་ཞིང་སྟག་གཟིག་གི་མགོ་ཅན་ཀླུ་བདུད་མང་པོའི་ཚོགས་ཀྱིས་བསྐོར་བ། ལྷོར་རྟ་འོ་ལ་བ་དམར་སེར་ལ་གནས་པའི་ལེགས་ལྡན་དཔལ་འབར་དམར་ནག་གཡས་པས་ཙན་དན་གྱི་བེད་དང་། གཡོན་པས་རིན་པོ་ཆེ་འཛིན་པ། དར་ནག་གི་འཇོལ་བེར་གསོལ་ཞིང་། སེར་ཆེན་འབེབས་བར་མཛད་པ། །ལྷ་དང་གནོད་སྦྱིན་དང་གཤིན་རྗེའི་འཁོར་གྱིས་བསྐོར་བ། །ཤར་ལྷོར་རྟ་སྔོན་པོ་ཆུ་རིས་ལ་གནས་པའི་ཛམྦྷ་ལ་དམར་པོ་གཡས་རིན་པོ་

(༢༢)ཆེ་འབར་བ་དང་། གཡོན་ནེའུ་ལེའི་རྐྱལ་བ་འཛིན་པ། རིན་པོ་ཆེ་སྣ་ཚོགས་བའི་དོ་ཤལ་དང་། མགུལ་རྒྱན་དང་། དབུ་རྒྱན་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྔོ་བཀྲ་རོལ་དུ་ཁྲིད་ཅིང་ངང་པ་ཕྱི་ནས་འགྲོ་བ། ཤིང་ཏོག་ནོར་བུ་བསྣམས་པའི་ནོར་ལྷ་མཆེད་བརྒྱད་ཀྱིས་བསྐོར་བ། །ལྷོ་ནུབ་ཏུ་རྟ་དཀར་པོ་རྔོག་དམར་ལ་གནས་པའི་མཛེས་ལྡན་སྲས་སྐུ་མདོག་དམར་སེར་གཡས་ན་དར་དཀར་གྱི་བ་དན་དང་། གཡོན་ན་རིན་པོ་ཆེ་བསྣམས་པ། །དར་ནག་གི་འཇོལ་བེར་གསོལ་ཞིང་ལྷ་དམག་སྲིན་པོའི་ཚོགས་ཀྱིས་བསྐོར་བ། །ནུབ་བྱང་དུ་ཡན་ལག་གནག་པའི་རྟ་སྔོན་པོ་ལ་གནས་པའི་པརྞ་ཤ་བ་རི་སྐུ་མདོག་དམར་ནག་གཡས་རྡོ་རྗེ་རྩེ་ལྔ་པ་དང་གཡོན་ནོར་བུ་འཛིན་པ། །དར་ནག་གི་འཇོལ་བེར་གསོལ་ཞིང་། དམ་ཅན་སྐྱེས་བུ་གིང་གི་ཚོགས་ཀྱིས་བསྐོར་བ་ནོར་ཕྱུགས་བེའུ་ལུག་སྐྱོང་ཞིང་གོད་ཡམས་འདུལ་བར་མཛད་པ། བྱང་ཤར་དུ་རྟ་ངང་པ་ལ་གནས་པའི་གཙུག་ཏོར་ལྗང་གུ་གཡས་སྡོང་དྲིལ་དང་། །གཡོན་ནོར་བུ་བསྣམས་པ། དར་ནག་གི་འཇོལ་བེར་གསོལ་ཞིང་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པ་དམག་དཔོན་ཆེན་པོ་དགྲ་བོ་གསོད་ཅིང་ལྷ་བདུད་འཇོམས་པ་ཆུང་སྲི་འདུལ་བའི་ཚོགས་ཀྱིས་བསྐོར་བ། སྟེང་དུ་ཁྱུང་ལ་གནས་པའི་ལྷ་མགོན་གཙུག་ཕུད་ཅན་སྔོན་པོ་གཡས་རལ་གྲི། གཡོན་རིན་

(༢༣)རིན་པོ་ཆེ་འཛིན་པ། །དར་ནག་གི་འཇོལ་བེར་གསོལ་ཞིང་ཡ་བདུད་དང་མ་ཡམས་འཇོམས་ཤིང་ཟློག་པ། །གཟའ་ཆེན་བརྒྱད་ཀྱི་འཁོར་གྱིས་བསྐོར་ཞིང་ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འགྱེད་པ། འོག་ཏུ་ཕག་ལ་གནས་པའི་བརྟན་མ་སེར་མོ་སྦྲུལ་ཞགས་དང་། སྦྲུལ་གྱིས་དཀྲིས་པའི་བུམ་པ་འཛིན་པ། །དར་ནག་གི་འཇོལ་བེར་གསོལ་ཞིང་སྐུ་ཆེན་ས་བདག་གི་འཁོར་གྱིས་བསྐོར་བའོ། །འཁོར་ལོ་གསུམ་པའི་ཤར་གྱི་རྩིབས་ལ་བསྣོལ་མར་གནས་པའི་རོ་དང་པད་ཉིར་ཧཱུྃ་དང་ཧ་ལས་བྱུང་བའི་དབང་ཕྱུག་ལྗང་ནག་ཞལ་གཅིག་ཕྱག་གཉིས་ཚངས་པའི་ཐོད་པས་རྒྱན་དུ་བྱས་ཤིང་རབ་ཏུ་འཇིགས་པའི་གཟུགས་དང་ལྡན་ལ་འོད་ཟེར་འབར་བ། རང་གི་མདོག་དང་མཚུངས་པའི་རལ་པ་གྱེན་དུ་འཁྱིལ་བ། ཉི་ཟླ་ལྟ་བུའི་སྤྱན་གསུམ་བགྲད་ཅིང་། དུང་ལྟར་དཀར་བའི་མཆི་བ་གཙིགས་པ། གཡས་ཁ་ཊཱཾྭ་ག་དང་གཡོན་པས་ཐོད་པ་འཛིན་པ། དགའ་བྱེད་དང་། གཞོན་ནུ་དང་། སྲེད་མེད་དང་། ཀཱ་ར་ཏི་དང་། བདུད་འདུལ་དང་། དོན་བྱེད་དང་། མདོག་བཟང་དང་། དཀའ་ཐུབ་སྟེ་འཁོར་གྱི་དྲག་པོ་ཆེན་པོ་བརྒྱད་ཀྱང་ཁ་དོག་དང་རྒྱན་རྣམས་གཙོ་བོ་ལྟ་བུ་ཁ་ཊཱཾྭ་ག་དང་ཞགས་པ་འཛིན་པ། བྱང་གི་རྩིབས་ལ་དབུགས་བྲལ་དང་བད་ཉིར་ཡ་དང་ཛ་ལས་བྱུང་བའི་སྲིན་པོ་རབ་ཏུ་གནག་པའི་མུན་

(༢༤)པ་ལྟ་བུ་འཇིགས་ཤིང་མི་སྡུག་པའི་གཟུགས་ཅན། མིག་གཅིག་རབ་ཏུ་བགྲད་ཅིང་དགྲའི་ངོས་སུ་བལྟ་བ། མཆེ་བ་གཙིགས་ཤིང་གློག་དང་འདྲ་བའི་སྒྲ་གཡེངས་བ། གཡས་ན་མེའི་ཚོགས་མངོན་པར་འཕྲོ་བའི་ཟངས་ཀྱི་གྲི་དང་། གཡོན་ན་མགོ་རློན་འཛིན་པ། མུན་པའི་ལཱ་བས་གཡོགས་ཤིང་ཞལ་ནས་དུག་གི་རླངས་པ་འབྱུང་བ། །མིག་གཅིག་ཀུན་གཟིགས་དང་། ལག་གཅིག་སྙབ་བྱེད་དང་། སོ་གཅིག་ཟ་བྱེད་དང་། རྐང་གཅིག་རྒྱུག་བྱེད་དང་། ཁ་དགུ་ཀུ་ཅོ་འདོན་བྱེད་དང་། རྣ་དགུ་ཉན་བྱེད་དང་། མགོ་དགུ་དུར་ཁྲོད་སྒྲོལ་བྱེད་དང་། ལག་དགུ་ལས་ཀྱི་བདག་པོ་སྟེ་སྲིན་པོ་ཆེན་པོ་དེ་དག་ཀྱང་གཡས་རྡོ་རྗེ་ནག་པོ་རྩེ་གསུམ་པས་མཚན་པའི་ཞགས་པ་ནག་པོ་དང་། གཡོན་ན་ཐོད་རློན་དང་མུན་པའི་ལཱ་བའི་གོས་འཛིན་པ། རལ་པ་དམར་སེར་གྱེན་དུ་བརྫེས་ཤིང་གཟི་བརྗིད་འབར་བ་གཅིག་པུའི་བདག་ཉིད་ཀྱི་ཞབས་ཅན་རྒྱན་དང་བྲལ་བས་བསྐོར་བ། ནུབ་ཀྱི་རྩིབས་ལ་ཕན་ཚུན་བསྣོལ་བའི་རོ་དང་པད་ཉིར་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ་ལས་བྱུང་བའི་དུར་ཁྲོད་ནག་པོ་ཆེན་པོ་གཏུམ་ཞིང་འཇིགས་སུ་རུང་བ་ཞལ་གཅིག་ཕྱག་གཉིས་པ་མི་བཟད་པའི་གསུས་པ་འཕྱང་ཞིང་། གཡས་ལོག་པར་གཞོལ་བའི་ཚོགས་འཇོམས་པའི་གྲི་གུག་དང་གཡོན་ཐོད་པའི་བར་བུ་འཛིན་པས་སྙིང་ཁྲག་དྲོད་མོ་གསོལ་

(༢༥)བ། ཁ་དོག་དང་ཕྱག་མཚན་རང་དང་མཚུངས་པའི་འཁོར་གྱི་གཙོ་བོ་བརྒྱད་ཀྱིས་བསྐོར་བ། ལྷོའི་རྩིབས་ལ་མ་ཧེའི་སྟེང་དུ་རོ་དང་པད་ཉིར་ཡཾ་དང་ཡ་ལས་བྱུང་བའི་གཤིན་རྗེ་མཐིང་ནག་དྲག་ཏུ་ཁྲོས་ཤིང་འཇིགས་པ་བསྐྱེད་པ། རབ་ཏུ་དམར་བའི་སྤྱན་གསུམ་བགྲད་ཅིང་། རལ་པ་དམར་པོ་མེ་ལྷར་འབར་བ། གཡས་རྡོ་རྗེ་ཐོད་དབྱུག་དང་ཁྲག་གིས་གང་བའི་ཐོད་པ་གཡོན་དུ་འཛིན་ཅིང་། མིའི་པགས་པའི་གོས་ཀྱིས་བརྒྱན་པ། གཤིན་རྗེ་ཁྲག་མིག་མི་བཟད་པ་དང་། ཤན་པ་ཟ་བྱེད་དང་། ཁྲག་གི་བདག་པོ་དང་། གཟེར་ནད་བདག་པོ་དང་། ཁྲག་ནད་སྐྱུག་བྱེད་དང་། བརྒྱལ་ནད་འབེབས་བྱེད་དང་། གསོད་བྱེད་ཆེན་པོ་དང་། དུས་ཀྱི་གཤེད་བྱེད་དེ་གཤིན་རྗེ་དྲག་པོ་བརྒྱད་ཀྱང་རྒྱན་ཆ་ལུགས་གཙོ་བོ་ལྟ་བུ་རལ་གྲི་དང་ཐོད་མདའ་ནག་པོ་འཛིན་པ། ཤར་ལྷོའི་རྩིབས་ལ་དབུགས་བྲལ་དང་བད་ཉིར་ན་ལས་སྐྱེས་པའི་རིན་པོ་ཆེ་ལས་ཀླུ་རྒྱལ་དགའ་པོ་ཞལ་གཅིག་ཕྱག་གཉིས་གསེར་དང་ནམ་མཁའི་མདོག་ཅན་ཐོད་ཚལ་དང་རིན་པོ་ཆེའི་ཕྲེང་བ་དང་སྦྲུལ་གྱིས་ལུས་དང་ཡན་ལག་གི་བརྒྱན་དུ་བྱས་ཤིང་གཡས་ན་གདུག་པའི་སེམས་དང་ལྡན་པའི་སྦྲུལ་དང་། གཡོན་ན་མི་བཟད་པའི་ནད་ཀྱིས་གང་བའི་རྒྱལ་བ་འཛིན་པ། རབ་ཏུ་གདངས་བའི་ཞལ་ནས་དུག་གི་ཆར་རྒྱུན་འབེབས་ཤིང་། བསྐལ་པའི་རླུང་ལས་རྒྱལ་བའི་དབུགས་རླུང་འཕྲོ་ལ། དྲག་ཏུ་ཁྲོ་

(༢༦)ཞིང་གདུག་པ་འདུལ་པ། པདྨ་དང་། གཞོན་ནུ་དང་། རིགས་ལྡན་དང་། སྟོབས་ཀྱི་རྒྱུ་དང་། མདོག་བཟང་དང་། ཆུ་ལྷ་དང་། བསྙེན་དཀའ་དང་། དྲི་སྣོམ་སྟེ་དེ་དག་ཀྱང་མདའ་གཞུ་འགེངས་པ། ལོག་པར་ལྟ་བའི་ཚོགས་རྣམས་སྒྲོལ་བར་བྱེད་ཅིང་ཁ་དོག་དང་རྒྱན་རྣམས་གཙོ་བོ་ལྟ་བུ། ལྷོ་ནུབ་ཀྱི་རྩིབས་ལ་རོལ་གནས་པའི་ཆུ་སྲིན་དང་པད་ཉི་རཀྵ་དང་ར་ལས་བྱུང་བའི་རཱ་ཧུ་ལ་ཁྲག་གི་མདོག་ཅན་རབ་ཏུ་འཇིགས་པའི་ཆ་ལུགས་འཛིན་ཅིང་ཞལ་གཅིག་ཕྱག་གཉིས་པ། དམར་ཞིང་འཁྲུག་ལ་སྡང་མིག་ཏུ་ལྟ་བས་སྲིད་གསུམ་མཐའ་དག་གཟིགས་པའི་མིག་གིས་ལུས་ཀུན་ཁྱབ་ཅིང་། གཡས་སུ་ཆུ་སྲིན་གྱི་མགོ་བོས་མཚན་པའི་ཞགས་པ་དང་། ཁྲག་དང་བཅས་པའི་ཐོད་པ་གཡོན་དུ་བསྣམས་པ། དམག་དཔོན་དང་། ལྗང་སྔོན་དང་། རི་ཏི་དང་། བིཥྞུ་དང་། དྲང་སྲོང་དང་། ར་ཙ་དང་། སེར་སྐྱ་དང་། མིག་དམར་ཏེ་དེ་རྣམས་ཀྱང་ཆ་ལུགས་གཙོ་བོ་ལྟ་བུ་ལ་བྱེ་རུའི་མདོག་ཅན་ཐོད་པའི་ཕྲེང་བས་བརྒྱན་པ། །གཡས་ན་ཐོད་པས་མཚན་པའི་མདའ་དང་། གཡོན་ན་ཕུར་བུ་དང་ཐུན་འཕེན་པས་དགྲའི་ཚོགས་ཉམས་པར་བྱེད་པ། ནུབ་བྱང་གི་རྩིབས་ལ་གླང་ཆེན་གྱི་སྟེང་དུ་པད་ཉིར་ཏྲི་ལས་བྱུང་བའི་བགེགས་རྒྱལ་ཆེར་གནག་པའི་མུན་པ་ལྟ་བུའི་མདོག་འཛིན་ཅིང་དཔག་ཏུ་མེད་པའི་འོད་ཟེར་འཕྲོ་བ་རབ་ཏུ་བརྗིད་

(༢༧)ཅིང་ཞིང་གི་པགས་པའི་སེ་རལ་ཁ་འཕྱང་བ། ཟླ་བའི་མདོག་གི་ཐོད་པའི་ཕྲེང་བས་བརྒྱན་ཅིང་གླང་པོ་ཆེའི་ཀོ་རློན་གྱི་གོས་ཅན་རྡོ་རྗེ་ནག་པོ་རྩེ་གསུམ་པ་གཡས་བའི་ཕྱག་གིས་གདེངས་ཤིང་། གཡོན་གྱིས་གྲི་གུག་བསྣམས་པ། ཉི་མའི་འོད་ལྟ་བུའི་སྤྱན་མིག་ཅན་མཆེ་བ་གཙིགས་པས་འཇིགས་པར་བྱེད་པ། འཁོར་ལོ་དང་། སྟོབས་མཆོག་དང་། གདུག་བྱེད་དང་། དཔའ་བརྟན་དང་། སྟོབས་ཀྱི་གླང་པོ་དང་། དུར་ཁྲོད་བདག་པོ་དང་། རླུང་གི་བདག་པོ་དང་། ཀུན་ཏུ་ཁྱབ་བྱེད་དེ། །དེ་དག་ཀྱང་སྐུ་མདོག་ཆ་ལུགས་གཙོ་བོ་ལྟ་བུ་གཡོན་དང་གཡས་ན་ཏྲི་ཤཱུ་ལ་དང་ཐོད་ཁྲག་འཛིན་པ། བྱང་ཤར་གྱི་རྩིབས་ལ་གླང་ཆེན་དང་པད་ཉིར་ཏི་དང་ཕཊ་ལས་བྱུང་བའི་བདུད་མགོན་ཏྲག་ཤད་ཆར་སྤྲིན་ལྟར་གནག་པའི་མདོག་ཅན་ཟླ་བ་ཕྱེད་པ་ལྟ་བུའི་མཆེ་བ་རབ་ཏུ་རྣོ་བས་མ་མཆུ་མནན་པ། མཐུན་མཚམས་སྤྲིན་གྱི་མདོག་ཅན་གྱི་རལ་པ་གཟིངས་པ། རྡོ་རྗེ་ནག་པོ་རྩེ་ལྔ་པས་མཚན་པའི་བདུད་ཀྱི་ཞགས་པ་ནག་པོ་འཛིན་པས་ལོག་པར་ལྟ་བ་རྣམས་ལ་འཆིང་བ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བས་གནས་པ། རླུང་བདུད་དང་། མེ་བདུད་དང་། ཆུ་བདུད་དང་། ས་བདུད་དང་། ཉི་བདུད་དང་། ཟླ་བདུད་དང་། སྐར་བདུད་དང་། འདྲེ་བདུད་དེ་བདུད་ཀྱི་དབང་པོ་བརྒྱད་ཀྱང་ནམ་

(༢༨)མཁའི་མདོག་ཅན་ཁྲག་ལྟ་བུའི་མིག་དང་རལ་པ་འབར་བ། །ཞགས་པ་དང་དགྲ་སྟྭ་འཛིན་ཅིང་རྒྱན་ཆ་ལུགས་གཙོ་བོ་ལྟ་བུའོ། །འཁོར་ལོ་ཐ་མལ་ཤར་ནས་གཡོན་སྐོར་དུ་རིམ་པ་བཞིན་ལྕགས་ཀྱི་སྤྱང་མོ་མོག་དགུ་པ་སྤུ་དང་མཆེ་སྡེར་ཁྲག་གིས་བསྐུས་པ་ལ་གནས་པའི་ཁྲག་གི་མདོག་ཅན་གྱི་བདུད་མོ་ཁྲག་གི་རལ་པས་ས་གཞི་ཁེངས་ཤིང་གཡ་ས་ཁྲག་འཛག་པའི་ལྕགས་ཀྱུ་དང་། གཡོན་ཁྲག་གིས་གང་བའི་ཐོད་པ་འཛིན་པ་ཤ་དང་ཁྲག་དགའ་བ་བདུན་དང་། ལྷའི་སྲིང་མོ་གླིང་བཞི་མགྱོགས་མ་དཀར་མོ་གཡས་གསེར་གྱི་རྡོ་རྗེ། གཡོན་གསེར་གྱི་བུམ་པ་འཛིན་པ། །དར་སྣ་ཚོགས་པའི་ན་བཟའ་ཅན། །གཤིན་རྗེའི་སྲིང་མོ་མཁའ་ལ་ཁྱུང་ལྡིང་སྔོན་མོ་གཡས་ཐོད་དབྱུག་འཕྱར་ཞིང་གཡོན་ཐོད་རློན་འཛིན་པ། ཐོད་པའི་ཕྲེང་བས་བརྒྱན་པ། ཀླུའི་སྲིང་མོ་དཀར་མོ་གཡོག་ཐོད་སྐུ་མདོག་དམར་མོ་ཕྱག་གཉིས་སྦྲུལ་ཞགས་འཕེན་པ་སྦྲུལ་གྱིས་བརྒྱན་པ༴ གནོད་སྦྱིན་གྱི་སྲིང་མོ་ནག་མོ་སྡེར་ཆེན་སེར་ནག་ཕྱག་གཡས་ཐོད་ཁྲག་གཡོན་ནེའུ་ལེའི་རྒྱལ་བ་འཛིན་པ་རིན་པོ་ཆེ་བརྒྱན་པ་སྟེ་སྲིང་མོ་བཞི་དང་། ལས་ཀྱི་དབང་ཕྱུག་བྲན་མོ་བདུན་ནི། །གསོད་བྱེད་དམར་མོ་སྤྱང་ཀིའི་མགོ་ཅན་རལ་གྲི་འཛིན་པ། མེ་མོ་དམར་མོ་སྐྱིན་གྱི་མགོ་ཅན་གསལ་ཤིང་འཛིན་པ། ཕག་མོ་ནག་མོ་ཕག་གི་མགོ་ཅན་མཆེ་བ་དང་ཞགས་པ་འཛིན་པ། དགའ་བྱེད་དམར་མོ་ཁྭའི་མགོ་ཅན་ཞིང་ཆུང་ཟ་

(༢༩)བ༴ རྣ་ཅན་དཀར་མོ་གླང་གི་མགོ་ཅན་ཐོད་ཁྲག་འཐུང་བ། །ཆུ་ལྷ་སྔོན་མོ་སྦྲུལ་གྱི་མགོ་ཅན་ཞགས་པ་འཛིན་པ། །རྣམ་ཐོས་ལྗང་ནག་སྐྱ་ཁའི་མགོ་ཅན་དྲིལ་བུ་འཁྲོལ་བ། །ལས་ཀྱི་མ་མོ་ཕུར་བུ་མ་སྐུ་མདོག་ནག་མོ་རབ་ཏུ་འཇིགས་ཤིང་རྔམ་པ། གཅེར་བུ་རལ་པ་གྱེན་དུ་འགྲེང་ཞིང་ཕྱེད་ས་ལ་བཤལ་བ་གཡས་ཁྲག་གི་ལྕགས་ཀྱུ་གཡོན་པས་ཕུར་བ་འདྲིལ་བ་ལས་ཁྲག་འཛག་པ། ཞལ་ནས་དུག་གི་ཁ་ཆུ་དགྲ་ལ་འཐོར་བ། །སྐུ་སྨད་ཕུར་བའི་དཔལ་དང་ལྡན་པས་ཁྲག་གི་མཚོ་ལ་འབོག་ཅིང་རྐྱལ་བ་བདུན་དང་། ཚེ་གསུམ་འབར་མ་སྟེ་དབང་པོ་འབར་མ་དཀར་མོ་ཉི་མའི་ཞགས་པ་འདེབས་པ། གཡུལ་བཞི་འགས་མ་སྟེ་གཤིན་རྗེ་འབར་མ་སྔོན་མོ་སྐར་མདའ་འཕེན་པ། སྙིང་འདྲེན་ཆེན་མོ་སྟེ་ཀླུ་མོ་འབར་མ་དམར་མོ་མེ་ལྕེ་འབེབས་པ། མྱོས་བྱེད་ཆེན་མོ་སྟེ་གནོད་སྦྱིན་འབར་མ་ལྗང་གུ་བྱ་ཁྱུང་འཛིན་པ་སྟེ་ནང་གི་འབར་མ་བཞི་ཁ་དོག་སྣ་ཚོགས་གྲི་གུག་དང་ཐོད་ཁྲག་འཛིན་པ། པདྨའི་དབང་ཕྱུག་མཛའ་མོ་བདུན་ནི། དགའ་བ་དམར་མོ་རྒོད་ཀྱི་མགོ་ཅན་རྐེ་དར་འཕྱང་བ། སྟོབས་ཅན་དཀར་མོ་རྟའི་མགོ་ཅན་གཤོལ་མདའ་འཛིན་པ་རྡོ་རྗེ་སེར་མོ་ཁྱུང་་གི་མགོ་ཅན་སྤུ་གྲི་འཛིན་པ། འདོད་པ་དམར་མོ་ཁྱིའི་མགོ་ཅན་མདའ་གཞུ་འགེངས་པ། ནོར་སྲུང་དཀར་མོ་འུག་པའི་མགོ་ཅན་བུམ་པ་འཛིན་པ། རླུང་ལྷ་སྔོན་མོ་ཤ་བའི་མགོ་ཅན་བ་དན་འཕྱར་

(༣༠)བ། བུམ་རྣ་དམར་མོ་སེང་གེའི་མགོ་ཅན་ལྕགས་སྒྲོག་བསྣམས་པ། ཟངས་རལ་མ་དམར་མོ་གཡས་རལ་གྲི་དམར་པོ་མེ་འབར་བ་དང་གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པ། །རལ་པ་དམར་སེར་ཐོད་སྐམ་གྱི་ཕྲེང་བས་བཅིངས་པའི་ལྷག་མ་ཐུར་དུ་འཕྱང་བས་ས་གཞི་ཁེངས་པ། ཞིང་གི་པགས་པའི་སྨད་དཀྲིས་ཅན་བདུན་དང་། དམར་མོ་འབེབས་མཁན་ཏེ་མེ་ཁྱེར་འབར་མ་དམར་མོ་གློག་གི་ཕྲེང་བ་འཛིན་པ། གཟི་འཕྲོག་མ་སྟེ་སྲིང་མོ་འབར་མ་སྨུག་ནག་མདུང་ཐུང་འཕེན་པ། སྔོན་མོ་འབེབས་མཁན་ཏེ་རླུང་བདག་འབར་མ་སྔོ་ནག་རལ་གྲི་དང་མི་སྐྲའི་གཡབ་མོ་འཛིན་པ། སྲོག་འཕྲོག་མ་སྟེ་གཏུམ་མོ་འབར་མ་དཀར་མོ་མདུང་རྩེ་གསུམ་འཛིན་པ་སྟེ་ཕྱི་རིམ་འདྲེན་པའི་འབར་མ་བཞི་ཁ་དོག་སྣ་ཚོགས་གྲི་གུག་དང་ཐོད་ཁྲག་བསྣམས་པ། རིན་ཆེན་དབང་ཕྱུག་སྲིང་མོ་བདུན་ནི། །རྡོ་རྗེ་སེར་མོ་དོམ་གྱི་མགོ་ཅན་ཙན་དན་འཐུང་བ། བདུད་རྩི་དམར་མོ་ཆུ་སྲིན་གྱི་མགོ་ཅན་པདྨ་བསྣམས་པ། ཟླ་བ་དཀར་མོ་སྲག་བའི་མགོ་ཅན་བུནྜ་རཱི་འཛིན་པ། །བེ་ཅོན་ལྗང་ནག་ཁྲའི་མགོ་ཅན་དབྱུག་ཏོ་འཕྱར་བ། སྲིན་མོ་དམར་མོ་ཝའི་མགོ་ཅན་ཐོད་ཁྲག་འཐུང་བ། ཟ་བ་ལྗང་ནག་སྟག་གི་མགོ་ཅན་བསུ་ཏའི་ཞགས་པ་འཛིན་པ། །མགྲིན་བཅུ་སེར་མོ་རའི་མགོ་ཅན་ཞགས་པ་བསྣམས་པ། མཚོན་འཁོར་མ་སེར་ནག་གཡས་རལ་གྲི་

(༣༡)དང་གཡོན་རལ་གྲིའི་འཁོར་ལོ་འཛིན་པ་བདུན་དང་། དུས་ལ་འཆར་བའི་ལྷ་མོ་བཞི་ནི་རླུང་ལ་གནས་པའི་དཔྱིད་ཀྱི་རྒྱལ་མོ་དབྱིངས་རུང་མ་དཀར་མོ་ཕྱག་གཉིས་རླུང་གི་དཀྱིལ་འཁོར་འཛིན་པ། སྤྲིན་ལ་གནས་པའི་དབྱར་གྱི་རྒྱལ་མོ་གློག་འགྱུ་མ་སེར་མོ་ཕྱག་གཉིས་ཐོག་དང་གློག་གི་ཕྲེང་བ་འཛིན་པ། རི་རབ་ལ་གནས་པའི་སྟོན་གྱི་རྒྱལ་མོ་གློག་ལྕམ་མ་དམར་མོ་ཕྱག་གཉིས་གསེར་གྱི་ཟོར་བ་དང་ཤིང་དང་ལོ་ཏོག་གི་འབྲས་བུ་འཛིན་པ། ཆུ་ལ་གནས་པའི་དགུན་གྱི་རྒྱལ་མོ་གློག་སྤྲིན་མ་སྔོན་མོ་ཕྱག་གཉིས་ཁྲག་གིས་གང་བའི་ཐོད་པ་འཛིན་པ། །སྟག་གི་ལྤགས་པའི་ཤམ་ཐབས་ཅན་རལ་པ་དམར་སེར་འཁྲུག་པ། རྡོ་རྗེ་དབང་ཕྱུག་མ་བདུན་ནི། སྲིན་མོ་དམར་ནག་གཡག་གི་མགོ་ཅན་ལུས་དང་བྲལ་མ་ཐག་གི་མགོ་བོ་རློན་པ་འཛིན་པ། ཚངས་མ་དམར་སེར་སྲེ་མོང་གི་མགོ་ཅན་པདྨ་བསྣམས་པ། །ལྷ་ཆེན་དཀར་ལྗང་གཟིག་གི་མགོ་ཅན་ཏྲི་ཤཱུལ་འཛིན་པ། རྟོག་འདོད་སྔོན་མོ་ཟེར་མོའི་མགོ་ཅན་འཁོར་ལོ་འཆང་བ། །གཞོན་ནུ་དམར་མོ་ཕ་ཝང་གི་མགོ་ཅན་མདུང་ཐུང་འཕེན་པ། བརྒྱ་བྱིན་དཀར་མོ་བྲེད་ཀྱི་མགོ་ཅན་ཨིནྟྲ་གདེངས་པ། རྡོ་རྗེ་ནག་མོ་ཁུ་བྱུག་གི་མགོ་ཅན་ལྕགས་ཀྱུ་འཛིན་པ་དེའི་ཕྱི་རོལ་གྱི་ཕྱོགས་བཞིར་ཤར་དུ་ཤར་གྱི་དམག་གི་རྒྱལ་མོ་མཆེ་གཙིགས་མ་ཞལ་གཅིག་ཕྱག་དྲུག་

(༣༢)སྐུ་མདོག་དཀར་མོ་གོས་དང་བྲལ་བ་གཡས་ན་ཐོད་པ་དང་དེས་མཚན་པའི་མདའ་དང་བ་དན་འཛིན་པ། གཡོན་དང་པོས་བསྡིགས་མཛུབ་སྒྲེང་ཞིང་ལྷག་མ་གཉིས་ཀྱིས་ཐུན་དང་ཟོར་འཕེན་པ། ལྷོར་ལྷོའི་དམག་གི་རྒྱལ་མོ་ལས་མཁན་མ་གསེར་གྱི་མདོག་ཅན་ཞལ་གཅིག་ཕྱག་གཉིས་ཚེ་དང་ཡུངས་ཀར་འཕེན་པ། །ནུབ་ཏུ་ནུབ་ཀྱི་དམག་གི་རྒྱལ་མོ་མཆུ་འཇིབ་མ་ཁྲག་གི་མདོག་ཅན་ཞལ་གཅིག་ཕྱག་གཉིས་གཡང་གཞིའི་གོས་དང་ལྡན་པས་རུ་མཚོན་ཕྱར་བ། བྱང་དུ་བྱང་གི་དམག་གི་རྒྱལ་མོ་ཁ་འགལ་མ་ནག་མོ་ཞལ་གཅིག་ཕྱག་བཞི་རྨ་བྱའི་གོས་དང་ལྡན་པ་ཕྱག་གཡས་ན་བ་དན་དང་སྟྭ་གྲི་འཕྱར་ཞིང་གཡོན་ན་ཐོད་ཁྲག་དང་ཐུན་བསྣམས་པའོ། །འཁོར་འདི་རྣམས་ལས། ཕྱོགས་བཅུ་མགོན་པོ་འམ་ནག་པོ་ཡབ་ཡུམ་བཅུ་དྲུག་གང་རུང་གིས་བསྐོར་ནས་གཞན་རྣམས་བཞག་ཀྱང་རུང་ངོ་། །དེ་རྣམས་ཀྱི་འཁོར་དུ་དྲག་པོའི་ཤུགས་ཅན་འཇིགས་པའི་གཟུགས་དང་རྔམ་པའི་ང་རོ་འབྱིན་ཞིང་དུར་ཁྲོད་ཀྱི་རྒྱན་དུ་མས་བརྒྱན་པ་མདོག་ཆ་ལུགས་རྣམ་འགྱུར་ཕྱག་མཚན་དུ་མ་འཛིན་པ་རང་གི་རིགས་དང་མཐུན་པའི་འཁོར་མང་པོས་བསྐོར་བ། ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱདམར་པོ། །ཐུགས་ཀར་ཧཱུྃ་སྔོན་པོ། །ཁྱད་པར་དུ་ལྷ་མོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བྷྱོ་སྔོན་པོ་མགོན་པོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་

(༣༣)གྱི་སྟེང་དུ་ཧཱུྃ་མཐིང་ནག །ས་བོན་དེ་དག་ལས་འོད་ཟེར་སྨུག་ནག་བྱང་ཕྱོགས་དང་བྱང་ཤར་དུ་འཕྲོས་པས་དཔལ་ཡེ་ཤེས་ཀྱི་མགོན་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་མདུན་གྱི་ནམ་མཁའི་གནས་སུ་གཤེགས་པར་གྱུར། །བསྡུས་པར་ན། ཁཾ་ལས་བྲག་སྟེང་དུར་ཁྲོད་བརྒྱད་ཀྱི་དབུས། །བྷྲཱུྃ་ལས་གཞལ་ཡས་གྲུ་གསུམ་འབར་བའི་ནང་། །འཁོར་ལོ་བཞི་རིམ་ལྟེ་བར་པད་ཉི་ལ། །ཏི་ལས་རྫུ་འཕྲུལ་དྲེལ་རྟའི་གདན་གྱི་སྟེང་། །མ་ལས་ལྷ་མོ་ཞལ་གཅིག་ཕྱག་བཞི་མ། ཁ་ཊཾྭཱ་ཕུར་པ་མེ་ལོང་སྦྲུལ་ཞགས་བསྣམས། །བཙན་སྟབས་འཁྱིལ་བའི་སྟབས་ཀྱིས་བཞུགས་པའི་བང་། །ཧཱུྃ་ལས་མགོན་པོ་ཞལ་གཅིག་ཕྱག་གཉིས་པ། །མཐིང་ནག་སྤྱན་གསུམ་ལྗགས་འདྲིལ་མཆེ་བ་གཙིགས། །དབུ་སྐྲ་གྱེན་བརྫེས་གཡས་པས་གྲི་གུག་དང་། །གཡོན་གྱི་ཐོད་ཁྲག་ཐོད་སྐམ་དབུ་རྒྱན་ཅན། །དུག་སྦྲུལ་རུས་པ་སྣ་ཚོགས་དར་གྱིས་བརྒྱན། །དར་ནག་འཇོལ་བེར་སྟག་གི་ཤམ་ཐབས་དང་། །མགོ་ཕྲེང་དོ་ཤལ་ཞབས་གཡས་བརྐྱང་པའི་གར། །གཡོན་པས་ཡུམ་ལ་འཁྲིལ་ཚུལ་འཇིགས་པའི་གཟུགས། ཁམས་གསུམ་དབང་སྡུད་ཟིལ་གནོན་ཆེན་པོར་གྱུར། །འཁོར་ལོ་དང་པོར་འགུགས་བྱེད་སྙིང་ཁྲག་འཐུང་། །དབུགས་ལེན་སྲོག་བདག་དུར་ཁྲོད་

(༣༤)འཇོམས་བྱེད་དང་། ཁ་ལོ་སྒྱུར་བྱེད་གདུག་འདུལ་སྲེག་བྱེད་དེ། །རང་འདྲའི་ཡུམ་ཅན་གཙོ་བོ་ལྟ་བུའོ། །གཉིས་པར་དཔལ་འབར་འཆང་དང་རྣམ་ཐོས་སྲས། །དབང་ཕྱུག་འབར་བ་ལེགས་ལྡན་ཛམྦྷ་ལ། །ཤུགས་ལྡན་དམ་ཅན་གཙུག་ཏོར་ལྗང་ལྷ་མགོན། །བརྟན་མ་ཆ་ལུགས་གཞོན་པ་སྣ་ཚོགས་ཅན། །གསུམ་པར་དབང་ཕྱུག་སྲིན་པོ་བདུད་གཤིན་རྗེ། །དགའ་བོ་ཁྱབ་འཇུག་བགེགས་རྒྱལ་ཏྲག་ཤད་དེ། །འཇིགས་པའི་གཟུགས་ཅན་རང་འདྲ་བརྒྱད་རེས་བསྐོར། །བཞི་པར་སྤྱང་ཞོན་མ་བདུན་སྲིང་མོ་བཞི། །ཕུར་བུ་མ་བདུན་ནང་གི་འབར་མ་བཞི། །ཟངས་རལ་མ་བདུན་ཕྱི་རིམ་འབར་མ་བཞི། །མཚོན་འཁོར་མ་བདུན་དུས་ཀྱི་ལྷ་མོ་བཞི། །མ་བདུན་སྲིང་བདུན་མཛའ་བདུན་བྲན་མོ་བདུན། །དེ་ཡི་ཕྱི་རོལ་མཆེ་གཙིགས་ལས་མཁན་མ། །མཆུ་འཇིབ་ཁ་འགལ་རིགས་མཐུན་འཁོར་གྱིས་བསྐོར། །ཀུན་གྱི་སྤྱི་བོར་ཨོཾ་ཡིག་དཀར་པོ་དང་། མགྲིན་པར་ཨཱདམར་ཐུགས་ཀར་ཧཱུྃ་སྔོན་པོ། །མགོན་པོའི་ཐུགས་ཀར་ཟླ་བར་ཧཱུྃ་མཐིང་ནག །ལྷ་མོའི་ཐུགས་ཀར་ཉི་མར་བྷྱོ་སྔོན་པོ། །ས་བོན་རྣམས་ལས་འོད་འཕྲོས་བྱང་ཕྱོགས་ནས། །ཡེ་ཤེས་མགོན་པོ་སངས་རྒྱས་བྱང་ཆུབ་སེམས། །འཁོར་བཅས་མདུན་གྱི་ནམ་མཁར་གཤེགས་པར་གྱུར། །རྔ་འགྲིག་དབྱངས་དང་བཅས་པས་སྤྱན་འདྲེན་པ་ནི། །

(༣༥)ཧཱུྃ། །དད་པ་དང་ནི་དམ་ཚིག་གིས། །དཔལ་ལྡན་མགོན་པོ་སྤྱན་འདྲེན་ན། །ཐུགས་རྗེ་ཐུགས་དམ་དབང་གིས་ནི། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཧཱུྃ། མགོན་པོའི་ཐུགས་དམ་བསྐང་བ་དང་། །གཞན་གྱི་གནོད་པ་བཟློག་པ་དང་། །བདག་གི་ལས་རྣམས་བསྒྲུབ་ཕྱིར་དང་། །རྒྱལ་བའི་བསྟན་པ་བསྲུང་སླད་དུ། །མགོན་པོ་ནག་པོ་སྤྱན་འདྲེན་ན། །འདུ་འབྲལ་མེད་པའི་དབྱིངས་ཉིད་ནས། །ལྷ་ཆེན་དཔལ་འབར་སྤྱན་འདྲེན་གྱི། །ནག་པོ་ཆེན་པོ་གཤེགས་སུ་གསོལ། །ཧཱུྃ། གཏུམ་ཆེན་དྲག་པོར་ཁྲོས་པ་སྲིན་པོའི་གཟུགས། །ནག་པོ་མི་བཟད་མ་ཧཱ་ཀཱ་ལ་ནི། །དད་པ་དམ་ཚིག་དབང་གིས་སྤྱན་འདྲེན་ན། །ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ། །འབར་བའི་སྐུར་སྟོན་འདིར་གཤེགས་མཆོད་པ་བཞེས། །ནག་པོ་མི་བཟད་འདིར་གཤེགས་མཆོད་པ་བཞེས། །ཕ་རོལ་ཕྱིན་སྤྱོད་འདིར་གཤེགས༴ །རྣལ་འབྱོར་དགྲ་ལྷ་འདིར་གཤེགས༴ །རིག་འཛིན་སྲུང་མ་འདིར་གཤེགས༴ །དེད་དཔོན་ཆེན་པོ་འདིར་གཤེགས༴ །ལྷ་མིན་གཡུལ་ཟློག་འདིར་གཤེགས༴ །ལྷ་རྣམས་དབུགས་འབྱིན་འདིར་གཤེགས༴ །ཨོཾ་སྔོན་གྱི་ཐུགས་དམ་དམ་པའི་ཆོ་འཕྲུལ་ལས། །ཁྱོད་ཀྱི་ཕྲིན་ལས་གང་དུའང་མི་འཇུག་མེད། །ལྷག་པར་དད་དང་དམ་ཚིག་ལྡན་པ་སྟེ། །རྒྱལ་

(༣༦)བའི་དབང་ཕྱུག་དེང་འདིར་དུས་ལ་བབ། །འཇིགས་རུང་འཇིགས་ཆེན་དུ་མ་རྣམས་འཁྲུག་པ། །བསྐལ་མེ་བྱེ་བ་སྟོང་འབར་དུར་ཁྲོད་ནས། །ས་ཆེན་རི་བཅས་གཡོ་བའི་རྫུ་འཕྲུལ་གྱིས། །ཕྱོགས་འདིར་ཕྱོགས་རྣམས་ཀུན་ནས་རབ་གཤེགས་ཤིང་། །དཔལ་ལྡན་ཁྲག་འཐུང་མངའ་བདག་གཤེགས་སུ་གསོལ། །མཁའ་འགྲོ་ཀུན་གྱི་དབང་ཕྱུག །ལྷ་ཆེན་བྱེ་བའི་གཙོ་བོ། །དངོས་གྲུབ་མཐའ་དག་རབ་སྦྱིན། །བཞད་པའི་ང་རོ་འབྲུག་སྒྲ་སྟོང་ལྡིར་ཞིང་། །རྔམ་པའི་སྟང་སྟབས་སྲིད་པ་གསུམ་གཡོ་བ། །འཇིག་རྟེན་འདས་དང་མ་འདས་འཁོར་གྱི་ཚོགས། །བྱེ་བ་རྒྱ་མཚོས་རབ་བསྐོར་གཤེགས་སུ་གསོལ། །བྷྱོ། བསྐལ་པ་མེ་ལྟར་འབར་བའི་དུར་ཁྲོད་ནས། །ནག་མོ་རལ་པ་འབེབས་པ་སྲིན་མོའི་ཚོགས། །ས་གསུམ་འདུལ་བ་ཟ་བྱེད་ཆེན་མོ་སྟེ། །རྡོ་རྗེ་དྲ་བ་མ་དང་གློག་འགྱུ་མ། །སྲིན་མོའི་ཚོགས་རྣམས་གདུང་ཞིང་འབོད་པའི་ཚེ། །རུ་ལུ་རུ་ལུའི་སྒྲ་སྐད་དྲག་པོ་དང་། །རཀྨོ་ཀྲོ་དྷ་ཀྵ་ཡིས་བོས་པའི་ཚེ། །སྒྲོལ་བྱེད་ཆེན་མོ་ཁྱོད་ཀྱི་དུས་ལ་བབ། །ཡུན་གྱིས་དཔལ་དང་མགོན་དུ་ཁྱོད་བསྟེན་ན། །བཏང་སྙོམས་ཡལ་བར་མ་འདོར་གཡར་དམ་ཅན། །མ་གཡེལ་མ་གཡེལ་དམ་ཅན་སྲུང་མའི་ཚོགས། །དངོས་གྲུབ་མཐའ་དག་རྫོགས་པར་སྩལ་དུ་གསོལ། །བྷྱོ། །ཁྱོད་ཀྱི་སྤྱི་

(༣༧)བོའི་གཙུག་རུཾ་ནས། །ཉི་མ་ཟླ་བའི་འོད་ཟེར་འཕྲོ། །ནག་མོ་མི་བཟད་ཆོ་འཕྲུལ་ཅན། །དུས་ལ་བབ་ཀྱི་ད་ཚུར་བྱོན། །ཁྱོད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ནས། །འདོད་ཁམས་མ་མོ་སྟོང་སྟོང་འགྱེད། །ཁྱོད་ཀྱི་གསང་བའི་བྷ་ག་ནས། །ལས་ཀྱི་མ་མོ་སྟོང་སྟོང་འགྱེད། །ཁྱོད་ཀྱི་ཞབས་བརྡབས་གཡས་གཡོན་ནས། །ཕོ་ཉ་སྟོང་ཕྲག་དྲུག་ཅུ་འགྱེད། །བདུད་སྒྲ་ལྷ་འདྲེ་ཀུན་འདུལ་མ། །དཔལ་ལྡན་ལྷ་མོ་གཤེགས་སུ་གསོལ། །བྷྱོ། །བྱང་ཤར་ཆོས་དབྱིངས་ཕོ་བྲང་ནས། །བསྟན་པ་བསྲུང་ཕྱིར་སྐུ་སྤྲུལ་པ། །ཚུར་གཤེགས་ཚུར་གཤེགས་མ་ཚུར་གཤེགས། །དམ་ཚིག་དབང་གིས་མྱུར་དུ་བྱོན། །ཡོངས་འདུའི་ཤིང་ལ་བརྟེན་བཅས་ཤིང་། །རྫུ་འཕྲུལ་མྱུར་མགྱོགས་དྲེལ་ལ་ཞོན། །དུར་ཁྲོད་ཉུལ་ཞིང་འཛམ་གླིང་བསྐོར། །མགྱོགས་བྱེད་ཆེན་མོ་གཤེགས་སུ་གསོལ། །ཁྲག་འཐུང་མ་མོའི་དཀྱིལ་འཁོར་ནས། །སྐྱེ་འགྲོ་ཡོངས་ཀྱི་དབུགས་ལེན་མ། །ཤ་ལ་དགའ་ཞིང་ཁྲག་ལ་རྔམས། །ཟ་བྱེད་ཆེན་མོ་གཤེགས་སུ་གསོལ། །ནག་མོ་མི་བཟད་རལ་པ་ཅན། །སྐུ་གསུང་། ཐུགས་ཀྱི་དཀྱིལ་འཁོར་ནས། །སྤྲུལ་པའི་མ་མོས་སྟོང་ཁམས་ཁྱབ། །རྫུ་འཕྲུལ་ཆེན་མོ་གཤེགས་སུ་གསོལ། །གྲངས་མེད་བསྐལ་པའི་སྔོན་རོལ་ནས། །ས་བརྒྱད་ནོན་པའི་སེམས་མ་ཁྱོད། །མི་སྡུག་གཟུགས་འཆང་

(༣༨)སྲིན་མོའི་ཚུལ། །འཇིག་བྱེད་ཆེན་མོ། །ཧཱུྃ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཆོས་སྐྱོང་སྲུང་མའི་ཚོགས། །དབང་པོ་མེ་ལྷ་གཤིན་རྗེ་དང་། །བདེན་བྲལ་ཆུ་བདག་རླུང་གི་ལྷ། །གནོད་སྦྱིན་དབང་ལྡན་ཚངས་པ་དང་། །ཉི་ཟླ་གཟའ་སྐར་ས་བདག་སོགས། །བིཥྣུ་མ་མོ་གཤིན་རྗེ་དང་། །སྲིན་པོ་རོ་ལངས་གསོད་བྱེད་ཚོགས། །ཀླུ་དང་བདུད་མོ་འབྱུང་པོ་རྣམས། །གཏུམ་དྲག་འཇིག་རྟེན་ཕོ་ཉའི་ཚོགས། །རང་རང་གནས་ནས་འདིར་དགོངས་ལ། །སྐད་ཅིག་ཙམ་གྱིས། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། དེ་ཝ་རཀྵ། ཛཧཱུྃ་བཾ་ཧོ འདིར་ཤོག་འདིར་ཤོག །ཨཱ་གཙྪ་ཡ་ཨཱ་གཙྪ་ཡ། ཧཱུྃ་ཡ་ཛཧཱུྃ་ཡ་ཛ༔ ཨོཾ་མ་ཧཱ་ཀཱ་ལི། ཏྲག་རཀྵ་ཏི༚་ལཾ་ས་མ་ཡ། །ཛཧཱུྃ་བཾ་ཧོ ནག་མོ་ཏི༚་ལཾ་མ་མ་དུན་བྷྱོ། ཛཧཱུྃ་བཾ་ཧོ ཀཱ་ལི་དུན་བྷྱོ ཨེ་ཨཱ་རལླི་ཧོཛཧཱུྃ་བཾ་ཧོ མ་ཏི་མ་ཧཱ་ས་མ་ཡ། ཕེ༚་ཕེ༚་ཕེ༚། མ་མ་པ་ཤ་ར། ཤ་ཀཱ་ཡ། ས་མ་ཡ་ཛ ཛ༔ཧཱུྃ་བཾ་ཧོ ཨ་ལ་ལ་ཧོ༔ མ་མོ་ནག་མོ་ཏི༚་ལཾ། མ་མོ་ནག་མོ་དུན་ཏི་བྷྱོ། ཛཧཱུྃ་བཾ་ཧོ ནག་མོ་དུན་བྷྱོ། ཨོཾ་ཨཱཧཱུྃ། ས་མ་ཡ། ཨེ་ཧྱེ་ཧི་ཛ། ཨཱ་རལླི་ཧོ ཧྲི༚་ཧྲི༚། ཞེས་བརྗོད་པས་སྤྲིན་གྱི་ཕུང་པོ་ལྟ་བུར་མདུན་གྱི་ནམ་མཁར་བྱོན་པར་བསམ། །ཨོཾ། ཁྲག་གི་རྒྱ་མཚོ་མེ་ཏོག་ཨུ་པཱཀྵ། སོགས་ཀྱིས་མཆོད་ལ། རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱས། ཛཞགས་པའི་ཕྱག་རྒྱས། ཧཱུྃ། ལྕགས་སྒྲོག་གི་ཕྱག་རྒྱས། བཾ།

(༣༩)དྲིལ་བུའི་ཕྱག་རྒྱས། ཧོགཉིས་སུ་མེད་པར་གྱུར། གདན་འབུལ་ཞིང་བཞུགས་སུ་གསོལ་བ་ནི། ཧཱུྃ། གཏུམ་པོ་འཇིགས་སུ་རུང་བ་སྲིན་པོའི་གཟུགས། །བྱང་ཆུབ་སེམས་དཔའ་དགྲ་བགེགས་འདུལ་མཛད་པ། །སྲིན་པོ་ནག་པོ་མི་ཕམ་ཁྲོ་གཉེར་ཅན། །དམ་ཚིག་དབང་གིས་གནས་འདིར་བཞུགས་སུ་གསོལ། །བྲག་རི་པདྨ་ཉི་མ་རོ་ཡི་གདན། །མདུང་དང་རལ་གྲི་གཤིབས་པའི་གཞལ་ལས་སུ། །སྲིན་པོའི་གཟུགས་ཅན་ནག་པོ་ཆེན་པོ་ནི། །ཕྱག་འཚལ་མཆོད་ཕྱིར་གནས་འདིར་བཞུགས་སུ་གསོལ། །རིན་ཆེན་རབ་བཀོད་རིན་ཆེན་ལས་བྱུང་ཁྲིར། །མཆོག་ཏུ་རྒྱས་པའི་ཆུ་སྐྱེས་གཙོ་བོ་ནི། །སྣང་བྱེད་བདག་པོའི་དཀྱིལ་འཁོར་གྱིས་མཚན་ལ། །མི་དམན་སྐབས་གསུམ་གོས་ཀྱི་བརྒྱན་རྣམས་དང་། །རིན་ཆེན་ཕྲེང་བའི་དྲྭ་བ་སྤེལ་བའི་འོད། །སྣང་བའི་ཟླ་བོ་གནོན་པའི་གཟི་བརྗིད་ཅན། །རི་དྭགས་དགྲ་དང་དཀར་མིན་མྱུར་འགྲོས་བཏེགས། །སྣ་ཚོགས་རིན་ཆེན་བཀོད་པའི་ཙན་དན་གྱི། །རྐང་བརྟན་རྩ་བར་བཀོད་པའི་གདན་བཟང་པོ། །ལེགས་བྱས་མང་པོའི་འབྲས་བུ་མངོན་པ་ཡི། །ཆེན་པོ་དག་ལ་ཡོངས་སུ་འོས་པ་གང་། །རིན་ཆེན་ཁྲི་ཡིས་ཕྱོགས་རྣམས་བཀང་སྟེ་འབུལ། །ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་དེ་ཝཱི་ས་པ་རི་ཝཱ་ར་རཏྞ་མ་ཉྫོ་པཱ་ད་ཏིཥྛ་ནྟེ་པཱུ་ཛ་མི་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཨཱཧཱུྃ། འབྱུང་པོ་འགའ་ཞིག་ལྔ་པར་གྱུར་པའི་ལུས། །ཤ་དང་ཁྲག་རྣམས་སྤངས་དངགསར་པ་

(༤༠)རྣམས། །ཕ་རོལ་ཕ་རོལ་མིན་པར་འཁྲུགས་པའི་སྟེང་། །སྲིད་གསུམ་ན་འཁོད་དྲེགས་པའི་རྗེས་འབྲང་བའི། །གཙོ་བོའི་དབང་པོ་བྱེ་བ་ཕྲག་བརྒྱ་དག །རྡུལ་གྱིས་གོས་པའི་མགོ་སྐྱེས་གཟིངས་བཞིན་དུ༴ །འབར་བའི་མཚོན་གྱིས་རེག་པས་མི་བཟོད་པའི། །སྡུག་བསྔལ་དབྱུག་གུས་བསྣུན་པའི་མགྲིན་པའི་རྔ། །དུད་མོའི་སྒྲ་འདོར་དྲག་པོར་བསྡུས་པ་དང་། །ཐུར་དུ་མངོན་པར་ཕྱོགས་པའི་བཞིན་གྱི་མཐར། །ཁྲག་རྣམས་ཟགས་ལྡན་བརྩེགས་བས་མི་དམན་པའི། །དབུགས་བྲལ་ཁྲི་ཡིས་ཕྱོགས་རྣམས་བཀང་སྟེ་འབུལ། །བྷྱོ། ཐོད་རུས་དམར་པོ་གཏམས་པའི་དཀྱིལ་འཁོར་དུ། །ལྷ་སྲིན་དགུ་བརྒྱ་བསྣོལ་བའི་བམ་བརྩེགས་ལ། །རྡོ་རྗེ་རལ་གཅིག་སྲིད་པ་གསུམ་གྱི་ཡུམ། །བརྗིད་ཅིང་འགྱིང་བའི་ཚུལ་གྱིས་བཞུགས་སུ་གསོལ། །བྱང་ཤར་ཕོ་བྲང་མཛེས་པ་ན། །ཉི་ཟླ་པདྨའི་གདན་སྟེང་དུ། །བམ་ཆེན་ཞིང་མཆོག་བསྣོལ་བ་ལ། །ཅི་བདེ་བར་ནི་བཞུགས་སུ་གསོལ། །རཀྨོ་རཀྵ་མ་ཧི་ཀུ་ལ་པདྨ་ས་མ་ཡ་ཏིཥྛ་ལྷན། །ཨེ་ཧྱེ་ཧི་ས་མ་ཡ་ཧཱུྃ། དམ་ལ་བཞག་པ་ནི། བདག་གི་ཐུགས་ཀ་ནས་འཕྲོས་པའི་སྔགས་ཕྲེང་མདུན་བསྐྱེད་ཀྱི་ཐུགས་ཀར་བསྟིམ་པས་ཐུགས་དམ་གྱི་རྒྱུད་བསྐུལ་ཞིང་ཕྲིན་ལས་སྒྲུབ་པར་བསམས་ལ། ཧཱུྃ། གསང་བ་གསུམ་ལས་བྱུང་བ་ཡི། །ཁྱོད་ནི་ནག་པོ་ཆེན་པོ་ཡིན། །རྡོ་རྗེ་གསུམ་གྱི་བདག་ཉིད་ཁྱོད། །དེ་ནི་འཇིགས་བྱེད་ཆེན་པོར་

(༤༡)བཤད། །ཁྱོད་ནི་གསང་བ་གསུམ་གྱི་བདག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །བསྟན་པ་བསྲུང་བར་བྱིན་གྱིས་བརླབས། །ཁྱོད་ནི་དཔལ་ལྡན་ནག་པོ་ཆེ། །བསྟན་པར་བསྲུང་བར་ཁས་བླངས་པས། །ཤཱ་ཀྱ་སེང་གེའི་བསྟན་པ་ལ། །དམ་ཚིག་ཆེན་པོས་གནས་པར་གྱིས། །ཧཱུྃ། རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །བྱིན་གྱིས་བརླབས་པའི་གནས་འདིར་ནི། །དྲག་པོ་འཁོར་བཅས་བཞུགས་སུ་གསོལ། །མཉམ་པའི་ཐལ་མོ་ལས་སྲིན་མཛུབ་ནང་དུ་བསྣོལ་བའི་རྩེ་མོ་མཐེབ་མཛུབ་སྦྱར་བའི་ནང་དུ་བཅུག་ཅིང་སྲིན་མཛུབ་གཡབ་པ་ཐོད་རློན་གྱི་ཕྱག་རྒྱས། ཨོཾ་མ་ཧཱ་ཀཱ་ལི་ཏྲ་ཀ་རཀྵ་ཐུན་བྷྱོ་ས་མ་ཡ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། ས་མ་ཡ་མ་ནུ་སྨ་ར་ཡ། ས་མ་ཡ་མཱ་ཏི་ཀྲ་མ་ཏི། ས་མ་ཡ་རཀྵནྟུ། དཔའ་བསྐུར་ཞིང་རྒྱས་གདབ་པ་ནི། སླར་ཡང་ཐུགས་ཀའི་ཧཱུྃ་ལས་རྡོ་རྗེ་ལྕགས་ཀྱུའི་གཟུགས་ཅན་གྱི་འོད་ཟེར་འཕྲོས་པས། །ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་དང་། རིག་པའི་ལྷ་མོ་རྣམས་དང་། དཔའ་བོ་དང་། ཁྲོ་བོ་དང་། ཁྲོ་མོའི་ཚོགས་རྣམས་བཛྲ་ས་མཱ་ཛ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱཱཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱ་དྱཾ་པྲ་ཏཱིཙྪ་སྭཱ་ཧཱ། ཕྱོགས་བཅུའི་དེ་བཞིན་གཤེགས་རྣམས་དང་། །ཁྲག་འཐུང་དཔལ་དང་ལྷ་མོ་རྣམས། །རྡོ་རྗེ་

(༤༢)ཁྲོ་བོ་ཁྲོ་མོའི་ཚོགས། །ཇི་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས། བགེགས་བསྐྲད་པ་དང་། མཆོད་པའི་སྤྲིན་སྤྲོ་བ་དང་། བཀྲ་ཤིས་བརྗོད་པ་དང་། དགོངས་པ་མཛད་པ་དང་། རིག་པའི་ལྷ་མོ་བརྒྱད་རྣམས་ཀྱིས་བུམ་པ་བདུད་རྩིས་གང་བ་ཐོགས་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར༴ །ལྷ་ཡི་ཆུ་ནི་དག་པ་ཡི། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་ཀཱ་ལ་ཤ་ཨ་བྷི་ཥེ་ཀ་ཏ་ཧཱུྃ། ཨོཾ་ཤཱུ་ནྱ་ཏ་ཏིཥྛ་ཏེ་སྭཱ་ཧཱ། ཞེས་གསུང་བཞིན་པས་བདེ་བ་ཆེན་པོར་བུམ་པ། མགྲིན་པར་གསང་བ། སྙིང་གར་ཤེས་རབ་ཡེ་ཤེས། ལྟེ་བར་བཞི་པ་སྟེ། དེ་ལྟར་དབང་བསྐུར་བས། །ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ་དང་། །མེ་ཏོག་གི་ཆར་འབབ་པ་དང་། །གླ་རྩི་དང་དྲི་ཞིམ་པོ་ཡོངས་སུ་རྫོགས་པར་འཛིན་པ་དང་། སྲེད་མེད་ཀྱི་བུ་ལ་སོགས་པས་བྱིན་གྱིས་རློབ་པ་དང་། ལྷ་རྣམས་ཐམས་ཅད་ཀྱིས་དམ་ཚིག་གིས་སྐྱོང་ཞིང་མི་གཏོང་བར་གྱུར་བའོ། །སླར་ཡང་དབང་གི་ལྷ་རྣམས་གཅིག་ཏུ་གྱུར་པ་ལས་དེ་བཞིན་གཤེགས་པ་མི་བསྐྱོད་པའི་རྣམ་པ་ཅན་གྱི་བླ་མས་དབུ་རྒྱན་པར་གྱུར། ཕྱག་འཚལ་བ་ནི། ཧཱུྃ། མཉམ་མེད་མཐུ་མངའ་གཏུམ་ཆེན་མེ་ལྟར་འབར། །མ་ལུས་

(༤༣)འཇོམས་མཛད་དགྲ་བགེགས་ཐལ་བར་རློག །མཐར་བྱེད་གཞོན་ནུ་འཇོམས་པའི་གང་རྒྱངས་ཅན། །མ་ཧཱ་ཀཱ་ལ་ཁྱོད་ལ་ཕྱག་འཚལ་ལོ། །ཀེང་རུས་བརྩེགས་པའི་སྐུ་མཁར་ནས། །འཇིགས་བྱེད་བསྐལ་པའི་མེ་ལྟར་འབར། །ཞབས་གཉིས་བརྐྱང་བསྐུམ་དབུས་གནས་པ། །ལེགས་ལྡན་ནག་པོའི་སྐུ་ལ་བསྟོད། །ནག་པོ་ལྷ་ཡི་དམག་དཔོན་མཐུ་བོ་ཆེ། །ཤིན་ཏུ་མི་བཟད་གཏུམ་ཆེན་རྔམ་པའི་སྐུ། །བྱམས་པའི་ཐུགས་མངའ་མཐིང་ནག་བརྗིད་པའི་ཞལ། །སྲིད་གསུམ་གདུག་པ་མ་ལུས་བསྒྲལ་བའི་ཕྱིར། །རྣོ་དབལ་ཟུར་གསུམ་མཆེ་བ་ཟངས་ཡག་གཙིགས། །ཧོཾ་ཁུང་ཞལ་ནས་ལྗགས་དམར་གློག་ལྟར་འཁྱུག །འཇིགས་པའི་ཨག་ཚོམ་སྡང་བའི་མེ་སྟག་འཕྲོ། །དྲག་པོའི་གསུང་ཆེན་ཤངས་ནས་ཧཱུྃ་སྒྲ་འབྱིན། །སྤྱན་གསུམ་སྡང་མིག་ཉི་ཟླ་ལྟར་གཟིགས་ཤིང་། །སྨིན་མ་ནག་པོ་དཔྲལ་བའི་ཁྲོ་གཉེར་ཅན། །ཟླ་བ་བཞིན་ཞལ་དྲག་པོའི་ཞལ་རྒྱས་པ། །བསྐལ་པའི་མེ་འབར་ཐོད་པ་ལྔས་བརྒྱན་ཅིང་། ཁམ་ནག་རལ་པ་ཟུར་གསུམ་འཁྱིལ་བ་ལ། །ཀླུ་དབང་ཁྲོས་པའི་སྦྲུལ་ནག་འབར་བས་བཅིངས། །ཕྱག་གཡས་ཙན་དན་བེང་ཆེན་བསྣམས་ཏེ་གསོར། །གཡོན་པས་ཐོད་མཆོག་པར་བུ་དཀུ་ལ་བརྟེན། །སྐུ་ལ་དར་ནག་

(༤༤)འཇོལ་བེར་དགུ་བརྩེགས་གསོལ། །ནོར་བུས་མི་བཙངས་ཡིད་འོང་གསེར་སྐེད་བཅིངས། །མཁའ་འགྲོ་ཀུན་གྱི་གཙོ་བོ་མཛད་པའི་ཚེ། །གཡས་པས་ཟངས་གྲིས་དགྲ་བོའི་སྲོག་རྩ་གཅོད། །གཡོན་པས་བནྡྷར་ཉམས་པའི་སྙིང་ཁྲག་འཐུང་། །དུར་ཁྲོད་ཀུན་ཏུ་རྒྱུ་བའི་ཚེ་ན་ཡང་། །འཇིགས་བྱེད་ཆེན་པོ་དྲག་པོའི་ཆ་ལུགས་ཅན། །སྲིད་གསུམ་མ་མོས་གུས་པའི་ཚུལ་གྱིས་བསྟོད། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་པར་སྟོན། །གཉིས་མེད་ཐུགས་ནི་དོན་དམ་དབྱིངས་ན་གསལ། །འགག་མེད་གསུང་ནི་དྲག་པོའི་འབྲུག་ལྟར་སྒྲོག །སྐུ་གསུང་ཐུགས་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །ཡེ་ཤེས་མཁའ་འགྲོ་སྔོན་པོའི་མདོག་དུ་སྣང་། །སྐུ་མདོག་སྔོ་ནག་དབྱར་གྱི་ཆར་སྤྲིན་འདྲ། །དུག་གསུམ་མུན་ཁམས་མ་ལུས་འཇོམས་མཛད་པའི། །མ་ཧཱ་ཀཱ་ལ་ཁྱོད་ཉིད་དགྱེས་པར་རོལ། །ཁྲོས་པའི་ཞབས་བརྡབས་རི་རབ་གླིང་བཞི་གཡོ། །འཇིགས་པའི་གད་མོས་སྟོང་གསུམ་སྐྲག་མཛད་དེ། །ཆོས་རྒྱལ་བཀའ་ཡི་བསྟན་པ་རྒྱས་མཛད་པ། །གཏེར་བདག་ནག་པོའི་སྐུ་ལ། ཧཱུྃ། ཆོས་ཀྱི་དབྱིངས་ལས་ཁྲོ་བོའི་སྐུར་སྟོན་པ། །ཆོས་ཉིད་ངང་ལས་མ་གཡོས་བསྟན་སྲུང་ཚུལ། །རྡོ་རྗེ་གཏུམ་པོའི་ཐུགས་ལས་རབ་སྤྲུལ་པ། །ཡེ་ཤེས་མགོན་པོའི་ཚོགས་ལ་ཕྱག་འཚལ་ལོ། །

(༤༥)འགྲོ་བའི་དོན་དུ་ཐུགས་རྗེའི་སྐུར་སྤྲུལ་ཞིང་། །སངས་རྒྱས་བསྟན་ལ་སྡང་བའི་དགྲ་བགེགས་འདུལ། །ནག་པོ་མི་བཟད་ཁྲོ་གཉེར་རལ་པ་ཅན། །སྲས་མཆོག་ནག་པོའི་ཚོགས་ལ༴ གསང་སྔགས་རྣལ་འབྱོར་ཀུན་གྱི་བཀའ་སྲུང་མཛད། །སངས་རྒྱས་བསྟན་སྲུང་ཕས་ཀྱི་རྒོལ་བ་ཟློག །གཏུམ་པོ་བདུད་འདུལ་དྲེགས་པ་ཤ་ཟའི་གཟུགས། །འཇིག་རྟེན་མགོན་པོའི་ཚོགས་ལ༴ །བྷྱོ། བསྐལ་པ་མང་པོར་རང་རྒྱུད་ཆེར་སྦྱངས་ནས། །སྙིང་རྗེའི་དབང་གིས་ཕན་པའི་སྐུར་སྟོན་ཅིང་། །བདེ་གཤེགས་རྒྱལ་བའི་བསྟན་པ་རྒྱས་མཛད་པ། །གདུག་པ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱི་ཆོ་འཕྲུལ་ནམ་མཁའི་མཐའ་འདྲ་སྟེ། །རྒྱལ་བ་རྣམས་དང་ཆོས་ཀྱི་དབྱིངས་ན་རོལ། །སངས་རྒྱས་ཐེག་པ་ཐམས་ཅད་འདུས་པའི་གཟུགས། །རྣམ་པར་སྣང་མཛད་ཁྱོད་ལ་ཕྱག་འཚལ་ལོ། །རང་བཞིན་སྐུ་མཆོག་རྐྱེན་གྱིས་མ་བསྐྱེད་ཀྱང་། །མཚན་དང་དཔེ་བྱད་སྔགས་ལས་སྐུ་གྱུར་པ། །ཉི་ཟླའི་དཀྱིལ་འཁོར་ཐབས་དང་ཤེས་རབ་ཅན། །གསང་སྔགས་རིག་སྔགས་གཟུངས་སྔགས་ལ་ཕྱག་འཚལ། །བསྐལ་པ་མང་པོར་མཐོང་བའི་ལམ་བརྙེས་ཀྱང་། །བླུན་པོ་རྣམས་ལ་སྟོན་ཕྱིར་གཟུངས་སྔགས་སྟོན། །ཡི་གེ་ཉི་ཤུ་

(༤༦)རྩ་གཅིག་བྱིན་བརླབས་ནས། །སྲིན་མོའི་དཀྱིལ་འཁོར་སྐྱོང་མཛད་ཕྱག་འཚལ་ལོ། །བྷ་གའི་དཀྱིལ་འཁོར་འབྲུ་བརྒྱད་གསང་སྔགས་ལས། །སྦྱོར་བ་མང་པོའི་དངོས་གྲུབ་སྟེར་མཛད་ཅིང་། །གསང་སྔགས་བཅོ་ལྔའི་ཡོན་ཏན་སྤོར་མཛད་མ། །སྦྱིན་སྲེག་སྐྱོང་མཛད་མ་ལ༴ །དྲག་པོ་འདུལ་ཕྱིར་རོ་ལངས་སྐྱོང་མཛད་དེ། །ཡི་གེ་བཅུ་གསུམ་དངོས་གྲུབ་འབེབས་མཛད་མ༴ །གཅིག་པུར་གྲུབ་པ་རྟགས་ཀྱི་རལ་གཅིག་མ། །གསང་སྔགས་བཅུ་གཅིག་སྟོན་ལ༴ །ཡི་གེ་བཅོ་ལྔའི་སྟོབས་ཀྱིས་སྲིན་མོས་འདུལ༴ །གསང་སྔགས་བཅུ་གཉིས་དགུ་ཚིགས་རྐང་གིས་གནོན། །སུམ་ཅུ་ཆོས་ཀྱི་འཁོར་ལོ་མདོས་པར་མཛད། །ཡི་གེ་བཅོ་བརྒྱད་མཚན་མས་འདུལ་ཕྱག་འཚལ། །སུམ་ཅུ་རྩ་གཉིས་སྤུ་གྲིའི་སྔགས་སྟོན་མ། །ཡི་གེ་བཅུ་གཅིག་བཀྲ་ཤིས་ཤ་བ་རི། །ཆོམ་རྐུན་ཟློག་མཛད་བཅུ་བཞི་མཱ་རི་ཙྱེ། །སྐུལ་མཛད་གསང་སྔགས་ཉི་ཤུ་ལ་ཕྱག་འཚལ། །ཡི་གེ་བཅུ་གཉིས་མཚན་མ་ཐུགས་ལས་སྐྱེས། །ཡི་གེ་བཞི་བཅུ་གཞོན་ནུའི་ལྕེ་སྤོར་མ། །ཡི་གེ་རྩ་བཞི་ཡི་གེ་སྟོན་མཛད་ལྷ། །གསང་སྔགས་རྩ་བཞི་མ་ལ༴ ཡི་གེ་རྩ་དགུ་ཟས་ཀྱི་རྟགས་སྟོན་མ། །ཡི་གེ་བཅོ་བརྒྱད་དགྲ་བཞི་གསོད་མཛད་མཐུ། །ཕྱག་རྒྱ་བརྒྱད་ཀྱི་དཀྱིལ་

(༤༧)འཁོར་སྐྱོང་མཛད་མ། །ཡི་གེ་དྲུག་པ་འབྱུང་བ་ཁྱོད་ཕྱག་འཚལ། །ཐམས་ཅད་རྟགས་སུ་ཆེ་བས་ཆོ་འཕྲུལ་སྟོན། །མི་དབང་ཡི་གེ་རྩ་གཅིག་ཉིད་ཀྱིས་འདུལ། །སྦྱིན་སྲེག་རྣམ་གསུམ་ཡི་གེ་ལྔར་སྟོན་མ། །ཚོགས་ཀྱི་མཆོད་པ་མཛད་ལ༴ །བདེ་གཤེགས་སྐུ་ལྔ་བརྙེས་པ་ཁྱོད་ལགས་ཏེ། །ཡི་གེ་བཞི་བཅུ་སྲིད་པ་དུས་བཞིའི་ལྷ། །གསང་སྔགས་བརྒྱད་ཀྱིས་སེམས་ཅན་གསོད་པའི་བདུད། །གསང་སྔགས་ཡིག་དགུའི་ཕོ་ཉ་ཁྱོད་ཕྱག་འཚལ། །ཨེ་ཝཾ་མཱ་ཡཱ་ལས་བཞི་སྲིད་པར་སྟོན། །དམ་ཚིག་གཉིས་སྲུང་ཁྱོད་ལ༴ །འཇིག་རྟེན་འདི་ན་ལས་ལས་གྲུབ་པ་རྣམས། །ཁྱོད་ཀྱི་རང་བཞིན་རྟོགས་པར་རབ་ཏུ་དཀའ། །དཀར་པོའི་ཕྱོགས་འཛིན་ལྷ་དམག་རྒྱས་མཛད་པས། །ཁྱོད་ལ་ལྷ་རྣམས་ཕྱག་བགྱིད་རྟག་ཏུ་སྐྱོང་། །བྷྱོ། མཁའ་ལ་དབང་སྒྱུར་ཡིད་བཞིན་སྤྲུལ་པའི་སྐུ། །ཡ་མཚན་རྨད་བྱུང་ལུས་ལ་ཏིལ་མར་བྱུགས། །དབང་ཕྱུག་ནག་མོ་གསང་བའི་རེ་མ་ཏི། །ནག་མོ་སྟོང་གི་གཙོ་ལ་ཕྱག་འཚལ་བསྟོད། །ཨོཾ་མ་ཧཱ་ཀ་ལ་ཀཱ་ལ་ཡེ་ན་མ༔ མཆོད་པ་བྱིན་གྱིས་བརླབ་པ་ནི། བདུད་རྩི་གཏོར་ཞིང་། ཨོཾ་དཾ་ཥྚོ་ངྐོཾ་ཌཾ་སོགས། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་ཐོད་པའི་སྣོད་ཡངས་ཤིང་རྒྱ་

