Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

150 occurrences of གཡོན་དུ་
[Clear Hits]


  
49   
སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ལོ་གསུམ་ཕྱོགས་གསུམ་སྒྲུབ་ལ་གཞོལ་བ་རྣམས་ཀྱི་ཉམས་སུ་ལེན་བྱའི་རིམ་པ་གསལ་བར་བཀོད་པ་རྣལ་འབྱོར་ལམ་གྱི་སྒྲོན་མེ།
 
19   
14   
  
 
  
  
65   


150 occurrences of གཡོན་དུ་
[Clear Hits]

 
previousསྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ལོ་གསུམ་ཕྱོགས་གསུམ་སྒྲུབ་ལ་གཞོལ་བ་རྣམས་ཀྱི་ཉམས་སུ་ལེན་བྱའི་རིམ་པ་གསལ་བར་བཀོད་པ་རྣལ་འབྱོར་ལམ་གྱི་སྒྲོན་མེ།next

སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ལོ་གསུམ་ཕྱོགས་གསུམ་སྒྲུབ་ལ་གཞོལ་བ་རྣམས་ཀྱི་ཉམས་སུ་ལེན་བྱའི་རིམ་པ་གསལ་བར་བཀོད་པ་རྣལ་འབྱོར་ལམ་གྱི་སྒྲོན་མེ།


KMC001_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ལོ་གསུམ་ཕྱོགས་གསུམ་སྒྲུབ་ལ་གཞོལ་བ་རྣམས་ཀྱི་ཉམས་སུ་ལེན་བྱའི་རིམ་པ་གསལ་བར་བཀོད་པ་རྣལ་འབྱོར་ལམ་གྱི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །


KMC001_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་སྭ་སྟི། གང་ཞིག་ཡེ་ནས་མངོན་པར་བྱང་ཆུབ་སྤྲོ་དང་བསྡུ་བའི་མཚན་མ་ལས་འདས་ཀྱང་། །སྣ་ཚོགས་འགྲོ་ལ་སྣ་ཚོགས་སྐུར་སྟོན་དྲན་པ་ཙམ་གྱིས་སྡུག་བསྔལ་མཐའ་མར་བྱེད་ནུས་པའི། ཁ་སྦྱོར་བདུན་ལྡན་རྡོ་རྗེ་འཆང་དང་ཏི་ལོ་ནཱ་རོ་མར་མི་དྭགས་པོ་དུས་མཁྱེན་སོགས། །བཀའ་བརྒྱུད་གསེར་གྱི་ཕྲེང་བ་ཚར་དུ་དངར་དེར་སྲིད་དང་ཞི་བའི་དངོས་པོ་ཀུན་གྱིས་འདུད། །དཀྱིལ་འཁོར་ཀུན་བདག་རྩ་གསུམ་རབ་འབྱམས་རྒྱལ་བ་རྒྱ་མཚོའི་གསང་བ་གསུམ། །གཅིག་ཏུ་བཟླུམས་པའི་གྲོལ་བ་བཞི་


KMC001_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འགྲོ་བའི་མགོན་པོ་ཀརྨ་པ། །རང་བྱུང་ལྷན་སྐྱེས་རིག་པའི་རྡོ་རྗེའི་ཞབས་སེན་སྤྱི་བོས་རབ་མཆོད་དེ། །གཉུག་མའི་ཡེ་ཤེས་དུས་འདིར་རྟོགས་པའི་བྱིན་རླབས་ཆར་ཆེན་དབབ་ཏུ་གསོལ། །ཞི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་ཀྱི། །ལས་དང་དངོས་གྲུབ་རྣམ་གཉིས་སྩོལ་མཛད་པའི། །བརྡ་དོན་རྟགས་ཀྱི་རྡོ་རྗེ་ཕག་མོ་སོགས། །རྒྱུད་སྡེ་རྒྱ་མཚོའི་ལྷ་ལ་ཕྱག་འཚལ་ལོ། །གཟུང་འཛིན་འཁྲུལ་རྟོག་ལ་སོགས་ཕྱི་ནང་གི །དགྲ་བགེགས་རྩད་ནས་རླག་པའི་མཐུ་བོ་ཆེ། །མ་ཧཱ་ཀཱ་ལ་བེར་ནག་


KMC001_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

ལྕམ་དྲལ་སོགས། །གཡེལ་མེད་ལས་རྣམས་སྒྲུབ་མཛད་ཁྱོད་ལ་འདུད། །ཞེས་མཆོད་པར་བརྗོད་པའི་ཚིག་གི་ཕྲེང་བས་མདུན་བསུས་ཏེ། དེ་ཡང་དུས་གསུམ་རྒྱལ་བ་ཡོངས་ཀྱི་མཁྱེན་བརྩེ་ནུས་པའི་ཕྲིན་ལས་ཀྱི་རང་གཟུགས་གངས་ཅན་མགོན་པོ་འཇིག་རྟེན་དབང་ཕྱུག་༧རྒྱལ་བའི་དབང་པོ་དཔལ་ཀརྨ་པ་ཞེས། མདོ་རྒྱུད་རྣམས་ནས་ལུང་གིས་བསྔགས་ཤིང་ཚད་མས་གྲུབ་པའི་བདག་ཉིད་ཆེན་པོ་འདིའི་སྐུ་ཡི་སྐྱེས་རབས་ཀྱི་ཕྲེང་བ་ཐམས་ཅད་དུ་ཡང་། གངས་ལྗོངས་ཙམ་དུ་མ་ཟད། རྒྱ་འཇང་སོག་པོས་མཚོན་པའི་མཐའ་དང་མུ་མེད་པའི་འདུལ་བྱ་རྣམས། གྲོལ་བ་བཞི་ལྡན་གྱི་བྱང་ཆུབ་ཆེན་པོར་སྨིན་པར་མཛད་ཅིང་བསྟན་འགྲོའི་མཛད་ཕྲིན་ངོ་མཚར་རྨད་དུ་བྱུང་བའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་སྔར་ནས་ཀྱང་རྒྱལ་ཁམས་ཡོངས་ལ་གྲགས་ཤིང་དོན་གྱིས་གནས་པ་དང་། ལྷག་པར་དེང་གི་དུས་མི་བཟད་སྙིགས་མ་ལྔ་བདོའི་རྒུད་པས་སྐྱེས་འགྲོ་སྤྱི་དང་བྱེ་བྲག་བོད་ལྗོངས་བསྟན་འགྲོའི་ཕན་བདེའི་དཔལ་ཡོན་ཆེས་འཕོ་འགྱུར་ཉམས་དམས་ཀྱི་སྐབས་འདིར་ཡང་། རླབས་ཆེན་བསྟན་འགྲོའི་དོན་དུ་ཞུམ་པ་མེད་པའི་ཐུགས་བསྐྱེད་བདག་གིར་བཞེས་ཏེ། རྒྱལ་བསྟན་སྤྱི་དང་ཁྱད་པར་མངའ་བདག་མར་པའི་བཀའ་རྒྱུད་ཀྱི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ལས་གསུམ་གྱིས་འཛིན་སྐྱོང་སྤེལ་བས་ཕྲིན་ལས་ཀྱི་སྣང་བས་འཛམ་གླིང་ཡོངས་ལ་ཁྱབ་པ་དང་། ཡུལ་དང་སྐད་རིགས་མི་གཅིག་པའི་འཛམ་གླིང་ཤར་ནུབ་ཀྱི་སྐྱེ་བོ་འབུམ་ཕྲག་མང་པོར་རང་སྐལ་འཚམས་པའི་ཆོས་དང་།


KMC001_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་མཁས་པའི་རྒྱལ་སྲས་ཀྱི་སྤྱོད་པ་རྒྱ་མཚོའི་མཐོང་ཐོས་དྲན་རེག་སྨིན་སྒྲོལ་གྱི་ལམ་ལ་འགོད་པར་མཛད་པ་སོགས་མདོར་ན་སྙིགས་དུས་ཀྱི་བསྟན་འགྲོའི་སྐྱབས་དང་མགོན་དཔུང་མཚུངས་ཟླ་མ་མཆིས་པ་༧སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་༧་རྒྱལ་མཆོག་བཅུ་དྲུག་པ་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་རྗེའི་བདག་རྐྱེན་ལས་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་སའི་ལྟེ་བ་འོག་མིན་གཉིས་པ་རུམ་བཏེག་ཀརྨའི་གདན་ས་བཤད་སྒྲུབ་ཆོས་འཁོར་གླིང་གི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་ཕྱག་བཏབ་ཅིང་། དེ་འབྲེལ་རབ་ལོ་༢༡༠༥ ས་ཕོ་རྟ་ཡི་ལོ་༡༩༧༨ ལོར་བསྟན་པའི་སྙིང་པོ་ལུང་རྟོགས་བཤད་པ་དང་སྒྲུབ་པའི་སྡེ་ཡང་གསར་དུ་འཛུགས་པར་མཛད་པའི་ཡ་གྱལ་སྒྲུབ་སྡེ་ཆེན་པོ་ཡིད་འོང་བསམ་གཏན་གླིང་གི་སྒྲུབ་བཞུགས་རྣམས་ཀྱིས་ལོ་གསུམ་ཕྱོགས་གསུམ་རིང་། ཉམས་སུ་བླང་བྱ་མཐའ་དག་མཉམ་མེད་སྒྲུབ་རྒྱུད་ཀརྨ་ཀཾ་ཚང་གི་ཕྱག་བཞེས་དྲི་མ་མེད་པ་ཇི་ལྟ་བ་བཞིན་གསལ་བར་འགོད་པ་ལ། ༡༽ ཐོག་མར་སྔོན་འགྲོ་སེམས་བསྐྱེད་ཉེར་བདོག་སྣ་སེལ་སོགས་ཇི་ལྟར་བྱ་བའི་ཚུལ་དང་། ༢༽ དངོས་གཞི་ལོ་གསུམ་ཕྱོགས་གསུམ་གྱི་ཉམས་སུ་བླང་བྱ། ༣༽ རྗེས་མཐའ་མར་དགེ་བས་སྒྲུབ་པ་གྲོལ་བའི་ཚུལ་བཅས་གསུམ་ལས། དང་པོ་ལ། ཀུན་སློང་དང་སེམས་བསྐྱེད་ཀྱི་ཚུལ། སྒྲུབ་པ་པོའི་ཕྱི་ནང་གི་ཆ་རྐྱེན་ཉེར་བདོག་ཇི་ལྟར་བྱ་བ་དང་། དགེ་བའི་དཔུང་བསྐྱེད་སྣ་སེལ་རིམ་གྲོའི་ཚུལ་བཅས་གསུམ་ལས། དང་པོ་ནི། དེ་ཡང་རང་ཅག་རྣམས་ཚེ་


KMC001_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

རབས་སྔ་མ་རྣམས་སུ་བསོད་ནམས་ཀྱི་ཚོགས་རྒྱ་ཆེར་བསགས་ཤིང་སྨོན་ལམ་དང་ལས་འཕྲོ་བཟང་པོའི་མཐུ་ལས། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས། བླ་མ་དགེ་བའི་བཤེས་གཉེན་དང་མཇལ་ཏེ་ཆོས་སྒྲུབ་པའི་མཐུན་རྐྱེན་མ་ལུས་པ་ཚང་ནས་སྒྲུབ་པ་སྙིང་པོར་བྱེད་དུ་ཡོད་པ་ནི་ཡིད་བཞིན་གྱི་ནོར་བུ་རྙེད་པ་ལས་ཀྱང་དོན་ཆེ་མོད། འོན་ཀྱང་རང་ཉིད་ཚེ་འདི་པ་ཙམ་ཀྱི་ཆེད་དུ་མཁས་བཙུན་བཟང་གྲུབ་གྲགས་པ་དོན་གཉེར་གྱིས་བླ་འདོད་ཙམ་སེམས་ཕུག་ཏུ་འཆང་ནས་སྒྲུབ་ཁང་ལོ་ཟླའི་གྲངས་ཚང་བ་ཙམ་གྱིས་ཆོག་པར་བྱས་ཏེ། བསམ་སྦྱོར་རྣམ་དག་དང་ཉམས་ལེན་ཚད་ལྡན་ཞིག་མ་བྱུང་ན། ཡོན་སྦྱོར་བ་པོའི་སྦྱིན་བདག་བསླུས། སྒྲུབ་པ་པོ་རང་ཉིད་སྐྱེ་བ་གཏན་གྱི་འདུན་མ་འཆུགས་པར་འགྱུར་བ་སོགས་ཉེས་སྐྱོན་བསམ་ལས་འདས། དེས་ན་ཐོག་མ་ཉིད་ནས་ཚེ་ཕྱི་མ་ཕན་ཆད་གཞན་དོན་དུ་ཐར་པ་བྱང་ཆུབ་སྒྲུབ་པའི་བསམ་པ་རྣམ་པར་དག་པ་དང་། སྦྱོར་བ་ཆོས་ཕྱིར་དཀའ་སྤྱད་དང་སྙིང་རུས་བརྩོན་འགྲུས་དྲག་པོས་ལོ་གསུམ་ཙམ་དུ་མ་ཟད་ཚེ་དང་སྒྲུབ་པ་མཉམ་པར་བཀའ་བརྒྱུད་གོང་མའི་རྣམ་ཐར་གྱི་རྗེས་སུ་སློབ་པའི་ཆོས་རྣམ་པར་དག་པ་ཞིག་བྱེད་དང་མི་བྱེད་ཐུབ་དང་མི་ཐུབ་རང་གིས་རང་ལ་བསམ་གཞིག་བརྟག་དཔྱད་ལེགས་པར་བྱས་ནས། གཟོད་སྒྲུབ་པ་ལ་འཇུག་པ་ལས། རང་གར་མ་བརྟགས། གཞན་ཟེར་ཅལ་སྒྲོགས་ལྟ་བུས་སྒྲུབ་པ་ལ་ཞུགས་པས་ནི། འབྲས་བུ་གར་ཡང་ཕྱིན་པར་མི་འགྱུར་བས་སྤང་བར་བྱའོ། །དེ་ནས་སྒྲུབ་པ་ལ་འཇུག་པར་ངེས་ཤིང་ཐག་ཆོད་པ་ན།


KMC001_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོའི་སེམས་ཀྱིས་འཕེན་པ་ནི་ས་བོན་བཏབ་པ་དང་འདྲ་ཞིང་། གྲོ་ནས་བྲ་སྲན་ལ་ལོ་འདབ་འབྲས་བུ་སོ་སོར་སྨིན་པ་ལྟར་འབྱུང་བས་སེམས་བསྐྱེད་སྐྱོན་མེད་རྣམ་པར་དག་པ་ཞིག་དགོས་ཏེ། དེ་ཡང་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་ཞལ་སྔ་ལས། ཐོག་མར་འདུན་པ་ཕྱིན་ཅི་ལོག་ཏུ་མ་སོང་བས་གཞི་ལེགས་པ་དང་། བར་དུ་བསྒྲུབ་བྱའི་ལྟ་སྒོམ་སྤྱོད་གསུམ་ཉམས་སུ་ལོན་པས་གཞན་དག་མགུ་བ། མཐར་བསྒྲུབས་པའི་འབྲས་བུ་ཆུད་ཟོས་སུ་མ་ཤོར་བས་རང་བློ་བདེ་བ་ཞིག་དགོས་པ་བཅའ་ཁྲིམས་ཀྱི་སྤྱི་སྡོམ་ཡིན་ནོ། །ཞེས་གསུངས་པ་ལྟར། དེ་ལ་དང་པོ་འདུན་པ་ཕྱིན་ཅི་མ་ལོག་པ་ཇི་ལྟར་དགོས་ན། རིན་པོ་ཆེའི་ཕུང་པོའི་མདོ་ལས། འོད་སྲུང་དགེ་སློང་གང་དག་དགོན་པའི་གནས་སུ་འགྲོ་བར་འདོད་ན། ཆོས་རྣམ་པ་བརྒྱད་ཡིད་ལ་བསམ་པར་བྱའོ། །བརྒྱད་གང་ཞེ་ན། །རང་གི་ལུས་ཡོངས་སུ་སྤང་བར་བྱའོ་སྙམ་པ་༡དང་། སྲོག་ཡོངས་སུ་བཏང་བར་བྱའོ་སྙམ་པ་༢དང་། བཀུར་བསྟི་རྣམས་སྤང་བར་བྱའོ་སྙམ་པ་༣དང་། ཆགས་ཤིང་སྲེད་པ་ཐམས་ཅད་སྤང་བར་བྱའོ་སྙམ་པ་༤དང་། རི་ཁྲོད་དུ་རི་དྭགས་ལྟར་གནས་པར་བྱའོ་སྙམ་པ་༥དང་། དགོན་པར་གནས་པའི་སྤྱོད་པ་གང་ཡིན་པ་ལ་བསླབ་པར་བྱའོ་སྙམ་པ་༦དང་། ཆོས་ཀྱི་འཚོ་བས་གནས་པ་༧དང་། ཉོན་མོངས་པས་འཚོ་བར་མི་བྱའོ་སྙམ་པ་༨སྟེ། དེ་ནི་ཆོས་བརྒྱད་ཅེས་བྱའོ། །དགེ་སློང་དགོན་པ་བས་གང་ཡིད་ལ་བྱ་བ་དེ་ཡིད་ལ་བྱས་ནས་དགོན་པའི་གནས་སུ་གནས་པར་བྱའོ། །ཞེས་གསུངས་ཏེ། མདོར་ན་འཇིག་རྟེན་གྱི་བྱ་བ་ཐམས་ཅད་རྒྱབ་ཏུ་བསྐྱུར་


KMC001_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

ནས། བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པར་འདོད་པའི་འདུན་པས་སྒྲུབ་པ་ལ་འཇུག་དགོས། ཆོས་རྗེ་འཇིག་རྟེན་གསུམ་མགོན་གྱི་གསུང་ལས། རྟེན་འབྲེལ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་རགས་ལས་པས་ཤིན་ཏུ་གཟབ་པ་གལ་ཆེ། ནམ་ཞིག་རི་ལ་འགྲོ་བའི་དུས་སུ་བྱང་ཆུབ་སེམས་ལ་རྟོག་པ་གཞན་གྱི་འདྲེས་མེད་པ་གཅིག་དགོས་པས་གྲོགས་པོའམ་གཞན་ཁྱད་གསོད་ཀྱིས་རི་ལ་འགྲོ་ན་ཅི་བསམ་མི་འགྲུབ། ཁྱིས་ཆུ་འབོག་པ་བཞིན་རང་ཇེ་ངན་ལ་འགྲོ་བ་ཡིན། གཞན་དབང་དུ་འདུ་བ་དང་ཟས་ནོར་འདོད་ཡོན་གྱི་བསམ་པས་རི་ལ་འགྲོ་ན་རང་གི་སྡོམ་པ་ཡང་འཆོར་ལ་གཞན་གྱིས་སྡིག་པ་ཡང་བསགས་ཤིང་མི་དད་པའོ། །ཞེ་སྡང་གི་བསམ་པས་རི་ལ་འགྲོ་ན་ཐམས་ཅད་རང་ལ་སྡང་ཞིང་སྐུར་བ་ལ་སོགས་པ་ཡང་འོང་བ་ཡིན། ང་རྒྱལ་གྱིས་བསམ་པས་རི་ལ་འགྲོ་ན་རང་གི་རྒྱུད་ལ་ཡོན་ཏན་མི་སྐྱེ། ཟས་གོས་བཅས་བདར་གྱི་བསམ་པས་རི་ལ་འགྲོ་ན་ལྟོ་གོས་ཀྱིས་ཕོངས་ཤིང་ཡོད་པ་རྣམས་དང་བྲལ། རང་འདོད་གཅིག་པུ་ཡི་བསམ་པས་རི་ལ་འགྲོ་ན་ཉན་ཐོས་ཀྱི་ཐེག་པ་དང་འདྲ་བས་གཞན་གྱི་དོན་མི་འབྱུང་། རྐྱེན་དེ་རྣམས་ཀྱི་རྒྱུ་མཚན་དང་ཉེས་དམིགས་མི་ཤེས་པར་གཏི་མུག་གིས་རི་ལ་འགྲོ་ན་དགེ་སྦྱོར་མི་འཕེལ་བ་དང་། བོགས་མི་ཐོན་པ་དང་ཆོ་དགུ་རེད་པ་ཡིན་གསུངས། དེ་ལྟར་མི་འོང་བའི་ཐབས་ཤིག་ཞུ་བྱས་པས། འོ་ཁྱེད་རང་དབང་ཆེ་མོད་ངས་རྟག་ཏུ་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་ཚོགས་སུ་བཤད་པ་དེ་ཡིན། དེ་ལྟར་བྱམས་པ་དང་ཆས་ནས་རི་ལ་འགྲོ་ན་མི་མཐུན་ཐམས་ཅད་ཞི་ཞིང་གར་ཡང་བཀྲ་


KMC001_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ཤིས་པ་ཡིན། སྙིང་རྗེ་དང་ཆས་ནས་རི་ལ་འགྲོ་ན་གཞན་དོན་འབྱུང་། དགའ་བ་དང་ཆས་ནས་རི་ལ་འགྲོ་ན་ལྷ་འདྲེ་མི་གསུམ་གྱིས་ཡིད་དུ་སྙན་པ་ཐོབ། བཏང་སྙོམས་དང་ཆས་ནས་རི་ལ་འགྲོ་ན་སྣང་བ་དབང་དུ་འདུ་བ་ཡིན། ཚད་མེད་པ་བཞིས་རི་ལ་འགྲོ་ན་ཕྲིན་ལས་བཞིས་རང་གཞན་གྱི་དོན་འགྲུབ། ཡང་ཡི་དམ་ལྷའི་གདུང་བ་དང་ཆས་ནས་རི་ལ་འགྲོ་ན་ཐུན་མོང་གི་དངོས་གྲུབ་ཐོབ། བླ་མར་གདུང་བ་དང་ཆས་ནས་རི་ལ་འགྲོ་ན་མཆོག་གི་དངོས་གྲུབ་འཐོབ། སྤྱིར་བསམ་པ་རབ་ཀྱིས་རི་ལ་འགྲོ་ན་དངོས་གྲུབ་རབ་འཐོབ། འབྲིང་གིས་རི་ལ་འགྲོ་ན་འབྲིང་འཐོབ། ཐ་མས་རི་ལ་འགྲོ་ན་དགེ་སྦྱོར་འཕེལ་བ་དང་བར་ཆད་མི་ཡོང་བ་ཙམ་ཡིན། ཅེས་གསུངས་པ་ལྟར། འདུན་སེམས་ཀྱི་སྤང་བླང་མ་ལོག་པ་གལ་ཆེ། བླ་མའི་མིང་ཞིག་ཐོགས་དགོས་སྙམ་པ་དང་། དེ་ཐོགས་ན་དཀོར་ཟས་ཕོངས་མེད་ཅིག་འབྱུང་སྙམ་པ་དང་། གྲོགས་མཆེད་གཞན་ལས་ལྷག་པའམ། བླ་མ་གཞན་དང་འདྲ་བ་ཞིག་བྱེད་དགོས་སྙམ་པ་སོགས་གཉེར་སེམས་ལོག་པ་གཏན་ནས་མི་བྱ་བར་རི་ལ་སྒྲུབ་པ་ཞུགས་ཕྱིན་ཆད། ནམ་མཁས་ཁྱབ་པའི་སེམས་ཅན་རྣམས་ཀྱི་དོན་དུ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཚེ་གཅིག་ལ་བསྒྲུབ་སྙམ་པའི་བློ་དང་མ་བྲལ་བ་ཤིན་ཏུ་གལ་ཆེའོ། སྐྱོན་མེད་ས་བོན་བརླན་དྲོད་འཛོམས་པ་ལས། །ཇི་ལྟར་འདོད་པའི་འབྲས་བཟང་དུས་སུ་སྨིན། །བྱང་ཆུབ་སེམས་ལྡན་བསྐྱེད་རྫོགས་ཟབ་མོ་ཡིས། །ཟུང་འཇུག་སྐུ་བཞིའི་འབྲས་བུའང་ཚེ་འདིར་ཐོབ། །ཅེས་སོ། གཉིས་པ་ནི། དེ་ལྟར་སེམས་བསྐྱེད་རྣམ་པར་


KMC001_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་དང་ལྡན་པའི་སྒྲུབ་པ་པོ་དེ་ལ་ནང་གི་ཆ་རྐྱེན་ལོ་གསུམ་གྱི་གང་མཁོའི་འདོན་བྱ་རྣམས་ཀྱི་ཆོ་གའི་འགྲིགས་རིམ། འདོན་རྟ་དབྱངས། གཏོར་བཟོ། མཆོད་པའི་ཕྱག་ལེན། རྔ་རྡུང་འབུད་དཀྲོལ་རྣམས་ཀྱང་སྣེ་མ་ཐོགས་པར་ཤེས་ཤིང་། བླ་མས་བཀའ་ཁྲིད་གནང་བའི་ཚིག་དོན་དང་། ཁྲིད་ཡིག་ལ་གོ་བ་ཆགས་པ་ཞིག་ནི་ངེས་པར་དགོས། ལྷག་པར་འཁོར་བ་ལ་ངེས་འབྱུང་། སེམས་ཅན་ལ་སྙིང་རྗེ། ཆོས་དང་བླ་མ་ལ་དཀོན་པའི་འདུ་ཤེས་ཀྱིས་མོས་གུས་ལྟེམས་རྐྱང་མེད་པའི་བློ་སྣ་རི་ལྟར་དུ་བརྟན་པ་ཞིག་ནི་མེད་པའི་ཐབས་མེད་པ་ཡིན་ནོ། ཕྱི་ཡི་ཉེ་བར་མཁོ་བའི་ཆ་རྐྱེན་ལ། ཐོག་མར་དཔེ་ཆའི་སྐོར། ཕྱག་ཆེན་སྔོན་འགྲོའི་ངག་འདོན་འཕགས་ལམ་བགྲོད་པའི་ཤིང་རྟ་དང་། རྗེ་དགུ་པའི་གསུང་ཕྱག་ཁྲིད་ངེས་དོན་རྒྱ་མཚོའི་སྙིང་པོ་ཕྲིན་ལས་འོད་འཕྲོ། མ་རིག་མུན་སེལ། ཆོས་སྐུ་འཛུབ་ཚུགས། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་ཕྱག་ཆེན་ངེས་དོན་སྒྲོན་མེ། དེ་དག་གི་རྒྱབ་ཆོས་ཐར་པ་རིན་པོ་ཆེའི་རྒྱན་རྗེ་སྒམ་པོའི་གསུང་། ༧ཐམས་ཅད་མཁྱེན་པ་རང་བྱུང་རྒྱལ་བའི་གསུང་ཕྱག་ཆེན་སྨོན་ལམ་དེའི་འགྲེལ་པ་གྲུབ་མཆོག་ཞལ་ལུང་སི་ཏུ་བསྟན་པའི་ཉིན་བྱེད་ཀྱི་གསུང་། རྗེ་དྲུག་པའི་གསུང་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་གསང་ཆེན་མཆོག་གི་མྱུར་ལམ་གསལ་བའི་འདྲེན་པ། དེའི་བསྐྱེད་རིམ་ལྷ་ཁྲིད་རྣམ་བཤད་བསྡུས་པ། རྗེ་དཔའ་བོ་གཙུག་ཕྲེང་གི་གསུང་། རྗེ་དཔའ་བོ་གཙུག་ལག་རྒྱ་མཚོའི་གསུང་རྡོ་རྗེ་རྣལ་འབྱོར་མའི་ལྷ་ཁྲིད་ཀྱི་འདོན་སྒོམ་དང་། བསྐང་བ་རྗེ་པཀྴིའི་གསུང་ལྡེབ་རྐྱང་བཅས། གར་


KMC001_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དྲུག་པ་ཆོས་ཀྱི་དབང་ཕྱུག་གི་གསུང་ཟབ་མོ་ནཱ་རོ་ཆོས་དྲུག་གི་ཉམས་ལེན་ཐུན་ཆོས་བདུད་རྩིའི་ཉིང་ཁུ་ཞེས་བྱ་བ་བསྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་དོན་ཁྲིད་དང་། དེའི་སྔོན་འགྲོའི་འདོན་ཆ་དངོས་གྲུབ་མྱུར་སྩོལ་རྗེ་པདྨ་ཉིན་བྱེད་ཀྱིས་འཇུག་བདེར་བཀོད་པ། རྗེ་དཀོན་མཆོག་འབངས་ཀྱི་གསུང་ཆོས་དྲུག་བླ་མ་རྒྱང་འབོད། ཀརྨའི་མཁན་པོ་རིན་ཆེན་དར་རྒྱས་ཀྱི་གསུང་ཆོས་དྲུག་བདུད་རྩིའི་ཉིང་ཁུའི་ཟུར་རྒྱན་ལུང་གི་འོད་ཟེར། བཻརི་མཁྱེན་བརྩེའི་གསུང་འཁྲུལ་འཁོར་གྱི་ལག་ལེན་དང་དམིགས་རིམ་ཕྱོགས་བསྡུས་རབ་གསལ་མེ་ལོང་། རྗེ་དེ་ཡི་གསུང་ཟབ་ལམ་ནཱ་རོ་ཆོས་དྲུག་གི་དམིགས་རིམ་མན་ངག་ཁ་འཐོར་དཔེའུ་རིས་བཅས། ཆོས་དྲུག་གི་རྒྱབ་ཆོས་རྗེ་རང་བྱུང་རྡོ་རྗེའི་གསུང་ཟབ་མོ་ནང་དོན་དང་། དེའི་འགྲེལ་པ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་ཟབ་དོན་སྣང་འབྱེད། ༧རྗེ་ཀརྨ་པ་བརྒྱད་པའི་གསུང་བདེ་མཆོག་ལྷ་ལྔའི་མངོན་རྟོགས་དཀྱིལ་ཆོག་དང་ཕྱག་བཞི་པའི་གཏོར་ཆོག་དེའི་ཟིན་བྲིས་ཚིགས་བཅད་མ་ཆགས་མེད་ཞབས་ཀྱི་གསུང་དང་། རྣམ་བཤད་ཚོགས་ལྡན་འདོད་འཇོའི་བུམ་བཟང་ཚེ་དབང་ཀུན་ཁྱབ་གསུང་བཅས། རྗེ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་བཀའ་བརྒྱུད་བསྔགས་མཛོད་ལས་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས། དཀྱིལ་ཆོག་དངོས་གྲུབ་རྒྱ་མཚོ། ཚོགས་མཆོད་ཡོངས་འདུའི་སྙེ་མ། ཚོགས་མཆོད་འདོན་སྒྲིག་ལྡེབ་རྐྱང་། དུད་སོལ་གཏོར་ཆོག་དབྱར་རྔའི་སྒྲ་དབྱངས། བསྙེན་པའི་ཟུར་འདེབས་ལྡེབ་གཉིས་ཅན། ལས་


KMC001_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་སྦྱིན་སྲེག་ཕྲིན་ལས་འོད་འབར། དུད་སོལ་མའི་གཏོར་ཆོག་འབྲིང་པོ་ཡོངས་འདུས་ལྗོན་པའི་སྐྱེད་ཚལ། མར་ལུགས་རྒྱུད་སྡེ་རྣམས་ཀྱི་བསྙེན་ཡིག་རིན་ཆེན་གྲུ་གཟིངས། དགྱེས་རྡོར་མར་ལུགས་ཀྱི་ཁྲིད་ཡིག་འཁྲུལ་མེད་ངེས་གསང་ཞེས་བྱ་བ་ཏཱ་ར་ནཱ་ཐའི་གསུང་བཅས། དགྱེས་རྡོར་སོགས་རྒྱུད་སྡེ་རྣམས་ཀྱི་རྒྱབ་ཆོས་སུ་རྩ་རྒྱུད་བརྟག་པ་གཉིས་པ་དང་། དེའི་འགྲེལ་པ་འཇམ་མགོན་གསུང་གཞོམ་མེད་རྡོ་རྗེའི་གསང་བ་འབྱེད་པ་བཅས། རྗེ་དྲུག་པ་མཐོང་བ་དོན་ལྡན་གྱི་གསུང་དཔལ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་སྒྲུབ་དཀྱིལ་རབ་གསལ་ཐར་པའི་ལམ་ཆེན་དང་། དཔལ་འཇིག་རྟེན་དབང་ཕྱུག་གིའི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ཞེས་བྱ་བ་ལས་ལྷ་དགུ་ཕྱི་ལྟར་སྒྲུབ་པའི་ཟིན་བྲིས་དང་། ནང་སྒྲུབ་ཟིན་བྲིས། གསང་སྒྲུབ་ཟིན་བྲིས། ནང་གསང་དྲིལ་སྒྲུབ་གསུམ་གྱི་སྟ་གོན། དྲིལ་སྒྲུབ་ཀྱི་ཟིན་བྲིས། ལུས་དཀྱིལ་ཟིན་བྲིས། རྗེས་ཆོག་ཟིན་བྲིས། ཡང་གསང་སྒྲུབ་པའི་ཟིན་བྲིས། ལྷ་དགུ་དང་ལྷ་ལྔའི་ཟིན་བྲིས་བརྩམས་དོན། ལྷ་དགུ་ལྷ་ལྔ་གཉིས་ཀྱི་སྒྲུབ་ཐབས་རྣམས་ཀྱི་དུས་རྟགས་གྲངས་ཀྱི་བསྙེན་ཚད་ཕན་ཡོན་དང་བཅས་པ་མདོར་བསྡུས་བཅས། མཁས་གྲུབ་ཆགས་མེད་ཞབས་ཀྱིས་མཛད་པ་དང་། དཔལ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་ལྷ་དགུའི་བསྙེན་ཡིག་དངོས་གྲུབ་རོལ་མཚོ་ཚེ་དབང་ཀུན་ཁྱབ་གསུང་བཅས། ཕྱག་ཆེན་རྒྱབ་ཆོས་རྒྱལ་ཚབ་བྱམས་པའི་གསུང་ཐེག་པ་ཆེན་པོ་རྒྱུད་བླའི་བསྟན་བཅོས་དང་། དེའི་འགྲེལ་པ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་མངོན་སུམ་ལམ་


KMC001_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་བཤད་སྲོལ་ཕྱིར་མི་ལྡོག་པ་སེངྒེའི་ང་རོ། དེ་དང་དེའི་རྗེས་འབྲེལ་རྗེ་རང་བྱུང་རྡོ་རྗེའི་གཞུང་ཆུང་རྣམ་ཤེས་ཡེ་ཤེས་དང་སྙིང་པོ་བསྟན་པ། དེ་གཉིས་ཀྱི་འགྲེལ་པ་འཇམ་མགོན་གསུང་རང་བྱུང་དགོངས་རྒྱན་དང་རང་བྱུང་དགོངས་གསལ་བཅས། རྗེ་མི་བསྐྱོད་རྡོ་རྗེའི་གསུང་ཀུན་རིག་རྣམ་གྲོལ་སྒོ་ཆེན་གྱི་ཆོ་ག་དང་། ཚེ་དབང་ཀུན་ཁྱབ་གསུང་ཀུན་རིག་རྣམ་པར་སྣང་མཛད་ཀྱི་རྣམ་བཤད་དང་། རྒྱ་ཆེན་བཀའ་མཛོད་ལས་དཔལ་ཀུན་རིག་རྣམ་གྲོལ་སྒོ་ཆེན་གྱི་བསྙེན་སྒྲུབ་ལས་ཀྱི་རིམ་པ་གསལ་བར་བྱེད་པ་རྣམ་གྲོལ་ཤིང་རྟ་ཞེས་བྱ་བ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་། རྗེ་ཆོས་ཀྱི་དབང་ཕྱུག་གི་གསུང་བཅོམ་ལྡན་འདས་མི་འཁྲུགས་པའི་ཆོ་ག་མངོན་དགའི་ཞིང་གི་མཛེས་རྒྱན། ཚེ་དབང་ཀུན་ཁྱབ་ཀྱི་གསུང་མི་འཁྲུགས་པའི་སྒྲུབ་ཐབས་ཀྱི་རྣམ་བཤད། མི་འཁྲུགས་པའི་ཆོ་གའི་ལྷན་ཐབས་ཨིནྡྲ་ནི་ལའི་ཆུན་འཕྱངས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་། མཁས་གྲུབ་ཆགས་མེད་གསུང་གནམ་ཆོས་འོད་དཔག་ཆོག་གཞུང་དང་འཕོ་བ་བསྙེན་ཡིག་བཅས་ཆ་ཚང་། ཡོངས་དགེ་མི་འགྱུར་རྡོ་རྗེའི་ཟབ་གཏེར་ལས་བྱོན་པའི་རྡོ་རྗེ་གྲོ་ལོད་གཞུང་པོད་ཆ་ཚང་དང་། དེའི་བསྙེན་ཡིག་སི་ཏུ་པད་མ་ཉིན་བྱེད་གསུང་དང་ཀརྨའི་མཁན་པོ་རིན་ཆེན་དར་རྒྱས་ཀྱི་གསུང་། རྗེ་རང་བྱུང་རྡོ་རྗེའི་གསུང་གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང་དང་། གཏོར་སྲུང་ལྡེབ་གཉིས། བཀའ་བརྒྱུད་ཚོགས་ལས་གནས་ཆོས་དབྱིངས་མ། རིང་བརྒྱུད་གསོལ་འདེབས་སྤྱི་གཙུག་ཉི་ཟླ། གཅོད་བསྐང་འོག་མིན་ཆོས་དབྱིངས་


KMC001_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བསྡུས་པ་སྨྲ་བསམ་བརྗོད་མེད། བསྐང་བསྡུས་ཆོས་དབྱིངས་མ། གཅོད་བསྐང་ཕྱག་རྒྱ་ཆེན་པོ། ཌཱ་ཀི་མ་རྣམས་ཀྱི་གཏོར་འབུལ། ལུས་སྦྱིན་ངག་འདོན་མུ་ཏིག་ཕྲེང་བ། འཇམ་མགོན་གསུང་རྒྱུན་ཁྱེར་ལུས་སྦྱིན་བསྡུས་པ། ཆགས་མེད་གསུང་རྨི་ལམ་ལུང་བསྟན། ཚོགས་ལས་ཡོན་ཏན་ཀུན་འབྱུང་གི་དམིགས་རིམ་ཟིན་བྲིས་ཤེལ་དཀར་མེ་ལོང་གི་ཟུར་མང་བསྟན་འཛིན་རྣམ་དག་གི་གསུང་། འཇམ་མགོན་གསུང་ལུས་སྦྱིན་གྱི་དམིགས་རིམ་ཀུན་དགའི་སྐྱེད་ཚལ། མཆོག་གཏེར་གསང་ཐིག་ཕུར་པ་གཏེར་གཞུང་དང་ཚོགས་མཆོད། དེའི་ཁྲིད་ཡིག་མཁན་པོ་དྲི་མེད་བློ་གྲོས་སམ་ཀརྨའི་མཁན་པོས་མཛད་པ་རབ་གསལ་ཁྲག་འཐུང་དགྱེས་པའི་གད་རྒྱངས་དང་ཁྲིད་བསྡུས་ལྡེབ་གཉིས། འཇམ་མགོན་གསུང་མི་ལའི་བླ་སྒྲུབ་ཡེ་ཤེས་རབ་འབར། དེའི་ཟིན་བྲིས་ཡེ་ཤེས་གསལ་བྱེད། ཡོངས་དགེ་མི་འགྱུར་རྡོ་རྗེའི་དག་སྣང་ལས་བྱུང་བ་པཀྴིའི་བླ་སྒྲུབ་ལས་བྱང་དང་། རྗེ་བཅུ་བཞི་པའི་གསུང་ཚོགས་མཆོད་དང་། བརྒྱུད་འདེབས་གཉིས། དེའི་བསྙེན་ཡིག་རྗེ་བཅོ་ལྔ་པ་ཆེན་པོའི་གསུང་། འཇམ་མགོན་གསུང་ཐེག་པ་ཆེན་པོ་བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག་བྱང་ཆུབ་གཞུང་ལམ་ཞེས་བྱ་བ་དང་། བརྒྱུད་འདེབས་དང་སྨོན་ལམ་བཅས། ཞྭ་དམར་ལྔ་པ་དཀོན་མཆོག་འབངས་ཀྱིས་བསྒྲིགས་ཆོག་དཔལ་མ་ཧཱ་ཀཱ་ལ་བེར་ནག་ཅན་གྱི་བསྐང་གསོལ་རྒྱས་པ་སྡང་བ་རྣམས་སྲེག་ཆ་ལགས་ཡོངས་སུ་རྫོགས་པ། གཏོར་བསྔོ་མཚལ་འབྲིང་དང་། བསྡུས་པ་ཁཾཡིག་མ། སྟག་ཤམ་འཁྲུགས་སྐོང་། ཆགས་མེད་གསུང་དགྲ་ཆོས་བསྡུས་པ། མ་མགོན་


KMC001_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་གསེར་སྐྱེམས་ཀ་བསྟོད་དང་བཅས་པ། པར་བུའི་སྐབས་སི་ཏུ་བསྟན་པའི་ཉིན་བྱེད་ཀྱི་གསུང་མགོན་ཕྲིན་བདུད་ལས་རྣམ་རྒྱལ་དང་གདབ་ལས་ཀྱི་ཆོ་ག་དགྲ་ཆོས་རྒྱས་པ་རྒྱལ་ཚབ་གྲགས་པ་དཔལ་འབྱོར་གྱི་གསུང་། མ་མགོན་གྱི་བསྲེག་བླུགས་རྡོ་རྗེའི་མེ་འོབས་རྗེ་བཅོ་ལྔ་པའི་གསུང་། བེར་ཅན་ལྕམ་དྲལ་གྱི་བསྐང་གསོལ་ཆོ་གའི་དམིགས་རིམ་སྔགས་ནག་ཁ་ཡི་ཧོང་གཏམ་དང་། སྨད་ལས་དགྲ་བགེགས་བསྒྲལ་བའི་ལས་རིམ་བཅས་ཚེ་དབང་ཀུན་ཁྱན་གསུང་། སི་ཏུའི་གསུང་སྲུང་འཁོར་གྱི་ཡིག་ཆུང་དང་ལོཀྟྲི་པ་ལའི་སྒོམ་བཟླས། མཁས་གྲུབ་ཆགས་མེད་ཀྱི་གསུང་པཀྴིའི་སྙན་བརྒྱུད་མ་མགོན་ཞལ་སྦྱོར་སྒྲུབ་པའི་མན་ངག་ཟིན་བྲིས། རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་གསུང་མ་ཧཱ་ཀཱ་ལ་ཞལ་སྦྱོར་གྱི་བསྙེན་ཡིག་རིན་ཆེན་བཻ་ཌཱུ་རྱའི་ཕྲེང་བ་རྣམ་འབྱོར་ཡིད་ཀྱི་མཛེས་རྒྱན་ཞེས་བྱ་བ། རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེའི་གསུང་རྒྱུད་སྡེ་སྤྱི་ཡི་སྦྱིན་སྲེག་ལས་བཞི་མྱུར་འགྲུབ་ཞེས་བྱ་བ། སི་ཏུ་བསྟན་པའི་ཉིན་བྱེད་ཀྱི་ལྗགས་བསྒྲིགས་ཆོས་སྤྱོད་རབ་གསལ་དང་བཀའ་བརྒྱུད་མགུར་མཚོ། ཆབ་གཏོར་བསྡུས་པ་དང་། ཞྭ་དམར་ལྔ་པའི་གསུང་གཏོར་མའི་དེ་ཉིད་བདུད་རྩིའི་དགའ་སྟོན། གཏོར་མའི་ཟིན་བྲིས་ཚེ་དབང་ཀུན་ཁྱབ་ཀྱི་གསུང་། འཇམ་མགོན་གསུང་གསུར་མཆོད་འདོད་ཡོན་སྤྲིན་ཕུང་། འཇམ་མགོན་གསུང་སྡོམ་སྲུང་གསོ་སྦྱོང་བསྡུས་པ། རྒྱལ་དབང་མཁའ་ཁྱབ་རྡོ་རྗེའི་ཆོག་བསྒྲིགས་སྒར་བསངས་ཡིད་བཞིན་དབང་རྒྱལ། ཞྭ་དམར་ཆོས་ཀྱི་དབང་ཕྱུག་གསུང་བསངས་མཆོད་བདུད་རྩི་སྤྲིན་ཕུང་། ལྷ་


KMC001_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་ནམ་མཁའ་འཇིགས་མེད་ཀྱིད་དག་སྣང་ལས་བྱུང་བ་རི་བོའི་བསངས་མཆོད། ༧ ཞྭ་དམར་ལྔ་པ་དཀོན་མཆོག་འབངས་ཀྱི་གསུང་སྒྲོལ་དཀར་དངོས་གྲུབ་ཀུན་སྩོལ། དགེ་བ་ཅན་མ་ཡིད་བཞིན་འཁོར་ལོའི་ཚེ་ཁྲིད་བདུད་རྩིའི་ཟ་མ་ཏོག་ཅེས་བྱ་བ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་བཅས་དགོས་སོ། །མཆོད་ཆའི་སྐོར་ལ། ཐོག་མར་སྔོན་འགྲོའི་སྐབས། མཎྜལ་གཉིས་དང་རྒྱུན་དུ་གཅིག བུམ་པ་ཆ་གཅིག སྨན་རཀ་ཆ་གཅིག་སྒྲོན་ཐུར་བཅས། བདུན་ཚར་ཆ་གཉིས། མེ་ལོང་། ཐོད་པ། ཕག་མོའི་དཀྱིལ་ཐང་། མཆོད་ཀོང་ཆེ་ཆུང་ཁ་ཤས། རྐང་གསུམ། ཕག་མོའི་དབང་ཙཀ ཕུད་ཀོང་དང་འབབ་གཞོང་། གཟུངས་ཐག་རྡོ་རྗེ། དུང་ཆོས། གཏོར་ཆས་འགུ་ཟི། ཏིང་ཤག ཐེབས་བདུན། ཐུན་ཌཱཾ་དང་། གཅོད་ཌཱཾ། མི་རྐང་། རྡོར་དྲིལ། སྒོམ་ཐག་ཚུལ་ལྡན་བྱེད་ན་དྲྭ་མིག་ཅན་དེ་དགོས་གསུངས་པས། རྩ་དབུ་རྐྱང་རོ་གསུམ་མཚོན་ཕྱིར་གཞུང་སྐུད་གསུམ་གཤིབས་དགའ་བ་བཅུ་དྲུག་མཚོན་པའི་དྲྭ་མིག་བཅུ་དྲུག་གཏུམ་མོའི་མེ་མཚོན་པའི་ཁ་མདོག་དམར་པོ། གསང་ཡུམ་རྡོ་རྗེ་རྣལ་འབྱོར་མ་མཚོན་ཕྱིར་སྐྱེ་བོ་ཕལ་གྱིས་མི་མཐོང་བར་རང་ལུས་དང་འབྲལ་མེད་བཅང་བར་བཤད་པ་དམ་ཚིག་གི་ཡོ་བྱད་ཡིན་པ་དང་། ཆག་ཚད་ཀྱང་། རྗེ་མི་ལ་ཡན་གྱི་གྲུབ་ཐོབ་རྣམས་ཀྱི་ལུགས་ལ་ཉིས་ཁུག་མགོ་བོ་ལ་འཁོར་ཙམ་དེ་ཀ་རྐྱང་ཐོ་དྲུག རྗེ་སྒམ་པོ་པ་མི་ལའི་དྲུང་དུ་ཐབས་ལམ་བསྒོམ་པའི་སྐབས་དམྱལ་བ་ཐིག་ནག་གི་བཀོད་པ་མཐོང་ཞིང་སྐུ་ཁམས་མི་བདེ་བ་བྱུང་བ་དེ་ལ། རྗེ་བཙུན་གྱིས་སྒོམ་ཐག་ཐུང་བའི་སྐྱོན་གྱིས་རྩ་འཐུམ་


KMC001_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

པར་འདུག་པས་སྒོམ་ཐག་རིང་དུ་ཐོངས་གསུངས་པ་ལ་བརྟེན་ནས་ཆངས་གང་གིས་རིང་དུ་བཏང་བའི་རྗེས་སུ་འབྲང་ནས། དེང་སང་ནི་མགོ་འཁོར་ཆངས་གང་གིས་རྐྱང་ཐོ་བདུན་ཆག་ཚད་ཚང་བ་ཡིན་ལ་ཞེས་མཁས་གྲུབ་རྩེ་ལས་གསུངས་ཀྱང་། ད་ལྟའི་ཕྱག་རྒྱུན་དུ་མགོ་འཁོར་ཆངས་དོ་རྐྱང་ཐོ་བརྒྱད་དུ་གྱུར་ལ། ཞེང་ནི་སོར་བཞིའམ་གསུམ་ལས་མ་བཤད་དོ། །ཨང་རག་ནི་ཆེ་ཆུང་སོགས་ལུས་ཚད་ལྟར་རོ། །གསུམ་པ་ནི། དེ་ནས་བསྒྲུབ་པ་ལ་གཞུག་པར་ཉེ་བ་ན། གཟའ་ཚེས་ནམ་དགེ་བ་ཞིག་ཏུ་མཚམས་ཁང་ཤག་མིག་རྒྱན་རྒྱག་གིས་བདག་ཏུ་བཟུང་སྟེ། གད་བདར་དང་རྙིང་བཅོས་སོགས་གང་དགོས་སྔ་ཚགས་སུ་ཚུད་པར་བྱས་ནས་སྒྲུབ་པ་ཞུགས་ཟིན་མཚམས་བཟོ་ལས་གང་ཡང་མི་དགོས་པར་བྱ། དེ་མཚམས་སྣ་སེལ་ཞབས་རིམ་གྱི་ཆེད་གཙུག་ལག་ཁང་ཀ་བཞི་གདུང་བརྒྱད་ནང་། སྒྲུབ་པ་པོ་ལྷན་ཚོགས་ཀྱིས་སྔ་དྲོ་ཚོགས་ཐེངས་གཉིས་རིང་གཏོར་མ་བརྒྱ་རྩ། ཕྱི་དྲོ་ཆོས་ཚན་ཁག་ལ་བཀྲ་ཤིས་མདོ་བརྒྱད་དང་། གཙུག་ལག་མདོ་བཞི། འབུམ་ཆུང་སྡེ་ལྔ་སོགས་སྒྲོགས། གཞན་ཡང་། སཱ་ཙྪ་གཟུངས་ལྡན་སྟོང་ཁྲག་ཡན་གང་འགྲུབ། གཙུག་ལག་ཁང་ལ་སྐོར་བ་དང་མར་མེ་སོགས་མཆོད་པ་ཅི་འགྲུབ་དང་། འབྱོར་པ་ཡོད་ན་དགེ་འདུན་ལ་མང་ཇའམ་དགེ་སློང་བཞི་སྡེ་ལ་མཆོད་སྟོན། དེ་ཐམས་ཅད་སྒྲུབ་པ་ལ་བར་ཆད་མེད་པར་མཐར་ཕྱིན་པ་དང་སེམས་རྒྱུད་ཆོས་དང་འདྲེས་པའི་སྨོན་ལམ་གདབ། འགྲུབ་ཏུ་རུང་ན་ལམ་འཕྲང་བཅོས་པ། སྲོག་བསླུ་ཚེ་ཐར། དབུལ་ཕོངས་ལ་སྦྱིན་གཏོང་སོགས་དགེ་བའི་དཔུང་


KMC001_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཅི་རིགས་བགྱིས་པས། འཕྲལ་ཡུན་དུ་དགེ་བའི་གནད་དང་རྟེན་འབྲེལ་ཆེན་པོ་ཡོད་པས་འདི་རིགས་ཐོག་མ་ནས་སྒྲུབ་དཔོན་གྱིས་བཀོད་པ་ཐེངས་པར་བྱ།། ༈ །།དེ་ནས་སྐྱབས་མགོན་ཆེན་པོ་ཆོག་གམ་ཡབ་སྲས་རྣམ་པ་གང་རུང་གི་མདུན་ནས། སྒྲུབ་པའི་བར་ཆད་ཞི་བའི་དོན་དུ་དབུ་ཞྭ་མཐོང་གྲོལ་རིན་པོ་ཆེ་མཇལ་ཁ་དང་འབྲེལ། གཏེར་གསར་གསང་ཐིག་ཕུར་པའི་གཏོར་དབང་ཞི་བའི་ཐིག་ལེ་ལེགས་པར་ནོད། གལ་ཏེ་སྐྱབས་མགོན་ཡབ་སྲས་ཐུགས་ལྕོགས་མིན་སྐབས། སྒྲུབ་དཔོན་བླ་མའི་གོང་གི་དབང་ལུང་དང་ཐོག་མའི་ཀུན་སློང་སེམས་བསྐྱེད་ཀྱི་ཚུལ་སོགས་སྤྱི་དང་བྱེ་བྲག་གིས་བཀའ་ཁྲིད་སློབ་སྟོན་མདོར་བསྡུས་གོ་བདེར་གནང་དགོས། བསྒྲུབ་པ་ལ་འཇུག་པའི་སྔ་ཉིན་ལྟ་བུར། སྒྲུབ་དཔོན་བླ་མས་དབུས་སྒྲུབ་གྲྭ་རྣམས་དང་སྒྲུབ་གཡོག་བཅས་མཇལ་དར་དཀར་གཙང་རེ་བསྣམས་ཏེ། སྐྱབས་མཆོག་ངེས་པ་དོན་གྱི་འཁོར་ལོས་བསྒྱུར་བ་༧རྒྱལ་དབང་རིན་པོ་ཆེ་ཞལ་མཇལ་ཞུས་ཤིང་དེ་འབྲེལ་ལྷ་ཁང་དང་། མགོན་ཁང་ཁག་ལ་མཆོད་མཇལ་དང་སྨོན་ལམ་ཕྲིན་གསོལ་བཅས་གྲུབ་པར་བྱ་ཞིང་། སྒར་བསང་གི་གཏོར་མ་བཅའ་སྐབས་སོགས་ལ་སྒྲུབ་པ་སོ་སོའི་ཤག་ཏུ་ཕུར་པའི་དཔལ་གཏོར། ཞལ་ཟས། གཏོར་འབུལ་དམར་གཏོར། ཚོགས་བཅས་ཀྱང་སྟ་གོན་བཤམས་བཀོད་བྱ། དེའི་སང་སྔ་བར་སྒྲུབ་དཔོན་བླ་མས་དབུར་བཞུགས་སྒྲུབ་པ་རྣམས་འདུ་ཁང་དུ་ལྷན་ཚོགས་ཀྱིས་གྲལ་མཇུག་ནས་ཕྱག་གསུམ་འཚལ་ཏེ་གྲལ་དུ་འཁོད་ལ། ཐོག་མར་ལོ་གྱོན་མའི་གཟུངས། རྣམ་འཇོམས། འདི་


KMC001_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་ཕྱི་དྲོའི་ཁྲུས་ཀྱིས་དོན་དུ་དཀྱིལ་འཁོར་ཉེ་ལོགས་གང་བདེར་བུམ་པ་བཅུད་ལྡན་གཟུངས་རྡོར་བཅས་བཤམས་ལ། གཟུངས་ཐུང་བརྒྱ་རྩ་བཟླས་མཐར། རྣམ་རྒྱལ་མ། ཚིག་བདུན་གསོལ་འདེབས། ཐུབ་བསྟོད། མར་མི་དྭགས་གསུམ་གྱི་སྐུ་བསྟོད། རྗེ་དུས་མཁྱེན་གྱི་རྣམ་ཐར་གསོལ་འདེབས་བསམ་གྲུབ་མའི་མཐར། སྐྱེ་བ་ཀུན་ཏུ་སོགས། དེ་ནས་བདག་ཉིད་སྐད་ཅིག་གིས་སོགས། སྒར་གསང་ཡིད་བཞིན་དབང་རྒྱལ་ཕྱག་བཞེས་ལྟར་མཐར་ཆགས་སུ་བཏང་ཞིང་། བསང་གཞུང་སྐབས་སྒྲུབ་ཁང་སྟེང་ནས་ཁ་འབུད་བཏང་དགོས་ཤིང་གཡང་ལེན་འགོར་ཚོགས་གྲོལ། གུང་ཚིགས་བཞེས་ལག་དང་། སྐུ་མགྲོན་ཁག་ལ་མཇལ་འཕྲད་སོགས་ལེགས་པར་གྲུབ་སྟེ། དེ་རྣམས་ཕྱིར་ཕེབས་ཟིན་པ་དང་། མཚམས་ཁང་རེ་རེ་བཞིན་གུ་གུལ་དང་སྤོས་བདུག་པ་དང་བཅས་སྒྲུབ་དཔོན་བླ་མའི་ཁྲུས་དང་རབ་གནས་ཤིས་བརྗོད། མཐའ་རྟེན། སྒྲུབ་ལ་བརྩོན་པ་མཐར་ཕྱིན་ཞིང་། འཁྲུལ་པའི་ས་བོན་རྒྱུན་ཆད་དེ། རྗེ་བཙུན་རས་པ་ཆེན་པོ་དང་། རྣམ་ཐར་ཕྲིན་ལས་མཉམ་གྱུར་ཅིག །ཅེས་གསུང་། དེ་ནས་རྒྱལ་ཐོ་འཛུགས་པ་ནི། ཕྱི་སྒོའི་སྒོ་འཁྱོར་ནང་། ཐོ་རྩེར་རྒྱལ་ཆེན་བཞི་ཡི་སྣང་བརྙན་ཤིང་བྱང་ལ་རྩ་ཀུ་ཤའི་ཆུན་པོ་དར་དཀར་པོའི་གདུགས་ཕུབ་པ་བཅས་གཟིག་ལ། མདུན་དུ་ཁྲིའུའི་ཁར་མཆོད་མགོ་གཡས་ནས་བརྩམས་ཏེ་ཉེར་སྤྱོད་ཕྲེང་ཚར་དང་། ཆ་གསུམ་གཏོར་མ་ཀཾ་ཚང་དཀར་གཏོར་


KMC001_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས། བགེགས་གཏོར་ཆངས་བུས་བསྐོར་བ་དང་། གཞི་བདག་དཀར་གཏོར་གཅིག་རྒྱལ་ཆེན་བཞི་ལ་དཀར་གཏོར་ཆེ་ལེགས་གཅིག་ཁྲོ་བོ་བདུད་རྩི་འཁྱིལ་བར་དམར་གཏོར་རྒྱན་ལྡན་གཅིག་གཞན་ཡང་གསེར་སྐྱེམས། འབྲུ་སྣ། འཐོར་ནས་བཅས་འདུ་བྱས་ལ། སྒྲུབ་དཔོན་བླ་མས་དབུས་སྒྲུབ་པོ་རྣམས་གཡས་གཡོན་གང་བདེར་འཁོད་ལ། དཔལ་ལྡན་རྩ་བའི་བླ་མ་སོགས། བར་བསམ་དང་། དགེ་བ་མ་ནིའི་མཐར། ཁྱོད་ལ་བསྟོད་ཅིང་སོགས་ཤོ་ལོ་ཀ་གཅིག དེ་ནས་ༀ་བཛྲ་ཡཀྵ་སོགས། ཆ་གསུམ་ཀུན་རིག་ལྟར་མཐར་ཆགས་སུ་བཏང་ལ་གཏོར་མ་ཕུལ། ༀ་ཨཱཿབི་གྷྣཱན་སོགས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་སོགས། གཞི་བདག་དཀར་གཏོར་བསྐང་གསོའི་ནང་གསལ་བཞིན་གསུང་མཐར། ༀ་ཨཱཿཧཱུྃ་འཇིག་རྟེན་བདེ་ཞིང་སོགས་ཤླཽ་ཀ་བཅིག་དྲིལ་གསིལ་གྱིས་གསུང་ལ་དཀར་སྐྱེམས་ཕུལ། དེ་ནས་རྒྱལ་ཐོ་འཛུགས་ཆོག་རྗེ་བཅོ་ལྔ་པའི་གསུང་། རི་ཁྲོད་རྣམ་འབྱོར་པ་དང་དགེ་སྦྱོར་མཚམས་རྒྱའི་སྐབས་ཀྱི་སྔོན་རྗེས་ལ་ཉེར་མཁོའི་ཡི་གེ་དཔག་བསམ་གྱི་ཡལ་ག་ཞེས་པའི་ནང་གསལ་རྒྱལ་ཆེན་བཞི་དང་། ཁྲོ་བོ་བདུད་རྩི་འཁྱིལ་བའི་གཏོར་ཆོག་བརྟན་བཞུགས་བཅས་བྱ། མཆོད་གཏོར་རྣམས་ཐོ་དྲུང་དུ་ཡར་ཕུལ་ནས། ཆགས་མེད་རི་ཆོས་ནང་གསལ། མཚམས་དང་སྒྲུབ་པ་མཐའ་རུ་མ་ཕྱིན་བར། །ཕྱི་ཡི་བར་ཆད་ནང་དུ་མི་གཏོང་


KMC001_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། ནང་གི་དངོས་གྲུབ་ཕྱི་རུ་མི་གཏོང་བར། ཆོས་ཉིད་ཡེ་སྟོང་ཀློང་དུ་མཚམས་ཆོད་ཅིག །ཅེས་བཀའ་བསྒོས་ཤིང་། དྲིལ་གསིལ་གྱིས་དབྱངས་གསལ་རྟེན་སྙིང་བཅས་ལན་གསུམ་ནས། ཤིས་བརྗོད། ཕུན་སུམ་ཚོགས་པ་སོགས་ཞལ་ནས་གསུངས་པའི་ཚིགས་བཅད་སྔོན་དུ་འགྲོ་བས། མི་འགྱུར་ལྷུན་པོ༴ གནས་སྐབས་སུ་ཡང༴ སྟོན་པ་འཇིག་རྟེན་སོགས་མེ་ཏོག་འཐོར་ཞིང་དགེ་ལེགས་སུ་བྱ། བདག་གཞན་དུས་གསུམ་སོགས། སངས་རྒྱས་སྐུ་གསུམ་སོགས། འཇིག་རྟེན་བདེ་ཞིང་སོགས་ཀྱིས་རྒྱལ་ཐོ་ལེགས་པར་གྲུབ་བོ། དེ་ནས་འདུ་ཁང་ནང་དུ་ཚོགས་ཏེ་བསང་གཞུང་གཡང་ལེན་ནས་བཟུང་ཆ་ཚང་མཐའ་དབྱུང་རྗེས། བདག་གིས་མ༴ བདེན་གྲུབ་མ༴ བཀྲ་ཤིས་དཔལ་འབར་བཅས་ཀྱིས་ལེགས་པར་གྲུབ་སྟེ་ཚོགས་གྲོལ་ལོ།། ༈ །།རྩ་བའི་གཉིས་པ། དངོས་གཞི་ལོ་གསུམ་ཕྱོགས་གསུམ་གྱི་ཉམས་སུ་བླང་བྱ་ལ། ལོ་གསུམ་གྱི་ཉམས་སུ་བླང་བྱ་རྣམས་ཞིབ་གསལ་མཐར་ཆགས་སུ་བཀོད་པ་དང་། ལོ་དུས་ཟླ་དུས་ཀྱི་སྒྲུབ་མཆོད་འཕར་མ་ཁག་དང་བསྙེན་སྒྲུབ་སོ་སོའི་དུས་ཚོད་རེའུ་མིག་སྤང་བླང་གི་བསླབ་བྱ་མདོར་བསྡུས་སུ་བཀོད་པ་བཅས་གསུམ་ལས། ༡༽བསྙེན་སྒྲུབ་རྣམས་ཀྱི་ཐོག་མར། ཕྱི་ནང་གསང་བའི་བར་ཆད་མི་འབྱུང་བའི་ཆེད་དུ། སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་ཟབ་གཏེར་ལས་བྱོན་པ།


KMC001_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

གསང་ཐིག་ཕུར་པའི་བསྙེན་སྒྲུབ་ལས་རུང་ཙམ་བཏང་བའི་ཕྱག་སྲོལ་ལྟར། དེ་ནས་སྲོད་ཀྱི་ཐུན་བརྡ་བཏང་བ་དང་། སོ་སོའི་མལ་སྒྲོམ་ནང་སེམས་བསྐྱེད་བཟང་པོ་དང་བཅས་བཞུགས་ནས། ཐོག་མར་ཚིག་བདུན་གསོལ་འདེབས་ཆོས་དབང་ལུགས་ལྟར། ཧཱུྃ། ཨོ་རྒྱན་ཡུལ་གྱི་སོགས་ནས། བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། གུ་རུ་པདྨ་སི་དྡྷི་ཧཱུྃ་གི་བར་ལན་གཅིག ཨེ་མ་ཧོཿ སྤྲོས་བྲལ་ཆོས་དབྱིངས་ཀྱི་སོགས་སྐུ་གསུམ་གསོལ་འདེབས་དང་། བར་ཆད་ལམ་སེལ་དང་བསམ་ལྷུན་མཐར། པདྨ་འབྱུང་གནས་ཁྱེད་སྐུ་ཅི་འདྲ་སོགས་ཤླཽ་ཀ་གཉིས། ཨེ་མ་ཧོཿ ཆོས་སྐུ་ཀུན་བཟང་སོགས། དུས་གསུམ་སངས་རྒྱས་སོགས། རྒྱལ་ཀུན་བསྐྱེད་ཡུམ་སོགས་མཐར། བརྒྱུད་འདེབས་རྗེ་བཅོ་ལྔ་པས་མཛད་པ། ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས་སོགས་ནས། ཕྱོགས་བྲལ་བློ་འདས་དགོངས་པ་མངོན་འགྱུར་ཤོག་གི་བར་གསུང་། དེ་ནས་ཐལ་མོ་སྦྱར་ལ། བླ་མ་དཀོན་མཆོག་གསུམ་རྣམས་དང་སོགས་སྐྱབས་འགྲོ་ལན་གསུམ། སེམས་ཅན་ཀུན་གྱི་སོགས་སེམས་བསྐྱེད་ལན་གསུམ་ནས། ཌཱ་དྲིལ་འཁྲོལ་ཏེ་ཌཱ་རྒྱག་གིས། རྡོ་རྗེ་ཁྲོས་པའི་སོགས་དལ་བུས་གསུངས་རྗེས། ཕུར་བུའི་ཚྭ་ཚྭ་སྐར་ལྟར་འཁྲུགས་ནས། ཌཱ་རུ་འུར་གྱིས་བཞག ཐུགས་ཀར་འོད་ཀྱི་སོགས་ཧྲུག་


KMC001_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

འདོན་གྱིས། ཡེ་ཤེས་རོལ་པར་བསྒོམ་གྱི་བར་གསུང་། ཀི་ལ་ཡ་ཐུན་གྲོལ་མ་རེན་བར་བསྙེན་མཐར་ཐུན་བརྡ་བྱུང་བ་དང་། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བཅས་དྲིལ་གསིལ་གྱིས་ལན་གསུམ་གསུང་། སྟོང་ཚིག ཧཱུྃ། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས༔ སོགས་ཀྱིས་སྨན་རཀ་མཆོད་ཅིང་ཌཱ་དྲིལ་འཁྲོལ། དེ་ནས་དབང་ལེན། བླ་མ་དཔལ་ཆེན་སོགས། གཏོར་མ་ལྷ་ཡི་གནས་གསུམ་སོགས་ཀྱིས་དབང་བླང་། དེ་ནས་གཏོར་འབུལ་ནི། རཾ་ཡཾ་ཁཾ་གྱིས་གཏོར་མ་སོགས་བྱིན་རླབས་གསུངས་མཐར། ཌཱ་རྒྱག་གིས། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་སོགས་ནས། བཛྲ་ས་མཱ་ཛཿལ་མཚམས་རྒྱག་དང་། ཧཱུྃ། བླ་མེད་མཆོག་གི་མཆོད་པ་སོགས་ནས། ཤཔྡ་པཱུ་ཛ་ཧོའི་བར་གསུང་། ཌཱ་རུ་འུར་གྱིས་བཞག་སྨན་རཀ་འབུལ་ཞིང་། གཏོར་འབུལ་སྔགས་ཚན་གཉིས་ལན་གསུམ་རེ་སེ་གོལ་དང་བཅས་འབུལ། ཧཱུྃ། ཐབས་ཀྱི་སྤྱོད་པའི་སོགས་ཤླཽ་ཀ་གཅིག་གིས་བསྟོད་ཅིང་། སླར་ཌཱ་རྒྱག་གིས། ཧཱུྃ། མ་བཅོས་སྤྲོས་མེད་སོགས་བསྐང་བ་གསུང་མཐར། མཛད་དུ་གསོལ་ནས་ཌཱ་རུ་འུར་འོག་ཡིག་བརྒྱ་གསུང་། དེ་ནས་ཐོག་མའི་ཉིན་དང་། རྗེས་གྲོལ་ཉིན་བཅས་ལ་འདིར་ཚོགས་མཆོད་ཟུར་གསལ་ལྟར་མཐར་ཆགས་སུ་བཏང་སྟེ་ལྷག་མ་རྗེས་ཆོག་བཅས་གྲུབ་པ་དང་། སྒྲུབ་རྟེན་ཕུར་པ་གུ་གུལ་བདུག་ཅིང་ཡུངས་ཀར་གྱིས་བྲབ་སྟེ་གཏོར་མའི་མདུན་བཀོད་ལ། ༀ་འདིར་


KMC001_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྟེན་དང་སོགས། སུ་པྲ་ཏིཥྛས་བརྟན་བཞུགས་བྱ། དེ་ནས་ཧཱུྃ་གསུམ་གྱིས་བསྡུ་ཞིང་། ཕཊ་གསུམ་གྱིས་ལྡང་ལ། ཧཱུྃ་མི་གནས་ཡེ་ཤེས་སོགས་ཀྱིས་སྨོན་ལམ་གདབ། ཧཱུྃ་རིག་འཛིན་རྩལ་འཆང་སོགས་བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར་ལ་ཌཱ་དྲིལ་གསིལ། ཕྱོགས་བཅུ་དུས་བཞི་སོགས། ཀུན་བཟང་རྡོ་རྗེ་འཆང་ཆེན་སོགས་བསྔོ་སྨོན་གྱིས་མཐའ་བརྒྱན་ཏེ་ངག་གྲོལ་ལོ། །ཉལ་ཁར་ཐུན་བཞི་བླ་མའི་རྣམ་འབྱོར་གསོལ་འདེབས་དང་འབྲེལ། སྐབས་བབ་རྒྱུད་སྡེ་སོ་སོའི་དགོངས་པའི་ཉལ་བའི་རྣལ་འབྱོར་ལ་འཇུག་གོ ། སང་སྔ་བར་ཐུན་བརྡ་བྱུང་འཕྲལ། ཐོ་རངས་ལྡང་བའི་རྣལ་འབྱོར་བསྐྱེད་རྫོགས་སྐབས་བསྟུན་གྱིས་ལྡང་སྟེ་རླུང་རོ་ལན་གསུམ་གསལ། ལུས་གནད་སྲང་ལ་མི་རྟོག་པའི་ངང་ལ་ཅི་གནས་སུ་བཞག་སྟེ་ཤེས་པ་རྣལ་དུ་དབབ། རྩ་བའི་ཡི་དམ་གྱི་ང་རྒྱལ་དང་ལྡན་པས་བདུད་རྩི་མྱོང་། འཇམ་མགོན་བློ་གྲོས་འཐའ་ཡས་ཀྱིས་ཆོག་བསྒྲིགས་ཐུན་མཚམས་ཉེར་མཁོ་ཆོས་སྤྱོད་ལས། མཁས་གྲུབ་ཁྱུང་པོའི་གདམས་པ། རང་ཉིད་ཡི་དམ་ལྷར་གསལ་སོགས་ངག་བྱིན་རླབས་དང་། འགྱུར་སྔགས་རྣམས་གསུངས་ཏེ། རྣམ་འཇོམས་རྣམ་རྒྱལ་སོགས་ཁྲུས་ཀྱི་རྣམ་འབྱོར་ལ་འཇུག དེ་ནས་ཚིག་བདུན་གསོལ་འདེབས་ཆོས་དབང་ལུགས་ལྟར་ནས་བསྙེན་པའི་བར་ཁ་སང་ཇི་ལྟ་བ་ལ། བར་བསམ་རེ་མོས་ཀྱིས་སྔ་ཐུན་ལ་ཚར་རེ། ཐུན་རྗེས་མ་རྣམས་ལ་མ་གསུང་ཡང་ཆོག ཐུན་གྱི་དངོས་གཞི་བསྙེན་བཟླས་སྐབས། སྐུ་


KMC001_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གདབ་དང་། བསྙེན་དམིགས་ཀརྨའི་མཁན་པོའི་གསུང་ལྷ་ཁྲིད་རབ་གསལ་ཁྲག་འཐུང་དགྱེས་པའི་གད་རྒྱངས་དང་། དམིགས་རིམ་གནད་བསྡུས་གྲུབ་གཉིས་ཐིག་ལེའི་ནང་གསལ་ལྟར་སྒོམས། དེ་ནས་ཐུན་བརྡ་བྱུང་བ་དང་། དྲིལ་གསིལ་བཅས་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ལན་གསུམ། ཧཱུྃ། ཡེ་ཤེས་ལྷ་ཚོགས་སོགས་ཀྱིས་སྟོང་ཚིག་ཕུལ་ལ་ཌཱ་དྲིལ་འཁྲོལ། ཧཱུྃ་གསུམ་གྱིས་བསྡུ་ཞིང་། ཕཊ་གསུམ་གྱིས་ལྡང་ལ། ཧཱུྃ༔ མི་གནས་ཡེ་ཤེས་སོགས་ཀྱིས་བསྔོ་སྨོན་དང་། ཧཱུྃ༔ རིག་འཛིན་རྩལ་འཆང་སོགས་བཀྲ་ཤིས་བརྗོད་ལ་ཌཱ་དྲིལ་འཁྲོལ། ཕྱོགས་བཅུ་དུས་བཞི་སོགས་བསྔོ་སྨོན་གྱིས་ཐོར་ཐུན་གྲུབ་བོ། །དེ་ནས་ཕུང་པོ་གསུམ་པའི་མདོ་བྱང་ཆུབ་ལྟུང་བཤགས་སྔོན་དུ་འགྲོ་བའི། ཆབ་གཏོར་གསུང་ཞིང་བཟང་སྤྱོད་སྨོན་ལམ་གྱིས་རྒྱས་གདབ། དེ་མཚམས་སྔ་དྲོའི་ཚོགས་བརྡ་བྱུང་བ་དང་འདུ་ཁང་དུ་ཚོགས་ཏེ། དཔལ་ལྡན་རྩ་བའི་བླ་མ་སོགས་གསོལ་འདེབས་དང་། ལག་འཐིལ་ལྟར་མཉམ་སོགས་གནས་བརྟན་ཕྱག་མཆོད་མཐར། རྗེ་བློ་གྲོས་མཐའ་ཡས་ཀྱི་གསུང་སྡོམ་པ་གསུམ་གྱི་གསོ་སྦྱོང་ཐར་པའི་ཐེམ་སྐས་ལས། རྒྱུན་གྱི་ཉམས་ལེན་བསྡུས་པ་ཚོགས་གཉིས་གྲུ་གཟེངས་དབུ་ནས་མཐར་ཆགས་སུ་གསུང་སྟེ། ༀ་གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་སོགས་ཡན་ལག་བདུན་པའི་འཇུག་ཏུ། ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་གི་གསུང་སྡོམ་པ་ཉེར་ལྔ་པ། བླ་མ་


KMC001_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་སྲས་བཅས་སོགས་ཚིག་དོན་དྲན་བཞིན་དུ་བརྗོད་ལ། ཡིག་བརྒྱ་ལན་གསུམ་གསུངས་མཐར། ༀ། རྣམ་འབྱོར་དབང་ཕྱུག་སོགས་ལ་འཇུག་སྟེ་མཐའ་དབྱུང་ནས། ཞལ་ནས་གསུང་པའི་བཀྲ་ཤིས་ཀྱི་ཚིག་བཅད། ཕུན་སུམ་ཚོགས་པ༴ ཆེ་བའི་ཆེ་མཆོག༴ སྟོན་མཆོག་དམ་པ་གསུམ་ཉིན་རེར་རེས་མོས་དང་། མཐའ་རྟེན་བཀྲ་ཤིས་ཤླཽ་ཀ་རེ་བཅས་གསུང་། བཟང་སྤྱོད་སྨོན་ལམ། རི་བོ་བསངས་མཆོད་མཐར། སངས་རྒྱས་བསྟན་སྲུང་སོགས། མཐའ་རྟེན། གང་ཞིག་ཡིད་ལ་སོགས། བླ་མ་དམ་པ་སོགས། འཇིག་རྟེན་བདེ་ཞིང་སོགས། རྒྱལ་བ་ཡབ་སྲས་རྣམས་ཀྱི་ཞབས་བརྟན་ཁག་དང་། བདེ་ཆེན་ཚོགས་ཀྱི་འཁོར་ལོ་སོགས། བླ་མ་སྐུ་ཁམས་བཟང་ལ་སོགས་དང་། ཕན་བདེ་འབྱུང་བའི༴ སྲིད་ཞིའི་དཔལ་འབྱོར་གསུམ་རེས་མོས་བྱ། སྐྱབས་གནས་བསླུ་མེད༴ དཔལ་ལྡན་བླ་མ་ཞབས་པད༴ ཕྱོགས་བཅུ་དུས་བཞི་སོགས་ཀྱིས་ཚོགས་གྲོལ། དེ་ནས་སྔ་ཐུན་སྔོན་རྗེས་ཀྱི་འདོན་བྱ་སོགས་ཐོར་ཐུན་ལྟར་བྱ། ཉིན་གཞུང་གུང་ཚིགས་སྐབས། ཕུད་མཆོད་དང་འབྲེལ་བའི་དཀོན་མཆོག་རྗེས་དྲན་གྱི་མདོ་གསུང་སྟེ་སྐབས་བབ་རྒྱུད་སྡེ་སོ་སོའི་ཟས་ཀྱི་རྣམ་འབྱོར་དང་ལྡན་པས་རོལ་ལ། ལྷག་མའི་ཆངས་བུ་བསྔོས་ཏེ་ཡོན་སྦྱོང་བའི་གཟུངས་དང་མདོ་བསྔོ་བྱ། དེ་ནས་དགོང་ཐུན་བསྙེན་པའི་བར་སྔ་ཐུན་ལྟར་ལ། སྟོང་ཚིག་མཐར།


KMC001_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལེན། གཏོར་འབུལ་སོགས་ཉིན་སྔོན་མ་བཞིན་བགྱིས་པས་གྲུབ། དེ་མཚམས་དགོང་ཚོགས་རྔ་བརྡ་བྱུང་བ་དང་འདུ་ཁང་དུ་ཚོགས་ཏེ། གཏོར་བསྔོས་མཚལ་མ་ལྟར། བདེ་ཆེན་རྡོ་རྗེ་སོགས་ནས་མཐར་ཆགས་སུ་བཏང་སྟེ་ཕྱག་བཞི་པའི་གཏོར་འབུལ་མཐར། དམ་ཞིང་གཏོར་འབུལ། ཨ་ཕྱི། ཚེ་རིང་མ། ཐང་ལྷ། གྱང་རྗེ་བཅས་ཀྱི་གཏོར་འབུལ་དང་། གཞན་རྣམས་སྔགས་བསྔོས་གསུང་རྗེས། མཁའ་འགྲོ་སྤྱི་གཏོར་དང་། གཞི་བདག་དཀར་གཏོར། བསྟོད་པ་འབྲིང་པོ། རྩ་གསུམ་གསེར་སྐྱེམས་མཐར། སངས་རྒྱས་བསྟན་སྲུང་སོགས། མཐའ་རྟེན། གང་ཞིག་ཡིད་ལ་སོགས་ཤླཽ་ཀ་གཅིག གསོལ་ཀ་བྱིན་རླབས་ནས། བསྟན་སྲུང་མཐར་ཐུག་ཚར་གསུམ། བདེ་ཆེན་ཆོས་དབྱིངས༴ ལྷ་མོའི་གསོལ་ཀ དམ་ཞིང་བཤགས་པ། བསྐང་བ་བྱིན་རླབས་ནས། བསྐང་བསྡུས་བཀའ་བརྒྱུད་བླ་མ་ཚར་གཅིག བྱང་ཤར་ཆོས་དབྱིངས་ཚན་པ་གཉིས། ཚེ་རིང་མའི་བསྐང་བ། ཧྲཱིཿ ཆོས་དབྱིངས་རང་བྱུང་སོགས་མཐར་བསྙེན་པ་སུམ་བརྒྱ་བཟླ། ན་མོ་རཏྣ་སོགས། བསྐུལ་གང་ཞིག་བླ་མ་སོགས། ཡང་ཟློག་མཐར། ཆོས་དབྱིངས་མ། མ་གཅིག་སྨིན་མཚམས། རྗེས་ཆོག་ཁྲག་གི་རྒྱ་མཚོ་མཆོད་ཅིང་། བསྟོད་པ་ཌཱ་ཀི་བྱེ་བ༴ བཟོད་གསོལ་མ་འབྱོར་བ་དང༴ མན་ངག་ཡིག་བརྒྱ། ཚེ་རབས་སྔོན་ནས་སོགས་ལན་རེ། བདག་ནི་མངོན་པར༴


KMC001_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་འགྲོ་ལ༴ དགེ་བ་འདི་ཡིས༴ ཧཱུྃ། དཀྱིལ་འཁོར་གཞལ་ཡས་སོགས་བཀྲ་ཤིས། བདག་ནི་སྐྱེ་བ་སོགས། སྲི་ཟློག་འཁོར་ལོ་འབར་བ་དང་། སེང་གདོང་མའི་ཟློག་པའི་རྗེས་བཀའ་རྒྱུད་བླ་མ་རྣམས་ལ་སོགས་དུས་མིན་འཆི་ཟློག་གསུང་། འགྲོ་དོན་མཁའ་ཁྱབ་མ་མ་ཎི་གྲངས་སུམ་བརྒྱ་ཙམ། གསུར་མཆོད་འདོད་ཡོན་སྤྲིན་ཕུང་མཐར། སྨོན་ལམ་རྣམ་ལྔ་ཚན་པ་རེས་མོས་དང་། ཉ་སྟོང་ཚེ་བརྒྱད་སོགས་ལ་ཆགས་མེད་བདེ་སྨོན་ཡང་གསུང་། རྒྱུན་དུ་མཐའ་རྟེན་བསྔོ་བ། དཀོན་མཆོག་རིན་ཆེན་གསུམ་ལ་སོགས། དུས་མཆོད་ཁག་དང་འཕར་མ་ལྟ་བུར། བསྟན་རྒྱས་སྨོན་ལམ་དང་། བདག་གི་བདེན་གྲུབ་མ་གཉིས་སྐབས་བསྟུན་གྱིས་མཐའ་བརྒྱན་པར་བྱའོ། །དེ་ནས་སྲོད་ཐུན་ཡང་སྔ་མ་ལྟར་བཏང་བས་གྲུབ། དེ་ལྟར་རིགས་འགྲེས་ཏེ་ཞག་བདུན་ཕྲག་གཅིག་གི་རིང་ཕུར་པའི་བསྙེན་པ་གྲངས་འབུམ་ཕྲག་གཅིག་འགྲོ་དགོས་ཤིང་། དེ་ནས་བཟུང་རྒྱུན་དུ་ཡང་སྲོད་ཐུན་གྱི་མཇུག་ཏུ་རྒྱུན་ཁྱེར་ཚར་རེར་བསྙེན་པ་ཕྲེང་སྐོར་གཅིག་ཙམ་དང་། གོང་གསལ་དབང་ལེན་དང་གཏོར་འབུལ་རྣམས་དགོང་ཐུན་ལྟར་ཆགས་མེད་དུ་བཏང་བས་ཕུར་བསྙེན་ལེགས་པར་གྲུབ་བོ།། ༈ །།དེ་ནས་ཕྱག་ཆེན་སྔོན་འགྲོ་ལ། ཐུན་མོང་སྔོན་འགྲོ་བཞིའི་ཐོག་མར་དལ་འབྱོར་རྙེད་དཀའ་བསྒོམ་པ་ལ། ཐོ་རངས་ཐུན་བརྡ་བཏང་བ་དང་ལྡང་བའི་རྣལ་འབྱོར་སོགས་གོང་བཞིན་ལ། དཔལ་ལྡན་རྩ་བའི་བླ་མ་སོགས་གསོལ་འདེབས་ལན་


KMC001_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། ཟུང་འཇུག་བརྒྱུད་རིམ། ན་མོ་གུ་རུ་བྷྱཿ ཟུང་འཇུག་བདེ་བ་ཆེན་པོ་སོགས་དང་། རྗེ་བཅུ་གསུམ་པའི་གསུང་གསོལ་འདེབས། རང་རིག་ཆོས་སྐུའི་མཐར། དང་པོ་བསྒོམ་བྱ་སོགས་ཚིག་གཉིས་པོ་འདོན་ལ། དེའི་དམིགས་རིམ་བླ་མའི་ཞལ་ཁྲིད་ལྟར་རང་རྒྱུད་ལ་འདྲེས་ངེས་ཡང་ནས་ཡང་དུ་བསྒོམ། སྐབས་སུ་དེའི་དོན་གསལ་ཆེད་གོང་གསལ་ཚིག་གཉིས་པོ་བསྐྱར་ཞིང་བསྒོམ་འདོན་བསྒྲགས། ཐུན་འཇོག་པ་ནི། དགེ་འདིའི་འགྲོ་བ་དང་། དགེ་བ་འདི་ཡིས་སོགས། སངས་རྒྱས་སྐུ་གསུམ་བརྙེས་པའི་སོགས་ཀྱིས་དགེ་བ་བསྔོ་ཞིང་བཟང་སྤྱོད་སྨོན་ལམ་གྱིས་མཐའ་བརྒྱན་ཏེ་ངག་གྲོལ། དེ་ལྟ་བུས་ཐུན་གསུམ་དང་། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་སོགས་ཀྱང་སྐབས་བབ་ཀྱི་སོ་སོའི་རྩ་ཚིག་དང་དམིགས་རིམ་ཁ་བསྒྱུར་བ་ཙམ་ལས་སྔོན་རྗེས་ཀྱི་འདོན་བྱ་གོང་ལྟར་བགྱིས་པས་གྲུབ། དེ་ལྟར་ཐུན་ཐམས་ཅད་ལ་ཐུན་འགོར་སྦྱོར་བ་སེམས་བསྐྱེད་རྣམ་པར་དག་པས་རྩིས་ཟིན་པ་དང་། ཐུན་གྱི་དངོས་གཞིར་དམིགས་པ་དང་མཚན་མ་མེད་པའི་ཤེས་རབ་ཀྱི་ལྟ་བ་དངོས་སམ་སྒྱུ་མ་ལྟ་བུས་རྒྱས་གདབ་ཀྱིས། ༧རྗེ་དགུ་པའི་ཕྱག་ཆེན་ངེས་དོན་རྒྱ་མཚོས་གཞིར་བཟུང་། དེའི་རྒྱབ་ཆོས་སུ་དྭགས་པོའི་ཐར་རྒྱན་དང་འཇམ་མགོན་གྱི་ངེས་དོན་སྒྲོན་མེ་བཅས་ནས། སྒྲུབ་དཔོན་བླ་མས་བློ་ལྡོག་རྣམ་བཞི་སོ་སོའི་སྐབས་བབ་ཀྱི་བསྒོམ་བྱ་བཀའ་ཁྲིད་གང་གནང་བའི་དམིགས་པ་དེ་ལ་སེམས་མ་ཡེངས་པའི་ངང་ནས་


KMC001_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་རྐང་གྲངས་འདྲེན་དང་། དཔྱད་བསྒོམ་དང་འཇོག་བསྒོམ་སྤེལ་མས་བསྒོམ་དོན་གོ་ཡུལ་ཙམ་དུ་མ་ལུས་པར་རྒྱུད་ལ་འདྲེས་ངེས་སུ་བྱ། །ཐུན་མཐར་བསྔོ་བའི་སྐབས། འདིས་མཚོན་དགེ་རྩ་རྣམས་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཕྱིར་སྒྱུ་མ་ལྟ་བུའི་བསྔོ་བས་རྒྱས་གདབ་པ་སྟེ། དམ་པ་གསུམ་དང་འབྲེལ་ན་ཐར་པ་ཆ་མཐུན་གྱི་དགེ་བ་ཞེས་བྱ་ལ། སངས་རྒྱས་ཐོབ་པའི་རྒྱུ་མ་ནོར་བ་ཡིན། དེས་མ་ཟིན་ན་བསོད་ནམས་ཆ་མཐུན་ཞེས་བྱ་སྟེ། རང་རང་གི་དགེ་འབྲས་ལན་གཅིག་ཕྱུང་ནས་ཟད་པར་འགྱུར་བས་ན། སྦྱོར་དངོས་རྗེས་གསུམ་མམ་དམ་པ་གསུམ་གྱིས་རྩིས་ཟིན་པ་ནི་ཐུན་ཐམས་ཅད་ལ་འགྲེའོ། དེ་ལྟ་བུའི་ཚེ་འདི་ལ་ཆགས་པའི་གཉེན་པོ་དལ་འབྱོར་རྙེད་དཀའ་དང་། འཆི་བ་མི་རྟག ཕྱི་མ་ཕན་ཆད་འཁོར་བའི་བདེ་སྐྱིད་ལ་ཆགས་པའི་གཉེན་པོ་ལས་རྒྱུ་འབྲས་དང་། འཁོར་བའི་ཉེས་དམིགས་བཅས་བློ་ལྡོག་རྣམ་པ་བཞི་འདི། ཆོས་ལ་འཇུག་པ་ནས་བཟུང་ལམ་མཐར་མ་ཕྱིན་གྱི་བར་དུ་འདི་ལ་ལེགས་པར་མ་སྦྱང་ན། མདོ་སྔགས་བསྐྱེད་རྫོགས་ལ་སོགས་པའི་ཆོས་ཟབ་ཟབ་གང་ཉམས་སུ་བླངས་ཀྱང་རྩིག་རྨང་མེད་པའི་མཁར་དང་འདྲ་བས་ཉམས་ལེན་གང་ཡང་མཐར་འཁྱོལ་བ་མི་ཡོང་བས། འབྲི་གུང་སྐྱོབ་པ་རིན་པོ་ཆེས། ཆོས་དངོས་གཞི་ལས་ཀྱང་སྔོན་འགྲོ་ཟབ། ཅེས་གསུངས་པ་ལྟར། ཐོག་མ་ཉིད་ནས་དངོས་གཞི་སེམས་དོན་ལ་མཐོ་སྙབ་མི་བྱ་བར། སྔོན་འགྲོའི་ཆོས་འདི་རྣམས་སྙིང་ལ་རྡོ་རུས་འཁྲོད་ངེས་བསྒོམ་པ་ཤིན་ཏུ་གལ་ཆེ། ཐུན་མཚམས་རྣམས་སུ་ཡང་ཆོས་ཐུན་མེད་སྐབས་གོང་


KMC001_Page_0033
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཁྲིད་ཡིག་ཁག་ལ་དཔེ་བལྟས་དང་ཚིག་དོན་མ་ཤེས་པ་རྣམས་ཡང་ཡང་བཀའ་འདྲི་ཞུས་ཏེ། སླར་གཞན་ལ་འདྲི་མི་དགོས་པར་ཐེ་ཚོམ་སྒྲོ་འདོགས་ཆོད་པར་བྱ། སྐབས་བབ་དམིགས་རིམ་དེ་ལས་གཞན་ཁྲིད་མ་ཚར་བ་རྣམས་དཔེ་ཀློག་མི་བྱ་བ་དགོས་གལ་ཆེའོ།། ༈ །།དེ་ནས་ཐུན་མིན་སྔོན་འགྲོ་བཞི་ལས། དང་པོ། ལམ་ཐམས་ཅད་ཀྱི་འཇུག་སྒོ་སྐྱབས་སུ་འགྲོ་བ་དང་། ཞར་བྱུང་སེམས་བསྐྱེད་ཀྱི་རིམ་པ་ནི། འདུ་ཁང་ནང་དང་སྒོ་འཁྱོར་འོག་བཅས་གད་བདར་ལེགས་པར་བྱས་ལ་སྔོན་འགྲོའི་ཚོགས་ཞིང་གི་ཞལ་ཐང་ཡང་བཀྲམ་སྟེ། དེའི་མདུན་ཞལ་ཟས་བདུན་ཚར་དང་། མེ་ཏོག་སྤོས། མར་མེ། ཡོན་ཆབ་བཅས་སླ་ཆོས་སུ་མ་སོང་བར་གཙང་དག་ལེགས་པར་བཤམས། དེ་ནས་སྒྲུབ་དཔོན་བླ་མས་སྐྱབས་སེམས་ཀྱི་སྡོམ་པ་ཁ་གསོའི་ཚུལ་དུ་སྡོམ་ལུང་དང་འབྲེལ་སྐྱབས་སེམས་ཀྱི་སྒོམ་དོན། སྤང་བླང་གི་བསླབ་བྱ་བཅས་ཞིབ་པར་ནོད་གྲུབ་པ་དང་། སྒོ་འཁྱོར་འོག་རྒྱན་རྒྱག་གིས་དབུ་མཛད་དཀྱིལ་དང་། གཞན་རྣམས་་སོ་སོའི་ས་དེར་ཕྱག་གདན་རྣམས་སྒྲིགས། དགོང་ཐུན་གྱི་ཐུན་བརྡ་བྱུང་འཕྲལ། སྒོ་འཁྱོར་ནང་དུ་ཚོགས་ཏེ་སོ་སོའི་ཕྱག་གདན་ཁར་བཞུགས་ལ་དབུ་མཛད་ནས་བསྐུལ་ཏེ། དཔལ་ལྡན་རྩ་བའི་བླ་མ་སོགས་གསོལ་འདེབས་དང་། ན་མོ་གུ་རུ་བྷྱཿ ཟུང་འཇུག་བདེ་བ་ཆེན་པོའི་སོགས་བརྒྱུད་རིམ་དང་། ཐུན་བཞི་བླ་མའི་རྣམ་འབྱོར། འཇམ་མགོན་གསུང་བླ་མ་རྒྱངས་འབོད། གསོལ་འདེབས་། རང་རིག་ཆོས་སྐུའི་མཐར། །ཐུན་མོང་སྔོན་འགྲོ་


KMC001_Page_0034
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་འདོན་སྒོམ་སྦྲགས་ཏེ་དལ་བུས་གསུངས་རྗེས། མདུན་དུ་མཚོ་དབུས་སོགས་སྐྱབས་ཡུལ་གསལ་ལེགས་པར་བཏབ་མཐར། ཐལ་མོ་སྦྱར་ལ། བདག་དང་ནམ་མཁའི་མཐའ་དང་སོགས་སྐྱབས་འགྲོ་ཚར་བདུན་འགྲིག་འདོན་གྱིས་ཡར་བཞེངས་ཏེ། ཐལ་མོ་སྤྱི་བོར་བཅའ་ཞིང་དཔྲལ་བ། མགྲིན་པ། སྙིང་ཁ་བཅས་སོ་སོར་གཏུགས་ཏེ། ལུས་ངག་ཡིད་གསུམ་བག་མེད་ཡེངས་འཁྲུལ་དུ་སྐད་ཅིག་ཀྱང་མ་ཤོར་བར་ལུས་གུས་པས་ཕྱག་དང་། ངག་གུས་པས་སྐྱབས་འགྲོ། ཡིད་གུས་པས་དད་མོས་རྩེ་གཅིག་པས། གནས་ལྔ་ལ་ལེགས་པར་ཕབ་པའི་སྐྱབས་ཕྱག་སྤྲེལ་ཏེ་འཚལ་དགོས། ཐུན་གྲོལ་ཉེ་བའི་ཚེ་དབུ་མཛད་མར་བཞུགས་པ་དང་བསྟུན་སོ་སོའི་ཕྱག་གདན་ཁར་བཞུགས་ལ། སྒྲིག་འདོན་གྱིས་སྐྱབས་འགྲོ་ཚར་བདུན་ཙམ་དང་། སངས་རྒྱས་ཆོས་ཚོགས་ཚར་ཁ་ཤས་གསུངས་མཐར། དད་མོས་རྩེ་གཅིག་པས་ཐལ་སྦྱར་གྱིས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་སོགས་ལན་གསུམ་གྱིས་བྱང་སྡོམ་བླང་། དེང་དུས་བདག་ཚེ་སོགས་ཀྱིས་རང་དགའ་བ་སྒོམ། བདག་གི་དེ་རིང་སྐྱོབས་པ་སོགས་ཀྱིས་གཞན་དགའ་བ་སྒོམ་དུ་བཅུག་མཐར། བྱང་ཆུབ་སེམས་མཆོག་སོགས་ཀྱིས་སྨོན་ལམ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་ལན་གསུམ་མཐར། བདེ་སྡུག་གཏོང་ལེན་དམིགས་པ་དང་སྦྲགས་རླུང་ཕར་བཏང་ཞིང་ཚུར་རྔུབ་པ་ལ་གྲངས་གཅིག་ཏུ་བཟུང་བའི་ཉེར་གཅིག་གམ་བདུན་རེ་བྱ། དེ་ནས་


KMC001_Page_0035
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་མར་སྐྱབས་ཡུལ་འོད་ཞུ་བདག་དང་འདྲེས། ཞེས་སྐྱབས་ཡུལ་འོད་ཞུ་གྲུབ་རྗེས་མི་དམིགས་པར་ཅུང་ཟད་བཞག དགེ་འདིའི་འགྲོ་བ་སོགས་ཀྱི་དགེ་བསྔོ་དང་སྔ་ཐུན་གཉིས་ལ་བཟང་སྤྱོད་ཕྱི་ཐུན་གཉིས་ལ་ཕྱག་ཆེན་སྨོན་ལམ་བཅས་གསུང་སྟེ་ངག་གྲོལ་ལོ། །དེ་ནས་སྲོད་ཐུན་དང་། ཐུན་གཞན་རྣམས་འདོན་བྱ་གོང་ལྟར་ལ། ཐོར་ཐུན་གྱི་འགོར་ཟུང་འཇུག་བརྒྱུད་རིམ་གྱི་མཇུག་ཏུ་ཐུན་བཞི་བླ་མའི་རྣལ་འབྱོར་དང་། སྲོད་ཐུན་གྱི་འགོར་ཟུང་འཇུག་བརྒྱུད་རིམ་མཇུག་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་བླ་མ་རྒྱངས་འབོད། ཉིན་ཐུན་གཉིས་ལ་ཟུང་འཇུག་བརྒྱུད་རིམ་རྐྱང་པ་གསུང་པ་ཙམ་ལས་ཁྱད་པར་མེད། དེ་ལྟར་གྱིས་སྐྱབས་སུ་འགྲོ་བའི་ཡུལ་དང་། སྐྱབས་སུ་འགྲོ་བའི་དུས། སྐྱབས་སུ་འགྲོ་བའི་བསམ་པ། སྐྱབས་སུ་འགྲོ་བ་པོ་སོགས་ཐེག་པ་ཆེན་པོའི་ཁྱད་པར་བཞི་ལྡན་གྱི་སྒོ་ནས་སྐྱབས་ཕྱག་འབུམ་གཅིག་དང་ཁ་འགེངས་བཅས་ངེས་པར་འགྲོ་དགོས་ཤིང་། ཐུན་མཚམས་སུ་ཡང་གོང་གསལ་ཁྲིད་ཡིག་གསུམ་གྱི་སྐྱབས་སེམས་སྐོར་དཔེ་བལྟས་གོ་དོན་འཕྲོད་ངེས་བྱའོ།། ༈ །།གཉིས་པ་འགལ་རྐྱེན་སྡིག་སྒྲིབ་སྦྱོང་ཕྱིར། བླ་མ་རྡོ་རྗེ་སེམས་པའི་སྒོམ་བཟླས་ལ། རྡོ་རྗེ་སེམས་དཔའ་གཅིག་གམ་ཞལ་སྦྱོར་གང་རུང་གི་སྨིན་དབང་དང་བཀའ་ཁྲིད་ལེགས་པར་ནོད་དེ་སྲོད་ཐུན་ལ་དབུ་འཛུག་གིས། དཔལ་ལྡན་རྩ་བའི་བླ་མ་སོགས། ཟུང་འཇུག་བརྒྱུད་རིམ་དང་། རང་རིག་ཆོས་སྐུ་སོགས། དང་པོ་བསྒོམ་བྱ་སོགས་བློ་ལྡོག་


KMC001_Page_0036
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་བཞི་དལ་འདོན་དང་། མདུན་དུ་མཚོ་དབུས་སོགས། བདག་དང་ནམ་མཁའི་སོགས་སྐྱབས་འགྲོ་ལན་བདུན་ནམ་ཉེར་གཅིག བྱང་སྡོམ་བླངས་ཤིང་བསྡུ་རིམ་སོགས་སྔར་ལྟར་དང་། དེ་ནས་རང་གི་སྤྱི་བོར་པད་ཟླའི་སོགས་ནས། སྐྱིལ་ཀྲུང་བཞུགས་ཀྱི་བར་དལ་བུས་བཏོན་ཏེ་གསལ་ཐེབ་ངེས་བྱ། བླ་མ་རྡོ་རྗེ་སེམས་དཔའ་རང་གཞན་ནམ་མཁའི་མཐའ་དང་སོགས་གསོལ་འདེབས་ཀྱིས་སྟོབས་བཞིའི་དམིགས་པ་དང་འབྲེལ་བའི་ཡིག་བརྒྱ་དལ་བྲེལ་རན་ཞིང་སྒྲ་དག་སྒྲོས་གཙང་གིས་ཐུན་མ་གྲོལ་བར་གསགས་མཐར། ས་ཏྭ་བརྒྱ་རྩ་སོགས་ཅི་འགྲུབ་བཟླས་རྗེས། ཐལ་མོ་སྦྱར་ཏེ། མགོན་པོ་བདག་ནི་མི་ཤེས་སོགས་ཀྱིས་ནོངས་པ་གསོལ་ཞིང་བཤགས། རྡོ་རྗེ་སེམས་དཔས་བདག་ལ་སོགས་ཀྱིས་དབུགས་དབྱུང་གནང་བྱིན་དང་འོད་ཞུ་བྱ། མཐར་དགེ་འདིས་འགྲོ་བ་སོགས་བསྔོ་བ་དང་སྨོན་ལམ་རྣམས་གོང་བཞིན་གྱིས། ཐུན་གཞན་རྣམས་ལ་ཡང་། དཔལ་ལྡན་རྩ་བའི་བླ་མ་སོགས་ཀྱིས་བསྔོ་སྨོན་གྱིས་བར་འདོན་བྱ་གོང་ལྟར་གྱིས་ལེགས་པར་གྲུབ་ཅིང་། དེ་ལྟ་བུས་ཡིག་བརྒྱ་འབུམ་ཐེར་གཅིག་དང་ཁ་གསབ་བཅས་འགྲོ་དགོས་སོ།། ༈ །།གསུམ་པ་ཚོགས་གཉིས་རྫོགས་པར་བྱེད་པའི་མཎྜལ་ནི། མཎྜལ་ཆེ་ཆུང་གཉིས། ཚོམ་བུའི་རྒྱུ་ཁྲིད་ཡིག་ལས་གསུང་པ་ལྟར་རྨ་འབྲུ་གཙང་མ་དྲི་བཟང་གིས་རླན་གཤེར་གྱིས་སྦགས་པ་མང་ཉུང་སོ་སོའི་འབྱོར་འཁོས་དང་བསྟུན་པ། ཉེར་སྤྱོད་ཕྲེང་


KMC001_Page_0037
[མ་དཔེ་གཟིགས་ན་འདིར་གནོན།]

ཚར་མར་སོགས་ལས་བཅོས་པའི་ཚོམ་བུ་ཟླུམ་གཏོར་དཀར་པོ་ལྔ་བ་བྱུང་རྣམ་ལྔ་དང་དྲི་བཟང་གིས་སྦགས་པའི་ཆུ་གཙང་བཅས་ཉེར་མཁོའི་རིགས་འདུ་བྱ། དེ་ནས་ཨ་མྲྀ་ཏ་བཟླ་བས་དྲི་བཟང་རླབས་ལ། མཐར་ཨ་མྲྀ་ཏས་སྒྲུབ་པའི་མཎྜལ་ཕྱི་ནང་བསངས་ཤིང་། སྭ་བྷཱ་ཝས་སྦྱང་། ཁྲིད་ཡིག་ལས་བྱུང་བ་བཞིན། སྟོང་པའི་ངང་ལས་མཎྜལ་དེ་ཉིད་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབ་དང་བཅས་པའི་མཚན་ཉིད་ཡོངས་སུ་རྫོགས་པར་གྱུར་གྱི་བར་དལ་བར་གསུང་། དེ་ནས་ཡིག་བརྒྱ་བརྗོད་བཞིན་སྒྲུབ་པའི་མཎྜལ་གྱི་ཕྱི་ངོས་དྲི་བཟང་ལེགས་པར་བྱུགས་ལ། འབྲུ་གསུམ་བརྗོད་བཞིན་ཚོམ་བུ་གཏོར་ལྔ་པོ་དབུས་སུ་ཆེ་བ། མདུན་རྒྱབ་གཡས་གཡོན་ཕྱོགས་བཞིར་དེ་ལས་ཅུང་ཆུང་བ་བཅས་བཀོད་དེ་མདུན་ངོས་མཆོད་ཁྲིར་སྟེགས་བུ་ཁེབས་ལྡན་གྱི་ཁར་བཞག་ལ། མདུན་དུ་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པ་བཤམས་ཤིང་། གཞན་ཡང་མཆོད་པའི་ཞལ་ཟས། སྤོས། མར་མེ། མེ་ཏོག་ཆུ་གཙང་རྣམས་སོ་སོའི་འབྱོར་པ་དང་བསྟུན་སེར་སྣ་སོགས་ཀྱི་དྲི་མས་མ་སྦགས་པར་ཇི་ཙམ་མང་བ་བཤམས་གྲུབ་ཚེ་ཚོགས་མྱུར་དུ་རྫོགས་ཤིང་སྒྲིབ་པ་བྱང་བར་གསུངས་པས་སླ་ཆོས་སུ་མ་སོང་བ་གལ་ཆེ། དེ་ནས་དེའི་ནང་གི་དབུས་སུ་གྱད་དང་སེང་གེ་བརྒྱད་ཀྱིས་བཏེགས་པའི་ཁྲི་དང་པདྨ་ཉི་ཟླའི་སྟེང་དུ་རྩ་བའི་བླ་མ་ལ་བརྒྱུད་པའི་བླ་མ་སོགས་


KMC001_Page_0038
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བརྒྱུད་བླ་མ་རྣམས་ཀྱིས་བསྐོར་བ། ཕྱོགས་བཞི་མདུན་དུ་ཡི་དམ། གཡས་སུ་སངས་རྒྱས། རྒྱབ་ཏུ་དམ་ཆོས།  གཡོནདུ next hit་དགེ་འདུན་ལ་རང་རིགས་ཀྱི་འཁོར་གྱིས་བསྐོར་ཞིང་། བར་མཚམས་རྣམས་སུ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་གསལ་བར་གྱུར། ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ༀ། མགྲིན་པ་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་སྤྱན་དྲངས་པར་གྱུར། མ་ལུས་སེམས་ཅན་ཀུན་གྱི་སོགས། བཅོམ་ལྡན་འདིར་ནི་སོགས། སྟོང་གསུམ་ཀུན་དང་སོགས། མཐར་ཡེ་ཤེས་པ་རྣམས་དམ་ཚིག་པ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། ཞེས་བསྟིམ་ལ། བདག་དང་འགྲོ་ལ་སོགས་ཀྱིས་བརྟན་བཞུགས་བྱའོ། དེ་རྣམས་ནི་ཐོག་མར་དབུ་ཚིགས་ཉིན་ལས་རྒྱུན་དུ་མི་དགོས། དེ་ནས་ཐུན་བརྡ་བྱུང་བ་དང་། མཆོད་པའི་མཎྜལ། ཚོམ་བུའི་འབྲུ། དྲི་བཟང་། ཁ་གསོའི་འབྲུ་བཅས་རང་དྲུང་གང་བདེར་བཞག་ལ་ཁྲུས་ལེགས་པར་གྲུབ་རྗེས། དཔལ་ལྡན་རྩ་བའི་བླ་མ་སོགས་ནས་སྐྱབས་འགྲོ་འོད་ཞུའི་བར་དང་། ཐོར་ཐུན་ལ།


KMC001_Page_0039
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་སྤྱི་བོར་སོགས་ནས་ཡིག་བརྒྱ་ཉེར་ལྔ་དང་། ས་ཏྭ་བརྒྱ་རྩ་བརྒྱད་བཟླས་མཐར། ཐལ་སྦྱར་བཅས། མགོན་པོ་བདག་ནི་སོགས་འོད་ཞུའི་བར་གསུང་། ཐུན་གཞན་ལ་མི་དགོས། དེ་ནས་མདུན་གྱི་ནམ་མཁའི་དབུས་སུ་སོགས་ནས། བཞུགས་པའི་དྲུང་གི་བར་གསུངས་མཐར། མཆོད་པའི་མཎྜལ་ལག་previous hit གཡོནདུ next hit་ཐོགས་ཏེ། གཡས་མེ་ཏོག་དང་བཅས་མཁྲིག་མས་གཡས་སྐོར་དུ་ལན་གསུམ་དང་། previous hit གཡོནདུ next hit་ལན་གཅིག་ཕྱི་ལེགས་བྱ་ཞིང་ཡིག་བརྒྱ་ཚར་གཅིག་གསུང་། ༀ་བཛྲ་བྷཱ་མི་སོགས་ལ་བྱང་སེམས་ཀྱི་བརླན་གྱིས་བརླན་པ་མཚོན་ཕྱིར་དྲི་བཟང་བྱུགས། ༀ་བཛྲ་རེ་ཁེ་སོགས་བརྗོད་པའི་ཚེ་མཐའ་སྐོར་previous hit དུ་འབྲུ་གཡོན next hit་བསྐོར་གྱིས་ལྕགས་རིའི་ཚུལ་དུ་བཀྲམ་པ་དང་བསྟུན་ཚིག་རྗེས་དྲན་གྱིས་ཚོམ་བུ་རྒྱས་བ་རང་ལུགས་ཟུར་གསལ་དཔེའུ་རིས་ལྟར་བཀོད་གྲུབ་པ་དང་ལག་གཉིས་གྱིས་གུས་པ་དང་བཅས་བཏེག་ལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ་གྱི་བར་དང་། ས་གཞི་སྤོས་ཆུ་ལ་སླར་ཚོམ་བུ་བདུན་མ་དཔེའུ་རིས་ལྟར་བཀོད་ནས། ཕྱོགས་བཅུ་དུས་གསུམ་སོགས། ས་མ་ཡེ་ཨཱཿཧཱུྃ་གི་བར་རྒྱས་པ་ཚར་གཅིག་ནས། ས་གཞི་སྤོས་ཆུ་སོགས་ཚོམ་བུ་བདུན་མ་གྲངས་བསགས་ཀྱིས་སུམ་བརྒྱའམ་ལྔ་བརྒྱ་རེའི་མཚམས། སླར་ༀ་བཛྲ་བྷཱུ་མི་སོགས་རྒྱས་པ་ཚར་གཅིག་མཐར། ས་གཞི་སྤོས་ཆུ་ཚར་གཅིག ཕྱོགས་བཅུ་དུས་གསུམ་སོགས་ནས་ས་


KMC001_Page_0040
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡེ་ཨཱ་ཿཧཱུྃ། མཉེས་བྱེད་མཎྜལ་བཟང་པོ་སོགས། ཕག་མོ་མཎྜལ་འཇུག་གསལ། བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་སོགས་ནས། འགྲོ་ཀུན་ཐམས་ཅད་མཁྱེན་པ་ཐོབ་པར་ཤོག་གི་བར་དང་། སྔོན་འགྲོ་གཞུང་གི་སྐུ་གསུམ་ཡོངས་རྫོགས་སོགས་ནས་ཕྱིར་བསྔོའོ་བར ་གསུང་། སླར་ཡིག་བརྒྱ་བརྗོད་པཎྜལ་ཕྱི་ཚུལ་སོགས་གོང་བཞིན་རྒྱས་པ་ཚར་གཅིག་ནས། ཕྱོགས་བཅུ་དུས་གསུམ་སོགས་མཐར། ས་གཞི་སྤོས་ཆུས་གྲངས་གསག་པ་སོགས་རིགས་འགྲེས་ཏེ་ཐུན་གྲོལ་མ་རན་བར་བསགས་ལ། ཐུན་འཇོག་རན་པའི་ཚེ། ས་གཞི་སྤོས་ཆུས་གསོག་བཞིན་པའི་མཇུག་ཏུ། སླར་ༀ་བཛྲ་བྷཱུ་མི་སོགས་རྒྱས་པ་ཚར་གཅིག་ནས། ས་གཞི་སྤོས་ཆུས༴ ཕྱོགས་བཅུ་དུས་གསུམ་སོགས་ནས་ས་མ་ཡེ་ཨཱཿཧཱུྃ། མཐར་མཎྜལ་ཚོམ་བུ་དང་བཅས་རང་དྲུངས་གང་བདེར་སྟེགས་ཀྱི་ཁར་བཞག་ལ་ཐལ་མོ་སྦྱར་ཏེ། མཉེས་བྱེད་མཎྜལ་བཟང་པོ་སོགས། བདག་དང་མཐའ་ཡས་པའི་སོགས་མཐར། གཞུང་གི་སྐུ་གསུམ་ཡོངས་རྫོགས་སོགས་ནས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩལ་དུ་གསོལ་གྱི་བར་དང་། སྤྱི་བཤགས། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་སོགས་ལན་གསུམ་གསུངས་རྗེས། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་ཚར་གཅིག དེ་ནས་མཆོད་བསྟོད་ཀུན་རིག་ནང་


KMC001_Page_0041
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ལྟར། རབ་འབྱམས་རྒྱ་མཚོ་དཔག་མེད་སོགས་སྔགས་རྒྱ་དང་བཅས་པས་མཆོད་ཅིང་། མཉམ་མེད་མི་གཡོ་སོགས་བདེ་གཤེགས་སྤྱི་བསྟོད་ཀྱི་བསྟོད་མཐར། སྔོན་འགྲོ་གཞུང་གི་བདག་གཞན་མཁའ་མཉམ་སོགས་ནས་རོ་མཉམ་གྱུར། བར་གྱིས་སྨོན་ལམ་གདབ་ཅིང་བསྡུ་རིམ་གྲུབ་རྗེས་མི་དམིགས་པར་ཅུང་ཟད་བཞག །མཇུག་གི་བསྔོ་བ་སྨོན་ལམ་སོགས་ནི་སྐྱབས་འགྲོའི་སྐབས་ལྟར་གྱིས་ངག་གྲོལ་ལོ། །ཐུན་གཞན་རྣམས་ལ་ཡང་འདོན་བྱ་གོང་ལྟར་ལས་དམིགས་བསལ་མེད་ཅིང་། ཚུལ་དེ་ལྟ་བུས་མཎྜལ་འབུམ་ཕྲག་གཅིག་དང་ཁ་འགེང་བཅས་ཀྱིས་ལེགས་པར་གྲུབ་བོ།། ༈ །།བཞི་པ་བྱིན་རླབས་མྱུར་དུ་འཇུག་པ་བླ་མའི་རྣལ་འབྱོར་ནི། སྲོད་ཐུན་བརྡ་བྱུང་བ་དང་། དཔལ་ལྡན་རྩ་བའི་བླ་མ་སོགས་ནས། ཟུང་འཇུག་བརྒྱུད་རིམ་དང་། རང་རིག་ཆོས་སྐུའི་མཐར། བློ་ལྡོག་རྣམ་བཞི། སྐྱབས་འགྲོ་སེམས་བསྐྱེད་བསྡུ་རིམ་བཅས་གྲུབ་ནས། བླ་མའི་རྣམ་འབྱོར་དངོས་ལ། དེ་ཡང་རང་ལུས་ཐ་མལ་པ་སྒྲིབ་པ་མ་དག་པ་ལ་བྱིན་རླབས་མི་འཇུག་ཅིང་ཡི་དམ་དུ་བསྒོམ་པས་བྱིན་རླབས་མྱུར་དུ་འཇུག་སླ་བའི་རྟེན་འབྲེལ་ཡིན་པར་གསུངས་པས། བདག་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣམ་འབྱོར་མ་སོགས་རང་ལུགས་ཕག་མོ་རྒྱན་ཆས་སོགས་སྤྱི་ལྟར་བསྒོམ་ལ། གཞུང་གི་སྤྱི་བོར་པདྨ་ཉི་ཟླའི་སོགས་ནས་ཁྲོམ་དུ་ཚོགས། ཞེས་པའི་བར་དལ་འདོན་གྱིས་སྐྱབས་ཡུལ་རྣམས་གསལ་


KMC001_Page_0042
[མ་དཔེ་གཟིགས་ན་འདིར་གནོན།]

ཐེབ་ངེས་བྱ། ༀ། ཁྱབ་དག་དངོས་པོ་སོགས་ཀྱིས་གདོད་ནས་དམ་ཡེ་གཉིས་མེད་ཀྱི་སྐྱབས་ཡུལ་གསལ་གདབ་པ་དང་། དེ་ནས་ཐལ་མོ་སྦྱར་ལ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་སོགས་ཀྱིས་ཡན་ལག་བདུན་པ་ཕུལ། རང་རྒྱུད་ལ་བྱིན་རླབས་མྱུར་དུ་འཇུག་ཅིང་གནས་ལུགས་ཕྱག་རྒྱ་ཆེན་པོའི་དོན་བདེ་རླག་ཏུ་རྟོགས་པའི་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ། དངོས་ཀུན་ཁྱབ་བདག་སོགས་དང་། རྡོ་རྗེ་འཆང་ཆེན་ཏཻ་ལོ་ནཱ་རོ་སོགས་ཀྱི་མཐར། མ་ནམ་བཞི་སྐོར་དང་། ཀར་མཁྱེན་སྐབས་བསྟུན་གྱིས་གྲངས་བསགས། ཐུན་གྱི་དངོས་གཞི་ནི། བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས། བདག་འཛིན་བློ་ཡིས་ཐོང་བར་སོགས་རྗེ་དུས་མཁྱེན་གྱི་རྡོ་རྗེའི་ཚིག་རྐང་དྲུག་པ་ལ་རྗེ་བན་སྒར་བས་ཚིག་རྐང་གཅིག་བསྣན་པས། ཚིག་རྐང་བདུན་མ་ཉིད་བུང་བསྐྱེད་དེ་གྲངས་གསོག་དགོས། ཐུན་འཇོག་ཁར་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་བླ་མ་རྒྱངས་འབོད་མོས་གུས་སྙིང་གི་གཟེར་འདེབས་ཚིག་རྗེས་དོན་དྲན་གྱིས་གསུང་ཞིང་མཐར། དཔལ་ལྡན་བླ་མ་དམ་པ་སོགས་དལ་བུས་འདོན་ཞིང་དབང་བཞི་ལེན་པའི་དམིགས་པ་དང་འབྲེལ། བླ་མ་འོད་དུ་ཞུ་ནས་རང་ལ་བསྟིམ་སྟེ་ཐུགས་ཡིད་བསྲེ་ཞིང་མི་དམིགས་པའི་ངང་དུ་མཉམ་པར་བཞག་ལ། མཐར་སྣང་གྲགས་རིག་གསུམ་བླ་མའི་སྐུ་གསུང་ཐུགས་ཀྱི་ཁྱེར་སོ་གསུམ་ལྡན་དུ་བལྟ་བས། དགེ་འདིའི་འགྲོ་བ་སོགས་བསྔོ་བ་དང་སྨོན་ལམ་རྣམས་ནི་སྔར་ལྟར་གྱིས་ངག་