(༤༨)ཆེ་བ་ཟླ་བ་ལྟར་དཀར་བའི་ནང་དུ། ཧཱུྃ་ཡིག་ནག་པོ་དཔག་ཏུ་མེད་པ་འོད་དུ་ཞུ་བ་ལས་བྱུང་བའི་རུས་པ་ཆེན་པོའི་རྫས་རྣམས་དང་ལྡན་པའི་ཁྲག་གི་རྡོ་རྗེའི་མཆོད་ཡོན་དང་། ཨུ་པཱ་ཀྵ། དུག་གི་མེ་ཏོག་སྣ་ཚོགས་པ་མིའི་དབང་པོ་རྣམ་པ་ལྔ། །རྡོ་རྗེའི་མེ་ཏོག་དང་། དུར་ཁྲོད་དུ་སྦྱར་བའི་ཚིལ་ཆེན་དང་། བདུག་པ་སྣ་ཚོགས་པ་རྡོ་རྗེའི་སྤོས་དང་། མིའི་ཚིལ་མར་ནག་ཆེན་པོ་རྡོ་རྗེའི་མར་མེ་དང་། ཁྲག་དང་། ཞག་དང་། ཐལ་ཆེན་བདུད་རྩི་ལྔ་དང་ལྡན་པའི་རྡོ་རྗེའི་དྲི་ཆབ་དང་། །ཤ་ཆེན་ལ་སོགས་པ་སྟོབས་ལྔ་དང་། བཟའ་བ་དང་། བཏུང་བ་དང་། ལྡག་པ་དང་། གཞིབ་པར་བྱ་བ་སྣ་ཚོགས་པ་རྡོ་རྗེའི་ལྷ་བཤོས་དང་། ཐོད་རྔ་རྐང་གླིང་ལ་སོགས་པ་རྡོ་རྗེའི་རོལ་མོ་རྣམས་དང་། འདོད་ཡོན་ལྔ་དང་། རྒྱལ་པོ་ལ་འོས་པའི་རིན་པོ་ཆེ་རྣམ་པ་བདུན་དང་། བཀྲ་ཤིས་པའི་རྫས་བརྒྱད་དང་། །གྲུབ་པའི་རྫས་ཉི་ཤུ་རྩ་བདུན་དང་། མཆོད་པའི་ལྷ་མོ་བཅུ་དྲུག་དང་། རྡོ་རྗེ་ལྷ་མོ་བརྒྱད་དང་། རིན་པོ་ཆེའི་རིགས་ལས་བྱུང་བའི་མཆོད་པའི་རྒྱན་དུ་མ་དང་། དུར་ཁྲོད་ཀྱི་རྫས་ལས་གྲུབ་པའི་མཆོད་པའི་རྫས་ཁྱད་པར་འཇིགས་ཤིང་ཡ་ང་བ་སྐྱེད་པར་བྱེད་པ་རྣམས་དང་། ཕྱི་དང་ནང་དང་གསང་བས་ཕྱེ་བའི། །བསྟེན་པའི་རྫས་རྣམས་དང་། དམ་ཚིག་གི་ཡོ་བྱད་བསམ་གྱིས་མི་

(༤༩)ཁྱབ་པ་རང་བཞིན་སྟོང་ལ་རྣམ་པ་མཆོད་པའི་བྱེ་བྲག་དུ་མའི་གཟུགས་སོ་སོར་སྣང་བ། རྡོ་རྗེ་མཆོད་པའི་སྤྲིན་ཕྱོགས་བཅུའི་འཇིག་རྟེན་མཐའ་དག་རྒྱས་པར་འགེངས་ཤིང་། བླ་མ་དང་བཅོམ་ལྡན་འདས་དཔལ་ནག་པོ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་དཔའ་བོ་དང་མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པ་སོགས་འཇིགས་བྱེད་མཐའ་དག་གི་སྤྱན་ལམ་དུ་འབྱུང་བས་དགྱེས་པ་སྐྱེད་པའི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པར་གྱུར། ཡང་ན། སྭ་བྷཱ་ཝའི་རྗེས་སུ། ཨ་ལས་ཐོད་པར་ཧཱུྃ་ཡིག་ནག་པོ་ལས། །མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་མཆོད་པའི་སྤྲིན། །རབ་འབྱམས་སྣང་སྟོང་ལྷ་རྣམས་མཉེས་བྱེད་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཧཱུྃ། བཛྲ་པུཥྤེ། བཛྲ་དྷཱུ་བེ། བཛྲ་དཱི་པཾ། བཛྲ་གནྡྷི། བཛྲ་ནཻ་ཝི་དྱ། བཛྲ་ཤབྡ་ཨཱཧཱུྃ། །འབུལ་བ་ནི། ཨོཾ། །སྐབས་གསུམ་དགྲ་དང་སྲིན་པོའི་བདག་པོ་དང་། །མཆོག་ལ་སྡང་བའི་བློ་ལྡན་ལུས་ཅན་གྱི། །ཁྲག་གི་ཆུ་གཏེར་འཁྲུག་པའི་རྦ་རླབས་ཕྲེང་། །གཡོ་ལྡན་མཆོད་ཡོན་ཕྱོགས་རྣམས་བཀང་སྟེ་དབུལ། ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་དེ་ཝཱི་ས་པ་རི་ཝཱ་ར་མ་ཧཱ་རུ་དྷི་རཾ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཧཱུྃ། ཕྲ་མོར་གནས་ཀྱང་བཟོད་དཀའི་སྡུག་བསྔལ་གྱིས། །སྐྱེ་

(༥༠)དགུ་ལྔ་བར་བྱེད་པའི་འདབ་བརྒྱ་པ། །གནོད་བྱེད་དབང་པོ་ལྔ་དང་ཨུ་པཱཀྵའི། །མེ་ཏོག་བཀྲམ་པས་ཕྱོགས། ས་པ་རི་ཝཱ་ར་པཉྩ་ཨིནྡྲ་ཨུ་པཱཀྵ་བི་ཥ་མ་པུཥྤེ་པཱུ་ཛ། གདུག་པའི་སེམས་འཛིན་མཆོག་ཏུ་མི་བསྲུན་ལ། །ལོག་པའི་ཆ་ཡིས་བསླད་པའི་ཚིལ་ཆེན་པོ། །དུར་ཁྲོད་དུ་སྦྱར་བདུག་པའི་དབྱར་སྐྱེས་ནི། །ཀུན་ཏུ་དཀྲིགས་པས་ཕྱོགས། །ས་པ་རི་ཝཱ་ར་མ་ཧཱ་མེ་ད་དྷཱུ་པེ་པཱུ་ཛ། །ངན་འགྲོའི་རྒྱུ་ལ་གཅིག་ཏུ་འདྲིས་ལྡན་པའི། །ལུས་གནས་དཀར་མིན་ཆེན་པོའི་མར་གྱི་ཚོགས། །ཡི་དྭགས་མེ་ཡིས་སྦར་བའི་གསལ་བྱེད་ནི། །མཐའ་ཡི་མེ་ལྟར་ཕྱོགས། །ས་པ་རི་ཝཱ་ར་གྷྲི་ཏཾ་ཀྲིཥྞ་མ་ཧཱ་དཱི་པཾ་པཱུ་ཛ། །དམ་པའི་ཆོས་ལས་གཞན་དུ་ལོག་པའི་བློ། །ནང་དུ་གནས་རྣམས་སྲོག་སོང་འབར་བ་ཡིས། །ཟོས་པའི་རྡུལ་དང་ཁྲག་ཞག་བདུད་རྩི་ལྔ། །བྱུག་པའི་ཁྱད་པར་ཕྱོགས། །ས་པ་རི་ཝཱ་ར་མ་ཧཱ་བྷ་སྨི་རཀྟ་ཝ་སཱ་པཉྩ་ཨ་མྲྀ་ཏ་ཡོ་ཛྱ་བི་ལེ་པ་ནཾ་པཱུ་ཛ། རྫོགས་སངས་ཚུལ་ལ་སྡང་དང་གཞན་མིན་ལ། །ངེས་པ་ཉིད་དུ་ཉེར་འཚེ་རྣམ་རྒྱས་པའི། །བྱམས་སྡང་སོ་སོར་བྱེད་པའི་ཤ་ཁྲག་རུས། །ལྷུན་པོ་ལྟར་སྤུངས་ཕྱོགས། ས་པ་རི་ཝཱ་ར་མ་ཧཱ་མཾ་ས་རུ་དྷི་རཾ་ཨ་སྠི་བ་ལི༚་པཱུ་ཛ། ཡན་ལག་མཆོག་ལ་བགྱིས་པའི་སྒྲ་ལྡན་དང་། །རྐང་ལས་སྐྱེས་པའི་རབ་སྙན་ཡིད་

(༥༡)འཕྲོག་སྒྲ། །རོལ་མོའི་རིགས་གནས་མཁའ་ལ་ཕྱོགས་བཞིའི་རླུང་། །བརྡབས་པའི་སྒྲ་བཞིན་ཕྱོགས། །ས་པ་རི་ཝཱ་ར་ཀ་པཱ་ལ་ཌ་མ་རུ་ཀ་མཛྫ་ཝཾ་སེ་ཤ་བྡ་པཱུ་ཛ། །སྐབས་གསུམ་གྲོང་གིས་མཚན་པའི་ལྷུན་པོ་དང་། །ལུས་ཅན་ཡོ་བྱད་རྫོགས་པའི་གླིང་རྣམས་དང་། །རིན་ཆེན་ས་འཛིན་རྣམས་དང་བདུད་རྩིའི་མཚོ། །དག་བྱེད་མུ་ཁྱུད་ཕྱོགས། ས་པ་རི་ཝཱ་ར་རཏྣ་མཎྜལ་པཱུ་ཛ། བསྡུ་ན། ཨོཾ་ཁྲག་གི་རྒྱ་མཚོ་མེ་ཏོག་ཨུ་པཱཀྵ། །ཚིལ་ཆེན་བསྲེགས་དང་མར་ནག་ཆེན་པོའི་མེ། །ཐལ་ཆེན་ཁྲག་ཞག་བདུད་རྩི་ཤ་ཆེན་ལྔ། །དུར་ཁྲོད་སྒྲ་ཡིས་ཕྱོགས་རྣམས་བཀང་སྟེ་འབུལ། །ཨོཾ་ཤྲཱི་མཱ་ན་གུ་རུ་བཛྲ་མ་ཧཱ་ཀཱ་ལ་དེ་བཱི་ས་པ་རི་ཝཱ་ར་ཨརྒྟཾ་པྲ་ཏཱི་ཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཧཱུྃ། པུཥྤེ་སོགས་ཀྱིས་མཆོད། ཚོགས་ཀྱི་ཡོ་བྱད་བཟང་ཞིང་རྒྱ་ཆེ་བ་བཤམས་ལ། ལས་ཀྱི་རྡོ་རྗེས་ཕྱག་འཚལ་ཞིང་། །སྒྲིབ་གཉིས་བྱང་ཞིང་དངོས་གྲུབ་འདོད་པ་དང་། །ཕྱི་ནང་དཀྱིལ་འཁོར་མཆོད་པས་ཚོགས་རྫོགས་ཕྱིར། །ཚོགས་ཀྱི་འཁོར་ལོའི་ཡོ་བྱད་རྒྱ་ཆེན་པོ། །བདུད་རྩི་བྱིན་བརླབས་ལྷ་རྣམས་མཉེས་པར་མཛོད། །ཅེས་གསོལ་བ་བཏབ། །ཚོགས་རྫས་ལ་བདུད་རྩི་གཏོར་ཞིང་། ཡི་དམ་གཏོར་མ་ལྟར་བྱིན་གྱིས་བརླབ། །ལས་ཀྱི་རྡོ་རྗེས་ཚོགས་བཏེག་ཅིང་། ཧཱུྃ། བཞེངས་ཤིག་བླ་མ་རྣམས་བཞེངས་ཤིག །བཀའ་བརྒྱུད་བླ་མ་སྐུ་བསྐྱོད་འཚལ། །རིག་འཛིན་མཁའ་

(༥༢)འགྲོ་འབུམ་གྱི་དབུས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཧཱུྃ། བཞེངས་ཤིག་ཡི་དམ་རྣམས། །རྡོ་རྗེ་ཕག་མོ། །ཨོ་རྒྱན་གནས་ནས། །འདིར་གཤེགས། ཧཱུྃ། བཞེངས་ཤིག་མཁའ་འགྲོ་རྣམས། རིགས་ལྔ་མཁའ་འགྲོ། རང་རང་གནས་ནས། འདིར་གཤེགས། ཧཱུྃ། བཞེངས་ཤིག་ཆོས་སྐྱོང་རྣམས། དཔལ་ལྡན་མགོན་པོ། །ཡེ་ཤེས་མཁའ་འགྲོ། འདིར་གཤེགས། ཧཱུྃ། བཞེངས་ཤིག །སྲས་མཆོག་ནག་པོ། །ལས་ཀྱི་མཁའ་འགྲོ། འདིར་གཤེགས། ཧཱུྃ། བཞེངས་ཤིག །འཇིག་རྟེན་མགོན་པོ། །འཇིགས་རྟེན་མཁའ་འགྲོ། །འདིར་གཤེགས། །ཧཱུྃ། བཞེངས་ཤིག །དམ་ཅན་རྒྱ་མཚོ། བཀའ་སྡོད་མཁའ་འགྲོ། འདིར་གཤེགས། ཧཱུྃ། བཞེངས་ཤིག་ཞིང་སྐྱོང་། ག་ཡ་དྷ་ར། ཕོ་བྲང་མཁའ་སྤྱོད་ཙཱ་རི་ནས། །བདུད་མགོན་སེང་གདོང་ཡབ་ཡུམ་ལ། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་གྱིས་རློབས། །ཚོགས་གཏོར་འདི་ལ་བཅུད་ཅིག་ཕོབ། །འདིར་ཚོགས་རྣལ་འབྱོར་ཐམས་ཅད་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཨཱ་ཙཱརྱ་སཱ་པ་རི་ཝ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧ་རི་ནིས་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་

(༥༣)ཧི། ཨོཾ་ཤྲཱི་ཛྙཱ་ན་ནཱ་ཐ་ཛྙཱ་ན་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཨོཾ་ཀརྨ་ན་ཐ་ཀརྨ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཨོཾ་ལོ་ཀ་ནཱ་ཐ་ལོ་ཀ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཨོཾ་ས་མ་ཡ་ནཱེ་ཐ་ས་མ་ཡ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་སིང་ཧཱ་མུ་ཁ་ས་པ་རི་ཝ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་བརྗོད་ཅིང་རོལ་མོ་བྱ། ཚོགས་ཀྱི་ཕུད་གཏོར་མར་བྲན། བདུད་རྩི་ནམ་མཁར་འབུལ་ལོ། །རྒྱུན་གྱི་གཏོར་མ་བྱིན་རླབས་ཀྱི་རིམ་པ་ནི། སླར་ལས་ཀྱི་རྡོ་རྗེས་ཕྱག་བཙལ་ནས། བླ་མེད་བླ་མ་རྒྱལ་བ་ཀུན་གྱི་དངོས། །དངོས་གྲུབ་འབྱུང་གནས་རྒྱལ་བའི་དཀྱིལ་འཁོར་མཆོག །ཕྲིན་ལས་ཀུན་བདག་རྡོ་རྗེ་ནག་པོ་ཆེ། །བཀའ་ཉན་དམ་ཅན་ཚོགས་ལ་ཐུན་མོང་དང་། །མཆོག་གི་དངོས་གྲུབ་སླད་དུ་གཏོར་མ་ནི། །ཟག་མེད་བདུད་རྩིའི་རྒྱ་མཚོ་འབུལ་བར་འཚལ། །ཞེས་གསོལ་བ་བཏབ། བླ་མ་ཡི་དམ་གྱི་གཏོར་འབུལ་རྒྱས་བསྡུས་གང་རིགས་བྱ། །

(༥༤)

(༥༥)དེ་ནས་ཕྱི་དྲོའི་དུས་སུ་བྱ་བའི་གཏོར་མའི་རིམ་པ་ལ་གསང་སྔགས་ནང་གཏོར་ནི། །རང་ཡི་དམ་དུ་གསལ་བས་གཏོར་མའི་རྫས་བདུད་རྩིའི་ཆུས་བསང་ཞིང་། ཨོཾ་ཨཱབི།།།ནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཱསརྦ་དྷརྨཱ སྭ་བྷཱ་ཝ་ཤུདྡྷོ྅་ཧོཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ཅན་ཆང་ཟུང་ལ་ཡཾ་དང་། མཆོག་མ་གཉིས་ལ་གཡོ་བའི་བ་དན་གྱིས་མཚན་པ། །དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རཾ་གྱིས་མཚན་པ། དེའི་སྟེང་དུ་ཀཾ་གསུམ་ལས་ཐོད་པ་བུམ་རིལ་གྱི་སྒྱེད་པུ་ལྟག་པ་ནང་དུ་བསྟན་པ་གསུམ་གྱི་སྟེང་དུ། ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་ཀ་པཱ་ལ་ཕྱི་དཀར་ལ་ནང་དམར་བ། དུམ་བུ་གཅིག་པ་དཔྲལ་བ་རང་ལ་བསྟན་པ། རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ། །དེའི་དབུས་སུ་མུ་ལས་དྲི་ཆུ་བཻ་ཌཱུརྱ་ལྟ་བུ། ཤར་དུ་བི་ལས་དྲིན་ཆེན་ཤེལ་ལྟ་བུ། ལྷོར་ར་ལས་རཀྟ་གསེར་བཙོ་མ་ལྟ་བུ། ནུབ་ཏུ་ཤུ་ལས་བྱང་སེམས་དཀར་པོ། །བྱང་དུ་མ་ལས་ཀླད་པ། སླར་ཡང་དབུས་སུ་ན་ལས་མིའི་ཤ །ཤར་ལྷོར་གོ་ལས་བ་ལང་གི་ཤ །ལྷོ་ནུབ་ཏུ་ཀུ་ལས་ཁྱིའི་ཤ །ནུབ་བྱང་དུ་ད་ལས་གླང་པོ་ཆེའི་ཤ །བྱང་ཤར་དུ་ཧ་ལས་རྟའི་ཤ །དེ་རྣམས་སླར་ཡང་ཡི་གེ་དེ་དག་གིས་

(༥༦)མཚན་པའོ། །རང་གི་སྣ་བུག་གཡོན་པ་ནས་རླུང་ཧཱུྃ་གི་དབྱིབས་ཅན་འཕྲོས། རླུང་གི་དཀྱིལ་འཁོར་ལ་ཕོག །བ་དན་བསྐྱོད་པས་རླུང་གཡོས་མེ་སྦར་ཐོད་པ་དྲོས། རྫས་རྣམས་ཁོལ། ཉེས་པའི་སྐྱོན་རྣམས་ཕྱིར་ལུད། ། དེའི་སྟེང་དུ་ཨོཾ་ཨཱཧཱུྃ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱཧཱུྃ། ལན་གསུམ་བརྗོད་པས་བྱིན་གྱིས་བརླབས། འབར་བའི་ཕྱག་རྒྱ་དཔྲལ་བར་བསྒོར་ཞིང་། ཕེ༚་ཕེ༚་ཕེ༚། ཞེས་གཏོར་མགྲོན་སྤྱན་དྲངས། པད་སྐོར་རྡོ་རྗེ་ཐལ་མོ་ཁ་ཕྱེ་བས། ཨོཾ་བཛྲ་ཨཱ་རལླི་ཧོཛ༔ཧཱུྃ་བཾ་ཧོ བཛྲ་ཌཱ་ཀི་ནི་ས་མ་ཡ་སྟཾྭ། དྲྀ་ཤྱ་ཧོལན་གསུམ། ན་མོ་རཧྣ་གུ་རུ་ཨི་དམྦ་ལི༚་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་བརྗོད། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་། ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་གཅིག་ཏུ་བསྡུས་པའི་ངོ་བོར་གྱུར་པ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཞལ་དུ་ཨི་དཾ་བ་ལི༚་ཁ་ཁ་ཁཱ་ཧི་

(༥༧)ཁཱ་ཧི། ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། །ཏཻ་ལོ་ཤེས་རབ་བཟང་པོ། །ནཱ་རོ་ཛྙཱ་ན་སིདྡྷི། མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། དཔལ་ལྡན་དུས་གསུམ་མཁྱེན་པ། འགྲོ་མགོན་རས་པ་ཆེན་པོ། །རྒྱལ་སྲས་སྦོམ་བྲག་པ། གྲུབ་ཆེན་ཀརྨ་པཀྴི། མཁས་གྲུབ་ཨོ་རྒྱན་པ། སེམས་དཔའ་རང་བྱུང་རྡོ་རྗེ། རྒྱལ་བ་གཡུང་སྟོན་ཆེན་པོ། །འཛམ་གླིང་ཆོས་ཀྱི་གྲགས་པ། རྟོགས་ལྡན་མཁའ་སྤྱོད་དབང་པོ། །ཆོས་རྗེ་དེ་བཞིན་གཤེགས་པ། རྗེ་བཙུན་རཏྣ་བྷ་དྲ། སྤྲུལ་སྐུ་མཐོང་བ་དོན་ལྡན། ཀུན་མཁྱེན་འཇམ་དཔལ་བཟང་པོ། །བྱང་སེམས་དཔལ་འབྱོར་དོན་གྲུབ། རྒྱལ་དབང་ཆོས་གྲགས་རྒྱ་མཚོ། །གྲུབ་ཆེན་བཀྲ་ཤིས་དཔལ་འབྱོར། མཚུངས་མེད་མི་བསྐྱོད་རྡོ་རྗེ། རྒྱལ་བ་དཀོན་མཆོག་ཡན་ལག །རྗེ་བཙུན་དབང་ཕྱུག་རྡོ་རྗེ། །གར་དབང་ཆོས་ཀྱི་དབང་ཕྱུག །རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ། དཔལ་ལྡན་ཡེ་ཤེས་སྙིང་པོ། །མཚུངས་མེད་ཡེ་ཤེས་རྡོ་རྗེ། །དཔལ་ཆེན་ཆོས་ཀྱི་དོན་གྲུབ། རྒྱལ་དབང་བྱང་ཆུབ་རྡོ་རྗེ། །སི་ཏུ་ཆོས་ཀྱི་འབྱུང་གནས། །རྗེ་བཙུན་བདུད་འདུལ་རྡོ་རྗེ། མི་ཕམ་ཆོས་གྲུབ་རྒྱ་མཚོ། །པདྨ་ཉིན་བྱེད་དབང་པོ། །རྒྱལ་དབང་ཐེག་མཆོག་རྡོ་རྗེ། །རྗེ་

(༥༨)བཙུན་བློ་གྲོས་མཐའ་ཡས། ཀུན་བཟང་མཁའ་ཁྱབ་རྡོ་རྗེ། པདྨ་དབང་མཆོག་རྒྱལ་པོ། དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་ལ་རང་བྱུང་རིག་པའི་རྡོ་རྗེ་ལ་སོགས་པ། སློབ་དཔོན་ཆེན་པོ་ཌོ་མྦི་པ། མལ་གྱོ་ལོ་ཙཱ་བ། གཉལ་པ་ཉི་མ་འབར་གཉལ་པ་ཇོ་སྲས། འགྲོ་མགོན་རས་ཆེན། རྒྱལ་སྲས་སྤོམ་བྲག་པ། །ཆོས་རྗེ་ཀརྨ་པ། བླ་མ་གཉན་རས། ཆོས་རྗེ་རང་བྱུང་རྡོ་རྗེ། མགོན་པོ་རྒྱལ་མཚན། ཆོས་རྗེ་རོལ་པའི་རྡོ་རྗེ། རྟོགས་ལྡན་གྲགས་པ་སེང་གེ། །དར་མ་རྒྱལ་མཚན། རྟོགས་ལྡན་མཁའ་སྤྱོད་དབང་པོ། །ཀུན་དགའ་བློ་གྲོས། བླ་མ་རིན་པོ་ཆེ་རཏྣ་བྷ་དྲ། ཆོས་ཀྱི་བཟང་པོ། །སྤྲུལ་པའི་སྐུ་དྷརྨཱ་ཤྲཱི་ཛྙཱ་ན་ལ་སོགས་པ་དྲིན་ཅན། སློབ་དཔོན་ཆེན་པོ་པདྨ་སམྦྷ་བ། པུ་རངས་པ་ཞང་བཙུན་དར་མ་རིན་ཆེན། གཙང་ལ་སྟོང་ཀྱི་ཁྱུང་པོ་སྟག་ཤམ་ཅན། །སྐྱུ་ར་རྒྱལ་བའི་ཡེ་ཤེས། ཕྱག་བླ་ཆེན་མགོན་པོ། །སྟོང་དཔོན་ཤེས་རབ་མགོན་པོ། །ཆོས་ཀྱི་རྗེ་དཔལ་ལྡན་དུས་གསུམ་མཁྱེན་པ་ལ་སོགས་པ་དྲིན་ཅན། ཨོཾ་ཧྲཱིཧ་ཧ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནི་ཛཱ་ལ་སམྦ་རཾ་སྭཱ་ཧཱ།། ཨི་དཾ། ཨོཾ་བཛྲ་བི་རོ་ཙ་ནཱི་ཡེ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཨི་དཾ། སོགས་ཀྱིས་བདེ་མཆོག་ཡབ་ཡུམ་འཁོར་དང་བཅས་པའི་འོ། །ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་

(༥༩)ཧཱུྃ་ཕཊ་སྭཱ་ཧཱཱ། ཨི་དཾ༴ སོགས་ཀྱིས་ཀྱེ་རྡོར། ཨོཾ་ཨཱཧཱུྃ་ཧྲཱིཨོཾ་མ་ཎི་པདྨེ་ཧཱུྃ། དྷུ་མ་གྷ་ཡེ་ན་མསྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲི་ཡ་ཧཱུྃ་ཛ ཨི་དཾ༴ སོགས་ཀྱིས་རྒྱལ་བ་རྒྱ་མཚོ་དང་། ཨོཾ་ཨཱབཛྲ་དྷྲྀ་ཀ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ༴ སོགས་ཀྱིས་གསང་འདུས་དང་། ཨོཾ་ཧཱུྃ་སྭཱ་ཧཱ། ཨི་དཾ༴ སོགས་ཀྱིས་གདན་བཞི་དང་། ཨོཾ་ཨཱཧཱུྃ་ཧོ།།།ཤྲཱི་ཀཱ་ལ་ཙ་ཀྲ་ཧཱུྃ་ཕཊ་སཱ་ཧཱ། ཨི་དཾ༴ སོགས་ཀྱིས་དུས་འཁོར་དང་། ཨོཾ་ཧྲཱིཥྚི་ཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨི་དཾ༴ སོགས་ཀྱིས་གཤེད་དམར་དང་། ཨོཾ་ཧྲཱིཥྚཱི་ཝི་ཀྲྀ་ཏྲཱ་ན་ན་ཧཱུྃ་ཕཊ། ཨི་དཾ༴ སོགས་ཀྱིས་དགྲ་ནག་འཇིགས་བྱེད་དང་། ཨོཾ་ཧྱ་གྲཱི་ཝ་པདྨ་ཀྲོ་དྷཱི་ཤྭ་རི་བཛྲ་པཱ་ཎི་བཛྲ་ཀི་ལི་ཀི་ལཱ་ཡ། མ་ཧཱ་ཀཱ་ལཱ་ཡཀྵ་ཡ་མཱནྟ་ཀྲྀ་ཏྠ་ལ་རཱུ་པ་ཀརྨ་རཾ་རཾ་ཛཱ་ལ་རཾ་རཾ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཁྲོག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ་སྭཱ་ཧཱ། ཨི་དཾ༴ ཧཱུྃ། བདེ་གཤེགས་འདུས་པའི་ལྷ་ཚོགས་དང་། འཁོར་གྱི་དྲེགས་པ་ཕོ་མོའི་ཚོགས། །འཁོར་དང་གཡོག་ཏུ་བཅས་པ་ལ། །བདག་ཅག་དད་པས་འབུལ་ལགས་ན། །འདོད་དོན་མ་ལུས་བསྒྲུབ་ཏུ་གསོལ། །ཨི་དཾ་བ་ལི༚་ཏེ་ཛོ་བ་ལི༚་པ་ལ་བ་ཏི་ས་མ་ཡ་ཡེ་ཧཱུྃ། ཧཱུྃ། ཁོར་ཡུག་བཅས་པའི་བྷནྡྷ་ཆེན་པོ་རུ། །རྒྱུ་དྲུག་རྟོག་པའི་རང་བཞིན་རྣམ་པར་དག །དུས་གསུམ་རྒྱལ་བའི་དཀྱིལ་འཁོར་མ་ལུས་པའི། །སྐུ་གསུང་ཐུགས་ཀྱི་རྒྱུད་རྣམས་ཚིམ་གྱུར་ཅིག །

(༦༠)ཨ་ལ་ལ་ཧོབཞེས་ཏེ་དགྱེས་པར་རོལ། གྱིས་རྟ་མགྲིན་བདེར་འདུས་དང་། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། བཛྲ་གུ་རུ་ཌཱ་ཧཱུྃ་ཕཊ། གུ་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། དུཥྚ་ན་མཱ་ར་ཡ་ཧཱུྃ་ཕཊ། ཨི་དཾ་བ་ལི༚༴ སོགས་ཀྱིས་ཕྱག་རྡོར་གཏུམ་པོ་དང་། ཡི་དམ་བྱ་བའི་རྒྱུད། སྤྱོད་པའི་རྒྱུད། །རྣལ་འབྱོར་རྒྱུད། རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད། །རྒྱུད་སྡེ་ཆེན་པོ་བཞི་དང་འགྲེལ་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨི་དཾ༴ སོགས་ཀྱིས་ཡི་དམ་སྤྱི་ལ་ཕུལ་ནས། སྐུ་གསུང་ཐུགས་ཤིན་ཏུ་མཉེས་ནས་བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་སྩོལ་བར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། འཁོར་གྱི་མཁའ་འགྲོ་མ་དང་ཕྱོགས་སྐྱོང་སོགས་ལ། བཛྲ་ཌཱ་ཀི་ནི། བུདྡྡྷ་ཌཱ་ཀི་ནི། རཏྣ་ཌཱ་ཀི་ནི། པདྨ་ཌཱ་ཀི་ནི། བི་ཤྭ་ཌཱ་ཀི་ནི། ལོ་ཀ་ཌཱ་ཀི་ནི་ས་མ་ཡ་སྟཾྭ། དྲྀ་ཤྱཧོ ཕེ༚་ཕེ༚་ཕེ༚། ཨོཾ་བཛྲ་ཨརྒྷཾ། པཱ་དྱཾ། ནས། ཤཱབྡ་པྲ་ཏཱིཙྪ་སྭཱཱ་ཧཱ། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ་ཨུན་མཱ་ད་ཨ་པ་སྨཱ་ར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡཨི་དཾ་བ་ལི༚་གྲྀ་ཧྣནྟུ་ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷི་མྨེ་པྲ་ཡ་ཙྪནྟུུ་ཡ་ཐཻ་བཾ་ཡ་ཐཥྚཾ་བྷུཉྫ་ཐ་ཛི་གྷྲ་ཐ་པི་པ་ཐ་མཱ་ཏི་ཀྲ་མ་ཐ་མ་མ་སརྦ་ཀཱ་རཱ་ཏ་ཡ་སཏ་སུ་ཁཾ་བི་ཤུད་དྷ་ཡེ་སྭཱ་ཧཱ་ཡི་ཀ་བྷ་ཝནྟུ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭ་ཧཱ། ཨོཾ་ཧྲི༚་ཧྲི༚་ཧཾ་

(༦༡)ཧྃ་ཧེ་ཧེ་ཧི་ཧི་ཕེ༚་ཕེ༚། ཞེས་པས་གཏོར་མ་ཕུལ་ཏེ། ཞིང་སྐྱོང་ཆེན་པོ་བརྒྱད་རྣམས་དང་། །མཁའ་འགྲོ་སུམ་ཅུ་སོ་གཉིས་སོགས། །མ་ལུས་འཁོར་བཅས་འདིར་བྱོན་ཞིང་། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱིས་སྟོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། །བདེ་ལེགས་ཕུན་སུམ་ཚོགས་པ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་འདོད་དོན་གསོལ་ལོ། །དེ་ནས་གཏོར་མ་ལ་བདུད་རྩི་གཏོར་ཞིང་། དཾ་ཥྚོ་ཏྐ་སོགས། །སྭ་བྷཱ་ཝ་སོགས། སྟོང་པར་གྱུར་པའི་ངང་ཉིད་ལས། །ཡཾ་ལས་རླུང་དང་དེ་ཡི་སྟེང་། །རཾ་ལས་མེ་འབར་ཕྱོགས་གསུམ་དུ། །ཀཾ་ལས་ཐོད་སྐྱིད་དེ་ཡི་སྟེང་། །ཨ་ལས་ཐོད་པའི་ནང་དུ་ནི། །ཟླ་བའི་དཀྱིལ་འཁོར་དབུས་སུ་མུ། །ཤར་དུ་བི་དང་བྱང་དུམ། །

(༦༢)ནུབ་ཏུ་ཤུ་དང་ལྷོ་རུ་ར། །དེ་རྣམས་ལས་སྐྱེས་བདུད་རྩི་ལྔ། །སླར་ཡང་དབུས་སུ་ན་ཡིག་དང་། །ཤར་ལྷོར་གོ་དང་ལྷོ་ནུབ་ཏུ། །ཀུ་དང་རླུང་དུ་ད་ཡིག་དང་། །བྱང་ཤར་ཧ་ལས་ཤ་ལྔ་སྟེ། །མིང་གི་ཡི་གེས་རྒྱས་བཏབ་པའོ། །སྟེང་དུ་ཉི་མའི་དཀྱིལ་འཁོར་ལ། །རྡོ་རྗེ་གྲི་གུག་འབར་བ་ནི། །ལྟེ་བར་ཧཱུྃ་གིས་མཚན་པ་ལས། །འོད་འཕྲོས་འོག་གི་ཕྱོགས་སོང་བས། །རླུང་གིས་མེ་སྦར་ཐོད་པ་དྲོས། །རྫས་རྣམས་དམ་ཚིག་བདུད་རྩི་སྟེ། །བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །སླར་ཡང་སྟེང་དུ་འོད་འཕྲོས་པས། །ཡེ་ཤེས་བདུད་རྩི་སྤྱན་དྲངས་ནས། །ཐོད་པའི་ནང་དུ་ཞུགས་གྱུར་པ། །གྲི་གུག་གིས་དཀྲུགས་གཉིས་མེད་གྱུར། །ཨོཾ་ཨཱཧཱུྃ། བསྡུ་ན། བསངས་སྦྱངས། ཡཾ་རཾ་ཀཾ་ཨ་རྣམས་ལས་བྱུང་བ། བླུང་མེ་ཐོད་སྐྱིད་ཀྱི་སྟེང་དུ་ཀ་པཱ་ལ་ཡངས་པའི་ནང་དུ། གོ་ཀུ་ད་ཧ་ན། བི་མུ་མ་ར་ཤུ་རྣམས་ལས་ཤ་ལྔ་བདུད་རྩི་ལྔ། ཨོཾ་ཨཱཧཱུྃ། རླུང་གིས་མེ་སྦར་ཞིང་སྣོད་དྲོས་པས། ཞུ་བའི་སྟེང་དུ་ཧཱུྃ་ཨཱཨོཾ། ཨ་ཀཱ་རོ་ཞེས་སོགས་བརྗོད་པས། །ཡི་གེ་གསུམ་རྣམས་རིམ་གྱིས་གཏོར་མ་ལ་ཐིམ་པས་ཉེས་སྐྱོན་སྦྱངས་བདུད་རྩིར་ཞུ། བདུད་རྩི་ཆེན་པོར་གྱུར། གཏོར་མ་འབུལ་བ་ནི། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་རྣམས་ཀྱི་ལྗགས་རྡོ་རྗེའི་དབྱིབས་དང་། དཔལ་མགོན་

(༦༣)པོ་འཁོར་བཅས་ཀྱི་ལྗགས་གྲི་གུག་གི་དབྱིབས་དང་། དཔལ་ལྷ་མོ་འཁོར་བཅས་ཀྱི་ལྗགས་ཁ་ཊཾྭཱ་གི་དབྱིབས་ཅན་འོད་ཀྱི་སྦུ་གུས་གཏོར་མ། བདུད་རྩི། ཁྲག་གི་མཆོད་ཡོན་རྣམས་གསོལ་བས་དགྱེས་པར་བསམ་ཞིང་། ཧཱུྃ། ལྷ་ཆེན་དཔལ་འབར་འཁོར་བཅས་ལ། །འབྲས་ཆེན་ཁྲག་གི་ཨརྒྷཾ་དང་། །མེ་ཏོག་བདུག་པ་བྱུག་པ་དང་། །བདུད་རྩི་ལྔ་དང་ཤ་ལྔ་དང་། །ཁུར་བ་ཤིང་རྟོག་སྣ་ཚོགས་དང་། །བཅས་པའི་མཆོད་པའི་ཚོགས་རྣམས་ཀུན། །བདག་ཅག་དད་པས་འབུལ་ལགས་ན། །འཁོར་དང་བཅས་པས་བཞེས་སུ་གསོལ། །ཧཱུྃ། བླ་མེད་མཆོད་པ་ཁྱད་པར་ཅན། །ཤ་ཆེན་ལྔ་ནི་རི་ལྟར་སྤུངས། །བདུད་རྩི་ལྔ་ནི་མཚོ་ལྟར་བསྐྱིལ། །རཀྟ་གི་ཝཾ་ག་བུར་དང་། །ཨ་མྲྀ་ཏ་དང་ཤ་ཆེན་སོགས། །དམ་རྫས་བསམ་གྱིས་མི་ཁྱབ་པའི། །མཆོད་པའི་སྤྲིན་ཕུང་མཐའ་ཡས་པ། །མཁའ་དང་ཕྱོགས་མཚམས་ཀུན་བཀང་སྟེ། །མགོན་པོའི་སྐུ་ལ་མཆོད་པར་འབུལ། །མགོན་པོའི་གསུང་ལ། །མགོན་པོའི་ཐུགས་ལ། །ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། །བྱིན་གྱིས་བརླབས་པའི་བདུད་རྩི་བཟེང་ཞལ་དུ་སྦྲེང་ཞིང་། བྷྱོ། རིན་ཆེན་ཨིནྡྲ་ནཱི་ལའི་བུམ་པར་ནི། །འབྲུ་བཅུད་སྟོང་སྦྱར་ཛ་གད་དཔའ་བོས་གཏམས། །གཉིས་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་མཆོག །འཐུངས་

(༦༤)བས་འཚོ་བའི་ལོངས་སྤྱོད་ཆེན་པོ་འདི། །འབུལ་ནི་ཡེ་ཤེས་དཀྱིལ་འཁོར་ལྷ་ལ་འབུལ། །བསྐང་ནི་མ་མགོན་ལྕམ་དྲལ་ཐུགས་དམ་བསྐང་། །ཨ་ལ་ལ་ཧོ་འདི་ནི་བཞེས་སུ་གསོལ། །ཨ་ལ་ལ་ཧོ་བཞེས་ཏེ་དགྱེས་པར་རོལ། །ཨོཾ་མ་ཧཱ་ཀཱ་ལ་ཏྲཀ་རཀྵ་ཛ་གད་ཁ་རཾ་ཁཱ་ཧི། བཟེད་ཞལ་གཅིག་ཏུ་ཁྲག་གི་མཆོད་ཡོན་སྦྲེང་ཞིང་། བྷྱོ། རཀྟ་ཁྲག་གི་རྒྱ་མཚོ་འཁྱིལ་བ་ལ། །སྣང་སྲིད་ཐམས་ཅད་རྦ་རླབས་ཁྱིལ་ལི་ལི། །མཁའ་དབྱིངས་རྒྱལ་བ་མ་ལུས་མཆོད་པ་དང་། །འཕགས་པ་རྣམས་མཆོད་ལྕམ་དྲལ་ཐུགས་དམ་བསྐང་། །ཨ་ལ་ལ་ཧོ་འདི་ནི། ཨ་ལ་ལ་ཧོ་བཞེས་ཏེ། ཨོཾ་མ་ཧཱ་ཀཱ་ལ་ཏྲཀ་རཀྵ་རཀྟ་པི་པ་ཏོ་ཁཱ་ཧི། །བྷྱོ། གཞོང་པ་རྣམས་དག་ཟླ་གམ་དཀྱིལ་འཁོར་དུ། །ཚེ་དང་འགལ་གྱི་ཐུན་གཉིས་ཐུན་སྡེབས་ཏེ། །དཀར་གྱི་ཐིག་བཏབ་དམར་གྱི་གུར་ཕུབ་པ། །ལོངས་སྤྱོད་རྫས་ཀྱི་མཆོད་པ་ཆེན་པོ་འདི། །འབུལ་ནི། བསྐང་ནི༴ ཨ་ལ་ལ་ཧོ། །ཨ་ལ་ལ་ཧོ་བཞེས་ཏེ་དགྱེས་པར་རོལ། །ཨོཾ་སརྦ་བཛྲ་ཨཱ་ཙཱརྱ་ས་པ་རི་ཝཱ་ར་ཨི་དཾ་བ་ལི༚་སརྦ་བི།།།ན་སརྦ་ཤ་ཏྲཱུཾ་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། དེ་ཝ་རཀྵ་ཛཧཱུྃ་བཾ་ཧོའདིར་ཤོག་འདིར་ཤོག །ཨཱ་གཙྪ་ཡ་ཨ་གཙྪ་ཡ། ཧཱུྃ་ཡ་ཛ

(༦༥)ཧཱུྃ་ཡ་ཛ ཨི་དཾ་བ་ལི༚་པཱུ་ཛ་ཁཱ་ཧི། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། ཤཱ་ས་ནཾ། ཨུ་པ་ཀཱ་རི་ཎཱཾ། ཨ་ཥཱ་པཉྩི་མ་ཀཱ་ལོ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཱཾ། ཡ་ཏི་པྲ་ཏིཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀ་ཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན། །མཱ་ར་ཡ་ཧཱུྃ་ཕཊ། ཨི་དཾ་བ་ལི༚་པཱུ་ཛ་ཁཱ་ཧི། ཨོཾ་ཨེ་ཨཱ་རལླི་ཧོཤྲཱི་མ་ཧཱ་ཀཱ་ལ་ཁཱ་ཧི། ཏྲཀ་རཀྵ་ཁཱ་ཧི། ཏྲཀ་རཀྵ་ཐུན་བྷྱོ་ཁཱ་ཧི། ཏྲཀ་རཀྵ་རྦད་བྷྱོ་ཁཱ་ཧི། དམ་ཅན་མགོན་པོ་མཁའ་འགྲོའི་ཚོགས་སུ་གྱུར་པ་རྣམས། །དམ་རྫས་བདུད་རྩིའི་གཏོར་མ་བཞེས་སུ་གསོལ། །ཁཱ་ཧི། ཨོཾ་ལ་མ་རཱ་ཛ། ག་ཏ་ཀྵོ་བྷ་ཡ། ཀྵོ་བྷ་ཡ། པ་ཏ་ལི་པ་ཏ་ལེ་ཁཱ་ཧི་ཁཱ་ཧི། གྲིཧྞ་བ་ལི༚། གྲ་ཧ་གྲ་ཧ། ཨོཾ་མཾ་ཙཾ་མ་ཧཱ་བྷཻ་ར་ཝཱ་ཡ་སྭཱ་ཧཱ། ཨོཾ་ཤཱི་ཀྵི༚་གྲྀཧྞ་བ་ལི༚་ཧཱུྃ་ཕཊ། མདྱ་མཾ་ས་པུཥྚཱ་དྷྲུ་པ་རཀྟ། ཏ་ཏ་ལི་པ་ཧ་ལི་ཨཥྚ་ནཱ་ག་དེ་ཝ་ཡཀྵ་རཱ་ཀྵ་ས་གྲྀཧྞ་གྲྀཧྞ། ཨི་མཾ་བ་ལི༚་ཧཱ་ཧཱ་ཧཱ་ཧཱུྃ་ཁཱ་ཧཱུྃ་ཁཱ་ཧི་ཁཱ་ཧི་ཁ་ཁ་ཧཱུྃ་ཛ ཕེ༚་ཕེ༚ ཧེ༚་ཧེ༚་མ་ཧཱ་ཌ་ཏཱ་ར་ཧཱས་གརྫ་གརྫ་ཀྲྀཥྞ་ཝ་རྞཱཡ་ཧཱུྃ་སྭཱ་ཧཱ། ཨོཾ་ཏྲཾ་ཀ་རཀྔྴ་མ་ཧི་དུ་ན་བྷྱོ། མ་ཧཱ་ཡཀྵ། ཏཱི།།།ཀཱ་ལི་དུ་ན་བྷྱོ། ཨི་དཾ་པ་ལི༚་བཱུ་ཛ་ཁཱ་ཧི། མ་མོ་ནག་མོ་པེ་ཏ་ལི། ཀུ་ལུ་ཀུ་ལུ།

(༦༦)ཧ་ཧ་ཧ། མ་ཧཱ་མཾ་ས་ཁ་རཾ་ཁཱ་ཧི། མ་ཧཱཱ་རཀྟ། མ་ཧཱ་ཙིཏྟ། མ་ཧཱ་བ་སུ་ཏ། མ་ཧཱ་མཉྩ་མེ་ཙི། མ་ཧཱ་གོ་རོ་ཙ་ན། མ་ཧཱ་ཨ་མྲྀ་ཏ། མ་ཧཱ་སུ་ར་ཏ། མ་ཧཱ་བ་ལི༚་ཏ། མ་ཧཱ་ཀི༚་ནི་རི་ཁཱ་རཾ་ཁཱ་ཧི། ཨོཾ་སརྦ་ཛྙཱ་ན་དྷརྨ་པཱ་ལ། །ལོ་ཀ་དྷརྨ་པཱ་ལ། ཀཱ་ལ་བི་ཏཱ་ཨམྦོ་ཥོ་ཌ་ཤ །ད་ཤ་དིག་ལོ་ཀ་པཱ་ལ་ནཱ་ཐ་ད་ཤ།།།ད་ཤ་ས་བྷ་ཤྲཱི་ནཱ་ཐ། ཧྲི་རུ་དྲ་ཨ་ཤྭ་ཀ །སབྷ་མཱ་ཏཱ། ཙ་ཏུ་ར་བྷཱ་གི་ནཱི། །ནཱ་པ་ཛྭ་ལཱ། ཙ་ཏུ་རཀཱ་ལ་དེ་ཝཱི། ཙ་ཏུ་ར་ཎཱི་ཀ་རཱ་ཛཱི། ཨཥྚ་བི༚་ཤ་ཏི་ཨཱི་ཤྭ་རཱི། དྭཱཱ་ད་ཤ་ཏིཥྛ། ས་པ་རི་ཝཱ་ར་ཨི་དཾ་བ་ལི༚་བཱུ་ཛ་ཁཱ་ཧི། སྐབས་འདིར་ཆོས་སྐྱོང་གཞན་གྱི་གཏོར་འབུལ་བྱེད་པར་སྤྲོ་ན་བྱ་ཞིང་། །

(༦༧)དཔལ་ཡེ་ཤེས་མགོན་པོ་ལྕམ་དྲལ་རྗེས་འབྲང་དང་བཅས་པ་ལ་བསྐུལ་བའི་མྱུར་མགྱོགས་གློག་གི་ཕྲེང་བ་ཞེས་བྱ་བ་བཞུགས། །ཧཱུྃཛ ཡེ་ཤེས་མགོན་པོ་ལྕམ་དྲལ་འཁོར་ཚོགས་རྣམས། །རྒྱལ་བསྟན་སྤྱི་དང་་ཁྱད་པར་སྒྲུབ་བརྒྱུད་ལ། །གཟུགས་ཅན་མི་དང་གཟུགས་མེད་དམ་སྲི་ཡིས། །གནོད་ཅིང་འཚེ་བར་བྱེད་པའི་བདུད་དཔུང་དང་། །གདུག་པའི་སེམས་འཆང་ད་དགྲ་ཕོད་བཙུག་རྣམས། །མ་རུང་གཏུམ་པོ་ཆེན་པོའི་ཞལ་དུ་སྟོབས། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་བཀའ་བསྒོས་བཞིན། །དམ་བཅའ་མ་གཡེལ་བསྲུང་སྐྱོབས་ཕྲིན་ལས་མཛོད། །བློ་གྲོས་བྱེ་བའི་སྟོབས་ལས་རབ་འབར་ཞིང་། །དཀར་ཕྱོགས་བསྟན་སྲུང་གང་དུ་ཕྱོགས་བཅུར་དག །ཐུགས་བསྐྱེད་དམ་བཙན་ཡལ་མེད་འདོར་རམ་ཀྱེ། །སྒྲུབ་བསྟན་འདི་ཉིད་སྲུང་ཞིང་སྐྱོབས་མཛོད་ལ། །འདའ་མེད་གྲོ་བོར་ཐ་ཚིག་རྗེས་བྲན་མཛོད། །ཅེས་ཀརྨ་པ་བཅུ་དྲུག་པས་ཤར་མར་དྲིལ་བའོ། །ཧཱུྃ། རྡོ་རྗེ་འཆང་དངོས་འགྲོ་མགོན་བླ་མ་ཡི། །ཕྲིན་ལས་སྤྲུལ་པ་མ་ཧཱ་ཀཱ་ལའི་ཞབས། །ཡུམ་ཆེན་ལས་མཁན་སྡེ་བརྒྱད་བཅས་པ་ལ། །ཀུན་བཟང་མཆོད་སྤྲིན་སྤུངས་པའི་ཞལ་ཟས་དང་། །སྒོ་གསུམ་ལོངས་སྤྱོད་བཅས་པ་ཕུད་ཀྱིས་མཆོད། །ཕྱི་ཡི་མཆོད་པ་ངོ་མཚར་སྣང་བ་དང་། །ནང་གི་མཆོད་པ་ཤ་ཁྲག་ཨ་མྲྀ་ཏ། །གསང་བའི་མཆོད་

(༦༨)པ་བདེ་སྟོང་ཙ་ཀྲ་དང་། །དེ་ཁོ་ནའི་ཐུགས་དམ་གཅིག་བསྡོམས་པའི། །རང་རིག་ཡེ་ཤེས་དག་པའི་མཆོད་གཏོར་འདི། །དགྱེས་པ་ཆེན་པོར་བཞེས་ལ་བྱིན་གྱིས་རློབས། །དབང་བཞི་རྫོགས་ནས་ཕྲིན་ལས་རྣམ་བཞི་བསྒྲུབ། །མཁའ་མཉམ་སེམས་ཅན་བདེ་ལ་འགོད་ནུས་པའི། །མཆོག་དང་ཐུན་མོངས་དངོས་གྲུབ་ད་ལྟ་སྩོལ། །སྟོན་ཐོག་འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་ཞྭ་དམར་དྲུག་པས་མཛད་པའོ། །ཨོཾ་བེ་ཏ་ལི་བེ་ཏ་ལི་ཆོ་ཚེ་ལྷ་མོ་ཞལ་གཅིག་ཕྱག་བཞི་མ། །བོང་བུ་གྭ་པ་ལ་ཆིབས་པ་སྤྱན་དྲངས་ཤིང་གཏོར་མ་གསོལ་བར་གྱུར། །ཨོཾ་ཧཱུྃ་ཤྲི་ཡ། དེ་ཝཱི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཨི་དཾ་བ་ལི༚་ཁ་ཁ་ཁཱ་ཧི་ཁཱ་ཧི། བྷྱོ། དུར་ཁྲོད་བདག་མོ་དངོས་གྲུབ་ཞལ། །གཏུམ་མོ་གཙིགས་བྱེད་ཡི་དྭགས་ཁ། །དམ་ཚིག་སྲུང་མ་ཁྲག་དགའ་མ། །ཀི་ལིའི་སྒྲ་སྒྲོག་སྦྱོར་ཟིན་མ། །དུར་ཁྲོད་རཾ་ཡི་ཚོགས་དབུས་ན། །ཚོགས་དང་ཕོ་ཉར་བཅས་པ་རུ། །གཙིགས་བྱེད་གཏུམ་མོ་དུད་སོལ་མ། །གསོལ་ཞིག་བཞེས་ཤིག་དམ་ཚིག་ལ། །གནས་སུ་གནས་པར་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པ། །དེ་ནི་ཁྱོད་ཀྱིས་བསྒྲུབ་པར་མཛོད། །བདག་གིས་ལས་ནི་ཅི་བྱེད་ཀྱང་། །དེ་ལ་ཁྱོད་ཀྱིས་གྲོགས་མཛོད་ཅིག །ལྷ་མོ་ནག་

(༦༩)མོ་མཐུ་མོ་ཆེ། །འཕགས་མ་ཁྱོད་ལ་བདག་བསྟོད་དོ། །བསྟན་ལ་གནོད་པའི་གདུག་པ་ཀུན། །མྱུར་དུ་སྒྲོལ་བའི་ཕྲིན་ལས་མཛོད། །ཉིན་དང་མཚན་དུ་བྱ་ར་མཛོད། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་པ་མར་པའི་སྙན་རྒྱུད་ཤོག་དྲིལ་ལོ། །

(༧༠)

(༧༡)རྒྱལ་ཆེན་རྣམ་སྲས་ཀྱི་མཆོད་གཏོར་ནི། རང་གི་ཐུགས་གནས་ཡི་གེ་བཻ་སེར་པོ་ཅིག་འཕྲོས་ནས་མདུན་དུ་བཞུགས་པ་ལས། འོད་ཟེར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་འཕྲོས། ལྷ་དང་བཅས་པའི་ལོངས་སྤྱོད་ཐམས་ཅད་ཚུར་བསྡུས་ནས་བཻ་ལ་ཐིམ། །ཨོཾ་བཾ་སྭཱ་ཧཱ། བཻ་འོད་དུ་ཞུ་བ་ལས་པདྨ་ཉི་མའི་སྟེང་དུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་སེར་བ་གསེར་བཙོ་མའི་མདོག་འདྲ་བ་སྐུ་ཤ་ཤིན་ཏུ་རྒྱས་པ། ཞལ་གཅིག་ཕྱག་གཉིས། ཕྱག་གཡས་ན་ཟ་འོག་དང་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་རྒྱལ་མཚན་ཕྱར་བ། གཡོན་ན་ནེའུ་ལེའི་རྒྱལ་བ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་འཛིན་ཅིང་སེང་གེའི་སྟེང་དུ་བརྐྱང་བསྐུམ་གྱིས་བཞུགས་པ། །རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ལོངས་སྤྱོད་རྫོགས་པའི་རྒྱན་དང་ལྡན་པ། །བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་རིན་པོ་ཆེ་སྣ་ཚོགས་ཆར་བཞིན་དུ་འབེབས་ཤིང་གནོད་སྦྱིན་བྱེ་བ་འབུམ་གྱིས་གང་བའི་གཞལ་ལས་ཁང་ཆེན་པོའི་ནང་དུ་བཞུགས་པའི་ཐུགས་ཀར། མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་དུ། པདྨ་ཉི་མའི་སྟེང་ན་བཻ་སེར་པོའི་འོད་ཟེར་བྱང་ཕྱོགས་སུ་འཕྲོས། །རྣམ་ཐོས་སྲས་གནོད་སྦྱིན་བྱེ་བ་འབུམ་དང་བཅས་པ་སྤྱན་དྲངས། །ཧཱུྃ། རི་རབ་བྱང་ཕྱོགས་མངའ་མཛད་གནོད་སྦྱིན་རྣམ་ཐོས་སྲས། །འདོད་ཡོན་

(༧༢)ནོར་ལ་དབང་བསྒྱུར་རིན་ཆེན་ཆར་དུ་འབེབས། །ཁྱོད་ཀྱིས་དངོས་གྲུབ་ཆེན་པོ་སྒྲུབ་ཅིང་རེ་འདོད་བསྐང་བའི་ཕྱིར། །ཐུགས་རྗེའི་དབང་གིས་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཨོཾ་བཻ་ཤྲ་པ་ཎཱ་ཡ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཛཧཱུྃ་བཾ་ཧོ ཨོཾ་བཻ་སྭཱ་ཧཱ། ཨོཾ་བཻ་ཤྲ་བ་ཎཱ་ཡ་ཨཱ་ཀརྵ་ཡ་ཛཧཱུྃ། བྱང་ཕྱོགས་ལྕང་ལོ་ཅན་གྱི་གནས་མཆོག་ནས། །གནོད་སྦྱིན་རྒྱལ་པོ་འཁོར་དང་བཅས་པ་རྣམས། །བདག་ལ་བརྩེ་ཕྱིར་གནས་འདིར་གཤེགས་ནས་ཀྱང་། །དགྱེས་ཤིང་བརྟན་པའི་ཚུལ་གྱིས་བཞུགས་སུ་གསོལ། །ཧཱུྃ། གནོད་སྦྱིན་རྒྱལ་པོ་རྣམ་ཐོས་སྲས། །རིན་ཆེན་ནོར་ལ་དབང་བསྒྱུར་འདོད་ཡོན་ཆར་དུ་འབེབས། །དབུལ་བའི་སྡུག་བསྔལ་སེལ་མཛད་མགོན་པོ་ཐུགས་རྗེ་ཅན། །རྒྱལ་ཆེན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། ཛཧཱུྃ་བཾ་ཧོ དབྱེར་མེད་པར་གསལ་བར་བསྒོམ་ཞིང་། བཟླས་པ་བྱ་བ་ནི། བདག་གིས་གསོལ་བ་བཏབ་པའི་ཚུལ་དུ་འོད་ཟེར་སྤྲོ་བསྡུའི་རྒྱུན་ལ་བཟླས་པ་བྱའོ། །སྔགས་དང་བཀའ་བསྒོ་བ་ཙམ་གྱིས། །རིན་པོ་ཆེ་སྣ་ཚོགས་བ་་སྟེང་གི་ཕྱོགས་སུ་ནི་ཆར་བཞིན་དུ་འབེབས། འོག་གི་ཕྱོགས་ནས་ན་བུན་བཞིན་དུ་བྱུང་ཞིང་དགོས་འདོད་ཐམས་ཅད་ལྷུན་གྱིས་གྲུབ་པར་བསྒོམ། ཨོཾ་བཻ་སྭཱ་ཧཱ། སྐུ་བསྐྱེད་པ་ཉེ་བའི་སྙིང་པོ་ཡིན་པས་བརྒྱ་རེ་ཙམ་འདོན་པར་བྱའོ། །ཨོཾ་བཻ་ཤྲ་བ་ཎཱ་ལ་སྭཱ་ཧཱ། སྙིང་པོ་ཡིན་པས་རྒྱུན་ཆད་མེད་པར་བཟླའོ། །

(༧༣)ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡེ་སྭཱ་ཧཱ། སྲས་གཏེར་བདག་གི་སྙིང་པོ་ཡིན་པས་ཆུ་སྦྱིན་བྱས་ཤིང་མང་དུ་བཟླས་ན་དངོས་གྲུབ་མྱུར་དུ་འབྱུང་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཻ་ཤྲ་བ་་ཎཱ་ཡ། མ་ཧཱ་རཱ་ཛཱ་ཡ། ཏདྱ་ཐཱ། སི་མི་སི་མི། སུ་མུ་སུ་མུ། ཙྪིནྡ་ཙྪིནྡ། ས་ར་ས་ར། ཀ་ར་ཀ་ར། ཀི་ལི་ཀི་ལི། ཀུ་རུ་ཀུ་རུ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། སཱ་དྷ་ཨཱ་ཧ་ར། མ་ནི་ནི་ར་ཡ་ཏ་ཡ་དྷ་ར་ད་དུ་ཡེ་སྭཱ་ཧཱ། གཏེར་བདག་ཐམས་ཅད་ཀྱི་སྙིང་པོ་ཡིན་པས་དོ་གལ་ཆེ་བའི་དུས་སུ། མང་བར་བགྲངས་ན་གནོད་སྦྱིན་ཐམས་ཅད་ཀྱིས་དགོས་འདོད་མྱུར་དུ་སྒྲུབ་པར་འགྱུར་རོ། །ནོར་མྱུར་དུ་འགྲུབ་པར་བྱེད་པའི་གནོད་སྦྱིན་སྤྱི་བསྡུས་ཀྱི་སྒྲུབ་སྔགས་ནི། ཏདྱ་ཐཱ། ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལི་མ་ཎ་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། ཨོཾ་ཨེ་ཧྱེ་ཉི། ཏིཥྛ་ཏིཥྛ་སརྦ་ཨརྠ། མེ་ས་དྷ་ཡ། ཏདྱ་ཐཱ། སུ་དྷ་ནེ། སུ་ར་སེ། སུ་མ་ཏི། སུ་བུ་ཥེ། ཧི་ལི་མི་ལི་སྭཱ་ཧཱ། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཨོཾ། མཆོད་ཡོན་ཞབས་བསིལ་ཡོན་ཆབ་དང་། །མེ་ཏོག་སྤོས་དང་མར་མེ་དྲི། །ཞལ་ཟས་སིལ་སྙན་སྒྲ་ཡི་ཚོགས། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྟཾ། བཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝིདྱ། ཤབྡ་ཨཱཧཱུྃ་སྭཱ་ཧཱ། གཏོར་མ་འབུལ་བར་འདོད་ན། །རང་གི་མདུན་དུ་སྟེགས་ཀྱི་ཐོག་ཏུ་སྣོད་གང་ཡང་རུང་བའི་ནང་དུ།

(༧༤)དཀར་གསུམ་མཁར་གསུམ་ལ་སོགས་པ་འབྱོར་ཚད་བླུགས་ནས་མདུན་དུ་བཞག །ཨོཾ་ཨཱཧཱུྃ། དམ་ཚིག་གི་བདུད་རྩི་དང་ཡེ་ཤེས་ཀྱི་བདུད་རྩི་གཉིས་སུ་མེད་པར་བསྒོམ། །རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བས། ཨོཾ་ཨ་མྲྀ་ཏ་ཀུཎྜལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་བི་ཤྲ་པ་ཎཱ་ཡ། ཨི་དཾ་བ་ལི༚་གྲྀ་ཧྞ་ན་ཧུ། ས་མ་ཡ་རཀྵ་ནྟུ། མ་མ་སརྦ་སིདྡྷི་མྨེ་པྲ་ཡ་ཙྪ། མ་མ་སརྦ་ཀརྨ་སིདྡྷི་ཨ་མོ་གྷ་སྭཱ་ཧཱ། འཁོར་རྣམས་ལའང་རང་གི་སྔགས་ཀྱི་མཐར་ཨི་དཾ་མན་ཆད་བཏགས་ལ་འབུལ། ཨོཾ་ཨཥྚ་ནཱ་ག་ཤ་དྷཱུ་ཏ་སཱ་ཧ་སྲ་ཀོཊི་ཡཀྵ་རཀྵས་སྭཱ་ཧཱ། ཞེས་པ་ལ་ཨི་དཾ་མན་ཆད་བཏགས་ལ། ཀླུ་བརྒྱད་དང་། གནོད་སྦྱིན་དང་། སྲིན་པོ་བྱེ་བའི་ཚོགས་ལ་འབུལ། ཡང་ན་ཨ་ཀཱ་རོས་འབུལ། ཁྱད་པར་ཉའི་དུས་སུ་དཀར་གཏོར་ཟླུམ་པོ་ལ་མར་གྱི་རིན་པོ་ཆེར་བརྒྱན་ཅིང་། དར་སྣ་ཚོགས་བཙུགས་པ་འབུལ་ཞིང་། བསྙེན་པ་ལ་བཀའ་བསྒོ་དཔག་དུ་མེད་པ་བྱས་ན། དགོས་འདོད་ཐམས་ཅད་ཆར་བཞིན་དུ་འབེབས་པར་འགྱུར་རོ། །དེ་ནས་བསྟོད་པ་ནི། ཧཱུྃ། མི་འཇིགས་སེང་གེའི་ཁྲི་སྟེང་ནས། སོགས་ནས། གཞན་དོན་ལྷུན་གྱིས་གྲུབ་མཛད་གསོལ། །ཕྲིན་ལས་བཅོལ་བ་ནི། ཧཱུྃ། བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན་རྣམ་ཐོས་སྲས། །གཏོར་མ་འབུལ་བ་འདི་དག་བཞེས་ནས་ཀྱང་། །བདག་ཅག་འཁོར་དང་བཅས་པ་ཐམས་ཅད་ལ། །བུ་སྡུག་བཞིན་དུ་རྟག་ཏུ་སྐྱོང་བར་མཛོད། །བདག་ལ་གནོད་པར་སེམས་པ་ཡི། །ལོག་པར་ཞུགས་པའི་སེམས་ཅན་རྣམས། །དེ་ཡི་ཕྲུ་མ་གཞོམ་པ་དང་། །གཏན་ནས་བརླག་པའི་ཕྲིན་ལས་མཛོད། །ཞི་

(༧༥)རྒྱས་དབང་དང་མངོན་སྤྱོད་ཀྱི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །མཐུ་དང་རྫུ་འཕྲུལ་ཆེ་མངའ་བའི། །གནོད་སྦྱིན་བདག་པོ་ཁྱེད་རྣམས་ཀྱིས། །བདག་གི་བསམ་པ་མ་ལུས་པ། །མྱུར་དུ་འགྲུབ་པར་མཛད་དུ་གསོལ། །ཞེས་བརྗོད་དོ། །འདོད་པའི་དོན་ལ་གསོལ་བ་གདབ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། གཏོར་མ་གཙང་སར་འབུལ་བའམ། །དངོས་གྲུབ་ཏུ་རོལ་པར་བྱའོ། །ཡེ་ཤེས་པ་བྱང་ཕྱོགས་སུ་གཤེགས། དམ་ཚིག་པ་རང་ལ་བསྡུ་བའམ། མི་དམིགས་པར་བསམ། །བསྟོད་པ་རྒྱས་པར་སྤྲོན། །ཛམྦྡྷ་ལ་ནི་གསེར་གྱི་མདོག །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པས་ནེའུ་ལེ་གཡས་པ་ན། །རིན་ཆེན་བསྣམས་ལ་ཕྱག་འཚལ་བསྟོད། །གང་བ་བཟང་པོ་སྐུ་མདོག་སེར། །རྫུ་འཕྲུལ་རྟ་ཡི། །གཡོན་པས་ནེའུ་ལེ༴ །བུམ་པ་བསྣམས་ལ༴ །ནོར་བུ་བཟང་པོ་སྐུ་མདོག་དཀར། །རྫུ་འཕྲུལ་རྟ་ཡི༴ གཡོན་པས་ནེའུ༴ ནོར་བུ་བསྣམས་ལ༴ །ཀུ་བཻར་ནི་སྐུ་མདོག་ནག །རྫུ་འཕྲུལ༴ །གཡོན་པས༴ །རལ་གྲི་བསྣམས་ལ༴ །ཡང་དག་ཤེས་ནི་སྐུ་མདོག་སེར། །རྫུ་འཕྲུལ༴ །གཡོན་པས༴ །གསེར་གྲི་བསྣམས་ལ༴ །འབྲོག་གནས་སྐུ་མདོག་ནག་པོ་ལ། །རྫུ་འཕྲུལ༴ །གཡོན་པས༴ མདུད་དམར་བསྣམས་ལ༴ །ལྔ་རྩེན་སྐུ་མདོག་སེར་སྐྱ་ལ། །རྫུ་འཕྲུལ༴ །གཡོན་པས༴ །ཁང་བརྩེགས་བསྣམས་ལ༴ །ཙི་བི་ཀུཎྜ་ལི་

(༧༦)ནི་དཀར། །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པས་ནེའུ་ལེ་གཡས་པ་ན། །གྲི་ཕུད་བསྣམས་ལ་ཕྱག་འཚལ་བསྟོད། །གནོད་སྦྱིན་བྱེ་བའི་འཁོར་གྱིས་བསྐོར། །མདོག་མི་སྡུག་པ་སྣ་ཚོགས་ཏེ། །གཡོན་པ་ཐམས་ཅད་ནེའུ་ལེ་ལ། །གཡས་པས་མཚོན་ཆ་སྣ་ཚོགས་འཛིན། །གཞན་གྱི་དཔུང་རྣམས་འཇོམས་པར་བྱེད། །གཏེར་བདག་ཁྱོད་ལ་ཕྱག་འཚལ་བསྟོད། །མགོན་པོ་འཁོར་བཅས་ཐམས་ཅད་ཀྱིས། ཁམས་གསུམ་ཐམས་ཅད་དབང་དུ་བསྡུས། །ཁྱོད་ནི་ནོར་བདག་ཆེན་པོ་སྟེ། །གཏེར་བདག་ཁྱོད་ལ་ཕྱག་འཚལ་བསྟོད། །ཞེས་འཁོར་གྱི་བསྟོད་པ་འདི་བྱའོ། །ལས་མཁན་སྔགས་བདག་གི་མཆོད་གཏོར་ནི། སྟེགས་ཀྱི་ཁར་རིན་པོ་ཆེའི་སྣོད་དུ། །དཀར་གསུམ་མངར་གསུམ་ལ་སོགས་པའི་གཏོར་མ་དང་། མེ་ཏོག་གདུག་སྤོས་ལ་སོགས་པའི་མཆོད་པ་དང་། དར་དང་རིན་ཆེན་རྩི་སྨན་སྣ་ཚོགས་སོགས་ཀླུ་སྤྱན་གཙང་ཞིང་བཟང་པ་བཤམས་ཏེ། རང་གི་མདུན་དུ་ཕྱི་མཐའི་རྒྱ་མཚོ་ཆེན་པོ་ལ་ནང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། པཾ་ལས་པདྨ་འདབ་བརྒྱད་ཀྱི་གདན་གྱི་སྟེང་དུ། ཡི་གེ་ཕུ་སེར་པོ། །དེ་འོད་དུ་ཞུ་བ་ལས་ཇོ་བོ་སྔགས་ཀྱི་བདག་པོ་སྐུ་སྟོད་མི་རུ་འདུག་པ། སྐུ་སྨད་སྦྲུལ་དུ་འདུག་པ། སྐུ་མདོག་སེར་ཞིང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གཞོན་ནུ་མཛེས་པའི་ཆ་བྱད་ཅན།

(༧༧)དབུ་ལ་སྦྲུལ་མགོ་བདུན་གྱི་གདེངས་ཀ་དང་ལྡན་པ། སྐུ་ཡིས་སྲིད་པ་གསུམ་ལ་ཁྱབ་པ། བཀའ་ཉན་དང་གསུང་སྡོད་ཀྱི་ཚུལ་དུ་གནས་པ། དེའི་ཐུགས་ཀར་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་དུ་ཡི་གེ་ཕུ་སེར་པོ་དེ་ལས་འོད་ཟེར་འཕྲོས། །སྔགས་ཀྱི་བདག་པོ་བཙུན་མོ་སྲས་དང་བཅས་པ་སྤྱན་དྲངས། ཧཱུྃ། རི་རབ་ལྷོ་ཕྱོགས་མ་དྲོས་ན། །རིན་ཆེན་བརྩེགས་པའི་ཁྲི་སྟིང་ནས། །ཀླུ་ཡི་རྒྱལ་པོ་སོག་མ་མེད། །ཀླུ་ཆེན་མང་པོའི་འཁོར་དང་བཅས། །བདག་གིས་མཆོད་ཕྱིར་སྤྱན་འདྲེན་ན། །དམ་ཚིག་དབང་གིས་གཤེགས་ནས་ཀྱང་། །རིན་ཆེན་པདྨའི་ཁྲི་སྟེང་དུ། །བརྗིད་ཅིང་འགྱིང་བར་བཞུགས་སུ་གསོལ། །ལྕགས་ཀྱུའི་ཕྱག་རྒྱ་བཅས་ནས། ཨོཾ་ཕུ་ཏ་ཕུ་ཏ་མ་ཧཱ་ཀྲོ་དྷ་ཧཱུྃ། སིདྡྷི་སིདྡྷི་སྥོ་ཊ་ཡ་ཧཱུྃ། ནཱ་ག་རཱ་ཛ། ཨ་ཀརྵ་ཡ་ཛཛཧཱུྃ་བྃ་ཧོཛ ཨརྒྷཾ་སོགས། ཛཧཱུྃ་བྃ་ཧོ དམ་ཚིག་པ་དང་དབྱེར་མེད་དུ་གྱུར། །རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་བྱུང་སྟེ། སྔགས་བདག་གི་ཐུགས་ཀར་འཁོར་བས་ཐུགས་དམ་གྱི་བརྒྱུད་བསྐུལ་བར་བསམས་ལ། ཨོཾཕུ་ཏ་ཕུ་ཏ་མ་ཧཱ་ཀྲོ་དྷ་ཧཱུྃ། སིདྡྷི་སིདྡྷི་སྥོ་ཊ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བཟླས་པ་བྱ། མཆོད་གཏོར་རྣམས་བསངས་ཤིངསྦྱངས་ནས། བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། བཅུད་ལྷ་དང་མིའི་ལོངས་སྤྱོད་འདོད་པའི་ཡོན་ཏན་སྣ་ཚོགས་ཀྱིས་