KMC001_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ། ཐུན་གཞན་རྣམས་ཀྱི་འདོན་བྱ་སོགས་གོང་ལྟར་ལ། ཐོར་ཐུན་སྐབས་སྐྱབས་སེམས་ཀྱི་མཇུག་ཏུ་རྡོར་སེམས་དང་། མཎྜལ་སྔོན་འགྲོའི་གཞུང་གསལ་ལྟར་ཚར་གཅིག་གིས་བླ་མའི་རྣམ་འབྱོར་ལ་འཇུག ཚུལ་དེ་ལྟ་བུས་བླ་མའི་རྣམ་འབྱོར་འབུམ་དང་ཁ་གསབ་བཅས་ཀྱིས་ཐུན་མིན་སྔོན་འགྲོ་བཞི་ལེགས་པར་གྲུབ་བོ།། ༈ །།དེ་ནས་གོང་གི་བླ་མའི་རྣམ་འབྱོར་གྱི་རྒྱབ་རྟེན་ཆ་ལག་བླ་སྒྲུབ་ཁག་ལས། ཐོག་མར་༧རྗེ་མི་ལའི་བླ་སྒྲུབ་ནི། ཐོག་མཐའ་གཉིས་སུ་ཚོགས་མཆོད་དང་འབྲེལ་འདུ་ཁང་དུ་ལྷན་ཚོགས་ཀྱིས། ཚིག་བདུན་གསོལ་འདེབས། ཐུབ་བསྟོད། སྙིང་སྟོབས་ཆེན་པོའི་མཐར། སྐྱེ་བ་ཀུན་ཏུ་སོགས། བླ་སྒྲུབ་གཞུང་གི་རང་ཉིད་སྐད་ཅིག་རྡོ་རྗེ་སོགས། སྤྲས་པར་གྱུར་གྱི་བར་ལན་གཅིག ནང་མཆོད་ལ་ཆུ་ཆབ་བྲན་ཏེ་། ༀ་ཨཱཿབིགྷྣཱན་སོགས། སྭ་བྷཱ་ཝ་དང་། སྟོང་པའི་ངང་ལས་རླུང་མེ་སོགས་ནས་རྒྱ་མཚོར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ། སྔོན་གཏོར་ལ་བདུད་རྩི་བྲན་ཅིང་། སླར་ༀ་ཨཱཿབིགྷྣཱན་སོགས་ནས། ཧ་ཧོ་ཧྲཱིཿའི་བར་གོང་བཞིན་བྱིན་བརླབས་ནས། འབར་བའི་རྒྱས། ཕེཾ་གཅིག གཏོར་རྒྱས། ༀ་ཁ་ཁ་ཁཱ་ཧི་སོགས་ལན་གསུམ་གྱིས་བསྔོས། བཞི་དྲིལ་དང་བཅས། གང་དག་ནག་པོ་སོགས་ནས་བརྒྱར་འགས་གྱུར། མཆོད་རོལ་ཕག་མོ་ལྟར་རོལ་འོག་ཏུ་ལས་སྔགས་ལ་སུམྦྷ་ནི་བཏགས་ཏེ་བརྗོད། སྔོན་གཏོར་ཕྱིར་དོར། དྲིལ་གསིལ་གྱིས། ༀ་བཛྲ་


KMC001_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

རཀྵ་སོགས་ལན་གསུམ་གྱིས་སྲུང་འཁོར་བསྒོམ། དེ་ནས་ཐལ་མོ་སྦྱར་ལ། བདག་གཞན་མཁའ་མཉམ་སོགས་སྐྱབས་འགྲོ་ལན་གསུམ། མ་གྱུར་སེམས་ཅན་སོགས་སེམས་བསྐྱེད་ལན་གསུམ། རང་སེམས་བླ་མར་སོགས་ཡན་ལག་བདུན་པ་ལན་གསུམ་གྱི་མཐར། ༀ་ཨཱཿཧཱུྃ། རང་སྣང་མཁའ་སྤྱོད་སོགས་ནས་འོད་འབར་བའོ། ༀ་བཛྲ་བཻ་རོ་ཙ་ནི་ཡཻ་སོགས་སུམ་བརྒྱ་ཙམ་བསྙེན་མཐར། མཆོད་པ་རྣམས་ལ་བདུད་རྩིས་བྲན་ལ། རང་གི་ཐུགས་ལས་སོགས་ནས། ས་མ་ཡེ་སྭཱ་ཧཱའི་མཐར་མཆོད་རོལ་བྱ། རྟེན་བསྐྱེད་པ་ནི། གདོད་ནས་རྣམ་དག་སོགས་དུས་འཁོར་བཤར་གདངས་ཀྱིས་གསུངས་མཐར་མཆོད་རོལ་འུར་བྱ། རྡོར་དྲིལ་འཛིན་ཏེ་ཕག་མོའི་གཞུང་གདངས་ཀྱིས་བཞི་དྲིལ་དང་བཅས། ཧཱུྃ། ཆོས་སྐུ་མཁའ་ཁྱབ་སོགས་ནས། འབར་བའི་རྒྱས་ཨེ་ཨཱ་རལླི་སོགས། བསྡུ་རྒྱས་བཛྲ་ས་མཱ་ཛཿམཆོད་རོལ་འུར་བྱ། དེ་ནས་གདན་རྒྱས། རྗེ་བཙུན་རས་པ་སོགས་ཧྲུག་འདོན་གྱིས་མཐར་ཐལ་མོ་སྦྱར་ལ། རྡོ་རྗེའི་སྐུ་གསུང་ཐུགས་མཆོག་སོགས་ཀྱིས་ཕྱག་འཚལ་དང་། དུས་འཁོར་བཤར་གདངས་ཀྱིས། ཞིང་ཁམས་རབ་འབྱམས་སོགས་མཐར་མཆོད་རོལ། གདངས་གོང་བཞིན་གྱིས། ༀ་ཨཱཿཧཱུྃ། གླིང་བཞི་འཇིག་རྟེན་སོགས་མཎྜལ་དང་། གུ་རུ་ན་མོ་ཧཱུྃ། སྙིང་རྗེ་ཆེན་པོ་སོགས་བསྟོད་པ་བཞི་དྲིལ་ཕྱེད་རྒྱས་ཧྲུག་འདོན་མཐར་མཆོད་རོལ་


KMC001_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། སླར་ཡན་ལག་བདུན་པ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་སོགས་དུས་འཁོར་བཤར་གདངས་ཀྱིས་ཚོགས་གཞུང་སྐབས་ལན་གཅིག་དང་། བསྙེན་པའི་སྐབས་སླར་ཧྲུག་འདོན་དལ་བུས་ཚར་ལྔ་ཙམ་དང་རྗེས་སུ་བཤར་གདངས་ཀྱིས་ལན་གཅིག་སྟེ་ལན་བདུན་ཙམ་གསུང་། ༀ་ཨཱ༔གུ་རུ་ཧཱ་ས་བཛྲ་ཧཱུྃ། བསྙེན་པ་དུས་བསྟུན་གྱིས་ཅི་རིགས་བཟླས་མཐར། གསོལ་འདེབས་ཀྱི་བཟླས་པ་ནི། མ་ནམ་མཁའ་དང་མཉམ་པའི་སོགས་ཚོགས་གཞུང་གི་སྐབས་ཚར་བདུན་དང་། བསྙེན་པའི་སྐབས་ཚར་གྲངས་གསུང་། བདག་དང་སེམས་ཅན་ཐམས་ཅད་བློ་ཆོས་སུ་སོགས་ཚོགས་གཞུང་སྐབས་ཚར་ལྔ། བསྙེན་པའི་སྐབས་ཚར་གྲངས་བསགས་མཐར། རྒྱས་ན། སྐབས་འདིར་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་རྗེ་མི་ལའི་རྣམ་ཐར་གསོལ་འདེབས་སོགས་གསུང་། བསྡུས་སྐབས། བྱང་ཕྱོགས་རྒྱུད་དུ་སོགས་ནས་འགྲུབ་གྲུར་ཅིག ། དེ་ནས་མགུར་གདངས་ཀྱི ས། རྗེ་མི་ལ་བཞད་པ་རྡོ་རྗེ་ལ་གསོལ་བ་འདེབས་སོ། ཞེས་པའི་ཚིག་རྐང་དེ་ཉིད་ཚོགས་གཞུང་སྐབས་ཚར་གྲངས་བཅུ་གསུམ་དང་། བསྙེན་པའི་སྐབས་ཚར་གྲངས་ཅི་ནུས་ཀྱིས་བསགས་མཐར། མགུར་གདངས་ཀྱིས། རྗེ་སྐུ་ཚེ་གཅིག་ལ་སོགས་ནས། གུ་རུ་རཏྣ་སིདྡྷི་ཧཱུྃ་གི་བར་ལན་གཅིག་གསུངས་མཐར། ཚོགས་མཆོད་ནི། ཆུ་གཙང་གིས་བྲན་ལ་སྤོས་གཟུག ༀ་ཨཿབིགྷྣཱན་སོགས། སྭ་བྷཱ་ཝ་དང་། མ་


KMC001_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

དག་གི་དྲི་སྦྱངས་སོགས་ནས་། ཧ་ཧོ་ཧྲཱིཿལན་གསུམ། བཞི་དྲིལ་གྱིས། གནས་རང་བཞིན་རྣམ་དག་སོགས་ནས་བྱིན་གྱིས་རློབས། མཆོད་རོལ། ལས་རྡོར་པས་ཚོགས་ཕུད་རྟེན་གྱི་དྲུང་དུ་ཕུལ་ལ་བདུད་རྩི་བྲན། ཧོཿ ཚོགས་མཆོད་ཟག་མེད་སོགས་བཞི་དྲིལ་གྱིས་གསུངས་མཐར་མཆོད་རོལ་བྱ། ལས་རྡོར་པས་ཚོགས་བཏེག་སྟེ། གཟིགས་ཤིག་མཛེས་ལྡན་སོགས་ཀྱིས་ཚོགས་དྲངས་ཤིང་ཞབས་བརྟན་རིགས་གསུངས་མཐར། ཧོཿ རང་ལུས་གདན་གསུམ་སོགས་དང་། ༀ་ཨཱཿཧཱུྃ་ལན་གསུམ་གྱིས་ལྷག་མར་བདུད་རྩི་བྲན་དཔལ་འབར་གཟུག ། ཚོགས་ལྷག་ཡེ་ཤེས་སོགས་མཆོད་རོལ་འོག་ལྷག་མ་དོར། དེ་ནས་དབང་ལེན་ནི། དུས་འཁོར་བཤར་གདངས་ཀྱིས། རྗེ་བཙུན་རས་པ་སོགས་ནས། ཕྱག་རྒྱ་ཆེན་པོ་ཨེ་མ་ཧོཿའི་བར་ཚིག་རྗེས་དོན་དྲན་གྱིས་གསུང་མཐར་ཅུང་ཟད་མཉམ་པར་བཞག མཐར་བསྔོ་སྨོན་ནི། ཐལ་སྦྱར་གྱིས། དགེ་བ་འདི་དང་སོགས། ཤིས་བརྗོད། བཀའ་བརྒྱུད་བླ་མའི་བྱིན་རླབས་སོགས་ནས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་མེ་ཏོག་ཐོར་ཞིང་མཆོད་རོལ་བྱ། མཇུག་ཏུ་བཟང་སྤྱོད་དང་ཕྱག་ཆེན་སྨོན་ལམ་སོགས་ཀྱིས་མཐའ་བརྒྱན་པས་ལེགས་པར་གྲུབ་བོ། །དེ་ནས་སོ་སོའི་ཤག་ཏུ་ཡང་སྟེགས་བུར་མཎྜལ་ཚོམ་བུའི་སྟེང་། སྒྲུབ་རྟེན་མི་ལའི་སྐུ་བརྙན་བྲིས་འབུར་གང་རུང་བཤམས་པའི་མདུན་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཕྲེང་ཚར་དང་། རྒྱུན་དུ་ཐོར་


KMC001_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་སྐབས་སྔོན་གཏོར་རེའམ་དགོས་པས་འདུ་བྱས་ལ། ཐོར་ཐུན་སྐབས་ལྡང་བའི་རྣལ་འབྱོར་དང་། དཔལ་ལྡན་རྩ་བའི་བླ་མ་སོགས་ཕྱག་ཆེན་སྔོན་འགྲོ་མཐར་ཆགས་སུ་གསུང་། དེ་ནས་སྙིང་སྟོབས་ཆེན་པོ་དང་། བླ་སྒྲུབ་གཞུང་བདག་ཉིད་སྐད་ཅིག་སོགས་ནས་གསོལ་འདེབས་ཀྱིས་བཟླས་པའི་བར་གསུང་སྟེ་ཐུན་གྱི་དངོས་གཞིར་བསྐྱང་། ཐུན་མཐར་དབང་ལེན། རྗེ་བཙུན་རས་པ་སོགས་ནས་བསྔོ་སྨོན་གྱི་བར་གོང་བཞིན་དང་། ཐུན་རྗེས་མ་གསུམ་ནི། དཔལ་ལྡན་རྩ་བའི་བླ་མ་སོགས། སྙིང་སྟོབས་ཆེན་པོའི་མཐར། སྐྱབས་སེམས་ནས་དབུ་བཟུང་སྟེ་བསྔོ་སྨོན་གྱི་བར་གོང་ལྟར་དང་། ནང་མཆོད་བྱིན་རླབས་ཐོག་མའི་ཉིན་སྔ་དྲོ་ཚར་གཉིས་ལས་རྒྱུན་དུ་ཚར་གཉིས་རེས་ཆོག་ཚུལ་དེ་ལྟ་བུས་མཐར་བླ་སྒྲུབ་གྲོལ་ཉིན་ཐུན་གཅིག་ཐོག་མའི་ཉིན་ལྟར་འདུ་ཁང་དུ་ཚོགས་ཏེ་ཚོགས་འཁོར་བཅས་ཀྱིས་ལེགས་པར་གྲུབ་བོ།། ༈ །།དེ་ནས་ཡོངས་དགེ་མི་འགྱུར་རྡོ་རྗེའི་དག་སྣང་པཀྴིའི་བླ་སྒྲུབ་ཀྱི་བསྙེན་པ་ལ་ཐོག་མར་བཅའ་བཤམས་ནི། སོ་སོའི་ཤག་ཏུ་རྩ་བ་གསུམ་གྱི་རྟེན་བཀྲམ་པའི་མདུན་སྟེགས་བུའི་ཁར་རས་བྲིས་སམ། འབྲུ་དཀར་གྱི་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ་བླ་མའི་གཏོར་མ་ལ་འཁོར་དམར་གཏོར་བདུན་གྱིས་བསྐོར་བ་རྒྱན་ལྡན་སྤོས་དང་བདུད་རྩིས་བྲན་པ་བཤམ། མདུན་ངོས་སུ་སྨན་གཏོར་རཀྟ། ཆུ་གཉིས་སྔོན་འགྲོས་ཉེར་སྤྱོད་ཕྲེང་ཚར་རྣམས་མཛེས་པར་བཤམས་ཤིང་ཐོག་མཐའ་གཉིས་སུ་འདུ་ཁང་དུ་ཚོགས་དགོས་


KMC001_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

པས། དེར་ཡང་བཅའ་བཤམས་གོང་ལྟར་ལ། སྔོན་འགྲོའི་དཀར་གཏོར་དང་། བགེགས་གཏོར་གླུད་གཟུགས་མ། ཚོགས་འཁོར་གྱི་ཡོ་བྱད། ཆད་བརྟན་འོད་དཔག་ལྟར་རོ། དེ་ནས་འདུ་ཁང་དུ་ལྷན་ཚོགས་ཀྱིས། ཚིག་བདུན་གསོལ་འདེབས་དབང་ལེན་བཅས་དང་། སྙིང་སྟོབས་ཆེན་པོ་སོགས། པཀྴིའི་སྐུ་བསྟོད། དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །མི་ཕྱེད་ཡེ་ཤེས་སོགས་ནས། ༀ་སིདྡྷི་མ་ཧཱ་ཀརྨ་ཀ་སོགས་གསོལ་འདེབས་མཐར ། འཇམ་མགོན་དཔལ་ལྡན་མཁྱེན་བརྩེ་འོད་ཟེར་གྱིས་མཛད་པའི་ལྷན་ཐབས་ནང་། རཾ་ཡཾ་ཁཾ་སོགས་སྔོན་གཏོར་བཏང་། བཞི་རོ/ལ་-མཐར་སུམ་བརྡུང་གིས། གཞུང་གི་ན་མོ། སངས་རྒྱས་ཆོས་དང་སོགས་ནས། ཐོབ་པར་ཤོག་གི་བར་ལན་གསུམ། མ་གྱུར་འགྲོ་དྲུག་སོགས། སངས་རྒྱས་ཐོབ་པར་ཤོག་གི་བར་ལན་གསུམ་རྗེས་མར། རྟོག་ཚོགས་གཉིས་འཛིན་སོགས་ཚིག་རྐང་གཉིས་པོ་སྤྲེལ་ནས་ཚར་གཅིག་གིས་འབེབས་-བཞག་ནས། ལྷན་ཐབས་ནང་རཾ་ཡཾ་ཁཾ་སོགས་བགེགས་གཏོར་གོང་བཞིན་བྱིན་བརླབས་ནས། ༀ་ཨཱཿཧཱུྃ་ལན་གསུམ་མཐར། རོལ་མོ་ཐང་ཐང་སུམ་བརྡུང་ལེན་ཡོད་ཀྱིས། ཧཱུྃ། བཀའ་གསང་གཉེན་པོའི་སོགས་ནས་གཞན་དུ་དེང༡ས། ༀ་སུ༡མྦྷ་ནི་སོགས་རོལ་མོ་ཁ་ཚག་གིས་གསུང་ཞིང་མཐར་%འབེབས་རིང་སུམ་རྡུང་ལེན་ཡོད་ཀྱིས། གུ་གུལ་འགྲིམ། ཧྲཱིཿ སྣང་སྲིད་


KMC001_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཡི་སོགས་ནས་མེད་ཏ་རེ། ཧཱུྃ་ཧཱུྃ་ཧཱུྃ། བར་གྱིས་སྲུང་འཁོར་སྒོམ་ལ་རོལ་མོ་འབེབས་རིང་སུམ་བརྡུང་གིས་བྱིན་འབེབས། ཧྲཱིཿ སྣང་སྲིད་ལྷ་ཡི་སོགས་ལ་བྱིན་འབེབས་གདངས་གང་འོས་སམ། རྒྱལ་སྲས་བསྟན་འཕེལ་གདངས་ཀྱིས་འགེབ་ཅིང་མཐར་འབེབས་རིང་བཞག རོལ་སིལ་རྗེས་བརྗེ། ལས་རྡོར་པས་མཆོད་པར་བདུད་རྩི་བྲན་ཅིང་། ཧཱུྃ། རྩ་གསུམ་དཀྱིལ་འཁོར་སོགས་ཟུར་ལུགས་གཏོ་གདངས་ཀྱིས། ས་མ་ཡེ་ཨཱཿཧཱུྃ་གི་བར་གསུང་། བཞི་རོལ་རིང་མཐར་སུམ་བརྡུང་གིས། གཞུང་གི་ཧཱུྃ་ཧཱུྃ་ཧཱུྃ། ནམ་མཁའ་ཡངས་པའི་སོགས་བསྐྱེད་རིམ་ལ་འཇུག་སྟེ་གཤེགས་སུ་གསོལ། ༀ་ཨཱཿཧཱུྃ་ཧྲཱིཿཧྲཱིཿསོགས་མཐར་སིལ་སྙན་འབེ-བས་རིང་དང་1.12.1234567 གདངས་གྲོ་ལོད་སྔོན་བསྐལ་ལྟར་གྱེར་ལ། ཧཱུྃ། པདྨ་འོད་ཀྱིས་སོགས་སྤྱན་འདྲེན་ལ་སྤོས་འགྲིམ་འདིར་གཤེགས་ཤིག༡ ༀ་ཨཱཿཧཱུྃ་ཧྲཱིཿཧྲཱིཿསོགས་མཐར་/འབེ-བས་རིང་ནས་1..12F.12..12F.12་གདན་རྒྱས་ཧཱུྃ་ཧཱུྃ་ཧཱུྃ། ཆོས་འབྱུང་གྲུ་གསུམ་སོགས་ནས་བཞུགས་སུ་གསོལ། མཚམས་རྒྱག ཐལ་སྦྱར་གྱིས། ཧཱུྃ་ཧཱུྃ་ཧཱུྃ། སྣང་སྲིད་དབང་བསྒྱུར་སོགས་ནས་དངོས་གྲུབ་སྩོལ༔ མཚམས་རྒྱག་ཧཱུྃ་ཧཱུྃ་ཧཱུྃ། སྣང་སྲིད་ཟིལ་གནོན་སོགས་ནས་སྐུ་ལ་བསྟོད། འབེབས)་12Fབཞག ཧཱུྃ་ཧཱུྃ་ཧཱུྃ། རང་


KMC001_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བླ་མར་སོགས་ཧྲུག་འདོན་གྱིས་བསྙེན་དམིགས་གསུང་ཞིང་། བདག་མདུན་གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དང་། ཏིང་འཛིན་སེམས་དཔའ་ས་བོན་སྔགས་ཕྲེང་དང་། འཁོར་རྣམས་རང་རང་ས་བོན་སྔགས་ཕྲེང་བཅས་གསལ་གདབ་པ་དང་། འོད་ཟེར་སྤྲོ་བསྡུས་བྱིན་རླབས་དངོས་གྲུབ་བསྡུ་དམིགས་བཅས། ༧རྗེ་བཅོ་ལྔ་པའི་གསུང་ཡིག་བདེ་ཆེན་གྲུབ་པའི་ཐིག་ལེའི་ནང་ལྟར་དང་། སོ་སོའི་སྔགས་རྣམས་གཙོ་འཁོར་གྱི་རྣམ་དབྱེ་ཕྱེ་བས་བཟླ། ཐུན་མཐར། དྲིལ་གསིལ་གྱིས་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བཅས་ལན་གསུམ་དང་། སྟོང་ཚིག ཧཱུྃ། ཡེ་!ཤེས་ལྷ་ཚོགས་སྤྱན་འདྲེན་སོགས་ལ་ལས་རྡོར་པས་སྨན་རཀ་སྦྲེང་ཞིང་/བཞི་-རོལ་བྱ། དེ་ནས་ཚོགས་མཆོད་ནི། ལས་རྡོར་པས་ཚོགས་ལ་ཆུ་གསང་གིས་བྲན་ཅིང་སྤོས་གཟུག ཟུར་གསལ། རང་ཉིད་བླ་མའི་སོགས་ནས་སྤྲིན་དུ་གྱུར། འབེབས-་སུམ་བརྡུང་གིས་ཞི་ཁྲོའི་ཚོགས་གདངས་ལྟར། ཧཱུྃ། ལྷོ་ནུབ་རྔ་ཡབ་སོགས་ནས་བཛྲ་ས་མ་ཛཿ /འབེ-བས་རིང་སུམ་བརྡུང་གིས། ཚོགས་ཕུད་ཡར་ཕུལ་ལ། དཀྱིལ་འཁོར་ལྷ་ཚོགས་སོགས་སྩལ་དུ་གསོལ། འབེ-བས་སུམ་བརྡུང་གིས། རོལ་མོ་བརྗེ་ཞིང་། ཧཱུྃ་ཧྲཱིཿ ཚོགས་ཁང་ཡེ་ཤེས་སོགས་ནས་འབད་མེད་སྩོལ། འབེབས་)འོག་ཡིག་བརྒྱ་གསུང་མཐར་1..1F3H5J7..1F3H5J7ལས་རྡོར་པས་ཚོགས་ཐ་མ་སློབ་དཔོན་མདུན་བཤམས་ལ། སློབ་དཔོན་རྡོལ་དྲིལ་ཐོགས་ཏེ་ཚིག་གཉིས་རེར་ནས་


KMC001_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་གསིལ་གྱིས་བསྒྲལ་ཞིང་བཏབ་ཚུལ་བྱ། དངོས་འཛིན་འཁྲུལ་པའི་སོགས་ནས་དགྱེས་ཕྱིར་འབུལ། འབེབས་བཞག ཚོགས་དྲངས་ཤིང་ཞབས་བརྟན་རིགས་གསུངས་མཐར། ལྷག་མ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་གཙང་ལྷག་ཀྱང་བསྲེ་ལ་བདུད་རྩི་བྲན་ཅིང་དཔལ་འབར་གཟུག་རོལ་མོ་ཐང་ཐང་ལྷག་འབེབས-་ཀྱིས་1..12F.123..12F.123 བྷྱོ། དཔལ་གྱི་སོགས་ལྷག་མ་དོར་ལ་ལྷག་འབེབས་མཐར་སུམ་བརྡུང་གིས། ཧཱུྃ། མ་མགོན་སོགས་ཀྱིས་ཆད་མདོ་ཕུལ་ལ་འབེབས་སུམ་བརྡུང་གིས། བྷྱོ། བོད་ཁམས་སྐྱོང་བའི་སོགས་ཀྱིས་བརྟན་མ་སྐྱོང་ལ་འབེབས-་.12F བཞག་སྟེ། ཟུར་གསལ་ལྷན་ཐབས་ནང་གསལ་བཞིན། ན་མོ ། དཀོན་མ!ཆོག་གསུམ་དང་སོགས་ནས། གཏོར་གཞོང་རི་རབ་འབར་བའི་འོག་ཏུ་ཁུག་ཅིག་ནས་དྲག་%འབེབས་%མཐར་སུམ་བརྡུང་གིས། ལས་རྡོར་པས་གཏོར་གཞོང་རྣམས་སྦུབ་སྟེང་སློབ་དཔོན་གྱི་རྡོ་རྗེས་རྒྱས་གདབ་ལ། ཧཱུྃ། རིགས་འདུས་བླ་མའི་སོགས་ནས་བྲོ་བརྡུང་ངོ་། ༀ་ལཾ་ཨཱཿལཾ་སོགས་མཐར་རོལ་མོ་འབེབས་བཞག རོལ་སིལ་བརྗེ། ལས་རྡོར་པས་གཏོར་གཞོང་ཁ་ཕྱེས་ཏེ་འབྲུ་གཏོར། མཆོད་པ་ཁ་གསོ་ཞིང་བྲན་ལ། རྗེས་ཆོག་ནི། ༀ་ཨཱཿཧཱུྃ། རྒྱ་མ!ཚོ་ལྔ་ཡི་ལྷ་ཚོགས་སོགས་ཧྲུག་འདོན་གྱིས། པཱུ་ཛཿཧོཿར་/ བཞི་རོལ་- བྱ། བཞི་དྲིལ་ཕྱེད་རྒྱས། ཨེ་མ་ཧོཿ ངོ་མཚར་རྨད་བྱུང་སོགས་ཀྱིས་


KMC001_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་ཅིང་མཐར། ཚོགས་མཆོད་ནང་གསལ། མ་འབྱོར་པ་དང་སོགས་ནོངས་བཤགས་དང་། ཡིག་བརྒྱ་དྲིལ་གསིལ་བཅས་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང་མཐར། གཞུང་གི་ༀ་ཨཱཿཧཱུྃ། ཆོས་དབྱིངས་སྐྱེ་མེད་སོགས་གསོལ་འདེབས་གསུངས་མཐར་བསྐུལ་མཚམས་ཀྱིས། དེ་ལྟར་གདུང་ཤུགས་དྲག་པོས་སོགས་དབང་ལེན་གྱིས་དམིགས་པ་དང་། ཀཱ་ཡ་ཝཱ་ཀ་སོགས་སྔགས་ཅི་ནུས་ཀྱིས་གྲངས་བསགས་མཐར། བསྡུ་རིམ། མདུན་བསྐྱེད་བླ་མ་རང་གི་སྙིང་གར་སོགས་ནས་མདུན་བསྐྱེད་འཁོར་རྣམས་གཙོ་བོ་དང་། དེ་ཉིད་རང་གི་སྤྱི་བོ་ནས་བྱོན་ཏེ་སྙིང་ཁའི་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་དུ་ཐིམས་པས། བླ་མའི་ཐུགས་དང་རང་སེམས་དབྱེར་མེད་ཀྱིས་ངང་ཅི་གནས་སུ་མཉམ་པར་བཞག །བདག་བསྐྱེད་ཀྱང་འཁོར་རྣམས་རིམ་པར་གཙོ་བོ་དང་། དེ་ཡེ་ཤེས་སེམས་དཔའ། དེ་ཏིང་འཛིན་སེམས་དཔའ་བསྡུས་ཏེ་རང་ངོ་ལ་མཉམ་པར་བཞག་ཅིང་མཐར། རྗེས་ཐོབ་འཁོར་འདས་སོགས་ཀྱིས་རང་ཉིད་རྡོ་རྗེ་རྣལ་འབྱོར་མ་སོགས་ཐུན་མཚམས་ཀྱི་ལྷར་ལྡང་སྟེ། ཟག་བཅས་ཟག་མེད་སོགས་ཀྱིས་བསྔོ་བ་དང་། འདིས་མཚོན་དུས་གསུམ་སོགས་ཀྱིས་སྨོན་ལམ་བྱ་མཐར། ཚོགས་མཆོད་གསུང་སྐབས་ལྷན་ཐབས་ནང་གསལ་བཀྲ་ཤིས། ༀ། བརྡལ་བ་ཆེན་པོ་སོགས། ཟུར་ལུགས་གདངས་ཀྱིས་ཚིག་གཉིས་རེར་དྲིལ་གསིལ་དང་མེ་ཏོག་འཐོར་ལ་མཐར་/ བཞི་རོལ་- རིང་བར་བྱ། ཉིན་མཐའ་མར་


KMC001_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སྦྱིན་གནས་འདིར་གསུང་། དཀྱུས་ལ་གཞུང་གསལ་ཤླཽ་ཀ་གཅིག་དེ་ཀ་རང་ལས་མི་དགོས། གཞན་ཡང་བཟང་སྤྱོད་དང་ཕྱག་ཆེན་སྨོན་ལམ་སོགས་ཀྱིས་མཐའ་དབྱུང་བར་བྱ། དེ་ནས་ཤག་ཏུ་ཐུན་གཞན་རྣམས་ལ་ཟུར་གསལ་ལྷན་ཐབས་དང་ཚོགས་མཆོད་དོར་བས། བླ་སྒྲུབ་གཞུང་གི་སྐྱབས་འགྲོ་ཚར་ཉེར་གཅིག་ཧྲུག་འདོན་བྱ། དེ་བཞིན་སེམས་བསྐྱེད་ཀྱང་ཚར་ཉེར་གཅིག་གི་རྗེས་མར། རྟོག་ཚོགས་གཉིས་འཛིན་སོགས་ཚིག་རྐང་གཉིས་པོ་སྦྲེལ་མཐར་ཌཱ་རུ་འཁྲོལ་ཏེ་རྔ་ཚིག་རྣམས་ཌཱ་རྒྱག་བཅས་མཇུག་བསྔོ་སྨོན་བར་གོང་ལྟར་བགྱིས་པས་གྲུབ། དེ་ལྟར་གྱིས་ཞག་གྲངས་རྫོགས་པའི་ཉིན་མཐའ་མར་འདུ་ཁང་དུ་ལྷན་ཚོགས་ཀྱིས། བླ་སྒྲུབ་ལྷན་ཐབས་ཚོགས་འཁོར་བཅས་སྔར་ལྟར་བཏང་བས་ལེགས་པར་གྲུབ་བོ།། ༈ །།དེ་ནས་ཐུན་མོང་མ་ཡིན་པ་ཐེག་ཆེན་ལམ་གྱི་གཞུང་ཤིང་བློ་སྦྱོང་དོན་བདུན་མའི་ཉམས་ལེན་ལ། སྒྲུབ་པོ་རྣམས་སྔོན་བྱང་སྡོམ་མ་ཐོབ་པའམ་ཐོབ་ཀྱང་ཁ་གསོའི་ཕྱིར། སླར་ཡང་ཟབ་མོ་ལྟ་བ་དང་། རྒྱ་ཆེན་སྤྱོད་པའི་སྲོལ་གཉིས་གང་རུང་ངམ། རང་གཙོ་བོ་ཕྱི་མ་ལྟར་བྱང་སྡོམ་འབོག་ ཆོག་རྒྱས་བསྡུས་གང་རུང་གི་སྒོ་ནས་ལེགས་པར་ནོད་དེ། དངོས་གཞི་ཐུན་གྱི་སྐབས་སུ། དཔལ་ལྡན་རྩ་བའི་བླ་མ་སོགས་ཀྱི་མཐར། ཇོ་བསྟོད། ༀ་བདེ་ལེགས་སུ་གྱུར་ཅིག ། ཕུན་སུམ་ཚོགས་པ་སོགས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་མཛད་པ་དང་། བློ་སྦྱོང་བརྒྱུད་འདེབས། ཐུབ་པའི་དཔང་པོ་


KMC001_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་། དེ་ནས་ཁྲིད་གཞུང་དངོས་ལ། སྔོན་འགྲོ་དང་། དངོས་གཞི་གཉིས་ལས། དང་པོར་ཡང་། ཐུན་གྱི་སྔོན་འགྲོ་དང་། ཁྲིད་ཀྱི་སྔོན་འགྲོ་གཉིས་ལས། དང་པོ་ནི། ཐུན་ལ་འཇུག་པའི་ཐོག་མ་ཐམས་ཅད་དུ། རང་གི་སྤྱི་བོར་པད་ཟླའི་གདན་ལ་རྩ་བའི་བླ་མ་ཞལ་འཛུམ་བག་སྐུ་གཟི་བརྗིད་དང་ལྡན་ཞིང་། ཐུགས་དམིགས་མེད་སྙིང་རྗེས་འགྲོ་ལ་དགོངས་ཏེ་བཞུགས་པ་རྩ་བརྒྱུད་བླ་མ་ཀུན་འདུས་ཀྱི་ངོ་བོར་གྱུར་པར་བསམ་ལ། མོས་གུས་གདུང་གདུང་པའི་ངང་ནས། བླ་མ་ཡང་དག་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་མཛད་དུ་གསོལ། ཞེས་པའི་གསོལ་འདེབས་དེ་ལན་བརྒྱ་དང་བརྒྱད་གསུངས་པའི་མཐར། བླ་མ་དེ་ཉིད་རང་གི་སྤྱི་བོའི་ཚངས་བུག་ནས་མར་བྱོན་སྙིང་འོད་ཀྱི་གུར་ཁང་སྒོང་ལྐོགས་ཁ་གྱེན་བསྟན་ལྟ་བུར་བཞུགས་པར་གྱུར་མོས་ལ་འདོན་སྒོམ་སྦྲགས་ཏེ་རྒྱུད་ལ་འདྲེས་ངེས་བྱ་བ་ནི་བླ་མའི་རྣལ་འབྱོར་ཏེ་ཐུན་འགོ་ཐམས་ཅད་དུ་གལ་ཆེ། གཉིས་པ་ཁྲིད་ཀྱི་སྔོན་འགྲོ་ལ། ཐུན་མོང་སྔོན་འགྲོ་བློ་ལྡོག་རྣམ་པ་བཞི་པོ་རེ་རེ་སྔོན་འགྲོའི་ཁྲིད་གཞུང་ཆེན་མོ་རྣམས་སུ་གསལ་བ་ལྟར་རྒྱུད་ལ་


KMC001_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་སུ་བསྒོམ་མཐར། བསྔོ་སྨོན་སོགས་ཀྱིས་ཐུན་བསྡུའོ། གཉིས་པ་དངོས་གཞི་བློ་སྦྱོང་དངོས་སྒོམ་པའི་སྐབས། ཐུན་གྱི་སྔོན་འགྲོ་སོགས་འདོན་བྱ་གོང་ལྟར་ལ། བླ་མ་འོད་ཞུའི་མཇུག་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་གསུང་འགྲོ་དོན་མཁའ་ཁྱབ་མ་གསུང་ཞིང་ཐུན་གྱི་དངོས་གཞིར་བློ་སྦྱོང་གཞུང་ཁྲིད་ལྟར། དོན་དམ་བྱང་སེམས་ཞར་བྱུང་དང་། ཀུན་རྫོབ་བྱང་སེམས་གཙོ་བོར་སྒོམ་པ་ལ། གཏོང་ལེན་གྱི་གཞི་བྱམས་སྙིང་དང་། གཏོང་ལེན་དངོས་སོགས་དམིགས་རིམ་བློ་སྦྱོང་ཁྲིད་ཡིག་ནང་ལྟར་སྒོམ་བཞིན་ཐུན་གྱི་དངོས་གཞིར་བསྐྱངས། གཏོང་ལེན་སྐབས་ཡིག་དྲུག་ཀྱང་བགྲང་། ཐུན་མཐར། བདག་གཞན་ལུས་སྣང་སོགས་ཀྱིས་མཇུག་བསྡུ་ཞིང་བསྔོ་སྨོན་གྱིས་རྒྱས་གདབ་རྗེས། ཡན་ལག་བདུན་པའི་ཚིགས་བཅད་རྒྱས་བསྡུས་ཅི་ནུས་ཀྱིས་གྲངས་བསགས་མཐར། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་བློ་སྦྱོང་སྨོན་ལམ་བྱང་སེམས་རྒྱ་མཚོའི་མཇུག་ངོགས། འཕགས་མཆོག་ཐུགས་རྗེས་གཟིགས་དབང་དང་། སངས་རྒྱས་བྱང་ཆུབ་སེམས་དཔའ་སོགས་དང་བཟང་སྤྱོད་སྨོན་ལམ་སོགས་ཀྱིས་མཐའ་བརྒྱན་ཏེ་ངག་གྲོལ་ལོ། ཐུན་མཚམས་སུ་ཡང་དངོས་གཞིའི་དམིགས་གནད་ལ་བློ་སྦྱང་ཞིང་སྤྱོད་ལམ་ཀུན་ཏུ་ལམ་ཁྱེར་གྱི་མན་ངག་དང་བཅས་ཐུན་ཚང་མར་འདོན་བྱ་གོང་ལྟར་རིགས་འགྲེས་ཀྱིས་ལེགས་པར་གྲུབ་བོ།། ༈ །།དེ་ནས་དངོས་གཞི་གྲོལ་ལམ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཞི་ལྷག་སེམས་འཛིན་སྐབས་ལྔ་


KMC001_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ལྟར་དུ་ཉམས་སུ་ལེན་པ་ལ། ཐོག་མར་སྐྱབས་འགྲོ་སེམས་བསྐྱེད་རྒྱུད་ལ་འདྲེས་ངེས་བྱ་བ་དང་གཅིག རྡོ་རྗེ་ཐེག་པའི་བསྟན་པ་ནི་བསྐྱེད་རྫོགས་གཉིས་ཡིན་པས་རང་ལུས་རྡོ་རྗེ་ཕག་མོའི་སྐུར་བསྒོམ་པ་དང་གཉིས། རྩ་བའི་བླ་མ་སྤྱི་བོར་གསལ་གདབ་ནས་མོས་གུས་དྲག་པོ་བྱ་བ་དང་གསུམ། དངོས་གཞི་ཞི་གནས་དང་ལྷག་མཐོང་། མཐར་ཞི་ལྷག་ཟུང་འཇུག་སྒོམ་པ་དང་བཞི། རྗེས་འཁོར་གསུམ་མི་རྟོག་པའི་བསྔོ་སྨོན་གྱིས་རྒྱས་གདབ་པ་དང་ལྔ་སྟེ། མདོ་སྔགས་ཀྱི་བསྟན་རིམ་མཐའ་དག་ལྔ་ལྡན་དུ་འདུས་པར་གསུང་པས། དང་པོ་ནི། དཔལ་ལྡན་རྩ་བའི་བླ་མ་སོགས། ཟུང་འཇུག་བརྒྱུད་རིམ་མཐར། ཕྱག་ཆེན་སྔོན་འགྲོའི་ངག་འདོན་ལྟར་བློ་ལྡོག་རྣམ་བཞི་ཅུང་ཟད་བསྒོམ་སྟེ། སྐྱབས་སེམས་རྒྱུད་ལ་འདྲེས་ངེས་བྱ། གཉིས་པ་ནི། བདག་ཉིད་སྐད་ཅིག་སོགས་ཀྱིས་རྡོ་རྗེ་ཕག་མོ་བསྐྱེད་རིམ་མཚན་ཉིད་བཞི་ལྡན་དུ་སྒོམ། གསུམ་པ་ནི། སྤྱི་བོར་པདྨ་ཉི་ཟླའི་སོགས་རྩ་བརྒྱུད་བླ་མ་སྤྱི་བོར་འདོན་བྱ་ལྟར་གསལ་གདབ་ནས། གསོལ་འདེབས་མོས་གུས་གདུང་ཤུགས་ཆེན་པོའི་གྲངས་གང་མང་མཐར། དབང་བཞི་བླངས་ནས་ཐུགས་ཡིད་བསྲེས་ཏེ་མཉམ་པར་བཞག བཞི་པ་ནི། བསམ་གཏན་གྱི་ཆོས་ལྔ་དང་། སེམས་གནད་རྟེན་བཅས་རྟེན་མེད་ཀྱི་ཞི་གནས་སེམས་འཛིན་ལྷག་མཐོང་ངོ་སྤྲོད་སོགས་དམིགས་རིམ་གཙོ་བོ་བླ་མའི་ཞལ་ཁྲིད་དང་། དེ་བཞིན་རྗེ་དགུ་པའི་ངེས་དོན་རྒྱ་མཚོ། མ་རིག་མུན་སེལ། ཆོས་སྐུ་མཛུབ་ཚུགས། འཇམ་མགོན་གྱི་ངེས་དོན་སྒྲོན་མེ་རྣམས་ལས་བླ་མས་


KMC001_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་མཚམས་ཀྱི་དམིགས་རིམ་བཀའ་ཁྲིད་གནང་བ་དེ་ཉིད་ཐོས་ལོ་འོལ་སྤྱི་ཙམ་དུ་མ་བཞག་པར། ཐོག་མར་དེ་དག་གི་ཚིག་དོན་རེ་རེ་བཞིན་གོ་དོན་སེམས་ལ་འཕྲོད་པར་བྱས་ནས། སྒོམ་དོན་རྒྱུད་ལ་འབྱོར་བའི་ཐབས་མོས་གུས་དྲག་པོས་གདུང་ཤུགས་ཀྱིས་བླ་མ་རྒྱང་འབོད་སོགས་གསོལ་འདེབས་དང་། ཏིང་ངེ་འཛིན་གྱི་དབང་བཞི་ལེན་ཅིང་ཐུགས་ཡིད་བསྲེས་ཏེ་མཉམ་པར་བཞག་པ་སོགས་དམིགས་པ་ཡང་ནས་ཡང་དུ་བྱས་ནས་གཙོ་བོ་འཇོག་སྒོམ་དང་། སྐབས་སུ་དཔྱད་སྒོམ་རེ་ཙམ་བཅས་སྤེལ་མས་རྩེ་གཅིག་ཏུ་ཉམས་སུ་བླང་ཞིང་ཐུན་གྱི་དངོས་གཞིར་བསྐྱང་། ལྔ་པ་ནི། ཐུན་མཐར། དགེ་འདིས་འགྲོ་བ་སོགས་ཀྱིས་བསྔོ་སྨོན་དང་། རྗེ་རང་བྱུང་ཞབས་ཀྱིས་ཕྱག་ཆེན་སྨོན་ལམ་དང་། གཞན་ཡང་བཟང་སྤྱོད་སྨོན་ལམ་སོགས་ཀྱིས་མཐར་བརྒྱན་ཏེ་གྲུབ། ཐུན་གཞན་རྣམས་ལ་འདོན་བྱ་སོགས་གོང་ལྟར་ལ། ཐོར་ཐུན་གྱི་སྐབས་སྔོན་འགྲོ་རྒྱས་པ་མཐར་ཆགས་སུ་གསུངས་པ་ཙམ་ཁྱད་པར་རོ། །ཐུན་མཚམས་སུ་ཡང་སྐབས་དེའི་དམིགས་ཐུན་ཚིག་དོན་གོ་བབས་རྟོགས་འབུལ་དང་དོགས་སེལ་བཀའ་འདྲི་སོགས་ནན་ཏན་ཞུ་ཞིང་། བླ་མས་སློབ་མ་དེའི་རྒྱུད་ཚོད་གོ་བབས་དང་བསྟུན་པའི་བགེགས་སེལ་བོགས་འདོན་སོགས་ཁྲིད་ཚུལ་མཁས་ཤིང་། སློབ་མས་ཀྱང་བླ་མ་སངས་རྒྱས་དངོས་སུ་བལྟ་བའི་དད་མོས་དང་ཤེར་བརྩོན་གྱིས་བླ་མ་དམ་པའི་ཐུགས་ཀྱི་དགོངས་པ་ལོན་ཞིང་། མན་ངག་གི་གནད་གོ་བས་གནས་ལུགས་རང་ངོ་འཕྲོད་དེ་ངེས་ཤེས་སྐྱེས་པ་ཞིག་དགོས་ཀྱིས། བླ་སློབ་


KMC001_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀས་ཕྱག་ཆེན་གྱི་ཁྲིད་གཞུང་དབུ་ནས་མཇུག་བར་མཐར་ཆགས་སུ་འཆད་ཉན་བྱས་པ་ཙམ་གྱིས་ནི་སེམས་ངོ་འཕྲོད་པའི་ངེས་པ་མེད་དོ།། ༈ །།༧ རྗེ་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔའི་ཡ་གྱལ་བསྐྱེད་རིམ་ལྷན་ཅིག་སྐྱེད་མ་རྡོ་རྗེ་རྣལ་འབྱོར་མའི་བསྙེན་སྒྲུབ་ལ། ཕྱི་ནང་གསང་སྒྲུབ་གསུམ་ལས། དང་པོ་ཕྱི་སྒྲུབ་ལ་བཅའ་བཤམས་ཀྱི་རིམ་པ་ནི། རང་ལུགས་ཡི་དམ་གྱི་གཏོར་མ་ཆེ་ལེགས་ཀྱི་འཁོར་དུ་རང་འདྲ་བཞི་དང་། མཚམས་སུ་བ་ལིང་བཞི་བཅས་ཟུར་གསལ་དཔེའུ་རིས་ལྟར་དང་། མ་འདས་པའི་གཏོར་མ་པད་འདབ་བཞི་ཅན་དཀར་ཟླུམ་ཉིས་བརྒྱན་རྩེར་ཉི་ཟླ་ནོར་བུས་མཚན་པ་བཤམས་པའི་མདུན་ཆུ་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ་བཅས་བཤམ། རང་མདུན་དུའང་བདག་བསྐྱེད་མཆོད་པ་ཆུ་སྔོན་previous hit དུ་འགྲོ་བས་ཉེར་སྤྱོད་རོལ་མོ་བཅས་མཆོད་འགོག་གཡོན next hit་བསྟན་གྱིས་བཤམ། གཞན་ཡང་ཉིན་རེར་སྔོན་གཏོར་རེ་དང་། མཆོད་ཁ་གསོ་རྒྱུའི་ཞལ་ཟས། ཐེབས་ཀྱུ། མཆོད་འབྲུ། ནང་མཆོད་བཅས་འདུ་བྱ། ཐོག་མའི་ཉིན་ཚོགས་འཁོར་བཅས་འདུ་ཁང་previous hit དུ་གསུང་དགོས་པས། དེར་ཡང་སྟེགས་ཀྱི་ཁར་འདས་པའི་ཁར་གཏོར་མ་ལྔ་ཚོམ་གྱི་མདུན་མཆོད་འགོ་གཡོན next hit་བསྟན་གྱིས་ཆུ་སྔོན་འགྲོས་ཉེར་སྤྱོད་རོལ་མོ་དང་སྔོན་གཏོར་ཚོགས་ཀྱི་ཡོ་བྱད་བཅས་དང་། སློབ་དཔོན་མདུན་བདག་བསྐྱེད་མཆོད་པ་ཡང་བཤམས། ཚོགས་མང་གི་ཌཱ་དྲིལ་དང་ནང་མཆོད་བཅས་བསྣམས་དགོས། དེ་ནས་ཚོགས་བརྡ་བྱུང་འཕྲལ་འདུ་ཁང་ནང་ཚོགས་ཏེ་ཐོག་མར། དཔལ་ལྡན་རྩ་བའི་བླ་མ༴ སྟེང་


KMC001_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་སོགས། སྙིང་སྟོབས་ཆེན་པོ་སོགས་ཀྱི་མཐར། སྐྱེ་བ་ཀུན་ཏུ་སོགས་ནས། བདག་ཉིད་སྐད་ཅིག་གིས་སོགས་ནས་སྐུར་གྱུར། དེ་ནས་ནང་མཆོད་ལག་མཆོད་ལྟར་བྱིན་གྱིས་བརླབ་དགོས་པས། དེ་ཡང་དཀྱིལ་འཁོར་གསུམ་དང་། བརྡ་གསུམ། མཆོད་པ་གསུམ་སྟེ། ལག་མཆོད་ཀྱི་དོན་དགུ་དང་ལྡན་པའི་བྱིན་གྱིས་བརླབ་པ་ནི། ༀ་ཨཱཿབིགྷྣཱན་སོགས་དང་། སྭ་བྷཱ་ཝ་སོགས་བརྗོད་པའི་ཚེ་སོ་སོའི་ནང་མཆོད་ཁར་ཟླུམ་སྐོར་ཆོས་འབྱུང་འབྲི་ཚུལ་སོགས་ཕྱག་བཞེས་ལྟར་གྱིས། ལག་མཆོད་མཐར་ཆགས་སུ་གསུང་ཏེ། ལག་པའི་ལྷ་ཚོགས་རྣམས་ཆང་ནང་གི་ལྷ་ཚོགས་ལ་ཐིམ་པས། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་མཐར། སྔོན་གཏོར་བྱིན་བརླབ། ༀ་ཨཱཿབིགྷྣཱན་སོགས་ནས། གཏོར་མགྲོན་སྤྱན་དྲངས། གཏོར་མ་བསྔོ་བ། ཕྲིན་ལས་བཅོལ་ཞིང་བཀའ་བསྒོ། མཚམས་གཅོད། ལས་རྡོར་པས་ཕྱག་སྔོན་འགྲོས་ཏིང་འཛིན་བསྐུལ་བ། མཆོད་པ་བྱིན་རླབས། སྐྱབས་སེམས། རྡོར་སེམས་སྒོམ་བཟླས། བསོད་ནམས་ཚོགས་བསགས་མཐར། ཚོགས་ཞིང་བསྡུ་བ། ཚད་མེད་བཞིའི་བཏང་སྙོམས་ཆེན་པོ་ལ་གནས་པར་གྱུར་ཅིག་གི་བར་གཞུང་ལྟར་གསུང་། དེ་ནས་ལྷ་ཁྲིད་འདོན་སྒོམ་ནང་། ༀ་སྭ་བྷཱ་ཝ་སོགས་ནས་རང་ཉིད་ལྷར་བསྐྱེད་པ་དང་། ཡེ་ཤེས་པ་སྤྱན་འདྲེན་མཆོད་རོལ་བྱ། ཕྱི་མཆོད་སྔགས་མཐར་མཆོད་རོལ།


KMC001_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་དྲིལ་འཛིན་བཞིན་ནང་མཆོད་འབུལ་ཞིང་། གསང་མཆོད་ལ་འཁྱུད་རྒྱ་བཅས་དང་། དེ་རྣམས་ཀྱི་སྐུ་ལས་སོགས་ཀྱིས་དབང་བླངས་ཤིང་དམ་ཡེ་བསྲེ་ལ། ལྷ་མོ་དེ་རྣམས་རང་རང་གི་སྐུ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། ལྷ་སྐུ་གསལ་ལ་རྟོག་མེད་དུ་ཅི་ནུས་སུ་བསྒོམ། ལྷ་ཁྲིད་འདོན་སྒོམ་ལྡེབ་༡༠པའི་རྒྱབ་ཕྲེང་༤པར་ༀ་སྭ་བྷཱ་ཝ་སོགས། ཕྲེང་བ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་སོགས་ཕྲེང་བ་ལག་previous hit གཡོནདུ next hit་བཀོད་ཅིང་། མཆོད་བསྟོད་ལག་གཡས་ཀྱིས་དྲིལ་གསིལ་བཅས། ངོ་བོ་སྔགས་ཀྱི་དཀོན་མཆོག་གསུམ་གྱི་བདག་ཉིད་དུ་གྱུར་གྱི་བར་གསུང་། དེ་ནས་བསྙེན་དམིགས། ཐུགས་ཀའི་ས་བོན་སོགས་ནས་ཐིམ་པར་གྱུར། ཅེས་གསལ་གདབ་ཅིང་། ༀ་གསུམ་མ་ཐུན་གྱི་དངོས་གཞི་དང་། ཐུན་གྲོལ་ཉེ་བ་ན་ཧ་རི་ནི་ས་སྤངས་པའི་བཻ་རོ་ཙ་ན་ཕྲེང་བསྐོར་གཅིག་ཙམ་བསགས་ནས། དྲིལ་གསིལ་གྱིས་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བཅས་ལན་གསུམ་མཐར། མཆོད་བསྟོད་ནི། རྒྱལ་བའི་སྐུ་ལ་སོགས་ནས། ཤཔྡའི་བར་མཆོད་རོལ་འོག་ནང་མཆོད་འབུལ་ཞིང་། ༀ་ཤྲཱི་བཛྲ་ཝཱ་རཱ་ཧི་ༀ་ཨཱཿཧཱུྃ། བཛྲ་ཌཱ་ཀི་ནཱི་ༀ་ཨཱཿཧཱུྃ་སོགས་ཀྱིས་ནང་མཆོད་དང་། རྡོར་དྲིལ་འཁྱུད་རྒྱ་བཅས་ༀ་ཤྲཱི་བཛྲ་ཝཱ་ར་ཧི་བཛྲ་མ་ཏངྒི་ཨཱཿཧཱུྃ་གིས་གསང་མཆོད་དང་། བཞི་དྲིལ་ཕྱེད་རྒྱས་བསྟོད་པ། ༀ། བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་


KMC001_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

མ་སོགས་ནས། རྡོ་རྗེ་འཕྲུལ་མོ་ཆེ་ལ་ཕྱག་འཚལ་བསྟོད། ཅེས་པའི་བར་གྱིས་བསྟོད་མཆོད་རོལ། དེ་ནས་ཚོགས་བྱིན་རླབས། ༀ་ཨཱཿབིགྷྣཱན་སོགས་ནས་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ལན་གསུམ། ན་མོ་ཐབས་དང་ཤེས་རབ་སོགས་ལན་གསུམ་མཐར་མཆོད་རོལ། ཧཱུྃ། བཞེངས་ཤིག་བླ་མ་སོགས་ནས། དགྲ་བགེགས་མ་ལུས་ཞི་བར་མཛོད་ཀྱི་བར་གཞུང་ལྟར་དང་མཆོད་རོལ། ཚོགས་ཕུད་གཏོར་མར་བྲན་ཅིང་བདུད་རྩི་འཐོར་ལ། ༀ་ཨཱཿབིགྷྣཱན་སོགས་བྱིན་རླབས་ནས་གཏོར་མགྲོན་སྤྱན་དྲངས། བླ་མ་ཡི་དམ་སོ་སོར་འབུལ་བའི་སྔགས་ཚིག་མཆོད་བསྟོད། ཕྱོགས་སྐྱོང་སོགས་ལ་བསྔོ་ཞིང་ཕྲིན་བཅོལ། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། བར་གྱི་གཏོར་འབུལ་དང་མཆོད་རོལ། ཚོགས་ཞུ་ལེན་དང་། ཞབས་བརྟན་གསུངས་མཐར་ལྷག་མ་བསྔོ་ཞིང་། རྗེས་ཆོག མཆོད་བསྟོད། བཟོད་གསོལ། ནོངས་བཤགས་དང་། ལྷ་མོ་ཚད་མ་སོགས་ཀྱིས་སྨོན་ལམ་གདབ་ཅིང་། བདག་དང་འགྲོ་ལ་སོགས་ཀྱིས་གཏོར་མགྲོན་རྟེན་ལ་བསྟིམ། དགེ་བ་འདི་ཡིས་མྱུར་དུ་བདག །ཡི་དམ་ལྷ་ཚོགས་སོགས་ཀྱིས་དགེ་རྩ་བསྔོ་ཞིང་། བཀའ་བརྒྱུད་བླ་མས་ལེགས་བྱིན་སོགས་མཐར་མཐའ་རྟེན་ཤིས་བརྗོད་ཚན་པ་གསུམ་སོགས་སྐབས་བསྟུན་གྱིས་གསུང་། རྗེས་སུ། བདག་བསྐྱེད་བསྡུ་རིམ་ནི། ཕྱི་རོལ་སྣོད་


KMC001_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་རྟེན་སོགས་ནས། ཞབས་མཐིལ་ནས་བསྡུས་ཏེ་ཐུགས་ཀའི་སྔགས་འཁོར་དང་ཝཾ་ལ་ཐིམ་ཞེས་ཁ་བསྒྱུར། དེ་ཡང་སོགས་ནས་དོན་དམ་པ་སྟོང་པ་ཉིད་དོ། ཅེས་པས་འོད་གསལ་དུ་བསྡུ་ཞིང་མཉམ་པར་བཞག སླར་ཡང་དེ་ཉིད་ཀྱི་ངང་ལས་སོགས་ནས་ཕྱག་རྒྱ་ལྔས་བརྒྱན་པ་གསལ་བར་གྱུར། ཅེས་པའི་སྒྱུ་མའི་སྐུར་ལྡང་ཞིང་། བཟང་སྤྱོད་སྨོན་ལམ་སོགས་བསྔོ་སྨོན་གྱིས་མཐའ་བརྒྱན་པས་གྲུབ་བོ། དེ་ནས་ཐོར་ཐུན་ལ་ཕྱག་ཆེན་སྔོན་འགྲོའི་མཇུག་ཏུ། དཔལ་ལྡན་རྩ་བའི་བླ་མ་སོགས། སྟེང་དག་པ༴ སྙིང་སྟོབས་ཆེན་པོའི་མཐར། སྐྱེ་བ་ཀུན་ཏུ་སོགས་ནས། བདག་ཉིད་སྐད་ཅིག་གིས་སོགས་ལག་མཆོད་རྒྱས་པ་གསུངས་རྗེས། སྔོན་གཏོར་བྱིན་རླབས་ནས་བསྙེན་པའི་བར་གོང་ལྟར་མཐར་ཆགས་སུ་གསུང་། ཐུན་མཐར། དྲིལ་གསིལ་གྱིས་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ་དང་། དེ་ནས་མཆོད་བསྟོད། ཐོར་ཐུན་དང་། སྔ་ཐུན། སྲོད་ཐུན་གསུམ་ལ། ༀ་ཤྲཱི་བཛྲ་ཝཱ་རཱ་ཧི་བཛྲ་ཨཱརྒྷཾ་པྲ་ཏི་ཙྪ་སྭཱ་ཧཱ། པཱུཥྤེ་སོགས་ནས། ཤཔྡའི་བར་དང་། པཉྩ་ཨ་མྲྀཏ་སོགས། བཛྲ་མ་ཏངྒི་སོགས་ཀྱིས་མཆོད་ཅིང་། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ་སོགས་ཤླཽ་ཀ་གསུམ་གྱིས་བསྟོད། བཀྲ་ཤིས། རྒྱལ་མཚན་རྩེ་མོ༴ མི་འགྱུར་ལྷུན་པོ༴ གནས་འདིར་ཉིན་མོ་བདེ་ལེགས་


KMC001_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གོང་གསལ་ཐུན་གསུམ་པོར་རེ་རེ་བརྗོད། ཕྱི་རོལ་སྣོད་བཅུད་སོགས་ཀྱིས་བསྡུ་ལྡང་བྱ་ཞིང་། དཀོན་མཆོག་རིན་ཆེན་སོགས་ཀྱིས་དགེ་རྩ་བསྔོ་ཞིང་བཟང་སྤྱོད་སྨོན་ལམ་བཅས་ཀྱིས་མཐའ་བརྒྱན་ཏེ་ངག་གྲོལ། དེ་ནས་སྔ་ཐུན་སོགས་རྗེས་མ་གསུམ་པོར། གསོལ་འདེབས་མཐར། མཆོད་པ་བྱིན་རླབས་ནས་དབུ་བཟུང་སྟེ་གོང་ལྟར་མཐར་ཆགས་སུ་གསུངས། ཕྲེང་བ་བྱིན་རླབས་མི་དགོས། དགོང་ཐུན་སྐབས། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་མཐར། མཆོད་བསྟོད་རྒྱས་པ། རྒྱལ་བའི་སྐུ་ལ་སོགས་ཀྱིས་ཕྱི་མཆོད་རོལ་འོག་ཏུ་སྔགས་བརྗོད་ཅིང་ནང་མཆོད་འབུལ། མ་ཏངྒིས་གསང་མཆོད་བྱ། བཅོམ་ལྡན་འདས་མ་སོགས་ཀྱིས་བསྟོད། ༀ་ཨཱཿབིགྷྣཱན་སོགས་ཀྱིས་གཏོར་མ་བྱིན་གྱིས་བརླབས་ཤིང་། འབར་བའི་རྒྱས། ཕེཾ་ཕེཾ་ཕེཾ། ཞེས་པས་གཏོར་མགྲོན་དུ་རྣལ་འབྱོར་མའི་དཀྱིལ་འཁོར་སྤྱན་དྲངས་ཤིང་གསལ་བཏབ། པད་ཀོར་ཐལ་མོ་ཁ་ཕྱེས་བ་དང་མཐར་སེ་གོལ་བརྡབ་ཅིང་། ༀ་བཛྲ་ཨཱ་ར་ལི་ཧོཿཞེས་པའི་སྔགས་ལན་ལྔའི་རྗེས་སུ། ༀ་བཛྲ་བཻ་རོ་ཙ་ནཱི་ཡཻ་སོགས་གཙོ་མོ་ལ་བདུན་དང་། བཛྲ་ཌཱ་ཀི་ནཱི༴ བུདྡྷ་ཌཱ་ཀི་ནཱི་སོགས་འཁོར་རྣམས་ལ་གསུམ་རེས་ཕུལ་ཏེ། ལྷ་ཚོགས་རྣམས་ཀྱི་ལྗགས་ཧཱུྃ་ལས་སོགས་ནས། ཤིན་ཏུ་མཉེས་པར་གྱུར་ཏོའི་བར་བརྗོད། ༀ་ཤྲཱི་བཛྲ་ཝཱ་རཱ་ཧི་བཛྲ་ཨཱརྒྷཾ་སོགས་ཕྱི་ནང་གསང་གསུམ་གྱིས་མཆོད་ཅིང་། ༀ། བཅོམ་ལྡན་རྣམ་


KMC001_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་རྡོ་རྗེ་ཕག་མོ་ཆེ་སོགས་ནས་དབང་ཕྱུག་མ་ལ་འདུད། བར་གྱིས་བསྟོད། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སོགས་ལན་བཞི་དང་། ༀ་ཧྲིཾ་ཧྲིཾ་ཧཾ་ཧཾ་སོགས་ལན་གསུམ། ཞིང་སྐྱོང་ཆེན་པོ་སོགས་ནས་ཀུན་འགྲུབ་མཛོད། བར་གྱིས་གཏོར་ཆོག་ལྟར་གཏོར་མ་ཕུལ། མཐར་བཟོད་གསོལ། མ་འབྱོར་བ་དང་སོགས་ནས་སྔ་ཉིན་ལྟར་མཐར་ཆགས་སུ་བཏང་སྟེ་ངག་གྲོལ། ཚུལ་དེ་ལྟ་བུས་ཐུན་བཞིས་ཕྱི་སྒྲུབ་བསྙེན་པ་འབུམ་ཕྲག་བཞི་མ་སོང་བར་བསྙེན་པས་ཕྱིས་གྲུབ་ལེགས་པར་གྲུབ་བོ།། ༈ །།གཉིས་པ་ནང་སྒྲུབ་སྒྲུབ་ཚུལ་ལ། རྣམ་བཤད་ཆེན་མོའི་དགོངས་དོན་ལྷ་ཁྲིད་ལས། སྤྱིར་ལས་དང་པོ་པ་ཅུང་ཟད་དབང་པོ་བརྟུལ་པོ་ཡིན་ནོ། དང་པོར། བསྙེན་པའི་དུས་དུ་དཀྱིལ་འཁོར་མ་བཅས་བར་བདག་བསྐྱེད་རྐྱང་པ་བསྒྲུབས་ནས། ཕྱིས་དཀྱིལ་འཁོར་དང་བཅས་པའི་སྒྲུབ་པ་བྱ་ལ། ཞེས་གསུངས་པ་དང་། ཡང་རྣམ་བཤད་ཆེན་མོར་དངོས་བསྟན། དང་པོར་བདག་བསྐྱེད་གཙོ་བོར་བསྒྲུབས་གྲངས་བསྙེན་ཙམ་ཐེམས་ནས་ཆ་མཉམ་དང་། བདུད་རྩི་སྒྲུབ་པ་སོགས་ལ་མདུན་བསྐྱེད་གཙོ་ཆེ་བར་བསྒྲུབ་ཅིང་བརྟན་པ་ལེགས་པར་ཐོབ་ནས་མདུན་དང་། མཉམ་རྗེས་སོགས་ཐ་དད་མེད་པར་བསྐྱེད་རྫོགས་དབྱེར་མེད་ཀྱིས་བསྒྲུབ་པའོ། །ཞེས་སྒྲུབ་ཚུལ་གཉིས་སུ་གསུངས་པ་ལས། འོག་མིན་མཚུར་མདོ་བོ་ལུང་གི་སྒྲུབ་སྡེ་བསམ་གཏན་ཡིད་འོང་གླིང་གི་ཕྱག་བཞེས་སུ་ནང་སྒྲུབ་ཐོག་མ་ནས་སོ་སོའི་ཤག་ཏུ་དཀྱིལ་འཁོར་བཅའ་བའི་ཕྱག་སྲོལ་བྱུང་བ་བཞིན། འདིར་ཡང་བསྒྲུབ་


KMC001_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་ཕྱི་མ་ལྟར་འགོད་པ་ལ། ཐོག་མར་བཅའ་བཤམས་ཀྱི་རིམ་པ་ནི། ཕག་མོའི་གཏོར་མ་ལྔ་ཚོམས་རྒྱན་ལྡན། མཆོད་པའི་ཞལ་ཟས་ཆེ་ལེགས་དང་། སྔོན་གཏོར་དཔུང་རོང་དམར་པོ་རྒྱན་གོར་རྒྱན་གཉིས་ཅན་སྔ་དྲོ་ཉིན་རེ་བཞིན་གཏོང་རྒྱུ་དང་། ཞལ་ཟས་ཁ་གསོ་དང་། ཉིན་རེར་ཚོགས་རེ། གཏོར་གསོ་ཐེབས་ཀྱུ། མ་འདས་པའི་གཏོར་མ་ཡང་དགོས། ཕག་མོའི་གདིང་དཀྱིལ། བུམ་པ་མགུལ་ཆིངས་དམར་པོ་ལ་སྐུད་པ་ཚོན་མདོག་སྣ་ལྔའི་པྲོག་ལྔ་པས་བརྒྱན་པ་ཡང་དཀྲིས། ཐོད་པའི་ནང་དང་། དར་དམར་གྱི་ངོས། མེ་ལོང་གི་ནང་ངོས་བཅས་ལ་ཁྲིད་ཡིག་ནང་གསལ་རྫས་ལྡན་གྱི་མཚལ་དམར་པོས་ཟླུམ་སྐོར་ནང་། ཆོས་འབྱུང་བསྣོལ་མ། དེའི་ནང་པད་འདབ་བཞིའི་ལྟེ་བར་ཧྲཱིཿས་མཚན་པ། འདབ་མ་བཞི་ལ་མདུན་ནས་གཡས་སྐོར་ཁ་ནང་བསྟན་གྱིས་ཧ་རི་ནི་ས་བཀོད། མེ་ལོང་གི་ཕྱི་ངོས་སུ་ཡང་རྫས་བྱུགས་པའི་སྟེང་། སིནྡྷུ་ར་དར་ཚགས་ཀྱིས་བདལ་བར་གོང་གསལ་བཞིན་ཟླུམ་སྐོར་ས་བོན་སོགས་བྲིས་ཤིང་ཧྲཱིཿཡིག་མདུན་ནས་འགོ་བརྩམས་ཏེ་ཁ་ནང་བསྟན་གྱིས་སྔགས་རིང་ཟུར་གསལ་དཔེའུ་རིས་ལྟར་བཀོད་པ་དང་། རྐང་གསུམ། གཟུངས་རྡོར། བུམ་རྫས་ཉེར་ལྔའི་ཤོག་བམ་གཙོ་བུམ་ནང་བླུགས་ཤིང་། དེ་བཞིན་ཐོད་པའི་ནང་བླུགས་རྒྱུ་བཟང་དྲུག་གཙོས་པའི་སྨན་སྣའམ་འབྲུས་བཀང་པའི་ཁར་བདུད་རྩིའི་རིལ་བུའི་ཤོག་བམ་བཞག་པ་དང་། མེ་ལོང་བཞག་ས་ཤིང་གི་ཆོས་འབྱུང་བསྣོལ་མ་གཅིག་དང་། དར་དམར་གྱི་གུར་ཕུབ་ས་ཤིང་གི་ཆོས་འབྱུང་གུར་ཐབ་ཅན་གཅིག་དར་དམར་མཆོད་


KMC001_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་སོགས་ཉེར་མཁོའི་རིགས་ཚོགས་པར་བྱས་ཏེ་སྟེགས་གང་འོས་ཀྱི་ཁར་བཤམས་ཤིང་། དངོས་གཞི་དཀྱིལ་འཁོར་བཤམ་ས་དེར་བྱི་དོར་བྱས་ཤིང་། དྲི་བཟང་དང་རྫས་བཅས་ཀྱིས་ཆག་ཆག་བཏབ་སྟེ་དཀྱིལ་དུ་སྔོན་གཏོར་བཤམས། མཐར་མཆོད་ཕྲེང་གིས་བསྐོར་ལ། དེ་ནས་དགོང་ཐུན་གྱི་བརྡ་བྱུང་བ་དང་། ཐོག་མར། ལོ་གྱོན་མའི་གཟུངས། རྣམ་འཇོམས་རྣམ་རྒྱལ་མ། དཔལ་ལྡན་རྩ་བའི་བླ་མ་སོགས། སྟེང་དག་པ༴ སྙིང་སྟོབས་ཆེན་པོའི་མཐར། སྐྱེ་བ་ཀུན་ཏུ་སོགས། བདག་ཉིད་སྐད་ཅིག་གིས་སོགས་ནས་སྐུར་གྱུར། བར་དང་། དེ་ནས་ནང་མཆོད་བྱིན་གྱིས་བརླབ་པ་ནི། ནང་མཆོད་ལ་བདུད་རྩི་འཐོར་ཏེ། ༀ་ཨཱཿབིགྷྣན་སོགས། ཆང་ནང་དང་ལག་པ་བཅས་ལ་དཀྱིལ་འཁོར་འབྲི་ཚུལ་འདོན་སྒོམ་ནང་གསལ་ལྟར་གྱིས། བརྡ་གསུམ། དཀྱིལ་འཁོར་གསུམ། མཆོད་པ་གསུམ་རྣམས་དམིགས་པ་དང་བཅས། བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོཿཧྲཱི་ལན་གསུམ་ནས། བདུད་རྩི་རང་གིས་མྱང་ཞིང་སྔོན་གཏོར་ལ་ཡང་འཐོར་ལ། ༀ་ཨཱཿབིགྷྣན་སོགས་ནས། མགོ་བོ་ཚལ་པ་བརྒྱར་འགས་གྱུར། མཆོད་རོལ་འོག་ལས་སྔགས་ༀ་ཨཱཿབིགྷྣན་ལ་སུམྦྷ་ནི་བཏགས་པ་བརྗོད་ཅིང་བགེགས་གཏོར་ཕྱིར་དོར། འོག་ཐམས་ཅད་རྡོ་རྗེའི་ས་གཞི་སོགས་ནས་གུར་བླ་བྲེས་སུ་གྱུར་ནས། བདུད་རྩི་ཕྱོགས་མཚམས་སྟེང་འོག་ཏུ་འཐོར་


KMC001_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། རང་ཉིད་ཀྱི་ལྟེ་བའི་ཧྲཱིཿལས་སོགས་སྒོ་མཚམས་ཀྱི་ལྷ་མོ་རྣམས་འདོན་སྒོམ་ནང་གསལ་ལྟར་རེ་རེ་བཞིན་འགྲེ་བཤང་མཐར། ཧཱུྃ། འདི་ལྟར་ལྷ་མོ་སོགས་ནས། བར་ཆད་བཟློག་ཏུ་གསོལ་གྱི་བར་གསུང་། མཆོད་རོལ་འོག་ༀ་ཧྲཱིཿགྷ་སོགས་གསུངས་མཐར་མཚམས་བཞག དཀྱིལ་འཁོར་བཤམས་སའི་ཐད་ཀྱི་ནམ་མཁར་ནང་མཆོད་ནས་བདུད་རྩི་འཐོར་ཏེ། ༀ་ཨཱཿབིགྷྣཱན་སོགས་ཀྱིས་བསངས་ཏེ། ལག་གཡོན་མཐེབ་སྲིན་གྱིས་བདུད་རྩི་བླངས་ཏེ་བྲི་བའི་ཚུལ་གྱིས་སྨིན་མཚམས་ནས་རྣ་བ་གཡས་པའི་ཕྱོགས་སུ་བསྐོར་ཏེ། སྭ་བྷཱ་ཝ་བརྗོད་བཞིན་བཟླུམ་སྐོར་བྱ། དེ་ནས་ༀ་ཨཱཿཧཱུྃ་བརྗོད་བཞིན་པས་རྣ་བ་གཡོན་ནས་བར་གཡས་ཀྱི་བར་དང་། དེ་ནས་ནུབ་དང་། སླར་རྣ་བ་previous hit གཡོནདུ next hit་འཐེན་ཏེ་གདན་ཐབས་ཀྱི་ཆོས་འབྱུང་བསམ། སླར་འབྲུ་གསུམ་བརྗོད་ཅིང་སྨིན་མཚམས་ནས་རླུང་དང་། བདེན་བྲལ་དང་། དེ་ནས་ཤར་སྨིན་མཚམས་སུ་འཐེན་ཏེ་ཁང་ཐབས་ཀྱི་ཆོས་འབྱུང་བྲི། དེ་ནས་དབུས་སུ་བདུད་རྩིའི་ཐིག་པ་འཐོར་ཏེ། ༀ་བཛྲ་བཻ་རོ་ཙ་ནི་ཡཻ་ཧཱུྃ་ཕཊ་སྭཱ་ཧཱ། བརྗོད་པས་ཐིག་ལེ་དམར་པོར་བསམ། དེ་བཞིན་མདུན་ཕྱོགས་ཤར་དུ་བྱས་པས། གཡས་སྐོར་གྱིས་ཕྱོགས་བཞིར་བདུད་རྩི་གཏོར་བཞིན། ༀ་བཛྲ་ཌཱ་ཀི་ནཱི་ཡེ་སོགས། དེ་བཞིན། རཏྣ༴ པདྨ༴ ཀརྨ༴ སོགས་བརྗོད་ཅིང་རང་མདོག་གི་ཐིག་ལེ་བསམ། དེ་ནས་ཆོས་འབྱུང་གྲུ་གསུམ་གྱི་གཞལ་ཡས་ཁང་ཆེན་པོའི་དབུས་


KMC001_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གདན་པདྨ་རོ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་དབུས་སུ་ཧྲཱིཿདམར་པོ། ཤར་དུ་ཧ་སྔོན་པོ། ལྷོར་རི་སེར་པོ། ནུབ་ཏུ་ནི་དམར་པོ། བྱང་དུ་ས་ལྗང་གུ། དེ་རྣམས་ལས་འོད་འཕྲོས། སངས་རྒྱས་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་དབུས་སུ་རྗེ་བཙུན་རྡོ་རྗེ་རྣམ་འབྱོར་མ་སྐུ་མདོག་དམར་མོ་སོགས་ནས། གཡོན་པ་རྣམས་ཀྱིས་ཐོད་པ་བདུད་རྩིས་གང་བ་བསྣམས་པ་གྲུ་མོ་ན་ཁ་ཊྭཱ་ཾག་བཅུག་པ་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་གྱི་བར་ལག་མཆོད་ལྟར་དང་། དེ་ནས་མཆོད་བསྟོད་ནི། ༀ་ཤྲཱི་བཛྲ་ཝཱ་རཱ་ཧི་བཛྲ་ཨཱརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན། པུཥྤེ་སོགས་ནས། ཤཔྡ་པྲ་ཏཱིིཙྪ་སྭཱ་ཧཱ་མཆོད་རོལ། ༀ་ཤྲཱི་བཛྲ་ཝཱ་རཱ་ཧི་བཛྲ་པཉྩ་ཨམྲྀ་ཏ་སོགས་ནང་མཆོད་འབུལ། བཛྲ་མ་ཏངྒིས་གསང་མཆོད་དང་། བསྟོད་པ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་སོགས་ཤོ་ལོ་ཀ་གཅིག་གི་མཐར། ༀ་བཅོམ་ལྡན་རྣམ་ཀུན་རྡོ་རྗེ་ཕག་མོ་ཆེ་སོགས་ནས། རྣལ་འབྱོར་འདོད་པའི་དབང་ཕྱུག་མ་ལ་འདུད། བར་གྱིས་བསྟོད། དེ་ནས་སྤོས་དྲིལ་ཐོགས་ལ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔ་འཁོར་དང་


KMC001_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པས་ཕྱོགས་འདིར་རང་གཞན་གྱི་དོན་དུ་བསྒྲུབ་ཅིང་མཆོད་པའི་ཕྱིར་དཀྱིལ་འཁོར་འབྲི་བའི་གནང་བ་སྩལ་ཏུ་གསོལ། ཞེས་དྲིལ་གསིལ་དང་བཅས་ལན་གསུམ་གསུངས་ཏེ་གསོལ་བ་བཏབ་མཐར། ཕྱོགས་འདིར་དཀྱིལ་འཁོར་བྲིས་ལ་རང་གཞན་གྱི་དོན་གྱིས་ཤིག་པར་གནང་བ་བྱིན་པར་གྱུར། ལན་གཅིག་གསུངས་ཏེ་མཚམས་བཞག །དེ་ནས་མཆོད་པ་རྣམས་བསལ་ལ་མཆོད་གཞིའི་དཀྱིལ་དུ་ཕག་མོའི་གདིང་དཀྱིལ་བཀྲམ་པའི་དབུས་སུ་རྐང་གསུམ་བཞག་ཅིང་། འོག་ཏུ་བུམ་པ་རྫས་ལྡན་དང་སྟེང་དུ་ཐོད་པ་འཇོག དེའི་ཁར་ཤིང་གི་རྒྱ་གྲམ་བཀབ་པའི་སྟེང་དུ་དར་དམར་གྱི་དཀྱིལ་འཁོར་ཞལ་ཡར་ཕྱོགས་ཏེ་བཀབ་པའི་སྟེང་། མེ་ལོང་གི་ཕྱི་ནང་གཉིས་སྦྲགས་གདོང་མདུན་དུ་བསྟན་ཏེ་བཞག མེ་ལོང་གི་མདུན་གྱི་མཐར་གཟུངས་ཐག་རྡོ་རྗེ་བཞག དེ་རྣམས་ཀྱི་སྟེང་ནས་ཤིང་གི་རྐང་གསུམ་ཕུབ་པ་ལ་དར་དམར་གྱི་གུར་གཡོགས། དཀྱིལ་འཁོར་གྱི་ནུབ་ངོས་སུ་འདས་གཏོར་ལྔ་ཚོམ་བཞག་པའི་previous hit གཡོནདུ next hit་མ་འདས་པའི་གཏོར་མ་འཇོག དཀྱིལ་འཁོར་གྱི་ཤར་དུ་མཆོད་ཡོན། ལྷོར་མེ་ཏོག ལྷོ་ནུབ་ཏུ་བདུག་སྤོས། ནུབ་ཏུ་མར་མེ། ནུབ་བྱང་དུ་དྲི་ཆབ། བྱང་དུ་ཞལ་ཟས། བྱང་ཤར་དུ་མཚམས་འཛིན་མེ་ཏོག་བཅས་ཞལ་ནང་བསྟན་གྱིས་བཀོད་པའི་ཕྱི་ནང་གང་བདེར། ཤར་དུ་མིང་དབང་དང་གྲི་གུག་རྡོ་རྗེ། ལྷོར་དབུ་རྒྱན་དང་། དར་དཔྱངས། རིན་པོ་ཆེ། ནུབ་ཏུ་རྡོ་རྗེ་དང་པདྨ། བྱང་དུ་


KMC001_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

དྲིལ་བུ་དང་རལ་གྲི་བཅས་ཀྱི་ཙཀླི་བཀོད་པའི་མདུན་ངོས་སུ་མཆོད་ཡོན་ནས་འགོ་བརྩམ་སྟེ་ཉེར་སྤྱོད་ཕྲེང་ཚར་བཤམས། སྔོན་འགྲོའི་གཏོར་མ་ཡང་བཀོད་ལ། དེ་ནས་གདན་ལ་འཁོད་དེ། མདུན་གྱི་དཀྱིལ་འཁོར་དྲུག་པོར་བདུད་རྩི་འཐོར་ཏེ། ༀ་ཨཱཿབིགྷྣཱན་སོགས། སྭ་བྷཱ་ཝ་སོགས། གཟུང་བ་དང་འཛིན་པས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་སྲུང་འཁོར་དུར་ཁྲོད་དང་བཅས་པའི་དབུས་སུ་ཨེ་ལས་ཆོས་ཀྱི་འབྱུང་གནས་སོགས་ནས་གར་སྟབས་སུ་བཞུགས་པའོ། དེའི་ཤར་དུ་ཧ་ལས་སོགས་མདུན་བསྐྱེད་ལྟར་གཙོ་འཁོར་རྣམས་བསྐྱེད་ཅིང་། བཛྲ་ས་མཱ་ཛཿནས་མཆོད་རོལ། ཧཱུྃ། སྣང་བ་ཆོས་སྐུའི་སོགས། ཆོས་སྐྱོང་སྲུང་མ་གཤེགས་སུ་གསོལ། མཆོད་རོལ། བཞི་དྲིལ་གདན་རྒྱས། བཅོམ་ལྡན་འདས་འདིར་ནི་སོགས། སྟོང་གསུམ་ཀུན་ཏུ་སོགས་ནས། ༀ་ཤྲཱི་བཛྲ་ཝཱ་རཱ་ཧི་པདྨ་ཀ་མ་ལཱ་ཡ་སྟྭཾ། ༀ་ཤྲཱི་བཛྲ་ཝཱ་རཱ་ཧི་བཛྲ་ཨཱརྒྷཾ་སོགས་ནས། ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། པཉྩ་ཨ་མྲི་ཏ༴ མ་ཏངྒིའི་བར་གྱི་མཆོད་མཐར། དེ་རྣམས་ཀྱི་སྐུ་ལས་སོགས་ནས་གཉིས་སུ་མེད་པར་གྱུར། ༀ་བཛྲ་བཻརོ་ཙ་ནི་ཡཻ་སོགས་བཟླས་པ་བརྒྱ་བརྒྱད་བསྙེན་མཐར། མཆོད་ཁ་གསོལ་ཞིང་། ༀ་ཤྲཱི་


KMC001_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་ཝཱ་རཱ་ཧི་བཛྲ་ཨཱརྒྷཾ་སོགས་ནས། མ་ཏངྒིའི་བར་མཆོད། བཞི་དྲིལ་ཕྱེད་རྒྱས། དཔལ་ལྡན་རྡོ་རྗེ་སོགས་ཤོ་ལོ་ཀ་གཅིག་གི་མཐར། ༀ་བཅོམ་ལྡན་རྣམ་ཀུན་སོགས་ནས། རྣལ་འབྱོར་འདོད་པའི་དབང་ཕྱུག་མ་ལ་འདུད་ནས་མཆོད་རོལ་བྱ། དེ་ནས་རྒྱས་པར་ན་དཀྱིལ་འཁོར་སོ་སོར་འབྲི་བའི་སྔོན་དུ་ནམ་མཁའི་དཀྱིལ་འཁོར་རེ་རེ་བཞིན་བྲི་ཞིང་བསྐྱེད་དེ་གནང་བ་གསོལ་བ་དང་། དཀྱིལ་འཁོར་འབྲི་བ། མཐར་དཀྱིལ་འཁོར་སོ་སོར་བསྟིམ་པ་བཅས་དགོས་ཀྱང་། ལག་ལེན་ཟོར་ཡངས་ཕྱིར་ཐོག་མར་ནམ་མཁའི་དཀྱིལ་འཁོར་གཅིག་བྲི་ཞིང་བསྐྱེད་དེ་གནང་བ་གསོལ་ནས་དཀྱིལ་འཁོར་ཐམས་ཅད་གྲུབ་པ་ན། གོང་གསལ་མཆོད་བསྟོད་མཐར། ནམ་མཁའི་དཀྱིལ་འཁོར་གཅིག་ལས་དུ་མ་སྤྲོས་ཏེ། དཀྱིལ་འཁོར་སོ་སོར་ཐིམ་པའི་དམིགས་པ་དང་བཅས་བརྗོད་ཚིག་ཀྱང་། ནམ་མཁའི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་རྣམས། རས་བྲིས་དང་། ཐོད་པ། དར་དམར། མེ་ལོང་གི་དཀྱིལ་འཁོར་རྣམས་ལ་སོ་སོར་ཐིམ་པས། དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་ངོ་བོ་ཉིད་དུ་གྱུར། རྡོ་རྗེ་བསྡུ་བའི་རྒྱས། ༀ་ཤྲཱི་བཛྲ་ཝཱ་རཱ་ཧི་ས་པཱ་རི་ཝཱ་རཱ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿཞེས་བརྗོད་དེ་བསྟིམ་མོ། །དེ་རྣམས་ཀྱིས་སྔོན་འགྲོ་སྟ་གོན་དཀྱིལ་འཁོར་བཅའ་བཤམས་བསྐྱེད་བསྟིམས་བྱ་བ་ལེགས་པར་གྲུབ་


KMC001_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ནས། ཆོ་ག་དངོས་བྱ་ཚུལ་ནི། དཀྱིལ་འཁོར་དང་ཞལ་སྤྲོད་དུ་འདུག་པས་ནུབ་ཕྱོགས་ཨོཌྱན་ལ་བལྟ་བར་མོས་ཏེ། ཁ་ནུབ་ཏུ་ཕྱོགས་པས་འཁོད་དགོས་པར་གསུངས། རང་མདུན་གཡོན་ནས་བརྩམས་ཏེ། ནང་མཆོད། རྡོ་རྗེ། དྲིལ་བུ། ཌཱ་མ་རུ་རྣམས་བཞག་ལ། བདུད་རྩིའི་ཐིག་པ་མྱང་ཞིང་། སྔོན་གཏོར་ལ་ཡང་འཐོར་ཏེ། ༀ་ཨཱཿབིགྷྣཱན་སོགས། སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་སོགས་ནས། ཀུན་ཀྱང་སངས་རྒྱས་ཐོབ་པར་ཤོག་གི་བར་གསུང་། དེ་ནས་འདོན་སྒོམ་ནང་གསལ་ལྟར། བདག་ཉིད་ཀྱི་སྤྱི་བོར་པད་ཟླ་ལ་ཧཱུྃ་ལས་རྡོར་སེམས་སོགས་ནས་རང་ལུས་འོད་གསལ་བར་གྱུར། ༀ་བཛྲ་ཧེ་རུ་ཀ་སོགས་རྣམ་བཤད་ཆེན་མོའི་དགོངས་དོན་ལྟར། ཧེ་རུ་ཀའི་ཡིག་བརྒྱ་བཟླས་མཐར། སཏྭ་བརྒྱ་བརྒྱད་བཟླས་རྗེས་ཐལ་སྦྱར་གྱིས། མགོན་པོ་བདག་ནི་སོགས་ནས། ཐིམ་པར་གྱུར་གྱི་བར་དང་། དེ་ནས་ཕུང་ཁམས་སྐྱེ་མཆེད་བྱིན་རླབས་ནི། རང་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སོགས་ནས་པདྨ་ཅན་གྱི་བདག་ཉིད་དོ་ནས། ཆོག་གཞུང་མདུན་གྱི་ནམ་མཁར་རྗེ་བཙུན་རྡོ་རྗེ་རྣམ་འབྱོར་མ་ལྷ་ལྔའི་སོགས་ནས། གནས་པར་གྱུར་ཅིག་གི་བར་མཐར་ཆགས་སུ་བཏང་། དེ་ནས་མངོན་རྟོགས་ནི། ༀ་སྭ་བྷཱ་ཝ་སོགས། གཟུང་བ་དང་འཛིན་པས་སོགས།


KMC001_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པའི་ངང་ལས་སྲུང་འཁོར་གྱི་ནང་དུ་དུར་ཁྲོད་བརྒྱད་ཀྱི་དབུས་སུ་ཨེ་ལས་སོགས་ནས་གར་སྟབས་སུ་བཞུགས་པའོ། །དེའི་དབུ་མའི་ཡས་སྣའི་རང་བཞིན་སོགས་ནས་སྤྲིན་ལྟར་དུ་གཏིབས་པ། འདི་བར་རིགས་བདག་བསྐྱེད་ཅིང་། རྩ་འདབ་ཀྱི་འཁོར་རྣམས་བསྐྱེད་སྐབས། འདོན་སྒོམ་ནང་གསལ་ཅུང་འགྲེས་གཤང་དཀའ་བ་འདིར་ཕྱེས་ཏེ་འབྲི་བ་ལ། འཁོར་ལོའི་དབུས་སོ་སོར་པད་ཉི་རེ་རེ་ལ་གནས་པའི་སྤྱི་བོར་བདེ་ཆེན་གྱི་འཁོར་ལོའི་དབུས་ཀྱི་པད་ཉི་ལ་ཧ་ལས་རྡོ་རྗེ་མཁའ་འགྲོ་མ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས། ཕྱག་གཡས་རྡོ་རྗེས་མཚན་པའི་གྲི་གུག་དང་། གཡོན་པས་ཐོད་པ་བདུད་རྩིས་བཀང་བ་བསྣམས་པ། གྲུ་མོ་ན་ཁ་ཊྭཱཾ་ག་བཅུག་པ། རྩ་སྒོ་སོ་གཉིས་སུ་རྒྱན་ཆ་ལུགས་དེ་དང་འདྲ་བའི་དཔའ་མོ་སུམ་ཅུ་སོ་གཉིས་ཀྱིས་བསྐོར་བ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་དབུས་ཀྱི་པད་ཉི་ལ་རི་ལས་རིན་ཆེན་མཁའ་འགྲོ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་རིན་པོ་ཆེས་མཚན་པའི་གྲི་གུག་དང་། གཡོན་པས་ཐོད་པ་བདུད་རྩིའི་བཀང་བ་བསྣམས་པ། གྲུ་མོ་ན་ཁ་ཊྭཱཾ་ག་བཅུག་པ། རྩ་སྒོ་བཅུ་དྲུག་རྒྱན་ཆ་ལུགས་དེ་དང་འདྲ་བའི་དཔའ་མོ་བཅུ་དྲུག་གིས་བསྐོར་བ། སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་ཀྱི་པད་ཉི་ལ་ནི་ལས་པདྨ་མཁའ་འགྲོ་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་པདྨས་མཚན་པའི་གྲི་གུག་དང་། གཡོན་པས་ཐོད་པ་བདུད་རྩིས་བཀང་བ་


KMC001_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

བསྣམས་པ། གྲུ་མོ་ན་ཁ་ཊྭཱཾ་ག་བཅུག་པ། རྩ་སྒོ་བརྒྱད་དུ་རྒྱན་ཆ་ལུགས་དེ་དང་འདྲ་བའི་དཔའ་མོ་བརྒྱད་ཀྱིས་བསྐོར་བ། ལྟེ་བར་སྤྲུལ་པའི་འཁོར་ལོའི་དབུས་ཀྱི་པད་ཉི་ལ་ས་ལས་ལས་ཀྱི་མཁའ་འགྲོ་མ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་གཡས་རལ་གྲིས་མཚན་པའི་གྲི་གུག་དང་། གཡོན་པས་ཐོད་པ་བདུད་རྩིས་བཀང་བ་བསྣམས་པ། གྲུ་མོ་ན་ཁ་ཊྭཱྃ་ག་བཅུག་པ། རྩ་སྒོ་དྲུག་ཅུ་རྩ་བཞིར་རྒྱན་ཆ་ལུགས་དེ་དང་འདྲ་བའི་དཔའ་མོ་ལྟེ་བ་སྤྲལ་བའི་འཁོར་ལོའི་དབུས་ཀྱི་པད་ཉི་ལ་ས་ལས་ལས་ཀྱི་མཁའ་འགྲོ་མ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་གྱས་རལ་གྲིས་མཚན་པའི་གྲི་གུག་དང་། གཡོན་པས་ཐོད་པ་བདུད་རྩིས་བཀང་བ་བསྣམས་པ། གྲུ་མོ་ན་ཁ་ཊྭཱྃ་ག་བཅུག་པ། རྩ་སྒོ་དྲུག་ཅུ་རྩ་བཞིར་རྒྱན་ཆ་ལུགས་དེ་དང་འདྲ་བའི་དཔའ་མོ་དྲུག་ཅུ་རྩ་བཞིས་བསྐོར་བའོ། གཙོ་མོའི་གསང་གནས་སུ་སོགས་ནས་འདོན་སྒོམ་ལྟར་སྔགས་འཁོར་རྣམས་གསལ་ཞིང་། ཧ་ཡིག་རེས་མཚན་པར་གྱུར། ཡི་གེ་རྣམས་ལས་འོད་ཟེར་འཕྲོས་


KMC001_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

པས་སོགས་ནས། བཛྲ་ས་མཱ་ཛཿམཆོད་རོལ་བྱ། ༀ་ཤྲཱི་བཛྲ་ཝཱ་རཱ་ཧི་བཛྲ་ཨཱརྒྷཾ་སོགས་ནས། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ་མཆོད་རོལ། པཉྩ་ཨམྲྀ་ཏ ༴ མ་ཏངྒིའི་བར་གྱིས་མཆོད། དེ་རྣམས་ཀྱི་སྐུ་ལས་སོགས་ནས་གཉིས་སུ་མེད་པར་གྱུར། ཞེས་ཅི་གནས་སུ་མཉམ་པར་བཞག དེ་ནས་བཟླས་པའི་ཐོག་མར་ཕྲེང་བ་བྱིན་རླབས་ནི། ལག་previous hit གཡོནདུ next hit་བཀོད་ཅིང་གཡས་ཀྱིས་བཀབ་སྟེ། ༀ་སྭ་བྷཱ་ཝ་སོགས། ཕྲེང་བ་མི་དམིགས་པ་སོགས་ནས། གཉིས་སུ་མེད་པར་གྱུར་གྱི་བར་བསྐྱེད་ཅིང་བསྟིམ་ལ། ༀ་ཤྲཱི་བཛྲ་ཝཱ་རཱ་ཧི་ཨཱརྒྷཾ་སོགས་ནས། ཤཔྡ་ལ་གཡས་ཀྱིས་དྲིལ་གསིལ་དང་། པཉྩ་ཨམྲྀ་ཏ༴ མ་ཏངྒིས་མཆོད། དཔལ་ལྡན་རྡོ་རྗེ་སོགས་ནས་རྗེ་བཙུན་མ་ལ་ཕྱག་འཚལ་ལོ་བསྟོད། བར་གྱིས་བསྟོད། ལྷ་ཚོགས་རྣམས་ཐིམ་ཞིང་སོགས་ནས་བདག་ཉིད་དུ་གྱུར། དེ་ནས་བཟླས་དམིགས་དང་བཅས། ༀ་བཛྲ་བཻ་རོ་ཙ་ནི་སོགས་བསྙེན་པ་བཟླས་མཐར། དྲིལ་གསིལ་གྱིས་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བཅས་ལན་གསུམ་གསུང་། དེ་ནས་ལག་མཆོད་བྱ་བ་ནི། ༀ་ཨཱཿབིགྷྣཱན་སོགས་ཀྱིས་བསང་། སྭ་བྷཱ་ཝ་སོགས་ཟླུམ་སྐོར་དང་ཆོས་འབྱུང་བྲིས་ཏེ་ས་བོན་བཀོད་ཚུལ་གྱིས། ཧྲཱིཿཧ་རི་ནི་ས། ཆོས་འབྱུང་གྲུ་གསུམ་གྱི་གཞལ་ཡས་ཁང་སོགས་ནས་གོང་གསལ་ལག་


KMC001_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཀྱི་དོན་དགུ་དང་ལྡན་པས། རྒྱ་མཚོ་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ། ༀ་བཛྲ་བཻ་རོ་ཙ་ན་ཡཻ་སོགས་ལག་གཡོན་མཐེབ་སྲིན་གྱིས་བདུད་རྩི་གནས་ཁང་ལ་འཐོར་ཏེ། ཕྱི་རོལ་གྱི་བགེགས་དང་མ་དག་པའི་སོགས་ཀྱིས་གནས་སྲུང་བ། སླར་ༀ་བཛྲ་བཻ་རོ་སོགས་བདུད་རྩི་རང་ལ་འཐོར་ཏེ། རང་གི་བ་སྤུའི་བུ་ག་སོགས་ཀྱིས་བདག་སྲུང་བ། ༀ་བཛྲ་བཻ་རོ་ཙ་ནི་ཡཻ་སོགས་བདུད་རྩི་མཆོད་གཏོར་རྣམས་ལ་འཐོར་ཏེ། མཆོད་པའི་ཡོ་བྱད་སོགས་ཀྱིས་རྣལ་འབྱོར་སྲུང་བ་བཅས་ཀྱི་མཐར། བདུད་རྩི་འབུལ་ཚིག་རྒྱས་སྐབས་འདོན་སྒོམ་ནང་གསལ་ལྟར། །ན་མོ་སྐུ་བཞིའི་བདག་ཉིད་སོགས་སོ་སོར་ཕྱེས་ཏེ་འབུལ། བསྡུས་པ་ལ་དགའ་ན། བདུད་རྩི་སྨིན་མཚམས་ནས་འཐོར་བས། ༀ་ཨཱཿཧཱུྃ། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ༀ་ཨཱཿཧཱུྃ། དེ་བཞིན་མགྲིན་པ་ནས། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི༴ སྙིང་ག་ནས། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་རྣམས་ཀྱི༴ པུས་མོ་གཡོན་གྱི་ཐད་ན ། གཞན་ཡང་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཡི་དམ་གྱི་ལྷར་གསལ་བའི་ཞལ་ༀ་ཨཱ་ཧཱུྃ། ཞེས་འབུལ་བདུད་རྩི་ལྕེ་ཐོག་ཏུ་ཡང་མྱང་སྟེ་ལུས་ཀྱི་ལྷ་མཉེས་


KMC001_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །དེ་ནས་དགོང་ཐུན་གྲོལ། སླར་སྲོད་ཐུན་གྱི་བརྡ་བྱུང་བ་དང་། མདུན་གྱི་རྟེན་ལ་བདུད་རྩི་འཐོར་ཏེ། ༀ་ཨཱཿབིགྷྣཱན་སོགས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་སྲུང་འཁོར་དུར་ཁྲོད་དང་བཅས་པའི་དབུས་སུ་ཨེ་ལས་ཆོས་ཀྱི་འབྱུང་གནས་སོགས་ནས་གར་སྟབས་སུ་བཞུགས་པའོ། །དེའི་ཤར་དུ་ཧ་ལས་སོགས་ནས་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿམཆོད་རོལ། ཧཱུྃ༑ སྣང་བ་ཆོས་སྐུའི་གཞལ་ཡས་སོགས་ནས་ཆོས་སྐྱོང་སྲུང་མ་གཤེགས་སུ་གསོལ་མཆོད་རོལ། བཞི་དྲིལ་གདན་རྒྱས། བཅོམ་ལྡན་འདིར་ནི་སོགས། སྟོང་གསུམ་ཀུན་ཏུ་སོགས་ནས་པདྨ་ཀ་མ་ལཱ་ཡ་སྟྭཾ། ༀ་ཤྲཱི་བཛྲ་ཝཱ་རཱ་ཧི་བཛྲ་ཨཱརྒྷཾ་སོགས་ནས། ཤཔྡ་པྲ་ཏཱིཙྩ ་སྭཱ་ཧཱ་མཆོད་རོལ་འོག་བཛྲ་ཝཱ་རཱ་ཧི་ༀ་ཨཱཿཧཱུྃ། བུདྡྷ་ཌཱ་ཀི་ནི་སོགས་ཀྱིས་ནང་མཆོད་འབུལ། དེ་རྣམས་ཀྱི་སྐུ་ལས་རྗེ་བཙུན་མ་གཙོ་འཁོར་གྱི་སྐུ་དཔག་ཏུ་མེད་པ་བྱོན་སོགས་ནས་གཉིས་སུ་མེད་པར་གྱུར། དེ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གསུམ་བརྒྱུད་ཀྱི་བཟླས་པ་བྱ་བ་ནི། བདག་བསྐྱེད་ཀྱི་དཔྲལ་བ་མགྲིན་པ་ཐུགས་ཀ་ ལྟེ་བ་ གསང་བ་ ནས་སྐུའི་ གསུང་གི་ཐུགས་ཀྱི་ཡོན་ཏན་ཀྱིི་ཕྲིན་ལས་ཀྱི་ འོད་ཟེར་དཀར་


KMC001_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ དམར་པོ་སྔོན་པོ་སེར་པོ་ལྗང་གུ་ འཕྲོས། མདུན་བསྐྱེད་ཀྱི་དཔྲལ་བར་ མགྲིན་པར་ཐུགས་ཀར་ ལྟེ་བར་གསང་བར་ ཐིམ། མདུན་བསྐྱེད་གཙོ་འཁོར་གྱི་དཔྲལ་བ་ མགྲིན་པ་ཐུགས་ཀ་ལྟེ་བ་གསང་གནས་ ནས་སྐུའི་ གསུང་གི་ཐུགས་ཀྱི་ཡོན་ཏན་གྱི་ཕྲིན་ལས་ཀྱི་ འོད་ཟེར་དཀར་པོ་ དམར་པོ་སྔོན་པོ་ སེར་པོ་ལྗང་གུ་ འཕྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་ཐམས་ཅད་ཀྱི་དཔྲལ་བར་ མགྲིན་པར་ཐུགས་ཀར་ལྟེ་བར་གསང་གནས་སུ་ ཐིམ་པས་དེ་ཐམས་ཅད་ཀྱི་སྐུའི་ གསུང་གི་ཐུགས་ཀྱི་ཡོན་ཏན་ཀྱིི་ཕྲིན་ལས་ཀྱི་ ཡོན་ཏན་དང་ནུས་མཐུ་དང་བྱིན་རླབས་ཐམས་ཅད་སྐུའི་གསུང་གི་ཐུགས་ཀྱི་ཡོན་ཏན་ཀྱིི་ཕྲིན་ལས་ཀྱི་ འོད་ཟེར་དཀར་པོའི་ དམར་པོའི་ སྔོན་པོའོ་སེར་པོའོ་ལྗང་གུའི་ རྣམ་པར་ཚུར་བྱོན། མདུན་བསྐྱེད་གཙོ་འཁོར་གྱི་དཔྲལ་བར་ མགྲིན་པར་ཐུགས་ཀར་ལྟེ་བར་གསང་གནས་སུ་ ཐིམས་པས་མདུན་བསྐྱེད་གཙོ་འཁོར་གྱི་སྐུའི་ གསུང་གི་ཐུགས་ཀྱི་ཡོན་ཏན་ཀྱིི་ཕྲིན་ལས་ཀྱི་ བྱིན་རླབས་ཐམས་ཅད་བསྡུས་ཏེ་དཔྲལ་བ་ མགྲིན་པར་ཐུགས་ཀར་ལྟེ་བར ་གསང་གནས་ ནས་འོད་ཟེར་དཀར་པོའི་ དམར་པོའི་ སྔོན་པོའོ་སེར་པོའོ་ལྗང་གུའི་ རྣམ་པར་ཚུར་བྱོན། བདག་ཉིད་ཀྱི་


KMC001_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དཔྲལ་བར་ མགྲིན་པར་ཐུགས་ཀར་ལྟེ་བར་གསང་གནས་སུ་ ཐིམས་པས་སྐུའི་ གསུང་གི་ཐུགས་ཀྱི་ཡོན་ཏན་གྱི་ཕྲིན་ལས་ཀྱི་ བྱིན་རླབས་ཐམས་ཅད་ཐོབ་སྟེ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་ གསུང་གི་ཐུགས་ཀྱི་ ཡོན་ཏན་གྱི་ ཕྲིན་ལས་ཀྱི་ བདག་ཉིད་ངའོ། །ཞེས་པའི་བར་བརྗོད་དེ་མདུན་བསྐྱེད་ལ་དམིགས་པའི་བཟླས་པ་བྱ། ཐུན་མཐར། དྲིལ་གསིལ་གྱིས་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བཅས་ལན་གསུམ། དེ་ནས་མཆོད་བཞི་བསྟོད་བཞི་ནི། བཞི་དྲིལ་ཕྱེས་རྒྱས། ཨེ་མ་ཧོཿ ངོ་མཚར་རྨད་ཀྱི་ཆོས་སོགས་ནས། འཁོར་ལོ་སྡོམ་པའི་ཞབས་ལ་ཕྱག་འཚལ་ལོ་མཆོད་རོལ་འོག བཛྲ་ཝཱ་རཱ་ཧི་ༀ་ཨཱཿཧཱུྃ། བུདྡྷ་ཌཱ་ཀི་ནི་སོགས་ཀྱིས་ནང་མཆོད་འབུལ་བ་འོག་མ་རྣམས་ལ་ཡང་འགྲེ་དགོས། དེ་ནས་ཐལ་སྦྱར་གྱིས། རྒྱལ་བའི་སྐུ་ལ་སོགས་སྔགས་རྣམས་ལ་པད་ཀོར་སྔོན་འགྲོས་རྒྱ་སོ་སོར་བཅའ་ཞིང་མཐར་སེ་གོལ། ཤཔྡ་ལ་མཆོད་རོལ། བཅོམ་ལྡན་འདས་མ་སོགས་ནས། རྡོ་རྗེ་འཕྲུལ་མོ་ཆེ་ལ་ཕྱག་འཚལ་ལོ་མཆོད་རོལ་བྱ། ཁ་དོག་དབྱིབས་ལེགས་སོགས་ནས། ཤབྡ་ལ་མཚམས་རྒྱག སྤཪྴེ་སོགས་ནས་མཆོད་རོལ། ཧཱུྃ། ལྟེ་བའི་དབུས་ནས་སོགས་ནས་དངོས་གྲུབ་སྩོལ་མཆོད་རོལ། ཤ་ཆེན་གསུར་གྱི་སོགས་ནས། ས་བཅུ་ནོན་ཕྱིར་བཞེས་སུ་གསོལ་


KMC001_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་རོལ། ཧཱུྃ། རྡོ་རྗེ་ཕག་མོ་བདེ་གཤེགས་སོགས་ནས་དངོས་གྲུབ་སྩོལ་མཆོད་རོལ། ཆང་སྣ་བཞི་ཡི་སོགས་ནས། ༀ་གྱིས་སྐྱེ་མེད་སོགས་ལ་བདུད་རྩི་ལན་གསུམ་དཀྲུགས་ཤིང་མཆོད་རོལ་བྱ། ༀ་ཨཱཿཧཱུྃ། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་བླ་མ་སོགས་ཀྱིས་གོང་བཞིན་ནང་མཆོད་འབུལ་ལོ། དེ་ནས་ཚོགས་མཆོད་བྱ་བ་ནི། ཚོགས་རྫས་ལ་ཆུ་གཙང་བྲན་ཅིང་སྤོས་གཟུག་ལ། ༀ་ཨཱཿབིགྷྣཱན་སོགས། སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་སོགས་ནས་བྱིན་རླབས། སྤྱན་འདྲེན། གཏོར་འབུལ་བཅས་གོང་ལྟར་མཐར་ཆགས་སུ་གསུང་སྟེ། འདོད་གསོལ་ཞིང་སྐྱོང་ཆེན་པོའི་མཇུག་ཏུ་མཆོད་རོལ་མཐར་ཌཱ་རྒྱག་གིས། གྲུབ་ཆེན་པཀྴིའི་གསུང་བསྐང་བ་ཟུར་གསལ། ཧཱུྃ། ཆོས་དབྱིངས་རྣམ་དག་ངང་ཉིད་ལས། འགྲོ་བའི་དོན་མཛད་སོགས་ནས། མཐོལ་བཤགས་བཟོད་བཞེས་ཚང་པར་སྩོལ། བར་དང་མཐར་ཌཱ་རུ་འུར་འོག་མན་ངག་ཡིག་བརྒྱ་གསུང་། དེ་ནས་ཚོགས་ལ་རོལ་ཞིང་ཞབས་བརྟན་གསུངས་མཐར། ལྷག་མ་བཏང་། མདུན་བསྐྱེད་ལ་མཆོད་བསྟོད་བྱ། བཟོད་གསོལ། ནོངས་བཤགས། སྨོན་ལམ། བརྟན་བཞུགས། བསྔོ་བ། བཀྲ་ཤིས་མཐར་མཆོད་རོལ། དེ་ནས་བདག་བསྐྱེད་བསྡུ་རིམ། ཕྱི་རོལ་སྣོད་བཅུད་རྟེན་གཞལ་ཡས་ཁང་སོགས་ནས། ཕྱག་རྒྱ་ལྔས་བརྒྱན་པ་གསལ་བར་


KMC001_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་གྱི་བར་བརྗོད། དེ་ནས་བཟང་སྤྱོད་སྨོན་ལམ་སོགས་ཀྱིས་མཐའ་བརྒྱན་ཏེ་ཐུན་གྲོལ། དེ་ནས་ཕྱི་ཉིན་ནས་ཐོར་ཐུན་ལ། ཐོག་མར་ངག་བྱིན་རླབས། ཕྱག་ཆེན་སྔོན་འགྲོའི་མཐར། རང་ལྷར་གསལ་བའི་ལག་མཆོད་རྒྱས་པ། སྔོན་གཏོར། སྲུང་འཁོར། སྐྱབས་སེམས། རྡོར་སེམས་བསྒོམ་བཟླས། སྐྱེ་མཆེད་བྱིན་རླབས། བསོད་ནམས་ཚོགས་བསགས། ཚད་མེད་བཞིའི་མཇུག་དམ་ཚིག་པ་བསྐྱེད་ཅིང་། ཡེ་ཤེས་པ་སྤྱན་དྲངས་ཏེ་མཆོད་པ་གསུམ་གྱིས་མཆོད་ཅིང་དབང་ལེན་མཐར་རང་ལ་བསྟིམ། དེ་ནས་བགྲང་ཕྲེང་བྱིན་རླབས། དངོས་གཞི་བསྙེན་པ་ཐུན་གྲོལ་མ་རན་བར་བཟླས་མཐར། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ། ཐོར་ཐུན་དང་སྲོད་ཐུན་གཉིས་ལ། ཕྱི་རོལ་སྣོད་བཅུད་སོགས་ཀྱིས་བསྡུ་ལྡང་བྱ་ཞིང་། བཟང་སྤྱོད་སྨོན་ལམ་སོགས་ཀྱིས་མཐའ་བརྒྱན་ཏེ་ངག་གྲོལ། ཐུན་རྗེས་མ་རྣམས་མཆོད་པ་བྱིན་རླབས་ནས་འགོ་བཟུང་སྟེ་གོང་གསལ་ལྟར་ལ། ཕྲེང་བ་བྱིན་རླབས་མི་དགོས། སྔ་ཐུན་གྱི་བསྙེན་པའི་མཇུག་ཏུ། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བཅས་ལན་གསུམ་མཐར། གོང་གསལ་ལྟར་ལག་མཆོད་རྒྱས་པར་བྱ་ཞིང་། གནས་གསུམ་སྲུང་བ་སོགས་ཀྱིས་མཇུག་བདུད་རྩི་འབུལ་མཐར་སྨོན་ལམ་གྱིས་མཐའ་བརྒྱན་ཏེ་གྲོལ། དགོང་ཐུན་ལ་མདུན་བསྐྱེད་མཐར་ཆགས་སུ་གསུང་བསྙེན་པའི་མཇུག་ཏུ་དབྱངས་གསལ་སོགས་ཀྱི་མཐར། མཆོད་བཞི་བསྟོད་བཞི། ཚོགས་མཆོད། གཏོར་འབུལ། བཀྲ་ཤིས་བར་གོང་ལྟར་བཏང་རྗེས། བདག་བསྐྱེད་བསྡུ་


KMC001_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

རིམ། ཕྱི་རོལ་སྣོད་བཅུད་སོགས་དང་། སྨོན་ལམ་གྱིས་མཐའ་བརྒྱན་ཏེ་གྲོལ། སྲོད་ཐུན་ལ། ཐོར་ཐུན་ལྟར་བདག་བསྐྱེད་ཚར་གཅིག་གསུང་སྟེ་བསྙེན་པ་བཟླ་ཞིང་། ཐུན་འཇོག་ཁར་བསྡུ་རིམ་བསྔོ་སྨོན་སོགས་ཀྱང་ཐོར་ཐུན་ལྟར་རོ། གོང་གསལ་ཚུལ་དེ་ལྟ་བུས་ནང་སྒྲུབ་ཇི་ཙམ་བསྙེན་པའི་ཞག་གྲངས་ཕྱེད་ཀྱི་བར་འདོན་བྱ་དེ་ལྟར་ལ། དེ་ནས་ཐོར་ཐུན་དང་སྲོད་ཐུན་ལ་བདག་བསྐྱེད། སྔ་ཐུན་དང་དགོང་ཐུན་ལ་མདུན་བསྐྱེད་གསུང་ཞིང་། སྔ་ཐུན་གྱི་མཇུག་ཏུ་མཆོད་བཞི་བསྟོད་བཞིའི་མཐར་བསྔོ་སྨོན་གྱིས་ཐུན་གྲོལ། དགོང་ཐུན་སྐབས་གོང་གསལ་མཆོད་བསྟོད་མཐར། ཚོགས་དང་གཏོར་འབུལ་བཀྲ་ཤིས་བཅས་ཀྱི་མཇུག་བདག་བསྐྱེད་བསྡུ་རིམ་བྱ་བ་སོགས་གོང་ལྟར་རོ། །ཚུལ་དེ་ལྟས་ཞག་གྲངས་ཇི་འོས་ཀྱིས་བར་བསྙེན་མཐར། ཐོད་པའི་ནང་དུ་བདུད་རྩི། རྣམ་རྒྱལ་བུམ་པར་དྲི་བཟང་གི་ཆུ་སུམ་གཉིས་བཀང་ལ་སོ་སོའི་རྫས་ཀྱང་བླུགས། བདག་འཇུག་གི་དོན་previous hit དུ་ལས་བུམ་མགུལ་ཆིངས་དམར་པོ་དྲི་བཟང་ཆུས་བཀང་སྟེ་དཀྱིལ་འཁོར་གྱི་གཡོན next hit་ཕྱོགས་སོགས་གང་བདེར་བཀོད་ལ། དེ་ནས་ཐུན་གཞན་གསུམ་འདོན་བྱ་གོང་ལྟར་ལ། དགོང་ཐུན་སྐབས་བུམ་བསྐྱེད་ནི། བདུད་རྩི་བྲན་ལ། ༀ་ཨཱཿབིགྷྣཱན་སོགས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་དམར་པོ་རྩ་བ་དང་ནག་པོ་མེད་པ་སོགས་ནས། བྱང་སེམས་དཀར་དམར་གྱི་བདུད་རྩི་སྤྱན་དྲངས། བཛྲ་ས་མཱ་ཛཿམཆོད་རོལ། ༀ་ཤྲཱི་བཛྲ་ཝཱ་


KMC001_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

རཱ་ཧི་བཛྲ་ཨཱརྒྷཾ་སོགས་མཆོད་པ་གསུམ་གྱིས་མཆོད་ཅིང་། མེ་ལོང་གི་སྔགས་འཁོར་སོགས་ནས། ཛཿཧཱུྃ་བཾ་ཧོཿས་བསྲེ། དེ་ནས་གཟུངས་ཐག་རྡོ་རྗེའི་སྣེ་ནས་བཟུང་ལ། ༀ་བཛྲ་བཻ་རོ་ཙ་ཡཻ་སོགས་སྙིང་པོ་ཅི་ནུས་ཀྱིས་བཟླས་མཐར། མེ་ལོང་ཐོད་པ་སོགས་ནས། བུམ་ལྷ་ཞུ་བར་གྱུར་གྱི་བར་བརྗོད་ཅིང་གཟུངས་ཐག་ཕར་བཞག དེ་ནས་དབང་རྫས་རྣམས་རང་གི་མདུན་ལོགས་ལེན་བདེ་སར་བཞག་ལ། ལས་བུམ་ནས་ཁྲུས་ཆུས་ཁ་བཤལ་ཏེ། རྡོར་དྲིལ་བཅས། ཇི་ལྟར་བལྟམས་པ་སོགས་ནས། ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ་གྱི་བར་གཤམས་གསལ་སྒྲུབ་མཆོད་སྐབས་ལྟར་བདག་འཇུག་རྒྱས་པ་བླངས། རྗེས་སུ་དབང་རྫས་རྣམས་སྔར་བཞིན་སོ་སོར་བསྒྲིགས། དེ་ནས་ཚོགས་མཆོད་གཏོར་འབུལ་རྗེས་ཆོག་བཀྲ་ཤིས་བདག་བསྐྱེད་བསྡུ་རིམ་བསྔོ་སྨོན་བཅས་གོང་ལྟར་གསུང་སྟེ་ཐུན་གྲོལ། ཚུལ་དེ་ལྟ་བུས་ཞག་གྲངས་ཇི་ཙམ་གསུང་བདག་འཇུག་ཉིན་རེ་བཞིན་རྒྱས་པར་བླངས་དགོས་ཤིང་། མཐར་འདུ་ཁང་ནང་ལྷན་ཚོགས་ཀྱིས་སྒྲུབ་མཆོད་བྱ་དགོས་པས། དེ་ཡང་རྡུལ་ཚོན་དང་འབྲེལ་སྐབས། ས་ཆོག་གོང་གསལ་ནང་སྒྲུབ་སྐབས་སུ་སྨོས་ཟིན་ལྟར་བྱ་ཞིང་སྐབས་བབ་ཀྱི་ཁ་བསྒྱུར་དགོས་རིགས་འཕྲུལ་ཤེས་པར་བྱ། རྡུལ་ཚོན་ནམ་རས་བྲིས་གང་ཡིན་ཀྱང་དཀྱིལ་འཁོར་གྱི་མཐའ་སྐོར་དུ་ཕྱོགས་བཞིའི་མཆོད་པ། སྒོ་མཆོད། ནུབ་ངོས་སུ་ཕུག་གཏོར་ལྔ་ཚོམས། འདི་སྐབས་མ་འདས་པའི་གཏོར་མ་མེད་ཀྱང་ཆོག་དབུས་སུ་མཉྫིའི་