(༧༨)གང་བ། །ཨོཾ་ཨ་མྲྀ་ཏེ་ཧཱུྃ། ལན་གསུམ་གྱིས་དམ་ཚིག་གི་བདུད་རྩིའི་རྒྱ་མཚོ་ཆེན་པོར་བསྒོམ། ཨོཾ་ཨཱཧཱུྃ། ལན་གསུམ། ཡེ་ཤེས་ཀྱི་བདུད་རྩི་ཆར་བཞིན་དུ་བབ་ཅིང་དམ་ཚིག་གི་བདུད་རྩི་དང་འདྲེས་པས་ཟག་པ་མེད་པའི་བདེ་བ་བསྐྱེད་པར་བྱེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨ་ཀཱ་རོ། ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་ལ། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ལྷ་རྫས་དགེ་བའི་མཆོད་གཏོར་འདི། །ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་སྩལ་དུ་གསོལ། །དག་གསལ་དྲི་ཞིམ་ལེགས་ལྡན་པའི། །དྲི་ཆལ་བདུག་སྤོས་མེ་ཏོག་སོགས། །ཀླུ་རྒྱལ་ཁྱོད་ལ་འབུལ་ལགས་ན། །བདག་གི་ལས་རྣམས་གྲུབ་པར་མཛོད། །ཡིད་འོང་ལེགས་སྦྱར་རོ་ལྡན་པའི། །སྦྲང་རྩི་དང་ནི་ཤིང་ཏོག་སོགས། །ཀླུ་རྒྱལ་ཁྱོད་ལ་འབུལ་ལགས་ན། །བདག་ཅག་འཁོར་བཅས་བཀྲ་ཤིས་མཛོད། །ཕུན་ཚོགས་དབྱིབས་ལེགས་ཡིད་འོང་དང་། །ཡིད་འཛིན་སྒྲ་སྙན་རོལ་མོ་དང་། །དྲི་ཞིམ་ཡིད་འོང་ཕུན་སུམ་ཚོགས། །འབྲས་ཆན་ལ་སོགས་ཞལ་ཟས་དང་། །འཇམ་མཉེན་མཛེས་པའི་ན་བཟའ་སོགས། །ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ། །བདག་གི་བསམ་པ་འགྲུབ་པ་དང་། །སངས་རྒྱས་བསྟན་པ་དར་བར་མཛོད། །ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས། ཀླུ་རྣམས་ཀྱི་ལྗགས་འོད་ཟེར་གྱི་ཚུལ་དུ་གཏོར་མ་ལ་ཟུག་ནས་

(༧༩)གསོལ་བས་མཉེས་ཤིང་དགྱེས་པར་བསམས་ལ། སྙིང་པོའི་མཐར། ཨི་དཾ་བ་ལི༚་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བདུན་ནམ། །ཉེར་གཅིག་བརྗོད། བཀའ་བསྒོ་བ་དང་ཕྲིན་ལས་བཅོལ་བ་ནི། སྔགས་ཀྱི་བདག་པོ། །འཇིག་རྟེན་མཐུ་ཆེན། །སྲིད་གསུམ་མཚར་གཅོད། །འགྲོ་དྲུག་དབང་སྡུད། ཁམས་གསུམ་བདག་པོ། །གསོད་བྱེད་ཆེན་པོ། །སྦྲུལ་མགོ་བདུན་པ། ཟུར་ཕུད་ལྔ་པ། ཁྱེའུ་ཆུང་གཞོན་ནུ། །གཞོན་ནུ་མཛེས་པ། གཞོན་ནུ་གཏུམ་པོ༴ །ནག་པོ་ཆེན་པོ༴ །བདུད་པོ་ཆེན་པོ། །ཀླུ་རྒྱལ་སོག་མ་མེད། ལས་མཁན་ཆེན་པོ། །བྲན་པོ་ཆེན་པོ། གཡོག་པོ་ཆེན་པོ། །ཁོལ་པོ་ཆེན་པོ། །ཁྱོད་ཀྱིས་མཆོད་པ་དམ་པ་འདི་བཞེས་ལ། །བདག་གི་བྲན་པོའི་ཚུལ་གྱིས་ཤིག །བདག་གི་གཡོག་པོའི་ཚུལ་གྱིས་ཤིག །བདག་གི་ལས་མཁན་གྱི་ཚུལ་གྱིས་ཤིག །སྔགས་ཀྱི་བདག་པོ་ཁྱོད་ཀྱིས་བདག་གིས་བསྒོ་བ་བཞིན་གྱིས་ཤིག །ནཱ་ག་རཱ་ཛ་དགའ་བ་དང་དགྱེས་པར་གྱུར་ཅིག །བསྟོད་པ་བྱ་བ་ནི། ཀླུ་ཡི་རྒྱལ་པོ་སོགས་ནས། སེམས་དཔའ་ཆེ་ལ་ཕྱག་འཚལ་བསྟོད། ཅེས་པའམ། ཧཱུྃ། ཕྱག་ན་རྡོ་རྗེའི་བཀའ་ཉན་གསུང་སྡོད་པའི། །ཐུགས་རྗེ་རྣམ་དག་པད་ཉིའི་གདན་སྟེང་ན། །སྐུ་མདོག་དམར་སེར་ཕྱག་གཉིས་ཐུགས་ཀར་སྦྱར། །སྐུ་ལ་རིན་ཆེན་སྣ་ཚོགས་མཛེས་པས་བརྒྱན། །དབུ་ལ་སྦྲུལ་མགོ་བདུན་གྱི་གདེངས་ཀ་ལ། །བརླ་གཉིས་ལྟོ་འཕྱེའི་མཇུག་

(༨༠)མས་རྒྱན་དུ་དཀྲིས། །རྣལ་འབྱོར་དབང་ཕྱུག་སྐྱོང་བའི་གང་ཟག་གི། །བར་ཆད་སེལ་ཞིང་ཅི་འདོད་བསྒྲུབ་པོ་ཞེས། །རྡོ་རྗེ་འཛིན་པའི་སྤྱན་སྔར་འདུད་བའི་ཚུལ། །སྔགས་ཀྱི་བདག་པོ་འཇིག་རྟེན་མཐུ་པོ་ཆེ། །སྲིད་གསུམ་ཚར་གཅོད་འགྲོ་དྲུག་དབང་དུ་སྡུད། ཁམས་གསུམ་བདག་པོ་གསོད་བྱེད་ཆེན་པོ་སྟེ། །སྦྲུལ་མགོ་བདུན་དང་ཟུར་ཕུད་ལྔ་ཡིས་བརྒྱན། །གཞོན་ནུ་མཛེས་པ་ཁྱིའུ་ཆུང་གཞོན་ནུའི་ཚུལ། །གཞོན་ནུ་གཏུམ་པོ་ནག་པོ་ཆེན་པོ་སྟེ། །བདུད་པོ་ཆེན་པོ་ཀླུ་རྒྱལ་སོག་མ་མེད། །བྲན་པོ་ཆེན་པོ་ལས་མཁན་ཆེན་པོ་སྟེ། །ཁོལ་པོ་ཆེན་པོ་ཐུགས་རྗེ་གཡོག་པོའི་ཚུལ། །ཁྱོད་ལ་འབུལ་ལོ་མཆོད་པ་འདི་བཞེས་ལ། །རྣལ་འབྱོར་བདག་གི་བྲན་དང་གཡོག་པོ་མཛོད། །ལས་མཁན་ཆེན་པོ་ཁོལ་པོའི་ཚུལ་གྱིས་སྒྲུབས། །འདོད་པའི་དོན་རྣམས་ཐམས་ཅད་འགྲུབ་པར་མཛོད། །ཅེས་པས་ཀྱང་བསྟོད་ཅིང་ཕྲིན་ལས་བཅོལ། །གཏོར་མ་གཙང་སར་བསྐྱལ། ནཱ་ག་རཱ་ཛ་མནྟྲ་པ་ཏི་ས་པ་རི་ཝར་གཙྪ། ཞེས་གཤེགས་སུ་གསོལ། །དམ་ཅན་སྐྱེས་བུ་ཆེན་པོའི་མཆོད་གཏོར་ནི། །གང་ཡང་རུང་བའི་གནས་ཀྱི་སའི་ཆ་གཙང་མར་བྱས་ཏེ། མཛེས་པར་བརྒྱན་ནས། དེར་སྐྱེས་བྱ་ཆེན་པོའི་རྟེན་བཀྲམ་པའི་མདུན་དུ། སྣོད་ཡངས་པར་གཏོར་མ་གྲུབ་ཞི་མཁར་ཐབས་སམ། ཕོ་བྲང་སུམ་བརྩེགས་སུ་བྱས་པའི་སྟེང་དུ་གཙོ་བོའི་བཤོས་བུ་བཞག །དེའུ་འོག་དམའ་བར་གིང་ཆེན་སྡེ་བཞིའི་གཏོར་མ་འཇོག་སྟེ། ཤར་དུ་ལྷ་ཡི་

(༨༡)གིང་ཆེན་ཚངས་པ་དཀར་པོའི་མཁར་ཐབས་དཀར་པོ། །ལྷོར་གཤིན་རྗེའི་གིང་ཆེན་མེ་རུ་རྩེ་དམར་པོའི་ཟུར་གསུམ། ནུབ་ཏུ་བཙན་གྱི་གིང་ཆེན་ཡམ་ཤུད་དམར་པོའི་མཁར་ཐབས་དམར་པོ། །བྱང་དུ་བདུད་ཀྱི་གིང་ཆེན་ཡབ་རྗེ་ནག་པོའི་ཟུར་གསུམ་ནག་པོ་རྣམས་སོ་སོའི་མཐུན་རྫས་དང་ལྡན་པ་དགོད། གཙོ་བོའི་བཤོས་བུའི་ཉེ་ལོགས་སུ། །ཐུགས་ཀྱི་དགྱེས་སྡེ་མོ་རྡོ་རྗེ་དཔལ་དང་ལྡན། །རྡོ་རྗེ་དཔལ་གྱི་ཡུམ། རྡོ་རྗེ་བོད་ཁམས་སྐྱོང་། རྡོ་རྗེ་ཀུན་ ཏུ་བཟང་དང་བཞིའི་བཤོས་བུ་ཟླུམ་བུ་རྩེ་རྒྱལ་བཞི་བཞག །དེའིའོག ་དམའ་བར་བརྟན་མ་བརྒྱད་ཀྱི་བཤོས་བུ་དང་། དེའི་ཕྱི་རིམ་དུ། ལྷའི་དགེ་བསྙེན་བརྒྱ་དང་ཉི་ཤུའི་དཀར་གཏོར། བཙན་གྱི་དགེ་བསྙེན་བརྒྱ་དང་ཉི་ཤུའི་དམར་གཏོར། བདུད་ཀྱི་དགེ་བསྙེན་བརྒྱ་དང་ཉི་ཤུའི་གཏོར་མ་ནག་པོ་རྣམས་བཞག་ལ། །མཐའ་མ་ཐེབ་ཀྱུས་བསྐོར། སྨན་ཕུད་དངར་ཁྲག་གིས་བྱུགས། ར་ཁྲག་གི་མཆོད་ཡོན་དང་། རའི་དབང་པོ་རྣམ་ལྔ་དང་། རའི་ཚིལ་ལ་སྤོས་སྦྱར་བའི་དུད་པ་དང་། གཞན་ཡང་གོ་མཚོན་ལ་སོགས་མཆོད་རྫས་བཟང་ཞིང་རྒྱ་ཆེ་བར་བཤམས། མདུན་གྱི་རྟེན་ལ་དམིགས་ནས། བསངས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་གི་མདུན་དུ་ཕ་ཝང་ལོང་བུའི་སྐུ་མཁར། འཇའ་ཚོན་སྣ་ལྔའི་འོད་ཟེར་འཕྲོ་བ། སྟེང་ན་དུག་གི་སྤྲིན་ཆེན་འཁྲིགས་པ་ལས་འབྲུག་གི་སྒྲ་ཆེན་པོ་སྒྲོག་ཅིང་། གནམ་ལྕགས་ཐོག་གི་བུ་ཡུག་འཚུབ་པ། ཕྱི་རོལ་དུ་ཁྲག་གི་རྒྱ་མཚོ་ཁོལ་ཞིང་། རླུང་ནག་འཚུབ་མ་འཁྱིལ་བ། མཐའ་མ་ལྕགས་རི་ནག་པོས་བསྐོར་བའོ། །དེའི་ནང་དུ་པཾ་ལས་པདྨ། རཾ་ལས་ཉི་མའི་དཀྱིལ་

(༨༢)འཁོར་གྱི་སྟེང་དུ། ར་སྐྱེས་ཁམ་པ་རྭ་ལ་དཀར་ཁུང་སུམ་བརྩེགས་དང་ལྡན་པ། དེའི་སྟེང་དུ་ཡི་གེ་ཏྲི་ནག་པོ། །དེ་ལས་འོད་ཟེར་འཕྲོས་འདུས་པ་ལས་དམ་ཅན་སྐྱེས་བུ་ཆེན་པོ་སྐུ་མདོག་མཐིང་ནག་ཏུ་འདུག་པ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །ཞལ་གདངས་ཤིང་མཆེ་བ་རྣམ་པར་གཙིགས་པ། དབུ་སྐྲ་དམར་སེར་གྱེན་དུ་འབར་བ། ཞལ་ནས་དུག་གི་ཁ་རླངས་འཐུལ་བ། །གཡས་ན་ཁྲོ་ཆུའི་ཐོ་བ་ཐོགས་པ། །གཡོན་ན་སྦུད་པ་ནག་པོ་ཐོགས་པ། རྡོ་རྗེ་འཛིན་པ་བདག་གིས་ལས་ཅི་བགྱི་ཞེས་ཟེར་ཞིང་། ཞལ་ནས་སོད་ཅིག་དང་རྒྱོབ་ཅིག་ལ་སོགས་པའི་སྒྲ་སྒྲོག་པ། སྐུ་ལ་དར་ནག་གི་འཇོལ་བེར་གསེར་གྱི་རྡོ་རྗེའི་རི་མོ་ཅན་དགུ་བརྩེགས་གསོལ་བའི་ནང་མ་ལ་གསེར་སྐད་རིན་ཆེན་སྐ་རགས་སུ་བཅིངས་པ། དེའི་འཁོར་དུ་ལྷ་དང་། གཤིན་རྗེ་དང་། བདུད་དང་། བཙན་གྱི་གིང་ཆེན་སྡེ་བཞི། ལྷའི་དགེ་བསྙེན་བརྒྱ་དང་ཉི་ཤུ། བཙན་གྱི་དགེ་བསྙེན་བརྒྱ་དང་ཉི་ཤུ། བདུད་ཀྱི་དགེ་བསྙེན་བརྒྱ་དང་ཉི་ཤུ་སྟེ་མཆེད་ཟླ་སུམ་བརྒྱ་དྲུག་ཅུ་དང་། རྡོ་རྗེ་དཔལ་དང་ལྡན་པ་སོགས་ཡུམ་ཆེན་དགྱེས་སྡེ་མོ་བཅུ་གཉིས། ཀླད་ན་ལྕགས་ཀྱི་བྱ་ཁྲ་ལྡིང་བ། རྒྱབ་ན་ལྕགས་སྤྱང་བུར་བ་བགྲོལ་ཞིང་། མདུན་ན་ཟངས་ཀྱི་འཕར་བ་རྒྱུག་པ། གཡས་ན་དྲེད་མོ་ལག་དཀར་ཐལ་མོ་རྡེབ་ཅིང་། གཡོན་ན་དོམ་བུ་སྙིང་དཀར་

(༨༣)ངར་སྒྲ་འདོན་པ་ལ་སོགས་ཟ་བྱེད་མཆེ་བ་ཅན་གྱི་ལྷ་ཚོགས། གནས་གཙང་མའི་ལྷའི་འཁོར་ཚོགས་འབུམ་ཕྲག་གཅིག །བཙན་གྱི་འཁོར་ཚོགས་འབུམ་ཕྲག་དགུ། གཤིན་རྗེའི་འཁོར་ཚོགས་འབུམ་ཕྲག་བརྒྱད། བདུད་ཀྱི་འཁོར་ཚོགས་འབུམ་ཕྲག་བཅུ་གཉིས། ཀླུའི་འཁོར་ཚོགས་ས་ཡ་ཕྲག་བདུན། གནོད་སྦྱིན་གྱི་འཁོར་ཚོགས་འབུམ་ཕྲག་བཞི་ལ་སོགས་པས་བསྐོར་ཞིང་། བདག་གི་བཀའ་ཉན་དང་གསུང་སྡོད་ཀྱི་ཚུལ་དུ་གནས་པའི་ཐུགས་ཀར་ཏྲི་ནག་པོ། །བདག་ཉིད་ཡི་དམ་ལྷའི་ས་བོན་དང་ཏྲི་ལས་འོད་ཟེར་འཕྲོས་པས། འོག་མིན་གྱི་གནས་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་དུ་གནས་པ་རྡོ་རྗེ་རིགས་ཀྱི་སེམས་དཔར་བཞུགས་པ་ཡེ་ཤེས་ཀྱི་རྡོ་རྗེ་ལེགས་པ་དང་། རི་བོ་མ་ལ་ཡའི་རྩེ་མོ་ཐོད་པའི་གཞལ་མེད་ཁང་ན་དཔལ་ཕྱག་ན་རྡོ་རྗེའི་འཁོར་དུ་གནས་པ་དམ་ཚིག་གི་རྡོ་རྗེ་ལེགས་པ་དང་། ཉི་མ་ནུབ་ཕྱོགས་ཕ་ཝཾ་ལོང་བུའི་སྐུ་མཁར་ན་སྐྱེས་བུ་ཆེན་པོའི་ཚུལ་དུ་གནས་པ་ལས་ཀྱི་རྡོ་རྗེ་ལེགས་པ་སྟེ། དམ་ཅན་སྐྱེས་བུ་ཆེན་པོ་འཁོར་དང་བཅས་པ་རྣམས་སྤྱན་དྲངས། ཏྲི་བཛྲ་སཱ་དྷུ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཛ རྔ་བརྡུང་ཞིང་དབྱངས་དང་བཅས་པས། ཧཱུྃ། དམ་ཅན་སྐྱེས་བུ་ཆེན་པོ་གིང་གི་བདག །དཔལ་ལྡན་དྲེགས་པ་རྟ་མགྲིན་ཐུགས་ལས་སྤྲུལ། །དམ་ཅན་

(༨༤)སྐྱེས་བུ་རྡོ་རྗེའི་མཚོན་ཅན་ཁྱོད། །ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ། ཧཱུྃ། དམ་ཚིག་དབང་གིས་སྟོང་གསུམ་ཀུན་ཉུལ་ཞིང་། །སངས་རྒྱས་བསྟན་ལ་གནོད་པའི་དགྲ་བོ་རྣམས། །ཐམས་ཅད་དབྱིངས་སུ་སྒྲོལ་བར་མཛད་པ་ཡི། །ནག་པོའི་ཚོགས་དང་བཅས་ཏེ་གཤེགས་སུ་གསོལ། ཧཱུྃ། དཔལ་ལྡན་སྐྱེས་བུ་ཕྲིན་ལས་མཛད་པའི་ཆེ། །མཆེད་ཟླ་སུམ་བརྒྱ་དྲུག་ཅུར་བཅས་པ་དང་། ཟ་བྱེད་མཆེ་བ་ཅན་དང་བཅས་པ་རྣམས། །དགྲ་བོའི་ཤ་ཁྲག་གསོལ་ཞིང་ད་ཚུར་བྱོན། །ཧཱུྃ། དཔལ་ལྡན་དབང་ཕྱུག་འཇིག་རྟེན་སྐྱོང་བའི་གཙོ། །འགྲོ་བའི་དོན་དུ་ཐུགས་རྗེས་སྐུར་སྤྲུལ་ནས། །སྒྲུབ་པ་པོ་ལ་སྡང་བའི་དགྲ་བགེགས་རྣམས། །འདུལ་མཛད་སྐྱེས་བུ་ཆེན་པོ་ད་ཚུར་བྱོན། །འཁོར་བའི་སྐྱོན་གྱིས་མ་གོས་སྐུ་མདོག་ནག །ལོག་ལྟ་འདུལ་ཕྱིར་སྐུ་ལ་བེར་ནག་གསོལ། །འགྲོ་དྲུག་དབྱིངས་སུ་སྒྲོལ་ཕྱིར་སྤྱན་རྩ་དམར། །དགྲ་བགེགས་འདུལ་ཕྱིར་སྨིན་མ་ཨག་ཚོམ་སེར། །ཉོན་མོངས་སྲེག་ཕྱིར་ཞལ་ནས་མེ་འབར་ཞིང་། །ཤངས་ནས་རླུང་ནག་འཚུབ་མ་འཁྱིལ་བ་ཡིས། །འཁོར་བའི་ཉོན་མོངས་ལོག་ལྟ་འཇོམས་པར་བྱེད། །དམ་ཅན་སྐྱེས་བུ་རྡོ་རྗེའི་མཚན་ཅན་ཁྱོད། །དེང་འདི་ནས་ནི་སྙིང་པོ་བྱང་ཆུབ་བར། །རྡོ་རྗེ་ལེགས་པ་སྐྱེས་བུ་ཁྱོད་ཉིད་དང་། །

(༨༥)མི་འབྲལ་ཕྱིར་ན་གནས་འདིར་གཤེགས་སུ་གསོལ། །བསྟན་པ་བསྲུང་ཕྱིར་གནས་འདིར་གཤེགས་སུ་གསོལ། །ཅེས་དང་། དུས་གསུམ་སངས་རྒྱས་ཀུན་གྱི་བསྟན་བསྲུང་ཞིང་། །གྲངས་མེད་ཐོག་མའི་དུས་ནས་སེམས་བསྐྱེད་པ། །སྔོན་ཚེ་དེ་བཞིན་གཤེགས་པས་བྱིན་བརླབས་པ། །ཕྱག་ན་རྡོ་རྗེས་དབང་བསྐུར་དམ་ཚིག་ཅན། །བཛྲ་སཱ་དྷུ་དྲག་པོ་མཐུ་བོ་ཆེ། །སྒྲོལ་བའི་གིང་ཆེན་དུང་གི་ཐོར་ཚུག་ཅན། །ཤར་ཕྱོགས་ཚངས་པ་དཀར་པོ་སྙིང་འབྱིན་དང་། །ལྷ་སྲིན་སྡེ་བརྒྱད་དམག་དཔོན་མེ་རུ་རྩེ། །ཡབ་རྗེ་ནག་པོ་སྲོག་བདག་ཀུན་གྱི་རྗེ། །ཡམ་ཤུད་དམར་པོ་བཙན་གྱི་རྗེ་བོ་དང་། དྲག་པོ་དྲག་མོ་བཙན་གྱི་རྗེ་བོ་རྣམས། །སྲོག་སྙིང་གནད་ནས་སྤྱན་འདྲེན་གཤེགས་སུ་གསོལ། །བཞུགས་གསོལ་ནི། ཧཱུྃ། དཔལ་ལྡན་ཁྲག་འཐུང་བཀའ་ཡི་དཀྱིལ་འཁོར་དུ། །འཁོར་ལོ་འབར་བའི་ཕྱི་རིམ་དུར་ཁྲོད་ལ། །མི་རོ་རྟ་རོ་གཅལ་དུ་བཀྲམ་པའི་སྟེང་། །ར་སྐྱེས་སེང་གེ་མ་ཧེ་ཁྱུ་མཆོག་དང་། རྟ་ཡི་རྒྱལ་པོ་ཉི་ཟླ་བརྩེགས་པའི་སྟེང་། །སྐྱེས་མཆོག་དྲེགས་པའི་གཙོ་བོ་འཇིགས་བྱེད་ཆེ། །ཆོས་སྐྱོང་དྲེགས་བྱེད་འཁོར་དང་བཅས་པ་རྣམས། །ཐུགས་དམ་བསྐང་ཕྱིར་བརྟན་པར་བཞུགས་སུ་གསོལ། །དམ་ཅན་སྐྱེས་བུ་ཆེན་པོ་ཁྱོད་ཉིད་ནི། །སངས་རྒྱས་བསྟན་པ་ཡུན་དུ་བསྲུང་བ་དང་།

(༨༦)འགྲོ་བའི་དོན་དུ་ཐུགས་རྗེས་བརྩེར་དགོངས་ལ། །གནས་འདིར་སྤྱན་འདྲེན་མཆོད་ཕྱིར་བཞུགས་སུ་གསོལ། །ཞེས་སྤྱན་དྲངས་དབྱེར་མེད་དུ་བཞུགས་པར་བསམ། གཙོ་འཁོར་རྣམས་ཀྱི་སྤྱི་བོར་ཕྱག་ན་རྡོ་རྗེ་དང་། པདྨ་བཛྲ་བསྒོམ། ལྗགས་ཐོག་ཏུ་བདུད་རྩི་བླུག་ལ། མགོ་བོར་རྡོ་རྗེ་བཞག་པར་མོས་ཤིང་། རྒྱལ་བ་རྣམས་ཀྱིས་ཇི་ལྟར་བཀའ་སྩལ་ཞིང་། །ཁྲོ་རྒྱལ་རྣམས་ཀྱིས་དབང་བསྐུར་དམ་བཞག་པ། །པདྨ་བཛྲས་ཅི་ལྟར་བསྒོས་པ་བཞིན། །རང་གི་ཁས་བླངས་དམ་ཚིག་དྲན་པར་གྱིས། །ཞེས་བརྗོད་པས་ཁས་བླངས་པའི་དམ་ཚིག་དྲན་ཏེ་ཅི་འདོད་པའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་བསམ་ལ། ཨོཾ་བཛྲ་སཱ་དྷུ་ས་མ་ཡ་ཝཀ་ཏྲཾ་ཏྲཾ། ཤི་ནི་ཀྲ་མ་ནི། ས་མ་ཡ་སཱ་དྷུ། ཧྲི་ཛཛཧཱུྃ་བཾྃ་ཧོ ཞེས་བཟླ། ཨོཾ། དྲེགས་བྱེད་ཁྱོད་རྣམས་མཆོད་པའི་དམ་རྫས་ནི། །ཐང་སྐྱེས་ཆུ་སྐྱེས་མེ་ཏོག་སྣ་ཚོགས་དང་། །སྤོས་མཆོག་རྣམས་དང་བསུར་གྱི་མཆོག་རྣམས་དང་། །ཞུན་ཆེན་སྣང་གསལ་སྒྲོན་མེ་སྣ་ཚོགས་དང་། །སྨན་སྟོང་བདུད་རྩི་སྦྱར་བའི་དྲི་ཆབ་དང་། ཤ་ཁྲག་བ་ལི༚་ཞལ་ཟས་ཨ་རྒྷཾ་དང་། སིལ་སྙན་དགྲ་དབྱངས་སྦྱར་བའི་རོལ་མོ་རྣམས། །ཆོས་སྐྱོང་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །མཆོག་ཏུ་མཛེས་ཤིང་ཡིད་འོང་གཟུགས་རྣམས་དང་། །རབ་ཏུ་སྒྲ་སྙན་ཚིམ་བྱེད་རྨད་བྱུང་དྲི། །རོ་བརྒྱ་དང་ལྡན་ཕུན་ཚོགས་ཞལ་ཟས་རྣམས། །ངོ་མཚར་རེག་བྱ་སྣ་ཚོགས་ཁྱོད་ལ་འབུལ། །ལྷ་རྫས་

(༨༧)འཁོར་ལོ་རིན་ཆེན་བསམ་འཕེལ་སྟྲཱི། །ཁྱིམ་བདག་ཅང་ཤེས་མྱུར་འགྲོ་གླང་ཆེན་མཆོག །མ་ལུས་དཔུང་ལས་རྒྱལ་བྱེད་དམག་དཔོན་སྟེ། །རྒྱལ་སྲིད་རིན་ཆེན་བདུན་ཡང་ཁྱོད་ལ་འབུལ། །སྲ་བརྟན་མི་ཤིགས་ཁྲོ་ཆུ་ལས་གྲུབ་ཅིང་། །ཉོན་མོངས་དགྲ་དཔུང་འཇོམས་པའི་ཐོ་བ་ནི། །རྡོ་རྗེ་རིན་ཆེན་གྱིས་སྤྲས་རབ་མཛེས་པའི། །རིན་ཆེན་ཡུ་བ་ཅན་འདི་ཁྱོད་ལ་འབུལ། །མཉན་ཞིང་ཡངས་པའི་ཁོང་དང་རིང་པོ་ཡི། །མཆུ་ལྡན་དྲག་པོའི་ཤུགས་ཅན་རླུང་གི་ཚོགས། །ཕྱོགས་མཐར་སྤྲོས་པས་དགྲ་རྣམས་རྡུལ་ཕྲན་བཞིན། །རླག་བྱེད་རླུང་གི་གཏེར་འདི་ཁྱོད་ལ་འབུལ། །གཏོར་མ་བསངས་སྦྱངས། །སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར། རཾ་ལས་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཨ་ལས་པདྨའི་སྣོད་ཡངས་ཤིང་རྒྱ་ཆེ་བ། དེའི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ། ཡི་གེ་དེ་དག་གིས་མཚན་པའོ། །རང་གི་སྣ་བུག་གཡོན་པ་ནས་རླུང་ཧཱུྃ་གི་དབྱིབས་ཅན་འཕྲོས། །རླུང་གི་དཀྱིལ་འཁོར་ལ་ཕོག །བ་དན་བསྐྱོད་པས་རླུང་གཡོས། མེ་སྦར་ཐོད་པ་དྲོས། རྫས་རྣམས་ཁོལ་ཉེས་པའི་སྐྱོན་རྣམས་ཕྱིར་ལུད། དེའི་སྟེང་དུ། ཨོཾ་ཨཱཧཱུྃ་ལས་འོད་ཟེར་འཕྲོས། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་

(༨༨)བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱཧཱུྃ། ལན་གསུམ་བརྗོད། འབུལ་བ་ནི། ཧཱུྃ། དམ་ཅན་སྐྱེས་བུ་ཆེན་པོ་འཁོར་བཅས་ལ། །ཤ་ཁྲག་དམར་གྱི་གཏོར་མ་ཆེན་པོ་དང་། །ར་ཡི་རྣམ་ལྔ་ཚིལ་གྱི་དུད་པ་འདི། །དམ་ཅན་སྐྱེས་བུ་ཁྱོད་ལ་མཆོད་པར་འབུལ། ཁམས་གསུམ་སྟོང་གསུམ་འབྱུང་བཞི་ལས་གྲུབ་པའི། །ནོར་གྱི་མཆོག་གྱུར་རིན་ཆེན་རྣམ་པ་བདུན། །དམ་རྫས་བ་ལི༚་ལ་སོགས་ཐམས་ཅད་ཀྱང་། །དམ་ཅན་སྐྱེས་བུ་ཁྱོད་ལ་མཆོད་པར་འབུལ། །སངས་རྒྱས་བསྟན་ལ་གནོད་པའི་དགྲ་བགེགས་དང་། །བླ་མ་ལ་སྡང་གསང་སྔགས་སྨོད་པ་སོགས། །སྒྲུབ་པ་པོ་ལ་སྡང་བའི་དགྲ་བོ་ཡི། །དམ་ཉམས་དགྲ་བོའི་ཤ་ཁྲག་མཆོད་པར་འབུལ། །ཁྱོད་ལ་མཆོད་པ་ཕུལ་བའི་བསོད་ནམས་ཀྱིས། ཁམས་གསུམ་སེམས་ཅན་བདེ་ཞིང་སྐྱིད་པ་དང་། །སྒྲུབ་པ་པོ་ལ་ཚེ་རིང་ནད་མེད་ཅིང་། །མཐུ་དང་ལོངས་སྤྱོད་རྒྱས་པའི་དངོས་གྲུབ་སྩོལ། །ཨོཾ་བཛྲ་སཱ་དྷུ་ས་མ་ཡ་ཝག་ཏྲཾ་ཏྲཾ་ཤི་ནི་ཀྲ་མ་ནི་ས་མ་ཡ་སཱ་དྷུ་ཏྲི་ཛཛཧཱུྃ་བྃ་ཧོཨི་དཾ་བ་ལི༚་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མམ་བདུན་སོགས་བརྗོད། དམ་རྫས་བདུད་རྩིའི་གཏོར་མ་རྒྱ་ཆེན་པོ་འདི་འབུལ་ལོ། །ཡོངས་སུ་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་བསྲུང་བ་དང་། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་

(༨༩)རྣམས་ཀྱི་རྐྱེན་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང་། ཕྲིན་ལས་རྣམ་པ་བཞི་ཐོགས་པ་མེད་པར་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་འདོན་དོན་གསོལ། འཁོར་དང་བཅས་པ་ཤིན་ཏུ་མཉེས་པར་བསམ། བསྟོད་པ་ནི། དམ་ཅན་མགར་བའི་མཚོན་ཅན་སོགས། །བསྐང་བ་ལྟར་བྱེད་ན། མཆོད་རྫས་བྱིན་བརླབས་དང་། དྲེགས་བྱེད་ཁྱོད་རྣམས་སོགས་ནས། ཕྱི་ནང་བར་ཆད་བཟློག་ཏུ་གསོལ། བར་དང་། ཕྲིན་ལས་བཅོལ་བ་ནི། ཉི་མ་ནུབ་ཕྱོགས་ཕ་ཀི་ན། སོགས། དེ་ནས་བཟོད་པར་གསོལ་བ་ནི། དམ་ཅན་ཁྱོད་ཀྱི་སོགས་ནས་དངོས་གྲུབ་སྩལ་དུ་གསོལ། ཞེས་འོག་ནས་འབྱུང་བ་ལྟར་བརྗོད་པ། བཛྲ་སཱ་དྷུ་ས་པ་རི་ཝཱ་ར་བཛྲ་མུཞེས་སེ་གོལ་གྱི་སྒྲས་གཤེགས་སུ་གསོལ། །སྲིན་མགོན་ཐོད་ཕྲེང་ཅན་གྱི་མཆོད་གཏོར་ནི། རང་ཉིད་ཡི་དམ་ལྷར་གསལ་བའི་མདུན་དུ། དུར་ཁྲོད་ཆེན་པོའི་དབུས་སུ། གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ཁང་མེ་རླུང་དམར་ནག་འཚུབ་པ་ཁྲག་གི་རྒྱ་མཚོ་འཁྱིལ་བ་མི་རོ་རྟ་རོ་གཅལ་དུ་བཀྲམ་པའི་གདན་ལ། སྲིན་མགོན་ཐོད་པའི་ཕྲེང་བ་ཅན་སྐུ་མདོག་མཐིང་ནག་གཡས་ཐོད་དབྱུག་ཕྱར་ཞིང་། གཡོན་ཐོད་ཁྲག་བསྣམས་པ། །མིའི་གཡང་གཞི་གོས་སུ་གྱོན་པའི་རྒྱབ་ན་དར་ནག་གི་འཇོལ་བེར་གསོལ་བ། དེའི་གཡོན་དུ་སྲིན་མོ་འཇིགས་བྱེད་འབར་མ་དམར་མོ་གཅེར་བུ་མི་ལྤགས་ཀྱི་གཡང་གཞི་གྱོན་ཞིང་། གཡས་པས་རལ་གྲི་ཤང་ལང་དང་། གཡོན་ཐོད་ཁྲག་

(༩༠)འཛིན་པ། ཡབ་ཡུམ་གཉིས་ཀའང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། །དབུ་སྐྲ་ཁམ་ནག་ས་ལ་འདྲུད་ཅིང་ཐོད་པ་སྐམ་རློན་གྱི་ཕྲེང་བས་བརྒྱན་པ། ཤ་ལ་དགའ་ཞིང་ཁྲག་ལ་རྔམ་པ། འཁོར་དུ་སྲིན་པོ་སྲིན་མོ་ཟ་བྱེད་རྔམ་པའི་ཆ་བྱད་ཅན་བྱེ་བ་འབུམ་གྱིས་བསྐོར་ནས་ཁམས་གསུམ་ཁྱབ་པར་རྒྱུག་ཅིང་གང་ལ་དམིགས་པ་སྐད་ཅིག་ཙམ་གྱིས་རླག་པར་བྱེད་པ། བཀའ་ཉན་དང་གསུང་སྡོད་ཀྱི་ཚུལ་དུ་གནས་པ། ཡབ་ཀྱི་ཐུགས་ཀར་འོད་ཀྱི་ཐིག་ལེ་སྔོན་པོ། །ཡུམ་གྱི་ཐུགས་ཀར་དམར་པོ་དེ་ལས་འོད་འཕྲོས། ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ནས་ཐོད་ཕྲེང་ཡབ་ཡུམ་འཁོར་དང་བཅས་པ་སྤྱན་དྲངས། །བྷྱོ། ཉི་མ་ལྷོ་ཕྱོགས་ཕ་ཀི་ནི། །ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ནས། །བསྟན་པའི་བཀའ་སྲུང་མཐུ་རྩལ་ཅན། །ཐོད་ཕྲེང་ཡབ་ཡུམ་གཤེགས་སུ་གསོལ། །སྲིན་པོ་བྱེ་བའི་འཁོར་དང་བཅས། །སྔོན་གྱི་ཐུགས་དམ་དབང་གིས་ནི། །དམ་ལས་མ་འདའ་ད་ཚུར་བྱོན། །དགྱེས་པ་ཆེན་པོས་བཞུགས་སུ་གསོལ། །རཀྵ་རཀྨོ་ས་མཱ་ཛ ཛཧཱུྃ་བྃ་ཧོ གཉིས་མེད་དུ་བསམ། བཀའ་བསྒོ་བའི་ཚུལ་དུ། བྷ་ག་ཝ་ཏི་ཏིཥྛ་རཀྵ་རཀྨོ་ས་མ་ཡ་ཧཱུྃ་ཛཛ ཞེས་བསྙེན། གཏོར་མ་ཆེ་ཆུང་གསུམ། ཨ་ཀཱ་རོ་སོགས། ཨོཾ་ཨཱཧཱུྃ། བདུད་རྩིའི་རྒྱ་མཚོར་གྱུར། གཅིག་ཡབ་ལ། གཅིག་

(༩༡)ཡུམ་ལ། གཅིག་འཁོར་ལ་འབུལ་ཏེ། ཨོཾ་དཔལ་ཆེན་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་འདིར། །ལེགས་པར་བརྒྱན་ཅིང་བཤམས་པའི་མཆོད་གཏོར་རྣམས། །མཐུན་རྫས་འདོད་པའི་ལོངས་སྤྱོད་བསམ་མི་ཁྱབ། །དབང་པོ་ལྔ་ཡི་ཚིམ་བྱེད་བདུད་རྩིའི་གཏེར། །རྒྱ་ཆེན་ཟད་མི་ཤེས་པ་ནམ་མཁའི་མཛོད། ཟག་མེད་བདེ་བ་བསྐྱེད་པའི་མཆོད་སྤྲིན་དུ། །ཏིང་འཛིན་ཕྱག་རྒྱ་སྔགས་ཀྱིས་བྱིན་བརླབས་ནས། །རྣལ་འབྱོར་གུས་པའི་ཡིད་ཀྱིས་འབུལ་ལགས་ན། །ཐོད་ཕྲེང་ཡབ་ཡུམ་འཁོར་བཅས་སྤྱན་ལམ་དུ། །ཅི་འདོད་མཁོ་དགུའི་ལོངས་སྤྱོད་སྣ་ཚོགས་པ། །ཆོས་ཉིད་རྣམ་དག་ལྷག་བསམ་བདེན་པའི་མཐུས། །རྒྱུན་དུ་ཐོགས་པ་མེད་པར་འབྱུང་གྱུར་ཅིག །བསྙེན་སྔགས་ལ། ཨི་དཾ་བ་ལི༚་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་ལ་འདུན་ནམ་ཉེར་གཅིག་གིས་འབུལ་ལོ། །བྷྱོ། ལྷོ་ནུབ་ལང་ཀ་སོགས་ཀྱིས་བསྟོད། །དགྲ་ལ་རྦད་ན། གཏོར་མ་ལ་དགུག་གཞུག་བྱ། དགྲ་བོའི་ཤ་ཁྲག་ཏུ་བསམས་ལ། གོང་བཞིན་བསྔོས་པས་སྐད་ཅིག་ཙམ་གྱིས་ཤ་ཁྱེར་ཁྲག་ཁྱེར་དུ་ཟོས་པར་བསམ་ཞིང་། རཀྵ་རཀྨོ་ས་མ་ཡ་སོགས་དང་། རཀྵས་ཕྲིན་ལས་སྟོབས་ལས་གྱུར་པ་ཡི། །ཞེས་སོགས་ཀྱི་ཕྲིན་ལས་བཅོལ་ཞིང་བསྐུལ་ལོ། །ཞིང་སྐྱོང་ཤ་ཟ་ནག་པོའི་མཆོད་གཏོར་ནི། བདུད་རྩི་དང་། ཁྲག་དང་། གཏོར་མ་ཤ་ཁྲག་གིས་བརྒྱན་པ་བཤམས་ལ། རང་ཉིད་ཀྱི་མདུན་དུ་མེ་རླུང་དམར་ནག་

(༩༢)འཚུབ་པའི་དབུས་སུ། །པདྨ་ཉི་མའི་གདན་ལ་དགྲ་བོ་ཕོ་མོ་བསྣོལ་བའི་སྟེང་དུ། ཧཱུྃ་ནག་པོ་ལས་འོད་འཕྲོས། དགྲ་བགེགས་ཐམས་ཅད་ཚར་བཅད། ལས་མགོན་རྣམས་ཀྱི་མཐུ་སྟོབས་བསྡུས་ཡོངས་སུ་གྱུར་པ་ལས། བདུད་མགོན་ཤ་ཟ་ནག་པོ་སེང་གེའི་གདོང་པ་ཅན། །སྐུ་མདོག་མཐིང་ནག་རབ་ཏུ་ཁྲོས་ཤིང་ཞལ་གདངས་པ། མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། སྤྱན་གསུམ་དམར་ལ་འཁྲུག་པ། གཡུ་རལ་གྱེན་དུ་འབར་བའི་གསེབ་ནས་སེང་ཆུང་མང་པོ་འཕྲོ་བ། དར་ནག་གི་འཇོལ་བེར་གསོལ་བའི་སྟེང་ན། སྟག་དོང་གཟིག་ཤུབས་སྐེད་ལ་བཏགས་ཤིང་གཡས་ན་མདུང་དར་ནག་པོ་འཕྱར་བ། གཡོན་ན་དམར་གཏོར་བསྣམས་པ། བདུད་རྟ་ནག་པོ་རླུང་གི་གཤོག་པ་ཅན་ལ་ཆིབས་པ། སྤྲུལ་པ་མང་པོ་འགྱེད་པ། ཤིན་ཏུ་མི་བསྲུན་ཞིང་གུང་གཉིས་ལ་གླིང་བཞི་ཁྱབ་པར་རྒྱུག་པ། །དེའི་གཡོན་དུ་ཧྲི་དམར་ནག་ལས་ཡུམ་བདུད་མོ་སྲོག་གཅོད་མ་སྐུ་མདོག་དམར་ནག་སེང་གེའི་གདོང་པ་ཅན་ཞལ་བགྲད་ཅིང་མཆེ་བ་གཙིགས་པ། སྤྱན་གསུམ་པ། ཁྲག་གི་རལ་པ་འཁྱིལ་བའི་གསེབ་ནས་ཁྲོ་ཆུང་མང་པོ་འགྱེད་པ། དར་དམར་གྱི་འཇོལ་བེར་གསོལ་ཞིང་གཡས་ན་ཁ་ཊཾྭཱ་ག་རྩེ་གསུམ། གཡོན་ན་དགྲ་བོའི་སྙིང་ཁྲག་བསྣམས་པ། བདུད་

(༩༣)རྟ་དམར་ནག་རླུང་གི་གཤོག་པ་ཅན་ལ་ཆིབས་པ། མདུན་དུ་ལས་མཁན་བམ་རོ་མདོག་སེར་སྤྲེའུའི་མགོ་ཅན། དུས་མཚན་མོ་ལྕགས་མགོ་ནག་མོ་སྐྲ་མེད་པ། གཉིས་ཀའང་མི་སྡུག་པའི་གཟུགས་ཅན་གཅེར་བུ་གསེར་མིག་འཁྱིལ་བ། ལག་གཉིས་ས་ལ་བཙུགས་ནས་རྒྱུག་ཅིང་། ལྕགས་ཀྱི་སྡེར་མོ་རྣོན་པོས་དགྲ་སྙིང་འདྲེན་པ། རྐང་པས་དམར་གཏོར་དགྲ་ལ་འཕེན་པ། མི་མགོའི་དོ་ཤལ་དང་མི་ལྤགས་སྐེད་ལ་དཀྲིས་པ། གཞན་ཡང་སྤྲུལ་པ། ལས་མཁན་ཤ་ཟ་ཁྲོ་མོ་བདུད་ཀྱི་འཁོར་ཚོགས་དུ་མས་བསྐོར་བའོ། །དེའི་ཐུགས་ཀའི་ཧཱུྃ་དང་ཏྲི་ལས་འོད་འཕྲོས་དཔལ་གྱི་ཙ་རི་ཏྲ་ནས་བདུད་མགོན་ཡབ་ཡུམ་འཁོར་དང་བཅས་པ་སྤྱན་དྲངས། བྷྱོ། འཇིག་རྟེན་དབང་སྒྱུར་དྲེགས་བྱེད་ཀུན་གྱི་རྒྱལ། །ལོག་འདྲེན་དགྲ་བགེགས་འདུལ་བ་རྣམས་ཀྱི་གཙོ། །ལས་ཀྱི་མཁའ་འགྲོ་རྒྱ་མཚོའི་མངའ་དབང་ཕྱུག །སྲོག་བདུད་ཤ་ཟ་ནག་པོ་སེང་གེའི་གདོང་། །སྔོན་གྱི་དམ་ཚིག་གཏེན་པོ་དྲན་མཛོད་ལ། །སྟོན་པའི་དམ་ཆོས་བསྲུང་ཞིང་རྒྱས་པ་དང་། །མ་རུངས་བློ་ལྡན་དགྲ་ཡི་དཔུང་གཞོམ་ཕྱིར། །བསྟན་སྲུང་རྒྱལ་པོ་ཁྱོད་ནི་འདིར་གཤེགས་ཤིག །སྟོབས་ལྡན་སྲིན་པོའི་དབང་པོ་གཤེགས་སུ་གསོལ། །བདུད་ཀྱི་དམག་

(༩༤)དཔོན་ཆེན་པོ༴ །དྲེགས་ལྡན་ཞིང་སྐྱོང་ཆེན་པོ༴། གཏུམ་ཆེན་རྔམ་པའི་སྐུར་སྟོན་གཤེགས་སུ་གསོལ། །བྷྱོ། བསྐལ་མེ་འཐོར་རླུང་འཁྲུག་པའི་དཀྱིལ་འཁོར་དུ། །དབུགས་བྲལ་བསྣོལ་མར་བརྩེགས་པའི་གདན་སྟེང་ན། །བདུད་མགོན་ནག་ཆེན་པོ་དྲག་ཤུལ་ཅན། །འཁོར་དང་བཅས་རྣམས་བརྟན་པར་བཞུགས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་སིདྷ་མུ་ཁ་ཧཱུྃ་ཕཊ། ཏྲི་ཧྲི༚་ཛཌཱ་ཀི་ནི་སི་ན་ར་མ་ཧཱུྃ་ཕཊ། ཏྲི་ཧྲི༚་ཛས་མ་ར་ཙ་དུ་དྲི་ཕུ་ཏྲི་ཧཱུྃ་ཕཊ། ཅེས་བཟླ། གཏོར་མ་བསངས་སྦྱངས་བྱས་ལ། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། དམ་ཉམས་དགྲ་བགེགས་ཀྱི་ཤ་ཁྲག་ལས་གྲུབ་པའི་གཏོར་མ་འདོད་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པར་གྱུར། ཨ་ཀཱ་རོ་སོགས། བྷྱོ། བདུད་ཀྱི་དམག་དཔོན་ཡབ་ཡུམ་འཁོར་བཅས་ལ། །བསྟན་ལ་སྡང་བའི་དགྲ་དང་བགེགས་རྣམས་ཀྱི། །དམར་ཆེན་ཁྲག་གི་རྒྱ་མཚོའི་ཡོན་ཆབ་དང་། ཤ་ཁྲག་ཚིལ་བུ་རྐང་དང་ནང་ཁྲོལ་དང་། །དོན་སྙིང་ལྔ་དང་དབང་པོ་རྣམ་པ་ལྔ། ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་དང་། །ཚིལ་ཆེན་དུད་པ་ཞུན་ཆེན་མར་མེ་དང་། །རྩ་བརྒྱད་སྟོང་སྦྱར་པཉྩ་ཨ་མྲྀ་ཏ། །ཞལ་ཟས་འདོད་ཡོན་ཚོགས་ཀྱི་ལོངས་སྤྱོད་དང་། །དཀར་གསུམ་མངར་གསུམ་འབྲུ་སྨན་རྩི་བཅུད་དང་། །

(༩༥)ཆང་དང་ཤིང་ཏོག་དར་ཚོན་སྣ་ཚོགས་དང་། །ཐོད་པའི་རྔ་ཆུང་རྐང་གླིང་རོལ་མོའི་སྒྲ། །དངོས་སུ་འབྱོར་དང་ཡིད་ཀྱི་སྤྲུལ་བྱས་ནས། །འབུལ་གྱི་དམ་ཚིག་དབང་གིས་བཞེས་སུ་གསོལ། །དམ་རྫས་རྒྱན་གྱི་མཆོད་གཏོར་འདི་བཞེས་ལ། །བདག་གི་ལས་རྣམས་ཐམས་ཅད་བསྒྲུབ་ཏུ་གསོལ། །རྦོད་གཏོང་ཕུར་ཁ་བཟློག་པའི་ཕྲིན་ལས་མཛོད། །ཡིད་ལ་བརྣག་པའི་དགྲ་བོ་ད་སྒྲོལ་ཅིག །བྷྱོ། ཉི་ཤུ་རྩ་བཞིའི་ཡུལ་རྣམས་ཀུན་གྱི་སོགས་ཀྱིས་བསྟོད། །དྲག་ཏུ་བསྐུལ་ཞིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ། ཕོ་བྲང་མཁའ་སྤྱོད་སོགས། དེ་ནས་དགེ་བསྙེན་འཁོར་བཅས་བསྐྱེད་ཅིང་སྤྱན་འདྲེན་མཆོད་བསྟོད་གཏོར་འབུལ་ཕྲིན་ལས་བཅོལ་བ་སོགས་ཀྱི་རིམ་པ་ནི། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ཡི། །ས་བོན་ཧྲཱིལས་འོད་འཕྲོས་མེ་ལོང་ལ། །གཟུགས་བརྙན་ཤར་བ་བཞིན་དུ་མདུན་གྱི་གཞིར། །པདྨ་ཟླ་བ་གླང་པོའི་གདན་གྱི་སྟེང་། །ཕུཡིག་ནག་པོ་ཡོངས་སུ་གྱུར་པ་ལས། །ཀླུ་ཡི་དགེ་བསྙེན་རྡོ་རྗེ་རྒྱལ་པོ་ནི། །སྐུ་མདོག་ནག་ལ་འོད་ཟེར་འབར་བ་ཅན། །ཞལ་གཅིག་སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན། །ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ་ཡིས། །ཡིད་བཞིན་ནོར་འཛིན་ཁྱེའུ་ཆུང་མཛེས་པ་ནི། །རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན་པའོ། །དེའི་ཐུགས་ཀར་ཟླ་བའི་དཀྱིལ་

(༩༦)འཁོར་སྟེང་། །ཕུ་ཡིག་ནག་པོའི་མཐའ་མར་གཡས་བསྐོར་དུ། ཨོཾ་ནཱ་ག་རཱ་ཛ་བཛྲ་རཱ་ཛ ཞེས་པས་བསྐོར་བ་དེ་ལས་འོད་འཕྲོས་པས། མཁར་ནག་རྡོ་རྗེ་རྒྱལ་པོ་ཆེན་པོ་ནི། །ཆུ་བོ་རྒྱ་མཚོ་ལ་སོགས་གར་གནས་ཀྱང་། །འཁོར་བཅས་མདུན་གྱི་ནམ་མཁར་བྱོན་པར་གྱུར། །ཨོཾ་ནཱ་ག་རཱ་ཛ་བཛྲ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཧཱུྃ། ཀླུ་ཡུལ་ན་ར་སེང་སྔོན་ནས། །དགེ་བསྙེན་རྡོ་རྗེ་རྒྱལ་པོ་དང་། །ཀླུ་བཙན་མིང་སྲིང་བར་བློན་ཆེ། །གནས་འདིར་མཆོད་ཕྱིར་གཤེགས་སུ་གསོལ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག །སྐུ་ལ་རིན་ཆེན་དུ་མས་སྤྲས། །སྟོབས་ལྡན་གླང་ཆེན་ཁྲི་སྟེང་དུ། །ཅི་བདེ་བར་ནི་བཞུགས་སུ་གསོལ། །པདྨ་ཀ་མ་ལཱ་ཡ་སྟཾྭྃ། ཨོཾ་བཛྲ་ཨརྒྟཾ་ཨཱཧཱུྃ། ཞེས་པ་ནས། ཤབྡའི་བར་བརྗོད། ཛཧཱུྃ་བྃ་ཧོ བསྐྱེད་པ་དང་གཉིས་སུ་མེད་པར་གྱུར། །དེ་ནས་གཏོར་མ་འབུལ་བ་ནི། གཙང་སྦྲ་དང་ལྡན་པས་དཀར་གསུམ་མངར་གསུམ་སོགས་ཅི་འབྱོར་བ་ཀླུ་སྨན་རིན་པོ་ཆེ་བཏབ་པ་བཤམས་ཏེ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་སྟེང་དུ་བྷྲཱུྃ་ཡིག་ལས། །རིན་ཆེན་སྣོད་དུ་གནས་པའི་གཏོར་མ་ནི། །དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོར་གྱུར། །ཨོཾ་ཨ་མྲྀ་ཏ་ཨཱཧཱུྃ། ལན་གསུམ། ཨོཾ་ནཱ་ག་རཱ་ཛ་བཛྲ་རཱ་ཛ་ས་པ་རི་ཝཱ་

(༩༧)ར་བཛྲ་ས་མཱ་ཛ ཨི་དཾ་བ་ལི༚་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་གྱིས་འབུལ། ཨོཾ་ནཱ་ག་རཱ་ཛ་བཛྲ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱཾ་ཙྪ་སྭཱ་ཧཱ། པུཥྤེ་སོགས། ཧཱུྃ། ཀླུ་བཙན་རྣམས་ཀྱི་དེད་དཔོན་ཆེ། །ཀླུ་རྗེ་ཐོད་དཀར་ཆེན་པོའི་སྲས། ཀླུ་མཚོ་མེར་བའི་ནང་ཤད་ན། ཀླུ་རྒྱལ་ཆེན་པོ་ཁྱོད་ལ་བསྟོད། །སྐུ་མདོག་ནག་པོ་འཇིགས་པའི་གཟུགས། །ཕྱག་ན་ནོར་བུ་རིན་ཆེན་བསྣམས། །སྟོབས་ལྡན་གླང་ཆེན་སྟེང་ན་གནས། །འཇིགས་བྱེད་ཆེན་པོ་ཁྱོད་ལ་བསྟོད། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །མཐུ་དང་བྱིན་རླབས་ནུས་པ་དང་། །བདག་གི་ལྷག་པའི་བསམ་པ་ཡིས། །མཆོད་སྦྱིན་གཏོར་མ་རྒྱ་ཆེན་པོ། །འདོད་ཡོན་ལྔ་དང་ལྡན་པ་ནི། །དངོས་འབྱོར་ཡིད་ཀྱིས་ཕུལ་བ་ཡིས། །དགེ་བསྙེན་ཆེན་པོ་འཁོར་བཅས་རྣམས། །རབ་ཏུ་ཚིམ་ཞིང་དགྱེས་གྱུར་ཅིག །དེ་ནས་རང་གི་ལས་ཅི་བཅོལ་ཉན་ཅིང་ལུང་ལེན་པར་བསམ་ལ། ཨོཾ་ན་ག་རཱ་ཛ་བཛྲ་རཱ་ཛ་བཛྲ་ས་མ་ཡ་ཛ༔ ཞེས་རྩ་སྔགས་ལ་བཟླས་པ་ཅི་ནུས་བྱ། ལས་གང་བསྒྲུབ་པའི་གསོལ་བ་བཏབ་ལ། གལ་ཏེ་དྲག་པོའི་ཕྲིན་ལས་བཅོལ་བར་འདོན་ན། བསྐུལ་ནི། །ཀླུ་བདུད་རྡོ་རྗེ་རྒྱལ་པོ་ནི། །ཁྲོས་པའི་གཟུགས་ཅན་གཡས་རྡོ་རྗེ། །གཡོན་ན་ནད་ཀྱི་རྒྱལ་བ་བསྣམས། །ཞལ་ནས་མེ་ལྕེ་དྲག་འབར་བས། །དུག་གི་ན་བུན་རབ་འབྱིན་ཞིང་། །གནོད་བྱེད་ཐམས་ཅད་རྡུལ་དུ་རློག །ཅེས་འདོན་སྒོམ་བྱ་ཞིང་རྩ་

(༩༨)སྔགས་ཤམ་བུར། ཆེ་གེ་མོ་ལ་བྷྱོ། ཞེས་དང་། བསད་པ་ལ། ཆེ་གེ་མོ་མཱ་ར་ཡ་ཕཊ། བཏགས་ཤིང་གང་འདོད་ཀྱི་དམོད་བཅོལ་བྱའོ། །དེ་ནས་བཀའ་བསྒོ་ཞིང་ཕྲིན་ལས་བཅོལ་བའི་ཚུལ་ནི། ཨོཾ། ཀླུ་ཡི་དགེ་བསྙེན་ཆེན་པོ་རྡོ་རྗེ་རྒྱལ། །དེའི་ཡུམ་ཆེན་གཟི་ལྡན་ཀླུ་ཡི་ལྕམ། །ཀླུ་བཙན་མིང་སྲིང་བར་བློན་ཆེན་པོ་སོགས། །ས་བདག་གནས་བདག་ཀླུ་གཉན་འཁོར་བཅས་ཀྱིས། །གཏོར་མ་འབུལ་བ་འདི་དག་བཞེས་ནས་ཀྱང་། །བདག་གི་བསམ་པ་འགྲུབ་པའི་སྟོང་གྲོགས་མཛོད། །ཁྱད་པར་གྲུབ་མཆོག་ཀརྨ་པཀྴི་ལ། །ཕྲིན་ལས་བསྒྲུབ་པར་ཁས་བླངས་དམ་བཅས་བཞིན། །མ་གཡེལ་དུས་ལ་བབ་པོ་དྲག་རྩལ་ཅན། །མཐུ་དང་ནུས་པ་རྫུ་འཕྲུལ་དཔུང་བསྐྱེད་ལ། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །སེམས་ཅན་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་། །ཁྱད་པར་རྣལ་འབྱོར་བདག་ཅག་རྗེས་འཇུག་རྣམས། །ཞད་གདོན་འགལ་རྐྱེན་ཕྱི་ནང་བར་ཆད་ཞི། །མཐུན་རྐྱེན་ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས། །ཕྲིན་ལས་རྣམ་བཞི་ཐོགས་པ་མེད་པར་སྒྲུབས། །ཀརྨ་པ་ཡི་བསྟན་ལ་གནོད་པ་ཡི། །དགྲ་བོ་ཕྱོགས་བཞི་མཚམས་བརྒྱད་གར་གནས་ཀྱང་། །སྐད་ཅིག་ཉིད་ལ་རྩད་ནས་གཅོད་པ་དང་། །ཐལ་བའི་རྡུལ་ལྟར་བརླག་པའི་ཕྲིན་ལས་མཛོད། །ཧ་ཅང་ཆར་ཆེ་ཆར་ཆུང་སད་

(༩༩)སེར་དང་། །འབྲུ་སྐམས་ལོངས་སྤྱོད་ཉམས་དང་ནད་ཡམས་དང་། །རྒྱལ་པོ་ངན་དང་ཆོམ་རྐུན་འཇིགས་པ་སོགས། །མི་མཐུན་རྐྱེན་རྣམས་ཞི་བའི་ལས་མཛོད་ཅིག །སྙིགས་མའི་སྐྱེ་བོ་དམུ་རྒོད་བག་མེད་པས། །ཉོན་མོངས་དབང་གིས་ནོངས་པ་བྱུང་བ་རྣམས། །བཟོད་པར་བཞེས་ལ་བསྟན་པའི་སྙིགས་མ་འདིར། །ཀར་བསྟན་བསྲུང་བའི་ལས་ལ་མ་གཡེལ་ཅིག །འཇིག་རྟེན་ཐམས་ཅད་བདེ་ཞིང་སྐྱིད་པ་དང་། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བརྟན་པ་དང་། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི། །བསམ་དོན་མཐའ་དག་ཡིད་བཞིན་འགྲུབ་པར་མཛོད། །ཅེས་བརྗོད་པས་ཁས་བླངས་པར་བསམ་ཞིང་། ནཱ་ག་རཱ་ཛ་བཛྲ་རཱ་ཛ་ས་པ་རི་ཝཱར་གཙྪ། སེ་གོལ་རྡེག་ཅིང་བཛྲ་མུ ཞེས་གཤེགས་སུ་གསོལ། ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ། །སོགས་བསྔོ་བ་སྨོན་ལམ་ཅི་རིགས་བྱ། །བཀྲ་ཤིས་བརྗོད། གཏོར་མ་ཆུ་བོའི་གཞུང་དང་གཙང་སར་བསྐྱལ་ལོ། །ཞེས་པ་འདི་ནི་དཔལ་རང་བྱུང་བ་དང་། ཐམས་ཅད་མཁྱེན་པས་མཛད་པ་གོ་བསྟུན་ཏེ། ཤཱཀྱའི་དགེ་སློང་དཔལ་མི་ཕམ་ཆོས་ཀྱི་དབང་ཕྱུག་གིས། །གདན་ས་ཆེན་པོ་འོག་མིན་མཚུར་ཕུའི་གཙུག་ལག་ཁང་དུ་སྦྱར་བའོ།། །།

(༡༠༠)

(༡༠༡)དེ་ནས་ཨ་ཕྱིའི་མཆོད་གཏོར་ནི། ཧྲཱིཀུན་ཏུ་བཟང་པོའི་རྣམ་ཐར་བཞིན། །ནམ་མཁའ་གང་བའི་མཆོད་གཏོར་འདི། །བདག་གི་དད་པས་འབུལ་ལགས་ན། །ཡུམ་ཅིག་ཁྱོད་ཉིད་དགྱེས་པར་རོལ། །ཆོས་དང་ཡེ་ཤེས་དམ་ཚིག་ལྷ། །དབང་གི་ལྷ་མོ་སྤྲུལ་པའི་སྐུ། །ཤ་ཟ་ལས་ཀྱི་མཁའ་འགྲོ་སྟེ། །ཕྲིན་ལས་སྣ་ཚོགས་དེ་ལ་འདུད། །ཚེ་རིང་མི་གཡོ་བློ་བཟང་མ། །མཐིངགི་ཞལ་བཟང་མ་ལ་སོགས། །ལས་ཀྱི་བདག་ཉིད་ཌཱ་ཀིའི་འཁོར། །དུ་མར་བཅས་ལ་བདག་བསྟོད་དོ། །བདག་གི་མཆོད་པ་འདི་བཞེས་ལ། །བཀའ་བརྒྱུད་ཡོངས་ཀྱི་བསྟན་པ་སྲུངས། །རྡོ་རྗེ་སློབ་དཔོན་སྐུ་ཚེ་བསྲིངས། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །ཆོས་རྗེ་ཁུ་དབོན་བཀའ་ཉན་ཞིང་། །སྐྱུ་རའི་གདུང་དང་མི་འབྲལ་བར། །བསྟན་པ་བསྲུང་བར་ཁས་བླངས་བཞིན། །འཇིག་རྟེན་མགོན་པོས་གསུངས་བཞིན་མཛོད། །ཨོཾ་གྷཱ་མུ་ཨ་ཛི་ཏེ་དྷརྨ་དཱི་པེ་ས་པ་རི་ཝཱ་ར་ཨི་དཾ་བ་ལི༚་ཁ་ཁ་ཁཱ་ཧི་ཁཱ་ཧི། ཅེས་གར་དབང་དྲུག་པས་འབྲི་ཁུང་དུ་སྦྱར་བའོ། ༈ །ཚེ་རིང་མཆེད་ལྔའི་མཆོད་གཏོར་ནི། བྷྱོ། རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །བལ་བོད་གཉིས་ཀྱི་སོ་མཚམས་ན། །གངས་དཀར་ཤེལ་གྱི་ཅོད་པན་ཅན། །ཕུ་ཆུ་སྙན་པའི་རྒྱུན་སྒྲ་ཅན། །ནགས་མ་མེ་ཏོག་ཤམ་བུ་ཅན། །གཡའ་སྤང་གཡུ་

(༡༠༢)ཡི་སྐ་རགས་ཅན། །སྨན་ལྗོངས་བྲག་གི་ར་བ་ཅན། །གནས་མཆོག་དེ་འདྲའི་གཡོན་མགུལ་ན། །དར་དཀར་གུར་གྱི་ནང་ཤེད་ན། །རིན་ཆེན་སྣ་ལྔའི་ཁྲི་སྟེང་ན། །བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ། །དྲག་པོའི་གདུང་བས་ཁྱོད་འབོད་ན། །དེ་རིང་སྒྲུབ་པའི་གནས་མཆོག་འདིར། །ལྷབ་ལྷུབ་ན་བཟའི་རྒྱན་དང་ལྡན། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །ནམ་མཁའི་མཐོངས་ནས་སྤྱན་འདྲེན་ན། །འཁོར་དང་བཅས་པ་གཤེགས་སུ་གསོལ། །ཨཉྫི་དྷ་རའི་རིགས་ཀྱི་ཌཱ་ཀི་ནཱི། །ཀུན་གྱི་གཙོ་མོ་བཀྲ་ཤིས་ཚེ་རིང་མ། །དེ་ཡི་མཆེད་ཟླ་ཟ་བྱེད་ཆེན་མོ་བཞི། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་ཨཉྫི་དྷ་རི་པཏྩ་ཌཱ་ཀི་ནི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཛ་ཧཱུྃ་བྃ་ཧོ གཉིས་སུ་མེད་པར་གྱུར། ཧཱུྃ། ལྷ་སྨན་བཀྲ་ཤིས་ཚེ་རིང་མ། །ཁྱོད་ཀྱི་ཚེ་དང་འབྲང་སྨོས་པ། །ཡབ་ནི་ལྷོ་ལྷ་དེ་བོ་ཡིན། །ཡུམ་ནི་འབྲང་ཡུལ་སྨན་གཅིག་མ། །མིང་པོ་བདུན་ལ་སྲིང་མོ་ལྔ། །ལྔ་ཚིགས་དབུས་ཀྱི་གཙོ་མོ་སྟེ། །ཁྱོད་ནི་གཙང་རིགས་ལྷ་ཡི་སྲས། །མཚར་སྡུག་འོད་དུ་ཀྱི་ལི་ལི། །ཞལ་བཟང་ཟླ་བ་ཉ་བ་འདྲ། །ལྷ་མོ་རྣམས་ཀྱང་ཟིལ་གྱིས་གནོན། །མགྲིན་པ་གཅིག་ལ་གླུ་སྒྲ་སྟོང་། །ཚངས་པའི་དབྱངས་ཀྱང་ཟིལ་གྱིས་གནོན། །དབུ་སྐྲ་

(༡༠༣)ཉག་མ་རེ་རེ་ལ། །གསེར་གཡུའི་ལན་ཚར་སྟོང་སྟོང་ལྡན། །ན་བཟའ་དར་དཀར་གོ་ཟུ་གསོལ། །རིན་ཆེན་དུ་མས་སྐུ་ལུས་བརྒྱན། །ཉིན་གསུམ་གངས་དཀར་སྟོད་ལ་བཞུགས། །སྨན་མོ་རྣམས་དང་ལྷན་ཅིག་རོལ། །མཚན་གསུམ་རྒྱ་གར་ཡུལ་དུ་བཞུགས། །རབ་ཏུ་འཇིགས་པའི་དུར་ཁྲོད་དུ། །མཁའ་འགྲོ་རྣམས་དང་ཆོགས་འཁོར་རོལ། །བཀའ་ཉན་སྤྲུལ་པའི་ཕོ་ཉ་སོགས། །མ་ལུས་འཁོར་དང་བཅས་པ་རྣམས། །འདིར་བྱོན་བདག་གི་ཕྲིན་ལས་མཛོད། །ཧཱུྃ། ཁྱོད་ལ་མཆོད་པ་འབུལ་བ་ནི། །བདུད་རྩི་སྨན་གྱི་རྩི་ཕུད་དང་། །མེ་ཏོག་ཡིད་འོང་མཛེས་པའི་ཚལ། །སྤོས་སྤྲིན་ཕུན་སུམ་ཚོགས་པ་དང་། །སྒྲོན་མེ་དྲི་མཆོག་བཤོས་གཙང་དང་། །སྒྲ་སྙན་གསང་བའི་རྡེའུ་ཆུང་རྣམས། །ཐུགས་བརྩེར་དགོངས་ཤིང་བཞེས་ནས་ཀྱང་། །བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ། །སྔོན་ཚེ་དབེན་གནས་ཡངས་རྫོང་དུ། །དཔལ་ལྡན་བཞད་པ་རྡོ་རྗེ་ལ། །རང་བརྟགས་སྲོག་གི་སྙིང་པོ་ཕུལ། །བཀའ་འབངས་བགྱིད་པར་ཙིག་ལ་ཕབ། །ཆོས་བརྒྱུད་སྤེལ་བར་གཡར་དམ་བཅས། །དེ་རིང་སྨན་བཙུན་རྒྱལ་མོ་ལ། །མིང་པོས་གསོལ་བ་འདེབས་པ་ནི། །སྲིད་སྲུང་རིགས་རྒྱུད་སྤེལ་བ་དང་། །སྣང་གསལ་པྲ་ཡི་དངོས་གྲུབ་དང་། །རྨ་གཡང་

(༡༠༤)ཟས་ཀྱི་དངོོས་གྲུབ་དང་། །བང་མཛོད་ནོར་གྱི་དངོས་གྲུབ་དང་། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་དང་། །གཞན་ཡང་ཕྱི་ནང་གསང་བ་ཡི། །དངོས་གྲུབ་མ་ལུས་བདག་ལ་སྩོལ། །ཁྱོད་ལ་གསོལ་བ་འདེབས་བ་ནི། །རྣལ་འབྱོར་ཚེ་སྲིངས་གཟི་མདངས་སྐྱེད། །ནང་གི་རླུང་སེམས་དབང་དུ་སྡུས། །ཟག་བཅས་ལུས་ཀྱི་བདེ་བ་སྐྱེད། །ཕྱི་ཡི་སྣང་བ་དབང་དུ་བསྡུས། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །བཀྲ་ཤིས་དཔལ་སྐྱིད་འཁོར་སྐྱོངས་ལ། །འགལ་རྐྱེན་ཀུན་སེལ་མཐུན་རྐྱེན་སྒྲུབས། །བསམ་དོན་ཡིད་བཞིན་འགྲུབ་པ་སོགས། །བཅོལ་བའི་ལས་ཀྱི་འབྲས་བུ་དེ། །མཆིས་བར་མཛོད་ཅིག་ཐུགས་དམ་ཅན། །ཨོཾ་ཨཉྫི་དྷ་རི་པཉྩ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལི༚་ཁ་ཁ་ཁཱ་ཧི་ཁཱ་ཧི། གསེར་སྐྱེམས་ཕུད་ཀྱིས་མཆོད་པར་འདོད་ན། འབྲུ་སྨན་རིན་པོ་ཆེ་ཟས་སྣ་ཚོགས། ཆད་ཕུད་བཟང་པོ་དང་སྦྱར་བས་མཆོད་ཅིང་འདི་སྐད་དོ། །ཨོཾ། རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །སྐུ་མདོག་དཀར་མོ་གཞོན་ཚུལ་ཅན། །ཕྱག་གཡས་གསེར་གྱི་རྡོ་རྗེ་བསྣམས། །གཡོན་པས་ཚེ་ཡི་བུམ་པ་འཛིན། །བུམ་པའི་སྟེང་ན་དཔལ་བེའུ་དང་། །གཡུང་དྲུང་རིན་ཆེན་འཁྱིལ་བས་བརྒྱན། །ལྷབ་ལྷུབ་ན་བཟའི་བརྒྱན་དང་ལྡན། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །རིན་ཆེན་དུ་མས་མཛེས་པར་བརྒྱན། །