KMC001_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཁར་བུམ་པ་སོགས་དཀྱིལ་འཁོར་དྲུག་པོ་དང་། དབང་རྫས་སོགས་ནང་སྒྲུབ་སྐབས་སུ་སྨོས་ལྟར་བཤམས། གཞན་ཡང་ཕྱོགས་གང་བདེར། ཞལ་ཟས། སྤོས། མེ་ཏོག་མར་མེ། ཆུ་གཙང་སོགས་བརྒྱ་རྩའམ་ཅི་ལྕོགས་ཀྱིས་མོས་བློས་བཀོད་ལེགས་བྱ། དཀྱིལ་འཁོར་གྱི་ཕྱོགས་བཞིར་འཕན་བཞི། མཚམས་བཞིར་རྒྱལ་མཚན་བཞི། ནུབ་ངོས་སུ་དབུ་གདུགས་སོགས་མཆོད་རྫས་ཀྱི་རིགས་མཛེས་པར་བཤམས། སློབ་དཔོན་གྱི་མདུན་previous hit དུ་ཡང་མཆོད་ངོ་གཡོན next hit་བསྟན་གྱི་ཕྲེང་ཚར་དགོས། ཉིན་རེར་སྔོན་འགྲོའི་གཏོར་མ་གསུམ། མཆོད་ཁ་གསོ་བྱེད་ཞལ་ཟས། འཐོར་ནས། ཚོགས་ཀྱི་ཡོ་བྱད་སོགས་འདུ་བྱས་ནས། དངོས་གཞི་ཆོ་གའི་འདོན་ཟིན་ནི། སྒྲུབ་པོ་རྣམས་ཌཱ་དྲིལ་ནང་མཆོད་མིག་དར་བཅས་བསྣམས་དགོས། ཐོག་མར། ལོ་གྱོན་མའི་གཟུངས། རྣམ་འཇོམས་རྣམ་རྒྱལ། ཚིག་བདུན་གསོལ་འདེབས་དབང་ལེན་བཅས་དང་། ཐུབ་བསྟོད་རེ་དང་། སྐུ་བསྟོད་རེ་བཅས་ཉིན་རེར་སྤེལ་ཏེ་གསུངས་མཐར། སྐྱེ་བ་ཀུན་ཏུ་སོགས་ནས། ཆོ་ག་གཞུང་གི་བདག་ཉིད་སྐད་ཅིག་གིས་སོགས་ནས་སྐུར་གྱུར། ༀ་ཨཱཿབིགྷྣཱན་སོགས་ནང་མཆོད་བྱིན་རླབས་ཐོག་མའི་ཉིན་དང་པོར་ཚར་གཉིས། ཉིན་རྗེས་མ་རྣམས་ལ་ཚར་རེ། འབར་བའི་རྒྱས། ཕེཾ་ཕེཾ་ཕེཾ། ༀ་བཛྲ་ཨ་རལླི་ཧོ་ཛཿཧཱུྃ་བཾ་ཧོཿབཛྲ་ཌཱ་ཀི་ནི་སོགས། ༀ་བཛྲ་ཨཱརྒྷཾ་ཨཱཿཧཱུཾ་སྭཱ་ཧཱ་སོགས། ཤཔྡ་ལ་མཆོད་རོལ། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སོགས་གཏོར་རྒྱས་ལན་རེ་རེ་


KMC001_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་སེ་གོལ་དང་བཅས་ཕུལ། རྡོར་དྲིལ་ཐོགས་ཏེ་རང་གདངས་བཞི་དྲིལ་གྱིས། ཞིང་སྐྱོང་ཆེན་པོ་སོགས་ནས། གཞན་དུ་དེངས་ལ་རྡོ་རྗེ་ཕྱིར་གདེང་ཚུལ་བྱ། བརྒྱར་འགས་འགྱུར་མཆོད་རོལ་འོག་ལས་སྔགས་ༀ་ཨཱཿབིགྷྣཱན་ལ་སུམྦྷ་ནི་བཏགས་པ་གསུམ་སོགས་བརྗོད་ལ་སྔོན་གཏོར་ཕྱིར་དོར། འོག་ཐམས་ཅད་རྡོ་རྗེའི་ས་གཞི་སོགས། ཧཱུྃ། འདི་ལྟར་ལྷ་མོ་སོགས་ཚན་པ་རེ་བཞིན་མཚམས་རྒྱག་བྱ་མཐར་མཆོད་རོལ། ལས་རྡོར་པས་ཕྱག་གསུམ་སྔོན་དུ་འགྲོ་བས། རྡོ་རྗེ་འཛིན་སོགས་སོགས་ཀྱིས་ཏིང་འཛིན་བསྐུལ་མཐར། མཆོད་པ་རྣམས་ལ་བདུད་རྩི་བྲན་ཅིང་དབུ་མཛད་ནས་བསྐུལ་ཏེ། ༀ་ཨཱཿབིགྷྣཱན་སོགས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་སོགས་ནས། ཤཔྡ་ཨཱཿཧཱུྃ་སྭཱ་ཧཱ་མཆོད་རོལ། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སོགས་སྐྱབས་འགྲོ་ལན་ཉེར་གཅིག ཕྱོགས་བཅུ་དུས་གསུམ་སོགས། བདག་ཉིད་ཀྱི་སྤྱི་བོར་སོགས། ཡིག་བརྒྱ་ཉེར་ལྔ་དང་། ས་ཏྭ་བརྒྱ་རྩ་བཟླས་མཐར་ཐལ་སྦྱར་གྱིས། མགོན་པོ་བདག་ནི་སོགས། མདུན་གྱི་ནམ་མཁར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སོགས་ཀྱིས་ཚོགས་ཞིང་གསལ་གདབ་ཅིང་། བཞི་དྲིལ་གྱིས། ཧཱུྃ་བཞེངས་ཤིག་སོགས། བཛྲ་ས་མཱ་ཛ༔ལ་གཡས་ཀྱིས་བསྡུ་རྒྱ་བྱ། གདན་རྒྱས།


KMC001_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདིར་ནི་སོགས། བཞི་དྲིལ་ཕྱེད་རྒྱས། ཨེ་མ་ཧོཿ ངོ་མཚར་རྨད་ཀྱི་ཆོས་སོགས་ནས་ཕྱག་འཚལ་བསྟོད། རྡོར་དྲིལ་པང་ཁར་འཇོག ༀ་བཛྲ་བཻ་རོ་ཙ་ནཱི་ཡཻ་སོགས་ནས། ཤཔྡ་ལ་མཆོད་རོལ། རྡོར་དྲིལ་བཅས་ནང་མཆོད་ཕུལ་ལ། པཉྩ་ཨ་མྲྀ་ཏ་སོགས། མ་ཏངྒི་ལ་འཁྱུད་རྒྱ་བཅའ་མཐར་ཐལ་མོ་སྤྱར་ཏེ་རྡོར་དྲིལ་ཕར་འཇོག ཇི་སྙེད་སུ་དག་སོགས་ལས་རྡོར་པས་འཐོར་ནས་འགྱེད་དགོས། ཡིག་བརྒྱ་ཚར་གཅིག་སྔོན་འགྲོའི་མཎྜལ་གསུང་། ཕྱོགས་བཅུ་དུས་གསུམ་སོགས། དཀྱིལ་འཁོར་མདུན་ལས་དྲོར་པས་མཎྜལ་ཚོམ་བུ་བཀོད་དེ་འབུལ་དགོས། ༀ་མཎྜལ་པཱུ་ཛ་སོགས་ལ་མཎྜལ་ཚོམ་བུ་དང་བཅས་གཞི་མདུན་སྟེགས་ཀྱི་ཁར་འཇོག ཐལ་སྦྱར་གྱིས། བདག་དང་མཐའ་ཡས་པའི་སོགས། ན་མོ་གུ་རུ་བྷྱཿ ཟུང་འཇུག་བདེ་བ་ཆེན་པོའི་སོགས་བླ་མའི་རྣམ་འབྱོར་མཐར་དབང་ལེན་དང་ཚོགས་ཞིང་རང་ལ་བསྟིམ་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ལན་གཅིག་གིས་ཚད་མེད་བཞི་སྒོམས། དེ་ནས་ལྷ་བསྐྱེད་ནི། ༀ་སྭ་བྷཱ་ཝ་སོགས། གཟུང་བ་དང་འཛིན་པས་བསྡུས་པའི་ཆོས་ཐམས་ཅད་སོགས་ནས་གར་སྟབས་སུ་བཞུགས་པའོ། །བར་གྱིས་གཙོ་མོ་བསྐྱེད། དེ་ཡི་སྤྱི་བོར་ཧ་ལས་སོགས་ནས་བཛྲ་ས་མཱ་ཛཿར་བསྡུ་རྒྱ། མཆོད་རོལ་འུར། དེ་རྣམས་ཀྱི་སྐུ་ལས་སོགས་


KMC001_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཉིས་སུ་མེད་པར་གྱུར། ༀ་བཛྲ་བཻ་རོ་ཙ་ནཱི་ཡཻ་སོགས་བཟླས་པ་བྱ། མཐར་ཕྱི་རོལ་སྣོད་བཅུད་སོགས་ཀྱིས་བསྡུ་ལྡང་བྱ། དེ་ནས་ལག་མཆོད་ནི། སོ་སོའི་ཐོད་པའི་ཁར་དང་ལག་པ་སོགས་ལ་དཀྱིལ་འཁོར་བྲི་ཚུལ་རྣམས་གོང་གསལ་ནང་སྒྲུབ་ལྟར་ལ། ༀ་ཨཱཿབིགྷྣཱན་སོགས། སྭ་བྷཱ་ཝ་སོགས། ཧྲཱིཿཧཱ་རི་ནི་ས། ཆོས་འབྱུང་གྲུ་གསུམ་གྱི་སོགས་ནས་ཡོངས་སུ་རྫོགས་པར་གྱུར། ལག་གཡས་ཀྱི་སོ་སོའི་ཕྱག་རྒྱ་དང་སེ་གོལ་བཅས། ༀ་བཛྲ་བཻ་རོ་ཙ་ནཱི་ཡཻཧ་རི་ནི་ས་ཤྲཱི་བཛྲ་ཡོ་གི་ནི་བཛྲ་ཨཱརྒྷཾ་སོགས་ནས། ཤཔྡ་ལ་དྲིལ་གསིལ་བྱ། པཉྩ་ཨ་མྲྀ་ཏ་ལ་ནང་མཆོད་ཕུལ་ཞིང་། མ་ཏངྒི་ལ་འཁྱུད་རྒྱ་མཐར། བཞི་དྲིལ་གྱིས། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་སོགས་ནས་གཤེགས་སུ་གསོལ། དྲིལ་གསིལ་འོག་སྔགས་གསུང་ཞིང་། འབར་བའི་རྒྱས། ཕེཾ་ཕེཾ་ཕེཾ། ༀ་ཤྲཱི་བཛྲ་ཝཱ་རཱ་ཧི་བཛྲ་ཨཱརྒྷཾ་སོགས་མཆོད་པ་གསུམ་གྱིས་མཆོད་ཅིང་། ༀ་བཅོམ་ལྡན་མགོན་པོ་སོགས་ཀྱིས་བསྟོད་མཐར་རྡོར་དྲིལ་ཕར་བཞག ནམ་མཁའི་ལྷ་ཚོགས་རྣམས་སོགས་ནས་གཉིས་སུ་མེད་པར་གྱུར། ༀ་ཨཱཿཧཱུྃ་ལན་གསུམ། གོང་བཞིན་བདུད་རྩི་གནས་སོ་སོ་ནས་མཆོད་ཅིང་། ༀ་བཛྲ་བཻ་རོ་སོགས། ཕྱི་རོལ་གྱི་བགེགས་དང་སོགས་ནས་ལྷར་གསལ་བའི་ཞལ་དུ་ༀ་ཨཱ་ཧཱུྃ། བདུད་


KMC001_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་རང་གི་ཡང་མྱང་ངོ་། དེ་ནས་བུམ་བསྐྱེད་ནི། ལས་རྡོར་པས་མཆོད་ཁ་གསོལ་ཞིང་ཞལ་ཟས་ཡང་དགོས། བདུད་རྩི་འཐོར་ཏེ། ༀ་ཨཱཿབིགྷྣཱན་སོགས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་དམར་པོ་སོགས་ནས་བྱང་སེམས་དཀར་དམར་གྱི་བདུད་རྩི་སྤྱན་དྲངས། བཛྲ་ས་མཱ་ཛཿར་བསྡུ་རྒྱ། མཆོད་རོལ་འུར། མེ་ལོང་གི་སྔགས་འཁོར་དང་སོགས་ནས་ཛཿཧཱུྃ་བཾ་ཧོཿ ལས་རྡོར་པས་གུས་པ་དང་བཅས་གཟུངས་རྡོར་སློབ་དཔོན་ལ་ཕུལ། ༀ་བཛྲ་བཻ་རོ་སོགས་སྙིང་པོ་ཅི་ནུས་ཀྱིས་བཟླ། མཐར་མེ་ལོང་ཐོད་པ་བུམ་པ་བདུད་རྩིས་རིམ་བཞིན་ཁེངས་ཏེ་བུམ་ལྷ་ཞུ་བར་གྱུར། དེ་ནས་རས་བྲིས་སམ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བདུད་རྩི་འཐོར་ཏེ། ༀ་ཨཱཿབིགྷྣཱན་སོགས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་ཨེ་ལས་ཆོས་ཀྱི་འབྱུང་གནས་སོགས་ནས། བཛྲ་ས་མཱ་ཛཿར་བསྡུ་རྒྱ། མཆོད་རོལ་འུར། བཞི་དྲིལ་གྱིས་རང་གདངས་རིང་བའམ་ཕག་མོའི་གཞུང་གདངས་ཐུང་བས། ཧཱུྃ།སྣང་བ་ཆོས་སྐུའི་སོགས། སྲུང་མ་གཤེགས་སུ་གསོལ་མཆོད་རོལ་འུར་རོལ་འོག་ཏུ་སྔགས་གསུང་། སླར་གཞུང་གདངས་ཀྱིས། གདན་རྒྱས། བཅོམ་ལྡན་འདིར་ནི་སོགས། སྟོང་གསུམ་ཀུན་དང་སོགས་ཀ་མ་ལ་ཡ་སྟྭཾ། གདན་རྒྱ། ༀ་ཤྲཱི་བཛྲ་


KMC001_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཝཱ་རཱ་ཧི་བཛྲ་ཨཱརྒྷཾ་སོགས་རང་རྒྱས། ཤཔྡ་ལ་མཆོད་རོལ་འོག་སྔགས་གསུང་ཞིང་བདུད་རྩི་མཆོད་ཅིང་། དེ་རྣམས་ཀྱི་སྐུ་ལས་རྗེ་བཙུན་མ་སོགས་ནས་གཉིས་སུ་མེད་པར་གྱུར། ༀ་བཛྲ་བཻ་རོ་ཙ་ནཱི་ཡཻ་སོགས་ཀྱིས་བསྙེན་པ་ཅི་འགྲུབ་བཟླས་མཐར། བཞི་དྲིལ་ཕྱེད་རྒྱས། ཨེ་མ་ཧོཿ ངོ་མཚར་རྨད་ཀྱི་སོགས། འཁོར་ལོ་སྡོམ་པའི་ཞབས་ལ་ཕྱག་འཚལ་ལོ་མཆོད་རོལ། ཚོགས་ཐེངས་གྲོལ། ཡར་ཚོགས་ནས་ཐལ་སྦྱར་གྱིས། རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་སོགས་ནས། ཤཔྡ་ལ་མཆོད་རོལ་སོགས་མཆོད་བཞི་བསྟོད་བཞི་གོང་གསལ་ནང་སྒྲུབ་ལྟར་བདུད་རྩི་འབུལ་བའི་བར་མཐར་ཆགས་སུ་བཏང་། དེ་ནས་བདག་འཇུག་ནི། ལས་རྡོར་པས་མེ་ཏོག་བཀྱེ་ཞིང་ལས་བུམ་སློབ་དཔོན་ལ་ཕུལ་ཏེ། ཇི་ལྟར་བལྟམས་པ་སོགས་ཁྲུས་ཆུ་འཐུང་ཞིང་གྲལ་དུ་བཀྱེ། སླར་ལས་བུམ་སློབ་དཔོན་གྱི་མདུན་དུ་བཞག་འདི་ནས་བཟུང་བདག་འཇུག་མ་ཚར་བར་རྡོར་དྲིལ་འཛིན་དགོས། ས་གཞི་སྤོས་ཆུ་སོགས། ཐལ་སྦྱར་གྱིས། བདག་ནི་འཁོར་བའི་ཆོས་ལ་སོགས་ལན་གསུམ། ཐལ་སྦྱར་བཅས། སློབ་དཔོན་ཁྱེད་ནི་སོགས་ལན་གསུམ། ཐལ་སྦྱར་གྱིས། དཀོན་མཆོག་གསུམ་ལ་སོགས་ལན་གསུམ། ༀ་ཨཱཿབིགྷྣཱན་སོགས་ལས་བུམ་སྒྲོས་རང་དང་གཞན་ལ་འཐོར་ཞིང་། སྭ་བྷཱ་ཝ་སོགས་སྟོང་པའི་ངང་ལས་


KMC001_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་རྣམས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སོགས་སྐུར་གྱུར། (སོ་སོའི་ནང་མཆོད་ནས་བདུད་རྩིའི་ཐིག་པ་གནས་གསུམ་དུ་གཏོར་བཞིན། ༀ་ཨཱཿཧཱུྃ། དཔྲལ་བར་ༀ་ལས་སོགས་ནས་སྒོམས་ཤིག ལས་རྡོར་པས་སློབ་མའི་མཆོད་པ་གྲལ་མཇུག་ནས་བཏེག་ལ། རང་རྒྱས་པའི་པུཥྤེ་སོགས། ནཻ་ཝི་དྱེ་ཨཱཿཧཱུྃ། རྡོ་རྗེ་རྩེ་གཅིག་པའི་རྒྱས་ཚིགས་གསལ་ལྟར་གནས་སོ་སོར་རེག་ལ། ལྟེ་བར་ཕག་མོའི་ངོ་བོ་སོགས་བསྲུང་བའོ། ས་གཞི་སྤོས་ཆུས་སོགས་མཎྜལ་ཕུལ། ཐལ་སྦྱར་གྱིས། སངས་རྒྱས་ཀུན་གྱི་སོགས་ལན་གསུམ་རྗེས་མར། བླ་མ་དང་ནི་སོགས་སྤྲེལ། ༀ་ཙ་ཀྵུ་བྷནྡྷ་སོགས་ཀྱིས་གདོང་གཡོགས་བཅིང་། ༀ་ཨཱ་ཁཾ་སོགས་མེ་ཏོག་བླང་ལ། དེ་ནས་སྔོན་གཏོར་ལ་བདུད་རྩི་བྲན་ཅིང་། ༀ་ཨཱཿབིགྷྣཱན་སོགས་ནས་སྲུང་འཁོར་གྱི་འཇུག་བར་གོང་ལྟར་བཏང་། ཐལ་མོའི་བར་དུ་རྡོ་རྗེ་བཟུང་བ་སྙིང་གར་རེག་ལ། སྙིང་གར་ཀུན་རྫོབ་སོགས། ༀ་སརྦ་ཡོ་ག་སོགས་ལན་གསུམ་ལ་ཐལ་མོ་བསྐོར་ཚུལ་དང་། སླར་ལག་གཡས་ཀྱིས་རྡོ་རྗེ་སྙིང་གར་བཞག་སྟེ། ༀ་སུ་ར་ཏེ་སོགས་ལན་གཅིག ཐམས་ཅད་རྡོ་རྗེའི་སོགས། ཐལ་སྦྱར་གྱི་བར་དུ་མེ་ཏོག་བཟུང་ལ། མགོན་པོ་སངས་རྒྱས་སོགས་རིགས་ལྔའི་སྡོམ་པ་ལན་གསུམ། མགོ་བོར་རྡོ་རྗེ་བཞག་ལ། ཁྱོད་ནི་རྣལ་འབྱོར་སོགས། རྡོ་རྗེ་སྙིང་གར་བཟུང་ལ། རྡོ་རྗེ་མཁའ་འགྲོ་མ་ཁྱོད་


KMC001_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། སོ་སོའི་ནང་མཆོད་ནས་བདུད་རྩི་ལྕེར་བཞག་ལ། འདི་ནི་ཁྱོད་ཀྱི་སོགས། སླར་རྡོ་རྗེ་སྤྱི་བོར་བཀོད་དེ། དུས་འདི་ནས་ནི་སོགས་གནས་པར་གྱིས། རྡོ་རྗེ་ཕར་བཞག ཐལ་སྦྱར་གྱིས། བདག་དུས་འདི་ནས་སོགས་སྨིན་པར་མཛད་དུ་གསོལ་གྱི་བར་ལན་གསུམ། ཆོས་འབྱུང་གི་རྒྱ་སྙིང་གར་བཅའ་བཞིན་པར། རླུང་གི་དཀྱིལ་འཁོར་སོགས་ནས། དཔག་ཏུ་མེད་པ་སྤྱན་དྲངས་ཀྱི་སྐབས་རྡོ་རྗེ་བསྡུ་བའི་རྒྱས་སེ་གོལ་དང་སླར་གོང་གི་རྒྱས། སྨིན་མཚམས་སུ་previous hit གཡོནདུ next hit་དྲག་ཏུ་འཁོར་ཞེས་པའི་སྐབས་རྒྱ་previous hit གཡོན་བསྐོར་དུ next hit་སྨིན་མཚམས་སྤྱི་བོའི་བར་བཅའ་ཞིང་། མོས་པ་མཛོད་བྱིན་འབེབས་མཆོད་སིལ་རིང་བའི་འོག་སྔགས་གསུང་། ལྟོས་ཤིག་རང་གི་སེམས་ལ་སོགས་ཚིག་དོན་ཡ་མ་བྲལ་བར་དལ་བུས་གསུང་སྤྱོད་ཡུལ་ཡིན། རྡོ་རྗེ་རྒྱ་གྲམ་དུ་བཀོད་ཅིང་། ཏིཥྛ་བཛྲ། རྡོ་རྗེ་བཟུང་བཞིན་པར། རྡོ་རྗེ་མཁའ་འགྲོའི་སོགས། པྲ་ཏིཙྪ་བཛྲ་ལ་མེ་ཏོག་འཐོར། བཅོམ་ལྡན་འདས་མ་སོགས་ཀྱིས་མེ་ཏོག་མགོ་བོར་འཇོག སྤྱན་ལྔ་རྣམ་དག་སོགས་ལག་གཡས་རྡོ་རྗེ་དང་བཅས་མིག་དར་བསལ། རྡོ་རྗེ་བཏེགས་བཞིན་པར། དཀྱིལ་འཁོར་གཉན་པོ་སོགས་བརྩོན་པར་གྱིས། ས་གཞི་སྤོས་ཆུས་སོགས། ཐལ་སྦྱར་གྱིས། བླ་མ་རྡོ་རྗེ་འཛིན་པ་སོགས། ལྷ་མོ་དཔལ་གྱི་སོགས་ལན་གསུམ་


KMC001_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་མར། རྡོ་རྗེ་རྣལ་འབྱོར་མ་རྣམས་སོགས་སྤྲེལ་བདག་ལ་སྩོལ། ལས་རྡོར་པས་གཙོ་བུམ་སློབ་དཔོན་གྱི་མདུན་བཏེགས་ལ། ཐལ་སྦྱར་གྱིས། སློབ་དཔོན་གྱི་ལྟེ་བའི་ས་བོན་སོགས། སྤྱན་དྲངས་ལ་ཐལ་མོ་བཀན། བཛྲ་ས་མཱ་ཛཿལ་བསྡུ་རྒྱ། སླར་ཐལ་སྦྱར་གྱིས། སློབ་མ་དབང་བསྐུར་བར་མཛད་དུ་གསོལ། བུམ་པ་སློབ་དཔོན་ལ་ཕུལ་ཏེ། སངས་རྒྱས་ཀུན་གྱི་སོགས། བུམ་པའི་དབང་ནི་ཁྱོད་ལ་བསྐུར་ལ་དྲིལ་གསིལ། ཇི་ལྟར་བལྟམས་པ་སོགས། ༀ་སརྦ་ཏ་ཐཱ་ག་ཏ་སོགས་ལ་བུམ་པ་སྤྱི་བོར་བཟུང་ཞིང་དྲིལ་བུ་གསིལ། རྡོ་རྗེའི་ཙ་ཀླི་ཕུལ་ལ། རྡོ་རྗེ་མཁའ་འགྲོ་ཞེ་སྡང་སོགས་སྔགས་ལ་དྲིལ་གསིལ་དང་ཙ་ཀླི་མཉམ་བཞག་རྒྱས་བཟུང་། བུམ་སྒྲོས་ཁྲུས་ཆུ་རང་བཞིན་གྱི་སྤྱི་བོར་གཏོར་ཞིང་། དབང་གི་ལྷ་རྣམས་སོགས། སློབ་དཔོན་གྱི་ལྟེ་བའི་སོགས། སངས་རྒྱས་ཀུན་གྱི་དབུ་རྒྱན་སོགས། ཁྱོད་ལ་བསྐུར་སྐབས་དབུ་བརྒྱན་སྤྱི་བོར་བཞག ཇི་ལྟར་བལྟམས་པ་སོགས་ལ་གཙོ་བུམ་སོགས་གོང་གི་བུམ་དབང་གི་སྐབས་བཞིན་རིགས་འགྲེ་བར་བྱ། རྡོ་རྗེ་ཕྱག་གཡས་ཀྱིས་བླངས་ཏེ་སྙིང་གར་རེག་དྲིལ་བུ་གཡོན་གྱིས་བླངས་ཤིང་འཁྲོལ། མིང་དབང་།སངས་རྒྱས་ཀུན་གྱི་མིང་གི་སོགས་དེ་རིང་ཁྱོད་ལ་བསྐུར་བ་བྱ། རྡོར་དྲིལ་སྤྱི་བོར་དཀྲོལ་ཞིང་། ཀྱཻ་དཔལ་སྣང་མཛད་རྡོ་རྗེ་ཞེས་བྱ་


KMC001_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དེ་བཞིན་གཤེགས་པའོ། ཇི་ལྟར་བལྟམས་པ་ཙམ་སོགས་གོང་ལྟར་རོ། འདི་ནས་གཙོ་བུམ་ཕར་དཀྱིལ་འཁོར་ནང་བཀོད། དེ་ལྟར་རྡུལ་ཚོན་ནམ་རས་བྲིས་ཀྱི་སོགས་བྱས་སོ། །གཉིས་པ་དབང་ནི། གསང་ཐོད་ནི་སློབ་དཔོན་གྱི་མདུན་བཏེག་ལ། བླ་མ་རྡོ་རྗེ་རྣམ་འབྱོར་མ་དང་སོགས། ཐོད་པ་ཕུལ་ལ། སངས་རྒྱས་ཀུན་གྱི་ཐོད་པའི་སོགས། ༀ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊཿ ༀ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཡུམ་སྔགས་རྐྱང་པ་ལས་ཧ་རི་ནི་ས་མི་དགོས། ཐོད་པ་མགྲིན་པར་གཏུགས་ཤིང་བདུད་རྩི་མྱང་ལ་གྲལ་དུ་བཀྱེ། བྱང་ཆུབ་སེམས་ཀྱི་བདུད་རྩི་དེ་སོགས་ནས་ལྡན་པར་བྱས་སོ། །གསུམ་པ་ཤེར་དབང་ནི། སིན་དཀྱིལ་སློབ་དཔོན་ལ་ཕུལ། མཉམ་བཞག་རྒྱས་ལྟེ་བར་བཟུང་། སངས་རྒྱས་ཀུན་གྱི་མེ་ལོང་སོགས། ༀ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། མེ་ལོང་གི་དཀྱིལ་འཁོར་སོགས། རླུང་བུམ་ཅན་ནམ་བར་རླུང་བཟུང་ལ། དཀྱིལ་འཁོར་དེ་ལས་སོགས་ནས་སྐལ་བ་དང་ལྡན་པར་བྱས་སོ། སིན་དཀྱིལ་མདུན་དུ་བཞག ། བཞི་བ་ཚིག་དབང་རིན་པོ་ཆེ་ནི། ཕྱག་རྒྱ་ཆེན་པོའི་གནས་མཆོག་སོགས་ཚིག་དོན་ཡ་མ་བྲལ་བར་དལ་བུས་གསུངས་ནས། ངོ་ཤེས་པར་གྱིས་ཤིག་གི་བར་དབང་དོན་དངོས་དང་། དེ་ལྟར་སྣང་སྲིད་ཕྱག་རྒྱ་སོགས་ནས་


KMC001_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པར་བྱས་སོ། དེ་རྣམས་ཀྱིས་དབང་བཞི་ལེགས་པར་གྲུབ་ནས། མཐའ་རྟེན་དམ་ཚིག་གསུམ་སྔོན་དུ་འགྲོ་བའི་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་ཐལ་མོ་སྦྱར་ཏེ། བླ་མ་རྡོ་རྗེ་འཛིན་པ་ཆེན་པོས་སོགས་ལན་གསུམ་གྱིས་གསོལ་བ་བཏབ། སློབ་མ་རྣམས་པད་ཉི་ལ་སོགས་འཛིན་པར་གྱུར། གཙོ་བུམ་སློབ་དཔོན་ལ་ཕུལ་ཏེ། དབང་བསྐུར་རྡོ་རྗེ་སོགས་སྦྱིན་པར་བྱ། དྲིལ་གསིལ་གྱིས། ༀ་སརྦ་ཏ་ཐཱ་ག་ཏ་སོགས་བུམ་པ་སྤྱི་བོར་བཀོད་དེ་ཁྲུས་ཆུ་འཐུང་གྲལ་ཏུ་བཀྱེ། དབང་གི་ལྷ་རྣམས་སོགས་དབུ་བརྒྱན། སུ་པྲ་ཏིཥྛ་ལ་འབྲུ་གཏོར། རྡོ་རྗེ་བཏེག་ཙམ་བྱས་ལ། ཧཱུྃ་ལས་སྐྱེས་པའི་སོགས། དྲིལ་བུ་བཏེག་ཙམ་གྱིས། ཨཱཿལས་སྐྱེས་པའི་སོགས། པད་སྐོར་དང་བཅས་འཁྱུད་རྒྱས། འཁྱུད་པའི་ཡུམ་དང་བཅས་པ་སོགས། རྡོ་རྗེ་དང་ནི་སོགས་བསྡུ་བར་གྱིས་ཤིག འཁྱུད་རྒྱ་དཀྲོལ་ཏེ་ཐལ་མོ་སྦྱར་ཙམ་བྱས་ལ་རྡོར་དྲིལ་ཕར་བཞག་སིནྡྷུ་ར་སྤྱི་བོར་བྱུགས་ལ། བླ་མ་རྡོ་རྗེ་འཆང་སོགས། ལྟེ་བར་བྱུགས་ཤིང་། ཁྱོད་ཀྱི་ལྷ་རྡོ་རྗེ་རྣལ་འབྱོར་མ་སོགས། དབང་ཕྲེང་སློབ་དཔོན་ལ་ཕུལ་ཏེ། ༀ་བཛྲ་བཻ་ཙ་ནཱི་ཡཻ་སོགས་སྙིང་པོ་ལན་གསུམ་བཟླ་ཞིང་སོ་སོའི་ཕྲེང་བ་བགྲང་དགོས། སིནྡྷུ་ར་མགྲིན་པར་བྱུགས་ཤིང་གྲལ་དུ་འགྲིམ། བཟླས་པའི་རིམ་པ་སོགས་གྱིས་ཤིག དེས་སྐུ་གསུང་ཐུགས་ཀྱི་རྗེས་གནང་གྲུབ། དམ་ཚིག་


KMC001_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་རྗེས་གནང་ནི། རིགས་ལྔ་མཁའ་འགྲོ་ཕྱི་ནང་སོགས་སྒྲུབ་པར་བྱོས། ཐལ་སྦྱར་གྱིས། གཙོ་བོས་ཇི་ལྟར་སོགས་ལན་གསུམ། ས་གཞི་སྤོས་ཆུས་སོགས། སླར་ཐལ་སྦྱར་གྱིས། དེང་ནས་བརྩམས་ཏེ་སོགས་ལན་གསུམ་འདི་རིགས་སྤྲེལ་བ་ལས་སོ་སོར་བསྐུལ་མཚམས་མི་དགོས། དེ་རྣམས་ཀྱིས་བདག་ཉིད་འཇུག་ཅིང་དབང་བླངས་པའི་རིམ་པ་ལེགས་པར་གྲུབ་བོ། སླར་མཆོད་པ་ཁ་གསོ་ཞིང་བདུད་རྩི་བྲན་ཏེ་ཐལ་སྦྱར་གྱིས། ༀ་ཨཱཿབིགྷྣཱན་སོགས། སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སོགས་མཆོད་པ་བྱིན་རླབས་གསུང་། ཤཔྡ་ལ་སོགས་མཆོད་རོལ་བྱ། ཌཱ་དྲིལ་རྣམས་ཕར་བཞག བདག་དང་ནམ་མཁའི་སོགས་སྐྱབས་འགྲོ་ཚར་གཅིག་གསུང་སྟེ་གུང་ཚིགས་གྲོལ། ཕྱི་དྲོ་ཡར་འཚོགས་ནས། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སོགས་ནས། བདག་འཇུག་ལུས་དབུལ་གྱི་བར་གོང་བཞིན་མཐར་ཆགས་སུ་གསུང་ཞིང་ཚར་གསུམ་རེ་གསུང་དགོས་པ་རྣམས་ལན་རེས་ཆོག བདག་འཇུག་ནི་གཉིས་ཀར་བླངས་དགོས་ཏེ། ཁྲིད་ཡིག་ལས་མཐར་སྒྲུབ་པ་གྲོལ་ཁར་བདག་འཇུག་བརྒྱ་སྟོང་སོགས་བླངས་དགོས་པར་གསུངས་པའི་ཕྱིར་རོ། །དེ་ནས་ཚོགས་ཀྱི་ཡོ་བྱད་ལ་ཆུ་གཙང་བྲན་ཅིང་སྤོས་གཟུག ༀ་ཨཱཿབིགྷྣཱན་སོགས་ནས་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ལན་གསུམ་བདུད་རྩི་བྲན་ལ། གཏོར་རྒྱས། ན་མོ་ཐབས་


KMC001_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཤེས་རབ་སོགས་ལན་གསུམ་མཐར་མཆོད་རོལ་འུར། བཞི་དྲིལ་གྱིས། ཧཱུྃ། བཞེངས་ཤིག་བླ་མ་སོགས་ནས། དགྲ་བགེགས་མ་ལུས་ཞི་བར་མཛོད་མཆོད་རོལ། བར་གཞུང་ལྟར་གསུང་ཞིང་བར་མཚམས་རྣམས་སུ་མཆོད་རོལ་དང་རོལ་འོག་སོ་སོའི་སྔགས་བཅས་གསུང་མཐར། ཚོགས་ཕུད་གཏོར་མར་བྲན་ཅིང་བདུད་རྩི་འཐོར་ལ། ༀ་ཨཱཿབིགྷྣཱན་སོགས་གཏོར་མ་བྱིན་གྱིས་རླབས་ཤིང་། ཕེཾ་ཕེཾ་ཕེཾ་གསུམ་གྱིས་གཏོར་མགྲོན་སྤྱན་དྲངས་ཤིང་། འབུལ་ཚིག་དང་སྔགས་བཅས་ཀྱི་མཐར། ལྷ་ཚོགས་རྣམས་ཀྱི་ལྗགས་ཧཱུྃ་ལས་སོགས་མཉེས་པར་གྱུར་ཏོ། ༀ་ཤྲཱི་བཛྲ་ཝཱ་རཱ་ཧི་བཛྲ་ཨཱརྒྷཾ་སོགས། ཤཔྡ་ལ་མཆོད་རོལ། པཉྩ་ཨ་མྲྀ་ཏ༴ མ་ཏངྒི་སོགས། བཞི་དྲིལ་ཕྱེད་རྒྱས། ༀ་བཅོམ་ལྡན་འདས་རྣམ་ཀུན་སོགས་དབང་ཕྱུག་མ་ལ་འདུད། གཏོར་རྒྱས། ༀ་ཁ་ཁ་ཁཱ་ཧི་ཁཱ་ཧི་སོགས་ལན་བཞི། རང་རྒྱས། ༀ་ཧྲཱིཾ་ཧྲཱིཾ་སོགས་ལན་གསུམ། ཕྲིན་བཅོལ། ཞིང་སྐྱོང་ཆེན་པོ་སོགས་བཞི་དྲིལ་གྱིས་གསུངས་མཐར་མཆོད་རོལ་མཇུག་སུམ་བརྡུང་གིས་བསྐང་བ། ཧཱུྃ། ཆོས་དབྱིངས་རྣམ་དག་སོགས་རྔ་ཚིག་གིས་གསུངས་མཐར་འབེབས་འོག་མན་ངག་ཡིག་བརྒྱ་ལན་གསུམ་གསུངས་མཐར་འུར་བཞག དེ་ནས་མ་མགོན་གྱི་གཏོར་འབུལ་མཚལ་མའམ་བསྡུས་པའི་ཁཾ་ཡིག་མ་གང་འོས་བཀྲ་ཤིས་བར་དཀྱུས་བཞིན་བཏང་མཐར། ལས་རྡོར་པས་ཐབས་ཤེས་ཀྱི་རང་བཞིན་


KMC001_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱི་ཡོ་བྱད་གྲལ་མཇུག་ནས་བཏེག་ལ། གཟིགས་ཤིག་མཛེས་ལྡན་སོགས་ཕག་མོའི་གཞུང་གདངས་རིང་བ་བྱ། ལེན་པོའི། བདེ་བར་གཤེགས་པ་སོགས་གྱེར། ཚོགས་དྲངས་ཤིང་དམ་ཚིག་དང་ལྡན་པས་རོལ། ཞབས་བརྟན་རིགས་གསུང་ལྷག་མ་བསྡུ། གཙང་ལྷག་ཀྱང་དེ་སྟེང་བསྲེས་ལ་བདུད་རྩི་བྲན་དཔལ་འབར་གཟུག ༀ་ཨ་ཀཱ་རོ་སོགས་རང་རྒྱས་ལན་གཅིག ཕུད་དང་ལྷག་མའི་སོགས། བཞི་དྲིལ་གྱིས། ཧཱུྃ་གཞན་ཡང་ལས་ཀྱི་སོགས་ནས། མེལ་ཚེ་མཛོད་མཆོད་རོལ་འུར་ལྷག་མ་ཕྱིར་དོར། མཆོད་པ་སྒོ་བྲན་བྱས་ལ། རྗེས་ཆོག་མཆོད་བསྟོད་རྒྱུན་པར། ༀ་ཤྲཱི་བཛྲ་ཝཱ་རཱ་ཧི་བཛྲ་ཨཱརྒྷཾ་སོགས། ཤཔྡ་ལ་མཆོད་རོལ། པཉྩ་ཨ་མྲྀ༴ མ་ཏངྒིས་མཆོད། བཞི་དྲིལ་ཕྱེད་རྒྱས། ཧྲཱིཿཞལ་གཅིག་སྤྱན་གསུམ་སོགས། མ་འབྱོར་པ་དང་སོགས་སྦྲེལ་བཟོད་པར་མཛོད། དྲིལ་གསིལ་གྱིས་ཡིག་བརྒྱ་ལན་གསུམ། རྡོར་དྲིལ་བཅས་ཐལ་སྦྱར་གྱིས། ལྷ་མོ་ཚད་མ་སོགས་གནས་ལ་འགོད། ཐལ་མོ་བཀན་ལ། བདག་དང་འགྲོ་ལ་སོགས། རྡོ་རྗེ་སྙིང་གར་རེག་ཅིང་། དགེ་བ་འདི་ཡིས་མྱུར་དུ་བདག །ཡི་དམ་ལྷ་ཚོགས་སོགས་འགོད་པར་ཤོག །བཞི་མཚམས་དྲིལ་གསིལ་དང་མེ་ཏོག་འཐོར་བཞིན་པར། བཀའ་བརྒྱུད་བླ་མས་སོགས། བར་ཆད་མེད་པའི་བཀྲ་ཤིས་ཤོག །མཐའ་རྟེན་ཤིས་བརྗོད་རྒྱུན་པར་


KMC001_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རེ་ཕག་མོའི་གཞུང་གདངས་རིང་བས་གྱེར་མཐར་མཆོད་རོལ་རིང་བ་བྱ། གཞན་ཡང་བཟང་སྤྱོད་སྨོན་ལམ་དང་ཕྱག་ཆེན་སྨོན་ལམ་སོགས་སྐབས་བསྟུན་གྱིས་གསུང་ཞིང་མཐར། བདག་གི་བདེན་གྲུབ་མས་མཐའ་བརྒྱན་པར་བྱའོ། གོང་གསལ་ཚུལ་དེ་ལྟ་བུས་སྒྲུབ་མཆོད་ཇི་ཙམ་གྱི་རིང་ཆོ་ག་ཚར་གཉིས་རེ་བཏང་བར་བྱ།། ༈ །།རྒྱུད་སྡེ་སྤྱིའི་སྦྱིན་སྲེག་གི་ཆོ་ག་བདུན་བཞི་དང་སྒྲིབ་གཉིས་སྲེག་ཅིང་ཚོགས་གཉིས་འོད་ཟེར་འགྱེད་བྱེད་ཅེས་བྱ་བ་ལས་ཞི་བའི་སྦྱིན་སྲེག་གི་འདོན་ཟིན་ནི། དེ་ལ་བཅའ་གཤམས་ཀྱི་རིམ་པ་ནི། གང་དུ་སྦྱིན་སྲེག་བྱ་བའི་གནས་སུ་ས་ཡི་སྟེགས་བུ་ཟླུམ་པོ་འདུ་བྱ་བ་སོགས་གྲུབ་ནས་ཐིག་གདབ་པ་ནི། ཚངས་ཟུར་བཞི་པོ་ལེགས་བཏབ་སྟེ། དབུས་ནས་ལག་སོར་བཅུ་གཉིས་དང་། སླར་ཡང་བཞི་པ་ཉིས་བསྐོར། རྒྱ་ཁྱོན་མཆུ་དང་ཁ་ཁྱེར་ཡིན། དེ་དབུས་སོར་བཞི་པད་ལྟེ་བསྐོར། །ཚངས་ཟུར་དབུས་གཤག་གཅུས་ཐིག་གདབ། པད་འདབ་བརྒྱད་འབྱུང་ཞི་བ་འགྲུབ། ཅེས་གསུངས་པ་ལྟར་གདབ་པར་བྱ། དེ་དག་གི་ཚོན་ནི། ཞི་བའི་ལས་ཐམས་ཅད་པ་ལ། ཕྱོགས་བཞི་དམར། ཤར་ལྷོ་དང་ནུབ་བྱང་སེར། ལྷོ་ནུབ་ལྗང་། བྱང་ཤར་སྔོན་པོ། ལྟེ་བ་ལྗང་གུའི་སྟེང་དུ་དོ་རྗེ་དཀར་པོ་བཀོད། ཞི་བ་ཁོ་ནའི་ལས་ཡིན་ན་པདྨ་ཐམས་ཅད་དཀར་པོ་བྱེད་དགོས། ཁ་ཁྱེར་ལ་རྡོ་རྗེ་དཀར་པོའི་དཀར་པོའི་ཕྲེང་བ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བྲིས་ཏེ་རྡུལ་ཚོན་གྱི་ཁ་བསྒྱུར་བར་བྱ། དེ་ནས་བུད་ཤིང་སོ་སོའི་རྒྱུ་མཐུན་ནམ་ཤུག་པ་སོགས་དྲི་ཞིམ་ཅན་སྲོག་ཆགས་མེད་པ། ཐབ་གྱི་དབྱིབས་


KMC001_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

དང་མཐུན་པར་མཆུ་ཡི་ནང་དམ་པར་བརྩིགས་པའི་ནང་གི་ཤར་ལྷོ་པག་ཀོང་ལས་མཐུན་མར་ཁུས་བཀང་བ་སྡོང་བུ་ཅན་བཞག་དགོས། སློབ་དཔོན་གྱི་གཡོན་ཕྱོགས་སུ་སྟེགས་བུ་ཁེབས་ལྡན་བང་རིམ་དང་པོར་མར་ལས་བཅོས་པའི་འདས་གཏོར་ལྔ་ཚོམ་བཤམས། དེ་ཡི་མདུན་ཅུང་དམའ་བར་ཆུ་བཞི་སྔོན་previous hit དུ་འགྲོ་བའི་ཉེར་སྤྱོད་ཕྲེང་ཚར་མཆོད་ངོ་གཡོན next hit་བསྟན་དང་། དེ་འོག་མེ་ལྷའི་དཀར་ཟླུམ་ཉི་ཟླ་ནོར་བུས་མཚན་པ་བཤམས་མདུན་ཆུ་བཞི་སྔོན་འགྲོས་ཉེར་སྤྱོད་ཕྲེང་ཚར་བཀོད། གོང་གསལ་མཆོད་པ་གཉིས་པོ་རེ་རེ་བཞིན་གསར་དུ་བརྗེ་བའམ་ཁ་གསོ་ངེས་པར་དགོས། གཡས་ཕྱོགས་སུ་སྟེགས་བུ་ཁེབས་ལྡན་གྱི་སྟེང་། ཡམ་ཤིང་བྱང་ཆུབ་ཀྱི་ཤིང་སོགས་འོ་མ་ཅན་ལྔ་བཤད་ཀྱང་། མ་འབྱོར་ན་བ་ལུ་སོགས་འོ་མ་ཅན་དུ་བཏགས་པའི་རྩེ་མོའི་ཆ་ལས་བྱུང་བ་ཕྲ་སྦོམ་མཐེའུ་ཆུང་གི་ཚད་ཙམ་ལ་སོར་བཅུ་གཉིས་པ། སྦྲང་རྩི། འོ་མ། མར་ཁུ་རྣམས་ཀྱིས་རྩི་མོ་སྦགས་པ། མར་ཁུ། ཏིལ་ནག་ཡུངས་དཀར། ཞོ་འོ་མངར་གསུམ་སོགས་བསྲེས་པའི་ཟས་མཆོག་ཞོ། འབྲས། སོ་བ། ནས། སྲན་མ། གྲོ། དུརྦ། ཀུ་ཤ་སྔོན་པོ་རྩ་རྩེ་མ་ཉམས་པ་མར་འོས་སྦགས་པ། ཤིང་ཏོག་སྣ་ཚོགས་རྣམས་སྣོད་སོ་སོར། དཀྱིལ་འཁོར་པ་ལ་མང་བར་བྱ་ཞིང་། མེ་ལྷར་ཉུང་བ་བཅས་ཆ་ཚང་ཕྲེང་གཉིས་སུ་བཤམས་པའི་མཐར། དཀྱིལ་འཁོར་པ་ལ་ཤིང་ཐོག་གི་མཇུག་ཏུ་དར་སྣ། གོས་སྣ་སོགས་ན་བཟའ། ཙན་དན་དཀར་དམར། ཙམ་པ་ཀ་སོགས་མེ་ཏོག་ཨ་ཀ་རུ་སོགས་སྤོས་ཀྱི་རིགས་བཅས་བཤམས། སློབ་དཔོན་གྱི་མདུན་མེ་


KMC001_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ཡོལ་རྡོ་ལེབ་ངོས་སུ་བྲག་རི་དང་བཾ་ཡིག་བཅས་བྲི་སྲོལ་སྣང་། མདུན་ནམ་གཡས་གཡོན་གང་བདེར་ལྕོགས་རྩེའི་ཁར། ནང་མཆོད། ཌཱ་རུ། རྡོ་རྗེ། དྲིལ་བུ། དགང་བླུགས་ཁ་སྦྱར། མེ་ཏོག་བསངས་གཏོར་གྱི་ཀུ་ཤ་རླུང་གཡབ་རྣམས་བཤམས། སློབ་དཔོན་ཁྲུས་དང་གཙང་སྦྲ་ལེགས་པར་བྱས་ནས་ཆས་གོས་དཀར་པོ། རིགས་ལྔ་ཐོར་ཚུགས་སོགས་བགོ་ཞིང་སྟན་ལ་འཁོད། སྒྲུབ་པོ་གཞན་རྣམས་ཀྱང་རོལ་ཆས་དང་། ནང་མཆོད། ཌཱ་དྲིལ་བཅས་མདུན་དུ་བཤམས་ལ། འདོན་ཟིན་དངོས་ནི། སློབ་དཔོན་གྱིས་རང་གཞན་གྱི་རྡོར་དྲིལ་ལ་ནང་མཆོད་བྲན་ཏེ། ༀ་ཨཱཿབིགྷྣཱན་སོགས། སྭ་བྷཱ་ཝ་སོགས། མེ་ལྷའི་གདངས། རྡོར་དྲིལ་མི་དམིགས་སོགས་ནས། ལག་མཐིལ་གཡས་སུ་སོགས་ཚིག་གསལ་ལྟར་ལག་པ་གཉིས་བཀན་གསལ། རྡོ་རྗེ་བླངས་ཏེ། ༀ་མ་ཧཱ་སོགས། དྲིལ་བུ་བླངས་ལ། ༀ་བཛྲ་སོགས། ༀ་སརྦ་ཏ་ཐཱ་ག་ཏ་སོགས་ལ་རྡོ་རྗེ་ལན་གསུམ་གསོར་ཞིང་སླར་སྙིང་གར་གཏད་དེ་བཟུང་། ༀ་བཛྲ་གྷཎྜེ ་ར་ནི་ཏ་སོགས་ལ་དྲིལ་བུའི་ནང་གི་ཕྱོགས་མཚམས་བརྒྱད་རེག་སྟེ་གསིལ་བཞིན་པར། ཨཱཿཁཾ་སྭཱ་ཧཱའི་བར་ལན་གཅིག དེ་ནས་རྡོ་རྗེ་སྙིང་གར་བཟུང་ཞིང་དྲིལ་བུ་སྒྲ་ཆེ་བ་གསུམ་བཀྲོལ་ལ་སངས་རྒྱས་ཀྱི་ཞིང་ཀུན་སྒྲས་མཆོད་པར་མོས་ཤིང་མཉམ་པར་བཞག འདི་ནས་གཟུང་སྦྱིན་སྲེག་མ་གྲོལ་གྱི་བར་ངག་སྨྲ་བཅད། ལག་པ་རྡོར་དྲིལ། ཡིད་ཏིང་ངེ་འཛིན་དང་མ་བྲལ་བར་དགོས། དེ་ནས་སྔོན་འགྲོའི་གཏོར་མ་བདུད་རྩི་བྲན་ཅིང་།


KMC001_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་ཨཱཿབིགྷྣཱན་སོགས། སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་སོགས་ནས། མགོ་བོ་ཚལ་པ་བརྒྱར་འགས་འགྱུར་མཆོད་རོལ་འོག་གཏོར་མ་དོར་ཞིང་། སློབ་དཔོན་གྱིས་རྫས་ཀུན་ལ་ཡུངས་ཀར་བྲབ། འོག་ཐམས་ཅད་རྡོ་རྗེའི་སོགས། ཧཱུྃ། འདི་ལྟར་ལྷ་མོ་སོགས་ནས། ཕྱི་ནང་བར་ཆད་བཟློག་ཏུ་གསོལ་མཆོད་རོལ། མེ་སྦར་ནི། གཙུབ་ཤིང་ངམ་རུང་ཁང་ལས་བྱུང་མེར་བདུད་རྩི་བྲན་ལ། ༀ་ཨཱཿབིགྷྣཱན་སོགས། དཔལ་འབར་སྦར་ཏེ་སླར་ཡང་ནང་མཆོད་བྲན་ལ། ༀ་ཨཱཿབིགྷྣཱན་སོགས་ཀྱིས་བསང་། ༀ་བཛྲ་ཛ་ལ་ལན་གསུམ་ལ་གཡས་བསྐོར་གྱིས་མེ་སྦར། ༀ་ཨཱཿཧཱུྃ་ལན་གསུམ་གྱིས་རླུང་གཡབ་གྱིས་གཡོབ ། ༀ་ཨཱ་བིགྷྣཱན་སོགས་ལས་སྔགས་ལན་བདུན་གྱིས་མར་ཁུ་ཕུལ། སློབ་དཔོན་ཡར་བཞེངས་ཀུ་ཤ་གཟུང་། ༀ་ཀུ་ཤ་འདི་ནི་སོགས་མཛད་དུ་གསོལ། ༀ་བཛྲ་ས་ཏྭ་ལན་བཅུ་གསུང་རིང་རང་གི་དཔུང་previous hit གཡོན་ནས་འགོ་བརྩམས་ཏེ། ཐོག་མར་རྩེ་མོ་འབྱུང་བའི་ཤར་དུ next hit་བསྟན་ཏེ་དགྲམ་ལ་གདན་དུ་འཁོད། དེ་ནས་མཆོད་པ་རྣམས་ལ་བདུད་རྩི་འཐོར་ཞིང་། ༀ་ཨཱཿབིགྷྣཱན་སོགས། སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཡིག་གི་ཚོགས་དཔག་ཏུ་མེད་པ་འོད་དུ་


KMC001_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་རྡོ་རྗེའི་མཆོད་ཡོན། ཞབས་བསིལ། ཞལ་བསིལ། གསང་གཏོར། མེ་ཏོག བདུག་སྤོས་སོགས། ༀ་བཛྲ་ཨཱརྒྷཾ་ཨཱཿཧཱུཾསྭཱ་ཧཱ། དེ་བཞིན་དུ། པཱདྱཾ༴ ཨ་ཙ་མཱ་ནཾ༴ པྲོ་ཀྵ་ནཾ། ཤཔྡ་ལ་མཆོད་རོལ། སླར་སྲེག་རྫས་རྣམས་ལ་བདུད་རྩི་འཐོར་ཏེ། ༀ་ཨཱཿབིགྷྣཱན་སོགས། སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་རླུང་གི་དཀྱིལ་འཁོར་སོགས་ནས་རྒྱ་མཚོ་ཆེན་པོར་གྱུར། ངོ་བོ་བདུད་རྩིའི་རང་བཞིན་ལ། རྣམ་པ་སྲེག་རྫས་སོ་སོར་གྱུར་ཞེས་སྦྱར་ཏེ། ༀ་ཨཱཿཧཱུྃ། ༀ་ཋ་ཋ་སོགས། དགང་བླུགས་ཁ་སྦྱར་གྱིས་སོ་སོར་རེག་ལ། ༀ་ཨཱཿསྭཱ་ཧཱ་ནས། ཀུ་རུ་ཀུ་རུ་སྭཱ་ཧཱའི་བར་ལན་གསུམ་རེས་བྱིན་རླབས། དེ་ནས་ཐབ་བྲན་ལ། ༀ་ཨཱཿབིགྷྣཱན་སོགས། སྭ་བྷཱ་ཝ་སོགས། མེ་ལྷའི་གདངས་ཀྱིས། ཐབ་ཁུང་མི་དམིགས་སོགས་ནས། ཚངས་སྐུད་དཀར་པོས་བརྒྱན་གྱི་མཚམས་སུ། ར་སྐྱེས་ལ་གནས་སོགས་སྦྲེལ་སྤྱན་དྲངས་ཏེ། ལག་གཡོན་པས་གཡས་ཀྱི་མཁྲིགས་མ་ནས་བཟུང་། མཐེ་བོང་སྲིན་ལག་གི་རྩ་བར་གཡོབ་ཅིང་། མེ་ལྷའི་གདངས་ཀྱིས། ༀ་ཚུར་སྤྱོན་ཚུར་སྤྱོན་སོགས་བསྙེན་པར་གསོལ། ༀ་ཊཀྐི་ཧཱུྃ་ཛཿཀུ་ཤ་རྒྱ་གྲམ་བཅིངས་པ་ཕུལ་ལ། ཐབ་ཀྱི་ཤར་ལྷོ་སོགས་


KMC001_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཞུགས་པར་གྱུར། དེ་ནས་ཆུ་བཞི་ཕུལ་ལ། ༀ་ཨཱགྣ་ཡེ་ས་པ་རི་ཝཱ་རཱ་ཨཱརྒྷཾ་སོགས། རྩེ་གསུམ་རྒྱས། ༀ་བཛྲ་ཨ་ན་ལ་སོགས་དྲིལ་གསིལ་གྱིས་ཚར་གཅིག ཛཿཧཱུྃ་བཾ་)ཧོཿསོ,གས་རྣམ་སྣང་མཛད་ཀྱིས་དབུ་བརྒྱན་གྱུར། མེ་ཏོག་ཕྱིན་གྱི་མཆོད་ཕྲེང་ཕུལ་ལ། ༀ་ཨཱགྣ་ཡེ་སོགས་པུཥྤེ་ནས། ཤཔྡའི་བར་མཆོད་རོལ། འཇིག་རྟེན་དབང་ཕྱུག་སོགས་རྣམ་པར་འདུད་མཆོད་རོལ། དགང་བླུགས་བཟུང་ལ། དགང་བླུགས་ཁ་ལ་སོགས། ན་མ་ས་མནྟ་སོགས་ལན་བདུན་གྱིས་མར་ཁུ་ཕུལ་མཐར། བདག་+ཅག་དཔོན་སློབ་སོགས་ནས་ཀུ་རུ་སྭཱ་ཧཱ་མཆོད་རོལ། དེ་ནས་མེ་ལྷའི་སྲེག་རྫས་རྣམས་རིམ་པར་ཕུལ་ལ། ༀ་ཨཱགྣ་ཡེ་ས་པ་རི་ཝཱ་རཱ་ༀ་བོ་དྷི་བྲིཀྵ་ཡ་སྭཱ་ཧཱ། ཞེས་ལྷ་སྔགས་ཚར་གཅིག་གིས་འགོ་དྲངས་ཏེ་རྫས་སྔགས་ལ་གྲངས་བཟུང་ནས་མཐར། ༀ་བོདྡྷི་བྲི ཀྵ་ཡ། བདག་+ཅག་དཔོན་སློབ་སོགས་འདོད་གསོལ་རེ་སྦྱར་བ་འོག་མ་རྣམས་ལ་རིགས་འཕྲུལ་ཤེས་པར་བྱ། མེ་ལྷར་ཐོག་མར་ལན་བདུན་རེ་དང་། འདོད་གསོལ་ལ་དྲིལ་གསིལ་བྱ། གོང་གསལ་ཚུལ་དེ་ལྟས་ཤིང་ཏོག་བར་ཕུལ་ལ་མཐར། ༀ་བཛྲ་ཥཱེ་བཱ་ཡ། *བདག་ཅག་དཔོན་སློབ་སོགས་ཀུ་རུ་སྭཱ་ཧཱ་མཆོད་རོལ། མཆོད་བསྟོད་ནི། པོད་ཏ༽ པའི་དབྱིན་ཇི་ཨང་གྲངས་༤༨༩ ནང་གསལ། ཐལ་སྦྱར་བཅས། གཙང་ཞིང་གཙང་མར་སོགས། བཞེས་ནས་ཞི་


KMC001_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྲིན་ལས་མཛོད། ༀ་ཨཱགྣ་ཡེ་ས་པཱ་རི་ཝཱ་རཱ་པུཥྤེ་སོགས་མེ་ལྷའི་མཆོད་ཕྲེང་ཕུལ་དགོས། ཤཔྡ་པྲ་ཏི་ཙྪ་སྭཱ་ཧཱ་མཆོད་རོལ། གཙང་ཞིང་༴ ལྷ་རྫས་འཆི་མེད་སོགས་ལ་ནང་མཆོད་དབུལ། གཙང་ཞིང་༴ ཟུང་འཇུག་བདེ་ཆེན་སོགས་སྔགས་ལ་འཁྱུད་རྒྱ་བཅས། འཇིག་རྟེན་དབང་ཕྱུག་སོགས་ཀྱིས་བསྟོད་མཆོད་རོལ། དྲང་སྲོང་*ཆེན་པོ་སོགས། ༀ་ཨཱགྣ་ཡེ་སོགས་ལན་གསུམ་གྱིས་མར་ཁུ་ཕུལ། ༀ་ཨཱཿབིགྷྣཱན་སོགས་ལས་སྔགས་ཚར་གཅིག་གིས་མེ་ཐབ་བསང་ལ། མེ་ལྷ་འཁོར་དང་སོགས་རྣམ་པར་གྱུར། དེ་ཡི་དབུས་སུ་ཨེ་ལས་ཆོས་ཀྱི་འབྱུང་གནས་སོགས་མདུན་བསྐྱེད་ལྟར་གཙོ་འཁོར་རྣམས་བསྐྱེད་ཅིང་། གཙོ་མོ་དང་མཚུངས་པའོ་མཆོད་སིལ་ཁ་ཚག་རིང་བའི་འོག་ལས་རྡོར་གྱིས་སྤོས་སྣ་བཟུང་བས་སློབ་དཔོན་ནང་དུ་བྱོན། ཡིག་བརྒྱ་བརྗོད་བཞིན་པར་མཆོད་ཡོན་སྤྲེང་། སྤོས་འཛིན་པས་པས། རྟེན་ནི་རྡུལ་ཚོན་དཀྱིལ་འཁོར་ལ། བཞུགས་པའི་བརྟེན་པ་དཀྱིལ་འཁོར་པ། ཐབ་ཀྱི་དབུས་ཀྱི་དཀྱིལ་འཁོར་དུ། དེང་འདིར་སྤྱན་འདྲེན་གཤེགས་སུ་གསོལ། ཞེས་སྙན་གསན་དབབ་སྟེ། ༀ་བཛྲ་བཻརོ་ཙ་ནཱི་ཡཻ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ༀ་བཛྲ་ཌཱ་ཀི་ནི་སོགས་གཙོ་འཁོར་སོ་སོའི་སྙིང་པོ་བརྗོད་བཞིན་པར་མེ་ཏོག་ལྷ་ཡི་ངོ་བོར་མོས་ཏེ། རྡུལ་ཚོན་ནས་ལེན་ཚུལ་


KMC001_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རིན་པོ་ཆེའི་སྣོད་དུ་བླངས་ཤིང་བཀུར་བསྟི་དང་བཅས་སྦྱིན་སྲེག་གི་ཁང་པར་ཏེ་ཐབ་ལ་བསྐོར་བ་གསུམ་བཅས་ཤར་ངོས་སུ་འགྲེང་སྟེ་བཞུགས་མཆོད་རོལ་བཞག འབར་བའི་རྒྱས། ཕེཾ་ཕེཾ་ཕེཾ། རང་རྒྱས་ༀ་ཤྲཱི་བཛྲ་ཝཱ་རཱ་ཧི་བཛྲ་ཨཱརྒྷཾ་པྲ་ཏིཙྪ་སྭཱ་ཧཱ་སོགས་ནས། ཤཔྡ་མཆོད་རོལ། པཉྩ་ཨ་མི་ཏ༴ མ་ཏངྒིའི་བར་མཆོད། དེ་ནས་མེ་ཏོག་གཡས་བསྐོར་གྱིས་ཐབ་ཏུ་དོར་བཞིན་པར་། ༀ་བཛྲ་བཻ་རོ་ཙ་ནི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་བཛྲ་ས་མཱ་ཡ་སྟྭྃ་སེ་གོལ། དེ་བཞིན་དུ། ༀ་བཛྲ་ཌཱ་ཀི་ནཱི་ཡཻ་སོགས་ནས། ཀརྨ་ཌཱ་ཀིའི་བར་སོ་སོའི་མཐར། བཛྲ་ས་མཱ་ཡ་སྟྭྃ་སྦྱར་དགོས། ཐབ་ཀྱི་པདྨའི་དབུས་སུ་བཞུགས་པར་གྱུར། སློབ་དཔོན་མར་བཞུགས། གཙོ་མོའི་གསང་གནས་སུ་སོགས་ནས། བཛྲ་ས་མཱ་ཛཿམཆོད་རོལ་འུར། བཞི་དྲིལ་ཕག་མོའི་གཞུང་གདངས་ཀྱིས། ཧཱུྃ། སྣང་བ་ཆོས་སྐུའི་གཞལ་ཡས་སོགས་མཐར་མཆོད་རོལ་འུར། གདན་རྒྱས་གདངས་གོང་ལྟར་བཞི་དྲིལ། བཅོམ་ལྡན་འདིར་ནི་སོགས། སྟོང་གསུམ་ཀུན་དང་སོགས་ལཱ་ཡ་སྟྭྃ། ༀ་ཤྲཱི་བཛྲ་ཝཱ་རཱ་ཧི་བཛྲ་ཨཱརྒྷཾ་སོགས། འདི་སྐབས་མཆོད་ཕྲེང་མི་དགོས་ཕྱག་རྒྱས་ཆོག ཤཔྡ་མཆོད་རོལ་འོག་ཏུ་སྔགས་གསུང་། དེ་རྣམས་ཀྱི་སྐུ་ལས་སོགས་གཉིས་སུ་མེད་པར་གྱུར། དགང་བླུགས་བཟུང་ལ། དགང་བླུགས་ཁ་ལ་ཧཱུྃ་ཡིག་སོགས་


KMC001_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་པར་གྱུར། ༀ་བཛྲ་བཻ་རོ་ཙ་ནི་ཡཻ་ཧ་རི་ནི་ས་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སྙིང་པོ་ལན་བདུན་གྱིས་མར་ཁུ་ཕུལ་མཐར། བདག་ཅག་དཔོན་སློབ་སོགས་འདོད་གསོལ་སྦྱར་བ་བཅས་ལན་གསུམ་གྱི་དང་པོ་གཉིས་ལ་ཧྲུག་འདོན་དྲིལ་གསིལ་དང་། འདོད་གསོལ་རྗེས་-མར་མཆོད་རོལ། དེ་ནས་མཆོད་བསྟོད་ནི། ༀ་ཨཱཿབིགྷྣཱན་སོགས། སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སོགས་གོང་ལྟར་ཆུ་བཞི་སྦྱར་དགོས། ཤཔྡ་མཆོད་རོལ། རྒྱལ་བའི་སྐུ་ལ་སོགས་ནས། ཁམས་གསུམ་གནས་པའི་དྲི་མ་དག་གྱུར་ཅིག ༀ་ཤྲཱི་བཛྲ་ཝཱ་རཱ་ཧི་བཛྲ་ཨཱརྒྷཾ་པྲ་ཏིཙྪ་སོགས། དེ་བཞིན། པཱདྱཱཾ༴ ཨ་ཙ་མཱ་ནཾ༴ པྲོ་ཀྵ་ནཾ༴ སྦྱར་ཏེ་ཆུ་བཞི་དང་། དཀྱིལ་འཁོར་ཀུན་ཏུ་སོགས་ནས་དཀྱུས་བཞིན་གསུང་སྟེ་དཀྱིལ་འཁོར་པའི་མཆོད་ཕྲེང་ཕུལ་ལ། ནང་མཆོད་འབུལ་བའི་བར་མཐར་ཆགས་སུ་མཆོད་བཞི་བསྟོད་བཞི་བྱ། དེ་ནས་བསྲེག་རྫས་འབུལ་བ་ནི། རྒྱས་སྐབས་གཙོ་འཁོར་སོ་སོར་འབུལ་བ་ཡིན་ཀྱང་ཕྱག་བཞེས་སུ་གཙོ་སྔགས་ལ་ས་པ་རི་ཝཱ་རཱ་སྦྱར་ཆོག་པར་གསུངས་པ་ལྟར་མཛད་སྲོལ་སྣང་བས་དེ་ལྟར་ན། ༀ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧ་རི་ནི་ས་ས་པཱ་རི་ཝཱ་རཱ་ༀ་བོ་ངྷི་བྲིཀྵ་ཡ་སྭཱ་ཧཱ། ཅེས་སྔགས་ཕྲེང་ཚར་རེ་ཐོག་དྲངས་ཏེ་རྫས་སྔགས་རེ་དང་ཡམ་ཤིང་རེ་བསྟུན་ལ་ལན་ལྔ་བཅུ་རེ་འབུལ། མཐར་ༀ་


KMC001_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ངྷི་བྲིཀྵ་ཡ། བདག་ཅག་དཔོན་སློབ་སོགས་ནས་ཀུ་རུ་སྭཱ་ཧཱ་མཆོད་རོལ། ཚུལ་དེ་འདྲས་ཡམ་ཤིང་ནས་ཤིང་ཏོག་གི་བར་དཀྱིལ་འཁོར་པའི་བསྲེག་རྫས་རྣམས་ཆ་ཚང་ཕུལ་མཐར། ཕྱོགས་དུས་ཀུན་ན་འཇམ་མཉེན་སོགས་སྩལ་དུ་གསོལ། ༀ་ཤྲཱི་བཛྲ༴ སོགས་ཀྱིས་ན་བཟའ་ཕུལ། དཀྱིལ་འཁོར་ཀུན་ཏུ་རྒྱལ་བ་སོགས་ཀྱིས་མེ་ཏོག་ཕུལ། ཚུལ་ཁྲིམས་དྲི་ལྡན་སྤོས་མཆོག་སོགས་ཀྱིས་སྤོས་ཀྱི་རིགས་ཕུལ། ༀ་བཛྲ་བཻ་རོ་སོགས་སྙིང་པོ་ལ་ༀ་ཨཱཿཧཱུྃ་བཏགས་པས་རིན་ཆེན་སྨན་གྱི་རིགས་བཅས་ཆ་ཚང་ཕུལ་བ་ལས་གྲངས་བསགས་མི་དགོས། དེ་ནས་བསྙེན་པའི་ཁ་སྐོང་གི་ཆེད་དུ་འབྲུ་གཙང་གང་རུང་གི་ཕྱེ་ལ་གོང་གསལ་བསྲེག་རྫས་ཚང་མ་ཕྱོགས་གཅིག་ཏུ་བསྲེས་པར་མར་ཁུ་རིན་པོ་ཆེ་ཕྱེ་མའི་རིགས་སོགས་གང་མཛོམ་ལེགས་པར་སྦྲུས་གང་ཡོད་ཀྱིས་སླ་ཆོས་སུ་མ་སོང་བར་གཙང་ཞིང་སྲོག་ཆགས་སོགས་དང་སེར་སྣའི་དྲི་མས་མ་སྦགས་པར་གལ་ཆེ། དེ་ནས་ཀ་ཌོ་ར་སོགས་ཀྱི་ནང་རྫས་སྤུངས་ཏེ་ཕུལ་ལ། ༀ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧ་རི་ནི་ས་ས་པཱ་རི་ཝཱ་རཱ་ༀ་ཨཱཿཧཱུྃ། ཞེས་སྙིང་པོ་ལ་འབྲུ་གསུམ་བཏགས་ཏེ་ཕུལ་ལ་གྲངས་བཟུང་ཚར་བརྒྱ་རེའམ་སུམ་བརྒྱའི་མཚམས་འདོན་གསོལ་ནི། སྒྲུབ་པ་པོའི་ནད་གདོན་སྡིག་སྒྲུབ་སྔགས་ཀྱི་ལྷག་ཆད་ལ་སོགས་པའི་ཉེས་པ་ཐམས་ཅད་ཤིནྟིཾ་ཀུ་རུ་སྭཱ་ཧཱ་མཆོད་སིལ་བྱ། སླར་གོང་ལྟར་


KMC001_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་གསོག་གིས་རིགས་འགྲེ་བར་བྱ། དེ་ནས་རྗེས་ཀྱི་མཆོད་བསྟོད་གཏོར་འབུལ་ནི། ༀ་ཨཱཿབིགྷྣཱན་སོགས། སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སྣོད་ཡངས་ཤིང་སོགས། ཆུ་བཞི་སྦྱར་པ་སོགས་གོང་ལྟར་གྱིས། ཤཔྡ་ལ་མཆོད་རོལ། རྒྱལ་བའི་སྐུ་ལ་སོགས་ཆུ་བཞི་དགོས། ཤཔྡ་མཆོད་རོལ་འོག་ཏུ་སྔགས་དང་ནང་མཆོད་འབུལ། བཅོམ་ལྡན་འདས་མ་རྡོ་རྗེ་རྣམ་འབྱོར་མ་སོགས་འཕྲུལ་མོ་ཆེ་ལ་ཕྱག་འཚལ་ལོ་མཆོད་རོལ། གཏོར་བསྔོས་ནི་འདས་གཏོར་དགང་གཟར་ནང་བཞག་སྟེ་བྲན་ལ། ༀ་ཨཱཿབིགྷྣཱན་སོགས། སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་ལས་སོགས་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ལན་གསུམ། ༀ་བཛྲ་བཻ་རོ་ཙ་ན་ཡཻ་སོགས་གཏོར་མར་མར་ཁུ་བྲན་བཞིན། སྙིང་པོའི་མཐར་ཨི་དཾ་བ་ལིཾ་སོགས་ལན་གསུམ། འཁོར་སྔགས་མི་དགོས། བཞི་དྲིལ་བཅས། བཅོམ་ལྡན་འཁོར་དང་བཅས་རྣམས་ཀྱིས། མཆོད་སྦྱིན་གཏོར་མ་སོགས་ཀུན་འགྲུབ་མཛོད་མཆོད་རོལ། གཏོར་མ་ཕུལ། ༀ་བཛྲ་བཻ་རོ་ཙ་ནཱི་སོགས་སྙིང་པོ་ལན་བདུན་གྱིས་མར་ཁུ་ཕུལ་ལ། ཐལ་སྦྱར་བཅས་མེ་ལྷའི་གདངས་ཀྱིས། ལྷག་པའི་ལྷ་མཆོག་སོགས་ཀྱིས་འདོད་དོན་གསོལ་བ། ཞི་ཞིང་མེད་པར་མཛད་དུ་གསོལ་གྱི་བར་དང་མཆོད་རོལ།


KMC001_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ༀ་ཤྲཱི་བཛྲ་ཝཱ་རཱ་ཧི་བཛྲ་ཨཱརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། དེ་བཞིན། པཱདྱཱཾ༴ ཨ་ཙ་མཱ་ནཾ༴ པྲོཀྵ་ནཾ༴ པུཥྤེ་སོགས། ཤཔྡ་མཆོད་རོལ། ཐོག་མའི་ཆུ་གསུམ་ཅུང་ཟད་བཞག་གཞན་རྣམས་ཆ་ཚང་ཕུལ་དགོས། པཉྩ་ཨ་མྲྀཏ ༴ མ་ཏངྒིས་མཆོད། ཧཱུྃཿཞལ་གཅིག་སྤྱན་གསུམ་སོགས། ཡུམ་གྱུར་མ་ལ་ཕྱག་འཚལ་བསྟོད། ཡིག་བརྒྱ་ལན་གསུམ་བརྗོད། རྡོར་དྲིལ་བཅས་ཐལ་སྦྱར་གྱིས། མ་འབྱོར་པ་དང་སོགས། གང་ཡང་བདག་བློ་སོགས། རྫོགས་སངས་རྒྱས་དང་སོགས་ཀྱིས་ནོངས་པ་བཤགས་ནས། གཤེགས་གསོལ་གྱི་རིམ་པ་ནི། ཆུ་གཉིས་རིམ་བཞིན་ཕུལ་ལ། ༀ་ཤྲཱི་བཛྲ་ཝཱ་རཱ་ཧི་བཛྲ་ཨ་ཙ་མ་ནཾ་པྲ་ཏཱི་ཙྪསོགས་དང་། པྲོཀྵ་ནཾ༴ སླར་ཕྱག་གཉིས་ཀྱིས་གུས་པ་དང་མཆོད་ཡོན་དཔྲལ་བའི་ཐད་ནས་སྤྲེང་ལ་ཡིག་བརྒྱ་ཚར་གཅིག་བརྗོད། ༀ། ཁྱོད་ཀྱི་སེམས་ཅན༴ རྗེས་སུ་མཐུན་པའི༴ རས་བྲིས་སམ། རྡུལ་ཚོན་གནས་སུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །སློབ་དཔོན་བཞེངས་ལ། ༀ་བཛྲ་བཻ་རོ་ཙ་ནི་ཡཻ་སོགས་སྙིང་པོ་བརྗོད་བཞིན་པས་མེ་ཏོག་previous hit གཡོན་སྐོར་གྱིས་ཐབ་དབུས་ནས་ལེན་ཚུལ་གྱིས་སྣོད་དུ next hit་བླངས་ལ། ཀརྨ་ཌཱ་ཀིའི་མཐར་མཆོད་སིལ་འོག་ལས་རྡོར་པས་སྤོས་སྣ་བཅས་ཐབ་ལ་གཡས་སྐོར་གྱིས་ཡར་གདན་དྲངས་ནས་དཀྱིལ་འཁོར་དྲུང་དུ། ༀ་


KMC001_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་བཻ་རོ་སོགས་བཛྲ་ས་མཱ་ཡ་སྟྭཾ། ༀ་བཛྲ་ཌཱ་ཀི་ནི་སོགས་གོང་བཞིན་སྦྱར་ཏེ་མེ་ཏོག་དཀྱིལ་འཁོར་ལ་མ་གནོད་པར་གཏོར། རས་བྲིས་སམ་རྡུལ་ཚོན་གྱི་ནི་དཀྱིལ་འཁོར་ལ། །ལྷ་ཚོགས་ཐམས་ཅད་ཐིམ་པར་གྱུར། །ཅེས་བརྗོད་དེ་མར་བྱོན་གདན་དུ་འཁོད་མཚམས་མཆོད་སིལ་བཞག གསུམ་པ་རྗེས་ཀྱི་ཆོ་ག་ནི། ༀ་ཨཱགྣ་ཡེ་ཛྭ་ལ་རཾ་ལན་གསུམ་གྱིས་མར་ཁུ་ཕུལ། སླར་ཡང་མེ་ལྷ་སོགས་ཚོགས་པར་གྱུར། བསྲེག་རྫས་ཡམ་ཤིང་ནས་ཤིང་ཏོག་བར་ལན་རེ་འབུལ་ལ། ༀ་ཨཱགྣ་ཡེ་ས་པཱ་རི་ཝཱ་རཱ་ༀ་བོ་ངྷི་བྲིཀྵ་ཡ་སྭཱ་ཧཱའི་མཐར། འདོད་གསོལ། བདག་ཅག་དཔོན་སློབ་སོགས་དྲིལ་གསིལ་བཅས་ཤིང་ཏོག་བར་རིགས་འགྲེ་ཞིང་རྗེས་མར་མཆོད་སིལ་བྱ། གཙང་ཞིང་གཙང་མར་སོགས་ཞི་བའི་ཕྲིན་ལས་མཛོད། ༀ་ཨཱགྣ་ཡེ་ས་པཱ་རི་ཝཱ་རཱ་པུཥྤེ་སོགས་ཉེར་སྤྱོད་རྣམས་ཆ་ཚང་ཕུལ། ཤཔྡ་ལ་མཆོད་རོལ། འཇིག་རྟེན་དབང་ཕྱུག་སོགས་རྣམ་པར་འདུད་མཆོད་རོལ། མེ་ལྷའི་གཏོར་མ་དགང་གཟར་ནང་བཞག་སྟེ་བྲན་ལ། རང་རྒྱས་ༀ་ཨ་ཀཱ་རོ་ལན་གསུམ་གྱིས་བརླབས། མར་ཁུ་སྤྲེང་བཞིན་པར། ༀ་ཨཱགྣ་ཡེ་ས་པཱ་རི་ཝཱ་རཱ་ཨི་དཾ་སོགས་གཏོར་རྒྱ་བཅས་ལན་གསུམ་བརྗོད། མེ་སྟེ་བསྲེག་བྱ་སོགས་ཧྲུག་འདོན་གྱིས་ཀུན་འགྲུབ་མཛོད་མཆོད་རོལ། གཏོར་མ་ཕུལ། འདོད་གསོལ་ནི། ཐལ་སྦྱར་གྱིས་མེ་ལྷའི་


KMC001_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

གདངས་ཀྱིས། དྲང་སྲོང་ཆེན་པོ་སོགས་ནས་ཞི་ཞིང་མེད་པར་མཛད་དུ་གསོལ་མཆོད་རོལ། ཡིག་བརྒྱ་ལན་གཅིག་གསུང་། མ་འབྱོར་པ་དང་སོགས་ཤོ་ལོ་ཀ་གཅིག ཆུ་གཉིས་ཕུལ་ལ། ༀ་ཨཱགྣ་ཡེ་ས་པཱ་རི་ཝཱ་རཱ་ཨ་ཙ་མཱ་ནཾ༴ པྲོཀྵ་ནཾ༴ གོང་ལྟར་མཆོད་ཡོན་སྦྲེང་ལ་ཡིག་བརྒྱ་ལན་གཅིག་བརྗོད། ལག་གཡས་རྡོ་རྗེ་དང་བཅས་མཐེ་བོང་ཕྱིར་གཡོབ་ཅིང་། གཡོན་གཤེགས་གསོལ་གྱིས་དྲིལ་སྟབས་བཅས། བདག་གི་དོན་དང་གཞན་གྱི་སོགས་ཐམས་ཅད་སྒྲུབས། ༀ་ཨཱགྣ་ཡེ་བཛྲ་མུཿསེ་གོལ། ཡེ་ཤེས་མེ་ལྷ་ཤར་ལྷོར་གཤེགས། དམ་ཚིག་པ་རྣམས་སྙིང་གར་ཐིམ། འཐོར་ནས་འགྱེད་ཅིང་ཞལ་གསུངས་ཀྱི་བཀྲ་ཤིས་འདུར་གདངས་ཀྱིས་མཐའ་རྟེན་གསུམ་སོགས་སྐབས་བསྟུན་གྱིས་བརྗོད་མཐར་མཆོད་སིལ་འུར། བཟང་སྤྱོད་སྨོན་ལམ་དང་ཕྱག་ཆེན་སྨོན་ལམ་སོགས་ཀྱི་བསྔོ་སྨོན་དང་། བསོད་ནམས་འདི་ཡིས་སོགས་བརྗོད་ལ་ངག་གྲོལ་ལོ།། ༈ །།གསུམ་པ་གསང་སྒྲུབ་ནི། བཅའ་གཤམས་སྐོར་ཕྱི་སྒྲུབ་ལྟར་ལ། འདོན་ཆ་སྔོན་འགྲོའི་གཏོར་མ་ནས་བཟུང་གཞུང་ལྟར་མཐར་ཆགས་སུ་གསུང་སྟེ། ལྷ་བསྐྱེད་སྐབས་འཁོར་རྣམས་འགྲེས་གཤང་ནང་སྒྲུབ་བདག་བསྐྱེད་ལྟར་གྱིས། དཔའ་མོ་དྲུག་བཅུ་རྩ་བཞིས་བསྐོར་བ་ཞེས་པའི་མཚམས་སུ། སྐབས་བབ་མི་འདྲ་བའི་ཁྱད་པར་ནི། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོ་ཚངས་


KMC001_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བུག་ནས་ཐོན་པའི་ཕག་ཞལ་རང་མདོག་སྤྱན་གསུམ་ནམ་མཁར་ལྟ་བ། ཟེ་བ་མདུན་དུ་ཕྱོགས་སུ་ལངས་ཤིང་རྒྱབ་ཏུ་ཞལ་བལྟ་བ་མཆེ་བ་གཙིགས་ཤིང་ངུར་སྒྲ་དྲག་ཏུ་སྒྲོགས་པ་རེ་རེས་མཚན་པར་གྱུར། གཙོ་མོའི་གསང་གནས་སུ་སོགས་ནས་གཉིས་སུ་མེད་པར་གྱུར། ཞེས་སྐུ་གསུམ་གསལ་གདབ་ཀྱི་བཟླས་པ་ནས་འགོག་བཟླས་ཆེན་མོའི་བར་ཐུན་མོང་མ་ཡིན་པའི་བཟླས་རིམ་ལྔ་པོ་ནང་སྒྲུབ་ཀྱི་སྐབས་བཞིན་བྱ་སྟེ། ༀ་བཛྲ་བཻརོ་ཙ་ནི་ཡཻ་སོགས་ཀྱིས་ཐུན་གྱི་དངོས་གཞི་བསྐྱང་། ཐུན་མཐར། དྲིལ་གསིལ་བཅས་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ། ཐོར་ཐུན་སོགས་གསུམ་ལ་མཆོད་བསྟོད་མཐར་བསྡུ་རིམ་དང་། དགོང་ཐུན་མཆོད་བསྟོད་རྒྱས་པ་གཏོར་འབུལ་བཅས་ཕྱི་སྒྲུབ་ལྟར་གྱིས་ཐུན་བསྡུའོ། །གོང་གསལ་ཚུལ་དེ་ལྟ་བུའི་གསང་སྒྲུབ་ཀྱི་བསྙེན་གྲངས་སོང་ནས་འདུ་ཁང་ནང་ལྷན་ཚོགས་ཀྱིས། ཆོ་ག་རྒྱས་པ་ཞལ་གཉིས་མ་སྦྱར་ཏེ་བདག་མདུན་བུམ་པ། བདག་འཇུག་ཚོགས་བཅས་གསུངས་ཏེ་བཀྲ་ཤིས་ཀྱི་མཇུག་ཏུ། ཕྱི་རོལ་སྣོད་བཅུད་རྟེན་སོགས་སྟོང་པ་ཉིད་དོ། །ཞེས་རྫོགས་རིམ་ལ་མཉམ་པར་བཞག་དེ་ལས་ལྡང་བ་ན་ཡབ་ཀྱི་ང་རྒྱལ་དུ་འཕོ་བར་གསུངས་པས། སླར་ཡང་དེ་ཉིད་ཀྱི་ངང་ལས་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པ་ཡུམ་དང་བཅས་གསལ་


KMC001_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར། ཐུགས་ཀའི་ཧཱུྃ་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་བྱུང་། དབུ་མ་ནས་བརྒྱུད་དེ་གསང་བ་ནས་ཁ་དང་ཞལ་ནས་ཞལ་དུ་ཞུགས་ཏེ་ཐུགས་ཀའི་ཧཱུྃ་ལ་ཐིམ་པར་གྱུར། ༀ་ཧྲཱི་ཿཧ་ཧ་ཧཱུྃ་ཧཱུྃ་ཕཊཿབརྒྱ་བརྒྱད་སོགས་བསྙེན་མཐར། དགེ་བ་འདི་ཡིས་མྱུར་དུ་བདག །ལྷན་སྐྱེས་བདེ་བ་ཆེ་ཐོབ་ནས། འགྲོ་བ་གཅིག་ཀྱང་སོགས་དང་། གཞན་ཡང་བཟང་སྤྱོད་སྨོན་ལམ་དང་ཕྱག་ཆེན་སྨོན་ལམ་སོགས་ཀྱིས་མཐའ་བརྒྱན་པར་བྱའོ། དེ་ནས་ཡབ་ཀྱི་ང་རྒྱལ་འཕོ་ཟིན་རྗེས། ལྷ་ཁྲིད་ལས་ཡབ་ཀྱི་བསྙེན་པ་འབུམ་ཕྲག་བཞི་བཟླ་བར་གསུངས་ཀྱང་། ཡབ་བསྙེན་དངོས་གཞིའི་རྗེས་སུ་རྒྱས་པར་གཏོང་དགོས་པས། འདིར་ཕྱི་ཉིན་ནས་བཟུང་བདུན་ཕྲག་གཅིག་རིང་༧རྗེ་ཆོས་ཀྱི་འབྱུང་གནས་ཀྱི་གསུང་རྒྱུན་ཁྱེར་ལ་བརྟེན་ནས་ཡབ་བསྙེན་གྲངས་གང་འགྲོ་བསགས་པ་བཅས་ཀྱིས་ཕག་མོའི་ཕྱི་ནང་གསང་གསུམ་སྒྲུབ་མཆོད་དང་བཅས་པའི་བསྙེན་སྒྲུབ་ཁ་སྐོང་བཅས་ལེགས་པར་གྲུབ་བོ།། ༈ །།རྒྱལ་བ་ཀུན་གྱི་ཐུགས་བཅུད་རྡོ་རྗེ་ཐེག་པའི་ཉེ་ལམ་རྨད་དུ་བྱུང་བ་ཐབས་ལམ་ཟབ་མོ་ནཱ་རོ་ཆོས་དྲུག་གི་ཉམས་ལེན་ལ། སྔོན་འགྲོ་དང་། དངོས་གཞི། རྗེས་གསུམ་ལས། དང་པོ་ལའང་ཐུན་མོང་དང་། ཐུན་མིན་གཉིས་ཀྱི། དང་པོ་སྔོན་འགྲོ་རྣམ་པ་བཞི་བསྒོམས་པས། ངེས་འབྱུང་གི་བསམ་པ་བརྟན་པོ་སྔོན་དུ་བཏང་སྟེ།


KMC001_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཐུན་མིན་སྔོན་འགྲོ་རྣམ་པ་བཞིའི་དང་པོ། སྐྱབས་སེམས་ནི། ཐོག་མར། དཔལ་ལྡན་རྩ་བའི་བླ་མ་སོགས། ཀྱཻ་མ། ཕ་རྗེ་བཙུན་སོགས་རྒྱངས་འབོད་དང་། རྡོ་རྗེ་འཆང་ཆེན་ཡེ་ཤེས་མཁའ་འགྲོ་སོགས་རིང་བརྒྱུད་གསོལ་འདེབས་དང་། བདེ་སྟོང་དབྱེར་མེད་སོགས་ཉེ་བརྒྱུད་གསོལ་འདེབས་གཉིས་རེ་མོས་བྱ། སྐྱེ་བ་ཀུན་ཏུ་སོགས་ནས། ཆོས་དྲུག་སྔོན་འགྲོ་ནང་གསལ། ༀ་སྭ་བྷཱ་ཝ་སོགས། སྟོང་ལས་ཁམས་གསུམ་སོགས། སྐྱབས་ཡུལ་གསལ་གདབ་ནི། གཞལ་མེད་ཁང་དབུས་སོགས་ནས་གུས་པས་སྐྱབས་འགྲོ་བྱ། དེ་ནས་ཡར་བཞེངས་ལ། བདག་སོགས་མཁའ་མཉམ་སེམས་ཅན་ཀུན། དུས་འདི་ནས་བཟུང་སོགས་སྐྱབས་ཕྱག་སྦྲགས་ཏེ་གྲངས་གསོག་ཅིང་། ཐུན་འཇོག་ཁར་མར་བཞུགས། ༀ་བཛྲ་ས་ཏྭ་ཨོཾ་སོགས་ཀུན་རྫོབ་སེམས་བསྐྱེད་དང་། ཐུན་མིན་གྱི་ཚངས་གནས་བཞི་སྒོམ་པ་དོན་དམ་སེམས་བསྐྱེད་ནི། སྐུ་གསུང་ཐུགས་ཀྱི་སོགས་ནས་བདག་བསྐྱེད་དོ་ལན་གསུམ་གྱི་མཇུག ཚོགས་ཞིང་འོད་ཞུ་བདག་དང་དབྱེར་མེད་ཅིང་། །དགེ་བས་བདེ་ཆེན་རྡོ་རྗེའི་གནས་ཐོབ་ཤོག །དགེ་བ་འདི་ཡིས་སོགས་ཀྱི་བསྔོ་སྨོན་དང་། ཕྱག་ཆེན་སྨོན་ལམ་གྱིས་མཐའ་བརྒྱན་ཏེ་ཐུན་གྲོལ། གཉིས་པ་རྡོར་སེམས་སྐབས་གོང་ལྟར་གསོལ་འདེབས་རྣམས་དང་། སྐྱབས་སེམས་ལན་གསུམ་


KMC001_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་གྱིས་མཇུག ཚོགས་ཞིང་འོད་ཞུ་སོགས་ཀྱིས་བསྡུ་རིམ་རྗེས། སྤྱི་བོར་ཟླ་གདན་སོགས་ནས་དག་པར་གྱུར། ༀ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡིག་བརྒྱས་ཐུན་གྱི་དངོས་གཞིར་བསྐྱང་། འཇོག་ཁར། ས་ཏྭ་ཅི་འགྲུབ་བཟླས། མཐར་རྡོ་རྗེ་སེམས་དཔའ་རང་ཉིད་ལ་ཐིམ་པར་གྱུར། ཞེས་ཐུན་བསྡུ་རྗེས་བསྔོ་བ་དང་ཕྱག་ཆེན་སྨོན་ལམ་བཅས་ཀྱིས་གྲུབ། །གསུམ་པ་ཚོགས་གཉིས་རྫོགས་བྱེད་མཎྜལ་ལ། སྔ་ཐུན་སྐབས་རྡོར་སེམས་ཀྱི་མཇུག་བར་སྔར་ལྟར་བཏང་། དེ་ནས་རང་ཉིད་ཧེ་རུ་ཀར་གསལ་སོགས་ནས། མཆོད་པར་གྱུར་གྱི་བར་མཆོད་ཡུལ་གསལ་གདབ་ནས་མཎྜལ་དང་། ཚོམ་བུའི་རྒྱུ། དྲི་བཟང་བཅས་ཉེར་བསྡོགས་ཀྱིས། ཇི་སྙེད་སུ་དག་སོགས་ནས། མཎྜལ་ཕྱི་བཞིན་པར་ཡིག་བརྒྱ་ཚར་གཅིག་གསུངས་ཏེ། ཚོམ་བུ་བཀོད་བཞིན་པར་སོ་བདུན་མ་ཆོས་སྤྱོད་ལྟར། བྱིན་གྱིས་བརླབ་ཏུ་གསོལ་གྱི་བར་དང་། གཞུང་གི་སངས་རྒྱས་ཀུན་འདུས་བླ་མའི་དྲུང་། གླིང་བཞི་རི་རབ་སོགས་ནས། བླ་མ་མཆོག་ལ་འབུལ་གྱི་བར་ཚར་གཅིག་དང་། ས་གཞི་སྤོས་ཆུས་གྲངས་བསགས་ཏེ་བར་མཚམས་སུ་གོང་གསལ་རྒྱས་པ་རེ་སྤྲགས་ཏེ། ཐུན་འཇོག་ཁར་སོ་བདུན་མ་རྒྱས་པ་ཚར་གཅིག་དང་། སངས་རྒྱས་ཀུན་འདུས་སོགས་ཀྱི་མཇུག་མཎྜལ་སྟེགས་ཀྱི་ཁར་བཞག་སྟེ་བདུན་རྣམ་དག ཐལ་སྦྱར་བཅས། དཀོན་མཆོག་


KMC001_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་སོགས་ནས། མྱུར་འགྲུབ་ཤོག་གི་བར་ལན་གསུམ། ཚོགས་ཞིང་འོད་ཞུ་སོགས་ཀྱི་མཐར་བསྔོ་སྨོན་གྱིས་བརྒྱན་ཏེ་ཐུན་གྲོལ། ཐུན་གཞན་རྣམས་ལ་རྡོར་སེམས་མི་དགོས། །བཞི་པ་བླ་མའི་རྣལ་འབྱོར་ལ། སྔ་ཐུན་སྐབས་མཎྜལ་མཇུག་བར་སྔར་ལྟར་ལ། དེ་ནས་མཁའ་ལས་ཨ་ཧཾ་སོགས་ནས་མཆོད་པར་བྱས་ཀྱི་བར་གསལ་གདབ་ཅིང་། སངས་རྒྱས་ཀུན་འདུས་སོགས་ཀྱིས་མཆོད་པ་དང་འོད་དུ་འབར་བར་གྱུར། ཀྱཻ་མ། ཕ་རྗེ་བཙུན་བླ་མ་སོགས་རྒྱང་འབོད་མཐར། རྗེ་སྐྱབས་གསུམ་གྱི་ངོ་བོ་སོགས་ཐུན་གྱི་དངོས་གཞིར་གྲངས་གསོག་སྟེ། ཐུན་མཐར། ཨེ་མ་ཧོཿསོགས་ཀྱིས་གསོལ་བ་བཏབ་ཅིང་། བླ་མ་ཡབ་ཡུམ་སོགས་དབང་བཞིའི་དམིགས་པ་ནན་ཟབ་མཐར། སྐྱེ་བ་ཀུན་ཏུ་རིགས་བདག་སོགས་བསྔོ་བ་དང་ཕྱག་ཆེན་སྨོན་ལམ་གྱིས་ཐུན་གྲོལ། ཐུན་གཞན་གསུམ་ལ་ཡིག་བརྒྱ་དང་མཎྜལ་མི་དགོས། གོང་གསལ་ཐུན་མིན་སྔོན་འགྲོ་བཞི་པོ་གྲངས་ཁྲི་རེ་དང་ཁ་སྐོང་བཅས་འགྲོ་ངེས་དགོས། གཉིས་པ་དངོས་གཞི་རྣལ་འབྱོར་ལ། གཏུམ་མོ་སོགས་དྲུག་ལས། དང་པོ་གཏུམ་མོ་བདེ་དྲོ(ད)་རང་འབར་ལམ་གྱི་གཞུང་ཤིང་ལ། སྔ་ཐུན་སྐབས། དཔལ་ལྡན་རྩ་བའི་བླ་མ་ནས་བླ་མའི་རྣལ་འབྱོར་གྱི་མཇུག་བར་གཞུང་ལྟར་བཏང་མཐར། ༀ་ཨཱཿཧཱུཾ་ཀཱ་ཡ༴ རང་ལུས་རྡོ་རྗེ་རྣལ་འབྱོར་སོགས་སྣང་བརྙན་གྱི་སྐུར་བསྒྲུབ་པ་དང་། ལུས་ཀྱི་ནང་དབུས་སོགས་


KMC001_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལྡན་གྱི་གཞིར་གཞུང་བ། རླུང་རོ་བསལ་བས་སོགས་གསང་གསུམ་གྱི་འགྲོས་སྦྱངས་བ། སྨིན་མཚམས་ཐིག་ལེ་སོགས་ཆུ་ཟླས་གར་བསྒྱུར་བ་བཅས་ཐོག་མར་སོ་སོར་ཐུན་བཅད་དེ་སྒོམ་སྐབས་གོང་གསལ་སོ་སོའི་ཐུན་མཐར། སྐྱེ་བ་ཀུན་ཏུ་རིགས་བདག་སོགས་བསྔོ་སྨོན་གྱིས་མཐའ་བརྒྱན་པར་བྱ། དེ་ནས་རླུང་སྦྱང་སྐབས་གོང་གསལ་རྣམས་མདོར་བསྡུས་བསྒོམས་རྗེས། རླུང་རོ་བསལ་བས་སོགས་རླུང་རོ་དགུ་ཕྲུགས་འབུད་པ་སྔོན་དུ་བཏང་སྟེ། སྦྱོར་བ་བཞི་ལྡན་གྱི་བུམ་ཆེན་བཟུང་སྟེ་ཐུན་གྱི་དངོས་གཞིར་བསྐྱང་། འཇོག་སྐབས་མི་རྟོག་པའི་བོགས་དབྱུང་། གཉུག་མའི་ཤེས་པ་སོགས་ཀྱིས་མཉམ་པར་བཞག་ཅིང་བསྔོ་སྨོན་གྱིས་མཐའ་བརྒྱན་པར་བྱ། དེ་ནས་གཏུམ་མོ་མེ་དམིགས་སྐབས་གོང་གསལ་རྣམས་མདོར་བསྡུས་རྗེས། རྩ་གསུམ་འདུས་མདོར་སོགས་གསལ་བཏབ་ཅིང་དམིགས་པའི་ཁ་བསྒྱུར་རྣམས་རིམ་བཞིན་སོ་སོར་བསྒོམ་སྟེ། ཐུན་མཐར་གོང་གི་མི་རྟོག་པའི་བོགས་དབྱུང་དང་བསྔོ་སྨོན་གྱིས་མཐའ་བརྒྱན་པར་བྱའོ། ཐུན་གཞན་རྣམས་ལ། འགོའི་གསོལ་འདེབས་དང་སྐྱབས་སེམས་བླ་མའི་རྣལ་འབྱོར་བཅས་ཀྱི་མཐར། སྟོང་ར་གསལ་གདབ་ནས་བསྔོ་སྨོན་བར་སྔར་ལྟར་གྱིས་གྲུབ་བོ། གཏུམ་མོའི་དངོས་གཞི་ཞག་གྲངས་ཕྱེད་ཙམ་འཁྲུལ་འཁོར་བྱ་དགོས་པས་དགོང་ཐུན་གྱི་མཇུག་ཏུ་བརྡ་བྱུང་འཕྲལ། སྒོམ་ཐག་དང་། ཨང་རག་བསྣམས་ཏེ་འབེབས་ཁང་དུ་འཛོམས་ཏེ། སྒྲུབ་དཔོན་བླ་མ་དང་དབུ་མཛད་གཉིས་བཞུགས་གནས་གང་


KMC001_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཙོ་བོར་བཞག་ནས། དེ་འཕྲོས་རྣམས་ས་མིག་རྒྱན་རྒྱག་གིས་སོ་སོའི་འབེབས་གདན་ཁར་འཁོད་དེ། འདོན་བྱ་དངོས་ནི། དཔལ་ལྡན་རྩ་བའི་བླ་མ་སོགས། ཀྱཻ་མ། ཕ་རྗེ་བཙུན་བླ་མ་སོགས་མགུར་གདངས་ཀྱིས་གསུང་དབྱེར་མེད་རོ་གཅིག་ཤོག །སྐྱེ་བ་ཀུན་ཏུ་སོགས་ཧྲུག་འདོན་དང་། སྐྱབས་སེམས་ནི། ༀ་སྭ་བྷཱ་ཝ་ཤུདྡྷཿསོགས། སྟོང་ལས་ཁམས་གསུམ་སོགས། གཞལ་མེད་ཁང་དབུས་སོགས་སྐྱབས་འགྲོ་ལན་གཅིག་བྱ། ཐལ་སྦྱར་གྱིས། བདག་སོགས་མཁའ་མཉམ་སོགས་ལན་གསུམ། ༀ་བཛྲ་ས་ཏྭ་ༀ། ཐུགས་ཀར་སོགས། ༀ་རྡོ་རྗེ་ཆགས་པས་སོགས་ཚད་མེད་བཞི་ལན་གསུམ། ༀ་བཛྲ་ས་ཏྭ་ཧཱུྃ། ཟླ་གདན་གྱི་སོགས། སྐུ་གསུང་ཐུགས་ཀྱི་སོགས་ལན་གསུམ། མཁའ་ལས་ཨ་ཧཾ་སོགས་ནས་འབར་བར་གྱུར། ཐལ་སྦྱར་གྱིས་མགུར་གདངས་ཀྱིས། རྗེ་སྐྱབས་གསུམ་གྱི་ངོ་བོ་སོགས་ལན་གསུམ། ཨེ་མ་ཧོཿསོགས། བླ་མ་ཡབ་ཡུམ་སོགས་ཀྱི་མཐར་དབང་ལེན་དམིགས་པ་ནན་ཏན་བྱ། སྐྱེ་བ་ཀུན་ཏུ་རིགས་བདག་སོགས་མཐར། སྒོམ་ཐག་དང་བཅས་རྣམ་སྣང་ཆོས་བདུན་བཅའ་ཞིང་། ༀ་ཨཱཿཧཱུྃ་ཀཱ་ཡ་སོགས། རང་ལུས་རྡོ་རྗེ་སོགས་སྐུ་གསལ་གདབ་དང་། ལུས་ཀྱི་ནང་དབུས་སོགས་རྩ་འཁོར་གསལ་གདབ་ཅིང་མཐར་སྒོམ་ཐག་བསལ་ལ་རླུང་སྐྱོན་སེལ་བའི་


KMC001_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུལ་འཁོར་བྱ། སླར་ཆོས་བདུན་དང་ལྡན་པས། རླུང་རོ་བསལ་བས་སོགས་གསུངས་ནས་རླུང་རོ་དགུ་ཕྲུགས་སུ་འབུད་མཐར་བུམ་ཆེན་བཟུང་། སླར་རླུང་བཟུང་སྟེ་རྩ་ཁྲུས་ཡན་ལག་ལྔ་སྦྱོང་བྱ། སླར་ཆོས་བདུན་དང་ལྡན་པས། རྩ་གསུམ་འདུས་མདོར་སོགས་གསུང་སྟེ་ནཱ་རོ་དྲུག་སྐོར་བྱ། སླར་ཆོས་བདུན་ལྡན་གྱིས། རྩ་གསུམ་འཁོར་ལོ་དྲུག་དང་སོགས་ནས་པཀྴིའི་སོ་བདུན་མའི་འཁྲུལ་འཁོར་བྱ། དེ་ནས་རླུངབཟུང་སྟེ་འབེབས་ཆུང་རྒྱག སླར་ཆོས་བདུན་ལྡན་གྱིས། ནཱ་རོའི་ཡན་ལག་ལྔ་སྦྱོང་དང་། མེ་ཏྲཱིའི་ཡན་ལག་ལྔ་སྦྱོང་བཅས་ཀྱིས་འཁྲུལ་འཁོར་བྱ་ཞིང་། སླར་རླུང་ཁུག་གཅིག་གི་རིང་བར་འབེབས་རྒྱག དེ་འཕྲོས་ཉི་མ་དྲུག་སྐོར། གཏུམ་མོ་ཞག་བདུན་མ། གཏུམ་མོ་གངས་སེང་མ། གཏུམ་མོ་བཅོ་བརྒྱད། སྙན་བརྒྱུད་རྩ་བའི་འཕྲུལ་འཁོར་དྲུག་བཅས་ཉིན་རེར་རེས་ནོས་ཀྱིས་ཞག་ཁ་ཤས་ནས་ཚང་བར་བྱ། གཏུམ་མོ་བཅོ་བརྒྱད་དང་གེགས་སེལ་གནད་ཀྱི་འཁྲུལ་འཁོར་གཉིས་ཀྱི་འགོར། རླུང་གི་སྦྱོར་བས་གཏུམ་མོ་འབར་བའི་མཐུས། སྤྱི་བོའི་ཟླ་བ་སོགས་མཐར། སེང་གེ་རྩལ་སྤྲུགས་ཀྱི་འཁུལ་འཁོར་བྱ། ཡང་རྡོར་སྐྱིལ་བཅས། རླུང་གིས་སྦྱོར་བས་གཏུམ་མོ་ནར་གྱིས་འབར། ཧཾ་ལ་རེག་འཕྲལ་སོགས་ཀྱིས་མཐར། སེང་གེ་རྣམ་རོལ་གྱི་འཁྲུལ་འཁོར་བྱ། སྙན་བརྒྱུད་འཁྲུལ་འཁོར་གྱི་བར་འགོར། སྨིན་མཚམས་ཐིག་ལེ་སོགས་བརྗོད། མཐར་འབེབས་ཆེན་རྣམ་ལྔ་དང་།


KMC001_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

གེགས་སེལ། རྗེས་རིམ་མཐར། སྤྱི་བོའི་ཧཾ་ལས་ཐིག་ལེ་སོགས་ནས། མཐའ་རྟེན་བཀྲ་ཤིས་བཅས་ཀྱི་འཁྲུལ་འཁོར་བྱ། མཐར་མི་རྟོགས་པའི་བོགས་དབྱུང་། གཉུག་མའི་ཤེས་པ་སོགས་ཅུང་ཟད་མཉམ་པར་བཞག་ནས་བསྔོ་སྨོན། བདག་གི་དུས་གསུམ་གྱི་སོགས་ནས་གོ་འཕང་སྩོལ་ཕྱིར་བསྔོ་བར་དང་། བདེན་པར་གྲུབ་ཅིང་བདེན་པ་སོགས་ཀྱི་མཇུགབདག་གཞན་དུས་གསུམ་སོགས། སངས་རྒྱས་སྐུ་གསུམ་བརྙེས་པའི་སོགས་བཅས་གོང་གསལ་གཉིས་རེས་མོས་ཀྱིས་གསུང་སྟེ་གྲུབ་བོ། གཉིས་པ་སྒྱུ་ལུས་ཆགས་སྡང་རང་གྲོལ། གསུམ་པ་རྨི་ལམ་ཉིང་འཁྲུལ་རང་དག །བཞི་པ་འོད་གསལ་མ་རིག་མུན་སེལ། ལྔ་པ་བར་དོ་ཆོས་ཉིད་རང་གྲོལ། །དྲུག་པ་འཕོ་བ་མ་སྒོམ་སངས་རྒྱས་བཅས་དངོས་གཞི་སོ་སོའི་གཞུང་ཁྲིད་ལྟར་དམིགས་རིམ་ཁ་བསྒྱུར་སོགས་བླ་མའི་ཞལ་ལས་ཇི་ལྟར་བྱུང་བ་བཞིན་བསྒོམས་པར་བྱ་ཞིང་། སྔོན་རྗེས་ཀྱི་འདོན་བྱ་རྣམས་གཏུམ་མོའི་སྐབས་ལྟར་ཚང་མ་རིགས་འགྲེས་ཏེ་ལེགས་པར་གྲུབ་ཅིང་། དམིགས་ཐུན་ཕྱི་མ་རྣམས་ཀྱི་སྔོན་དུ། ཐོར་ཐུན་ལྟ་བུ་གཅིག་ལ་སྔོན་སོང་རྣམས་ཀྱང་མདོར་བསྡུས་རེ་ངེས་པར་བསྒོམས་དགོས། ཐུན་གཞན་གསུམ་པོར་སྐྱབས་སེམས་བླ་མའི་རྣལ་འབྱོར་མཐར། སྐབས་བབ་ཀྱི་དམིགས་རིམ་ལ་འཇུག་པས་དོན་གྲུབ་བོ།། ༈ །།༧རྗེ་དུས་གསུམ་མཁྱེན་པའི་ཐུགས་དམ་ལྔ་ཚན་ལྔའི་ཡ་གྱལ་ལུ་ཧི་པའི་ལུགས་ནཱ་རོའི་འཁོར་ལོ་བདེ་མཆོག་ལྷ་ལྔའི་བསྙེན་སྒྲུབ་ལ། ཐོག་མར་བཅའ་


KMC001_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས་ཀྱི་རིམ་པ་ནི། འདས་གཏོར་ལྔ་ཚོམ་བང་རྒྱན་སྔོ། མཚམས་བཞིར་བ་ལིཾ་བཞི་བཅས་བཤམས་པའི་མདུན། མཆོད་འགོ་previous hit གཡོན་བསྟན་གྱི་ཆུ་གཉིས་སྔོན་དུ next hit་འགྲོ་བས་ཉེར་སྤྱོད་ཕྲེང་ཚར་བཤམས། འདས་གཏོར་previous hit གཡོནདུ next hit་མ་འདས་པའི་གཏོར་མ་ཡང་ཕག་མོ་ལྟར་བཤམས། རང་གི་མདུན་previous hit དུ་བདག་བསྐྱེད་མཆོད་པ་མཆོད་འགོ་གཡོན next hit་བསྟན་ཆུ་བཞི་སྔོན་འགྲོས་ཉེར་སྤྱོད་ཕྲེང་ཚར་བཤམས། བདུད་རྩིའི་རིལ་བུ་དང་ལྡན་པའི་ནང་མཆོད་ཀ་པཱ་ལ་བཤམས། ཉིན་རེར་སྔོན་འགྲོའི་གཏོར་མ་ཀཾ་ཚང་དཀར་གཏོར་རེ་དང་། མཆོད་ཁ་གསོ་བྱེད་ཞལ་ཟས་བཅས་ཉེར་བསྡོགས་བྱ། ཐོག་མའི་ཉིན་པར་འདུ་ཁང་དུ་ཚོགས་དགོས་པས། དེར་ཡང་བཅའ་བཤམས་གོང་ལྟར་དང་ཚོགས་འཁོར་བཅས་དགོས། དེ་ནས་བརྡ་བྱུང་འཕྲལ་འདུ་ཁང་དུ་ལྷན་ཚོགས་ཀྱིས། ཌཱ་དྲིལ་ནང་མཆོད་ཀྱང་བསྣམས་དགོས། འདོན་བྱ་དངོས་ནི་ཐོག་མར། དཔལ་ལྡན་རྩ་བའི་བླ་མ་སོགས། སྙིང་སྟོབས་ཆེན་པོ་སོགས། སྟེང་དག་པ་སོགས། སྐྱེ་བ་ཀུན་ཏུ་སོགས་མཐར། བདག་ཉིད་སྐད་ཅིག་གི་ཧེ་རུ་ཀ་སོགས་ངོ་བོར་གྱུར། ༀ་ཁཎྜ་རོ་ཧེ་སོགས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཡཾ་ལས་རླུང་སོགས་བྱིན་རླབས་ཐོག་མར་ཚར་གཉིས་གསུང་། རྗེས་མ་རྣམས་ལ་ལན་རེས་ཆོག དང་པོས་ནང་མཆོད་དང་། གཉིས་པས་སྔོན་གཏོར་བྱིན་གྱིས་བརླབ། ༀ་ཁ་ཁ་ཁཱ་ཧི་སོགས་ལན་གསུམ་གྱིས་གཏོར་མ་བསྔོ་ཞིང་། བཞི་དྲིལ་བཅས་ཕྲིན་བཅོལ་


KMC001_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་མཆོད་རོལ་འུར། མཆོད་རྫས་རྣམས་ལ་བདུད་རྩི་འཐོར་ལ་ཐལ་སྦྱར། ༀ་ཁཎྜ་སོགས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་སོགས། ཤཔྡ་ལ་མཆོད་སིལ། བདག་སོགས་མཁའ་མཉམ་སོགས་ལན་ཉེར་གཅིག སེམས་ཅན་ཀུན་གྱི་སོགས་ལན་གསུམ། ཤྲཱི་ནི་གཉིས་མེད་སོགས་སྒོ་གསུམ་དག་ཅིང་སྔགས་ལན་གསུམ། ཡིག་ཕྲེང་འོད་ཟེར་སོགས། སེམས་ཅན་ཐམས་ཅད་བདེ་གྱུར་མན་ལན་གསུམ་གྱིས་ཚད་མེད་བཞི་སྒོམས། མགོ་དབུས་བུམ་ལས་སོགས། ལྟེ་བར་ལཾ་ལས་སོགས་ཀྱིས་ཕུང་པོ་སྐྱེ་མཆེད་འབྱུང་ལྔ་བྱིན་རླབས་བཅས་ཀྱི་མཇུག པད་སྐོར་གྱིས་འཁྱུད་རྒྱ་བཅའ་བཞིན། ཨོཾ་པྲ་ཀྲི་ཏ་སོགས་སྔགས་ཀྱིས་རྒྱས་གདབ། ༀ་སུམྦྷ་ནི་སོགས་ལག་གཡོན་མཐེབ་མཛུབ་ཀྱིས་སེ་གོལ་གཏོགས་པ་ཤར་ནས་previous hit གཡོན་སྐོར་དུ next hit་སྔགས་ལན་རེ་དང་། ཡི་གེ་དེ་རྣམས་སོགས། རྒྱ་གོང་ལྟར་གྱིས། སླར་ༀ་སུམྦྷ་ནི་གོང་ལྟར། ཕྱོགས་བཞིའི་སྔགས་ལས་སོགས། ༀ་སུམྦྷ་ནི་སོགས་སྔགས་ཚར་གཉིས་རེ་དང་། མཚམས་སུ་ཕྱོགས་སོགས་ཀྱིས་བསྲུང་འཁོར་སྒོམ་ཞིང་། རྡོར་དྲིལ་བཅས་བཞི་དྲིལ་གྱིས། སྲུང་འཁོར་དབུས་སུ་སོགས། རྣལ་འབྱོར་རོ་གཅིག་ནས་ཕྱེད་ཕྱག་གིས་རྡོར་དྲིལ་འཛིན་བཞིན་པར་རིག་མ་བཅུ་དྲུག་གིས་མཆོད། སླར་ཡང་སྙིང་གའི་སོགས་ཀྱིས་ནང་མཆོད་འབུལ། ཐལ་སྦྱར་གྱིས། འདོད་ཆགས་ཞེ་


KMC001_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་སོགས་ཀྱིས་བསོད་ནམས་ཚོགས་བསགས་དང་། ༀ་སྭ་བྷཱ་ཝ་སོགས། ཁམས་གསུམ་ཐམས་ཅད་སོགས་ཀོ྅་ཧཾཿཡེ་ཤེས་ཚོགས་བསགས་བཅས། སྟོང་པའི་ངང་ལས་ཨེ་ལས་ཆོས་འབྱུང་སོགས་མཚན་པའོ། འབར་བའི་རྒྱས། ཕེཾ། སྙིང་གར་སོགས། རང་རྒྱས། ༀ་བཛྲ་ཝཱི་ཎཱི་སོགས། རང་རྒྱས། ཛཿཧཱུྃ་བཾ་ཧོཿསོགས། འཁྱུད་རྒྱས། ༀ་ཡོ་ག་ཤུདྡྷཿསརྦ་སོགས། ཆོས་རྣམས་ཐབས་ཤེས་སོགས། ཐལ་སྦྱར་བཅས། དེ་བཞིན་གཤེགས་ཀུན་སོགས་ནས་སྤྲོ་བར་གྱུར། ༀ་ཤྲཱི་ཧེ་རུ་ཀ་སོགས་ཨཱརྒྷཾ་པྲ་ཏིཙྪ་སྭ་ཧཱ། ཨ་ཙ་མ་ནཾ་སོགས། ཤཔྡ་མཆོད་རོལ། རང་རྒྱས་ༀ་བཛྲ་ཝཱི་ཎཱི་སོགས། ལྷ་རྣམས་ལྗགས་ཧཱུཾ་སོགས་ནང་མཆོད་འབུལ་བཞིན་པར ། རྡོ་རྗེ་འཆང་ཆེན་སོགས་སྔགས་དང་བཅས་པའི་བདུད་རྩི་འབུལ། ཕྱེད་ཕྱག་དྲིལ་བུ་གསིལ་བཞིན་པར། ༀ་ན་མོ་བྷ་ག་ཝ་ཏེ་སོགས་ཀྱིས་བསྟོད། བདག་ཉིད་ཧེ་རུ་ཀར་གསལ་སོགས། ལག་previous hit གཡོནདུ next hit་བགྲང་ཕྲེང་བཀོད་པར་བདུད་རྩི་བྲན་ལ། ༀ་ཁཎྜ་སོགས། སྭ་བྷཱ་ཝ་སོགས། སྟོང་ལས་པད་ཉི་སོགས། ༀ་བཛྲ་ཨཱརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། པུཥྤེ་སོགས། ཤཔྡ་ལ་ལག་གཡས་ཀྱི་དྲིལ་གསིལ། ༀ་པདྨ་ནརྟེ་སོགས་ལན་ཉེར་གཅིག་བཟླ། གཙོ་བོའི་ཐུགས་ཀར་སོགས་ཚར་གཅོད་པའོ། ༀ་ཤྲཱི་བཛྲ་ཧེ་