(༡༠༥)བཀྲ་ཤིས་ཚེ་ཡི་གཙོ་མོ་སྟེ། །ཆིབས་སུ་སེང་གེ་དཀར་མོ་ཆིབས། །གངས་དཀར་སྟོད་ལ་བཞུགས་པ་མོ། །མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ། །སྲིད་སྲུང་རིགས་བརྒྱུད་འཕེལ་བའི་དངོས་གྲུབ་སྩོལ། །མཆོད་དོ་གཙང་མའི་ཕུད་ཀྱིས་མཆོད། །ལྷ་མོ་མཐིང་གི་ཞལ་བཟང་མ། །རྡོ་རྗེ་ཁྲོས་མ་ཞེས་སུ་གྲགས། །སྐུ་མདོག་སྔོ་བསངས་འཚེར་བག་ཅན། །ཆིབས་སུ་རྐྱང་བུ་ཁ་དཀར་ཆིབས། །ཕྱག་གཡས་དངུལ་དཀར་མེ་ལོང་བསྣམས། །གཡོན་པས་ལྷ་ཡི་བ་དན་ཕྱར། །སྐུ་ལ་དར་དཀར་ན་བཟའ་གསོལ། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ། །སྣང་གསལ་བདེན་མཐོང་པྲ་ཡི་དངོས་གྲུབ་སྩོལ། །མཆོད་དོ་གཙང་མའི་ཕུད་ཀྱིས་མཆོད། །ལྷ་མོ་མི་གཡོ་བློ་བཟང་མ། །གསང་མཚན་རྡོ་རྗེ་བཞད་པ་མོ། །སྐུ་མདོག་སེར་མོ་གསེར་ཀྱི་མདོག །ཆིབས་སུ་རྒྱ་སྟག་ཁྲ་བོ་ཆིབས། །ཕྱག་གཡས་རིན་ཆེན་སྡེར་བཟང་ནང་། །ལྷ་ཡི་ཞལ་ཟས་སྣ་ཚོགས་བསྣམས། །གཡོན་ན་ནེའུ་ལེའུ་རྐྱལ་པོ་འཛིན། །སྒྲུབ་པ་པོ་ཡི་གྲོགས་མཛོད་ཅིག །མཆོད་གཏོར༴ །རྨ་གཡང་རོ་མཆོག་ཟས་ཀྱི་དངོས་གྲུབ་སྩོལ། །མཆོད་དོ༴ལྷ་མོ་ཅོད་པཎ་མགྲིན་བཟང་མ། །རྡོ་རྗེ་དཔལ་མོ་ལོངས་

(༡༠༦)སྤྱོད་ཡུམ། །སྐུ་མདོག་དམར་གསལ་མདངས་དང་ལྡན། །ཆིབས་སུ་ཤ་བ་ཡུ་མོ་ཆིབས། །ཕྱག་གཡས་ཡིད་བཞིན་ནོར་བུ་དང་། །ཕྱག་གཡོན་རིན་ཆེན་སྒྲོམ་བུ་བསྣམས། །སྣང་སྲིད་ཐམས་ཅད་དབང་སྡུས་ལ། །རྣལ་འབྱོར་བདག་གི་ཕྲིན་ལས་སྒྲུབས། །མཆོད་གཏོར་འདི་བཞེས་དངོས་གྲུབ་སྩོལ། །བང་མཛོད་འབྲུ་ནོར་འཕེལ་བའི་དངོས་གྲུབ་སྩོལ། །མཆོད་དོ་གཙང་མའི་ཕུད་ཀྱིས་མཆོད། །ལྷ་མོ་གཏད་དཀར་འགྲོ་བཟང་མ། །གསང་མཚན་རྡོ་རྗེ་གར་མཁན་མ། །སྐུ་མདོག་སྔོ་ལྗང་མདངས་དང་ལྡན། །ཆིབས་སུ་གཡུ་འབྲུག་སྔོན་མོ་ཆིབས། །ཕྱག་གཡས་རྩ་མཆོག་དཱུརྦ་དང་། །གཡོན་པས་སྦྲུལ་གྱི་ཞགས་པ་བསྣམས། །ཕྲིན་ལས་ཐོགས་པ་མེད་པ་ཡི། །མཐུ་དང་ནུས་པ་འདིར་སྟོན་ཅིང་། །མཆོད་གཏོར༴ །རྐང་བཞི་རྟ་ཕྱུགས་འཕེལ་བའི་དངོས་གྲུབ་སྩོལ། །མཆོད་དོ་གཙང་མའི་ཕུད་ཀྱིས་མཆོད། །གསོལ་ལོ་མཆོད་དོ། །ཇོ་མོ་བཀྲ་ཤིས་ཚེ་རིང་མ་མཁའ་འགྲོ་ལྔ་འཁོར་རྒྱ་མཚོ་དང་བཅས་པ། མཁའ་འགྲོ་མ་སེང་གེའི་གདོང་ཅན་དང་། །ཏ་མཱ་ལ་རི་ཁྲོད་མ་དང་། གཏུམ་མོ་དང་། སྔོ་སངས་མ་དང་། བཱི་ན་མོ་བཛྲ་དང་། སློབ་དཔོན་པདྨ་འབྱུང་གནས་དང་། དཔལ་བཞད་པ་རྡོ་རྗེ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་

(༡༠༧)ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། །བསྟན་འཛིན་གྱི་བུ་སློབ་སྐྱོངས། རྣལ་འབྱོར་པ་བདག་ཅག་ལ་སྡང་བར་བྱེད་པའི་དགྲ། །གནོད་པར་བྱེད་པའི་བགེགས། །ལོག་འདྲེན་གདུག་པ་ཅན་རྣམས་ཀྱི་བསམ་པ་ངན་པ་དང་། །སྦྱོར་བ་རྩུབ་པ་ཐམས་ཅད་ཐལ་བའི་རྡུལ་བཞིན་དུ་བརླག་པ་དང་། བདག་ཅག་གི་བསམ་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་ཅིང་ཆོས་ལྡན་གྱི་བྱ་བ་མཐར་ཕྱིན་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་ཐོབ་པའི་ཕྲིན་ལས་མཛོད་ཅིག །

(༡༠༨)

(༡༠༩)མཁའ་འགྲོ་སྤྱི་གཏོར་ནི། །ཨོཾ་ཨཱབི།། །ནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷརྨཱསྭ་བྷཱ་ཝ་ཤུདྡྷོ་྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་ཐོད་པའི་སྒྱེད་བུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། །གོ་ཀུད་ཧ་ན་ལས་ཤ་ལྔ། བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ་སོ་སོར་ཡི་གེ་དེ་དག་གིས་མཚན་པའོ། །རང་གི་སྣ་བུག་གཡོན་པ་ནས་རླུང་ཧཱུྃ་གི་དབྱིབས་ཅན་འཕྲོས། རླུང་གིས་མེ་སྦར། མེས་ཐོད་པ་དྲོས་པས་རྫས་རྣམས་ཞུ། ཉེས་པའི་སྐྱོན་རྣམས་ཕྱིར་ལུད། དེའི་སྟེང་དུ་ཨོཾ་ཨཱཧཱུྃ་ལས་འོད་ཟེར་འཕྲོས་པས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག །དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་འདྲེས། ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་ཨཱཧཱུྃ་ལན་གསུམ་བརྗོད། སངས་རྒྱས་མཁའ་འགྲོ། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། ལས་ཀྱི་མཁའ་འགྲོ། སྣ་ཚོགས་མཁའ་འགྲོ། འཇིག་རྟེན་མཁའ་འགྲོ། །གནས་ལས་སྐྱེས་པ། རིགས་ལས་སྐྱེས་པ། ཞིང་ལས་སྐྱེས་པ། སྔགས་ལས་སྐྱེས་པ། ལས་ལས་སྐྱེས་པ་ལྷན་ཅིག་སྐྱེས་པའི་ལྷ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཧཱུྃ། གནས་དང་ཉེ་བའི་གནས། ཞིང་དང་ཉེ་བའི་ཞིང་། ཚན་དྷོ་དང་ཉེ་

(༡༡༠)བའི་ཚན་དྷོ། །འདུ་བ་དང་ཉེ་བའི་འདུ་བ། འཐུང་གཅོད་དང་ཉེ་བའི་འཐུང་གཅོད། དུར་ཁྲོད་དང་ཉེ་བའི་དུར་ཁྲོད། གནས་ཉི་ཤུ་རྩ་བཞི། ཡུལ་སུམ་ཅུ་སོ་གཉིས། དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པའི་དཔའ་བོ་མཁའ་འགྲོ་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཧཱུྃ། ཕྱོགས་སྐྱོང་བཅུ་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཧཱུྃ། རྒྱ་གར་རྡོ་རྗེ་གདན། རྒྱ་ངག་རི་བོ་རྩེ་ལྔ་ནུབ་ཕྱོགས་ཨོ་རྒྱན། བྱང་ཤམ་བྷ་ལ། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན། ལྷོ་ཕྱོགས་དཔལ་གྱི་རི་བོ། །ཤྲཱི་ནཱ་ལེནྡྲྡྲ། བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ལ་སོགས་པ་གྲུབ་ཆེན་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་རྣམས་སུ་གནས་པའི་དཔའ་བོ་མཁའ་འགྲོ་སྲུང་མ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཧཱུྃ། ལྷོ་གྲོ་བོ་ལུང་། འབྲོག་ལ་ཕྱི་ཆུ་བར། ཇོ་མོ་བཀྲ་ཤེས་ཚེ་རིང་མ་མཆེད་ལྔ། ཤར་དྭགས་ལྷ་དཔལ་གྱི་སྒམ་པོ། །སྟོད་ལུང་མཚུར་ཕུ། ཀཾ་པོ་གནས་ནང་། །ཀརྨ་རི་གླིང་། ཤར་ཕྱོགས་སྤུངས་རི། ལྷོ་གནས་མཆོག་དཔལ་གྱི་ཙཱ་རི་ཏྲ། གངས་དཀར་གྱི་རྒྱལ་པོ་ཏི་སི། མཚོ་མ་ཕམ། བལ་ཡུལ་འཕགས་པ་ཤིང་ཀུན། །ཤིང་ཀི་རིའི་མཆོད་རྟེན། རོང་བཙན་ཁ་བ་དཀར་པོ། །ཆོས་འཁོར་ལྷ་ས། དཔལ་གྱི་བསམ་ཡས་ལ་སོགས་པ་གངས་རིའི་ཁྲོད་ཀྱི་སྒྲུབ་གནས་བྱིན་རླབས་

(༡༡༡)ཅན་རྣམས་སུ་གནས་པའི་དཔའ་བོ་མཁའ་འགྲོ་སྲུང་མ་རྣམས་ཀྱི་ཞལ་ཏུ་ཨོཾ་ཨཱཧཱུྃ། སྐུ་གསུང་ཐུགས་ཤིན་ཏུ་མཉེས་ནས་སངས་རྒྱས་ཀྱི་བསྟན་པ་དར་བ་དང་། བདག་ཅག་སྒྲུབ་པ་པོ་རྣམས་ཀྱི་མཐུན་རྐྱེན་སྒྲུབས། འགལ་རྐྱེན་སོལ། འཇིག་རྟེན་གྱི་ཁམས་སུ་ཆར་ཆུ་དུས་སུ་འབབ་པ་དང་། ལོ་ཕྱུགས་རྟག་ཏུ་ལེགས་པ་དང་། མི་ནད་དང་ཕྱུགས་ནད་དང་ཡམས་ནད་དང་། འཁྲུག་རྩོད་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛད་དུ་གསོལ། །ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས། བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡང་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཧཱུྃ། ཞུ་བ་ལས་བྱུང་བའི་གཏོར་མ་དཀར་གསུམ་མངར་གསུམ་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། །ཨོཾ་ཨཱཧཱུྃ། ལན་གསུམ་བརྗོད། སྟོང་གཅིག་པ། སྟོང་གཉིས་པ། སྟོང་གསུམ་པ། མཐོ་བ་ནམ་མཁའ༴ །དམའ་བ་ས་གཞི། རི་རབ་ཆེན་པོའི་ས་བདག །གསེར་གྱི་རི་བདུན། །རོལ་པའི་མཚོ་བདུན། གླིང་བཞི་གླིང་ཕྲན་ལ་གནས་པའི་གཞི་བདག །འཛམ་བུ་གླིང་གི་ཟོ་དོར། རྒྱལ་པོ་ཆེན་པོ་སྡེ་བཞི། །བོད་ཀྱི་མགུར་ལྷ་བཅུ་གསུམ། སྲིད་པ་ཆགས་པའི་ལྷ་དགུ། །བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས། སྟོད་མངའ་རི་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག །

(༡༡༢)སྒང་ལྔར་གནས་པའི་གཞིའི་བདག་པོ། །གནས་ཀྱི་བདག་པོ། །ཡུལ་གྱི་བདག་པོ། གྲོང་གི་བདག་པོ། གཉུག་མར་གནས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཧཱུྃ། གཞན་ཡང་ས་བདག་ས་ཡི་ལྷ་མོ་བརྟན་མ། །ས་འཛིན་ལག་པ་ཆེན་པོ། སྤར་ཁ་བརྒྱད། སྨེ་བ་དགུ། ལོ་སྐོར་བཅུ་གཉིས། ས་བདག་གི་རྒྱལ་པོ་ཐེ་སེ་ལ་སོགས་པ་དེ་རིང་གི་ཉི་མ་གཟའ་རྒྱུ་སྐར་དུས་ཚོད་ཆོས་གྲངས་ལ་དབང་བའི་གཞི་བདག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཧཱུྃ། རྣལ་འབྱོར་པ་བདག་ཅག་སྔོན་ཆད་གང་དུ་སོང་ཞིང་། ཕྱིན་ཆད་གང་དུ་འགྲོ་བ། །ད་ལྟ་གང་དུ་འདུག་པའི་གཞི་བདག་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཧཱུྃ། ཕ་རི་གཡས། ཚུ་རི་གཡོན། འགྲོ་བ་ལམ། སྐྱེ་བ་ཤིང་། འབབ་པ་ཆུ། སྲ་བ་བྲག །གཡོ་བ་རླུང་། བརྟེན་པ་མཁར་ལ་སོགས་པ་ས་ཕྱོགས། །ཡུལ་ཕྱོགས། དབེན་གནས། སྒྲུབ་གནས་འདི་ཉིད་དུ་གནས་པའི་གཞི་བདག་དཀར་པོའི་ཕྱོགས་ལ་མངོན་པར་དགའ་ཞིང་བྱང་ཆུབ་ཀྱི་སེམས་དང་ལྡན་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཧཱུྃ། རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་འགྲོ་ན་མ་བཟུང་། སྡོད་ན་མ་བསྐྲད། བསམ་པ་མ་ངན། སྦྱོར་བ་མ་རྩུབ། འཚོ་བ་སྦྱོར། ཡོན་བདག་གྱིས། མཐུན་རྐྱེན་སྒྲུབས། འགལ་རྐྱེན་སོལ། རྐྱེན་ཕྱི་ནང་གི་བར་གཅོད་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་མཛོད་ཅིག །

(༡༡༣)དེ་ནས་བསྟོད་པ་བྱ་བ་ནི། ཨོཾ་ཨཱཧཱུྃ་ཧོགང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་སྐྱབས་སུ་མཆི། །དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོ་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུང་། ཐུགས། །འགྲོ་བ་སྐྱོབས་ལ་ཕྱག་འཚལ་བསྟོད། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པ་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་རབ་འཇུག་མ། །དེ་སྙེད་རྣམས་ལ་ཕྱག་འཚལ་བསྟོད། །ལྟེ་བའི་དབུས་ནས་འབྱུང་བཞི་འཕྲོ། །ཆོས་དང་ལོངས་སྤྱོད་རྫོགས་པར་ལྡན། །མཁའ་འགྲོ་མ་རྣམས་སྡུད་མཛད་མ། །རྗེ་བཙུན་མ་ལ་ཕྱག་འཚལ་བསྟོད། ༈ །ཧྲཱི ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་སྐུ། །སྐུ་མདོག་དམར་གསལ་འཇིག་རྟེན་དབང་དུ་སྡུད། །སྤྱན་གྱི་འོད་ཟེར་འགྲོ་ལ་ཐུགས་རྗེས་གཟིགས། །ཞལ་ནས་ཧཱུྃ་སྒྲས་སྟོང་གསུམ་ཆོས་སྒྲ་སྒྲོག །ཤངས་ནས་ཡེ་ཤེས་རླུང་གིས་ཉོན་མོངས་འཐོར། །སྙན་གཉིས་ཐབས་དང་ཤེས་རབ་འདུལ་ཐབས་མཛད། །ཕྱག་གཉིས་དབྱིངས་དང་ཡེ་ཤེས་གཉིས་

(༡༡༤)མེད་སྦྱོར། །གཡས་པས་བགྲངས་ཕྲེང་བྱང་ཆུབ་ལམ་སྣ་འདྲེན། །གཡོན་པས་པདྨ་འཁོར་བའི་སྐྱོན་དང་བྲལ། །ཞབས་གཉིས་འགྲོ་བའི་དོན་ལ་སྙོམས་པར་བཞུགས། །རིན་ཆེན་རྒྱན་དྲུག་ཕ་རོལ་ཕྱིན་དྲུག་ལྡན། །འགྲོ་རྣམས་མ་ལུས་ཐུགས་རྗེས་དབང་དུ་སྡུད། །འཇིག་རྟེན་དབང་ཕྱུག་སྐུ་ལ་ཕྱག་འཚལ་བསྟོད། ༈ །ཧྲཱིགར་གྱི་དབང་ཕྱུག་པདྨ་ཧེ་རུ་ཀ །སྐུ་མདོག་མཐིང་ནག་ཆོས་ཉིད་འགྱུར་བ་མེད། །ཕྱག་གཉིས་གདུག་པའི་མཚོན་ཆས་དགྲ་བགེགས་སྒྲོལ། །རྟ་མགྲིན་ནག་པོའི་སྐུ་ལ་ཕྱག་འཚལ་བསྟོད། །བྱ་སྤྱོད་རྣལ་འབྱོར་རྒྱུད་སྡེ་བཞི། །སྟོན་པ་ཉིད་ཀྱིས་གང་གསུངས་པ། །ཕྱི་དང་ནང་དང་གསང་བ་ཡི། །ཡི་དམ་རྣམས་ལ་ཕྱག་འཚལ་བསྟོད། ༈ །ཧཱུྃ། སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིགས་བྱེད་པ། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །མདོག་ནག་གཟུགས་ཐུང་གཟི་བརྗིད་ཆེ། །གདུག་པ་ཚར་གཅོད་གྲི་གུག་གཡས། །གཡོན་པས་ཐོད་པ་ཁྲག་བཀང་གསོལ། །ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། །ཁྲོས་པའི་ཞབས་བརྡབས་ས་གཞི་གཡོ། །འཇིགས་པའི་གད་མོས་རི་རབ་སྒྱེལ། །དམ་ཚིག་ཉམས་པའི་སྙིང་འབྱིན་པ། །དམ་ཚིག་ཅན་ལ་

(༡༡༥)བདག་བསྟོད་དོ། ༈ །བྷྱོ། རླུང་ནག་འཚུབ་མ་དགུ་ཀློང་འཁྱིལ་བའི་དབུས། །ཕོ་བྲང་གཞལ་ཡས་ཐོད་པའི་སྐུ་མཁར་ནས། །མ་གཅིག་དཔལ་ལྡན་ལྷ་མོ་ཆེན་མོ་ནི། །སྲིན་པོ་ནག་པོའི་ཆུང་མ་རལ་པ་ཅན། །གསང་བའི་ལྷ་མོ་བོང་ཞོན་དབང་ཕྱུག་མ། །ཞལ་ནི་ཟླ་ལྟར་བཞད་པས་མུན་པ་སེལ། །རྔམ་པའི་ཚུལ་གྱིས་ཐོད་ཁྲག་དམར་ལ་རོལ། །སྐྱེ་བ་རྣམ་བཞིའི་འགྲོ་བའི་དོན་སྟོན་མ། །ཁྱོད་ནི་ནག་མོ་འབུམ་གྱི་དབུས་ན་བཞུགས། །དབང་ཕྱུག་དྲག་མོ་ཀུན་གྱི་གཙོ་མོ་སྟེ། །ཁྲོ་མོ་ཀུན་གྱི་ཐུགས་ཀྱི་སྤྲུལ་པ་ཡིན། །ཉེ་བར་དམ་ཚིག་ལས་རྣམས་གྲུབ་པར་མཛོད། །རྡོ་རྗེ་ནག་མོ་མཆེ་བ་གཙིགས་པའི་ཞལ། །དུས་གསུམ་སངས་རྒྱས་ཀུན་དང་སྦྱོར་བའི་ཡུམ། །སྲིད་གསུམ་ཟ་བར་བྱེད་པའི་ལྷ་མོ་ལ། །ཤིང་ལོ་རླུང་ཁྱེར་ས་ལ་མ་ཕོག་ང་ལ་ཡོད། །མི་དབང་འབྲས་བུ་སྨིན་པའི་ཤ་ནི་བསྐམ་ལེགས་དང་། མཚལ་གྱི་ཤིང་ཏོག་སྐམ་པོ་བུ་ལ་ཡོད། །རྣམ་དག་བདུད་རྩིའི་གཏོར་མས་མཉེས་མཆོད་འབུལ། །མ་བུས་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ནག་པོ་ཡབ་ཡུམ་བཅུ་དྲུག་དང་། །དཔལ་འབར་འཆང་དང་རྣམ་སྲས་སོགས། །དབང་ཕྱུག་ཆེ་སོགས་མ་བདུན་སོགས། །དྲེགས་བྱེད་ཀུན་ལ་བདག་བསྟོད་དོ། ༈། ཧཱུྃ། མི་

(༡༡༦)འཇིགས་སེང་གེའི་ཁྲི་སྟེང་ན། །བཻ་ལས་བྱུང་བའི་མགོན་པོ་ནི། །ངལ་བསོ་དགེ་བ་སྟོབས་པོ་ཆེ། །ས་བརྒྱད་དབང་ཕྱུག་ཁྱོད་ལ་འདུད། །བཙུན་མོ་བཞི་དང་སྲས་བཞི་དང་། །ཁྱད་པར་ལས་སྒྲུབ་གནོད་སྦྱིན་བརྒྱད། །ནོར་སྟེར་བ་ཡི་ཀླུ་ཆེན་བརྒྱད། །ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དགྲ་བགེགས་མ་ལུས་གཞོམ་པ་དང་། །འབྱོར་པའི་ལོངས་སྤྱོད་ཕུན་ཚོགས་ཤོག །འདོད་དགུ་ཡིད་བཞིན་སྒྲུབ་པ་དང་། །གཞན་དོན་ལྷུན་གྱིས་གྲུབ་མཛད་གསོལ། ༈ །ཀླུ་ཡི་རྒྱལ་པོ་སོག་མ་མེད། །གསེར་གྱི་མདོག་ཅན་གཞོན་ནུའི་གཟུགས། །སངས་རྒྱས་སྟོང་གི་ཕྲིན་ལས་མཛད། །སྔགས་བདག་སྐུ་ལ་ཕྱག་འཚལ་བསྟོད། །ཀླུ་ཡི་རྒྱལ་པོ་སོག་མ་མེད། །བསྐལ་བཟང་བྱང་ཆུབ་སེམས་དཔའ་སྟེ། །གཞོན་ནུ་གཏུམ་པོ་སྦྲུལ་མགོ་ཅན། །ཕྲིན་ལས་ཀུན་འགྲུབ་ཕྱག༴ཀླུ་ཡི་རྒྱལ་པོ་སོག་མ་མེད། །རི་རབ་ལྷོ་ཕྱོགས་མ་དྲོས་ན། །གཞོན་ནུ་གཏུམ་པོ་མདངས་དང་ལྡན། །སེམས་དཔའ་ཆེ་ལ་ཕྱག་འཚལ་བསྟོད། ཧཱུྃ། དམ་ཅན་མགར་བའི་མཚན་ཅན་ནག་པོ་ཆེ། །ཞལ་གཅིག་ཕྱག་གཉིས་དབུ་སྐྲ་དམར་སེར་འཁྱིལ། །གཡས་ཀྱི་ཕྱག་ན་ཁྲོ་ཆུའི་ཐོ་བ་ཐོགས། །གཡོན་གྱི་ཕྱག་ན་

(༡༡༧)མགར་གྱི་སྦུད་པ་བསྣམས། །ར་ལ་ཆིབས་ཤིང་སྐུ་ལ་བེར་ནག་གསོལ། །སྤྱན་རྩ་དམར་ཞིང་ལྗགས་ནི་གློག་ལྟར་འཁྱུག །དམ་ཉམས་དགྲ་བོ་ཁྱུར་མིང་བགྱིད་མཛད་པ། །ཞལ་ནས་རྐན་སྒྲ་དྲག་པོར་བརྡབས་པ་ཡིས། །ལོག་པར་ལྟ་བའི་བགེགས་རྣམས་འདར་དུ་འཇུག །སྲིད་གསུམ་གདུག་པའི་ཚོགས་རྣམས་མ་ལུས་ཀུན། །ཟིལ་གྱིས་གནོན་ཅིང་དབང་དུ་སྡུད་མཛད་པ། །དམ་ཅན་མགར་བའི་ཚོགས་ལ་ཕྱག་འཚལ་བསྟོད། ༈ །བྷྱོ། ལྷོ་ནུབ་ལང་ཀ་པུ་རིའི་དུར་ཁྲོད་ནས། །རིག་འཛིན་སྲོག་ཤིང་རྣལ་འབྱོར་དགྲ་ལྷ་ཆེ། །བསྟན་པའི་བཀའ་སྲུང་མཐུ་སྟོབས་རྫུ་འཕྲུལ་ཅན། །ནག་པོ་ཐོད་ཕྲེང་ཅན་ལ་བདག་བསྟོད་དོ། །སྲིད་གསུམ་ཟིལ་གནོན་ཉམས་པ་རྩད་ནས་གཅོད། །རྣམ་བཞིའི་ཕྲིན་ལས་ཅི་བཅོལ་ཐོགས་པ་མེད། །ཐོད་ཕྲེང་རྩལ་གྱིས་དབང་བསྐུར་དམ་ཚིག་ཅན། །རཱཀྵ་ཀཱ་ལ་ཁྱོད་ལ་བདག་བསྟོད་དོ། །དྲག་ཤུལ་རྔམ་བརྗིད་ཤིན་ཏུ་འཇིགས་པའི་གཟུགས། །སྤྲུལ་པ་སྣ་ཚོགས་སྟོང་གསུམ་ཁྱབ་པར་འབྱེད། །སྐྱེ་འགྲོའི་སྲོག་དབུགས་དྲོད་ལ་དབང་བྱེད་པའི། །ཤ་ཟ་ནག་པོ་ཁྱོད་ལ་བདག་བསྟོད་དོ། །སྔོན་ཚེ་སྲོང་བཙན་པདྨས་བཀའ་བསྒོས་དང་། །དཔལ་ཆེན་ཀརྨ་པཀྴིའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་ཐུགས་དམ་དྲན་མཛོད་

(༡༡༨)ལ། །བདག་ལ་སྡང་བའི་དགྲ་བོ་ད་ཐུལ་ཅིག ༈ །བྷྱོ། ཉི་ཤུ་རྩ་བཞིའི་ཡུལ་རྣམས་ཀུན་གྱི་གཙོ། །ཉེ་བའི་འཐུང་གཅོད་དཔལ་གྱི་རྩྭ་རི་ཏྲ། །རབ་འཇིགས་དུར་ཁྲོད་ཆེན་པོར་རྟག་ཏུ་རོལ། །ག་ཡ་དྷ་ར་ཁྱོད་ལ་བདག་བསྟོད་དོ། །རྒྱལ་བས་དབང་བསྐུར་ཀུན་དགའ་གཞོན་ནུ་སྟེ། །ཞིང་སྐྱོང་ཆེན་པོ་ཨ་མྲ་གཙིགས་པའི་ཞལ། །ཤ་ཟ་ཁྲག་འཐུང་ཟ་བྱེད་སེང་གེའི་གདོང་། །སྲོག་བདུད་ཆེན་པོ་ཁྱོད་ལ་བདག་བསྟོད་དོ། །བདུད་ཀྱི་དམག་དཔོན་སྲིན་པོ་ཁྲོས་པའི་གཟུགས། །མཐུ་རྩལ་དྲག་ཤུལ་མྱུར་མགྱོགས་སྟོབས་དང་ལྡན། །བསྟན་པ་བསྲུང་དང་རྣལ་འབྱོར་སྐྱོང་ལ་བརྩོན། །ནག་པོ་ཆེན་པོ་ཁྱོད་ལ་བདག་བསྟོད་དོ། །ཡུམ་ཆེན་བདུད་མོ་བམ་རོ་ཕོ་མོ་སོགས། །ཚར་གཅོད་ཕན་འདོགས་ལས་བྱེད་དྲག་པོའི་འཁོར། །བཀའ་ཉན་བྱེ་བ་སྟོང་ཕྲག་འབུམ་དང་བཅས། །བསྟན་སྐྱོང་འཁོར་དང་བཅས་ལ་བདག་བསྟོད་དོ། །སྣང་སྲིད་ཟིལ་གནོན་ཀརྨ་པཀྴིའི་དྲུང་། །ཕྲིན་ལས་བསྒྲུབ་པར་ཁས་བླངས་དམ་བཅས་བཞིན། །མ་འོངས་སངས་རྒྱས་བསྟན་ལ་འཚང་རྒྱ་བའི། །དགེ་བསྙེན་རྡོ་རྗེ་རྒྱལ་ལ་བདག་བསྟོད་དོ། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །

(༡༡༩)ན་མོ་མ་ཧཱ་ཀཱ་ལཱ་ཡ། དཔལ་ནག་པོ་ཆེན་པོ་འདིའི་དུས་ཀྱི་མཆོད་པའམ། །རྣལ་འབྱོར་པ་ལ་ཆགས་ཆེ་བའམ། །རྡོ་རྗེ་སློབ་དཔོན་སྐུ་འདེབས་སམ། །བྱད་དང་ནད་རིམས་དང་དམག་ལ་སོགས་པ་བྱུང་བ་བཟློག་བའམ། ཆགས་ཉམས་བསྐང་བའི་དུས་སུ་གསོལ་བ་བྱ་སྟེ། དེ་ལ་གནས་ཡིད་དུ་འོང་བར། བསྟེན་རྫས་མཆོད་རྫས་བསྒྲུབ་རྫས་བསྐང་རྫས་མཐའ་དག་ཚོགས་པར་བྱས་ལ། །ས་བཟང་རིན་ཆེན་བསྲེས་བའི་ཁྲི་བྱས། ཁྲག་སྣ་ཚོགས་དང་སྤོས་ཀྱིས་ཆག་ཆག་གདབ། དེའི་སྟེང་དུ་དཔལ་བཤོས་སྙིང་ལ་ཟུར་སྟོད་པ་ལྟ་བུའི་མཐར། དེ་འདྲ་བ་བཅུས་བསྐོར། དེ་ལ་མ་མགོན་གཉིས་དང་ཕྱོགས་བཅུ་མགོན་པོའི་ཙཀ་ཡི་བཙུགས། མ་མོ་དང་སྡེ་བརྒྱད་ལ་སོགས་པའི་བསྲུང་བཟློག་གསང་གསུམ་གྱི་སྔགས་བྲི། དར་སྣ་དང་གཡག་ལུག་བྱ་ནག་གི་གཟུགས་འགྲོས་སོགས་སྤྱན་གཟིགས་སྣ་ཚོགས་ཀྱིས་བསྐོར། ཤ། ཟན། ཤིང་ཏོག །ཁུར་བ། ཆང་ཕུད། རཀྟ་སོགས་འོག་ནས་འབྱུང་བའི་མཆོད་རྫས་རྣམས་རིམ་བཞིན་བཀྲམ། ཡུལ་ལྷ་བཞི་བདག་གི་དཀར་གཏོར་བཤམས་ལ། བྱིན་བརླབ་ནི་དཾ་ཥྚོ་ཏྐ་ཊས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཨ་ལས་བྱུང་བའི་མགོ་བོའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཞུ་ཞིང་། ཡེ་ཤེས་ཀྱི་བདུད་རྩི་དང་གཅིག་ཏུ་འདྲེས་པར་གྱུར་པའི་གཏོར་མ་རྣམས་དང་། ཧཱུྃ་ཡིག་ནག་པོ་དཔག་ཏུ་མེད་པ་ལས་བྱུང་བའི་སྒྲུབ་པའི་རྫས་མཆོད་པའི་རྫས་བསྐང་བའི་རྫས་བསྟེན་པའི་རྫས་ལ་སོགས་པ་མཆོད་པའི་སྤྲིན་རབ་འབྱམས་ནམ་མཁའི་དབྱིངས་དང་མཉམ་པར་གྱུར། ཨོཾ་བཛྲ་

(༡༢༠)ཨརྒྟཾ་ཨཱཧཱུྃ། དེ་བཞིན་དུ། པཱ་དྱཾ་ནས། ཤབྡ་ཨཱཧཱུྃ། ཨོཾ་མ་ཧཱ་མཾ་ས། རཀྟ། ཙིཏྟ། བ་སུ་ཏ། མཉྩ་མེ། ཙི། གོ་རོ་ཙ་ན། ཨ་མྲྀ་ཏ། སུ་ར་ཏ། བ་ལི༚་ཏ། ཀི༚་ན་རི། ཨོཾ་ཨཱཧཱུྃ། ཞེས་བྱིན་གྱིས་བརླབ། ཧཱུྃ། རང་བཞིན་རྣམ་དག་དབྱིངས་ཉིད་ལས། ཐུགས་རྗེས་རབ་སྤྲུལ་སྤྲུལ་པའི་སྐུ། །སྐྱེ་བ་མེད་པར་འཇིགས་ཆེན་སྐུ། །བསྟན་པ་གཉན་པོ་བསྲུང་བའི་ཕྱིར། །མི་འདའ་ཐུགས་རྗེ་རྩེ་གཅིག་གིས། །དཔལ་ལྡན་མགོན་པོ་ནག་པོ་ཆེ། །མཆོད་ཕྱིར་བསྒྲུབ་ཕྱིར་གནས་འདིར་བྱོན། །བདག་ཅག་གུས་པས་ཕྱག་བགྱི་ཞིང་། །ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད། །ཤེལ་སྒོང་ནག་པོ་སྤྱི་དཀར་དང་། །མཁའ་ལྡིང་ནག་པོ་གསེར་མིག་དང་། །བདུད་རྩི་རྣམ་ལྔ་སྦྱར་བའི་སྨན། །དམར་ཆེན་ཁྲག་གི་ཨརྒྷཾ་དང་། །མེ་ཏོག་བདུག་སྤོས་བྱུག་པ་དང་། །ཁུར་བ་ཤིང་ཏོག་སྣ་ཚོགས་དང་། །དཔའ་བོ་ཆང་གི་རོ་མཆོག་དང་། །སྨན་རྣམས་སྦྱར་བའི་རིལ་བུ་དང་། །རིན་ཆེན་སྣ་ལྔའི་ཕྱེ་མ་དང་། །ཞལ་ཟས་ཚོགས་ཀྱི་མཆོད་པ་དང་། །བ་ལི༚་བཤོས་བུ་ཟུར་གསུམ་དང་། །ཤ་ཁྲག་དམར་གྱི་གཏོར་མ་དང་། །དར་ཚོན་སྣ་ལྔའི་མཆོད་པ་དང་། །ཤ་སྣ་སྙིང་སྣ་ཁྲག་སྣ་དང་། །སྨན་སྣ་སྤོས་དང་མེ་ཏོག་དང་། །ཕྱི་ནང་གསང་བ་བླ་མེད་ཀྱི། །མཆོད་པ་ཀུན་གྱིས་ཁྱོད་མཆོད་དོ། །རབ་ཏུ་འགྱོད་པས་ཉེས་ཀུན་བཤགས། །

(༡༢༡)ཐུགས་དང་འགལ་བ་བཟོད་པ་གསོལ། །ཁྱོད་ལ་བཅོལ་བའི་ཕྲིན་ལས་ནི། །རྡོ་རྗེ་སློབ་དཔོན་མཚན་ལྡན་དང་། །རྡོ་རྗེ་མཆེད་ལྕམ་དམ་ཚིག་ལྡན། །རྣལ་འབྱོར་བདག་ཅག་འཁོར་བཅས་དང་། །དེ་རིང་རྒྱུ་སྦྱོར་ཡོན་བདག་གི། །ནད་གདོན་བར་ཆད་ཞི་བ་དང་། །ཚེ་དང་བསོད་ནམས་རྒྱས་པ་དང་། །འཁོར་དང་ལོངས་སྤྱོད་དབང་སྡུད་དང་། །བདུད་དཔུང་འཇོམས་ཤིང་དགྲ་བགེགས་འདུལ། །ནད་པ་སྲིའུ་གསོ་བ་དང་། །གཙུག་ལག་ཁང་སྲུང་ཆོས་འཁོར་སྐྱོང་། །ཕ་རོལ་དམག་དཔུང་བཟློག་པ་དང་། །བྱད་མ་རྦོད་གཏོང་བཟློག་པ་དང་། །ནད་རིམས་དལ་ཁ་བསྒྱུར་བ་དང་། །བན་དགྲ་ལོག་ལྟ་རང་གཤེད་འབེབས། །བྱོལ་པོ་ཆགས་ཆེན་བཟློག་ལ་སོགས། །གང་གསོལ་ཕྲིན་ལས་ཁྱོད་ཀྱིས་མཛོད། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་སྟོང་། །བླ་མའི་སྐུ་དགྲ་ཁྱོད་ཀྱིས་ཐུལ། །རྣལ་འབྱོར་སྒོས་དགྲ་ཁྱོད་ཀྱིས་སྒྲོལ། །རྗེས་འཇུག་བུ་སློབ་ཁྱོད་ཀྱིས་སྐྱོངས། །དཀོར་དང་རྟེན་མཆོད་ཁྱོད་ཀྱིས་སྲུང་། །ཕོ་ཉ་དོན་སྒྲུབ་བསུ་སྐྱེལ་གྱིས། །དད་མོས་ཡོན་བདག་ཁྱོད་ཀྱིས་སྐྱོངས། །མི་ནོར་རྟ་ཕྱུགས་ཁྱོད་ཀྱིས་སྲུངས། །སྒྲུབ་པའི་བར་ཆད་ཁྱོད་ཀྱིས་སོལ། །གསང་སྔགས་བཟླས་རྒྱུན་ཁྱོད་ཀྱིས་ཟུངས། །མི་ནུབ་བསྟན་

(༡༢༢)པའི་རྒྱལ་མཚན་ཕྱོར། །ཐུགས་དམ་ཞལ་བཞེས་མ་གཡེལ་ཅིག །ཟས་སུ་དགྲ་བོའི་ཤ་ལ་ཟོ། །སྐོམ་དུ་དགྲ་བོའི་ཁྲག་ལ་འཐུང་། །ལས་སུ་གནོད་བྱེད་དགྲ་བགེགས་སྒྲོལ། །ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཡབ་གཅིག་ལེགས་ལྡན་ནག་པོ་ནི། །ཡེ་ཤེས་མགོན་པོའི་ཚོགས་ཀྱིས་བསྐོར། །མཆོད་ཕྱིར་བསྒྲུབ་ཕྱིར་གནས་འདིར་བྱོན། །སོགས། ཧཱུྃ། བྱང་ཕྱོགས་དུར་ཁྲོད་ཆེན་པོ་ཡི། །བྲག་སྟེང་གྲུ་གསུམ་གཞལ་ཡས་ནས། །སྲས་མཆོག་ནག་པོ་འཇིགས་པའི་སྐུ། །ཕྱོགས་བཅུ་མགོན་པོའི་དབུས་ནས་བཞེངས། །མཆོད་ཕྱིར་སོགས། ཧཱུྃ། རི་རབ་མཆོག་གི་ཁོང་གསེང་ནས། །འཇིག་རྟེན་མགོན་པོ་གཟི་བརྗིད་ཅན། །མགོ་བརྙན་ཚོགས་བཅས་དབུས་ནས་བཞེངས། །མཆོད་ཕྱིར་བསྒྲུབ་ཕྱིར་གནས་འདིར་བྱོན། །འདིར་གཤེགས་བཤམས་པའི་གདན་ལ་བཞུགས། །བདག་དང་སྤྲུལ་པས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་མཆོད་པས་མཆོད། །འདོད་ཡོན་རྣམ་ལྔའི་མཆོད་པ་འབུལ། །བ་ལི༚་གཏོར་མའི༴ །དམར་ཆེན་རཀྟའི༴ །བདུད་རྩི་ཛ་གད༴ །ཞལ་ཟས་ཚོགས་ཀྱི༴ །དགྲ་བོའི་ཤ་ཁྲག་མཆོད་པར་འབུལ། །རབ་ཏུ་འགྱོད་པས་ཉེས་ཀུན་བཤགས། །ཞེས་པ་ནས། ལས་སུ་གནོད་བྱེད་དགྲ་བགེགས་སྒྲོལ། །ཞེས་པའི་བར་གོང་བཞིན། ཧཱུྃ། བྱང་ཕྱོགས་དུར་ཁྲོད་ཆེན་པོ་ཡི། །

(༡༢༣)མི་འགྱུར་བྲག་སྟེང་གྲུ་གསུམ་གྱི། །ཐེམ་སྟེངས་མ་ཆགས་པདྨའི་སྟེང་། །དཔལ་ལྡན་སྲས་མཆོག་ནག་པོ་ཆེ། །མཆོད་ཕྱིར་སོགས། ཧཱུྃ། རྩོད་ལྡན་བསྟན་པ་སྙིགས་དུས་སུ། །བསྟན་པ་བསྲུང་བར་ཞལ་བཞེས་པ། །དམ་ཅན་ཐུགས་བསྐྱེད་ཐུགས་དམ་ཅན། །མ་ཧཱ་ཀཱ་ལ་གནས་འདིར་བྱོན། །གྲི་གུག་འཛིན་པ། །ཐོད་པ་འཆང་བ། །དུར་ཁྲོད་བདག་པོ། །མཁའ་འགྲོའི་གཙོ་བོ། །གཟི་བརྗིད་ཆེན་པོ། །ཡ་མ་རཱ་ཛ། སྲས་མཆོག་ནག་པོ། ཀིང་ཀའི་ཚོགས་བཅས། མཆོད་ཕྱིར་སོགས། ཧཱུྃ། ཤར་གྱི་མགོན་པོ་གནས་འདིར་བྱོན། །དཔལ་འབར་འཆད་པ་ཉི་ཚེ་འབྲུག་ཆིབས། །བྱ་ཁྲ་ལྡིང་བ། སྟག་གཟིག་འབྲང་བ། མཆོད་ཕྱིར་སོགས། ཧཱུྃ། ལྷོ་ཡི་མགོན་པོ་གནས་འདིར་བྱོན། །དཔལ་ལྡན་མགོན་པོ། སེར་ཆེན་འབེབས་པ། བདེ་ཆེན་བསྣམས་པ། ལྷ་དམག་འཁོར་བཅས། ཡཀྵ་ཀཱ་ལ། ལྕགས་ཀྱི་བྱ་ཁྲ་བྱ་བྱུང་བཞི། །བར་སྣང་ཁམས་ནས། སྟག་གཟིག་དོམ་དྲེད་ཁྱི་བརྒྱད་བཅས། །ས་ཡི་ཕྱེད་ནས། །མཆོད་ཕྱིར་སོགས། ཧཱུྃ། ནུབ་ཀྱི་མགོན་པོ་གནས་འདིར་བྱོན། །མཚལ་དུ་ཆིབས་པ། གྲི་གུག་འཛིན་པ། གྲུ་ཚལ་བསྣམས་པ། སྟག་གཟིག་མགོ་ཅན། །མཆོད་ཕྱིར་སོགས། ཧཱུྃ། བྱང་གི་མགོན་པོ་གནས་འདིར་བྱོན། །

(༡༢༤)རྣམ་ཐོས་སྲས་པོ། །སེང་གེ་ཆིབས་པ། གསེར་གྱི་མདོག་ཅན། གསེར་ཕྲེང་རྒྱན་མཛད། །མགོན་པོ་འཁོར་བཅས། མཆོད་ཕྱིར་སོགས། ཧཱུྃ། ཤར་ལྷོ་མགོན་པོ་གནས་འདིར་བྱོན། །ཛམྦྷ་ལ་ཡང་། ནོར་ལྷ་རྒྱལ་པོ། ཆུ་རིས་ཆིབས་མཛད། སྔོ་ཁྲ་རོལ་ཁྲིད། །ངང་པ་ཕྱི་འགྲོལ། ཤིང་ཏོག་བསྣམས་པ། ནོར་ལྷ་མཆེད་བཅས། མཆོད་ཕྱིར་སོགས། ཧཱུྃ། ལྷོ་ནུབ་མགོན་པོ་གནས་འདིར་བྱོན། །མཛེས་ལྡན་སྲས་པོ། ཤུགས་ལྡན་མགོན་པོ། དར་དཀར་བསྣམས་པ། ལྷ་དམག་འཁོར་བཅས། མཆོད་ཕྱིར་སོགས། ཧཱུྃ། ནུབ་བྱང་མགོན་པོ་གནས་འདིར་བྱོན། །ཤ་བ་རི་ཡང་། ནོར་ཕྱུགས་སྐྱོང་མཛད། བེའུ་ལུག་སྐྱོང་བ། གོད་འདྲེ་འདུལ་མཛོད། །གོད་ཡམས་གཅོད་མཛད། མཆོད་ཕྱིར་སོགས། ཧཱུྃ། བྱང་ཤར་མགོན་པོ་གནས་འདིར་བྱོན། །རྣམ་སྣང་དབུ་རྒྱན། གཙུག་ཏོར་ལྗང་གུ་འཇོལ་བེར་མནབས་པ། སྡོང་དྲིལ་བསྣམས་པ། དམག་དཔོན་ཆེན་པོ། དགྲ་བོ་གསོད་བྱེད། གནོད་བྱེད་འདུལ་མཛད། ལྷ་བདུད་འཇོམས་མཛད། ཆུང་སྲི་འདུལ་བྱེད། མཆོད་ཕྱིར་སོགས། ཧཱུྃ། སྟེང་གི་མགོན་པོ་གནས་འདིར་བྱོན། གཙུག་ཕུད་ཅན་ཡང་། རལ་གྲི་འཛིན་པ། ཡ་བདུད་འཇོམས་པ། མ་ཡམས་ཟློག་བྱེད། མཆོད་ཕྱིར་སོགས། ཧཱུྃ། འོག་གི་མགོན་པོ་གནས་འདིར་

(༡༢༥)བྱོན། ལྷ་མོ་བརྟན་མ། ས་བདག་ནག་མོ། ཀླུ་མགོན་འཁོར་བཅས། མ་ཡམས་ཟློག་བྱེད། སྲི་ཅན་འདུལ་བྱེད། མཆོད་ཕྱིར་སོགས། ཧཱུྃ། རྒྱལ་རྗེ་དམངས་གདོལ་བྲམ་ཟེ་བཞི། །ཀླུ་རྣམས་འདུལ་བྱེད། བདུད་མོའི་ཚོགས་རྣམས། ཡ་བདུད་ཚོགས་རྣམས། མ་མོའི་འཁོར་ཚོགས། དུར་ཁྲོད་སྲུང་མ། བསྟན་པ་སྲུང་མཛད། དགྲ་བོ་གསོད་བྱེད། གནོད་བྱེད་འདུལ་བྱེད། ཤ་ལ་སྲེད་རྣམས། ཁྲག་ལ་མོས་པའི་འཁོར་ཚོགས་རྣམས། །དམ་ཅན་ཚོགས་རྣམས། ཕོ་ཉའི་ཚོགས་རྣམས། བྱ་ཁྲ་ཆིབས་ཤིང་། དྲེལ་རྟ་ཆིབས་ཤིང་། ལྕགས་སྦྱང་ས་ཡ་དྲུག་འབུམ་ལ། །ཆིབས་པའི་དམག་ཚོགས། བདུད་བྱ་ནག་པོ་ས་ཡ་དང་། དྲུག་འབུམ་ཆིབས་རྣམས། །བྱ་ཁྲ་ས་ཡ་དྲུག་འབུམ་ལ། ཆིབས་པའི། རུུས་སྦལ་ས་ཡ་དྲུག་འབུམ་ལ། །ཆིབས་པའི། བདུད་ཕོ་མི་ནག་རྟ་ནག་དང་། །བདུད་ཕོ་མི་དམར་རྟ་དམར་དང་། །བདུད་ཕོ་མི་སྔོན་རྟ་སྔོན་དང་། །བཀའ་ཉན་ཚོགས་རྣམས། དམ་ཅན་ཚོགས་རྣམས། ཕོ་ཉའི་ཚོགས་རྣམས། མགྱོགས་བྱེད་ཚོགས་རྣམས། མུ་མཐར་ཁྱབ་རྣམས་གནས་འདིར་བྱོན། །འདིར་གཤེགས་བཤམས་པའི་གདན་ལ་བཞུགས། །བདག་དང་སྤྲུལ་པས་ཕྱག་འཚལ་ཞིང་། །ཕྱི་ནང་གསང་བའི་མཆོད་པས་མཆོད། །འདོད་ཡོན་རྣམ་ལྔའི་

(༡༢༦)མཆོད་པ་འབུལ། །བ་ལི༚་གཏོར་མའི། དམར་ཆེན་རཀྟའི། བདུད་རྩི་ཛ་གད། ཞལ་ཟས་ཚོགས་ཀྱི། དགྲ་བོའི་ཤ་ཁྲག་མཆོད་པར་འབུལ། །རབ་ཏུ་འགྱོད་པས་ཉེས་ཀུན་བཤགས། །ཐུགས་དང་འགལ་བ་བཟོད་པར་གསོལ། །ཁྱོད་ལ་བཅོལ་བའི་ཕྲིན་ལས་ནི། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོ། །རྡོ་རྗེ་སློབ་དཔོན་སློབ་མར་བཅས། །རྡོ་རྗེ་མཆེད་ལྕམ་དམ་གནས་དང་། །སྒྲུབ་པའི་རྣལ་འབྱོར་འཁོར་བཅས་དང་། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །དུས་རྣམས་ཀུན་ཏུ་བསྲུང་བ་དང་། །ནད་གདོན་བར་ཆད་ཞི་བ་དང་། །ཚེ་དང་བསོད་ནམས་རྒྱས་པ་དང་། །འཁོར་དང་ལོངས་སྤྱོད་དབང་སྡུད་ཅིང་། །གདུག་པའི་དགྲ་བགེགས་ཚར་གཅོད་དང་། །ནད་པ་སྲིའུ་གསོ་བ་དང་། །གཙུག་ལག་ཁང་སྲུང་ཆོས་འཁོར་སྐྱོང་། །དམག་དཔུང་གཞོམ་ཞིང་ནང་རྒྱས་དང་། །རིག་སྔགས་རྦོད་གཏོང་བཟློག་བ་དང་། །བྱད་མ་རྦོད་གཏོང་བཟློག་པ་དང་། །ནད་རིམས་དལ་ཁ་བསྒྱུར་བ་དང་། །ལོག་ལྟ་དབང་སྡུད་ཟིལ་གནོན་སོགས། །ཅི་བཅོལ་ཕྲིན་ལས་ཁྱོད་ཀྱིས་མཛོད། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་སྟོད། །བླ་མའི་སྐུ་དགྲ་ཁྱོད་ཀྱིས་སྒྲོལ། །མཆེད་ལྕམ་སྐུ་ཚེ་ཁྱོད་ཀྱིས་སྲིངས། །རྣལ་འབྱོར་སྒོས་དགྲ་ཁྱོད་ཀྱིས་

(༡༢༧)སྒྲོལ། །མི་ནུབ་བསྟན་པའི་རྒྱལ་མཚན་ཕྱོར། །ཐུགས་དམ་ཞལ་བཞེས་མ་གཡེལ་ཅིག །ཟས་སུ་དགྲ་བོའི་ཤ་ལ་ཟོ། །སྐོམ་དུ་དགྲ་བོའི་ཁྲག་ལ་འཐུང་། །ལས་སུ་གནོད་བྱེད་དགྲ་བགེགས་སྒྲོལ། །ཞེས་སོགས་བརྗོད་ཅིང་སྤོས་དང་རོལ་མོ་འབུལ་ལོ། །ཧཱུྃ། བསྟན་སྲུང་མཐར་ཐུག་རྡོ་རྗེ་བེར་ཅན་དང་། །ཡུམ་ཆེན་དཔལ་ལྡན་ལྷ་མོ་རང་བྱུང་མ། །ནག་པོ་ཡབ་ཡུམ་ཕྱོགས་བཅུའི་མགོན་པོ་དང་། །དྲེགས་པ་དོན་གཉིས་བདུད་བཙན་ཀླུ་ཡི་མགོན། །རྣམ་སྲས་སྔགས་བདག་སྐྱེས་བུ་རྡོ་རྗེ་ལེགས། །སྲིན་མགོན་ཞིང་སྐྱོང་ཀུན་དགའ་གཞོན་ནུ་དང་། །མ་བདུན་སྲིང་བཞི་འབར་མ་དགུ་རྣམས་དང་། །དུས་བཞིའི་ལྷ་མོ་དམག་གི་རྒྱལ་མོ་བཞི། །དབང་ཕྱུག་ཉེར་བརྒྱད་བརྟན་མ་བཅུ་གཉིས་དང་། །མཁར་ནག་རྡོར་རྒྱལ་བཀྲ་ཤིས་ཚེ་རིང་སོགས། །ལྷ་ཀླུ་གཞི་བདག་མཐུ་བོ་ཆེ་རྣམས་དང་། །ཕོ་ཉ་ལས་མཁན་བསམ་ཡས་གྲངས་འདས་ལ། །མཉེས་རྫས་དྲག་པོའི་གཏའ་གཏོར་ཆེན་པོ་དང་། །སྨན་དང་རཀྟ་གསེར་དངུལ་དར་ཟབ་སོགས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་རྫས་འབུལ། །དགྱེས་པར་བཞེས་ལ་ཅི་བསམ་ཕྲིན་ལས་སྒྲུབ། །ཅེས་པའང་ཀརྨ་ཀ་བཅུ་བཞི་པས་ཁ་སབ་བགྱིས་པའོ། །

(༡༢༨)ན་མ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། །མི་ཤིགས་སྤྲོས་བྲལ་འཕོ་འགྱུར་མེད་པའི་དབྱིངས། །འགགས་མེད་ཐུགས་རྗེ་ཆེན་པོའི་རང་རྩལ་ལས། །ཆེར་ཁྲོས་དཔལ་ཆེན་རྡོ་རྗེ་ནག་པོ་ཆེར། །བཏུད་ནས་གསོལ་ཀའི་མཆོད་ཕྲེང་ཉུང་བསྡུས་སྤེལ། །རྣལ་འབྱོར་པ་གང་ཞིག་ནག་པོ་ཆེན་པོའི་གསོལ་ཀ་ཀུང་དུར་བྱ་བར་འདོད་ན། །མཆོད་ཚོགས་གསུང་བཞིན་བཤམས་ནས་བྱིན་རླབས་ཀྱི་རིམ་པ་སྔོན་དུ་འགྲོ་བས་འདི་སྐད་དོ། །ཧཱུྃ། བདེ་ཆེན་ཆོས་དབྱིངས་ཀློང་ཡངས་ནས། །ཐུགས་རྗེའི་ཐབས་མཁས་སྤྲུལ་པའི་སྐུ། །གཏུམ་ཆེན་ཁྲོ་བོའི་སྐུར་བཞེངས་ནས། །རྒྱལ་བའི་བསྟན་པ་སྲུང་མཛད་པ། །དཔལ་ཆེན་མ་ཧཱ་ཀཱ་ལ་ཆེ། །ཡེ་ཤེས་མགོན་པོ་གནས་འདིར་བྱོན། །དཔལ་ལྡན་མགོན་པོ་གནས༴ །སྲས་མཆོག་ནག་པོ་གནས༴ །ལས་ཀྱི་མགོན་པོ༴། འཇིག་རྟེན་མགོན་པོ༴ །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །སྤྲུལ་པའི་མགོན་པོ་སྡེ་ལྔ་སོགས། །ཕྱི་ནང་གསང་བ་ཡང་གསང་གི། །སྤྲུལ་པ་རྒྱ་མཚོའི་ཚོགས་རྣམས་ཀུན། །འདིར་བྱོན་དགྱེས་པའི་གདན་ལ་བཞུགས། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་བཞེས། །གང་བཅོལ་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་རོལ་མོ་དབུལ། ཧཱུྃ། ནག་པོ་འགུགས་བྱེད་ཆེན་པོ་དང་། །ནག་པོ་སྙིང་ཁྲག་འཐུང་བྱེད་དང་། །ནག་པོ་དབུགས་ལེན་ཆེན་

(༡༢༩)པོ་དང་། །ནག་པོ་སྲོག་གི་བདག་པོ་དང་། །ནག་པོ་དུར་ཁྲོད་འཇོམས་བྱེད་དང་། །ནག་པོ་ཁ་ལོ་སྒྱུར་བྱེད་དང་། །ནག་པོ་གདུག་པ་འདུལ་བྱེད་དང་། །ནག་པོ་སྲེག་བྱེད་ཆེན་པོ་སོགས། །དབུགས་ལེན་བཅུ་དྲུག་གནས་འདིར་བྱོན། །དཔལ་རབ་འཆང་དང་དཔལ་འབར་ནག །དབང་ཕྱུག་འབར་བ་རྣམ་ཐོས་སྲས། །ཛམ་བྷ་ལ་དང་མཛེས་ལྡན་སྲས། །ཤ་ཝཱ་རི་དང་གཙུག་གཏོར་ལྗང་། །གཙུག་ཕུད་ཅན་དང་བརྟན་མ་སོགས། །ཕྱོགས་བཅུའི་མགོན་པོ་གནས་འདིར་བྱོན། །དབང་ཕྱུག་ལྗང་དང་སྲིན་པོ་ཆེ། །དུར་ཁྲོད་ནག་པོ་གཤིན་རྗེ་དང་། །ཀླུ་རྒྱལ་དགའ་བོ་ཁྱབ་མཇུག་དམར། །བི་ནཱ་ཀ་ཏྲཀྟད་སོགས། །དྲེགས་པ་དོན་གཉིས། །བདུད་བཙན་ཀླུ་ཡི་མགོན་པོ་སྟེ། །དྲེགས་པ་རྒྱ་གསུམ། །གཞན་ཡང་སྤྲུལ་པའི་ཕོ་ཉ་ནི། །བྱེ་བ་དུང་ཕྱུར་དུ་མའི་ཚོགས། །བྱ་ནག་ཁྱི་ནག་གཅན་གཟན་དང་། །མཁའ་ལྡིང་ལ་སོགས་སྤྲུལ་པ་དང་། །ཡང་སྤྲུལ་ཕོ་ཉའི་ཚོགས་ཐམས་ཅད། །འདིར་བྱོན་དགྱེས་པའི་གདན་ལ་བཞུགས། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་བཞེས། །གང་བཅོལ་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་རོལ་མོ་དབུ་ལ། ཧཱུྃ། ཡེ་ཤེས་ལས་དང་འཇིག་རྟེན་གྱི། །ཆོས་སྐྱོང་སྲུང་མ་རྒྱ་མཚོའི་ཚོགས། །འདིར་བྱོན་དགྱེས་པའི་གདན་ལ་བཞུགས། །བདག་

(༡༣༠)དང་སྤྲུལ་པས་ཕྱག་འཚལ་ཞིང་། །སོགས་ནས། ལས་སུ་གནོད་བྱེད་དགྲ་བགེགས་སྒྲོལ། །ཁྱད་པར་དཔལ་ལྡན་ཀརྨ་པའི། །བསྟན་ལ་གནོད་བྱེད་ཐམས་ཅད་ཀུན། །མིང་ཙམ་མེད་པར་རྡུལ་དུ་རློག །བསྟན་འཛིན་མཆོག་རྣམས་ཞབས་པད་བརྟན། །མཛད་ཕྲིན་ནམ་མཁའི་མཐའ་དང་མཉམ། །ཀརྨ་ཀཾ་ཚང་བསྟན་པ་མཆོག །འཛམ་གླིང་ཀུན་ཏུ་ཁྱབ་པར་རྒྱས། །ཅི་བསམ་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་རོལ་མོ་དབུལ། ཅེས་པའང་ཕྱི་ནང་གཞུང་ལུགས་རིག་གནས་ཀུན་ཏུ་གཟིགས་པའི་སྤྱན་རས་ཡངས་པ་བསླབ་གསུམ་རྒྱན་ལྡན་མཁས་དབང་བླ་མ་ཀརྨ་ངེེས་དོན་འཇམ་དབྱངས་འཇིགས་བྲལ་སྨྲ་བའི་སེང་གེ་ནས་བཀྲ་ཤིས་ལྷ་རྫས་བཅས་གསུང་བསྐུལ་མཛད་པ་བཞིན་མིག་དམར་ཞེས་པ་ཤིང་བྱི་རྒྱལ་ཟླའི་གྲལ་ཚེས་བཅོ་ལྔ་དགེ་བར་དཔལ་ལྡན་ཀརྨ་པ་བཅུ་བཞི་པའི་མཚོན་འཛིན་ཐེག་པ་མཆོག་གི་རྡོ་རྗེས་གཟིམ་སྤྱིལ་བཀྲ་ཤིས་ཁང་བཟང་ཚེ་གཡང་འཁྱིལ་བར་འཕྲལ་དུ་བརྗོད་པའི་ཡི་གེ་པ་ནི་མཆོག་སྤྲུལ་ཀརྨ་དྷརྨནྡྲ་ས་མནྟ་བྷ་དྲས་བགྱིས་པ་དགེ་ལེགས་འཕེལ། ༈ །ད་ནི་རྣལ་འབྱོར་པ་ཆག་ཆེ་ཞིང་ཕྱི་ནང་གི་རྐྱེན་དུ་མ་ལྷོངས་ན་ཉམས་ཆགས་བསྐང་པའི་ཕྱིར། བསྐང་བ་རྒྱུན་པར་འདོད་ན། གཏོར་མ་ཕུན་སུམ་ཚོགས་པ་དང་། ཉེེར་སྤྱོད་སྤྱན་གཟིགས་སྣ་ཚོགས་དང་བཅས་པ་བཤམས་ནས། བསངས་སྦྱངས་ཏེ། ཨ་ལས་ཀ་པཱ་ལའི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ་སྟེ། ཨོཾ་ཧ་ཧོ་ཧྲཱི། ལན་གསུམ་གྱིས་སྦྱངས་རྟོགས་སླར་འོད་གསལ་བར་བྱས་ཏེ། དྲི་རོ་ཕུན་སུམ་ཚོགས་པའི་གཟི་བརྗིད་མཐའ་

(༡༣༡)ཡས་པར་གྱུར། །ཨོཾ་ཨཱ་ཀཱ་རོ་ཞེས་ལན་གསུམ་བརྗོད་ནས། འདི་སྐད་དུ། སྐད་ཅིག་གིས་བདག་སོགས་ཉོན་མོངས་པ་དང་། མ་གུས་པ་དང་། བག་མ་མཆིས་པ་དང་། མ་ཤེས་པ་རྣམས་ཀྱིས་རྒྱུད་མ་རུངས་པ་གདུལ་དཀའ་བ་རྣམས་ཀྱིས་སྡོམ་པ་གསུམ་དང་འགལ་བའི་ཉེས་པ་གང་མཆིས་པ་བཤགས་ནས་སྒྲིབ་པར་མི་འགྱུར་བའི་ཕྱིར། །བཅོམ་ལྡན་ཐུགས་རྗེ་ཅན་དཔལ་ནག་པོ་ཆེན་པོ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛ ཞེས་བརྗོད་ནས། ཕྱག་བཙལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་བསགས་པ་ཀུན། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །ཞེས་དང་། དེ་ནས། བཛྲ་ཨརྒྷཾ་ནས། ཤབྡའི་བར་བརྗོད་ནས། འདོད་པའི་གཟུགས་སྒྲ་རྣམ་དག་རྡོ་རྗེའི་ཡུལ། ཁམས་ཀྱི་དྲི་རོ་རྣམ་དག་ཞི་བའི་དབྱིངས། །ས་ཡི་རིག་བྱ་ཆོས་ཁམས་རྣམ་དག་པའི། །བདུད་རྩི་འོད་ཟེར་འབར་བའི་མཆོད་པ་བཞེས། །བདག་རྒྱུད་ཉེས་པ་གང་མཆིས་མཐོལ་ལོ་བཤགས། །ཕྱིན་ཆད་མི་བགྱིད་སྡོམ་པ་སླར་ཡང་ལེན། །སྔོན་ཆད་ནོངས་པའི་ལས་ལ་འགྱོད་པར་མཆིས། །འདི་ཕྱིར་སྒྲིབ་པར་མི་འགྱུར་དངོས་གྲུབ་སྩོལ། །བསྐང་ངོ་བཀའ་བརྒྱུད་བླ་མ་ཡི་དམ་དང་། །དཔའ་བོ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་

(༡༣༢)ཚོགས། །ཐུགས་དམ་བསྐང་ལས་ཉམས་ཆག་སོར་ཆུད་མཛོད། །ཐུགས་རྗེ་ཆེན་པོས་བདག་ལ་དགོངས་པར་མཛོད། །ནག་པོ་ཆེན་པོ་ཡུམ་གཅིག་རལ་གཅིག་མ། །ལེགས་ལྡན་ནག་པོ་ཡུམ་གཅིག་རྩ་འཇིབ་དམར། །སྤྲུལ་པ་ལས་མགོན་ཆེན་པོ་བྱ་རོག་གདོང་། །སེང་གེའི་གདོང་ཅན་རྣལ་འབྱོར་མ་ཁྲོས་པ། །བྱ་རྒོད་མཁའ་ལྡིང་ཁྭ་དང་འུག་པ་དང་། །ཕག་ཁྱི་ལྕེ་སྤྱང་སྟག་གི་གདོང་པ་ཅན། །ཤ་ཟ་ཁྲག་འཐུང་མ་མོ་འཁོར་བཅས་དང་། །བྱ་ནག་ཁྱི་ནག་སྤྲུལ་པའི་ཚོགས་བཅས་ཀྱིས། །ཐུགས་རྗེ་ཆེན་པོས་དགོངས་ཤིག་བཅོམ་ལྡན་གྱི། །བཀའ་དང་འགལ་བ་ཐམས་ཅད་མཐོལ་ལོ་བཤགས། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ཆག་ཉམས་སྐོང་། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །ཆགས་ཆེ་ཉམ་ང་བཟློག་ཏུ་གསོལ། །ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །ཞེས་སོ། །རྩ་གསུམ་མཁའ་འགྲོ་དབྱིངས་ཀྱི་མ་མོའི་ཚོགས་ལ་ཕྱག་འཚལ་ལོ། །འདིར་དཔལ་ལྡན་ལྷ་མོའི་གསོལ་ཁ་བྱ་བར་འདོད་པས། གཏོར་མ་རྒྱན་ལྡན་མཐུན་རྫས་ཀྱི་བསྐོར་བ་དང་། བདུད་རྩི་སྨན་རག་སོགས་བཤམས་ལ། ཨོཾ་ཨཱཧཱུྃ། བྷན་དྷ་རིན་ཆེན་འབར་བའི་སྣོད་ཡངས་པར། །མཐུན་རྫས་སྨན་རག་གཏོར་མའི་བྱེ་བྲག་དང་། །བསྟན་དང་སྒྲུབ་དང་མཆོད་པའི་ཉེར་སྤྱད་ཀུན། །མཁའ་དབྱིངས་གང་བ་དགྱེས་བསྐྱེད་རང་བཞིན་

(༡༣༣)གྱུར། ཨོཾ་ཨཱཧཱུྃ་ཧ་ཧོ་ཧྲཱིཔཱུ་ཛ་བཛྲ་སྥཎ་ཁཾ། བྷྱོཆོས་དབྱིངས་བདེ་ཆེན་ཡངས་པའི་ཀློང་། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །སྤྲུལ་པའི་རང་བྱུང་དཔལ་ལྷ་མོ། །སྲིད་པའི་རྒྱལ་མོ་གནས་འདིར་བྱོན། །མཁའ་དབྱིངས་བདེ་ཀློང་འཁྱིལ་བ་ཡི། །རྟག་བའི་རྒྱལ་མོ་མུ་ཁ་ལེ། །སྣང་སྲིད་ཀུན་ཏུ་འཕྲུལ་བྱེད་པའི། །མ་མོ་ཆེན་མོ། །རེ་མ་ཛུ་དང་རེ་མ་ཛ །རེ་མ་ཏི་ཡང་གནས༴ ལྷ་མོ་དུང་སྐྱོང་༴ །རེ་ཏི་ཡུམ་གཅིག༴ །རིན་ཆེན་སྐེད་བཅིངས། །གློག་ལྟར་འགྱུ་མ༴ །གཤིན་རྗེའི་ལྕམ་མོ༴ །ཀླུ་མོ་ཆེན་མོ༴ །འདོད་ཁམས་དབང་ཕྱུག༴ །རང་བྱུང་ཀུན་ཁྱབ༴ །གྲུབ་པའི་དགྲ་ལྷ༴ །མ་མོ་འཁོར་བཅས་གནས་འདིར་བྱོན། །དགྱེས་པའི་གདན་ལ་བཞུགས་ནས་ཀྱང་། མཉེས་པའི་མཆོད་ཚོགས་བཞེས་སུ་གསོལ། །བྷྱོ། དཀྱིལ་འཁོར་ཀུན་གྱི་དབང་མོ་ཆེ། །རང་བྱུང་རྒྱལ་མོ་གནས་འདིར༴ །རྡོ་རྗེ་སྐུ་གསུང་ཐུགས་རྣམས་ཀྱི། །དཔལ་ལྡན་ལྷ་མོ༴ །ཀླུ་མོ་ཆུ་སྲིན་གདོང་ཅན་དང་། །ཁྲི་སྨན་མདོག་ལྡེམ༴ །འགུག་བྱེད་གསོད་བྱེད་སྒྲོལ་བྱེད་དང་། །སྲུང་བྱེད་མ་བདུན༴ །དཀར་སྔོ་དམར་སེར་འདྲེན་བྱེད་མ། །གསང་བ་སྲིད་བཞི༴ །གསལ་འཛིན་འབར་མ་ཀློང་དགུ་མ། །ཡུམ་ཆེན་འབར་མ༴ །སྲིད་པ་དུས་བཞི་ལ་འཆར་བའི། །ལྷ་མོ་ཆེན་མོ༴ །ཕྱོགས་རྣམས་ཀུན་

(༡༣༤)ཏུ་འདྲེན་པ་ཡི། །དམག་གི་རྒྱལ་མོ༴ །མ་སྲིང་ཆུང་མ་བྲན་མོ་ཡི། །དབང་ཕྱུག་མ་རྣམས༴ །བདུད་མོ་གནོད་སྦྱིན་སྨན་མོ་ཡི། །བརྟན་མའི་ཚོགས་རྣམས༴ །སྲིད་གསུམ་ཀུན་ལ་གནས་པ་ཡི། །མ་མོའི་ཚོགས་རྣམས༴ །དགྱེས་པའི་གདན་ལ་བཞུགས་ནས་ཀྱང་། །མཉེས་པའི་མཆོད་ཚོགས་བཞེས་སུ་གསོལ། །བྷྱོ། དཔལ་ལྡན་ལྷ་མོ་འཁོར་དང་བཅས། །རྒྱལ་བའི་བསྟན་པ་བསྲུང་བའི་ཕྱིར། །སྒྲུབ་པའི་གནས་འདིར་གཤེགས་ནས་ཀྱང་། །དགྱེས་པའི་གདན་ལ་བཞུགས་སུ་གསོལ། །རབ་ཏུ་དང་བས་ཕྱག་བགྱིའོ། །མཉེས་བྱེད་བསྟེན་པའི་དམ་རྫས་མཆོག །གཡབ་དར་བསུར་དུད་འབོད་པའི་རྫས། །ལུག་དྲིལ་བྱ་ནག་མདའ་དར་དང་། །གསང་བའི་སྐུ་འབག་བྷནྡྷ་དང་། །རྐང་འཐུང་འདབ་མ་རླུང་བསྐྱོད་དང་། །མི་དབང་ཤ་དང་མཚལ་གྱི་འབྲས། །ཕྱི་ནང་གསང་བའི་རྟེན་རྫས་དང་། །རྨ་བྱ་སེང་གེའི་རྒྱལ་མཚན་དང་། །གཡང་གཞི་རེ་ལྡེ་ཤ་ཁྲག་ཚོགས། །སྨན་སྣ་ཆང་ཕུད་ཨ་མྲྀ་ཏ། །བ་ལི༚་རྒྱན་གྱི་གཏོར་མ་སོགས། །མཆོད་པའི་རྫས་གྱུར་ཐམས་ཅད་དང་། །བདུད་རྩི་དམ་ཚིག་བསྲེ་བའི་རྫས། །བདུག་སྤོས་དྲི་ལྡན་སྐུལ་བའི་རྫས། །ན་ཆུང་དྲི་མེད་གསུང་དབྱངས་སོགས། །རྟེན་པའི་རྫས་དང་མཆོད་པ་ཡི། །བྱེ་བྲག་མ་ཚང་མེད་པ་ནི། །མཁའ་དབྱིངས་