KMC001_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་རུ་རུ་སོགས་གཙོ་བསྙེན་ཅི་འགྲུབ་བཟླས་མཐར། སྤྲུལ་པའི་འཁོར་ལོ་སོགས། ༀ་ཧྲཱིཿཧ་ཧ་སོགས་དང་། ཡུམ་སྔགས་འཁོར་སྔགས་རྣམས་ཅི་འགྲུབ་བསྙེན་མཐར། དྲིལ་གསིལ་གྱིས་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ། ཐུགས་ཀའི་ཧཱུྃ་གི་སོགས་བསྡུ་རིམ་གྱིས་དཔའ་གཅིག་རྣམ་པར་གྱུར། ཟུང་འཇུག་གི་སྐུར་ལྡང་། དེ་ནས་ཐོག་མའི་སྐབས་འདིར་ཚོགས་མཆོད་བྱ་དགོས་པས། ཚོགས་ལ་སྤོས་གཟུག་ཅིང་ཆུ་ཆབ་བྲན་ལ། ༀ་ཁཎྜ་རོ་ཧི་སོགས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཡཾ་ལས་སོགས་བདུད་རྩི་བྲན་ཅིང་གཅིག་ཏུ་གྱུར་མཆོད་རོལ་འུར། གནས་རྡོ་རྗེ་བཙུན་མོའི་སོགས་ཚིག་གཉིས་རེར་དྲིལ་རྡེབ་བཅས་མཆོད་སིལ་འུར། དྲིལ་བརྡེབ་གོང་ལྟར་གྱིས། ཁྱེད་བཀའ་བརྒྱུད་རྣམས་སོགས་མཆོད་སིལ། རྡོར་དྲི་ཕར་བཞག་ཚོགས་ཕུད་གཏོར་མར་བྲན་ཅིང་བདུད་རྩི་འཐོར་ལ། འདས་མ་འདས་ཀྱི་གཏོར་འབུལ་ནི། ༀ་ཁཎྜ་རོ་ཧེ་སོགས་བྱིན་རླབས་མཐར། འབར་བའི་རྒྱས་ཕེཾ། གཏོར་མགྲོན་སོགས། གཏོར་རྒྱས་རེ་རེ་བཞིན་སེ་གོལ་དང་བཅས། ཨིནྡྲ་ས་པཱ་རཱི་ཝཱ་རཱ་སོགས། རང་རྒྱས་ཛཿཧཱུྃ་བཾ་ཧོཿསཾ་ཏྲི་སོགས་དྲིལ་གསིལ་གྱིས་གསུང་། ༀ་ཤྲཱི་ཧེ་རུ་ཀ་སོགས། ཨཱརྒྷཾ་པྲ་ཏིཙྪ་སྭཱ ་ཧཱ། པཱ་དྱཱཾ་སོགས། ཤཔྡ་མཆོད་རོལ། པད་སྐོར་གྱིས། མཁའ་འགྲོ་དྲྭ་བ་སོགས། ས་མཱ་ཡ་སྟྭཾ་སོགས་ལན་གསུམ། ལག་མཐིལ་གཉིས་བཀན།


KMC001_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

ལག་previous hit གཡོན་མཐིལ་དུ next hit་སོགས། ཐལ་སྦྱར་གྱིས། ལྷ་མོ་ཚད་མ་སོགས། གཏོར་རྒྱས་ༀ་ཨ་རལླི་སོགས་ལན་གསུམ། ༀ་ཤྲཱི་སོགས། ཨཱརྒྷཾ་སོགས། ཤཔྡ་མཆོད་སིལ། ཧེ་རུ་ཀ་དཔལ་སོགས་བཞི་དྲིལ་ཕྱེད་རྒྱས་རྗེས་བརྩེར་མཛད་དུ་གསོལ། ༀ་ཁ་ཁཱ་སོགས་གཏོར་རྒྱས་ལན་གཉིས། བཞི་དྲིལ་གྱིས། ལྷ་ཀླུ་གནོད་སྦྱིན་སོགས་མཆོད་སིལ། བཀའ་སྲུང་ཕྱག་བཞི་པ་གསུང་དགོས་པས། ༀ་ཁཎྜ་རོ་ཧེ་སོགས། སྭ་བྷཱ་ཝ་སོགས། ཆོས་རྣམས་ཐམས་ཅད་སོགས་གཎྜི་འཛིན་པའོ། །དེ་ཕྱིར་ཤར་དུ་སོགས་མཐར། རོལ་མོ་འབེབས་ཆེན་གཉིས་མཐར་ ཧཱུྃ། དད་པ་དང་ནི་སོགས་གཉིས་མེད་གྱུར། མཚམས་རྒྱག རང་རྒྱས་བཛྲ་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨཱརྒྷཾ་སོགས། ཤཔྡ་ལ་དྲིལ་གསིལ། མ་ཧཱ་ཀཱ་ལ་ས་མ་ཡ་སོགས་གཉན་པོ་དགོངས། སླར་ཡང་སོགས། དབུ་བརྒྱན་གྱུར་འབེབས་བདག་ཉིད་བཅོམ་ལྡན་སོགས་མཐར། ཉེ་སྙིང་དང་མགོན་པོའི་སྔགས་སྦྲེལ་ཏེ་བསྙེན་མཐར། ༀ་ཁཎྜ་རོ་ཧེ་སོགས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་སོགས། མཉེས་པར་གྱུར་མཚམས་རྒྱག གཏོར་རྒྱས་ཨོཾ་མ་ཧཱ་ཀཱ་ལ་སོགས་ལན་གསུམ། བཛྲ་མ་ཧཱ་ཀཱ་ལ་སོགས། ཤཔྡ་ལ་དྲིལ་གསིལ། ༀ་འགྲུབ་པར་གྱུར་ཅིག་


KMC001_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མཐར་འབེབས་༡༡༢༣ ༣ ༡༢༣དཔལ་ལྡན་རྡོ་རྗེ་ནག་པོ་སོགས་སྒོ་ནས་ནི། ཚར་གཅོད་ཕྲིན་ལས་མཛད་དུ་གསོལ་ལན་གསུམ་འབེབས་བཞག བ་ལིང་སུམ་བརྩེགས་བཤམས་མཆོད་ཁ་གསོ་བྲན་བྱས་ལ། ཐལ་སྦྱར་བཅས། ༀ་ཁཎྜ་སོགས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཨ་ལས་ཀཱ་པ་ལ་སོགས། ༀ་ཧ་ཧོ་ཧྲཱིཿལན་གསུམ། སྐད་ཅིག་གིས་སོགས། ནམ་མཁར་བཛྲ་ས་མཱ་ཛཿར་བསྡུ་རྒྱ་དང་མཚམས་རྒྱག་ཐལ་སྦྱར་གྱིས། ཕྱག་འཚལ་བ་དང་སོགས། བཛྲ་མ་ཧཱ་ཀཱ་ལ་སོགས། ཤཔྡ་ལ་གསོལ་ཀའི་མཆོད་རོལ་ཌཱ་རྐང་རག་འདོད་པའི་གཟུགས་སྒྲ་སོགས་མཐར་མཆོད་རོལ་ཌཱ་རྐང་རག་ཚོགས་ཞུ་ལེན་བྱ། ཞབས་བརྟན་རིགས་གསུངས་མཐར། བདེ་ཆེན་བདེ་བའི་སོགས་ཚིག་གཉིས་རེར་དྲིལ་གསིལ་གྱིས་གསུང་། ༀ་སརྦ་ཁ་ཁ་སོགས་དྲིལ་གསིལ་གྱིས་མཆོད་སིལ་འུར། ལྷག་མ་དོར། མཆོད་ཁ་གསོ་བྲན་བྱ། མཆོད་པ་བྱིན་རླབས་ཤཔྡ་ལ་མཆོད་སིལ། རང་རྒྱས་ༀ་ཤྲཱི་ཙཀྲ་སོགས། ཤཔྡ་ལ་མཆོད་རོལ། རང་རྒྱས་ༀ་བཛྲ་ཝཱི་ཎི་སོགས། བཞི་དྲིལ་ཕྱེད་རྒྱ་བཅས། ༀ་བཅོམ་ལྡན་དཔའ་བོའི་སོགས་ཀྱིས་བསྟོད། དྲིལ་གསིལ་བཅས་ཧེ་རུ་ཀའི་ཡིག་བརྒྱ་ལན་གསུམ། རྡོར་དྲིལ་བཅས་ཐལ་མོ་སྦྱར་ཏེ། གང་ཡང་བདག་བློ་སོགས། ལྷ་མོ་ཚད་མ་སོགས། རང་གི་སྙིང་གར་ༀ་ཧ་སོགས་གཡས་རྡོ་


KMC001_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་གནས་སོ་སོར་རེག་ཚུལ་བྱ། ༀ་སུམྦྷ་ནི་སོགས་གཡོན་དྲིལ་བུ་བཅས་རང་རྒྱས་ལན་རེ་གསུང་། བཞི་མཚམས་དྲིལ་གསིལ་བཅས་གདངས་བྱ། རྡོ་རྗེ་འཆང་ཆེན་སོགས་ལེའུ་ཚན་གསུམ་དང་། མཐའ་རྟེན་བཀྲ་ཤིས་ཤོ་ལོ་ཀ་གཅིག་སོགས་སྐབས་བསྟུན་གྱིས་དགེ་ལེགས་སུ་བྱ་མཆོད་སིལ་འུར། གཞན་ཡང་བཟང་སྤྱོད་སྨོན་ལམ་སོགས་ཀྱིས་བརྒྱན་ཏེ་གྲུབ། ༈ །དེ་ནས་ཐུན་སྐབས། གཞུང་ལྟར་བདུན་རྩི་བྱིན་རླབས་ནས་བཟུང་མཐར་ཆགས་སུ་བཏང་། ཐོར་ཐུན་ལ་སྐྱབས་འགྲོ་ལན་ཉེར་གཅིག་ཐུན་གཞན་གསུམ་ལ་སྐྱབས་འགྲོ་ལན་བདུན་རེ། བསྙེན་པའི་འགོར་རྫོགས་རིམ་ཕྲ་ཐིག་གི་རྣལ་འབྱོར་སྐབས། རང་ཉིད་ཧེ་རུ་ཀ་གསལ་སོགས་ནས་སྟོང་ར་དང་རྩ་གསུམ་ལེགས་པར་གསལ་བཏབ། འཁོར་ལོ་བཞི་ཆོས་དྲུག་ལྟར་ལམ་ཙམ་གསལ་བའི་ལྟེ་བར་ཡི་གེ་རྣམས་བསྐྱེད་ཅིང་འབར་འཛགས་ཀྱི་དམིགས་པ་བཅས་རླུང་ཁུག་བརྒྱད་རེ་ཙམ་འཛིན། དེ་ནས་ཕྲེང་བ་བྱིན་རླབས་བྱ། བཟླས་པའི་སྐབས། གཙོ་བོའི་ཐུགས་ཀར་སོགས་ནས། ཆགས་མེད་ཞབས་ཀྱི་ཟིན་བྲིས་ལྟར་ཐུན་བཞིའི་དམིགས་པ་སོ་སོར་མ་འཁྲུལ་བར་བྱ་ཞིང་། བསྙེན་པ་ཉེར་གཉིས་པ་ཁོ་ན་ཐུན་གྱི་དངོས་གཞིར་བཟླ། ཐུན་འཇོག་ཁར། སྤྲུལ་པའི་འཁོར་ལོ་སོགས་ནས། དེའི་དམིགས་རིམ་ཀུན་ཁྱབ་ཟིན་བྲིས་ལྟར་བཅས་ཡིག་བདུན་སུམ་བརྒྱ་ཙམ་དང་། ཡུམ་སྔགས་གཉིས་ཀ་ལྔ་བཅུ་རེ། ཆགས་མེད་ཟིན་བྲིས་ནང་གསལ་དམིགས་རིམ་རྣམས་འཁྱུག་ཙམ་རེ་བཅས། འཁོར་བཞིའི་


KMC001_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ལྔ་བཅུ་རེ་བཅས་བཟླས་མཐར། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བཅས་ལན་གསུམ་མཐར། བསྡུ་རིམ་ནི། ཐུགས་ཀའི་ཧཱུྃ་གི་འོད་ཀྱིས་སོགས་ལྷན་སྐྱེས་དཔའ་གཅིག་རྣམ་པར་གྱུར། དེ་ནས་ཐོར་ཐུན་སོགས་གསུམ་ལ། རྡོ་རྗེ་འཆང་ཆེན་སོགས་ཤིས་བརྗོད་དང་བསྔོ་སྨོན་གྱིས་གྲུབ། ཐུན་གཞན་རྣམས་ལ། དཔལ་ལྡན་རྩ་བའི་བླ་མ་སོགས་གསོལ་འདེབས་རྣམས་ཀྱི་མཐར། མཆོད་པ་བྱིན་རླབས་ནས་ཤིས་བརྗོད་བསྔོ་སྨོན་བར་སྔར་ལྟར་དང་། བགྲང་ཕྲེང་བྱིན་རླབས་མི་དགོས། དགོང་ཐུན་ལ་བསྡུ་ལྡང་གྲུབ་མ་ཐག ༀ་ཁཎྜ་རོ་ཧེ་སོགས་གཏོར་མ་བྱིན་རླབས་ནས་བཟུང་། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད་ཀྱི་བར་འདས་མ་འདས་ཀྱི་གཏོར་མ་གོང་ལྟར་བཏང་རྗེས། གང་ཡང་བདག་བློ་སོགས་ཀྱིས་ནོངས་བཤགས་དང་། ལྷ་མོ་ཚད་མ་སོགས་སྨོན་ལམ་གདབ། བདག་དང་འགྲོ་ལ་སོགས་བརྟན་བཞུགས་བྱ། རང་གི་སྙིང་གར་སོགས་གོ་ཆ་བགོ་བ་དང་། སྲུང་འཁོར་སྔགས་གཞུང་གི་བཀྲ་ཤིས་བསྔོ་སྨོན་བཅས་ཀྱིས་གྲུབ། གོང་གསལ་ཚུལ་དེ་ལྟ་བུས་གཙོ་བསྙེན་གྲུབ་མཚམས་ཡུམ་དང་འཁོར་བསྙེན་སྐབས་ཐུན་གཞན་གོང་བཞིན་ལ། ཡབ་བསྙེན་ཉེར་གཉིས་པ་ཕྲེང་སྐོར་གསུམ། ཡིག་བདུན་བརྒྱ་རྩ་བརྒྱད་། ཡུམ་གྱི་བསྙེན་པ། བཛྲ་བཻ་རོ་ཙ་ནི་ཐུན་གྱི་ཕྱེད་བར་བཟླ། སརྦ་བུདྡྷ་ཕྲེང་སྐོར་གཅིག དེ་ནས་ཐོར་ཐུན་ལ། ཌཱ་ཀི་ནི༴ སྔ་ཐུན་ལ། ལ་མེ༴ དགོང་ཐུན་


KMC001_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ལ། ཁཎྜ་རོ་ཧེ༴ སྲོད་ཐུན་ལ། རཱུ་པི་ཎི་བཅས་ཐུན་གྱི་ཕྱེད་བར་བཟླ་ཞིང་། གཞན་རྣམས་ལྔ་བཅུ་རེ་ཙམ་གྱིས་འཐུས་པར་མཛད། དཔེར་ན་གོང་དུ་གཙོ་བསྙེན་བཞི་འབུམ་བཏང་ན། ཡུམ་དང་འཁོར་རྣམས་བཞི་ཁྲི་རེ་བཟླ་དགོས་པས་མཚོན་སོ་སོར་བུངས་བསྐྱེད་དེ་བཟླ། ཐུན་གྱི་རྗེས་ཆོག་རྣམས་སྔར་བཞིན་བྱས་པས་ཕྱི་སྒྲུབ་ལེགས་པར་གྲུབ་བོ། ༈ །གཉིས་པ་ནང་སྒྲུབ་དང་གསང་སྒྲུབ་གཉིས་ནི། འདུ་ཁང་ནང་ལྷན་དུ་ཚོགས་དགོས་པས། ཐོག་མར་བཅའ་བཤམས་ཀྱི་རིམ་པ་ནི། རྡུལ་ཚོན་དང་འབྲེལ་སྐབས་ས་ཆོག་སྟ་གོན་སོགས་དཀྱིལ་ཆོག་ལྟར་རྒྱས་པར་བྱ། སྤྲོས་པས་མི་ལྕོགས་ཚེ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པ་ལགས། གང་ལྟར་ཡང་དཀྱིལ་འཁོར་གྱི་ཕྱོགས་བཞིར་མཆོད་འགོ་previous hit གཡོན་བསྟན་གྱིས་ཆུ་བཞི་སྔོན་དུ next hit་འགྲོ་བའི་ཉེར་སྤྱོད་ཕྲེང་ཚར་བཞི། ནུབ་ངོས་སུ་མཉྫིའི་ཁར་འདས་གཏོར་ལྔ་ཚོམ་བཤམས། མ་འདས་པའི་གཏོར་མ་མི་དགོས། དཀྱིལ་འཁོར་གྱི་ཤར་སྒོའི་གཡས་སུ་བུམ་གདན་པད་འདབ་བརྒྱད་མཚན་ཁར་གཙོ་བུམ་མགུལ་ཆིངས་སྔོན་པོ་ཅན་བཤམས་པའི་སྟེང་དུ་མཉྫིའི་ཆགས་མེད་ཞབས་ཀྱི་ཟིན་བྲིས་ལྟར། ཐོད་པ་མཚན་ལྡན་ནང་ཟས་སྣ་འབྲུ་སྣའམ། ཡང་ན་བདུད་རྩི་རིལ་བུ་དང་སྦྱར་བའི་ཆང་བླུགས། དེ་སྟེང་དར་དམར་བཀབ་པའི་སྟེང་མེ་ལོང་ལ་སིནྡྷུ་ར་བྱུག ཆོས་འབྱུང་དབུས་སུ་འདབ་བཞི་དབུས་དང་ལྔར་ཡབ་ཡུམ་རྣལ་འབྱོར་མ་བཞིའི་ས་བོན་དཔེའུ་རིས་བྲིས་པ་བཤམས་པའི་མདུན་ངོས་སུ་གཟུངས་རྡོར་བཞག་དེ་སྟེང་དར་དམར་གྱི་གུར་ཕུབ་དགོས། ཤར་སྒོའི་གཡོན་


KMC001_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་སུ་བུམ་གདན་རེས་མཚན་པའི་ཁར་ལས་བུམ་མགུལ་ཆིངས་དམར་པོ་ཅན་བཀོད། ཤར་དུ་མིང་དབང་དང་ཕྱག་མཚན་ཙཀླི། ལྷོར་དབུ་རྒྱན། ནུབ་ཏུ་རྡོ་རྗེ་དང་རིག་ཙཀ་བྱང་དུ་དྲིལ་བུ་བཅས་བཀོད། ཕྱོགས་མཚམས་རྣམས་སུ་འཕན་གདུགས་རྒྱལ་མཚན། ནུབ་ངོས་སུ་དབུ་གདུགས་བཅས་བཀོད་ལེགས་བྱ། མདུན་ངོས་སུ་སྟེགས་བུ་ཁེབས་ལྡན་གྱི་སྟེང་སྒོ་མཆོད་ཆུ་བཞི་སྔོན་འགྲོས་ཉེར་སྤྱོད་ཕྲེང་ཚར་བཤམས། ནང་མཆོད་ཀ་པཱ་ལ་དང་། སྔོན་གཏོར། ཚོགས་ཀྱི་ཡོ་བྱད་རྣམས་འདིར་བཤམས། སློབ་དཔོན་གྱི་མདུན་ཏུ་ཡང་བདག་བསྐྱེད་མཆོད་པ་ཆུ་བཞི་བཅས་དགོས། གཞན་ཡང་མཆོད་ཁ་གསོ་བྱེད་ཞལ་ཟས་གྲངས་གང་མང་། ཕྱི་རོལ་མཆོད་པ། བདག་འཇུག་སྐབས་སློབ་མའི་མཆོད་པ། འཐོར་ནས། མེ་ཏོག་སོགས་ཉེར་མཁོའི་རིགས་ཚང་བར་འདུ་བྱ། སྒྲུབ་པོ་རྣམས་ཀྱི་རོལ་ཆས། ཌཱ་དྲིལ། ནང་མཆོད། མིག་དར་བཅས་མདུན་དུ་བཤམས་ལ། འདོན་བྱ་དངོས་ནི། སྔ་དྲོའི་ཐུན་དང་པོར་ཚོགས་བརྡ་བྱུང་བ་དང་འདུ་ཁང་ནང་ཚོགས་ཏེ་ཞོག་འདོན་རིགས་གྲུབ་ནས། བདག་ཉིད་སྐད་ཅིག་སོགས། ༀ་ཁཎྜ་རོ་ཧེ་སོགས་བདུད་རྩི་བྱིན་རླབས་དང་། སླར་ཚར་གཅིག་གིས་སྔོན་གཏོར་བརླབ་སྟེ་རང་གིས་ཀྱང་མྱང་། ཉིན་ཕྱི་མ་རྣམས་ལ་ལན་རེས་ཆོག སྔོན་གཏོར་བཏང་བ་ནས་བདག་བསྐྱེད་བསྡུ་ལྡང་བར་གོང་བཞིན་མཐར་ཆགས་སུ་བཏང་རྗེས། མདུན་བསྐྱེད་རྟེན་ལ་བདུད་རྩི་འཐོར་ཏེ། ༀ་ཁཎྜ་རོ་ཧེ་སོགས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཨེ་ལས་སོགས་ནས་དམ་ཚིག་པ་


KMC001_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཅིང་ཡེ་ཤེས་པ་དབབ་བསྟིམ། དབང་བསྐུར། རྒྱས་གདབ་བཅས་མཐར་ཆགས་སུ་བཏང་སྟེ། བཞི་ལ་བཅོམ་ལྡན་རིན་འབྱུང་དབུ་བརྒྱན་གྱུར། མཆོད་བསྟོད་ནི། མཆོད་པར་བདུད་རྩི་འཐོར་ལ། ཐལ་སྦྱར་བཅས། ༀ་ཁཎྜ་རོ་ཧེ་སོགས་མཆོད་པ་བྱིན་རླབས་མཆོད་སིལ། ཐལ་སྦྱར་གྱིས། མཆོག་ཏུ་གཙང་ཞིང་སོགས་སྔགས་ལ་པད་སྐོར་སྔོན་འགྲོས་སོ་སོའི་རྒྱ་དང་མཐར་སེ་གོལ་བཅས། ཤཔྡ་ལ་མཆོད་སིལ། སླར་སྔགས་རྒྱ་གོང་ལྟར་གྱིས། ཡང་དག་དགའ་བའི་སོགས། ཤཔྡ་ལ་མཆོད་སིལ། རྡོ་རྗེ་ལྷ་མོ་པི་ཝང་སོགས་སྔགས་ལ་སོ་སོའི་རང་རྒྱ། བཞད་པ་རྡོ་རྗེའི་སོགས། མདོག་དཀར་རྡོ་རྗེའི་སོགས། གཟུགས་ཀྱི་རྡོ་རྗེའི་སོགས། དྷརྨ་དྷཱཏུ༴ མཐའ་ཡས་ཞིང་ན་སོགས་རྒྱ་མཐོང་བརྒྱུད་ལྟར་གྱིས། ཤཔྡ་ལ་མཚམས་རྒྱག སྤཪྴ༴ ནང་མཆོད་འབུལ་བཞིན་པར། ལྷ་རྣམས་ལྗགས་ཧཱུྃ་སོགས་བརྒྱུད་རིམ་དང་རྩ་སྔགས་ཀྱིས་དབུལ། བལྟ་དང་རྒོད་དང་སོགས། རྡོར་དྲིལ་བཅས་འཁྱུད་རྒྱ་བཅའ་བཞིན་པར། ༀ་ས་རྦ་ཏ་ཐཱ་ག་ཏ་སོགས་བརྗོད། རྟོགས་བྱེད་པའོ་དྲིལ་གསིལ། བཞི་དྲིལ་ཕྱེད་རྒྱས། ཆོས་ཀྱི་སྐུ་ལ་སོགས་མཆོད་སིལ། ༀ་བཅོམ་ལྡན་དཔའ་བོའི་སོགས་མཆོད་སིལ། གཙོ་བོའི་ཐུགས་ཀར་སོགས། བསྙེན་དམིགས་རྣམས་ཟིན་བྲིས་ནང་གསལ་ལྟར་བླ་མའི་ཞལ་ལས་རིམ་གྱིས་ནོད་དེ་སྐབས་


KMC001_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བབ་སོ་སོར་མ་ནོར་བར་ནན་ཏན་བྱ་སྟེ། གཙོ་འཁོར་ཕྱེས་པའི་བསྙེན་པ་ཅི་འགྲུབ་བཟླས་མཐར། ༈ །བུམ་བསྐྱེད་ནི། མཆོད་ཁ་གསོ་བྲན་བྱས། ༀ་སུམྦྷ་ནི་སོགས། ༀ་བཛྲ་ཤི་ཁ་རེ་སོགས་ལན་གཅིག ལྷ་ཆུ་དལ་འགྲོར་བཀུག་སྟེ་བུམ་ཆུར་གྱུར། ༀ་ཏཔྟེ་སོགས་ལན་གཅིག ༀ་བཛྲ་ཨ་མྲྀ་ཏོ་སོགས་ལན་བདུན་གསུང་ཚེ་ལས་རྡོར་པས་དྲི་བཟང་གི་ཆུ་ཐིག་བདུན་བླུགས་མཐར་གཙོ་བུམ་ཁར་བཀོད། བདུད་རྩི་བྲན་ཏེ། ༀ་ཁཎྜ་རོ་ཧེ་སོགས། སྭ་བྷཱ་ཝ་སོགས། སྟོང་ལས་བུམ་བྱུང་སོགས་ནས་ཤ་ལྔས་གང་བའི་ཐོད་པ་གསལ་བར་གྱུར། ལས་བུམ་དབུས་སུ་བུམ་མཚན་སོགས་ནས་གཡོན་བསྐུམས་སྟབས་ཀྱིས་བཞུགས། འབར་རྒྱས་ཕེཾ་སྙིང་གར་སོགས་ཡེ་ཤེས་པ་དབབ་བསྟིམ། དབང་བསྐུ། རྒྱས་གདབ་བཅས་དབྱུ་བརྒྱན་གྱུར། མཆོད་པར་བདུད་རྩི་བྲན་ལ་ༀ་ཁཎྜ་རོ་ཧེ་སོགས་མཆོད་པ་བྱིན་རླབས་མཆོད་སིལ། མཆོག་གཙང་མ་དང་སོགས་མཆོད་རོལ། རྡོ་རྗེའི་ལྷ་མོ་སོགས་ཀྱིས་མཆོད། བཞི་དྲིལ་ཕྱེད་རྒྱས། ༀ་བཅོམ་ལྡན་དཔའ་བོའི་སོགས་ལ། དབང་གི་ལས་དང་སོགས་སྤྲེལ་ཏེ་བསྟོད་མཐར་མཆོད་སིལ། རང་གི་ཐུགས་ཀའི་སྔགས་ཀྱི་སོགས། གཟུངས་ཐག་རྡོ་རྗེ་སློབ་དཔོན་ལ་ཕུལ་ཏེ། གཙོ་འཁོར་གྱི་བསྙེན་པ་ཅི་འགྲུབ་བཟླས་རྗེས། གཟུངས་རྡོར་ལས་བུམ་ཁར་སྤོས་ཏེ་ལས་སྔགས་བཟླས་མཐར། རྒྱས་ༀ་


KMC001_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་ཙཀྲ་སོགས། ཨཱརྒྷཾ་པྲ་ཏཱི་ཙྪ་སོགས་ཀྱིས་དུང་ཆོས་བུམ་པར་དབུལ། ལྷ་རྣམས་འདོད་ཆགས་ཆེན་པོ་སོགས། ༀ་བཛྲ་པུཥྤེ་སོགས་ནས། ནཻ་ཝི་དྱ་ཨཱཿཧཱུྃ། ཅི་སྲིད་དཀྱིལ་འཁོར་སོགས། ལས་རྡོར་བས་ལས་བུམ་གྱི་སྒྲོས་བསྐོར་བ་དང་བགེགས་བསྐྲད་ཚུལ་གྱིས་ཁྲུས་ཆུ་ཕྱིར་གཏོར་ཚོགས་ཐེངས་དང་པོ་གྲོལ། ཡར་ཚོགས་མཆོད་པ་གསོ་བྲན་གྱིས། གོང་ལྟར་མདུན་བསྐྱེད་དང་བུམ་བསྐྱེད་ཚར་གཅིག་གསུང་ཏེ་གུང་ཚིགས་གྲོལ། ༈ །ཕྱི་དྲོ་ཡར་ཚོགས་ཏེ་མཆོད་པ་གསོ་བྲན་གྱིས ། མདུན་བསྐྱེད་དང་བུམ་བསྐྱེད་ཚར་གཅིག་གསུང་སྟེ་བུམ་པའི་མཇུག་ཏུ་འདས་གཏོར་བྲན་ལ། ༀ་ཁཎྜ་རོ་ཧེ་སོགས་གཏོར་མ་བྱིན་རླབས་མཐར། ལག་previous hit གཡོན་མཐིལ་དུ next hit་སོགས་ནས་ཤིན་ཏུ་རྗེས་བརྩེར་མཛད་དུ་གསོལ། ཚོགས་ཐེངས་གྲོལ། ཡར་ཚོགས་ནས་ཕྱི་རོལ་མཆོད་པ་གསུང་དབང་རྒྱས་པ་བླངས་ཤིང་ལག་མཆོད་ཀྱི་མཇུག ལག་པའི་ལྷ་རྣམས་བདག་ཉིད་ལ་ཐོམ་པར་གྱུར། དེ་ནས་མགོན་པོའི་གཏོར་བསྔོས་དང་། གསུར་མཆོད། སྨོན་ལམ་བཅས་རྒྱུན་ལྟར་གསུང་སྟེ་ཚོགས་ཐེངས་གྲོལ། ཕྱི་དྲོའི་བཞེས་ལག་གྲུབ་མཚམས་ཚོགས་བརྡ་བྱུང་བ་དང་། སྲོད་ཐུན་ལ། མདུན་བསྐྱེད་བུམ་བསྐྱེད་ཚར་གཅིག་གསུང་སྟེ། མཐར་ཚོགས་མཆོད་དང་ཕྱག་བཞི་པ་བཅས་རྗེས་ཆོག་རྣམས་རྒྱུན་བཞིན་བཏང་སྟེ་གྲོལ། གོང་གསལ་ཚུལ་དེ་ལྟ་བུས་ནང་སྒྲུབ་ལེགས་པར་གྲུབ་མཚམས། ༈ །གསང་སྒྲུབ་ནི། མཆོད་པ་


KMC001_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གསར་དུ་བརྗེ་བའམ་ཁ་གསོ་བྱས་ལ། ཆོ་གའི་འདོན་ཚུལ་གོང་གསལ་ནང་སྒྲུབ་ཇི་ལྟ་བ་བཞིན་ལ། སྐབས་བབ་གསང་སྒྲུབ་ཀྱི་དམིགས་རིམ་རྣམས་ཆགས་མེད་ཞབས་ཀྱི་ཟིན་བྲིས་ནང་གསལ་ལྟར་བླ་མའི་ཞལ་ལས་རིམ་གྱིས་ནོད་དེ་བསྒོམ་པར་བྱའོ། །ཐུན་གྱི་དངོས་གཞི་མདུན་བསྐྱེད་བསྙེན་པས་བསྐྱང་ཞིང་། བུམ་བསྐྱེད་བསྐྱེད་བསྙེན་པ་རྣམས་ཉུང་ཙམ་གྱིས་ཆོག དེ་ལྟར་ནང་གསང་གི་སྒྲུབ་པའི་མཇུག་ཏུ་ཉིན་གསུམ་རིང་སྒྲུབ་མཆོད་ལྟར་བདག་མདུན་བུམ་གསུམ་ཚར་རེ་དང་བདག་འཇུག བཅས་གསུང་ཞིང་། ཐོག་མའི་ཉིན་པར་བདག་འཇུག་འགོར་ཚོགས་གྲོལ་ཏེ། ཉིན་གཞུང་ཚོགས་འཁོར་བཅའ་བ་དང་སྦྱིན་བསྲེག་སོགས་ཀྱི་སྟ་གོན་བྱ་ཞིང་གྲུབ་མཚམསདག་འཇུག་མན་གསུང་། ཉིན་གཉིས་པར་སྔ་བར་ཚོགས་ཏེ། རྗེས་ཆོག་བར་མཐར་ཆགས་སུ་གསུང་སྟེ་ཚོགས་ཐེངས་གྲོལ། སྦྱིན་བསྲེག་ལ་འཇུག་སྟེ་དེའི་འདོན་ཟིན་ཕག་མོའི་སྐབས་ལྟར་ཞི་བའི་སྦྱིན་སྲེག་ཡིན། སྦྱིན་སྲེག་གྲུབ་འཕྲལ་ཡར་ཚོགས་ཏེ། རྗེས་ཆོག་མན་མཐའ་དབྱུང་སྟེ། གཏོར་བསྔོ། གསུར། སྨོན་ལམ་བཅས་རྒྱུན་ལྟར་རོ། ཉིན་གསུམ་པར་བཏང་རག་ཚོགས་འཁོར་བཅས་རྒྱས་པར་བྱ་བས་གྲུབ་བོ། ༈ །གསུམ་པ་ཡང་གསང་སྒྲུབ་པ་ནི། བཅའ་བཤམས་དང་ཐུན་བཞིར་འདོན་བྱ། བདག་བསྐྱེད་དབུ་ནས་བསྡུ་ལྡང་བསྔོ་སྨོན་བཅས་ཀྱི་བར་ཕྱི་སྒྲུབ་ཇི་ལྟ་བ་བཞིན། དགོང་ཐུན་ལ་གཏོར་འབུལ་ཀྱང་གསུང་། དངོས་གཞིའི་དམིགས་པ་ཡང་གསང་ཟིན་བྲིས་ལྟར་རོ། །ཡང་གསང་སྒྲུབ་པ་གྲུབ་མཚམས་འདུ་ཁང་ནང་ལྷན་ཚོགས་ཀྱིས། སྒྲུབ་


KMC001_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ལྟར་བདག་མདུན་བུམ་གསུམ་བདག་འཇུག་ཚོགས་འཁོར་རྒྱས་བསྡུས་སོགས་གང་འགབ་ཀྱིས་མཐའ་བརྒྱན་ཏེ། དཔལ་འཁོར་ལོ་བདེ་མཆོག་ལྷ་ལྔའི་ཕྱི་ནང་གསང་གསུམ་ཡང་གསང་དང་བཅས་པ་ལེགས་པར་གྲུབ་བོ།། ༈ །།སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་མངའ་བདག་མར་པ་ལོ་ཙཱའི་ཐུགས་དམ་མ་རྒྱུད་ཀུན་གྱི་ཡང་སྙིང་དཔལ་དགྱེས་པ་རྡོ་རྗེ་ལྷ་དགུའི་བསྙེན་སྒྲུབ་ལ། ཐོག་མར་བཅའ་བཤམས་ཀྱི་རིམ་པ་ནི། སྒྲུབ་རྟེན་སྣང་བརྙན་བྲིས་འབུར་བླུགས་མ་སོགས་བྱིན་ལྡན་བཤམས་པའི་མདུན་སྟེགས་ཀྱི་ཁར་ལྷ་དགུའི་གཏོར་མ་རང་ལུགས་ཡི་དམ་གྱི་གཏོར་མ་ཆེ་ལེགས་ཀྱི་འཁོར་དུ་རང་འདྲ་བརྒྱད་ཕྱོགས་མཚམས་སུ་བཀོད། གཙོ་བོར་བང་རྒྱན་སྔོན་པོ་ལྔ་སྒྲོམ་རྩེར་ཉི་ཟླ་ནོར་བུས་མཚན་པ། འཁོར་རྣམས་གོར་རྒྱན་གཉིས་རེ་ཅན་བཤམས་པའི་མདུན། མཆོད་འགོ་previous hit གཡོན་བསྟན་གྱིས་ཆུ་གསུམ་སྔོན་དུ next hit་འགྲོ་བས་ཉེར་སྤྱོད་ཕྲེང་ཚར་དུ་བསྟར། རང་མདུན་དུ་བདག་བསྐྱེད་མཆོད་པ་ཡང་གོང་ལྟར་དུ་བཤམས། བདུད་རྩི་རིལ་བུ་དང་ལྡན་པའི་ནང་མཆོད་ཀ་པཱ་ལ། རྡོར་དྲིལ། ཌཱ་མ་རུ། མཆོད་ཁ་གསོ་བྱེད་ཞལ་ཟས། ཉིན་རེར་སྔ་དྲོ་གཏོང་རྒྱུད་ཀཾ་ཚང་དཀར་གཏོར་རེ་བཅས་ཉེར་བསྡོག་བྱ། ཐོག་མར་འདུ་ཁང་དུ་ལྷན་ཚོགས་དགོས་པས་དེར་ཡང་བཅའ་བཤམས་གོང་ལྟར་ལ། ཚོགས་ཀྱི་ཡོ་བྱད། དུད་སོལ་མའི་གཏོར་མ་བཅས་སྟ་གོན་བྱ། ཚོགས་བརྡ་བྱུང་འཕྲལ་རྡོར་དྲིལ། ཌཱ་རུ། ནང་མཆོད་བཅས་བསྣམས་དགོས། དེ་ནས་འདོན་བྱ་དངོས་ནི། དཔལ་ལྡན་རྩ་བའི་བླ་མ་སོགས་ལཱ་ལ་


KMC001_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ར་ས་སོགས། སྐྱེ་བ་ཀུན་ཏུ་སོགས་མཐར། བརྒྱུད་འདེབས། དགྱེས་མཛད་ཧེ་རུ་ཀ་དཔལ་སོགས་མྱུར་འགྲུབ་ཤོག རང་གི་སྙིང་གར་སོགས་མཚན་པར་གྱུར། ༀ་བཛྲ་ཨ་མྲྀ་ཏ་སོགས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་སོགས་རྒྱ་མཚོར་གྱུར། བདུད་རྩི་མྱང་། ༀ་མ་ཧཱ་སོགས་རྡོ་རྗེ་གསོར། ༀ་བཛྲ་སོགས་དྲིལ་བུ་དཀྲོལ། སྔོན་གཏོར་བྲན་ལ། ༀ་བཛྲ་ཨ་མྲྀ་ཏ་སོགས། སྭ་བྷཱ་ཝ༴ སྟོང་པའི་ངང་ལས། ཡཾ་ལས་རླུང་སོགས། ༀ་ཨཱཿཧཱུྃ་ལན་གསུམ། མཐར་ཟླ་ཕྱེད་སོགས་གྱུར། རྡོར་དྲིལ་བཅས་པད་སྐོར་གྱིས་གཏོར་རྒྱས། ༀ་ཨིནྡྲཱ་སོགས། ཨ་ཀཱ་རོའི་མན་དྲིལ་གསིལ་གྱིས་གཡས་སེ་གོལ་བཅས་ལན་གསུམ། བཞི་དྲིལ་གྱིས། ལྷ་ཆེན་བརྒྱད་པོ་སོགས་ནས། ཀུན་རྫོགས་མཛོད་མཆོད་སིལ་བདེ་མཆོག་ལྟར་བྱ། སྔོན་གཏོར་ཕུལ། རྡོ་རྗེ་གསོར་ཏེ་དྲིལ་བུ་གསིལ་བཞིན། ༀ་རཀྵ་སོགས་ལན་གསུམ། བདག་དང་སོགས་གྱུར། མཆོད་རྫས་རྣམས་ལ་བདུད་རྩི་འཐོར་ཏེ། ༀ་སརྦ་སཾ་ཤོ་ངྷ་ནི་སོགས། སྟོང་པའི་ངང་ལས། ཨ་ལས་ཐོད་པའི་སོགས། སྔགས་ལ་རང་རྒྱ་བཅས། ཤཔྡ་ལ་མཆོད་སིལ་རོལ་འོག་ཏུ། ༀ་བཛྲ་གྷཎྚི་ར་ནི་སོགས་གསུང་། བདག་དང་ནམ་མཁའི་སོགས་སྐྱབས་འགྲོ་ལན་ཉེར་གཅིག སེམས་ཅན་ཀུན་གྱི་སོགས་ལན་གསུམ། བདག་ཉིད་ཀྱི་སྤྱི་བོར་


KMC001_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། ཧེ་རུ་ཀའི་ཡིག་བརྒྱ་ལན་གཅིག ས་ཏྭ་བརྒྱ་རྩ་བརྒྱད་བཟླས་མཐར། ཐལ་སྦྱར་བཅས། མགོན་པོ་བདག་ནི་སོགས་ཐིམ་པར་གྱུར། ༀ་ཨཱཿཧཱུྃ། གསོལ་བ་གདབ་པ་ནི། བླ་མ་མཉམ་མེད་སོགས། བསོད་ནམས་ཚོགས་བསགས་ནི། ཧེ་བཛྲ་ཞེས་བརྗོད་པས་རང་ཉིད་སོགས། སྤྱན་དྲངས་ལ་བསྡུ་རྒྱ། སྙིང་གའི་སོགས། ཐལ་སྦྱར་གྱིས། དཀར་མོ་རི་དྭགས་སོགས་འཁྱུད་པ་ཉིད། སོ་སོའི་རང་རྒྱའི་མཐར་སེ་གོལ་བཅས། ༀ་གཽ་རཱི་གཾ་སོགས། སླར་ཐལ་སྦྱར་གྱིས། ཇི་སྲིད་ཐོག་མ་མེད་པའི་སོགས་བསྟེན་པར་བགྱིའོ། ཐལ་སྦྱར་གྱིས། དཀོན་མཆོག་གསུམ་ལ་སོགས། སངས་རྒྱས་ཤོག་ལན་གཅིག སངས་རྒྱས་སྲས་བཅས་སོགས་འདས་ལ་འགོད། ཧེ་བཛྲ་སོགས་གཤེགས་པར་གྱུར། སེམས་ཅན་ཐམས་ཅད་སོགས། གྱུར་ཅིག་གི་བར་ལན་གཅིག རང་གི་སྙིང་གའི་སོགས་ཨཱཏྨ་ཀོ྅་ཧཾཿ སྟོང་པའི་ངང་ལས། ར་ལས་སོགས་སྭཱ་ཧཱ། ལན་གཅིག དེའི་དབུས་སུ་སོགས། བཛྲ་ས་མཱ་ཛཿར་བསྡུ་རྒྱ། ༀ་བཛྲ་མ་ཧཱ་ཀྲོ་དྷ་རྭ་ཛ་ས་པཱ་རི་ཝ་རི་ཛཿཧཱུྃ་བཾ་ཧོཿཁཾ་རཾ་ཨཱཿཧཱུྃ་སྭཱ་ཧཱ། དེ་བཞིན་དུ། ༀ་ནཱི་རཱི་ཏི་ཧཱུྃ་ཁཾ་ཨཱཿཧཱུྃ་སོགས། ཤཔྡ་ལ་མཆོད་སིལ། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་སོགས། ན་མཿས་མནྟ་


KMC001_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བུདྡྷ་སོགས། སྲུང་འཁོར་སྔགས་རིང་ལན་ཉེར་གཅིག་བཟླ། སྲུང་བའི་འཁོར་ལོའི་དབུས་སུ་སོགས་ཨཱཏྨ་ཀོ྅་ཧཾཿ དབུས་ཀྱི་གདན་ལ་ཨ་ཨཱ་སོགས་ལན་གཉིས། ཉིས་གྱུར་ལས་སོགས། ཀ་ཁ་སོགས་ལན་གཉིས། ཉིས་གྱུར་ལས་ཉི་མའི་སོགས་ཨཱཏྨ་ཀོ྅ཧཾཿ ཡུམ་གྱི་མངལ་དུ་གནས་པའི་སོགས་གར་གྱིས་གནས་པའོ། ནམ་མཁའི་ནཱ་ད་སོགས། འབྲས་བུ་རྡོ་རྗེ་འཛིན་པ་སྐུ་མདོག་ནག་པོ་སོགས་གོང་གི་རྒྱུའི་སྐབས་ལྟར་གཡས་བསྐུམ་པས་ཡབ་ལ་འཁྱུད་པའོ། བཅོམ་ལྡན་འདས་ཀྱི་སོགས་ཨཱཏྨ་ཀོ྅ཧཾཿ རང་གི་སྙིང་གའི་ཧཱུཾ་ལས་སོགས་སྤྱན་དྲངས། རྡོ་རྗེ་གསོར་ཞིང་། ཧཱུྃ་ཧཱུྃ་ཧཱུཾ་རྡོ་རྗེ་མཆོད་པ་རྣམས་ལ་བསྐོར་ཞིང་། ༀ་ཨཱཿཧཱུྃ། ལན་གསུམ། མཆོད་པའི་ཡོ་བྱད་སོགས་ནུས་པར་གྱུར། གཡས་ཀྱི་རྡོ་རྗེ་བཅས་སོ་སོའི་རྒྱ་དང་གཡོན་གྱི་དྲིལ་བུ་གསིལ་བཞིན་པར། ༀ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་སོགས་ཨཱ་ལོ་ཀེ་ཨཱཿཧཱུྃ་། དཀར་མོ་རི་དྭགས་སོགས། ༀ་མ་ཧཱ་བཛྲ་སོགས་རྡོར་དྲིལ་བཟུང་ཞིང་དྲིལ་ཕྱེད་ཕྱག་གིས། ཞེ་སྡང་རྡོ་རྗེར་སོགས། བདག་མགུར་གྱུར་མཆོད་སིལ། གཽ་རཱི་ཛཿསོགས། སླར་ཡང་ཐུགས་ཀའི་སོགས་སྤྱན་དྲངས། ༀ་གཽ་རཱི་གཾ་སོགས་སྔགས་ཀྱིས་མཆོད། མགོན་པོ་དེ་བཞིན་སོགས། ཅེས་


KMC001_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་བཏབ་པས་སངས་རྒྱས་དེ་རྣམས་སོགས་དབུ་བརྒྱན་པར་གྱུར། བསྙེན་པའི་སྐབས་འདིར་ཟུར་འདེབས་ནང་གསལ། ནམ་མཁའི་ཧེ་རུ་ཀ་ཡབ་ཡུམ་སོགས། ངོ་སྤྲོད་སྩལ་བར་གྱུར་གྱི་བར་གསུང་། དེ་མཚམས་གཞུང་གི །ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་སོགས། གཙོ་འཁོར་ཐམས་ཅད་ཀྱི་སོགས། ནང་མཆོད་འབུལ་བཞིན་པར། ཕྱོགས་བཅུ་དུས་གསུམ་གྱི་སོགས་ནས་གཙོ་འཁོར་སྲུང་མ་དང་བཅས་པའི་སྔགས་ལ་འབྲུ་གསུམ་བཏགས་ཏེ་འབུལ། མཐར་ༀ་སརྦ་ཏ་ཐཱ་ག་ཏ་སོགས་ཀོ྅ཧཾཿ སླར་ཡང་སོགས་མཆོད་པར་གྱུར། ༀ་སརྦ་སཾ་ཤོ་ངྷནི་སོགས། ཤཔྡ་ལ་མཆོད་སིལ། དཀར་མོ་རི་དྭགས་སོགས་ཨཱཏྨ་ཀོ྅ཧཾཿ ༀ་མ་ཧཱ་བཛྲ་སོགས་རྡོར་དྲིལ་བཟུང་། ཁྱོད་ནི་རྣལ་འབྱོར་སོགས། སྟུ་ཏི༴ ཨཱཏྨ་ཀོ྅ཧཾཿམཆོད་སིལ། ༀ་དེ་ཝ་པི་ཙུ་སོགས། ༀ་བཛྲ་ཀཪྟ་རི་སོགས། ༀ་ཨཱཥྚ་ན་ནཱ་སོགས་ལན་རེ་བརྗོད། གཙོ་བོ་ཡབ་ཡུམ་སོགས། ༀ་གཽ་རཱི་གཾ་སོགས་འཁོར་རྣམས་ལན་རེ་བརྗོད ། ལྷ་མོ་བརྒྱད་སོགས་ཤིན་ཏུ་གསལ་བར་གྱུར། ལས་ཐུན་གྱི་ཕྲེང་བ་ཐལ་སྦྱར་བར་previous hit དུ་བཟུང་སྟེ། རང་གི་ལག་པ་གཡོན next hit་པའི་སོགས། བདུད་རྩི་འཐོར་ལ། ༀ་བཛྲ་ཨ་མྲྀ་ཏ་སོགས། སྭ་བྷཱ་ཝ༴ སྟོང་པའི་ངང་ལས་བདུད་རྩི་


KMC001_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་མེད་པར་གྱུར། ༀ་པ་དེ་པ་དེ་སོགས། ཐོག་མར་དཀྱུས་ལ་བཟླ། ཡབ་ཡུམ་གྱི་ཐུགས་ཀར་སོགས་བསྒྲུབ་པར་གྱུར། ༀ་དེ་ཝ་པི་ཙུ་སོགས་ཐུན་གྱི་དངོས་གཞིར་བསྐྱང་ཞིང་མཐར། སྔགས་གཉིས་པོ་དང་འཁོར་སྔགས་བཅས་ཅི་འགྲུབ་བཟླས་མཐར། བསྙེན་སྒྲུབ་སྐབས་དྲིལ་གསིལ་གྱིས་དབྱངས་གསལ་ཧེ་རུ་ཀའི་ཡིག་བརྒྱ་རྟེན་སྙིང་བཅས་ལན་གསུམ། དག་དན་ནི། སྙིང་རྗེའི་སྤྱན་ནི་སོགས་རྣམ་པར་དག་པའོ། ཐུགས་ཀའི་ས་བོན་གྱི་སོགས་ཞུགས་པར་གྱུར། ཅུང་ཟད་མཉམ་པར་བཞག སླར་རང་ཉིད་སོགས་མཚན་པར་གྱུར། དེ་ནས་ཐོག་མའི་ཉིན་པར་ཚོགས་མཆོད་བྱ་ནི། ཚོགས་ལ་སྤོས་གཟུག་ཅིང་བྲན་ལ། སྒྲུབ་ལྡེབ་རྒྱབ་ཏུ་གསལ་ལྟར། ༀ་བཛྲ་ཨ་མྲྀ་ཏ་སོགས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་སོགས། རང་བཞིན་དུ་གྱུར་མཆོད་སིལ་འུར། གནས་རྡོ་རྗེ་བཙུན་མོའི་སོགས་ཚིག་རེར་དྲིལ་བུ་བརྡེབ་བཅས་གསུང་སྟེ། ལྕམ་དྲལ་གནས་འདིར་བྱོན་མཆོད་རོལ་འུར། ཁྱེད་བཀའ་བརྒྱུད་རྣམས་སོགས། མེ་ལྟར་འབར་མཆོད་སིལ། དངོས་སུ་འབྱོར་དང་སོགས་བཞེས་སུ་གསོལ། ལས་རྡོར་པས་གྲལ་མཇུག་ནས་ཉེར་སྤྱོད་ཕྲེང་བཤམས་བཏེག་ལ། ༀ་ཨཱཿཧཱུྃ། ༀ་བཛྲ་པུཥྤེ་ཨཱ་ཧཱུྃ་སྭཱ་ཧཱ། ངྷུ་པེ་སོགས་ནས། ཤབྡ་ལ་མཆོད་


KMC001_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

སིལ། ཚོགས་ཕུད་གཏོར་མར་བྲན་ཅིང་བདུད་རྩི་འཐོར་ལ། བྱིན་རླབས་གོང་ལྟར་གསུངས་མཐར་སྒྲུབ་ལྡེབ་ནང་། ཕྱོགས་བཅུ་དུས་གསུམ་གྱི་སོགས་ནས། མ་ཧཱ་ཀཱ་ལི་ཡེ་ༀ་ཨཱཿཧཱུྃ་གི་བར་བདུད་རྩི་མྱང་བའི་སྐབས་ལྟར་གསུངས་མཐར། རང་རྒྱས་ༀ་ཛཿཧཱུྃ་བཾ་ཧོཿཁཾ་རཾ་སོགས། ༀ་ནི་རཱི་ཏི་སོགས་ནས། ཤབྡ་ལ་མཆོད་རོལ། དཀར་མོ་རི་དྭགས་སོགས་ཀྱིས་མཆོད། ༀ་མ་ཧཱ་བཛྲ་སོགས་ཀྱིས་རྡོར་དྲིལ་བཟུང་། ཁྱོད་ནི་རྣལ་འབྱོར་སོགས་ཀྱིས་བསྟོད་དེ་མཆོད་སིལ། དེ་ནས་དུད་སོལ་མའི་གཏོར་ཆོག་དབྱར་རྔའི་སྒྲ་དབྱངས་བྱ་ཚུལ་ནི། ༀ་བཛྲ་ཨ་མྲྀ་ཏ་སོགས། སྭ་བྷཱ་ཝ་སོགས། མདུན་དུ་སྐད་ཅིག་གིས་སོགས་ནས། ༀ་བཛྲ་ས་མཱ་ཛཿར་བསྡུ་རྒྱ། རོལ་མོ་འབེབས་རིང་གཉིས་མཐར། བྷྱོཿ རི་རབ་ཆེན་པོའི་བྱང་ཤར་མཚམས། གཡུ་མཚོ་སོགས། ས་མཱ་ཡ་ཧོཿའབེབས་རིང་བཞག འཁོར་ནག་མོ་སོགས་འགྲུབ་པར་གྱིས་ཤིག སློབ་དཔོན་གྱིས་ནང་མཆོད་གཏོར་ཞིང་། ཧྲུག་འདོན་གྱིས། འདི་ནི་ཁྱེད་སོགས་ཧཱུྃ་ཕཊཿ གཡོན་གྱི་དྲིལ་བུ་གསིལ་ཞིང་གཡས་ཀྱིས་རྒྱ་བཅས། ༀ་ཧཱུྃ་ཤྲཱི་ཡ་སོགས་སྙིང་པོ་ལ། བཛྲ་པུཥྤེ་པཱུ་ཛ་སོགས་སྦྱར་ཏེ། ཨཱ་ལོ་ཀེའི་བར་དང་། གཏོར་མའི་ནང་དུ་ཧ་སེར་པོ་སོགས། ཨོཾཧ་ཧོ་སོགས་ལན་གསུམ། གཏོར་རྒྱས་ༀ་ཧཱུྃ་སོགས་ལ། ༀ་མ་


KMC001_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ་མཾ་ས་སོགས་བཏགས་པ་ལན་གསུམ་གྱིས་འབུལ། ཧཱུྃ་བྷྱོཿ དཔལ་ལྡན་ལྷ་མོ་སོགས་གདངས་གསང་སྔགས་རྣལ་འབྱོར་ལྟར་གྱེར། ༀ་རོ་རུ་སོགས་སྦྲེལ་ཏེ་མཱ་ར་ཡ་ཧཱུྃ་ཕཊཿ འབེབས་བཞག་དུང་དམར་རྐྱང་པ། ༀ་ཧཱུྃ་ཤྲཱི་ཡ་སོགས་ཅི་འགྲུབ་བཟླས་མཐར། མཆེ་བའི་རྒྱ་ཁའི་འགྲམ་དུ་བཞག་ལ། ༀ་བྷྱོཿབཏྟ་ལི་སོགས་ལན་གསུམ་གྱི་མཐར། བདུད་རྩི་བྲན་ལ། ཐང་ བྷྱོཿ དུར་ཁྲོད་བདག་མོ་སོགས། ཕཊ་སྭཱ་ཧཱ་ལ་མཚམས་རྒྱག མཁའ་འགྲོ་མ་དུད་པའི་སོགས་ཧྲུག་འདོན་གྱིས་མཛོད་ཅིག འབེབས་བཞག་རྐང་རག གཏོར་མ་ཕྱིར་འབུལ། མཆོད་པ་གསོ་བྲན་བྱས་ལ། ༀ་ཨཱཿཧཱུྃ་བྷནྡྷ་རིན་ཆེན་སོགས། རོལ་མོ་འབེབས་རིང་སུམ་བརྡུང་གིས། བྷྱོཿ བྱང་ཤར་ཆོས་དབྱིངས་སོགས་མཚམས་རྒྱག བྷྱོཿ ལྔ་བརྒྱ་དུས་ཀྱི་སོགས་མཚམས་རྒྱག མཐར་ཐལ་སྦྱར་གྱིས་གཞུང་ནང་། ༀ། ཡེ་ཤེས་ལྷ་དང་སོགས་བསྐང་གྱུར་ཅིག འབེབས་འོག་ཡིག་བརྒྱ་ལན་གཅིག་གསུང་བཞག་དེ་མཚམས་མ་འདས་པའི་གཏོར་བསྔོ་ནི། གླེགས་བམ་ཐ༽ སྒྲུབ་ལྡེབ་༥ རྒྱབ་ཕྲེང་༡ དབྱིན་ཇིའི་ཨང་༡༨ ལ་གསལ། ༀ་ཨིནྡྲ་ཛ་མ་ཛ་ལ་སོགས་རྡོར་དྲིལ་བཅས་གོང་ལྟར་ལན་གསུམ་དང་། བཞི་དྲིལ་གྱིས། ལྷ་ཆེན་བརྒྱད་པོ་སོགས། ཀུན་རྫོགས་མཛོད་མཆོད་སིལ། དེ་ནས་ལས་ཀྱི་རྡོ་རྗེའི་གཡས་ཀྱིས་ཚོགས་བཏེག་གཡོན་


KMC001_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་གསུམ་རྒྱ་བཅས་ཚོགས་མཆོད་ནང་གསལ། གཟིགས་ཤིག་མཛེས་ལྡན་སོགས་ཚོགས་གདངས་བདེ་མཆོག་ལྟར་བརྗོད། དབུ་མཛད་ནས་བསྐུལ་ཏེ། རིན་ཐང་མེད་ལས་སོགས་ཀྱིས་བླངས་ཤིང་མཐེབ་སྲིན་སྦྱར་བས་སྤྱི་མགྲིན་སྙིང་ག་ནས་བདུད་རྩི་མཆོད་ཅིང་། ༀ་ཨཱ༔ཧཱུྃ་ལན་གསུམ་བརྗོད། ཚོགས་ལ་རོལ་ཞིང་ཞབས་བརྟན་རིགས་གསུང་ལྷག་མ་བསྡུ། ཚོགས་མ་དྲངས་གོང་དུ་གཙང་ལྷག་ཟུར་དུ་བཤམས་ཏེ་དུད་སོལ་མར་དམར་གཏོར་ཡང་མཉམ་དུ་བཀོད་པ་ནང་མཆོད་བྲན་ལ། པདྨ་ལ་ནི་རྡོ་རྗེ་སོགས་ཚིག་གཉིས་རེར་དྲིལ་གདབ་བཅས་མཐར་ཚོགས་གཞུང་གི། རྡོ་རྗེ་འཛིན་སོགས་ཕྱག་འཚལ་སོགས་སྦྲེལ་ཏེ་འཛིན་རྒྱལ་ཤོག གཙང་ལྷག་དམར་གཏོར་བཅས་བདུད་རྩི་བྲན་ལ། མཆེ་བའི་རྒྱས། ༀ་བྷྱོཿབཏྟ་ལི་སོགས། ལྷ་མོ་ཞལ་གཅིག་སོགས་བཏྟ་ལི། རྒྱུན་དུ་བཞི་དྲིལ་གྱིས། དུར་ཁྲོད་བདག་མོ་སོགས་གྲོགས་བགྱིས་ཤིག ཧཱུྃ་གྲྀཧྣ་སོགས་མཐར་མཆོད་སིལ། གཙང་ལྷག་དམར་གཏོར་གཉིས་དམངས་ལྷག་དང་བསྲེས་ཏེ་ཆུ་གཙང་བྲན་དཔལ་འབར་གཟུག་ལ། རང་རྒྱས་ༀ་ཨ་ཀཱ་རོ་སོགས་ལན་གསུམ། ༀ་ཁ་ཁ་སོགས་མཐར་མཆོད་སིལ་རོལ་འོག་ཏུ། ན་མཿས་མནྟ་བུདྡྷེ་བྷྱཿསོགས་གླེགས་བམ་ཐ༽ དཀྱིལ་ཆོག་ལྡེབ་༨ རྒྱབ་ཕྲེང་༢ དབྱིན་ཇིའི་ཨང་༨༨ དུ་གསལ། བདུད་རྩི་འཁྱིལ་བའི་སྔགས་རིང་བཟླ། ལྷག་མ་ཕྱི་དོར་ཞིང་ལས་རྡོར་གཅིག་གིས་སྒོ་དྲུང་དུ་གཏོར་


KMC001_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱལ་ལ་མར་མེ་དང་མེ་ལོང་བསྟན་ཅིང་ཆུ་གཙང་སྦྱིན། རྗེས་ཆོག་ནི། མཆོད་པ་གསོ་བྲན་བྱས་ལ། གླེགས་བམ་ཐ༽ སྒྲུབ་ལྡེབ་༦ རྒྱབ་ཕྲེང་༢ དབྱིན་ཇིའི་ཨང་༢༠ ལ་གསལ། ཐལ་སྦྱར་བཅས། ༀ་སརྦ་སཾ་ཤོ་ངྷཿསོགས། སྭ་བྷཱ་ཝ༴ སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སོགས། ཤབྡ་ལ་མཆོད་སིལ། མཆོད་བསྟོད་རྒྱུན་པར། ༀ་ཤྲཱི་ཧེ་རུ་ཀ་ས་པཱ་རི་ཝཱ་རཱ་སརྦ་སཾ་ཤོ་ངྷཿནི་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཐོག་མཐའ་དེ་བཞིན་ལ། ཛཿཧཱུྃ་བཾ་ཧོཿཁཾ་རཾ་སོགས་ནས། ཤབྡ་ལ་མཆོད་རོལ། ཕྱི་མཆོད་དང་། ལྷ་མོ་བརྒྱད་ལ། དཀར་མོ་རི་དྭགས་སོགས་སྔགས་རྒྱ་བཅས་མཆོད། ༀ་མ་ཧཱ་བཛྲ་སོགས་རྡོར་དྲིལ་བཟུང་། གླེགས་བམ་ཐ༽ སྒྲུབ་ལྡེབ་༢༦ མདུན་ཕྲེང་མཐའ་མ་དབྱིན་ཇིའི་ཨང་༥༩ ལ་གསལ། ཁྱོད་ནི་རྣལ་འབྱོར་སོགས་ཀྱིས་བསྟོད་དེ་མཆོད་སིལ། དྲིལ་གསིལ་གྱིས་ཧེ་རུ་ཧའི་ཡིག་བརྒྱ་ལན་གསུམ་བཟླས་མཐར་རྡོར་དྲིལ་བཅས་ཐལ་སྦྱར་གྱིས། གཙོ་བོ་ནུས་པ་སོགས་བཟོད་པར་མཛོད། གླེགས་བམ་ཐ༽ སྒྲུབ་ལྡེབ་༣༠ རྒྱབ་ཕྲེང་༤ དབྱིན་ཇིའི་ཨང་༦༨ ལ་གསལ། སྐྱེ་ཞིང་སྐྱེ་བ་སོགས། བརྟན་བཞུགས་རྒྱུན་པར། ཡེ་ཤེས་པ་རྣམས་སོགས་སྭཱ་ཧཱ། དམ་ཚིག་པ་རང་གི་སོགས། གླེགས་བམ་ཐ༽ སྒྲུབ་ལྡེབ་༢༩ མདུན་ཕྲེང་༣ དབྱིན་ཇིའི་ཨང་༦༥ ལ་གསལ། སླར་རང་ཉིད་ལས་ཀྱི་སོགས་ནས་མཚན་པར་གྱུར། བཞི་


KMC001_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་དྲིལ་གསིལ་མེ་ཏོག་འཐོར་ལ། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་སོགས་ལ་གནས་བཀྲ་ཤིས་ཤོག །མཐའ་རྟེན་ཤིས་བརྗོད་རྒྱུན་པར་ཤོ་ལོ་ཀ་རེ་གྱེར། གྲོལ་ཉིན་བདུན་སམ་བརྗོད་དེ་མཆོད་སིལ་འུར། གཞན་ཡང་བསྟན་པ་རྒྱས་པའི་སྨོན་ལམ་སོགས་ཀྱིས་མཐའ་བརྒྱན་པར་བྱའོ། །གོང་གསལ་བདག་བསྐྱེད་རྐྱང་པར་ཚོགས་སྦྱར་སྐབས་བརྟན་བཞུགས་མན་ཆད་གསུང་མི་དགོས་པས་སྨོན་ལམ་མཐར་བཀྲ་ཤིས་ལ་འཇུག་པ་ཁྱད་པར་རོ།། ༈ །།དེ་ནས་ཐོར་ཐུན་ལ། བརྒྱུད་འདེབས་གྲུབ་མཚམས། རང་གི་སྙིང་གར་ཉི་མའི་སོགས་སྟོང་པར་གྱུར། ཧཱུྃ་ཞེས་བརྗོད་པས་ཞེས་པའི་མཚམས་སུ། ཟུར་གསལ་ཟུར་འདེབས་ནང་། བདག་ཉིད་ལས་ཀྱི་ཧེ་རུ་ཀར་སྐད་ཅིག་གིས་སོགས་ནས། སྤྱི་བོར་ཟླ་བའི་སྟེང་དུ་ༀ་དཀར་པོ་སོགས་གཞུང་ལ་འཇུག་མཚན་པར་གྱུར། སླར་ཟུར་འདེབས་ནང་ༀ་བཛྲ་ཨ་མྲྀ་ཏ་སོགས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར་ཟླ་གཾ་སོགས་ནས། ཤ་ལྔར་གྱུར་ཅེས་པའི་མཚམས་སུ། གཞུང་གི་ཧ་ཧོ་ཧྲཱིཿ ཞེས་བརྗོད་པས་སོགས་སྤྲེལ་ཏེ་རྒྱ་མཚོར་གྱུར། བདུད་རྩི་མྱང་། ༀ་མ་ཧཱ་བཛྲ་སོགས་རྡོར་དྲིལ་བཟུང་ནས་བསྡུ་ལྡང་གི་མཇུག་བར་གོང་གསལ་ལྟར་མཐར་ཆགས་སུ་བཏང་བར་བྱ། ཐུན་ཕྱི་མ་རྣམས་


KMC001_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མཆོད་ཁ་གསོས་ཏེ། མཆོད་པ་བྱིན་རླབས་མན་ཆད་བསྐྱར་ཏེ་བླ་མ་དག་པའི་གསོལ་འདེབས་བསྐྱུར། ཧེ་བཛྲ་ནས་འཇུག་ཡན་ལག་བདུན་པ་ཚིག་ལྷུག་དང་། དཀོན་མཆོག་གསུམ་ལ་སོགས་རྒྱུད་ཚིག་མར་པའི་འགྱུར་གཉིས་རེས་མོས་བྱ། སྲུང་འཁོར་སྔགས་ཐུན་དང་པོར་ཉེར་གཅིག་དང་། ཕྱི་མ་རྣམས་ལ་ལན་གསུམ་རེས་ཆོག །བདུད་རྩི་འབུལ་བའི་སྐབས། བཅོམ་ལྡན་རིགས་དྲུག་པ་ནས། རྩ་བརྒྱུད་བླ་མའི་བར་བསྐྱུར། བགྲང་ཕྲེང་བྱིན་རླབས་ཡང་ཐོར་ཐུན་ལས་གཞན་ལ་མི་དགོས། ཐོར་ཐུན་གསུམ་ལ་བསྡུ་ལྡང་གི་མཇུག་ཧཱུྃ་གིས་མཚན་པར་གྱུར་ནས། གླེགས་བམ་ཐ༽ སྒྲུབ་ལྡེབ་༣༠ རྒྱབ་ཕྲེང་༤ དབྱིན་ཇིའི་ཨང་༦༨ ལ་གསལ། སྐྱེ་ཞིང་སྐྱེ་བ་སོགས་ཀྱི་སྨོན་ལམ་དང་། བཀྲ་ཤིས་ནི། དགྱེས་པ་རྡོ་རྗེ་དཔལ་ལྡན་གསང་བ་འདུས། མཱ་ཡཱ་གདན་བཞི་འཇམ་དཔལ་རིགས་འདུས་ལྷ། །རིགས་ཀྱི་བཙུན་མོ་འཁོར་ལོ་བཀའ་ཉན་བཅས། བཅོམ་ལྡན་དཀྱིལ་འཁོར་ལྷ་ཡིས་བཀྲ་ཤིས་ཤོག ། ལྟ་བུའི་ཤོ་ལོ་ཀ་རེ་བརྗོད། མཐར་བཟང་སྤྱོད་སོགས་ཀྱིས་མཐའ་བརྒྱན་ཏེ་ངག་གྲོལ། དགོང་ཐུན་ལ་བསྡུ་ལྡང་མཐར་གཏོར་ཆོག་བྱ་བ་ནི། ཟུར་འདེབས་ནང་གསལ། མདུན་གྱི་ནམ་མཁར་ཆོས་ཀྱི་འབྱུང་གནས་སོགས་ནས། རྡོ་རྗེ་དང་དྲིལ་བུ་འཛིན་པ་ཞེས་པའི་མཚམས་སུ། གླེགས་བམ་ཐ༽ སྒྲུབ་ལྡེབ་༢༩ རྒྱབ་ཕྲེང་


KMC001_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

༣ དབྱིན་ཇིའི་ཨང་༦༦ ལ་གསལ། རང་འོད་ཀྱི་ཡུམ་ལ་སོགས་སྦྲེལ་སྤྱན་དྲངས། གཽ་རི་ཨཱངྐུ་ཤ་ཛཿསོགས། སླར་ཡང་སྙིང་གའི་སོགས་སྤྱན་དྲངས། ༀ་བཛྲ་པུཥྤེ་ཨཱཿཧཱུཾསྭཱ་ཧཱ། དེ་བཞིན་དུ། ངྷུ་པེ་སོགས་ནས། ཨཱ་ལོ་ཀེ་ཨཱཿཧཱུྃ་སྭཱ་ཧཱ། དེ་རྣམས་ཀྱིས་སོགས། དབུ་བརྒྱན་པར་སྒོམ། གཏོར་མ་སྔར་ལྟར། ༀ་བཛྲ་ཨ་མྲྀ་ཏ་སོགས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས། ཡཾ་ལས་སོགས་ནས། རང་བཞིན་དུ་གྱུར་བར་བྱིན་གྱིས་བརླབ། གཏོར་མགྲོན་རྣམས་ཀྱི་སོགས་དགྱེས་པར་གྱུར་། གླེགས་བམ་ཐ༽ སྒྲུབ་ལྡེབ་༥ རྒྱབ་ཕྲེང་༡ དབྱིན་ཇིའི་ཨང་༡༨ ལ་གསལ། ༀ་ཨིནྡ་ཛ་མ་སོགས་རྡོར་དྲིལ་བཅས་གཏོར་རྒྱས་ལན་གསུམ་གྱིས་འབུལ། བཞི་དྲིལ་བཅས། ལྷ་ཆེན་བརྒྱད་པོ་སོགས་ནས། ཀུན་རྫོགས་མཛོད་མཆོད་རོལ། ཟུར་འདེབས་ནང་གསལ། གུར་གྱི་ཡིག་བརྒྱ་དྲིལ་གསིལ་བཅས་ཚར་གཅིག་གསུང་། མ་འབྱོར་བ་དང་སོགས། བཛྲ་མུཿསེ་གོལ། གཏོར་མའི་མགྲོན་རྣམས་སོགས་གཤེགས་པར་གྱུར། འདི་མཚམས་སུ་བཀའ་སྲུང་དུ་དུད་སོལ་མའི་གཏོར་ཆོག་དབྱར་རྔའི་སྒྲ་དབྱངས་གསུང་དགོས་ཀྱང་། ཕྱག་བཞེས་སུ་ཕྱི་དྲོ་གཏོར་བསྔོ་གསུང་སྐབས་སྦྱར་བས་འདིར་མི་དགོས། ཚིག་གཉིས་རེར་དྲིལ་གདབ་བཅས། པདྨ་ལ་ནི་རྡོ་རྗེ་སོགས་སྤང་མི་བྱ། རྡོར་དྲིལ་ཐལ་སྦྱར་གྱིས།


KMC001_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

གླེགས་བམ་ཐ༽ སྒྲུབ་ལྡེབ་༣༠ རྒྱབ་ཕྲེང་༤ དབྱིན་ཇིའི་ཨང་༦༨ ལ་གསལ། སྐྱེ་ཞིང་སྐྱེ་བ་སོགས་ནས་སྤྱོད་པར་ཤོག ། བཀྲ་ཤིས་དང་མཐའ་རྟེན་བསྔོ་སྨོན་སོགས་གོང་ལྟར་བྱའོ། །གོང་གསལ་ཚུལ་དེ་ལྟ་བུས་ཐུན་བཞིར་བཅད་དེ་བསྙེན་སྒྲུབ་ཇི་ཙམ་གྱི་རིང་འབད་པར་བྱའོ།། ༈ །།གཉིས་པ་སྒྲུབ་མཆོད་ཇི་ལྟར་བྱ་བའི་ཚུལ་ལ། ཐོག་མར་བཅའ་བཤམས་ཀྱི་རིམ་པ་ནི། རྡུལ་ཚོན་དང་འབྲེལ་སྐབས་ས་ཆོག་དང་སྟ་གོན་རྣམས་དཀྱིལ་ཆོག་ལྟར་རྒྱས་པར་བྱ། སྤྲོས་པ་མ་ལྕོགས་ཚེ་རས་བྲིས་སྟེགས་བུ་གྲུ་བཞི་ཁེབས་ལྡན་གྱི་དབུས་སུ་གདིང་དཀྱིལ་བཀྲམ་པའི་ཤར་དུ་བུམ་གདན་སྟེགས་ཀྱི་ཁར་རྣམ་རྒྱལ་བུམ་པ་མགུལ་ཆིངས་སྔོ་ནག་ལས་བུམ་མགུལ་ཆིངས་ལྗང་ཁུ་ཅན་བྱང་ཤར་དུ་བཀོད། གཞན་བུམ་པ་བརྒྱད་པོ་འཁོར་གྱི་ལྷ་མོ་རྣམས་ཀྱི་རང་མདོག་ལྟར་མགུལ་ཆིངས་ལྷ་བསྐྱེད་སྐབས་ལྟར་ཕྱོགས་མ་ནོར་བར་དཀྱིལ་འཁོར་གྱི་ཕྱོགས་མཚམས་བརྒྱད་དུ་བཤམས། དབུས་སུ་མཉྫིའི་ཁར་མིང་དབང་མགུལ་ཆིངས་དཀར་པོ་ཅན། ལྷོར་དབུ་བརྒྱན། ནུབ་ཏུ་རྡོ་རྗེ། བྱང་དུ་དྲིལ་བུ། ལྷོར་གསང་ཐོད། ནུབ་ཏུ་རིག་ཙཀ་ཉེ་ལོགས་སུ་བརྟུལ་ཞུགས་རྗེས་གནང་གྲི་ཐོད་ཙཀླི་བཤམས། ནུབ་ངོས་སུ་རྐང་གསུམ་ཁར་ལྷ་དགུའི་འདས་གཏོར་བཤམས་པའི་གཡོན་ཕྱོགས་སུ་བཀའ་སྲུང་དུད་སོལ་མའི་རྟེན་གཏོར་བཤམས། དཀྱིལ་འཁོར་མཐར་མཆོད་འགོ་previous hit གཡོན་བསྟན་གྱིས་ཆུ་གསུམ་སྔོན་དུ next hit་འགྲོ་བས་ཉེར་སྤྱོད་རྣམས་ཚར་གྲངས་བཅུས་བསྐོར་བཤམས་བྱ། མདུན་ངོས་སྟེགས་ཀྱི་ཁར་སྒོ་མཆོད་ཆུ་གསུམ་སྔོན་


KMC001_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོས་ཉེར་སྤྱོད་ཕྲེང་ཚར་བཤམས། ནང་མཆོད་ཀ་པཱ་ལ། སྔོན་གཏོར། དུད་སོལ་མའི་འབུལ་གཏོར། ཚོགས་ཀྱི་ཡོ་བྱད་རྣམས་བཤམས། མཆོད་ཁ་གསོ་བྱེད་ཞལ་ཟས། མིག་དར། མེ་ཏོག་འཐོར་ནས་སོགས་ཉེར་མཁོའི་རིགས་ཚང་བར་འདུ་བྱ། སློབ་དཔོན་བདག་བསྐྱེད་མཆོད་པ། ཕྱི་རོལ་པའི་མཆོད་པ། བདག་འཇུག་སྐབས་སློབ་མའི་མཆོད་པ་དང་ཚོགས་ཀྱི་ནང་གི་མཆོད་པ་བཅས་སྟེགས་ཁེབས་ལྡན་ལ་སོ་སོར་བཤམས། དཀྱིལ་འཁོར་གྱི་མཐའ་བསྐོར་དུ་འཕན་གདུགས་རྒྱལ་མཚན་རྣམས་དང་། ནུབ་ངོས་སུ་དབུ་གདུགས། གཞན་ཡང་དཀྱིལ་ཆོག་ནང་གསལ་ལྟར་སྲུང་བའི་ཡན་ལག་ཏུ། མདའ་བོ་ཆེ་བཞི་ལ་དར་ཁ་དོག་བཞི་བཏགས་པ་དང་། རལ་གྲི་བཞི། མེ་ལོང་ལ་སོགས་པ་ཟུར་བཞིར་བཙུག་ལ་ཚོན་སྐུད་ཀྱི་དྲྭ་བ་སྦྲེལ་དགོས་པར་གསུངས་པས་སྤྲོས་པས་ལྕོགས་ན་ལེགས། དེ་ནས་ཚོགས་བརྡ་བྱུང་འཕྲལ། སྒྲུབ་པོ་རྣམས་འདུ་ཁང་ནང་གྲལ་ཕྱག་སྔོན་འགྲོས་སྟན་ལ་འཁོད། ནང་མཆོད། ཌཱ་དྲིལ། མིག་དར་བཅས་བསྣམས་དགོས། ཐོག་མར་འདོན་བྱ་དངོས་ནི། ལོ་གྱོན་མའི་གཟུངས། རྣམ་འཇོམས་རྣམ་རྒྱལ་མ༴ ལཱ་ལ་ར་ས་སོགས། བརྒྱུད་འདེབས། དགྱེས་མཛད་ཧེ་རུ་ཀ་དཔལ་སོགས་མཐར། སྐྱེ་བ་ཀུན་ཏུ་སོགས། རང་གི་སྙིང་གར་ཉི་མའི་སོགས་ནས། རྡོར་སེམས་བསྒོམ་བཟླས་མཇུག་རང་ཉིད་ལ་ཐིམ་པར་གྱུར། ༀ་ཨཱཿཧཱུྃ་གི་བར་གོང་ལྟར་གསུངས་མཐར། མདུན་བསྐྱེད་སྒོམ་པ་ནི། གླེགས་བམ་ཐ༽ དཀྱིལ་


KMC001_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་ལྡེབ་༢༢ མདུན་ཕྲེང་མཐའ་མ་དབྱིན་ཇིའི་ཨང་༡༡༥ ནང་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་བསང་སྦྱང་། ༀ་ཨཱཿཧཱུྃ་ལན་གསུམ་བརྗོད་ཅིང་ནང་མཆོད་འཐོར། དངོས་གཞི་ཉིན་དང་པོར། ཕྱག་མཚན་རྣམས་བདུད་རྩི་ཐིག་ལེ་གྱུར། རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་ཐབས་ཤེས་རབ་ཀྱི་ངང་ལས་ལྷ་དགུ་གཞལ་ཡས་ཁང་དང་བཅས་པར་གསལ་བ་ནི། ཨེ་ལས་ཆོས་ཀྱི་འབྱུང་གནས་དཀར་པོ་གྲུ་གསུམ་པ་སོགས་གླེགས་བམ་ཐ༽ སྒྲུབ་ལྡེབ་༡༥ རྒྱབ་ཕྲེང་༢ དབྱིན་ཇིའི་ཨང་༣༨ ལ་གསལ། ཕྱོགས་ཀྱི་མདོག་ཅན་གྱི་ལྟེ་བར་བྷྲཱུཾ་སོགས་དང་། ཁང་པ་བརྩེགས་པ་སོགས་ནས། སླར་གླེགས་བམ་ཐ༽ སྒྲུབ་ལྡེབ་༡༥ རྒྱབ་ཕྲེང་མཐའ་མ་དབྱིན་ཇིའི་ཨང་༣༨ ལ་གསལ་བ་ལྟར་གསུང་སྟེ། ཨཱཏྟ་མ་ཀོ྅ཧཾཿགི་བར་དང་། དབུས་ཀྱི་གདན་ལ་ཐོད་པ་དང་སྣ་ཚོགས་སོགས། སྐུ་མདོག་ནག་པོ་སོགས་གླེགས་བམ་ཐ༽ སྒྲུབ་ལྡེབ་༡༧ རྒྱབ་ཕྲེང་མཐའ་མ་དབྱིན་ཇིའི་ཨང་༤༢ ལ་གསལ། གཡས་བསྐུམ་པས་ཡབ་ལ་འཁྱུད་པའི་བར་གྱིས་གཙོ་བོ་ཡབ་ཡུམ་བསྐྱེད་ཅིང་། འདབ་མ་བརྒྱད་ལ་སོ་སོའི་ཕྱག་མཚན་སོགས། ལྷ་མོ་ཐམས་ཅད་སོགས་གླེགས་བམ་ཐ༽ སྒྲུབ་ལྡེབ་༢༠ རྒྱབ་ཕྲེང་༣ དབྱིན་ཇིའི་ཨང་༤༨ ལ་གསལ། གར་གྱིས་གནས་


KMC001_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །གླེགས་བམ་ཐ༽ སྒྲུབ་ལྡེབ་༢༢ རྒྱབ་ཕྲེང་༤ དབྱིན་ཇིའི་ཨང་༥༢ ལ་གསལ། མིག་ཏུ་མོཾ་ལས་སོགས་ནས་ཨཱཏྟ་མ་ཀོ྅་ཧཾཿ འདི་མཚམས་རྡུལ་ཚོན་སྐབས་དངོས་གཞི་ཉིན་དང་པོར་། སྟ་གོན་གྱི་ལྷ་ནམ་མཁར་སོགས་ནས། རོ་གཅིག་ཏུ་གྱུར་གྱི་བར་གསུང་དགོས། རྡུལ་ཚོན་མེད་ན་གཏན་ནས་མི་དགོས་ཤིང་། རྡུལ་ཚོན་ཡོད་སྐབས་ཀྱང་ཉིན་ཕྱི་མ་རྣམས་ལ་མི་དགོས། ༈ །དེ་ནས་བདག་བསྐྱེད་བསྒོམ་པ་ནི། ་གླེགས་བམ་ཐ༽ སྒྲུབ་ལྡེབ་༨ རྒྱབ་ཕྲེང་༣ དབྱིན་ཇིའི་ཨང་༢༤ ལ་གསལ། བླ་མ་དག་པའི་གསོལ་འདེབས། བླ་མ་མཉམ་མེད་སངས་རྒྱས་སོགས་ནས་བརྩམས་མངོན་རྟོགས་ཡོངས་རྫོགས། བཟླས་པ་དང་དག་པ་བརྗོད་པའི་མཇུག རང་བཞིན་ཏུ་རྣམ་པར་དག་པའོ་བར་གོང་གསལ་ལྟར་མཐར་ཆགས་སུ་གསུང་སྟེ་ཚོགས་ཐེངས་དང་པོ་གྲོལ། ༈ །ཡར་ཚོགས་ནས་གླེགས་བམ་ཐ༽ དཀྱིལ་ཆོག་ལྡེབ་༢༣ མདུན་ཕྲེང་མཐའ་མ་དབྱིན་ཇིའི་ཨང་༡༡༧ ལ་གསལ། ཐུགས་ཀའི་ས་བོན་གྱི་འོད་ཀྱིས་སོགས་ནས་གནས་པར་གྱུར། ་གླེགས་བམ་ཐ༽ སྒྲུབ་ལྡེབ་༢༣ རྒྱབ་ཕྲེང་༡ དབྱིན་ཇིའི་ཨང་༥༤ ལ་གསལ། ཧཱུྃ་ལན་གསུམ། ༀ་ཨཱཿཧཱུྃ་ལན་གསུམ། མཆོད་པའི་ཡོ་བྱད་སོགས་ནས། མཆོད་བསྟོད། དབང་བསྐུར། རྒྱས་གདབ། ཨཱཏྟ་མ་ཀོ྅ཧཱཾཿགི་བར་དང་། གཙོ་འཁོར་ཐམས་ཅད་ཀྱི་ལྗགས་ཀྱི་སོགས་གསོལ་


KMC001_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར། ནང་མཆོད་དབུལ་བཞིན་པར། ཕྱོགས་བཅུ་དུས་གསུམ་གྱི་སོགས་ནས་སྔགས་ཀྱིས་རྒྱས་གདབ། ཨཱཏྟ་མ་ཀོ྅ཧཱཾཿགི་བར་གསུང་། དེ་ནས་མདུན་བསྐྱེད་ལ་མཆོད་བསྟོད་རྒྱས་པར་བྱ་བའི་ཐོག་མར་མཆོད་པ་བྱིན་བརླབ་ནི། གླེགས་བམ་ཐ༽ སྒྲུབ་ལྡེབ་༦ རྒྱབ་ཕྲེང་༢ དབྱིན་ཇིའི་ཨང་༢༠ ལ་གསལ། ༀ་སརྦ་སཾ་ཤོ་ངྷནི་སོགས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས། ཨ་ལས་སོགས་ནས། ཤབྡ་ཨཱཿཧཱུྃ་སྭཱ་ཧཱ་ལ་མཆོད་སིལ་རོལ་འོག་ཏུ་ༀ་བཛྲ་གྷཎྚི་སོགས་ལན་གཅིག་བརྗོད་མཐར། གླེགས་བམ་ཐ༽ དཀྱིལ་ཆོག་ལྡེབ་༢༣ རྒྱབ་ཕྲེང་མཐའ་མ་དབྱིན་ཇིའི་ཨང་༡༡༨ ལ་གསལ། བདེ་མཆོག་སྲུང་འཁོར་དབུས་གདངས་ཀྱིས། དག་ཅིང་དྲི་མེད་སོགས་ཚིག་ལ་ཐལ་སྦྱར་དང་སྔགས་ལ་པད་སྐོར་སྔོན་འགྲོས་སོ་སོའི་རང་རྒྱའི་མཐར་སེ་གོལ་བཅས་འོག་མ་རྣམས་ལ་ཡང་འགྲེས། མེ་ཏོག་འདི་ནི་སོགས་ལ་མདོག་དཀར་རྡོ་རྗེས་འགེབ། ཤབྡ་ལ་མཆོད་སིལ། གཟུགས་ལ་རྣམ་གསུམ་སོགས་གདངས་བདེ་ཆོག་ཡང་དག་དགའ་བ་ལྟར་གྱེར། ཤབྡ་ལ་མཚམས་རྒྱག སྤཪྴེ་པཱུ་ཛ་སོགས། སྲབ་འཇམ་ཡངས་པ་སོགས། སྣ་ཚོགས་དབང་པོའི་མཐར། ཝ་ཨཱཿཧཱུྃ་སྭཱ་ཧཱ། གསེར་ལས་ལེགས་བྱས་སོགས་ཀཱི་ལིའི་སྒྲོགས་པའི་གདངས་ཀྱིས་འགེབ། ༀ་ཙཀྲ་སོགས་སྔགས་ལ་རྒྱ་དང་། བདག་དང་མཐའ་ཡས་པའི་སོགས་འདོད་


KMC001_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ཚིག་ལྷུག་གཤམས་གསལ་རྣམས་ལ་ཡང་འགྲེས་བཤང་གི་མཐར། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཆོས་སོགས་ཐོབ་པར་གྱུར་ཅིག སྒེག་མོའི་ལག་པས་སོགས་བདེ་མཆོག་བཞད་པ་རྡོ་རྗེ་ལྟར་གྱེར། ༀ་ས་ཏྭ་ས་ཏྭ་སུ་པཾ་སོགས་སྔགས་ལ་རྒྱ་ཀུན་རིག་ལྟར་བཅའ་ཞིང་། ༀ་བཛྲ་ནྲྀ་ཏཱི་ཨཱཿ བདེ་མཆོག་བཞད་པ་རྡོ་རྗེ་ལྟར་གྱེར་ལ། མེ་ཏོག་སྐྱུར་བའི་སོགས་སྔགས་ལ་རྒྱ་བཅས་གནྡྷེ་ཨཱཿ རྡོ་རྗེའི་མཆོད་པ་ཉི་ཤུ་པོ་རྡོར་དྲིལ་འཛིན་ཏེ་ཉིན་ལྟར་ཕག་མོའི་གཞུང་གདངས་བཅས། ཏེ་ན་ཧཱུྃ། ཏེ་ན་ཧཱུྃ། ཏེ་ན་ཏེ་ཏེ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་པི་ཝང་ཚུལ་གྱིས་སོགས་ཚིག་རེ་རེའི་མཚམས་ཧཱུྃ་རེ་བརྗོད་དགོས། འཁོར་བཅས་མཆོད་སིལ། ནང་མཆོད་ལྷ་མོ་བརྒྱད་ནི། ཟླ་ཞུན་བྱང་སེམས་སོགས་སྔགས་ལ་ཕྱག་རྒྱ་ཡིག་ཆུང་ནང་གསལ་ལྟར་བཅའ་ཞིང་སེ་གོལ་བཅས། ཙཎྜ་ལི་ལ་ལག་གཡོན་དཀུར་བཞག་སྟེ་གཡས་ཀྱིས་ཌཱ་རུ་འུར་ཆུང་གཅིག་འཁྲོལ་དགོས་ཌོམྦི་ནི་མི་ཌོཾ། གསང་མཆོད་ནི། གང་གིས་རྣམ་རྟོག་སོགས་མཐར། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སོགས་ཀོ྅ཧཾཿ སྔགས་ཀྱིས་རྡོར་དྲིལ་བཟུང་ལ། ཐམས་ཅད་དངོས་པོའི་རང་བཞིན་སོགས་རྒྱལ་རྒྱམ་ཐུགས་རྗེ་ཆེན་པོའི་གདངས་ཀྱིས་འགེབ། བདག་ཕྱག་འཚལ་མཆོད་རོལ། གཾ་ལས་སྐྱེས་པའི་སོགས་ཕག་མོའི་བཅོམ་ལྡན་འདས་མ་ལྟར་གྱེར། དེ་མཚུངས་ཤོག་


KMC001_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་སིལ། གླེགས་བམ་ཐ༽ སྒྲུབ་ལྡེབ་༢༦ མདུན་ཕྲེང་མཐའ་མ་དབྱིན་ཇིའི་ཨང་༥༩ ལ་གསལ། ཁྱོད་ནི་རྣལ་འབྱོར་སོགས་ཀྱིས་བསྟོད་ནས། སྟུ་ཏི་བཛྲ་སོགས་སྔགས་ཀྱིས་རྒྱས་གདབ་མཆོད་སིལ། ༈ །དེ་ནས་བུམ་བསྐྱེད་ནི། གླེགས་བམ་ཐ༽ དཀྱིལ་ཆོག་ལྡེབ་༡༡ རྒྱབ་ཕྲེང་༡ དབྱིན་ཇིའི་ཨང་༩༤ ལ་གསལ། མཆོད་ཁ་གསོ་ཞིང་ནང་མཆོད་བྲན་ལ། ༀ་བཛྲ་ཨ་མྲྀ་ཏ་སོགས། སྭ་བྷཱ་ཝ༴ སྟོང་པའི་ངང་ལས། བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་སོགས་ནས། སྐུ་མདོག་ནག་པོ་སོགས་གླེགས་བམ་ཐ༽ སྒྲུབ་ལྡེབ་༡༧ རྒྱབ་ཕྲེང་མཐའ་མ་དབྱིན་ཇིའི་ཨང་༤༢ ལ་གསལ། ཡབ་ལ་འཁྱུད་པ། འདབ་མ་བརྒྱད་ལ། ཤར་དུ་ཚངས་པ་སོགས་གླེགས་བམ་ཐ༽ སྒྲུབ་ལྡེབ་༡༧ མདུན་ཕྲེང་༢ དབྱིན་ཇིའི་ཨང་༤༡ ལ་གསལ། ཉི་མའི་གདན་དང་བཅས་པའི་སྟེང་དུ། ཤར་དུ་གཽ་རཱི་ནག་མོ་སོགས་གླེགས་བམ་ཐ༽ དཀྱིལ་ཆོག་ལྡེབ་༢༢ རྒྱབ་ཕྲེང་༤ དབྱིན་ཇིའི་ཨང་༡༡༦ ལ་གསལ། གར་གྱིས་གནས་པ། མིག་ཏུ་མོཾ་ལས་སོགས་གླེགས་བམ་ཐ༽ སྒྲུབ་ལྡེབ་༢༢ རྒྱབ་ཕྲེང་༤ དབྱིན་ཇིའི་ཨང་༥༢ ལ་གསལ། སྐྱེ་མཆེད་དང་གནས་གསུམ་བྱིན་རླབས། རང་གི་སྙིང་གའི་སོགས་ཡེ་ཤེས་པ་དབབ་ཅིང་མཆོད་བསྟོད་མཇུག་མཆོད་སིལ། གཽ་རཱི་ཛཿསོགས་ཀྱིས་བསྟིམ་ཞིང་། སླར་ཡང་ཐུགས་ཀའི་ཧཱུྃ་ལས་སོགས། དབང་


KMC001_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར། རྒྱས་གདབ་མཇུག་གི་བར་མཐར་ཆགས་སུ་བཏང་། དེ་ནས་བུམ་བསྐྱེད་མཆོད་བསྟོད་དངོས་ནི། མཆོད་པར་ནང་མཆོད་བྲན་ལ། གླེགས་བམ་ཐ༽ སྒྲུབ་ལྡེབ་༦ རྒྱབ་ཕྲེང་༢ དབྱིན་ཇིའི་ཨང་༢༠ ལ་གསལ། མཆོད་པ་བྱིན་རླབས་གསུང་། གླེགས་བམ་ཐ༽ དཀྱིལ་ཆོག་ལྡེབ་༢༣ རྒྱབ་ཕྲེང་མཐའ་མ་དབྱིན་ཇིའི་ཨང་༡༡༨ ལ་གསལ། དག་ཅིང་དྲི་མེད་སོགས་མདུན་བསྐྱེད་ལྟར། ནཱི་རཱི་ཏི་ཧཱུྃ་ཁཾ༴ བསྐུལ་མཚམས་ཀྱིས། མེ་ཏོག་འདི་ནི་སོགས་ནས། ཤབྡ་ལ་མཆོད་སིལ་ཕྱི་མཆོད་དང་། གླེགས་བམ་ཐ༽ དཀྱིལ་ཆོག་ལྡེབ་༢༧ རྒྱབ་ཕྲེང་༢ དབྱིན་ཇིའི་ཨང་༡༢༦ ལ་གསལ། ཟླ་ཞུན་བྱང་སེམས་སོགས། ཌོཾམྦི་ནི་ཌོཾ་གྱི་བར་ནང་མཆོད་བཅས་མཐར། བསྟོད་པ་ནི། ༀ་མ་ཧཱ་བཛྲ་སོགས་སྔགས་ཀྱི་རྡོར་དྲིལ་བཟུང་ལ། ཐམས་ཅད་དངོས་པོའི་སོགས། བདག་ཕྱག་འཚལ་མཆོད་སིལ། གཾ་ལས་སྐྱེས་པའི་སོགས། དེ་མཚུངས་ཤོག་མཆོད་སིལ། དེ་ནས་བུམ་བསྙེན་བྱ་བ་ནི། སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་སོགས་ནས་གང་བར་གྱུར། ལས་རྡོར་པས་གཟུངས་ཐག་རྡོ་རྗེ་སློབ་དཔོན་ལ་ཕུལ། དེས་ཀྱང་གཡོན་པའི་ཁུ་ཚུར་གྱིས་བཟུང་ལ། ༀ་དེ་ཝ་པི་ཙུ་སོགས་བརྒྱ་རྩའམ་སུམ་བརྒྱ། ༀ་བཛྲ་ཀརྟ་རི་སོགས་ལྔ་བཅུའམ་བརྒྱ་རྩ། ༀ་ཨཱཥྚ་ན་ནཱ་སོགས་ལྔ་བཅུའམ་བརྒྱ་རྩ་བརྒྱད་བཟླས་མཐར། ཐོད་པའི་བདུད་རྩི་བུམ་པར་དབུལ་ལ།


KMC001_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཡབ་ཡུམ་སོགས་རོ་གཅིག་གྱུར། གཟུངས་རྡོར་ལས་བུམ་ཁར་སྤོས་ལ། ལས་ཐམས་ཅད་པའི་བུམ་པའི་སོགས། ཞབས་གཡོན་བརྐྱང་སོགས་ གླེགས་བམ་ཐ༽ སྒྲུབ་ལྡེབ་༡༤ རྒྱབ་ཕྲེང་༡ དབྱིན་ཇིའི་ཨང་༣༦ ལ་གསལ། ཤམ་ཐབས་ཅན་ནོ། ༀ་བཛྲ་པུཥྤེ་ཨཱཿཧཱུཾ་སྭཱ་ཧཱ། དེ་བཞིན་དུ། ངྷཱུ་པེ༴ གནྡྷེ༴ ནཻཝི་ཏྱཾ༴ ཨ་ལོ་ཀེ༴ ཤབྡ་ཨཱཿཧཱུྃ་སྭཱ་ཧཱ་མཆོད་སིལ། རྡོར་དྲིལ་ཕྱེད་རྒྱས། རྣམ་དག་ཆོས་ཀྱི་སོགས་ཁྱོད་ལ་འདུད། ༀ་བཛྲ་ཨ་མྲྀ་ཏ་སོགས་བསྙེན་མཐར། ལས་རྡོར་པས་བུམ་སྒྲོས་གཟུངས་རྡོར་དང་བཅས་དཀྱིལ་འཁོར་ལ་བསྐོར་ཏེ་ཕྱིར་གཏོར་བཞིན་པར། བདག་ཅག་དཔོན་སློབ་སོགས་སྲུང་དུ་གསོལ། གཟུང་ཐག་བསྡུའོ། ༈ ཕྱི་དྲོ་ཡར་ཚོགས་ཏེ་ཕྱི་རོལ་མཆོད་པ་ནི། སྒོ་འཁྱོར་འོག་གཡས་previous hit གཡོནདུ next hit་འཁོད་དེ། དབུས་སུ་སྟེགས་བུ་ཁེབས་ལྡན་ལ། དཀྱིལ་previous hit དུ་མཆོད་གཏོར། གཡས་སུ་ཆུ་གཉིས། གཡོན next hit་ངོས་སུ་མདུན་ནས་རྒྱབ་ཏུ་བརྩམས་ཏེ་ཉེར་སྤྱོད་ཕྲེང་ཚར། མདུན་དུ་ནང་མཆོད་དང་དུང་ཆོས་སོགས་བཤམས་ལ། གླེགས་བམ་ཐ༽ སྒྲུབ་ལྡེབ་༢༩ མདུན་ཕྲེང་༤ དབྱིན་ཇིའི་ཨང་༥༦ ལ་གསལ། མདུན་གྱི་ནམ་མཁར་སོགས་ནས་དབུ་བརྒྱན་པར་གྱུར། གླེགས་བམ་ཐ༽ དཀྱིལ་ཆོག་ལྡེབ་༣༢ མདུན་ཕྲེང་༢ དབྱིན་ཇིའི་ཨང་༡༣༥ ལ་གསལ། ༀ་པྲ་ཝཱ་ར་སཏྐ་ར་ཨཱརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ།


KMC001_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་དུ། པཱ་དྱཱཾ༴ ༀ་བཛྲ་པུཥྤེ་སོགས་ནས། ཤབྡ་པྲ་ཏིཙྪ་སྭཱ་ཧཱ་ལ་མཆོད་སིལ། གླེགས་བམ་ཐ༽ སྒྲུབ་ལྡེབ་༥ མདུན་ཕྲེང་༡ དབྱིན་ཇིའི་ཨང་༡༧ ལ་གསལ། ལྟར་གཏོར་མ་བྱིན་རླབས་གསུང་། ༀ་ཨིནྡ་ཛ་མ་སོགས་ལན་གསུམ་གྱིས་ཕུལ། མཐར་བདེ་མཆོག་ཕྱི་རོལ་སྐབས་ཀྱི་ལྷ་ཀླུ་གནོད་སྦྱིན་ལྟར་མེ་ལྷའི་གདངས་རྔ་ཚིག་དྲིལ་རྡེབ་བཅས། དབང་པོ་མཐར་བྱེད་ཆུ་བདག་དང་། ནོར་སྦྱིན་བྱིན་ཟ་སོགས་ནས། ཡིད་ལ་འདོད་པ་ཀུན་རྫོགས་མཛོད། མཆོད་སིལ་འུར། གླེགས་བམ་ཐ༽ སྒྲུབ་ལྡེབ་༣༠ མདུན་ཕྲེང་མཐའ་མ་དབྱིན་ཇིའི་ཨང་༦༧ ལ་གསལ། ལྟར་རྡོ་རྗེའི་གླུ་ནི། ཚིག་གཉིས་རེར་དྲིལ་རྡེབ་བཅས། པདྨ་ལ་ནི་རྡོ་རྗེ་གནས། །པདྨ་ཉིད་ནི་སོགས་མཐར། མཆོད་ཡོན་སྤྲེང་ལ། ༀ་པྲ་ཝཱ་རཱ་སརྐ་ར་སོགས་སྭཱ་ཧཱ། མཆོད་གཏོར་གཤེགས། ༀ་བཛྲ་ས་ཏྭ་ས་མ་ཡ་སོགས་རྡོར་སེམས་ཡིག་བརྒྱ་ལན་གཅིག་མཐར། ༀ་ཨཱཿཧཱུྃ་བཛྲ་མུཿས་བཏེགས་ལ་སེ་གོལ་གཏོགས། གཏོར་མགྲོན་རྣམས་སོགས་གཤེགས་པར་གྱུར། ཙོག་པུར་བཞུགས་དུང་ཆུ་བཀྱེ་སྟེ་བདེ་མཆོག་ལྟར་འཐོར་འཐུང་བྱས་མཐར། ཧེ་རུ་ཀ་ཕྱག་གཉིས་པའི་ང་རྒྱལ་གྱིས་ལས་སྔགས་ལ་ཧཱུྃ་བཞི་བའི་སྔགས་སྤྲེལ་ཏེ་བཟླ་བཞིན་པར། ཌཱ་དྲིལ་མཆོད་སིལ་འཁྲོལ་བཞིན་སློབ་དཔོན་གྱིས་རྟིང་མནན་ཏེ་ནང་དུ་བྱོན། སློབ་དཔོན་དཀྱིལ་འཁོར་ལ་བསྐོར་བ་གསུམ་མཐར་རང་


KMC001_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

གྲལ་དུ་འགྲེང་སྟེ་མཆོད་རོལ་བཞག་ལག་གཡས་སྡིགས་འཛུབ་པད་སྐོར་བཅས་རྐང་གཡས་བརྐྱང་ཏམ་བྱ་སྟེ། ཧཱུྃ་ཧཱུྃ་ཧཱི་ཧཱི་བརྗོད། ༀ་བཛྲ་བེ་ག་སོགས་བཞུགས་པར་གྱུར། ༀ་ས་ར་ས་མུ་ཁཱ་སོགས་ནཱ་ཐཱ་ཧོཿ དཀྱིལ་འཁོར་ལ་མེ་ཏོག་དོར། ཕྱག་གསུམ་འཚལ། དེ་རིང་འགྲོ་བ་སོགས་འབྲུ་སྤྱི་བོར་བཀོད་མར་བཞུགས། ལས་རྡོར་པས་ལས་བུམ་སློབ་དཔོན་ལ་ཕུལ། ཇི་ལྟར་བལྟམས་པ་ཙམ་སོགས་ཁྲུས་ཆུ་འཐུང་ཞིང་གྲལ་དུ་བཀྱེ། མེ་ཏོག་དང་འཐོར་ནས་ཀྱང་འགྱེད་དགོས། ༀ་བཛྲ་བྷཱུ་མི་སོགས་ཚོམ་བུ་བདུན་མ་ལ། བཀོད་པ་འདི་ཉིད་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་སོགས། འབུལ་བར་བགྱིའོ་ཞེས་ཕུལ། བདག་འཇུག་བཞེས་སྐབས་གོང་གསལ་ཁྲུས་སྐབས་ནས་བཟུང་མ་གྲུབ་ཀྱི་བར་རྡོར་དྲིལ་འཛིན་དགོས། ཐལ་སྦྱར་གྱིས། སངས་རྒྱས་ཀུན་གྱི་རང་བཞིན་སོགས་ཕག་མོའི་གཞུང་གདངས་ཀྱིས་ལན་གསུམ། ཨོཾཨཱཿཧཱུྃ་གིས་གདོང་གཡོགས་བཅིངས། གླེགས་བམ་ཐ༽ སྒྲུབ་ལྡེབ་༡༥ མདུན་ཕྲེང་༢ དབྱིན་ཇིའི་ཨང་༣༧ ལ་གསལ། ན་མཿས་མནྟ་སོགས་ལན་གཅིག་གླེགས་བམ་ཐ༽ དཀྱིལ་ཆོག་ལྡེབ་༨ རྒྱབ་ཕྲེང་༢ དབྱིན་ཇིའི་ཨང་༨༨ ལ་གསལ། ན་མ་ས་མནྟ་བུདྡྷ་བྷྱཿསོགས་ལན་གཅིག་བུ་ཁྱོད་སུ་ཡིན། བདག་སྐལ་པ་སོགས་ལན་གསུམ། དེ་བཞིན་གཤེགས་པ་སོགས་ཕག་མོའི་གཞུང་གདངས་ཀྱིས་ལན་གཅིག དཀྱིལ་


KMC001_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་ཤར་གྱི་ལྷོ་ཡི་ ནུབ་ཀྱི་ བྱང་གི་སྒོ་ཕྱེས་ཏེ་ནང་དུ་ཞུགས་ནས་ཤར་གྱི་ལྷོ་ཡི་ ནུབ་ཀྱི་ བྱང་གི་ལྷ་སྣམ་ལ་གནས་པར་གྱུར། ཐལ་མོ་གནས་གསུམ་དུ་སྦྱར་ཏེ། ༀ་ན་མཿཏེ་སོགས། སྒོ་དེ་ཉིད་ནས་འཐོན་ཏེ་གཡས་བསྐོར་གྱིས་ལྷོ་ཡི་སོགས་སོ་སོར་གོང་བཞིན་འགྲེ་བཤང་གི་མཐར། སླར་ཡང་ཤར་སྒོ་ནས་སོགས་གནས་པར་གྱུར། གླེགས་བམ་ཐ༽ དཀྱིལ་ཆོག་ལྡེབ་༡༤ མདུན་ཕྲེང་མཐའ་མ་དབྱིན་ཇིའི་ཨང་༩༩ ལ་གསལ། གདངས་མདོག་དཀར་རྡོ་རྗེས་འགེབ་ཚར་གཉིས་ཧྲུག་འདོན་ཐལ་སྦྱར་བཅས། བདག་གིས་སྡིག་པ་བགྱིས་པ་སོགས་ལྔ་རྣམ་དག་ལན་གསུམ། སངས་རྒྱས་ཆོས་དང་སོགས་ནས། ཐོབ་པར་གྱུར་གྱི་བར་ལན་གཅིག ཐལ་སྦྱར་གྱིས་གདངས་མདོག་དཀར་རྡོ་རྗེས་འགེབ་ཅིང་ཚར་གཉིས་ཧྲུག་འདོན་བྱ། སློབ་དཔོན་འདིར་ནི་སོགས་ཚིག་གསུམ་གྱི་མཇུག ཇི་ལྟར་དུས་གསུམ་གླེགས་བམ་ཐ༽ སྒྲུབ་ལྡེབ་༡༣ རྒྱབ་ཕྲེང་མཐའ་མ་དབྱིན་ཇིའི་ཨང་༣༠ ལ་གསལ། མྱ་ངན་འདས་ལ་འགོད་ཀྱི་བར་ལན་གསུམ་རེ་རེ་བཞིན་བསྐུལ་མཚམས་བྱ། སློབ་མ་རྣམས་དགྱེས་པ་རྡོ་རྗེ་སོགས་སྐུར་གྱུར། ༀ་ཨཱཿཁཾ་སོགས་མེ་ཏོག་ཐལ་མོའི་བར་བཅུག་སྟེ་རྡོ་རྗེ་ཐལ་མོའི་བར་སྙིང་གར་བཟུང་བ་བསྐོར་ཏེ། ༀ་སརྦ་ཡོ་ག་སོགས་ལན་གསུམ། སླར་གཡས་


KMC001_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་སྙིང་གར་རེག་ལ། ༀ་སུ་ར་ཏེ་སོགས་ལན་གཅིག དེ་རིང་ཁྱོད་དཔའ་བོ་དང་སོགས་རྡོ་རྗེ་སྤྱི་བོར་འཇོག སླར་སྙིང་གར་བཞག་ལ། ཧེ་རུ་ཀ་དཔལ་སོགས་ལན་གཅིག ༀ་ཨཱཿཧཱུྃ་གིས་བརླབས་ཏེ། སོ་སོའི་ནང་མཆོད་ནས་མྱང་བཞིན། འདི་ནི་ཁྱོད་ཀྱི་སོགས་ཨུ་ཏ་ཀ་ཧཱུྃ། དཀྱུས་ལ་དུང་ཆོས་འགྱེད་སྲོལ་སྣང་། རྡོ་རྗེ་སྤྱི་བོར་བཀོད་དེ། དེང་ནས་བརྩམས་ཏེ་སོགས། འགྱུར་ཏ་རེའི་བར་ལན་གཅིག བྱིན་འབེབས་ནི། ཐལ་སྦྱར་བཅས། དཔའ་བོ་དང་རྣམ་འབྱོར་མ་སོགས། ཕོབ་ཅིག་གི་བར་ལན་གསུམ། ནང་མཆོད་མྱང་ལ། ཁྱོད་རང་གི་སྙིང་གར་སོགས་ནས། མེ་རེ་རེ་ཞུ་བར་གྱུར་%བྱིན་འབེབས་མཆོད་སིལ་ལྡིར་རོལ་ཞབས་སུ་ༀ་དེ་ཝ་པི་ཙུ་སོགས་སྙིང་པོར་ཨ་ཨཱཿབཏགས་པ་བཟླས་མཐར། རྡོ་རྗེ་རྒྱ་གྲམ་དུ་བཀོད་དེ། ཏིཥྛ་བཛྲ་ལན་གཅིག ཡང་དག་པ་ཡི་སོགས་ལན་གཅིག་འབྲུ་འཐོར་ལ། པྲ་ཏིཙྪ་སོགས། སེམས་ཅན་སྟོབས་ཅན་སོགས་གཟུང་བར་གྱིས། འབྲུ་སྤྱི་བོར་འཇོག སློབ་མའི་མིག་ཏུ་སོགས་གསལ་བར་གྱུར། ཧེ་རུ་ཀ་དཔལ་སོགས་བླ་མ་མེད། ༀ་ཨཱཿཧཱུྃ་གིས་གདོང་གྱོགས་བསལ། དཀྱིལ་འཁོར་བཟང་པོ་སོགས་བརྩོན་པར་གྱིས། བདག་འཇུག་སྐབས་ལྷ་ངོ་རྒྱས་པར་བསྟན་པ་མི་དགོས་ཤིང་། བསྡུས་པ། ཆོས་འབྱུང་གི་ནང་དུ་སྣ་ཚོགས་སོགས། མཐོང་


KMC001_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

བར་གྱུར་བར་གྱིས་ལྷ་ངོ་བསྟན་པ་དང་། དངོས་གཞིའི་ཐོག་མ་བུམ་དབང་གི་དོན་དུ། ས་གཞི་སྤོས་ཆུ་སོགས། ཐལ་སྦྱར་གྱིས། ཧེ་རུ་ཀ་དཔལ་སོགས་གདངས་བྱང་ཆུབ་རྡོ་རྗེས་འགེབ་ལ་ལན་གསུམ། བུམ་པ་ལྷ་གྲངས་དང་མཉམ་པ་ཡོད་ན་སོ་སོའི་བུམ་ཆུ་གཙོ་བུམ་དུ་བསྡུས་ལ། ལས་རྡོར་བས་སློབ་དཔོན་མདུན་གཙོ་བུམ་བཏེག་ལ། ༀ་བཛྲ་ཨ་མྲྀཏས་བསང་། ༀ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱས་བསྲུང་ལ། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་སོགས་ནས་དབང་བསྐུར་བར་གྱུར། བུམ་པ་ཕུལ་ལ། དབང་བསྐུར་རྡོ་རྗེ་སོགས་སྦྱིན་པར་བྱ། ༀ་དེ་ཝ་པི་ཙུ་སོགས་ལ་ༀ་བཛྲ་ཨུ་ད་ཀ་སོགས་སྤྲེལ་བུམ་པ་སྤྱི་བོར་བཀོད་དེ་འཐོར་འཐུང་བྱ་གྲལ་དུ་ཡང་བཀྱེ། དེ་ལྟར་ཆུ་ཡི་དབང་བསྐུར་བས་སོགས་སྐྱེས་པའི་མོས་པ་གྱིས་ཤིག དབུ་རྒྱན་སློབ་དཔོན་མདུན་བཏེག་ལ། ལས་བུམ་ཆུས་རང་གཞན་ལ་གཏོར་ཏེ། ཨ་མྲྀ་ཏས་བསང་། རཀྵས་སྲུང་། སློབ་མ་སྐད་ཅིག་གིས་སོགས་མཉམ་པར་སྦྱོར་བ། དབུ་རྒྱན་ལས་བུམ་ཆུས་བྲན་ཏེ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་པ་བཅས་འོག་མ་རྣམས་ལ་ཡང་འགྲེ། སྟོང་པའི་ངང་ལས། པད་ཉིའི་སོགས། རིན་ཆེན་འབྱུང་ལྡན་སེར་པོ་སོགས་སོ་སོའི་སློབ་མ་ལྷར་གསལ་ལྟར་འགྲེ་དགོས་མཉམ་པར་སྦྱོར་བ། གཙོ་བོའི་ཐུགས་ཀའི་སོགས་


KMC001_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སུ་མེད་པར་གྱུར། སྭ་རཏྣ་ངྷྲྀ་ཀ྄་སོགས་ལན་གསུམ་དྲིལ་གསིལ་རྒྱ་བཅས། ༀ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། ངྷུ་པེ་སོགས། ཨ་ལོ་ཀེའི་བར་དང་རོལ་མོ་མི་དགོས། རིན་ཆེན་འབྱུང་ལྡན་སོགས་བསྐུར་བར་གྱུར། དབུ་རྒྱན་ཕུལ་ལ། ཐོར་ཚུགས་ཅོད་པན་སོགས་སྦྱིན་པར་བྱ། ༀ་རཏྣ་སོགས་དབང་རྫས་སྤྱི་བོར་བཀོད། དེ་ལྟར་དབུ་རྒྱན་དར་དཔྱངས་སོགས་སྐྱེས་པའི་མོས་པ་གྱིས་ཤིག རྡོ་རྗེ་བཏེག་ལ། བསང་སྲུང་། ཚིག་རྣམས་དབུ་བརྒྱན་གྱིས་འགྲེས་ཏེ། སློབ་མ་སྐད་ཅིག་གིས་པད་ཉིའི་གདན་ལ་སོགས་གྲི་ཐོད་མཉམ་པར་སྦྱོར་བ། དབང་རྫས་བསང་སྦྱང་། སྟོང་པའི་ངང་ལས་སོགས་མཉམ་པར་སྦྱོར་བ། གཙོ་བོའི་ཐུགས་ཀར་སོགས་མེད་པར་གྱུར། ༀ་པདྨ་ངྷྲྀ་ཀ྄་སོགས་ལན་གསུམ། ༀ་བཛྲ་པུཥྤེ་སོགས་ཀྱིས་མཆོད། སྣང་བ་མཐའ་ཡས་ཡབ་ཡུམ་སྙོམས་པར་ཞུགས་ཤིང་ཞུ་བ་རྡོ་རྗེའི་སོགས་བསྐུར་བར་གྱུར། རྡོ་རྗེ་ལག་གཡས་ཀྱིས་བླངས་ཏེ་ཕག་མོའི་གཞུང་གདངས་ཀྱིས། སངས་རྒྱས་ཀུན་གྱི་སོགས། ༀ་བཛྲ་ཨ་བྷི་ཥིཉྩ་མཾཿ རྡོ་རྗེ་བསྐོར་ཏེ་སྙིང་གར་རེག་ཙམ་བྱ། དེ་ལྟར་རྡོ་རྗེའི་སོགས་སྐྱེས་པར་མོས་ཤིག དྲིལ་བུ་བཏེག་ལ། གོང་བཞིན་བསང་སྲུང་། སློབ་མ་སྐད་ཅིག་གིས་པད་ཉིའི་


KMC001_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ལ་དོན་ཡོན་གྲུབ་པ་སོགས་འཛིན་པ་མཉམ་པར་སྦྱོར་བའོ། བསང་སྦྱང་། སྟོང་པའི་ངང་ལས་སོགས་མཉམ་པར་སྦྱོར་བ། གཙོ་བོའི་ཐུགས་ཀར་སོགས་གཉིས་སུ་མེད་པར་གྱུར། ཧཱ་ཀརྨ་ངྷྲྀཀ྄་སོགས་ལན་གསུམ། དོན་ཡོད་གྲུབ་པ་ཡབ་ཡུམ་སྙོམས་པར་ཞུགས་ཤིང་ཞུ་བ་དྲིལ་བུའི་རྣམ་པར་གསལ་བ་མཁའ་འགྲོ་མ་previous hit དུ་མས་བསྣམས་ཏེ་དབང་བསྐུར་བར་གྱུར། དྲིལ་བུ་ལག་གཡོན next hit་གྱིས་བླངས་ཏེ། སངས་རྒྱས་ཀུན་གྱི་དྲིལ་བུ་སོགས་ལོངས། ༀ་བ|ཛྲ་ཨ་དྷི་སོགས། ས་མཱ་ཡ་སྟྭཾ་དཀྲོལ་ཏེ་དཀུར་བརྟེན་ཙམ་བྱ། དེ་ལྟར་དྲིལ་བུའི་སོགས་སྐྱེས་པའི་མོས་པ་གྱིས་ཤིག མིང་དྲིལ་བཏེག་ལ་བསང་སྲུང་། སློབ་མ་སྐད་ཅིག་གིས་པད་ཉིའི་གདན་ལ་རྣམ་སྣང་སོགས་མིང་གི་དབང་བསྐུར་བར་གྱུར། མིང་དབང་དྲིལ་བུ་གཡས་ཀྱིས་དཀྲོལ་ཏེ། ༀ་བཛྲ་ས་ཏྭ་སྟྭྃ་སོགས། ཥེ་ཀ་ཏའི་མཚམས་སུ་རྡོར་དྲིལ་མཉམ་བཟུང་གིས་སྤྱི་བོར་འཁྲོལ་ལ། ཀྱེ་དཔལ་ཧེ་རུ་ཀ་ཞེས་བྱའོ། རིག་པའི་དབང་པོ་ཀ་ཊོ་ར་ཁེབས་ལྡན་གྱི་ནང་བཤམས་ཏེ་གྲལ་དུ་དབང་འགྲིམ་བྱ། དེ་ལྟར་མིང་གི་དབང་སོགས་སྐྱེས་པའི་མོས་པ་གྱིས་ཤིག དེས་མ་རིག་པ་ལྔ་སོགས་རིག་པའི་དབང་ངོ་། སློབ་མ་སྐད་


KMC001_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་གིས་སོགས། དགྱེས་པ་རྡོ་རྗེའི་སོགས་གླེགས་བམ་ཐ༽ དཀྱིལ་ཆོག་ལྡེབ་༣༥ རྒྱབ་ཕྲེང་༤ དབྱིན་ཇིའི་ཨང་༡༤༢ ལ་གསལ། སྐུར་གྱུར། ཕྱག་མཚན་ཙཀླི་བཏེག་པར། ༀ་བཛྲ་ཨ་མྲྀ་ཏ་སོགས་ཀྱིས་བསང་། སྭ་བྷཱས་སྦྱང་། སྟོང་པའི་ངང་ལས་ཨ་ལས་སོགས་རང་བཞིན་དུ་གྱུར། ཧེ་རུ་ཀ་དཔལ་སོགས་མདོག་དཀར་རྡོ་རྗེ་ལྟར་གྱེར་ལ་བླང་བར་གྱིས། དབང་བསྐུར་སྐབས་དམིགས་བསལ་གསུང་དགོས་རིགས་བཞག་པས་ཆོག པད་ཟླའི་གདན་ལ་སོགས་ལ་ཀྲུང་གིས་བཞུགས་པ། རྡོ་རྗེ། ༀ་བཛྲ་ཨ་མྲྀ་ཏས་བསང་། སྟོང་པའི་ངང་ལས་སོགས་རྡོ་རྗེ་བཏེག་ཙམ་བྱ། ཐོག་མཐའ་མེད་པའི་སོགས་སྐྱེས་བུའོ། དྲིལ་བུ། ཨ་མྲྀ་ཏས་བསང་། སྟོང་པའི་ངང་ལས་སོགས་དྲིལ་བུ་བཏེགས་ལ། འདི་ནི་རྣལ་འབྱོར་སོགས་དམ་པ་བྱེད་པར|་གྱུར། སློབ་མ་བཅོམ་ལྡན་འདས་སོགས་གསལ་བར་གྱུར། རྡོར་དྲིལ་བཅས་འཁྱུད་རྒྱ་བཅའ་བཞིན་པར། ཡིད་ཀྱི་ལུས་ནི་སོགས་རབ་ཏུ་གྲགས། རིགས་ལྔའི་རྗེས་གནང་ནི། བདག་འཇུག་སྐབས་ལྷ་བསྡུ་བསྐྱེད་དོར་དེ། ཚིགས་བཅད་རྐྱང་པས་ཆོག་ཅིང་རིགས་ལྔའི་ཙཀླི་སོ་སོར་འབུལ་ཏེ། འཇིག་རྟེན་ཁམས་ནི་ཐམས་ཅད་སོགས་ཚིག་གསུམ་ལ་པད་ཀོར་དང་རྗེས་མ་རིགས་ལྔ་སོ་སོའི་རང་རྒྱ་བཅས་རབ་ཏུ་བསྐོར། ཁྱོད་


KMC001_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གདུལ་བྱ་གཏི་མུག་ཅན་རྣམས་ཀྱི་དོན་གྱིས་ཤིག དེས་རིགས་འགྲེས་ཏེ་རིགས་ལྔ་སོ་སོར་ཁ་བསྒྱུར་བར་བྱའོ། །འདིར་ནི་ངས་ཁྱོད་སོགས། ཤྲཱི་ཧེ་རུ་ཀ་ན་མཿསརྦ་སོགས་ཝ་སྭ། བདེ་ཆེན་ཐེག་པ་སོགས་འདས་པའོ། །རྡོར་དྲིལ་བཅས་འཁྱུད་རྒྱས། ཤེས་རབ་བཅུ་དྲུག་སོགས། དྲིལ་བུ་ཕར་བཞག རྡོ་རྗེ་ཐོགས་ཏེ། འདི་དེ་སངས་རྒྱས་ཐམས་ཅད་སོགས། ༀ་སརྦ་ཏ་ཐཱ་ག་ཏ་སོགས་བརྗོད་སྐབས་རྡོ་རྗེ་ལན་གསུམ་གསོར་ཞིང་བསྐོར་ཏེ་སྙིང་གར་རེག་ཙམ་གྱིས་ཕར་བཞག དེ་ལྟར་དབང་བསྐུར་བས་སོགས་ནས་དབང་ངོ་། །བཏང་རག་ཏུ། ༀ་མཎྜལ་ལ་སོགས་ཀྱིས་བུམ་དབང་མཐའ་རྟེན་བཅས་ལེགས་པར་གྲུབ། ༈ གཉིས་པ་གསང་དབང་གི་དོན་དུ་མཎྜལ། ས་གཞི་སྤོས་ཆུས་སོགས། ཐལ་སྦྱར་གྱིས་བྱང་ཆུབ་རྡོ་རྗེས་འགེབ་ལ། ཁྱོད་ནི་ཧེ་རུ་ཀ་དཔལ་སོགས་ལན་གསུམ། བླ་མ་དང་དཀྱིལ་འཁོར་གྱི་སོགས། དགྱེས་པ་རྡོ་རྗེ་སྐུ་མདོག་ནག་པོ་སོགས་གླེགས་བམ་ཐ༽ སྒྲུབ་ལྡེབ་༡༧ རྒྱབ་ཕྲེང་མཐའ་མ་དབྱིན་ཇིའི་ཨང་༤༢ ལ་གསལ། འཇིགས་པར་མཛད་པའི་བར་དང་། ཡིད་ལས་བྱུང་བའི་རིག་མ་བདག་མེད་མ་སྐུ་མདོག་ནག་མོ་སོགས་ནས་གླེགས་བམ་ཐ༽ སྒྲུབ་ལྡེབ་༡༨ རྒྱབ་ཕྲེང་༣ དབྱིན་ཇིའི་ཨང་༤༤ ལ་གསལ། ཕྲེང་


KMC001_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

བས་བརྒྱན་པ་ཞེས་པའི་མཚམས་སུ། གཡོན་གྱི་གྲུ་མོར་སོགས་ནས། སྤྱན་དྲངས་ལ་བསྡུ་རྒྱ། གཽ་རཱི་ཛཿ ཙཽ་རཱི་སོགས་རྒྱ་བཞི་དང་། དམ་ཚིག་པ་དང་སོགས་དབུ་བརྒྱན་པར་གྱུར། ༀ་བཛྲ་པུཥྤེ་སོགས་ཉེར་སྤྱོད་ལྔས་མཆོད་ལ་དྲིལ་གསིལ། ནང་མཆོད་གཡོན་གྱི་མཐེབ་སྲིན་གྱིས་གནས་སོ་སོར་གཏོར་ལ། ༀ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ་ལན་དྲུག་བརྗོད། ༀ་ཨཱཿཧཱུྃ་གིས་གདོང་གྱོགས་བཅིང་། ཨཱཿཁཾ་ཝི་ར་ཧཱུྃ་གིས་མེ་ཏོག་བཟུང་། སྐད་ཅིག་གིས་བདག་མེད་མ་སོགས་ གླེགས་བམ་ཐ༽ སྒྲུབ་ལྡེབ་༡༨ རྒྱབ་ཕྲེང་༣ དབྱིན་ཇིའི་ཨང་༤༤ ལ་གསལ། སྐམ་པོ་ལྔ་བཅུ་ཕྲེང་བས་བརྒྱན་པ་ཞེས་པའི་མཚམས་སུ། རིག་མ་བསྐྱེད་པའི་སྐབས་ལྟར་མདུན་ངོས་སུ། གཡོན་གྱི་གྲུ་མོར་ཁ་ཊྭཱཾ་སོགས་ནས། ཉི་མའི་གདན་ལ་བཞུགས་པའི་མཚམས་སུ། ལྟེ་བར་ཆོས་འབྱུང་སོགས་ལ་འཇུག་ཁྱབ་པར་གྱུར། བྱིན་འབེབས་མཆོད་སིལ་འོག་ༀ་ཨ་སོགས་བརྗོད། མེ་ཏོག་དོར་ལ། པྲ་ཏིཙྪ་བཛྲ་ཧོཿ སེམས་ཅན་སྟོབས་ཅན་སོགས་ཀྱིས་མེ་ཏོག་སྤྱི་བོར་བཀོད། ༀ་ཨཱཿཧཱུྃ་གིས་མིག་དར་གསལ། རྨོངས་ཕྱིར་འཁོར་བའི་སོགས་ནས་མངོན་སུམ་དུ་མཐོང་བར་གྱུར། ཡིད་ལས་བྱུང་བས་རིག་མ་སོགས་དང་། དགའ་བ་སྒྱུ་མ་སོགས་ནས། རྩ་དབུ་མ་ནས་སོང་ཞེས་པའི་བར། གླེགས་བམ་


KMC001_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཐ༽ སྒྲུབ་ལྡེབ་༡༩ མདུན་ཕྲེང་མཐའ་མ་དབྱིན་ཇིའི་ཨང་༤༥ ལ་གསལ། རྡོ་རྗེའི་ལམ་ནས་སོགས་ནས་ཨཱཏྨ་ཀོ྅ཧཾཿ ནང་མཆོད་ནས་མྱང་ལ། ཇི་ལྟར་འདས་པའི་སོགས་ཁྱབ་པར་གྱུར། ཁྲག་ཆེན་པོ་ནི་སོགས་དབང་བ་ཡིན་ནོ། ༀ་མཎྜལ་ལ་སོགས་ཀྱིས་བཏང་རག་མཎྜལ་ཕུལ། ༈ །གསུམ་པ་ཤེར་དབང་གི་དོན་དུ། ས་གཞི་སྤོས་ཆུས་སོགས་ཀྱིས་མཎྜལ་ཕུལ་ལ། ཐལ་སྦྱར་གྱིས། བཅོམ་ལྡན་ཞི་བ་སོགས་གདངས་བདེ་མཆོག་ལྟར་ལན་གསུམ། ཤེར་དབང་གི་དོན་དུ་མཎྜལ་རྒྱས་པར་བཤམས་ཡོད་ན་དེ་དང་། མེད་ཚེ་རིག་ཙཀ་སོགས་བྲན་ལ། ༀ་བཛྲ་ཨ་མྲྀ་ཏ་སོགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སོགས་ནས། རོ་དང་ཉི་མའི་གདན་ལ་ཞེས་པའི་མཚམས་སུ་བདག་འཇུག་སྐབས་ཡིག་ཕྲེང་པར། དབུས་སུ་བདག་མེད་མ་སོགས་བསྡུས་པས་ཆོག སྐུ་མདོག་ནག་མོ་སོགས་གླེགས་བམ་ཐ༽ སྒྲུབ་ལྡེབ་༡༨ རྒྱབ་ཕྲེང་༣ དབྱིན་ཇིའི་ཨང་༤༤ ལ་གསལ། ལྔ་བཅུའི་ཕྲེང་བས་བརྒྱན་པ་ཞེས་པའི་མཚམས། གཡོན་གྱི་གྲུ་མོར་ཁ་ཊྭཾ་སོགས་ནས། ལྷ་མོ་རྣམས་ཀྱིས་དབང་བསྐུར་བས་ཞེས་པའི་བར་གོང་གི་གསང་དབང་ལྟར་ལ། མི་བསྐྱོད་པ་སོགས་རིགས་བདག་སོ་སོས་དབུ་བརྒྱན་པར་གྱུར། ༀ་བཛྲ་པུཥྤེ་སོགས་ཉེར་སྤྱོད་ལྔས་མཆོད། ཨ་


KMC001_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱ། ཨི་ཨཱི་སོགས་དབྱངས་ཡིག་བཅོ་ལྔ་ལ། ༀ་ཨཱཿཧཱུྃ་བཏགས་ཏེ་ནང་མཆོད་འབུལ། སླར་ༀ་ཨཱཿཧཱུྃ་གིས་གདོང་གཡོགས་བཅིངས། ཨཱཿཁཾ་སྔགས་ཀྱིས་མེ་ཏོག་བཟུང་། སློབ་མའི་སྙིང་གར་བདག་མེད་མ་སྐུ་མདོག་ནག་མོ་སོགས་གླེགས་བམ་ཐ༽ སྒྲུབ་ལྡེབ་༡༨ རྒྱབ་ཕྲེང་༣ དབྱིན་ཇིའི་ཨང་༤༤ ལ་གསལ། ཕྲེང་བས་བརྒྱན་པ་ཞེས་པའི་མཚམས་སུ། གཡོན་གྱི་གྲུ་མོར་ཁ་ཊྭཾ་སོགས་ནས། ཉི་མའི་གདན་ལ་བཞུགས་པའི་བར་གོང་གི་གསང་དབང་སྐབས་ལྟར་བརྗོད། ཚོན་གང་བར་གསལ། $བླ་མ་དང་སོགས་ནས་སྐྱེས་པར་གྱུར། བྱིན་འབེབས་མཆོད་རོལ་འོག་ༀ་ཨ་ཨཱཿསྭཱ་ཧཱཿབརྗོད། པྲ་ཏིཙྪས་མེ་ཏོག་དོར། སེམས་ཅན་སྟོབས་ཅན་སོགས་ཀྱིས་སླར་བཟུང་། ༀ་ཨཱཿཧཱུྃ་གིས་གདོང་གཡོགས་བསལ། འདི་ལྟར་རྟེན་དང་སོགས། བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་སོགས་གླེགས་བམ་ཐ༽ སྒྲུབ་ལྡེབ་༡༧ རྒྱབ་ཕྲེང་མཐའ་མ་དབྱིན་ཇིའི་ཨང་༤༢ ལ་གསལ། བརྒྱན་པ་ལ། དཀྱིལ་འཁོར་གྱི་གཙོ་བོས་སོགས་གཏད་པར་གྱུར། རིག་ཙཀ་ཕུལ་ལ། ལྷ་མོ་དགའ་སྦྱིན་སོགས་མྱོང་བར་གྱུར། ལོངས་སྤྱོད་ཀྱི་ནི་སོགས་གསུངས་པ་ཡིན་ནོ། དེ་ལྟར་ཤེས་རབ་སོགས་དབང་ངོ་། །ༀ་མཎྜལ་ལ་སོགས་བཏང་རག་འབུལ། ༈ དེ་ནས་དབང་


KMC001_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པའི་དོན་དུ། ས་གཞི་སྤོས་ཆུས་སོགས། ཐལ་སྦྱར་གྱིས། ཡང་དག་ཡེ་ཤེས་སོགས་ལན་གསུམ། གང་གི་ཚེ་དབང་གསུམ་པའི་སོགས་ཚིག་དོན་ཡ་མ་བྲལ་བར་དལ་བུས་གསུངས་ལ་དེ་ཡི་ཕ། དེ་ལྟར་དོན་དམ་བྱང་ཆུབ་སོགས་དབང་ངོ་། །གཙོ་བོས་ཇི་ལྟར་སོགས་ཐལ་སྦྱར་བཅས་ལན་གསུམ། བཏང་རག་མཎྜལ་ཕུལ་ལ། དེང་ནས་བརྩམས་ཏེ་སོགས་ལན་གསུམ། བསོད་ནམས་འདི་ཡིས་སོགས་ཚོགས་ཐེངས་གྲོལ། ༈ །ཡར་ཚོགས་ཏེ་ཚོགས་མཆོད་ནི། གོང་གསལ་ཕྱི་སྒྲུབ་ཐོག་མའི་ཉིན་པར་ཅི་ལྟ་བ་ལ། སྒྲུབ་མཆོད་སྐབས་དུད་སོལ་མའི་གཏོར་ཆོག་འབྲིང་པོ་ཡོངས་འདུས་ལྗོན་པའི་སྐྱེད་ཚལ་གསུང་དགོས་ཤིང་། སྒྲུབ་པ་གྲོལ་ཉིན་རྗེས་ཆོག་མཆོད་པ་དང་བསྟོད་པ་རྒྱས་པ་གསུང་ཞིང་། རྡུལ་ཚོན་ཡོད་སྐབས་རྡུལ་ཚོན་བྱབས་པ་སོགས་ཀྱང་སྤྱི་ལྟར་རོ། ༈ །དངོས་གཞི་སྒྲུབ་མཆོད་ཀྱི་མཇུག་ཏུ་བསྙེན་པའི་ཁ་སྐོང་སྦྱིན་བསྲེག་བྱ་བ་ནི། སྟེགས་བུ་འཐས་པར་གཅག་ཅིང་ཁ་དོག་དཀར་པོས་ཁ་བསྒྱུར་བའི་སྟེང་ཐིག་ཆེན་བརྒྱད་བཏབ། དབུས་ནས་མཐོ་གང་ཟླུམ་བསྐོར་ཐབ་ཀྱི་དངོས་གཞི། དེའི་སོར་བཞི་མཆུ། དེ་རྒྱབ་སོར་བཞི་ཁ་ཁྱེར་བཅས་ཟླུམ་བསྐོར་སོགས་ཞི་ཐིག་སྤྱི་ལྟར་ལ། དབུས་སུ་འཁོར་ལོ་སོར་བརྒྱད་པའི་ལྟེ་བར་རྡོ་རྗེ། ཤར་དུ་འཁོར་ལོ། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་རལ་གྲི་རྣམས་སོར་གཅིག་པའི་མཚན་པ། ཁ་ཁྱེར་ནང་ངོས་རྡོར་ཕྲེང་། ཕྱི་ངོས་པདྨའི་ཕྲེང་བ་བཀོད། སྟེགས་བུའི་གྲྭ་


KMC001_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

བཞིར་རྡོ་རྗེ་རྩེ་གསུམ་པ་རེ་རེ་སྟེ། གཞི་ཐམས་ཅད་དཀར་པོ་ལ་བཅད་ཚོན་དམར་སྐྱ་ཁོ་ནས་་སྲོག་ཆགས་མེད་པའི་བཟའ་ཤིང་ཟླུམ་པོར་བརྩིག་ཅིང་ཤར་ལྷོར་མེ་ཚང་བཞག་སྒྲུབ་པོའི་གཡས་ཕྱོགས་སུ་སྟེགས་བུ་ཁེབས་ལྡན་མཐོ་དམན་གཉིས་ཀྱི་དང་པོར་འདས་གཏོར་བཤམས་པའི་མདུན་དཀྱིལ་འཁོར་པའི་མཆོད་ཕྲེང་དང་། དེ་འོག་ལ་མ་འདས་པའི་དཀར་ཟླུམ་བཤམས་པའི་མདུན་མེ་ལྷའི་མཆོད་ཕྲེང་བཅས་བཀོད་ལེགས་བྱ། གཡོན་ངོས་སུ་སྟེགས་བུ་ཁེབས་ལྡན་ལ་དཀྱིལ་འཁོར་པར་གཙོ་འཁོར་སོ་སོར་རམ་གང་བདེ། མེ་ལྷ་བཅས་ལ་ཡམ་ཤིང་ནས་བཟུང་རྫས་རྣམས་རིམ་པར་བཤམས། གཞན་ཡང་མཁོ་བའི་ཡོ་བྱད་རྣམས་ཡིག་ཆུང་ནང་གསལ་ལྟར་ཚོགས་པར་བྱ། ༈ །དེ་ནས་ཆོ་གའི་སྔོན་འགྲོ་ནི། སྔ་བར་ཚོགས་ཏེ། བདག་བསྐྱེད་མདུན་བསྐྱེད་བུམ་སྒྲུབ་བདག་ཉིད་འཇུག་པ་ཟིན་པའི་རྗེས་སུ། སྦྱིན་སྲེག་ནང་གསལ་ལྟར་དཀྱིལ་འཁོར་ལ་ལྷ་ཁྲུས་སྤྱི་འགྲོས་ལྟར་བྱ་སྟེ་ཁྲུས་ཆུས་སྒྲུབ་པོ་རྣམས་ལ་ལས་སྔགས་བཟླས་ཏེ་ཁྲུས་བྱ། གནས་ཡོ་ལ་ཡང་བསང་གཏོར་བྱ་ཞིང་། དེ་ནས་ཡུངས་དཀར་བསྲེས་པའི་ཆངས་བུས་ལས་སྔགས་བཟླས་ཏེ་རང་དང་གྲོགས་ལ་བསྐོར། ལུས་ངག་ཡིད་ཀྱི་ཉེས་པ་ཐམས་ཅད་བསྡུས་ཏེ་ཆངས་བུ་ལ་ཐིམ་པར་གྱུར། གྱོ་མོ་ལ་སོགས་པའི་སྣོད་དུ་བཅུག་སྟེ་མཆོད་སིལ་འོག་ཕྱིར་དོར་རོ། །ཚོགས་ཐེངས་གྲོལ་ཏེ་སྦྱིན་བསྲེག་ལ་འཇུག་པ་ནི། རང་ཉིད་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་གྱིས་གདན་ལ་འཁོད་དེ། ལས་བུམ་གྱི་ཆུ་བསྲེས་པའི་བསངས་ཆུ་ཀུ་


KMC001_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ཤས་མཆོད་པ་རྣམས་ལ་འཐོར་ཏེ། ༀ་སརྦ་སཾ་ཤོ་དྷ་ནི་སོགས། སྭ་བྷཱ་ཝ་སོགས། ཐལ་སྦྱར་བཅས། སྟོང་པའི་ངང་ལས་ཨ་ལས་ཐོད་པའི་སོགས་གླེགས་བམ་ཐ༽ སྒྲུབ་ལྡེབ་༦ རྒྱབ་ཕྲེང་༢ དབྱིན་ཇིའི་ཨང་༢༠ ལ་གསལ། ཤབྡ་ལ་མཆོད་སིལ་རོལ་འོག་སྔགས་ཀྱང་བརྗོད། བསྲེག་རྫས་ལ་གཏོར་ཏེ། ༀ་བཛྲ་ཨ་མྲྀ་ཏ་སོགས། སྭ་བྷཱ༴ སྟོང་པའི་ངང་ལས། ཡཾ་ལས་རླུང་། རཾ་ལས་མེ། ༀ་ཨཱཿཧཱུྃ་སོགས་་གླེགས་བམ་ཐ༽ སྒྲུབ་ལྡེབ་༤ མདུན་ཕྲེང་༣ དབྱིན་ཇིའི་ཨང་༡༥ ལ་གསལ། ཟླ་བ་ཡི་གེ་གསུམ་དང་བཅས་པ་ཞུ་བས་མཚམས་སུ་ངོ་བོ་ཡེ་ཤེས་ཀྱི་སོགས་སྦྲེལ་སོ་སོར་གྱུར། དགང་བླུགས་ཁ་སྦྱར་བས་རེག་ལ། ༀ་སྭཱ་ཧཱ་སོགས་ནས། ཀུ་རུ་ཀུ་རུའི་བར་ལན་གསུམ་རེ་བརྗོད། མེ་ཐབ་བྲན་ལ། ༀ་བཛྲ་ཨ་མྲྀ་ཏ་སོགས། སྭ་བྷཱ༴ སྟོང་པའི་ངང་ལས། པདྨ་དང་སོགས་རྫོགས་པར་གྱུར། མེ་སྦར་ཞིང་། ༀ་བཛྲ་ཛྭ་ལ་སོགས་ལན་གསུམ། རླུང་གཡབ་གཡོབ་ལ། ༀ་ཨཱཿཧཱུྃ་ལན་གསུམ། ༀ་དེ་ཝ་པི་ཙུ་སོགས་སྙིང་པོ་ལ། ༀ་བཛྲ་ཨ་མྲྀ་ཏ་སོགས་ལས་སྔགས་སྦྲེལ་ཏེ་མར་ཁུ་དགང་བླུགས་བདུན་ཕུལ། སློབ་དཔོན་ཡར་བཞེངས་ཏེ་ཀུ་ཤ་ཐོགས་ལ། ༀ་ཀུ་ཤ་འདི་ནི་སོགས་མེ་ལྷའི་གདངས་ཀྱིས་མཛད་དུ་གསོལ། སྭཱ་ཧཱ། ༀ་བཛྲ་ས་ཏྭ་ཨཱཿལན་བཅུར་བརྗོད་ཅིང་ཀུ་ཤ་རྒྱ་གྲམ་


KMC001_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་བཞག་ལ། ཆུན་པོས་གཞན་དག་གི་ཐབ་ཀྱི་གཡས་རང་གི་previous hit གཡོན་ནས་གཡས་བསྐོར་དུ next hit་རྩེ་མོ་ཤར་སོགས་སྔ་མའི་རྩེ་མོ་དང་ཕྱི་མའི་རྟིང་པ་སྤྲོད་པའི་ཚུལ་གྱིས་སྟེགས་བུར་གཡོགས། མེ་ལྷ་བསྐྱེད་པ་ནི། ཐབ་ཀྱི་དབུས་སོགས། དགྱེས་པ་རྡོ་རྗེ་སོགས་གོང་གི་ཐབ་བསྐྱེད་སྐབས་ལྟར་ལ། འོད་དུ་ཞུ་བ་ལས། རཾ་དང་ཛཿལས་སོགས་ནས་ཚོགས་ཀྱིས་བསྐོར་བར་གྱུར། རྡོར་དྲིལ་བཅས་མཐེ་བོང་གཡབ་ཅིང་མེ་ལྷའི་གདངས་ཀྱིས། ༀ་གཟི་བརྗིད་ཆེན་པོ་སོགས་གསོལ། ༀ་ཨེ་ཧྱེ་སོགས་བྷཱ་ཝ། ཧཱུྃ་ལན་གཅིག་གིས་བསངས་ཆུ་གཏོར། གཡས་རང་རྒྱ་དང་གཡོན་དྲིལ་གསིལ་བཅས། ༀ་བཛྲ་པུཥྤེ་སོགས། ཨ་ལོ་ཀེ་ཨཱཿཧཱུྃསྭཱ་ཧཱ། གཽ་རཱི་ཛཿསོགས་རྒྱ་བཞིས་བསྟིམ། རྩེ་གསུམ་རྒྱ་བསྟན་ལ། ༀ་བཛྲ་ཨ་ན་ལ་སོགས་དྲིལ་གསིལ། ཨ་ཧཾཿགི་བར་དམ་བཞག་སྔགས་ལན་གཅིག་བརྗོད། རང་རྒྱ་བཅས། ༀ་རཏྣ་ཨ་བྷི་སོགས་ལན་གཅིག རིན་པོ་ཆེའི་སོགས་གྱུར། ཆུ་གསུམ་རིམ་པར་ཕུལ་ལ། ༀ་སརྦ་སཾ་ཤོ་དྷ་ནི་སོགས་སྔགས་ཚན་གསུམ་དང་། ༀ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ། དྷཱུ་པེ་སོགས་ཉེར་སྤྱོད་ལྔ་ཡང་ཕུལ། མེ་ལྷའི་གཏོར་མ་དགང་གཟར་ནང་བཞག་པར་མར་ཁུ་བྲན་ལ། ༀ་ངྷཱཾ་ངྷཱཾ་ཨི་དཾ་སོགས་ལན་གསུམ་གྱིས་ཕུལ་མཐར་གླེགས་བམ་ཐ༽ དཀྱིལ་ཆོག་ལྡེབ་༢༦ རྒྱབ་ཕྲེང་༡ དབྱིན་ཇིའི་ཨང་༡༢༤ ལ་གསལ། སྒེག་མོ་ལག་པས་སོགས་ལྷ་མོ་བརྒྱད་ཀྱིས་


KMC001_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཅིང་། འཇིག་རྟེན་དབང་ཕྱུག་སོགས། རྣམ་པར་འདུད་མཆོད་སིལ། བསྲེག་རྫས་འབུལ་བ་ནི། ༀ་བཛྲ་ཨ་ན་ལ་སོགས་དམ་བཞག་སྔགས་ཚར་རེ་ལ། ༀ་བྷོ་ངྷི་བྲྀཀྵ་སོགས་རྫས་སྔགས་ལན་བདུན་རེ་དང་མཐར་འདོན་གསོལ། བདག་ཅག་དཔོན་སློབ་སོགས་སྭཱ་ཧཱ། མེ་ལྷར་དྲིལ་གསིལ་བྱ། དགང་བླུགས་ཀྱི་ཁ་ལ་ཧཱུྃ་འོད་ཟེར་སོགས་མཚན་པར་གྱུར། གོང་ལྟར་དམ་བཞག་སྔགས་རེར། ༀ་ཨཱགྣ་ཡེ་སོགས་རྫས་སྔགས་དང་མཐར་འདོད་གསོལ་བཅས་རིགས་འགྲེས་ཀྱིས་རྫས་ཆ་ཚང་ཕུལ་མཐར། ཤིང་ཏོག་དང་། བདུད་རྩི་ལྔ་། གོས་ཟུང་དར་སྣ་ཡང་དམ་བཞག་གི་སྔགས་ལ་འབྲུ་གསུམ་བཏགས་པས་ཕུལ། སོ་སོའི་མཐར་འདོད་གསོལ་བཅས་རྗེས་མར་མཆོད་སིལ་བྱ། མར་ཁུ་ཕུལ། ༀ་ཨཱག་ཡེ་ཧཱུྃ་ལན་གསུམ། མེ་ལྷ་ཡབ་ཡུམ་མེ་ཕུང་སོགས། ཁང་པ་བརྩེགས་པ་སོགས་གླེགས་བམ་ཐ༽ སྒྲུབ་ལྡེབ་༡༥ རྒྱབ་ཕྲེང་མཐའ་མ་དབྱིན་ཇིའི་ཨང་༣༨ ལ་གསལ། ཨ་ན་ལའི་སྔགས་ཀྱིས་རྒྱས་གདབ་པའི་བར་གསུང་། འདིར་སྒྲུབ་མཆོད་སྐབས་རྡུལ་ཚོན་དང་འབྲེལ་མིན་ཇི་ལྟར་ཡང་མཆོད་སིལ་འོག་ལས་རྡོར་པས་སྤོས་སྣ་ཐོགས་ཏེ། སློབ་དཔོན་ཡར་བྱོན་དཀྱིལ་འཁོར་མདུན་ཡིག་བརྒྱ་བརྗོད་བཞིན་མཆོད་ཡོན་སྤྲེང་སྤོས་ཐོགས་ལ། རྟེན་ནི་རྡུལ་ཚོན་ནམ་རས་བྲིས་དཀྱིལ་འཁོར་ལ། བཞུགས་པའི་བརྟེན་པ་དཀྱིལ་འཁོར་པ། །


KMC001_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཐབ་ཀྱི་དབུས་ཀྱི་དཀྱིལ་འཁོར་དུ། །དེང་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཞེས་སྙན་གསན་དབབ་སྟེ་གཙོ་འཁོར་སོ་སོའི་སྙིང་པོ་བརྗོད་བཞིན་པས་མེ་ཏོག་ལྷའི་ངོ་བོར་མོས་ཏེ། དཀྱིལ་འཁོར་ནས་ལེན་པའི་ཚུལ་གྱིས་རིན་པོ་ཆེའི་སྣོད་དུ་བླངས་ཤིང་བཀུར་བསྟི་དང་བཅས་སྦྱིན་བསྲེག་གི་ཁང་པར་སྤྱན་དྲངས་ཏེ་ཐབ་ཏུ་གཡས་བསྐོར་གྱིས་ཤར་དུ་འཁོད་མཐར་མཆོད་སིལ་བཞག ཕེཾ་ཕེཾ་གྱི་སྒྲས་བསྐུལ་ནས་ཐབ་ཀྱི་སྟེང་ནམ་མཁར་བཞུགས་པ་ལ། ༀ་གཽ་རཱི་གཾ་སོགས་ལྷ་མོ་བརྒྱད་ཀྱིས་མཆོད། ༀ་དེ་ཝ་པི་ཙུ་སོགས་ལ། བཛྲ་ས་མ་ཡ་སྟྭཾ་བཏགས་ཏེ་གཙོ་བོ་དང་འཁོར་སོ་སོའི་སྔགས་ལ་ཡང་གོང་བཞིན་སྦྱར་བས་མེ་ཏོག་གཡས་བསྐོར་གྱིས་ཐབ་ཏུ་དོར་མཐར། ཐབ་ཀྱི་པདྨའི་དབུས་སུ་བཞུགས་པར་གྱུར། སློབ་དཔོན་མར་བཞུགས་པའི་བར་གཞན་དུ་ཞལ་འཕང་བ་ལྟར་༧རྗེ་མི་བསྐྱོད་ཞབས་ཀྱིས་མཛད་པའི་ལས་བཞིའི་སྦྱིན་བསྲེག་རྒྱས་པའི་ནང་གསལ་ལྟར་འདིར་བཀོད་པ་ལགས། དབུས་ཀྱི་གདན་གྱི་སྟེང་དུ་ཧཱུྃ་དང་སོགས། དགྱེས་པ་རྡོ་རྗེ་སོགས་གླེགས་བམ་ཐ༽ སྒྲུབ་ལྡེབ་༡༧ རྒྱབ་ཕྲེང་མཐའ་མ་དབྱིན་ཇིའི་ཨང་༤༢ ལ་གསལ། ཡབ་ལ་འཁྱུད་པའི་བར་དང་། འདབ་མ་བརྒྱད་ལ་གཾ་ཙཾ་སོགས། གཡས་གྲི་གུག་སོགས་གླེགས་བམ་ཐ༽ དཀྱིལ་ཆོག་ལྡེབ་༢༢ རྒྱབ་ཕྲེང་༤ དབྱིན་ཇིའི་ཨང་༡༡༦ ལ་གསལ། གར་གྱིས་གནས་པའོ་བར་དང་།


KMC001_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཀྱི་ཐུགས་ཀར་སོགས་སྒྲུབ་ལྡེབ་༡༢མདུན་དུ་གསལ་ལྟར་སྐྱེ་མཆེད་གནས་གསུམ་བྱིན་རླབས་ནས་ནམ་མཁར་སྤྱན་དྲངས། དམིགས་མེད་མཁའ་ལྟར་སོགས་རྡོར་དྲིལ་བཅས་ཕག་མོའི་གཞུང་གདངས་བྱ། གཤེགས་སུ་གསོལ་མཆོད་སིལ་འུར། ཧཱུྃ་ཧཱུྃ་ཧཱུྃ་གིས་བསངས་གཏོར་བྱ་བ་སོགས་གླེགས་བམ་ཐ༽ སྒྲུབ་ལྡེབ་༢༣ རྒྱབ་ཕྲེང་༡ དབྱིན་ཇིའི་ཨང་༥༤ ལ་གསལ། ཨ་བྷི་ཥེ་ཀ་ཏའི་སྔགས་ཀྱིས་རྒྱས་གདབ་ཡན་སྒྲུ་ཐབས་ལྟར་བྱ། དེ་ནས་མཆོད་བསྟོད་ནི། གླེགས་བམ་ཐ༽ སྒྲུབ་ལྡེབ་༦ རྒྱབ་ཕྲེང་༢ དབྱིན་ཇིའི་ཨང་༢༠ ལ་གསལ། ༀ་སརྦ་ཤོ་ངྷ་ནི་སོགས་མཆོད་པ་བྱིན་རླབས་གསུངས། ཤབྡ་ལ་མཆོད་སིལ། གླེགས་བམ་ཐ༽ དཀྱིལ་ཆོག་ལྡེབ་༢༣ རྒྱབ་ཕྲེང་མཐའ་མ་དབྱིན་ཇིའི་ཨང་༡༡༨ ལ་གསལ། དག་ཅིང་དྲི་མེད་ཡིད་འོང་བའི། །སྔགས་ཀྱི་སོགས་ནས་མཆོད་པ་ཆ་ཚང་དང་། བསྟོད་པ་རྒྱས་པ་བཅས་མདུན་བསྐྱེད་ལྟར་གསུངས་མཐར་གླེགས་བམ་ཐ༽ སྒྲུབ་ལྡེབ་༤ མདུན་ཕྲེང་༣ དབྱིན་ཇིའི་ཨང་༡༥ ལ་གསལ། ༀ་བཛྲ་ཨ་མྲྀ་ཏ་སོགས་བདུད་རྩི་བྱིན་རླབས་གསུངས་མཐར། གླེགས་བམ་ཐ༽ སྒྲུབ་ལྡེབ་༢༤ རྒྱབ་ཕྲེང་༤ དབྱིན་ཇིའི་ཨང་༥༦ ལ་གསལ། ལྷ་རྣམས་ཀྱི་ལྗགས་ཀྱི་རྩེ་མོ་སོགས་གསོལ་བར་གྱུར། ཕྱོགས་བཅུ་དུས་གསུམ་གྱི་སོགས་དང་། སྔགས་བཅས་ཀྱིས་ནང་མཆོད་ཐབ་ཏུ་


KMC001_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

དབུལ། ༈ །དེ་ནས་བསྲེག་རྫས་གཙོ་འཁོར་སོ་སོར་འབུལ་དགོས་པས་ཐོག་མར་གཙོ་བོ་ལ། ཨོཾདེ་ཝ་པི་ཙུ་སོགས་སྙིང་པོའི་མཐར། ༀ་བྷོ་ངྷི་བྲྀཀྵ་ལ་གྲངས་བཟུང་སྟེ་ཡམ་ཤིང་འབུལ་མཐར། གོང་བཞིན། བདག་ཅག་དཔོན་སློབ་སོགས་ཀུ་རུ་སྭཱ་ཧཱ། གཙོ་བོ་ལ་རེ་རེ་བཞིན་མཆོད་སིལ་བྱ། དགང་བླུགས་ཀྱི་ཁ་ལ་ཧཱུྃ་འོད་ཟེར་དང་བཅས་པ་དང་། དཀྱིལ་འཁོར་པའི་ཞལ་དུ་ཧཱུྃ་གིས་མཚན་པར་གྱུར། སྙིང་པོའི་མཐར། ༀ་ཨཱགྣ་ཡེ་ཧཱུྃ་ཞེས་བཏགས་པས་མར་ཁུ་འབུལ་ཞིང་འདོད་དོན་གསོལ་བ་རིགས་འགྲེས་ཀྱིས། སྙིང་པོར་འབྲུ་གསུམ་བཏགས་པས་གོས་ཟུང་འབུལ་བའི་བར་འཇིག་རྟེན་པའི་སྐབས་ལྟར་ཕུལ། དེ་ནས་སྒྲུབ་མཆོད་དཀྱུས་མར་ཡུམ་ལ་དམིགས་བསལ་མི་དགོས་ཀྱང་། འདིར་གོང་དུ་བསྙེན་སྒྲུབ་སྐབས་སུ་གཙོ་བསྙེན་གྲུབ་རྗེས་ཡུམ་བསྙེན་བཟླ་དགོས་པར་བསྙེན་ཡིག་ལས་གསལ་བས་འདིར་ཡང་། ༀ་ཨཾ་ཧཱུྃ་ཕཊཿསོགས་ཡུམ་སྔགས་ལ་རྫས་སྔགས་བཏབ་པས་རྫས་ཆ་ཚང་ཕུལ་ཞིང་འདོད་གསོལ་ཀྱང་གོང་ལྟར་བྱ། དེ་ནས་འཁོར་གྱི་ལྷ་མོ་བརྒྱད་ལ། ༀ་གཽ་རཱི་གཾ་ཨཱཿཧཱུྃ་སོགས་སོ་སོའི་སྔགས་དང་རྫས་སྔགས་སྤེལ་བས་ལྷ་མོ་བརྒྱད་རེ་རེ་བཞིན་འབུལ་ལ་འདོད་གསོལ་རྣམས་དྲིལ་གསིལ་དང་སོ་སོའི་མཇུག་ཏུ་མཆོད་སིལ་བཅས་རིགས་འགྲེས་ཀྱིས་ཕུལ་མཐར། ༀ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ས་པཱ་རི་ཝཱ་ར་ༀ་ཨཱཿཧཱུྃ། ཞེས་བསྲེག་རྫས་རྣམས་ཕྱོགས་གཅིག་ཏུ་བསྡུས་


KMC001_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཕྱེ་དཀར་སོགས་མར་ཁུས་ལེགས་པར་སྦྲུས་པ་ཕུལ་ལ་གྲངས་བརྒྱ་རེའམ་སུམ་བརྒྱ་རེའི་མཚམས་སུ་འདོད་གསོལ་གོང་ལྟར་རམ་ཡང་ན། སྒྲུབ་པ་པོའི་ནད་གདོན་སོགས་གོང་གི་ཕག་མོའི་སྐབས་སུ་སྨོས་ལྟར་བརྗོད་ལ་མཆོད་སིལ་བྱ། འདི་བསྙེན་པའི་བཅུ་ཆ་འགྲོ་དགོས་པས་སླ་ཆོས་སུ་མ་སོང་བར་ཅི་ནུས་ཀྱིས་འབུལ་ཞིང་འདི་སྐབས་དང་སྔོན་རྗེས་ཀྱི་སྦྱིན་བསྲེག་ཚང་མར་སྒྲུབ་པ་པོ་ཚང་མས་རེས་མོས་ཀྱིས་རྫས་སྤུངས་འབུལ་དགོས། རྫས་སྤུངས་གྲངས་གསོག་གྲུབ་མཚམས་འདས་པའི་གཏོར་མ་དགང་གཟར་ནང་འཇོག་སྟེ་ནང་མཆོད་བྲན་ལ། གླེགས་བམ་ཐ༽ སྒྲུབ་ལྡེབ་༥ མདུན་ཕྲེང་༡ དབྱིན་ཇིའི་ཨང་༡༧ ལ་གསལ། ༀ་བཛྲ་ཨ་མྲྀ་ཏ་སོགས། སྭ་བྷཱ༴ སྟོང་པའི་ངང་ལས། ཡཾ་ལས་རླུང་སོགས་ནས། རང་བཞིན་དུ་གྱུར་བར་གྱིས་བརླབས། མར་ཁུ་བྲན་བཞིན་པར། ༀ་ངྷཱཾ་ངྷཱཾ་ཨི་དཾ་བ་ལིཾ་སོགས་ལན་བདུན་གྱིས་ཕུལ། དེ་ནས་དཀྱིལ་འཁོར་པའི་མཆོད་ཕྲེང་ཆ་ཚང་ཕུལ་ལ། ༀ་ཤྲཱི་ཧེ་རུ་ཀ་ས་པཱ་རི་ཝཱ་ར་ཛཿཧཱུྃ་བཾ་ཧོཿཁཾ་རཾ་སོགས་ནས། ཤབྡའི་བར་བརྗོད་ལ་མཆོད་སིལ། དཀར་མོ་རི་དྭགས་སོགས་ཀྱིས་མཆོད། བཞི་དྲིལ་ཕྱེད་རྒྱས། ཁྱོད་ནི་རྣལ་འབྱོར་སོགས་གླེགས་བམ་ཐ༽ སྒྲུབ་ལྡེབ་༢༦ མདུན་ཕྲེང་མཐའ་མ་དབྱིན་ཇིའི་ཨང་༥༩ ལ་གསལ། ཧེ་རུ་ཀ་ལ་བསྟོད། མཆོད་སྦྱིན་གཏོར་མ་སོགས་སྦྲེལ་ཀུན་རྫོགས་མཛོད། བདག་ཅག་


KMC001_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས་པ་རྣམས་ཀྱི་སོགས་ནས། མཛད་དུ་གསོལ་མཆོད་སིལ། དེ་ནས་དྲིལ་གསིལ་གྱིས་ཧེ་རུ་ཀའི་ཡིག་བརྒྱ་ལན་གསུམ་གསུངས་མཐར་གླེགས་བམ་ཐ༽ དཀྱིལ་ཆོག་ལྡེབ་༥༢ རྒྱབ་ཕྲེང་མཐའ་མ་དབྱིན་ཇིའི་ཨང་༡༧༦ ལ་གསལ། གཙོ་བོ་ནུས་པ་སོགས་ནས་བཟོད་པར་མཛོད། ༀ་ཁྱེད་ཀྱི་སེམས་ཅན་སོགས། བསྙེན་པའི་ཟུར་འདེབས་ནང་གསལ་ལྟར་ཕྱག་གཉིས་ཀྱི་གུས་པ་དང་བཅས་མཆོད་ཡོན་སྦྲེང་དགོས་གུར་གྱི་ཡིག་བརྒྱ་བཛྲ་མུཿབཏགས་པས་ཡེ་ཤེས་པ་གཤེགས་སུ་གསོལ། སློབ་དཔོན་ཡར་བཞེངས་ལ་མེ་ཏོག་ཐབ་ནས་ལེན་ཚུལ་གྱིས། ༀ་དེ་ཝ་པི་ཙུ་སོགས་གཙོ་འཁོར་སོ་སོའི་སྔགས་ལ། བཛྲ་ས་མཱ་ཡ་སྟྭཾ་བཏགས་པས་སྔར་དོར་རིམ་བཞིན་ཚུར་སྣོད་དུ་བླངས་རྗེས། དམ་ཚིག་པ་རྣམས་རང་གི་སྙིང་གར་ཐིམ་པར་གྱུར། མཆོད་སིལ་འོག་ཚོམ་བུ་ཡར་སྒྲུབ་པའི་ཁང་པར་སྤྱན་དྲངས་ཏེ་དཀྱིལ་འཁོར་མདུན། རྡུལ་ཚོན་ནམ་རས་བྲིས་ཀྱི་ནི་དཀྱིལ་འཁོར་ལ། ལྷ་ཚོགས་ཐམས་ཅད་ཐིམ་པར་གྱུར། ཞེས་བརྗོད་དེ་ཚོམ་བུའི་མེ་ཏོག་དཀྱིལ་འཁོར་ལ་གཏོར་ཏེ་མར་བྱོན་གདན་ལ་བཞུགས་མཆོད་སིལ་བཞག་གསུམ་པ་རྗེས་ཀྱི་བྱ་བ་ནི། ༀ་ཨཱགྣ་ཡེ་ཧཱུྃ་ལན་གསུམ་གྱིས་མར་ཁུ་དགང་བླུགས་གསུམ་ཕུལ་ལ། སླར་ཡང་མེ་ལྷ་འབར་བའི་སོགས་གསལ་བར་གྱུར། གོང་ལྟར་བཏང་རག་ཏུ་དམ་བཞག་སྔགས། ༀ་བཛྲ་ཨ་ན་ལ་སོགས་ལ། བོ་


KMC001_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ངྷི་བྲྀཀྵ་སོགས་བཏགས་ཏེ་ཡམ་ཤིང་དང་མར་ཁུ་སོགས་བསྲེག་རྫས་ཚང་མ་ལན་གསུམ་རེས་ཕུལ་མཐར་མཆོད་སིལ། ཆུ་གཉིས་ཕུལ་ལ། ༀ་པྲ་ཝཱ་ར་སཏྐ་ར་སོགས་དང་། ༀ་སརྦ་པཱ་པཾ་སོགས་བརྗོད། ཉེར་སྤྱོད་ལྔ་ཆ་ཚང་ཕུལ་ལ། ༀ་བཛྲ་པུཥྤེ་ཨཱཿཧཱུྃ་སྭཱ་ཧཱ་སོགས་ནས། ཨ་ལོ་ཀེའི་བར་དང་། འཇིག་རྟེན་དབང་ཕྱུག་སོགས་གོང་ལྟར་བསྟོད་ནས་མཆོད་སིལ། དྲིལ་གསིལ་གྱིས་ཡིག་བརྒྱ་ལན་གཅིག་ཐལ་སྦྱར་བཅས། མ་འབྱོར་བ་དང་སོགས་ཀྱིས་བཟོད་གསོལ་མཐར། གཤེགས་གསོལ་ནི། ལག་གཡས་རྡོ་རྗེ་བཅས་མཐེ་བོང་ཕྱིར་བཀྱེ་ལ་གཡོན་དྲིལ་རྡེབ་བཅས་མེ་ལྷའི་གདངས་ཀྱིས། བདག་གི་དོན་དང་གཞན་གྱི་སོགས་ནས་ཐམས་ཅད་སྒྲུབས། མེ་ལྷ་ཡེ་ཤེས་པ་སོགས་ནས་ཐིམ་པར་གྱུར། བསོད་ནམས་འདི་ཡིས་ལྟ་བུས་མཐའ་བརྒྱན་ཏེ་ངག་གྲོལ། སླར་འདུ་ཁང་ནང་ཚོགས་ཏེ་ཚོགས་མཆོད་མན་དཀྱུས་བཞིན་མཐའ་དབྱུང་བར་བྱ། །ཕྱི་ཉིན་ཡང་ཆོ་ག་གོང་བཞིན་བཏང་སྟེ་བཏང་རག་ཚོགས་འཁོར་བཅས་མཐའ་རྒྱས་སུ་སྤེལ་བས་དཔལ་དགྱེས་པ་རྡོ་རྗེའི་བསྙེན་སྒྲུབ་ཁ་སྐོང་བཅས་ལེགས་པར་གྲུབ་བོ།། ༈ །།སྤྱན་རས་གཟིགས་དཔལ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་ལྷ་དགུའི་བསྙེན་སྒྲུབ་རྗེ་མཐོང་བ་དོན་ལྡན་ཞབས་ཀྱིས་མཛད་པའི་སྒྲུབ་དཀྱིལ་ལ་བརྟེན་ནས་བསྙེན་པ་ལ། ཕྱི་ནང་གསང་སྒྲུབ་སྒྲུབ་པ་ཡང་གསང་བཅས་ལས། ཐོག་མར་ཕྱི་སྒྲུབ་བསྙེན་ཚུལ་


KMC001_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཅའ་བཤམས་ཀྱི་རིམ་པ་ནི། གང་གི་སྣང་བརྙན་བྱིན་ཆེན་བཤམས་པའི་མདུན་ལྷ་དགུའི་འདས་གཏོར་གཙོ་བོ་བླ་མའི་གཏོར་མ་ཆེ་ལེགས་རྒྱན་ལྔ་སྒྲོམ་རྩེར་ཉི་ཟླ་ནོར་བུས་མཚན་པ་ལ་འཁོར་རང་འདྲ་བརྒྱད་གོར་རྒྱན་གཉིས་རེ་ཅན་བཤམས་པའི་གཡོན་ཏུ་མ་འདས་པའི་གཏོར་མ་དཀར་ཟླུམ་ཉིས་རྒྱན་རྩེར་ཉི་ཟླ་ནོར་བུས་མཚན་པ་ཡང་བཤམས་པ་ཕྱག་བཞེས་སུ་སྣང་། མདུན་དུ་མཆོད་འགོ་གཡས་བསྟན་གྱིས་མཆོད་ཡོན། བདུག་སྤོས། མེ་ཏོག་མར་མེ་སོགས་ཕྲེང་ཚར་བཤམས། རང་གི་མདུན་དུ་ཡང་བདག་བསྐྱེད་མཆོད་པ་དང་། བདུད་རྩི་རིལ་བུ་དང་ལྡན་པའི་ནང་མཆོད་བཤམས། མཆོད་ཁ་གསོ་བྱེད་ཞལ་ཟས་དང་། ཉིན་རེར་ཐོར་ཐུན་ལ་གཏོང་རྒྱུ་སྔོན་གཏོར་དཀར་ཟླུམ་སྐེད་པར་པག་རིལ་བཅུས་བསྐོར་བ་གོར་རྒྱན་ཉིས་ཅན། གཏོར་གསོ། འཐོར་ནས་སོགས་ཉེར་མཁོའི་རིགས་འདུ་བྱ། ཐོག་མའི་ཉིན་ཚོགས་མཆོད་དང་འབྲེལ་འདུ་ཁང་ནང་ཚོགས་དགོས་པས་དེར་ཡང་བཅའ་བཤམས་གོང་ལྟར་དང་། ཚོགས་ཀྱི་ཡོ་བྱད་བཅས་འདུ་བྱ། ཆོ་ག་དངོས་ལ། ཚོགས་བརྡ་བྱུང་འཕྲལ་འདུ་ཁང་ནང་གྲལ་ཕྱག་སྔོན་འགྲོས་གདན་ལ་འཁོད། ཚིག་བདུན་གསོལ་འདེབས་དབང་ལེན་བཅས་དང་། ཐོག་མའི་ཉིན་ཐུབ་བསྟོད་དང་། ཐུགས་རྗེ་ཆེན་པོའི་སྨྲེ་བཤགས། རྒྱུན་དུ་སྙིང་སྟོབས་ཆེན་པོ༴ ཆགས་མེད་ཀྱི་གསུང་ལྷ་ལྔའི་བརྒྱུད་འདེབས་མཐར། སྐྱེ་བ་ཀུན་ཏུ་སོགས། རང་ཉིད་སྐད་ཅིག་གིས་སོགས་བཞུགས་པའི་སྐུར་གྱུར། ནང་མཆོད་ལ་ཆུ་ཆབ་བྲན་ཏེ། ༀ་ཧྲཱིཿཔདྨནྟ་ཀྲྀ་ཏ་སོགས།


KMC001_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

སྭ་བྷཱ་ཝ་སོགས། སྟོང་པར་གྱུར། སྟོང་པའི་ངང་ལས། རང་གི་ཐུགས་ཀ་ནས་སོགས་རྒྱ་མཚོ་ལྟ་བུར་གྱུར། སྔོན་གཏོར་ལ་ནང་མཆོད་བྲན་ཏེ། ༀ་ཧྲཱིཿཔདྨན་སོགས། སྭ་བྷཱ་ཝ༴ སྟོང་པར་གྱུར། སྟོང་པའི་ངང་ལས་རང་རང་གི་སོགས། རང་རྒྱས་ༀ་ཨ་ཀཱ་རོ་སོགས་ལན་གསུམ། སྐད་ཅིག་གིས་སོགས། རྡོར་དྲིལ་བཅས་འགུགས་རྒྱས། ན་མོ་རྗེ་བཙུན་སོགས་མཆིས་པར་གྱུར་ཅིག ཊཀྐི་ཧཱུྃ་ཛཿ ༀ་བཛྲ་ཨཱརྒྷཾ་སོགས་རང་རྒྱས་སེ་གོལ་བཅས། ཤབྡ་ཨཱཿཧཱུྃ་སྭཱ་ཧཱ་ལ་མཆོད་སིལ་འུར། ན་མཿསརྦ་ཏ་ཐཱ་ག་ཏ་སོགས་གཏོར་རྒྱས་མཐར་སེ་གོལ་བཅས་ལན་གསུམ། གང་དག་དཀྱིལ་འཁོར་སོགས་བཞི་དྲིལ་གྱིས་ཀུན་འགྲུབ་མཛོད། གང་དག་དཀྱིལ་འཁོར་གྱི་བྱ་བ་སོགས་རྡོ་རྗེ་ཕྱིར་གདེངས་བྱའོ་མཆོད་སིལ་འོག་ཏུ། ༀ་ཧྲཱིཿཔདྨན་སོགས་ལས་སྔགས་ལ་སུམྦྷ་ནི་བཏགས་པ་བཟླ། མཆོད་པར་བདུད་རྩི་བྲན་ལ། ༀ་ཧྲཱིཿཔདྨན་སོགས། སྭ་བྷཱ་ཝ༴ སྟོང་པར་གྱུར། སྟོང་པའི་ངང་ལས། ཨ་ལས་ཐོད་པའི་སོགས། ༀ་བཛྲ་ཨཱརྒྷཾ་ཨཱཿཧཱུྃ་སཱ་ཧཱ་སོགས་ནས། ཤབྡ་ལ་མཆོད་རོལ། སྐབས་འདིར་མཆོད་པ་བྱིན་རླབས་ཡིན་པས་རང་རྒྱ་ལས་སེ་གོལ་མི་དགོས། ལས་རྡོར་ཕྱག་གསུམ་སྔོན་འགྲོས་གུས་འདུད་བཅས། རྡོ་རྗེ་འཛིན་སོགས་དགོངས་སུ་


KMC001_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཞུ། བདག་གཞན་ནམ་མཁའི་སོགས། དཔལ་ལྡན་རྩ་བའི་བླ་མ་མན་ཆད་གྲངས་ཉེར་གཅིག་བསགས་མཐར། ཕྱོགས་བཅུ་དུས་གསུམ་སོགས་བསྒོམ་པར་བྱའོ། །སྲུང་འཁོར་ནི། རང་ཉིད་་སྐད་ཅིག་སོགས་ནས། རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ལན་གཅིག སླར་རང་གི་སྙིང་གར་སོགས་གསལ་བར་གྱུར། བཞི་དྲིལ་གྱིས། ཧཱུྃ། བཞེངས་ཤིག་སོགས་བཞུགས་སུ་གསོལ། ༀ་པདྨ་ཀཱ་ལ་སོགས་གདན་རྒྱ་བྱ། ཐལ་སྦྱར་བཅས། ༀ་མཆོད་ཡོན་བདུག་སྤོས་སོགས། ཤབྡ་ལ་མཆོད་སིལ། བཞི་དྲིལ་ཕྱེད་རྒྱས། གང་གི་དྲིན་གྱིས་སོགས་ནས། སྩལ་དུ་གསོལ་མཆོད་སིལ། ཕྱོགས་བཅུ་དུས་གསུམ་སོགས་ཐལ་སྦྱར་བཅས། བསྟན་དུ་གསོལ། ཇི་སྙེད་སུ་དག་སོགས། སེམས་ཅན་ཐམས་ཅད་སོགས་ཚད་མེད་བཞི་བསྒོམ། ༀ་ཨཱཿཧཱུྃ་ཚོགས་ཞིང་གི་སོགས། ༀ་སྭ་བྷཱ་ཝ་སོགས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་སོགས་ནས་བཅས་པའོ། དེའི་དབུས་སོགས་བཞུགས་པའོ། །དེའི་ཕྱོགས་བཞིར་སོགས་ནས་བརྒྱན་པའོ། །ཤར་ལྷོའི་མཚམས་སུ་སོགས། བཛྲ་ས་མཱ་ཛཿར་བསྡུ་རྒྱ་མཆོད་སིལ་འུར། ༀ་མཆོད་ཡོན་བདུག་སྤོས་སོགས་ཐལ་སྦྱར་བཅས། ཤབྡ་ལ་མཆོད་རོལ། རང་རྒྱས་ཛཿཧཱུྃ་བཾ་ཧོཿ ཐལ་སྦྱར་


KMC001_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། དམ་ཚིག་སེམས་དཔའ་སོགས་དབུ་བརྒྱན་པའོ། །བདག་ཉིད་ཀྱི་ཐུགས་ཀར་སོགས་བསྙེན་དམིགས་གསུངས་མཐར། ༀ་ཨཱཿཧཱུྃ་ཧྲཱིཿༀ་མ་ཎི་པདྨེ་ཧཱུྃ། ཞེས་ཡི་གེ་བཅུ་པ་ཐུན་གྱི་དངོས་གཞིར་བསྐྱང་། ཐུན་གྲོལ་ཁར་ཡུམ་གྱི་སྙིང་པོ་དང་འཁོར་གྱི་སྔགས་བཅས་ཅི་འགྲུབ་ཀྱིས་བཟླས་མཐར། དྲིལ་གསིལ་གྱིས་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བཅས་ལན་གསུམ། འདི་བསྙེན་པའི་སྐབས་ལས་དཀྱུས་སུ་མི་དགོས། ལས་རྡོར་ཕྱག་གསུམ་སྔོན་འགྲོས། ཚོགས་ཀྱི་ཡོ་བྱད་སོགས་ཞུ། དེ་ནས་ཚོགས་མཆོད་བྱ་བ་ནི། ཆུ་ཆབ་བྲན་ཅིང་སྤོས་གཟུག ༀ་ཧྲཱིཿཔདྨན་སོགས་ནང་མཆོད་ལྟར་བྱིན་རླབས་གསུང་། ན་མོ་ཐབས་དང་ཤེས་རབ་སོགས་གཏོར་རྒྱ་བཅས་ལན་གསུམ་གྱི་མཐར་མཆོད་རོལ་འུར། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་སོགས་བཞི་དྲིལ་གྱིས་གསུང་། བསྒྲུབ་ཏུ་གསོལ་མཆོད་སིལ། རྡོར་དྲིལ་ཕར་བཞག ཚོགས་ཀྱི་ཕུད་གཏོར་མར་བཏབ་སྟེ་ནང་མཆོད་བྲན་ལ། ༀ་ཧྲཱིཿཔདྨན་སོགས་ནང་མཆོད་ལྟར་བརླབས་ཏེ། ཐལ་མོ་བཀན་ལ། མདུན་གྱི་ནམ་མཁར་བླ་མ་སོགས་བཞུགས་པར་གྱུར། ན་མོ་རཏྣ་གུ་རུ་སོགས་གཏོར་རྒྱ་བཅས་ལན་གསུམ། ཆོས་སྐུ་སྣང་བ་མཐའ་ཡས་སོགས་བརྒྱུད་རིམ་དང་། ཡང་དུ་འཇིག་རྟེན་དབང་ཕྱུག་སོགས། ༀ་ཨཱཿཧཱུྃ་ཧྲཱིཿསོགས་ལ། ཨི་དམ་བ་ལིཾ་ཏ་ཁ་ཧི་བཏགས་པ་ལན་གཅིག


KMC001_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་བཛྲ་ཝཱ་རཱ་སོགས་ལན་གཅིག་གིས་ཡུམ་དང་། ༀ་ངྷཱུ་མ་གྷ་ཡེ་སོགས་ལ་ཡང་གོང་བཞིན་སྦྱར། བཅོམ་ལྡན་འདས་སོགས། ༀ་མ་ཧཱ་ཀཱ་ལ་སོགས་ཨི་དཾ༴ ཏྲཀ་རཀྵ་སོགས་ཨི་དཾ༴ དཔལ་ལྡན་ཡེ་ཤེས་ཀྱི་མགོན་པོ་སོགས་མཐར་མཆོད་སིལ། ཚོགས་ཞུ་ལེན་བྱ། ཞབས་བརྟན་རིགས་གསུང་། ལྷག་མ་བསྡུ་སྟེ་གཙང་ལྷག་དང་བསྲེ། ལས་རྡོར་གྱིས། ལྷག་མའི་གཏོར་མ་སོགས་ཞུ་བ་སྔོན་འགྲོས། ལྷག་མར་ནང་མཆོད་བྲན་ཅིང་དཔལ་འབར་གཟུག ཕུད་དང་ལྷག་མའི་སོགས་ཏྲེ་པ་ཏྲེ་པཾ། ཧཱུྃ་གཞན་ཡང་ལས་ཀྱི་སོགས་བཞི་དྲིལ་བཅས་མཐར་མཆོད་སིལ་འུར་རོལ་འོག ༀ་སརྦ་ཨུཙྪི་སོགས་བརྗོད་ལ་ལྷག་མ་དོར། མཆོད་པ་གསོ་བྲན་བྱས་ལ། ༀ་ཧྲཱི་པདྨན་སོགས་མཆོད་པ་བྱིན་རླབས། ཤབྡ་ལ་མཆོད་སིལ། ༀ་མཆོད་ཡོན་བདུག་སྤོས་སོགས། ཤབྡ་ལ་མཆོད་རོལ། བཞི་དྲིལ་ཕྱེད་རྒྱ་བཅས། ཧྲཱིཿ ཐུགས་རྗེ་ཆེན་པོ་སོགས་ཀྱིས་བསྟོད་ལ་མཆོད་རོལ། རྡོར་དྲིལ་བཅས་ཐལ་སྦྱར། བཅོམ་ལྡན་འདས་འཇིག་རྟེན་སོགས་ཡིག་བརྒྱ་ལན་གསུམ། སླར་ཐལ་སྦྱར་གྱིས། མ་འབྱོར་བ་དང་སོགས། གང་ཡང་བདག་བློ་སོགས། བདག་དང་འགྲོ་ལ་སོགས་ཀྱིས་གཏོན་མགྲོན་གཤེགས་བསྟིམ་བྱ། བདག་བསྐྱེད་རྫོགས་རིམ་ནི། རང་གི་ཐུགས་ཀའི་ཧྲཱིཿལས་སོགས་རང་བཞིན་ནོ། སླར་རང་ཉིད་སོགས་ཀྱིས་


KMC001_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ལྡང་ལ། དཀོན་མཆོག་རིན་ཆེན་སོགས། ཀུན་གཞི་བྱང་ཆུབ་སོགས་ཐོབ་པར་ཤོག བཀའ་བརྒྱུད་བླ་མས་སོགས། ཆོས་དབྱིངས་ལྷུན་གྱིས་སོགས་བཀྲ་ཤིས་ཚན་གཉིས་མཐར། ཕག་མོའི་གཞུང་གདངས་ཀྱིས་མཐའ་རྟེན་ཤིས་བརྗོད་ཁ་ཤས་གསུངས་ཏེ་%མཆོད་སིལ་འུར། གཞན་ཡང་བཟང་སྤྱོད་སྨོན་ལམ་སོགས་ཀྱིས་མཐའ་བརྒྱན་ཏེ་ཐུན་གྲོལ། ༈ །དེ་ནས་རང་ཤག་ཏུ་ཐུན་སྐབས་ཀྱང་། ཐོར་ཐུན་ལ་ཞོག་འདོན་སྔོན་འགྲོ་སོགས་གྲུབ་རྗེས། ཚིག་བདུན་གསོལ་འདེབས། སྙིང་སྟོབས་ཆེན་པོ༴ བརྒྱུད་འདེབས་མཐར། རང་ཉིད་ལྷར་གསལ་ཞིང་ནང་མཆོད་བྱིན་རླབས་ནས་བསྙེན་པའི་བར་མཐར་ཆགས་སུ་བཏང་སྟེ། ཐུན་གྱི་དངོས་གཞིར་ཡི་གེ་བཅུ་པ་བཟླ་ཞིང་དངོས་གཞིའི་བསྙེན་དམིགས་སྤྱན་རས་གཟིགས་དངོས་མཁས་གྲུབ་ཆགས་མེད་ཞབས་ཀྱི་གསུང་ལྷ་དགུའི་ཕྱི་སྒྲུབ་ཟིན་བྲིས་ལྟར་ནན་ཏན་དུ་བྱ། ཐུན་གྲོལ་ཉེ་བ་ན་སྔགས་ཚན་གཉིས་ཀྱང་ཅུང་ཟད་རེ་བཟླས་རྗེས། དྲིལ་གསིལ་གྱིས་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བཅས་ལན་གསུམ། ཐོར་ཐུན་སོགས་གསུམ་ལ། ༠ རང་གི་ཐུགས་ཀའི་ཧྲཱིཿལས་སོགས་བསྡུ་ལྡང་བྱ་ཞིང་། དཀོན་མཆོག་རིན་ཆེན་སོགས་བསྔོ་སྨོན་དང་། སྤར་རིང་བཀྲ་ཤིས་རྒྱས་པའི་མཇུག་གསལ། སློབ་དཔོན་པདྨའི་བཀྲ་ཤིས་སོགས་ཚིག་རྐང་སྔ་མའམ་ཡང་ན་ཤོ་ལོ་ཀ་རེ་བརྗོད་གཞན་ཡང་བཟང་སྤྱོད་སོགས་ཀྱིས་མཐའ་བརྒྱན་ཏེ་ངག་གྲོལ་ལོ། །ཐུན་ཕྱི་མ་


KMC001_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བརྒྱུད་འདེབས་མཐར། མཆོད་པ་བྱིན་རླབས་ནས་བསྐྱར། ཐོར་ཐུན་ལ་སྐྱབས་འགྲོ་ལན་ཉེར་གཅིག་གཞན་ཚར་བདུན་རེ་ཙམ་གྱིས་ཆོག་དགོང་ཐུན་ལ་དབྱངས་གསལ་སོགས་གྲུབ་ནས། ནང་མཆོད་ལྟར་གཏོར་མ་བྱིན་རླབས་ནས། མདུན་གྱི་ནམ་མཁར་སོགས་གོང་ལྟར་མཐར་ཆགས་སུ་བཏང་གསལ་དུ་གསོལ། མཆོད་པ་བྱིན་རླབས། རྗེས་ཆོག་མཆོད་བསྟོད་མན་གོང་བཞིན་གསུང་སྟེ་ཐུན་གྲོལ་ལོ། །གོང་གསལ་ཚུལ་དེ་ལྟ་བུས་ཕྱི་སྒྲུབ་ཀྱི་བསྙེན་པའི་ཞག་གྲངས་མ་ཐེམ་བར་གསུང་སྟེ་ཕྱི་སྒྲུབ་ཀྱི་མཇུག་ཏུ་ལས་བཞིའི་དམིགས་པ་སྦྱར་དགོས་པས་སྔོན་རྗེས་ཀྱི་འདོན་པ་གོང་ལྟར་ལ། བསྙེན་དམིགས་སྐབས་གཙོ་བསྙེན་ཉུང་ཙམ་བཟླས་རྗེས་ཐུན་ཕྱེད་བར་སྔགས་རིང་ཡིག་བཅུ་ལ། བཛྲ་ཝཱ་རཱ་ཧི་སོགས་བཏགས་པ་བསྙེན་ཅིང་། དེ་ནས་ཐུན་གྲོལ་མ་རན་བར་གོང་གསལ་སྔགས་རིང་ལ་ཕྱི་སྒྲུབ་ཁྲིད་ཡིག་ནང་གསལ་ལྟར་ལས་བཞི་སོ་སོའི་སྤེལ་ཚིག་སྦྱར་ཏེ་བཟླ་བས་མཚོན། སོ་སོའི་དམིགས་རིམ་རྣམས་ཀྱང་གོང་གི་ཁྲིད་ཡིག་ལས་བྱུང་བ་བཞིན་བླ་མའི་ཞལ་ལས་ནོད་དེ་གོང་འོག་མ་འཁྲུགས་པར་ནན་ཟབ་ཀྱིས་ལས་བཞི་སོ་སོར་ཞག་གྲངས་རེ་ཙམ་བསྙེན་པར་བྱའོ།། ༈ །།གཉིས་པ་ནང་སྒྲུབ་དང་གསང་སྒྲུབ་ནི། འདུ་ཁང་ནང་ལྷན་དུ་བསྙེན་དགོས་པས་ཐོག་མར་བཤམས་བཀོད་ཀྱི་རིམ་པ་ནི། རྡུལ་ཚོན་དང་འབྲེལ་སྐབས་ས་ཆོག་དང་སྟ་གོན་སོགས་དཀྱིལ་ཆོག་ལྟར་རྒྱས་པར་བྱ་ཞིང་། སྤྲོས་པས་མ་ལྕོགས་ཚེ་སྟེགས་བུ་ཆེ་ལེགས་གྲུ་བཞི་ཁེབས་ལྡན་གྱི་དབུས་སུ་རས་བྲིས་


KMC001_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་བཀྲམ་པའི་སྟེང་བུམ་པ་རྫས་ལྡན་མགུལ་ཆིངས་དམར་པོ་ཅན་བཤམས་པའི་ཁར་དུང་ཆོས་དྲི་བཟང་ཆུས་བཀང་བ་ཡང་བཀོད། དེ་སྟེང་མཉྫའི་ཁར་ཐོད་པ་མཚན་ལྡན་ནང་ངོས་མར་གྱིས་བྱུགས་པའི་ནང་བདུད་རྩི་རིལ་བུ་དང་སྦྱར་བའི་ཆང་གིས་བཀང་བའི་སྟེང་སིནྡྷུ་རའི་དཀྱིལ་འཁོར་ཟུར་གསལ་དཔེའུ་རིས་ལྟར་བྲིས་པ་བཤམས་པའི་སྟེང་དུ་དར་དམར་གྱིས་གུར་ཕུབ། གཟུངས་རྡོར་ཡང་དགོས། དཀྱིལ་འཁོར་གྱི་ཤར་དུ་རྡོ་རྗེ་ཆིངས་དམར་པོ་དང་། མིང་དབང་ཆིངས་དཀར་པོ། ལྷོར་དབུ་རྒྱན་དར་དཔྱངས། ནུབ་ཏུ་གླེགས་བམ། བྱང་དུ་དྲིལ་བུ་ཆིངས་ལྗང་ཁུ་ཅན། གཞན་ཡང་རིགས་ལྔའི་ཕྱག་མཚན་ཙཀླི། བགྲང་ཕྲེང་སོགས་ཀྱང་བཀོད། ཆགས་མེད་ཞབས་ཀྱི་གསུང་སྟ་གོན་ཟིན་བྲིས་སུ་གསལ་བ་ཟུར་གསལ་དཔེའུ་རིས་ལྟར་མཆོད་པ་ལྷ་གྲངས་སུ་གསུངས་པ་ལྟར་གཙོ་བོ་ཡབ་ཡུམ་ལ་མཆོད་ཕྲེང་གཉིས། ཡབ་གཡས་དང་ཡུམ་གཡོན་ནས་བསྐོར་བཤམས་བྱ། དེའི་ཕྱིར་ཕྱོགས་བཞི་ལ་རིགས་བཞི་ཡབ་ཡུམ་བཞི་ལ་མཆོད་པ་ཚར་གཉིས་རེ་མཆོད་འགོ་གཡས་previous hit གཡོན་བསྣོལ་ཏེ་ཕྱོགས་སོ་སོར་འཕྲེད་དུ next hit་བརྒྱད་བཤམས། མཚམས་བཞིར་མཁའ་འགྲོ་བཞི་ལ་མཆོད་འགོ་དབུས་ནས་བཟུང་ཕྱི་རུ་ཕྲེང་བྱས་བཤམས། $འདི་སྒྲོལ་དཀར་མཆོད་ཕྲེང་ལྟར་རེད་ལགས། དེ་རྒྱབ་ནུབ་ངོས་སུ་རྐང་གསུམ་ཁར་ལྷ་དགུའི་འདས་གཏོར་བཤམས། ཕྱོགས་བཞིར་ལས་བཞིའི་གཏོར་མ་དཔེའུ་རིས་ལྟར་སོ་སོའི་ཕྱག་མཚན་གྱིས་བརྒྱན་པ་བཤམས། བླ་མ་ཡི་དམ་སོགས་ཀྱི་གཏོར་མ་ཕྱོགས་སོ་སོར་བཤམས་


KMC001_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུངས་ཀྱང་གོང་གི་འདས་གཏོར་དེས་འཐུས་པར་མཛད། དེ་རྣམས་ཀྱི་ཕྱི་ནས་འཁོར་རྣམས་ལ་མཆོད་པ་ཚར་གཅིག་བསྐོར་བཤམས་བྱ། ནུབ་ངོས་སུ་དབུ་གདུགས་གཞན་ཕྱོགས་མཚམས་སུ་འཕན་གདུགས་རྒྱལ་མཚན་སོགས་མཛེས་པར་རྒྱན་ནོ། །ཤར་ངོས་སུ་སྟེགས་བུ་ཁེབས་ལྡན་ལ་སྒོ་མཆོད་ཕྲེང་ཚར། ནང་མཆོད་ཀ་པཱ་ལ། སྔོན་གཏོར། མཆོད་ཁ་གསོ་བྱེད། ཚོགས་ཀྱི་ཡོ་བྱད་སོགས་བཤམས། དེ་མཚུངས་སློབ་དཔོན་གྱི་མདུན་བདག་བསྐྱེད་མཆོད་པ་ཡང་བཤམས་དགོས། དེ་ནས་ཆོ་ག་དངོས་ལ། སྔ་བར་ཚོགས་ཏེ་གྲལ་ཕྱག་སྔོན་འགྲོས་གདན་ལ་འཁོད། ལོ་གྱོན་མའི་གཟུངས༴ ཆོས་སྤྱོད་རེས་མོས། བརྒྱུད་འདེབས་མཐར། སྐྱེ་བ་ཀུན་ཏུ་སོགས། སྔོན་གཏོར་ནས་བདག་བསྐྱེད་བསྙེན་བཟླས་བཅས་མཐར་ཆགས་སུ་བཏང་། དེ་ནས་མདུན་བསྐྱེད་སྒྲུབ་པ་ནི། དཀྱིལ་འཁོར་ལ་ནང་མཆོད་གཏོར་ཏེ། ༀ་ཧྲཱིཿཔདྨན་སོགས། སྭ་བྷཱ༴ སྟོང་པའི་ངང་ལས་འོད་ཟེར་སོགས་ནས། བཛྲ་ས་མཱ་ཛཿཛཿར་བསྡུ་རྒྱ་མཆོད་རོལ་འུར། བཞི་དྲིལ་རང་གདངས་སམ་རྒྱུན་པར་ཕག་མོའི་གཞུང་གདངས་བཅས། ཧཱུྃ། ལྷོ་ནུབ་སྲིན་པོའི་སོགས། མཛད་དུ་གསོལ་མཆོད་སིལ་འུར། རྒྱལ་བ་རྒྱ་མཚོ་སོགས། སྟྭཾ་སྭཱ་ཧཱ་ལ་གདན་རྒྱ་བྱ། ཐལ་སྦྱར་བཅས། ༀ་མཆོད་ཡོན་སོགས་མཆོད་སིལ། རང་རྒྱས། ཛཿཧཱུྃ་བཾ་ཧོཿ དམ་ཚིག་སོགས་ནས་ཐལ་སྦྱར་གྱིས་དབུ་བརྒྱན་པའོ། །བཞི་དྲིལ་ཕྱེད་རྒྱ་བཅས།


KMC001_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་དབང་གི་སོགས་ཀྱིས་བསྟོད་དེ་མཆོད་རོལ། མཆོད་བཞི་བསྟོད་བཞི་ནི། ནང་མཆོད་བྲན་ཏེ་མཆོད་པ་བྱིན་བརླབ་གསུངས་ཏེ་མཆོད་སིལ། རྒྱལ་བའི་སྐུ་ལ་ཉོན་མོངས་སོགས། མཆོད་པ་རྣམས་ལ་ཐལ་སྦྱར་དང་བསྟོད་པ་རྣམས་ལ་བཞི་དྲིལ་ཕྱེད་རྒྱ་སོ་སོའི་མཚམས་སུ་མཆོད་སིལ་བཅས་མཐར་ཆགས་སུ་གསུངས་ཏེ་ནང་མཆོད་དབུལ་བཞིན། ཆོས་སྐུ་སྣང་བ་མཐའ་ཡས་ཞལ་དུ་ༀ་ཨཱཿཧཱུྃ་སོགས་བརྒྱུད་རིམ་ཚན་པ་གཉིས་དང་། ལྷ་སྔགས་ལ་ཡང་དེ་བཞིན་སྦྱར་བས་འབུལ། རྗེ་བཙུན་འཕགས་པ་སོགས་ཀྱི་མཐར་ལྷག་མ་རང་གིས་མྱང་ངོ་། དེ་ནས་དངོས་གཞིའི་བསྙེན་དམིགས་ནང་ནང་སྒྲུབ་ཟིན་བྲིས་ལྟར་བྱས་ཏེ་ཡིག་བཅུ་དང་སྔགས་རིང་གཉིས་ཐུན་གྱི་དངོས་གཞིར་ཆ་མཉམ་དུ་བཟླ། གྲོལ་ཉེ་བ་ན། ངྷུ་མ་གྷ་ཡེ་སོགས་བརྒྱ་བརྒྱད་ཙམ་བསྙེན་མཐར། གཏོར་འབུལ་ནི། ནང་མཆོད་ལྟར་བྱིན་གྱིས་བརླབས་ཏེ། མདུན་གྱི་ནམ་མཁར་སོགས་མཐར་ཆགས་སུ་བཏང་སྟེ་བར་ཆད་མི་མཐུན་པའི་ཕྱོགས་རྣམས་བསལ་དུ་གསོལ། རང་གི་ཐུགས་ཀའི་སོགས་ཐུན་བསྡུ་ཞིང་ལྡང་། དཀོན་མཆོག་རིན་ཆེན་སོགས་ཀྱིས་བསྔོ་སྨོན་མཐར་ཤིས་བརྗོད་རེས་བརྒྱན་ཏེ། གཞན་ཡང་བཟང་སྤྱོད་སོགས་ཀྱིས་བརྒྱན་ཏེ་ཚོགས་ཐེངས་གྲོལ། ༈ །སྔ་ཐུན་ཡར་ཚོགས་ནས། མཆོད་པ་བྱིན་རླབས་ནས་བསྐྱར་ཏེ་བདག་མདུན་གཏོར་འབུལ་སོགས་གོང་ལྟར་གྱིས་གུང་ཚིགས་གྲོལ།


KMC001_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

༈ །ཕྱི་དྲོ་དགོང་ཐུན་ལ་ཡང་སྔ་ཐུན་ལྟར་བདག་མདུན་གཉིས་གསུང་ཏེ་མཐར། བུམ་བསྐྱེད་ནི་གཙོ་བུམ་ཁར་དུང་ཆོས་དང་གཟུངས་རྡོར་བཤམས། མཆོད་ཁ་གསོ་བྲན་གྱིས། ༀ་ཧཱུྃཿཔདྨན་སོགས། སྭ་བྷཱ་ཝ་སོགས། སླར་ༀ་ཧཱུྃཿཔདྨན་སོགས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པཾ་ལས་པདྨ་སོགས་གཙོ་བུམ་དང་ལས་བུམ་བཅས་སོ་སོར་ལྷ་བསྐྱེད་ཅིང་མཐར། བཛྲ་ས་མ་ཛཿར་བསྡུ་རྒྱ་མཆོད་སིལ་འུར། ༀ་མཆོད་ཡོན་བདུག་སྤོས་ཀྱིས་མཆོད་ཅིང་རོལ། ཛཿཧཱུྃ་བཾ་ཧོཿསོགས་ཀྱིས་བསྟིམ་ཅིང་། དབང་བསྐུར། རྒྱས་གདབ་མཐར། དཔལ་རྟ་མགྲིན་ལ་སོགས་བརྒྱན་པར་གྱུར། བུམ་བསྐྱེད་མཆོད་བསྟོད་ནི། མེ་ཏོག་བདུག་སྤོས་སོགས་སྔགས་ལ་རྒྱ་བཅས། ནཻ་ཝི་དྱའི་བར། གཟུགས་དང་སྒྲ་དང་སོགས་སྔགས་ལ་རྒྱ་དང་། ཤཔྡ་ལ་མཚམས་རྒྱག་བྱ། ཤ་ཆེན་སྤོས་དང་སོགས་སྔགས་ལ་བདུད་རྩི་ཕུལ་ཞིང་འཁྱུད་རྒྱ་བཅས་བྱ། སེམས་ཉིད་ལྷན་ཅིག་སོགས་སྔགས་ལ་མཉམ་བཞག་རྒྱ་བཅས་མཐར་བཞི་དྲིལ་ཕྱེད་རྒྱས། ས་ཁམས་རང་བཞིན་སོགས་མཆོད་སིལ། ཧྲཱིཿ ཐུགས་ཀྱི་ལྷ་མཆོག་སོགས་མཆོད་སིལ་མཐར། གཟུངས་རྡོར་སློབ་དཔོན་ལ་ཕུལ་ཏེ་བཟླས་དམིགས་བཅས་བསྙེན་པ་ཅི་འགྲུབ་མཐར། གཟུངས་རྡོར་ལས་བུམ་ཁར་སྤོས་ལ། ༀ་ཧྲཱི་ཿཔདྨན་སོགས་ལས་སྔགས་ཐོག་མར་བརྒྱ་བརྒྱད་དང་། རྗེས་མ་རྣམས་སུ་ཉེར་གཅིག་བཅས་བཟླས་


KMC001_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་དུང་ཆོས་དབུལ་ཞིང་། རྣམ་རྒྱལ་གྱི་ལྷ་རྣམས་སོགས་ནས་འཕྲིན་ལས་མཛད་དུ་གསོལ། ཞེས་བུམ་སྒྲོས་དཀྱིལ་འཁོར་ལ་བསྐོར་བ་བཅས་ཁྲུས་ཆུ་ཕྱིར་གཏོར། ཚོགས་ཐེངས་གྲོལ། ༈ །ཡར་ཚོགས་ཏེ་བདག་འཇུག་བླངས་བ་ནི། ལས་བུམ་སློབ་དཔོན་ཕུལ་ཏེ། འདི་ནས་བདག་འཇུག་མ་གྲུབ་བར་རྡོར་དྲིལ་འཛིན་དགོས། ཇི་ལྟར་བལྟམས་པ་སོགས་ཁྲུས་ཆུ་འཐོར་འཐུང་དང་གྲལ་དུ་བཀྱེ་ཞིང་ལས་བུམ་སླར་སློབ་དཔོན་མདུན་བཀོད། སྔོན་གཏོར་བཤམས་ལ། བྱིན་རླབས་ནས་བཟུང་གོང་ལྟར་གསུང་སྟེ་གཏོར་མ་དོར་། དེ་ནས་མིག་དར་བསང་ལ། ༀ་ཧྲཱིཿཔདྨན་སོགས་ལན་གཅིག ༀ་ཙཀྵུར་སོགས་ཀྱིས་གདོང་གཡོགས་ཅིང་། ཨཱཿཁཾ་གིས་མེ་ཏོག་བཟུང་ལ། མཎྜལ་ནི། མཚུངས་མེད་དཔལ་ལྡན་སོགས། ལས་རྡོར་པས་མཎྜལ་ཕྱིས་ཤིང་ཡིག་བརྒྱ་ལན་གཅིག ༀ་བཛྲ་བྷུ་མི་སོགས་ཚོམ་བུ་ཚིག་གསལ་ལྟར་བཀོད་དེ་མཐར། ཕྱོགས་བཅུ་དུས་གསུམ་སོགས་དང་སྔགས་བཅས་གསུངས་མཐར། རྡོར་དྲིལ་བཅས་ཐལ་སྦྱར་གྱིས། བདག་ནི་འཁོར་བའི་སོགས་ལན་གསུམ། སངས་རྒྱས་ཀུན་གྱི་སོགས་ཐལ་སྦྱར་བཅས་ལན་གསུམ་གྱི་རྗེས་མར། དེ་བཞིན་གཤེགས་པ་སོགས་སྤྲེལ། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་སོགས་ཕྱག་མཛོད་ཅིག ༀ་མ་ནི་པདྨེ་ཧཱུྃ་ལན་གཅིག ན་མཿཏེ་སོགས་ཐལ་མོ་གནས་གསུམ་དུ་རེག སྒོ་དེ་ཉིད་ནས་སོགས་


KMC001_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་ནུབ་བྱང་བཅས་སོ་སོར་སྔགས་དང་ཕྱག་འཚལ་བར་མོས་ཏེ་མཐར། སླར་ཤར་གྱི་སྒོ་ནང་སོགས་མཛོད་ཅིག ཐལ་མོར་མེ་ཏོག་བཟུང་ལ། སངས་རྒྱས་བྱང་ཆུབ་སོགས་སྡོམ་པ་བཟུང་བ་ལན་གསུམ། ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་སོགས་སྒོམས་ཤིག སྦྲེལ། དྲི་བཟང་ཆུ་གནས་གསུམ་དུ་རེག་ཅིང་། དེའི་སྒྱི་བོར་ༀ་སོགས། ཡི་དམ་ལྷ་ཡི་སོགས། རྡོ་རྗེ་ཐལ་མོའི་བར་གཟུང་བ་སྙིང་གར་བསྐོར་ཏེ། ༀ་སརྦ་ཡོ་ག་སོགས་ལན་གསུམ། སླར་གཡས་ཀྱིས་སྙིང་གར་བཟུང་ལ། སུ་ར་ཏེ་སོགས་ལན་གཅིག ཁྱོད་ནི་རྣལ་འབྱོར་སོགས་རྡོ་རྗེ་སྤྱི་བོར་བཀོད། སོ་སོའི་ནང་མཆོད་ནས་མྱང་སྟེ། འདི་ནི་ཁྱོད་ཀྱི་སོགས་ཋ་ཋ་ཧཱུྃ། རྡོ་རྗེ་སྤྱི་བོར་བཀོད་དེ། དེང་འདི་ནས་ནི་སོགས། ས་གཞི་སྤོས་ཆུས ༴ ཁྱེད་རྣམས་བཅོམ་ལྡན་འདས་སོགས་ཁྱབ་པར་བསྒོམས་ལ། ཇོ་བོ་ཐུགས་རྗེ་ཆེན་པོ་སོགས་ཐལ་སྦྱར་བཅས་ལན་གསུམ་མཐར། ཞེས་གསོལ་བ་བཏབ་པས་སོགས་རྩེ་གཅིག་ཏུ་མཛོད་ཅིག བྱིན་འབེབས་མཆོད་རོལ་ལྡིར་སྔགས་གསུངས། ལྟོས་ཤིག་རང་གི་སོགས་དལ་འདོན་དང་མཐར་རྒྱ་གྲམ་དུ་བཀོད་དེ། ༀ་ཏིཥྛས་བཛྲ་ལན་གཅིག རྡོ་རྗེ་བཏེག་ལ། བདེ་གཤེགས་སྙིང་པོ་སོགས། མེ་ཏོག་ཕུལ་ལ། སེམས་དཔའ་སྟོབས་ཅན་སོགས་


KMC001_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མེ་ཏོག་སྤྱི་བོར་བཀོད། གཡས་རྡོ་རྗེ་བཅས། སྤྱན་རས་གཟིགས་དབང་སོགས་སྔགས་ལ་མིག་དར་བསལ། སླར་རྡོ་རྗེ་བཅས། ལྟོས་ཤིག་ལྟོས་ཤིག་སོགས་བརྩོན་པར་གྱིས། རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་སོགས། ས་གཞི་སྤོས་ཆུས༴ བུམ་དབང་གི་དོན་དུ་ཐལ་སྦྱར་བཅས། པདྨ་དབང་གི་སོགས་ལན་གསུམ། ཁྱེད་རང་རྣམས་སྐད་ཅིག་གིས་སོགས་ནས། བཞུགས་པར་གྱུར་པ་ལ། སྦྲེལ་ གཙོ་བུམ་སློབ་དཔོན་མདུན་བཏེག་ལ། ཐལ་སྦྱར་བཅས། མདུན་གྱི་ནམ་མཁར་སོགས་མཛོད་ཅིག བུམ་པ་ཕུལ། སྤྱན་རས་གཟིགས་དབང་སོགས། དྲིལ་གསིལ་བཅས་ཡིག་བཅུའི་མཐར་ༀ་བུདྡྷ་ཨ་བྷི་སོགས། ཇི་ལྟར་བལྟམས་པ་སོགས་དབང་བསྐུར་རོ། །དྲིལ་གསིལ་གྱིས། ༀ་སརྦ་སོགས་བུམ་པ་སྤྱི་བོར་བཀོད་ཅིང་ཁྲུས་ཆུ་བཏུང་ལ་དཀྱིལ་འཁོར་ནང་ཕར་བཀོད། དེ་ལྟར་རྣམ་པར་སྣང་མཛད་ཀྱི་སོགས། རྡོ་རྗེ་བཏེག་ལ། ཐལ་སྦྱར་བཅས། མདུན་གྱི་ནམ་མཁར་སོགས། རྡོ་རྗེ་ཕུལ་ཏེ། མི་བསྐྱོད་རྒྱལ་པོ་སོགས། དྲིལ་གསིལ་བཅས་ཡིག་བཅུའི་མཐར་ༀ་བཛྲ་ས་ཏྭ་སོགས་རྡོ་རྗེ་སྙིང་གར་རེག་དེས་རིགས་འགྲེས་ཀྱིས་གླེགས་བམ་མགྲིན་པར་བཞག་དབུ་བརྒྱན་མགོ་བོར། དྲིལ་བུ་གཡོན་གྱིས་དཀྲོལ་མཐར་དཀུར་བརྟེན་ཙམ་བྱ། མིང་དབང་གཡས་ཀྱིས་སྤྱི་བོར་དཀྲོལ་བ་སོགས་བྱའོ། །


KMC001_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་སོགས། རྡོ་རྗེ་བཏེག་ལ། འདི་ནི་སངས་རྒྱས་སོགས་སྔགས་ལ་རྡོ་རྗེ་ལན་གསུམ་གསོར་ཞིན་ལན་གསུམ་བསྐོར་ཏེ་སྙིང་གར་བཞག་རྡོ་རྗེ་ཕར་འཇོག དེ་ལྟར་རྡུལ་ཚོན་སོགས། གསང་དབང་གི་དོན་དུ་མཎྜལ་ཕུལ། པདྨ་དབང་གི་སོགས་ཐལ་སྦྱར་བཅས་ལན་གསུམ། གསང་ཐོད་བཏེག་ལ། སློབ་དཔོན་བདག་ཉིད་སོགས། སངས་རྒྱས་རྣམས་ཀྱི་ཐོད་པའི་སོགས་མཐར་མགྲིན་པར་རེག་སྟེ་བདུད་རྩི་འཐུང་གྲལ་དུ་འཆད། དེ་ལྟར་རྡོ་རྗེ་སློབ་དཔོན་གྱི་སོགས། ཤེར་དབང་གི་དོན་དུ་མཎྜལ་ཕུལ། པདྨ་དབང་གི་སོགས་ཐལ་སྦྱར་བཅས་ལན་གསུམ། ཁྱེད་རང་རྣམས་སོགས་ནས་སྦྱིན་པ་ནི་གཟུངས་མ་ཡིད་འོང་སོགས་སིན་དཀྱིལ་ཕུལ་མཉམ་བཞག་རྒྱས་འཛིན་ལ། དེས་ཀྱང་གུར་གུམ་སོགས། ཨེ་མ་སོགས། དེ་ནས་ཡབ་ཡུམ་སོགས། སངས་རྒྱས་ཀུན་གྱི་ཤེས་རབ་སོགས་སིནྡྷཱུ་ར་སྙིང་གར་བྱུགས། གསང་བ་ཡེ་ཤེས་སོགས། དབང་བཞི་བའི་དོན་དུ་མཎྜལ་ཕུལ། པདྨ་དབང་གི་སོགས་ཐལ་སྦྱར་བཅས་ལན་གསུམ། རྡོ་རྗེ་འཆང་སྐུ་ཙཀ་དང་མེ་ལོང་ཕུལ་ལ་དལ་འདོན་གྱིས། མེ་ལོང་ཡོངས་སུ་དག་པ་སོགས་འདོན་སྒོམ་སྦྲགས། བུམ་པའི་དབང་ནི་སོགས་གསུངས་པ་ཡིན་ནོ། །མཎྜལ་ཕུལ། ཐལ་སྦྱར་བཅས། གང་གི་བདག་ནི་སོགས་རྡོ་རྗེ་སྟོང་པའི་སོགས་རྡོ་རྗེ་བཏེག དྲིལ་


KMC001_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

བུ་བླངས་ནས། དྲིལ་བུ་སྟོང་པའི་ངང་ལས་སོགས་མཐར་དྲིལ་བུ་གསིལ། ཁྱེད་རང་རྣམས་བཅོམ་ལྡན་འདས་སོགས་འཁྱུད་རྒྱ་བཅའ། སློབ་མ་བདག་ཉིད་སོགས། སློབ་མའི་མཆོད་པ་གྲལ་མཇུག་ནས་བཏེག རང་རྒྱས་ༀ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨཱརྒྷཾ་སོགས། ཤཔྡ་པྲ་ཏིཙྪ ་སྭཱ་ཧཱ་ལ་དྲིལ་གསིལ། རྡོར་དྲིལ་བཅས་ཐལ་སྦྱར། རྡོ་རྗེ་ཅན་སོགས། ཞེས་གསོལ་བ་བཏབ་པས་སོགས། གཙོ་བུམ་ཕུལ་ལ། དབང་བསྐུར་སོགས། ༀ་སརྦ་ཏ་ཐཱ་ག་ཏ་སོགས་དྲིལ་གསིལ་གྱིས་བུམ་པ་སྤྱི་བོར་བཞག་སྟེ་བུམ་ཆུ་བཏུང་གྲལ་དུ་འཆད། ཞེས་དབང་བསྐུར་བས་བདེ་བ་ཆེན་པོ་སོགས། སུ་པྲ་ཏིཥྛ་སོགས་དཀྱིལ་འཁོར་ལ་མེ་ཏོག་གཏོར། ཉེར་སྤྱོད་ལྔས་མཆོད། ཤེས་རབ་བཅུ་དྲུག་སོགས། དེ་ལས་གཞལ་ཡས་ཀྱི་སོགས། རྡོ་རྗེ་དང་ནི་སོགས་ལ་རྡོར་དྲིལ་བཅས་པད་སྐོར་གྱིས་འཁྱུད་རྒྱ་བཅའ་མཐར་ཐལ་སྦྱར་གྱིས་རྡོར་དྲིལ་ཕར་བཞག འཇིག་རྟེན་ཁམས་ནི་སོགས་གདངས་བྱ་ཞིང་རིགས་ལྔའི་ཕྱག་རྒྱ། སློབ་དཔོན་ལ་རིགས་ལྔ་སོ་སོའི་ཙཀླི་ཕུལ། ཁྱེད་རྣམས་ཀྱི་སོགས། སྔགས་ཀྱི་དབང་བསྐུར་སོགས་ལན་གསུམ། བགྲང་ཕྲེང་ཕུལ་ལ། སློབ་དཔོན་ཀྱི་ཐུགས་ཀའི་སོགས་སྔགས་ལན་གསུམ་རིང་སོ་སོའི་ཕྲེང་བ་བགྲང་མཐར། བཅོམ་ལྡན་བདག་གིས་སོགས་ཐལ་སྦྱར་བཅས་ལན་གསུམ། སླར་


KMC001_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་བདག་གིས་བཟུང་ལགས་སོགས་ལན་གསུམ། དེང་ཕྱིན་ཆད་སོགས་སིནྡྷུ་ར་སྙིང་གར་བྱུགས། དེང་ནས་བཟུང་སྟེ་སོགས། གཡོན་གྱིས་ཆོས་གོས་རི་དྭགས་ཀྱི་རྣ་བ་ལྟ་བུ། གཡས་པས་རྡོ་རྗེ་བཅས་མི་འཇིགས་པའི་རྒྱས། དེ་རིང་ངས་ཁྱོད་སོགས། མ་འོངས་པ་ན་སོགས་ནས་རྒྱ་ཆེན་པོ་སྒྲུབས་ཤིག གཙོ་བོས་ཇི་ལྟར་སོགས་ཐལ་སྦྱར་བཅས་ལན་གསུམ། ས་གཞི་སྤོས་ཆུས༴ དེང་ནས་བརྩམས་ཏེ་སོགས་ཐལ་སྦྱར་བཅས་ལན་གསུམ་མཐར། བཞི་དྲིལ་གྱིས། ནམ་མཁའ་ལས་བྱུང་སོགས་བདེན་སྟོབས་སྨོན་ལམ་བཅས་བརྗོད། དེ་ནས་ལས་རྡོར་པས་ཕྱག་སྔོན་འགྲོས། ཚོགས་ཀྱི་ཡོ་བྱད་ལ་སོགས་ཞུ་བ་དང་། ཚོགས་བྱིན་རླབས་ནས་བཟུང་གོང་གསལ་ཕྱི་སྒྲུབ་ཐོག་མའི་ཉིན་ལྟར་མཐར་ཆགས་སུ་གསུངས་ཏེ། གཏོར་འབུལ། རྗེས་ཆོག་མཆོད་བསྟོད། སྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བཅས་གསུངས་མཐར། གཏོར་བསྔོས་ཁཾ་ཡིག་མ། གསུར་མཆོད། སྨོན་ལམ་སོགས་ཀྱིས་མཐའ་བརྒྱན་ཏེ་གྲོལ་ཕྱི་དྲོའི་བཞེས་ལག་གནང་། ༈ །སླར་སྲོད་ཐུན་ལ་བརྡ་བྱུང་འཕྲལ། མཆོད་པ་བྱིན་རླབས་ནས་བཟུང་བད༵ག་མདུ༵ན་གཏོ༵ར་འབུལ་བསྡུ༵་ལྡ༵ང་བསྔོ༵་སྨོ༵ན་ཤིས༵་བརྗོད་སོགས་གོ༵ང་ལྟར་རོ། །ཚུལ་དེ་ལྟ་བུས་ནང་སྒྲུབ་ཀྱི་ཞག་གྲངས་ཐེམས་ནས། ༈ །གསང་སྒྲུབ་ནི། མཆོད་གཏོར་རྣམས་ཁ་གསོས་ཏེ། ཆོ་གའི་འདོན་བྱ་ནང་སྒྲུབ་ལྟར་ལ། དངོས་གཞི་བསྙེན་པའི་སྐབས་དམིགས་རིམ་གསང་སྒྲུབ་ཟིན་བྲིས་ལྟར་ནན་


KMC001_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་ཟབ་བྱ། གསང་སྒྲུབ་ཀྱི་མཇུག་ཡུ་ལས་སྦྱོར་གྱི་སྐབས་ཐུན་སོ་སོར་ལས་བཞིའི་དམིགས་པ་སོ་སོར་ཁྲིད་ཡིག་ནང་གསལ་ལྟར་བྱ་ཞིང་། སྔགས་རིང་གི་མཇུག་ཏུ་ལས་བཞི་སོ་སོའི་ས་གགས་ཤམ་སྦྱར་བ་སོགས་དེར་གསལ་ལྟར་བླ་མའི་ཞལ་ལས་རིམ་ནོད་ཀྱིས་འཕྲུལ་ཤེས་པར་བྱ། ལས་སྦྱོར་བསྙེན་པའི་སྐབས་སུ་ཐུན་སོས་སོའི་གཏོར་འབུལ་སྐབས་ལས་བཞི་སོ་སོའི་གཏོར་མ་བྲན་ཏེ་ཕུལ་དགོས། ཐུན་གྱི་དངོས་གཞི་མདུན་བསྐྱེད་བསྙེན་དམིགས་ཀྱིས་བསྐྱང་། བདག་བུམ་གཉིས་ལ་བསྙེན་པ་ཉུང་ཙམ་གྱིས་ཆོག་དེ་ལྟར་ནང་གསང་གི་སྒྲུབ་པའི་མཇུག་ཏུ་ཉིན་གསུམ་ལ་སྒྲུབ་མཆོད་སྤྱི་ལྟར་བདག་མདུན་བུམ་གསུམ་བདག་འཇུག་བཅས་གསུང་དགོས་པས་ཉིན་དང་པོར། བདག་འཇུག་འགོར་ཚོགས་གྲོལ། ཉིན་གཞུང་ཚོགས་བཅའ་ཞིང་སྦྱིན་བསྲེག་སོགས་ཀྱི་སྟ་གོན་བྱ། ཕྱི་དྲོ་ཡར་ཚོགས་ནས་བདག་འཇུག་མན་མཐའ་དབྱུང་། ཉིན་གཉིས་པར། སྔ་བར་ཚོགས་ཏེ་བདག་བུམ་མདུན་གསུམ་བདག་འཇུག་སོགས་རྗེས་ཆོག་བར་གསུང་སྟེ་ཚོགས་གྲོལ་ནས་སྦྱིན་བསྲེག་ལ་འཇུག། ༈ །སྦྱིན་བསྲེག་ནི། གོང་གསལ་ཕག་མོའི་སྐབས་ལྟར་ཞི་བའི་སྦྱིན་བསྲེག་ལ་སྐབས་བབ་ཀྱིས་ཆོ་གའི་ཚིགས་རྣམས་ཁ་བསྒྱུར་བར་བྱ། རྫས་སྤུངས་གྲངས་གསོག་སྐབས་སྙིང་པོ་ལ་འབྲུ་གསུམ་བཏགས་པ་དང་། འདོད་གསོལ་ནི། སྒྲུབ་པ་པོའི་ནད་གདོན་སོགས་དཀྱུས་ལྟར་དང་། སྦྱིན་བསྲེག་གྲུབ་རྗེས་འདུ་ཁང་ནང་ཚོགས་ཏེ་རྗེས་ཆོག་མཆོད་བསྟོད་མན་ཆད་མཐའ་དབྱུང་། ཉིན་གསུམ་པར་ཆོ་ག་ཚར་གཅིག་གསུང་གཏང་


KMC001_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

རག་ཚོགས་འཁོར་བཅས་ཀྱིས་གྲུབ་བོ། །བཞི་པ་ཡང་གསང་སྒྲུབ་པ་ནི། ཐུན་བཞིར་འདོན་བྱ་བདག་བསྐྱེད་དབུ་ནས་བརྩམས་ཏེ་མཇུག་བར་གོང་གསལ་ཕྱི་སྒྲུབ་ཇི་བཞིན་ལ། དངོས་གཞིའི་བསྙེན་དམིགས་ཡང་གསང་ཟིན་བྲིས་ནང་གསལ་ལྟར་བྱ་ཞིང་དགོང་ཐུན་སྐབས་གཏོར་འབུལ་ཡང་གོང་ལྟར་བྱ། ཡང་གསང་བསྙེན་པའི་མཇུག་ཏུ་སླར་འདུ་ཁང་ནང་ལྷན་ཚོགས་ཀྱིས་སྒྲུབ་མཆོད་ལྟར་བདག་མདུན་པ་བདག་འཇུག་ཚོགས་འཁོར་རྒྱས་བསྡུས་གང་འགབ་ཀྱིས་མཐའ་བརྒྱན་ཏེ་དཔལ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་ཕྱི་ནང་གསང་གསུམ་ཡང་གསང་དང་བཅས་པའི་བསྙེན་གྲུབ་ལེགས་པར་གྲུབ་བོ།། ༈ །།ཡོ་ག་སྟོད་ལུགས་སུ་གྲགས་པ་བཅོམ་ལྡན་འདས་དཔལ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་བསྙེན་སྒྲུབ་ཡོ་ག་ཤིང་རྟ་པ་ཆེན་པོ་སློབ་དཔོན་ཀུན་དགའ་སྙིང་པོའི་འགྲེལ་པ་དང་། སྒྲུབ་ཐབས་ཀྱི་དགོངས་པ་གཞིར་བཞག་རྗེས་མི་བསྐྱོད་ཞབས་ཀྱིས་མཛད་པའི་སྒྲུབ་དཀྱིལ་ལ་བརྟེན་ན་དཀྱིལ་འཁོར་ཡོངས་རྫོགས་བསྙེན་པའི་ཚུལ་ལ། བསྙེན་པ། སྒྲུབ་མཆོད། སྦྱིན་བསྲེག་བཅས་གསུམ་ལས། དང་པོ་ནི། དེ་ཡང་གནས་ཁང་བྱི་དོར་ལེགས་པར་བྱས་ཏེ་རྟེན་གསུམ་བཀྲམ་པའི་མདུན་ཆུ་གཉིས་སྔོན་འགྲོས་ཉེར་སྤྱོད་ཕྲེང་ཚར་དང་། བདག་བསྐྱེད་མཆོད་པ་ཡང་རང་མདུན་གང་བདེར་བཤམས། ལས་བུམ་མགུལ་ཆིངས་སྔོ་ནག་བ་བྱུང་རྣམ་ལྔ་དང་དྲི་བཟང་ཆུས་བཀང་བ་ཡང་བཤམས། ཉིན་རེར་སྔ་དྲོ་གཏོང་རྒྱུ་ཀཾ་ཚང་དཀར་གཏོར་རེ་དང་། མཆོད་ཁ་གསོ་བྱེད་ཞལ་ཟས་སོགས་ཉེར་མཁོའི་རིགས་འདུ་བྱ། ཐོག་


KMC001_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཉིན་པར་ཆ་གསུམ་གསུང་དགོས་པས་སྒོ་འཁྱོར་ནང་ལྷན་ཚོགས་ཀྱིས། ཆ་གསུམ་དང་། གཞི་བདག་དཀར་གཏོར། རྒྱལ་ཐོ་གསོ་བ་བཅས་དཀྱུས་བཞིན་བྱ། དེ་ནས་བརྡ་བྱུང་འཕྲལ་ཐོག་མར། དཔལ་ལྡན་རྩ་བའི་བླ་མ་སོགས། ཐུབ་བསྟོད་དང་སྐུ་བསྟོད་གང་འོས། བརྒྱུད་འདེབས་མཐར། སྐྱེ་བ་ཀུན་ཏུ་སོགས། ཉིན་དང་པོའི་སྐབས་འདིར་བུམ་པའི་མཇུག་གསལ་ལྟར་ལས་བུམ་དུ། ༀ་བཛྲ་ཡཀྵ་ཧཱུྃ། སྭ་བྷཱ༴ སྟོང་པའི་ངང་ལས་ལས་བུམ་གྱི་དབུས་སུ་སོགས་ཀྱིས་རྡོ་རྗེ་གནོད་སྦྱིན་བསྐྱེད་ལ་སྙིང་པོ་ཅི་འགྲུབ་བཟླས་མཐར། རྡོ་རྗེ་གནོད་སྦྱིན་གྱི་སོགས་ཕྲིན་ལས་བཅོལ། གནས་ཁང་ལ་གུ་གུལ་བདུག་ཅིང་སུམྦྷ་ནི་དང་ཡུངས་ཐུན་བྲབ་ཅིང་ཁྲུས་ཆུ་གཏོར་ཞིང་རང་ཡང་འཐོར་ཐུང་བྱ། ལས་བུམ་རང་དྲུང་བདེ་སར་བཀོད། ཁྲིད་ཡིག་ལས་གསལ་བ་ལྟར་ཤས་མཚོན་པའི་སྤང་བླང་རྣམས་ཅི་འགྲུབ་ཀྱིས་འབད་དགོས། དངོས་གཞིའི་ཆོ་ག་དངོས་ནི། ས་མ་ཡ་སྟྭཾ། ཕྱག་རྒྱ་རྣམས་མཐོང་བརྒྱུད་ལས་བྱུང་བ་ལྟར། ༀ་བཛྲ་ཡཀྵ་ཧཱུྃ་ལན་གསུམ། ༀ་བཛྲ་ཛྭ་ལ་སོགས་ལན་གསུམ། ༀ་སྭ་བྷཱ་ཝ་སོགས་ཐལ་སྦྱར་བཅས། སྟོང་པའི་ངང་ལས་ༀ་ལས་སོགས། ཨ་ཀཱ་རོ་སོགས་ལན་གསུམ། ལྷ་དང་ལྷ་མིན་སོགས་བཞི་དྲིལ་བཅས། པདྨ་ཀ་མ་ལ་ཡ་སྟྭཾ་ལ་གདན་རྒྱ་བྱ། ཨཱརྒྷཾ་སོགས་ནས། ཤཔྡ་པྲ་ཏིཙྪ་སྭཱ་ཧཱ་ལ་དྲིལ་གསིལ། ༀ་དེ་བ་ན་ག་


KMC001_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་གཏོར་རྒྱ་བཅས་ལན་གསུམ། བཞི་དྲིལ་ལམ་གདངས་སྐབས་ཚིག་གཉིས་རེ་ལ་དྲིལ་གསིལ། འབྱུང་པོ་གང་དག་སོགས་མཆིས་པར་མཛོད། སྔོན་གཏོར་ཕུལ། མཆོད་པར་ལས་བུམ་གྱིས་བྲན་ལ། ༀ་བཛྲ་ཡཀྵ་སོགས་ལན་གསུམ། ༀ་བཛྲ་ཛྭ་ལ་སོགས་ལན་གསུམ། ཐལ་སྦྱར་བཅས། སྟོང་པའི་ངང་ལས་ༀ་ལས་སོགས། མཛོད་རྒྱས་ༀ་སརྦ་བིད་པཱུ་ར་སོགས་ལན་གཅིག རང་རྒྱས་ༀ་སརྦ་བིད་ཨཱརྒྷཾ་སོགས་ནས། ཤཔྡ་ཨཱཿཧཱུྃ་ལ་དྲིལ་གསིལ། རྡོར་དྲིལ་ཕར་བཞག བདག་དང་འགྲོ་བ་སོགས། དྲིན་ཆེན་རྩ་བ་དང་མན་ཆད་ལ་ཉེར་གཅིག་བསགས་མཐར། སེམས་ཅན་ཐམས་ཅད་ཀྱི་སོགས། བྱའོ་བར་ལན་གཅིག ༀ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས། པཾ་ལས་སོགས་ནས་ཛི་ཧཱ། ལག་མཐིལ་གཉིས་སུ་སོགས། བདག་ཉིད་ཁྲོ་བོ་སོགས་སྦྲེལ་བཞུགས་པར་གྱུར། ༀ་གྲྀ་ཧ་ན་སོགས་ལན་བཞི། ༀ་བཛྲ་ཛྭ་ལ་སོགས་ལན་ལྔ། ༀ་ཊུཾ་ལན་དགུ་སོགས་ནས་ས་མཱ་ཛཿ བཞི་དྲིལ་གྱིས། ཧཱུྃ། ཡེ་ཤེས་བསྐལ་པའི་སོགས་ནས་སྟྭཾ། ༀ་བཛྲ་མ་ཧཱ་ཀྲོ་ངྷ་རཱ་ཛ་ས་པཱ་རི་ཝཱ་ར་ཨཱརྒྷཾ་པྲ་ཏིཙྪ་སོགས་ནས། ཤཔྡ་ལ་དྲིལ་གསིལ། ཧཱུྃ། ཆོས་ཉིད་སྟོང་པ་སོགས་རྒྱུན་ཏུ་བཞི་དྲིལ་ཕྱེད་ཕྱག་དང་གདངས་སྐབས་ཕྱག་རྒྱ་དང་དྲིལ་བུ་ཡང་དེ་མཚུངས། གདོན་མི་ཟར་དྲིལ་


KMC001_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

གསིལ། རྡོར་དྲིལ་ཕར་བཞག ༀ་བཛྲ་ས་ཏྭ་ཀྲོ་ངྷ་སོགས་ལན་གསུམ་རེར་སེ་གོལ་བཅས་བསྡོམས་དགུ་གསུངས། རང་ཉིད་རྡོ་རྗེ་སོགས། ༀ་སརྦ་སོགས། མདུན་གྱི་སོགས་ནས། སླར་ༀ་སརྦ་བིད་སོགས་ལན་གསུམ། ༀ་སརྦ་ཏ་ཐཱ་ག་ཏ་སོགས་ལན་གཅིག དབང་མེད་བདག་གིས་སོགས་ཐལ་སྦྱར་བཅས་ལན་གཅིག མགོན་པོ་སངས་རྒྱས་སོགས། གནས་ལ་འགོད་ཀྱི་བར་ལན་གཅིག དེ་ནས་ལྷ་ཀླུ་སོགས། ༀ་སརྦ་ཏ་ཐཱ་ག་ཏ་ཨཱརྒྷཾ་པྲ་ཏིཙྪ་སྭཱ་ཧཱ་ནས། ཤཔྡ་ལ་དྲིལ་གསིལ། བཞི་དྲིལ་ཕྱེད་རྒྱས། ཨེ་མ་ཧོཿ སངས་རྒྱས་སོགས་ནས་གྱུར་ཏོ། རྡོར་དྲིལ་ཕར་བཞག ལག་མཐིལ་གཉིས་སུ་སོགས། ཨ་ནྱོ་ནྱ་སོགས་ནས་མཐར་ཆགས་སུ་གསུངས་ཏེ་མཐར། རྡོ་རྗེ་སེམས་དཔའ་བསྡུས་པ་སོགས་སྒེག་སོགས་བརྒྱད་ཀྱིས་མཆོད། ཆོས་སྐུ་ནམ་མཁའ་སོགས། བསྟོད་པར་འོས་པ་སོགས། ཐུགས་ཀའི་སོགས་ནས་ཐིམ་པར་གྱུར། ཞེས་པའི་བར་སྐྱབས་སེམས་ནས་བཟུང་སྔོན་འགྲོ་རྣམས་དང་དང་པོའི་སྦྱོར་བ་གྲུབ། གཉིས་པ་དཀྱིལ་འཁོར་རྒྱལ་ཆོག་ནི། ཨ་ཀཱ་རོ༴ ཆོས་ཐམས་ཅད་སྟོང་པ་སོགས་ནས་འཁོད་པར་གྱུར། ལྷ་སྣམ་གསུམ་པར་སོགས་ནས་གསལ་བར་གྱུར། ༀ་སརྦ་བིདྡྷཱན་རོ་སོགས་སྔགས་རྣམས་དང་། འོག་མིན་གྱི་སོགས་གཤེགས་


KMC001_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གསོལ། རྒྱས་ༀ་བཛྲ་ཡཀྵ་ཧཱུྃ་ལན་གཅིག ༀ་སརྦ་ཏ་ཐཱ་ག་ཏ་ཨཱརྒྷཾ་སོགས། ཤཔྡ་ལ་དྲིལ་གསིལ། བཞི་དྲིལ་གྱིས། ཨེ་མ་ཧོཿཀུན་ཏུ་བཟང་པོ་སོགས་མཐར། དྲིལ་གསིལ་དང་བཅས་ཤིན་ཏུ་དལ་བུས། ཞེས་དམ་ཚིག་པ་ལ་སོགས། ཨེ་མ་ཧོཿསངས་རྒྱས་སོགས་གཅིག་ཏུ་གྱུར། རྡོར་དྲིལ་ཕར་བཞག དེ་ནས་ནམ་མཁའི་སོགས། ༀ་བུདྡྷ་ཨ་བྷི་སོགས་སྔགས་ཚན་རྣམས་གསུང་། དབང་ལྷ་རྣམས་ཀྱང་དམ་ཚིག་པ་དང་སོགས། ༀ་བཛྲ་ཨཱངྐུ་ཤ་སོགས་མཐར། ལུགས་འདི་རྣལ་འབྱོར་རྒྱུད་དང་བསྟུན་པ་ཡིན་པས་ཕྱག་རྒྱ་བཞི་ཡིས་རྒྱས་གདབ་ཆ་དུ་མི་རུང་བས་ཐོར་ཐུན་ལ། རང་གི་དབང་པོ་སོགས་ནས་ཕྱག་རྒྱ་བཞིའི་སྔགས་རྒྱ་དང་སོ་སོའི་ཚིགས་བཅད་རྣམས་ཀུན་རིག་ཡོག་གདངས་གར་པད་བཅས་གནས་ཉེར་གཉིས་བྱིན་རླབས་མ་ཚར་བར་མཐར་ཆགས་སུ་བཏང་། དེ་ནས་མཆོད་པ་བྲན་ལ། དཔག་མེད་བསོད་ནམས་སྟོབས་ལས་སོགས་བར་མཚམས་རྣམས་སུ་བསྐུལ་མཚམས་བཅས་གསུངས་མཐར་བསྟོད་པ། མཉམ་མེད་མི་གཡོ་སོགས་ཀྱིས་བསྟོད། ཕྲིན་བཅོལ་རྒྱས་འབྲིང་བསྡུས་གསུམ་ལས་བསྙེན་པའི་སྐབས་སུ་བསྡུས་པས་ཆོག་པར་གསུངས་པས། ན་མོ་བྷ་ག་ཝ་ཏེ་སོགས་རྩ་སྔགས་ཚར་གཅིག བཅོམ་ལྡན་འདས་ངན་སོང་ཐམས་ཅད་སོགས་ཕྲིན་ལས་མཛད་དུ་གསོལ། འདིར་ཐོར་ཐུན་སྐབས་སུ་ཕྲེང་