(༡༣༥)ཀུན་ཏུ་གང་སྤྲུལ་ཏེ། །དཔལ་ལྡན་ལྷ་མོ་འཁོར་བཅས་མཆོད། །ཉེས་པའི་ཚོགས་རྣམས་ཀུན་ཏུ་བཤགས། །འཁྲུགས་ཅིང་འགལ་བ་མ་ལུས་བསྐང་། །ཚངས་ཤིང་བཟོད་པར་མཛད་དུ་གསོལ། །དམ་ཚིག་མི་འདའ་རྗེས་དགོངས་མཛོད། །ཕྲིན་ལས་དམ་པ་བཅོལ་བ་ནི། །རྒྱལ་བའི་བསྟན་པ་གཉན་པོ་སྲུངས། །བསྟན་འཛིན་སྐུ་ཚེ་ཕྲིན་ལས་སྤེལ། །བར་ཆད་གཡུལ་ངོ་བྲལ་བར་རློག །གཙུག་ལག་དགེ་འདུན་ཆོས་འཁོར་སྐྱོང་། །སྒྲུབ་པའི་རྣལ་འབྱོར་དམ་ཚིག་ལྡན། །འཁོར་སློབ་རྒྱུ་སྦྱོར་ལ་སོགས་པའི། །ནད་གདོན་ཉེར་ཚེ་ཞི་བ་དང་། །དཔལ་འབྱོར་རྒྱས་ཤིང་མཐུན་རྐྱེན་སྡུད། །དགྲ་བགེགས་དམ་སྲི་སྒྲོལ་བ་སོགས། །འདོད་པའི་ཕྲིན་ལས་གང་ཡིན་པ། །མ་ལུས་ཡིད་བཞིན་བསྒྲུབ་ཏུ་གསོལ། །མ་མོ་འཁོར་བཅས་བསྐང་བའི་མཐུས། །ཕྱི་ནང་འགལ་རྐྱེན་བཟློག་པ་དང་། །འདོད་རྒུ་ཆར་བཞིན་འབེབས་པ་ཡི། །བཀྲ་ཤིས་འཛམ་གླིང་ཁྱབ་པར་ཤོག །ཅེས་བརྗོད་དོ། །དེ་ལྟར་དཔལ་ལྡན་ལྷ་མོའི་གསོལ་བ་འདི་བཞིན་དགོས་ཞེས་ཤེས་བྱར་འཇུག་པའི་བློ་ཅན་ཀརྨ་ཆོས་རྒྱལ་གྱིས་བསྐུལ་བའི་འོད། །ཤྲཱི་དྷརྨ་སིདྡྷི་རྠས་ཁྲུམས་ཟླའི་དམར་ཕྱོགས་ཀྱི་ཆོས་བཅུའི་དུས་སུ་སུག་བྲིས་སུ་བགྱིས་པ་མངྒ་ལཾ། །དམ་ཅན་གསོལ་བ་ནི། མཆོད་རྫས་རྣམས་བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་

(༡༣༦)པདྨའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ། ཕྱི་ནང་གསང་བའི་བསྟན་རྫས། རིན་ཆེན། འབྲུ་སྨན། རྩི་བཅུད། ནོར་དབྱིག །གོ་མཚོན། འཕན་གདུགས། རྒྱལ་མཚན་ལ་སོགས་པ་མཆོད་པའི་ཡོ་བྱད་རྣམ་པ་སྣ་ཚོགས་པ་དྭངས་ཤིང་ཐོགས་པ་མེད་པ། འདོད་པའི་ཡོན་ཏན་ལྔ་དང་ལྡན་པ། རྒྱ་ཆེར་འཕྲོ་ཞིང་ཟད་མི་ཤེས་པ། སྐྱེས་བུ་ཆེན་པོ་འཁོར་དང་བཅས་པའི་ཐུགས་མཉེས་པར་བྱེད་ཅིང་ཚིམ་པ་སྐྱེད་པ་རྣམས་སུ་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཧཱུྃ། སོགས་པས་བྱིན་གྱིས་བརླབས། །ཧཱུྃ། དྲེགས་བྱེད་ཁྱོད་རྣམས་མཆོད་པའི་དམ་རྫས་ནི། །ཐང་སྐྱེས་ཆུ་སྐྱེས་མེ་ཏོག་སྣ་ཚོགས་དང་། །སྤོས་མཆོག་རྣམས་དང་བསུར་གྱི་མཆོག་རྣམས་དང་། །ཞུན་ཆེན་སྣང་གསལ་སྒྲོན་མེ་སྣ་ཚོགས་དང་། །སྨན་སྟོང་བདུད་རྩི་སྦྱར་བའི་དྲི་ཆབ་དང་། །ཤ་ཁྲག་བ་ལི༚་ཞལ་ཟས་ཨརྒྷཾ་དང་། །སིལ་སྙན་སྒྲ་དབྱངས་སྦྱར་བའི་རོལ་མོ་རྣམས། །ཆོས་སྐྱོང་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །ཁྱོད་ཀྱི་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །གདུག་པ་འདུལ་བའི་མཐུ་རྩལ་དངོས་གྲུབ་སྩོལ། །མཆོག་ཏུ་མཛེས་ཤིང་ཡིད་འོང་གཟུགས་རྣམས་དང་། །རབ་ཏུ་སྒྲ་སྙན་ཚིམ་བྱེད་རྨད་བྱུང་དྲི། །རོ་བརྒྱ་

(༡༣༧)དང་ལྡན་ཕུན་ཚོགས་ཞལ་ཟས་རྣམས། །ངོ་མཚར་རེག་བྱ་སྣ་ཚོགས་ཁྱོད་ལ་འབུལ། །ཁྱོད་ཀྱི༴ །གདུག་པ༴། ལྷ་རྫས་འཁོར་ལོ་རིན་ཆེན་བསམ་འཕེལ་སྟྲཱི། །ཁྱིམ་བདག་ཅད་ཤེས་མྱུར་འགྲོ་གླང་ཆེན་མཆོག །མ་ལུས་དཔུང་ལས་རྒྱལ་བྱེད་དམག་དཔོན་ཏེ། །རྒྱལ་སྲིད་རིན་ཆེན་བདུན་ཡང་ཁྱོད་ལ་འབུལ། །ཁྱོད་ཀྱི༴ །གདུག་པ༴ །སྲ་བརྟན་མི་ཤིགས་ཁྲོ་ཆུ་ལས་གྲུབ་ཅིང་། །ཉོན་མོངས་དགྲ་དཔུང་འཇོམས་པའི་ཐོ་བ་ནི། །རྡོ་རྗེ་རིན་ཆེན་གྱིས་སྤྲས་རབ་མཛེས་པའི། །རིན་ཆེན་ཡུ་བ་ཅན་འདི་ཁྱོད་ལ༴ ཁྱོད་ཀྱི༴ །གདུག་པ༴ །མཉན་ཞིང་ཡངས་པའི་ཁོང་དང་རིང་པོ་ཡི། །མཆུ་ལྡན་དྲག་པོའི་ཤུགས་ཅན་རླུང་གི་ཚོགས། །ཕྱོགས་མཐར་སྤྲོས་པས་དགྲ་རྣམས་རྡུལ་ཕྲན་བཞིན། །རླག་བྱེད་རླུང་གི་གཏེར་འདི་ཁྱོད་ལ༴ །ཁྱོད་ཀྱི༴ །གདུག་པ༴ ༈ །རླུང་ནག་འཚུབ་མ་འཁྱིལ་བའི་ཀློང་དཀྱིལ་ན། །ཁྲག་ཆེན་རྒྱ་མཚོ་རྦ་ཀློང་འཁྲུགས་པའི་དབུས། །ཁྲོ་ཆུས་བསྡམས་པའི་ཕ་ཝང་ལོང་བུའི་མཁར། །མཐོ་ཞིང་རབ་ཡངས་བལྟ་བར་མི་བཟོད་ལ། །ལོག་ལྟ་བསད་པའི་ལུས་ཀྱི་ཀ་གདན་སྒོ། །ཀ་གདུང་གྲལ་གྲབ་ཤ་ཁྲག་ཐོག་ལེབ་ཅན། །མངོན་པར་བཀྲ་བའི་འཇའ་ཚོན་འོད་ཟེར་འཕྲོ། །ཞིང་ཆེན་བླ་རེས་བྲེས་ཤིང་ཐོད་པ་དང་། །རྒྱུ་རློན་སྙིང་

(༡༣༨)ཕྲེང་དྲྭ་ཕྱེད་དོ་ཤལ་འཕྱང་། །ར་སྐྱེས་མི་ལྤགས་བ་དན་རྒྱལ་མཚན་ཕྱར། །གསར་རྙིང་རོ་དང་དུམ་བུ་ནང་གྲོལ་དང་། །སྐྲ་ཚིལ་ཀླད་པ་རྐང་སོགས་ལང་ལིང་བཀྲམ། །ཀེང་རུས་སྟེང་ཕྲག་བསྣོལ་བའི་ཁྲི་ཆེན་གཤམས། །ལྕགས་རི་ནག་པོས་བསྐོར་བའི་ཕོ་བྲང་སྟེང་། །ནམ་མཁའ་ཁྱབ་པར་ཁེབས་པའི་དུག་གི་སྤྲིན། །ཚ་གྲང་རླུང་འཁྲུག་དྲག་པོའི་ང་རོ་སྒྲོག །འཇིགས་ཆེན་གནམ་ལྕགས་རྡོ་རྗེའི་སེར་ཆེན་འབེབས། །གཤིན་རྗེའི་གྲོང་ཁྱེར་གསར་དུ་ལྷགས་པ་བཞིན། །རབ་འཇིགས་དུར་ཁྲོད་རྒྱན་གྱིས་ཀླུབས་པ་འདི། །ཆོས་སྐྱོང་རྒྱལ་པོ་འཁོར་དང་བཅས་ལ་འབུལ། །ཁྱོད་ཀྱི༴ །གདུག་པ༴ །རྣམ་མང་རྒྱན་སྤྲས་ཙ་ར་རོག་པོ་དང་། །ཨ་ཛོ་ཙིཏྟ་ཕ་ཝང་རིན་ཆེན་རྡོ། །སྐུ་གཟུགས་སྲོག་འཁོར་ར་ཡི་རྒྱལ་མཚན་སོགས། །འབོད་བསྟེན་སྒྲུབ་པའི་དམ་རྫས་ཁྱོད་ལ༴ །ཁྱོད་ཀྱི༴ །གདུག་པ༴ཨིནྡྲ་ནི་ལ་མར་གད་མུ་ཏིག་གཡུ། །གསེར་དངུལ་ཟངས་ལྕགས་ལ་སོགས་རིན་ཆེན་ཀུན། །འབྲུ་དང་འབྲས་བུ་དྲི་སྨན་རྩི་བཅུད་སོགས། །ནོར་དབྱིག་རྣམ་པ་སྣ་ཚོགས་ཁྱོད་ལ༴ ཁྱོད་ཀྱི༴ །གདུག་པ༴ །རང་ལུས་བསྲུང་ཞིང་ཕས་རྒོལ་གསོད་བྱེད་པ། །སྲ་བརྟན་གོ་ཆའི་ཁྱད་པར་སྣ་ཚོགས་དང་། །རྣོ་ཞིང་ངར་ལྡན་དྲག་པོའི་མཚོན་ཆ་རྣམས། །འཇོལ་བེར་མཐིང་ནག་ལ་སོགས་ཁྱོད་ལ༴ །ཁྱོད་ཀྱི༴

(༡༣༩)གདུག་པ༴ །སྟག་གཟིག་གཅན་གཟན་ལ་སོགས་གཡང་གཞིའི་ཚོགས། །འཕན་གདུགས་རྒྱལ་མཚན་བ་དན་ཁྲི་གདན་བཟང་། །ར་སྐྱེས་སེངྒེ་མ་ཧེ་ཁྱུ་མཆོག་རྟ། །དར་ཚོན་སྣ་ཚོགས་རྒྱན་སྤྲས་ཁྱོད་ལ༴ །ཁྱོད་ཀྱི༴ །གདུག་པ༴ །རྩ་བརྒྱད་སྟོང་སྦྱར་འཆི་མེད་བདུད་རྩི་དང་། །དགྲ་བགེགས་ཨ་ཛ་ལས་བྱུང་རཀྟའི་མཚོ། །སོ་སོར་མཐུན་པའི་དམ་རྫས་སྣ་ཚོགས་པ། །དམ་ཅན་སྐྱེས་བུ་ཁྱོད་ལ་མཆོད་པར་འབུལ། །ཁྱོད་ཀྱི་།ཐུགས་དམ༴ །གདུག་པ་འདུལ་བའི་མཐུ་རྩལ་དངོས་གྲུབ་སྩོལ། ༈ ཧཱུྃ། ཡང་ཅིག་ཐུགས་དམ་བསྐང་བ་ནི། །སྐུ་མདོག་ནག་པོ་དུ་བའི་མདོག །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །གཡས་པས་རང་རྟགས་རྡོ་རྗེ་བསྣམས། །གཡོན་པས་ཐོད་ཁྲག་དམར་ལ་རོལ། །ཞལ་ནས་གདུག་པའི་སྔགས་འབྱིན་ཅིང་། །ཤངས་ནས་རླུང་ནག་འཚུབ་མ་འཁྱིལ། །ལྗགས་ནི་དམར་པོ་གློག་ལྟར་འཁྱུག །སྤྱན་ནས་འབར་བའི་མེ་འོད་འབྱིན། །སྐུ་ལ་དར་ནག་འཇོལ་བེར་གསོལ། །སྤྲུལ་པ་སུམ་བརྒྱ་དྲུག་ཅུ་འགྱེད། །ལས་ཀྱི་ཕོ་ཉ་མཛད་པའི་ཚེ། །ཆིབས་སུ་སེང་གེ་དཀར་མོ་ཆིབས། །ལག་ན་མདུང་དར་དཀར་པོ་ཐོགས། །ལྷ་དམག་ཚོགས་རྣམས་དབུགས་འབྱིན་ཅིང་། །ལྷ་མིན་གདུལ་ངོ་ཟློག་བར་བྱེད། །རྟག་ཏུ་ཕྲིན་ལས་མཛད་པའི་ཚེ། །སྐུ་མདོག་

(༡༤༠)དཀར་པོ་གངས་རི་འདྲ། །ཆིབས་སུ་ར་སྐྱེས་ཁམས་པ་ཆིབས། །གཡས་ན་ཁྲོ་ཆུའི་སྟྭ་གྲི་བསྣམས། །གཡོན་ན་ར་ཡི་རྒྱལ་མཚན་ཕྱར། །སྐྱེས་མཆོག་བཛྲ་ཐིག་ལེ་རྩལ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཤིན་ཏུ་དྲག་ཏུ་ཁྲོས་པའི་ཚེ། །མགར་བ་ནག་པོ་ཞེས་བྱར་གྲགས། །གཡས་ན་ཁྲོ་ཆུའི་ཐོ་བ་ཐོགས། །ལོག་པར་ལྟ་བའི་ཕུང་པོ་འཇོམས། །གཡོན་ན་མགར་གྱི་སྦུད་པ་ཐོགས། །ལོག་པར་ལྟ་བ་ཐལ་བར་རློག །ལས་ཀྱི་ཕོ་ཉ་མཛད་པའི་ཚེ། །ཟ་བྱེད་སྤྱང་ཀིའི་མགོ་བོ་ཅན། །ཕོ་ཉའི་ཚོགས་དང་བཅས་པ་རྣམས། །ཁྱོད་ཀྱི། །ཐུགས་དམ་དུས་ལ་བབ། །ཐུགས་དམ་བསྐང་བའི་དམ་རྫས་ནི། །ཤ་ཁྲག་དམར་གྱི་གཏོར་མ་དང་། །ཙ་ར་རོག་པོའི་གཡང་གཞི་དང་། །དབང་པོ་རྣམ་ལྔ་དོན་སྙིང་བཅས། །བསུར་ཆེན་སྤོས་དང་བཅས་པ་འདིས། །ཁྱོད་ཀྱི་ཐུགས་དམ་སྐོང་གྱུར་ཅིག །ཡང་ཅིག་ཐུགས་དམ་བསྐང་བ་ནི། །དམ་ཅན་ཐུགས་ཀྱི་དགྱེས་སྡེ་མོ། །གངས་དཀར་རྡོ་རྗེ་དཔལ་གྱི་ཡུམ། །སྐུ་མདོག་དཀར་སེར་ཟླ་རྒྱས་འདྲ། །ཆིབས་སུ་སྨན་ཤ་ཡུ་མོ་ཆིབས། །མཁའ་འགྲོའི་ཚོགས་དང་བཅས་པ་རྣམས། །དཀར་སྙིང་བདུད་རྩིའི་གཏོར་མ་དང་། །དམ་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་། །གཞན་ཡང་མཁའ་རེག་ཁྱུང་བཙུན་སོགས། །བོད་

(༡༤༡)ཁམས་སྐྱོང་བའི་བརྟན་མ་རྣམས། །ཁྱོད་ཀྱི་འཁོར་དང་གཡོག་ཡིན་པས། །ཐུགས་དམ་གཉན་པོ་སྐོང་གྱུར་ཅིག། སྐྱེས་བུ་ཁྱོད་ཀྱི་བཀའ་འཁོར་ན། །གནས་པའི་གིང་ཆེན་སྡེ་བཞི་པོ། །ཤར་ཕྱོགས་ལྷ་ཡི་གིང་ཆེན་ནི། །སྐུ་མདོག་དཀར་ལ་གངས་རི་འདྲ། །སྐུ་ལ་དར་དཀར་ན་བཟའ་གསོལ། །ཕྱག་ན་ཤེལ་གྲི་འབར་བ་བསྣམས། །ཆིབས་སུ་དད་པ་མེ་འོད་ཆིབས། །འཁོར་དུ་སྲོག་བདག་འབུམ་གྱིས་བསྐོར། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །གཞན་ཡང་ཐུགས་དམ་བསྐང་བ་ནི། །གཤིན་རྗེ་སྒྲོལ་གིང་དམར་པོ་སྟེ། །ལྷ་ཡི་དམག་དཔོན་མེ་རུ་རྩེ། །ཡམས་ཤུད་དམར་པོ་རྫུ་འཕྲུལ་ཅན། །བཙན་གྱི་གིང་ཆེན་འབུམ་དང་བཅས། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །ཡབ་རྗེ་ནག་པོ་བདུད་ཀྱི་གིང་། །ནག་པོ་སྟོབས་ཅན་རྫུ་འཕྲུལ་ཅན། །དུར་ཁྲོད་གནས་པའི་མགོན་པོའི་ཚོགས། །བདུད་དམག་འབུམ་དང་བཅས་པ་རྣམས། །ཐུགས་དམ་བསྐང་ངོ་ཕྲིན་ལས་མཛོད། །སྐྱེས་བུ་ཁྲོས་པའི་ཕོ་ཉ་སྟེ། །ཟ་བྱེད་སྤྱང་ཀིའི་མཆེ་བ་ཅན། །གིང་ཆེན་ཁྲོས་པའི་ཕོ་ཉ་རྣམས། །ལྕགས་ཀྱི་སྤྱང་ཀི་སྔོན་པོ་དང་། །སྟག་གཟིག་དོམ་དྲེད་བྱི་ལའི་ཚོགས། །མི་བསྲུན་ཝ་དང་འཕར་བ་དང་། །གཅན་གཟན་གདུག་པའི་ཚོགས་བཅས་རྣམས། །ཁྱོད་ཀྱི་ཐུགས་དམ་

(༡༤༢)གཉན་པོ་སྐོངས། །ཐུགས་དམ་བསྐང་བའི་དམ་རྫས་ནི། །དམ་རྫས་མཆོད་པ་གཏོར་མ་དང་། །རཀྟ་དམར་གྱི་ཨརྒྷཾ་དང་། །རིན་ཆེན་འབྲུ་སྣ་སྙིང་པོ་ལྔ། །དར་ཚོན་སྣ་ལྔའི་མཆོད་པ་དང་། །དམ་རྫས་ཚོགས་ཀྱིས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་བྱིན་བརླབས་ཀྱིས། །ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །དེ་ནས་བཟོད་གསོལ་ནི། །ཧཱུྃ། དམ་ཅན་ཁྱོད་ཀྱི་ཐུགས་དང་ཅི་འགལ་བ། །མ་རིག་དབང་གིས་ཉེས་པ་བྱུང་བ་རྣམས། །རབ་ཏུ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །སྐྱེས་བུ་ཁྱོད་ལ་ཕྲག་དོག་མ་མཆིས་ཀྱང་། །ཁྱོད་ཀྱི་འཁོར་དུ་གཏོགས་པའི་འཇིག་རྟེན་པ། །གདུག་པའི་ཚོགས་ནི་དེ་དག་ཐམས་ཅད་ལ། །ཐུགས་དང་འགལ་བར་གྱུར་པ་ཅི་མཆིས་པ། །རབ་ཏུ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །བདག་གིས་རབ་ཏུ་བཤགས་པའི་བསོད་ནམས་ཀྱིས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ཀྱི། །མི་མཐུན་ཕྱོགས་རྣམས་མ་ལུས་ཞི་བ་དང་། །བསམ་པ་འགྲུབ་པའི་དངོས་གྲུབ་སྩལ་དུ་གསོལ། །ཞེས་བརྗོད། ཞིང་སྐྱོང་ཀུན་དགའ་གཞོན་ནུའི་གསོལ་བསྐང་ནི། །གལ་ཏེ་ཉམས་ཆག་ལ་སོགས་པ་བསྐང་བར་འདོད་པས་བསྐང་རྫས་བཟང་ཞིང་རྒྱ་ཆེ་བ་མ་ཚང་བ་མེད་པར་དམིགས་ཏེ། བསངས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་

(༡༤༣)ཤིང་རྒྱ་ཆེ་བར་གདུག་པ་ཅན་མཐའ་དག་བསྒྲུལ་བ་ལས་བྱུང་བའི་ཤའི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་ཕུང་པོ། །གཞན་ཡང་བཟའ་བཏུང་གི་བྱེ་བྲག་སྣ་ཚོགས་པ་གཙང་ཞིང་བསོད་པ་དང་ཡིད་དུ་འོང་བས་ཡོངས་སུ་གང་བར་གྱུར། ཨོཾ་ཨཱཧཱུྃ་ཧ་ཧོ་ཧྲཱིབྱིན་བརླབས། དྲག་ཤུལ་ཆེན་པོས་དགྲ་བགེགས་ཀུན་འཇོམས་ཤིང་། །སྒྲུབ་པ་པོ་ལ་བུ་ལྟར་བརྩེ་བ་ཅན། །འཇིགས་བྱེད་ཞིང་སྐྱོང་ཆེན་པོ་ཁྱོད་ཉིད་ལ། །མཆོག་ཏུ་གདུང་ཤུགས་ལྡན་པས་རབ་རྟེན་ནས། །དང་དུ་བླང་དང་སྤང་བར་བྱ་བ་དང་། །ཚུལ་བཞིན་བསྒྲུབ་པའི་དམ་ཚིག་རྨད་བྱུང་བ། །ཉམས་ན་བཤགས་ཤིང་ལེགས་པར་སྲུང་བ་ཡིས། །ཁྱོད་ཀྱི་ཐུགས་དམ་གཉེན་པོ་སྐོང་གྱུར་ཅིག །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཡི། །ཉེར་སྤྱད་འོས་པ་ཕུན་སུམ་ཚོགས་པ་རྣམས། །མ་ཚང་མེད་པར་རྒྱ་ཆེར་སྤེལ་བ་ཡིས། །ལྷ་ཆེན་ཀུན་དགའ་གཞོན་ནུའི་ཐུགས་དམ་བསྐང་། །རླུང་ལྟར་མགྱོགས་པའི་རྟ་ནག་རྟིང་དཀར་དང་། །གཡག་ནག་རཱ་རྣོན་སྤུ་ཞོལ་བརྗིད་ཅིང་ཆེ། །ཁྱི་ནག་དོམ་བུ་གཏུམ་ཞིང་འཇིགས་པའི་གཟུགས། །ལུག་ནག་རྒྱན་ལྡན་རྣམས་ཀྱིས་ཐུགས་དམ་བསྐང་། །བཙོས་པའི་ཤ་དང་འབྲས་ཆེན་བསྲེགས་པའི་བསུར། །ཁུ་ཁྲག་ལྷ་བ་རྐང་མར་རུས་པའི་ཚོགས། །དབང་པོ་གློ་སྙིང་ནང་གྲོལ་

(༡༤༤)རྒྱུ་མར་བཅས། །དམར་ཆེན་བརྒྱན་པའི་གཏོར་མས་ཐུགས་དམ་བསྐང་། །དཔའ་བོ་དོམ་ནག་ཙིཏྟ་མ་ཉམས་པར། །སྲོག་གི་ས་བོན་དམ་པ་ལེགས་པར་བཅུག །ཆོ་ག་བཞིན་དུ་བྲིས་པའི་འཁོར་ལོ་སོགས། །མི་འབྲལ་བརྟེན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །རྟག་ཏུ་དགྱེས་བཞིན་འཁོར་གྱི་ལས་མཛད་པར། །གནད་དུ་བསྐུལ་ནས་ཕྲིན་ལས་བཅོལ་བ་ཡི། །ལྷ་ཁྱོད་ཉེ་བར་བསྟེན་པའི་ཚུལ་རྣམས་ཀྱི། །ཏིང་ངེ་འཛིན་དང་བཟླས་པས་ཐུགས་དམ་བསྐང་། །སྤྲིན་གྱི་ཤུགས་ལྡན་རྟ་དམར་རྟིང་དཀར་དང་། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་དོན་སྙིང་བཅས། །མཁོ་དགུའི་ཉེར་སྤྱོད་མ་ཚང་མེད་པ་ཡི། །བདུད་མོ་སེང་གདོང་མ་ཡི་ཐུགས་དམ་བསྐང་། །སྣ་ཚོགས་ཤ་ཡི་ཚོགས་ནི་རྫ་ལྟར་སྤུངས། །མྱོས་བྱེད་དམར་ཆེན་བཏུད་བ་མཚོ་རུ་བསྐྱིལ། །མཐུན་རྫས་དུ་མ་སྦྱར་བའི་གཏོར་མ་འདིས། །དཔའ་བོ་ལས་མཁན་བཅས་པའི་ཐུགས་དམ་བསྐང་། །ར་ཡི་རྣམ་ལྔ་ཤ་ཆང་ཁྲག་དང་ཞག །བཤོས་ཕུ་དམར་པོ་ཤ་ཆེན་དཀར་གཏོར་ཆང་། །བཟའ་བཏུང་བྱེ་བྲག་རྣམ་པ་མང་པོར་བཅས། །སོ་སོའི་ཡིད་བཞིན་རྒྱས་པར་སྤྲུལ་ནས་ཀྱང་། །དམ་ཅན་བཛྲ་སཱ། །དྷུའི་ཐུགས་དམ་བསྐང་། །གཤིན་རྗེ་རྒྱལ་པོ་ཆེན་པོའི༴ །ཀླུ་བདུད་ནག་པོ་མགོ་དགུའི༴ །བདུད་པོ་བྱེ་བ་གུང་རིང་༴

(༡༤༥)བཙན་རྒོད་ཡམ་ཤུད་དམར་པོའི༴ །སྲིན་པོ་ན་ར་སིང་ཧའི༴ །སྲོག་བདག་ཚངས་པ་དཀར་པོའི༴ །མ་མོ་རྡོ་རྗེ་བ་ལམ༴ །བདུད་ཀྱི་དམག་ཚོགས་རྒྱ་མཚོའི༴ །སྤྲུལ་པ་ཡང་སྤྲུལ་ཚོགས་ཀྱི་ཐུགས་དམ་བསྐང་། །ཁྱོད་ཀྱི་ཐུགས་དམ་གཉེན་པོ་བསྐང་གྱུར་ནས། །དངོས་གྲུབ་མ་ལུས་དགྱེས་བཞིན་སྩལ་དུ་གསོལ། །དེ་ལྟར་།ཐུགས་དམ་བསྐངས་ནས་ནོངས་པ་རྣམས་བཤགས་པར་མོས་ལ། །ཧཱུྃ། དཔལ་ཆེན་འཁོར་བཅས་བདག་ལ་དགོངས་སུ་གསོལ། །ཁྱོད་ནི་ཡེ་ཤེས་ཆེན་པོའི་སྤྱན་དང་ལྡན། །བདག་ནི་མ་རིག་དབང་གྱུར་ལུས་ངག་སེམས། །ནོངས་པའི་ཚོགས་ནི་ཅི་མཆིས་བཟོད་པར་གསོལ། །རྒྱུ་ཆུང་ཕུད་ཉམས་ལྷག་མ་འདྲེས་པ་དང་། །དམ་རྫས་ས་མ་ཚང་བསྙེན་བསྒྲུབ་གཡེལ་བ་སོགས། །ཡབ་ཡུམ་འཁོར་བཅས་ཐུགས་དང་འགལ་བ་རྣམས། །མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ། །དེ་ལྟར་བཟོད་པར་གསོལ་ཏེ་ཕྱིར་ཟློག་གི་ལས་བཅོལ་བ་ནི། །ཧཱུྃ། མགོན་པོ་སེང་གདོང་ཡབ་ཡུམ་འཁོར་བཅས་རྣམས། །རྣམ་དག་ཐུགས་ཀྱི་རེ་བ་ཡོངས་བསྐང་ཤིང་། །ཉེས་པའི་ཚོགས་རྣམས་མ་བཅབས་བཤགས་པ་ལས། །བདག་ཅག་འཁོར་དང་བཅས་ལ་གནོད་པ་ཡི། །སྲིད་པའི་ཁྲམ་ཁ་ཐམས་ཅད་དགྲ་ལ་སྒྱུར། །ལྷ་འདྲེའི་དམག་ཚོགས་མ་ལུས་དགྲ་ལ་དྲོངས། །ཕ་རོལ་བསམ་སྦྱོར་ངན་པའི་ལས་བརྩམས་པ། །བྱད་ཁ་

(༡༤༦)ཕུར་ཁ་རྦོད་གཏོང་དྲག་པོ་དང་། །ཚེ་ཟོར་རྦད་འདྲེ་ཡུངས་ཟོར་འཕེན་པ་ཟློག །ས་བདག་གྲུ་ཡི་བྱད་དུ་བཅུག་པ་དང་། །ཐེའུ་རང་འབྱུང་པོའི་སྲིས་རྐུན་ཐམས་ཅད་ཟློག །གཤིན་རྗེའི་འཁོར་ལོ་བདུད་ཀྱིས་ཁྲོམ་འདེབས་དང་། །མུ་སྟེགས་ངན་པས་བར་ཆད་བྱེད་པ་ཟློག །རྒྱལ་བསེན་རྣམས་ཀྱིས་སྨྱོ་འབོག་གཏོང་བ་དང་། །དྲང་སྲོང་གཟའ་དང་ཀླུ་གདོན་གནོད་པ་ཟློག །ཞང་ཞུང་ཛོ་ཟོར་སུམ་པའི་གླང་ཟོར་དང་། །བོན་པོ་རྣམས་ཀྱིས་བརྡོ་ཟོར་འཕེན་པ་ཟློག །བནྡེའི་སྔགས་ཟོར་སྐྱེས་པའི་མདའ་ཟོར་དང་། །བུད་མེད་རྣམས་ཀྱིས་དམོད་ཟོར་འཕེན་པ་ཟློག །བདུད་ཀྱི་གཤེད་བཞི་རོ་ལངས་འབྱུང་པོ་དང་། །མ་མོ་རྣམས་ཀྱིས་ཁྲག་འཕེན་པ་ཟློག །མོ་རྩིས་ངན་དང་རྨི་ལམ་མཚན་མ་ངན། །ལྟས་ངན་མི་རུངས་བརྒྱད་ཅུ་རྩ་གཅིག་ཟློག །བཞི་བརྒྱ་རྩ་བཞིའི་ནད་རྣམས་མ་ལུས་དང་། །གདོན་རིགས་ཉི་ཁྲི་ཆིག་སྟོང་ཚོགས་རྣམས་ཟློག །སྟོང་ཕྲག་བརྒྱད་ཅུའི་བགེགས་ཚོགས་མ་ལུས་དང་། །ཡེ་འདྲོག་ཆེན་པོ་སུམ་བརྒྱ་དྲུག་ཅུ་ཟློག །གདོན་ཆེན་བཅོ་ལྔ་ལོ་ཟླ་ཞག་དུས་ཀག །མི་མཐུན་ཕྱོགས་རྣམས་དགྲ་བགེགས་སྟེང་དུ་ཟློག །དུས་མིན་འཆི་བའི་འཇིགས་པ་བརྒྱད་རྣམས་དང་། །ལྟས་ངན་ཆོ་འཕྲུལ་དགྲ་བོའི་སྟེང་དུ་ཟློག །མ་ཧཱ་ཀཱ་ལ་སེང་གདོང་མཐུ་རྩལ་ཅན། །ཡབ་ཡུམ་མི་བསྲུན་སྡེ་བརྒྱད་དམག་

(༡༤༧)ཚོགས་རྣམས། །ཕྲིན་ལས་དྲག་པོ་ཤིན་ཏུ་མི་བཟད་པས། །སོད་ཅིག་ཐུལ་ཅིག་དགྲ་དང་བགེགས་ཀྱི་ཚོགས། །གཏད་དོ་གཉེར་རོ་སྲུང་མ་ཐུགས་དམ་ཅན། །ལེ་ལོ་བཏང་སྙོམས་གཡེལ་བར་མ་མཛད་པར། །རྟགས་དང་མཚན་མ་མྱུར་དུ་སྟོན་མཛོད་ཅིག །རྣལ་འབྱོར་བདག་གིས་བཅོལ་བའི་ཕྲིན་ལས་རྣམས། །ད་ལྟ་ཉིད་དུ་འགྲུབ་པར་མཛོད་དུ་གསོལ། །ཞེས་བརྗོད། བསྐང་བགྱེད་པར་འདོད་ན། བསྐང་བའི་གཏོར་མ་ཟུར་གསུམ་པ་ལ་ཤ་ཁྲག །སྙིང་སྣ། སྤོས་སྣ། །སྨན་སྣ། འབྲ་སྣ། བཟའ་བཏུང་སྣ་ཚོགས་དང་། རི་དྭགས། མཁའ་ལྡིང་། གཅན་གཟན་སོགས། སྐྱེ་འགྲོ་སྣ་ཚོགས་ཀྱི་གཟུགས་བརྙན་གྱིས་བསྐོར་བ་བཤམས་ལ། །སྤོས་བསྲེག་ཅིང་བདུད་རྩི་གཏོར་ཏེ། །དཾ་ཥྚོ་ངྐ་ཊས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཨ་ལས་བྱུང་བའི་མགོ་བོའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཞུ་ཞིང་། །ཡེ་ཤེས་ཀྱི་བདུད་རྩི་དང་གཅིག་ཏུ་འདྲེས་པར་གྱུར་བའི་གཏོར་མ་རྣམས་དང་། །ཧཱུྃ་ཡིག་ནག་པོ་དཔག་ཏུ་མེད་པ་ལས་བྱུང་བའི་སྒྲུབ་པའི་རྫས་མཆོད་པའི་རྫས་བསྐང་བའི་རྫས་བསྟེན་པའི་རྫས་ལ་སོགས་པ་མཆོད་པའི་སྤྲིན་རབ་འབྱམས་ནམ་མཁའི་དབྱིངས་དང་མཉམ་པར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཧཱུྃ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷཱུ་བེ། ཨཱ་ལོ་ཀེ། །གནྡྷེ། ནཻ་ཝི་དྱ། ཤབྡ་ཨཱཧཱུྃ། ཨོཾ་མ་ཧཱ་མཾ་ས། རཀྟ། ཙིཏྟ། བ་སུ་ཏ། མཉྩ་མེ་ཙི།

(༡༤༨)གོ་རོ་ཙ་ན། །ཨ་མྲྀ་ཏ། སུ་ར་ཏ། བ་ལི༚་ཏ། ཀི༚་ན་རི། ཨོཾ་ཨཱཧཱུྃ། ཞེས་བྱིན་གྱིས་བརླབ། ཧཱུྃ། བཀའ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཡི་དམ་ལྷ་ཚོགས༴ །དཔའ་བོ་རྒྱ་མཚོའི༴ །དཔའ་མོ་རྒྱ་མཚོའི༴ །རང་བཞིན་རྣམ་དག་དབྱིངས་ཉིད་ལས། །ཐུགས་རྗེ་ཆེན་པོས་སྐུ་སྤྲུལ་པ། །སྐྱེ་མེད་ངང་ལས་འཇིགས་བྱེད་སྐུ། །བསྟན་པ་བསྲུང་ཕྱིར་ཐུགས་བརྩེ་བ། །དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཤེལ་སྒོང་ནག་པོ་སྦྱི་དཀར་དང་། །མཁའ་ལྡིང་ནག་པོ་གསེར་མིག་དང་། །བདུད་རྩི་རྣམ་ལྔ་སྦྱར་བ་དང་། །དམར་ཆེན་ཁྲག་གི་རྒྱ་མཚོ་དང་། །དཔའ་བོ་ཆང་གི་རོ་མཆོག་དང་། །སྨན་རྣམས་སྦྱར་བའི་རིལ་བུ་དང་། །རིན་ཆེན་སྣ་ལྔའི་ཕྱེ་མ་དང་། །ཞལ་ཟས་ཚོགས་ཀྱི་མཆོད་པ་དང་། །བ་ལི༚་གཤོས་བུ་ཟུར་གསུམ་དང་། །ཤ་ཁྲག་དམར་གྱི་གཏོར་མ་དང་། །དར་ཚོན་སྣ་ལྔའི་མཆོད་པ་འདིས། །མི་འགྱུར་རྡོ་རྗེའི་བྲག་སྟེང་ན། །ཆགས་པའི་སྐྱོན་སྤངས་པད་སྟེང་དུ། །དཔལ་ལྡན་མགོན་པོའི་ཐུགས་དམ་བསྐང་། །མ་ཧཱ་ཀཱ་ལའི༴ གྲི་གུག་འཛིན་པའི༴ །ཐོད་པ་འཆང་བའི༴ །ཐོད་ཕྲེང་ཅན་གྱི༴ །དུར་ཁྲོད་བདག་པོའི༴ །མཁའ་འགྲོའི་གཙོ་བོའི༴ །གཟི་བརྗིད་ཅན་གྱི༴། ཡ་མ་རཱ་ཛའི༴ །སྲས་མཆོག་ནག་པོའི༴། ཀིང་ཀ་ར་ཡི༴ །ཐུགས་

(༡༤༩)དམ་གཉན་པོ་སྐོང་གྱུར་ཅིག ༈ །བྷྱོ། སྣང་སྲིད་ཡུམ་གྱི་བྷ་གའི་ཀློང་། །དུས་གསུམ་བདེ་གཤེགས་ཡུམ་ཀློད་བསྐྱེད། །རྟག་པའི་རྒྱལ་མོ་མུ་ཁ་ལེ། །ཡེ་ཤེས་མ་མོ་འཁོར་བཅས་ནི། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་དངོས་གྲུབ་སྩོལ། །གཙོ་མོ་ཡུམ་གྱི་མངོན་སྤྱོད་མ། །སྤྱི་གཙུག་གཡུ་ཡི་རྡོ་རྗེ་འབར། །གཡུ་ཡི་རལ་པས་སྟོང་གསུམ་ཁྱབ། །གཡས་ཀྱི་ཕྱག་ན་སངས་རྒྱས་གསལ། །གཡོན་གྱི་ཕྱག་ན་བདུད་རྩི་གསོལ། །བལྟས་པས་མི་མཐོང་གཅིག་ཀྱང་མེད། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་དངོས་གྲུབ་སྩོལ། །ཚོགས་དང་གཏོར་མ་མདོས་དང་བཅས། །ཚེ་དང་འགལ་དང་ཐུན་དང་བཅས། །མཁའ་ལྡིང་ནག་པོ་ཟངས་ཆུ་དང་། །སྦྱོར་དང་སྒྲོལ་བའི་དམ་རྫས་ནི། །བསྒྲལ་བའི་བམ་ཆེན་ཕུང་པོ་ལྔ། །འབྱུང་བ་ལྔ་དང་རྣམ་ཤེས་བརྒྱད། །བདུད་རྩི་ལྔ་དང་ཨ་མྲྀ་ཏ། །དར་ཚོན་སྣ་ལྔའི་མཆོད་པ་དང་། །དུར་ཁྲོད་བཀོད་པའི་རྒྱན་བཟང་འབར། །ཤ་ཁྲག་དམར་གྱི་གཏོར་མ་འདིས། །དཔལ་ལྡན་གཉན་གྱི་རེ་མ་ཏི། །ལྷ་མོ་ཆེན་མོ་ནམ་གྲུ་མ། །རྫོགས་བྱེད་ཆེན་མོ་དཀའ་ཟློག་མ། །ནག་མོ་ཆེན་མོ་ཁ་འབར་མ། །བྱིས་པ་ཀུན་གྱི་དུར་འདེབས་མ། །དུར་ཁྲོད་ཀུན་གྱི་ལོ་མ་ཅན། །རཀྟ་

(༡༥༠)ཀུན་གྱི་ཙ་མུནྜི། །ནམ་མཁའི་ཁམས་ཀྱི་དབང་མོ་ཆེ། །བར་སྣང་ཁམས་ཀྱི་གློག་མ་སྤྲིན། ཁ་ནས་མེ་འབར་རྒྱ་མཚོ་སྐེམ། །ལག་ནས་རྡོ་འཕེན་རི་རབ་བསྙིལ། །རལ་པ་ནག་པོས་སྟོང་ཁམས་ཁེངས། ཁ་ནས་ཁྲག་གི་རྒྱ་མཚོ་ཁོལ། །ཉིན་གྱི་དུས་སུ་རྟོག་བྱེད་ཅིང་། །མཚན་གྱི་དུས་སུ་རྒྱུག་བྱེད་མ། །དཔལ་ཆེན་བཀའ་ཉན་དམ་ཚིག་ཅན། །ནག་མོ་འཁོར་བཅས་ཐུགས་དམ་བསྐང་། །ཤ་ཆེན་ཚོགས་ནི་རི་ལྟར་སྤུངས། །ཙིཏྟའི་ཚོགས་ནི་རྫ་ལྟར་ལྷག །རཀྟའི་ཚོགས་ནི་མཚོ་ལྟར་སྐྱིལ། །ནག་མོ་འཁོར་བཅས་ཐུགས་དམ་བསྐང་། ༈ །ཤར་གྱི་མགོན་པོའི་ཐུགས་དམ་བསྐང་། །དཔལ་འབར་འཆང་གི༴ །ཉིན་ཚེ་འབྲུ་ཆིབས༴ སྡུན་ན་ལྕགས་ཀྱི་བྱ་ཁྲ་ནི། །རབ་ཏུ་ལྡིང་བའི༴ །ཕྱི་ན་སྟག་གཟིགས་མང་པོ་ནི། །རབ་ཏུ་འགྲོལ་བའི་ཐུགས་དམ༴ །བསྐང་ངོ་༴ །ཐུགས་དམ་གཉན་པོ་སྐོང་གྱུར་ཅིག །ཤར་ཕྱོགས་འཁོར་ལོའི་གཞལ་ཡས་ནས། །རྟག་པའི་རྒྱལ་མོ་རྣམ་སྣང་གསལ། །བསྐང་ངོ་༴ །ཐུགས་དམ་བསྐང་ངོ་དངོས་གྲུབ་སྩོལ། །བྱང་གི་མགོན་པོའི༴ །རྣམ་ཐོས་སྲས་ཀྱི༴ །སེང་གེ་ཆིབས་པའི༴ །གསེར་མདོག་ཅན་གྱི༴ །གསེར་ཕྲེང་ཅན་གྱི༴ །གནོད་སྦྱིན་འཁོར་བསྐོར༴ །བསྐང་ངོ་༴ །ཐུགས་དམ་གཉན་པོ༴ །བྱང་ཕྱོགས་ལས་གྲུབ་གཞལ་ཡས་ནས། །

(༡༥༡)རྟག་པའི་རྒྱལ་མོ་གཡང་གསལ་མོ། །བསྐང་ངོ་། །ཐུགས་དམ་བསྐང་ངོ་། །ནུབ་ཀྱི་མགོན་པོའི། ཚལ་བུ་ཆིབས་པའི། གྲུ་ཚལ་བསྣམས་པའི། སྟག་གཟིག་མགོ་ཅན། ཀླུ་བདུད་འཁོར་བསྐོང་། བསྐང་ངོ་། ཐུགས་དམ་གཉན་པོ། ནུབ་ཕྱོགས་ཟླ་གམ་གཞལ་ཡས་ནས། །རྟག་པའི་རྒྱལ་མོ་གཉན་གསལ་མོ། །བསྐང་ངོ་། །ཐུགས་དམ་བསྐང་ངོ་། །ལྷོ་ཡི་མགོན་པོའི། དཔལ་ལྡན་མགོན་པོའི། སེར་ཆེན་འབེ་བས་པའི། བེད་ཆེན་བསྣམས་པའི། ལྷ་དམག་འཁོར་བསྐོར། །ཡཀྵ་ཀཱ་ལའི། ལྕགས་ཀྱི་བྱ་ཁྲ་བཞི་དང་ནི། །བྱ་ཁྱུང་བཞི་རུ་སྤྲུལ་ནས་ནི། །བར་སྣང་ཁམས་ནས་འོང་བ་ཡི། །བསྐང་ངོ་། །སྟག་གཟིག་དོམ་དྲེད་ཁྱི་བརྒྱད་ནི། །ས་ཡི་ཕྱེད་ནས་འོང་བ་ཡི། །བསྐང་ང་ོ། །ཐུགས་དམ་གཉན་པོ། །ལྷོ་ཕྱོགས་ཡོན་ཏན་གཞལ་ཡས་ནས། །རྟག་པའི་རྒྱལ་མོ་འོད་གསལ་མོ། །བསྐང་ངོ།་ །ཐུགས་དམ་བསྐང་ངོ།་ ཤར་ལྷོ་མགོན་པོའི། ཛམྦྷ་ལ་ཡི། ནོར་ལྷའི་རྒྱལ་པོའི། ཆུ་རིས་ཆིབས་པའི། སྔོ་ཁྲ་རོལ་ཁྲིད། ངང་པ་ཕྱི་འགྲོལ། ཤིང་ཏོག་བསྣམས་པའི། །ནོར་ལྷ་མཆེད་ཀྱི། བསྐང་ངོ་། །ཐུགས་དམ་གཉན་པོ། ཤར་ལྷོ་རྡོ་རྗེ་རིགས་ཀྱི་གཙོ། །རྡོ་རྗེ་དབྱིངས་ཕྱུག་མི་ཕྱེད་མ། །བསྐང་ངོ་། །ཐུགས་དམ་བསྐང་ངོ་དངོས་གྲུབ་སྩོལ། །ལྷོ་ནུབ་མགོན་པོའི་ཐུགས་དམ༴

(༡༥༢)མཛེས་ལྡན་སྲས་ཀྱི༴ །ཤུགས་ལྡན་མགོན་པོའི༴ །དར་དཀར་བསྣམས་པའི༴ །ལྷ་དམག་འཁོར་བསྐོར༴། བསྐང་ངོ་༴ །ཐུགས་དམ་གཉན་པོ༴། ལྷོ་ནུབ་རིན་ཆེན༴ །རིན་ཆེན་དབྱིངས་ཕྱུག༴ །བསྐང་ངོ་༴ །ཐུགས་དམ་བསྐང་ངོ་༴ །ནུབ་བྱང་མགོན་པོའི༴ ཤ་བ་རི་ཡི༴ །ནོར་ཕྱུགས་སྐྱོང་བའི༴ །བེའུ་ལུག་སྐྱོང་བའི༴། གོད་འདྲེ་ཡམས་འདུལ༴ །བསྐང་ངོ་༴ །ཐུགས་དམ་གཉན་པོ༴ །ནུབ་བྱང་པདྨ་རིགས༴ །པདྨ་དབྱིངས་ཕྱུག༴ །བསྐང་ངོ་༴ །ཐུགས་དམ་བསྐང་ངོ་༴ །བྱང་ཤར་མགོན་པོའི༴ །རྣམ་སྣང་དབུ་རྒྱན༴ །གཙུག་གཏོར་ལྗང་གུའི༴ །འཇོལ་བེར་བནབས་པའི༴ །སྡོད་དྲིལ་བསྣམས་པའི༴ །དམག་དཔོན་ཆེན་པོའི༴ །དགྲ་བོ་གསོད་པའི༴ །ལྷ་བདུད་འཇོམས་པའི༴ །ཆུང་སྲི་འདུལ་བའི༴ །བསྐང་ངོ་༴ །ཐུགས་དམ་གཉན་པོ༴ །བྱང་ཤར་ལས་ཀྱི༴ །ལས་ཀྱི་དབྱིངས་ཕྱུག༴ །བསྐང་ངོ་༴ །ཐུགས་དམ་བསྐང་ངོ་༴ །སྟེང་གི་མགོན་པོའི༴ །གཙུག་ཕུད་ཅན་གྱི༴ །རལ་གྲི་འཛིན་པའི༴ །མ་ཡམས་ཟློག་པའི༴ །ཡ་བདུད་འཇོམས་པའི༴ །བསྐང་ངོ་༴ །ཐུགས་དམ་གཉན་པོ༴ །མ་མོ་ཆེན་མོ་ཁ་འབར་མ༴ །སྲིན་མོ་ཆེན་མོ་ཟ་བྱེད་མ། །མ་མོ་ཆེན་མོ་རལ་གཅིག་མ། །བསྐང་ངོ་༴ །ཐུགས་དམ་བསྐང་ངོ་༴ །འོག་གི་མགོན་པོའི༴ །ལྷ་མོ་བརྟན་མའི༴ །ས་བདག་ནག་མོའི༴ །ཀླུ་མགོན་རྣམས་ཀྱི༴ །

(༡༥༣)མ་ཡམས་ཟློག་པའི༴ །སྲི་ཅན་འདུལ་བའི༴ །བསྐང་ངོ་༴ །ཐུགས་དམ་གཉན་པ༴ །མགོན་པོ་འཁོར་བཅས༴ །རིགས་བཞི་ཀླུ་འདུལ༴ །བདུད་མོ་རྣམས་ཀྱི༴ །ཡ་བདུད་རྣམས་ཀྱི༴ །མ་མོ་རྣམས་ཀྱི༴ །དུར་ཁྲོད་སྲུང་མའི༴ །བསྟན་པ་བསྲུང་བའི༴ །དགྲ་བོ་གསོད་པའི༴ །གནོད་བྱེད་འདུལ་བའི༴ །ཤ་ལ་སྲིད་པའི༴ །ཁྲག་ལ་མོས་པའི༴ །དམ་ཅན་རྣམས་ཀྱི༴ །ཕོ་ཉ་རྣམས་ཀྱི༴ །ལས་མཁན་རྣམས་ཀྱི༴ །བྱ་ཁྲ་ཆིབས་པའི༴ །དྲེལ་རྟ་ཆིབས་པའི༴ །ལྕགས་ཀྱི་སྤྱང་མོ་ས་ཡ་ནི། །དྲུག་འབུམ་ཆིབས་པའི༴ །བདུད་ཀྱི་བྱ་ནག་ས་ཡ་ནི། །དྲུག་འབུམ་ཆིབས་པའི༴ །བསེ་ཡི་བྱ་ནག་ས་ཡ་ནི། །དྲུག་འབུམ་ཆིབས་པའི༴ །གསེར་གྱི་རུས་སྦལ་ས་ཡ་ནི། །དྲུག་འབུམ་ཆིབས་པའི༴ །བདུད་རྟ་ནག་ཅན་གྱི༴ །མི་ནག་རྟ་ནག་ཅན་གྱི༴ །མི་དམར་རྟ་ནག་ཅན་གྱི༴ མི་དམར་རྟ་དམར་ཅན་གྱི༴ །ཧཉཕསཙཏསརྟ་སྔོན༴ །བཀའ་ཉན་རྣམས་ཀྱི༴ དམ་ཅན་རྣམས་ཀྱི༴ །མགྱོགས་བྱེད་རྣམས་ཀྱི༴ །མུ་མཐར་ཁྱབ་པའི༴ །བསྐང་ངོ་༴ །ཐུགས་དམ་གཉན་པོ༴ །སྲིང་མོ་རྗེ་མོ་འཁོར་བཅས་རྣམས། །བསྐང་ངོ་༴ །ཕུར་བུ་སྒྲུབ་པའི་བློན་མོ་བཞི། །མ་མོ་ཀུན་གྱི་གཙོ་མོ་བཞི། །མ་མོ་ཐུན་གྱི་བདག་མོ་བཞི། །ལས་ལ་གཤིན་པའི་བྲན་མོ་བཞི། །དགྲ་བོའི་སྙིང་འཕྲོག་ལྷ་མོ་བཞི། །དཔལ་ལྡན་གཉན་གྱི་བཀའ་ཉན་མ། །བསྐང་ངོ་༴ །མཚོ་སྨན་རྒྱལ་མོ་

(༡༥༤)འཁོར་བཅས་རྣམས། །བསྐང་ངོ་༴ །གཞན་ཡང་དབྱིངས་ཕྱུག་ལྷ་མོ་དང་། །རྡོ་རྗེ་འཁོར་བཅས༴ །གློག་སྤྲིན་རྒྱལ་མོའི༴ །དཔྱིད་ཀྱི་རྒྱལ་མོའི༴ །དབྱར་གྱི་རྒྱལ་མོའི༴ །སྟོན་གྱི་རྒྱལ་མོའི༴ །དགུན་གྱི་རྒྱལ་མོའི༴ །ཐུགས་དམ་བསྐང་ངོ་ཕྲིན་ལས་མཛོད། །གླིང་བཞི་རི་རབ་རྩེ་མོ་ན། །གནམ་ལྕགས་འབར་བའི་གཞལ་ཡས་ན། །དཔལ་ལྡན་ལྷ་མོ་རལ་གཅིག་མ། །ཕྲ་མེན་བཅུ་དྲུག་དབུ་ལ་རྫོགས། །སྐུ་གསུང་ཐུགས་ཀྱི་སྤྲུལ་པ་ནི། །རེ་མ་ཏི་དང་རེ་མ་ཛ། །རེ་མ་ཛུ་ལ་སོགས་པ་སྟེ། །མ་མོ་འཁོར་བཅས༴ །ལས་ཀྱི་མ་མོ་ཆེན་མོ་ནི། །དབུ་དགུ་ཕྱག་ཀྱང་བཅོ་བརྒྱད་དེ། །བདུད་མོ་ནག་མོ་ཁྲོས་པའི་གཟུགས། །འཁོར་དུ་ལས་ཀྱི་མ་མོས་བསྐོར། །བསྐང་ངོ་༴ །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །ཆགས་ཆེ་ཉམ་ང་བཟློག་ཏུ་གསོལ། །ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། ༈ །དཀྱིལ་འཁོར་གཉན་པོ་དྲལ་ལ་རེ། །ཉེས་བྱེད་སྡེབས་སུ་ཤོར་ལ་རེ། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོ། །རྡོ་རྗེ་སློབ་དཔོན་སློབ་མར་བཅས། །རྡོ་རྗེ་མཆེད་དང་ལྕམ་དྲལ་དང་། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །མི་ལ་ནད་ཡམས་མ་བཏང་ཞིག །ཕྱུགས་ལ་གོད་ཡམས་མ་བཏང་ཞིག །ནོར་ལ་གྱ་གྲམ་མ་བཏང་ཞིག །

(༡༥༥)ཞིང་ལ་བཙའ་སད་མ་བཏང་ཞིག །བདུད་ཀྱི་ཞགས་པ་ནག་པོ་ཆོད། །གཤིན་རྗེའི་ཁྲམ་ཁ་དགྲ་ལ་སྐྱུར། །མི་མཐུན་བར་ཆད་རྐྱེན་རྣམས་ཟློག །འཁོར་རྣམས་སྲུངས་ལ་རྐྱེན་རྣམས་ཟློག །སྡང་བའི་དགེ་ལ་རྟགས་ཕྱུང་ཞིག །གནོད་པའི་བགེགས་ལ་ལས་མཛོད་ཅིག །འདོད་པའི་དངོས་གྲུབ་སྩོལ་བ་དང་། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །ཁྲོ་བོའི་དྲག་ཤུལ་བཟློག་ཏུ་གསོལ། །ཧེ་རུ་ཀ་ཡི་གཟི་བརྗིད་བཟློག །ཕུར་པའི་བྱད་ཀ་བཟློག་ཏུ་གསོལ། །སྟོབས་པོ་ཆེ་ཡི་ཟིལ་གནོན་ཟློག །ལྷ་རྣམས་ཀུན་གྱི་རྩུབ་རིམས་ཟློག །ལྷ་མིན་རྣམས་ཀྱི་དུག་གཟེར་ཟློག །བཟའ་ཆེན་བརྒྱད་ཀྱི་གཟེར་འདེབས་ཟློག །གཤིན་རྗེ་ཕོ་མོའི་འཁྲུལ་འཁོར་ཟློག །བདུད་དམག་རྣམས་ཀྱི་ཁྲམ་ཁ་ཟློག །མ་མོ་རྣམས་ཀྱི་ཐུན་ཟོར་ཟློག །ཀླུ་ཆེན་རྣམས་ཀྱི་འཆིང་བ་ཟློག །གནོད་སྦྱིན་རྣམས་ཀྱི་གཟེར་ནད་ཟློག །བཙན་གྱི་རྒྱུ་སྲང་བཟློག་ཏུ་གསོལ། །རྒྱལ་པོའི་དབྱིངས་སྨྱོ་ཐམས་ཅད་ཟློག །མཁའ་འགྲོའི་ཁྲག་ནད་བཟློག་ཏུ་གསོལ། །འབྱུང་པོ་ཡི་དྭགས་རིམས་ནད་ཟློག །ཐེའུ་རང་འགོོང་པོ་ལ་སོགས་པ། །དམ་སྲི་ལོག་འདྲེན་བགེགས་ཚོགས་ཀྱི། །ཕུགས་ཀྱི་སྲིས་རྐུན་ཐམས་ཅད་ཟློག །བལ་མོའི་དུག་མཚོན་བཟློག་ཏུ་

(༡༥༦)གསོལ། །སྔོན་གྱི་སྒྲུབ་བརྒྱུད་གསེར་རིའི་ཕྲེང་ཚོགས་ཀྱིས། །ཇི་ལྟར་བཀའ་བསྒོས་ཐ་ཚིག་མ་གཡེལ་བར། །ཡེ་ཤེས་མགོན་པོའི་ལྷ་ཚོགས་འཁོར་བཅས་རྣམས། །ཕྱི་ནང་གསང་བའི་མཆོད་གཏོར་འདི་བཞེས་ལ། །དྭགས་བརྒྱུད་བསྟན་དགྲའི་ཆོ་འཕྲུལ་ཞི་བར་མཛོད། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལི་མ་ཧཱ་མཾ་ས་ཁ་རཾ་ཁཱ་ཧི། དེ་བཞིན་དུ། རཀྟ། ཙིཏྟ། བ་སུ་ཏ། མཉྩ་མེ་ཙེི། གོ་རོ་ཙེ་ན། ཨ་མྲྀ་ཏ། སུ་ར་ཏ། བ་ལི༚་ཏ། མ་ཧཱ་ཀི༚་ནི་རི་ཁ་རཾ་ཁཱ་ཧི། བསྡུས་པ་བྱེད་ན་ནི། ཧཱུྃ། བཀའ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཡི་དམ་ལྷ་ཚོགས༴ ཡི་དམ་ལྷ་ཚོགས༴ །དཔའ་བོ་རྒྱ་མཚོའི༴ །དཔའ་མོ་རྒྱ་མཚོའི༴ །ཡེ་ཤེས་མགོན་པོའི༴ །ལས་ཀྱི་མགོན་པོའི༴ །འཇིག་རྟེན་མགོན་པོའི༴ །སྲས་མཆོག་ནག་པོའི༴ །དཔལ་ལྡན་ལྷ་མོའི༴ །དབུགས་ལེན་ཡབ་ཡུམ༴ །ཕྱོགས་བཅུ་མགོན་པོའི༴ །དྲེགས་པ་དོན་གཉིས༴ །དྲེགས་པ་རྣམ་གསུམ༴ །མ་མོ་བདུན་གྱི༴ །སྲིང་མོ་བཞི་ཡི༴ །འབར་མ་དགུ་ཡི༴ །དུས་བཞི་ལྷ་མོའི༴ །དམག་གི་རྒྱལ་མོའི༴ །དབང་ཕྱུག་ཉེར་བརྒྱད༴ །བརྟན་མ་བཅུ་གཉིས༴ །སྤྲུལ་དང་ཡང་སྤྲུལ༴ དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །ཆགས་ཆེ་ཉམ་ང་བཟློག་ཏུ་གསོལ། །ཕྱི་ནང་བར་ཆད་བཟློག་ཏུ་གསོལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །དེ་ནས་ཐུགས་དམ་བསྐུལ་ཞིང་ལས་ཀྱི་གཉེར་གཏད་པ་ནི། བྱིན་གྱིས་བརླབས་པའི་བདུད་རྩི་ཐོད་

(༡༥༧)པར་གནས་པ་རྡོ་རྗེ་དང་བཅས་པའི་ལག་པས་བཟུང་ལ། གཏོར་མའི་སྟེང་དུ་སྤྲེང་ཞིང་། ཀྱི། མ་ཧཱ་ཀཱ་ལ་ལྕམ་དྲལ། །སྔོན་དཔལ་ཆེན་པོའི་སྤྱན་སྔར་ཕྱི་མའི་མུ་མཐར་ཐུག་གི་བར་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བསྲུང་བར་ཁས་བླངས། དམ་བཅས་མནའ་བོར། །ཚིག་བཟུང་། གལ་བསྡམས་པའི་དོན་དྲན་པར་མཛོད་ཅིག །ད་ནི་སངས་རྒྱས་ཀྱི་བསྟན་པ་ཉམས་དམའ། ཁས་ཞན། །དཔུང་ཆུང་ན་ཅིའི་ཕྱིར་ཡལ་བར་འདོར། དལ་བར་སྡོད། རྒྱབ་ཀྱིས་ཕྱོགས། ཁྱད་པར་དུ་ཡར་སྒྲུབ་པ་པོ་བདག་གིས་ཁྱོད་ཉིད་ཡུན་དུ་བསམས། འབད་པས་བསྒྲུབས། །ཟས་ཀྱིས་མཆོད། །སྒོམ་གྱིས་སྦུད། དཔུང་དུ་འུར། ར་ཟླར་སྦྲན་ན། ཅིའི་ཕྱིར་བདག་གིས་བཅོལ་བའི་ལས་མི་སྒྲུབ། བསྒོས་པའི་གཏམ་མི་ཉན། །ཀྱཻ། ནག་པོ་ཆེན་པོ་ལྕམ་དྲལ། །ཁྱོད་རང་གི་དམ་ཚིག་རང་གིས་འདྲལ་ལས། རང་གི་ཆད་པ་རང་ལ་འབེབས་སམ། །རང་གི་སྲོག་རང་གིས་གཅོད་དམ། དེ་བས་ན་སྤྱིར་དཔལ་ཆེན་པོ་ཁྲོ་རྒྱལ་རྣམས་ཀྱི་བཀའ་དང་དམ་ལ་བཞག་པ་དྲན་པར་མཛོད་ཅིག །བྱེ་བྲག་ཏུ་སློབ་དཔོན་ཆེན་པོ་ཌོཚྦཱི་པ། མལ་ཇོ་ལོ་ཙཱ་བ། གཉལ་པ་ཉི་མ་འབར། གཉལ་པ་ཇོ་སྲས། འགྲོ་མགོན་རས་ཆེན། རྒྱལ་སྲས་སྤྲོ་མ་བྲག་པ། ཆོས་རྗེ་ཀརྨ་པ། བླ་མ་གཉན་རས། ཆོས་རྗེ་རང་བྱུང་རྡོ་རྗེ། མགོན་པོ་རྒྱལ་མཚན། ཆོས་རྗེ་རོལ་པའི་རྡོ་རྗེ། རྟོགས་ལྡན་གྲགས་པ་སེངྒེ་། དར་མ་རྒྱལ་མཚན། རྟོགས་ལྡན་མཁའ་སྤྱོད་དབང་པོ། ཀུན་དགའ་བློ་གྲོས། བླ་མ་རིན་པོ་ཆེ་རཏྣ་བྷ་དྲ། ཆོས་ཀྱི་བཟང་པོ། སྤྲུལ་སྐུ་ཆོས་དཔལ་ཡེ་ཤེས། ཀུན་མཁྱེན་མཐོང་

(༡༥༨)བ་དོན་ལྡན། བྱང་སེམས་དཔལ་འབྱོར་དོན་གྲུབ་རྒྱལ་དབང་ཆོས་གྲགས་རྒྱ་མཚོ། གྲུབ་ཆེན་བཀྲ་ཤིས་དཔའ་འབྱོར། མཚུངས་མེད་མི་བསྐྱོད་རྡོ་རྗེ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་ཞིག །སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ། བུ་རངས་པ་ཞང་བཙུན་དར་མ་རིན་ཆེན། ཙང་ལ་སྟོད་ཀྱི་ཁྱུང་པོ་སྟག་ཤམ་ཅན། སྐྱུ་རུ་རྒྱལ་བའི་ཡེ་ཤེས། ཕྱག་བླ་ཆེན་མགོན་པོ། སྟོང་དཔོན་ཤེས་རབ་མགོན་པོ། །ཆོས་ཀྱི་རྗེ་དཔལ་ལྡན་དུས་གསུམ་མཁྱེན་པ་ལ་སོགས་པ་རྩ་བ་དང་རྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་ཞིག །ཁྱད་པར་དུ་ཡང་སྒྲུབ་པ་པོ་བདག་གིས་བྱིན་བའི་ཟས་བྲོ། བཙོལ་བའི་ལས་གྱིས། གདམས་པའི་ངག་ཉོན། དགོས་པའི་དོན་སྒྲུབས། །སྡང་བའི་དགྲ་གསོད། གནོད་པའི་བགེགས་ཐུལ། བར་ཆད་ཀྱི་རྐྱེན་ཟློག །གཞན་ཡང་སྡོད་སའི་གནས་མལ་སྲུངས། མཁོ་བའི་ལོངས་སྤྱོད་སྲུངས། །བརྒྱུད་འཛིན་གྱི་སློབ་མ་སྲུངས། །ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་ཕྲིན་ལས་མཛོད་ཅིག ༈ །ཧཱུྃ། བདག་ནི་དམ་ཅན་སྒྲུབ་པ་པོ། །ཁྱོད་ནི་ཆོས་སྐྱོང་དམ་ཚིག་ཅན། །བསྟན་པའི་བཀའ་སྲུང་རྫུ་འཕྲུལ་ཅན། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །རྣལ་འབྱོར་

(༡༥༩)བཅོལ་བའི་ལས་མཛོད་ཅིག །ཧཱུྃ། སྤྱན་གསུམ་དུས་གསུམ་གསལ་ལེར་གཟིགས། །སྲིད་གསུམ་བསྟན་ལ་བྱར་བྱེད། །ལེགས་ཉེས་ཀུན་གྱི་ཤན་འབྱེད་པ། །སྔོན་གྱི༴ །རྣལ་འབྱོར༴ །ཧཱུྃ། སྟོང་ཉིད་ལས་བྱུང་ཧཱུྃ་ལས་སྐྱེས། །རྡམ་པ་གྱད་ཀྱི་འདུག་སྟངས་ཅན། །བམ་ཆེན་རོ་ཡིགདན་ལ་བཞུགས། །སྔོན་གྱི༴ །རྣལ་འབྱོར༴ །ཧཱུྃ། ཞལ་གདངས་མཆེ་བ་བཙིགས་པ་ཡི། །ཨཱ་རལླི་ཡི་སྒྲ་སྒྲོགས་པ། །དཔའ་བོ་མཁའ་འགྲོ་ཕོ་ཉར་འགྱེད། །སྔོན་གྱི༴ རྣལ་འབྱོར༴ །ཧཱུྃ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་འདི། །དམ་ཚིག་ཡིན་པས་བདག་གིས་སྒྲུབ། །སྒྲུབ་ལ་བར་དུ་གཅོད་པ་འདི། །རུ་དྲ་ཡིན་པས་ཁྱོད་ཀྱིས་སྒྲོལ། །སྔོན་གྱི༴ །རྣལ་འབྱོར༴ །ཧཱུྃ། ཞལ་ནས་ཕཊ་ཀྱི་སྒྲ་སྒྲོག་པས། །སྲིད་པ་གསུམ་ཡང་རྡུལ་དུ་རློག །བསྟན་ལ་སྡང་བ་ཚར་གཅོད་དང་། །སྔོན་གྱི༴ རྣལ་འབྱོར༴ །ཧཱུྃ། རྩོད་ལྡན་བསྟན་པ་སྙིགས་མའི་དུས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །སྔར་ཡང་རང་དམ་རང་གིས་བཅས། །སྔོན་གྱི༴ །རྣལ་འབྱོར༴ །ཧཱུྃ། མཐིང་ནག་ཧ་ལ་སྨན་ཆེན་མདོག་འགྱུར་བ་མེད་པའི་ཐུགས་དམ་ཅན། །གཟི་བརྗིད་ཆེན་པོས་དགྲ་བགེགས་འཇོམས། །སྔོན་གྱི༴ །རྣལ་འབྱོར༴ །ཧཱུྃ། དམ་རྫས་མཆོད་པ་ཆུད་མ་གསན། །རང་གི་དམ་བཅའ་ཉམས་ལ་རེ། །

(༡༦༠)ཉེས་བྱེད་སྡེབས་སུ་ཤོར་ལ་རེ། །སྔོན་གྱི༴ །རྣལ་འབྱོར༴ །ཧཱུྃ། རྣལ་འབྱོར་རིག་འཛིན་བཀའ་མ་བཅག །བསྟན་པའི་སྤྱི་དགྲ་ཤོར་ལ་རེ། །དམ་ཚིག་ཆེན་པོའི་དུས་ལ་བབས། །སྔོན་གྱི༴ །རྣལ་འབྱོར༴ །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ་ས་མ་ཡ་སིདྡྷི་ཏིཥྛ་ལྷན་ཧཱུྃ་ཕཊ་སྭཱ་ཧཱ། བྷྱོ། དུས་གསུམ་ཀུན་ཏུ་མ་སྒྲིབས་ཡེ་ཤེས་ཅན། །མ་སྲིང་ཆུང་མ་བུ་མོ་བྲན་མོའི་ཚོགས། །ཡེ་ཤེས་མངོན་ཤེས་མངའ་བའི་ཐུགས་བརྩེ་མ། །མཐུ་རྩལ་རྨད་བྱུང་མངའ་བའི་བྱིན་རླབས་ཅན། །སྔོན་གྱི་ཞལ་བཞེས་ཉིད་ཀྱི་དམ་བཅས་ལྟར། །བསྟན་པ་བསྲུང་ཕྱིར་རྟག་ཏུ་གྲོགས་མཛོད་ཅིག །ཨོཾ་མ་མ་ཏྲག་རཀྵ་རུ་ལུ་རུ་ལུ་བྷྱོ་ཛཧཱུྃ། དེ་ནས་བསྙེན་པའི་མན་ངག་རབ་འབྲིང་ཐ་མ་གང་རུང་དང་ལྡན་པས། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སྤྱིའི་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལི་ཏྲག་རཀྵ། མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། ཡཀྵ་བེ་ཏཱ་ལི་ཧཱུྃ་ཛ ཞལ་སྦྱོར་གྱི་སྐུའི་སྙིང་པོའོ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཛ གསུང་གི་སྙིང་པོ་སྟོང་སྙིང་ངོ་། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ་ཡཀྵ་གུ་ཎ་ཧྲི་ད་ཧཱུྃ་ཕཊ་ཛསྭཱ་ཧཱ། ཐུགས་ཀྱི་སྙིང་པོའོ། །ཨོཾ་ཏྲག་རཀྵ་དུན་ཏི༚་མ་བྷྱོ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། ཤཱ་ས་ནཾ། ཨུ་པ་ཀཱ་རི་ཎཱཾ་ཨེ་ཥཱ་པཉྩི་མ་ཀཱ་ལོ་ཡཾ། དུཾ་དུཾ་རཀྵ་ཚལ་པ་ཧ་ལ་དུཥྚཾ་ཤ་ཏྲཱུཾ་ཏ་ཐཱ་རུ་ཏྲི་པི་ཏ། དྷ་མི་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཱཾ། ཡ་ཏི་པྲ་ཏཱི་ཛྙ། སྨ་ར་སི་ཏ་རཱ། ཨི་དཾ་མ་མ་དུཥྚཾ་ཤ་ཏྲཱུཾ་དགྲ་བགེགས་བྱེད་མ་ལྷ་སྲུང་དང་།

(༡༦༡)བཅས་པ། ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀ་ཧྞ་གྲྀ་ཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། །དི་ན་མེ་ཀེ་ན། གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། མ་མགོན་སྤྱི་དྲིལ་གྱི་སྔགས་རིང་སྟེད་རྣམས་ཞལ་སྦྱོར་གྱི་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཕཊ་སྭཱ་ཧཱ། ལྔ་བཅུ་པ་ནས་གསུངས་པའི་ཕྱག་གཉིས་པའི་སྔགས་སོ། །ཨོཾ་བཛྲ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ། དངོས་གྲུབ་འབྱུང་བ་ནས་གསུངས་པའི་ཕྱག་གཉིས་པའི་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ་དེ་ཝ་རཀྵ་ཛཧཱུྃ་བཾ་ཧོའདིར་ཤོག་འདིར་ཤོག །ཨཱ་གཙྪ་ཡ་ཨཱ་གཙྪ་ཡ། ཧཱུྃ་ཡ་ཛཧཱུྃ་ཡ་ཛསྤྱན་འདྲེན་གྱི་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། ཤོག་ཧེར་ནི་ཤོག །ཧེར་མ་དུམ་རིལ་ཤོག །འདིར་ཤོག་འདིར་ཤོག །འདིར་དུམ་འདིར་དུམ། གནོད་བྱེད་དགྲ་བོའི་ཙིཏྟ་བཾ། །ཙིཏྟ་རྦད། །སྐུའི་སྙིང་པོ་སྟེ་བསྙེན་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། ཤཱ་ས་ནཾ། ཨུ་པ་ཀཱ་རི་ཎཱཾ། ཨེ་ཥཱ་པཤྩི་མ་ཀཱ་ལོ་ཡི། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཱཾ། ཡ་ཏི་པྲ་ཏི་ཛྙ། སྨ་ར་སི་ཏ་དཱ། ཨི་དཾ་དུ་ཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀ་ཧྣ་གྲྀ་ཧྣ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན། མཱ་ར་ཡ་ཧཱུྃ་ཕཊ། གསུང་གི་སྙིང་པོ་སྟེ་བསྙེན་སྔགས་སོ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལཱ་ཡ། དེ་ཝ་རཀྵ་དགྲ་བོའི་ཙིཏྟ་ལ་ཧུ་ར་ཧུ་ར། བེ་ར་བེ་ར། དུ་ན་དུ་ན། ཏྲི་ལི༚་ཤི་ཀ་རུ་ཏྲི་ཏ་ཏྲ་ག་རཀྵ་རྦད། ཨོཾ་སྟཾྭ་བནྡྷ་སྟཾྭ་བནྡྷ་ཧཱུྃ་ཧཱུྃ་ཕཊ། ཐུགས་ཀྱི་སྙིང་པོ་སྟེ་

(༡༦༢)གཅུན་སྔགས་སོ། །ཨོཾ་མ་མ་ཏྲག་རཀྵ། མ་ཧི་དུ་ན་བྷྱོམ་ཧཱ་ཡཀྵ། མ་ཧཱ་ཏཱིཀྵ།།།ནག་མོ་དུན་ཏི༚་མ་བྷྱོསྙིང་པོ་ཉེར་བཞི་པའོ། །ཨོཾ་ཏྲག་རཀྵ། མ་ཧི་དུན་བྷྱོམ་ཧཱ་ཡཀྵ། ཏཱིཀྵ།།།ཀཱ་ལི་དུན་བྷྱོཡང་སྙིང་བཅུ་བདུན་མའོ། །ཨོཾ་རུ་རུ་རོ་རུ་ཙ་བ་ལ་ཨ་ཤུག་མེ་མ་ཧཱུྃ་མ་བྷྱོ་ཛཛ སྐུ་གསུང་ཐུགས་ཀྱི་མ་མོའི་སྙིང་པོའོ། །མ་མ་དགྲ་བོའི་སྙིང་ཁྲག་ཚལ་བ་དུན་ཏི༚་ཧ་ལ་དུཾ་བྷྱོ ལས་ཀྱི་གཉེར་གཏད་པའི་སྙིང་པོའོ། །ཨོཾ་ཨེ་ཨཱ་ར་ལླི་ཧོ ཤྲཱི་མ་ཧཱ་ཀཱ་ལ་ཁཱ་ཧི། ཏྲག་རཀྵ་ཁཱ་ཧི། ཏྲག་རཀྵ་ཐུན་བྷྱོ་ཁཱ་ཧི། ཏྲག་རཀྵ་རྦད་བྷྱོ་ཁཱ་ཧི། ཞེས་རྦད་སྔགས་ཏེ་ལས་སྔགས་སོ། །སྙིང་པོ་འདི་དག་མང་ཉུང་ཅི་རིགས་པ་བརྗོད་པར་བྱའོ། །དེ་ནས་ཐུན་གྱི་གཏོར་མའི་རིམ་པ་ནི། །དམིགས་བྱའི་གཟུགས་བརྙན་རི་མོར་བྲིས་པའམ། །འབུར་མ་སོགས་གཏོར་མ་ལ་གཙུགས་ཏེ། ལས་འགྲིག་གི་མན་ངག་ལས་བྱུང་བ་སྟར། བདེན་པའི་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། ཤ་ཧྲཱུྃ་བཀུག་ལ། འགྲོ་བའི་ལྷ་དང་སོ་སོར་ཕྲལ་ཏེ་རྣམ་ཤེས་སྦར་བ་སོགས་བྱ། །བསྡུས་པར་ན། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། །གཟུངས་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། །ཆོས་ཉིད་དེ་བཞིན་ཉིད་ཀྱི་བདེན་པ་དང་། དཔལ་ཡེ་ཤེས་ཀྱི་

(༡༦༣)མགོན་པོ་མ་ཧཱ་ཀཱ་ལ་བེར་ནག་པོ་ཅན་ལྕམ་དྲལ་དྲན་གཡོག་འཁོར་དང་བཅས་པ་རྣམས་ཀྱི་བདེན་པའི་མཐུས། །སྤྱིར་སངས་རྒྱས་ཀྱི་བསྟན་པ་བཤིག་པ། །དཀོན་མཆོག་གི་དབུ་འཕངས་སྨད་པ། །བླ་མའི་སྐུ་ལ་བསྔོ་བ། །རིག་འཛིན་གྱི་བརྒྱུད་པ་བཅད་པ། དགེ་འདུན་གྱི་སྡེ་བཤིག་པ། དབེན་རི་གཉེན་པོ་བཅོམ་པ། །མཚམས་མེད་ལྔ་ལ་སྤྱད་པ་མི་དགེ་བ་བཅུ་ལ་རྔམ་པ། ཁྱད་པར་དུ་དཔལ་ལྡན་ཀརྨ་པའི་བསྟན་པ་བསྟན་འཛིན་བརྒྱུད་པ་དང་བཅས་པ་རྣམས་ལ་ཕོད་བཙུགས་པ། །དོ་བསྔོ་བ། འགྲས་འཚོལ་བ། ཡ་བོ་བཟུང་བ། སྔ་དགྲ་ལག་གིས་བདར་བ། །ཕྱི་དགྲ་ཡིད་ལ་བསམ་པ། ད་དགྲ་ཐད་དུ་བཅུགས་པའི་དགྲ་བགེགས་བྱད་མ་རྦོད་གཏོང་དང་བཅས་པའི་བླ་སྲོག་རྣམ་པར་ཤེས་པ་སྲིད་པ་གསུམ་གང་དུ་གནས་ཀྱང་རང་དབང་མེད་པར་དྲག་པོའི་ཐུན་གྱི་གཏོར་མ་འདིའི་ནད་དུ་ཁུག་ཅིག །ཨོཾ་བཛྲ་ཨངྐུ་ཤ་ཛ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥཊ་པཾ། བཛྲ་གྷཎྜེ་ཧོ། ༈ །ན་མོ་རཏྣ་ཏྲ་ཡཱ་ཡ། སངས་རྒྱས་ཀུན་དངོས་བླ་མ་མཆོག །བརྒྱུད་པར་བཅས་པ་ཐམས་ཅད་དང་། །ལྷ་མིའི་སྟོན་པ་བཅོམ་ལྡན་འདས། །རྣམ་གྲོལ་མཆོག་སྦྱིན་ཆོས་ཀྱི་མཆོག །དེར་གནས་རྒྱལ་བའི་སྲས་རྣམས་དང་། །ཡི་དམ་ལྷ་དང་མཁའ་འགྲོའི་

(༡༦༤)ཚོགས། །ཁྱད་པར་དཔལ་ལྡན་ནག་པོ་ཆེ། །འཁོར་དང་བཅས་པའི་བཀའ་བདེན་ཅིང་། །བདེན་པ་ཆེན་པོའི་མཐུ་རྩལ་གྱིས། །གནོད་པར་བྱེད་པའི་དགྲ་བགེགས་ཀྱི། །བླ་སྲོག་རྣམ་ཤེས་གར་གནས་ཀྱང་། །རང་དབང་མེད་པར་འདིར་ཁུག་ཅིག །བཛྲ་ཨངྐུ་ཤ་ཛ བཛྲ་པཱ་ཤ་ཧཱུྃ། བཛྲ་སྥོ་ཊ་བཾ། བཛྲ་གྷཎྜེ་ཧོ ཀཱ་ལ་རུ་པ་ནི་ཀུ་རུ་ཨཱ་ཀརྵ་ཡ་ཨཱ་ཀརྵ་ཡ། ཐེང་མ་ཐེང་མ་ཧྲི་སྟིག་ཡེ། ཨུ་ནི་ཨུ་ནི་ལ་ར་ཛ་ཛ། ཞེས་པས་བཀུག་ ལ། དེའི་སྙིང་གར་པདྨ་འདབ་མ་བརྒྱད་པའི་འདབ་མ་རྣམས་ལམ་ལྔ་དང་བདུད་རྩི་ལྔ་ས་བོན་དང་བཅས་པ་བསམ། མགོན་པོའི་ཕྱག་མཚན་དང་ཤངས་ནས་ཧཱུྃ་འགྲོས། བསྒྲུབ་བྱའི་དྲི་འཛིན་ལས་ཞུགས་ཏེ་སྙིང་གར་པདྨའི་ལྟེ་བར་གྲི་གུག་གི་འཁོར་ལོར་བྱུང་བས་དུམ་བུར་གཏུབ་ཅིང་སྔགས་ལས་གྲུབ་པའི་མཚོན་ཆས་བྱི་ནས་གཅུབས་པས། ཁྲག་ཁོལ་ཏེ་ཁྲག་གི་རྒྱ་མཚོ་དང་། ཤ་རུས་ཏིལ་ཙམ་དུ་གཏུབས་ནས་ཞུ་བ་དམ་ཚིག་གི་བདུད་རྩི་དང་། སྙིང་ཁའི་ཤ་ལྔ་བདུད་རྩི་ལྔ་ས་བོན་དང་བཅས་པ་ཞུ་ཞིང་འདྲེས་པའི་ཡེ་ཤེས་ཀྱི་བདུད་རྩི་དང་དབྱེར་མེད་དུ་གྱུར་བ། མགོན་པོ་འཁོར་དང་བཅས་པས་གསོལ་བར་བསམ། ཡང་བསྡུས་པར་ན། གཏོར་མ་བསྒྲུབ་བྱར་དམིགས་པ་རྣམ་ཤེས་སྦར་བ། ཕྱག་གཡོན་པའི་ཐོད་པར་བཅུག །གཡས་གྱི་གྲི་གུག་གིས་གཏུབས་ནས་ཤ་ཁྲག་གི་རྒྱ་མཚོར་གྱུར་བ་ནག་པོས་གསོལ་བར་བསམ་ཞིང་། ཨོཾ། མ་དག་སྣོད་བཅུད་སྟོང་པར་སྦྱངས། །སྟོང་པའི་ངང་ལས་ཡེ་ཤེས་ཀྱི། །རླུང་མེ་ཐོད་

(༡༦༥)སྒྱེད་སྟེང་ཉིད་དུ། །ཐོད་པར་ཤ་ལྔ་བདུད་རྩི་ལྔ། །རླུང་མེས་བསྐོལ་བའི་དམ་ཚིག་པའི། །བདུད་རྩི་རབ་འབར་འོད་ཉིད་དེས། །ཡེ་ཤེས་བདུད་རྩི་སྤྱན་དྲངས་ནས། །དབྱེར་མེད་ཨོཾ་དང་ཨཱཧཱུྃ་གིས། །བྱིན་བརླབས་དྲི་རོ་མཚུངས་མེད་གྱུར། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས་སྤྱན་དྲངས། །མདུན་གྱི་ནམ་མཁར་སྤྲིན་བཞིན་གཏིབས་པར་གྱུར། །ཡི་དམ་ཀུན་འདུས་རྩ་བའི་བླ་མ་མཆོད། །དཀོན་མཆོག་ཀུན་འདུས་རྩ་བའི་བླ་མ་མཆོད། །ཆོས་སྐྱོང་ཀུན་འདུས་རྩ་བའི་བླ་མ་མཆོད། །ཁྱད་པར་ཆོས་སྐྱོང་བེར་གྱི་ན་བཟའ་ཅན། །དཔལ་ལྡན་ལྷ་མོ་རང་བྱུང་རྒྱལ་མོ་ནི། །མཆེད་ལྕམ་འཁོར་དང་བཅས་པ་མཆོད་པར་བགྱི། །རྒྱལ་པོ་རྣམ་མང་ཐོས་སྲས་སྔགས་ཀྱི་བདག །རྡོ་རྗེ་ལེགས་པ་སྲིན་མགོན་ཞིང་སྐྱོང་དང་། །མཁར་ནག་རྡོ་རྗེ་རྒྱལ་པོ་ལ་སོགས་པའི། །ཀརྨ་པ་ཡི་བསྟན་པ་སྐྱོང་རྣམས་ལ། །ཟག་མེད་ཤ་ལྔ་བདུད་རྩི་ལྔ་མཆོག་གི། །གཏོར་མ་རྩ་བརྒྱད་པཉྩ་ཨ་མྲྀ་ཏ། །ཛ་གད་རཀྟའི་ཡོན་ཆབ་མཆོད་པར་བཞེས། །འདོད་ཡོན་ལྔ་དང་གསང་བའི་མཆོད་པ་དང་། །དེ་ཁོ་ན་ཡི་ཀུན་བཟང་མཆོད་པས་མཆོད། །ཁྱོད་ཀྱི་སྐྱོན་དག་ཡོན་ཏན་རྫོགས་པ་དེའི། །གནས་ཚུལ་ཇི་བཞིན་རྟོགས་པའི་སྒོ་གསུམ་གྱི། །བསྟོད་

(༡༦༦)པ་མ་ལུས་པ་ཡིས་བསྟོད་པར་བགྱི། །ཁྱོད་ལ་འདོད་དོན་གསོལ་བ་བཏབ་པ་ནི། །བདག་སོགས་ཀུན་ལ་མཆོག་དང་ཐུན་མོང་གི། དངོས་གྲུབ་སྟན་ཐོག་འདི་ལ་སྩོལ་བ་དང་། །ཁྱད་པར་ཚེ་རིང་ནད་མེད་དཔལ་འབྱོར་རྒྱས། །ཡིད་ལ་བསམ་ཚད་སྐད་ཅིག་ཙམ་ཉིད་ལ། །གྲུབ་ནས་ཀརྨ་པ་ཡི་བཞེད་པ་ཀུན། །བདག་གིས་མ་ལུས་མྱུར་དུ་འགྲུབ་པ་དང་། །ཀརྨ་པ་ཡི་བསྟན་ལ་གནོད་བྱེད་རྣམས། །བདག་གིས་ཐལ་བ་བཞིན་དུ་རློག་པ་ཡི། །ནུས་པ་ད་ལྟ་ཉིད་དུ་སྩལ་དུ་གསོལ། །དེ་ལྟར་མཆོད་བསྟོད་དད་པའི་དགེ་བ་དེས། །མ་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་ཀུན། །རྫོགས་པའི་སངས་རྒྱས་གོ་འཕང་འཐོབ་ཕྱིར་བསྔོ། །ཞེས་པ་འདི་ནི་རིན་ཆེན་དཔལ་མོས་གསོལ་བ་བཏབ་པའི་ངོར། །རྗེ་བཙུན་ཀརྨ་པ་མི་བསྐྱོད་རྡོ་རྗེས་གསུངས་པའོ།། །།

(༡༦༧)དེ་ནས་གདུང་བའི་དབྱངས་ཀྱིས་བསྐུལ་བྱ་བ་ནི། །ཧཱུྃ། བྱང་ཕྱོགས་དུར་ཁྲོད་ཆེན་པོ་ཡི། །གྲོང་ཁྱེར་སུམ་བརྩེགས་ཕོ་བྲང་ནས། །ཡབ་ཅིག་ལེགས་ལྡན་ནག་པོ་ནི། །ཕྱག་ན་ཙནྡན་བེང་ཆེན་བསྣམས། །ལྷ་དམག་བྱེ་བ་འབུམ་གྱི་དབུས། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཧཱུྃ། མི་འགྱུར་རྡོ་རྗེ་བྲག་གི་ཐེམ་སྟེང་ན། །གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ནས། །སྲས་མཆོག་ནག་པོ་འཇིགས་པའི་ཚུལ། །ལས་ཀྱི་མགོན་པོ་འབུམ་གྱི་དབུས། །འདིར༴ །བཅོལ༴ །ཧཱུྃ། ཡབ་ཅིག་མགོན་པོའི་བཀའ་ཉན་པ། །ཤར་ཕྱོགས་སྐྱོང་བའི་མགོན་པོ་ནི། །དཔལ་འབར་འཇིགས་པའི་ཆ་བྱད་ཅན། །ཕྱག་ན་ནོར་བུའི་ཞགས་པ་བསྣམས། །མགོ་བརྙན་བྱེ་བ་འབུམ་གྱི་དབུས། །འདིར༴ བཅོལ༴ ཧཱུྃ། ཡབ་ཅིག༴ ལྷོ་ཕྱོགས་སྐྱོང་བའི་ནག་པོ་ཆེ། །སེར་ཆེན་འབེབས་ཤིང་བེང་ཆེན་བསྣམས། །གཤིན་རྗེ་འབུམ་གྱི་འཁོར་གྱིས་བསྐོར། །འདིར༴ བཅོལ༴ ཧཱུྃ། ཡབ་ཅིག༴ །ནུབ་ཕྱོགས་སྐྱོང་བའི་གཟི་བརྗིད་ཅན། །མཚལ་བུ་རྙིང་དཀར་ཆིབས་ཤིང་གྲུ་ཚལ་བསྣམས། །ཀླུ་བདུད་མང་པོའི་ཚོགས་ཀྱིས་བསྐོར། །འདིར༴ བཅོལ༴ །ཧཱུྃ། ཡབ་ཅིག༴ །བྱང་ཕྱོགས་སྐྱོང་བའི་རྣམ་ཐོས་སྲས། །སེང་གེ་ཆིབས་ཤིང་བེང་ཆེན་

(༡༦༨)བསྣམས། །གནོད་སྦྱིན་སྨུག་ནག་འཁོར་གྱིས་བསྐོར། །འདིར༴ །བཅོལ༴ །ཧཱུྃ། ཡབ་ཅིག༴ །ཤར་ལྷོ་སྐྱོང་བའི་ཛམྦྷ་ལ། །སྔོན་པོ་ཆུ་རིས་ཆིབས་པའི་ལྷ་དམག་འབུམ། །སྔོ་ཁྲ་རོལ་དུ་ཁྲིད་པའི་དམ་ཅན་རྣམས། །འདིར༴ །བཅོལ༴ །ཧཱུྃ། ཡབ་ཅིག༴ །ལྷོ་ནུབ་སྐྱོང་བའི་མཛེས་ལྡན་སྲས། །སྟོབས་ཆེན་མགོན་པོ་ནག་པོ་ལ། །རཀྵ་སྲིན་པོའི་ཚོགས་ཀྱིས་བསྐོར། །འདིར༴ བཅོལ༴ །ཧཱུྃ། ཡབ་ཅིག༴ །ནུབ་བྱང་སྐྱོང་བའི་དམ་ཅན་ནི། །བྲག་ལྷ་མགོན་པོ་ཐིག་ལེ་རྩལ། །རླུང་ལ་ཆིབས་ཤིང་ཕྱོགས་བཅུར་རྒྱུག །དམ་ཅན་སྐྱེས་བུ་གིང་ཆེན་རྣམས། །འདིར༴ བཅོལ༴ །ཧཱུྃ། ཡབ་ཅིག༴ །བྱང་ཤར་སྐྱོང་བའི་རྣམས་སྣང་དབུ་རྒྱན་ཅན། །གཙུག་གཏོར་ལྗང་གུ་འཁོར་བཅས་ཀྱང་། འདིར༴ །བཅོལ༴ །ཧཱུྃ། །སྟེང་ཕྱོགས་སྐྱོང་བའི་གཙུག་ཕུད་ཅན། །དམག་དཔོན་ཆེན་པོ་ཡ་བདུད་འཇོམས། །གཟའ་ཆེན་བརྒྱད་ཀྱི་འཁོར་གྱིས་བསྐོར། །ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འགྱེད། །འདིར༴ །བཅོལ༴ །ཧཱུྃ། ཡབ་ཅིག༴ འོག་ཕྱོགས་སྐྱོང་བའི་བརྟན་མ་ནི། །ཀླུ་ཆེན་ས་བདག་འཁོར་གྱིས་བསྐོར། །གདུག་པ་ཐམས་ཅད་འདུལ་མཛད་པ། །འདིར༴ །བཅོལ༴ །ཧཱུྃ། ཡབ་ཅིག༴ །བདུད་དམག་བྱེ་བ་འབུམ་གྱིས་དབུས། །གདུག་པ་འདུལ་མཛད་ཐོད་ཕྲེང་ཅན། །

(༡༦༩)རྟ་ནག་ཆིབས་པའི་མགོན་པོ་ཡང་། །འདིར༴ བཅོལ༴ །ཧཱུྃ། ཡབ་ཅིག༴ །ཁྲག་ཐུང་མ་མོ་རྫུ་འཕྲུལ་ཅན། །སྲིད་གསུམ་མ་མོའི་ཚོགས་ཀྱིས་བསྐོར། །དྲེའུ་རྟ་ཆིབས་ཤིང་བསྟན་པ་བསྲུང་། །འདིར༴ །བཅོལ༴ །ཧཱུྃ། ཡབ༴ །སྤྲུལ་དང་ཡང་སྤྲུལ་བསམ་མི་ཁྱབ། །བྱ་ནག་ཚོགས་དང་ཁྱི་ནག་ཚོགས། །ཅེ་སྤྱང་ཚོགས་དང་གདུག་པའི་ཚོགས། །ཐོགས་མེད་རྫུ་འཕྲུལ་སྟོབས་དང་ལྡན། །ཤ་ལ་དགའ་ཞིང་ཁྲག་ལ་མོས། །དུར་ཁྲོད་འགྲིམ་ཞིང་བཤུགས་གླུ་ལེན། །དཔལ་གྱི་འཁོར་ཚོགས་མ་ལུས་པ། །འདིར༴ བཅོལ༴ སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །རིག་འཛིན་རྣམས་ཀྱི་བསྟན་པ་སྲུངས། །གཏུམ་ཞིང་གདུག་པའི་དགྲ་བགེགས་རྣམས། །མྱུར་དུ་སྒྲོལ་བའི་ཕྲིན་ལས་མཛོད། །བྷྱོ། ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་ནས། །རང་བྱུང་ཡེ་ཤེས་དཔལ་ལྷ་མོ། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །སྐུ་གསུང་ཐུགས་ཀྱི་ཕྲིན་ལས་མཆོག །ནག་མོ་མི་བཟད་རེ་མ་ཏི། །འདིར༴ བཅོལ་བའི༴ །སུམ་ཅུ་རྩ་གསུམ་གནས་མཆོག་ནས། །དཀར་མོ་དུང་གི་ཐོར་ཚུགས་ཅན། །འདིར༴ བཅོལ༴ །རིམ་པ་བཅུ་གསུམ་ཡར་སྟེང་ནས། རེ་ལྡེ་མགོ་ཉག་ཡུམ་ཅིག་མ། །འདིར༴ །བཅོལ༴

(༡༧༠)རི་རབ་མཆོག་གི་ཁོང་སེང་ནས། །ལྷ་མིན་བུ་མོ་གློག་འགྱུ་མ། །འདིར༴ །བཅོལ༴ །གང་བ་བཟང་པོའི་བུ་མོ་ནི། །ལྷ་མོ་རིན་ཆེན་སྐ་རངས་ཅན། །འདིར༴ བཅོལ༴ །ལྷོ་ཕྱོགས་གཤིན་རྗེའི་གྲོང་ཁྱེར་ནས། །ཆོས་ཀྱི་རྒྱལ་པོའི་ལྕམ་གཅིག་མ། །འདིར༴ །བཅོལ༴ །གཙུག་ན་རིན་ཆེན་བུ་མ་ནི། །ཀླུ་ནི་ནག་མོ་སྲིན་གདོང་། འདིར༴ །བཅོལ༴ །བྱང་ཤར་ཐོད་པའི་སྐུ་མཁར་ནས། །དཔལ་ལྡན་ལྷ་མོ་འཁོར་དང་བཅས། འདིར༴ །བཅོལ༴ །ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་སུ། །དུས་གསུམ་སངས་རྒྱས་བསྟན་པ་བསྲུང་། །དམ་ཅན་རྒྱ་མཚོ་སྐུ་བསྐྱོད་འཚལ། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ། །རིག་འཛིན་སྒྲུབ་པའི་རྣལ་འབྱོར་པས། །མོས་གུས་གདུང་བས་སྤྱན་འདྲེན་ན། །ཕྱི་མའི་མུ་མཐའ་ཐུག་གི་བར། །བར་ཆད་མེད་པའི་སྡོང་གྲོགས་མཛོད། ༈ ཧཱུྃ། བསྐལ་པའི་མེ་ལྟར་འབར་བའི་དུར་ཁྲོད་ནས། །རླུང་ནག་དགུ་ཀློང་འཁྱིལ་བའི་ཕོ་བྲང་དུ། །ཤིན་ཏུ་མི་བཟད་མ་ཧཱ་ཀཱ་ལའི་སྐུ། །ཤིན་ཏུ་མི་བཟད་སྐུ་མདོག་མཐིང་ནག་ལ། །བརྗིད་པའི་ན་བཟའ་སྨུག་ནག་སྐུ་ལ་གསོལ། །ཐུགས་རྗེའི་རྟགས་ཀྱིས་ཐོད་པས་དབུ་ལ་བཅིངས། །གཡས་ཀྱི་ཕྱག་ན་གཅོད་པའི་གྲི་གུག་བསྣམས། །གཡོན་ན་ཐོད་པ་གདུག་པའི་ཁྲག་བཀང་གསོལ། །དབུ་སྐྲ་

(༡༧༡)རལ་པའི་ཐོར་ཚུགས་གཅིག་ཏུ་འཁྱིལ། །གདུག་པ་སྦྲུལ་གྱི་ཆུན་པོས་སྐུ་ལ་བརྒྱན། །སྐུ་མདོག་མཐིང་ནག་འཇིགས་པར་སྟོན་པ་ནི། །དོན་དམ་དབྱིངས་ལ་འགྱུར་བ་མེད་པའི་རྟགས། །སྐུ་ལ་དར་ནག་བེར་ཆེན་གསོལ་བ་ནི། །ཐུགས་རྗེའི་སྤྲུལ་སྐུས་འགྲོ་དོན་བྱེད་པའི་རྟགས། །དབུ་ལ་ཐོད་སྐམ་ལྔ་ཡིས་བརྒྱན་པ་ནི། །ཐུགས་རྗེའི་སྤྲུལ་སྐུས་འགྲོ་དོན་འབྱུང་བའི་རྟགས། །གཡས་ན་གཅོད་པའི་གྲི་གུག་བསྣམས་པ་ནི། །ཉོན་མོངས་མ་ལུས་རྩད་ནས་གཅོད་པའི་རྟགས། །གཡོན་ན་བནྡྷ་ཁྲག་བཀང་བསྣམས་པ་ནི། །རྣམ་རྟོག་ཉོན་མོངས་གཏན་ནས་འཇོམས་པའི་རྟགས། །དབུ་སྐྲ་རལ་པ་གཅིག་ཏུ་འཁྱིལ་བ་ནི། །ཐམས་ཅད་ཆོས་ཀྱི་དབྱིངས་སུ་གཅིག་པའི་རྟགས། །གདུག་པ་སྤྲུལ་གྱི་ཆུན་པོས་བརྒྱན་པ་ནི། །ཞེ་སྡང་དབང་གིས་དགྲ་བགེགས་སྒྲོལ་བའི་རྟགས། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །བདག་གི་དགེ་བའི་བར་དུ་གཅོད་པ་དང་། །སངས་རྒྱས་བསྟན་པ་གཤིག་པའི་ལས་ངན་འདི། །ཁྱོད་ཀྱི་ཁོང་ནས་དུག་གི་རླུང་བུས་ལ། །འདུ་བ་རྣམ་བཞིའི་ནད་རྣམས་ཁོང་ནས་སློང་། །པགས་བཞི་ལྷུ་རྣམས་ས་ལ་རྡེབ་ཏུ་ཆུག །དོན་སྙིང་རྣམ་ལྔ་ཁོང་ཁྲག་སྐྱུག་ཏུ་ཆུག །ལས་ངན་འཁོར་བཅས་བྲང་ཆེན་རྡུང་དུ་ཆུག །སྨྲེ་སྔགས་ཆོ་ངེས་གནམ་དུ་འབོད་

(༡༧༢)དུ་ཆུག །ཁ་ན་ལག་ཆུག་ཁོང་ནས་སྙིང་ཡང་ཐོན། །ལྟག་ནས་བདུད་ཆོང་གདོང་གི་འོད་ཀྱང་ཕྲོགས། །མཆན་གྱི་བུ་ཕྲོགས་འོག་གི་ཆུང་མ་སོད། །འཆི་བའི་དུས་སུ་བླ་རྡོལ་སྨྱོ་འབོག་ཐོང་། །གཅན་གཟན་མཁའ་ལྡིང་ལ་སོགས་ལྟས་ངན་ཕོབ། །སྡང་བའི་དགྲ་བགེགས་མ་ལུས་མྱུར་དུ་སྒྲོལ། །བསྟན་པ་བསྲུང་བའི་ཕྲིན་ལས་འགྲུབ་པར་མཛོད། ༈ །བྷྱོ། གསང་སྔགས་རྣལ་འབྱོར་གྲུབ་པའི་བདག་ཉིད་མ། །ཡོན་ཏན་རྟགས་ཀྱི་སྐུ་མདོག་ཕྱག་མཚན་ནི། །དོན་དུ་སྣང་བ་མེད་ཀྱང་གདུལ་བྱའི་ཕྱིར། །རྟགས་ཀྱི་ཕྱག་རྒྱ་འདི་ལྟར་བསྟན་པའོ། །ཁམས་གསུམ་འདུལ་ཕྱིར་གདན་དུ་བོང་བུ་ཞོན། །མྱ་ངན་མི་འདའི་རྟགས་སུ་ལྕགས་སྒྲོགས་མངའ། །བདག་དོན་ལྷུན་གྲུབ་གླང་ཆེན་ཀོ་བས་བརྒྱན། །གཞན་དོན་ཕུན་སུམ་ཚོགས་ཕྱིར་རེ་ལྡེས་དཀྲིས། །བྱང་ཆུབ་སེམས་ལྡན་སྤྱི་གཙུག་ཟླ་རྒྱས་གསལ། །ཤེས་རབ་རྟོགས་ཕྱིར་ལྟེ་བ་ཉི་མས་བརྒྱན། །དུག་གསུམ་སྡོང་པོ་གཅོད་པའི་རལ་གྲི་དང་། །བསོད་ནམས་གཏེར་གྱི་ཕྱག་མཚན་ནེའུ་ལེ་བསྣམས། །དབང་དྲག་རྫོགས་ཕྱིར་རལ་པ་ཁམ་ནག་སྤྲུག །ཉོན་མོངས་འདྲེན་ཕྱིར་རྣོ་དཔལ་ཆེ་བ་གཙིགས། །འཁོར་བ་ལྗགས་ལ་བདར་ཕྱིར་རྐན་སྒྲ་རྡེབ། །གདུག་པ་ཞེ་ལ་གནོན་ཕྱིར་སྡང་མིག་བསྒྲད། །ཐམས་

(༡༧༣)ཅད་དབང་དུ་སྡུད་ཕྱིར་སྤྱན་རྩ་དམར། །སྙོམས་པའི་ཚོགས་མཆོག་མི་འགྱུར་སྐུ་མདོག་ནག །མ་མོ་འདུལ་ཕྱིར་དུར་ཁྲོད་ཆས་ཀྱིས་བརྒྱན། །སྐུ་གསུང་ཐུགས་ལྡན་རྟགས་ཀྱི་ཁ་ཊཱྃ་གསོད། །རྟོག་པ་སྒྲོལ་ཕྱིར་གནམ་ལྕགས་ཕུར་པ་སྒྲིལ། །སྲིད་གསུམ་བྱ་ར་མཛད་ཕྱིར་མེ་ལོང་དང་། །ཞེ་སྡང་དབང་སྡུད་སྦྲུལ་ནག་ཞགས་པ་འཕེན། །སྐུ་གསུམ་རྫོགས་བྱེད་ཐོད་པའི་ཕྲེང་བས་བརྒྱན། །ཉོན་མོངས་སྲེག་བྱེད་མེ་དཔུང་ནང་ན་བཞུགས། །དྲག་པོ་མྱུར་མགྱོགས་སྟོན་ཕྱིར་འཚུབས་མས་བརྒྱན། །ལྷ་སྲིན་འདུལ་ཕྱིར་རྫོང་གི་དགའ་ཟློག་མ། །འདོད་ཁམས་སྐྱོང་ཕྱིར་ཡོངས་འདུའི་ཤིང་ལ་བརྟེན། །དཔའ་རྟགས་སྟོན་ཕྱིར་སྟག་གི་ཤམ་ཐབས་ཅན། །བསྟན་པ་བསྲུང་ཕྱིར་དྲག་པོའི་ཆ་ལུགས་རྫོགས། །ང་རྒྱལ་དབང་སྡུད་བདག་མེད་སྒྲ་སྒྲོག་ཕྱིར། །ཐབས་ཀྱི་སྙན་ཆ་གཡས་པ་སེང་གེས་བརྒྱན། །ཞེ་སྡང་དབང་སྡུད་དུག་ཅན་འདུལ་བའི་ཕྱིར། །ཤེས་རབ་སྙན་ཆ་གཡོན་པ་སྦྲུལ་གྱིས་བརྒྱན། །འདུལ་བྱེད་མི་རྟག་རྟགས་སུ་དྲིལ་བུའི་སྒྲ། །ཆགས་ཕྱིར་རྔམ་མཛད་རཀྟའི་རྦ་ཀློང་འཐུང་། །དམ་ཚིག་བསྲུང་ཕྱིར་ཞིང་ལྤགས་རྒྱན་དུ་མཛད། །ཐ་དད་ལས་རྣམས་བསྒྲུབ་ཕྱིར་རྨ་བྱའི་འཕྲུ། །ཉོན་མོངས་སྒྲིབ་པའི་ཚོགས་རྣམས་རབ་སྤངས་ནས། །ཡེ་

(༡༧༤)ཤེས་རིག་པའི་ཚོགས་རྣམས་ཤར་བའི་ཕྱིར། །རང་བཞིན་གནས་མཆོག་བྱང་ཤར་མཚམས་ལ་བརྟེན། །དབུ་མའི་ས་ལ་གནས་ཕྱིར་དྲེལ་ལ་ཆིབས། །ཉོན་མོངས་གདུག་པ་འདུལ་ཕྱིར་མ་ཡི་ཚུལ། །མཁའ་འགྲོ་མ་མོ་ཁྱོད་ལ་ཕྱག་འཚལ་ལོ། །བདག་གི་ལས་རྣམས་ཐམས་ཅད་གྲུབ་པར་མཛོད། །ཅེས་དང་། ༈ །གཞན་ཡང་། ཧཱུྃ། རྒྱ་མཚོ་གླིང་གི་ཕར་འགྲམ་ནས། །བདུད་ཀྱི་མགོན་པོ་འཁོར་བཅས་རྣམས། །རྣལ་འབྱོར་བདག་གིས་སྤྱན་འདྲེན་ན། །དགྲ་བོ་འདུལ་ཕྱིར་གནས་འདིར་བྱོན། །དགྲ་བོའི་སྙིང་ཁྲག་དྲོན་མོ་ལ། །གསོལ་ཅིག་སྤྱོད་ཅིག་དགྱེས་པར་མཛོད། །དགྲ་བོའི་གློ་སྙིང་དྲོན་མོ་ལ། །ཟུང་ཞིག་ཆོད་ཅིག་ཚིམ་པར་མཛོད། །མཐུན་པའི་དམ་རྫས་འདི་ལོང་ལ། །བཅོལ་བའི་ཕྲིན་ལས་མྱུར་དུ་སྒྲུབས། །མ་གཡེལ་མ་འདའ་ཆོས་སྐྱོང་ཚོགས། །རྣལ་འབྱོར་བདག་ལ་དགྲ་བྱུང་ན། །ཆོས་སྐྱོང་ཚོགས་རྣམས་ར་ཟླ་བཟློག །བསྐུལ་ཞིང་རྦོད་པའི་དུས་དག་ན། །རླུང་ནག་འཚུབ་མའི་ནང་ན་བཞུགས། །རྟ་ནག་རྟིང་དཀར་ཆིབས་སུ་བཅིབས། །དར་ནག་འཇོལ་བེར་སྐུ་ལ་གསོལ། །བ་དན་ནག་པོ་ཕྱག་ན་བསྣམས། ཁ་ནས་མེ་འབར་རྒྱ་མཚོ་སྐེམ། །དགྲ་ལ་ཁྲག་ནད་རྒྱུ་གཟེར་ཕོབ། །སྣ་ནས་དུད་འཐུལ་ན་བུན་འཚུབས། །དགྲ་ལ་སྨྱོ་

(༡༧༥)འབོག་ནད་ཡམས་ཐོད། །སྡང་བའི་དགྲ་བོ་ལས་ངན་འདི། །ཕོ་བརྒྱུད་རྩད་ནས་ཆོད་ལ་ཤོག །མོ་བརྒྱུད་མངལ་ནས་སྐོམས་ལ་ཤོག །ཁ་ཡར་འགོད་བཀོས་གྱིས་ལ་ཤོག །ཟུང་འགྲོགས་ཡ་བྲལ་གྱིས་ལ་ཤོག །ཕ་ཚན་སྐྱ་ལིང་གྱིས་ལ་ཤོག །མ་ཚན་ཞང་བཀོས་གྱིས་ལ་ཤོག །མ་གཡེལ་མགོན་པོའི་དུས་ལ་བབ། །ནམ་གྱི་ཕར་མ་ཚུར་ཕྱེད་ལ། །དགྲ་བོའི་བླ་སྲོག་འཁྱམས་པོ་ལ། །ཟུང་ཞིག་ཆོད་ཅིག་ཁུག་པར་གྱིས། །སོད་ཅིག་གསོལ་ཅིག་དགྱེས་པར་མཛོད། །བདུད་རྩི་གཏོར་མ་འདི་བཞེས་ལ། །མ་ཐོགས་མྱུར་དུ་ཕྲིན་ལས་མཛོད། །བྷྱོ། རི་རབ་རི་ཡི་མགུལ་པ་ནས། །བརྩན་གྱི༴ །རྣལ་འབྱོར༴ །དགྲ་བོ༴ །དགྲ་བོའི༴ །གསོལ་ཅིག༴ །དགྲ་བོའི༴ །ཟུང་ཞིག༴ །མཐུན་པའི༴ །བཅོལ་བའི༴ །མ་གཡེལ༴། རྣལ་འབྱོར༴ །ཆོས་སྐྱོང་༴ །བསྐུལ་ཞིང་༴ །མེ་དཔུང་འབར་བའི་ནང་ན་བཞུགས། །རྟ་དམར་རྟིང་དཀར་༴ །དར་དམར༴ །བ་དན་དམར་པོ༴ །ཁ་ནས༴ །དགྲ་ལ༴ །སྡང་བའི༴ །ཕོ་བརྒྱུད༴ །མོ་བརྒྱུད༴ །ཁ་ཡར༴ །ཟུང་འགྲོགས༴ །ཕ་ཚན༴ །མཚན༴ །མ་གཡེལ༴ །ནམ་གྱི༴ །དགྲ་བོའི༴ །ཟུང་ཞིག༴ །སོད་ཅིག༴། །མ་ཐོགས༴ །ཧཱུྃ། རོལ་པའི་མཚོ་བདུན་དཀྱིལ་ཤེད་ནས། །ཀླུ་ཡི༴ རྣལ་འབྱོར༴ །དགྲ་བོ༴ །དགྲ་བོའི༴ །གསོལ་ཅིག༴ །དགྲ་བོའི་

(༡༧༦)ཟུང་ཞིག༴ །མཐུན་པའི༴ །བཅོལ་བའི༴ །མ་གཡེལ༴ །རྣལ་འབྱོར༴ །ཆོས་སྐྱོང་༴ །བསྐུལ་ཞིང་༴ །རྒྱ་མཚོ་ཆེན་པོའི་ཀློང་ན་བཞུགས། །རྟ་སྔོན་རྟིང་དཀར༴ །དར་སྔོན༴ །བ་དན་སྔོན་པོ༴ ཁ་ནས༴ །དགྲ་ལ༴ །སྣ་ནས༴ །དགྲ་ལ༴ །སྡང་བའི༴ །ཕོ་བརྒྱུད༴ །མོ་བརྒྱུད༴ །ཁ་ཡར༴ །ཟུང་འགྲོགས༴ །ཕ་ཚན༴ །མ་གཡེལ༴ །ནམ་གྱི༴ །དགྲ་བོའི༴ །ཟུང་ཞིག༴ །སོད་ཅིག༴ །བདུད་རྩི༴ །མ་ཐོགས༴ ༈། བྷྱོ། །ཁྲག་གི་བུད་མེད་རལ་པ་ཅན། །ལྕགས་ཀྱི་སྤྱང་མོ་མགོ་དགུ་ཞོན། །རེས་འགའ་སྐུ་སྟོད་ཁྲོ་མོར་བཞེངས། །སྐུ་སྨད་གནམ་ལྕགས་ཕུར་པ་འབར། །རེས་འགའ་ཟངས་རལ་ཐོད་ཁྲག་འཛིན། །སྲོག་རྩའི་དབུགས་ལ་རྒྱུག་བྱེད་མ། །རེས་འགའ་རལ་གྲིའི་འཁོར་ལོ་འཛིན། །རིག་སྔགས་ཟློག་ཅིང་སྲུང་བ་མོ། །ལས་མཁན་མ་བདུན་འཁོར་དང་བཅས། །དེ་རིང་སྡང་བའི་དགྲ་ལ་ཡ། །འགུག་བྱེད་མ་མོའི་དུས་ལ་བབ། །གསོད་བྱེད༴ །སྒྲོལ་བྱེད༴ རྒྱུག་བྱེད༴ །དུས་ལ་བབ་པོ་ས་མ་ཡ། །དུས་ལ་བབ་བོ་མ་གཡེལ་ཅིག ༈ །བྷྱོ། དཀར་མོ་རྐུན་མོའི་ཚོགས་ནི་གནས་ན་རྒྱུག །སྔོན་མོ་རྨོངས་པས་འདྲེན་བྱེད་ཙིཏྟ་དྲོངས། །དམར་མོ་མྱོས་མས་ཙིཏྟ་སྨུག་ཆེན་དྲོངས། །སེར་མོ་བྱང་ཆུབ་ཚེ་འདྲེན་ཀློང་ནས་དྲོངས། །གསང་བ་སྲིང་བཞིའི་ཕྲིན་ལས་བཞི། །གསོད་པའི་དགྲ་བགེགས་ད་ལྟ་དྲོངས། །

(༡༧༧)ཁུག་ཅིག་རྒྱོབ་ཅིག་འབར་མ་བཞི། །དྲོངས་ཤིག་སྟོབས་ཅིག་ཚན་ཆེན་སྟོབས། ༈ །ཧཱུྃ། ཤར་ཕྱོགས་དབུགས་ལེན་ཡབ་ཡུམ་ནི། །ལྕམ་བྲལ་ཐུགས་ཀྱི་སྤྲུལ་པ་སྟེ། །ཆིབས་སུ་རྫུ་འཕྲུལ་དྲེལ་རྟ་བཅིབས། །འཁོར་དུ་ཤན་པ་བྱེ་བས་བསྐོར། །དམ་ཚིག་དབང་གིས་འདིར་གཤེགས་ལ། །ཟས་སུ་དགྲ་བོའི་ཤ་ཟོ་ཞིག །སྐོམ་དུ་དགྲ་བོའི་ཁྲག་འཐུང་ཞིག །ལས་སུ་གསོད་པའི་ལས་ཀྱིས་ཤིག །ཧཱུྃ། ལྷོ་ཕྱོགས༴ །ལྕམ་དྲལ་ཡོན་ཏན༴ །ཆིབས་སུ༴ །འཁོར་དུ༴ །དམ་ཚིག༴ །ཟས་སུ༴ །སྐོམ་དུ༴ །ལས་སུ༴ །ཧཱུྃ། ནུབ་ཕྱོགས༴ ། ལྕམ་དྲལ་གསུང་གི༴ །ཆིབས་སུ༴ །འཁོར་དུ༴ དམ་ཚིག༴ །ཟས་སུ༴ སྒོམ་དུ༴ ལས་སུ༴ ཧཱུྃ། བྱང་ཕྱོགས༴ ལྕམ་དྲལ་ཕྲིན་ལས༴ ཆིབས་སུ༴ །འཕོར་དུ༴ དམ་ཚིག༴ ཟས་སུ༴ །སྐོམ་དུ༴ །ལས་སུ༴ ཧཱུྃ། ཤར་ལྷོ༴ །ལྕམ་དྲལ་ཞི་བའི་ཕོ་ཉ་སྟེ། ཆིབས་སུ༴ །འཁོར་དུ༴ །དམ་ཚིག༴ ཟས་སུ༴ སྒོམ་དུ། །ལས་སུ༴ །ཧཱུྃ། ལྷོ་ནུབ༴ །ལྕམ་དྲལ་རྒྱས་པའི་ཕོ་ཉ་སྟེ། །ཆིབས་སུ༴ །འཁོར་དུ༴ །དམ་ཚིག༴ །ཟས་སུ༴ །སྒོམ་དུ༴ །ལས་སུ༴ །ཧཱུྃ། ནུབ་བྱང་༴ །ལྕམ་དྲལ་དབང་གི་ཕོ་ཉ་སྟེ། །ཆིབས་སུ༴ །འཁོར་དུ༴ །དམ་ཚིག༴ །ཟས་སུ༴ །སྐོམ་དུ༴ །ལས་སུ༴ །ཧཱུྃ། བྱང་ཤར༴ །ལྕམ་དྲལ་དྲག་པོའི་ཕོ་ཉ་སྟེ། །ཆིབས་སུ༴ །འཁོར་དུ༴ །དམ་ཚིག༴ །ཟས་སུ༴

(༡༧༨)སྐོམ་དུ༴ ལས་སུ༴ ༈ །བྷྱོ། རྩ་བཞི་དྲོད་ལ་དབང་སྒྱུར་མ། །ཚེ་གསུམ་འབར་མ་ད་ཚུར་བྱོན། །ཁྲག་ཆེན་ཀློང་ནས་ལྗགས་འདྲིལ་མ། །གཡུལ་བཞི་འགས་མ༴ །རྣམ་ཤེས་འདྲེན་པའི་གང་རྒྱངས་ཅན། །སྙིང་འདྲེན་ཆེན་མོ༴ །ཀུན་གཞི་སྡུད་པའི་ཚུལ་མཁན་མོ། །མྱོས་བྱེད་མ་མོ༴ །གསལ་འཛིན་འབར་མ་ཀློང་དགུ་མ། །ཡུམ་ཆེན་འབར་མ༴ །གླིང་ན་གནས་པའི་འབར་མ་བཞི། །གནོད་པའི་དགྲ་བགེགས་ཀློང་ནས་དྲོངས། །མ་མོ་ཆེན་མོ་འབར་མ་བཞི། །དཀར་སྔོ་དམར་སེར་འཕྲོག་བྱེད་མ། །ཕྱི་རིམ་འདྲེན་པའི་འབར་མ་བཞི། །འཁྲུག་བྱེད་ཆེན་མོའི་དུས་ལ་བབ། །འཇིག་བྱེད་མ་མོ་འབར་མ་བཞི། །གླིང་ནས་དྲིལ་ཏེ་ད་འཕྲོ་མོད། །སྙིང་འདྲེན་མ་མོའི་དུས་ལ་བབ། །སྲོག་རྩ་སྐེམ་པའི་དུས་ལ་བབ། ༈ །བྷྱོ། ཁྱོད་ཀྱི་རལ་པའི་དབུས་ཤེད་ན། །དུས་བཞི་ལྷ་མོ་དབུ་ལ་འཆར། །དཔྱིད་ཀྱི་རྒྱལ་མོར་གཤེགས་པའི་ཚེ། །ཤི་རི་དུར་ཁྲོད་གནས་ཉུལ་མ། །རླུང་ནག་འཚུབ་མའི་སྣ་འདྲེན་མ། །འཁྱག་པའི་མིག་ཏུ་ས་འདེབས་མ། །མིང་པོ་རྡོ་རྗེས་ལས་བཅོལ་ན། །སྲིང་མོ་རྡོ་རྗེས་ལས་མཛོད་ཅིག །ཡིད་ལ་བརྣག་པའི་དགྲ་བོ་ལ། །ཁྲམ་ལ་བབ་ན་ཁྲམ་ཐོབ་ཅིག །ཤོ་ལ་བབ་ན་ཁྱེར་ལ་ཤོག །ནད་ཀྱི་རྐྱལ་བ་ཁ་ཕྱེ་ལ། །མཚོན་གྱི་གྲུ་གུ་དེར་སྐྱོངས་ཤིག །ཉེས་བྱས་སྡེབས་སུ་མ་བཏང་ཞིག །

(༡༧༩)རྟགས་ཕྱུང་མཚན་མ་མྱུར་དུ་སྟོན། ༈ །དབྱར་གྱི༴ བྷ་ག་ཧྲི་ཏེ་ཆར་འབེབས་བསམ། །འབྲུག་དང་གློག་གི་བདག་མོ་མཛད། །སད་དང་སེར་བའི་སྣ་འདྲེན་མ། །མིང་པོ༴ །སྲིང་མོ༴ །ཡིད་ལ༴ །ཁྲམ་ལ༴ །ཤོ་ལ༴ །ནད་ཀྱི༴ །མཚོན་གྱི༴ །ཉེས་བྱེད༴ །རྟགས་ཕྱུང་༴ ༈ །སྟོན་གྱི༴ །མ་ཧཱ་ཤྲི་རི་དུ་རུ་ལོང་། རི་རབ་ཀྱི་ནི་ཟ་མ་ལ་གནས། །ཕྱག་ན་གསེར་གྱི་ཟོར་བ་བསྣམས། །སྟོན་གྱི་སྤང་པོ་ཁ་སེར་ལ། །འབྲས་བུ་ལོ་ཏོག་བཅུད་ལེན་མ། །མི་རྣམས་ཀུན་གྱི་བདུད་གཅོད་མ། །མིང་པོ༴ །སྲིང་མོ༴ །ཡིད་ལ༴ །ཁྲམ་ལ༴ །ཤོལ༴ །ནད་ཀྱི༴ །མཚོན་གྱི༴ །ཉེས་བྱེད༴ །རྟགས་ཕྱུང་༴ ༈ དགུན་གྱི༴ །རྒྱ་མཚོའི་གཏིང་ནས་བཀའ་ཉན་མ། །དཔག་ཚད་བརྒྱད་ཁྲིར་ཁྲག་གི་དྲི། །སྣོམ་ཞིང་དྲག་པོའི་ལས་མཁན་མ། །ཀླུ་རྣམས་ཀུན་ལ་དབང་སྒྱུར་མ། །མིང་པོ༴ །སྲིང་མོ༴ །ཡིད་ལ༴ །ཁྲོམ་ལ༴ ཤོལ༴ །ནད་གྱི༴ །མཚོན་གྱི༴ །ཉེས་བྱེད༴ །རྟགས་ཕྱུང་༴ ༈ །ཧཱུྃ། ཤར་ཕྱོགས་སྐྱོང་བའི་མགོན་པོ་ནི། །དཔལ་འབར་འཇིགས་པའི་ཆ་བྱད་ཅན། །ཕྱག་ན་ནོར་བུའི་ཞགས་པ་བསྣམས། །མགོ་བརྙན་བྱེ་བ་འབུམ་གྱི་དབུས། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཧཱུྃ། ལྷོ་ཕྱོགས་སྐྱོང་བའི་ནག་པོ་ཆེ། །སེར་ཆེན་འབེབས་ཤིང་བདེ་ཆེན་

(༡༨༠)བསྣམས། །གཤིན་རྗེ་འབུམ་གྱི་འཁོར་གྱིས་བསྐོར། །འདིར་གཤེགས༴ །བཅོལ་བའི༴ །ཧཱུྃ། ནུབ་ཕྱོགས་སྐྱོང་བའི་གཟི་བརྗིད་ཅན། །མཚལ་བུ་ཆིབས་ཤིང་གྲུ་མཚལ་བསྣམས། །ཀླུ་བདུད་མང་པོའི་ཚོགས་ཀྱིས་བསྐོར། །འདིར༴ བཅོལ༴ །ཧཱུྃ། བྱང་ཕྱོགས་སྐྱོང་བའི་རྣམ་ཐོས་སྲས། །སེར་གི་ཆིབས་ཤིང་བདེ་ཆེན་བསྣམས། །གནོད་སྦྱིན་སྨུག་ནག་འཁོར་གྱིས་བསྐོར། །འདིར༴ །བཅོལ༴ །ཧཱུྃ། ཤར་ལྷོ་སྐྱོང་བའི་ཛམྦྷ་ལ། །ཆུ་རིས་ཆིབས་པའི་ལྷ་དམག་འབུམ། །སྔོ་ཁྲ་རོལ་དུ་ཁྲིད་པ་རྣམས། །འདིར་གཤེེགས༴ །བཅོལ་བའི༴ །ཧཱུྃ། ལྷོ་ནུབ་སྐྱོང་བའི་མཛེས་ལྡན་སྲས། །སྟོབས་ལྡན་མགོན་པོ་ནག་པོ་ལ། །རཱཀྵ་སྲིན་པོའི་འཁོར་གྱིས་བསྐོར། །འདིར༴ །བཅོལ༴ །ཧཱུྃ། ནུབ་བྱང་སྐྱོང་བའི་དམ་ཅན་ནི། །བྲག་ལྷ་མགོན་པོ་ཐིག་ལེ་རྩལ། །རླུང་ལ་ཆིབས་ཤིང་བདེ་ཆེན་བསྣམས། །འདིར༴ །བཅོལ༴ །ཧཱུྃ། བྱང་ཤར་སྐྱོང་བའི་དབུ་རྒྱན་ཅན། །དམག་དཔོོན་ཆེན་པོ་འཇོལ་བེར་མནབས། །གཙུག་ཏོར་ལྗང་གུ་འཁོར་བཅས་ཀྱང་། །འདིར༴ །བཅོལ༴ །ཧཱུྃ། སྟེང་ཕྱོགས་སྐྱོང་བའི་གཙུག་ཕུད་ཅན། །དམག་དཔོན་ཆེན་པོ་ཡ་བདུད་འཇོམས། །ལྷ་སྲིན་སྡེ་བརྒྱད་ཕོ་ཉར་འགྱེད། འདིར༴ །བཅོལ༴ །འོག་ཕྱོགས་སྐྱོང་བའི་བརྟན་མ་ནི། །སྲི་ཅན་འདུལ་

(༡༨༡)ཞིང་མ་ཡམས་ཟློག །ཀླུ་བདུད་མང་པོ་ཕོ་ཉར་འགྱེད། །འདིར་གཤེགས༴ །བཅོལ་བའི༴ ༈ །བྷྱོ། རྡོ་རྗེ་དབང་ཕྱུག་མ་བདུན་ནི། །སྲིང་མོ་ཚངས་མ་ལ་སོགས་པ། །རིག་འཛིན་ཀུན་གྱི་ཡུམ་གཅིག་མ། །ཁྱད་པར་རྣལ་འབྱོར་བདག་གི་མ། །ཡུམ་ཅིག་དཔལ་གྱི་གཏོར་མ་འདི། །ཉམས་པའི་དགྲ་དང་ལྷན་ཅིག་བཞེས། །རིན་ཆེན་དབང་ཕྱུག་སྲིང་བདུན་ནི། །རྡོ་རྗེ་བདུད་རྩི་ལ་སོགས་པ། །རིག་འཛིན་ཀུན་གྱི་སྲིང་མོ་སྟེ། །ཁྱད་པར་རྣལ་འབྱོར་བདག་གི་སྲིང་། །སྲིད་ཅིག༴ །ཉམས་པའི༴ །པདྨའི་དབང་ཕྱུག་མཛའ་བདུན་ནི། །དགའ་བ་སྟོབས་ཆེན་ལ་སོགས་པ། །རིག་འཛིན་ཀུན་གྱི་མཛའ་མོ་སྟེ། །ཁྱད་པར་རྣལ་འབྱོར་བདག་གི་གྲོགས། །གྲོགས་ཅིག༴ །ཉམས་པའི༴ །ལས་ཀྱི་དབང་ཕྱུག་བྲན་བདུན་ནི། །གསོད་བྱེད་མི་མོ་ལ་སོགས་པ། །རིག་འཛིན་ཀུན་གྱི་བྲན་མོ་སྟེ། །ཁྱད་པར་རྣལ་འབྱོར་བདག་གི་བྲན། །བྲན་ཅིག༴ །ཉམས་པའི༴ ༈ །བྷྱོ། ཤར་ཕྱོགས་དམག་གི་རྒྱལ་མོ་ནི། །དྲི་ཟ་ཆེན་མོ་བརྗིད་པ་མོ། །དམག་གི་རུ་དར་ལྷབས་སེ་ལྷབ། །ནད་ཀྱི་ན་བུ་ན་ཐིབས་སེ་ཐིབ། །མཚོན་གྱི་སྐར་མདའ་འཁྲུགས་སེ་ཁྲུག །འབོད་པའི་བཤུག་ཀླུ་ཅོ་རེ་རེ། །ཤར་གྱི་དམག་ཚོགས་དགྲ་ལ་བྷྱོ། །རྡུལ་དུ་རློག་པའི་ཕྲིན་ལས་མཛོད། །ལྷོ་ཕྱོགས་

(༡༨༢)དམག་གི༴ །སེར་མོ་ཚེ་དང་ཡུངས་ཀར་འཕེན། །དམག་གི༴ །ནད་ཀྱི༴ །མཚོན་གྱི༴ །འབོད་པའི༴ །ལྷོ་ཡི༴ །རྡུལ་དུ༴ །ནུབ་ཕྱོགས་དམག་གི༴ །གཡང་གཞི་གྱོན་ཞིང་རུ་མཚོན་ཕྱར། །དམག་གི༴ །ནད་ཀྱི༴ །མཚོན་གྱི༴ །འབོད་པའི༴ །ནུབ་ཀྱི༴ །རྡུལ་དུ༴ །བྱང་ཕྱོགས་དམག་གི༴ །རྨ་བྱའི་ཐུལ་པ་ལུས་ལ་གྱོན། །དམག་གི༴ །ནད་ཀྱི༴ མཚོན་གྱི༴ །འབོད་པའི༴ །བྱད་གི༴ །རྡུལ་དུ༴ །ཧཱུྃ། དབང་ཕྱུག་ལྗང་སྔོན་ལྷ་ཆེན་པོ། །སོ་དང་མཆེ་བ་ཤིན་ཏུ་རྣོ། །ལྗགས་ཀྱི་འོད་ཟེར་གློག་ལྟར་འཁྱུག །དུས་ཀྱི་མེ་ལྟར་རབ་ཏུ་འབར། ཁ་ཊཾྭཱ་ལྕགས་ཀྱུ་རབ་ཏུ་འཛིན། །ལྷ་ཆེན་ལྗང་ནག་བརྒྱད་ཀྱིས་བསྐོར། །གདུག་པ་ཅན་གྱི་སྙིང་ཁྲག་འཐུང་། །འཇིགས་རུང་བཀའ་ཡི་ཕོ་ཉ་ཁྱོད། །ཤིན་ཏུ་འཇིགས་པའི་གད་རྒྱངས་སྒྲོག །དགྲ་ལ་ཁྲམ་ཁ་དི་རི་རི། །བདུད་ལ་ཟོར་ཁ་ཤ་ར་ར། །འཁོར་ལོ་འབར་བའི་རྩིབས་ལ་བསྐྱོན། །བར་བུ་ནག་པོའི་ཐིབས་ལ་སོང་། །བསྟོད་དོ་ལས་བཅོལ་མཐུ་མ་ཆུང་། །གཉེར་དུ་གཏད་དོ་ས་མ་ཡ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཧཱུྃ། མུན་པའི་མདོག་ཅན་རབ་ཏུ་འཇིགས། །མཆེ་གཙིགས་མི་སྡུག་རལ་པ་སེར། །ཟངས་གྲི་དམར་པོ་ལག་ན་འཛིན། །མགོ་བཅད་ཁྲག་འཛག་ཐོད་རློན་དམར། །མིག་གཅིག་གདོང་མིག་ཕྱོགས་བཅུར་བལྟ་

(༡༨༣)རྐང་གཅིག་རྒྱན་མེད་བརྒྱད་ཀྱིས་བསྐོར། །མུན་པའི་ལཱ་བ་དགྲ་ལ་རྡེབ། །འཇིགས་རུང་༴ །ཤིན་ཏུ༴ །དགྲ་ལ༴ །འཁོར་ལོ༴ །བར་བུ༴ །བསྟོད་དོ༴ །གཉེར་དུ༴ །བཅོལ་བའི༴ །ཧཱུྃ། སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། །དྲག་པོ་གཏུམ་རྔམ་འཇིགས་པའི་གཟུགས། །དུར་ཁྲོད་དབུས་ན་གཏུམ་རྔམ་བཞུགས། །གཅེར་བུ་གྲི་གུག་ཐོད་པ་འཛིན། །མདོག་ནག་མི་བཟད་གསུས་པ་འཕྱུང་། །འཁོར་དུ་ནག་པོ་བརྒྱད་ཀྱིས་བསྐོར། །སྙིང་ཁྲག་དྲོད་མོ་ཞལ་དུ་གསོལ། །འཇིགས་རུང་༴ །ཤིན་ཏུ༴ །དགྲ་ལ༴ །བདུད་ལ༴ །འཁོར་ལོ༴ །བར་དུ༴ །བསྟོད་དོ༴ །གཉེར་དུ༴ །བཅོལ་བའི༴ །ཧཱུྃ། ཡ་མ་རཱ་ཛ་ཐུགས་ཀྱི་སྲས། །སྐུ་མདོག་མཐིང་ནག་རབ་ཏུ་བརྗིད། །གཡས་ན་ཐོད་དབྱུག་གློག་ལྟར་འཁྱུག །གཡོན་ན་ཐོད་ཁྲག་ཞལ་དུ་གསོལ། །རལ་པའི་རྩེ་ལ་མེ་ཆེན་འབར། །ལ་ཤུན་ཐོད་ཕྲེང་སྐུ་ལ་གསོལ། །འཁོར་དུ་གཤིན་རྗེ་བརྒྱད་ཀྱིས་བསྐོར། །འཇིགས་རུང་༴ །ཤིན་ཏུ༴ །དགྲ་ལ༴ །བདུད་ལ༴ །འཁོར་ལོ༴ །བར་བུ༴ །བསྟོད་དོ༴ །གཉེར་དུ༴ །བཅོལ་བའི༴ །ཧཱུྃ། ཀླུ་རྒྱལ་དགའ་བོ་ཆེན་པོ་ནི། །སྐུ་མདོག་མཐིང་ནག་རབ་ཏུ་ཁྲོ། །རིགས་བརྒྱད་སྦྲུལ་གྱིས་རྒྱན་དུ་ཀླུབས། །གདུག་པའི་མཚོན་ཆ་སྣ་ཚོགས་འཛིན། །དུག་གི་ཁ་རླངས་སྟོང་གསུམ་ཁྱབ། །

(༡༨༤)འཁོར་དུ་ཀླུ་ཆེན་བརྒྱད་ཀྱིས་བསྐོར། །གདུག་མདའ་སྡང་བའི་དགྲ་ལ་འཕེན། །འཇིགས་རུང་༴ །ཤིན་ཏུ༴ །དགྲ་ལ༴ །བདུད་ལ༴ །འཁོར་ལོ༴ །བར་བུ༴ །བསྟོད་དོ༴ །གཉེར་དུ༴ །བཅོལ་བའི༴ །ཧཱུྃ། གཟའ་ཆེན་ཁྱབ་འཇུག་རཱ་ཧུ་ལ། །ཤིན་ཏུ་གདུག་པའི་འོད་ཟེར་འཕྲོ། །རལ་པ་དམར་པོོ་སྲིད་རྩེར་འབར། །སྤྱན་མིག་དམར་པོ་གློག་ལྟར་འཁྱུག །ཆུ་སྲིན་ཞགས་དང་ཐོད་ཁྲག་འཛིན། །ཁྲོས་པའི་རྔམ་སྟབས་སྲིད་གསུམ་གཡོ། །འཁོར་དུ་གཟའ་ཆེན་བརྒྱད་ཀྱིས་བསྐོར། །འཇིགས་རུང་༴ །ཤིན་ཏུ༴ །དགྲ་ལ༴ །བདུད་ལ༴ །འཁོར་ལོ༴ །བར་བུ༴ །བསྟོད་དོ༴ །གཉེར་དུ༴ །བཅོལ་བའི༴ །ཧཱུྃ། བི་ནཱ་ཡ་ཀ་བགེགས་རྒྱལ་མཆོག །སྐུ་མདོག་ནག་ལ་བསྐལ་མེ་འཕྲོ། །གླང་ཆེན་གཏམས་པའི་ཁྲི་ལ་བཞུགས། །ཏྲི་ཤཱུ་ཐོད་ཁྲག་ཕྱག་ན་བསྣམས། །འཁོར་དུ་བགེགས་ཆེན་བརྒྱད་ཀྱིས་བསྐོར། །གདུག་པའི་མཚོན་ཆ་དགྲ་ལ་འབེབས། །ཆ་སྒྲ་མང་པོ་དི་རི་རི། །འཇིགས་རུང་། །ཤིན་ཏུ༴ །དགྲ་ལ༴ །བདུད་ལ༴ །འཁོར་ལོ༴ །བར་བུ༴། བསྟོད་དོ༴ །གཉེར་དུ༴ །བཅོལ་བའི༴ །ཧཱུྃ། ཏྲག་ཤད་བདུད་ཀྱི་མགོན་པོ་ནི། །ནག་པོ་ཐོད་པའི་ཕྲེང་བ་ཅན། །ཁྲག་གི་མིག་ལ་རལ་པ་དམར། །ལག་པ་དམར་པོས་བདུད་ཞགས་བསྣམས། །འཁོར་དུ་བདུད་པོ་བརྒྱད་ཀྱིས་བསྐོར། །མི་ལྤགས་གཡང་བཞི་

(༡༨༥)ཕྱོགས་བཅུར་རྡེབ། །ཞལ་ནས་སོང་ཅིག་རྒྱོབ་ཅིག་སྒྲོག །འཇིགས་རུང་༴ །ཤིན་ཏུ༴ །དགྲ་ལ༴ །བདུད་ལ༴ །འཁོར་ལོ༴ །བར་བུ༴ །བསྟོད་དོ༴ །གཉེར་དུ༴ །བཅོལ་བའི༴ ༈ །བྷྱོ། བཀའ་ཡི་ཚོགས་དང་བཅས་ཉིད་དུ། །ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་བྱོན་སྐྱོང་མ་རྣམས། །འདིར་བྱོན་དམ་སྐོང་ཕྲིན་ལས་མཛོད། །བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མོ། །དཔལ་ལྡན་ཧ་རི་རྡོ་རྗེ་ཡ་མ་སྐྱོང་། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་ཚོགས། །བདུད་མོ་ཆེན་མོ་ཁྱོད་བཞི་ཡང་། །ལྷབ་ལྷུབ་མང་པོའི་རྒྱན་དང་ལྡན། །བྲན་གཡོག་མང་པོའི་འཁོར་གྱིས་བསྐོར། །འདིར་བྱོན་དམ་སྐོང་ཕྲིན་ལས་མཛོད། །གངས་དཀར་ཤ་མེད་རྡོ་རྗེ་དཔལ་དང་ལྡན། །མཁའ་རིག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །སྨ་རི་རབ་འཇོམས་རྡོ་རྗེ་བགེགས་མོ་རྒྱལ། །གསེར་ཆེན་མཁའ་ལྡིང་རྡོ་རྗེ་གླུ་མོ་དང་། སྲིང་མོ་ཆེན་མོ༴ །ལྷབ་ལྷུབ༴ །བྲན་གཡོག༴ །འདིར་བྱོན༴ །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། །བཙན་ལ་རོལ་བའི་རྡོ་རྗེ་སྨན་གཅིག་མ། །མོ་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ། །གཡུ་ཡི་རྡོ་རྗེ་དྲིལ་བུ་ཟུ་ལེ་མ། །སྨན་བཙུན་ཆེན་མོ༴ །ལྷབ་ལྷུབ༴ །བྲན་གཡོག༴ འདིར་བྱོན༴ །རྒྱ་གར་ཡུལ་གྱི་ཚུར་

(༡༨༦)འགྲམ་ན། །བལ་པོ་ཡུལ་གྱི་ཕར་འགྲམ་ན། །ཨ་སུ་ར་ཡི་བྲག་ཕུག་ན། །སློབ་དཔོན་པདྨ་འབྱུང་གནས་དང་། །བཤེས་གཉེན་གླང་རི་དཔལ་བརྩེགས་ཀྱིས། །ཞིང་ཆེན་བསྣོལ་བའི་གདན་སྟེང་དུ། །ལག་ཏུ་རྡོ་རྗེ་གཏད་ནས་ནི། །ཐར་པ་ཐོབ་པའི་མིང་ཡང་བཏགས། །སྤྱི་ལས་གྱུར་པའི་ནད་རྣམས་དང་། །རིམས་ནད་ཐམས་ཅད་བཅད་པའི་ཕྱིར། །བཀའ་ཡི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་འཁོར་བཅས་ཐུགས་དམ་བསྐུལ་ཞིང་། བ་ལི༚་གནས་པའི་གཞི་ལས་བསྐྱོད་དེ། །གཏོར་ཞལ་བསྒྲུབ་བྱའི་ཕྱོགས་སུ་བསྒྱུར་ལ། དེའི་སྔོན་དུ་གནས་པའི་གཏོར་མ་དཀར་དམར་གྱིས་བརྒྱན་པ་ལ། །ཆུ་གཙང་མས་བྲན་ཅིང་། །བསངས་སྦྱངས། སྟོང་པའི་ངང་ལས་ཐོད་པའི་སྣོད་དུ་གནས་པའི་གཏོར་མ་བདུད་རྩིའི་རང་བཞིན་སོ་སོའི་ཡིད་དང་མཐུན་པར་ལོངས་སྤྱོད་དུ་རུང་བར་བལྟས་ལ། ཨོཾ་ར་ཤ་དི་གློ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལི༚་ཁ་ཁ་ཁཱ་ཧི་ཁཱ་ཧི། །བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཧཱུྃ། ཤར་ལ་སོགས་པའི་ཕྱོགས་བཅུ་ན། །གནས་པའི་ལྷ་ཀླུ་མི་མ་ཡིན། །ཐམས་ཅད་བཀའ་ཡི་གཏོར་མ་ལོང་། །རིག་འཛིན་བདག་གི་ངག་འདི་ཉོན། །བདེ་གཤེགས་བསྟན་ལ་སྤྱི་དགྲ་བྱུང་། །འདི་ལ་ཁྲག་འཐུང་ཆེན་པོའི་བཀས། །དྲེགས་པ་ཐམས་ཅད་དམག་ཏུ་བསྡུས། །ལམ་དུ་གནས་པའི་མཐུ་ཆེན་དེངས། །མ་རུངས་

(༡༨༧)། ལྷ་སྲིན་འཁོར་དང་བཅས། །ཐམས་ཅད་དེ་རིང་དམག་ལ་དྲོངས། དྲང་སྲོང་རྒྱལ་པོ་རཱ་ཧུ་ལ། །འཁོར་བཅས་དམག་གི་སྟོང་གྲོགས་མཛོད། །ཅེས་གཏོར་མ་འབུལ་བའི་ཕྱོགས་སུ་འབུལ་བར་བྱ། ཧཱུྃ། གསོན་ཅིག་མ་ཧཱ་ཀཱ་ལ་ཆེ། །གསོན་ཅིག་རྣལ་འབྱོར་དབང་ཕྱུག་མ། །ལྕམ་དྲལ་ཁྱོད་ཀྱི་བཀའ་འཁོར་ན། །ཤ་ཟ་ཁྲག་འཐུང་བྱེ་བ་སྟོང་། །ཁྱད་པར་སྲོག་གཅོད་ཤན་པ་བརྒྱད། །ཕྱོགས་རྣམས་སྐྱོང་བའི་མགོན་པོ་བཅུ། །དྲེགས་པའི་གཙོ་བོ་བདུན་ཅུ་གཉིས། །ཁྱད་པར་མྱུར་མགྱོགས་རྩལ་ལྡན་གསུམ། །མ་བདུན་སྲིད་བཞི་འབར་མ་དགུ། །དུས་ལ་འཆར་བའི་ལྷ་མོ་བཞི། །དམག་གི་རྒྱལ་མོ་ཆེན་མོ་བཞི། །དབང་ཕྱུག་ཉེར་བརྒྱད་བརྟན་མར་བཅས། །གཞན་ཡང་སྤྲུལ་པ་ཡང་སྤྲུལ་ཚོགས། །བྱ་ནག་ཚོགས་དང་ཁྱི་ནག་ཚོགས། །གཅན་གཟན་མཁའ་ལྡིང་གདུག་པའི་ཚོགས། །ནམ་མཁའ་ས་གཞི་བར་སྣང་གང་། །འཇིགས་རུང་རྔམ་པའི་ང་རོ་ཅན། །མི་བཟད་མཚོན་གྱི་ཆར་པ་འབེབས། །འདིར་གཤེགས་བཀའ་ཡི་གཏོར་མ་ལོང་། །དེ་རིང་དཔལ་ཆེན་དམ་ལ་འདུས། །བདེ་གཤེགས་བསྟན་པ་རིན་ཆེན་འདི། །ཁྱོད་ཀྱི་བསྲུང་བྱ་མ་ཡིན་ནམ། །དམ་ཉམས་ལོག་པར་ལྟ་བ་འདི། །ཁྱོད་ཀྱི་བསྒྲལ་བྱ་མ་ཡིན་ནམ། །ཆོས་བཞིན་སྤྱོད་པའི་སྒྲུབ་པ་པོ། །ཁྱོད་ཀྱི་བསྐྱང་བྱ་མ་ཡིན་