KMC001_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

བ་བྱིན་རླབས་དགོས་པས། ཁྲིད་ཡིག་ནང་གསལ་ལྟར་ཕྲེང་བ་ཐལ་མོའི་བར་དུ་བཅུག་སྟེ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག༴ རྡོ་རྗེ་འཛིན་པ་ཐམས་ཅད་ལ་ཕྱག༴ ཆོས་ཐམས་ཅད་པའི་རྣམ་པ་ཐམས་ཅད་དུ་བྱིན་གྱིས་བརླབ་ཏུ་གསོལ། ན་མོ་རཏྣ་ཏྲ་ཡཱ་ཡ། ༀ་ཨཱརྦྷཱུ་ཏེ་བི་ཛ་ཡ་སིདྡྷེ་སིདྡྷ རྦ་སྭཱ་ཧཱ། ཞེས་པ་ཐོག་མར་ལན་ཉེར་གཅིག་དང་རྒྱུན་དུ་ལན་བདུན་ནམ་ལྔ་རེས་ཆོག ༀ་རུ་ཙི་ར་མ་ཎི་པྲ་ཝརྡྷ་ནི་ཡེ་སྭཱ་ཧཱ། ཞེས་ལན་བདུན་ནམ་ལྔ་བཟླས་ལ་ཕུས་གདབ། བདག་གི་རིག་སྔགས་འདི་འགྲུབ་པར་གྱུར་ཅིག དེ་ནས་བཟླས་པའི་དམིགས་པ་ནི། ལྷ་ཐམས་ཅད་ཀྱི་ཐུགས་ཀའི་ས་བོན་སོགས་བཞུགས་པར་གྱུར། དེ་ནས་སྔོན་རྗེས་ཆོ་གའི་དམིགས་རིམ་དང་སྐབས་བབ་བསྙེན་པའི་དམིགས་རིམ་རྣམས་འཇམ་མགོན་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས་ཀྱི་བཀའ་འབུམ་རྒྱ་ཆེན་བཀའ་མཛོད་པོད་ཇ༽ པའི་ནང་བསྙེན་ཡིག་རྣམ་གྲོལ་ཤིང་རྟ་ལས་གསལ་བ་ལྟར། བླ་མའི་ཞལ་ལས་རིམ་པར་ནོད་དེ་རྡོ་རུས་འཁྲོད་ངེས་བྱ་བ་ལས། འོལ་ཚོད་དང་དཔེ་མཇལ་ཙམ་ཡང་མི་ནུས་པར་ཚིག་བཤད་རྒྱུགས་རྐྱང་པས་ནི་གར་ཡང་མི་བྱིན་ནོ། །ན་མོ་བྷ་ག་ཝ་ཏེ་སོགས་རྩ་སྔགས་ཐུན་གྱི་དངོས་གཞིར་བཟླས་མཐར། འཁོར་སྔགས་ཚར་


KMC001_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

རེ་གསུང་སྟེ། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་ཤིནྟིཾ་ཀུ་རུ་སྭཱ་ཧཱ། དྲིལ་གསིལ་བཅས་ཡིག་བརྒྱ་ལན་གཅིག་གིས་བརྟན་པར་བྱའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཨཱརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། པཱ་དྱཱཾ་སོགས། ཤཔྡ་ལ་དྲིལ་གསིལ། རྣམ་པར་སྣང་མཛད་སོགས་ཀྱིས་བསྟོད་དེ་དྲིལ་གསིལ། དྲིལ་གསིལ་བཅས་ཡིག་བརྒྱ་ལན་གསུམ། ཐལ་སྦྱར་བཅས། མ་འབྱོར་བ་དང་སོགས་དང་། རྫོགས་སངས་རྒྱས་དང་སོགས་ཀྱིས་ནོངས་པ་བཤགས་ཤིང་། དགེ་བ་འདི་ཡིས་མྱུར་དུ་བདག །ཁྱབ་བདག་རྣམ་སྣང་སོགས་ཀྱིས་བསྔོ་བ་དང་། དྲིལ་གསིལ་བཅས་བཀྲ་ཤིས་ཤོ་ལོ་ཀ་གང་འོས་མཐར། བཟང་སྤྱོད་སོགས་བསྔོ་སྨོན་སྤྱི་ལྟར་གྱིས་ངག་གྲོལ་ལོ། །ཐུན་མཚམས་སྐབས་གཙོ་བོ་ལས་རང་ཉིད་རྡོ་རྗེ་སེམས་དཔའི་རྣམ་པས་ལོགས་སུ་ཕྱེས་ཏེ་ཤར་སྒོ་ནས་ཕྱིར་ཐོན་པར་བསམ་ཞིང་སྤྱོད་ལམ་ལ་འཇུག་གོ །ཐུན་གཞན་གསུམ་ལ། ཐོག་མར་ཐུན་ལ་འཇུག་སྐབས་ལས་བུམ་ཆུས་ཉེ་རེག་བྱ་ཞིང་ཁ་བཤལ། གཙོ་བོའི་དམ་རྒྱ་བཅིངས་ཏེ། ༀ་བཛྲ་ས་མ་ཡ་ཧཱུྃ་ཞེས་པ་ཙམ་མམ། ཡང་ན་བདག་འཇུག་གཤམས་གསལ་ལྟར། ༀ་བཛྲ་ངྷ་ར་སོགས་བརྗོད་དེ་རང་ཉིད་རྡོར་སེམས་དེ་ཉིད་གཙོ་བོའི་ཐུགས་ཀར་ཞུགས་ནས་དབྱེར་མེད་དུ་གྱུར་པའི་ང་རྒྱལ་བཟུང་ལ་དམ་རྒྱ་སྙིང་ག་དཔྲལ་བ་ལྐོག་མ་སྤྱི་བོར་རྣམས་སུ་རེག་སྟེ་བྱིན་བརླབ། དེ་ནས་དཀྱིལ་འཁོར་རྒྱལ་ཆོག ཨ་ཀཱ་རོ་


KMC001_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཡཾ་རཾ་སོགས་ནས། དབང་ལྡན་དུ་མི་ཡི་འགྲོ་བ་སོགས་ཡོངས་སུ་གསལ་བར་གྱུར། ༀ་སརྦ་ཏ་ཐཱ་ག་ཏ་ཨཱརྒྷཾ་སོགས་ནས། ཤཔྡ་པྲ་ཏིཙྪ་སྭཱ་ཧཱས་མཆོད་ཅིང་དྲིལ་གསིལ། རྣམ་པར་སྣང་མཛད་སོགས་ཀྱིས་བསྟོད་ལ་དྲིལ་གསིལ། མཐར་ལྷ་ཐམས་ཅད་ཀྱི་ཐུགས་ཀའི་ས་བོན་སོགས་བསྙེན་བཟླས་ལ་འཇུག ཐུན་མཐར་མཇུག་བསྡུ་རྣམས་གོང་ལྟར་ལ། སྲོད་ཐུན་སྐབས་འབྱིན་སྔགས་དང་ཡིག་བརྒྱའི་མཐར། མཆོད་པ་བྱིན་རླབས་གསུང་། ཁ་དོག་དབྱིབས་ལེགས་སོགས་ཀྱིས་མཆོད་ཅིང་། རྣམ་པར་སྣང་མཛད་སོགས་དང་། བསྟོད་པར་འོས་པ་བཅས་ཀྱིས་བསྟོད་མཐར། བསྡུ་རིམ་བྱ་དགོས་པས་བསྙེན་ཡིག་ནང་གསལ་ལྟར་རྡོ་རྗེ་རིན་ཆེན་གྱི་དམ་རྒྱ་སྙིང་ག་ནས་དཔྲལ་བར་དཀྲོལ་ལ། ༀ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཾ། ཞེས་ལྷ་རྣམས་ལ་དབང་བསྐུར། རྒྱ་དེ་གཉིས་སུ་བྱས་མཐེ་བོང་དང་མཛུབ་མོ་གཉིས་རྩེ་སྦྱར་བས་དར་དཔྱངས་སྐབས་བཞིན་གོ་བགོ་སྟེ། སརྦ་མུ་དྲང་ཡེ་ཏྲ་ངྷི་ཀུ་རུ་ཝ་ཀ་ཀ་ཝ་ཙ་ན་བཾ། ཞེས་པའི་མཐར་ཐལ་མོའི་རྟིང་པ་བརྡབ། བཛྲ་ཏུ་ཥྱ་ཧོཿཞེས་མཉེས་པར་བསམ། དཀོན་མཆོག་རིན་ཆེན་གསུམ་ལ་སོགས་ཐོབ་པར་ཤོག བསྔོ་སྨོན་དང་། ༀ་ཤོ་ངྷ་ནེ་ཤོ་ངྷ་ནེ་སོགས། དམ་རྒྱ་དཀྲོལ་


KMC001_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་སོ་སོའི་སྔགས་མཐར། བཛྲ་མུཿབཏགས་པས་ཡེ་ཤེས་པ་མདུན་མཁར་དབྱེ། ཡིག་བརྒྱ་ལན་གསུམ་དང་། མ་འབྱོར་བ་དང༴ རྫོགས་སངས་རྒྱས་དང་སོགས་ཀྱིས་ལྷག་ཆད་བསྐང་ཞིང་བཟོད་གསོལ་དང་། ༀ་ཁྱེད་ཀྱི་སེམས་ཅན་སོགས་བརྗོད་ཅིང་། ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས། འཁོར་གྱི་དམ་ཚིག་པ་རྣམས་རང་ལ་ཞུགས་པར་གྱུར། རྡོ་རྗེ་སྲུང་བའི་དམ་རྒྱ་དཔྲལ་བར་བཞག་ལ། ༀ་བཛྲ་རཀྵ་རཾ། གནོད་སྦྱིན་གྱི་དམ་རྒྱ་ཁ་ལ་བཞག་ནས། ༀ་བཛྲ་ཡཀྵ་ཧཱུྃ། རྡོ་རྗེ་ཁུ་ཚུར་གྱི་དམ་རྒྱ་དཀུ་གཉིས་ལ་བཞག་སྟེ། ༀ་བཛྲ་སནྡྷི་བཾ། རྡོ་རྗེ་ལས་ཀྱི་དམ་རྒྱ་སྤྱི་བོར་བཞག་ནས། ༀ་བཛྲ་ཀརྨ་ཀཾ་ཞེས་བརྗོད་པས་བསྲུང་བཞིར་ལས་ཀྱི་སེམས་དཔའི་ང་རྒྱལ་གྱིས་ཉལ་བའི་སྤྱོད་ལམ་ལ་འཇུག་གོ །གོང་གསལ་བསྡུ་རིམ་འདི་རྒྱ་འགྲེལ་དགོངས་པ་རྒྱས་པ་ཡིན་ལ། བསྡུ་ན་ཐུན་བཞི་པའི་མཐར་སྒྲུབ་དཀྱིལ་དཀྱུས་བཞིན་བྱས་ལ། བཛྲ་ས་ཏྭ་ཀྲོ་ངྷ་སོགས་སྔགས་རྒྱ་ཚར་གསུམ་བརྗོད་པས་སྒོ་གསུམ་བསྲུང་བ་ཀྱང་འཐུས་པ་ཡིན་ནོ། ། གོང་གསལ་ཚུལ་དེ་ལྟས་བསྙེན་སྒྲུབ་ཀྱི་ཞག་གྲངས་ཐེམས་ནས། གཉིས་པ་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་མཆོད་ཇི་ལྟར་བྱ་བའི་ཚུལ་ལ། ཐོག་མར་འདུ་ཁང་ནང་རྟེན་གསུམ་བཤམས་པའི་མདུན་སྟེགས་ཁེབས་ལྡན་གྱི་དབུས་སུ་རས་བྲིས་དཀྱིལ་འཁོར་བཀྲམ་པའི་ཤར་སྒོའི་གཡས་སུ་གཙོ་བུམ་མགུལ་ཆིངས་དཀར་པོ་དང་།


KMC001_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ངོས་སུ་ལས་བུམ་མགུལ་ཆིངས་སྔོ་ནག་ཅན་གཉིས་ཀར་དྲི་བཟང་ཆུས་བཀང་བུམ་རྫས་བཏབ་པ་བཤམས། དབང་རྫས་ཙཀླི་ཡང་བཤམས། དཀྱིལ་འཁོར་གྱི་མཐར་མཆོད་པ་བསྐོར་བཤམས་གཅིག་རང་མཛད་པ་ཕྱག་བཞེས་སུ་སྣང་ཡང་བསྡུས་པའི་ལུགས་སུ་མངོན་ཞིང་། མདུན་བསྐྱེད་ཀྱི་གཙོ་བོར་མཆོད་བསྟོད་ཡིན་པས་དཀྱིལ་འཁོར་གྱི་ཕྱོགས་བཞིར་མཆོད་པ་ཚར་བཞི་དང་། ཁྲིད་ཡིག་ནང་གསལ་ལྟར་སློབ་དཔོན་མདུན་ཏུ་ཡང་བདག་བསྐྱེད་མཆོད་པ་བཤམས། གཞན་ཡང་མཆོད་ཁ་གསོ་བྱེད་ཞལ་ཟས། འཐོར་ནས། མེ་ཏོག་སོགས་ཉེར་མཁོའི་རིགས་དང་། ཉིན་རེར་ཆ་གསུམ་གཏོར་མ་གཉིས་རེ་དང་སྔོན་གཏོར་རེ་དགོས། ཆོ་ག་དངོས་ལ། སྔ་བར་ཚོགས་ཏེ། ལོ་གྱོན་མའི་གཟུངས། རྣམ་འཇོམས་རྣམ་རྒྱལ༴ ཚིག་བདུན་གསོལ་འདེབས། ཐུབ་བསྟོད་དང་སྐུ་བསྟོད་རེས་མོས། བརྒྱུད་འདེབས་མཐར། སྐྱེ་བ་ཀུན་ཏུ་སོགས་ནས། བདག་བསྐྱེད་དབུ་ནས་བཟུང་བསྟོད་པའི་མཇུག་བར་གོང་བཞིན་མཐར་ཆགས་སུ་གསུང་། དེ་ནས་ཕྲིན་བཅོལ་འབྲིང་པོ་རྒྱུན་གྱི་ཕྱག་བཞེས་བཞིན་ལྷ་སོ་སོའི་ཕྱག་ཆེན་བཅིངས་ཤིང་སྔགས་བརྗོད། དེ་ནས་བཟླས་དམིགས་བཅས་རྩ་སྔགས་བཟླས་མཐར། འཁོར་སྔགས་རྣམས་ལན་རེ་དང་། ཡིག་བརྒྱ་ལན་གསུམ་གཅིག་གིས་བརྟན་པར་བྱའོ། ༈ །གཉིས་པ་བུམ་བསྐྱེད་ནི། མཆོད་པ་ཁ་གསོ་ཞིང་གཙོ་བུམ་ཁར་དུང་ཆོས་བཀོད་གཟུངས་རྡོར་ཡང་བཤམས་ལ། ལས་བུམ་གྱི་བྲན་ཅིང་། ༀ་བཛྲ་


KMC001_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཡཀྵ་ཧཱུྃ་ལན་གཅིག སྭ་བྷཱ༴ སྟོང་པའི་ངང་ལས་མཚན་ཉིད་ཡོངས་སུ་རྫོགས་པའི་རྣམ་རྒྱལ་བུམ་པའི་སོགས་ནས་ལྷ་བསྐྱེད། ཡེ་ཤེས་པ་དྲངས་བསྟིམ། སྔགས་ཀྱིས་དབང་བསྐུར། རྒྱས་གདབ། སྒོ་བ་བཞི་ཡི་སྔགས་རྒྱ། གནས་གསུམ་བྱིན་རླབས། གནས་ཉེར་གཉིས་བྱིན་རླབས་ལན་གསུམ་བསྡུས་པ་བཅས་གྲུབ་ནས། རྩ་སྔགས་ལན་གཅིག་ཕྲིན་བཅོལ་བསྡུས་པའི་མཐར། བཟླས་དམིགས་བཅས་བསྙེན་པ་ཅི་ནུས་ཀྱིས་བཟླས་མཐར་འཁོར་སྔགས་དང་། ཡིག་བརྒྱ་ལན་གཅིག་གིས་བརྟན་པར་བྱའོ། དེ་ནས་མཆོད་པར་དྲན་ལ། གནས་འདིའམ་ནི་སོགས་ཐལ་སྦྱར་དང་སྔགས་རྣམས་སོ་སོའི་རང་རྒྱའི་མཐར་སེ་གོལ་བཅས་ཀྱིས་མཆོད། སངས་རྒྱས་ཀུན་པས་སོགས་བཞི་དྲིལ་ཕྱེད་རྒྱ་བཅས་ཕྱག་རྡོར་མཚན་བརྒྱས་བསྟོད། ལྷ་རྣམས་བྱང་སེམས་སོགས་ཀྱིས་དུང་ཆོས་བུམ་པར་དབུལ། གཟུངས་རྡོར་ལས་བུམ་ཁར་སྤོས་ལ་ལས་བུམ་དུ་རྡོ་རྗེ་གནོད་སྦྱིན་བསྐྱེད་བཟླས་ཉེར་གཅིག་བྱ། ཕྲིན་ལས་བཅོལ་མཐར་ཚོགས་ཐེངས་གྲོལ། ༈ །ཡར་ཚོགས་ནས་མཆོད་པ་གསོ་བྲན་གྱིས། གསུམ་པ་མདུན་བསྐྱེད་ནི། ༀ་བཛྲ་ཡཀྵ་ཧཱུྃ་ལན་གཅིག སྭ་བྷཱ་ཝ་སོགས། ཆོས་ཐམས་ཅད་སོགས་ནས་དམ་ཚིག་པ་བསྐྱེད་ཅིང་དྲངས་བསྟིམ་སོགས་མཐར་ཆགས་སུ་གསུང་སྟེ་གནས་ཉེར་གཉིས་བྱིན་རླབས་ལན་གསུམ་དང་བསྡུས་པའི་མཐར། བདེ་བར་གཤེགས་པ་སོགས་རྒྱལ་སྲིད་སྣ་བདུན་གྱིས་མཆོད་ཅིང་། བཞི་དྲིལ་ཕྱེད་


KMC001_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས། རྣམ་པར་སྣང་མཛད་སོགས་བསྟོད་པར་འོས་པས་བསྟོད་མཐར། ཕྲིན་བཅོལ་བསྡུས་པ། བཟླས་པ་ཅི་འགྲུབ་དང་། འཁོར་སྔགས་ལན་གཅིག་ཡིག་བརྒྱ་ལན་གཅིག་གིས་བརྟན་པར་བྱའོ། །དེ་ནས་མཆོད་བསྟོད་ཀྱི་རིམ་པ་ནི། དེ་ཡང་དཀྱུས་ཀྱི་ཕྱག་བཞེས་སུ་ཟོར་ཡངས་པའི་ཆེད་དུ་མཆོད་བསྟོད་རྣམས་ལྷུ་ཕྲལ་ནས་ཆོ་ག་ཚར་གཅིག་ནང་དུ་ཚང་བར་མཛད་ཀྱང་། མཆོད་བསྟོད་ནི་མདུན་བསྐྱེད་ལ་དགོས་དོན་གཙོ་བོ་ཡིན་པས་སྤར་རིང་ནང་དུ་ཡང་མདུན་བསྐྱེད་མཇུག་ཏུ་མཆོད་བསྟོད་ཡོངས་རྫོགས་བཀོད་པའི་རྒྱུ་མཚན་ཡང་དེ་ལྟར་སྣང་བས་ཐོག་མར་མཆོད་པ་བྱིན་རླབས་གསུང་། རབ་འབྱམས་རྒྱ་མཚོ་སོགས་ནས། སྤར་རིང་ནང་གསལ་ལྟར་མཆོད་བསྟོད་ཡོངས་རྫོགས་མཐར་ཆགས་སུ་བཏང་བར་བྱའོ། །དེ་ནས་འཇིག་རྟེན་པར་གཏོར་མ་སྦྱིན་པའི་སྐབས་བདག་བསྐྱེད་ཀྱི་ཐུགས་ཀ་ནས་རང་ཉིད་རྡོར་སེམས་ཀྱིས་རྣམ་པར་འཐོན་ཏེ་ཕྱི་རོལ་ཏུ་སོང་བར་བསམ་ལ། གཏོར་མ་རྣམས་བྲན་ཏེ། ༀ་བཛྲ་ཡཀྵ་སོགས་ལན་གསུམ། ༀ་བཛྲ་ཛྭ་ལ་སོགས་ལན་གཅིག ༀ་སྭ་བྷཱ༴ སྟོང་པའི་ངང་ལས་ༀ་ལས་སོགས། ཨ་ཀཱ་རོ་སོགས་ལན་གསུམ། ཕྱོགས་སྐྱོང་འཇིག་རྟེན་སོགས་ནས། ཀ་མ་ལ་ཡ་སྟྭཾ་ལ་གདན་རྒྱ་བྱ། ༀ་ཨིནྡྲཱ་ཡ། ཨཱགྣ་ཡེ་སོགས་ཀྱི་མཐར་ཨཱརྒྷཾ་པྲ་ཏིཙྪ་སྭཱ་ཧཱ་སོགས་ནས། ཤཔྡ་ལ་དྲིལ་གསིལ། དབང་པོ་རྡོ་རྗེ་འཆང་བའི་སོགས་བཞི་དྲིལ་ཕྱེད་རྒྱ་བཅས། ཨིནྡྲཱ་


KMC001_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ལ་ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ལན་གསུམ་གྱིས་ཕུལ། ཤར་ཕྱོགས་རྡོ་རྗེ་ཅན་གྱི་སོགས་ནས་མཆིས་པར་མཛོད། དྲིལ་གསིལ་གྱིས། ཨིནྡྲཱ་སོགས་ཀྱི་མཐར་གཙྪ་བཏགས་ལ་གཤེགས། དཀར་གཏོར་ཕུལ། ལྷ་ཀླུ་གནོད་སྦྱིན་སྲིན་པོ་སོགས་སྔོན་གཏོར་ལྟར་བཏང་སྟེ། དེ་ཝའི་སྔགས་ལ་གཙྪ་བཏགས་པས་གཤེགས། དཀར་གཏོར་ཕུལ། བདག་ཉིད་ཁྲོ་བོ་འཇིག་རྟེན་སོགས། རྡོར་དྲིལ་བཅས་འགུགས་རྒྱས། ན་མོ་རྗེ་བཙུན་སོགས་ཊཀྐི་ཧཱུྃ་ཛཿ ༀ་གུཾ་ཀ་རི་སོགས་ལ་ཨཱརྒྷཾ་སོགས་བཏགས་པས་མཆོད། སླར་གོང་གསལ་སྔགས་ལ་སརྦ་བིགྷྣ ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ལན་གསུམ། གང་ཞིག་མཚན་མོ་སོགས་ནས་གནས་སུ་སོང་། སརྦ་བིགྷྣན་སོགས་ཀྱིས་གཤེགས། བགེགས་གཏོར་ཕྱིར་ཕུལ། རྡོར་སེམས་གཙོ་བོའི་ཐུགས་ཀར་ཞུགས་པར་མོས། བདག་འཇུག་ནི། ལས་བུམ་སློབ་དཔོན་ལ་ཕུལ་ཏེ། ཇི་ལྟར་བལྟམས་པ་སོགས་ཁྲུས་ཆུ་འཐོར་འཐུང་དང་གྲལ་དུ་ཡང་བཀྱེ། ས་གཞི་སྤོས་ཆུས་སོགས། རྡོར་དྲིལ་བཅས་ཐལ་སྦྱར་གྱིས། དགའ་ཆེན་ཁྱོད་བདག་སོགས་ལན་གཅིག དབང་མེད་བདག་གི་སོགས་ལན་གཅིག་མགོན་པོ་སངས་རྒྱས་སོགས་ལན་གཅིག སྙིང་གར་ཟླ་བའི་སོགས། ༀ་སརྦ་ཡོ་ག་སོགས། རྡོ་རྗེ་སྙིང་གར་བཞག་སྟེ། སུ་ར་ཏེ་སོགས། ༀ་བྲྀ་ཏ་སོགས་གནས་གསུམ་སྤྱིའི་སྔགས་རྒྱས།


KMC001_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ༀ་བཛྲ་ཨ་བྷི་སོགས་ལན་གསུམ། བདག་གི་དགེ༴ ༀ་བཛྲ་ས་ཏྭ་ཀྲོ་ངྷ་སོགས། ༀ་བཛྲ་ཡཀྵ་སོགས་ལན་གཅིག གདོང་གཡོགས་ལ་བྲན་ཅིང་གསོལ་ཏེ། ༀ་བཛྲ་ཨཱངྷི་སོགས་ལན་གཅིག ༀ་བཛྲ་པུཥྤེ་སོགས། ནཻ་ཝི་དྱཾ་ཨཱཿཧཱུྃ། ༀ་བཛྲ་ས་མ་ཡ་སོགས། དེ་བཞིན་གཤེགས་པ་སོགས། རྡོ་རྗེ་གསོར་ཞིང་། ༀ་བཛྲ་པྲ་ཝི་སོགས་ལན་གསུམ། རྡོ་རྗེ་སྤྱི་བོར་རྒྱ་གྲམ་བཀོད་ལ། ཨ་ས་མེ་སོགས། སངས་རྒྱས་དངོས་གྲུབ་སོགས་ཀྱིས་མེ་ཏོག་དོར། མེ་ཏོག་རིན་ཆེན་སོགས་ཀྱིས་མེ་ཏོག་སླར་བཟུང་། རྡོ་རྗེ་སེམས་དཔའ་སོགས་ཀྱི་སྔགས་ལ་མིག་དར་དབྱེ། བཅོམ་ལྡན་འདས་སོགས། ཏིཥྛ་ཧཱུྃ་ལན་གཅིག དུང་ཆོས་ནས་འཐུང་ལ། འདི་ནི་ཁྱོད་ཀྱི་སོགས། ས་གཞི་སྤོས་ཆུས་སོགས། རྡོ་རྗེ་སྤྱི་བོར་བཟུང་ཞིང་དྲིལ་བུ་གསིལ་བཞིན་པར་རྩ་རིག་རིགས་བཞི་དང་ཡུམ་བཞིའི་སྔགས་རྣམས་ལན་རེ་བརྗོད། གཙོ་བུམ་ཕུལ་ལ། རིན་ཆེན་མཛེས་པའི་སོགས་སྔགས་ལ་བུམ་པ་སྤྱི་བོའི་དབུས་དང་མདུན་གཡས་རྒྱབ་previous hit གཡོན་བཅས་ལ་བཀོད་པ་གཤམ་གསལ་རྣམས་ལ་ཡང་འགྲེས་བུམ་ཆུ་བཏུང་ཞིང་གྲལ་དུ next hit་འཆད། ཙཀླི་རྣམས་ཚིག་གསལ་ལྟར་ཕུལ་ལ། དེ་བཞིན་གཤེགས་པའི་སོགས་དབུ་བརྒྱན་དང་། རིན་ཆེན་མཛེས་པའི་སོགས། མཛེས་ཤིང་ཡིད་འོང་སོགས་ཀྱིས་དར་དཔྱངས་བཀོད་ཚུལ། རིགས་ལྔའི་ཕྱག་


KMC001_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ལག་ཏུ་སོགས་འདི་སྐབས་ཙཀླི་་ལག་གཡོན་གྱི་སྟེང་བཀོད། ཀུན་རྫོབ་མཚན་ཉིད་སོགས་ལ་ལག་གཡས་ཀྱིས་རྡོར་དྲིལ་ཆབ་གཅིག་ཏུ་བཟུང་སྟེ་སྤྱི་བོར་གནས་སོ་སོར་བཀྲོལ་མཐར། ཀྱཻ་དཔལ་རྣམ་པར་སྣང་མཛད་ཞེས་བྱ་བའི་སོགས། རྡོར་སེམས་ཙཀླི་བཟུང་སྟེ་རང་གཞན་ལ་ལས་བུམ་གྱིས་བྲན་ཅིང་། ༀ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པཾ་ལས་སོགས། ༀ་བཛྲ་ས་ཏྭ་ཧཱུྃ་ལ་དྲིལ་གསིལ། སངས་རྒྱས་ཀུན་པས་སོགས། སྣ་ཚོགས་རྡོ་རྗེ་སོགས་འཁོར་ལོ་རྐང་པའི་བར་དུ་བཞག ཡོན་ཏན་རབ་རྫོགས་སོགས་ལ་ཙཀླི་མཉམ་བཞག་རྒྱས་བཟུང་། རིགས་ལྔའི་བདག་པོ་སོགས་ལ་རིགས་ལྔའི་ཕྱག་མཚན་དང་། ཡུམ་ལྔའི་ཕྱག་རྒྱ་སོགས་སྐབས་སུ་དབུས་སུ་ཆོས་འབྱུང་ནང་སྤྱན་གྱིས་མཚན་པ་ཡིན། རིགས་ལྔའི་ཕྱག་རྒྱ་གནས་ལྔར་སོགས་ཀྱི་སྐབས་ཡབ་ཡུམ་གཉིས་ཀའི་ཕྱག་མཚན་ཙཀླི་མཉམ་དུ་བ་སྤྱི་མགྲིན་སྙིང་ག་སོགས་གནས་ལྔར་རེག སངས་རྒྱས་ཀུན་གྱི་སོགས་ལ་རྡོར་དྲིལ་བཏེག་ཅིང་། དྷརྨ་ཨཱཿར་དྲིལ་གསིལ། འཁྱུད་རྒྱས་དེ་བཞིན་གཤེགས་པ་སོགས། ༀ་པྲ་ཛྙཱོ་སོགས་སྐབས་ཐལ་སྦྱར་བྱ། མཐའ་རྟེན་སྣ་བདུན་ཙཀླི་རྣམས་རིམ་པར་ཕུལ་ལ། ལྷ་རྫས་ལས་བྱས་སོགས་སྔགས་རྣམས་ལ་དྲིལ་གསིལ་བཅས། འཁོར་ལོ་མཉམ་བཞག་རྒྱས་ནོར་བུ་སྤྱི་བོར། བཙུན་མོ་དཔུང་གཡོན། བློན་པོ་དཔུང་གཡས། གླང་པོ་པུས་གཡས། རྟ་


KMC001_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་པུས་གཡོན། དམག་དཔོན་རྒྱབ་བཅས་སོ་སོར་འཇོག ཚེ་འདིའི་བདེ་བ་སོགས། གཙོ་བོས་ཇི་ལྟར་སོགས་ལན་གཅིག ས་གཞི་སྤོས་ཆུས་སོགས། དེང་ནས་བརྩམས་ཏེ་སོགས་ལན་གཅིག་གི་མཐར། ༀ་བཛྲ་ངྷ་ར་སོགས་བརྗོད་ལ་རིགས་ལྔ་དང་དབྱེར་མེད་པའི་ང་རྒྱལ་བཟུང་ངོ་། རྗེས་ཆོག་མཆོད་པ་གསོ་བྲན་བྱས་ལ། མཆོད་པ་བྱིན་རླབས་གསུང་། ཤཔྡ་ལ་དྲིལ་གསིལ། ཁ་དོག་དབྱིབས་ལེགས་སོགས་ཀྱིས་མཆོད་ཅིང་། རྣམ་པར་སྣང་མཛད་སོགས་ཤོ་ལོ་ཀ་གཉིས་ཀྱིས་བསྟོད། རྡོར་དྲིལ་ཕར་བཞག དཀོན་མཆོག་རིན་ཆེན་སོགས་ཐོབ་པར་ཤོག ༀ་ཤོ་ངྷ་ནེ་སོགས་ལྷ་སོ་སོའི་དམ་རྒྱ་བཀྲོལ་ཞིང་། བཛྲ་མུཿས་སེ་གོལ་བཅས་མདུན་ཁར་དབྱེ་ལ། ཡིག་བརྒྱ་ལན་གསུམ། མ་འབྱོར་བ་དང་སོགས། རྫོགས་སངས་རྒྱས་དང་སོགས་ཀྱིས་ལྷག་ཆད་ཁ་བསྐང་ཞིང་བཟོད་གསོལ་མཐར། སྤྱན་དྲངས་པའི་བདག་མདུན་བུམ་པའི་ཡེ་ཤེས་པ་སོགས་ཀྱིས་གཤེགས་བསྡུ་དང་། དགེ་བ་འདི་ཡིས་མྱུར་དུ་བདག །ཁྱབ་འཇུག་རྣམ་སྣང་སོགས། བཞི་དྲིལ་མེ་ཏོག་ཆར་དུ་བསྙིལ་ཏེ། སྟོན་མཆོག་དམ་པ་སོགས་ཀྱི་ཤིས་བརྗོད་མཐར། སླར་བདག་མདུན་མཆོད་པ་གསོ་བྲན་བྱས་ལ། མཆོད་པ་བྱིན་རླབས་གསུང་ཤཔྡ། བདག་དང་ནམ་མཁའི་སོགས་སྐྱབས་འགྲོ་ཚར་གཅིག་གསུངས་ཏེ་གུང་ཚིག་


KMC001_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ། ༈ །ཕྱི་དྲོ་ཡར་ཚོགས་ནས། སྐྱབས་འགྲོ་གྲངས་གསོག་གིས་གོང་བཞིན་མཐར་ཆགས་སུ་བཏང་ཞིང་ཕྱག་རྒྱ་བཞི་ཡིས་རྒྱས་གདབ་མི་དགོས། བསྡུས་པ་རིགས་གསུམ་སྤྱི་ཡི་སྔགས་རྒྱས་ཆོག་བསྡུ་རིམ་སྐབས་ཀྱང་དེ་ལྟར་ལགས། གཞན་གོང་གསལ་ཇི་ལྟ་བ་བཞིན་གྱིས་ཆོ་ག་ཚར་གཉིས་རེ་གསུང་སྟེ་སྒྲུབ་མཆོད་ཞག་གྲངས་ཚང་ནས་བསྙེན་པའི་ཁ་སྐོང་སྦྱིན་བསྲེག་བྱ་དགོས་པས། དེའི་ཟིན་བྲིས་ནི་འཇམ་མགོན་གསུང་གོང་གསལ་ཁྲིད་ཡིག་ནང་ཤིན་ཏུ་ཞལ་གསལ་བས་འདིར་མ་བྲིས་ཤིང་། དེ་རྣམས་ཀྱིས་དཔལ་སྣང་མཛད་ཀུན་རིག་གི་བསྙེན་སྒྲུབ་ཁ་སྐོང་བཅས་ལས་རུང་གྲུབ་པ་ལགས་སོ།། ༈ །།ཇོ་བོ་རྗེ་དི་པཾ་ཀ་རའི་ལུགས་བཅོམ་ལྡན་འདས་མགོན་པོ་མི་འཁྲུགས་པའི་བསྙེན་སྒྲུབ་གར་དབང་དྲུག་པ་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་སྒྲུབ་དཀྱིལ་ལ་བརྟེན་ནས་བསྙེན་པའི་ཚུལ་ལ། ཐོག་མས་གནས་ཁང་བྱི་དོར་སོགས་བྱས་ཏེ། འདི་ཉིད་ཀྱི་ཞལ་ཐང་སོགས་བཀྲམ་པའི་མདུན་སྟེགས་ཁར་ཁ་ཟས་བཟང་དགུ་ལས་བཅོས་པའི་ཟླུམ་གཏོར་པད་འདབ་བཞི་པ་ཉིས་རྒྱན་རྩེར་ཉི་ཟླ་ནོར་བུས་མཚན་པ་བཤམས་པའི་མདུན་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམས་ཤིང་། མནྜལ་གྱི་ཡོ་བྱད་དང་རང་དྲུང་གང་བདེར་ལས་བུམ་མགུལ་ཆིངས་ལྗང་གུ་ཅན་དྲི་བཟང་ཆུས་བཀང་བར་བ་བྱུང་རྣམ་ལྔ་བཏབ་པ་བཀོད་པ་བྱའོ། བསྙེན་པ་དངོས་གཞི་ཡར་ངོའི་ཚེས་ལྟ་བུར་ཁེལ་ན་ལེགས་ཤིང་། བསྙེན་པ་ལ་འཇུག་པའི་སྔ་ཉིན་མགོ་ལུས་ལེགས་པར་བཀྲུས། དྲི་ཞིམ་སྤོས་ཀྱིས་བདུག བ་བྱུང་དང་སྦྱར་བའི་དྲི་བཟང་ལ། ༀ་ན་


KMC001_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

མོ་བྷ་ག་ཝ་ཏེ་ཨུཥྞི་ཥཱ་ཡ། ༀ་བི་ཤུདྡྷེ་སོགས་བཟླས་ཏེ་ཕུ་གདབ་ལ་ཁོང་དུ་བཏུང་བས་ཟླ་ཕྱེད་ཕན་གྱི་ཤ་སོགས་བཟའ་མིན་ཟོས་པའི་ཉེས་པ་བྱང་བར་གསུངས་པས་ཅི་ནས་གལ་ཆེའོ། ༧རྗེ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་བཀའ་མཛོད་པོད་ཇ༽ པའི་ནང་མི་འཁྲུགས་པའི་ཆོ་གའི་བསྙེན་ཡིག་ཨིནྡྲ་ནཱི་ལའི་ཆུན་དཕྱངས་ནང་འདིའི་སྔོན་རྗེས་ཀྱི་རིམ་པ་དང་སྐབས་བབ་ཀྱི་དམིགས་རིམ་སོགས་ཤིན་ཏུ་ཞལ་གསལ་བར་བཞུགས་པ་ལྟར་ཕྱག་ལེན་འཆུགས་མེད་གནང་དགོས་ཤིང་། དངོས་གཞིའི་ཉིན་སྔ་བར་ཡན་ལག་ལྔ་ཁྲུས་སོགས་བྱས་ཏེ། བརྡ་བྱུང་འཕྲལ་འདུ་ཁང་ནང་ལྷན་འཛོམས་ཀྱིས་གདིང་བའི་ཁར་ཆོས་གོས་བསྣམས་ཏེ། ས་གཞི་བྱིན་རླབས་གསུང་། བྱང་མཆིས་མ་ལན་གསུམ་གྱིས་སེམས་བསྐྱེད། དེ་ནས་ཐེག་པ་ཆེན་པོའི་གསོ་སྦྱོང་དོན་ཞགས་ལུགས་ལྟར་ལེགས་པར་བླངས་ཏེ་གྲོལ། དེ་ནས་བཟུང་སྟེ་རབ་དུས་རྒྱུན་དང་། འབྲིང་ཉ་སྟོང་བརྒྱད་སོགས་ལ་སོ་སོས་སྔ་དྲོ་ཐུན་ལ་འཇུག་ཁར་ལེན་དགོས་ཤིང་། ཚུལ་ཁྲིམས་རྣམ་དག་གི་གཟུངས་རིང་ཐུང་བཟླ་ཞིང་ཚིགས་བཅད་ཀྱང་དཀྱུས་བཞིན་བརྗོད། འདི་བླངས་ཕྱིན་ཡན་ལག་བརྒྱད་གཙང་མར་བསྲུང་དགོས་པས་ཕྱི་དྲོའི་ཁ་ཟས་ཀྱང་ངེས་པར་སྤང་དགོས། དེ་ནས་སྒྲུབ་ཁང་གི་ཁྱམ་དུ་ལྷན་ཚོགས་ཀྱིས། ཆ་གསུམ་གཏོར་མ། གཞི་བདག་དཀར་གཏོར། རྒྱལ་ཐོ་གསོ་བ་བཅས་དཀྱུས་བཞིན་བྱ། སྒྲུབ་པོ་སོ་སོའི་མདུན་དུང་ཆོས་དང་ས་ཐེབ་གང་རེ་བཤམས། ༀ་བཛྲ་མ་ཧཱ་ཀྲོ་དྷ་མ་ཧཱ་བ་ལ་སོགས་ནས་


KMC001_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་རྣམས་ལ་ཕྱག་རྒྱ་ལག་ལེན་བཅས་གོང་གསལ་ཁྲིད་ཡིག་ནང་གསལ་བཞིན་བྱ། དེ་ནས་ཁང་པར་ཞུགས་ཏེ་ནམ་མཁར་ལྷ་རྣམས་མངོན་སུམ་དམིགས་པ་ལ་ཕྱག་གསུམ་བྱས་ནས་སྒོ་ནང་དུ་ལྷོ་ལ་ཕྱོགས་པས། ༀ་བི་ར་ཛ་སོགས་ནས་སྔགས་དང་ཕྱག་རྒྱ་སོགས་མཐར་ཆགས་སུ་གནང་སྟེ་མཐར། སྟན་ལ་ཡང་བསངས་གཏོར་བྱས་ཏེ་སྐྱིལ་མོ་ཀྲུང་གིས་འདུག་གོ། དེ་ནས་ཆོ་ག་དངོས་ལ། སེམས་བསྐྱེད་ནི། བདག་གིས་སེམས་ཅན་སོགས་ལན་བདུན་ནམ་གསུམ་བརྗོད། བསོད་ནམས་ཚོགས་བསགས་ནི། རང་ཉིད་བཅོམ་ལྡན་མི་འཁྲུགས་སོགས་མཆོད། ༀ་སརྦ་ཏ་ཐཱ་ག་ཏ་སོགས། སྙིང་གའི་ས་བོན་སོགས་ནས། ༀ་བཛྲ་པུཥྤེ་སོགས་རང་རྒྱས་བཅས། སརྦ་བི་ཤིཥྛའི་བར། རྡོར་དྲིལ་ཕར་བཞག བདག་དང་མཁའ་མཉམ་སོགས། ༀ་ཨཱཿཧཱུྃ་མུཿལ་སེ་གོལ་གཏོགས། ཚོགས་རྟེན་རང་བཞིན་སོགས། བཏང་སྙོམས་གྱུར་གྱི་བར་ལན་གཅིག ཡེ་ཤེས་ཚོགས་བསགས་ནི། ༀ་ཤུ་ནྱ་ཏ་སོགས་ཀོ྅ཧཾཿ དངོས་གཞི་ལྷ་བསྐྱེད་སོགས་ནི། ཆོས་རྣམས་ཐམས་ཅད་སོགས་ནས། རང་ལྷའི་ས་བོན་ཡི་གེ་ཧཱུྃ་གི་སྐབས་དམ་རྒྱ་སྙིང་གར་བཅའ་ཞིང་། ༀ་སརྦ་སོགས་ལ་དམ་རྒྱ་གནས་གསུམ་རེག་སྟེ་བཀྲོལ། རྒྱ་མཚོས་མཆོད། ༀ་བཛྲ་པུཥྤེ་


KMC001_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་དྲིལ་གསིལ། རང་རྒྱས་ཛཿཧཱུྃ་བཾ་ཧོ་ཿརང་ཉིད་སོགས་ནས་རྣམས་ཀྱིས་མཆོད་། ༀ་བཛྲ་པུཥྤེ་སོགས་དྲིལ་གསིལ། བཞི་དྲིལ་ཕྱེད་རྒྱས། རྒྱལ་བ་ཟླ་བ་སོགས་ཀྱིས་བསྟོད། བགྲང་ཕྲེང་བྱིན་རླབས་གོང་གསལ་ཀུན་རིགས་ཀྱི་སྐབས་སུ་སྨོས་པ་འདིར་ཡང་སྦྱར། གཞི་ནི་སངས་རྒྱས་ཐུགས་ཀར་སོགས་བཟླས་དམིགས་གསུང་སྟེ་ཐུན་གྲོལ་མ་རན་བར་བསྙེན་ཅིང་། བཟླས་དམིགས་རྣམས་གོང་གི་ཁྲིད་ཡིག་དང་། ལོ་ཆེན་ཚེ་དབང་ཀུན་ཁྱབ་ཀྱི་གསུང་བཅས་སུ་གསལ་བ་ལྟར་བླ་མའི་ཞལ་ལས་རིམ་ནོད་ཀྱིས་ཉམས་སུ་བསྟར་བར་བྱའོ། །མཐར་བུམ་པའི་ཕྱག་རྒྱ་བཅའ་ཞིང་། བཟླས་བརྗོད་ཀྱི་ནི་སོགས་ཀྱིས་དགེ་བ་འབུལ་ཞིང་། སྔགས་དང་ཟླ་བ་སངས་རྒྱས་སོགས་ཀྱིས་ཐུགས་ཀའི་རིགས་བཞི་གཙོ་བོ་ལ་བསྡུས་ཏེ་ནམ་མཁར་ཕྱུངས་པ་ལ། ༀ་བཛྲ་པུཥྤེ་སོགས་ཀྱིས་མཆོད། སྟོབས་ལྡན་རྡོ་རྗེ་སོགས་ཀྱིས་བསྟོད། བཅོམ་ལྡན་ཆོ་གའི་བྱ་བ་སོགས་ནོངས་བཤགས། ༀ་ཁྱེད་ཀྱིས་སེམས་ཅན་སོགས་གཤེགས་ཚིག་བརྗོད་ཀྱང་སྔགས་བླ་མེད་ཉམས་ལེན་མཁན་གྱིས་མི་རུང་བར་གསུང་པས། མཛད་དུ་གསོལ་ཞེས་པའི་མཚམས་སུ། ཡེ་ཤེས་པ་རང་ལ་ཐིམ་པར་གྱུར་ཞེས་པས་སླར་རང་ལ་བསྟིམ་ཞིང་བདག་གི་དེ་ཁོ་ན་ཉིད་ལ་མཉམ་པར་བཞག རང་ཉིད་དམ་ཚིག་པར་སོགས་བསྲུང་བར་གྱུར། རྡོ་རྗེ་གནས་གསུམ་དུ་རེག་ཅིང་ཁྱད་པར་དུ་མགོ་དང་སྙིང་གར་ཟླ་བ་རྦྷྲཱུཾ་ཡིག་གིས་མཚན་པས་བསྲུང་བར་བསམ་ལ། ཛི་ན་ཛི་ཀ྄་ལན་གསུམ་བརྗོད། དགེ་བ་


KMC001_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡིས་མྱུར་དུ་བདག །མི་འཁྲུགས་རྒྱལ་པོ་སོགས་ཀྱིས་བསྔོ་བ་དང་། མི་འཁྲུགས་རྒྱལ་པོ་སྲིད་དང་སོགས་བཀྲ་ཤིས་ཤོ་ལོ་ཀ་གཅིག་དྲིལ་གསིལ་བྱ། མངོན་དགའི་ཞིང་ན་བྱང་ཆུབ་སོགས། མི་འཁྲུགས་རྒྱལ་པོ་ཁྱེད་སྐུ་སོགས། ཁྱོད་ལ་བསྟོད་ཅིང་སོགས་བསྔོ་སྨོན་གྱིས་ངག་གྲོལ་ཏེ་ཐུན་མཚམས་ལ་འཇུག་གོ། །ཐུན་རྗེས་མ་རྣམས་ཀྱི་འགོར་བདུད་རྩི་འཁྱིལ་བའི་སྔགས་རིང་ཐུང་གིས་སྲུང་བ་དང་བསངས་གཏོར་བྱ། མཆོད་ཁ་གསོ་ཞིང་གཟི་བརྗིད་བསྐྱེད་སྔགས་བྱིན་རླབས་བརྟན་པ་ཙམ་བྱས་ཏེ་གཞུང་གི་སེམས་བསྐྱེད་ནས་བཟུང་བསྔོ་སྨོན་གྱི་བར་གོང་ལྟར་འགྲེ་བར་བྱ། དགོང་ཐུན་གྱི་སྐབས། བགེགས་དང་བར་ཆད་ཀུན་ལས་བསྲུང་བར་གྱུར། ཛི་ནའི་སྔགས་མཐར། གཏོར་འབུལ་ནི། གཏོར་མའི་སྟེང་དུ་ལས་སོགས་འབྲུ་གསུམ་ལན་གསུམ་གྱིས་བྱིན་རླབས་བཅས་མདུན་བསྐྱེད་ལྟར། གཏོར་མགྲོན་ནི་སྤར་རིང་ནང་ལྟར། སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས། །མངོན་དགའི་ཞིང་ནས་བཅོམ་ལྡན་འདས། །མི་འཁྲུགས་འཁོར་བཅས་སྤྱན་དྲངས་པའི། །ལྗགས་རྩེ་འོད་ཟེར་སྦུ་གུ་ཡིས། །དྲངས་ཏེ་གསོལ་བས་མཉེས་བར་གྱུར། །ཨ་ཀཱ་རོ་སོགས་ལན་གསུམ། སྔགས་ཀྱིས་མཆོད་ཅིང་དྲིལ་གསིལ། སྟོབས་ལྡན་རྡོ་རྗེས་བསྟོད། བདག་དང་སེམས་ཅན་སོགས་འདོད་གསོལ་


KMC001_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

མཐར། ༀ་ཨཱཿཧཱུྃ་མུཿས་སེ་གོལ་བཅས་གཏོར་མགྲོན་གཤེགས། དགེ་བ་འདི་ཡིས་སོགས། མི་འཁྲུགས་རྒྱལ་པོ་སྲིད་དང་སོགས། སྟོན་མཆོག་དམ་པ་སོགས་དང་། མངོན་དགའི་ཞིང་ན་སོགས་བསྔོ་སྨོན་གྱིས་ལེགས་པར་གྲུབ་བོ། །གོང་གསལ་ཐུན་བཞིར་བསྙེན་པ་བཏང་ཚུལ་དེ་ལྟས་ཞག་གྲངས་ཐེམ་ནས། ༈ །གཉིས་པ་མདུན་བསྐྱེད་ལ་བརྟེན་ནས་སྒྲུབ་མཆོད་བྱ་བའི་ཚུལ་ལ། འདུ་ཁང་ནང་སྒྲུབ་རྟེན་ཐང་ཀ་སོགས་བཤམས་པའི་མདུན་སྟེགས་དབུས་སུ་རས་བྲིས་དཀྱིལ་འཁོར་བཀྲམ་པའི་དབུས་སུ་གཙོ་བུམ་མགུལ་ཆིངས་སྔོན་པོ་དང་། ལས་བུམ་གོང་གསལ་བཞིན་གཡོན་ངོས་སུ་བཀོད་པར་དྲི་བཟང་ཆུས་བཀང་། བྱ་རྒྱུད་བུམ་རྫས་བཅོ་ལྔར་གྲགས་པ་ཡང་བཏབ། མཐའ་རྟེན་རྟགས་བརྒྱད་ཙཀླི་ཡང་བཤམས། དཀྱིལ་འཁོར་མཐར་མཆོད་པ་བསྐོར་བཤམས་བྱ། ནུབ་ངོས་སུ་གོང་གསལ་འདས་གཏོར་དང་། གཞན་ཡང་མཁོ་བའི་ཡོ་བྱད་རིགས་འདུ་བྱ། དེ་ནས་སྔ་བར་བརྡ་བྱུང་འཕྲལ་འདུ་ཁང་ནང་གྲལ་ཕྱག་སྔོན་འགྲོས་གདན་ཀར་འཁོད། ལོ་གྱོན་མའི་གཟུངས། རྣམ་འཇོམས་རྣམ་རྒྱལ༴ ཐུབ་བསྟོད་སོགས་རེས་མོས་དང་། བརྒྱུད་འདེབས་མཐར། སྐྱེ་བ་ཀུན་ཏུ་སོགས། ལས་རྡོར་པས་ལས་བུམ་སྒྲོ་པདྨའི་རྒྱས་བཟུང་ལ། ༀ་བཛྲ་ཨ་མི་ཏ་སོགས་བརྗོད་ལ་མཆོད་རྫས་རྣམས་ལ་གཏོར། དེ་ནས་བདག་གིས་སེམས་ཅན་སོགས་སེམས་བསྐྱེད་ནས་བཟུང་བཟླས་པའི་མཇུག་དགེ་དབུལ་བར་གོང་


KMC001_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མཐར་ཆགས་སུ་བཏང་། དེ་ནས་བུམ་པའི་ཁར་དུང་ཆོས་དྲིས་བཀང་བ་དང་གཟུངས་རྡོར་བཅས་བཤམས། མཆོད་ཁ་གསོ། གཙོ་བུམ་དང་མདུན་དཀྱིལ་བྲན་ཏེ། རིམ་གྱིས་ཐམས་ཅད་སྟོང་པ་སོགས་མདུན་བུམ་གྱི་གདན་ཚིག་གསལ་ལྟར་སོ་སོར་བསྐྱེད་ཅིང་། བརྟན་པ་ལྷ་ནི་ཚིག་རིས་གཅིག་གིས་སོ་སོར་བསྐྱེད་དགོས་ཤིང་། དབང་བསྐུར། རྒྱས་གདབ། ཡེ་ཤེས་པ་དྲངས་བསྟིམ་བཅས་སོ་སོར་བྱ། མཆོད། སྔགས་ཀྱིས་མཆོད་དེ་དྲིལ་གསིལ། ཛཿཧཱུྃ་བཾ་ཧོཿདམ་ཚིག་སོགས་ནས་བསྐོར་བར་གྱུར། གཞི་ནི་སངས་རྒྱས་སོགས་བཟླས་དམིགས་བཅས་མདུན་བསྐྱེད་ལ་དམིགས་པའི་ཅི་ནུས་ཀྱིས་བསྙེན་མཐར། བཟླས་བརྗོད་ཀྱི་ནི་སོགས་ཀྱིས་དབུལ་ཏེ་མཐར། མཆོད་པར་བྲན་ལ། སངས་རྒྱས་དང་བྱང་ཆུབ་སོགས་ནས་འཕྲོ་བར་གྱུར་ཅིག ན་མཿསརྦ་བུདྡྷ་སོགས་ལན་བརྒྱད་མཛོད་རྒྱ་དཔྲལ་བར་བསྐོར་ཏེ་རྗེས་མར་སེ་གོལ་གཏོགས། འཇིག་རྟེན་ཁམས་ནི་སོགས་སྔགས་རྒྱས། ཤཔྡའི་བར་དང་། རྒྱལ་བ་ཟླ་བ་སོགས་བཞི་དྲིལ་ཕྱེད་རྒྱས་བསྟོད་མཐར། རྡོར་དྲིལ་བཅས་ལག་གཉིས་བཀན་ལ། གཏོར་མའི་སྟེང་དུ་ཨ་ལས་སོགས་འབྲུ་གསུམ་དང་། དེ་ཉིད་བཅོམ་ལྡན་སོགས། ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཕུལ་མཐར། བདག་དང་སེམས་ཅན་སོགས་འདོད་དོན་གསོལ། རང་གི་ཐུགས་ཀའི་སོགས་བུམ་པར་དམིགས་པའི་བཟླས་པ་བྱ། གཟུངས་


KMC001_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་དཀྱུས་ཀྱི་ཕྱག་བཞེས་སུ་འཐེན་སྲོལ་མི་སྣང་ཡང་ཚིག་གི་གིས་དངོས་བསྟན་ལྟར་འཐེན་གྲུབ་ཚེ་ལེགས། མཐར་ༀ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས། ནཻ་ཝི་དྱཱའི་བར་གྱིས་མཆོད་ཅིང་། ཨུ་ད་ཀས་དུང་ཆུ་དབུལ། དེ་ནས་བདག་འཇུག་ནི། ལས་བུམ་སློབ་དཔོན་ལ་ཕུལ་ཏེ། ཇི་ལྟར་བལྟམས་པ་སོགས་ཁྲུས་ཆུ་འཐོར་ཐུང་དང་གྲལ་དུ་ཡང་འཆད། རྡོར་དྲིལ་བཅས། ས་གཞི་སྤོས་ཆུས་སོགས། དགའ་ཆེན་ཁྱོད་བདག་སོགས་ཐལ་སྦྱར་བཅས། གཞུག་པར་འཚལ་གྱི་བར་ལན་གཅིག བུ་ཚུར་སོགས་སྤྲེལ་ཏེ་གསུངས། དཀྱིལ་འཁོར་གྱི་སོགས་བྱ་སྙམ་པར་མཛོད་ཅིག དཀོན་མཆོག་གསུམ་ལ་སོགས་ཐལ་སྦྱར་བཅས་ལན་གཅིག དེ་ལྟར་ཐེག་པ་སོགས་མོས་ཤིག གཙོ་བུམ་ཕུལ་ལ། འདི་ནི་སྦྱིན་པའི་རང་བཞིན་སོགས་བཞི་དྲིལ་བྱ། ༀ་སརྦ་ཏ་ཐཱ་ག་ཏ་སོགས་ལ་དྲིལ་གསིལ་བཅས་བུམ་པ་སྤྱི་བོར་བཀོད་དེ་ཁྲུས་འཐུང་ཞིང་བཀྱེ། དམ་རྒྱ་སྤྱི་བོར་བཞག་སྟེ། ༀ་སརྦ་ཏ་ཐཱ་ག་ཏོདྡྷ་སོགས་ཅོད་པཎ་གྱི་དབང་ངོ་། རྟགས་བརྒྱད་ཙཀླི་རྣམས་རིམ་པར་ཕུལ་ལ། བཀྲ་ཤིས་གང་ཞིག་སོགས་སྔགས་རྣམས་དྲིལ་གསིལ་དང་ཚིག་གསལ་ལྟར་ཙཀླི་གནས་སོ་སོར་རེག་ཚུལ་བྱ། རྡོ་རྗེ་སྤྱི་བོར་བཀོད་དེ་དྲིལ་གསིལ་བཅས། ན་མོ་བྷ་ག་ཝ་ཏེ་སོགས། རཀྵ་རཀྵ་ལ་རྒྱ་གྲམ་དུ་བཀོད། དེ་ལྟར་དབང་བསྐུར་བ་་ཐོབ་ནས་སོགས། གཙོ་བོས་


KMC001_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་སོགས་ཐལ་སྦྱར་བཅས་ལན་གཅིག ས་གཞི་སྤོས་ཆུས༴ དེང་ནས་བརྩམས་ཏེ་སོགས་ལན་གཅིག རྗེས་ཆོག་མཆོད་པ་གསོ་བྲན་བྱས་ལ། སངས་རྒྱས་དང་བྱང་ཆུབ་སོགས་ཀྱིས་བརླབ་སྟེ། ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ལན་བརྒྱད། འཇིག་རྟེན་ཁམས་ནི་སོགས་ནས། ཤཔྡའི་བར་མཆོད་དེ་དྲིལ་གསིལ། རྒྱལ་བ་ཟླ་བ་སོགས་བཞི་དྲིལ་ཕྱེད་རྒྱས་བསྟོད། བཅོམ་ལྡན་ཆོ་གའི་སོགས་ཐལ་སྦྱར་གྱིས། བདག་དང་སེམས་ཅན་སོགས། དཀྱིལ་འཁོར་གྱི་ནི་སོགས། སྔགས་དང་ཟླ་བ་སངས་རྒྱས་སོགས། ༀ་བཛྲ་པུཥྤེ་སོགས་ཀྱིས་མཆོད། སྟོབས་ལྡན་རྡོ་རྗེ་སོགས་བསྟོད་དྲིལ་གསིལ། སླར་བཅོམ་ལྡན་ཆོ་གའི་སོགས། ༀ་ཨཱཿཧཱུྃ་མུཿལ་སེ་གོལ། རང་ཉིད་དམ་ཚིག་སོགས། དགེ་བ་འདི་ཡིས་སོགས། མི་འཁྲུགས་རྒྱལ་པོ་སོགས་བཀྲ་ཤིས་བརྗོད་ཅིང་། མངོན་དགའི་ཞིང་ན་སོགས་སྨོན་ལམ་དང་། མི་འཁྲུགས་རྒྱལ་པོ་ཁྱེད་སྐུ་སོགས། གཞན་ཡང་བཟང་སྤྱོད་སོགས་སྨོན་ལམ་རྣམས་རེས་མོས་ཀྱིས་གསུངས་པས་མཚོན་ཉིན་རེར་ཆོ་ག་བཞི་ཚར་བཞི་གསུང་། ཚོགས་ཐེངས་རྗེས་མ་རྣམས་ལ་འགོར་ལྟུང་བཤགས་རེ་གསུང་སྟེ་ཆོ་ག་དཀྱུས་འཇུག་གོ་བདག་འཇུག་དབང་རྫས་ཚར་རྗེས་མར་བླངས་བས་འཐུས། གོང་གསལ་དེ་ལྟར་གྱིས་སྒྲུབ་མཆོད་ཀྱི་ཞག་གྲངས་སོང་རྗེས་སུ་བསྙེན་པའི་ཁ་སྐོང་སྦྱིན་བསྲེག་ནི།


KMC001_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲིད་ཡིག་ནང་གསལ་ལྟར་རམ་ཡང་ན་དཔེ་ཆ་འཛོམས་སླ་བས་རྗེ་གར་དབང་བརྒྱད་པ་དཔལ་ཆེན་ཆོས་ཀྱི་དོན་གྲུབ་ཀྱིས་མཛད་པའི་མི་འཁྲུགས་པའི་ཆོ་ག་ལ་བརྟེན་ནས་ཕུང་པོ་བསྲེག་སྦྱོང་བྱ་ཚུལ་མདོར་བསྡུས་སུ་བཀོད་པའི་ནང་བསྙེན་པའི་སྐབས་ཁ་སྐོང་འདོད་གསོལ་ཡང་བཀོད་གནང་འདུག་པ་དེ་བཞིན་ལག་ལེན་བསྟར་བ་ལ། ཐོག་མར་བཤམས་བཀོད་ནི། ཞི་ཐབ་གོང་སྨོས་ཅི་ལྟ་བ་ལ་དབུས་སུ་རྡོ་རྗེ་སྔོན་པོ། ཤར་ནས་གཡས་བསྐོར་དུ་དཔལ་བེའུ་སོགས་རྟགས་བརྒྱད་བྲིས་པའི་ཁྱད་པར་རོ། །སྒྲུབ་པོའི་གཡས་ཕྱོགས་སུ་བསྲེག་རྫས་རྣམས་དཀྱིལ་འཁོར་པ་དང་མེ་ལྷར་སོ་སོར་ཕྲེང་ཚར་གཉིས་བཤམས། གཡོན་ཕྱོགས་སུ་སྟེགས་གོང་མར་འདས་གཏོར་བཤམས་པའི་མདུན་ཆུ་གཉིས་སྔོན་འགྲོས་ཉེར་སྤྱོད་ཕྲེང་ཚར་དང་། སྟེགས་འོག་མར་མ་འདས་པའི་གཏོར་མ་གོང་འདྲ་ཅུང་ཆུང་བའི་མདུན་ཉེར་སྤྱོད་ཕྲེང་བཤམས་བྱ། གཞན་ཡང་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱ། ཆོ་ག་དངོས་ལ། སྔ་དྲོ་སྔ་བར་འདུ་ཁང་ནང་ཚོགས་ཏེ་བདག་མདུན་བུམ་པ་བདག་འཇུག་བླངས་བ་བཅས་སོང་ནས་རྗེས་ཆོག་འགོར་ཚོགས་ཐེངས་ཀྱིས་སྦྱིན་བསྲེག་ལ་འཇུག་ས་སློང་དཀར་གཏོར་མེད་ཀྱང་ཆོག ༀ་བཛྲ་ཨ་མྲྀ་ཏས་སྲུང་བ་བྱས་ལ། ལས་བུམ་ཆུས་མཆོད་རྫས་དང་བསྲེག་རྫས་རྣམས་ལ་གཏོར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སོགས་སྔགས་ལན་བརྒྱད་ཀྱིས་ལྷན་ཅིག་ཏུ་བྱིན་གྱིས་བརླབ། ཐབ་བསང་སྦྱང་སྟེ། ༀ་བཛྲ་ཨ་མྲྀ་ཏ་སོགས། སྭ་བྷཱ་ཝ་སོགས། སྟོང་


KMC001_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ལས་ཧཱུྃ་ལས་སོགས་འབར་བར་གྱུར། ༀ་ཛྭ་ལ་སོགས་མེ་སྦར་རོ། །སློབ་དཔོན་ཡར་བཞེངས་ཏེ་ཀུ་ཤ་ཐོགས་ལ། མེ་ལྷའི་གདངས་ཀྱིས། ༀ་ཀུ་ཤ་འདི་ནི་སོགས་མཛད་དུ་གསོལ། ༀ་བཛྲ་ས་ཏྭ་ཨཱ་ཿལན་བཅུས་ཀུ་ཤ་གཡས་བསྐོར་དུ་སྤྱི་ལྟར་དགྲམ། རྡོར་དྲིལ་བཅས་མཐེ་བོང་གཡོབ་ཅིང་། ༀ་ཚུར་བྱོན་ཚུར་བྱོན་སོགས་བསྙེན་པར་མཛོད། དྲིལ་གསིལ་བཅས། ༀ་ཨཱགྣ་ཡེ|་མ་ཧཱ་ཏེ་ཛྭ་སོགས་ཀྱིས་བསྟིམ། ༀ་ཨཱགྣ ་ཡེ་ས་པཱ་རི་ཝཱ་རཱ་ཨཱརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། དེ་བཞིན། པཱ་དྱཱཾ་ནས་ཤཔྡའི་བར་ཉེར་སྤྱོད་ཕུལ་ལ་དྲིལ་གསིལ། འཇིག་རྟེན་དབང་ཕྱུག་ཚངས་དབང་སོགས་ཀྱིས་བསྟོད། མེ་ལྷའི་ལྗགས་དང་སོགས་མཐར། ༀ་ཨཱགྣ་ཡེ་སྭཱ་ཧཱ་ལན་རེའི་མཚམས་གཞུང་གསལ། ༀ་ཨཱགྣ་ཡེ་ཧ་བྱ་ཀ་བྱ་སོགས་ལན་རེ་སྦྲགས་པ་བཅས་ཚར་གསུམ་གྱིས་བྱོན་སྐྱེམས་ཕུལ། དེ་ནས་བསྲེག་རྫས་འབུལ་བ་ནི། ཡམ་ཤིང་ནི། ༀ་ཨཱགྣ་ཡེ་ༀ་བོ་ངྷི་བྲྀཀྵ་ཡེ་སྭཱ་ཧཱ། ལན་བདུན་རེའི་མཐར། བདག་ཅག་དཔོན་སློབ་སོགས་གསོལ་དྲིལ་གསིལ་བཅས་རིགས་འགྲེས་ཀྱིས། ཏིལ་སྔགས་ལན་གཉིས། བཛྲ་བི་ཛ་ལན་གཉིས་བཅས་ཤིང་ཏོག་བར་ཕུལ་བ་ནི་མེ་ལྷ་དང་། འཇིག་རྟེན་ལས་འདས་པའི་ཆོ་ག་ནི། དྲང་སྲོང་མེ་ལྷའི་ལྟོ་བ་རུ། །བྷྲཱུཾ་ལས་གཞལ་ཡས་ཁང་པ་ནི་སོགས་ནས། རང་ལྷའི་ས་བོན་སོགས། བཟླ་


KMC001_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་སྔགས་ཀྱིས་བསྐོར་བར་གྱུར་གྱི་བར་མདུན་བསྐྱེད་ལྟར་བྱ། ན་མོ་བྷ་ག་ཝ་ཏེ་སོགས་གཟུངས་རིང་ལན་བདུན་གྱིས་དགང་གཟར་མར་ཁུས་བཀང་བ་ལ་གཞུང་གསལ། ཧ་བྱ་ཀ་བྱ་སོགས་སྦྲེལ་བས་མར་ཁུ་ཐབ་ཏུ་ཕུལ་བ་བཅས་དེ་འདྲ་ལན་གསུམ་གྱིས་བྱོན་སྐྱེམས་འབུལ། མཆོད་བསྟོད་ནི། འཇིག་རྟེན་ཁམས་ནི་སོགས་ཀྱིས་དཀྱིལ་འཁོར་པའི་མཆོད་ཕྲེང་ཕུལ། ཤཔྡ་ལ་དྲིལ་གསིལ། རྒྱལ་བ་ཟླ་བས་བསྟོད། དཀྱིལ་འཁོར་པའི་བསྲེག་རྫས་འབུལ་བ་ནི། ༀ་ན་མོ་བྷ་ག་ཝ་ཏེ་ཨཱཀྵོ་བྷྱ་ཡ་སོགས་ལ་ༀ་བོ་ངྷི་བྲྀཀྵ ་ཡ་སྭཱ་ཧཱ། རྫས་སྔགས་ལ་གྲངས་བཟུང་སྟེ་ཕུལ་མཐར། བདག་ཅག་དཔོན་སློབ་སོགས། ཤིནྟིཾ་ཀུ་རུ་སྭཱ་ཧཱ་ལ་དྲིལ་གསིལ། དེ་བཞིན་རིགས་འགྲེས་ཀྱིས་ཤིང་ཏོག་བར་མཐར་ཆགས་སུ་ཕུལ་མཐར། ཁ་སྐོང་དངོས་གཞི་རྫས་སྤུངས་གྲངས་གསོག་ནི། བསྲེག་རྫས་རྣམས་ཕྱོགས་གཅིག་ཏུ་སྤོས་པ་རྫས་སྤུངས་ནི། ༀ་ན་མོ་བྷ་ག་ཝ་ཏེ་ཨཱཀྵོ་བྷྱ་ཡ་སོགས་ལ། ༀ་ཨཱཿཧཱུྃ་བཏགས་ཏེ་གྲངས་གསོག་བརྒྱ་རེའམ་ཅི་རིགས་ཀྱིས་མཚམས་སུ། སྒྲུབ་པ་པོའི་ནད་གདོན་སྡིག་སྒྲུབ་སོགས་འདོད་གསོལ་བགྱིས་པས་མཚོན། གྲངས་ཅི་ནུས་ཀྱིས་བསག་ཅིང་སྒྲུབ་པོ་ཚང་མས་རེས་མོས་ཀྱིས་རྫས་སྤུངས་སྤྱི་ལྟར་འབུལ་དགོས། གྲངས་བསགས་ཚར་ནས་མདུན་བསྐྱེད་མཆོད་བསྟོད་ནི། འཇིག་རྟེན་ཁམས་ནི་སོགས་དཀྱིལ་འཁོར་བའི་མཆོད་ཕྲེང་ཚང་མ་


KMC001_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཕུལ། ཤཔྡ་ལ་དྲིལ་གསིལ། རྒྱལ་བ་ཟླ་བས་བསྟོད་མཐར། འདས་གཏོར་དགང་གཟར་ནང་བཞག་སྟེ་བྲན་ལ། གཏོར་མའི་སྟེང་དུ་སོགས། འབྲུ་གསུམ་གྱིས་བརླབ། དེ་ཉིད་བཅོམ་ལྡན་ལྗགས་སོགས། མར་ཁུ་བྲན། ཨ་ཀཱ་རོ་སོགས་ལན་གསུམ་མཐར་གཏོར་མ་ཕུལ། བདག་དང་སེམས་ཅན་སོགས་ཀྱིས་འདོད་གསོལ་དང་། བཅོམ་ལྡན་ཆོ་གའི་སོགས། ༀ་ཁྱེད་ནི་སེམས་ཅན་སོགས་མཐར། ༀ་ཨཱཿཧཱུྃ་མུཿས་ཡེ་ཤེས་པ་གཤེགས། སླར་མེ་ལྷར་བཏང་རག་ཏུ་ཡམ་ཤིང་ནས་བཟུང་ཤིང་ཏོག་བར་ལན་རེས་འབུལ་ཞིང་འདོད་གསོལ་ཡང་གོང་བཞིན་བྱ། དེ་ནས་མེ་ལྷའི་མཆོད་ཕྲེང་ཆ་ཚང་ཕུལ་ལ། ༀ་ཨཱགྣ་ཡེ་ས་པཱ་རི་ཝཱ་རཱ་ཨཱརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། དེ་བཞིན། པཱདྱཱཾ་ནས། ཤབྡའི་བར་མཆོད་དེ་དྲིལ་གསིལ། འཇིག་རྟེན་དབང་ཕྱུག་སོགས་ཀྱིས་བསྟོད། མེ་ལྷའི་གཏོར་མ་དགང་གཟར་ནང་བཞག་སྟེ་བྲན་ལ། ཨ་ཀཱ་རོ་ལན་གསུམ། མར་ཁུ་སྦྲེང་བཞིན། ༀ་ཨཱགྣ་ཡེ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་སོགས་ལན་གསུམ་གྱིས་མཆོད། མེ་སྟེ་བསྲེག་བྱ་སོགས་བཞི་དྲིལ་གྱིས་ཀུན་འགྲུབ་མཛོད། ཡིག་བརྒྱ་ལན་གསུམ་དང་བཟོད་གསོལ་བྱ། དྲིལ་རྡེབ་མེ་ལྷའི་གདངས་གཤེགས་རྒྱ་བཅས། བདག་གི་དོན་དང་གཞན་གྱི་སོགས་ནས། བཛྲ་མུཿས་སེ་གོལ་དང་བཅས་གཤེགས་སུ་གསོལ། བསོད་ནམས་འདི་ཡིས་སོགས་ངག་གྲོལ། སླར་འདུ་ཁང་ནང་ཚོགས་


KMC001_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། མཆོད་པ་གསོ་བྲན་གྱིས། རྗེས་ཆོག་མན་ཆད་གོང་བཞིན་མཐའ་དབྱུང་བར་བྱ། དེ་རྣམས་ཀྱིས་མགོན་པོ་མི་འཁྲུགས་པའི་བསྙེན་སྒྲུབ་སྦྱིན་བསྲེག་ལས་རུང་གྲུབ་པ་ལགས་སོ།། ༈ །།གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་བདེ་ཆེན་ཞིང་གི་བསྙེན་སྒྲུབ་ལ། ཐོག་མར་བཤམས་བཀོད་ཀྱི་རིམ་པ་ནི། བདེ་ཆེན་ཞིང་བཀོད་སོགས་རྟེན་གསུམ་གྱི་བྲིས་འབུར་བཤམས་པའི་མདུན་སྟེགས་བང་རིམ་དང་པོར་བླ་གཏོར་རྒྱན་ལྔ་སྒྲོམ་སོགས་ཟུར་གསལ་དཔེའུ་རིས་ལྟར་བཤམས་པའི་གཡས་previous hit གཡོནདུ next hit་སེམས་དཔའ་གཉིས་ལ་ཞལ་ཟས་གཉིས། དེ་འོག་བང་རིམ་གཉིས་པར་སྨན་ལེབ་གཡས་previous hit གཡོནདུ next hit་སྨན་རཀ་རྫས་ལྡན། གཡོན་ངོས་སུ་བཀའ་སྲུང་ཞིང་སྐྱོང་ཡབ་ཡུམ་གྱི་གཏོར་མ་བཀོད། དེ་འོག་ཏུ་མཆོད་མགོ་གཡས་བསྟན་གྱིས་ཆུ་གཉིས་ཉེར་སྤྱོད་ཕྲེང་བཤམས་བྱ། གཞན་ཡང་མཆོད་ཁ་གསོ་བྱེད་ཞལ་ཟས། བཀའ་སྲུང་འབུལ་གཏོར་བཅས་སྟ་གོན་བྱ། ཐོག་མའི་ཉིན་པར་ཚོགས་མཆོད་དང་འབྲེལ་འདུ་ཁང་ནང་ལྷན་ཚོགས་དགོས་པས་དེར་ཡང་བཤམས་བཀོད་གོང་ལྟར་ལགས། ཐོག་མའི་ཉིན་སྔོན་གཏོར་དང་། ཚོགས་ཀྱི་ཡོ་བྱད་བཅས་འདུ་བྱ། ཆོ་ག་དངོས་ལ། བརྡ་བྱུང་འཕྲལ་འདུ་ཁང་ནང་ཚོགས་ཏེ་ཐོག་མར། ཚིག་བདུན་གསོལ་འདེབས་དབང་ལེན་དང་བཅས་པ། ན་མོ་ཨ་མི་ཏ་བྷ་སོགས་བརྒྱུད་འདེབས་གསུང་། ན་མོ་དཀོན་མཆོག་གསུམ་དང་སོགས་ལན་གསུམ། བཞི་དྲིལ་གྱིས། བདག་ཉིད་སྤྱན་རས་སོགས། བདུད་རྩིར་


KMC001_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ཅིག་ༀ་ཨཱཿཧཱུྃ་སོགས་ལ་བགེགས་གཏོར་ལ་བདུད་རྩི་བྲན། ༀ་སརྦ་ལོ་ཀ་པཱ་ལ་སོགས་དྲིལ་གསིལ་གྱིས། གཙྪ་ལ་བཞི་རོལ་ཌཱ་རྒྱ་དུང་དཀར་དམར། བགེགས་གཏོར་དོར། སྐུ་ལས་མེ་དཔུང་སོགས་རཀྵ་བྷྲཱུཾ༔ མཆོད་པར་བདུད་རྩི་བྲན་ལ། ཀ་དག་ཀློང་ནས་སོགས། པཱུ་ཛ་ཧོཿལ་མཆོད་སིལ། མེ་ཏོག་ཆུ་སྐྱེས་སོགས། སྤྱན་དྲངས་གྱུར་མཆོད་རོལ། བཞི་དྲིལ་གྱིས། ཧཱུྃ་འོད་དཔག་མེད་ཀྱི་སོགས། བཛྲ་ས་མཱ་ཛཿར་བསྡུ་རྒྱ་མཆོད་སིལ། རང་རྒྱས་ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷནཿལ་གདན་རྒྱ། ཨ་ཏི་པཱ་ཨུཧོཿསོགས་ཐལ་སྦྱར་གྱིས། ཐུགས་ཀའི་ཧྲཱིཿལས་སོགས་ཧྲུག་འདོན་བྱ། ཧཱུྃ་བདག་གིས་དྲི་ལྡན་སོགས་བཞི་དྲིལ་བྱ། ༀ་བཛྲ་ཨཱརྒྷཾ་སོགས་རང་རྒྱའི་མཐར། མུ་དྲ་ལ་འཁྱུད་རྒྱ་བཅས་མཆོད་སིལ། དེ་ནས་ཐུན་དང་པོར་ཟུར་གསལ་གསལ། ཧཱུྃ་བཀྲ་ཤིས་གཙོ་བོ་རྫས་བརྒྱད་སོགས་རྒྱས་པ་གསུངས་མཆོད་སིལ། ཧཱུྃ་ཀུན་གྱི་གཙོ་བོ་རི་རབ་སོགས། ཧཱུྃ་བདག་གིས་སྐྱབས་གནས་སོགས་ཚིག་རིས་དང་བསྟུན་སྨན་རཀ་སོ་སོར་མཆོད་དགོས། ཁཱ་ཧི་ལ་མཆོད་སིལ། ༀ་རྡོ་རྗེའི་སྐུ་ནི་སོགས་བཞི་དྲིལ་ཕྱེད་རྒྱས་བཅས་ཀྱིས་བསྟོད་མཐར་མཆོད་སིལ། ཨེ་མ་ཧོཿངོ་མཚར་སངས་རྒྱས་སོགས་ཐལ་སྦྱར་བཅས་བྱིན་གྱིས་རློབས༔ ༀ་ཨ་མི་ངྷེ་ཝ་ཧྲཱིཿཐུན་གྱི་དངོས་གཞིར་བཟླ་ཞིང་སོ་སོའི་ཤག་ཏུ་ཡང་ཞག་ཤས་རིང་བསྙེན་


KMC001_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་གསུང་མི་དགོས། དེ་སྐབས་ཟིན་བྲིས་ནང་གསལ་ལྟར་ཞིང་ཁམས་སྦྱོང་བ། བསོད་ནམས་ཚོགས་བསགས། མདོ་ལུགས་སེམས་འཛིན། བྱ་རྒྱུད་དང་སྤྱོད་རྒྱུད་ལུགས་ཀྱི་དམིགས་པ་རྣམས་སོ་སོར་ནན་ཟབ་ཏུ་བསྒོམ། དེ་རྣམས་ཀྱིས་དམིགས་པ་ལེགས་པར་གྲུབ་མཚམས་གོང་གི་གསོལ་འདེབས་མཐར་ཟུར་གསལ་བསྙེན་དམིགས། རང་ཉིད་སེམས་དཔའ་སོགས་གསུང་སྟེ་བསྙེན་བཟླས་དང་། ཟིན་བྲིས་ལྟར་དམིགས་རིམ་རྣམས་རིམ་གྱིས་སྤོ་བར་བྱའོ། །གང་ལྟར་ཡང་ཐུན་མཐར། ཧྲཱིཿབརྒྱ་རྩ་དང་། གཟུངས་རིང་བདུན་ནམ་ཉེར་གཅིག་སོགས་གང་རིགས་བསྙེན་ནས། དྲིལ་གསིལ་གྱིས་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བཅས་ལན་གསུམ་མཐར། བཀའ་སྲུང་གི་ཕུག་གཏོར་བྲན་ལ། ཧཱུྃ་སྣང་བ་མཐའ་ཡས་སོགས་དང་བཅས་གསལ༔ རོལ་མོ་འབེབས་རིང་ཌཱ་རྐང་རག་མཐར་སུམ་བརྡུང་འཛབ་ཡོད་ཀྱིས། ཧཱུྃ་འོག་མིན་དུར་ཁྲོད་སོགས་ནས། འབུལ་གྱིས་བཞེས་ལ་མཚམས་རྒྱག ༀ་སིངྷ་མུ་ཁ་སོགས་གཏོར་རྒྱས་ལན་གསུམ་མཐར། ཧཱུྃ་སྔོན་ཚེ་རྒྱལ་བའི་སོགས་འགྲུབ་པར་མཛོད༔ འབེབས་བཞག་དུང་དམར། ཞིང་སྐྱོང་ཐུགས་ཀར་སོགས་བསྙེན་དམིགས་གསུང་དམ་བཅས་གྱུར༔ ༀ་སིངྷ་མུ་ཁ་ཧཱུྃ་ཕཊ༔ ཅེས་ཡབ་སྔགས་བསྙེན་མཐར། འབུལ་གཏོར་ལ་ཆུ་ཆབ་བྲན་ཏེ། ན་མོ་དཀོན་གསུམ་དང་སོགས་དྲག་འབེབས་རྐང་རག་མཐར་བཞག


KMC001_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་རཀ་སྦྲེང་། ཞིང་སྐྱོང་ཡབ་ཡུམ་སོགས་ཚིག་གཉིས་ཧྲུག་འདོན་བྱ། ཧཱུྃ་དཔལ་ལྡན་ཞིང་སྐྱོང་སོགས་མཐར་ཟིལ་འབེབས་འོག་གོང་གི་སྔགས་རིང་བཟླས་ནས་འུར་བཞག་གཏོར་མ་ཕུལ། བསྙེན་སྒྲུབ་སྐབས། གཙོ་འཁོར་བཞི་པོ་སྐད་ཅིག་སོགས་ནས། སྒྲུབ་པའི་རྒྱབ་བརྟེན་བྱེད་པར་གྱུར་གྱི་བར་ཚིག་རྐང་བདུན་པོ་གསུང་དགོས། ཚོགས་ལ་བྲན་ཅིང་སྤོས་གཟུག བདག་ཉིད་སེམས་དཔའི་སོགས་ཧྲུག་འདོན་དང་། ༀ་ཨཱཿཧཱུྃ་ལན་གསུམ་སོགས་ལ་བདུད་རྩི་བྲན། གནས་འོག་མིན་སོགས་ཚིག་གཉིས་རེར་དྲིལ་རྡེབ་བཅས། ཧཱུྃ་བླ་མ་ཡི་དམ་སོགས་མཆོད་སིལ། བསྐང་རྫས་མཆོད་པའི་སོགས་བཞི་དྲིལ། ཧཱུྃ་སྤྲོས་བྲལ་ཀུན་བཟང་སོགས་ཀློང་དུ་བསྐང་༔ ཐལ་སྦྱར་བཅས། ཧོཿ བདག་ཅག་མ་རིག་སོགས་མཐར་མཆོད་སིལ་ཡིག་བརྒྱ་རོལ་འོག་ཏུ་གསུང་། ལས་རྡོར་པས་མར་མེ་བཏེག་ལ་ཞི་ཁྲོའི་གཞུང་གདངས་ཀྱིས། ༀ་ཨཿཧཱུྃ། བདེ་ཆེན་བདེ་བའི་སོགས། རབ་བསགས་ཏེ་ཞེས་པའི་མཚམས་སུ། གཞན་དོན་ཐེག་ཆེན་སྨོན་ལམ་མཚམས་སྦྱར་ནས༔ ལེགས་བྱས་འདི་འཐུས་སོགས་བཅུག་དགོས་མཐར་མཆོད་སིལ། ཚོགས་ཞུ་ལེན་བྱ། ཞབས་བརྟན་རིགས་གསུང་། ལྷག་མ་བསྡུ་གཙང་ལྷག་བསྲེ་སྟེ་བདུད་རྩི་བྲན་ལ། ༀ་ཨཱཿཧཱུྃ་ལན་གསུམ། ཨ་ཀཱ་རོ་སོགས་ལན་གསུམ། ལྷག་


KMC001_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དབང་བ་སོགས་མཆོད་སིལ། ལྷག་མ་དོར། ཧཱུྃ་སྣང་སྲིད་མ་མོ་སོགས་མཆོད་སིལ། ཆད་མདོ་ཕུལ། བྷྱོ་བོད་ཁམས་སོགས་མཆོད་སིལ། བརྟན་མ་ཕུལ། ཧཱུྃ་སྐྱེ་འགགས་སོགས་རྣམ་པར་རྒྱལ༔ ༀ་འགྲུབ་པར་གྱུར་ཅིག་སོགས་སྨོན་ལམ་ལན་གསུམ་མཐར། མ་འབྱོར་བ་དང་སོགས། ཡིག་བརྒྱ་ལན་གསུམ། དེ་ནས་མདུན་གྱི་སོགས་བསྡུ་ལྡང་བྱ། སྟོན་མཆོག་དམ་པ་སོགས་བཀྲ་ཤིས་འདུར་གདངས་མཐར་མཆོད་སིལ། བདེ་སྨོན་དང་གཞན་ཡང་སྨོན་ལམ་ཅི་རིགས་པས་བརྒྱན་ཏེ་་ཐུན་གྲོལ། དེ་ནས་སོ་སོའི་ཤག་ཏུ་ཡང་ཐོར་ཐུན་སོགས་གསུམ་ལ་འདོན་བྱ་གོང་ལྟར་ལ་བསྙེན་པའི་མཇུག་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ་མཐར། ༀ་འགྲུབ་པར་གྱུར་ཅིག་སོགས་སྨོན་ལམ་དང་། མ་འབྱོར་བ་དང་སོགས། ཡིག་བ|རྒྱ། དེ་ནས་མདུན་གྱི་སོགས་བསྡུ་རིམ་དང་བཀྲ་ཤིས་བརྗོད་ཅིང་། བདེ་སྨོན་རྒྱས་བསྡུས་བཅས་ཀྱིས་ཐུན་གྲོལ། དགོང་ཐུན་སྐབས་དབྱངས་ཡིག་རྟེན་སྙིང་མཐར། བཀའ་སྲུང་ཞིང་སྐྱོང་གཞུང་ལྟར་ཚིག་རྔ་རྣམས་ལ་ཌཱ་རྒྱག་བཅས་གསུང་། གཞན་རྗེས་ཀྱི་བྱ་བ་རྣམས་སྔར་ལྟར་དང་། སྔོན་གཏོར་དང་ཚོགས་མཆོད་ཐོག་མའི་ཉིན་ལས་མི་དགོས། གོང་གསལ་ཚུལ་དེ་ལྟ་བུས་དངོས་གཞིའི་བསྙེན་པའི་ཞག་གྲངས་སོང་ནས་འཕོ་བ་སྦྱོང་རན་པ་ན་བུམ་པ། ཚེ་རིལ། ཚེ་ཆང་། མདའ་དར་རྣམས་བཤམས། བླ་མའི་མདུན་ནས་འཕོ་བའི་དམིགས་རིམ་རྣམས་ལེགས་


KMC001_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

པར་ནོད་དེ། ཐོར་ཐུན་ལ་གོང་བཞིན་འོད་ཆོག་གཞུང་ཚར་གཅིག་གསུང་སྟེ། ཟུར་གསལ་བསྙེན་དམིགས་དང་བསྙེན་པ་རྣམས་ཅི་འགྲུབ་བཟླས་མཐར་འཕོ་གཞུང་ལ་འཇུག་སྟེ། དེར་གསལ་ལྟར་ཕྱི་ནང་གི་སྟོང་ར་གསལ་གདབ། སྤྱི་བོར་ཞིང་བཀོད་ཀྱི་ལྷ་ཚོགས་བསྐྱེད་བསྟིམ་དང་སྒོ་དགུ་ཧྲཱིཿཡིག་བཀག་པ་སོགས་འདོན་སྒོམ་སྦྲགས་ཏེ་དལ་འདོན་བྱ། དེ་ནས་གསོལ་འདེབས་གྲངས་གསོག་ཅིང་རྣམ་ཤེས་སྤར་བ་སོགས་སྤེལ་ཏེ།།ཐུན་གྱི་དངོས་གཞིར་བསྐྱང་། ཐུན་གྲོལ་ཉེ་བ་ན། ངོ་མཚར་སངས་རྒྱས་སོགས་སྨོན་ལམ་མཐར ། ཚེ་ཡི་གསོལ་འདེབས་ལན་གསུམ་ཚེ་དམིགས་ཚེ་སྔགས་བརྒྱ་རྩ་སོགས་བཟླས་ལ། འོད་དཔད་མེད་གཙོ་འཁོར་གསུམ་འོད་དུ་ཞུ་ནས་སོགས་བརྗོད་ཅིང་། བདེ་སྨོན་རྒྱས་པ་སོགས་མཐའ་བརྒྱན་ཏེ་ཐུན་གྲོལ། ཐུན་རྗེས་མ་རྣམས་སུ་སྐྱབས་སེམས་ལན་གསུམ་མཐར་འཕོ་གཞུང་ལ་འཇུག་ཐུན་འཇོག་ཁར་གོང་བཞིན་ལ། དགོང་ཐུན་སྐབས་གོང་གི་ཚེ་སྒྲུབ་མཐར་བཀའ་སྲུང་གསུང་དགོས། སྲོད་ཐུན་གྱི་མཇུག་ཏུ་འོད་ཆོག་གཞུང་གི་ཚེ་སྒྲུབ། ཧཱུྃ་བཅོམ་ལྡན་འོད་དཔག་མེད་མགོན་ནི༔ ཞལ་གཅིག་ཕྱག་གཉིས་སོགས་བཞི་དྲིལ་མདའ་དར་གཡོབ་ཅིང་ཚེ་སྒྲུབ་གཞུང་གདངས་ཀྱིས་གསུང་ཞིང་བསྙེན་པ་ཅི་འགྲུབ་བཟླས་མཐར། དྲིལ་གསིལ་གྱིས་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བཅས་ལན་གསུམ། ཧཱུྃ་ཡེ་ཤེས་ལྷ་ཚོགས་སོགས་སྟོང་ཚིག་ཕུལ་ལ་མཆོད་སིལ་མཐར། ༀ་འགྲུབ་པར་གྱུར་ཅིག་སོགས་མན་


KMC001_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་གོང་བཞིན་མཐའ་དབྱུང་བར་བྱའོ། །འཕོ་བའི་ཉིན་མཐའ་མར་ཟིན་བྲིས་ནང་གསལ་ལྟར་དབང་སྒྲུབ་བྱས་ཏེ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་དུ་མོས་པའི་དྲུང་ནས་དབང་ཆོག་ལྟར་བདག་འཇུག་རྒྱས་པ་བླངས་པའམ། བསྡུ་ན་གོང་གསལ་ཚེ་བསྙེན་གྱི་མཇུག་ཏུ་དབང་རྫས་རྣམས་རང་གི་མགོ་བོར་བཞག་སྟེ་རྩ་སྔགས་མཇུག་ཏུ། ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བརྗོད་དེ་བུམ་ཆུ་བཏུང་ཞིང་ཁྲུས་བྱ། གཏོར་མ་དང་། ཚེ་རིལ། ཚེ་ཆང་མྱང་སྟེ། མདུན་བསྐྱེད་ཐམས་ཅད་རང་ལ་བསྟིམ་ཞིང་། ཞིང་སྐྱོང་རྟེན་ལ་བསྟིམ་པའམ་རང་གནས་སུ་གཤེགས་པ་གང་མོས་བྱ། གཞན་རྗེས་ཀྱི་བྱ་བ་རྣམས་གོང་ལྟར་གྱིས་གྲུབ། ༈ །ཕྱི་ཉིན་ནས་འདུ་ཁང་ནང་བཤམས་བཀོད་སོགས་གོང་ལྟར་ལ། ཚེ་རིལ། ཚེ་ཆང་། ཚོགས་ཀྱི་ཡོ་བྱད། སྔོན་གཏོར། ཆད་བརྟན་སོགས་ཉེར་མཁོའི་རིགས་ཚོགས་པར་བྱ། དེ་ནས་བརྡ་བྱུང་འཕྲལ་སྔ་བར་ཚོགས་ཏེ། ལོ་གྱོན་མའི་གཟུངས། རྣམ་འཇོམས་རྣམ་རྒྱལ། ཚིག་བདུན་གསོལ་འདེབས། བརྒྱུད་འདེབས་ནས་བཟུང་ལས་བུམ་ཕྲིན་བཅོལ་བར་མཐར་ཆགས་སུ་བཏང་སྟེ། བདེ་སྨོན་རྒྱས་པའི་མཇུག་སྨོན་ལམ་རྣམས་རེས་མོས་ཀྱིས་གསུངས་ཏེ་ཚོགས་ཐེངས་དང་པོ་གྲོལ། ཚོགས་ཐེངས་གཞན་གསུམ་ལ། ལྟུང་བཤགས་ཚར་རེ་གསུང་སྟེ། བརྒྱུད་འདེབས་ནས་བཟུང་གོང་བཞིན་བསྐྱར་བར་བྱ། རྗེས་མར་བཀའ་སྲུང་དང་། ཚོགས་མཆོད། ཚེ་སྒྲུབ་བཅས་མཐར་ཆགས་སུ་བཏང་ངོ་། །སྒྲུབ་མཆོད་ཀྱི་ཞག་གྲངས་ཚང་ནས་ཁ་སྐོང་སྦྱིན་བསྲེག་ནི། སྔ་དྲོ་སྔ་བར་


KMC001_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

འདུ་ཁང་ནང་ཚོགས་ཏེ། ལས་བྱང་ཚར་གཅིག་བཀའ་སྲུང་བཅས་གསུངས་ཏེ་ཚོགས་ཀྱི་འགོར་གྲོལ། སྦྱིན་བསྲེག་ལ་འཇུག་སྟེ། བདེ་ཆེན་ཞིང་གི་ཕུང་པོ་སྲེག་པའི་ཆོ་ག་ལྟར་ལ་སྐབས་བབ་ཀྱི་ཚིག་ཟུར་རྣམས་ཁ་བསྒྱུར་ཞིང་མེ་སྦར་ཚིགས་བཅད་ཀྱང་མི་དགོས་སྔགས་ཀྱིས་ཆོགའདོད་གསོལ་སྐབས། ཚེ་ལས་འདས་པའི་སྡིག་སྒྲིབ་སོགས་ཀྱི་ཚབ་ཏུ། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སོགས་བརྗོད། དཀྱིལ་འཁོར་པའི་གཙོ་འཁོར་གསུམ་དང་སངས་རྒྱས་བྱང་སེམས་བཅས་ཀྱི་མཇུག་མཆོད་བསྟོད་འགོར། དངོས་གཞི་བསྙེན་པའི་ཁ་སྐོང་རྫས་སྤུངས། ༀ་ཨ་མི་ངྷེ་ཝ་ཧྲཱིཿས་པཱ་རི་ཝཱ་རཱ་ༀ་ཨཱཿཧཱུྃ༔ ཞེས་བུང་བསྐྱེད་དེ་ཕུལ་ལ་བར་མཚམས་སུ་འདོད་གསོལ། སྒྲུབ་པ་པོའི་ནད་གདོན་སོགས་སྤྱི་ལྟར་བརྗོད་ལ་མཆོད་སིལ་བྱ། སྒྲུབ་པོ་ཚང་མས་རྫས་སྤུངས་ཕུལ་དགོས། མཐར་མཆོད་བསྟོད་མན་སྦྱིན་སྲེག་ནང་གསལ་ལྟར་མཐའ་དབྱུང་ངོ་། །སླར་འདུ་ཁང་ནང་ཚོགས་ཏེ་ཚོགས་མཆོད་མན་དཀྱུས་བཞིན་བཏང་། ཕྱི་ཉིན་ཡང་སྔ་བར་ཚོགས་ཏེ་ཆོ་ག་ཚར་གཅིག་གསུང་ཞིང་གཏང་རག་ཚོགས་འཁོར་དང་ཚེ་རྫས་བཅས་རོལ་ཞིང་མཐའ་རྒྱས་སུ་སྤེལ་བས། བདེ་ཆེན་ཞིང་གི་བསྙེན་སྒྲུབ་འཕོ་བ་དང་བཅས་པ་ལེགས་པར་གྲུབ་བོ།། ༈ །།ན་མོ་གུ་རུ་པདྨ་བཛྲ་ལོ་ཀཱ་ཏ་རོ་ཡེ། ཆོས་དབྱིངས་འགྱུར་མེད་བདེ་བ་ཆེན་པོའི་ཀློང་། །རྩལ་སྣང་མ་འགགས་ཁྲོ་རྒྱལ་གྲོ་བོ་


KMC001_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ལོད། །དབྱེར་མེད་མཁའ་ཁྱབ་རྡོ་རྗེའི་ཞབས་པད་ལ། །སྒོ་གསུམ་གུས་པ་ཆེན་པོས་རབ་འདུད་དོ། །དེ་ལ་འདིར་ཡོངས་དགེ་གཏེར་ཆེན་མི་འགྱུར་རྡོ་རྗེའི་ཟབ་ཆོས་རྡོ་རྗེ་གྲོ་ལོད་ཀྱི་བསྙེན་སྒྲུབ་མདོར་བསྡུས་བྱ་ཚུལ་བརྗེད་བྱང་བཀོད་པ་ལ། ཐོག་མར་བཅའ་བཤམས་ཀྱི་རིམ་པ་ནི་རྗེ་པདྨ་ཉིན་བྱེད་ཀྱི་གསུང་ལྟར་། ཟུར་གསལ་གྲོ་ལོད་འདོན་ཟིན་ལ་ལག་དེབ་དང་དཔེའུ་་རིས་བཅས་སུ་གསལ་བ་ལྟར་སོ་སོའི་ཤག་ཏུ་ཆ་ཚང་རེ་བཅའ་དགོས་ཤིང་བསྐང་གཏོར་ཡང་དགོས། དེ་ནས་ཐོག་མའི་ཉིན་པར་སྣ་སེལ། བར་བསམ། སྒྲོལ་མ། ཆ་གསུམ། གཞི་བདག་དཀར་གཏོར། རྒྱལ་ཐོ་གསོ་བ་སོགས་སྤྱི་ལྟར་བྱ། ཕྱི་དྲོའི་ཐུན་ལ་འདུ་ཁང་ནང་ལྷན་ཚོགས་ཀྱིས། ཚིག་བདུན་གསོལ་འདེབས། བསམ་ལྷུན་དང་བར་ཆད་ལམ་སེལ་རེས་མོས་བྱ། གཞུང་གི་བརྒྱུད་འདེབས་རྣམས་དང་། དཀར་བགེགས། ཀུན་བཟང་རིགས་ལྔ། ཡེ་ཤེས་གསང་བ། སྦས་གསང་། གྲོ་ལོད་བསྙེན་པའི་མཐར། ཟངས་སྦུབ་མ། གྲོ་ལོད་གཏོར་འབུལ། མཁའ་འགྲོ་བཾ་བསྒྲལ། གསང་བདག་ཏྲཀྴད། བསྐང་བ་ལན་གསུམ། ཛཾ་སེར། ཚེ་སྒྲུབ། བཀྲ་ཤིས་བཅས་ཀྱིས་གྲུབ། ༈ །ཕྱིར་ནང་སོ་སོའི་ཤག་ཏུ། ཐོར་ཐུན་ལ། ཚིག་བདུན་གསོལ་འདེབས། བར་ཆད་ལམ་སེལ། བརྒྱུད་འདེབས་གཉིས་རེས་མོས་བྱེད་ཀྱང་ཆོག་བསྡུས་པ་ལྕང་ལོ་ཅན་གཉིས་ཀའི་མཇུག་ཏུ་གསུང་དགོས། དཀར་སྐྱེམས་བྲན་ལ། ཨཱོཾ་ཨཱཿཧཱུྃ༔ རིན་ཆེན་སྣོད་མཆོག་སོགས། ཨཱོཾ་ཨཱཿཧཱུྃ་ལན་


KMC001_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། བཞི་དྲིལ་གྱིས། ཧཱུྃ༔ སྟེང་གི་ལྷ་དང་སོགས། ཨ་ཡ་མ་སོགས་མཆོད་སིལ། དཀར་སྐྱེམས་ཕུལ། བགེགས་གཏོར་བྲན་ལ། ཧཱུྃ་བྷྱོ༔ ང་ནི་པདྨ་བཛྲ་སོགས། རྡོར་དྲིལ་བཅས་འགུགས་རྒྱས། ན་མོ༔ དཀོན་མཆོག་གསུམ་གྱི་སོགས་ལན་གསུམ། ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ལན་གསུམ། ན་མཿསརྦ་ཏ་ཐཱ་ག་ཏེ་སོགས་གཏོར་རྒྱས་བཅས་ལན་གསུམ། བཞི་དྲིལ་གྱིས། ཧཱུྃ༔ ཉོན་ཅིག་ལོག་འདྲེན་སོགས། སརྦ་བིགྷྣཱན་སོགས་ལ་དྲིལ་གསིལ། རོལ་མོ་འབེབས་རྒྱ་རག་མཐར་རོལ་ཆེན་རེས་མོས་ཀྱིས་ལྡིར་སླར་འབེབས་སུམ་བརྡུང་ལན་ཡོད། ཧཱུྃ༔ བཀའ་བརྒྱུད་བླ་མའི་སོགས་མཚམས་བཅད་དོ༔ སརྦ་བིགྷྣཱན་སོགས་འབེབས། ཧཱུྃ༔ རང་རིག་བླ་མར་སོགས། ཧྲཱིཿཧཱུྃ་བྷྱོ་སོགས་འབེབས། ཨཱོཾ་ཨཱཿཧཱུྃ༔ ཆོས་སྐུ་ལོངས་སྐུ་སོགས་ལན་གསུམ་མཐར་མཚམས་རྒྱག ཧོཿ སྐུ་གསུམ་བླ་མའི་སོགས་དག་གྱུར་ཅིག༔ འབེབས་རིང་བཞི་དྲིལ་མདའ་དར་ག་ཡོབ་ཅིང་། ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་སོགས་ལན་གསུམ་མཐར་མཚམས་རྒྱག ཨཱོཾ་ཨཱ་ཿཧཱུྃ༔ རྒྱལ་བ་རབ་འབྱམས་སོགས་མཐར་འབེབས་རིང་ཌཱ་རྒྱ་རག་སུམ་རྡུང་། ཨཱོཾ་ཨཱཿཧཱུྃ༔ འདིར་བཤམས་མཆོད་རྫས་སོགས་མཆོད་བྲན་སྔགས་ཚན་གསུམ་པོ་དང་པོར་གསུངས་མཐར།


KMC001_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

སིལ་སྙན་འབེབས་སུམ་བརྡུང་གིས་ཀུན་བཟང་ནི། ཧཱུྃ་ཧཱུྃ་ཧཱུྃ༔ འཁོར་འདས་ཡེ་སྟོང་སོགས། ཨཱོཾ་ཨཱཿཧཱུྃ་བོ་ངྷི་ཙིཏྟ་མ་ཧཱ་སོགས་དྲིལ་གསིལ། འབེབས་རིང་ཌཱ་རྒྱ་སུམ་རྡུང་ཆེ་རྡེབ་ཀྱིས། ཧཱུྃ༔ འཁོར་འདས་ཡེ་སྟོང་སོགས་མཐར་སླར་འབེབས་རིང་ཌཱ་རྒྱ་རག་མཐར། ཧཱུྃ༔ སྟོང་གསུམ་སྟོང་ཆེན་སོགས། བཟོད་པར་གསོལ་ལ་མཚམས་རྒྱག ཨཱོཾ་ཨཱཿཧཱུྃཿཆོས་དབྱིང་རྒྱལ་བ་སོགས་ནས་མངོན་གྱུར་ཤོག༔ འབེབས་བཞག་དུང་དམར། དེ་ནས་ཨཱོཾ་ཨཱཿཧཱུྃ་བོ་ངྷི་ཙིཏྟ་སོགས། ཛཿཧཱུྃ་བཾ་ཧོཿའི་བར་སྤྱན་འདྲེན་སྔགས་ལན་བཟླ། རྩ་བསྙེན་དངོས་ནི། ཨཱོཾ་ཨཱཿཧཱུྃ་བོ་ངྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱཏུ་ཨཱཿ ཨཱོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་ཐུན་གྱི་དངོས་གཞིར་ཅི་ནུས་ཀྱིས་བཟླས། གྲོལ་རན་པ་ན། ཨཱོཾ་ཨཱཿཧཱུྃ༔ སེང་གེ་པདྨ་སོགས་རིགས་ལྔའི་བསྙེན་བཟླས་རྣམས་ཁྱུག་ཙམ་རེའི་མཐར་ལྷག་ཆད་ཁ་སྐོང་ཕྱིར། དྲིལ་གསིལ་གྱིས་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཅས་ལན་གསུམ། ཧཱུྃ༔ ཡེ་ཤེས་ལྷ་ཚོགས་སོགས་སྟོང་ཚིགས་འབུལ་མཆོད་སིལ། ལུས་སྣང་ལྷ་སྐུ་སོགས་འོད་གསལ་དུ་བསྡུ་ཞིང་ཟུང་འཇུག་གི་སྐུར་ལྡང་ལ། ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་སོགས་བཞི་དྲིལ་བཅས་ཤིས་བརྗོད་མཆོད་སིལ། གཞན་ཡང་བསྔོ་སྨོན་བཅས་ཀྱིས་ཐོར་ཐུན་གྲུབ། ༈ །སྔ་ཐུན་ལ། རོལ་མོ་སུམ་རྡུང་གིས་སྐྱབས་འགྲོ་


KMC001_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཟུང་གོང་བཞིན། ཀུན་བཟང་བསྙེན་པ། རིགས་ལྔའི་རྗེས་རིམ་སོགས་ཐོར་ཐུན་བཞིན་ནོ། །ཕྱི་དྲོ་དགོང་ཐུན་ལ། སྐྱབས་འགྲོ་ནས་བཟུང་གོང་ལྟར་གྱིས་རིགས་ལྔའི་བསྙེན་པ་ཁྱུག་ཙམ་རེ་གྲུབ་རྗེས་ངག་མི་གྲོལ་བར་ཡེ་ཤེས་གསང་བ། གྲོ་ལོད་གཏོར་འབུལ་དང་བཅས་པ། མཁའ་འགྲོ་བཾ་བསྒྲལ། རེ་ཏི་གསུང་ན་འདིར་སྦྱར། གང་ལྟར་ཡང་གསང་བདག་ཏྲཀྴད། །བསྐང་བ་གྲངས་གསོག་ཛཾ་སེར་མཐར། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་སོགས་ལྷག་ཆད་ཁ་སྐོང་ཕྱིན་གོང་ལྟར་གྱིས་ཐུན་གྲོལ། སྲོད་ཐུན་ལ། སྐྱབས་འགྲོ་ནས་བཟུང་ཀུན་བཟང་བསྙེན་བཟླས་གོང་ལྟར་ལ། རིགས་ལྔའི་མཐར་ཚེ་སྒྲུབ་འཁོར་འདས་རོ་གཅིག་གསུང་ཞིང་ཚེ་བསྙེན་དང་མཐར་ལྷག་ཆད་ཁ་སྐོང་ཕྱིན་གོང་ལྟར་བྱ། དེ་ལྟ་བུའི་རིམ་པས་ཕྱི་སྒྲུབ་ཀུན་བཟང་རིགས་ལྔ་དང་བཅས་པའི་བསྙེན་སྒྲུབ་ཐེམ་ནས། ༈ །གཉིས་པ་ནང་སྒྲུབ་བླ་མ་ཡེ་ཤེས་གསང་བའི་སྐབས། ཐོར་ཐུན་ལ། གོང་ལྟར་ཚིག་བདུན་གསོལ་འདེབས་ནས་བཟུང་། དཀར་བགེགས། བྱིན་འབེབས། སྐྱབས་སེམས་སོགས་དང་། ཀུན་བཟང་རིགས་ལྔའི་བསྙེན་པ་མདོར་བསྡུས་སོང་རྗེས། སིལ་སྙན་སུམ་བརྡུང་ལེན་ཡོད་ཀྱིས་ཡེ་གསང་། ཨ་ཨ་ཨ༔ ཡང་དག་དོན་ནི་སོགས་ལྷ་བསྐྱེད་གསུང་གཤེགས་པར་གྱུར༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་སོགས། ཛཿཛཿར་འབེབས་རིང་ཌཱ་རྒྱ་རག་མཐར་། ཧཱུྃ༔ སྔོན་གྱི་བསྐལ་པའི་སོགས་ཚིག་རྐང་བདུན་པོ་ལན་གསུམ་རྗེས་མར། གནས་མཆོག་འདི་རུ་


KMC001_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྤྲེལ་མཐར་འབེབས་རིང་ཌཱ་རྒྱ་རག་ཉིས་བརྡུང་ཉིས་འཕར། ཧཱུྃ༔ ཉི་ཟླ་པདྨ་འབར་བའི་སོགས། ཏིཥྛ་བྷྲཱུཾ་ལ་མཚམས་རྒྱག ཧཱུྃ༔ མོས་གུས་གདུང་ཤུགས་སོགས་ནས། པཱུ་ཛ་ཧོཿར་མཚམས་རྒྱག ཟུར་གསལ་ལག་མཆོད་གསུངས་མཐར། ཧཱུྃ༔རཀྟའི་རྒྱ་མཚོ་སོགས། མྱུར་རྟོགས་ཤོག་ལ་མཚམས་རྒྱག ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་སོགས་མཚམས་རྒྱག ཐལ་སྦྱར་བཅས། ཨཱོཾ་ཨཱཿཧཱུྃ༔ བླ་མ་རིག་འཛིན་སོགས་ལྟ་བུར་གྱུར། འབེབས་བཞག་དུང་དམར། ཧཱུྃ༔ རང་རིག་བླ་མར་སོགས་ཧྲུག་འདོན་གྱིས་བསྙེན་དམིགས་གསུང་། དེ་ནས་ཐོག་མར་སྤྱན་འདྲེན་སྔགས་བཟླས་མཐར། ཐུན་གྱི་དངོས་གཞིར། ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་སོགས། ཨཱཿཡུ་སི་ངྔྷི་ཛཿཞེས་པ་བུང་བསྐྱེད་དེ་བཟླ། ཐུན་གྲོལ་ཁར་སྦས་གསང་ཚེ་སྒྲུབ། ཤྲཱི་མ་ཧཱ་གུ་རུ་སོགས་བསྙེན་བཟླས་རྣམས་ཁྱུག་ཙམ་རེ་བཏང་སྟེ། དབྱངས་གསལ་སོགས་ལྷག་ཆད་ཁ་སྐོང་། སྟོང་ཚིག་བསྡུ་ལྡང་། བཀྲ་ཤིས་བཅས་གོང་བཞིན་བྱ། ༈ །སྔ་ཐུན་ལ། སྐྱབས་འགྲོ་བས་བཟུང་མཆོད་པ་བྱིན་རླབས་མཐར་མཚམས་རྒྱག་གིས། ཡེ་གསང་ལྷ་བསྐྱེད་ནས་བསྙེན་བཟླས་སོགས་གོང་གསལ་ཐོར་ཐུན་བཞིན་ནོ། །ཕྱི་དྲོ་དགོང་ཐུན་ལ་སྔ་ཐུན་བཞིན་ལ། ཡེ་གསང་སྦས་གསང་དང་བཅས་པའི་མཇུག་ཏུ་ངག་མི་གྲོལ་བར་གྲོ་ལོད་ནས་བཟུང་ཀུན་བཟང་སྐབས་ཀྱི་དགོང་ཐུན་དང་འདྲའོ། ༈ །སྲོད་ཐུན་ལ་ཡང་ཡེ་གསང་སྔ་ཐུན་ལྟར་ལ། སྦས་གསང་


KMC001_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཇུག་ཏུ་ཚེ་སྒྲུབ་འཁོར་འདས་རོ་གཅིག་ཕྱིན་གོང་གསལ་ཀུན་བཟང་སྐབས་ལྟར་རོ། །དེ་ལྟ་བུས་ཡེ་གསང་སྦས་གསང་དང་བཅས་པ་གྲུབ་ནས། ༈ །གསུམ་པ་གསང་སྒྲུབ་རྡོ་རྗེ་གྲོ་ལོད་སྐབས། ཐོར་ཐུན་ལ་གོང་གསལ་ཀུན་བཟང་བཞིན་ཚིག་བདུན་གསོལ་འདེབས་ནས་བཟུང་མཐར་ཆགས་སུ་བཏང་སྟེ། ཀུན་བཟང་རིགས་ལྔ། ཡེ་གསང་། སྦས་གསང་བཅས་ཀྱི་མཇུག་ཏུ་རོལ་མོ་གྲོ་ལོད་ལྷ་བསྐྱེད། ཧཱུྃ་ཧཱུྃ་ཧཱུྃ༔ གདོས་བཅས་ལུས་སྣང་སོགས་སྤྱན་དྲངས་གྱུར༔ ཨཱོཾ་ཨཱཿཧཱུྃ་ཤྲཱི་ཧེ་རུ་ཀ་སོགས་འབེབས་ཆེན་ཌཱ་རྐང་རག་ཧོ་ཧོ་ཧོ༔ དགོངས་སུ་གསོལ་སོགས་ནས་གཤེགས་སུ་གསོལ༔ ཨཱོཾ་ཨཱཿཧཱུྃ་ཤྲཱི་ཧེ་རུ་ཀ་སོགས་འབེབས་ཆེན་ཌཱ་རྐང་རག་ཉིས་བརྡུང་ཉིས་འཕར། ཧཱུྃ་ཧཱུྃ་ཧཱུྃ༔ བདག་ཅག་སྒྲུབ་པའི་སོགས་ནས། ས་ཐོབ་ཤོག་ལ་མཚམས་རྒྱག ཧཱུྃ་ཧཱུྃ་ཧཱུྃ༔ ཆེ་བའི་ཆེ་མཆོག་སོགས་དངོས་གྲུབ་སྩོལ༔ འབེབས་བཞག དེ་ནས་སྤྱན་འདྲེན་སྔགས་གོང་མ་བཟླས་མཐར། ཨཱོཾ་ཨཱཿཧཱུྃ་ཨཱརྩིག་ནེ་རྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ༔ ཅེས་རྩ་བསྙེན་ཐུན་གྱི་དངོས་གཞིར་བཟླས་མཐར། གཤམ་བུ་ཅན་ལན་དང་། ཟངས་སྦུབས་མ་གསུང་སྟེ་ཞི་དྲག་གི་བསྙེན་པ་རྣམས་ཁྱུག་ཙམ་རེ་བཏང་རྗེས་གཏོར་འབུལ་ནི། རོལ་མོ་ཧཱུྃ་ཧཱུྃ་ཧཱུྃ༔ ཧོཿཧཿཧོ༔ དགོངས་སུ་གསོལ་


KMC001_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། རྡུལ་དུ་རློག་ལ་མཚམས་རྒྱག གཏོར་མ་ཡར་ཕུལ། ༡ཧཱུྃ་ཧཱུྃ་ཧཱུྃ༔ རྡོ་རྗེ་དྲག་པོ་སོགས། ཨ་ཡ་མ་སོགས། འབེབས་རྐང་རག་སུམ་བརྡུང་གིས། ༡ཧཱུྃ་ཧཱུྃ་ཧཱུྃ༔ ཁྲ༡་རྒྱལ་འབ༡ར་བའི་སོགས་ཐལ་རྡེབ་མཚམས་རྒྱག་བཅས་ལན་གསུམ་དང་རྗེས་མར་སྔགས་དང་ཚིག་ལྷུག་བཅས་སྦྲེལ་མཐར་འབེབས་བཞག་རྐང་མཱ་ར་ཡ། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་ལྷག་ཆད་ཁ་སྐོང་ཕྱིན་གོང་བཞིན་ནོ། ༈ །སྔ་ཐུན་ལ། སྐྱབས་འགྲོ་ནས་མཆོད་པ་བྱིན་རླབས་མཐར་ཉིས་བརྡུང་འཛབ་མེད་ཀྱིས་གྲོ་ལོད་གོང་བཞིན་ནོ། ༈ །ཕྱི་དྲོ་དགོང་ཐུན་སྐབས་སྔ་ཐུན་ལྟར་ལ་གཏོར་འབུལ་མཇུག་ཏུ། མཁའ་འགྲོ་བཾ་བསྒྲལ། གསང་བདག་ཏྲཀྴད། ཛཾ་སེར་མཐར་ལྷག་ཆད་ཁ་སྐོང་ཕྱིན་གོང་ལྟར་རོ། ༈ །སྲོད་ཐུན་ལ། སྔ་ཐུན་ལྟར་གཏོར་འབུལ་མཇུག་ཏུ། ཚེ་སྒྲུབ་འཁོར་འདས་རོ་གཅིག་ཕྱིན་རྒྱུན་བཞིན་ནོ། །དེ་ལྟ་བུས་གསང་སྒྲུབ་གྲུབ་ནས། ༈ །བཞི་པ་ཡང་གསང་མཁའ་འགྲོ་མནྡྷ་ར་བའི་སྐབས། ཐོར་ཐུན་ལ། ཚིག་བདུན་གསོལ་འདེབས་ནས་ཀུན་བཟང་། ཡེ་གསང་། གྲོ་ལོད་བཅས་མཐར་ཆགས་སུ་བཏང་སྟེ་གཏོར་འབུལ་མཇུག་ཏུ། སུམ་བརྡུང་འཛབ་མེད་ཀྱིས། ཧཱུྃ༔བྷྱོ༔ རིག་རྩལ་མ་འགགས་སོགས། ཨཱ་ཧྲཱིཿདྷཱ་ཀི་སོགས་འབེབས་རིང་ཌཱ་རྒྱ་སུམ་བརྡུང་ལེན་མེད། རང་ཉིད་ཡེ་ཤེས་མཚོ་རྒྱལ་སོགས་མཐར། སླར་འབེབས་རིང་ཌཱ་རྒྱ་སུམ་བརྡུང་ལན་མེད། ཧཱུྃ༔ ང་ནི་དཔལ་ཆེན་སོགས་ནས། འབེབས་རིང་ཌཱ་རྒྱ་ཉིས་བརྡུང་ཉིས་འཕར།