(༡༨༨)ནམ། །དམ་རྫས་དམར་གྱི་གཏོར་མ་འདི། །ཁྱོད་ཀྱི་བླང་བྱ་མ་ཡིན་ནམ། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །ཁས་བླང་དམ་བཅས་མ་དྲན་ནམ། །པདྨ་ཐོད་ཕྲེང་ལ་སོགས་པའི། །རིག་འཛིན་བཀའ་ལ་མི་རྩིའམ། །རྩ་བ་བརྒྱུད་པའི་བླ་མ་ཡི། །བཀའ་དང་དམ་ལ་མི་གནས་སམ། །ད་ལྟ་རྣལ་འབྱོར་བདག་ཅག་གིས། །གདུང་བའི་གསོལ་བཏབ་མ་གསན་ནམ། །ཧཱུྃ། །མ་གཡེལ་མ་གཡེལ་ལྷ་ཆེན་པོ། །མ་གཡེལ་མ་གཡེལ་དཔལ་ལྷ་མོ། །མ་གཡེལ་མ་གཡེལ་བཀའ་སྡོད་ཚོགས། །གཡབ་ཀྱིས་འདེབས་ན་སྤྱན་མ་རྟུལ། །བོས་པའི་ཚེ་ན་སྙན་མ་སྲ། །བསྟེན་པའི་ཚེ་ན་རྒྱང་མ་རིང་། །བསྐུལ་བའི་ཚེ་ན་མཐུ་མ་ཆུང་། །རྦང་བའི་ཚེ་ན་རྩལ་མ་ཞན། །ད་དུས་སྙིགས་མ་ལྔ་ཡི་དུས། །ནག་པོ་སྤྱོད་པ་ཁ་དར་བས། །སངས་རྒྱས་བསྟན་པ་འཇིག་ལ་ཁད། །དཀོན་མཆོག་དབུ་འཕངས་སྨད་ལ་ཐུག །དམ་ཉམས་ལོག་པར་ལྟ་བ་འདིས། །ངན་སོང་གསུམ་གྱི་ས་བོན་བསྒྲུབས། །འདི་ལ་ནག་པོ་ལྕམ་དྲལ་ཁྱོད། །བྱམས་པའི་ཐུགས་ཀྱིས་བཟོད་ཕོད་དམ། །བསྐུལ་ལོ་བསྐུལ་ལོ་ཁྲོས་པར་བསྐུལ། །བཞེངས་ཤིག་བཞེངས་ཤིག་རྔམ་པར་བཞེངས། །རྒྱུག་ཅིག་རྒྱུག་ཅིག་རིངས་པར་རྒྱུག །མཛོད་ཅིག་མཛོད་ཅིག་ལས་མཛོད་ཅིག །འབར་བའི་ལྕགས་ཀྱུས་སྙིང་ནས་ཟུང་། །འདུད་ཀྱི་ཞགས་པས་དམ་དུ་

(༡༨༩)། ཆིངས། །ལྕགས་སྒྲོག་འབར་བས་གནས་ལྔ་སྡོམས། །དྲིལ་ཆེན་སྒྲ་ཡིས་མྱོས་པར་གྱིས། །ཧཱུྃ། སྲུང་བྱེད་འབར་བའི་ལྕགས་ཁང་ན། །འདེབས་བྱེད་ཁྲོ་ཆེན་ཕུར་བའི་དཔལ། དྲག་པོ་གསོད་བྱེད་ཐུན་གྱི་ཆར། །ཉམས་པའི་དགྲ་བོ་མཱ་ར་ཡ། །གཅོད་བྱེད་རལ་གྲི་རྣོ་བའི་མཚོན། །རྡུང་བྱེད་ཐོ་བ་གཏུན་ཤིང་ཚོགས། །འབིགས་བྱེད་མདའ་དང་མདུང་རྣམས་ཀྱིས། །སྡང་བའི་དགྲ་བོ་མཱ་ར་ཡ། ཧཱུྃ། ལྕམ་དྲལ་བྲན་གཡོག་འཁོར་བཅས་ཀྱིས། །སྡང་བྱེད་དགྲ་བོ་ཉམས་པ་འདིའི། །དབང་པོ་ལྔ་ལ་ཁ་རཾ་ཁཱ་ཧི། །རྣམ་ཤེས་བརྒྱད་ལ་ཁ་རཾ་ཁཱ་ཧི། །འབྱུང་བ་ལྔ་ལ་ཁ་རཾ་ཁཱ་ཧི། །ཤ་ཁྲག་རུས་ལ་ཁ་རཾ་ཁཱ་ཧི། །དོན་སྙིང་ལྔ་ལ་ཁ་རཾ་ཁཱ་ཧི། །སྲོག་དང་དབུགས་ལ་ཁ་རཾ་ཁཱ་ཧི། །སྡང་བྱེད་དགྲ་བོ་ཉམས་པ་འདིའི། འགོ་བའི་ལྷ་ཡང་ཁ་རཾ་ཁཱ་ཧི། །བསྲུང་བའི་མགོན་ཡང་ཁ་རཾ་ཁཱ་ཧི། །བྱམས་པའི་ཕ་མ་ཁ་རཾ་ཁཱ་ཧི། །མཐུན་པའི་ཉེ་དུ་ཁ་རཾ་ཁཱ་ཧི། །བརྩེ་བའི་གྲོགས་བཤེས་ཁ་རཾ་ཁཱ་ཧི། །ཕན་པའི་གཉེན་ཡང་ཁ་རཾ་ཁཱ་ཧི། །འཁོར་བའི་བྲན་གཡོག་ཁ་རཾ་ཁཱ་ཧི། །ཤ་ལ་དགའ་བའི་སྲུང་མ་རྣམས། །དགྲ་བོའི་ཤ་ལ་ད་ཟོ་ཤིག །ཁྲག་ལ་རྔམས་པའི་ཕོ་ཉ་རྣམས། །དགྲ་བོའི་ཁྲག་ལ་ད་འཐུང་ཞིག །གསོད་ལ་དགའ་བའི་ཤན་པ་རྣམས། །ཉམས་པའི་དགྲ་བོ་ད་སོད་ཅིག །གཅོད་ལ་དགའ་

(༡༩༠)བའི་རྔོན་པ་རྣམས། །དགྲ་བོའི་སྲོག་རྩ་ད་ཆོད་ཅིག །ཧཱུྃ། བྱམས་པ་ཆེན་པོས་བསྒྲལ་བའི་ལས། །འདི་ནི་བྱང་ཆུབ་མཆོག་གི་རྒྱུ། །བསྒྲལ་བར་བྱ་བ་མ་དམིགས་པས། །བསྒྲལ་དང་སྒྲོལ་བྱེད་དབྱིངས་སུ་ཞི། །ཞེས་དྲག་པོའི་གར་དང་བཅས་པས་ལས་ཀྱི་རྡོ་རྗེས་པ་ལི༚་བསྒྲུབ་བྱའི་ཕྱོགས་སུ་བརྡབ། །གོང་དུ་སྨོས་པའི་དྲག་སྔགས་རྣམས་དང་། ཨོཾ་ལོག་ཏྲི་པ་ལ་ནན། ས་ག་པ་ཤ་ནན། ནཱ་ག་དུ་དུ་ནན། མ་མཾ་མ་མཾ། ཙིར་ཙ་ར་ཙིར་ཙར། རྦད་རུ་ལུ། །རྦད་རུ་ལུ། །རྦད་ཏྲ་ཀོ་ཤ་ཡ། རྦད་ཏྲ་ཀོ་ཤ་ཡ། ཧོ་ར་ཧོ་ར། ཙི་དུ་སོད། ཙི་དུ་སོད། ཤིག །ལྷུ་རུ་གཏུབས། ཧ་ལ་བ་ཏི་ནན། འཁོར་བ་དུལ། བདག་གི་གནོད་བྱེད་ཀཱ་བ་ཙི་བརླག་བརླག ཅེས་བརྗོད། ༈། དེ་ནས་དྲག་ཏུ་རྦད་ཅིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ། །འདས་དང་མ་བྱོན་ད་ལྟར་གྱི། །བསྟན་པ་བསྲུང་བར་སེམས་བསྐྱེད་པ། །ནག་པོ་ཁྱོད་ནི་ཡིན་པ་སྟེ། །གདུག་པ་ཚར་གཅོད་འཇིགས་པའི་གཟུགས། །རལ་པ་ནག་པོ་གྱེན་དུ་གཡེངས། །སྟེང་གི་ལྷ་ཚོགས་འཇིགས་པར་བྱེད། །སྤྱན་བགྲད་ལྗགས་འདྲིལ་གདོན་ཚིགས་སྡིགས། །གཡས་ཀྱི་གྲི་གུག་གནོད་སེམས་འདྲལ། །གཡོན་གྱི་ཐོད་པ་ཁྲག་བཀང་གསོལ། །ཞབས་བརྡབས་གནོད་བྱེད་ལུས་ལ་ཉེད། །གང་ཞིག་དཀོན་མཆོག་གསུམ་ཁྲོ་དང་། །བླ་མ་བརྙེས་བྱེད་སེམས་ཅན་འཚེ། །བདག་གིས་བསྒོ་བ་ཀུན་ཁུག་ལ། །གཏོར་

(༡༩༡)། མ་འདི་ལ་མྱུར་དུ་ཆུག །འདིའི་ཤ་ཟོ་ཁྲག་ལ་འཐུང་། །རུས་པ་ཀླད་པ་ནང་གྲོལ་ཟོ། །རིགས་བརྒྱུད་རྩད་ནས་ཆོས་ལ་ཤོག །འཛའ་བོ་ཀུན་དང་ཕྲོལ་ལ་ཤོག །བདག་གིས་བསྒོ་བ་མ་ཉན་ན། །ནག་པོ་ཁྱོད་ནི་ཉམས་པར་འགྱུར། །བྷྱོ། མ་ཅིག་ལྷ་མོ་དཔལ་ལྷ་མོ། །དམ་ཚིག་དབང་གིས་ད་མཆོད་ན། །ཐུགས་དམ་དབང་གིས་མཆོད་པ་བཞེས། །སྐུ་མདོག་ནག་པོ་རལ་པ་ཅན། །རལ་པ་གསིགས་པའི་སྐྲ་གསེབ་ནས། །དུད་པ་ཐུལ་ཞིང་མེ་སྟག་འཕྲོ། །སྤྱན་དམར་བགྲད་པས་སྟོང་གསུམ་སྲེག །མ་ཡི་ཐུགས་དམ་ཞབ་ཟས་ནི། །གསོད་པའི་ཤ་དང་མྱོས་པའི་ཆང་། །བཙོས་པའི་ཤ་དང་ཁུ་བ་ཁྲག །བསྲེགས་པའི་བསུར་དང་རློན་པའི་ཤ །གློ་སྙིང་ནང་གྲོལ་མཁལ་མར་བཅས། །འབྲས་བུ་ལྔ་ཡི་བདུད་རྩི་དང་། །གོ་རོ་ཙ་ན་མི་དབང་ཤ །ཐལ་ཆེན་མ་ཧཱ་མཾ་ས་དང་། །གློ་སྙིང་རཀྟ་སྦྱར་བ་འདི། །མ་ཅིག་ལྷ་མོས་གསོལ་ཅིག་རོལ། །འཁོར་དང་བཅས་པས་མཆོད་པར་བཞེས། །རྒྱལ་བས་བསྒོས་པའི་དམ་ཚིག་དང་། །རང་གིས་ཁས་བླངས་དྲན་གྱིས་ལ། །བསྟན་པའི་དགྲ་བོ་དམ་ཉམས་འདི། །ཟུང་ཞིག་ཆིངས་ཤིག་རྣམ་པར་སྡོམས། །ཁུག་ཅིག་དྲོངས་ཤིག་དབང་དུ་སྡུས། །སོད་ཅིག་སྐྲོད་ཅིག་རེངས་པར་གྱིས། །ཕྱེ་ཞིག་ནོན་ཅིག་རྨུགས་པར་གྱིས། །ཐུལ་ཅིག་ཆོམས་

(༡༩༢)ཤིག་རྣམ་པར་ཤིག །བདག་གི་ལས་འདི་མ་བྱས་ན། །གསོད་བྱེད་ལྷ་མོ་ནག་མོ་ཁྱོད། །ཁྲག་འཐུང་ཆེན་པོ་རབ་ཁྲོས་ཏེ། །བཀའ་ཡི་ཆད་པས་བསྡིགས་པར་འགྱུར། །དེ་བས་དམ་ཚིག་དྲན་གྱིས་ལ། །བཅོལ་བའི་ལས་འདི་མྱུར་དུ་སྒྲུབས། །ཧཱུྃ། གང་ཞིག་བླ་མ་ལ་སྨོད་ཆོས་ལ་སྡང་། །འགྲོ་ལ་རྣམ་འཚེ་སྒྲུབ་པ་པོ་ལ་གནོད། །ངན་འགྲོ་ཉེར་གཞོལ་དེ་དག་རྣམས་ཀྱི་སྲོག །ཟངས་གྲི་འབར་བས་ཡུད་ཀྱིས་གཅོད་པར་མཛོད། །གང་དུ་རྡོ་རྗེའི་སེར་ཆེན་དབབ་པའམ། །བསྐལ་མེ་འབར་དང་དྲག་པོའི་རླུང་ཤུགས་སོགས། །འཇིགས་ཆེན་བརྒྱ་ཕྲག་དུ་མའི་ཆོ་འཕྲུལ་དང་། །ལྟས་ངན་མཚན་མ་བྱེ་བ་དབབ་པར་མཛོད། །ཤིན་ཏུ་མི་བཟད་ནད་གདོན་འབུམ་ཕྲག་གིས། །དགྲ་བོ་བུ་དང་ཆུང་མ་འབངས་བཅས་ཀུན། །སྐད་ཅིག་ཉིད་ལ་བསད་ཏེ་བསྐལ་སྟོང་དུ། །མནན་གཟིར་བསྐྲད་དང་རེངས་པའི་ཕྲིན་ལས་མཛོད། །མི་བསྲུན་ཤ་ཟའི་ཕོ་ཉ་དུང་ཕྱུར་ཡང་། །ཁྲོས་པའི་མིག་བགྲད་ཁྲོ་གཉེར་མཆེ་བ་གཙིགས། །རྣོ་བའི་མཚོན་ཐོགས་རྔམ་པའི་ང་རོ་འབྱིན། །རིངས་པར་རྒྱུག་བྱེད་ཁྱོད་ཀྱི་དུས་ལ་བབ། །ནམ་མཁའ་གང་བ་འདབ་བཟང་དབང་པོའི་ཚོགས། །གདོང་ལྔ་ལ་སོགས་གཅན་གཟན་མ་རུངས་པ། །བྱེ་བ་དུང་ཕྱུར་ཁྲི་ཕྲག་དུ་མ་རྣམས། །ཉམས་པ་འདི་ཡི་ཤ་རུས་ཁྲག་ལ་

(༡༩༣)། རོལ། །བྷྱོ། ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །འགྲོ་མགོན་སྐྱོབས་པ་རྣམ་གྱི་བཀའ་བཞིན་དུ། །ཕྲིན་ལས་ཚུལ་བཞིན་བསྒྲུབ་པའི་བཀའ་ཉན་མ། །རྫུ་འཕྲུལ་སྟོབས་དང་ལྡན་ཞིང་མ་ཐོགས་པར། །ཕྲིན་ལས་སྣ་ཚོགས་བསྒྲུབ་པའི་ལས་མཛོད་ཅིག །དཔེར་ན་རྔོན་པའི་རི་དྭགས་གཤོར་བ་བཞིན། །གསོད་པ་དོན་དུ་གཉེར་བའི་ལས་མཛད་མས། །བསད་པ་དོན་དུ་གཉེར་བའི་ལས་མཛོད་ཅིག །ཞེས་པ་དང་ལས་འགྲིག་གི་མན་ངག་ནས་འབྱུང་བའི་བཀའ་ཉན་དྲན་པོ་རྣམས་ཕྲིན་ལས་བསྐུལ་བའི་ཚིགས་བཅད་ཇི་ལྟར་རིགས་པ་བརྗོད་ཅིང་། །རོལ་མོའི་སྒྲ་ཆེན་པོ་དང་བཅས་པས་གཏོར་མ་འབུལ་ཞིང་། དྲག་པོའི་རིགས་སྔགས་གང་ཤེས་དང་། ཨོཾ་ཨེ་ཨཱ་རལླི་ཧོ ཤྲཱི་མ་ཧཱ་ཀཱ་ལ་ཁཱ་ཧི། ཏྲ་ག་རཀྵ་ཁཱ་ཧི། ཏྲ་ག་རཀྵ་དུན་བྷྱོ་ཁཱ་ཧི། ཏྲ་ག་རཀྵ་རྦད་བྷྱོ་ཁཱ་ཧི། དམ་ཅན་མགོན་པོ་ནག་པོ་མཁའ་འགྲོའི་ཚོགས་སུ་གྱུར་པ་རྣམས་ཀྱི་ཞལ་དུ་དམ་རྫས་བདུད་རྩིའི་གཏོར་མ་འདི་འབུལ་ལོ། །བཞེས་སུ་གསོལ་ཁཱ་ཧི། ༈ །དེ་ནས་སྲིན་མགོན་བསྐུལ་བ་ནི། ༈ །དགྲ་ལ་རྦད་ན། གཏོར་མ་ལ་འགུག་གཞུག་བྱ། དགྲ་བོའི་ཤ་ཁྲག་དུ་བསམས་ལ། གོང་བཞིན་བསྔོས་པས་སྐད་ཅིག་ཙམ་གྱིས་ཤ་ཁྱེར་ཁྲག་ཁྱེར་དུ་ཟོས་པ་བསམ་ཞིང་། །རཀྵ་ས། །ཕྲིན་ལས་སྟོབས་ལས་གྱུར་བ་ཡི། །སྣང་སྲིད་ཟ་བྱེད་མགོན་པོ་ཆེ། །སྲིན་པོ་ནག་པོ་ཐོད་ཕྲེང་ཅན།

(༡༩༤)། མཐིང་ནག་འཇིགས་སུ་རུང་བའི་གཟུགས། །དབུ་སྐྲ་ཁམ་ནག་སྲིད་རྩེར་འབར། །སྤྱན་གསུམ་མཆེ་བཞི་གཙིགས་པ་ཡིས། །ཁམས་གསུམ་སྲིད་གསུམ་ཟིལ་གྱིས་གནོན། །སངས་རྒྱས་བསྟན་ལ་སྡང་བའི་དགྲ། །ཉེས་བྱེད་དམ་ཉམས་རྡུལ་དུ་རློག །ཕྱག་གཡས་ཐོད་དབྱུག་འབར་བ་ཡིས། །ལྷ་འདྲེ་མི་གསུམ་ཟིལ་གྱིས་གནོན། །ཕྱག་གཡོན་ཐོད་པ་བསྣམས་པ་ཡིས། །དམ་ཉམས་དགྲ་བོའི་སྙིང་ཁྲག་འཐུང་། །ཟ་བྱེད་ཆེན་པོའི་དུས་ལ་བབ། །གང་ལ་དམིགས་པའི་དགྲ་བོ་རྣམས། །གསོལ་ཅིག་རོལ་ཅིག་དགྱེས་པར་མཛོད། །མེ་དཔུང་སྨུག་ནག་འབར་བ་དང་། །མཚོན་ཆ་སྣ་ཚོགས་ཆར་བཞིན་འབེབས། །དགྲ་བོའི་ལུས་སྲོག་རྡུལ་དུ་རློག །ས་ཡ་དུང་ཕྱུར་གྲངས་མེད་ཀྱི། །གདུག་རྩུབ་ཅན་གྱི་འཁོར་གྱིས་བསྐོར། །ཤ་ལ་དགའ་ཞིང་ཁྲག་ལ་མོས། །སྐད་ཅིག་གློག་འགྱུ་ཐང་གཅིག་ལ། །འཇིག་རྟེན་ཁམས་རྣམས་སྐོར་བྱེད་ཅིང་། །སྒྲ་སྐད་རྣམ་པ་སྣ་ཚོགས་སྒྲོག །ཁྱོད་ནི་མཐུ་རྩལ་བསམ་མི་ཁྱབ། །དམ་ཉམས་དགྲ་བོ་ལས་ངན་འདིས། །སངས་རྒྱས་བསྟན་པ་འདི་ཡིས་བཤིག །སེམས་ཅན་ཡོངས་ལ་འདི་ཡིས་འཆོས། །ཁྱོད་ལ་གཏད་དོ་ས་མ་ཡ། །མ་འགོར་མྱུར་དུ་ད་སྒྲོལ་ཅིག །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །བྷྱོ་།

(༡༩༥)། མེ་རླུང་འཚུབ་མའི་ཕོ་བྲང་ནས། །འཇིགས་བྱེད་ལྷ་མོ་ནག་མོ་ནི། །སྲིན་མོ་བྱེ་བ་འབུམ་གྱི་དབུས། །ཟས་སུ་དམ་ཉམས་ཤ་ལ་ཟོ། །སྐོམ་དུ་དགྲ་བགེགས་ཁྲག་ལ་འཐུང་། །བསྟན་པ་བསྲུང་བར་ཞལ་བཞེས་ནས། །དམ་བཅས་བཞིན་དུ་ཕྲིན་ལས་མཛོད། །སྐུ་མདོག་དམར་སྨུག་འཇིགས་པའི་གཟུགས། །སྤྲུལ་པ་བྱེ་བ་བརྒྱ་ཕྲག་འགྱེད། །གང་ལ་དམིགས་པའི་དགྲ་བགེགས་རྣམས། །སྐད་ཅིག་ཙམ་གྱིས་འགུགས་བྱེད་པ། །འགུགས་བྱེད་ཆེན་མོའི་དུས་ལ་བབ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ཞལ་ནས་འཇིགས་པའི་ང་རོ་སྒྲོག །ཁམས་གསུམ་ཐམས་ཅད་རྨུག་བྱེད་མ། །ཞེ་སྡང་ཆེན་པོས་དགྲ་བོ་འདུལ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །གང་ལ་དམིགས་པའི་དམ་ཉམས་རྣམས། །སྐད་ཅིག་ཙམ་གྱིས་རྡུལ་དུ་རློག །མི་བཟད་ཤ་ཁྲའི་འཁོར་གྱིས་བསྐོར། །ལ་ལ་ངུ་ཞིང་ཆོ་ངེ་འདེབས། །ལ་ལ་རྒོད་ཅིང་གར་སྟབས་སྒྱུར། །ལ་ལ་དུར་ཁྲོད་ཤ་ལ་རོལ། །ལ་ལས་མཚོན་ཆ་ཆར་བཞིན་འབེབས། །མི་ལྤགས་གཡང་གཞི་གོས་སུ་གྱོན། །མི་མགོའི་ཐོད་ཕོར་ལག་ན་ཐོགས། །འཇིག་རྟེན་ཁམས་རྣམས་མ་ལུས་པར། །སྤྲུལ་པ་སྣ་ཚོགས་ཆར་བཞིན་འབེབས། །ཐོགས་མེད་རྫུ་འཕྲུལ་སྟོབས་དང་ལྡན། །བསྟན་སྲུང་

(༡༩༦)ཆེན་པོའི་དུས་ལ་བབ། །གང་བ་དམིགས་པའི་དགྲ་བོ་རྣམས། །དབང་དུ་བསྡུས་ལ་རྡུལ་དུ་རློག །དམ་ཚིག་ཆེན་པོའི་དུས་ལ་བབ། །ཕྱི་མའི་མུ་མཐའ་ཐུག་གི་བར། །བསྟན་པ་གཉན་པོ་བསྲུང་དུ་གསོལ། །རཱཀྵ་རཀྨོ་ས་མ་ཡ་དགྲ་བོའི་སྲོག་ལ་བྷྱོ། རཱཀྵ་རཀྨོ་ས་མ་ཡ་དགྲ་བོ་མ་ར་ཡ་རྦད། ཅེས་དང་། རཱཀྵ་རཀྨོ་དགྲ་བོའི་སྲོག་ལ་རྦད། ཆེ་གེ་མོའི། སྲོག་རྩ་ལ་རྦད་རྦད་ཡ་ཡ། ཞེས་ཕྲིན་ལས་བཅོལ་ཞིང་བསྐུལ་ལོ། ༈ །ཞིང་སྐྱོང་དྲག་ཏུ་བསྐུལ་ཞིང་ཕྲིན་ལས་བཅོལ་བ་ནི། ཧཱུྃ་བྷྱོ། ཕོ་བྲང་མཁའ་སྤྱོད་ཙཱ་རི་ནས། །བདུད་མགོན་སེང་གདོང་ཡབ་ཡུམ་དང་། །མི་བསྲུན་དྲག་པོ་འཁོར་དང་བཅས། །སྔོན་གྱི་ཁས་བླངས་དམ་ལ་འདུས། །བདུད་ཀྱི་དམག་དཔོན་སྐུ་བསྐྱོད་འཚལ། །མདོག་ནག་འཇིགས་གཟུགས་སེང་གེའི་གདོང་། །ཞལ་གདངས་མཆེ་གཙིགས་སྤྱན་རྩ་དམར། །གཡུ་རལ་སེང་ཆུང་སྐར་ལྟར་འཁྲུག །དར་ནག་བེར་ཆེན་སྐུ་ལ་གསོལ། །ཕྱག་གཉིས་རུ་དར་དམར་གཏོར་ཁྱེར། །བདུད་དམག་གཡོབ་ཅིང་དམ་ཅན་སྡུད། །བདུད་རྟ་ནག་པོ་རླུང་གཤོག་ཆིབས། །སྤྲུལ་པ་སྣ་ཚོགས་ཕྱོགས་བཅུར་འགྱེད། །གུང་གཉིས་རྒྱུ་ཞིང་མེ་རླུང་འཚུབ། །བམ་རོ་ཕོ་མོ་སྤྱི་གཙུག་འགྲོ། །རྐང་པས་གཏོར་ཁྱེར་དགྲ་ལ་འཕེན། །འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས། །གདུག་པའི་དགྲ་

(༡༩༧)། བགེགས་མྱུར་དུ་སྒྲོལ། །བྷྱོ་། ཡུམ་ཆེན་བདུད་མོ་སེང་གེའི་གདོང་། །རབ་འཇིགས་དམར་ནག་ཁྲག་རལ་ཅན། །ཞལ་གདབས་མཆེ་གཙིགས་རྐན་སྒྲ་རྡེབ། །སྤྱན་བགྲད་ཁྲག་རལ་ཁྲོ་ཆུང་འགྱེད། །སྐུ་ལ་དར་དམར་བེར་ཆེན་གསོལ། །ཕྱག་གཉིས་ཁ་ཊྲཱཾ་དགྲ་སྙིང་བསྣམས། །དམ་ཉམས་བསྒྲལ་ནས་ཙིཏྟ་གསོལ། །བདུད་རྟ་དམར་ནག་རླུང་གཤོག་ཆིབས། །མེ་རླུང་གསེབ་ནས་གུང་གཉིས་རྒྱུ། །ཁྲག་གི་རྦ་ཀློང་དཀྱིལ་ནས་བཞེངས། །དམར་གྱི་གཏོར་མ་འདི་གསོལ་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། བྷྱོ། བདུད་མགོན་ཡབ་ཡུམ་བཀའ་འཁོར་ནས། །ལས་བྱེད་ཤ་ཟ་སྡེ་བརྒྱད་ཚོགས། །མི་བསྲུན་མཁའ་འགྲོ་དྲག་རྩལ་ཅན། །ཞུབ་ཆེན་སྟོང་སྒྲ་སི་ལི་ལི། །མཚོན་ཆ་མང་པོ་དགྲ་ལ་འདེབས། །ལྕགས་ཀྱི་བྱ་ཁྲ་དགྲ་ལ་འཇུམ། །བཀའ་ཉན་དྲག་པོ་འཁོར་དང་བཅས། །དམར་གྱི་གཏོར་མ་འདི་ལོང་ལ། །དམ་ཉམས་དགྲ་བོ་སྒྲོལ་ལ་ཤོག །དུས་ལ་བབ་པོ་ས་མ་ཡ། །སེད་གདོང་ཡབ་ཡུམ་མཐུ་མ་ཆུང་། །ལྷ་སྲིན་སྡེ་བརྒྱད་བང་མ་བུལ། །དམ་ཉམས་དགྲ་བོ་སྒྲོལ་ལ་ཤོག །མགོ་དང་ཡན་ལག་ཆོད་ལ་ཤོག །དོན་སྙིང་རྣམ་ལྔ་ཁྱེར་ལ་ཤོག །དབང་པོ་རྟེན་དང་ཕྲོལ་ལ་ཤོག །བདུད་རྒྱུད་རྩད་ནས་ཆོད་ལ་ཤོག །ཨོཾ་སིང་ཧ་མུ་ཁ་ཧཱུྃ་ཕཊ། །ཧྲི་ཧྲི༚་ཛ

(༡༩༨)སི་ན་ར་མ་ཏྲི་ཧྲི༚་ཛ དགྲ་བོའི་སྲོག་ལ་རྦད། དབུགས་ལ་རྦད། །ཤ་རུས་ཁྲག་ལ་རྦད། མ་ཧཱ་ཀཱ་ལ་དགྲ་བོའི་སྲོག་ལ་ཐུམ་རིལ། རྩ་ལ་བྲེང་ཤག །ཙིཏྟ་དུན་རྨུགས། ཁྲག་ཐིབས་རྦད། ལིད་ཤག ནི་ཧུར་ཛཁྲཾ་རྦད། ཅེས་བསྐུལ་ལོ། །དམ་ཅན་ལ། ༈ །ཕྲིན་ལས་བཅོལ་བ་ནི། ཧཱུྃ། ཉི་མ་ནུབ་ཕྱོགས་ཕ་གི་ན། །ལྕགས་རི་ནག་པོའི་ནང་རོལ་ན། །ཕ་ཝང་ལོང་བུའི་སྐུ་མཁར་ན། །འཇའ་ཚོན་སྣ་ལྔའི་འོད་ཟེར་འཕྲོ། །སྟེང་ན་དུག་གི་སྤྲིན་འཁྲིགས་ཤིང་། །ཕྱི་རོལ་ཁྲག་གི་རྒྱ་མཚོ་ཁོལ། །ཞེ་སྔད་གདུག་པའི་རླུང་ནག་འཚུབ། །འབྱུང་བ་ཚེ་གྲང་འཐབ་པའི་སྒྲ། །གནམ་ལྕགས་ཐོག་གི་བུ་ཡུག་འཚུབ། །དེ་ལྟ་བུ་ཡི་སྐུ་མཁར་ན། །ཆོས་སྐྱོང་རྒྱལ་པོ་བཞུགས་པ་ནི། །སྐྱེས་བུ་བཛྲ་སཱབྷུ་སྟེ། །རྒྱལ་བ་ཀུན་གྱི་བསྟན་སྲུང་ཞིང་། །དཀྱིལ་འཁོར་ཀུན་གྱི་ཉུལ་མ་སྟེ། །རྣལ་འབྱོར་ཀུན་གྱི་ཆོས་སྐྱོང་ཁྱོད། །འདིར་བྱོན་དམ་སྐོང་ཕྲིན་ལས་མཛོད། །གཏོར་མ་གཙང་སར་བསྐྱལ་པའམ། དབེན་པར་བཞག་པ་སོགས་གང་མོས་བྱའོ། །ཧཱུྃ། ཕ་ཝད་ལོང་བུའི་སྐུ་མཁར་ནས། །སྐྱེས་བུ་ཆེན་པོ་འཁོར་དང་བཅས། །འདིར་བྱོན་བཀའ་ཡི་གཏོར་མ་བཞེས། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །བསྟན་དང་རྣལ་འབྱོར་བདག་ཅག་ལ། །གནོད་ཅིང་འཆོ་བར་བྱེད་པའི་དགྲ། །

(༡༩༩)། ཕྱོགས་མཚམས་སྟེང་འོག་གར་གནས་ཀྱང་། །རང་དབང་མེད་པར་འདིར་ཁུག་ཅིག །སྐྱོབས་པའི་ལྷ་སྲུང་རྣམས་དང་ཕྲོལ། །སྲོག་གཅོད་ཤན་པའི་ཚོགས་ལ་སྤྲོད། །སྲོག་རྩ་ཆོད་ལ་དགྲ་སྙིང་དྲོངས། །མི་ནོར་རྫས་དང་ཕྲོལ་ལ་ཤོག །དེ་རིང་ཉིན་གུང་མཚན་གུང་ལ། །དམ་ཅན་འཁོར་བཅས་དགྲ་ལ་ཆོས། །མི་མཁར་དམར་པོ་རྩེ་ནས་ཆོམས། །ས་མཁར་སྐྱ་བོ་རྨིང་ནས་ཤིག །མཚོན་དང་མཐུན་རྫས་དུ་མས་གཟིར། །མགོ་མཇུག་ལྡོག་ལ་ས་ལ་སྲེས། །དགྲ་བོའི་ཁོང་ཁྲག་ཐང་ལ་ཕོས། །ཁྱོད་ལ་གཏད་དོ་མ་ཤོར་ཅིག །སྔོན་གྱི་ཁས་བླང་དྲན་མཛོད་ལ། །དགྲ་བོ་སྒྲོལ་བའི་དུས་ལ་བབས། །ད་རེས་ནུས་པ་མི་སྤྲུག་ན། །དཔའ་རྩལ་ཆེ་བས་ཅི་ལ་ཕན། །མཐུ་དང་ནུས་པ་ཅི་འདུག་ལྟ། །རྟགས་དང་ཆོ་འཕྲུལ་དུ་མ་སྟོན། །ལྟས་ངན་མི་རུང་སྣ་ཚོགས་ཐོངས། །བདུན་བརྒྱུད་མི་རབས་རྩད་ནས་ཆོད། །སྨྱོ་འབོག་ནད་རིམས་སྣ་ཚོགས་དང་། །ནང་རྨེ་ཕུངས་ཤིག་དུ་མ་ཐོངས། །དགྲ་བོའི་འཁོར་དཀྲུག་ཚངས་ཤིག་ལ། །རྗེས་ཤུལ་ཙམ་ཡང་མེད་པར་མཛོད། །ལས་འདི་ཁྱོད་ཀྱིས་མི་སྒྲུབ་ན། །དམ་ཅན་བསྟེན་པ་དོན་རེ་ཆུང་། །དེ་ཕྱིར་དམ་རྫས་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །གཏོར་སྡོང་སྐད་ཅིག་མཚོན་

(༢༠༠)ཆར་གྱུར། །བཀའ་སུང་ཕོ་ཉ་ལས་མཁན་གྱི། །དགྲ་ཡུལ་དམག་དྲོངས་ཕོ་བྲང་ཐོབ། །རྗེས་ཤུལ་ཙམ་ཡང་མེད་པར་མཛོད། །ཞེས་དབང་ཕྱུག་རྡོ་རྗས་མཛད་པའོ། ༈ །བྷྱོ། །རྡོ་རྗེ་གར་གྱི་བཀའ་ཟློག་མ། །ཤར་ཕྱོགས་གདོན་གྱི་བཀའ་སྒྱུར་ཅིག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །རིན་ཆེན་གར་གྱི་བཀའ་ཟློག་མ། །ལྷོ་ཕྱོགས་གདོན་གྱི་བཀའ་སྒྱུར་ཅིག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །པདྨ་གར་གྱི་བཀའ་ཟློག་མ། །ནུབ་ཕྱོགས་གདོན་གྱི་བཀའ་སྒྱུར་ཅིག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །ལས་ཀྱི་གར་གྱི་བཀའ་ཟློག་མ། །བྱང་ཕྱོགས་གདོན་གྱི་བཀའ་སྒྱུར་ཅིག །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར། །གཞན་གྱི་ཕུར་ཆེན་འདེབས་པ་ཟློག །ཆོ་ཟོར་ཡུངས་ཟོར་འཕེན་པ་ཟློག །གཤིན་རྗེས་འཁོར་ལོ་བསྐོར་བ་ཟློག །བདུད་ཀྱི་ཁྲམ་ལ་བཏབ་པ༴ །མ་མོས་ཐུན་ཟོར་འཕེན་པ༴ །ཀླུ་ཡིས་བྱད་དུ་བཅུག་པ༴ །ཕོ་ཉས་བླ་སྲོག་འཕྲོག་པ༴ །ཐེའུ་རང་ཚེ་ལ་རྐུ་བ༴ །མུ་སྟེགས་པར་ཆད་བྱེད་པ༴ །ཞང་ཞུང་བཙོ་དམར་འཕེན་པ༴ །བོན་པོས་སྔགས་ལོག་བསྒྲུབ་པ༴

(༢༠༡)།སུམ་པས་གླང་ཟོར་འཕེན་པ༴ །སྐྱེས་པས་དམའ་ཟོར་འཕེན་པ༴ །བུད་མེད་དམོད་ཟོར་འཕེན་པ༴ །ལྟས་ངན་བརྒྱད་ཅུ་རྩ་གཅིག༴ །ཡེ་འདྲོགས་སུམ་བརྒྱ་དྲུག་བཅུ༴ །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ༴ །བྱིས་པའི་གདོན་ཆེན་བཅོ་ལྔ༴ །བཟློག་གོ༴ །བསྒྱུར་རོ༴ ། བཟློག་པ་བྱ་ན་ལོ་ཏྲི་པཱ་ལའམ། ཡང་ན། ཨོཾ་ཧཱུྃ་ཏྲིག་ཁྲོཾ་བྷྱོ། མ་ཎི་མཱ་ར་ནི་བྷྱོ མ་ར་དུ་ན་བྷྱོ རཀྨོ་རཀྵ་ནི། ཏིང་ཡ་རཀྵ་བྷྱོ། དགྲ་བགེགས་བྱད་མ་མཱ་ར་ཡ། ཡ་མ་རཱ་ཛ་ཀཱི་ལ་ཡ་བྷྱོ། ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི༴ དགེ་འདུན་གྱི༴ བླ་མ་རྡོ་རྗེ་འཛིན་པའི༴ ཡི་དམ་ལྷ་ཚོགས་རྣམས་ཀྱི༴ མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི༴ སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་ཀྱི༴ དཔལ་མགོན་མ་ནིང་ནག་པོའི༴ ཁྱད་པར་དུ་འཇམ་དཔལ་ཚེ་བདག་ནག་པོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི༴ རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི༴ སྔགས་འཆང་བདག་གི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་བདེན་པ་ཆེན་པོའི་མཐུ་སྟོབས་ནུས་པ་ལ་བརྟེན་ནས། །རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་ཆག་ཆེ་བ། ཉམ་ང་བ། རྨི་ལམ་ངན་པ། མཚན་མ་ངན་པ། ལྟས་ངན་པ། ཕ་རོལ་གྱི་རྨིས་ལྟས། རྦོད་གཏོང་རྦད་འདྲེ། བྱད་ཁ་ཟོར་ཁ་ཕུར་ཁ་གཏད་ཁ། ཁྱད་

(༢༠༢)པར་དུ་བཟློག་པ་བྱེད་པའི་མཐུ་དང་ནུས་པ་ཐམས་ཅད་ཟློག་མཁན་ཁོ་རང་གི་སྟེང་དུ་ཟློག་ཅིག །རང་གཤེད་རང་ལ་ཕོབ་ཅིག །རང་སྲོག་རང་གིས་ཆོད་ཅིག །རང་ཤ་རང་གིས་ཟོ་ཤིག །རང་ཁྲག་རང་གིས་འཐུངས་ཤིག །ཁོ་རང་གི་ལྷ་སྲུང་ཐམས་ཅད་ཁོ་རང་གི་གཤེད་དུ་ཕོབ་ཅིག །བདག་གི་ཆོས་སྐྱོང་ཐམས་ཅད་ཁོའི་གཤེད་དུ་ཕོབ་ཅིག །མཱ་རཱ་ཡ་ཟློག་ཟློག །བྷྱོ་བྷྱོ། །ཞེས་ཐལ་མོ་བརྡབ་འཇམ་དཔལ་ལྡན་པའི་དམོད་པ་ཡིས། སོགས་ནས། །བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད། །དེ་ནས་ས་གཞི་ལ་ཨེ་ཉིས་རིམ་བྲིས་པའི་སྟེང་དུ་གཏོར་མའི་སྣོད་ཁ་སྦུབ་སྟེ་བཞག་ལ། །ལྕགས་ལས་གྲུབ་པའི་ཁང་བ་གྲུ་གསུམ་པ་མེ་རབ་ཏུ་འབར་བས་གང་བར་དགྲ་བགེགས་མཐའ་དག་གནས་པ། སྟེང་དུ་སུམ་ལས་སྐྱེས་པའི་རི་རབ་དང་། ཧཱུྃ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེས་མནན་པས་བསྐལ་པའི་བར་དུའང་། འབྱུང་བའི་སྐབས་མེད་པར་བལྟས་ལ། ཧཱུྃ། རྡོ་རྗེ་འབར་བའི་དཀྱིལ་འཁོར་དུ། །དམ་ཉམས་ལོག་པར་ལྟ་བ་འདི། །ཞེ་སྡང་གནས་སུ་བསྒྲལ་བའི་ལས། །འདི་ནི་ཞི་བའི་ཕྲིན་ལས་ཡིན། །ནག་པོ་ཆེན་པོ་ལྕམ་དྲལ་རྣམས། །ཞི་བའི་ལས་ལ་མངའ་མཛད་དེ། །ཞི་བས་ཐམས་ཅད་དབྱིངས་སུ་བསྒྲལ། །ཞི་བར་མ་གྱུར་འགའ་ཡང་མེད། །ཧཱུྃ། རིན་ཆེན་འབར་བའི༴། དམ་ཉམས༴ །ང་རྒྱལ༴

(༢༠༣)འདི་ནི་རྒྱས་པའི༴ ནག་པོ༴ །རྒྱས་པའི་ལས༴ །རྒྱས་པས༴ །རྒྱས་པར་མ་གྱུར༴ །ཧཱུྃ། པདྨ་འབར་བའི༴ །དམ་ཉམས༴ །འདོད་ཆགས༴ །འདི་ནི་དབང་གི༴ །ནག་པོ༴དབང་གི་ལས༴ །དབང་གིས༴ །དབང་དུ་མ་གྱུར༴ །ཧཱུྃ། རལ་གྲི་འབར་བའི༴ །དམ་ཉམས༴ །ཕྲག་དོག༴ །འདི་ན་དྲག་པོའི༴ །ནག་པོ༴ །དྲག་པོའི་ལས། དྲག་པོས༴ །སྦྲལ་བར་མ་གྱུར༴ །ཧཱུྃ། འཁོར་ལོ་འབར་བའི༴ །དམ་ཉམས༴ །གཏི་མུག༴ །འདི་ནི་ལས་བཞིའི་ཕྲིན་ལས་ཡིན། །ནག་པོ༴ །ལས་བཞིའི་ལས༴ །ལས་བཞིས༴ །དབྱིངས་སུ་མ་བསྒྲལ་འགའ་ཡང་མེད། །ཨོཾ་མ་ཧཱ་ཀཱ་ལ་རུ་རུ་རཀྨོ་སརྦ་ཤཱནྟི༚པུ་ཥྚི༚་ཝ་ཤཾ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་ཕྱོགས་བཞི་དང་དབུས་སུ་བྲོ་བརྡུང་ཞིང་། །གཏོར་སྣོང་ཁ་གྱེན་དུ་བསྟན་ལ། །རྣལ་འབྱོར་བདག་ཅག་བྱང་ཆུབ་ཆེ། །བླ་མེད་འགྲུབ་ཅིང་འདིར་ནི་ཡང་། །ཚེ་དང་བསོད་ནམས་དཔལ་འབྱོར་བཟང་། བདེ་ལེགས་ཆེན་པོས་གང་གྱུར་ཅིག །ཅེས་བརྗོད་ལ་ནང་དུ་འགྲོ། །ལང་པའམ་འདུག་གྱང་རུང་སྟེ། དགའ་སྤྲོ་དང་བཅས་པས། ཀྱཻ། མངོན་སྤྱོད་ལམ་དུ་བྱེད་པ་ཡི། །རིག་འཛིན་རྣལ་འབྱོར་ཆེན་པོ་བདག །ཞེ་སྡང་དགྲ་ཡི་གཡུལ་ངོ་ལས། །ད་ནི་རྒྱལ་ལོ་རྣམ་པར་རྒྱལ། །དཀྱིལ་འཁོར་ལས་དུ༴ །རིག་འཛིན༴ །ཕུད་པོའི་བདུད་ཀྱི༴ །ད་ནི༴ །དུག་ལྔ་ལམ་དུ༴ །རིག༴ །ཉོན་མོངས་བདུད་ཀྱི༴ །ང་ནི༴ །རོ་སྙོམས་ལམ་དུ༴

(༢༠༤)རིག༴ །ལྷ་ཡི་བུ་ཡི་བདུད་དཔུང་ལས། ད་ནི༴ བདུད་རྩི་ལམ་དུ༴ རིག༴ འཆི་བདག་བདུད་ཀྱི༴ །ད་ནི་རྒྱལ་ལོ་རྣམ་པར་རྒྱལ། །ཞེས་བརྗོད། དེ་ནས་དངོས་གྲུབ་བླང་བ་ནི། མདུན་བསྐྱེད་ཀྱི་གཙོ་བོའི་ན་བཟའི་སུལ་རྣམས་ནས་རིན་པོ་ཆེ་སྣ་ཚོགས་པའི་ཆར་དང་། གཞན་ཡང་གནས་གསུམ་ནས་ཅི་འདོད་པའི་དངོས་གྲུབ་སྐུ་གཟུགས། །སྙིང་པོ། ཕྱག་མཚན་གྱི་རྣམ་པ་སོགས་འཕྲོས་ནས་རང་ཉིད་ལ་ཐིམ་པར་དམིགས་པ། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས། །ཡེ་ཤེས་མགོན་པོ་འཁོར་དང་བཅས། །འདིར་གཤེགས་བདག་ལ་དགོངས་ནས་ཀྱང་། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་ནས། །སྲས་མཆོག་ནག་པོ་འཇིགས་པའི་གཟུགས། །འདིར༴ །བྱིན་གྱིས༴ །རི་རབ་མཆོག་གི་སྟེང་ཤེད་ནས། །འཇིག་རྟེན་མགོན་པོ་གཟི་བརྗིད་ཅན། །འདིར༴ །བྱིན་གྱིས༴ །མཐོང་བ་ཙམ་གྱིས་བདུད་ཀྱི་དཔུང་། །ཀུན་ནས་སྐྲག་པར་བྱེད་པ་ཡི། །མ་ཧཱ་ཀཱ་ལ་ཁྱོད་ཀྱི་ཞལ། །བདག་ལ་དེ་རིང་བསྟན་དུ་གསོལ། །ལས་བཞི་གྲུབ་པ་ཆེན་པོ་བརྒྱད། །སྐད་ཅིག་ཡུད་ཀྱིས་འགྲུབ་བྱེད་པ། །སྔགས་ཀྱི་དངོས་གྲུབ་ཆེན་པོ་དེའང་། །བདག་ལ་དེ་རིང་སྩལ་དུ་གསོལ། །བྱམས་པའི་ཐུགས་ཀྱིས་བདག་ལ་དགོངས། །བརྩེ་བའི་སྤྱན་གྱིས་བདག་ལ་གཟིགས། །ལུང་བསྟན་རྗེས་སུ་གནང་བ་ཡི། །བཀའ་

(༢༠༥)སྩལ་བདག་ལ་གནང་དུ་གསོལ། །བྷྱོ། མ་ཅིག་སྨིན་མཚམས་མཛོད་སྤུ་ཡི། །འོད་ཟེར་གྱི་ནི་དྲ་བ་ལས། །སྐུ་ཡི་སྤུལ་པ་གྲངས་མེད་འགྱེད། །དཔལ་ལྡན་ལྷ་མོ་རེ་མ་ཛ། །ཕྱོགས་བཅུ་ནམ་མཁའི་བདུད་བཅོམ་ནས། །སྐུ་ཡི་དངོས་གྲུབ་སྩལ་དུ་གསོལ། །མ་ཅིག་ལྗགས་ཀྱི་དབང་པོ་ཡི། །འོད་ཟེར༴ །གསུང་གི༴ །དཔལ་ལྡན་ལྷ་མོ་རེ་མ་ཛུ། ཕྱོགས་བཅུ༴ །གསུང་གི་དངོས་གྲུབ༴ །མ་ཅིག་ཐུགས་ཀྱི་དཔལ་བེའུ་ཡི། །འོད་ཟེར༴ །ཐུགས་ཀྱི༴ །དཔལ་ལྡན་ལྷ་མོ་རེ་མ་ཏི། །ཕྱོགས་བཅུ༴ །ཐུགས་ཀྱི་དངོས་གྲུབ༴ཨོ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་སརྦ་སིདྡྷི་ཕ་ལ་ཧཱུྃ། །སིདྡྷི་ས་མ་ཡ་ཧཱུྃ་ཨཱཧཱུྃ། དེ་ནས་ལས་ཀྱི་རྡོ་རྗེས་ཚོགས་ཕུད་ལག་པ་གཡས་སུ་ཐབས་ཀྱི་རྫས་བཟའ་བ་དང་། །གཡོན་དུ་ཤེས་རབ་ཀྱི་རྫས་བཏུང་བ་འཛིན་པས། ལག་པའི་མཁྲིག་མ་བསྣོལ་ཏེ་དཀྱིལ་འཁོར་གྱི་མདུན་དུ་གུས་པ་དང་བཅས་པས། དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ། །ཞེས་ལན་གསུམ་དང་། ཐམས་ཅད་ཀྱིས། བླ་མ་རྗེ་བཙུན་དཀྱིལ་འཁོར་དབང་ཕྱུག་མཆོག །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་ལ། །རྒྱལ་བའི་དམ་ཚིག་དངོས་གྲུབ་ཀུན་གྱི་གཞི། །བདུད་རྩི་ཚོགས་མཆོད་འབུལ་གྱི་བཞེས་སུ་གསོལ། །ཞེས་མཆོད་ཅིང་། །རྡོ་རྗེ་སློབ་དཔོན་གྱི་དྲུང་དུ། དཔའ་བོ་ཆེན་པོ་དགོངས་སུ་གསོལ། །གཟིགས་ཤིག་མཛེས་

(༢༠༦)ལྡན་དམ་པའི་ཆོས། །འདི་ལ་རྣམ་རྟོག་བྱར་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཞེས་དྲངས་ལ་སློབ་དཔོན་གྱིས་ཀྱང་། བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འདོད་ཆགས་དྲི་མ་དང་བྲལ་བ། །གཟུང་དང་འཛིན་པ་རྣམ་པར་སྤངས། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཞེས་བརྗོད་ཅིང་བླངས། །གཞན་རྣམས་ལའང་། །གཟིགས་ཤིང་མཛེས་ལྡན་དམ་པའི་ཆོས། །སོགས་བརྗོད་ཅིང་དྲངས། །བདེ་བར་གཤེགས་པ་ཆོས་ཀྱི་སྐུ། སོགས་བརྗོད་ཅིང་བླངས། །ཇི་ཙམ་འོས་པའི་ཕུད་བཞག་ལ་ལོངས་སྤྱོད་ཅིང་། །དེ་ནས་ལས་ཀྱི་རྡོ་རྗེས་ཕུད་དང་ལྷག་མ་རྣམས་སྣོད་གཅིག་ཏུ་བསྡུས་པར་སློབ་དཔོན་གྱི་ཁ་བཤལ་བའི་ཆང་གིས་དྲན་པ་བཤམས་ཤིང་། །ཕྱག་བཙལ་ལ། དཀྱིལ་འཁོར་ལྷ་ཡི་བཀའ་སྒྲུབ་ཅིང་། །ལྷག་མའི་ཟས་ལ་སྤྱོད་བྱེད་པ། །མི་བསྲུན་མཁའ་འགྲོ་ཕོ་ཉ་ལ། །ལྷག་མའི་གཏོར་མ་སྦྱིན་དུ་གསོལ། །ཞེས་གསོལ་བ་བཏབ། །ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཟའ་བཏུང་སྣ་ཚོགས་ཀྱི་ཕུད་ལྷག་བཤལ་ཆུའི་གཏོར་མ་བསམ་གྱིས་མི་ཁྱབ་པར་གྱུར། །ཨོཾ་སརྦ་ཨུ་ཙྪི་ཥྚ་བ་ལི༚་ཏ་བྷ་ཀྵ་སི་སྭཱ་ཧཱ། ལས་ཀྱི་མཁའ་འགྲོ། །འཇིག་རྟེན་མཁའ་འགྲོ། །ཤ་ཟ་མཁའ་འགྲོ། །མཁའ་འགྲོ་ཕོ་ཉའི་ཚོགས་རྣམས་ལ་འབུལ་ལོ། །ཕུད་ལྷག་བཤལ་ཆུའི་གཏོར་མ་འདི་བཞེས་ཤིང་ཚིམ་པར་མཛོད་ལ། བསྟན་

(༢༠༧)། པ་བསྲུང་བ་དང་། །རྣལ་འབྱོར་པ་སྐྱོང་བ་དང་། དགྲ་བགེགས་འདུལ་བའི་ཕྲིན་ལས་མཛོད་ཅིག །ཅེས་བརྗོད་དེ་རོལ་མོ་དང་བཅས་པས་ཕྱི་རོལ་དུ་དོར་རོ། །དེ་ནས་སྔར་བཞིན་མཆོད་པ་བྱིན་གྱིས་བརླབས་ནས། །ཨོཾ་ཁྲག་གི་རྒྱ་མཚོ་སོགས་རྒྱས་བསྡུས་གང་ཡང་རུང་བས་མཆོད་ཅིང་། །ཧཱུྃ། ཌཱ་ཀཱི་བྱེ་བ་འབུམ་གྱིས་རབ་བཏུད་ཅིང་། །བཅོམ་ལྡན་རྡོ་རྗེ་བདེ་མས་ཡང་དག་འཁྱུང་། །བདེ་ཆེན་ལྷུན་གྲུབ་མི་ཕྱེད་གོ་འཕང་བརྙེས། །རྒྱལ་བ་ཀུན་ཡབ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། དེ་ནས་ལྷག་ཆད་ལ་སོགས་པ་དང་དམ་ཚིག་གི་ཉེས་ལྟུང་བཤགས་ཤིང་བཟོད་པར་གསོལ་བ་ནི། ཧཱུྃ། དོན་དམ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེའི་ཐབས་ཀྱིས་སྤྲུལ་པའི་སྐུར་སྟོན་ཅིང་། །སྨོན་ལམ་དབང་གིས་གདུག་པའི་ཚུལ་འཛིན་པ། །དཔལ་ལྡན་འཁོར་བཅས་བདག་ལ་དགོངས་སུ་གསོལ། །ཐོག་མེད་དུས་ནས་མ་རིག་དབང་གྱུར་པས། །མི་ཤེས་སྒྲིབ་པ་ལེ་ལོའི་དབང་གིས་ནི། །ཐམས་ཅད་མཁྱེན་པའི་ལམ་ལས་འགལ་བ་རྣམས། །སྤྲུལ་པ་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛོད། །ད་ལྟ་བདག་བློ་དམན་པའི་དབང་གྱུར་ཏེ། །བསྐྱེད་རྫོགས་ཏིང་འཛིན་ཡན་ལག་མ་ཚང་དང་། །གསང་སྔགས་གྲངས་ཉུང་ལོག་པར་གྱུར་པ་རྣམས། །ལས་ཀྱི་མགོན་པོའི་ཚོགས་ཀྱིས་བཟོད་པར་མཛོད། །སྒོ་གསུམ་སྙོམ་ལས་

(༢༠༨)ལེ་ལོའི་དབང་གིས་ནི། །དམ་རྫས་མ་ཚང་གཏོར་མའི་ཕུད་ཉམས་དང་། །འགལ་དང་ནོར་འཁྲུལ་ཆད་ལྷག་གྱུར་པ་རྣམས། །འཇིག་རྟེན་ཕོ་ཉའི་ཚོགས་ཀྱིས་བཟོད་པར་མཛོད། །དེ་ལྟར་གསོལ་བའི་ཐུགས་རྗེའི་འོད་ཟེར་གྱིས། །བདག་གི་ཉེས་པའི་ཚོགས་རྣམས་དག་པ་དང་། །རྒྱལ་བའི་བསྟན་པ་ཡུན་དུ་བསྲུང་བ་དང་། །དགྲ་བགེགས་འདུལ་བའི་མཐུ་རྩལ་དངོས་གྲུབ་སྩོལ། ༈ །བྷྱོ། རླུང་ནག་དགུ་ཀློང་འཁྱིལ་བའི་དཀྱིལ་འཁོར་དུ། །དཔལ་གྱི་བཀའ་སྡོད་ཉེ་བའི་སྙིང་ཉེ་མ། །རྒྱལ་བའི་གདུང་འཚོབ་ཁམས་གསུམ་བདུད་འདུལ་བ། །དབང་ཕྱུག་ལྷ་མོ་དཔོན་གཡོག་བདག་ལ་དགོངས། །འདའ་བཀའ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར། །ཡོངས་སུ་མི་གཏོང་འདའ་བར་མ་བགྱིད་ཀྱང་། །ཀློང་དུ་མ་གྱུར་གོམས་པའི་ཤུགས་ཆུང་བས། །ལྟ་བ་འཕངས་དམའ་ཆོས་ཉིད་དོན་མ་རྟོགས། །སྒོམ་པ་ཡུན་ཐུང་ལྷ་མོའི་ཞལ་མ་མཐོང་། །སྙིང་པོ་གྲངས་ཉུང་གྲྭ་ཆག་ཟུར་ཉམས་དང་། །ཉམས་དང་ཚོགས་འདྲེས་ཉམས་པས་གང་བ་དང་། །ཉམས་དང་གཏམ་བྱས་ཁ་འཕྲོ་བསྲེས་པ་དང་། །ཁས་བླངས་དམ་བཅས་དུས་ལས་ཡོལ་བ་དང་། །དམ་རྫས་མ་ཚང་གཏོར་མའི་ཕུད་ཉམས་དང་། །སྒྲུབ་ལ་མི་བརྩོན་ལེ་ལོས་གཡེངས་པ་དང་། །གསང་བའི་མན་ངག་གཞན་ལ་སྤེལ་བ་

(༢༠༩)། རྣམས། །རབ་ཏུ་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་ལོ་མཐོལ་ལོ་ཡེ་ཤེས་མ་མོའི་ཚོགས། །བཤགས་སོ་བཤགས་སོ་འཇིག་རྟེན་ཕོ་ཉ་རྣམས། །ཐུགས་རྗེ་ཆེན་པོས་ཚང་པར་སྩལ་དུ་གསོལ། །ཨོཾ་ས་མ་ཡ། ཨས་མ་ཡ། ཧཱུྃ་ས་མ་ཡ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ཀྵ་བཻ་ཏ་ལི་ཧཱུྃ་ཛཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས་དང་། །ཚེ་རབས་ཀུན་ནས་རྒྱལ་བས་དབང་བསྐུར་ཅིང་། །ཚེ་རབས་ཀུན་ཏུ་བསྟན་པ་བསྲུང་མཛད་པའི། །མགོན་པོ་མཐུ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །ན་མོ་ཨཱ་ཀྲི་ནི། ན་མོ་ཡོ་ཏྲི་ནི། ན་མོ་ཏ་ཀྲི་ནི། ཏདྱ་ཐཱ། ཨོཾ་ཧི་ལི་ཧི་ལི། ཀི་ཏི་ཙི་ཏེ། ནི་ཏི་པ་ཏ་ཡེ་སྭཱ་ཧཱ། ཚེ་རབས་སྔོན་ནས་ད་ལྟ་ཕན་ཆད་དུ། །རྒྱལ་བའི་བསྟན་པ་བསྲུང་བར་དམ་བཅས་པ། །ད་ལྟ་དེང་འདིར་བསྟན་པ་རྒྱས་པ་དང་། །བདག་ཅག་རྣལ་འབྱོར་འཁོར་དང་བཅས་པ་ཡི། །ཕྱི་ནང་བར་ཆད་ཐམས་ཅད་ཞི་བར་ཤོག །སྨོན་ལམ་གདབ་པ་ནི། མ་འོངས་པ་ན་ལུང་བསྟན་པ། །དེ་བཞིན་གཤེགས་པ་ཐལ་བ་ཡི། །དབང་པོ་ཞེས་བྱར་གྱུར་པའི་ཚེ། །གདུག་ཅིང་རྩུབ་པའི་གདུལ་བྱ་རྣམས། །འདྲེན་པའི་ཞབས་དྲུང་སྐྱེས་ནས་ཀྱང་། ཆོས་ཀྱི་བདུད་རྩི་འཐུང་བར་ཤོག ༈ །བདག་ནི་མངོན་པར་བྱང་ཆུབ་སྟེ། །རང་རིག་ཡེ་ཤེས་མངོན་གྱུར་ནས། །སངས་རྒྱས་བསྟན་པ་བསྲུང་སླད་དུ། །ཁྱོད་དང་མི་འབྲལ་འགྲོགས་པར་ཤོག །ཅེས་དང་།

(༢༡༠)བསྡུས་པ་ཡིན་ན། །མ་འབྱོར་བ་དང་ཉམས་པ་དང་། །ཞེས་སོགས་ཀྱི་མཐར། །བདག་ནི་མངོན་པར་བྱང་ཆུབ་སྟེ། ཞེས་པའི་ཤོ་ལོ་ཀ་གཅིག་པུ་བརྗོད། བསྡུ་བའི་ཚེ། རྟེན་ཡོད་ན། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །དགེ་བ་འདི་ཡིས་མྱུར་དུ་བདག །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཡང་ན། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། བཛྲ་མུ དམ་ཚིག་པ་རྣམས་རང་གི་སྙིང་གར་ཐིམ་པར་གྱུར། ཨོཾ་ཨཱཧཱུྃ། མཆོད་སྦྱིན་གནས་འདིར་གང་ལྷགས་པའི། །འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་འཁོད་པ་དང་། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐམས་ཅད་འགྲོ་བར་གྱིས། །སརྦ་བྷཱུ་ཏ་གཙྪ། བཀྲ་ཤིས་བརྗོད་པ་ནི། ཨོཾ། སྔོན་ཚེ་བཅོམ་ལྡན་ཐུབ་པའི་བསྟན་པ་ལ། །ཞི་བ་ལོ་ལེགས་བཀྲ་ཤིས་ལྗངས་འཁྲུངས་ཏེ། །རྡོ་རྗེ་གདན་གྱི་དྲུང་དུ་ཚེ་གསོལ་བས། །བདུད་རྩི་སྤེལ་

(༢༡༡)། མཛད་དགེ་བའི་ལོ་ཏོག་སྨིན། །དེ་བཞིན་དེང་འདིར་བདག་ཀྱང་བཀྲ་ཤིས་ཤོག །འཇིག་རྟེན་འདི་ཡི་ཀྲ་ཤིས་མཆོག་རབ་ནི། །བདག་ཅག་ལུས་ལ་རྒས་རྒུད་མི་འབྱུང་ཞིང་། །ཚེ་འདིར་བདེ་བསྐྱིད་ཕུན་སུམ་ཚོགས་པ་ཡི། །དཔལ་དང་ལྡན་པའི་བཀྲ་ཤིས་ཐོབ་པར་ཤོག །འཁོར་བའི་འཇིག་རྟེན་སྡུག་བསྔལ་འདས་ནས་ནི། །འོག་མིན་ལྷུན་ཀྱིས་གྲུབ་པའི་གནས་མཆོག་ཏུ། ངེས་པའི་དོན་མཆོག་མན་ངག་སྟོན་པ་ལ། །བཀའ་དྲིན་ཅན་གྱི་རྡོ་རྗེ་སློབ་དཔོན་དང་། །ལུ་གུ་རྒྱུད་དང་འབྲེལ་བའི་མཆེད་ལྕམ་རྣམས། །དུས་གསུམ་འདུ་འབྲལ་མེད་པར་འགྲོགས་པ་དང་། །རྟག་ཏུ་སྐྱེ་ཤི་འཕོ་འགྱུར་མེད་པ་ཡི། །བླ་མེད་སྐུ་གསུང་ཐུགས་སུ་འགྲུབ་པར་ཤོག །བདག་ནི་ལྕམ་བྲལ་ཐུགས་ཀྱི་དཀྱིལ་འཁོར་དུ། །འགྱུར་བ་མེད་པར་ལྷུན་གྱིས་གྲུབ་པ་དང་། །རབ་འབྱམས་རྒྱལ་བའི་བཀའ་ལ་དབང་ཐོབ་པའི། །འགྲོ་ཀུན་དཔལ་དུ་འགྱུར་བའི་བཀྲ་ཤིས་ཤོག །དཀྱིལ་འཁོར་གཞལ་ཡས་འདིར་ཡང་བཀྲ་ཤིས་ཤིང་། །ཉིན་ཡང་བཀྲ་ཤིས་དཔལ་འབར་ཏ་ལ་ལ། །མཚན་ཡང་བཀྲ་ཤིས་དཔལ་འབར་ཀྱི་ལི་ལི། །ཉིན་མཚན་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཤོག །མངྒ་ལཾ་སིདྡྷི་ཛ་ཡ་ཨ་ལ་ལ་ཧོ། །ཆོས་ཐམས་ཅད་སྐྱེ་བ་མེད་པར་ཡིད་ལ་བྱས་ཏེ། །ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཱཾ་ཨཱ་ཧྱ་

(༢༡༢)ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཧཱུྃ་ཕཊ་སྭཱ་ཧཱ། མཆོད་གཏོར་ལ་སོགས་པ་རྣམས་བསལ་ཞིང་གཞན་དུ་མི་འཁྱར་བར་དངོས་གྲུབ་ཏུ་བླང་བ་དང་། གཙང་བའི་གནས་སུ་སྥ་ཞིང་བཞག་པར་བྱའོ། །སྤྱིར་སྒྲུབ་པ་དང་། སོ་སོར་སྒྲུབ་པའི་ཐབས་ཀྱང་མི་འགལ་ཞིང་། རྒྱས་པ་དང་། འབྲིང་དང་། བསྡུས་པའི་ཁྱད་པར། གསལ་ལ་འཇུག་བདེ་བར་དཔལ་འབྱོར་དོན་གྲུབ་ལ་སོགས་པས། ཡང་ཡང་བསྐུལ་བའི་སླད་དུ། ༧ཤཱི་ཨཱ་དརྵ་ཨནྜཱི་ཞེས་བྱ་བའི་ཀརྨ་པས་དཔལ་ཙཱ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོ་བདེ་ཆེན་རིགས་འདུས་གྱི་ཕོ་བྲང་ལ་སོགས་པར་བྲིས་པའོ། །ཞེས་རྗེ་མཐོང་བ་དོན་ལྡན་གྱིས་མཛད་པའི་ཚོག་རྒྱས་པ་ལས། ༧ཞྭ་དམར་གཅོད་པན་འཛིན་པའི་མཚོན་གྱི་བྱིན་གྱིས་བརླབས་པ་དཀོན་མཆོག་འབངས་ཀྱིས་བསྡུས་པའི་དགེ་བས་རྒྱལ་བའི་བསྟན་པ་ཡུན་རིང་དུ་གནས་པར་གྱུར་ཅིག །ཨོཾ་བདེ་ལེགས་སུ་གྱུར་ཅིག །བསྐལ་པ་མང་པོའི་སྔོན་ནས་དམ་བཙན་ཅིང་། །འཇིག་རྟེན་མི་ཁོམ་མ་རིག་མུན་བཅོམ་ཕྱིར། །ཞེ་སྡང་ཆེན་པོས་བསྒྲལ་དང་སྒྲོལ་བྱེད་ཀྱི། །ཡེ་ཤེས་དབྱིངས་ལས་སྙིང་རྗེའི་སྐུར་བཞེང་པ། །མ་རིག་དུག་མཚོ་རྨངས་རྡོལ་ཆོས་ཀྱི་དབྱིངས། །བརྟགས་འཛིན་ཞིང་བཅུའི་ཚོགས་རྣམས་འཇོམས་མཛད་པ། །མ་ཧཱ་ཀ་ལ་སྲས་མཆོག་བེར་གྱི་མགོན། །ཆོས་སྐུ་ཡེ་རྫོགས་མངོན་པར་བྱང་ཆུབ་ཀྱང་། །ལས་མགོན་ཚུལ་འཛིན་དྲེགས་བྱེད་དགྱེས་བསྐང་ཕྱིར། །ལས་བཞི་ཕྲིན་ལས་རྒྱལ་བསྟན་སྲུང་བའི་སྐུར། །མངོན་རྟོགས་མ་ཚང་མེད་པ་སྤར་བསྐྲུན་འདི། །འོག་མིན་དང་པོ་ཀརྨའི་གདན་ས་རུ། །

(༢༡༣)། རུམ་བཏེག་དགོན་སྙིང་འདུས་སྤྱི་རྣམས་དགེ་ཀྱིས། །ཡོན་སྦྱར་པོ་རྣམས་དེ་དགེས་རྟག་སྐྱོངས་ཞིང་། །བསྟན་འཛིན་སྐྱེས་བུ་གང་ན་སུ་བཞུགས་རྣམས། སྐུ་ཚེ་ཡུན་བརྟན་མཛད་ཕྲིན་རྣམས་རྒྱལ་ཕྱིར། །ཕྲིན་ལས་མ་ལུས་ལྷུན་གྱིས་འགྲུབ་གྱུར་ཅིག །ཅེས་པའང་གསུང་རབ་ཉམས་གསོའི་སྤར་ཁང་གི་འགོ་བྱེད་ནས་ལྷ་རྫས་དྲི་མེད་དང་བཅས་བསྐུལ་བ་ལྟར་དཔལ་ཀརྨའི་མཚན་འཛིན་བཅུ་དྲུག་པས་བྲིས་པ་མངྒ་ལཾ།། །།

(༢༡༤)དཔལ་ལྡན་ལྷ་མོའི་སྐང་བ་རིམས་ནད་ཞི་མཛད་བཀྲ་ཤིས་ཤ་ཝ་རི་བདུད་རྩིའི་ཆར་རྒྱུན་བི་ཧཱ་ར། ༈བྷྱོབྱང་ཤར་ཆོས་དབྱིངས་ཕོ་བྲང་དམ་པ་འདིར། །རྒྱལ་བའི་བསྐྱེད་ཡུམ་ལྷ་མོ་དུད་སོལ་མ། །ཡམས་ནད་ཞི་མཛད་བཀྲ་ཤིས་ཤ་ཝ་རི། །བདུད་རྩི་སྨན་གྱི་རྒྱལ་མོའི་ཐུགས་དམ་བསྐང་། །དབང་ཕྱུག་སྲས་མོ་དཀར་མོ་དུད་སྐྱོང་མ། །མགོན་པོའི་ལྕམ་གཅིག་དཔལ་ལྡན་རང་བྱུང་མ། །སྲིད་པའི་རྒྱལ་མོ་སྲིད་པ་གསུམ་ཀྱི་བདག །ས་བརྒྱད་སེམས་མ་ཆེན་མོའི་ཐུགས་དམ་བསྐང་། གསང་སྔགས་སྲུང་མ་སྔགས་སྲུང་རལ་གཅིག་མ། །དཔག་བསམ་ཤིང་གི་བདག་མོ་འོད་ཟེར་ཅན། །ཨུ་རྒྱན་གནས་ཀྱི་གཙོ་མོ་ཕག་ཞལ་ཅན། །དཀྱིལ་འཁོར་ཀུན་གྱི་གཙོ་མོའི་ཐུགས་དམ་བསྐང་། །མི་མངོན་དབྱིངས་ན་ངོ་བོ་གཅིག་ཉིད་དེ། །ངོ་བོ་གཅིག་ལས་སྤྲུལ་པ་སྟོང་ཕྲག་འགྱེད། །སྤྲུལ་པ་རེ་ལ་ཕྱག་བརྙན་འབུམ་ཕྲག་རེ། ཁམས་གསུམ་ཀུན་ཁྱབ་ལྷ་མོའི་ཐུགས་དམ་བསྐང་། །ངོ་བོ་གཅིག་ལ་རྣམ་པ་དཔོན་གཡོག་ཚུལ། །བདུད་ཀྱི་བུ་མོ་ནག་མོ་རེ་མ་ཏི། །སྤྲུལ་པ་རེ་ཏི་མཆེད་བཞི་འཁོར་གཡོག་འབུམ། །མ་གཅིག་ལྷ་མོ་དཔོན་གཡོག་ཐུགས་དམ་བསྐང་། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་ནམ་མཁའ་ལྡིང་། །མི་འམ་ཅི་དང་གྲུལ་བུམ་བྲམ་ཟེ་མི། །ཀུན་གྱིས་བསྟོད་ཅིང་ཕྱག་བྱས་མངའ་

(༢༡༥)གསོལ་བའི། །སྲིད་གསུམ་འགྲན་བྲལ་ལྷ་མོའི་ཐུགས་དམ་བསྐང་། །དབྱིངས་ཀྱི་ཁྲོ་རྒྱལ་རྣམ་པར་སྣང་མཛད་དེ། །འགྲོ་བའི་དོན་དུས་བརྒྱད་སེམས་མར་སྤྲུལ། །འཇིགས་པའི་སྐུར་སྟོན་གདུག་པ་ཀུན་འདུལ་མ། །རབ་འཇིགས་ཁྲག་འཐུང་རྒྱལ་མོའི་ཐུགས་དམ་བསྐང་། །མིང་བརྒྱ་མཚན་སྟོང་རྣམ་འཕྲུལ་བསམ་མི་ཁྱབ། །རྫུ་འཕྲུལ་དཔག་མེད་མཐུ་རྩལ་ཐོགས་པ་མེད། །དམ་ཚིག་རྗེས་གཅོད་རྣལ་འབྱོར་དྲོད་ཚད་ཉུལ། །དམ་ལྡན་ལྷ་མོ་དཔོན་གཡོག་ཐུགས་དམ་བསྐང་། །དཀར་སེར་དམར་ལྗང་ཞི་དང་ཞི་མ་ཁྲོ། །སྣ་ཚོགས་སྐུ་དང་དེ་བཞིན་སྣ་ཚོགས་སྔགས། །སྣ་ཚོགས་ཕྲིན་ལས་དངོས་གྲུབ་ཀུན་འབྱུང་བའི། །ཡིད་བཞིན་ནོར་མཆོག་ལྷ་མོའི་ཐུགས་དམ་བསྐང་། །ཕྱི་ཡི་གནས་ཡུལ་ནང་གི་རྩ་རླུང་ཁམས། །གསང་བ་རང་གི་སེམས་དང་དབྱེར་མེད་ཅིང་། །འཁོར་འདས་ཀུན་ལ་ཁྱབ་ཅིང་དབང་བསྒྱུར་བའི། །ཀུན་ཁྱབ་ཀུན་བཟང་ལྷ་མོའི་ཐུགས་དམ་བསྐང་། །འདོད་པའི་ཁམས་ན་འདོད་ཆགས་ལས་གྱུར་པའི། །སྣང་སྲིད་མ་མོ་མཁའ་འགྲོ་ཅི་མཆིས་པ། །ཐམས་ཅད་ཁྱོད་ཀྱི་འཁོར་གཡོག་ཕོ་ཉ་སྟེ། །མོ་རྒྱུད་མ་མོ་ཡོངས་ཀྱི་ཐུགས་དམ་བསྐང་། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི། །ཉམས་ཆག་འགལ་འཁྲུལ་རྟོག་སྒྲིབ་ཅི་མཆིས་པ། །ལྷ་མོ་དཔོན་