KMC001_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་བྷྱོ༔ རབ་འཇིགས་གཏུམ་རྔམ་སོགས་མཐར་མཚམས་རྒྱག ཧཱུྃ་བྷྱོ༔སྐྱེ་ནས་སྐྱེ་བར་སོགས་མཚམས་རྒྱག ཧཱུྃ་བྷྱོ༔ ཡེ་གདོད་ལྷུན་གྲུབ་སོགས་ཆེན་པོར་བསྟོད༔ འབེབས་བཞག ཧཱུྃ་བྷྱོ༔ རྒྱལ་བ་རབ་འབྱམས་སོགས་བསྙེན་དམིགས་གསུངས་མཐར། ཨཱོཾ་ཧྲཱིཿདྷཱཀི་སོགས་ཐུན་གྱི་དངོས་གཞིར་བཟླས་རྗེས། སྔགས་ཕྲེང་གསལ་དྭངས་སོགས་བསྡུ་རིམ་གྱིས་རྫོགས་རིམ་ངང་མཉམ་པར་བཞག་སླར་རང་ཉིད་ཡེ་ཤེས་མཚོ་རྒྱལ་གྱི་སྐུར་ལྡང་སྟེ་གནས་ལྔར་འབྲུ་ལྔས་མཚན་པར་བསམ་ལ། བཾ་གྱི་ཚོགས་བསྒྲལ་ནི། རོལ་མོ་ཧཱུྃ་བྷྱོ༔ བཅོམ་ལྡན་ཀུན་བཟང་སོགས། འགུགས་རྒྱས། ཧཱུྃ་བྷྱོ༔ བླ་མ་ཡི་དམ་སོགས། མྱུར་བ་ཉིད་དུ་འདིར་ཁུག་ཅིག༔ དྲག་འབེབས་རྐང་རག་མཐར་སུམ་བརྡུང་གིས། སླར་འགུགས་པ་ལན་གཉིས་གསུངས་རྗེས་མར། དྲག་འབེབས་རྐང་རག་མཐར་གདབ་ཕུར་ཐོགས་ལ་བཞི་དྲིལ་བཅས། ཧཱུྃ་བྷྱོ༔ ང་ནི་སྣང་སྲིད་སོགས་ཀྱིས་བྃ་བསྒྲལ་བར་བྱ། ཧཱུྃ་བྷྱོ་ངྷ་རྨཱ་དྷཱཏུ་སོགས་འབེབས་རྐང་རག་ཚོགས་ཕུད་རིམ་པ་ལྔ་དང་ལྷག་མ་བཅས་དྲུག་སྤྲོས་ལ་ནང་མཆོད་བྲན་ཅིང་། བཞི་དྲིལ་བཅས་རིམ་གྱིས་སྟོབ་ལ། ཧཱུྃབྷྱོ༔རྒྱལ་བ་རབ་འབྱམས་སོགས་གདུག་པ་ཟློ༷ག༔ ས༷་མ༷་ཡ༷་བྷྱོ་བྷྱོ༷་ཟློ༷ག་ཟློ༷ག༔ འབེབས་


KMC001_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་རྐང་རག ཚོགས་ལ་རོལ་ཞིང་ཞབས་བརྟན་གསུངས་མཐར། ལྷག་འབེབས་ཀྱིས་ ཧཱུྃ་བྷྱོ༔ བམ་སྒྲོམ་ལྷག་སྡུད་སོགས། ཧཱུྃ་བྷྱོ༔ ལོ་ཀ་དྷཱ་ཀི་སོགས་འབེབས་བཞག་ནས། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་སོགས་ལྷག་ཆད་ཁ་སྐོང་ཕྱིན་རྒྱུན་ལྟར་རོ། ༈ །སྔར་ཐུན་ལ། སྐྱབས་འགྲོ་ནས་བྱིན་འབེབས་མཆོད་པ་བྱིན་རླབས་མཐར། འབེབས་སུམ་བརྡུང་ལན་མེད་ཀྱིས་མཁའ་འགྲོ་ལ་འཇུག་སྟེ་གོང་བཞིན་གསུང་། ༈ །ཕྱི་དྲོ་དགོང་ཐུན་ལ།སྐྱབས་འགྲོ་ནས་བཟུང་སྔ་ཐུན་ལྟར་ལ། བམ་བསྒྲལ་མཇུག་ཏུ་གསང་བདག་ཏྲཀྴད། །ཛཾ་སེར་མཐར་ལྷག་ཆད་ཁ་སྐོང་ཕྱིན་སྔར་ལྟར་རོ། ༈ །སྲོད་ཐུན་ལ། སྔ་ཐུན་བཞིན་བམ་བསྒྲལ་མཇུག་ཏུ་ཚེ་སྒྲུབ་ཕྱིན་རྒྱུན་བཞིན་ནོ། ཚུལ་དེ་ལྟ་བུས་ཡང་གསང་གྲུབ་ནས། བསྟན་སྲུང་རེ་ཏིའི་བསྙེན་མིན་སྐབས་དང་བསྟུན། ༈ །ལྔ་པ་གསང་བ་ཕྲིན་ལས་ཀྱི་མགོན་པོ་ཏྲཀྴད ་བསྙེན་པ་ལ། ཐོར་ཐུན་སྐབས། ཚིག་བདུན་གསོལ་འདེབས་ནས་བཟུང་ཀུན་བཟང་གི་སྐབས་བཞིན། ཀུན་བཟང་། ཡེ་གསང་། གྲོ་ལོད། མཁའ་འགྲོ་བམ་བསྒྲལ་བཅས་གསུངས་མཐར། ཨཱོཾ་ཨཱཿཧཱུྃཿ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་རིག་གསང་བདག་སོགས་ནས། ཨཱོཾ་བཛྲ་ཙཎྜ་སོགས་གསང་བདག་བསྙེན་པ་ཐུན་གྱི་དངོས་གཞིར་བུང་བསྐྱེད་ཅིང་མཐར། ཏྲཀྴད་ལྷ་བསྐྱེད། བསྙེན་བཟླས། བསྐང་བ་རྣམས་ཁྱུག་ཙམ་རེ་བཏང་སྟེ། དབྱངས་གསལ་སོགས་ལྷག་ཆད་ཁ་སྐོང་ཕྱིན་གོང་ལྟར་རོ། ༈ །སྔ་ཐུན་


KMC001_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྱབས་འགྲོ་ནས། མཆོད་པ་བྱིན་རླབས་མཐར། གསང་བདག་ལ་འཇུག་ཅིང་བསྙེན་པ་ཅི་འགྲུབ་མཐར། ཏྲཀྴད་ཁྱུག་ཙམ་བཅས་གོང་བཞིན་ནོ། ༈ །ཕྱི་ཐུན་སྐབས་སྔ་ཐུན་ལྟར་ལ། ཏྲཀྴད་སྐོང་བའི་མཇུག་ཛཾ་སེར་མཐར་ལྷག་ཆད་ཁ་སྐོང་ཕྱིན་རྒྱུན་ལྟར། ༈ སྲོད་ཐུན་ལ་སྔ་ཐུན་ལྟར། བསྐང་བའི་རྗེས་ཚེ་སྒྲུབ་ཕྱིན་རྒྱུན་བཞིན་ནོ། །དེ་ལྟ་བུས་གསང་བདག་གྲུབ་ནས། ཏྲཀྴད་དངོས་གཞིའི་སྐབས་སྔོན་རྗེས་རྣམས་གོང་གི་གསང་བདག་ལྟར་ལ། འགོར་གསང་བདག་བསྙེན་བཟླས་ཁྱུག་ཙམ་རེ་དང་། ཐུན་གྱི་དངོས་གཞི་ཏྲཀྴད་ནི། ཕུག་གཏོར་བྲན་ལ། ཨཱོཾ་ཨཱཿཧཱུྃ༔ ཨཱོཾ་སྭ་བྷཱ་ཝ་སོགས་ནས་བརྩོན་པའོ༔ སྲིན་མོ་དུང་སྐྱོང་སོགས་ནས། ཨཱོཾ་མ་ཧཱ་ཀཱ་ལ་ཏྲཀྴད་སོ༡གས་ལན་གཅིག་རོལ་མོ་འབེབས་ཆེན་ནས། ཧཱུྃ༔ བཞེངས་ཤིག་བླ་མ་རྣམས་བཞེངས་སོགས་གཤེགས་སུ་གསོལ༔ མ་ཧཱ་ཀཱ་ལ་ས་མཱ་ཛཿ འབེབས་ཆེན་ཌཱ་རྐང་རག་ཉིས་བརྡུང་ཉིས་འཕར་གྱིས། ཧཱུྃ༔ ཆོས་སྐུ་ལོངས་སྐུ་སོགས། ཏིཥྛ་ལྷན་ལ་མཚམས་རྒྱག ཧཱུྃ༔ འདས་དང་མ་བྱོན་སོགས། ཧ་ན་ཧ་ན་ཧཱུྃ་ཕཊཿམཚམས་རྒྱག ཧཱུྃ༔ བདུད་མགོན་ཏྲཀྴད་སོགས། པཱུ་ཛ་ཧོཿར་མཚམས་རྒྱག ཧཱུྃ༔ ཏྲཀྴད་བདུད་ཀྱི་སོགས་ངང་དུ་བསྟོ༷ད༔ མ༷་ཧཱ་ཀཱ༷་ལ་ན༷་མོ༷་ཡེ༷༔ འབེབས་བཞག་དུང་དམར། གོང་གསལ་སྤྱན་འདྲེན་སྔགས་བརྒྱ་བརྒྱད་བསྙེན་མཐར་རྩ་བསྙེན། ཨཱོཾ་མ་ཧཱ་ཀཱ་


KMC001_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཏྲཀྴད་ཛ༔ ཞེས་པ་བུང་བསྐྱེད་དེ་བཟླས་མཐར་དམ་བཞག་སྔགས་ལན་གསུམ་བཟླས། རོལ་མོ་སུམ་བརྡུང་གིས། ཧཱུྃ༔ འཁོར་འདས་རང་གྲོལ་སོགས། ཨ་ཀཱ་རོའི་མཐར་མཚམས་རྒྱག །ཁྱོད་ལ་གཏོར་མ་སོགས་ནས། འབེབས་སུམ་བརྡུང་གིས། བསྐང་གཏོར་བྲན་ལ། ཧཱུྃ༔ སྟོང་གསལ་མཁའ་དབྱིངས་སོགས་མཚམས་རྒྱག་བཅས་ཅི་ནུས་ཀྱིས་གྲངས་གསོག་མཐར་འབེབས་བཞག གོང་གསལ་ཚུལ་དེ་ལྟ་བུས་ཏྲཀྴད་རྩ་བསྙེན་དང་བསྐང་བ་གཉིས་བུང་བསྐྱེད་ཅིང་། ཐུན་གསུམ་པའི་སྐབས། བསྐང་བའི་མཇུག་ཏུ་ཟུར་གསལ་ཏྲཀྴད་གསོལ་ཀ་སྦྱར་བ་ཁྱད་པར་རོ། །གཞན་ཡང་གྲོ་ལོད་བསྙེན་པ་དབུ་བཙུགས་ནས་མ་གྲོལ་བར་དགུ་གསུམ་ནམ་ཁེལ་ལ་གསོལ་ཀ་གསུང་དགོས། དེ་ལྟ་བུས་ཏྲཀྴད་གྲུབ་ནས། ༈ །དྲུག་པ་ཡིད་བཞིན་ནོར་བུ་བསམ་འཕེལ་ཛཾ་སེར་དང་མཐར་རྒྱས་ཚེ་སྒྲུབ་སྦྲགས་མའི་སྐབས། ཐོར་ཐུན་ལ། ཚིག་བདུན་གསོལ་འདེབས་ནས་བཟུང་གོང་ལྟར། ཀུན་བཟང་། ཡེ་གསང་། གྲོ་ལོད། མཁའ་འགྲོ་བམ་བསྒྲལ། ཏྲཀྴད་བཅས་མཐར་ཆགས་སུ་གསུང་སྟེ། སྐབས་བབ་ཛཾ་སེར་ནི། ཨཱོཾ་ཨཱཿཧཱུྃ༔ རང་ཉིད་སྐད་ཅིག་སོགས་གསལ་བར་བསྐྱེད༔ རང་ཉིད་བླ་མ་ཡབ་ཡུམ་སོགས། རིན་ཆེན་འབར་བའི་སོགས། ཨཱོཾ་ཛཾ་ལུཾ་སོགས་སྔགས་ཚན་གསུམ་པོ་སྦྲེལ་ཏེ་ཐུན་ཕྱེད་ཀའི་བར་བསྙེན་མཐར། སིལ་སྙན། ཧཱུྃ༔ ཆོས་


KMC001_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་ཁྱབ་གདལ་སོགས། གཏོར་འབུལ་སྔགས་ཚར་སོགས་ཀྱིས་ཕུལ། ཁཱ་ཧི་ཁཱ་ཧི་ལ་མཚམས་རྒྱག་དཀར་གཏོར་ཛཾ་གཏོར་དྲུང་ཡར་ཕུལ། ཧཱུྃ༔ རྒྱལ་བ་རབ་འབྱམས་སོགས་མཐར་འབེབས་བཞག་རྒྱ་རག ཚེ་སྒྲུབ་ནི། བཞི་དྲིལ་མདའ་དར་གཡོབ་ཅིང་ཚེ་སྒྲུབ་གཞུང་གདངས་བཅས། ཧྲཱིཿ དཀོན་མཆོག་གསུམ་དང་སོགས་ནས། བཛྲ་ས་མཱ་ཡ ཛཿཛཿམདའ་དར་བཞག །གདངས་གོང་ལྟར་བཞི་དྲིལ། སླར་ཡང་ཚེ་ལྷ་སོགས། ཨཱརྒྷཾ་སོགས། ཤབྡར་དྲིལ་གསིལ། རྡོ་རྗེ་དཔའ་བོས་སོགས་གདངས་བཅས་དངོས་གྲུབ་ཐོབ༔ དེ་ནས་ཐུན་གྲོལ་མ་རན་བར་ཚེ་བསྙེན་ཅི་འགྲུབ་བཟླས་མཐར། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་སོགས་ལྷག་ཆད་ཁ་སྐོང་ཕྱིན་གོང་བཞིན་ནོ། ༈ །སྔ་ཐུན་ལ། སྐྱབས་འགྲོ་ནས་མཆོད་པ་བྱིན་རླབས་མཐར། ཛཾ་སེར་དང་ཚེ་སྒྲུབ་གཉིས་ཆ་མཉམ་དུ་བཟླས་པ་སོགས་གོང་ལྟར་དང་། ཕྱི་དྲོ་དགོང་ཐུན་དང་སྲོད་ཐུན་ཟུང་ཡང་དེ་ལྟར་རོ། །དེ་ལྟ་བུའི་རིམ་པས་ཛཾ་སེར་དང་ཚེ་སྒྲུབ་གྲུབ་ནས། ལས་སྦྱོར། བཟློག་པ། སྦྱིན་སྲེག་ཚོགས་བརྒྱ་རྣམས་རྒྱས་བསྡུས་ཡོད་མེད་སྐབས་བསྟུན་གྱིས་དངོས་གྲུབ་ལེན་ཆོག་བྱ། བཟློག་པ་ཡོད་ན་ལྷ་བསངས་ཀྱང་བཏང་དགོས། བཟློག་པ་མེད་ན་དངོས་གྲུབ་ལེན་ཆོག་ཉིན་བསྐང་བའི་མཐར་སུམ་བརྡུང་གིས། ཧཱུྃ༔ བསྐུལ་ལོ་ཐུགས་དམ་སོགས། བསྐང་གཏོར་གསོ་བྲན་དང་མར་མེ་ཡང་སྦར། ཆགས་མེད་རང་གྲོལ་མན་ཆད་བཞི་དྲིལ་བྱ།


KMC001_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་ཤུལ་ཙམ་ཡང་མེད་པར་གྱི༡ས༔ ཨཱོཾ་མ་ཧཱ་ཀཱ་ལ་ཏྲཀྴ༡ད་སོགས་མཐར་རོལ་མོ་འབེབས་ནས་སླར་འབེབས་བྱའོ། །བསྐང་གཏོར་གཙང་སར་བསྐྱལ་བཅོལ། དེ་ནས་ཛཾ་སེར་དང་ཚེ་སྒྲུབ་མཐར། དྲིལ་གསིལ་གྱིས་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཅས་ལན་གསུམ། ཧཱུྃ༔ ཡེ་ཤེས་ལྷ་ཚོགས་སོགས་སྟོང་ཚིགས་ཕུལ་ལ་བཞི་རོལ་མཐར་སུམ་བརྡུང་གིས། ཨཱོཾ་ཨཱཿཧཱུྃ༔ བླ་མ་རིག་འཛིན་ལྷ་ཚོགས་སོགས་ཚེ་སྒྲུབ་གདངས་གྱེར་བཞག་པར་གྱུར༔ ཨཱོཾ་ཨཱཿཧཱུྃ་བཛྲ་གུ་རུ་སོགས་སྔགས་ཚིག་རྔ་བཅས་ཧྲུག་འདོན་བྱ་མཐར། སྐུ་གསུམ་བླ་མ་སོགས་སླར་གྱེར་ནས་མཆོད་སིལ། དབང་བླངས་ཤིང་ཚེ་རྫས་སོགས་རོལ། ཨཱོཾ་ཨཱཿཧཱུྃ༔ རྟེན་དང་གཏོར་མའི་སོགས་མདུན་བསྐྱེད་ལྷ་ཚོགས་རང་ལ་བསྟིམ་ཞིང་། ལུས་སྣང་ལྷ་སྐུ་སོགས་བསྡུ་ལྡང་གིས། བཞི་དྲིལ་མེ་ཏོག་ཆར་དུ་བསྙིལ་བཞིན། ཧཱུྃ༔ ཆོས་དབྱིངས་སྐྱེ་མེད་སོགས་ཤིས་བརྗོད་མཐར་བཞི་རོལ། གཞན་ཡང་བསྔོ་སྨོན་སོགས་ཀྱིས་བརྒྱན་པར་བྱའོ། །སླར་འདུ་ཁང་ནང་མཆོད་གཏོར་ཟབ་རྒྱས་དང་འབྲེལ་ཐོག་མའི་ཉིན་ཆོ་ག་ཚར་གཅིག་གསུང་སྟེ། གཏང་རག་ཚོགས་འཁོར་རྗེས་དངོས་གྲུབ་ལེན་ཆོག་དང་བཅས་ཆབ་གཅིག་ཏུ་ཚོགས་ཏེ་མཐའ་རྒྱས་སུ་བྱའོ། ཞེས་པའང་རྗེ་དཔོན་ཆོས་དབང་རིན་པོ་ཆེས་མཛད་པ་ལ་༧རྒྱལ་དབང་བཅོ་ལྔ་པས་ཁ་གསབ་གནང་བའི་མ་ཕྱི་ལས་


KMC001_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་བཤུས་བགྱིས་པ་ལགས། གྲོ་ལོད་བསྙེན་ཚད་ལ། ཀུན་བཟང་། ཡེ་གསང་། གྲོ་ལོད། མནྡྷཱ་ར་བ། གསང་བདག་ཏྲཀྴད་རྣམས་ལ་འབུམ་གསུམ་རེ་ཁ་སྐོང་བཅས་པ། རིགས་ལྔ། ཤོག་ཕྲན་སྦས་གསང་ཚེ་སྒྲུབ། ཚེ་སྒྲུབ་འཁོར་འདས་རོ་གཅིག་རྣམས་ལ་གཙོ་བོའི་བཅུ་ཆ་སྟེ་ཁྲི་གསུམ་ཁ་སྐོང་བཅས་སམ་ཅི་འགྲུབ་འབྲེལ་འཇོག་བྱས་པས་ཀྱང་འཐུས་ཞེས་༧རྗེ་བཅོ་ལྔ་པའི་ཞལ་གསུང་ངོ་། །ཡང་ཡེ་ཤེས་གསང་བའི་སྒྲུབ་པ་ཤོག་ཕྲན་ཚེ་སྒྲུབ་ཏུ་གྲགས་པའི་སྦས་གསང་གི་བགྱིས་ནས་བཏོན་ཀྱང་འགྲིག་འདུག་ཅེས་གསུངས་སོ།། ༈ །།དེ་ནས་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཆོས་སྐྱོང་ཐུན་མོང་མ་ཡིན་པ་རིན་པོ་ཀརྨ་པའི་ཡབ་ཆོས་ཁྱད་པར་དུ་འཕགས་པ་དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ཅན་ལྕམ་དྲལ་གྱི་བསྙེན་སྒྲུབ་༧རྒྱལ་མཆོག་བཅོ་ལྔ་པའི་གསུང་བསྙེན་ཡིག་རིན་པོ་ཆེ་བཻ་ཌཱུཪྻའི་ཕྲེང་པ་རྣལ་འབྱོར་ཡིད་ཀྱི་མཛེས་རྒྱན་དུ་ཇི་ལྟར་གསལ་བ་བཞིན་ཕྱག་ལེན་བསྟར་བ་ལ། དེ་ཡང་ལོ་རེ་བཞིན་བོད་ཟླ་བཅུ་གཉིས་པའི་ནང་མགོན་པོའི་བསྙེན་པ་དང་མཇུག་ཏུ་པར་བུའི་ལས་སྦྱོར་བཅས་སྦྲགས་ཏེ་ཚོགས་དགོས་པས། ཐོག་མར་བཅའ་བཤམས་ཀྱི་རིམ་པ་གོང་གསལ་ཁྲིད་ཡིག་ནང་གསལ་ལྟར་གཏོར་མ་བཅའ་བྱེད་རྒྱུ་བྱིན་རླབས་བཅས་གྲུབ་ནས། སྒྲུབ་གཏོར་སྙིང་གཟུངས་ནང་གཟུགས་གཞུག་རྣམས་ཀྱང་དེར་གསལ་ལྟར་ཚད་ལྡན་བྱ། བཟོ་དབྱིབས་དང་འཁོར་གྱི་གྲངས་རྒྱན་སོགས་དཔེའུ་རིས་ནང་གསལ་ལྟར་སླ་ཆོས་སུ་མ་སོང་བར་བྱ། དེ་ནས་མ་མགོན་གྱི་སྒྲུབ་རྟེན་བྲིས་འབུར་སོགས་བྱིན་ལྡན་བཤམས་པའི་མདུན་སྟེགས་མཐོ་


KMC001_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བར་གདིང་དཀྱིལ་རས་བྲིས་བཤམས་པའི་སྟེང་སྒྲུབ་གཏོར་སྙིང་གཟུགས་མ་བཀོད། རྩེར་སྐུ་ཙཀ་དང་དར་མཐིང་ནག་གི་གདུགས་ཕུབ། གདིང་དཀྱིལ་གྱི་ཤར་དུ་མཆོད་ཡོན། ཤར་ལྷོར་ཞབས་བསིལ། ལྷོར་མེ་ཏོག་ལྷོ་ནུབ་ཏུ་བདུག་སྤོས། ནུབ་ཏུ་མར་མེ། ནུབ་བྱང་དུ་དྲི་ཆབ། བྱང་དུ་དྲག་པོའི་ཞལ་ཟས། བྱང་ཤར་དུ་མི་རྐང་དང་ཌཱ་རུ་བཅས་བཀོད། མཆོད་ཡོན་སོགས་སོ་སོའི་རྫས་ཀྱང་བླུགས། གཡས་སུ་གསོལ་གཏོར། previous hit གཡོནདུ next hit་བསྐང་གཏོར། མདུན་ངོས་སུ་ཆོས་སྐྱོང་སྤྱི་གཏོར། གཡས་previous hit གཡོནདུ next hit་སྨན་རཀ་རྫས་ལྡན། དེའི་མདུན་ངོས་མཆོད་འགོ་གཡས་བསྟན་གྱིས་ཆུ་གཉིས་སྔོན་འགྲོས་ཉེར་སྤྱོད་ཕྲེང་ཚར་གོང་བཞིན་ཕབ་གཏའ་བླུགས་དགོས། གཡས་གཡོན་གང་བདེར་ཉིན་རེ་བཞིན་ཚོགས་ཀྱི་ཡོ་བྱད་དང་། ཐུན་གཏོར་བསགས་སྣོད་ལྕགས་སླང་སོགས་བཤམས། ཉིན་རེ་བཞིན་འབུལ་གཏོར་ལ། ཐུན་གཏོར་རེ། འཁོར་ལྔ་རྗེས་འབྲང་དང་བཅས་པའི་གཏོར་འབུལ་ཆ་ཚང་། མཆོད་ཁ་གསོ་བྱེད་ཞལ་ཟས་རེ། སྔ་དགོང་ལྷ་ཆེན་དཔལ་འབར་དང་ཕྱི་དྲོའི་གསོལ་ཀ་བཅས་བ་ལིང་དགུ། གསོལ་ཀ་རྒྱས་པར་བ་ལིང་ཉེར་གཅིག་སོགས་མཁོ་བའི་ཡོ་བྱད་རྣམས་འདུ་བྱ། ཐོག་མར་མཚལ་མའི་ཉིན་ཕག་མོའི་བགེགས་གཏོར་དང་། ཁྲུས་ཀྱི་དོན་previous hit དུ་གཡས་གཡོན next hit་གང་བདེར་བུམ་པ་དྲི་བཟང་ཆུས་བཀང་བ་མགུལ་ཆིངས་ལྗང་ཁུས་བརྒྱན་པ་བཤམས་པའི་མདུན་ཉེར་སྤྱོད་ཕྲེང་ཚར་བཤམས་པ་སོགས་བཅའ་བཤམས་ཀྱི་རིམ་པ་ལེགས་པར་གྲུབ་ནས། དངོས་གཞིའི་ཐོག་མར་སྣ་སེལ་ནི། སྒོ་འཁྱོར་ནང་ལྷན་


KMC001_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཀྱིས། བར་བསམ་སྒྲོལ་གསུམ། ཆ་གསུམ། གཞི་བདག་དཀར་གཏོར། རྒྱལ་ཆེན་ཐོ་འཛུགས་གོང་གསལ་ཁྲིད་ཡིག་ལྟར་བྱའོ། ༈ །དེ་ནས་དགོང་ཐུན་གྱི་བརྡ་བྱུང་འཕྲལ་འདུ་ཁང་ནང་གྲལ་ཕྱག་སྔོན་འགྲོས་གདན་ལ་འཁོད་དེ། བུམ་པ་ནི་ཆུ་གཙང་གིས་བྲན་ལ། ༀ་ཨཱཿཧཱུྃ། སྟོང་ལས་རིན་ཆེན་སོགས་ཀྱིས་བརླབ་ཅིང་བུམ་ལྷ་བསྐྱེད་དེ་དྲངས་བསྟིམ། དབང་བསྐུར། རྒྱས་གདབ། མཆོད་བསྟོད་ལ་དྲིལ་གསིལ། བཟླས་དམིགས་བཅས་སྔགས་བརྒྱ་བརྒྱད་བསྙེན་མཐར། ཁྲོ་བོ་འོད་དུ་ཞུ་བ་ཆུར་འདྲེས་པར་གྱུར་བསམ་ལ། བུམ་ཆུ་བཀྱེ་སྟེ་འཐོར་ཐུང་དང་། གནས་དང་ཡོ་བྱད་སོགས་ལ་ཡང་ཁྲུས་གཏོར། དེ་ནས་ཆོ་ག་དངོས་ལ། ཧཱུྃ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་སོགས་དབང་ལེན་དང་བཅས་པ་སོང་ནས། བདེ་ཆེན་རྡོ་རྗེ་སོགས་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་ཕག་མོའི་བདག་བསྐྱེད་རང་ཉིད་ལས་ཀྱི་ཕག་མོར་བསྐྱེད་ཅིང་བདུད་རྩི་བྱིན་རླབས་ནས་བཟུང་བསྡུ་ལྡང་གི་བར་དལ་བུས་འདོན་ཅིང་དམིགས་པ་གསལ་ཐེབ་ངེས་བྱ་དགོས། དེ་ནས་མགོན་པོ་རང་གཞུང་གི་སྲུང་འཁོར། ༀ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཡི་གེ་སོགས་དལ་འདོན་གྱིས་སྲུང་ཟློག་བསད་གསུམ་གྱི་དམིགས་བཟླས་གཞུང་ལྟར་གྱིས་སྔགས་རྣམས་བརྒྱ་བརྒྱད་བཟླས་མཐར། ལོག་ཧྲི་པཱ་ལའི་བཟླས་དམིགས་ཐལ་རྡེབ་བཅས་གྲུབ་ནས། མདུན་གྱི་རྟེན་ལ་བདུད་རྩི་འཐོར་ཞིང་། ༀ་དཾ་ཥྚོཏྐ་ཊ་སོགས། སྭ་བྷཱ་ཝ་སོགས། སྟོང་


KMC001_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ངང་ལས་ཁཾ་ལས་སོགས་གཏོར་བསྔོས་མཚལ་མ་ལྟར་མཐར་ཆགས་སུ་བཏང་སྟེ་བསྙེན་པ་ཉུང་ཙམ་མཐར། འགུགས་པ་རྒྱས་བསྡུས་ལན་གསུམ་དང་། གང་ཞིག་བླ་མས་བསྐུལ་བྱ་མཐར་ཐུན་གཏོར་ཕྱིར་མི་འབུལ་བར་གོང་གསལ་ལྕགས་སྣོད་དུ་བསགས་དགོས། རྡོ་རྗེ་བཀའ་ཟློག་ཚེ་བདག་ཟློག་པ། དངོས་གྲུབ་ལེན་ཆོག་བཅས་གཞུང་ལྟར་བཏང་བས་གྲུབ། ༈ །ཕྱིར་ནང་ལྡང་བའི་རྣལ་འབྱོར་དང་བཅས་སྔ་བར་ལངས་ཏེ་ཕྱག་ཆེན་སྔོན་འགྲོ་དང་། ཆབ་གཏོར་བཅས་རང་ཤག་ཏུ་གསུང་སྟེ། བརྡ་བྱུང་འཕྲལ་འདུ་ཁང་ནང་དུ་ནང་ཚོགས་ཏེ། ལོ་གྱོན་མའི་གཟུངས། རྣམ་འཇོམས་རྣམ་རྒྱལ༴ ཚིག་བདུན་གསོལ་འདེབས། སངས་རྒྱས་ཆོས་ཚོགས་མས་སྐྱབས་སེམས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞིར་བསྒོམ་པ་སྔོན་འགྲོས། བརྒྱུད་འདེབས། བདེ་ཆེན་རྡོ་རྗེ་སོགས་ཀྱིས་དབུ་བརྩམས་ཏེ་མཚལ་མ་བཞིན་མཐར་ཆགས་སུ་བཏང་ཞིང་སྤྱན་འདྲེན་མཇུག་སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ་ལ་མཚམས་རྒྱག་གིས་སྤྱན་འདྲེན་སྔགས་བཟླས་མཐར། འབེབས་རིང་ཌཱ་རྐང་རག་སུམ་བརྡུང་གིས། ༀ། ཁྲག་གི་རྒྱ་མཚོ་སོགས་དཀྱུས་བཞིན། མཆོད་པ་བྱིན་རླབས་བསྡུས་པ་དགོས། ཚོགས་མཆོད་དང་གསང་སྔགས་ནང་གཏོར། ལྷ་ཆེན་དཔལ་འབར་མཇུག་ཏུ་སྔགས་རིང་མཐར་ཉིས་བརྡུང་གིས། བསྟོད་པ་འབྲིང་པོ་མཐར་སུམ་བརྡུང་གིས། བདག་སྒྲུབ་མ་བསྡུས་


KMC001_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པ་བཅས་གྲུབ་ནས། བསྙེན་པ་ཞལ་སྦྱོར་གསུང་གི་སྙིང་པོ་ཁོ་ན་བཟླ་ཞིང་བསྙེན་དམིགས་དངོས་༧རྗེ་བཅོ་ལྔ་པའི་གསུང་དང་། ཚེ་དབང་ཀུན་ཁྱབ། ཆགས་མེད་ཞབས་སོགས་ཀྱི་བསྙེན་ཡིག་ཟིན་བྲིས་ལྟར་བྱ། ཐུན་གྲོལ་ཉེ་བ་ན། ཐུན་གཏོར་ལ་འགུགས་པ་རྒྱས་བསྡུས་ལན་གསུམ། སྤྱི་འདྲིལ་རྦད་སྔགས་བཅས་མཐར་ཉིས་བརྡུང་གིས་བསྐུལ། བྱང་ཕྱོགས་དུར་ཁྲོད་སོགས། ཡེ་ཤེས་དབྱིངས་མ་སོགས། རྡོ་རྗེ་བཀའ་ཟློག་དང་། ལོག་ཏྲིའི་ཟློག་པ་བྱ་ཞིང་ཐོར་ཐུན་གྲོལ། ༈ །ཡར་ཚོགས་ནས་སྔ་ཐུན་ལ། མཆོད་ཁ་གསོ་བྲན་དང་། ཞལ་ཟས། བ་ལིང་ཉེར་གཅིག་བཅས་བཤམས། གསོལ་ཀ་བྱིན་རླབས་ནས། གསོལ་ཀ་རྒྱས་པ། བསྟན་སྲུང་མཐར་ཐུག༴ བདེ་ཆེན་ཆོས་དབྱིངས༴ ཆོས་དབྱིངས་བདེ་ཆེན་སོགས་ལྷ་མོའི་གསོལ་ཀ ཧཱུྃ། དམ་ཅན་ཁྱོད་ཀྱི་སོགས། ཧཱུྃ། དཔལ་ཆེན་འཁོར་བཅས་སོགས་དམ་ཞིང་བཤགས་པའི་མཆོད་རོལ་མཐར་སུམ་རྡུང་གིས། བདག་སྒྲུབ་མ་བསྡུས་དང་བསྙེན་པ་ལ་འཇུག ཐུན་མཐར་འགུགས་པ་རྒྱས་པ་ལན་གཅིག་དང་བསྡུས་པ་གཉིས་སྤྱི་འདྲིལ་རྦད་སྔགས་སོགས་མཐར་བཞི་བརྡུང་གིས་བསྐུལ། ཧཱུྃ། བསྐལ་པའི་མེ་ལྟར༴ གསང་སྔགས་རྣལ་འབྱོར་གཉིས་དང་། རྡོ་རྗེ་བཀའ་ཟློག༴ སེང་གདོང་མའི་ཟློག་པ་བཅས་ཀྱིས་སྔ་ཐུན་གྲུབ་གུང་ཚིགས་གྲོལ། ༈ །ཕྱི་དྲོ་བརྡ་བྱུང་འཕྲལ་དགོང་ཐུན་ལ། མཆོད་ཁ་གསོ་བྲན་གྱིས། སྐོང་བ་རྒྱས་འབྲིང་


KMC001_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་གསུམ་དང་ལྷ་མོའི་སྐོང་བ། བྱང་ཤར་ཆོས་དབྱིངས༴ ལྔ་བརྒྱ་དུས་མཐར༴ བདག་སྒྲུབ་མ་རྒྱས་པ་སྔགས་རྒྱུན་རྣམས་ལན་རེ་བསྙེན་པར་འཇུག་མཐར་འགུགས་པ་རྒྱས་པ་ལན་གཉིས་དང་བསྡུས་པ་གཅིག་སྤྱི་འདྲིལ་རྦད་སྔགས་སོགས་མཐར་སུམ་བརྡུང་གིས་བསྐུལ། འདས་བྱོན་མ༴ རྡོ་རྗེ་བཀའ་ཟློག་མ༴ ཤེར་སྙིང་ཟློག་པ་བཅས་ཀྱི་དགོང་ཐུན་གྲུབ། འདི་སྐབས་མཇུག་ཏུ་འགྲོ་དོན་མཁའ་ཁྱབ་མའི་བསྒོམ་བཟླས་དང་། གསུར་མཆོད། བསྔོ་སྨོན་བཅས་གསུང་སྟེ་གྲོལ། ༈ །སྲོད་ཐུན་ལ། མཆོད་ཁ་གསོ་བྲན་གྱིས། ༀ་དཾ་ཥྚོཏྐ་ཏ་སོགས་ནས་མཚལ་མ་མཐར་ཆགས་སུ་བཏང་། ཡེ་ཤེས་མགོན་པོའི་མཐར། ཕྱག་བཞི་པ་ནས་བཟུང་འཁོར་ལྔ་རྗེས་འབྲང་ལྷ་མགྲོན་དང་བཅས་པའི་གཏོར་འབུལ་ཆ་ཚང་བྱ། དེ་ནས་མཁའ་འགྲོ་སྤྱི་གཏོར་དང་། གཞི་བདག་དཀར་གཏོར། བསྟོད་པ། གསོའི་བསྐང་བསྡུས་པའི་མཐར། དུས་ངན་སྙིགས་མ༴ ཆོས་དབྱིངས་རང་བྱུང་མའི་མཐར་སུམ་བརྡུང་གིས་བདག་སྒྲུབ་མ་བསྡུས་པ་བཅས་བསྙེན་པར་བྱ། ཐུན་མཐར་འགུགས་པ་རྒྱས་བསྡུས། སྤྱི་དྲིལ་རྦད་སྔགས་ཀྱི་མཐར། བསྐུལ་གང་ཞིག་བླ་མ༴ རྡོ་རྗེ་བཀའ་ཟློག༴ ཚེ་བདག་ཟློག་པ༴ དངོས་གྲུབ་ལེན་ཆོག་ཚོགས་ཞུ་ལེན་ཡོད་མེད་སྐབས་བསྟུན་དང་། ལྷག་མ་བཏང་། མཆོད་ཁ་གསོ་བྲན་གྱིས། མཆོད་བསྟོད། བཤགས་པ་དོན་དམ་མ༴ མན་ངག་ཡིག་བརྒྱ། སྨོན་ལམ། བཀྲ་ཤིས་བཅས་ཀྱི་མཐར།


KMC001_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་བསྔོ་སྨོན་ཅི་རིགས་ཀྱིས་བརྒྱན་པས་གྲུབ། དེ་ལྟར་ཐུན་བཞིའི་རིམ་པས་སྒྲུབ་པ་ཡུན་ཇི་ཙམ་བྱེད་པས་གསུམ་ཆ་གཉིས་མ་རྫོགས་ཀྱིས་བར་དུ་བྱ། དེ་ནས་སྒྲུབ་པའི་སྐབས་འདོན་བྱ་གོང་ལྟར་ལ། བསྙེན་དམིགས་ཁྲིད་ཟིན་རྣམས་སུ་གསལ་བ་ལྟར་བྱ། དེ་ལྟ་བུས་དངོས་གཞིའི་བསྙེན་སྒྲུབ་ཀྱི་རིམ་པ་གྲུབ་ནས། ལས་སྦྱོར་པར་བུའི་བཅའ་བཤམས་སྟ་གོན་སྐབས། ཐོར་ཐུན་བསྟོད་པའི་མཇུག་ཏུ་གསོལ་བསྐང་གཉིས་འདྲིལ་ཏེ་མཐར་བདག་སྒྲུབ་མ་རྒྱས་པའི་མཐར། བསྙེན་བཟླས་སོགས་བསྐུལ་བཅས་གོང་ལྟར་གྱིས་ཐུན་གྲོལ་ཏེ་ཉིན་གཞུང་མཆོད་གཏོར་བཅའ་བཤམས་སོགས་སྟ་གོན་བྱ། སྲོད་ཐུན་གོང་ལྟར་རོ།། ༈ །།སྨད་ལས་པར་བུའི་ལག་ལེན་ཟིན་བྲིས་སུ་བསྟར་བ་རྡོ་རྗེའི་མཚོན་ཕྲེང་ཞེས་བྱ་བ་བཞུགས། གང་ཞིག་བསྟན་དང་འགྲོ་ལ་རྗེས་ཆགས་པའི། །འཇིགས་བྱེད་དྲག་པོར་རོལ་པའི་ཕྲིན་ལས་ཀྱིས། །མ་རུང་བདུད་སྡེ་འཇོམས་མཛད་ཁྲོ་བོའི་རྒྱལ། །དཔལ་ལྡན་ནག་པོ་ཆེན་པོས་དུས་ཀུན་སྐྱོངས། །འདིར་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་ཕྲིན་ལས་ཀྱི་རོལ་པའི་ཕུང་པོ་གཅིག་ཏུ་འདུས་པའི་བདག་ཉིད་དཔལ་ནག་པོ་ཆེན་པོ་ཡབ་ཡུམ་གྱི་སྒོ་ནས་སྨད་ལས་དྲག་པོས་དགྲ་བགེགས་བསྒྲལ་བའི་ལས་རིམ་ཐུན་མོང་མ་ཡིན་པ་གཏོར་ནག་པར་བུའི་ལག་ལེན་ཟིན་བྲིས་སུ་བསྟར་བ་ལ། ཡོ་བྱད་འདུ་བྱ་བའི་ཚུལ། ལས་རིམ་དངོས། རྗེས་མཐར་ཕྱིན་པའི་བྱ་བ་སྟེ་གསུམ་ལས། དང་པོ་ནི། སྒྲུབ་


KMC001_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་དང་མཆོད་གཏོར་རྣམས་ནི་གོང་སོང་བསྙེན་པའི་སྐབས་བཅའ་ཟིན་དེས་ཆོག་ཅིང་བྱེ་བྲག་ཏུ་ལྕགས་ལས་གྲུབ་པའི་སྣོད་ཀྱི་ནང་དུ་འཁོར་ལོ་རྩིབས་བརྒྱད་ལྟེ་བར་ཆོས་འབྱུང་གྲུ་གསུམ་ཅན་བྲིས་པའི་སྟེང་དུ་འབྲུ་ནག་བརྗེན་ཕྱེ་ལ་ཁྲག་ཆང་གིས་སྦོས་པའི་དམར་གཏོར་ཟུར་གསུམ་ལས་མི་ཆུང་བ་སྨད་གསུམ་ཆ་གཅིག་ཤིང་གྲིས་བཅད་པའི་ནང་དུ་གྲུབ་ཁུང་དུ་གྲུས་ནས་སྟོད་ཆ་གཉིས་ལ་དྲག་པོའི་གཏོར་ཞལ་བརྗིད་ལ་རྔམས་པ། མེ་རིས་དང་ཤ་རྒྱན། ཚེ་ཡུངས། རྩང་ཕུར་ཉེར་གཅིག་དང་། རྩེར་མ་མགོན་གྱི་སྐུ་ཙཀ་དར་སྣ་ལྔས་བརྒྱན་པ། སྟེང་དུ་དར་མཐིང་ནག་གི་གདུགས་ལ་ཐོད་སྐམ་དང་དྲག་པོའི་རྡོ་རྗེའི་ཏོག་ཅན་རྣམས་ཀྱིས་བརྒྱན་པ། འཁོར་དུ་དམར་གཏོར་ཐོ་གང་བ་བཅུས་བསྐོར་བའི་ཕྱི་རོལ་མདུན་གཡས་previous hit གཡོནདུ next hit་དྲེགས་པ་སྐྱ་གསུམ་ལ་དམར་གཏོར་གསུམ། དེའི་ཕྱིར་ཕྱོགས་བཞིར་རྒྱལ་ཆེན་བཞི་ལ་དཀར་གཏོར་བཞི། དེའི་མཐར་མདུན་ངོས་གཡས་གཡོན་ཐང་སྤོམ་གཉིས་ལ་དཀར་གཏོར་གཉིས་བཅས་དེ་དག་སོ་སོར་ནམ་མཁའ་རང་མདོག་འཛུགས་དགོས། དེ་དག་གི་བར་མཚམས་སུ་མཐེབ་ཀྱུ། ཤ་དུམ། ལིང་ཆུང་གྲངས་མེད་གཏམས། གཞན་ཡང་རྟེན་བསྐང་སྒྲུབ་པའི་རྫས་འབྲུ་སྣ་སོགས་གང་འབྱོར་འདུ་བར་བྱས་ལ། མཐའ་མར་ལྕགས་རི་ནག་པོར་རྩངས་ཕུར་དམར་ནག་སྲིན་མོའི་འགྲོས་སུ་བཙུགས། དེ་རྣམས་ཀྱི་ཞབས་ནས་རིམ་བཞིན་སྲད་བུ་སེར། དཀར། དམར། ནག་ལྗང་ཁུ་རྣམས་བརྩེགས་མར་དཀྲི་ཞིང་རྒྱུ་རློན་གྱི་ལྡ་ལྡི་སོགས་དུར་ཁྲོད་ཀྱི་བཀོད་པ་དུ་མས་བརྒྱན་པ། དེའི་མདུན་


KMC001_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སྨན་རཀ་དབུས་སུ་ལྕགས་ཀྱི་རྐང་གསུམ་ཁར་ཐུན་གཏོར་བཤམས། ལམ་སེལ་དཀར་གཏོར་ལ་རྒྱན་ལྔ་སྒྲོམ་དང་ལྡན་པ་གཡས་གཡོན་གང་བདེར་བཞག་མདུན་སོགས་གང་བདེར་ཕྱོགས་བཅུ་མགོན་པོའི་གཏོར་ཟོར་བཅུ་སྣོད་གཅིག་ཏུ་བསྒྲིག་ལ་བཞག་མདུན་དུ་དྲག་པོའི་ཉེར་སྤྱོད་ཕྲེང་ཚར་བཅས་བཀོད། དེ་ནས་ཤོག་ལིང་པོ་བཞི་དང་མོ་གསུམ། ཉིན་རེར་ཟན་ལིང་གསུམ་རེ། གྲུབ་ཁུང་། ཐོ་བ། ལྕགས་ཀྱུ་སོགས་རྒྱ་བཞི། རླུང་གཡབ་དུར་རྡོ། མེ་ཐུན། བྱ་རོག་དང་འུག་པའི་སྒྲོ། ཐོད་པ་མཚན་ངན་དུ་ཐུན་རྫས་རྣམས་བསགས་ལ་དར་ནག་པོས་བཀབ་པ་གང་བདེར་བཞག་ཐོད་པ་མཚན་བཟང་འབྲུས་བཀང་བའི་སྟེང་དུ་སྲས་མཆོག་ཕུར་པ་དར་མཐིང་ནག་གི་ཅོད་པན་ཅན་དང་། གྲི་ལྕགས་ལས་གྲུབ་པའི་གྲི་གུག་བཅས་གཏོར་ཆེན་མདུན་དུ་བཞག་སློབ་དཔོན་གྱི་མདུན་previous hit དུགཡོན next hit་ནས་བརྩམས་ཏེ་ཌཱ་རུ། རྡོ་རྗེ། དྲིལ་བུ། ནས་བཟེད། གཡབ་དར་བཅས་རིམ་བཞིན་བཀོད། ལས་རྡོར་གྱིས་གུ་གུལ་དང་སྦྱར་སྤོས་གཡབ་དྲིལ་སོགས་མཁོ་རིགས་དང་གཞན་ཡང་སྒྲུབ་པོ་རྣམས་ཀྱི་རོལ་མོའི་བྱེ་བྲག་མ་ཚང་བ་མེད་པ་བསག་གོ ༈ །གཉིས་པ་ལས་ཀྱི་རིམ་པ་དངོས་ནི། ཕྱི་དྲོ་བརྡ་བྱུང་འཕྲལ། སྒྲུབ་པོ་རྣམས་གྲལ་དུ་འཁོད་ནས་ཐོག་མར། ཚིག་བདུན་གསོལ་འདེབས། ཕག་མོའི་བདག་བསྐྱེད་བསྡུས་པ་སྐྱབས་སེམས་མཐར་ཚད་མེད་བཞིར་བསྒོམ་པ་བཅས་སོང་ནས། མཚལ་མ་དགུ་ཆེན་ལྟར། ༀ་དཾ་ཥྚོ་སོགས་ལྷ་བསྐྱེད། སྤྱན་འདྲེན། མཆོད་བསྟིམ། དབང་བསྐུར། རྒྱས་གདབ། བསྟོད་ཕྱག་མཆོད་པ་བྱིན་རླབས་བསྡུས་


KMC001_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

པ། མཆོད་པ། གསང་སྔགས་ནང་གཏོར། ལྷ་ཆེན་དཔལ་འབར་མཐར། ཡེ་ཤེས་མགོན་པོ༴ དམ་ཞིང་གཏོར་འབུལ། ཨ་ཕྱི། རྡོར་གདན་མའི་མཐར་ཚེ་རིང་མའི་འདོད་གསོལ་དང་སྔགས་ཆ་ཚང་གསུང་། གཞི་བདག་དཀར་གཏོར། བསྟོད་པ་འབྲིང་པོ། གསོལ་ཀ་བྱིན་རླབས། བསྟན་སྲུང་མཐར་ཐུག་ཚར་གཅིག་མཆོད་རོལ་མཐར་སུམ་བརྡུང་གིས། བསྐང་ཐུང་ཚར་གཅིག་གིས་བཞག་ལ་བསྙེན་པ་བྱ། འགུགས་པ་ན་མོ་རཏྣ་སོགས་འགུགས་རྐང་དང་རྦད་སྔགས་ཀྱང་བརྗོད། བསྐུལ་གང་ཞིག་བླ་མ༴ ཚེ་བདག་ཡང་ཟློག༴ དངོས་གྲུབ་ལེན་ཆོག་མན་དཀྱུས་བཞིན་བཏང་སྟེ་ཚོགས་ཐེངས་གྲོལ། སྒྲུབ་པོ་ཚང་མ་ཡར་ཚོགས་ན་མདོས་བྱིན་རླབས་ནི། ལྷ་དབྱེའི་རྫས་དང་ཆས། བུམ་པ། མེ་ལོང་། ས་ལྐུག་ཆུ་ལྐུག་རྩ་ལྐུག་གི་མེ་སོགས་ཚང་བར་འདུ་བྱས་ནས། སློབ་དཔོན་ཕོ་རོག་མིག་ཞྭ་གྱོན་རྡོར་དྲིལ་བཅས། ལས་རྡོར་པས་ཆུ་ཆབ་བྲན་ལ། ༀ་དཾ་ཥྚོཏྐ ་ཊ་སོགས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་མཆོད་པའི་སོགས་རོལ་མོ་འབེབས་བཞག་རྐང་རག་རང་གི་ཐུགས་ཀ་ནས་སོགས་འབེབས་བཞག་ལིང་ཁྲུས་ནི། སློབ་དཔོན་རྐྱང་པས་གྲོ་ལོད་ལིང་ཁྲུས་ལྟར། ༀ་སྭ་བྷཱ་ཝ་སོགས། སྟོང་པ་ངང་ལས་པཾ་ལས་སོགས་ལྷ་མོ་བསྐྱེད་ཅིང་། ཧཱུྃ། མ་མ་ཀ་བྱེ་སོགས་བཟླས་མཐར་རྡོར་དྲིལ་འཛིན་བཞིན། བཙོག་ཁྲུས་ནི། མེ་ལོང་དང་བུམ་པ་ཐོགས་ལ། ཨེ་ཧོ་ཤུདྡྷེ་སོགས་ཀྱིས་ཁྲུས་ལ། འབྱུང་ལྔའི་བཙོག་ཁྲུས་


KMC001_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་རེ་རེ་བཞིན་ལིང་ག་ལ་མར་ཤད་གཅིག་དང་ཡར་ཤད་གཅིག་སླར་མར་ཤད་བཅས་ལན་གསུམ་རེ་དགོས། རླུང་ལ། རླུང་གཡབ་གཡོབ་ལ། ཡཾ་ཧོཿསོགས། མེ་ལ། རཾ་ཧོ༔ཤུདྡྷེ་སོགས། ཆུ་ལྐུག་ལ། བཾ་ཧོཿསོགས། ས་ལྐུག་ལ། ལཾ་ཧོཿསོགས་སོ་སོར་གྲུབ་ནས། རང་གི་ལག་པའི་དྲི་མ་ཐམས་ཅད་དག་པར་བསམ་ལ་ཐར་ཁྲུས་ཆུ་ཡར་ཕྱིར་འཕོ་དགོས། དབུ་མཛད་ནས་བསྐུལ་ཏེ། དཔལ་ལྡན་བདེ་གཤེགས་སོགས། ཉིད་དུ་གྱུར་ལ་དྲིལ་གསིལ། བདག་གི་ཐུགས་ཀའི་སོགས། ཉམས་པའི་སོགས། ཐིམ་པར་གྱུར་དྲིལ་གསིལ། འབེབས་བཞག མདུན་གྱི་ནམ་མཁར་སོགས། གསེར་སྐྱེམས་ཐོགས་ལ་བཞི་དྲིལ་གྱིས། ཧཱུྃ། ཐམས་ཅད་གཟིགས་ཤིག་སོགས་མཚམས་རྒྱག རིག་འཛིན་དམ་ལ་སོགས་མཐར་འབེབས་བཞག་རྐང་རག གསེར་སྐྱེམས་དོར། ལྕགས་ཁང་བསྐྱེད་ཆོག་ནི་ཆུ་ཆབ་བྲན་ལ། ༀ་དཾ་ཥྚོཏྐ་ཊ་སོགས། སྭ་བྷཱ༴ མདུན་དུ་ཨེ་ཡིག་སོགས། གདུངས་པར་གྱུར་ལ་དྲིལ་གསིལ། བདག་མདུན་གྱི་ཐུགས་ཀ་ནས་སོགས་བཀུག་པར་གྱུར། གཡབ་དྲིལ་ཐོགས་ལ། འགུགས་ཚན་ལྔ་པོ་སོ་སོར་བརྗོད་ཅིང་འགུགས་སྔགས་སོ་སོར་རོལ་འོག་ཏུ་ལན་བདུན་རེ་ཆོས་སྐྱོང་སྲུང་མའི་མཐར་ཚིག་རིས་ལྟར་མཚོན་ཆ་འདེབས་དགོས། རོལ་འོག་ཏུ་སྔགས་ཚན་གསུམ་པོ་སྦྲེལ་ཏེ་ལན་བདུན་བརྗོད་མཐར་རོལ་མོ་བཞག་ནས། ༀ་བཛྲ་རཀྴ་སོགས་སྔགས་ཚན་གསུམ་


KMC001_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོར་ཉེར་གཅིག་རེ་བཟླས་མཐར་མཚོན་ཆ་རྣམས་ཕྱིར་ལེན། ལྷ་དབྱེ་ནི། གཏོར་མ་དཀར་དམར་གཉིས་ལ་ནང་མཆོད་བྲན། ཨ་ཀཱ་རོ་སོགས། དམ་ཉམས་པའི་དགྲ་བོ་སོགས། ཧཱུྃ། ཡུལ་ལྷ་དགྲ་ལྷ་སོགས་སོ་སོར་དེངས། རོལ་མོའི་ཞབས་སུ་ལྷ་དབྱེའི་སྔགས་སོ་སོར་ལན་བདུན་རེ་ངེས་པར་འགྲོ་དགོས། མཐར་*འབེབས་བཞག་སླར་ཡང་སློབ་དཔོན་ནས་གོང་ལྟར་ལྷ་མོ་བསྐྱེད་བཟླས་མཐར། རྡོར་དྲིལ་མེ་ལོང་བཅས། ༀ་མ་མ་ཀ་བྱེ་སོགས་བརྗོད་བཞིན་ལིང་ག་རེ་རེ་བཞིན་གཙང་ཁྲུས་དང་ཤ་ལག་པས་ཀྱང་ཁྲུས་ཚུལ་གོང་བཞིན་བྱ། དེ་ནས་ལས་རྡོར་གཅིག་གིས་ལིང་ག་སྒྲུབ་ཁང་གི་ཕྱི་ལོགས་སུ་རླུང་ལ་གཡབ། ལས་རྡོར་གཅིག་གིས་ཤ་དུམ་བུ་རེ་དང་ཁྲུས་ཆུ་ཚོགས་པར་བཀྱེ། དགྲ་བོའི་ཚེ་བསོད་དབང་ཐང་ཐམས་ཅད་རང་ལ་ཐོབ་པར་མོས་ཏེ་ཁྲུས་ཆུ་བཏུང་ཞིང་ཤ་ལ་རོལ། དེ་ནས་ལིང་ག་ལྟེབ་ཚུལ་ནི། ཤི་ལྟེབ། རོ་ལྟེབ། མཚོན་ཆ་ལྟེབ་གང་རུང་གིས་ལྟེབ་ལ། ལིང་ཆིངས་སྔོ་དམར་གཉིས་ཀྱིས་བཅིང་སྟེ། སྙིང་འཛར་ཀྱང་རྙིང་མ་སྤྱིའི་ཕྱག་ལེན་ལྟར་གདབ། དེ་ནི་རང་གི་འཁོར་ལ་མི་འཁྱམས་པའི་ཕྱིར་རོ། །རང་གི་བརླ་གཡོན་དང་སྒོ་ཐེམ་འོག་རང་འཐག་གི་བུག་པ་བཅས་སུ་ལན་གསུམ་རེ་དྲངས་སྲོལ་འདུག་པས་གྲུབ་ན་ལེགས། དེ་ནས་ཤོག་ལིང་ཁ་སྦྱོར་གཅིག་གཏོར་མའི་སྨད་ཆ་བྲུབ་ཁུང་ནང་དུ་བཅུག་ཁ་སྦྱོར་གཅིག་བསྒྲལ་ལས་སྐབས་ཀྱི་བྲུབ་ཁུང་དུ་བཞག་ཁ་སྦྱོར་གཅིག་མདོས་མདུན་ཐུན་གཏོར་གྱི་རྐང་གསུམ་ལ་བཏགས། ཕོ་ལིང་རྐྱང་


KMC001_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་ཐུན་གཏོར་བསག་སྣོད་དུ་བཞག་ནས་སྒོ་རྩངས་བཙུགས་ལ་ཚོགས་གྲོལ་ལོ། ༈ །ཕྱི་ཉིན་སྔ་བར་ཚོགས་ཏེ། ལོ་གྱོན་མའི་གཟུངས། རྣམ་འཇོམས་རྣམ་རྒྱལ༴ ཚིག་བདུན་གསོལ་འདེབས། བདེ་ཆེན་རྡོ་རྗེ༴ ཕག་མོའི་བདག་བསྐྱེད་བསྡུས་པ་སྐྱབས་སེམས་༡མཐར། ཚད་མེད་བཞིར་བསྒོམ། དེ་ནས་སྲུང་འཁོར་ནི། ཨོཾསྭ་བྷཱ་ཝ་སོགས་སྟོང་པའི་ངང་ལས་ཡི་གེ་བུམ་སོགས་མཐར། ༀ་ཤྲཱི་མ་ཧཱ་ཀཱ་ལ་དུ་བིཾ་སོགས་བརྒྱ་བརྒྱད་བཟླ། རང་གི་ཐུགས་ཀར་སོགས། ༀ་བཛྲ་ཙཎྜ་སོགས་བརྒྱ་བརྒྱད་བཟླས། ༀ་ཤྲཱི་མ་ཧཱ་སོགས་ལ་མ་མ་ཀ་ཝ་ཙི་བཏགས་པ་བརྒྱ་བརྒྱད་བཟླས་མཐར། ལས་རྡོར་དང་སློབ་དཔོན་གཉིས་ནས་གཡབ་དྲིལ་བཅས་འགུགས་རྒྱས། ཆུ་ཆབ་རེ་བྲན་ལ། ན་མོ། རྗེ་བཙུན་སོགས་འགུགས་རིང་ལན་གཅིག་དང་། ན་མོ་རཏྣ་སོགས་འགུགས་ཐུང་ཉིས་བཅས་ལ་སོ་སོར་དྲག་འབེབས་འོག་དངོས་གཞི་ཉིན་དང་པོ་གཉིས་པ་གསུམ་པ་བཅས་ལ་ལན་བདུན་རེ། ཉིན་ཕྱི་མ་བཞི་ལ་ལན་གསུམ་རེ་དགོས། འོག་མ་རྣམས་ལ་ཡང་འགྲེས། ལྷ་ཚོགས་རྣམས་ལས་སོགས། ༀ་ཙཎྜ་མ་ཧཱ་སོགས་བརྒྱ་བརྒྱད་བཟླས་མཐར། རོལ་མོ་སུམ་བརྡུང་གིས། ཧཱུྃ། བྱང་ཕྱོགས་དུར་ཁྲོད་སོགས། ཕྲིན་ལས་མཛོད་ལ་མཚམས་རྒྱག བྷྱོ། ཡེ་ཤེས་དབྱིངས་ཀྱི་སོགས་ཕྲིན་ལས་མཛོད། ཐུན་གཏོར་ལིང་གར་རྒྱབ། བྷྱོ། རྡོ་རྗེ་གར་གྱིས་སོགས། རྐང་མཱ་ར་ཡ། ༀ་ལོཀྟྲི་


KMC001_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་ཉེར་གཅིག་བཟླས་མཐར་ཐལ་རྡེབ་ལན་གསུམ་བཅས། དྲང་སྲོང་བདེན་པའི་སོགས་རྒྱས་པར་མཛོད། ཆོག་གཞུང་རྗེ་བསྟན་པའི་ཉིན་བྱེད་གསུང་ལྟར། མདུན་དཀྱིལ་ལ་བདུད་རྩི་བྲན་ཏེ། ༀ་དཾ་ཥྚོཏྐ་ཊ་སོགས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས། རང་ཉིད་ཡི་དམ་དུ་གསལ་བའི་སོགས་ནས་ལྟ་བུར་གྱུར། དེའི་ཕྱི་རོལ་དུ་སོགས་གང་བར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་སོགས་འདུར་གདངས་བྱ་ཞིང་གཤེགས་པར་གྱུར། སྤྱན་འདྲེན་རོལ་མོ་མཐོང་བརྒྱུད་ལྟར་ལྡིར་ནས་ཌཱ་དྲིལ་རྐང་བཞི་འབུད་རག་དུང་། ཧཱུྃ། དད་པ་དང་ནི་སོགས། ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ། ༀ་སྔོན་གྱི་ཐུགས་དམ་སོགས་ནས་དཀྱུས་ལྟར་ལ། སྐད་ཅིག་ཙམ་གྱིས་གཤེགས་སུ་གསོལ་ལ་མཚམས་རྒྱག་བཞག ༀ་མ་ཧཱ་ཀཱ་ལི་དུཾ་བྷྱོ་ས་མ་ཡ། ༀ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ་དེ་ཝ་རཀྵ་སོགས་ནས། ཧཱུྃ་ཡ་ཛཿའི་བར་སྤྱན་འདྲེན་སྔགས་ལན་ཉེར་གཅིག་བཟླས་མཐར་འབེབས་རིང་ཌཱ་རྐང་རག་སུམ་རྡུང་གིས། ཧཱུྃ། གཏུམ་པོ་འཇིགས་སུ་སོགས་བཞུགས་སུ་གསོལ། བྷྱོ། ཐོད་རུས་དམར་པོ་སོགས་ཏིཥྛ་ལྷན། ཧཱུྃ། རྡོ་རྗེ་འཆང་གི་སོགས། བཞུགས་སུ་གསོལ་ལ་མཚམས་རྒྱག ༀ་མ་ཧཱ་ཀཱ་ལི་ཏྲཀ་


KMC001_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

རཀྵ་སོགས་རང་རྒྱ་བཅས་ལན་གསུམ། ཐལ་སྦྱར་བཅས། སླར་ཡང་ཐུགས་ཀའི་སོགས་དབུ་བརྒྱན་པར་གྱུར། ཧཱུྃ། མཉམ་མེད་ཐུགས་མངའ་སོགས་མཚམས་རྒྱག བྷྱོ། བསྐལ་པ་མང་པོར་སོགས་གཙོ་ལ་ཕྱག་འཚལ་བསྟོད། སུམ་འབེབས་རྐང་རག་བཞག ༀ་དཾ་ཥྚོད་སོགས། སྭ་བྷཱ༴ སྟོང་པའི་ངང་ལས་ཨ་ལས་ཀ་པཱ་ལ་སོགས། ༀ་བཛྲ་ཨཱརྒྷཾ་ཨཱཿཧཱུྃ། པུཥྤེ་སོགས་ནས། མཎྜལ་ཧཱུྃ་ཧྲཱིཿཋ། འབེབས་རིང་སུམ་བརྡུང་གིས། ཧཱུྃ། ལྷ་ཆེན་དཔལ་འབར་སོགས། འཁོར་དང་བཅས་པས་བཞེས་སུ་གསོལ། ༀ་ཁྲག་གི་རྒྱ་མཚོ་སོགས། ༀ་ཤྲཱི༴ ཨཱརྒྷཾ་པྲ་ཏིཙྪ་སོགས་སྔགས་འགྲེ་བཤང་དགོས་མཐར། བྷྱོ། རིན་ཆེན་ཨིནྡྲ་སོགས། བྷྱོ། རཀྟ་ཁྲག་གི་སོགས་མཐར། རཀྟ་པི་པ་ཏོ་ཁཱ་ཧིར་སུམ་འབེབས་བཞག་རྐང་རག་ཚོགས་ལ་ཆུ་བྲན་ཅིང་སྤོས་གཟུག་ༀ་ཨཱཿབིགྷྣན་སོགས། སྭ་བྷཱ༴ སྟོང་པའི་ངང་ལས་ཡཾ་ལས་སོགས། ༀ་ཨཱཿཧཱུྃ་ལན་གསུམ། བདུད་རྩི་བྲན། ན་མོ་ཐབས་དང་ཤེས་རབ་སོགས་གཏོར་རྒྱ་བཅས་ལན་གསུམ། ཧཱུྃ་བཞེངས་ཤིག་སོགས་མཐར་སུམ་འབེབས་འོག་སྔགས་གསུངས་འུར་བཞག་རྐང་རག་ཚོགས་ཕུད་གཏོར་མར་བཏབ་ལ་བྲན། ༀ་ཨཱཿབིགྷྣཱན་སོགས་བྱིན་རླབས་གོང་ལྟར། ༀ་ཨཱཿཧཱུྃ་


KMC001_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ། འབར་རྒྱས། ཕེཾ་ཕེཾ་ཕེཾ་སོགས་ནས་གསང་སྔགས་ནང་གཏོར་ཆ་ཚང་གསུངས་མཐར། མ་མགོན་གྱི་གཏོར་འབུལ་ནི་གཞོང་པ་རྣམ་དག་བྲན་ལ། ༀ་དཾཥྚོ་སོགས། སྭ་བྷཱ༴ སྟོང་པའི་ངང་ལས། ཡཾ་རཾ་ཀཾ་སོགས་ཆེན་པོར་གྱུར། ༀ་ཨཱཿཧཱུྃ་ལན་གསུམ། ཧཱུྃ། བླ་མེད་མཆོད་པ་སོགས། ཐུགས་རྗེས་དགོངས་ཏེ་བཞེས་སུ་གསོལ། བྷྱོ། གཞོང་པ་རྣམ་དག་སོགས་ནས་ཁཱ་ཧི་ཁཱ་ཧི། སུམ་བརྡུང་འབེབས་འོག་སྔགས་རིང་། མ་ཧཱ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི་བར་ལན་གཅིག་དང་། ༀ་ཏྲཀ་རཀྵ་དུཾ་ཏིཾ་སོགས་སྤྱི་འདྲིལ་ལན་བདུན་གསུངས་མཐར་འུར་སུམ་རྡུང་གིས། ཧཱུྃ་ཛཿ ཡེ་ཤེས་མགོན་པོ་སོགས། སུམ་འབེབས་རྐང་རག་མཐར་སུམ་བརྡུང་ལེན་མེད་ཀྱིས། ཧཱུྃ། རྡོ་རྗེ་འཆང་དངོས་སོགས། བརླབ་ཏུ་གསོལ་མཚམས་རྒྱག ༀ་བཻ་ཏཱ་ལི་སོགས་ལན་གཅིག བྷྱོ། དུར་ཁྲོད་བདག་མོ་སོགས་འབེབས་བཞག དེ་ནས་དང་པོ་རྣམ་སྲས། གཉིས་པ་ཞིང་སྐྱོང་། གསུམ་པ་སྲིན་མགོན། བཞི་པ་དམ་ཅན། ལྔ་པ་སྔགས་བདག། དྲུག་པ་མཁར་ནག་བདུན་པ་ཨ་ཕྱི། བརྒྱད་པ་ཚེ་རིང་མའི་རྡོར་གདན་གྱི་མཐར། ཐུགས་དམ་ཅན་ལ་དལ་འབེབས་འོག་ཚེ་རིང་མའི་འདོད་གསོལ་དང་། རྟ་ལྷ་ནས་རྫིང་བཙན་བར་གྱི་སྔགས་བསྔོས་གསུངས་མཐར་འུར་བཞག་འདི་སྐབས་ཚེ་རིང་མའི་དཀར་གཏོར་མཉམ་དུ་དམར་གཏོར་ཞིག་ཀྱང་


KMC001_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིག་དགོས་གསུངས། མཁའ་འགྲོ་སྤྱི་གཏོར་དང་། གཞི་བདག་དཀར་གཏོར་མཐར་འབེབས་རིང་ཉིས་རྡུང་གིས། ༀ་ཨཱཿཧཱུྃ་ཧོཿ གང་གི་དྲིན་གྱི་སོགས། ཧྲཱིཿ ཐུགས་རྗེ་ཆེན་པོ་སོགས་མཚམས་རྒྱག ཧཱུྃ། སྲིན་པོའི་གཟུགས་ཀྱིས་སོགས་ནས། དམ་ཚིག་ཅན་ལ་ཕྱག་འཚལ་བསྟོད། སྦྲེལ། ཧཱུྃ། སྐྱེས་འབར་བ་སོགས་མཚམས་རྒྱག ཧཱུྃ། ལས་རྣམས་རྫོགས་མཛད་སོགས་ཕྲིན་ལས་མཛོད། སྦྲེལ། ལྷ་མར། བྷྱོ། རླུང་ནག་འཚུབ་མར་སོགས། འགྲུབ་པར་མཛོད་མཚམས་རྒྱག བྷྱོ། སེམས་ཉིད་ཕྲིན་ལས་སོགས་བརྩོན་པར་ཤོག སྦྲེལ། ནག་པོ་ཡབ་ཡུམ་སོགས། མི་འཇིགས་སེང་གེ༴ བྷྱོ། ཉི་ཤུ་རྩ་བཞི༴ ལྷོ་ནུབ་ལང་ཀ་སོགས། ད་ཐུལ་ཅིག་ལ་མཚམས་རྒྱག ཧཱུྃ། དམ་ཅན་མགར་བའི་སོགས། ཀླུ་ཡི་རྒྱལ་པོ་སོག་མ་སོགས་ཀྱི་མཐར། སྣང་སྲིད་ཟིལ་གནོན༴ བསྟོད་པར་འོས་པ་སོགས་སུམ་འབེབས+་སུམ་བརྡུང་གིས། ཧཱུྃ། བདག་ནི་དམ་ཅན་སོགས་རྒྱས་པ་གསུངས་མཐར་སུམ་འབེབས་%བཞག སྔགས་རྒྱུན་རྣམས་ལན་གསུམ་རེ་དང་། གསུང་སྙིང་ལྔ་བརྒྱ། སྤྱི་འདྲིལ་ཏྲཀ་རཀྵ་ལྔ་བརྒྱ། ཤཱ་ས་ནའི་སྔགས་རིང་ལན་བདུན་བཅས་འགྲོ་ངེས་བཟླ་དགོས། མཐར་སློབ་དཔོན་མདུན་བསྒྲལ་ཆས་སོགས་བཀོད་ལ། སློབ་དཔོན་བྱ་རོག་པྲོག་ཞུ་གསོལ་ནས་རྡོར་དྲིལ་བཅས། དགྲ་ཆོས་རྒྱས་


KMC001_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་བྱུང་བའི་མཆོད་རྫས་བྱིན་རླབས་ནི། མདོས་བྲན་ཏེ། ༀ་དཾ་ཥྚོ་སོགས། སྭ་བྷཱ༴ སྟོང་པའི་ངང་ལས་མཆོད་པའི་སོགས་ནས། མི་ཁྱབ་པར་གྱུར་ལ་དྲིལ་གསིལ། འབེབས་༡༣བཞག་རྐང་རག རང་གི་ཐུགས་ཀ་ནས་སོགས། ཟ་བཞིན་པར་གྱུར་དྲིལ་གསིལ། འབེབས་བཞག་རྐང་རག དཔལ་ལྡན་བདེ་གཤེགས་སོགས། ཉིད་དུ་གྱུར་དྲིལ་གསིལ། བདག་གི་ཐུགས་ཀའི་སོགས། ཐིམ་པར་གྱུར་དྲིལ་གསིལ། འབེབས་བཞག་རྐང་རག མདུན་གྱི་ནམ་མཁར་སོགས། སློབ་དཔོན་ནས་གསེར་སྐྱེམས་ཐོགས་ལ། ཧཱུྃ། ཐམས་ཅད་གཟིགས་ཤིག་སོགས་མཚམས་རྒྱག རིག་འཛིན་དམ་ལ་སོགས་མཐར་སུམ་འབེབས་བཞག་རྐང་རག་གསེར་སྐྱེམས་ཕྱིར་ཕུལ། ལྕགས་ཁང་ཆུ་ཆབ་བྲན་ལ། བསང་སྦྱང་། ༀ་དཾ་སོགས། སྭ་བྷཱ༴ མདུན་དུ་ཨེ་ཡིག་སོགས་གདུང་བར་གྱུར། བདག་མདུན་གྱི་སོགས་བཀུག་པར་གྱུར། གཡབ་དྲིལ་ཐོགས་ལ་འགུགས་རྒྱས། ཆུ་ཆབ་རེ་དགོས། ན་མོ་རྗེ་བཙུན་སོགས་འགུགས་པ་ཚན་པ་དང་པོར་ལས་འགྲིག་འགུགས་སྔགས་དང་། བཛྲ་རཀྴ་སྦྲེལ་བ་རོལ་འོག་ཏུ་ལན་བདུན་རོལ་བཞག་ནས། བཛྲ་རཀྴ་རྐྱང་པ་ཉེར་གཅིག་བཟླ། གདབ་ལས་འགུགས་ཚན་གཉིས་པར་༽ལས་གཞུང་འགུགས་སྔགས་དང་། ཤེལ་ཤེལ་དགྲ་བོའི་སོགས་སྦྲེལ་བ་རོལ་མོའི་འོག་ལན་


KMC001_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་རོལ་མོ་བཞག་ནས། ཤེལ་ཤེལ་རྐྱང་པ་ཉེར་གཅིག་བཟླ། འགུགས་ཚན་གསུམ་པར༽ ལས་གཞུང་གི་འགུགས་པ་རིང་བར་ལས་གཞུང་འགུགས་སྔགས་དང་། དགྲ་བོའི་བླ་ཤ་སོགས་སྦྲེལ་བ་རོལ་འོག་ལན་བདུན་དང་བཞག་ནས། དགྲ་བོའི་བླ་ཤ་རྐྱང་པ་ལན་ཉེར་གཅིག་བཟླ། འགུགས་ཚན་བཞི་པ༽ ལས་གཞུང་འགུགས་པ་ཐུང་བར་ལས་འགྲིག་འགུགས་སྔགས། ཀཱ་ལ་རུ་པ་སོགས་རོལ་འོག་ལན་བདུན་ལས་རོལ་མོ་བཞག་ནས་བསགས་མི་དགོས། འགུགས་ཚན་ལྔ་པ༽ ཧཱུྃ། ཆོས་སྐྱོང་སྲུང་མ་སོགས་ཚིག་རིས་དང་བསྟུན་མཚོན་ཆ་རྣམས་རྡེག་དགོས། མཐར་དྲག་%འབེབས་འོག་འགུགས་སྔགས་ཡོངས་རྫོགས་སྦྲེལ་བ་ལན་བདུན། རོལ་མོ་བཞག་ནས་བཟླ་མི་དགོས། སྔགས་གྲུབ་པ་དང་མཚོན་ཆ་རྣམས་ཕྱིར་ལེན། དངོས་གཞི་ཉིན་དང་པོ། གཉིས་པ། གསུམ་པ་བཅས་ལ་གོང་གསལ་བཞིན་དང་། ཉིན་ཕྱི་མ་བཞི་པ། ལྔ་པ། དྲུག་པ། བདུན་པ་བཅས་བཞི་ལ་རོལ་མོའི་འོག་ཏུ་ལན་གསུམ་རེ་དང་། རོལ་མོ་བཞག་ནས་ལན་བདུན་རེ་བཅས་བཟླ་དགོས། ལྷ་དབྱེ་ནི། གཏོར་མ་དཀར་དམར་གཉིས་བཤམས་ལ། བཟློག་མདུན་བདུད་རྩི་བྲན་ཏེ། ཨ་ཀཱ་རོ་སོགས་རང་རྒྱས་ལན་གསུམ། དམ་ཉམས་པའི་དགྲ་བོ་སྡིག་ཅན་སོགས་སྥ་ར་ཎ་ཕཊཿ ཧཱུྃ། ཡུལ་ལྷ་དགྲ་ལྷ་སོགས་སོ་སོར་དེངས། སྦྲམ་སིང་དུང་དམར་རོལ་ཞབས་སུ་ལྷ་དབྱེའི་སྔགས། ཉིན་བཞི་པ་དང་ལྔ་པར་ལན་བདུན་རེ། རོལ་མོ་བཞག་ནས་ཚན་པ་སོ་


KMC001_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

སོར་ལན་བཅུ་བཞི་རེ་བཟླ། ཉིན་སྔ་ཕྱི་གཞན་རྣམས་ལ་སྔགས་ཚན་སོ་སོར་རོལ་ཞབས་སུ་ལན་གསུམ་རེ་ལས་རོལ་མོ་བཞག་ནས་བཟླ་མི་དགོས། གང་ལྟར་ཡང་མཐར་འུར་བཞག ཕུར་པ་སློབ་དཔོན་མདུན་བཀོད་དེ་བྲན་ལ། ༀ་དཾ་ཥྟོ་སོགས། སྭ་བྷཱ༴ སྟོང་པའི་ངང་ལས་པད་ཉི་སོགས་ནས་རྒྱས་གདབ་རྒྱུར། ༀ་མ་ཧཱ་ཀཱ་ལ་སོགས་རབ་གནས་འབྲུ་གཏོར་ལན་ཉེར་གཅིག་བཟླས་མཐར། ལས་ཕུར་ཐོགས་ཏེ་ཚིག་རིས་ལྟར་ཕུར་བསྐོར་སོགས་བྱ་ཞིང་། སྲས་མཆོག་རིགས་ཀྱི་སོགས། སྲོག་སྙིང་ཀཱི་ལ་ཡ་ལ་མཚམས་རྒྱག ཐུན་གསུམ་པའི་སྐབས་སྦྲམ་སེང་སྟེ་སྔགས་རྒྱུན་གསུང་། སྡང་བའི་དགྲ་བོ་སོགས་ལ་ཚིག་རིས་ལྟར་ཕུར་པ་གདབ་ཅིང་དྲིལ་གསིལ་བྱ། ཐུན༷་ཚོགས་ད~གྲ་ལ་ཡ༡། རོལ་མོ་སྦྲམ་སིང་དུང་དམར་རོལ་ཞབས་སུ། ༀ་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ་ཕཊཿསོགས་བསྐང་གསོལ་ལས་འགྲིག་གཞུང་གི་སྔགས་ཆ་ཚང་གསུངས་མཐར་འུར་བཞག ༀ་ཏྲཀ་རཀྵ་སོགས་སྤྱི་འདྲིལ་ཉེར་གཅིག་བཟླ། ཐུན་རྡོ་ཚོགས་སུ་ཕུ་འགྲིམ་ཞུ། ཧོ། དམ་ཉམས་པའི་དགྲ་བོ་སོགས། ཕོབ་ཅིག་ཞེས་པའི་སྐབས་སློབ་དཔོན་ནས་དྲིལ་རྡེབ་དང་ཐུན་སོ་སོར་རྡེག་ཚོགས་པ་རྣམས་ཀྱིས་ཐལ་རྡེབ་བཅས་མཐར་འབེབས་བཞག་རྐང་རག་ལས་ཕུར་ཆོས་དབྱིངས་རྒྱས་བཟུང་ལ། ཆོས་ཀྱི་འཁོར་ལོའི་སོགས། ཕཊཿ སྦྲམ་སིང་དུང་དམར་རོལ་ཞབས་སུ་དངོས་གཞིའི་ཉིན་དང་པོ་ནས་ལྔ་པའི་བར་


KMC001_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཧེར་ནི། ཤཱ་ས་ན། ཧུ་ར་གསུམ་ལ། ཨེ་ཨ་རལླི་སོགས་རྦད་སྔགས་སྦྱར་བ་དང་། མ་མོའི་སྔགས་གསུམ་ལ། མ་མ་དགྲ་བོའི་སོགས་རྦད་སྔགས་བཏགས་པ་བཅས་ལན་རེ་དང་། བསད་སྔགས་རག་མོ་རག་མོ་སོགས་ལན་གསུམ་གསུང་། ཉིན་དྲུག་པ་དང་བདུན་པར། ཧེར་ནི་སོགས་ལན་གསུམ་རེ། བསད་སྔགས་ལན་བདུན་རེ་དང་། གང་ལྟར་འུར་སུམ་བརྡུང་གིས། ཧཱུྃ། དགྲ་བགེགས་བསྒྲལ་བའི་སོགས། ཞལ་དུ་བསྟབ་ཞེས་པ་ཀུན་ལ་དྲིལ་གདབ་བྱ། དངོས་གཞི་ཉིན་དང་པོའི་ཐུན་དང་པོ་དང་ཉིན་རྗེས་མའི་ཐུན་གཉིས་པ་བཅས་ལ་ཞལ་བསྟབ་རེ་རེ་བཞིན་འགྲེ་བཤང་། གཞན་རྣམས་ལ་མི་དགོས། མཐར་སུམ་བརྡུང་འབེབས་བཞག་རྐང་རག་དེ་ནས་སློབ་དཔོན་དང་ལས་རྡོར་གཉིས་ནས་གཡབ་དྲིལ་བཅས་འགུགས་རྒྱས་ལས་འགྲིགས་གཞུང་གི་འགུགས་པ་རྒྱས་པ་ལན་གཅིག་དང་བསྡུས་པ་གཉིས་ཀྱི་མཐར་སྤྱི་འདྲིལ་རྦད་སྔགས་སོགས་གསུངས་མཐར་བཞི་བརྡུང་གིས། ཧཱུྃ། བསྐལ་པའི་མེ་ལྟར་སོགས་མཚམས་རྒྱག བྷྱོ། གསང་སྔགས་རྣལ་འབྱོར་སོགས། རྐང་རག བྷྱོ། རྡོ་རྗེ་གར་གྱི་སོགས། རྐང་རག་མཱ་ར་ཡ། སེང་གདོང་མའི་བཟློག་པ་བཅས་གྲུབ་ནས་ཐུན་གཏོར་ལིང་གར་རྒྱབ་ནས་སྔ་ཐུན་གྲུབ་བོ། མཆོད་ཁ་གསོ་བྲན་གྱིས། གསོལ་ཀ་རྒྱས་པ་ཆ་ཚང་གསུང་། དམ་ཞིང་གཉིས་གོང་འོག་བསྣོལ་དགོས། སླར་མཆོད་གསོ་བྲན་གྱིས། བསྐང་བ་རྒྱས་པ་ལན་གཅིག་དང་འབྲིང་བ་ལན་


KMC001_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གི་མཐར། བསྐང་བ་བསྡུས་པ་བརྒྱ་བརྒྱད་གསོག་དགོས་མཐར་གུང་ཚིགས་གྲོལ་ལྷ་མོའི་བསྐང་བ། བྱང་ཤར་མ་སོགས་མཚམས་རྒྱག་ལྔ་བརྒྱ་དུས་མཐའི་མཐར་སུམ་འབེབས་རྐང་རག་སུམ་རྡུང་གིས། བདག་སྒྲུབ་མ་རྒྱས་པའི་མཐར་སུམ་འབེབས་བཞག་རྐང་རག་དེ་ནས་བསྙེན་པ་སྔགས་རྒྱུན་རྣམས་དང་། ཕུར་ཆོག་བཅས་ཐུན་དང་པོ་དང་འདྲ་བ་ལ། ཐུན་གཉིས་པ་ཕུར་བསྐྱེད་དོར་ཞིང་། གསུམ་པར་ཕུར་གདབ་རྒྱས་པ་དོར་བ་ཙམ་ཁྱད་པར་རོ། །དེ་ནས་ལས་འགྲིགས་གཞུང་གི་འགུགས་པ་རྒྱས་བསྡུས་སྤྱི་འདྲིལ་རྦད་སྔགས་སོགས་མཐར་སུམ་བརྡུང་གིས། མ་དག་སྣོད་བཅུད་སོགས་ནས། ལས་འགྲིགས་རྒྱས་པ་ཆ་ཚང་གསུངས་ཏེ། བཀའ་ཡི་ཚོགས་དང་བཅས་ཀྱི་མཐར་གཏོར་མ་ལིང་གར་རྒྱབ། བྷྱོ། རྡོ་རྗེ་གར་གྱི་སོགས། ཡང་བཟློག་ཤེར་སྙིང་ཐལ་རྡེབ། བཅས་ཀྱིས་ཉིན་ཐུན་གྲུབ། ༈ །དེ་ནས་ཕྱི་ཐུན་ལ། མཆོད་ཁ་གསོ་བྲན་གྱིས། ༀ་དཾ་ཥྚོ་སོགས། སྭ་བྷ་ཝ༴ སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁཾ་ལས་བྲག་སྟེང་སོགས་མཚལ་མ་དཀྱུས་ལྟར་ལ། སྤྱན་འདྲེན་སྔགས་གྲངས་གསོག་མི་དགོས། མཎྜལ་ལའི་མཐར་ཚོགས་མཆོད་དང་གསང་སྔགས་ནང་གཏོར་གཉིས་མི་དགོས་ཤིང་བྱིན་རླབས་སྔོན་འགྲོས། ལྷ་ཆེན་དཔལ་འབར་སོགས་དཀྱུས་བཞིན་གསུངས་ཏེ་མཐར་སུམ་འབེབས་འོག་སྔགས་རིང་དང་ཕྱག་བཞི་པ་ནས་བཟུང་འཁོར་ལྔ་རྗེས་འབྲང་ཡོངས་རྫོགས་ཀྱི་སྔགས་བསྔོས་


KMC001_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་མཐར་འབེབས་བཞག་གོང་གི་སྔགས་བསྔོས་ཚར་བ་དང་དཀར་དམར་གཉིས་གསེར་སྐྱེམས་བཅས་ཕུལ་དགོས། མཁའ་འགྲོ་སྤྱི་གཏོར། གཞི་བདག་དཀར་གཏོར་མཐར། བསྟོད་པ་འབྲིང་པོའི་མཐར་སུམ་བརྡུང་གིས། བདག་སྒྲུབ་མ་རྒྱས་པ། བསྙེན་བཟླས། ཕུར་ཆོག་སོགས་གོང་བཞིན་གྲུབ་རྗེས། ཐུན་གཏོར་ལ། འགུགས་པ་རིང་བ་གཉིས་དང་ཐུང་བ་གཅིག་མཐར་སྤྱི་འདྲིལ་རྦད་སྔགས་སོགས་ཀྱི་མཐར་ཉིས་བརྡུང་གིས། ཧཱུྃ། གསོན་ཅིག་མ་སོགས་རྐང་རག འདས་བྱོན་མ༴ གང་ཞིག་བླ་མ༴ ཧཱུྃ་བྷྱོ། ཕོ་བྲང་མཁའ་སྤྱོད་སོགས། རྐང་རག རཀྵ་ས་སོགས་མཚམས་རྒྱག བྷྱོ། མེ་རླུང་འཚུབ་མའི་སོགས་རྐང་རག ཧཱུྃ། ཉི་མ་ནུབ་ཕྱོགས་སོགས་མེད་པར་མཛོད། རོལ་ཆེ༷ན་དམ་ཅན་ཛཿབརྡུ༷ང་འོག་བསྙེན་པའི་སྐབས་ལྟར་ལས་འགྲིགས་སྔགས་ཆ་ཚང་གསུང་དགོས། ཐུན་གཏོར་ལ་དཔལ་འབར་འཛུགས་ཏེ་ཕྱིར་འབུལ་མཐར་སུམ་བརྡུང་གིས་དགྲ་ཆོས་རྒྱས་པ་ལས་བྱུང་བའི། ཧཱུྃ། དཔལ་ལྡན་མགོན་པོ་ནག་པོ་སོགས་རྩང་བཟློག་རྣམས་དང་། རྐང་མཱ་ར་ཡ། མགོན་པོ་མ་ཧཱ་ཀཱ་ལ་སོགས་སུམ་འབེབས་སུམ་བརྡུང་སུམ་འཕར་ནས། བཟློག་བྱེད་མ་མོ་སོགས་རྐང་རག་མཱ་ར་ཡ། རྡོ་རྗེ་གར་གྱི་དབང་ཕྱུག་སོགས་མཐར་སུམ་འབེབས་བཞག་རྐང་རག་མཱ་ར་ཡ། ༀ་ཧཱུྃ་ཏྲིག་ཁྲོཾ་སོགས་ཚེ་བདག་ཡང་ཟློག་སྔགས་ལན་ཉེར་གཅིག་བཟླ།


KMC001_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་རྡེབ་ལན་གསུམ་མཐར། འཇམ་དཔལ་བདེན་པའི་སོགས་རྒྱས་པར་མཛོད། སིལ་སྙན་ཉིས་བརྡུང་གིས། ཆོས་ཀྱི་དབྱིངས་མ་སོགས་ཐལ་སྦྱར་བཅས་མཐར་མཚམས་རྒྱག མ་གཅིག་མའི་མཐར་སུམ་འབེབས་བཞག་དུང་དམར། ཚོགས་ཞུ་ལེན་བྱ། ཞབས་བརྟན་རིགས་གསུངས་མཐར། ཐོད་པའི་སྣོད་སོགས་ཌཱ་རག ལྷག་མ་བཏང་། མཆོད་ཁ་གསོ་བྲན་གྱིས། ཁྲག་གི་རྒྱ་མཚོ༴ ཌཱ་ཀི་བྱེ་བ་སོགས་མཚམས་རྒྱག་དོན་དམ་མ་སོགས་མཚམས་རྒྱག ཚེ་རབས་ཀུན་ནས་སོགས་ལན་གསུམ། མ་འོངས་པ་ན་སོགས་མཚམས་རྒྱག ༀ་སྔོན་ཚེ་བཅོམ་ལྡན་སོགས་བརྗོད་ཅིང་མེ་ཏོག་ཆར་དུ་བསྙིལ་མཐར་བཀྲ་ཤིས་རོལ་མོ་རྒྱུན་བཞིན་ལྡིར། བདག་ནི་སྐྱེ་བ་སོགས། གཞན་ཡང་བསྟན་པ་རྒྱས་པའི་སྨོན་ལམ་སོགས་ཀྱིས་མཐའ་བརྒྱན་པར་བྱའོ། དངོས་གཞི་ཉིན་དྲུག་རིང་ཆོ་གའི་འདོན་ཚུལ་གོང་གསལ་ཇི་ལྟ་བ་ལ། ༈ །ཉིན་བདུན་པ་གཏོར་རྒྱག་ཉིན། སྔ་ཐུན་བསྙེན་བཟླས་ཕུར་ཆོག་སོགས་གོང་དང་འདྲ་བ་ལ། ཐུན༷་གཉིས་པ༷ར་གསོལ་༷ བསྐང་བསྐང་ཐུང་ཉེར༷་ལྔས་ཆོག བདག་སྒྲུབ་མ་༷ རྒྱས་པ། བསྙེན་པ་༷རྣམས་ཉུང་ཙམ་མཐ༷ར། གཏོར་ཞ༷བས་དང་བྲུབ་ཁུ༷ང་ནང་གི་ཤོག་ལི༷ང་གཉིས་ལྟེབ་༷བཤིག་ལ་གྲུབ་ཁུང་སྟེང་༷བཞག་ཕུར་ཆོག་གསུང་སྟེ་བསད་སྔགས་སྐབས་ཤོག་ལིང་རྣ༷མས་གཏུབ་ལ་ཞ༷ལ་བསྟབ་ཚེར་གཏོར་ཞ༷ལ་དུ་མེས་སྦར་ཏེ་༷འབུལ། ཅུང་ཟ༷ད་ཉར་ལ་སྦྱིན་བསྲེ༷ག་སྐབས་འབུལ་དགོ༷ས། དེ་


KMC001_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ལས་འགྲིག་གཞུང་གི་འགུགས་པ་རྒྱས་པ་ལན་གཉིས་དང་བསྡུས་པ་གཅིག་མཐར་སྤྱི་འདྲི༷ལ་རྦད་སྔགས་སོགས་ཀྱི༷་མཐར་སུམ་རྡུང་གིས། མ་དག་མ༷འི་མཐར་སུམ་འབེབས་ཉིས་བརྡུང༷་གིས། རྒྱ་མཚོ་གླིང་གི་སོགས་ལས་འགྲིག་རྒྱ༷ས་པ་ཆ་ཚང་༷གསུང་སྟེ། བཀའ་ཡི་ཚོགས་མཐར་གཏོར་མ་༷ལིང་གར་རྒྱབ་སུམ་འབེབས་སུམ་བརྡུང་གིས། དགྲ་ཆོས་ནང་གི་རྩངས་བཟློ༷ག་དང་ཟློ༷ག་ཚན་གསུམ་༷པོ་གསུངས་མཐར་འབེབས་བཞག་རྐང་རག་མཱ་ར་ཡ། སློབ་དཔོན་ཡར་བཞེངས་ཏེ་གསེར་སྐྱེམས་ཐོགས་ལ། དགྲ་ཆོས་འཇུག་གསལ། ཧཱུྃ། རི་རབ་རི་ཡི་སོགས་མཚམས་རྣམས་སུ་ཉིས་འབེབས་བཅ༷ས་གསེར་སྐྱེ༷མས་ཆ་ཚང་གསུ༷ངས་ཏེ་ཚོགས་གྲོ༷ལ་ལོ། །དེ་ན༷ས་སྒྲ་གཅན་རྒྱུ་ཕྱོགས་བལྟ་༷བ་སོགས་དང་བསྟུན་ལ་ཉེ་བ་ན། ཕྱི་༷རོལ་དུ་གཏོར་མ་འབུལ་ཕྱོགས་སུ་ཁ་འགྱུ་ལ། སློབ་དཔོན་ཞྭ་བསྣ༷མས་རྡོར་དྲིལ་བཅ༷ས་གསེར་སྐྱེམས་ཐོགས་ལ། ཧཱུྃ། ང་ནི་དཔལ་ཆེན་སོགས་འཆམ་ཡིག་ནང་གསལ་ལྟར་གསེར་སྐྱེམས་གསུངས་བར་མཚམས་སུ་ཉིས་འབེབས་བཅས་མཐར་མདའ་ད༷ར་གཡོབ་ཅིང་ནང་དུ་བྱོ༷ན་ནས་གྲལ་དུ་ཡར་བཞེངས་ཏེ་འཁོད་ལ། ལམ་སེལ་དཀར་གཏོར་བྲན་ཏེ། ༀ་དཾ་ཥྚོ་སོགས། སྭ་བྷཱ༴ སྟོང་པའི་ངང་ལས་ཐོད་པའི་སོགས་མཐར། ཧཱུྃ། ཤར་ལ་སོགས་པའི་སོགས་ཀྱིས་ལམ་སེལ་དཀར་གཏོ༷ར་དང་གསེར་སྐྱེམས་བཅ༷ས་གཏོ༷ར་མ་འཕེ༷ན་ཕྱོགས་སུ་ཕུ༷ལ། སུམ་འབེབས་རྐང་རག་སུམ་བརྡུང་ལེ༷ན་མེད་ཀྱི༷། མ་


KMC001_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གཉེན་དང་སོགས་དམག་འགྱེད་གྱེར་རོལ་མོ་འབེབས་ནས་སོགས་དེ་འདྲ་ཁོ་ན་ཁྲོམ་ཆེན་ཟིལ་གནོན་གྱིས་སྒྲུབ་པ་པོ་རྣམས་སེར་ཕྲེང་གིས་ཕྱི་རོལ་གཏོར་མ་འཕེན་སར་བྱོན་གྲུབ་དང་འབེབས་བཞག་རྐང་རག ཐུན་གཏོ༷ར་བསགས་སྣོད་དུ་ཡོ༷ད་པའི་ཕོ་ལིང་རྐྱང་པ་དེ་ཚེར་ཕུར་ཁྲོད་དུ་བཞག་ལ། དེ་སྟེང་སྔར་བསགས་པའི་ཐུན་གཏོར་རྣམས་སྤུངས་ལ་དམག་སྟོན་གྱི་ཚུལ་དུ་འགུགས་པ་རིང་བར། དྲག་པོའི་གཏོར་ཆེན་འདི་ལ་ཁུག་ཅིག དྲག་འབེབས་བཞག་ལན་གཉིས་གསུང་། ན་མོ་རཏྣ་སོགས་ཐུང་བ་ལན་གཅིག་མཐར་སྤྱི་འདྲིལ་རྦད་སྔགས་སོགས་གསུང་ལ་སུམ་བརྡུང་གིས། མ་དག་སྣོད་བཅུད་སོགས་མཐར་སུམ་%འབེབས་སུམ་བརྡུང་གིས་འཆམ་ཡིག་ནང་གསལ། ཧཱུྃ། དཔལ་ལྡན་མགོན་པོ་སོགས་ཁྲོམ་བསྒྱུར་བ༷སྡུས་པའི་མཐ༷ར་ཟིལ་འབེབས་འོག་སྤྱི༷་འདྲིལ་རེ༷་དང་ཟོར་རེ༷་སྦྲགས་ཕྱོགས་བཅུ༷་མགོན་པོའི་གཏོ༷ར་ཟོར་བཅུ་པོ་རི༷མ་པར་འཕེན་གྲུབ་༷པ་དང་མཐར་གཡ༷བ་དར་ལན་གཅིག་གཡོ༷བ་འབེབས་བཞག སྙན༷་གསན་རྐང༷་གླིང་བཞི༷་འབུད་བཏ༷ང་ལ་རོལ་མོ་འབེབས་རིང་ཉིས་བརྡུང་གིས། ཧཱུྃ། གསོན་ཅིག་མ་ཧཱ་ཀཱ་ལ་སོགས། ལྕམ་དྲལ་བྲན་གཡོག་སོགས་ཀྱི་༷སྐབས་སྔར་ཐུན༷་གཏོར་འོག་བཏག༷ས་པའི་ཤོག་ལིང་ཁ༷་སྦྱོར་དེ་གཏོར་ཞལ་དུ་བསྲེག་དགོས་མཐར་སུམ་%འབེབས་སུམ་བརྡུང་གིས་བསྐུལ། འདས་བྱོན་མ༴ གང་ཞིག་བླ་མ༴ ཕོ་བྲང་མཁའ་སྤྱོད༴


KMC001_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

རཀྵ་ས༴ ཉིམ་ནུབ་ཕྱོགས་མཐར་རོལ་ཆེན་དམ་ཅན་ཛཿབརྡུང་གིས་གཏོར་ཆེན་མེར་བསྲེག་ལ་རོལ་འོག་ཏུ་སྔགས་རྒྱུན་ཆ་ཚང་གསུང་ཞིང་ལོཀྟྲི་པ་ལ་ཡང་གསུངས་མཐར་དགུ་འཐེང་པོས། བྷྱོ། རྡོ་རྗེ་གར་གྱི་སོགས་སུམ་འབེབས་བཞག་རྐང་རག་མཱ་ར་ཡ། ལོཀྟྲི་པ་ལའི་བཟློག་པ༴ ཤེར་སྙིང་བཟློག་པ༴ ཡང་བཟློག་ཚེ་བདག་བཅས་སོ་སོར་བསྙེན་པ་རྣམས་ཅུང་ཟད་རེ་བཟླས་རྗེས་ཐལ་རྡེབ་མཐར། འཇམ་དཔལ་བདེན་པའི་སོགས་བརྗོད། དེ་ནས་གཏོར་བྲོ་བྱ་ནི། གཏོར་གཞོང་ཁ་སྦུབས་ལ་མཐར་ཨེ་ཉིས་རིམ་མེ་རིས་བཅས་བྲིས་ལ་རྩེ་མོ་གཏོར་མ་འཕེན་ཕྱོགས་སུ་བསྟན། སྒྲུབ་པོ་རྣམས་ཀྱང་དེ་ཕྱོགས་སུ་ཁ་འགྱུ་སྟེ་ཆུ་ཆབ་བྲན། ༀ་དཾ་ཥྚོ་སོགས་ཀྱིས་བསང་། སྭ་བྷཱས༴ སྟོང་པའི་ངང་ལས་ལྕགས་ལས་སོགས་གྱུར། ན་མོ་རྗེ་བཙུན་སོགས་རིང་བ་ལན་གཉིས་ལ། གཏོར་གཞོང་རི་རབ་འབར་བའི་འོག་ཏུ་ཁུག་ཅིག་ཞེས་བསྒྱུར་དགོས། ཐུང་བ་གཅིག་གི་མཐར་བཞག སྟེང་དུ་སུམ་ལས་སོགས་མེད་པར་གྱུར། རོལ་མོ་སུམ་བརྡུང་གིས། ཧཱུྃ། རྡོ་རྗེ་འབར་བའི་སོགས་མཐར་རོལ་མོ་སྦྲམ་སིང་སྟེ་སྔགས་རྣམས་གསུང་ཞིང་སློབ་དཔོན་ནས༷་ཕྱོགས་བཞི༷ར་རྒྱ་གྲམ་གྱི༷ས་མནན་ཏེ་༷འུར་བཞག ཧྲུག་འདོན་གྱིས། རྣལ་འབྱོར་བདག་ཅག་སོགས་བརྗོད་ལ་མེ་ཏོག༷་འཐོར། གཏོར་གཞོ༷ང་ཁ་བཀ༷ན་ཅིང་འབྲུ་བླུགས༷། དེ་ནས་ཡ༷ར་བྱོན་ཏེ་སྒོ༷་འཁྱོར་ནང་སྒྲུབ་པོ༷་རྣམས་


KMC001_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཟླ་ཚེས༷་ལྟར་ཞལ་སྒྲུབ་ཁང༷་ལ་ཕྱོགས་ཏེ། རྒྱལ་དབྱངས་བྱ་བ་ནི། སིལ་སྙན་འབེབས་རིང་གིས་གདངས་གང་ཡིན་གྱིས་རོལ་གྲངས་མཐར། ཀྱཻ། མངོན་སྤྱོད་ལམ་དུ་སོགས་ནས།རྣམ་པར་རྒྱལ། བར་གྱེར་གདངས་རོལ་མཐར་འབེབས་རིང་གིས་ཟླ་བ་ཡར་ཚེས་གྲུབ་ནས་རྒྱ་གླིང་དང་དུང་དཀར་མི་བཅད་པར་སྒོ་གཡས་previous hit གཡོནདུ next hit་འཁོད། ལས༷་རྡོར་པས་ཕྱེ་མར༷་དང་ཆུ་དཀ༷ར་བཅས་སྒོ་འགྲམ་དུ་འགྲི༷ག་པ་ཆུ་དཀར་སྦྲེང་ཞི༷ང་ཕྱེ་མར་གསོ༷ལ་ལ་སེར་ཕྲེ༷ང་བསྡུའོ། དེ་ན༷ས་གྲལ་དུ་འཁོ༷ད་ལ། མཆོད་ཁ་༷ གསོ་བྲན་གྱིས༷། གཏང་རག་གིས༷་ཚུལ་དུ་བསྐང་ཐུ༷ང་ཚར་གསུམ་མམ་གཅིག་གསོ༷ལ་ཀའི༷་གདངས་ཀྱི༷ས་དལ་འདོན་བྱ། མཐར་ཕྱེ་མར་དྲངས་ལ་ཞབས་བརྟན་གསུངས་ནས། སིལ་སྙན་ཉིས་བརྡུང་གིས། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་སོགས་དངོས་གྲུབ་ལེན་ཆོག་ཕྱིན་དཀྱུས་བཞིན་གསུང་ཏེ་གྲུབ་བོ། །དེ་ནས་སྦྱིན་བསྲེག་བྱ་བ་ནི། རྒྱལ་མཆོག་བཅོ་ལྔ་པའི་གསུང་རྡོ་རྗེ་མེ་འོབས་རྒྱས་པ་ལྟར་གསུང་དགོས། ༈ །ཕྱི་ཉིན་ཡང་སྔ་བར་ཚོགས་ཏེ་བསྐང་གསོལ་རྒྱས་པ་གཞུང་ལྟར་མཐར་ཆགས་སུ་གསུང་ཞིང་ཕག་མོ་བདག་བསྐྱེད་བསྡུས་པས་ཆོག་གཏོར་ལེན་གྱི་ཐུན་གཏོར་ཆེ་ལེགས་མེ་རིས་དང་ཚེ་ཡུངས་སོགས་བཙུགས་པ་བཤམས། པགས་ལིང་ཆེ་བ་གཅིག་བྲུབ་ཁུང་ནང་བཞག་ལ། གཞན་ཡང་མཚོན་ཆ་སོགས་མཁོ་རིགས་རྣམས་བཅས། གསོན་ཅིག་མའི་འགོར་སློན་དཔོན་མདུན༷་བསྒྲལ༷་ཆས་རྣམས༷་


KMC001_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས། སློབ་དཔོན་ཞྭ་བཅ༷ས་གཡབ་དྲིལ་ཐོགས་ལ་འགུགས་རྒྱས། འགུགས་པ་རིང་བ་གཉིས་ལ། གཟུགས་བརྙན་ལིངྒ་འདི་ལ་ཁུག་ཅིག་ཞེས་བསྒྱུར། ཐུང་པའི་མཐར་དྲག་འབེབས་ཀྱིས་བཞག་རྐང་རག སྙན་གས༷ན་རྐང༷་གླིང༷་བཞི༷་འབུད༷་བཏང༷་། རོལ་མོ་འབེབས་རིང་ཉིས་བརྡུང་གིས། ཧཱུྃ། གསོན་ཅིག་མ་ཧཱ་སོགས་དལ་བར་གསུང་སྟེ་བསྒྲལ་ལས་རྣམས་ཚིག་རིས་ལྟར་གནང་གྲུབ་རྗེས། ལས་རྡོར་པས་སྨན་རཀ་སྦྲེང་ལ་སློབ་དཔོན་གྱིས་ཕྱག༷་ཏུ་ཐོག་སྟེ། ཁ་རཾ་ཁཱ་ཧི་ཞེས་པ་ཀུན་ལ་དྲིལ་གདབ་དང་འབུལ་མཐར་སུམ་འབེབས་འོག་ཞལ་བསྟབ་སྔགས་བཅས༵་ཐུན་གཏོར་ཆེ་བའི་ནང་དུ་བསྟབ་བོ། །ཉི་མ་ནུབ་ཕྱོགས་མཇུག་ཏུ་རོལ་ཆེན་མཐར་ཐུན་གཏོར་ཆེ་༵བ་དེ་མདོས༵་བསྲེག་སར་མེར་བསྲེག༵་པར་བྱ་བ་ཙམ་གྱིས་ཁྱད་པར་ལས་གཞན་བསྐང་གསོལ་དཀྱུས་ལྟར་བཏང་བས་གྲུབ་བོ། །གཏོར་ལེན་ཉིན་གཅིག་དེ་སྒྲུབ་ཁང་གི་དམིགས་བསལ་ཕྱག་བཞེས་ལས་གཞན་དུ་མི་དགོས་པར་གསུངས་སོ། ། ༈ །གསུམ་པ་མཇུག་མཐར་ཕྱིན་པའི་བྱ་བ་ནི། སྔ་བར་ཚོགས་ཏེ་ཕག་མོའི་བདག་བསྐྱེད་བསྡུས་པ། དེ་ནས་བསྐང་གསོལ་མཚལ་མ་ལྟར་མཐར་ཆགས་བཏང་སྟེ། ཕྱག་བཞི་པའི་གཏོར་འབུལ། དམ་ཞིང་གཏོར་འབུལ། ཨ་ཕྱི། རྡོར་གདན་མ། མཁའ་འགྲོ་སྤྱི་གཏོར་དང་། གཞི་བདག་དཀར་གཏོར། བསྟོད་པ་འབྲིང་པོ། གསོལ་ཀ་གདན་བཞུགས། བསྐང་བ་འབྲིང་པོ། གཞན་རྣམས་དཀྱུས་ལྟར་རོ། །དངོས་གྲུབ་ལེན་ཆོག་ནི། མཆོད་གཞིའི་གཡས་གཡོན་གང་བདེར་


KMC001_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

མཉྫའི་ཁར་ཐོད་པ་མཚན་བཟང་ནང་ཟས་སྣས་བཀང་བ་དང་། གཡས་previous hit གཡོནདུ next hit་ཐོད་པ་བཟང་ནང་བདུད་རྩི་དང་རཀྟ་བཤམས། མདུན་དུ་ཉེར་སྤྱོད་ཕྲེང་ཚར་བཤམས། ༧རྗེ་བཅོ་ལྔ་པའི་གསུང་ཁྲིད་ཡིག་ལྡེབ་༣༡མདུན་ཕྲེང་༦་པར་གསལ་བ་ལྟར་རྫས་རྣམས་ལ་བྲན་ཏེ། ༀ་དཾ་ཥྚོ་སོགས། སྭ་བྷཱ་ཝ༴ སྟོང་པའི་ངང་ལས་ཐོད་སྣོད་སོགས་ནས་མཆོད་ཅིང་བསྟོད་པར་གྱུར། ༀ། ཁྲག་གི་རྒྱ་མཚོ་སོགས་ཀྱིས་མཆོད། ཆོས་ཀྱི་དབྱིངས་ལས་ཁྲོ་བོའི་སོགས་ཤོ་ལོ་ཀ་གསུམ་དང་། མཁའ་ལ་མས་བསྟོད་མཐར་སུམ་འབེབས་བཞག་རྐང་རག བདག་ཉིད་དཔལ་ཆེན་སོགས་བཟླས་དམིགས་གསུང་སྟེ་གསུང་སྙིང་མཇུག སརྦ་སིདྡྷི་ཕ་ལ་ཧཱུྃ་ཞེས་བཏགས་པ་བརྒྱ་བརྒྱད་དམ་ཅི་ནུས་ཀྱིས་བཟླས་མཐར། ལྷ་ཚོགས་ཐམས་ཅད་བདེ་བ་སོགས་བསྐྱིལ་བར་གྱུར། དེ་ནས་ཕུད་ཅུང་ཟད་བཅད་དེ། ཧཱུྃ། ལྷ་ཆེན་དཔལ་འབར་སོགས་གསུང་སྟེ་སྨན་རཀ་དང་ཟས་སྣའི་ཕུད་བཅས་དཀྱིལ་འཁོར་དུ་འབུལ། དེ་ནས་མདུན་བསྐྱེད་དཀྱིལ་འཁོར་སོགས་ཆར་འབེབས་པར་གྱུར། ༀ་བཛྲ་མ་ཧཱ་ཀཱ་ལ་རེ་མ་སོགས་ཅི་འགྲུབ་བཟླས་མཐར་སྒྲུབ་རྟེན་སྙིང་གཟུགས་མ་སློབ་དཔོན་མདུན་བཏེག་ལ། གོང་གསལ་ནས་འདི་བར་བསྙེན་སྒྲུབ་མ་འབྲེལ་ཚེ་མི་དགོས་པས་འདི་ནས་གསུངས་པས་འཐུས། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་སོགས། མ་གཅིག་


KMC001_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

མའི་སྐབས་སྒྲུབ་གཏོར་གནས་གསུམ་དུ་རེག་ཅིང་བཟླས་དམིགས་བཅས། ༀ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་སོགས་བཟླ་བཞིན་སྒྲུབ་གཏོར་ཚོགས་པ་རྣམས་ལ་དབང་འགྲིམ་དང་དངོས་གྲུབ་ཀྱི་རྫས་གསུམ་པོ་ཡང་བཀྱེ་སྟེ་རོལ་མཐར། ལས་རྡོར་སོགས་ཀྱིས་ཚོགས་ཞུ་ལེན་བྱ། ཚོགས་ལ་རོལ་ཞིང་ཞབས་བརྟན་རིགས་གསུངས་ཏེ་ལྷག་མ་བཏང་། རྗེས་ཆོག་མཆོད་བསྟོད། བཤགས་པའི་རྗེས་མན་ངག་ཡིག་བརྒྱ་ལན་ཉེར་གཅིག ཚེ་རབས་ཀུན་ནས་སོགས་ལན་ཉེར་གཅིག་བཟླས་མཐར། མ་འོངས་པ་ན་སོགས་མཚམས་རྒྱག སྔོན་ཐུབ་མ་སོགས་བཀྲ་ཤིས་ཀྱི་རོལ་མོ་ལྡིར་མཐར་ཚོགས་གྲོལ། ༈ །ཡར་ཚོགས་ཏེ། ཐུབ་བསྟོད། དུས་མཁྱེན་སྐུ་བསྟོད་བསམ་འགྲུབ་མའི་མཐར། ལྷ་བསང་བདུད་རྩི་སྤྲིན་ཕུང་ལ་ཐང་ལྷའི་བསངས་རྒྱས་པ་སྦྱར་ཏེ་མཐར་ཆགས་སུ་བཏང་བར་བྱ། དེ་ནས་བདག་གི་དུས་གསུམ༴ སྒར་ཆེན་བཀྲ་ཤིས༴ བདེན་གྲུབ་མ༴ བཀྲ་ཤིས་དཔལ་འབར་མ་སོགས་ཀྱིས་བརྒྱན་པས་ཡེ་ཤེས་ཀྱི་མགོན་པོ་བེར་ཅན་གྱི་བསྙེན་སྒྲུབ་ལས་སྦྱོར་དང་བཅས་པ་ལེགས་པར་གྲུབ་པ་ལགས། ༈ །དེ་ལྟར་གོང་གསལ་གཏོར་ནག་པར་བུའི་བཅའ་བཤམས་དང་འདོན་ཟིན་ལག་ལེན་རྣམས་༧འོག་མིན་ས་ལ་སྤྱོད་པའི་ཞིང་མཚུར་མདོ་བོ་ལུང་གི་སྒྲུབ་སྡེ་བསམ་གཏན་གླིང་གི་ཕྱག་ལེན་ལྟར་འཁྲུལ་མེད་བཀོད་པ་འདི་ནི་དཔལ་ཀརྨ་པའི་འབངས་༧རྒྱལ་ཚབ་གྲགས་པ་མི་འགྱུར་གོ་ཆ་དང་། གདན་ས་འདི་ཉིད་ཀྱི་སྒྲུབ་དཔོན་བདེ་ཆེན་ཚེ་དབང་ཐུན་


KMC001_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

མོང་ནས་༧རྒྱལ་བའི་དབང་པོ་དཔལ་ཀརྨ་པའི་གདན་ས་བཤད་སྒྲུབ་ཆོས་འཁོར་གླིང་གི་གཙུག་ལག་ཁང་རྡོ་རྗེ་སྲིན་པོའི་ཕོ་བྲང་དུ་བྲིས་གནང་བའི་མ་ཕྱི་གཙོ་བོར་བཟུང་སྟེ། སླར་གདན་ས་འདི་ཉིད་ཀྱི་སྒྲུབ་སྡེར་པར་བུའི་སྒྲུབ་པ་ཐོག་མར་ཚོགས་སྐབས། སྒྲུབ་དཔོན་བདེ་ཆེན་རིན་པོ་ཆེ་ཉིད་གདན་ཞུས་ཀྱིས་ཕྱག་ལེན་འདོན་འགྲིག་སོགས་ལ་ལེགས་པར་ཞུས་དག་དང་འབྲེལ་གསལ་བར་བལྟས་ཆོག་ཏུ་བཀོད་པ་ལགས། ༈ །གོང་གསལ་ཕུར་ཆོག་སྐབས་སློབ་དཔོན་ཕྱག་ལེན་དམིགས་བསལ་རྣམས་བརྗེད་བྱང་བཀོད་པར་ལྷ་དབྱེའི་གཏོར་མ་འཛིན་ཚེར་དྲིལ་བུ་མེད་ཅིང་ལས་རྡོར་གྱིས་དཀར་དམར་བསྣོལ་ཏེ་ཕུལ། དཀར་གཏོར་གཡས་དང་དམར་གཏོར་གཡོན་གྱིས་བཟུང་ཚིག་རྐང་དང་པོར་གཡས་ཕྱོགས་སུ་གཉིས་པ་གཡོན་ཕྱོགས་སུ་གསུམ་པ་དེ་འོག་དམའ་ཙམ་པད་ཀོར་ལྟ་བུའི་བསྣོལ་ལ། བཞི་པར་དབྱེ་རྒྱའི་མཐར་ཕྱག་བསྣོལ་ཏེ་ལས་རྡོར་ལ་གནང་ཕྲལ། བྱ་རོག་སྒྲོ་གཡས་དང་། འུག་སྒྲོ་གཡོན། སྔགས་དང་པོའི་ཚེར་སོར་མོ་གཟིང་སྟེ་པད་ཀོར་གྱིས་དབྱེ་རྒྱ་བྱ། སྔགས་ཚན་གཉིས་པ་པད་ཀོར་གྱིས་སོར་མོ་རྒྱབ་སྤྲོད་མཐར་དབྱེ་རྒྱ་བྱ། སྔགས་ཚན་གསུམ་པར་པད་ཀོར་གྱིས་ཐལ་མོ་ནང་བསྣོལ་མཐར་དབྱེ་རྒྱ་མཛད་དགོས། བྱ་སྒྲོའི་སྟེང་དུ་འུག་སྒྲོ་མི་ཁྱེར་བའི་ཕྱག་ལེན་ཡིན། ཚར་གྲངས་གྲུབ་ནས་དྲིལ་གསིལ་གྱིས་འབེབས་བཞག་ཕུར་བསྐྱེད་མཐར་སྔགས་གསུང་ཚེར་ཕུར་པ་ལ་རབ་གནས་འབྲུ་ཐོར་དགོས། སྲས་མཆོག་རིགས་ཀྱི་སྐབས་ཕྱག་གཡས་ཀྱིས་ཕུར་པ་ཐོགས་ཏེ་ཚིག་རྐང་བཞི་ལ་དཔྲལ་


KMC001_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཐད་ནས་གཡོན་ནས་གཡས་སུ་ཕྱིར། དེ་ནས་ཚིག་རྐང་གཉིས་ལ་མགྲིན་ཐད་གཡས་ནས་previous hit གཡོནདུ next hit་རྔམ་ཚུལ། དེ་རྗེས་ཚིག་གཉིས་ལ་སྙིང་ཐད་ནས་གཡས་སུ་རྩེ་མོ་ཐུར་བསྟན་གྱིས་རྔམ་ཚུལ་བྱ། དེ་ནས་ཚིག་རྐང་གཉིས་ལ་གཡས་ཀྱི་པད་ཀོར་གྱིས་རྩེ་མོ་གནམ་དུ་བསྟན་ཙམ་བྱ། དེ་ནས་ཚིག་རྐང་གཅིག་ལ་གཡས་previous hit གཡོན་དབུས་གསུམ་དུ next hit་འདྲིལ་ཏེ་ཀཱི་ལ་ཡ་ཚང་མར་དྲིལ་གསིལ་བྱ། བསད་སྔགས་སྐབས་གཉིས་སོང་གསུམ་སྟེང་བསྒྲལ། ཚར་བདུན་གསུང་སྐབས་བཞི་སོང་ལྔའི་སྟེང་བསྒྲལ་དགོས། བསྒྲལ་ཚུལ་ཐོག་མར་སྙིང་གར་ཁམ་རིས་བཀོད། དེ་ནས་མགོ་བོ། ཡན་ལག་བཞི་བཅད་དགོས། ཉིན་དང་པོ་ནས་བཟུང་ཇི་ཞིབ་ཏུ་གཏུབ་དགོས་གསུངས། མཐར་དྲིལ་གསིལ་བཅས་འབེབས་སུམ་བརྡུང་གིས། དགྲ་བགེགས་བསྒྲལ་བ་སོགས། ཞལ་དུ་བསྟབ་ཞེས་པ་ཀུན་ལ་དྲིལ་གདབ་བྱ། ཁྱོད་རྣམས་མཆོད་པའི་ཕྱིན་དྲིལ་བུ་མེད་མཐར་སུམ་འབེབས་ལ་དྲིལ་གསིལ་བཅས་བཞག་དེ་ནས་ལས་གཞུང་འགུགས་པ་རིང་ཐུང་མཐར་ཞྭ་ཕུད་དེ་དཀྱུས་ལ་འཇུག་གོ། ༈ །།དེ་ནས་གཅོད་ཡུལ་ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་བཀའ་འཁོར་ལོ་བར་པའི་སྙིང་པོ་བཅུད་དུ་ཕྱུང་བ་གཅོད་ཀྱི་ཚོགས་ལས་ཡོན་ཏན་ཀུན་འབྱུང་གི་ཚོགས་བརྒྱ་གསོག་སྐབས་ཐོག་མར་བཅའ་བཤམས་ཀྱི་རིམ་པ་ནི། ཟུར་གསལ་དཔེའུ་རིས་ལྟར་བཀོད་ལེགས་བྱ། འདོན་ཟིན་ནི། ཐོག་མའི་ཉིན་ཡར་ཚོགས་ནས། ཚིག་བདུན་གསོལ་འདེབས་དབང་ལེན་དང་བཅས་པ། རྡོ་རྗེ་འཆང་ཐུང་མ༴ སྐྱེ་བ་ཀུན་ཏུ་


KMC001_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཀྱི་མཐར། སྔོན༷་གཏོར་བྲན༷་ཏེ། ༀ་བཛྲ་ཡཀྵ་སོགས་ལན་གཅིག ༀ་བཛྲ་ཛྭ་ལ་སོགས་ལན་གཅིག སྭ་བྷཱ༴ སྟོང་པའི་ངང་ལས་ༀ་ལས་སོགས། ཨ་ཀཱ་རོ་སོགས་ལན་གསུམ། བྷུ་མི་སོགས་ལྕགས༷་ཀྱུ་རྒྱས་མགྲོན༷་བཀུག༷ པདྨ་ཀ་མ་ལ་སོགས་གདན་རྒྱ། བྷུ་མི་པ་ཏི་ས་པ་རི་ཝཱ་ར་སོགས་གཏོར་རྒྱས་ལན་གསུམ་དང་། བྷུ་མི་སོགས་ཉེར་སྤྱོད་ཀྱིས་མཆོད་ཅིང་། ཤབྡ་ལ་དྲིལ་གསིལ་བཅས་པར་བཞག དེ་ལྟར་མཆོད་སྦྱིན་སོགས། ༀ་ཨཱཿཧཱུྃ་ལན་གསུམ། གཏོར་རྒྱས། སྟོང་གཅིག་པ་སོགས་ནས་ཞི་བར་མཛོད་ཅིག ༀ་ཨཱཿཧཱུྃ། སྟོང་གསུམ་སོགས་དྲིལ་གསིལ་གྱིས་ཧྲུག་འདོན་བྱ། དེ་ནས་ནང་མཆོད་ལ་ཆུ་ཆབ་བྲན་ཏེ་བྱིན་བརླབ། ༀ་ཨཱཿཧཱུྃ་གི་བར་གསུང་། སླར༷་ནང་མཆོད་གཏོར༷་མར་བྲན་ཏེ་ཚར་གཅིག་བཅས་ཉིན་རེ་བཞིན་ཚར་གཉིས་རེ་གསུང་དགོས། དེ་ནས་མཆོད་པར་བདུད་རྩི་བྲན་ཏེ། ༀ་ཀརྨ་ཌཱ་ཀི་ནི་སོགས་ཐལ་སྦྱར་གྱིས། ཤབྡ་ལ་དྲིལ་གསིལ་བཅས་རྡོ་རྗེ་ཕར་བཞག་ཌཱ་རུ་ལེན། བདག་གཞན་སེམས་ཅན་ཐམས་ཅད་ལ་སོགས་སེམས་བསྐྱེད་ཅིང་མགྲོན་བསྡུ་ནི། ཌཱ་དྲིལ་ལྕམ་དཀྲོལ་ཁ་ཤས་ནས་འཁྲོབ་དཀྲོལ་སྐབས་རྐང་གླིང་གསུམ་འབུད་སླར་ལྕམ་དཀྲོལ་ཁ་ཤས་མཐར་ཌཱ་དྲིལ་ཕར་བཞག བདག་གཞན་སེམས་ཅན་ཐམས་ཅད་ལ་སོགས་སེམས་བསྐྱེད་ཅིང་མགྲོན་བསྡུ་ནི། ཌཱ་དྲིལ་ལྕམ་དཀྲོལ་ཁ་ཤས་ནས་


KMC001_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲོབ་དཀྲོལ་སྐབས་རྐང་གླིང་གསུམ་འབུད་སླར་ལྕམ་དཀྲོལ་ཁ་ཤས་མཐར་ཌཱ་དྲིལ་ཕར་བཞག བདག་གཞན་སེམས་ཅན་སོགས་སྐྱབས་འགྲོ་རྣམས་མཐར་ཆགས་སུ་གསུང་། དཀོན་མཆོག་གསུམ་ལ་སོགས་ཧྲུག་འདོན་གྱིས་ལན་གཅིག ཇི་ལྟར་དུས་གསུམ་སོགས་ཀྱིས་སེམས་བསྐྱེད། ཚོགས་ཞིང་བསྐྱེད་པ་ནི། ཏྲཾ་རཏྣ་སོགས་ནས། གུ་རུ་དེ་ཝ་ཕྱིན་དྲིལ་གསིལ་བྱ་ཛཿཛཿ ཧཱུྃ། མ་ལུས་སེམས་ཅན་སོགས་རང་གདངས་སམ་གཞུང་གདངས་བྱ། སྤྱན་འདྲེན། བཞུགས་གསོལ་ལ་གདན་རྒྱ་བྱ། ཁྲུས་གསོལ། ཕྱེད་ཕྱག་བཅས་བསྟོད་པའི་མཐར། ཕྱག་འཚལ་བ་དང་སོགས་དྲིལ་གསིལ་གྱིས་ཧྲུག་འདོན་བྱ་། རྡོར་དྲིལ་ཕར་བཞག ག་ཏེ༵འི་སྔགས་བརྒྱ༵་བརྒྱད་བསྙེན་ལ་སྡིག་སྦྱོང་ཡེ་ཤེས་ཆུ་རྒྱུན་གྱི་དམིགས་པ་བྱ། དེ་ནས་ལྕམ་དཀྲོལ་ཁ་ཤས་ནས། ན་མོ་སྟོང་གསུམ་རབ་འབྱམས་སོགས་སྐུ་གསུང་ཐུགས་ཡོན་ཕྱག་རྒྱའི་མཆོད་འབུལ་དང་། སླར་ལྕམ་དཀྲོལ་རིང་བའི་འོག་འཕོ་བ་ནམ་མཁའ་སྒོ་འབྱེད་འབྲིང་པོ་བྱས་ལ་ལུས་མཎྜལ་དུ་འབུལ་བའི་དམིགས་པ་གཞུང་ལྟར་གསལ་བཏབ་ནས། པགས་པ་གསེར་གྱི་སོགས་བརྗོད། དེ་ནས་ལྕམ་དཀྲོལ་རིང་བའི་འོག་འཕོ་བ་རྒྱས་པ་རིགས་དྲུག་གནས་འདྲེན་མ་བྱས་ལ་དཀར་འགྱེད་ལམ་ཁྱེར་སྐོར་གསུམ་མམ་མགྲོན་བཞི་མར་གྲགས་པ་བྱ། དམར་འགྱེད་འགོར་ཌཱ་དྲིལ་བཅད། རྐང་གླིང་གསུམ་འབུད་སླར་ལྕམ་དཀྲོལ་ཁ་ཤས་ནས་དམར་འགྱེད་འབོད་ཐུང་དུ་གྲགས་པ། ན་མོ་


KMC001_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གནས་གཉན་ས་སོགས་ཀྱི་མཐར་རིགས་དྲུག་གནས་སྦྱོང་གི་དམིགས་པ་བྱ། དེ་ནས་གསོལ་འདེབས་ཀྱི་དམིགས་པ་དང་བཅས་ཚར་དང་པོར་རིང་བརྒྱུད་གསོལ་འདེབས། གནས་ཆོས་དབྱིངས་སོགས་ཀྱི་མཐར་ལྕམ་དཀྲོལ་ཁ་ཤས་དཀར་འགྱེད་ཐོད་ཞལ་མ་དང་དམར་འགྱེད་མཆོག་ཕུར་མ་གཉིས་ཀྱི་དམིགས་པ་བྱ། རྗེ་བླ་མ་སོགས་དང་། ཧཱུྃ་ཕ་ནག་པོ་སོགས་དམ་པའི་བསྟོད་པ། མཐར་ལྕམ་དཀྲོལ་ཁ་ཤས་བདུད་རྩི་བུམ་བཀྱེ་མ་དང་སྟབས་པ་གཡང་གཞིའི་དམིགས་པ་བྱ།མ་གཅིག་གི་བསྟོད་པ། མ་ཡུམ་ཆེན་ཐུགས་ལས་སོགས། ལྕམ་དཀྲོལ་ཁ་ཤས་ཀྱིས་འདོད་ཡོན་ལྔ་མཆོད་དང་གཟན་འགྱེད་མའི་དམིགས་པ་བྱ། སྲས་བསྟོད། མ་ནམ་མཁའ་ལྟ་བུའི་སོགས་ལ་རིགས་དྲུག་གནས་འདྲེན་དང་བེམ་བསྐྱུར་མ་གཉིས་ཀྱི་དམིགས་པ་བྱ་ཞིང་ལྕམ་དཀྲོལ་ཁ་ཤས་བྱ། མ་གཅིག་སྐུ་བཞིའི་བསྟོད་པ། མ་ཕ་རོལ་ཕྱིན་པའི་སོགས་ལ་ཁྲ་འགྱེད་མ་དང་བ་དན་མའི་དམིགས་པ་བྱ་ཞིང་ལྕམ་དཀྲོལ་ཁ་ཤས་བྱ། གདུང་སྒྲོམ་གྱི་བསྟོད་པ། མ་རི་ཁྲོད་སོགས་མཐར། དམར་འགྱེད་གླིང་བཞི་མ་དང་རོ་འགྱེད་གཉིས་རེས་མོས་བྱ་ཞིང་ལྕམ་དཀྲོལ་ཁ་ཤས་བྱ། དེ་ནས་ཌཱ་ཀི་འབུམ་བསྐུལ་གྱི་དམིགས་པ་དང་བཅས། ཀྱཻ། མ་མི་མིན་སོགས་ཀྱི་མཐར་ལྕམ་དཀྲོལ་ཁ་ཤས་བྱ། བཀའ་བརྒྱུད་ཚོགས་ལས་དམིགས་པ་དང་བཅས། གནས་ཆོས་དབྱིངས་སོགས་ཀྱི་སྐབས་ཚོགས་ལ་སྤོས་གཟུག་ཅིང་ཆུ་ཆབ་བྲན་མཐར་ལྕམ་དཀྲོལ་ཁ་


KMC001_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཤས། དེ་ནས་མ་བརྒྱུད་ཚོགས་ལས་ཀྱི་དམིགས་པ་དང་བཅས། ཀྱཻ། མ་མི་མིན་སོགས་ཚར་དང་༵པོ་དང་གསུམ་པར་༵འགྲེ་བཤང་གིས་སོ་སོའི་མཐར་ལྕམ་དཀྲོལ་ཐུང་ཙམ་རེ་བྱ། ཚར་གཉིས་པ་དང་གསུམ་པར་ཐོག་མཐའ་གཉིས་ཀྱི་རྗེས་སུ་ལྕམ་དཀྲོལ་དང་བཞི་དྲིལ་བྱ་ཞིང་འགྲེ་མི་བཤང་། རྒྱས་བསྡུས་ཇི་ལྟར་ཡང་བསྲེ་བ་གསུམ་གྱི་དམིགས་པ་བྱ། དེ་ཚོགས་ལ་བདུད་རྩི་བྲན་ཏེ། ༀ་མ་གཅིག་མ་ལ་སོགས། ཚར་གཞུང་ལྟར་རྒྱས་པ་དང་། ཚར་ལུས་སྦྱིན་ལྟར་བསྡུས་པ་བྱ། མཐར་བྱིན་རླབས་དམིགས་པ་དང་བཅས་ལྕམ་དཀྲོལ་ཁ་ཤས་ནས་འཁྲོབ་དཀྲོལ་ཌཱ་རྒྱག་གསུམ་བཅས་བཞག་ཚོགས་ཐེངས་བྱ། ཡར་ཚོགས་ནས། ཚོགས་ཕུད་རིམ་པར་སྤྲོས་ཏེ་རིམ་བཞིན་འབུལ་ལ་གཞུང་གདངས་ཁོ་ནས། བསྟབ་པའི་དམིགས་པ་བཅས། ཀྱཻ། དྲུག་པ་རྡོ་རྗེ་འཆང་ཆེན་སོགས་བར་མཚམས་རྣམས་སུ་དམོགས་པ་དང་སྦྲགས་ཕཊཿབགྲང་མཐར། རིགས་ལྔའི་བསྟབ་པ་ཚར་དང་པོར་ལུས་སྦྱིན་ནང་གསལ་ལྟར། ཀྱཻ། མ་མི་མིན་སོགས་ཀྱི་མཐར། ཚར་སྦྱིན་པ་རྒྱ་ཆེན་ཧྲུག་འདོན་བྱ། དེ་ནས་གཏོར་བསྔོས་ཚར་དང་པོར་། ༀ། མ་དག་སྣོད་བཅུད་སོགས་བཞི་དྲིལ་ཧྲུག་འདོན་གྱིས་ཐོབ་ཕྱིར་བསྔོ། ཁ་ཁ་ཁཱ་ཧི་ཁཱ་ཧི། མཆོད་སྦྱིན་གཏོར་མ་སོགས་དྲིལ་བུ་གསིལ་བཞིན་པར་གསུང་། དེ་ནས་བསྐང་བ་ནི། ༀ་སྭ་བྷཱ་ཝ༴ སྟོང་པའི་ངང་ལས་བསྐང་རྫས་སོགས་སྩལ་དུ་གསོལ། ཚར་དང་


KMC001_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

པོར། ཧཱུྃ། འོག་མིན་ཆོས་དབྱིངས་སོགས་བཞི་དྲིལ་གཞུང་གདངས་བྱ། མཐར་གཏོར་མ་ཕུལ་རྡོར་དྲིལ་ཕར་བཞག་གཏོར་རྫོང་ཚར་དང་པོར་མཁའ་འགྲོ་འབུམ་བསྐུལ་རང་གདངས་སམ་རྒྱུན་པར་ཧྲུག་འདོན་བྱ་མཐར་གཏོར་མ་ཕུལ། དེ་ནས་གཅོད་གཞུང་གི་རིགས་ལྔའི་མཁའ་འགྲོའི་གཏོར་འབུལ། ༀ་ཨཿཧཱུྃ་དམ་རྫས་བརྒྱན་པའི་སོགས་ཀྱིས་བརླབ་སྟེ། བཞི་དྲིལ་གཞུང་གདངས་ཀྱིས། ཀྱཻ། མ་མི་མིན་སོགས་ནས། ལན་ཆགས་ཤ་འཁོན་བྱང་གྱུར་ཅིག གཏོར་མ་ཕུལ། ཌཱ་རུ་ཁྲོབ་དཀྲོལ་མཐར་ཌཱ་རྒྱག་གསུམ་བཅས་ཐོར་ཐུན་གྲུབ། ༈ །དེ་ནས་སྔ་ཐུན་ལ། མཆོད་ཁ་གསོ་བྲན་གྱིས། ༀ་ཀརྨ་ཌཱ་ཀི་ནི་སོགས་མཆོད་པ་བྱིན་རླབས་གསུང་། ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། དེ་ནས་སེམས་བསྐྱེད་ནས། སྐྱབས་སེམས། ཚོགས་ཞིང་བསྐྱེད་པ། སྨྲ་བསམ་བརྗོད་པའི་སོགས། བསྙེན་པ། སྐུ་གསུང་ཐུགས་ཡོན་ཕྱག་རྒྱའི་མཆོད་པ། མཎྜལ། དཀར་འགྱེད། དམར་འགྱེད་འབོད་ཐུང་བཅས་ལུས་སྦྱིན་ལྟར་གསུང་སྟེ། ཚར་གཉིས་པར་གསོལ་འདེབས་ཐུན་མོང་གི་གསོལ་འདེབས་སུ་གྲགས་པ། ན་མོ་གུ་རུ། ཡུམ་ཆེན་ཤེར་ཕྱིན་བཅོམ་ལྡན་སོགས་ཀྱི་མཐར་དམིགས་པ་ཌཱ་རུ་སོགས་གོང་གསལ་ལྟར་སྤོ་བར་བྱ། རྗེ་བླ་མ་སོགས་ནས་ཚོགས་ཀྱི་སྟབས་པའི་མཇུག་བར་གོང་བཞིན་བཏང་། རྗེས་སུ་ལུས་སྦྱིན་ནང་གསལ། ཧཱུྃ། མ་གིང་ཆེན་སོགས་གཞུང་གདངས་བྱ། མཐར་ཐམས་ཅད་ནམ་མཁའ་


KMC001_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཧྲུག་འདོན་དང་། གཏོར་བསྔོ་ནི། ༀ་ཨཱཿཧཱུྃ། ཕྱི་སྣོད་ཀྱི་སོགས་གཞུང་གདངས་བྱ་མཐར། ཁ་ཁ་ཁཱ་ཧི་ཁཱ་ཧི། མཆོད་སྦྱིན་གཏོར་མ་སོགས་དྲིལ་གསིལ་བྱ། བསྐང་བ་བྱིན་རླབས་གོང་ལྟར་ལ། བཞི་དྲིལ་གཞུང་གདངས་ཀྱིས། སྨྲ་བསམ་བརྗོད་པའི་ཡུལ་ལས་འདས། །སྐྱེ་མེད་ཆོས་དབྱིངས་སོགས་དབང་དང་དངོས་གྲུབ་སྩོལ། རྡོལ་དྲིལ་བཞག གཏོར་རྫོང་ནང་དབྱིངས་ཀྱི་མཁའ་འགྲོའི་གཏོར་འབུལ་ཧྲུག་འདོན་བཅས་གསུངས་མཐར། རིགས་ལྔ་མཁའ་འགྲོའི་གཏོར་འབུལ་བཅས་ཌཱ་རུ་ཁྲོབ་དཀྲོལ་ཌཱ་རྒྱག་གསུམ་བཅས་སྔ་ཐུན་གྲུབ། གུང་ཚིགས་གྲོལ། ༈ །ཕྱི་དྲོ་ཡར་ཚོགས་ནས། མཆོད་ཁ་གསོ་བྲན་གྱིས། མཆོད་པ་བྱིན་རླབས་ནས་བཟུང་སྔ་ཐུན་ལ་ཚར་དང་པོའི་སྐབས་ཇི་ལྟ་བ་ལ་གསོལ་འདེབས་བན་སྒར་བས་མཛད་པའི་རིང་བརྒྱུད་གསོལ་འདེབས། སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །རྩ་བའི་བླ་མ་བྱིན་རླབས་སོགས་རང་གདངས་བྱ། རྗེ་བླ་མ་ཕྱིན་དཀྱུས་བཞིན་གསུང་སྟེ། ཚོགས་ཀྱི་སྟབས་པའི་མཐར་རིགས་ལྔའི་སྟབས་པ་གཞུང་གི། ཤར་རྡོ་རྗེ་མཁའ་འགྲོ་ཚོགས་ལ་རོལ་སོགས་ནས། སྦྱིན་པ་རྒྱ་ཆེན་སོགས་ཧྲུག་འདོན། གཏོར་བསྔོས། ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ། ། ནང་བཅུད་སེམས་ཅན་སོགས་བཞི་དྲིལ་གཞུང་གདངས་བྱ། མཐར་བསྐང་གཏོར་གསོ་བྲན་གྱིས་བྱིན་རླབས་གོང་བཞིན་གསུངས་ནས།


KMC001_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་གསལ་ལྡེབ་རྐྱང་། གནས་ཆོས་དབྱིངས་རྣམ་དག་གི་སོགས་བཞི་དྲིལ་གཞུང་གདངས། མཐར་གཞུང་གསལ་རིགས་ལྔའི་མཁའ་འགྲོའི་གཏོར་འབུལ་གསུངས་ནས་ལན་ཆགས་ཤ་འཁོན་བྱང་གྱུར་ཅིག རྡོར་དྲིལ་ཕར་བཞག གཏོར་རྫོང་ཉི་ཤུ་རྩ་བཞིའི་གཏོར་འབུལ་རང་གདངས་སམ་རྒྱུན་པར་ཧྲུག་འདོན་གནང་སྟེ། འགྲོ་དོན་ཕྱོགས་མེད་ལྷུན་གྲུབ་ཤོག ཌཱ་རུ་ཁྲོབ་དཀྲོལ་གྱིས་མཐར་ཌཱ་རྒྱག་གསུམ་བཅས་དགོང་ཐུན་གྲུབ། སླར་མཆོད་ཁ་གསོ་བྲན་གྱིས་མཆོད་པ་བྱིན་རླབས་མཐར། སྲོད་ཐུན་ལ་ཚར་གཉིས་པའི་སྐབས་ལྟར་ལུས་སྦྱིན་གྱིས་གཞུང་བསྲང་སྟེ། གསོལ་འདེབས་བརྒྱུད་པ་ཡོངས་རྫོགས་ཀྱི་གསོལ་འདེབས་བསྡུས་པ། ཕ་རྒྱུད་ཐབས་ཀྱི་བརྒྱུད་པ་ལ་སོགས་མཐར། རྗེ་བླ་མ་ཕྱིན་དཀྱུས་བཞིན་གསུང་སྟེ། ཚོགས་བྱིན་རླབས་བྱ། ༀ་མ་གཅིག་མ་ལའི་མཐར། ལྕམ་དཀྲོལ་ཁ་ཤས་ནས་ཁྲོབ་དཀྲོལ་ཌཱ་རྒྱག་བཅས་བཞག །ཚོགས་ཐེངས་གྲོལ། ཡར་ཚོགས་གཏོར་བསྔོས་ཁཾ་ཡིག་མ་དཀྱུས་བཞིན་གསུང་སྟེ། རྐང་རག་ལས་རྒྱ་གླིང་བཏང་སྲོལ་མེད། གསོལ་ཀ་བསྟན་སྲུང་མཐར་ཐུག་ལན་གསུམ་མཐར་མཆོད་རོལ་བཞག་རོལ་སིལ་བརྗེ། བསྐང་གཏོར་གསོ་བྲན་གྱིས། ༀ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་བསྐང་རྫས་སོགས་མཐར། རོལ་མོ་འབེབས་རིང་ཌཱ་དྲིལ་དུང་དམར་རྐྱང་པ་སུམ་བརྡུང་གིས་རང་གདངས་སམ་རྒྱུན་པར་རྔ་ཚིག་ཧྲུག་འདོན་བཅས། ཧཱུྃ། ཕྱག་རྒྱ་ཆེན་པོའི་


KMC001_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་སོགས་མཐར་འབེབས་དལ་བུའི་འོག་ཡིག་བརྒྱ་གསུང་མཐར་ བཤགས་པ་ནི་ཐལ་སྦྱར་གྱིས། ཧཱུྃ། ཕྱག་རྒྱ་ཆེན་པོའི་སོགས་གོང་གསལ་བསྐང་བ་གྱེར་སྐབས་འདི་ཡང་གདངས་བྱ་ཞིང་གཞན་གཞུང་གདངས་བྱ། ཐམས་ཅད་མཁྱེན་གཟིགས་མན་ཆད་ཧྲུག་འདོན་བྱ་མཐར། སིལ་སྙན་སུམ་བརྡུང་གིས་བསྐང་གསོལ་བསྐང་བ་ནས་བཀྲ་ཤིས་བར་མཐར་ཆགས་སུ་བཏང་རྗེས་ཕཊཿཀྱིས་མཚམས་སྦྱར་ཏེ། ཀྱཻ། དྲུག་པ་རྡོ་རྗེ་སོགས་སྟབས་པས་གསུངས་ནས། ལུས་སྦྱིན་ནང་གསལ་དམར་འགྱེད་རྒྱས་པ་གདོན་ཚོགས་དགུ་མའི་ཐོག་མར་དབང་སྡུད་ནི། བསྲེ་འཕོ་མན་ངག་ལྟར་བྱས་ལ། ཕཊཿ སྐད་ཅིག་གིས་བདག་ཉིད་དུར་ཁྲོད་སོགས་གསལ་བར་གྱུར། ན་མོ། རིག་འཛིན་སོགས་འདོར་ཁུག་ཅིག ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊཿ རྐང་གླིང་གསུམ་འབུད་ཕཊཿཀྱིས་མཚམས་སྦྱར་ཏེ་དམར་འགྱེད་རུས་སྤྲུགས་མའི་དམིགས་པ་བཅས། ཀྱཻ། མ་འདུས་ཤིག་སོགས་རུས་གདངས་གོང་མ་བྱ། མདུན་དུ་བྱད་མ་ལྷ་སྲུང་སོགས། བདག་འཛིན་རྣམ་པར་རྟོག་པའི་སོགས་མཐར་རྐང་གླིང་གསུམ་འབུད། དེ་ནས་བར་མཚམས་རྣམས་སུ་ཕཊཿབགྲངས་ཤིང་རྒྱུན་པར་དམར་འགྱེད་བ་དན་མའི་དམིགས་པ་དང་སྐབས་སྐབས་སུ་དྲག་དམིགས་བརྡེབ་པ་མ་བྱ་ཞིང་འགོ་བསྐུལ་འགྱུར་ཡོད་ཙམ་རུས་གདངས་འོག་མས། ཧཱུྃ། མ་བན་ཆེན་བརྒྱ་དང་སོགས་མཐར། ཧཱུྃ།


KMC001_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

མ་གིང་ཆེན་སོགས་དང་། སྲིད་གསུམ་བྷནྡྷ་གཉིས་གཞུང་གདངས་སོ་སོར་དམིགས་པ་བཅས། སྦྱིན་པ་རྒྱ་ཆེན་སོགས་བར་མཚམས་སུ་ཕཊཿདང་། མ་ཎི་ཕྲེང་སྐོར། དགེ་བ་འདི་ཡིས་སོགས་ལུས་སྦྱིན་མཐར་དབྱུང་། དེ་ནས་ལས་རྡོར་པས་ཚོགས་དྲངས་ཤིང་གོང་གསལ་བསྐང་བའི་མཇུག་གི་ཐམས་ཅད་མཁྱེན་གཟིགས་སོགས་མཐར། ཞབས་བརྟན་རིགས་གསུང་། ཚོགས་ལ་རོལ་ཞིང་ལྷག་མ་བསྡུ། བདུད་རྩི་བྲན་ཅིང་གཅོད་གཞུང་ནང་། བྷྲཱུཾ་ཨ་ཀཱ་རོ་སོགས། ཕུད་དང་ལྷག་མའི་སོགས་ལྕམ་དཀྲོལ་ཁ་ཤས་ནས་ལྷག་མའི་དམིགས་པ་བཅས། ཧཱུྃ། ཕྱོགས་བཞི་འཇིགས་པའི་སོགས་གཞུང་གདངས་ཀྱིས་མཐར་ལྕམ་དཀྲོལ་ཁ་ཤས་བྱ། ལྷག་མ་དོར། དེ་ནས་རིགས་ལྔའི་གཏོར་འབུལ་མཐར་གཏོར་རྫོང་འཇིག་རྟེན་མཁའ་འགྲོ་མན་ཆད་ཚན་པ་བཞི་པོ་སོ་སོར་བྱིན་རླབས་བཅས་ཧྲུག་འདོན་བྱ། བརྟན་མའི་མཐར་ཌཱ་རུ་ཁྲོབ་དཀྲོལ་ཌཱ་རྒྱག་བཅས་བཞག བྷྱོ་བྷྱོཿསོགས་ཐལ་རྡེབ་ཀྱིས་མཛད་དུ་གསོལ། དེ་ནས་རྗེས་ཆོག་མཆོད་ཁ་གསོ་བྲན་གྱིས། ༀ་གུ་རུ་དེ་ཝ་སོགས་ཤབྡ། བྱིན་རླབས་ཀྱི་རྩ་བ་སོགས་ནང་མཆོད་འབུལ། སྨྲ་བསམ་བརྗོད་མེད༴ བསྟོད་པར་འོས་པ་སོགས་བཞི་དྲིལ་དང་། མ་འབྱོར་བ་དང་སོགས་ཤོ་ལོ་ཀ་གཅིག བཤགས་པ། ན་མོ་གུ་རུ། བདེ་བ་ལེགས་པ་སོགས་གཞུང་གདངས་བྱ་མཐར། ཆོས་སྐུ་ཡུམ་ཆེན་


KMC001_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་སོགས། ཡིག་བརྒྱ། བདག་དང་འགྲོ་ལ་སོགས། གྲོལ་ཉིན། ༀ་ཁྱེད་ཀྱིས་སེམས་ཅན་སོགས་བརྗོད། མཆོད་སྦྱིན་གནས་འདིར་སོགས། དཀོན་མཆོག་རིན་ཆེན་སོགས་ཤོ་ལོ་ཀ་གཉིས་ཀྱི་མཐར། བཞི་དྲིལ་ཉིན་བཞིན་རང་གདངས་ཀྱིས། བཀྲ་ཤིས་གང་ཞིག་སོགས། མཐའ་རྟེན་ཤིས་བརྗོད་རྒྱུན་པར་རེ་རེ་དང་། གྲོལ་ཉིན་ཤོ་ལོ་ཀ་ལྔའམ་གསུམ་སོགས་ནས་ལྕམ་སྐྲོལ་ཁ་ཤས་བྱ་བསྡུ་རིམ་དམིགས་པ་དགོས། དེ་ནས་བྱིན་འབེབས་ནི། ཀྱཻ། མ་མི་མིན་སོགས་གཞུང་གདངས་འགྲེ་བཤང་གིས་མཐར་ལྕམ་དཀྲོལ་ཁ་ཤས་པདྨ་ཞི་ཟླུམ་གྱི་དམིགས་པ་བྱ། སྐྱོན་གྱི་མ་གོས་སོགས་ཡིག་དྲུག་སུམ་བརྒྱ་སོགས་ཅི་འགྲུབ་བཟླས་མཐར། ལྕམ་གྲོལ་ཁ་ཤས་བྱས་ནས་མགྲོན་རྣམས་རང་གནས་སུ་སོང་བར་དམིགས། དགེ་བ་འདི་ཡིས་སོགས་མཐར། ལྕམ་དཀྲོལ་ཁ་ཤས་ནས་ཁྲོབ་དཀྲོལ་ཌཱ་རྒྱག་ལན་གསུམ་གྱིས་བཞག། རྒྱུན་པར་ཟུར་གསལ་གཏོར་སྲུང་གསུངས་མཐར། བདག་གིས༴ བདེན་གྲུབ་མ་བཅས་ཉིན་ལྟར་གསུང་སྟེ་གྲོལ། ཉིན་ཕྱི་མ་རྣམས་ལ་སྔ་དྲོ་ཡར་ཚོགས་ཕྲལ་གུར་ཁང་དབྱེ་བའི་སྔགས། ཡཾ་རཾ་སོགས་ནས་ཚིག་བདུན་གསོལ་འདེབས་དཀྱུས་ལ་འཇུག་གྲོལ་ཉིན་གཏོར་སྲུང་མི་དགོས། གོང་གསལ་ལྟར་ཉིན་ལྟར་བཞིན་ཆོ་ག་ཚར་བཞི་བཅས་ཚོགས་བརྒྱ་དང་བརྒྱད་ངེས་པར་འགྲོ་དགོས་ཤིང་། མཐར་གཏང་རག་ཚོགས་འཁོར་རྒྱས་པར་སྤེལ་ཏེ་གཅོད་ཀྱི་ཚོགས་བརྒྱ་ལེགས་པར་གྲུབ་པ་ལགས།། ༈ །།དེ་


KMC001_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མཐའ་མར་དགེ་བ་ཇོ་བོ་རྗེ་དཔལ་ལྡན་མར་མེ་མཛད་ཀྱི་བཀའ་སྲོལ་དྲི་མ་མེད་པ་ལས་བྱོན་པ་བཅོམ་ལྡན་འདས་མ་ཡིད་བཞིན་འཁོར་ལོའི་བསྙེན་སྒྲུབ་ཞྭ་དམར་ལྔ་པ་རྗེ་དཀོན་མཆོག་འབངས་ཀྱིས་མཛད་པའི་སྒྲུབ་དཀྱིལ་སྒྲོལ་དཀར་དངོས་གྲུབ་ཀུན་སྩོལ་ལྟར་བསྙེན་པ་ལ། ཐོག་མར་བཅའ་བཤམས་ནི། སྒྲུབ་རྟེན་བྱིན་ཆེན་བཤམས་པའི་མདུན་སྟེགས་ཁར་འདས་གཏོར་ཟླུམ་པོ་པད་འདབ་བཞི་ཅན་ཉིས་རྒྱན་དང་རྩེ་ཉི་ཟླ་ནོར་བུས་མཚན་པ་དང་། གཡོན་ངོས་སུ་བ་ལིཾ་ཉེར་གཅིག་བརྩེགས་མ་བཟོ་དབྱིབས་གོང་གི་བདྨ་ལྟར་བྱ། མདུན་previous hit དུ་ཆུ་གཉིས་སྔོན་འགྲོས་ཉེར་སྤྱོད་ཕྲེང་ཚར་མཆོད་འགོ་གཡོན next hit་བསྟན་གྱིས་འཕྲེད་བཤམས་དང་། བདག་བསྐྱེད་མཆོད་པ་ཡང་གོང་མཚུངས་བཀོད། ཐོར་ཐུན་ལ་སྔོན་གཏོར་རེ་དང་། གཏོར་གསོ་ཐེབས་ཀྱུ་དང་། ཞལ་ཟས། མཆོད་པའི་མཎྜལ་བཅས་སྟ་གོན་བྱ། དེ་ནས་ཆོ་ག་དངོས་ལ། ཐོར་ཐུན་སྐབས་ལྡང་བའི་རྣལ་འབྱོར་སོགས་སྔོན་འགྲོ་རྣམས་གྲུབ་ནས། དཔལ་ལྡན་རྩ་བའི་བླ་མ་སོགས། བརྒྱུད་འདེབས་སྤྲོ་ན་༧སི་ཏུའི་སྒྲོལ་དཀར་ཅན་དེ་གསུངས་ཀྱང་ཆོག་ཡང་ན་ཐུབ་བསྟོད། ཇོ་བསྟོད་སོགས་གང་འོས་མཐར། སྐྱེ་བ་ཀུན་ཏུ་སོགས་མཐར། ཐོག་མའི་ཉིན་པར་ལས་བུམ་མགུལ་ཆིངས་དམར་པོ་དྲི་བཟང་ཆུས་གཏམས་པ་རང་དྲུང་གང་བདེར་བཞག་ལ། བུམ་བསྐྱེད་གཤམ་གསལ་ལྟར་རྟ་མགྲིན་བསྐྱེད་ཅིང་བསྙེན་པ་བརྒྱ་བརྒྱད་སོགས་ཅི་འགྲུབ་བཟླས་མཐར་མཆོད་བསྟོད་ཕྲིན་བཅོལ་བཅས་བྱ། དེ་ནས་སྔོན་གཏོར་བུམ་ཆུས་བྲན་ཏེ། ༀ་


KMC001_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཔདྨན་སོགས། སྭ་བྷཱ་ཝ་སོགས། ༀ་ཨཱཿཧཱུྃ་ལན་གསུམ། ན་མཿསརྦ་ཏ་ཐཱ་ག་ཏ་སོགས་གཏོར་རྒྱ་བཅས་ལན་གསུམ། ཨ་ཀཱ་རོ་སོགས་རང་རྒྱས་ལན་གསུམ། བཞི་དྲིལ་གྱིས། གང་ཡང་འདིར་ནི་སོགས་མཐར་མཆོད་སིལ་འོག་སྔགས་གསུང་ཌཱ་དྲིལ་རྒྱ་དུང་དཀར། ཏྲཾ་ཡིག་གེ་འོད་ཟེར་སོགས། ཨཱ་ས་ན་ཧཱུྃ་ཕཊཿལན་གཅིག་མཆོད༷་རྫས་བྲན༷་ལ། ཐལ་སྦྱར་བཅས། ༀ་ཨཱཿཔདྨན་སོགས། སྭ་བྷཱ༴ སྟོང་པའི་ངང་ལས་ༀ་ལས་སོགས། ཤབྡ་ཨཱཿཧཱུྃ། སངས་རྒྱས་མ་ལུས་སོགས་སྐྱབས་འགྲོ་ལན་ཉེར་གཅིག ཐུན་གཞན་རྣམས་སུ་ལན་བདུན་ཙམ་གྱིས་ཆོག་མཐར་སེམས་བསྐྱེད། འགྲོ་ཀུན་སོགས་ལན་བདུན༷་ནམ་གསུམ༷་བརྗོད་དེ་རྒྱུད་ལ་འདྲེས་ངེས་བྱ། བསོད༷་ནམས་ཚོགས་བས༷གས་ནི། རང་ཉིད་སྐད་ཅིག་གིས་སོགས། སྤྱན་དྲངས་ལ་གདན་རྒྱ་བྱ། ༀ་ཨརྱ་ཏཱ་ར་ས་པཱ་རི་ཝཱ་ར་ཨཱརྒྷཾ་སོགས་རང་རྒྱ་བཅས། ཤབྡ་བཞི་དྲིལ་ཕྱེད་རྒྱས། བཅོམ་ལྡན་འདས་མ་སོགས་ཉིད་གྱུར་ཅིག གནས་སྐྱེ་བ་མེད་པའི་སོགས་བཞི་དྲིལ་གོང་ལྟར། བླ་མ་ཡིད་བཞིན་འཁོར་ལོ་སོགས་མཐར་དབང་ལེན་དམིགས་པ་དང་། ཚོགས་ཞིང་སོགས། ཚད་མེད་བཞིར་བ༡སྒོམ། ཡེ་ཤེས་ཚོགས་བསགས་ནི། ༀ་ཤཱུ་ནྱ་ཏཱ་སོགས་ཅུང་ཟད་མཉམ་པར་བཞག ཆོས་ཐམས་ཅད་རང་བཞིན་སོགས། སྤྱན་དྲངས་


KMC001_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གདན་རྒྱ། རང་རྒྱ་བཅས། ༀ་ཨརྱ་ཏཱ་ར་ས་པཱ་རི་ཝཱ་ར་ཨཱརྒྷཾ་སོགས་ཀྱིས་མཆོད། ལྷ་དང་ལྷ་མིན་སོགས་ཕྱེད་ཕྱག་བཅས། བསྟོད་ལ་དྲིལ་གསིལ། རང་རྒྱས། ཛཿཧཱུྃ་བཾ་ཧོཿསོགས་ཀྱིས་བསྟིམ་ཅིང་དབང་ལྷ་སྤྱན་དྲངས་པར། ༀ་པཉྩ་ཀུ་ལ་སོགས་ཀྱིས་མཆོད་ཐལ་སྦྱར་བཅས། སརྦ་ཏ་ཐཱ་ག་ཏ་སོགས་རྒྱས་བཏབ་པར་གྱུར། བསྙེན་བཟླས་ལ་འཇུག་པའི་ཐོག་མར། ཁྲིད་ཡིག་ནང་གས༷ལ་ལྟར། རྣམ་པར་གས༵ལ་བ། ང་རྒྱལ་བརྟན༵་པ། རྣམ་༵དག་དྲན་པ་བཅས་ལ་ནན་ཏན་བྱ། བཅོམ་ལྡན་འདས་མའི་སོགས་བཟླས་དམིགས༵་གསུང་སྟེ། ཐུན་གྱི༷་དངོས་གཞིར་ཡི་༵གེ་བཅུ༵་པ་ཁོ་ན་བཟླ། གྲོལ༷་ཉེ་བ་ན། ཚེ་ཤམ་ཅ༷ན་བརྒྱ་བརྒྱ༵ད་བསྙེན༷་མཐར། དྲིལ་གསིལ་གྱིས་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བཅས་ལན་གསུམ་ནས། བསྡུ་རིམ་ནི། ཐུགས་ཀའི་ཏཱཾ་ལས་འོད་ཟེར་འཕྲོས་པས་སོགས་ཨརྱ་ཏཱ་རེ྅ཧཾ། མཉམ་པར་བཞག ལྡང་པའི་ཚིགས་ཆོག་གཞུང་དུ་མ་གསལ་ཡང་དམིགས་པ་གསལ་ཆེད་ཟླ་བ་འདོ་འཇོ་ལྟར། སླར་རང་ཉིད་འཕགས་མ་སྒྲོལ་མའི་སྐུར་གྱུར་པའི་གནས་གསུམ་དུ་ༀ་ཨཱཿཧཱུྃ་གིས་མཚན་པར་གྱུར། སྣང་གྲགས་ཀྱི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་པ་མེད་པ་སྣང་ཆ་སྒྱུ་མ་ལྟ་བུ་ཡེ་ཤེས་ལྷའི་ངོ་བོ་རྣམ་པར་དག་གོ་དགེབ་འདི་ཡིས་མྱུར་དུ་


KMC001_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

བདག །ཡིད་བཞིན་འཁོར་ལོ་སོགས། བཀྲ་ཤིས་ཤོ་ལོ་ཀ་གཅིག་སོགས་བརྗོད། ཕན་བདེ་ཡར་ངོའི་སོགས་ཀྱིས་འདོད་དོན་གསོལ་ཞིང་། གཞན་ཡང་སྒྲོལ་མ་དང་བཟང་སྤྱོད་སོགས་ཀྱིས་མཐར་བརྒྱན་ཏེ་ངག་གྲོལ། སྔ་ཐུན་ལ་མཆོད་པ་བྱིན་རླབས་ནས་བཟུང་གོང་ལྟར་རོ། །དགོང་ཐུན་ལ་ཡང་གོང་ལྟར་བསྡུ་ལྡང་བར་གསུངས་ཏེ། གཏོར་འབུལ་བྱ་བ་ནི། མདུན་བསྐྱེད་སྐབས་ལྟར་གཏོར་མར་བྲན། ༀ་ཨཱཿཔདྨན་སོགས། ཤཱུ་ནྱཏ་སོགས། སྟོང་པའི་ངང་ལས་སོགས་རྒྱ་མཚོར་གྱུར། ༀ་ཨཱཿཧཱུྃ་ལན་གསུམ། གཏོར་མགྲོན་སྤྱན་འདྲེན་པ་ནི་ཟླ་བ་འདོད་འཇོ་ལྟར། རང་གི་སྙིང་གའི་ས་བོན་ལས་འོད་འཕྲོས་ལྷོ་ཕྱོགས་པོ་ཊ་ལའི་རི་བོ་ནས་རྗེ་བཙུན་མ་སྒྲོལ་མ་དཀར་མོ་ལ་བླ་མ་ཡི་དམ་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿར་བསྡུ་རྒྱ། པདྨ་ཀ་མ་ལཱ་ཡ་སྟྭཾ་ལ་གདན་རྒྱ། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་དྲངས་ཏེ་གཏོར་མ་གསོལ་བར་གྱུར། གཞུང་གསལ། ༀ་ཨརྱ ་ཏ་རེ་སོགས་གཏོར་རྒྱ་བཅས་གཏོར་སྔགས་ལ༷ན་བདུན༷་ནམ་གསུམ་གྱིས་ཕུལ་ལ། རང་རྒྱ་བཅས། ༀ་ཨརྱ་ཏ་ར་ས་པཱ་རི་ཝ་ར་ཨཱརྒྷཾ་སོགས་


KMC001_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་མཆོད་ཅིང་བཞི་དྲིལ་ཕྱེད་རྒྱ་༷བཅས། ༀ། འཁོར་བ་ལས་སྒྲོལ་སོགས་ཀྱིས་བསྟོད་མཐར་ཐ༷ལ་སྦྱར་གྱིས༷། བཅོམ་ལྡན་འདས་མ་སྤྱིར་སེམས་ཅན་ཐམས་ཅད་སོགས་འདོད་དོན་གསོལ་ཞིང་། ཕྱག་འཚལ་ཉེར་གཅིག་ལན་གསུམ་སོགས་བསྟོད་པ་རྣམས་གསུངས་གྲུབ་ན་ལེགས་ཤིང་མཐར། ༀ་བཛྲ་ཏཱ་རེ་ས་མ་ཡ་སོགས་ཡིག་བརྒྱ་དྲིལ་གསིལ་བཅས་ལན་གསུམ། ཐལ་སྦྱར་བཅས། མ་འབྱོར་བ་དང་སོགས། གདན་རྒྱས། བདག་དང་འགྲོ་ལ་སོགས་ཀྱིས་གཏོར་མགྲོན་གཤེགས་བསྟིམ་པར་བྱ། དགེ་བ་འདི་ཡིས་སོགས་བསྔོ་བ་དང་། བཞི་དྲིལ༷་མེ་ཏོག༷་འཐོར་ཞིང་། གང་གི་ཞབས་པད་སོགས་ཤིས་བརྗོད་རྒྱས་པ་བྱ། མཐར་ཐལ་སྦྱར་སྦྱར་བཅས་ཕན་བདེ་ཡར་ངོའི་སོགས་དང་སྨོན་ལན་རྒྱུན་ལྟར་བྱའོ། ༈ །སྲོད་ཐུན་ལ། མཆོད་པ་བྱིན་རླབས་ནས་བཟུང་བསྡུ་རིམ་འཇུག ཨཱ༵རྱ་ཏཱ་རེ༵྅ཧཾཿགི་བར་གོང་ལྟར་བཏང་སྟེ། སྲུང༵་འཁོར༵་ནི། སྐད་ཅིག་གིས་ཆུ་ལ་ཆུ་བུར་སོགས་ནས་མཉམ་པར་བཞག་གོ །ཞེས་པའི་བ༷ར་གུར་ཁང་རྒྱས༷་པར་འགྲེ་༷བཤང་གིས་འདོན་སྒོམ་སྦྲགས༷་ཏེ་གསུངས་མཐར་མཉམ་པར་བཞག་ལྡང་བ་ན་གོང༵་ལྟར། སླར་རང་ཉིད་འཕགས་མ་སྒྲོལ་མའི་སོགས་རྗེས་ཀྱི་བྱ་བ་རྣམས་སྔ་ཐུན་ལྟར་རོ། །ཐུན་བཞིར་གོང་གསལ་ཚུལ་དེ་ལྟ་བུས་བསྙེན་སྒྲུབ་ཀྱི་ཞག་གྲངས་ཐེམས་ནས།། ༈ །།གཉིས་པ་སྒྲུབ་མཆོད་ཇི་ལྟར་བྱ་


KMC001_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཚུལ་བཤམས་བཀོད་ནི། རྟེན་གྱི་དྲུང་དུ་སྟེགས་བུ་གྲུ་བཞི་ཁེབས་ལྡན་གྱི་དབུས་སུ་རས་བྲིས་ཡོད་ན་བཀྲམ་ལ་དཀྱུས་ཀྱི་ཕྱག་བཞེས་སུ་ཚོམ་བུ་ཙམ་ལ་བརྟེན་པར་སྣང་། གང་ལྟར་ཡང་དབུས་སུ་མཆོད་ཡོན་མེ་ཏོག་གི་སྣོད་ཆེ་བ་གཅིག་གི་སྟེང་མཉྫའི་ཁར་མཎྜལ་ཚོམ་བུའི་སྟེང་འཕགས་མ་ཡིད་བཞིན་འཁོར་ལོའི་སྣང་བརྙན་བཤམས་པར་གདུགས་ཕུབ། ཕྱོགས་བཞིར་མཆོད་པའི་མཎྜལ་ཚོམ་བུ་ཅན་བཞི། མཚམས་བཞིར་དབུས་ནས་ཕྱིར་འཕྲེད་བཤམས་ཀྱིས། མཆོད་ཡོན། མེ་ཏོག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོའི་བར་བཀོད། ལྷོའི་མཎྜལ་གྱི་དབུས་སུ་གོང་གསལ་འདས་གཏོར་དང་། བྱང་གི་མཎྜལ་གྱི་previous hit གཡོནདུ next hit་བ་ལིང་ཉེར་གཅིག་བཤམས། ཤར་གྱི་མཎྜལ་གཡས་སུ་གཙོ་བུམ་མགུལ་ཆིངས་དཀར་པོ་རྫས་ལྡན་དང་། previous hit གཡོནདུ next hit་ལས་བུམ་བཀོད། མདུན་ངོས་སུ་སྒོ་མཆོད་མཆོད་འགོ་previous hit གཡོན་བསྟན་བཤམས། སློབ་དཔོན་མདུན་དུ next hit་ཡང་བདག་བསྐྱེད་མཆོད་པ་དགོས། གཞན་ཡང་ཉེར་སྤྱོད་ལྔ་པོ་བརྒྱ་རྩ་སོགས་སྤྲོས་པ་ཅི་ལྕོགས་ཀྱིས་བཤམས་པའི་མཐར། འཕན། གདུགས། རྒྱལ་མཚན་སོགས་ཀྱིས་མཛེས་པར་བྱ། སྔོན་འགྲོའི་དཀར་གཏོར། མཆོད་ཁ་གསོ་བྱེད་ཞལ་ཟས་སོགས་མཁོ་བའི་ཡོ་བྱད་རིགས་ཚོགས་པར་བྱའོ། །ཆོ་ག་དངོས་ནི། སྔ་བར་ཚོགས་བརྡ་བྱུང་འཕྲལ་འདུ་ཁང་ནང་གྲལ་ཕྱག་སྔོན་འགྲོས་གདན་ལ་འཁོད། ཌཱ་དྲིལ་བསྣམས་དགོས། ཐོག་མར་ལོ་གྱོན་མའི་གཟུངས། རྣམ་འཇོམས་རྣམ་རྒྱལ། ཚིག་བདུན་གསོལ་འདེབས། ཐུབ་བསྟོད། སྐུ་བསྟོད་རྣམས་རེས་མོས་བྱ། དེ་ནས་


KMC001_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བསྐྱེད་བསྙེན་པའི་བར་གོང་ལྟར་གསུང་སྟེ། བསྙེན༵་པ་དང༵་ཚེ་ཤ༵ལ་ཅན་ཅི་༵འགྲུབ་བཟླས་༵མཐར། མདུན་བསྐྱེད་ནི། མདུན་རྟེན་བྲན་ལ། ༀ་ཨཱཿཔདྨན་སོགས། ཤཱུ་ནྱ༴ སྟོང་པའི་ངང་ལས་མདུན་དུ་སྐད་ཅིག་གིས་སོགས། བཛྲ་ས་མཱ་ཛཿར་བསྡུ་རྒྱ། ༀ། ཐུགས་རྗེ་རྨད་བྱུང་སོགས་བཞི་དྲིལ་དང་སྔགས་ལ་བསྡུ་རྒྱ་བཅས་མཆོད་རོལ། སྔགས་མཆོད་བསྟོད་བསྟིམ། དབང༵་བསྐུར། རྒྱས་གདབ༵་བཅས་བདག༵་བསྐྱེད་ལྟར་ལ། མཐར་བཞི༷་དྲིལ་གདན་རྒྱས༷། ལེགས་སོ་བཅོམ་ལྡན་སོགས་མཐར་སྔགས་ལ་སླར༵་གདན་རྒྱ་༵བྱ་མཆོད་སིལ། མཆོད་པར་བྲན་ཏེ། ཐལ་སྦྱར་བཅས། ༀ་སྭ་བྷཱ༴ བྷྲཱུཾ་ལས་མཆོད་པའི་སོགས། བཞི༷་དྲིལ་ཕྱེད་རྒྱས༷། ༀ། སྐུ་གསུམ་རྒྱལ་བ་སོགས་ཤོ་ལོ་ཀ་གཉིས་ཀྱི་མཐར་མཆོད་སིལ། ཕྱི་ནང་གསང་བ་སོགས་ཐལ་སྦྱར་བཅས་འགྲེ་བཤང་གིས། ཤབྡ་ལ་མཆོད་སིལ། སླར་འདོད་ཡོན་ལྔ་མཆོད། ཤབྡ་མཚམས་རྒྱག བི་ཤྭའི་མཐར་མཆོད་སིལ། ལས་རྡོར་པས་ཕྱོགས་སོ་སོར་ཚོམ་བུ་ཕུལ་དགོས་མཎྜལ་ལན་བཞི་རེ་རེ་བཞིན་མཆོད་སིལ་མཐར་སྦྱར་བཅས། བདག་དང་འགྲོ་ལ་རྟག་ཏུ་སོགས་འདོད་གསོལ་དང་། ཡན་ལ༵ག་བདུན་པ༵འི་མཐར་ཚོགས་ཐེངས་བྱ། ༈ །ཡར་ཚོགས་ནས་གཏོར་མ་བ་ལིང་བཅས་བྲན་ལ། ༀ་ཨཱཿཔདྨན་སོགས་ནས། ༀ་ཨཱཿཧཱུྃ་ལན་གསུམ། གཏོར་སྔགས་གཏོར་རྒྱས་ལན་གསུམ་གྱིས་ཕུལ་ལ། བཅོམ་


KMC001_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་མ་སོགས་ཐལ་སྦྱར་གྱིས། ཕྱག་འཚལ་ཉེར་གཅིག་ལན་གསུམ། སྒྲོལ་དཀར་བསྟོད་པ། འཁོར་བ་ལས་སྒྲོལ་ལན་བདུན། དགེ་བ་མ་ནི་ཚར་བཞི་ཧྲུག་འདོན་དང་སླར་ཚར་གཅིག་བཞི་དྲིལ་བཅས་མཆོད་སིལ། སེང་གེ་གླང་ཆེན་སོགས་བཞི་དྲིལ་ཕྱེད་རྒྱ་བཅས་མཆོད་སིལ། མདུན་བསྐྱེད་ཀྱི་ཐུགས་ཀའི་སོགས་བསྙེན་དམིགས་བཅས་བཟླས་པ་ཚོ་གཉིས་ཅི་འགྲུབ་བཟླས་མཐར། གཙོ་བུམ༷་ཁར་དུང་ཆོས་གཟུངས༷་རྡོར་བཀོད། མཆོད་ཁ༷་གསོ་བྲན་གྱིས། ༀ་ཨཱཿཔདྨན་སོགས། སྭ་བྷཱ༴ སྟོང་པའི་ངང་ལས་པྃ་ལས་སྣ་ཚོགས་སོགས་ཀྱིས་རྟེན་བསྐྱེད་ལ་བརྟེན་པ་ལྷ་བདག་བསྐྱེད་སྐབས་ལྟར་ལ། རང་ཉིད་ཚེ་དཔལ་ཞེས་པར། ཡིད་བཞིན་འཁོར་ལོ་ཞེས་བསྒྱུར་ལ། རྒྱས་བཏབ་པར་གྱུར་གྱི་བར་བདག་བསྐྱེད་ལྟར་ལ། སླར་ༀ་ཨརྱ་ཏཱ་ར་ས་པཱ་རི་ཝཱ་ར་ཨཱརྒྷཾ་སོགས་ཀྱིས་མཆོད་ལ་མཆོད་སིལ། བཞི་དྲིལ་ཕྱེད་རྒྱས། གློག་དང་འདྲ་བའི་སོགས་ཀྱིས་བསྟོད་མཆོད་སིལ། བཅོམ་ལྡན་འདས་མའི་སོགས་བསྙེན་དམིགས་བཅས་བསྙེན་པ་ཚོ་གཉིས་ཅི་རིགས་བཟླ། གཟུངས་རྡོར་སློབ་དཔོན་ལ་ཕུལ། ༀ་བཛྲ་ཨཱརྒྷཾ་པྲ་ཏིཙྪ ་སྭཱ་ཧཱས་མཆོ༷ད་ཡོན་དུང་ཆུ་བུམ༷་པར་དབུལ༷། བཅོམ་ལྡན་འདས་མའི་ཐུགས་ཀའི་སོགས་འོད་ཞུ་དང་། གཟུང༷ས་རྡོར་ལས་བུམ༷་ཁར་སྤོས་ལ། ༀ་བཛྲ་ཀྲོ་དྷ་སོགས། སྭ་བྷཱ་ཝ༴ སྟོང་པའི་ངང་ལས་


KMC001_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བུམ་གྱི་སོགས་ཀྱིས་བསྐྱེད་ལ་སྔགས་ལན་ཉེར་གཅིག་བཟླས་མཐར། རང་རྒྱ་བཅས། ༀ་བཛྲ་ཨཱརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། དེ་བཞིན། པཱདྱཱཾ་སོགས་མཆོད་སིལ། ཧྲཱིཿལས་སྐྱེས་པའི་སོགས། ལ་ཕྱག་འཚལ་ལ་དྲིལ་གསིལ། ལས་རྡོར་པས་བུམ་སྒྲོས་བགེགས་བསྐྲད་ཚུལ་སྤྱི་ལྟར་བཅས། ཁྲོ་བོའི་རྒྱལ་པོ་སོགས་མཛོད། དེ་ན༵ས ་བད༵ག་འཇུག་༵ནི། ལས་རྡོར་པས་ལས་བུམ་སྒྲོས་བགེགས་བསྐྲད་ཚུལ་སྤྱི་ལྟར་བཅས། ཁྲོ་བོའི་རྒྱལ་པོ་སོགས་མཛོད། དེ་ནས་བདག་འཇུག་ནི། ལས་རྡོར་པས་ལས་བུམ་སློབ་དཔོན་ལ་ཕུལ་ཏེ། ཇི་ལྟར་བལྟམས་པ་སོགས་ཁྲུས༷་ཆུ་འཐོར་འཐུང༷་དང་གྲལ་དུ་ཡང༷་བ༷ཀྱེ༷། ས་གཞི་སྤོས་ཆུས༴ རྡོར་དྲིལ་བཅས་ཐལ་སྦྱར་གྱིས། གང་དྲིན་མ་སོགས་ལན་གསུམ་མམ་གཅིག འཁོར་བ་ལས་སྒྲོལ་སོགས་ལན་གསུམ་མམ་གཅིག དགའ་ཆེན་ཁྱོད་བདག་སོགས་ལན་གསུམ་རྗེས་མར། བུ་ཚུར་ཐེག་པ་སོགས་སྦྲེལ་ཏེ་ལན་གཅིག བཅོམ་ལྡན་འདས་མ་སོགས་ཐལ་སྦྱར་བཅས་ལན་གསུམ་མམ་གཅིག་ཚོགས་བསགས་སྐབས་ལྟར། རིགས་ལྔའི་སྡོམ་བཟུང་། མགོན་པོ་སངས་རྒྱས་སོགས་ཐལ་སྦྱར་བཅས་ལན་གསུམ་མམ་གཅིག སྙིང་གར་ཀུན་རྫོབ་སོགས་རྡོ་རྗེ་ཐལ༷་མོའི་བར༷་བཟུང་སྟེ༷་སྙིང་གར༷་བསྐོར་བཞིན། ༀ་ཡོ་ག་སོགས་ལན་གསུམ་མམ་གཅིག སླར་གཡས་ཀྱིས༷་སྙིང་གར་རེག༷་ལ་ༀ་སུ་ར་ཏེ་སོགས་ལན་གཅིག


KMC001_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་མ་སྐད་ཅིག་སོགས་གནས་གསུམ་དུ་དྲི་བཟང་གི་ཐིག་ལེ་བྱ། ༀ་ཨཱཿཧཱུྃ་ལན་གཅིག རྡོ་རྗེ་སྤྱི་བོར་བཀོད། དེང་ཁྱོད་འཕགས་མ་སོགས། རྡོ་རྗེ་སྙིང་གར། འཕགས་མ་སྒྲོལ་མ་སོགས་ལན་གཅིག སླར་སྤྱི་བོར་བཀོད། དེང་ནས་བརྩམས་ཏེ་སོགས་གྱུར་ཏ་རེ། དཀོན་མཆོག་གསུམ་ལ་སོགས་ཐལ་སྦྱར་བཅས་ལན་གསུམ་མམ་གཅིག དུས་གསུམ་སངས་རྒྱས་སོགས་ལན་གསུམ་མམ་གཅིག སློབ་དཔོན་གྱི་ཐུགས་ཀའི་སོགསRབྱིན་འབེབས་མཆོད་རོལ་ལྡིར་སྔགས་གསུང་། ཏིཥྛ་བཛྲ་ལ་རྡོ་རྗེ་རྒྱ་གྲམ་བཀོད། བླ་མ་རྗེ་བཙུན་མའི་སོགས། བྱང་ཆུབ་རྡོ་རྗེ་སོགས་ལན་གཅིག གཙོ་བུམ་སློབ་དཔོན་ལ་ཕུལ་ཏེ། ཇི་ལྟར་བལྟམས་པ་སོགས་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏེ་ཀ་ལ་ཤ་གུ་ཧྱེ་ པྲ་ཛྙཱ་ཛྙཱ་ན་ཙ་ཏུ་ར་ཨ་བྷི་སོགས་དྲིལ་གསིལ་བཅས་གནས་སོ་སོར་རེག་མཐར་བུམ་ཆུ་བཏུང་གྲལ་དུ་འཆད། དེ་ལྟར་གནས་བཞིར་སོགས་བླ་མས་མཆོད་པར་གྱུར། ༀ་བཛྲ་པུཥྤེ་སོགས་རང་རྒྱས། ཤབྡ་ལ་མཆོད་སིལ། ཕུན་སུམ་ཚོགས་པ་སོགས་བདེ་ལེགས་ཤོག །དེ་ལྟར་བུམ་པའི་སོགས། དཔོན་སློབ་གཉིས་ཀ་སོགས་བགྲང་ཕྲེང་ཕུལ། ཡིག་བཅུ་ལན་གསུམ། བཞི་དྲིལ་གྱིས། བཅོམ་ལྡན་བདག་ལ་སོགས་ཚིག་གཉིས་ལན་གསུམ་དང་རྗེས་མར།


KMC001_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདི་ལ་སོགས་སྦྲེལ་དྲང་དུ་གསོལ་དྲིལ་གསིལ། དེ་ཡིས་ཉེ་བར་སོགས་དྲིལ་གསིལ། དེ་ལྟར་སྔགས་ཀྱི་སོགས། མཎྜལ་གྱི་དབུས་ཀྱི་སོགས་སྣང་༵བརྙན་ཕུལ༵་ལ། དྲིལ་གསིལ་བཅས་ཡི༷ག་བཅུའི༷་མཐར་བཛྲ་ས་མ་ཡ་སྟྭཾ། སྤྱི་བོ༷ར་འབྲུ་འཇོ༷ག དགེ་འདུན་དམ་པ་སོགས་དྲིལ་གསིལ་རྡོར་དྲིལ་ཕར་བཞག དེ་ལྟར་ལྷ་སྐུ༴ བླ་མ་དང་བཅོམ་ལྡན་འདས་མ་སོགས་ལོངས་ཤིག གཙོ་བོས་ཇི་ལྟར་སོགས་ཐལ་སྦྱར་བཅས་ལན་གསུམ་མམ་གཅིག མཎྜལ༵། དེང་ནས་བརྩམས་ཏེ་སོགས་ལན་གསུམ་མམ་གཅིག འཁོར་ལོའི་གུར་ཁང་སྒོམ་པ་ནི། ཐུགས་ཀའི་ཏཱཾ་ལས་སོགས་ཏཱ་རོ྅ཧཾཿ སྐད་ཅིག་གིས་སོགས། ཐུགས་ཀའི་འཁོར་ལོ་སོགས་ནས་གང་བར་གྱུར། སླར་ཡང་ཐུགས་ཀའི་སོགས་སྔ་དྲོ་༵གུར་ཁང་སོ་སོར་འགྲེ་བ༵ཤང་གིས་རྒྱས་པ༵་དང་། ཕྱི་༵ དྲོ་འགྲེ་མི་བ༵ཤང་བར་བསྡུས་༵པ་བྱ། རྒྱ༷ས་བསྡུས་ཇི༷་ལྟར་ཡ༷ང་མཐར། དེ་ཐམས་ཅད་ཀྱང་སྒྱུ་མ་དང་སོགས། སྣོད་ཐམས་ཅད་སྲུང་འཁོར་སོགས་བསྡུ་རིམ་གྱིས་མཉམ་པར་བཞག སླར་མཆོ༷ད་ཁ་གསོ༷་བྲན་གྱི༷ས། མཆོ༷ད་པ་བྱིན་རླ༷བས། ཤབྡ་ལ་མཆོད་སིལ། སྐྱབས་འགྲོ་ཚར་གཅིག་གསུང་སྟེ་གུང་ཚིགས་གྲོལ། ཕྱི་དྲོ་ཡར་ཚོགས་ཏེ། སྐྱབ༷ས་འགྲོ་ནས་བཟུང་རྗེ༷ས་ཆོག་བར་གོང་བཞི༷ན་གསུངས་མཐར། རྗེས་ཆོག་མ༷ཆོད་བསྟོད་མན་ཆ༷ད་


KMC001_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གོང་གས༷ལ་ཐུན་གསུམ་པ༷འི་སྐབས་ལྟར་མཐའ་དབྱུང༷་ངོ་། ཚུལ་དེ་ལྟ་བུས་སྒྲུབ་མཆོད་ཀྱི་ཞག་གྲངས་ཚར་ནས། ༈ །གསུམ་པ་བསྙེན་པའི་ཁ་སྐོང་སྦྱིན་བསྲེག་གི་རིམ་པ་ལ། ཐབ་ཐིག་སོགས་ཞི་བ་སྤྱི་ལྟར་ལ། དབུས་སུ་ཕྱག་མཚན་ཨུཏྤལ་རྡོ་རྗེས་མཚན་པ་བཀོད་པའི་ཁྱད་པར་རོ། །གཡོན་ངོས་སུ་སྟེགས་བུ་མཐོ་དམན་གཉིས་ལ་ཟླུམ་གཏོར་ཆེ་ཆུང་གཉིས། སོ་སོའི་མདུན་མཆོད་ཡོན་གྱི་སྣོད་ཆེ་ཆུང་གཉིས་སྔོན་དུ་འགྲོ་བས་ཉེར་སྤྱོད་ལྔ་བཤམས། གཡས་ཕྱོགས་སུ་ཡམ་ཤིང་ནས་བཟུང་དཀྱིལ་འཁོ༵ར་པའི་བསྲེག་རྫས༵་ཆ་ཚང་བཀོད། མེ་ལྷར༵་ཡང་ཡམ་ཤི༵ང་དང་རྫས་སྤུངས་བཀོ༵ད། སློབ་དཔོན་མདུན་དགང་གཟར་བླུགས་གཟར་སོགས་ཉེར་མཁོའི་རིགས་ཚོགས་པར་བྱ། ༈ ཆོ་ག་དངོས་ལ། སྔ་དྲོ་སྔ་བར་ཚོགས་ཏེ་བད༷ག་མདུན༷་བུ༷མ་པ་བདག་འ༷ཇུག་བླངས་ཤིང༷་རྗེས་ཆོག་འགོར་ཚོགས་ཐེངས་གྲོལ་ཏེ་སྦྱིན་བསྲེག་ལ་འཇུག་གོ །དེར་ཡང་སྔོན་གཏོར་བཤམས་ལ། སློབ་དཔོན་གྱིས་ལས་བུམ་ནས་བྲན་ཏེ། ༀ་ཨཱཿཔདྨན་སོགས་སྔོན་གཏོར་བྱིན་རླབས་ནས་བཟུང་སྲུང་འཁོར་མཇུག ཨ་ས་ན་ཧཱུྃ་ཕ༡ཊཿཀྱི་བར་བཏང་། གནས་ཁ༷ང་ཡོ་བྱད་ཀུན༷་ལ་ལས་བུམ་གྱི༷ས་བྲན་ཅིང་། ༀ་ཨཱཿཧཱུྃ་པདྨན་སོགས་ལན་གཅིག ༀ་ཨཱཿཧཱུྃ་ལན་གསུམ། མཆོད་པར་བྲན་ལ། བྱིན་རླབས་གསུང་སྟེ། ཤབྡ་ལ་མཆོད་སིལ། རྡོ་རྗེ་རྩེ་གཅིག་གིས་རྒྱས་བསྲེག་རྫས་སོ་སོར་རེག་སྟེ་སྔགས་རྣམས་ལན་གསུམ་རེ་གསུངས་མཐར། ༀ་ཨཱཿཧཱུྃ་ལན་གཅིག་གིས་མེ་བླངས། ༀ་ཨཱཿཔདྨན་སོག༡ས་ལས་བུམ་གྱིས་བྲན།


KMC001_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ལས་སྔགས་ཀྱིས་ཐབ་ལ་གཡས་བསྐོར་བྱ་སྟེ། བཛྲ་ཛྭ་ལའི་སྔགས་ལན་གཅིག་གིས་མེ་སྦར་ལ་མཆོད་སིལ། ཧཱུྃ་ཧཱུྃ་ལན་གཅིག་གིས་རླུང་གཡབ་དང་། ཐབ་ལ་བྲན་ཏེ། ༀ་ཨཱཿཔདྨན་སོགས། སྭ་བྷཱ་ཝ༴ སྟོང་པའི་ངང་ལས་ཧཱུྃ་ལས་སོགས། ཐམས་ཅད་སྤྱན་དྲངས་ལ་དྲིལ་གསིལ། ཕྱག་རྒྱ་བཅས་མེ་ལྷའི་གདངས་ཀྱིས། ༀ་ཚུར་སྤྱོན་སོགས། ༀ་ཨཱགྣ་ཡེ་སོགས་དྲིལ་གསིལ་བཅས་ལན་གཅིག་ལས་བུམ་ཆུས་གཏོར་ལ། ༀ་ཨཿཔདྨན་སོགས་ལན་གཅིག་གིས་བགེགས་བསྐྲད། རང་རྒྱས། ཛཿཧཱུྃ་བཾ་ཧོཿསོགས། སློབ་དཔོན་ཡར་བཞེངས་ཏེ་ཀུ་ཤ་ཐོགས་ལ། མེ་ལྷའི་གདངས་བཅས། ༀ་ཀུ་ཤ་འདི་ནི་སོགས། འདིས་བདག་གི་བགེགས་སོགས་ཧྲུག་འདོན་བྱ། ༀ་བཛྲ་ས་ཏྭ་ཨཱཿལན་བརྒྱད་ཀྱིས་ཀུ་ཤ་དཀྲམ། ༀ་ཨཱ༔པྲ་ཝཱ་རཱ་སཏྐ་ར་སོགས་མེ་ལྷའི་མཆོད་ཡོན་ཕུལ། ཉེར༷་སྤྱོད་ཕུལ༷་ལ། ༀ་བཛྲ་པུཥྤེ་སོགས། ཤབྡའི་བར་མཆོད་སིལ། བཞི་དྲིལ་ཕྱེད་རྒྱ་བཅས། འཇིག་རྟེན་དབང་ཕྱུག་སོགས་ཀྱིས་བསྟོད་མཆོད་སིལ། ༀ་བཛྲ་ཨ་ན་ལ་སོགས་དྲིལ་གསིལ་བཅས་དམ་བཞག་སྔགས་ལན་གསུམ། མེ་ལྷའི་ཐུགས་ཀར་སོགས་མཚན་པར་གྱུར། ༀ་ཨཱགྣ་ཡེ། ཨཱ་དཱི་བྱ་སོགས། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སོགས་སྦྲེལ་བ༷་ལན་བདུན་གྱིས་མ༷ར་ཁུ་ཕུལ། དེ་བཞིན་༠ ཡམ་ཤིང་


KMC001_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ལན་གསུམ་དང་། ༠ རྫས་སྤུངས་ལན་ཉེར་གཅིག་གམ་བདུན་ཕུལ་མཐར། ༀ་ཨཱགྣ་ཡེ་སོགས་ལན་གཅིག་གིས་མར་ཁུ་ཕུལ་བ་ནི་འཇི༷ག་རྟེན་པའི་ཆོ༷་གའོ། །འཇིག་རྟེན༷་ལས་འདས་པ༷་ནི། ༀ་ཨཱཿཔདྨན་སོགས། ཤཱུ་ནྱཏ༴ མེ་ལྷའི་ཐུགས་ཀར་རབ་ཏུ་ཡངས་པའི་དབུས་སུ་སྐད་ཅིག་གིས་ཞིང་ཁམས་སོགས་མདུན་བསྐྱེད་ལྟར། བཛྲ་ས་མཱ་ཛཿར་མཆོད་སིལ་འོག་སྤོས་སྣ་བཅས་སློབ་དཔོན་ཡ༵ར་བྱོན་ཏེ། དཀྱིལ་འཁོJར་དྲུང་ཡིJག་བརྒྱ་ལན་གཅིག་བརྗོད་དེ་མཆོད་ཡོན༵་སྦྲེང་། སྤོས་འཛིན་ཏེ། རྟེན་ནི་རྡུལ་ཚོན་ནམ་རས་བྲིས་སམ་ཚོམ་བུའི་དཀྱིལ་འཁོར་ལ། བཞུགས་པའི་སོགས་ཀྱི་མཐར། སྙིང་པོ་བརྗོད་བཞིན་མེ༷་ཏོག་ལྷའི་ངོ་བོར་བསམ་པ༷་ལེན་ཚུལ་གྱིས༷་གུས་པ་དང་བཅས་སྤྱན་དྲངས་ཏེ་ཐབ་ལ་གཡས་བསྐོར་ལན་གསུམ་བཅ༷ས་ཤར་དུ་སྒྲེང་ལ་མཆོད་རོ༷ལ་བཞག ༀ། ཐུགས་རྗེ་རྨད་བྱུང་སོགས་ཕག་མོའི་གཞུང་གདངས་བཞི་དྲིལ་གྱིས། བཛྲ་ས་མཱ་ཛཿར་བསྡུ་རྒྱ་མཆོད་སིལ། ཞེས་སྤྱན་དྲངས་ཏེ་ཐ༷བ་སྟེང་ནམ་མཁ༷ར་བཞུགས་པ༷་ལ། ༀ་ཨརྱ་ཏཱ་ར་སོགས་ཡིད་སྤྲུལ་ཡིན་སྔགས་ཀྱིས་མཆོད་ཅིང་མཆོད་སིལ། ལྷ་དང་ལྷ་མིན་སོགས་ཀྱིས་བསྟོད་དེ་དྲིལ་གསིལ་མཐར། ༀ་ཏཱ་རེ་སོགས་སྙིང་པོར་བཛྲ་ས་མཱ་ཡ་སྟྭཾ་བཏགས་ལ༷་མེ་ཏོག་གཡ༷ས་བསྐོར་གྱིས་ཐབ་དབུས་༷སུ་དོར། རང་རྒྱས། ཛཿཧཱུྃ་བཾ་ཧོཿསོགས་དབྱེར་མེད་དུ་གྱུར། སློབ༷་དཔོན་མར་བཞུག༷ས།


KMC001_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

སླར་ཡང་ཐུགས་ཀའི་སོགས། དབང་༷བསྐུར། རྒྱས་གདབ་༷པར་བྱ། མཆོད་ཡོ༷ན་སྣོད་ཆེ་༷བ་ཕུལ་ལ༷། ༀ་ཨཱཿཧྲཱིཿཔྲ་ཝཱ་རཱ་སཏྐ་ར་སོགས་དང་མདུན་བསྐྱེད་ལྟར། ཐལ་སྦྱར་བཅས། ཕྱི་ནང་གསང་བ་སོགས། དཀྱིལ་འཁོར་པའི་མཆོད་ཕྲེང་ཕུལ། ཤབྡ་ལ་མཆོད་སིལ། སླར་ཕྱི་ནང་གསང་བ་སོགས་ཐལ་སྦྱར་བཅས། གཟུགས༴ སྒྲ༴ དྲི༴ རོ༴ རེག་བྱ༴ སྣ་ཚོགས་མཐར་མཆོད་སིལ། བཞི་དྲིལ་ཕྱེད་རྒྱས། སེང་གེ་གླང་ཆེན་གྱིས་བསྟོད་མཐར་མཆོད་སིལ། བསྲེག་རྫ༵ས་འབུལ་བ༵་ནི། མེ་ལྷའི་གདངས་ཀྱིས། དགང་བླུགས་ཁ་ལ་སོགས་བཞེས་པར་གྱུར། ༀ་ཏཱ་རེ་སོགས་སྙིང་༷པོ་ལན་གཅི༷ག ༀ་ཨཱགྣ་ཡེ་སོགས་རྫས་སྔགས་ལ་གྲངས་བཟུང་སྟེ་མར་ཁུ་བརྒྱ་བརྒྱད་སོགས་ཅི་ནུས་ཀྱིས་འབུལ་མཐར་འདོད་གསོལ། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སོགས་མཆོད་སིལ། དེས་མཚོན་ཏེ་ཡམ་ཤིང་ནས་ཡུངས་ཀར་བར་རྫས་རྣམས་ཆ་ཚང་ཕུལ་ལ་སོ་སོའི་མཐར་མཆོད་སིལ་བྱ། དེ་ནས་བསྙེན་པའི་ཁ་སྐོང་དངོས་ནི། གོང་གསལ་རྫས་རྣམས་ཕྱོགས་གཅིག་ཏུ་སྦོས་པ་ཕྱེ་དཀར་སོགས་ལ་བསྲེ་མང་བར། ཟས་སྣ། སྨན། འབྲུ། རིན་ཆེན། དར་ཟབ་སོགས་ཅི་འབྱོར་འདུ་བྱ་སྟེ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ༀ་ཨཱཿཧཱུྃ། ཞེས་རྫ༵ས་སྤུངས་ཕུལ༵་ཅིང་གྲངས་གསོག་གིས༵་སུམ་བརྒྱ་རེ༷འམ་གང་འགྲུབ་ཀྱིས༷་མཐར་འདོད་གསོ༷ལ། སྒྲུབ་པ་པོའི་ནད་


KMC001_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་སྡིག་སྒྲིབ་སྔགས་ཀྱི་ལྷག་ཆད་སོགས་བརྗོད་མཆོད་སིལ། ཚུལ༵་དེ་ལྟ་བུས་བུང་བ༵སྐྱེད་དེ་སྒྲུབ་པོ་ཚང་མས་རེས་མོས༵་ཀྱིས་རྫས་ཕུལ་མཐ༵ར། གཏོར་འབུལ་ནི། དཀྱིལ་འ༵ཁོར་པའི་གཏོར་མ་དགང་གཟ༵ར་ནང་བཞག་སྟེ་བྲ༵ན་ལ་མདུན་བསྐྱེད་ལྟར། ༀ་ཨཱཿཔདྨན་སོགས། ཤཱུ་ནྱ་ཏ༴ སྟོང་པའི་ངང་ལས་སོགས། ༀ་ཨཱཿཧཱུྃ་ལན་གསུམ། ༀ་ཨརྱ ་ཏཱ་ར་སོགས་གཏོར་རྒྱ་བཅས་གཏོར་སྔགས་ལན་བདུན་གྱིས་མར་ཁུ་བྲན་ཏེ་མཐར་ཕུལ། དཀྱིལ་འཁོར་པའི་མཆོད་ཕྲེང་ཆ་ཚང་ཕུལ་ལ། རྒྱ་བཅས། ༀ་ཨརྱ་ཏཱ་ར་ས་པཱ་རི་ཝཱ་ར་ཨཱརྒྷཾ་པྲ་ཏིཙྪ ་སྭཱ་ཧཱ། དེ་བཞིན། པཱདྱཱཾ་སོགས་ཀྱིས་མཆོད་དེ་མཆོད་སིལ། བཞི་དྲིལ་ཕྱེད་རྒྱས། ༀ། འཁོར་བ་ལས་སྒྲོལ་སོགས་ཀྱིས་བསྟོད་མཆོད་སིལ། བཅོམ་ལྡན་འདས་མ་སྤྱིར་སེམས་ཅན་ཐམས་ཅད་ལ་སོགས་མཐར་མཆོད་སིལ། ༀ་བཛྲ་ཏཱ་ར་ས་མ་ཡ་སོགས་དྲིལ་གསིལ་བཅས་ལན་ག༵སུམ། ཐལ་སྦྱར་བཅས། གང་ཡང་བདག་བློ་སོགས་ནས་བླ་ན་མེད་པའང་སྩོལ། སློབ་དཔོ༷ན་ཡར་བཞེང༷ས་ཏེ་མེ་ཏོ༷ག་ཐབ་དབུས༷་ནས་གཡོན་བསྐོར་གྱིས་ལེན་ཚུལ་དང་ཡིག༵་བཅུ་བ༵རྗོད་མཆོད་སིལ་འོག་ཐབ་ལ་གཡས་བསྐོར་གྱིས་དཀྱིལ་འཁོར་པ་ཡར་གདན་ཏེ་ཡིག༵་བཅུའི་མཐ༵ར། བཛྲ་ས་མཱ་ཡ་སྟྭཾ་བརྗོད་དེ་མེ་ཏོག༵་གཏོར་ལ༵། རྡུལ་ཚོན༵་ནམ་རས་བྲིས་ས༵མ་ཚོམ་བུ་གྱི་ནི་དཀྱིལ་འཁོར་ལ། །


KMC001_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་དྲངས་དཀྱིལ་འཁོར་ཐིམ་པར་གྱུར། བརྗོད་དེ་མར་བྱོན་མཆོད་རོལ་བཞག་དེ་ནས་ༀ་ཨཱགྣ་ཡེ་སོགས་ལན་གཅིག་གིས་མར་ཁུ་ཕུལ། མེ་༷ལྷའི་མཆོད་ཕྲེང་༷ནས་ཕུལ་ལ༷། ༀ་ཨཱཿཧྲཱིཿཔྲ་ཝཱ་སོགས། ༀ་བཛྲ་པུཥྤེ་ཨཱཿཧཱུྃ་སོགས། ཤབྡ་ལ་མཆོད་སིལ། བཞི་དྲིལ་ཕྱེད་རྒྱས། ཚངས་པ་འཇིག་རྟེན་སོགས་ཀྱིས་བསྟོད་མཆོད་སིལ། མེ་ལྷའི༷་གཏོར་མར་བྲ༷ན་ཏེ། ༀ་ཨཱཿཔདྨན་སོགས། སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་སོགས། ཧ་ཧོ་ཧྲཱིཿལན་གསུམ། མར་ཁུ༵་སྦྲེང་སྟེ༵། ༀ་ཨཱགྣ་ཡེ། ཨཱ་དཱི་བྱ་སོགས། ཝ་ཧྣ་ཡ་ཨ་ཀཱ་རོ་སོགས་རང་རྒྱ་བཅས་ལ༷ན་གསུམ་གྱིས༷་ཕུལ། སླར་ༀ་བཛྲ་ཨཱརྒྷཾ་པྲ་ཏིཙྪ་སྭཱ་ཧཱ་སོགས་མཆོ༷ད་ཡོན་ཆུང་བ༷་ནས་བཟུང་ཉེར་སྤྱོད་ཆ་ཚང་ཕུལ་མཆོད་སིལ། མེ་སྟེ་བསྲེག་བྱ་སོགས་ཀྱིས་བཞི་དྲིལ་བཅས་བསྟོད་ཅིང་ཕྲིན་ལས་བཅོལ་མཆོད་སིལ། མཆོ༷ད་ཡོན་གྱི་སྣོད༷་ཆེ་བ༷་ཕུལ། ༀ་ཨཱཿཧྲཱིཿཔྲ་ཝ་སོགས་མཐར། ཐལ་སྦྱར་བཅས། གང་ཡང་བདག་བློ་སོགས་ཤོ་ལོ་ཀ་གཅིག་མཐར། ༀ་བཛྲ་ས་ཏྭ་སོགས་དྲིལ་གསིལ་བཅས་ཡིག་བརྒྱ་ལན་གཅིག་དྲིལ་གདབ་གཤེགས་རྒྱ་བཅས་མེ་ལྷའི་གདངས་ཀྱིས། རང་གི་དོན་དང་སོགས། བཛྲ་མུཿསེ་གོལ། ཡེ་ཤེས་པ་སོགས་གྱུར། མེ་ཏོག་བཀྱེ་སྟེ་གཞུང་གི། གང་གི་ཞབས་པད་སོགས་བཞི་དྲིལ་བཅས་ཤིས་བརྗོད་དང་མཆོད་སིལ། ཐལ་སྦྱར་བཅས། ཕན་


KMC001_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

བདེའི་ཡར་ངོའི་སོགས། བསོད་ནམས་འདི་ཡིས་སོགས་ཀྱིས་མཐའ་བརྒྱན་པར་བྱའོ། །སླར་འདུ་ཁང་ནང་ཚོགས་ཏེ་རྗེས་ཆོག་མན་ཆད་མཐའ་དབྱུང་བར་བྱ་ཞིང་། གཞན་ཡང་བཟང་སྤྱོད་སྨོན་ལམ་སོགས་དང་། བདག་གི་དུས་གསུམ་མ༴ སྒར་ཆེན་བཀྲ་ཤིས༴ བདེན་གྲུབ་མ༴ བཀྲ་ཤིས་དཔལ་འབར་སོགས་ཀྱིས་མཐའ་བརྒྱན་ཏེ་མཐར་དགེ་འཕགས་མ་ཡིད་བཞིན་འཁོར་ལོའི་བསྙེན་སྒྲུབ་ཁ་སྐོང་བཅས་ལེགས་པར་གྲུབ་པ་ལགས་ཤིང་། དེ་རྣམས་ནི་ལོ་གསུམ་ཕྱོགས་གསུམ་གྱི་ཉམས་སུ་བླང་བྱ་རྣམས་ཞིབ་གསལ་མཐར་ཆགས་སུ་བཀོད་པའོ།། ༈ །།གཉིས་པ་ལོ་དུས་ཟླ་དུས་ཀྱི་སྒྲུབ་མཆོད་འཕར་མ་ཁག་དང་། བསྙེན་སྒྲུབ་སོ་སོའི་དུས་ཚོད་རེའུ་མིག་བཀོད་པའི་དང་པོར། ལོ་རེའི་ནང་བོད་ཟླ་དང་པོའི་ཚེས་བཅུ་བཞི་ལ། རྗེ་མི་ལ་བཞད་པ་རྡོ་རྗེའི་སྐུ་མཆོད་མི་ལའི་བླ་སྒྲུབ་དང་། མགུར་མཚོ་ལས་མི་ལའི་གསུང་མགུར་སྐོར་ཆ་ཚང་གསུང་། གོང་ཟླའི་ཚེས་བཅོ་ལྔའི་ཉིན་རྗེ་མངའ་བདག་མར་པ་ལོ་ཙཱའི་སྐུ་མཆོད་ལ་མར་པའི་བླ་སྒྲུབ་དང་མགུར་ཚོ་གསུང་། མི་ལའི་གསུང་མགུར་རྣམས་བཞག་པས་ཆོག་བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་བཅུ་བཞི་དང་བཅོ་ལྔར་སྨྱུང་གནས་དཀར་པོ་ཆ་གཅིག་བོད་ཟླ་དྲུག་པའི་ཚེས་བཞིར་ཆོས་འཁོར་དུས་ཆེན་ལ་འཇམ་མགོན་བློ་མཐའི་གསུང་བསྟན་པ་རྒྱས་ཆོག་གོང་ཟླའི་ཚེས་བཅོ་ལྔ་ལ་༧རྗེ་མཉམ་མེད་སྒམ་པོ་པའི་སྐུ་མཆོད་དྭགས་པོའི་བླ་སྒྲུབ་དང་བཀའ་བརྒྱུད་མགུར་ཚོ་གསུང་། བོད་ཟླ་དགུ་པའི་ཚེས་བརྒྱད་ལ་


KMC001_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

༧རྒྱལ་མཆོག་བཅུ་དྲུག་པ་ཆེན་པོའི་སྐུ་མཆོད་༧རྗེ་ཐེག་མཆོག་རྡོ་རྗེའི་བླ་སྒྲུབ། བོད་ཟླ་བཅུ་གཅིག་པའི་ཚེས་གསུམ་ལ་༧རྗེ་དུས་གསུམ་མཁྱེན་པའི་སྐུ་མཆོད། བོད་ཟླ་བཅུ་གཉིས་ནང་ཡེ་ཤེས་ཀྱི་མགོན་པོ་བེར་ཅན་གྱི་བསྙེན་སྒྲུབ་དང་ལས་སྦྱོར་པར་བུ་བཅས། ཟླ་བ་རེའི་ནང་ཡར་ངོ་མར་ངོ་གཉིས་ལ་གསོ་སྦྱོང་། ཚེས་བཅོ་ལྔ་ལ་བཀའ་བརྒྱུད་མགུར་མཚོ། ཚེས་ཉེར་དགུ་ལ་མགོན་སྒྲུབ་དགུ་གསོལ་བཅས་དང་། ཕག་མོའི་བསྙེན་པ་དབུ་ཟིན་ནས་ཉེར་ལྔ་ནམ་ཡིན་ལ་ཕག་མོ་དང་། དེ་མཚུངས་བདེ་མཆོག་དང་རྒྱལ་རྒྱམ་བསྙེན་པ་དབུ་ཟིན་ནས་ཚེས་ ༡༠ བདེ་མཆོག་དང་གནམ་གང་ལ་རྒྱལ་རྒྱམ་བཅས་གསུང་དགོས། ། གཉིས་པ་བསྙེན་པ་སོ་སོའི་དུས་ཚོད་རེའུ་མིག་ནི། བསྙེན་སྒྲུབ་སོ་སོའི་མཚན་གྱི་རྣམ་གྲངས། གསང་ཐིག་ཕུར་པར། ཞག ༧དལ་འབྱོར་རྙེད་དཀའ། ཞག ༧འཆི་བ་མི་རྟག ཞག ༧ལས་རྒྱུ་འབྲས། ཞག ༧འཁོར་བའི་ཉེས་དམིགས། ཞག ༧སྐྱབས་ཕྱག་ལ། ཟླ་བ། ༧ཟླ་བ། ༡མཎྜལ་ལ། ཟླ་བ། ༡བླ་མའི་རྣལ་འབྱོར་ལ། ཟླ་བ། ༡མི་ལའི་བླ་སྒྲུབ་ལ། ཞག ༡༤པཀྴིའི་བླ་སྒྲུབ་ལ། ཞག ༢༡བློ་སྦྱོང་དོན་བདུན་མར། ཟླ་བ། ༡ཞི་གནས་ལ། ཟླ་བ། ༢ལྷག་མཐོང་ལ། ཟླ་བ། ༢ཕག་མོའི་ཕྱི་སྒྲུབ་ལ། ཟླ་བ། ༢ནང་སྒྲུབ་ལ། ཟླ་བ། ༢གསང་སྒྲུབ་ལ། ཟླ་བ། ༡ དང་ཞག ༢༠སྒྲུབ་མཆོད་ལ། ཞག ༧སྦྱིན་སྲེག་ལ། ཞག ༣ཡབ་ཀྱི་ང་རྒྱལ་དུ་འཕོས་ནས་ཡིག་བདུན་ལ། ཞག ༧ནཱ་རོ་ཆོས་དྲུག་ཟླ་བ་


KMC001_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་ལས་ཐོག་མར། དལ་འབྱོར་རྙེད་དཀའ་ལ། ཞག ༡ འཆི་བ་མི་རྟག་པར། ཞག ༡ ལས་རྒྱུ་འབྲས་ལ། ཞག ༡ འཁོར་བའི་ཉེས་དམིགས། ཞག ༡ སྐྱབས་ཕྱག ཞག ༣ ཡིག་བརྒྱ། ཞག ༣ མཎྜལ་ལ། ཞག ༣ བླ་མའི་རྣལ་འབྱོར། ཞག ༣ དངོས་གཞི་གཏུམ་མོ་ལ། སྟོང་རར། རྩ་རླུང་། ཐིག་ལེར། མེ་དམིགས་བཅས་ལ། ཟླ་བ། ༢ སྒྱུ་ལུས་ལ། མ་དག་པ་སྦྱང་བ། དག་པ་སྦྱང་བ། ཐུན་མོང་མ་ཡིན་པ་སྦྱང་བ་བཅས་ལ། ཟླ་བ། ༡ རྨི་ལམ་ལ། བཟུང་བ། སྦྱང་བ། སྤྲུལ་བསྒྱུར་བཅས་ལ། ཟླ་བ། ༡ འོད་གསལ་ལ། སྣང་བཅས། སྣང་མེད། གཉིད་སྲབ་འཐུག་འོད་གསལ་བཅས། ཟླ་བ། ༡ བར་དོ་ལ། དང་པོ་ཆོས་སྐུ་མངོན་དུ་བྱ་བ། སྒྱུ་ལུས་ལྷ་སྐུར་ལྡང་བ། གསུམ་པ་འགྲོ་དྲུག་སྐྱེ་སྒོ་བཀག་པ་བཅས་ལ། ཞག ༧ འཕོ་བ་ལ། སྦྱང་བ་དང་། ལས་ལ་སྦྱོར་བ། ལུས་བཅོས་ཏེ་འཕོ་བ་བཙན་ཐབས་འཕོ་བ་བཅས། ཞག ༧ དཔལ་འཁོར་ལོ་བདེ་མཆོག་ཟླ་བ་གསུམ་ལས། ཕྱི་སྒྲུབ་ལ། ཟླ་བ། ༢ ནང་གསང་སྒྲུབ་པར། ཞག། ༡༥ སྦྱིན་བསྲེག་ལ། ཞག ༡ ཡང་གསང་སྒྲུབ་པར། ཞག ༡༤ མ་རྒྱུད་དགྱེས་པ་རྡོ་རྗེའི་བསྙེན་པར། ཟླ་བ། ༡ དགྱེས་རྡོར་སྒྲུབ་མཆོད་ལ། ཞག ༧ དགྱེས་རྡོར་སྦྱིན་བསྲེག་ལ། ཞག ༡ རྒྱལ་བ་རྒྱ་མཚོར་ཟླ་བ་གསུམ་ལས། ཕྱི་སྒྲུབ་ལ། ཟླ་བ། ༢ ནང་གསང་སྒྲུབ་པར། ཞག ༡༥ སྦྱིན་བསྲེག་ནི་ལ། ཞག ༡ ཡང་གསང་སྒྲུབ་པར། ཞག ༡༤ ཀུན་རིག་བསྙེན་པར། ཟླ་བ། ༡ སྒྲུབ་མཆོད་ལ། ཞག ༣ སྦྱིན་


KMC001_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེག་ལ། ཞག ༡ མི་འཁྲུགས་པར། ཟླ་བ། ༡ སྒྲུབ་མཆོད་ལ། ཞག ༣ མི་འཁྲུགས་པའི་སྦྱིན་སྲེག་ལ། ཞག ༡ འོད་དཔག་བསྙེན་པར། ཞག ༡༩ འཕོ་བ་དང་ཚེ་སྒྲུབ་བཅས་ལ། ཞག ༧ སྒྲུབ་མཆོད་ལ། ཞག ༣ སྦྱིན་བསྲེག་ལ། ཞག ༡ རྡོ་རྗེ་གྲོ་ལོད་ཟླ་བ་གཉིས་ལས། ཕྱི་སྒྲུབ་ཀུན་བཟང་རིགས་ལྔ་དང་བཅས་པར། ཞག ༡༤ ནང་སྒྲུབ་ཡེ་ཤེས་གསང་བར། ཞག ༡༤ གསང་སྒྲུབ་རྡོ་རྗེ་གྲོ་ལོད། ཞག ༡༤ ཡང་གསང་མཁའ་འགྲོ་མནྡཱ་ར་བར། ཞག ༥ གསང་བདག་ལ། ཞག ༣ ཕྲིན་ལས་མགོན་པོ་ཏྲཀྴད ་ལ། ཞག ༥ མཐར་དགེ་ནོར་སྒྲུབ་ཛཾ་སེར་དང་ཚེ་སྒྲུབ་སྦྲགས་མར། ཞག ༥ མགོན་པོའི་བསྙེན་སྒྲུབ་པར་བུ་བཅས་ལོ་རེར་ཟླ་བ་རེ་ཚོགས་པས་བསྡོམས། ཟླ་བ། ༣ གཅོད་ཀྱི་ཚོགས་བརྒྱར། ཟླ་བ། ༡ མཐར་དགེ་སྒྲོལ་དཀར་བསྙེན་པར། ཞག ༢༦ སྒྲུབ་མཆོད་ཉིན་གསུམ། ཞག ༣ སྦྱིན་བསྲེག་ཉིན་གཅིག་བཅས་ཀྱིས་ལེགས་པར་གྲུབ་བོ།། ༈ །།གསུམ་པ་སྤང་བླང་གི་བསླབ་བྱ་མདོར་བསྡུ་སུ་བཀོད་པ་ལ། དེའང་རང་ཅག་རྣམས་འཁོར་བའི་གནས་རིས་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དང་། སྙིང་པོ་མེད་པར་མཐོང་བའི་ངེས་འབྱུང་སྐྱོ་ཤས་ཀྱིས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་རྒྱལ་བསྟན་གྱི་སྒོར་ཞུགས། ལྷག་པར་རྒྱལ་བ་གོང་མ་རྣམས་ཀྱི་རྣམ་ཐར་བཞིན་དབེན་པའི་རི་ཁྲོད་དུ། སེམས་ཅན་དང་བྱང་ཆུབ་ཏུ་དམིགས་པའི་ཐེག་ཆེན་ཐར་བ་དོན་གཉེར་གྱི་བློས་བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་གཤེགས་ཤུལ་གསང་སྔགས་རྡོ་


KMC001_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཐེག་པའི་ཉེ་ལམ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་རྒྱ་མཚོའི་བསྐྱེད་རྫོགས་ཟབ་མོ་ཉམས་བཞེས་དང་འབྲེལ་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པ་ལ་ཞུགས་པའི་དོན་གོ་ནི། རབ་རང་རྒྱུད་ཆོས་ཀྱིས་སྨིན་ནས་གཞན་རྒྱུད་གྲོལ་བར་ནུས་པ། འབྲིང་བསྐྱེད་རྫོགས་ལ་རང་བློ་གཏད་སོ་ཡོད་པ། ཐ་མའང་བློ་ཆོས་དང་འདྲེས་ནས་རང་གཞན་མི་བསླུ་བ་ཞིག་ནི་ངེས་པར་དགོས་པས། དེ་ལ་སྒྲུབ་ཁང་ནང་འདིར་ཡུལ་གཉན་ཅིང་གལ་གནད་ཆེ་ཤོས། བླ་མ་དང་མཆེད་གྲོགས་ཀྱི་དམ་ཚིག་ཡིན་པས་དེ་ཡང་རང་རེ་ལ་སངས་རྒྱས་ཀྱི་མཛད་པ་དངོས་སུ་མཛད་པའི་བླ་མ་དགེ་བའི་བཤེས་གཉེན་ལ། མ་གུས་པ་ཅུང་ཟད་རེ་སྐྱེས་ནའང་ཚེ་འདིར་ན་ཚ་སོགས་འགལ་རྐྱེན་མང་། ཡོན་ཏན་སྣ་རེ་སྐྱེས་ཀྱང་རང་གཞན་གང་ལའང་ཕན་མི་ཐོགས་པ་སོགས་མི་འདོད་པ་ཐམས་ཅད་ཐོག་ཏུ་འབྱུང་ཞིང་། ཕྱི་མ་ལ་ཡང་སྲིད་པའི་སྡུག་བསྔལ་མི་བཟད་པ་དར་དྲག་ལ་ཡུན་རིང་བ་སྐྱེ་བ་དུ་མར་མྱོང་བར་འགྱུར་བ་གསུང་རབས་རྣམས་ལས་ཇི་སྐད་འབྱུང་བ་བཞིན་ལུས་ཀྱིས་བླ་ལ་མ་གུས་པ་སྤངས་ཏེ་གུས་པས་བཀུར་བསྟི་རིམ་གྲོ་གོང་ནས་གོང་དུ་སྤེལ་བ་དང་། ངག་གིས་བླ་མ་ལ་ཀུ་རེ་ཀྱལ་ཀའི་ཕྱིར་དུའང་སྐྱོན་བརྗོད་པ་སོགས་ཉེས་པ་སྤངས་ནས་དུས་དང་གནས་སྐབས་ཀུན་ཏུ་ཡོན་ཏན་དང་སྙན་པ་སྒྲོགས་པ་སོགས་ངག་གིས་གུས་པ་གོང་དུ་སྤེལ། ཡིད་ཀྱིས་བླ་མའི་མཛད་སྤྱོད་ལ་ཐེ་ཚོམ་དང་ལོག་ལྟ་སོགས་སྤངས་ནས་ཡོན་ཏན་དང་སྐུ་དྲིན་ཡང་ནས་ཡང་དུ་བསམ་སྟེ་མོས་གུས་ཚད་མེད་པ་གོང་ནས་གོང་དུ་སྤེལ་བ་སོགས། མདོར་ན། རྗེ་བཙུན་ནཱ་རོ་པ་


KMC001_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྗེ་མི་ལ་སོགས་རང་རེ་བཀའ་བརྒྱུད་རིན་པོ་ཆེའི་ཕྱག་སྲོལ་ལྟར་བློ་སྙིང་བྲང་གསུམ་བླ་མ་ལ་གཏད་དེ་ཅི་མཛད་ལེགས་མཐོང་། ཅི་གསུང་ཚད་འཛིན། མོས་གུས་ཁོ་ན་ལ་ཉམས་ལེན་གྱི་མཐིལ་དུ་བྱེད་དགོས། དེ་མཚུངས་གསང་སྔགས་རྡོ་རྗེ་ཐེག་པའི་བླ་མ་དང་དཀྱིལ་འཁོར་གཅིག་གིས་འབྲེལ་བའི་རྡོ་རྗེ་མཆེད་གྲོགས་རྣམས་ནི། འདི་ནས་བྱང་ཆུབ་སྙིང་པོའི་བར་དུ་མི་འབྲལ་འགྲོགས་ཤིང་ཚོམ་བུ་གཅིག་ཏུ་མངོན་འཚང་རྒྱ་བའི་གཡར་དམ་བཅས་ཤིང་། རྡོ་རྗེའི་མཆེད་ལྕམ་གྱི་དམ་ཚིག་ཤིན་ཏུ་གཉན་པ་ཡིན་པས་དེ་ཡང་ཐོག་མ་ནས་མཆེད་གྲོགས་ཕན་ཚུན་གཅིག་གི་ནང་དུ་གཅིག་འགྲོ་བ་དང་། ཟས་བཟའ་རེས་སོགས་ཧ་ཅང་མཛའ་ཆེ་བར་མི་བྱ་མཐའ་མ་འཁོན་པའི་རྒྱུ་རུ་འགྲོ། རྩེད་མོ་ཁ་མཚར་མི་བྱ་རྩེ་སྣ་བྱུར་གྱིས་ཁྲིད་པ་ཡིན། ཕྱོགས་རིས་ཆགས་སྡང་མི་གླིང་དོན་མེད་ཀྱི་རྣམ་རྟོག་དང་ཉོན་མོངས་འཕེལ་བ་ཡིན་། ངན་པའི་དོན་ལ་གཅིག་རྒྱབ་གཉིས་འདུག་མི་བྱ་གྲོགས་ངན་གྱི་བྱུར་ཆག་དོན་མེད་ལ་འགོ་བ་ཡིན། གཞན་གྱི་སྐྱོན་ལ་མི་རྟོག་པར་ཐམས་ཅད་ལ་དག་སྣང་གོང་དུ་བཀུར། གཞན་ཟེར་གྱི་རྗེས་སུ་མི་འབྲང་བར་རང་ཚུགས་རང་གིས་བཟུང་། རང་སྐྱོན་རང་གིས་རྟོག་རང་མགོ་རང་གིས་མ་བསྐོར་ཞིང་། མདོར་ན་བླ་མ་དང་མཆེད་གྲོགས་ཀྱི་བཀའ་དང་དགོངས་པ་བསྟུན་པའི་དད་མོས་དག་སྣང་ལྟེམ་ཀྱང་མེད་པས་རང་རྒྱུད་དམ་ཚིག་རྣམ་པར་དག་ཅིང་འདི་ཕྱི་གཉིས་དགེས་མིས་སྨོན་རང་སྐྱིད་ཡོང་བ་ཞིག་ངེས་པར་དགོས། གཞན་ཡང་ཉིན་རེའི་ཐུན་བཞི་དང་། སྔ་དགོང་གི་ཚོགས་པ། དུས་མཆོད་


KMC001_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཁག་སོགས་ལ་སྒྲུབ་དཔོན་བླ་མ་དང་དབུ་མཛད་སོགས་ཀྱིས་སྤྱིའི་ལས་དོན་གལ་ཆེ་བཀོད་མངགས་བྱས་པ་མ་གཏོགས་སྒེར་གྱི་ལས་ཀ་བྱེད་རྒྱུ་མང་པོ་དང་། ཡང་རང་བཞིན་ལེ་ལོའི་དབང་གིས་ལས་དོན་ཕྲན་ཚེགས་ལ་བསྙད་དེ་ཚོགས་དང་ཐུན་སོགས་དགོངས་ཞུ་ཡིན་ཁུལ་གྱིས་བསྡད་ན་དེའི་ངན་ལོབ་ཀྱིས་རྟག་ཏུ་དེ་ལྟ་བུས་སྒྲུབ་ཁང་ནང་གི་བསྒྲུབ་བྱའི་ཉམས་ལེན་དང་དགེ་སྦྱོར་སོགས་ལ་འཐུས་ཤོར་དུས་ཚོད་སྟོང་ཟད་དུ་འགྲོ་བས་དེ་ལྟར་ན་ཡིན་པར་ཐོག་མ་ཉིད་ནས་རང་གི་ཞེ་བཅད་དང་བརྩོན་འགྲུས་ཀྱིས་ཚོགས་དང་ཐུན་སོགས་མ་ཆད་པ་བྱུང་ན་རིམ་བཞིན་བཟང་གོམས་ཀྱིས་དེ་དག་ལ་འཐུས་ཤོར་དང་དཀའ་ངལ་མེད་པར་བསྒྲུབ་བྱའི་ཉམས་ལེན་དང་དགེ་སྦྱོར་ཚགས་སུ་ཚུད་དེ་རང་རྒྱུད་ཆོས་དང་ཡོན་ཏན་གྱི་འབྲས་བུས་ཕྱུག་པར་འགྱུར། སྒྲུབ་ཁང་ཕྱི་ནས་ཕ་མ་སྤུན་ཉེ་སོགས་གཏུགས་འབྲེལ་ཤིན་ཏུ་གལ་ཆེ་རྣམས་ཐེངས་རེ་ཙམ་སྒོ་ཕྱི་ནས་འབྲེལ་གཏུགས་ཙམ་ལས་དོན་ཡོད་མེད་ཚང་མར་རྒྱུན་དུ་གཏུགས་འབྲེལ་མང་པོ་མི་བྱ། དེས་རང་གིས་དགེ་སྦྱོར་ལ་འཐུས་ཤོར་དང་མཚམས་ཀྱི་སྐབས་འདིར་གྲིབ་དང་བར་ཆད་ཀྱང་སྡང་། མདོར་ན་སྒྲུབ་པ་ལ་ཞུགས་ནས་བཟུང་དུས་དང་གནས་སྐབས་ཐམས་ཅད་དུ། སྒོ་གསུམ་བག་མེད་བཏང་སྙོམས་ལུང་མ་བསྟན་དུ་སྐད་ཅིག་ཀྱང་མི་གཏོང་བར་རང་གིས་རང་ལ་ལེགས་ཉེས་བསམ་གཞིག་བརྟག་དཔྱད་ནན་ཏན་གྱིས་རང་གཞན་ལ་གནོད་ཅིང་ཆོས་དང་མི་་མཐུན་པའི་བསམ་སྦྱོར་ཐམས་ཅད་སྤང་། ཆོས་དང་མཐུན་ཞིང་འཕྲལ་ཡུན་དགེ་བའི་གནས་ལ་སློབ་པ་སོགས་རང་མགོ་


KMC001_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

རང་གིས་འདོན། རང་དྲིན་རང་ལ་ཆེ་བ་ཞིག་དང་། མཐར་སྒྲུབ་པ་གྲོལ་ཟིན་ནས་ཀྱང་རང་རྒྱུད་ཐོས་བསམ་སྒོམ་གསུམ་གྱིས་སྨིན་ཅིང་གྲོལ་ཏེ་གཞན་དོན་བསྟན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེ་འགྲུབ་ཐུབ་པ་བླ་མ་ཞེས་པའི་མཚན་དང་དོན་མཐུན་པ་ཞིག་ངེས་པར་དགོས་སོ།། ༈ །།རྩ་བའི་གསུམ་པ་རྗེས་མཐའ་མར་དགེ་བ་སྒྲུབ་པ་གྲོལ་བའི་ཚུལ་ལ། ཟླ་བ་ཡར་ངོའི་དུས་གཟའ་སྐར་སྦྱོར་བ་སོགས་དགེ་བར་སྔ་བར་ཚོགས་ཏེ། ལོ་གྱོན་མའི་གཟུངས༴ རྣམ་འཇོམས་རྣམ་རྒྱལ༴ ཚིག་བདུན་གསོལ་འདེབས། ཐུབ་བསྟོད། སྐུ་བསྟོད་མཐར། སྒར་བསངས་ཡིད་བཞིན་དབང་རྒྱལ་མཐར་ཆགས་སུ་བཏང་སྟེ་བསངས་ཆེན་འགོར་ཚོགས་ཐེངས་གྲོལ། དེ་ནས་རྒྱལ་ཐོའི་སར་མཆོད་པ་སོགས་བཤམས་ལ། ཆ་གསུམ། གཞི་བདག་དཀར་གཏོར། རྒྱལ་ཆེན་ཐོ་གསོ་མཐར། གཤེགས་གསོལ་དང་ཤིས་བརྗོད། མཐའ་རྟེན་སོགས་རྒྱས་སྤེལ་ཏེ་ཤིང་བྱང་བསྡུའོ། །ཡར་ཚོགས་ནས་བསངས་ཆེན་རོལ་མོ་དང་བསྟུན་ཐོག་སྟེང་ནས་ཁ་འབུད་བཀྲ་ཤིས་དགུ་བརྩེགས་བཏང་དགོས། ཆོ་ག་བསངས་ཆེན་ནས་མཐར་ཆགས་སུ་བཏང་སྟེ་སྔ་དྲོར་མཐའ་དབྱུང་ཞིང་མཐའ་རྒྱས་སུ་སྤེལ་བར་བྱའོ། །གོང་གསལ་རྒྱལ་ཐོ་བསྡུ་གྲུབ་རྗེས། ཕྱི་ལོགས་ནས་མཆོད་མཇལ་དང་ཕན་ཚུན་གཏུགས་ཕྲད་སོགས་ཆོག་ཕྱི་ཉིན་སྔ་དྲོར་༧རྒྱལ་དབང་རིན་པོ་ཆེའི་དབུས་ཡབ་སྲས་རྣམ་པར་མཇལ་ཞུ་དང་འབྲེལ་ལྷ་ཁང་ཁག་ལ་མཆོད་མཇལ་སོགས་གནང་སྟེ། ཕྱི་དྲོ་ཡར་ཕེབས་ནས་ཐུགས་དམ་གཏོར་བསྔོ་གསུང་གསུང་དགོས། ཚུལ་དེ་ལྟ་


KMC001_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བུས་ཞག་ཤས་རིང་གནས་སྲུང་གིས་སྒྲུབ་ཁང་དུ་བཞུགས་ཏེ་ཐག་རིང་དུ་མི་འགྲོ་བ་སོགས་སྤང་བླང་གི་གནད་མཚམས་ཀྱི་བྱ་བ་སྤྱི་ལྟར་བགྱིས་པས་ལེགས་པར་གྲུབ་བོ། དེ་ལྟར་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཕྱག་བཞེས་ལོ་གསུམ་ཕྱོགས་གསུམ་གྱི་སྒྲུབ་པ་རྣམས་ཀྱིས་ཉམས་སུ་བླང་བྱའི་རིམ་པ་གསལ་བར་བཀོད་པའི་ཟིན་དེབ་འདི་ཉིད་༧རྒྱལ་བའི་དབང་པོ་དཔལ་ཀརྨ་པ་ཞེས་ས་གསུམ་ན་སྙན་པ་གྲགས་པའི་བདག་ཉིད་ཆེན་པོ་༧རྒྱལ་མཆོག་བཅུ་དྲུག་པ་གང་གིས་རྒྱལ་བསྟན་སླར་གསོའི་ཐུགས་བསྐྱེད་མཛད་ཕྲིན་བླ་ན་མེད་པའི་ནང་ཚན་གདན་ས་ཆེན་པོ་འདི་ཉིད་དུ་བཤད་སྒྲུབ་ཀྱི་སྡེ་གསར་དུ་འཛུག་པར་མཛད་པའི་སྐབས། སྒྲུབ་པ་རྣམས་ཀྱི་ལོ་གསུམ་ཕྱོགས་གསུམ་གྱི་རིང་ཉམས་སུ་བླངས་བྱ་རྣམས་༧རྒྱལ་དབང་མཆོག་ནས་གསར་དུ་གཏན་འབེབས་མཛད་པ་གཞིར་བཞག་དེ་དག་གི་ཕྱག་ལེན་མཐོང་བརྒྱུད་ཇི་བཞིན་མི་འཆུགས་པ་དང་། སྦྱངས་པ་ཆུང་བའི་བློ་དམན་དག་ལའང་ཕན་པར་འགྱུར་བའི་ཕྱིར་འདི་ལྟ་བུའི་ཟིན་དེབ་བྱོས་ཞེས་བཀའ་བཟང་གསེར་གྱི་མེ་ཏོག་སྤྱི་བོར་ལྷུང་བར་བརྟེན། གཙོ་བོ་བླ་མའི་ཞལ་ཁྲིད་དང་། མཐོང་རྒྱུད་ཕྱག་ལེན། སྔོན་གྱི་ཟིན་དེབ་རྙིང་པ་སོགས་ལས་ཀྱང་བཏུས་ཤིང་གསལ་བར་བཀོད་པ་པོ། སྒྲུབ་སྡེ་འདི་ཉིད་ཀྱི་༧སྒྲུབ་དཔོན་བླ་མའི་མིང་འཛིན་འབོ་དཀར་༧སྤྲུལ་སྐུ་ཀརྨ་ངེས་དོན་ཆོས་ཀྱི་བློ་གྲོས་དང་། ཡི་གེའི་དཀའ་བ་ཁུར་དུ་ལེན་པོ་རང་སློབ་བློ་གསལ་བླ་མ་ཀརྨ་ཤེས་རབ་རྒྱལ་མཚན་གྱིས་བགྱིས་ཏེ། འོག་མིན་ཀརྨའི་གདན་ས་རུམ་བཏེག་བཤད་སྒྲུབ་ཆོས་འཁོར་གླིང་གི་སྒྲུབ་སྡེ་


KMC001_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་འོང་བསམ་གཏན་གླིང་དུ་ཕྱིལོ་༡༩༨༢་རབ་བྱུང་བཅུ་དྲུག་པའི་ནང་ཚན་རྔ་ཆེན་ཞེས་པ་འབྱུང་བ་བཞི་ལྡན་ཆུ་ཕོ་ཁྱི་ཡི་ལོ་ནག་པ་ཟླ་བའི་ཚེས་དཀར་ཕྱོགས་ཀྱི་དགའ་བ་གསུམ་པར་ལེགས་པར་གྲུབ་པ་བགྱིས་པའོ། །སླར་སྨས་པ། སྔོན ་བྱོན་དམ་པའི་མན་ངག་ཞལ་ཤེས་རྒྱུན། །ཡི་གེར་བཀོད་པས་གསང་བ་བསྒྲགས་པ་དང་། །འགལ་འཁྲུལ་ནོངས་པར་གྱུར་པ་གང་ལགས་པ། །བླ་མ་རྩ་གསུམ་ལྷ་ཡི་སྤྱན་སྔར་གཤེགས། །དེ་ལས་བྱུང་བས་དགེ་བ་ཡིས། །འགྲོ་ཀུན་རྡོ་རྗེ་བཞི་ཡི་རིགས། །སད་དེ་སྐུ་བཞིའི་རྒྱལ་ཐབས་ཆེ། །རྡོ་རྗེ་འཆང་དབང་མྱུར་འགྲུབ་ཤོག། །།དགེའོ། དགེའོ། མངྒ་ལཾ།། ཅེས་ཟིན་དེབ་འདི་ཉིད་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་རིང་ལུགས་འཛིན་པའི་སྒྲུབ་སྡེ་ཁག་ལ་ཕན་པའི་བློས། རབ་བྱུང་བཅུ་བདུན་པའི་མེ་བྱི་ཕྱི་ལོ་༡༩༩༦ལོར་རང་གནས་མི་རིགས་འབོ་དཀར་ངེས་དོན་ཆོས་འཁོར་གླིང་དུ་མ་ཕྱི་ཞུས་དག་ངེས་འདྲོང་དང་བཅས་འབོ་དཀར་སྤྲུལ་མིང་ཀརྨ་ངེས་དོན་ཆོས་ཀྱི་བློ་གྲོས་ཀྱིས་པར་བསྐྲུན་ཞུས་པའོ།། ༈ །། མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་


KMC001_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousསྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ལོ་གསུམ་ཕྱོགས་གསུམ་སྒྲུབ་ལ་གཞོལ་བ་རྣམས་ཀྱི་ཉམས་སུ་ལེན་བྱའི་རིམ་པ་གསལ་བར་བཀོད་པ་རྣལ་འབྱོར་ལམ་གྱི་སྒྲོན་མེ།next