(༢༡༦)གཡོག་འཁོར་དང་བཅས་ལ་བཤགས། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩལ་ནས་ཀྱང་། །ཡམས་ནད་རིམས་ནད་ཞི་བའི་ཕྲིན་ལས་མཛོད། །ཅེས་པ་འདི་གྲྭ་སློབ་རྣམས་རིམས་རྐྱེན་བྱུང་ནས་ཀརྨ་ཕྲིན་ལས་ཀྱིས་བརྒྱ་རྩ་བཅའ་དུས་རེག་སྔགས་པ་ཀརྨ་ཨ་རཱ་གས་བྲིས་པའོ། ༈ །འཁྲུགས་བསྐང་རྒྱུན་ཁྱེར་ནི། བྷྱོལྔ་བརྒྱ་དུས་ཀྱི་ཐ་མ་ལ། །གསང་སྔགས་བོན་དུ་གྱེར་བའི་ཚེ། །ཕ་ཟེར་བུ་ཡིས་མི་ཉན་དུས། །དུས་ངན་ཉེ་བ་འཐབ་པ་དང་། །གོས་ངན་རེ་ཐུལ་གྱོན་པ་དང་། །ཟས་ངན་ལྕི་བ་ཟ་བ་དང་། །སྡེ་འཁྲུགས་ནང་དམེ་བྱེད་པའི་དུས། །མ་མོ་ནག་མོ་ཐུགས་ཁྲོས་ནས། །བུད་མེད་སྣ་ཚོགས་སྟོང་ཁམས་གང་། །མི་ནད་ཕྱུགས་ནད་སྣ་ཚོགས་གཏོང་། །མཁའ་ལ་ནད་སྤྲིན་སྣ་ཚོགས་འཁྲིགས། །དུས་ཀྱི་འཁྲུགས་པ་སློང་བྱེད་མ། །མཚོན་གྱིས་བསྐལ་པས་འཇིག་བྱེད་མ། །གློ་བུར་མི་ལ་ལྷོག་རྒོད་འབེབས། །ཐོག་སེར་འབེབས་པའི་སྙིང་མོ་ཆེ། །ས་བདག་ཀླུ་གཉན་ཁྱོད་ཀྱི་འབངས། །ལྷ་སྲིན་སྡེ་བརྒྱད་ཁྱོད་ཀྱི་འཁོར། །ཁྱོད་ཀྱིས་མི་འདུལ་གང་ཡང་མེད། །ནད་ཀྱང་མ་མོ་ཁྱོད་ཀྱི་ནད། །རིམས་ཀྱང་མ་མོ་ཁྱོད་ཀྱི་རིམས། །ཁྲག་ཀྱང་མ་མོ་ཁྱོད་ཀྱི་ཁྲག །སྤྱི་བདུད་ནད་ཀྱི་ཁ་ལོ་སྒྱུར། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང་། །དམ་རྫས་བདུད་རྩིའི་གཏོར་མ་དང་། །བསྟེན་

(༢༡༧)རྫས་བསྐང་རྫས་བསྒྲུབ་རྫས་ཀྱིས། །འཁྲུགས་པའི་མ་མོའི་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་ས་མ་ཡ། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་ཁ་ཆོད་ལ་རིམས་ཁ་བསྒྱུར། །ཁྲམ་ཁ་ཕྱིས་ལ་ཤོ་རྡེལ་སྤོས། །ནད་གདོན་བར་ཆད་བསྒྱུར་དུ་གསོལ། །མོ་ངན་མཚེར་རྩུབ་བསྒྱུར་དུ་གསོལ། །ཕོ་བདུད་དལ་ཁ་གཡས་སུ་བསྒྱུར། །མོ་བདུད་དལ་ཁ་གཡོན་དུ་བསྒྱུར། །སྤྱི་བདུད་དལ་ཁ་མཁའ་ལ་བསྒྱུར། །བཟློག་བསྒྱུར་ཆེན་པོའི་དུས་ལ་བབས། །དུས་ལ་བབས་པོ་ས་མ་ཡ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཐོགས་མེད་དུས་ནས་མ་རིག་དབང་གྱུར་པའི། །མི་ཤེས་སྒྲིབ་པ་ལེ་ལོའི་དབང་གིས་ནི། །ཐམས་ཅད་མཁྱེན་པའི་ལམ་ལས་འགལ་བ་རྣམས། །སྤྲུལ་པ་མཁའ་འགྲོའི་ཚོགས་ཀྱིས་བཟོད་པར་མཛོད། །ཅེས་མན་ངག་གི་ཡི་གེ་བརྒྱ་པ་དང་། ལག་གཡས་མཛུམ་མོ་སྲིན་ལག་གཉིས་མཐིལ་དུ་བཀུག །མཐེ་བོང་གུང་མོ་མཐེའུ་ཆུང་གསུམ་བསྒྲེང་ལ་ཕྱར་བ་ཏྲི་ཤཱུ་ལའི་ཕྱག་རྒྱས། །ཧཱུྃ་ཕཊ་མ་ཧཱ་དེ་ཝཱི་ཀཱ་ལི། དུཥྚ་ན་ཏ་ཀ་ཧཱ་ནཾ་ད་ཧ་རུ་ལུ་བྷནྡྷ་པ་ཙ་པ་ར་ན་ཧཱུྃ་ཕཊ། ཅེས་མཚན་ངན་བཟློག་གོ། །ལག་གཉིས་སོར་མོ་བཅུ་བསྡུས་ནས་ཁོག་པ་ཟླུམ་པོ་བདུད་རྩི་བུམ་པའི་ཕྱག་རྒྱས། ཨོཾ་བཛྲ་དྷཱ་ཀི་ནི། དེ་ཝཱི་མ་ཧཱ་ཀཱ་ལཱི་རེ་མ་ཏི། །ཀཱ་ཡ་ཝཱཀྐ་ཙིཏྟ་སིད་དྷི་ས་མཱ་ཡ་ཕ་ལ་ཨ་ཝེ་ཤ་ཡ་ཨ། ཞེས་པ་བདེ་བསྡུས་པ་ལ་དགའ་བའི་མངོར་ཨཱ་རཱ་གས་བསྒྲིགས་པའོ། །མངྒ་ལཾ། །

(༢༡༨)ལྷ་སྨན་བཀྲ་ཤིས་ཚེ་རིང་མ་མཆེད་ལྔའི་བསྐང་བ་བཞུགས་སོ། །

(༢༡༩)སྭ་སྟི་ཛ་ཡནྟུ། འདིར་ལྷ་སྨན་བཀྲ་ཤིས་ཚེ་རིང་མ་མཆེད་ལྔའི་མཆོད་གཏོར་དང་སྦྲེལ་བའི་བསྐང་བ་བགྱིད་པར་སྤྲོ་ན། བསྐང་རྫས་གཏོར་མ་ལ་སོགས་འདུ་བྱས་ནས། ཨོཾ་ཨཱབིགྷ།།།ནྟ་ཀྲི་ཏ་ཧཱུྃ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨཱལས་ཡེ་ཤེས་ཀྱི་ཀ་པཱ་ལའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཞུ་ཞིང་ཡེ་ཤེས་ཀྱི་བདུད་རྩི་དང་འདྲེས་པར་གྱུར་པའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོ་དང་། གཞན་ཡང་ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ་བཀྲ་ཤིས་པའི་རྫས་རྣམས་དང་བརྟེན་རྫས་བསྒྲུབ་རྫས་མཆོད་རྫས་པས་བསམ་གྱིས་མི་ཁྱབ་པ་ཟག་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་ནམ་མཁའི་དབྱིངས་ཐམས་ཅད་གང་བར་གྱུར། །ཨོཾ་ཨཱཧཱུྃ་གསུམ། ཨོཾ་བཛྲ་སྥ་ར་ཎ་ཁཾ་གསུམ། ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་ཨཱཧཱུྃ་གི་བར་བརྗོད་པས་བྱིན་གྱིས་བརླབས། ཧཱུྃ། མཁའ་དབྱིངས་བདེ་བ་ཆེན་པོའི་ཀློང་། །འགྱུར་མེད་རང་རིག་འོད་གསལ་མདངས། །བདུད་རྩི་རཱ་ས་ཡ་ནའི་དངོས། །མཆོད་སྤྲིན་རྒྱ་མཚོ་དཀྲིགས་པ་འདིས། །བདེ་ཆེན་ཞིང་མགོན་རྒྱལ་ཀུན་དངོས། །ཚེ་མཐའ་ཡས་པའི་ཐུགས་དམ་བསྐང་། །གྲུབ་པ་ཡོངས་ཀྱི་འཁོར་ལོས་བསྒྱུར། །འཆི་མེད་པདྨའི་ཐུགས་དམ་བསྐང་། །རྒྱལ་བས་ལུང་བསྟན་སྤྱོད་པ་འཆང་། །ཀ་ཧྣ་པ་ཡི་ཐུགས༴། བདེ་ཆེན་མཆོག་གི་དངོས་གྲུབ་བརྙེས། །བཞད་པ་

(༢༢༠)

(༢༢༡)རྡོ་རྗེའི་ཐུགས་དམ་བསྐང་། །ཤེས་རབ་བདག་ཉིད་ཡུམ་ཆེན་གཙོ། །རྡོ་རྗེ་བཙུན་མོའི་ཐུགས་དམ་བསྐང་། །གང་སྤྲུལ་རྡོ་རྗེ་ཁྲོ་མོ་ནི། །ཉི་ཟླ་ཐོད་ཕྲེང་ཐུགས་དམ་བསྐང་། །ལེགས་ལྡན་ཚོགས་ཀྱི་བདག་པོའི་ཡུམ། །དབང་མོ་ཆེ་ཡི་ཐུགས་དམ་བསྐང་། །བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ། །རྡོ་རྗེ་མི་འགྱུར་དཔལ་གྱི་ཡུམ། །སངས་རྒྱས་མཁའ་འགྲོའི་ངོ་བོ་ཉིད། །ལྷ་སྨན་རྒྱལ་མོའི་ཐུགས་དམ་བསྐང་། །སྣང་གསལ་ཀུན་ཤེས་དབང་ཕྱུག་མ། །རྡོ་རྗེ་ཁྲོས་མ་བདེ་ཆེན་ཡུམ། །རྡོ་རྗེ་མཁའ་འགྲོའི་ངོ་བོ་ཉིད། །མཐིང་གི་ཞལ་བཟང་། །ཐུགས་དམ་བསྐང་། །དགོས་འདོད་ནོར་གྱི་དབང་ཕྱུག་མ། །རྡོ་རྗེ་བཞད་མ་འདོད་སྦྱིན་ཡུམ། །རིན་ཆེན་མཁའ་འགྲོའི་ངོ་བོ་ཉིད། །མི་གཡོ་བློ་བཟང་ཐུགས་དམ་བསྐང་། ཁམས་གསུམ་དབང་སྡུད་དབང་ཕྱུག་མ། །རྡོ་རྗེ་དཔལ་མོ་ལོངས་སྤྱོད་ཡུམ། །པདྨ་མཁའ་འགྲོའི་ངོ་བོ་ཉིད། །ཅོད་པཎ་མགྲོན་བཟང་ཐུགས་དམ་བསྐང་། །དྲག་པོའི་ལས་ཀྱི་དབང་ཕྱུག་མ། །རྡོ་རྗེ་གར་མཁན་ཕྲིན་ལས་ཡུམ། །ལས་ཀྱི་མཁའ་འགྲོའི་ངོ་བོ་ཉིད། །གཏད་དཀར་འགྲོ་བཟང་ཐུགས་དམ་བསྐང་། །ཡབ་གཅིག་ལྷོ་ལྷ་དེ་ཝ་དང་། །ཡུམ་མཆོག་འབྲོག་ཡུལ་སྨན་མོ་དང་། །ཇོ་བོ་སྒ་རུ་ལ་སོགས་པ། །མིང་པོ་བདུན་གྱི་

(༢༢༢)། ཐུགས་དམ་བསྐང་། །བདུད་མོ་བཞི་དང་གནོད་སྦྱིན་བཞི། །སྨན་མོ་བཞི་སྟེ་གངས་ཅན་ལྗོངས། །སྐྱོང་ཞིང་རྒྱལ་བསྟན་སྤེལ་མཛད་པའི། །བརྟན་མ་བཅུ་གཉིས་ཐུགས་དམ་བསྐང་། །གཞན་ཡང་འཁོར་དུ་གཏོགས་པ་ཡི། །མ་མོ་སྨན་མོ་འབུམ་སྡེ་དང་། །ལྷ་སྲིན་དྲེགས་པ་ཡང་འཁོར་བཅས། །མ་ལུས་འཁོར་བཅས་ཐུགས་དམ་བསྐང་། །རྟག་ཏུ་བསྟེན་ཅིང་བསྒྲུབ་པའི་ཕྱིར། །གངས་རིའི་གཟུགས་དང་དར་དཀར་གུར། །མདའ་དར་རིན་ཆེན་བར་བུ་སོགས། །བསྟན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །མཆོད་ཅིང་དགྱེས་པ་བསྐྱེད་པའི་ཕྱིར། །དམ་རྫས་གཏོར་མ་འབྲང་རྒྱས་སྨན། །གསེར་སྐྱེམས་ཉེར་སྤྱོད་འདོད་ཡོན་སོགས། །མཆོད་པའི་རྫས་ཀྱིས་ཐུགས་དམ་བསྐང་། །དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །ལྷ་སྔགས་ཏིང་འཛིན་འཕྲོ་འདུ་དང་། །འཕོ་མེད་དགའ་བཞིའི་རོལ་པ་དང་། །མི་ཤིག་ཕྱག་རྒྱས་ཐུགས་དམ་བསྐང་། །ཕྲིན་ལས་མྱུར་དུ་བསྒྲུབ་པའི་ཕྱིར། །དུས་སུ་མཆོད་བསྟོད་བསྐུལ་བ་དང་། །བཟླས་པ་སྔགས་ཀྱི་འཁྲུལ་འཁོར་སོགས། །ལས་བཞིའི་ལས་ཀྱིས་ཐུགས་དམ་བསྐང་། །མི་འབྲལ་འགྲོགས་ཤིང་བཀྲ་ཤིས་ཕྱིར། །དམ་ཚིག་སྲོག་བཞིན་བསྲུང་བ་དང་། །ཕྱག་རྒྱ་ཆེ་དབྱིངས་བདེ་ཆེན་དང་། །

(༢༢༣)དབྱེར་མེད་རྟོགས་པས་ཐུགས་དམ་བསྐང་། །བདག་ཅག་མ་རིག་དབང་གྱུར་པས། །ལྟ་སྒོ་བསྤྱོད་པ་དམན་པ་དང་། །བག་མེད་བརྩོན་པ་གཡེལ་བ་དང་། །མཆོད་གཏོར་དུས་ལས་འགྱངས་བ་དང་། །དངོས་དམན་གཙང་སྦྲ་ཆུང་བ་སོགས། །རྩ་བ་ཡན་ལག་དམ་ཚིག་ལ། །ནོངས་པར་གྱུར་པ་གང་ལགས་པ། །སྙིང་ནས་བཤགས་སོ་དག་ཚངས་སྩོལ། །ཆོས་ཀུན་གདོད་ནས་དག་པ་ལ། །འཁྲུལ་མཚན་མཐའ་དག་མི་དམིགས་ཕྱིར། །བསྐང་དང་བཤགས་བྱ་མ་མཆིས་ཀྱང་། །རྟེན་འབྲེལ་སྒྱུ་མ་ལྟ་བུ་ཡི། །བསྐངས་ཤིང་བཤགས་པའི་རོལ་བ་འདིས། །རྩ་བ་གསུམ་དང་ཁྱད་པར་དུ། །སྨན་བཙུན་ལྷ་ཚོགས་དགྱེས་གྱུར་ནས། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཁྱད་པར་བདག་ཅག་འཁོར་བཅས་ལ། །དུས་དང་དུས་མིན་འཆི་བ་ལས།། །རྣམ་རྒྱལ་བདུད་རྩིའི་བཅུད་ལེན་མཆོག །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །སྲིད་སྲུང་རིགས་རྒྱུད་སྤེལ་བ་དང་། །སྣང་གསལ་པྲ་ཡི་དངོས་གྲུབ་དང་། །རྨ་གཡང་ཟས་ཀྱི་དངོས་གྲུབ་དང་། །བང་མཛོད་ནོར་གྱི་དངོས་གྲུབ་དང་། །རྐང་བཞི་ཕྱུགས་ཀྱི་དངོས་གྲུབ་དང་། །གཞན་ཡང་ཕྱི་ནང་གསང་བ་ཡི། །དངོས་གྲུབ་རྒྱ་མཚོའི་སྤྲིན་ཕུང་གིས། །

(༢༢༤)བདག་ཡིད་འདོད་པ་འཇོ་བར་མཛོད། །ནད་གདོན་བར་ཆད་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་མངའ་ཐང་རྒྱས། ཁམས་གསུམ་སྲིད་བཅུད་དབང་དུ་བསྡུས། །སྡང་དགྲ་གདོན་བགེགས་ཚར་ཆོད་ཅིག །སྒྲུབ་བརྒྱུད་མཆོག་གི་རིང་ལུགས་འདི། །ནུབ་མེད་ཕྱོགས་བཅུར་རྒྱས་པའི་གཟིས། །དྲེགས་ལྡན་མཐའ་དག་གཟིལ་གནོན་པའི། །རྣམ་རྒྱལ་རྒྱལ་མཚན་སྒྲེང་བར་མཛོད། །དངོས་བརྒྱུད་བསམ་སྦྱོར་མི་བསྲུན་པའི། །བསྟན་དགྲ་དམ་སྲིའི་དཔུང་བཅས་རྣམས། ཁ་ཕུང་རྗེས་མེད་རྡུལ་དུ་རློག །རྦོད་གཏོང་རང་གཤེད་རང་ལ་ཕོབས། །ངེས་དོན་བསྟན་པའི་སྙིང་པོ་འདི། །གང་དུ་གནས་པའི་རྒྱལ་ཁམས་སུ། །ནད་འཁྲུགས་མུ་གེའི་མིང་མེད་ཅིང་། །བདེ་སྐྱིད་ལོ་ལེགས་བཀྲ་ཤིས་མཛོད། །མདོར་ན་བསྟན་འགྲོར་སྨན་བགྱིད་པའི། །བདག་ཅག་རྣམས་ཀྱི་རང་གཞན་དོན། །མཐའ་དག་གེགས་མེད་མྱུར་འགྲུབ་པའི། །བཀྲ་ཤིས་མཆོག་གི་བདེ་ལེགས་སྩོལ། །ཞེས་བརྗོད་དོ། །དེ་ལྟར་ལྷ་སྨན་རྒྱལ་མོ་ལྔའི་བསྐང་གསོལ་དང་འབྲེལ་བའི་བསྐང་བ་ཉུང་ངུར་བསྡུས་པ་འདི་ནི་ཧ་ཡ་གྲཱྀ་ཝ་ནཱ་ཐས་བསྐུལ་བའི་ངོར་བསྟན་པའི་ཉིན་བྱེད་ཀྱིས་ས་ག་ཟླ་བའི་དཀར་ཕྱོགས་བཟང་པོ་གཉིས་པའི་སྔ་དྲོའི་ཆར་ཐུབ་བསྟན་ཆོས་འཁོར་དུ་སྦྱར་བ་དགེ་ལེགས་འཕེལ།། །།

(༢༢༥)རེ་མནྟའི་གཏོར་འབུལ་ནི། དཀར་གཏོར་གཙང་མ་བྲན་ལ་ཨ་ཀཱ་རོས་བྱིན་གྱིས་བརླབས་ནས། །ཧཱུྃ། རྡོ་རྗེ་ཁྲོ་བོ་རེ་མནྟ། གུར་གུམ་གཞོན་ནུའི་མདོག་འདྲ་ཞིང་། ཁྲོ་འཛུམ་བཞད་ཅིང་སྒེག་པའི་གཟུགས། དབུ་ལ་དངུལ་གྱི་རྨོག་ཞུ་ལ། བྱ་ཕོང་དཀར་པོས་བརྒྱན་པ་གསོལ། །དམར་ལྗང་དར་བར་འབར་བའི་སྟེང་། བསེ་ཁྲབ་མི་ཞུབ་རྟ་ཞུབ་མནབ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་འཕྱར། །གཡོན་པས་གཏེར་གྱི་ནེའུ་ལེ་འཛིན། །མདུང་དར་དམར་པོ་གྲུ་ན་བཅུག །ཆིབས་སུ་རྟ་སྔོན་ཆུ་རིས་ཆིབས། །སྔོན་པོ་སྒབ་སེར་རོལ་དུ་ཁྲིད། །སྤྱི་བོའི་གཙུག་ན་ཁྱུང་ཆེན་ལྡིང་། །ཕྲག་གོང་ལྕགས་ཀྱི་བྱ་ཁྲ་འཇུམ། །སེང་ཆེན་གཉིས་ནི་ཕྱིན་འགྱིང་། །རྒྱ་སྟག་གཉིས་ནི་མདུན་ནས་འགྲོ། །རང་འདྲ་ལྔ་བརྒྱའི་འཁོར་དང་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །རྔོག་ཆགས་འཕེལ་ཞིང་རྒྱས་པ་དང་། །ཚེ་སྲོག་བརྟན་པའི་ཕྲིན་ལས་མཛོད། །ཧཱུྃ། དཔལ་རབ་འཆང་བའི་མགོན་པོ་ནི། །ཀུནྡའི་མདོག་ཅན་ཁྲོ་ཞིང་བཞད། །དར་ནག་བེར་གསོལ་གཡུ་འབྲུག་ཆིབས། ཕྱག་ན་འཁོར་ལོ་ཞགས་པ་བསྣམས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། རྟ་ནང་ཞི་བའི་ཕྲིན་ལས་མཛོད། །ཧཱུྃ། དཔལ་ལྡན་ཨཱརྱ་རེ་མནྟ། བཙོ་མ་གསེར་གྱི་ཁ་དོག་

(༢༢༦)འཆང་། གཞོན་ནུ་ཉི་མའི་སྲས་པོ་ནི། །པདྨ་རཱ་གའི་ཁ་དོག་ཅན། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །རྟ་གཡང་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ། མ་ཧཱ་ཀྲོ་དྷ་རེ་མནྟ། སྤྲུལ་པ་ཁྱུང་གིས་ནམ་མཁའ་གང་། ལྕགས་ཀྱི་བྱ་ཁྲས་བར་སྣང་གང་། སྟག་དང་སེང་གེས་ས་གཞི་གང་། འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །རྟ་ལ་གནོད་བྱེད་རྡུལ་དུ་རློག །ཧཱུྃ། སྲིད་གསུམ་དབང་བསྒྱུར་གང་བ་བཟང་། །སེམས་དཔའ་རྡོ་རྗེ་རྣམ་ཐོས་སྲས། ནོར་ལྷ་བྱེ་བ་འབུམ་དང་བཅས། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། །རྔོག་ཆགས་སྲུང་ཞིང་བསྐྱབ་པ་དང་། །འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛོད། །ཧཱུྃ། ལྷ་ཆེན་མ་ཧཱ་ཀཱ་ལ་ནི། རྟ་ནག་རྟིང་དཀར་ཆིབས་སུ་ཆིབས། །ཉི་ཟླ་སྐར་ཆེན་འོད་ཟེར་འཕྲོ། །སྟོང་གསུམ་གླིང་བཞི་ཡུད་ཀྱིས་ཉུལ། །འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། རྟ་འདྲེ་རྟིལ་སྲི་ཚར་གཅོད་ཅིག །ཧཱུྃ། གནོད་སྦྱིན་རྟ་བདག་ཀུ་བེ་ར། རང་འདྲའི་སྤྲུལ་པ་འབུམ་དང་བཅས། རལ་གྲི་ཕྱར་ཞིང་གནོད་བྱེད་འདུལ། འདིར་གཤེགས་བརྒྱན་པའི་གཏོར་མ་བཞེས། གཞི་བྱེས་ལམ་གསུམ་གར་འདུག་ཀྱང་། །རྟ་ཡི་རྫིའུ་མ་གཡེལ་ཅིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་གཏོར་མ་གཙང་སར་ཕུལ། །ཆོ་ག་རྒྱས་པ་མ་ལྕོགས་

(༢༢༧)ན་གཏོར་འབུལ་ཁོ་ནས་ཆོག །ཅེས་པ་རྟ་གཟུངས་ཆོ་གའི་ཁ་སྐོང་དུ་རིག་སྔགས་འཛིན་པ་རཱ་ག་ཨ་སྱས་བྲིས་པའོ། །འདི་བྲིས་ཉེས་པ་རྟ་ལྷའི་ཚོགས་ལ་བཤགས་ཤིང་དགེ་བས་བཀྲ་ཤིས་བདེ་ལེགས་འབྱུང་གྱུར་ཅིག །༈། གཟའི་མཆོད་གཏོར་ཉུང་ངུ་ནི། །ཧཱུྃ། གཟའ་མཆོག་ཆེན་པོ་འཁོར་བཅས་ལ། །དམར་གཏོར་བཤོས་བུ་དགུ་བསྐོར་དང་། དགྲ་བོའི་ཤ་ཁྲག་རུས་པ་དང་། མེ་ཏོག་སྟོང་དང་ཆུ་སྣ་སྟོང་། །སྨན་སྣ་སྟོང་དང་ཤ་སྣ་སྟོང་། སྙིང་སྣ་སྟོང་དང་ཁྲག་སྣ་སྟོང་། གསུར་ཆེན་རོལ་མོ་སྣ་ཚོགས་ཀྱིས། དྲང་སྲོང་འཁོར་བཅས་ཐུགས་དམ་བསྐང་། དུག་གི་ཟོར་ཁ་དགྲ་ལ་བསྒྱུར། །གདུག་པའི་ཁ་རླངས་དགྲ་ལ་བསྒྱུར། །བདག་ཅག་དཔོན་སློབ་མི་ཕྱུག་བཅས། ཁྱོད་ཀྱི་བུ་སྤུན་ཚ་བོ་བཞིན། །རྟག་ཏུ་བསྲུངས་སྐྱོབས་མ་གཡེལ་ཅིག །ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་སྭཱ་ཧཱ། ཨི་དཾ་བ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནེ་ཝི་དྱ་ཤཔྟ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། ཅེས་མཆོད། བསྟོད་པ་ནི། ཧཱུྃ། དྲང་སྲོང་ཆེན་པོ་གཟའ་མཆོག་རཱ་ཧུ་ལ། །སྐུ་མདོག་དུད་ཁ་དབུ་དགུ་སྤྱན་སྟོང་འབར། ཕྱག་བཞི་རལ་གྲི་མདའ་གཞུ་ཆུ་སྲིན་ཞགས། །བསྐལ་པའི་མེ་འབར་ཁྱོད་ལ་ཕྱག་འཚལ་བསྟོད། །དཔའ་བོ་ཁྱོད་ཀྱི་སྲིང་མོ་གདོང་མོ་བཞི། གཟའ་བརྒྱད་སྡེ་བརྒྱད་རྒྱུ་སྐར་ཉི་ཤུ་བརྒྱད། ཁྱི་དང་ལྕེ་སྤྱང་

(༢༢༨)བདུད་བྱ་ལ་སོགས་པ། ཕོ་ཉ་ལས་བྱེད་ཚོགས་ལ་ཕྱག་འཚལ་བསྟོད། དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །སྡང་བའི་དགྲ་ལ་ཆོ་འཕྲུལ་མྱུར་དུ་ཕོབས། །འཁོར་བཅས་སྡང་བྱེད་དགྲ་བོའི་སྟེང་དུ་བྷྱོ། ཅེས་བརྗོད་ལ་རང་གནས་སུ་སོང་བར་བསམ། ཨ་རཱ་གས་སོ། ༈ །ན་མོ་པདྨ་ཀ་ར་ཤྲཱི་བཛྲ་ཀུ་མ་རཱ་ཡ། ལྷ་ཆེན་རྨ་རྒྱལ་སྦོམ་རའི་གསོལ་ཁ་རྒྱུན་ཁྱེར་བྱ་བར་མཆོད་གཏོར་གསེར་སྐྱེམས་བཤམས་ལ། ཨོཾ་ཨཱཧཱུྃ་ཧ་ཧོ་ཧྲཱི ལན་གསུམ་བརྗོད་པས་བྱིན་བརླབས་ཏེ། ཀྱཻ། ཤར་ཕྱོགས་རྨ་གཡང་འདོད་དགུ་འབྱུང་བའི་ཡུལ། །གངས་དཀར་རིན་ཆེན་སྣ་ཚོགས་ཕོ་བྲང་ནས། །གཉན་པོ་ལྷ་ཆེན་རྨ་རྒྱལ་སྦོམ་ར་ནི། སྐུ་མདོག་དཀར་པོ་དུང་ཁྲབ་དུང་རྨོག་གསོལ། དར་བེར་བརྗིད་ལྡན་མདུང་དར་གཏེར་བུམ་འཛིན། །ནོར་བུའི་རྒྱན་སྤྲས་རྟ་མཆོག་དད་པ་ཆིབས། ཡབ་ཡུམ་སྲས་བློན་རུ་འདྲེན་མཆེད་འཁོར་བཅས། །འདིར་གཤེགས་གདན་བཞུགས་པདྨའི་དམ་ཚིག་དགོངས། ཉེར་སྤྱོད་ལྔ་དང་འདོད་ཡོན་རྣམ་པ་ལྔ། །རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད་། སྤྱན་གཟིགས་དཀོར་ནོར་རཏྣ་འབྲུ་སྨན་དང་། བརྒྱན་པའི་གཏོར་མ་བདུད་རྩིའི་གསེར་སྐྱེམས་བཞེས། ཨོཾ་ཨཱབཛྲ་ཀྱ་ལི་མི་ལ་མན་ས་པཱ་རི་ཝཱ་ར་ཨི་དཾ་བ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཛྲ་

(༢༢༩)ཀུ་མ་རི་ཕུ་ཏྲི་ས་པཱ་རི་ཝཱ་ར་ཨརྒྟཾ་ནས་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། སྲིད་པ་ཆགས་པའི་མགུལ་ལྷའི་གཙོ་བོ་སྟེ། ས་བརྒྱད་དབང་ཕྱུག་དཀར་ཕྱོགས་འབྱུང་པོའི་གཙོ། །རྨ་གཡང་ཀུན་གྱི་མངའ་བདག་རྫུ་འཕྲུལ་ཅན། རྨ་རྒྱལ་སྦོམ་ར་འཁོར་དང་བཅས་ལ་བསྟོད། །བསྟན་པ་སྲུངས་ལ་འགྲོ་བའི་བདེ་སྐྱིད་སྤེལ། བདག་སོགས་མི་མཐུན་འགལ་རྐྱེན་ཀུན་ལས་སྲུངས། ཁམས་གསུམ་སྐྱེ་འགྲོ་དབང་དུ་འདུ་བ་དང་། ཟས་ནོར་དཔལ་འབྱོར་རྒྱས་པའི་ཕྲིན་ལས་མཛོད། །རྟེན་ལ་བསྟིམ་པའམ། །གཙྪས་རང་གནས་སུ་གཤེགས། དེ་ལྟར་སྤོམ་ར་འཁོར་བཅས་ཀྱི་མཆོད་གཏོར་འབུལ་ཐབས་འདི་ཡང་། །རིག་འཛིན་ཀློང་གསལ་སྙིང་པོའི་རྣམ་རོལ་མཆོག་སྤྲུལ་དབང་གི་རྡོ་རྗེའི་ཐུགས་བཞེད་ལྟར་རྡོ་རྗེ་དྲག་པོས་དཔལ་སྤུངས་སུ་སྦྱར་བ་ཛ་ཡ་ཛ་ཡ་སུ་ཛ་ཡ། ༈ །བྲག་བཙན་གྱི་གསོལ་མཆོད་བསྡུས་པ་ནི། ཧཱུྃ་ཡ་བྷྱོ། བདག་ཉིད་དཔལ་ཆེན་སྤྱན་སྔ་རུ། སྔོན་གྱི་དམ་ཚིག་དབང་གིས་ནི། བཙན་རྒོད་མི་བཀྲའི་གནས་མཆོག་ནས། རྡོ་རྗེ་དབང་དྲག་འབར་བ་རྩལ། སྤྲུལ་འཁོར་བཅས་པ་གནས་འདིར་གཤེགས། ཕྱི་ནང་མཆོད་ཚོགས་བསང་གསུར་དུད། བཤུག་གླུ་རྔ་རོལ་ལ་སོགས་དང་། ཁྱད་པར་སྡང་དགྲའི་ཤ་ཁྲག་རུས། རྐང་ཀླད་ངོ་བོ་གཏོར་མ་འདི། །

(༢༣༠)འབུལ་ལོ་དགྱེས་བཞེས་རོལ་ཅིག་རོལ། །བདག་ཅག་དམ་ལྡན་སྒྲུབ་པ་པོའི། །ཞི་རྒྱས་དབང་དྲག་ཕྲིན་ལས་ཀུན། །ཐོགས་པ་མེད་པར་འགྲུབ་པར་མཛོད། །སྐྱ་རྒྱལ་འབྲོད་བུ་གཉན་པོ་སོགས་འགྲོ་བའི་ལྷ་སྲུང་རྣམས་ལ་ཡང་། མཆོད་ཚོགས་རྒྱ་མཚོས་ལེགས་མཆོད་དོ། བསྟོད་དོ་བརྔན་ནོ་མངའ་གསོལ་ལོ། ཀཾ་ཚད་བསྟན་དང་བསྟན་འཛིན་སྤེལ། མི་ནུབ་བསྟན་པའི་རྒྱལ་མཚན་ཕྱོར། །བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད། །ཡ་མ་ར་ཛ་ཙ་མུན་ཏྲི་ཁྲག་རྒལ་མུན་ཅེ་ས་མ་ཡ་ཛཛ ཨི་དཾ་བ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། རཀྟ་པི་པ་ཏོ་སརྦ་ཤ་ཏྲཱུཾ་མཱ་ར་ཡ་ཙིཏྟ་ཁཱ་ཧི། ཅེས་པའང་ཀཐོག་རིག་འཛིན་ཆེན་པོ་རྡོ་རྗེ་ཚེ་དབང་ནོར་བུ་གཏེར་བཞེད་རྩལ་གྱིས་མཛད་པའོ། ༈ །དམ་ཅན་འབར་བ་རྩལ་གྱི་རྒྱུན་ཁྱེར་བཞུགས་སོ། །ཨོཾ་ཨཱཀཱ་རོས་བྱིན་གྱིས་བརླབས། ཨོཾ། དྲི་ཟའི་རྒྱལ་པོ་ས་བརྒྱད་གནས་པའི་མཆོག །སྟོང་གསུམ་གཞི་བདག་ཀུན་གྱི་རྗེ་བོར་གྱུར། འཁོར་གཡོག་དང་བཅས་བརྒྱ་བྱིན་སྲས་མོ་ནི། །མཚོ་སྨན་བཅས་པ་འདིར་གཤེགས་གཏོར་མ་བཞེས། །བདག་གི་བསམ་པ་ཐམས་ཅད་བསྒྲུབ་པ་དང་། བསྟན་པ་འཕེལ་ཞིང་འདོད་དགུ་རྒྱ་ཆེར་ལྡན། །སྡུག་འདྲེའི་ནད་དང་གནོད་པ་ཞི་བ་དང་། ཐམས་ཅད་བདེ་དགར་སྤྱོད་པའི་བཀྲ་ཤིས་སྩོལ། །ཨོཾ།

(༢༣༡)ཨཱམ་ནུ་ཥེ་གནྡྷརྦྷ་རཱ་ཛ་ས་པཱ་རི་བཱ་ར་ཨི་དཾ་བ་ལི༚་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བཛྲ་ཐང་ཀ་ར་མུན་ཉི་ཁུ་ཤ་ལི་ཨ་མྲྀ་ཏ་ཁཱ་ཧི་ཁཱ་ཧི། བཛྲ་འབར་བ་རྩལ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤཔྟ་པྲ་ཏཱིཙྪ་ཨཱཧཱུྃ། ཞེས་གཏོར་མ་བསྔོའོ། །ཧཱུྃ། ཡང་ཅིག་བཞེངས་ཤིག་ནག་པོ་ཏི་པ་རཱ་ཙ་ཁྱོད། །བྱང་ཕྱོགས་རྒྱུད་དུ་ཆེ་བའི་སྐུར་སྟོན་པ། །གཉན་ཆེན་ཐང་ལྷ་ཞེས་སུ་མཚན་ཡང་གསོལ། །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །བདག་ཅག་རིག་འཛིན་འཁོར་དང་བཅས་པ་ཡི། །མི་མཐུན་རྐྱེན་སོལ་མཐུན་རྐྱེན་བསམ་པ་སྒྲུབས། །སྤྲུལ་པ་དུང་གཡག་དུང་གི་བྱ་ཁྲ་དང་། ལྕགས་སྡིག་མགོ་དགུའི་ཚུལ་དུ་འདིར་བྱོན་ལ། །གནོད་བྱེད་རྒྱལ་འགོང་སྨྱོ་འདྲེ་རྡུལ་དུ་རློག དམ་བཅས་དམ་ལས་མ་འདའ་ས་མ་ཡ། ཨོཾ་ཨཱཧཱུྃ་ཧྲཱིབཛྲ་འབར་བ་རྩལ་བི།།།ན་ལཱ་ཛ་མཱ་ར་ཡ་ཕཊ། ཅེས་པའང་གཏེར་རྙིང་ལས་འབྱུང་བ་ཆགས་མེད་ཨ་རཱ་གའི་གསུང་རྒྱུན་ངོ་མའོ། ༈ །གེ་སར་སྐྱེས་བུའི་མཆོད་ཕྲིན་ནི། ནམ་མཁའ་མཐིང་གི་གུར་ཁང་ནས། འཇའ་འོད་འཐིབས་པའི་གླིང་དཀྱིལ་ནས། །འཛམ་གླིང་ཡོངས་ཀྱི་དགྲ་ལྷ་ཆེ། པདྨའི་ཕྲིན་ལས་སྤྲུལ་པ་སྟེ། ཁྲི་སྲོང་ལྡེའུ་བཙན་རྫུ་འཕྲུལ་གར། ནག་ཕྱོགས་བདུད་སྡེ་བརླག་པ་དང་། བསྟན་

(༢༣༢)དགྲའི་གཤེད་མ་རྫུ་འཕྲུལ་ཅན། སེང་ཆེན་ནོར་བུ་དགྲ་འདུལ་ནི། མི་སྨུག་གཡུ་ཡིས་སྨིན་མ་ཅན། །སྐུ་ལ་ཟིལ་པའི་ཐོག་རྡུག་བརྗིད། དབུ་ལ་དངུལ་གྱི་རྨོག་ཞུ་གསོལ། །སྒྲོ་དང་བྱ་འུར་ཚུབས་སེ་ཚུབ། །དགྲ་ལྷའི་ཚེ་མདུད་སྤུངས་སེ་སྤུང་། སྟག་དོང་གཡས་ལ་གཟིག་ཤུབ་གཡོན། བཏབ་པ་ལན་མེད་སྐེད་ལ་བསྐོར། །སྦ་ལྕག་ཕྱར་ཞིང་མདུང་དར་འཛིན། རྐྱང་རྒོད་འཕེལ་པོ་ཆིབས་སུ་ཆིབས། དགྲ་བླ་ཝེར་མའི་ཚོགས་དང་བཅས། འདིར་གཤེགས་མཆོད་སྤྲིན་དམ་པ་བཞེས། ནག་ཕྱོགས་བདུད་སྡེའི་བརྫུ་བ་ཡི། གཟུགས་ཅན་གཟུགས་མེད་དགྲ་བགེགས་རྣམས། མྱུར་དུ་ཚར་གཅོད་ཕྲིན་ལས་མཛོད། ཅེས་པའང་འཛི་སྒར་རྡོ་རྗེ་དྲག་པོས་མཛད་པའོ། ༈ །སྤྲག་བཙན་དབྱི་རྒྱལ་དཔལ་ལྡན་ཤེས་རབ་དང་། །རྡོ་རྗེ་སྨན་དཔལ་གཙང་སྨེ་ནག་ཕྱི་སོགས། ལྷ་ཆེན་གནོད་སྦྱིན་གང་བ་བཟང་པོ་རྩལ། །རིགས་བཞི་འཁོར་ཚོགས་ལྷ་ཡི་དམག་རྒྱལ་སོགས། ཡུལ་གཞི་གནས་བདག་རྣམས་ལ་གཏོར་མཆོད་འབུལ། དགྱེས་བཞེས་རྣམ་བཞིའི་ཕྲིན་ལས་སྒྲུབ་པར་མཛོད། །ཅེས་པའང་རྗེ་བཅུ་བཞི་པས་མཛད་པའོ། ༈ །ཧཱུྃ། རྫུ་འཕྲུལ་སྟོབས་ལྡན་བཙན་གྱི་རྗེ། །ཕྱྭརྒྱལ་མེ་ཏྲི་འཁོར་བཅས་ལ། །དངོས་འབྱོར་ཡིད་

(༢༣༣)སྦྲུལ་མཆོད་སྤྲིན་ཚོགས། ཤ་ཁྲག་དམར་གྱི་གཏོར་མ་དང་། མཁོ་དགུའི་ལོངས་སྤྱོད་དཔག་མེད་པ། འབུལ་ལོ་དགྱེས་བཞེས་སྙིང་པོའི་བསྟན། ནུབ་མེད་ཕྱོགས་བརྒྱར་འཕེལ་བ་དང་། དེ་འཛིན་མཆོག་རྣམས་ཞབས་བརྟན་ཅིང་། བདག་སོགས་ཚེ་དང་དཔལ་འབྱོར་རྒྱས། ཕྱི་ནང་ཉེར་འཚེ་ཀུན་ཞི་ཞིང་། གནོད་བྱེད་དགྲ་རྐུན་ཐལ་པར་རློག །ཅི་བཅོལ་ཕྲིན་ལས་མ་ལུས་པ། །ཐོགས་མེད་མྱུར་དུ་འགྲུབ་པར་མཛོད། ཅེས་ཀརྨ་ཀ་བཅུ་བཞི་པས་བྲིས་པ་ཛ་ཡནྟུ། ༈ །གྱང་རྗེ་བཙན་པོ་འཁོར་བཅས་སོགས། ཡུལ་ལྷ་གཉེན་པོ་ཐམས་ཅད་ལ། །མཆོད་སྤྲིན་རྒྱ་མཚོས་ལེགས་མཆོད་ན། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། འདིའང་རྒྱལ་མཆོག་བཅུ་ཞི་པས་བསྩལ་བའོ། །

(༢༣༤)ཨོཾ་སྭ་སྟི། འབྲས་ལྗོངས་སྦས་གནས་སྤྱི་དང་བྱེ་བྲག་འོག་མིན་ཀརྨའི་གདན་ས་ངེས་དོན་བཤད་སྒྲུབ་ཆོས་འཁོར་སྒང་གི་གནས་སྲུང་རྣམས་ཀྱི་བསང་མཆོད་བྱིན་རླབས་སྤྲིན་ཕུང་། བརྔན་གཏོར་རི་རབ་བང་རིམ་བཞི་པ་ཉི་ཟླས་མཚན་པའི་ཁ་ཁྱེར་གྱི་སྟེང་། མཛོད་ལྔ་ལ། དཀར་ཟླུམ་ལྔ། ཁང་རིམ་དང་པོ་བཙན་རྒོད་རྡོ་རྗེ་གྲགས་རྒྱལ། བདུད་བཙན་ར་ཐོད་ཅན། ལྷ་བཙན་དགེ་བསྙེན་རབ་འབར་བཅས་ལ་དམར་གཏོར་རྩེ་རྒྱན་གསུམ། །བང་རིམ་གཉིས་པ་བདུད་རྒྱལ་ཐོག་རྒོད་ཁྲག་འཐུང་ལ། དམར་གཏོར་མེ་རིའི་རྒྱན་ཅན་བང་རིམ་གཞན་གཉིས་ལ་རྟ་ནོར་སོགས་གཟུགས་འགྲོས་སྣ་ཚོགས་པས་བསྐོར། དར་སྣ་སྨན་སྣ་ཤིང་རྩི་སོགས་ཀྱིས་བརྒྱན། །ཕྱེ་མར་གསེར་སྐྱེམས་ཀྱང་བཤམ་ལ། །རང་ཡི་དམ་དུ་གསལ་བས། སྔགས་དྲུག་ཕྱག་དྲུག་གི་བྱིན་གྱིས་བརླབ། །སྟོང་པའི་ངང་ལས་ཧཱུྃ་མཐིང་ག་ཡོངས་སུ་གྱུར་པ་ལས། རང་ཉིད་བླ་མ་ཡེ་ཤེས་མགོན་པོ་དབྱེར་མེད་ཀྱི་སྐུར་གྱུར་པའི་གནས་གསུམ་འབྲུ་གསུམ་དང་ཁྱད་པར་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་གནས་ནས་ཡེ་ཤེས་སེམས་དཔའི་ཚོགས་དཔག་ཏུ་མེད་པ་མདུན་གྱི་ནམ་མཁར་སྤྱན་དྲངས། སྣང་སྲིད་ཟིལ་གནོན་གུ་རུ་པདྨ་ཐོད་ཕྲེང་རྩལ་དུ་གསལ་བའི་སྐུ་ཡི་གནས་ཐམས་ཅད་ནས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་བྱུང་བ་བླ་མ་ཡེ་ཤེས་མགོན་པོོའི་ཐུགས་ཀའི་ཧཱུྃ་ལ་

(༢༣༥)ཐིམ་དེ་ལས་འོད་ཟེར་གྱི་ཚོགས་སྤྲོས་ཤིང་སྦས་པའི་གནས་འདིར་འཁོད་པའི་གཞི་བདག་གཉུག་གནས་གློ་བུར་དུ་ལྷགས་པ་རྣམས་དང་། ཁྱད་པར་འོག་མིན་ཕྲིན་ལས་ཀྱི་གནས་སུ་བྱིན་གྱིས་བརླབས་པའི་ཞིང་མཆོག་དཔལ་ཀརྨ་པའི་གདན་ས་བཤད་སྒྲུབ་ཆོས་འཁོར་སྒང་གི་ཡུལ་གནས་གཞི་བདག་གི་ཚོགས་རྣམས་མདུན་དུ་སྐད་ཅིག་གིས་ལྷགས་པར་གྱུར། ཧཱུྃ། ཡུལ་ཕྱོགས་པདྨ་འོད་ཀྱི་གཞལ་ཡས་སུ། །སྐུ་གསུམ་བདག་ཉིད་སྣང་སྲིད་ཟིལ་གནོན་རྩལ། །ཡེ་རྫོགས་ཀློང་ཡངས་གཞིར་བཞེངས་མཆོད་པའི་ཚོགས། མཐའ་ཡས་སྤྲོས་མེད་བློ་འདས་ཡིད་ཀྱིས་སྤྲུལ། ཟག་མེད་བདེ་བ་ཆེན་པོ་དགྱེས་དགུའི་སྤྲིན། མཁའ་མཉམ་འགྲོ་ཀུན་སྒྲིབ་གཉིས་བསལ་བའི་ཕྱིར། །ཚོགས་གཉིས་དག་ཕྱིར་ཡིད་སྤྲུལ་མཆོད་པ་བཞེས། །གྲུབ་བརྒྱའི་མཆོག་གྱུར་བཞད་པ་རྡོ་རྗེའི་གནས། རྫོང་དྲུག་ཚེ་རིང་མཆེད་ལྔ་རྒྱུ་བའི་ཞིང་། བརྟན་མ་བཅུ་གཉིས་མགུར་ལྷ་བཅུ་གསུམ་དང་། །དགེ་བསྙེན་ཉེར་གཅིག་སྒྲུབ་པའི་གནས་རྣམས་དང་། རྒྱ་དང་མི་ཡུལ་འཕགས་བོད་གཏེར་གནས་སྐྱོང་། །སྲིད་པ་ཆགས་པའི་གཞི་ཡི་བདག་པོ་དང་། །མཛོད་ལྔ་སྟག་རྩེ་ལ་སོགས་སྦས་གནས་འདིར། དབུས་ཀྱི་བཀྲ་ཤིས་ལྡིང་དང་ཕུག་ཆེན་བཞི། །སྒོ་བཞི་

(༢༣༦)འཕྲང་བཞི་འགག་བཞིའི་གནས་སྲུང་དང་། སྒྲུབ་སྡེ་བརྒྱད་ཀྱི་བླ་མཚོ་བརྒྱད་ལ་སོགས། གངས་བྲག་རི་མཚོ་ནགས་ཀྱི་ཚལ་རྣམས་ལ། འཁོད་པའི་གཞི་བདག་གཉུག་གནས་གློ་བུར་ཚོགས། གསང་མཆོད་དགྱེས་པར་བཞེས་ལ་འདོད་དོན་སྒྲུབས། གནོད་འཚེ་གདུག་རྩུབ་ཞི་ཞིང་ཆོས་ལ་སྤྱོད། ཆོས་རྒྱལ་སྡེ་འབངས་ཕུན་ཚོགས་འདོད་དགུར་བརྩོན། ནད་མུག་འཁྲུག་རྩོད་རྩ་སད་སེར་གསུམ་སོགས། རབ་ཏུ་ཞི་ནས་དཔལ་དང་ལྡན་པར་སྐྱོངས། ཧཱུྃ། འཇམ་དབྱངས་ཕྱག་རྡོར་སྤྱན་རས་གཟིགས་ཀྱི་གནས། །འོག་མིན་ཕྲིན་ལས་གདན་ས་སྐྱོང་བའི་ལྷ། བཙན་རྒོད་རྡོ་རྗེ་གྲགས་རྒྱལ་འཁོར་ཚོགས་དང་། །བདུད་བཙན་ར་མགོ་ར་ཐོད་ཅན་ཚོགས་བཅས། །མཁོ་དགུ་བཞེས་ལ་འདོད་དགུ་སྒྲུབས་པར་མཛོད། །ལྷ་བཙན་དགེ་བསྙེན་འབར་བར་འདིར་འབོད་བྱོན། །སྐུ་མདོག་པདྨ་ར་གའི་མདངས་མཚུངས་ཤིང་། ལག་གཡས་དབྱུག་ཏོ་གཡོན་པས་འགྱིངས་རྔམ་གྱི། །གནས་འདིར་སྲུང་བའི་བྱར་མ་གཡེལ་མཛོད། །ཁྱད་པར་དམ་ཚིག་བཤད་སྒྲུབ་ཆོས་འཁོར་སྐྱོངས། མཁོ་དགུའི་འདོད་པའི་མཆོད་པ་འདི་བཞེས་ལ། ཐ་ཚིག་གཉན་པོ་འདའ་མེད་བྱ་ར་མཛོད། བདུད་རྒྱལ་ཐོག་

(༢༣༧)རྒོད་ཁྲག་འཐུང་རོལ་པ་གང་། མདོག་སྨུག་རལ་སྣུམ་གདུག་པའི་གཟི་འབར་ཞིང་། ལག་གཡས་རལ་གྲི་གཡོན་པས་སྦྲུལ་ཞགས་ཅན། སྔོན་གྱི་བཀའ་བསྒོ་དམ་ཚིག་མ་གཡེལ་བར། བཤད་སྒྲུབ་བརྒྱུད་འཛིན་བུ་སློབ་ཚོགས་སྐྱོངས་ནས། ཁྱོད་ལ་འདོད་པའི་ཤ་ཁྲག་དམར་རྗེན་སོགས། འདོད་ཡོན་ལྔ་ཡིས་ཚིམ་པར་བགྱིད་བྱེད་པས། བདག་གིས་བཅོལ་བའི་ལས་ཀུན་དུས་དྲུག་ལ། །གཡེལ་བ་མེད་པར་ཁྱོད་ཀྱིས་སྡོང་གྲོགས་གྱིས། །ཧཱུྃ། ཡུལ་འདིའི་གཞི་བདག་གཉུག་མར་གནས་པའི་ཚོགས། །བསང་ངོ་འདོད་ཡོན་ནམ་མཁའ་མཛོད་ཀྱི་སྤྲིན། །ཤ་ཆང་འབྲུ་རིགས་གང་བཟང་རྟ་ནོར་དང་། ཁང་ཁྱིམ་ལ་སོགས་ཟད་མེད་ཕུན་ཚོགས་གཏེར། །དགྱེས་པར་རོལ་ལ་རྒྱལ་བསྟན་འདི་ཉིད་ཀྱི། །བསྟན་འཛིན་སྐྱེས་ཆེན་མཛད་ཕྲིན་འཕེལ་བ་དང་། དགེ་འདུན་ཐུགས་མཐུན་ཆོས་སྤྱོད་བཅུ་ལ་གཞོལ། །སྐྱེ་བོ་ཚོགས་རྣམས་འཕྲལ་ཡུན་འཇིགས་ལས་སྐྱོབས། །ཁྱེད་རྣམས་བཅོལ་བའི་ལས་འདི་མ་གཡེལ་བར། །དུས་སུ་མཆོད་པའི་དགའ་སྟོན་ཅི་ཡང་སྦྱིན། །གལ་ཏེ་ཆོས་མཐུན་བྱ་བར་བཤོལ་གྱུར་ན། བདག་ཉིད་ཁྲག་འཐུང་དྲག་པོའི་རོལ་པར་བཞེངས། ཁམས་གསུམ་ཟིལ་གྱིས་གནོན་པའི་རང་རྟགས་

(༢༣༨)གྱིས། །ལུས་ངག་ཡིད་གསུམ་འདའ་དཀའི་རྒྱ་ཡིས་འདེབས། །དགེ་ལ་སྤྱོད་ཅིང་བྱམས་པའི་སེམས་ལྡན་ནས། ཇི་ལྟར་བཅོལ་བའི་ཕྲིན་ལས་མ་གཡེལ་བར། རང་གི་གནས་སམ་དམིགས་པའི་རྟེན་ལ་བཞུགས། དུས་ཀྱི་མཆོད་སྦྱིན་རོལ་ཕྱིར་སླར་ཡང་བྱོན། ཀུན་ཀྱང་དགེ་བཅུའི་ལས་ལམ་གོང་དུ་འཕེལ། ཕུན་ཚོགས་ཤིས་པའི་མཚན་མ་འབར་གྱུར་ཅིག །ཅེས་པ་འདིའང་རུམ་བཏེག་དཔལ་ཀརྨ་པའི་ཆོས་སྐར་བཤད་སྒྲུབ་ཆོས་འཁོར་སྒང་དུ་གནས་ཆེན་བྱིན་འབེབས་དང་འབྲེལ་བོད་སྐྱོང་བརྟན་མ་བཅུ་གཉིས་སོགས་གངས་ལྗོངས་ཡུལ་གནས་གཞི་བདག་རྣམས་གཅིག་ཏུ་གནས་འཆར་བའི་རྟེན་བཀོལ་གསར་དུ་སྒྲུབས་སྐབས་སྔ་འགྱུར་བསྟན་པའི་གསལ་བྱེད་མཁྱེན་སྤྲུལ་རིན་པོ་ཆེ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་ནས་གསུངས་བསྐུལ་གནང་བ་ལྟར། །ཀརྨ་པ་རིག་པའི་རྡོ་རྗེས་ས་ཟླའི་ཡར་ཆོས་དགེ་བའི་ཉིན་སྦྱར་བའོ། སླར་སྨྲས་པ། འདི་བཞིན་སྒྲུབ་པའི་གང་ཟག་ཅི་མཆིས་ཀུན། །དར་ཆེན་བཙུག་དང་དར་མཐིང་སྒྲོན་པ་སོགས། །རྟེན་གནས་འདིའི་མདུན་གསོལ་མཆོད་འདི་འབུལ་ཚེ། ཚེ་ཡི་འགལ་རྐྱེན་ཞི་དང་རླུང་རྟ་བསྐྱེད། ལེགས་པའི་དཔལ་ཀུན་ཡར་ཟླ་འཕེལ་བ་འགྱུར། རྒྱལ་འགོང་དམ་སྲིའི་གནོད་འཆོེ་གདུག་པའི་ཚོགས། གློ་བུར་བ་དང་ཡིད་སེམས་འཁྲུགས་པ་སོགས། གདུག་རྩུབ་ཞི་ཞིང་བྱམས་པའི་སེམས་དང་ལྡན། གནོད་པའི་ཚོགས་རྣམས་འཇོམ་པར་གདོན་མི་ཟ། །སརྦ་མངྒ་ལཾ། །

(༢༣༩)སྐབས་འདིར་མཆོད་ཕྲེང་ཅུང་ཟད་རྒྱས་པར་སྤྲོ་ན། །འདོད་པའི་ཁམས་ཀྱི་ལོངས་སྤྱོད་རྣམ་ལྔ་དང་། །འཁོར་ལོ་སྒྱུར་བའི་དཔལ་འབྱོར་རིན་ཆེན་བདུན། །དོན་ཀུན་གྲུབ་པས་བྱིན་བརླབས་རྫས་བརྒྱད་རྣམས། །རབ་འབྱམས་ནམ་མཁའི་འཁོར་ལོར་བཀངས་ཏེ་འབུལ། །ལྷ་ཡི་ཤིང་དང་དཔག་བསམ་བུམ་པ་བཟང་། །འཆི་མེད་བདུད་རྩི་པད་རྫིང་འདོད་འཇོའི་བ། །རྟ་ཡི་རྒྱལ་པོ་ཀླུ་དབང་གཙུག་གི་ནོར་དཔལ་མོ་མ་རྨོས་འབྲས་དང་སྐྱེས་མོའི་ཚལ། །ཨུ་དུམ་གླིང་མཆོག་འདོད་བྱུང་སྤྲིན་ལྷུང་བཟེད། །ནོར་བུ་རལ་གྲི་གྲུབ་པའི་རིལ་བུ་དང་། །རྐང་མགྱོགས་མིག་སྨན་བཅུད་ལེན་དབང་བྱེད་རྫས། །རྡོ་རྗེ་རྩེ་བརྒྱ་དོན་ཡོད་ནོར་བུའི་ཞགས། །ཕུན་ཚོགས་དུང་དཀར་ཉི་ཟླ་ས་འོག་གཏེར། །ལྷ་མིན་ནོར་མཆོག་རྡོ་རྗེ་ལྕགས་ཀྱུ་སྟེ། །གྲུབ་པའི་རྫས་ཀྱི་མཁའ་དབྱིངས་བཀངས་ཏེ་འབུལ། །དཀྱིལ་འཁོར་མཆོད་པའི་ལྷ་མོ་བཅུ་དྲུག་དང་། །དཀར་མོ་ཆོམ་རྐུན་རོ་ལངས་གྷསྨ་རཾ། པུསྐ་རི་ཁྲོད་གདོལ་བ་གཡུང་མོ་སྟེ། །གསང་མཆོག་མཆོད་འབུལ་རྡོ་རྗེའི་ལྷ་མོ་བརྒྱད། ཁང་བཟང་དྲ་ཕྱེད་འཕན་གདུགས་རྔ་ཡབ་གོས། །དབུ་རྒྱན་སྙན་ཆ་མགུལ་དང་ཕྱག་ཞབས་རྒྱན། །སོར་གདུབ་འོག་བག་མེད་མོ་དོ་དར་དཔྱངས། །ལྷ་ཡི་ནོར་བུས་ཕྱོགས་རྣམས་བཀངས་ཏེ་འབུལ། །དཔལ་མགོན་རོལ་པའི་ཞིང་ཁམས་ཕོ་བྲང་བརྗིད། །ཐོད་པ་རྐམ་རློན་དབུ་

(༢༤༠)རྒྱན་དོ་ཤལ་སྒྲུལ། །སྟག་ཤམ་འཇོལ་བེར་གྲི་གུག་ཐོད་ཁྲག་བེང་། །གཡང་གཞིའི་བླ་བྲེ་སྐྲ་ཡི་རྔ་ཡབ་གདུགས། །རྒྱལ་མཚན་བ་དན་གསལ་ཤིང་ལ་སྐྱོན་རོ། །ཕྱག་རྒྱ་དྲུག་དང་གོ་མཚོན་སྲོག་ཆགས་རིགས། །གཅན་གཟན་ཚོགས་དང་ཁྱད་པར་དགྱེས་བསྐྱེད་ཕུལ། །ཕྱི་ནང་གསང་རྟེན་མཆོད་པའི་རྫས་དམ་པ། །རབ་འབྱམས་རྒྱ་མཚོའི་མཐའ་ཀླས་བཀངས་ཏེ་འབུལ། །ཨོཾ་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་དེ་ཝཱི་ས་པ་རི་ཝཱ་ར་མ་ཧཱ་བི་ཤྭ་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ་ཨཱཧཱུྃ།། །།

(༢༤༡)ངེས་དོན་སྙིང་པོའི་བསྟན་པ་རྒྱས་པའི་སྨོན་ལམ་དོན་ཀུན་གྲུབ་པའི་ཡིད་བཞིན་ནོར་བུ་ཞེས་བྱ་བ། ཨོཾ། སྨོན་ལམ་ཡེ་ཤེས་རྒྱ་མཚོའི་ཕ་རོལ་ཕྱིན། སྟོབས་བཅུའི་དབང་ཕྱུག་རྒྱལ་བ་བཅོམ་ལྡན་འདས། །ཆོས་དང་དགེ་འདུན་དཀོན་མཆོག་རིན་པོ་ཆེ། །རྣམ་གསུམ་ཐུགས་རྗེ་བདེན་པའི་བྱིན་རླབས་ཀྱིས། །ངེས་དོན་ཕྱིར་མི་ལྡོག་པའི་འཁོར་ལོ་ཆེ། །དྭགས་བརྒྱུད་སྙིང་པོ་དཔལ་ལྡན་ཀརྨ་པའི། བསྟན་འཛིན་མཆོག་གི་སྐུ་ཚེ་བརྟན་པ་དང་། བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་རློབས། །བྱིན་རླབས་འབྱུང་གནས་དཀའ་བརྒྱུད་ནོར་བུའི་ཕྲེང་། སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་རྩལ། །བཀའ་གཏེར་བླ་མ་སངས་རྒྱས་ཕྲེང་བ་ཡི། །ཐུགས་བསྐྱེད་ཐུགས་རྗེ་བདེན་པའི་བྱིན་རླབས་ཀྱིས། །ངེས་དོན་ཕྱིར་མི་ལྡོག་པའི་འཁོར་ལོ་ཆེ། དྭགས་བརྒྱུད་སྙིང་པོ་དཔལ་ལྡན་ཀརྨ་པའི། བསྟན་འཛིན་མཆོག་གི་སྐུ་ཚེ་བརྟན་པ་དང་། བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་རློབས། མཆོག་གི་དངོས་གྲུབ་གཏེར་འབྱུང་ཡི་དམ་ལྷ། དུས་ཀྱི་འཁོར་ལོ་བཅོམ་ལྡན་དྲྭ་བ་སྡོམ། ཆེ་མཆོག་དབང་ཆེན་རྡོ་རྗེ་ཕུར་པ་སོགས། །གསར་རྙིང་ཡི་དམ་ལྷ་ཡི་དཀྱིལ་འཁོར་པའི། །ནུས་སྟོབས་གཟི་བརྗིད་འབར་བའི་བྱིན་རླབས་ཀྱིས། །ངེས་དོན་ཕྱིར་མི་ལྡོག་པའི་འཁོར་ལོ་ཆེ། །དྭགས་བརྒྱུད་སྙིང་པོ་དཔལ་ལྡན་ཀརྨ་པའི། བསྟན་འཛིན་མཆོག་

(༢༤༢)གི་སྐུ་ཚེ་བརྟན་པ་དང་། བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་རློབས། །བདེ་ཆེན་ཡེ་ཤེས་བསྐྱེད་མཛད་མཁའ་འགྲོའི་གཙོ། །རྡོ་རྗེ་ཕག་མོ་རིགས་ལྔའི་རྣལ་འབྱོར་མ། །གསང་བ་ཡེ་ཤེས་མཐིང་འོད་འབར་མ་སོགས། །གནས་གསུམ་མཁའ་འགྲོ་མ་སྲིང་རྒྱ་མཚོ་ཡི། །ཕྲིན་ལས་དངོས་གྲུབ་བཅུད་ཀྱི་བྱིན་རླབས་ཀྱིས། །ངེས་དོན་ཕྱིར་མི་ལྡོག་པའི་འཁོར་ལོ་ཆེ། །དྭགས་བརྒྱུད་སྙིང་པོ་དཔལ་ལྡན་ཀརྨ་པའི། །བསྟན་འཛིན་མཆོག་གི་སྐུ་ཚེ་བརྟན་པ་དང་། །བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་རློབས། བར་ཆད་ཀུན་སེལ་ཕྲིན་ལས་སྒྲུབ་པའི་ལྷ། །མ་ཧཱ་ཀཱ་ལ་ལྕམ་དྲལ་བཀའ་སྡོད་བཅས། ཡེ་ཤེས་ལས་གྲུབ་རྒྱུད་གསུམ་སྲུང་མའི་ཚོགས། །དུས་མཐའི་མེ་ལྟར་འབར་བའི་དྲག་རྩལ་གྱིས། ངེས་དོན་ཕྱིར་མི་ལྡོག་པའི་འཁོར་ལོ་ཆེ། །དྭགས་བརྒྱུད་སྙིང་པོ་དཔལ་ལྡན་ཀརྨ་པའི། །བསྟན་འཛིན་མཆོག་གི་སྐུ་ཚེ་བརྟན་པ་དང་། །བསྟན་པ་ཡུན་རིང་གནས་པའི་ཕྲིན་ལས་མཛོད། །འདོད་རྒུའི་དཔལ་སྦྱིན་ལེགས་ཚོགས་སྐྱེད་པའི་ལྷ། །བསོད་ནམས་གཏེར་འཆང་ཨཱརྱཛམྦྷ་ལ། ནོར་བདག་དགེ་བསྙེན་དཀར་ཕྱོགས་སྐྱོང་བའི་སྡེ། །དམ་ཚིག་འགྱུར་བ་མེད་པའི་མཐུ་སྟོབས་ཀྱིས། །ངེས་དོན་ཕྱིར་མི་ལྡོག་པའི་འཁོར་ལོ་ཆེ། །དྭགས་བརྒྱུད་སྙིང་པོ་དཔལ་ལྡན་ཀརྨ་པའི། །བསྟན་འཛིན་མཆོག་གི་སྐུ་ཚེ་བརྟན་པ་དང་། བསྟན་པ་ཡུན་རིང་གནས་པའི་དཔལ་སྐྱེད་ཅིག །བསླུ་བ་མེད་པའི་མཆོག་གསུམ་རྩ་བ་གསུམ་

(༢༤༣)དམ་ཅན་གཏེར་བདག་རྒྱ་མཚོའི་ཕྲིན་ལས་ཀྱིས། རྗེ་བཙུན་བླ་མའི་སྐུ་ཚེའི་རི་བོ་བརྟན། ཆོས་ཀྱི་རྒྱལ་སྲིད་རྒྱལ་མཚན་སྲིད་རྩེར་བསྒྲེང་། །བསྡུ་བ་རྣམ་བཞིའི་ཕྲིན་ལས་མཁའ་ལྟར་ཁྱབ། །སྐྱེས་རྒུ་ཐེག་མཆོག་ཆོས་ཀྱི་དགའ་བར་སྤྱོད། ཕན་བདེའི་འབྱུང་གནས་ཀརྨའི་བཀའ་བརྒྱུད་ཀྱི། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་སྩོལ། །བདེན་ཚིག་རྡོ་རྗེ་བདུད་རྩིའི་མཐུ་གྲུབ་པའི། །ཆོས་ཉིད་འགྱུར་མེད་བདེ་ཆེན་རྡོ་རྗེའི་མཁར། །ཆོས་ཅན་རྟེན་འབྱུང་རྡོ་རྗེའི་ཉི་མ་ཆེ། །རབ་འབར་དུས་གསུམ་བཀྲ་ཤིས་ཕྱམ་བརྡལ་ཤོག །དཔལ་ལྡན་བླ་མ་དམ་པའི་རྡོ་རྗེའི་གསུང་། །ཤྭ་ལོ་ཀ་འདི་གཏེར་སྟོན་གསུང་ངོ། །སྒྲིབ་བྲལ་གནས་བརྒྱད་དག་པའི་སྒྲ་དབྱངས་ཅན། གདུལ་བྱའི་བློ་ལ་གསལ་པོར་འཆར་བ་ཡིས། །སྨིན་ཅིང་གྲོལ་བའི་རོ་མཆོག་མྱོང་གྱུར་ཅིག །བདུད་བཞི་ལས་རྒྱལ་རྒྱལ་བའི་ཕྲིན་ལས་པ། ཀརྨ་པ་བསྟན་བསྟན་པའི་སྙིང་པོ་འདི། །ཕྱོགས་མཐར་ཀུན་ཁྱབ་ཁྱབ་ཅིང་རྒྱུན་མི་འཆད། རྟག་པར་རབ་འཕེལ་འཕེལ་བའི་བཀྲ་ཤིས་ཤོག །ཅེས་པའང་རྣལ་འབྱོར་དམ་པ་ཟང་ཐལ་དྲི་མེད་ནས་འདི་ལྟར་བྲིས་ཤིག་པར་བསྐུལ་ནས་དུས་རིང་མོ་ཞིག་གྱུར་པ་ན། །སླར་ཡང་ལྷ་རྩེ་བའི་དགེ་སློང་མང་དུ་ཐོས་པ་འཇམ་དཔལ་ཚུལ་ཁྲིམས་ནས་རྟེན་བཅས་བསྐུལ་བ་དོན་ཡོད་པར་བྱ་བའི་སླད། །སྒྲ་ལྡན་ཅེས་པ་མེ་འབྲུག་ལོར་ཐུབ་པའི་དབང་པོས་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་ཉིན། །ལུང་རྟོགས་བཤད་སྒྲུབ་ཀྱི་ཆོས་སྡེ་ཆེན་མོ་འོག་མིན་མཚུར་མདོའི་གདན་སར། །སངས་རྒྱས་ཀརྨ་པའི་མཚན་འཛིན་བཅོ་ལྔ་པ་

(༢༤༤)ཀུན་བཟང་མཁའ་ཁྱབ་བདེ་བའི་རྡོ་རྗེ་དང་། མཚོ་སྐྱེས་པདྨའི་རྒྱལ་ཚབས་ཟིལ་གནོན་ནམ་མཁའི་རྡོ་རྗེ་ཟུང་གིས་བྲིས་པ་དེ་བཞིན་དུ་འགྲུབ་པར་བླ་མ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། །སུ་ཛ་ཡ། ༈ བདུད་ཚོགས་ལས་རྒྱལ་རྒྱལ་བའི་བསྟན་འཛིན་འཛིན་མའི་ཁྱོན་འདིར་གྲགས་པའི་བ་དན་རྣམ་པར་རྒྱལ། །རྒྱལ་ཀུན་ཁྱབ་བདག་བདག་ཉིད་ཆེ་མཆོག་མཆོག་བརྙེས་མགོན་པོ་ཀརྨ་པ་བསྟན་སྙིང་པོ་མཆོག །མཆོག་ཏུ་མི་འགྱུར་འགྱུར་མེད་རབ་འཕེལ་འཕེལ་བའི་བཀྲ་ཤིས་ནུབ་པ་མེད་པའི་དགའ་སྟོན་ཆེས། །ཆེས་ཆེར་ཀུན་ཁྱབ་ཁྱབ་བརྡལ་དགེ་ལེགས་ལེགས་པའི་ཕུན་ཚོགས་ཡོངས་གྲུབ་དཔལ་དུ་འབར་གྱུར་ཅིག །ཅེས་པའི་སྨོན་ལམ་འདིའང་འཁོར་ལོའི་མགོན་པོས་རྡོ་རྗེ་འཆང་དངོས་རྒྱལ་མཆོག་བཅོ་ལྔ་པའི་རྡོ་རྗེའི་གསུང་ལས་སོ། ༈ །རྣམ་པར་སྣང་མཛད་ཆོས་ཀྱི་འཁོར་ལོའི་རྒྱལ། །བཀའ་གཏེར་མདོ་སྔགས་བསྟན་པ་རྒྱ་མཚོའི་སྲོག །ངོ་མཚར་ཡོངས་རྫོགས་མཛོད་ཆེན་རྣམ་ལྔ་ཡི། །བཀའ་སྲོལ་སྲིད་མཐར་གནས་ཤིང་རྒྱས་གྱུར་ཅིག །ཅེས་པའང་སྡོམ་བརྩོན་ཐུབ་བསྟན་འཇམ་དཔལ་ཚུལ་ཁྲིམས་གྲགས་པ་ནས་ལྷག་བསམ་དག་པས་རྟེན་བཅས་བསྐུལ་བ་བཞིན། །དཔལ་ཀརྨ་པའི་མཚན་འཛིན་བཅོ་ལྔ་པས་མེ་སྦྲུལ་ནག་ཟླའི་ཡར་ཚེས་བཅོ་ལྔའི་ཉིན་རྩེ་གཅིག་ཏུ་སྨོན་པ་དགེ། །


no previousno next