Nitartha Digital Library
Tibetan
 
previousགཏོར་འབུལnext

གཏོར་འབུལ


KMC015_Page_0003
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གཏོར་འབུལ་བྱ་བ་ནི། གཏོར་མ་ནང་མཆོད་ལྟར་བྱིན་རླབས་བྱས་ལ། ཕེཾ། གཏོར་མགྲོན་ཕྱོགས་བཅུའི་སོགས་དང་ཨིནྡྲ་ས་པ་རི་ཝཱ་ར་སོགས་ཀྱི་སྔགས་དོན་གོང་ལྟར་ལ། ཉེར་སྤྱོད་ལྔས་མཆོད་ལ་ཐལ་མོ་པད་ཀོར་དང་བཅས་ཏེ། མཁའ་འགྲོ་དྲྭ་བ་སྟེ་ཕྱི་རུ་ཡུལ་ཉེར་བཞིའི་མཁའ་འགྲོ་དང་། ནང་དུ་རྩ་ཉེར་བཞིར་གནས་པའི་མཁའ་འགྲོ་མ་རྣམས་ལ། དོན་དམ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་ཡེ་ཤེས་མཆོག་སྩོལ་བར་མཛད་པའི་བཅོམ་ལྡན་དཔའ་བོའི་དབང་པོ་ཞེས་ཆེད་དུ་བརྗོད་པ་སྔོན་དུ་བཏང་སྟེ། ས་མ་ཡ་སྟྭཾ་ནི་དམ་ཚིག་ལ་ཁྱོད་བཞུགས་ཤིག །ས་མ་ཡ་ནི་དམ་ཚིག །ཧོཿནི་ངོ་མཚར་ཆེ་བའི་དོན་ཏེ་ལན་གསུམ་དུ་བརྗོད་པར་བྱ་ཞིང་། དེ་ནས་ལག་པ་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པ་ནི། ལག་གཉིས་བཀན་ཏེ་ལག་ གཡོན་པའི་མཐིལ་དུ next hit་ཨཱ་ལི་བཅུ་དྲུག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་དཀར་པོས་མཚན་པ་དང་། གཡས་པའི་མཐིལ་དུ་ཀཱ་ལི་སོ་བཞི་ཡོངས་སུ་གྱུར་པ་


KMC015_Page_0004
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་དམར་པོས་མཚན་པར་བསམས་ལ། ༀ་ཨཱ་ནྱོ྅ནྱ་ཕན་ཚུན། ཨ་ནུ་ག་ཏ་རྗེས་སུ་འགྲོ་བ། སརྦ་དྷརྨཱ ཿཆོས་ཐམས་ཅད། པ་ར་སྤ་ར་ཕན་ཚུན་མཆོག་ཏུ། ཨ་ནུ་པྲ་བིཥྚ་རྗེས་སུ་རབ་ཏུ་ཞུགས། ཨཱདྱནྟ་ཡང་དག་པའི་མཐའ། ཨ་ནུ་པྲ་བིཥྚ་གོང་བཞིན། སརྦ་དྷརྨཱཿཡང་སྔར་དང་འདྲ་ལ། དེ་ནས་རྡོ་རྗེ་གསུམ་གྱི་ངོ་བོ་ༀ་ཨཱཿཧཱུྃ་ཞེས་བརྗོད་པས་ལག་མཐིལ་གྱི་ཉི་ཟླ་ས་བོན་ཧཱུྃ་དང་བཅས་པ་ཡོངས་སུ་གྱུར་པ་ལས་ལག་གཉིས་རྡོ་རྗེའི་རང་བཞིན་དུ་གྱུར་པའི་རྡོ་རྗེའི་ཐལ་མོ་སྦྱར་བས་གཏོར་མ་བཏེགས་པར་བསམས་ཏེ་བདེན་ཚིག་བརྗོད་པ་ནི། ཐོག་མར་ལྷ་མོ་ཚད་མ་སྟེ་དང་པོར་བཅོམ་ལྡན་རྡོ་རྗེ་ཕག་མོ་ཞེས་སུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་རྡོ་རྗེའི་ལུང་རིགས་བསྔགས་པའི་ཕྱིར་དང་། གཉིས་པ་ལྷ་མོ་དེའི་དམ་ཚིག་ཀྱང་ཚད་མ་སྟེ་སངས་རྒྱས་རྣམས་ཀྱིས་རྗེས་སུ་བསྟན་པའི་དམ་ཚིག་གི་བཅས་པ་ལས་མི་འདའ་བའི་ཕྱིར་དང་། གསུམ་པ་ལྷ་མོ་དེས་གསུངས་པའི་ཚིག་ཀྱང་མཆོག་ཏུ་ཚད་མ་


KMC015_Page_0005
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཡང་དག་པར་གསུང་པའི་སངས་རྒྱས་ཀྱི་བཀའ་དང་མཚུངས་པའི་ཕྱིར་རོ། །དེ་ལྟར་ཚད་མ་གསུམ་དང་ལྡན་པའི་བདེན་པ་མཆོག་དེ་ཡིས། དེང་འདིར་ཡང་ལྷ་མོ་མཆོག་གང་གིས་ནི་བདག་ཅག་ལ་རྗེས་སུ་བརྩེ་བས་འཛིན་པའི་རྒྱུར་གྱུར་ཅིག །ཅེས་སོ། དེ་ནས་གཏོར་མགྲོན་རྣམས་ཀྱི་ལྗགས་ཧཱུྃ་ཡིག་དཀར་པོ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པའི་རྣམ་པའི་སྦུབས་ནས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམས་ལ། ༀ་ནི་སྔགས་ཀྱི་མགོ་འདྲེན། ཨཱ་རཱལླི་ཧོཿཐོགས་པ་མེད་པར་རོལ་ཅིག །ཛཿཧཱུྃ་བཾ་ཧོཿནི་དམ་ཚིག་གི་ཕྱག་རྒྱ་བཞིས་བཅིངས་པ། བཛྲ་ཌཱ་ཀི་ནཱི་རྡོ་རྗེ་མཁའ་འགྲོ་མ། ས་མ་ཡ་སྟྭཾ་དམ་ཚིག་ལ་ཁྱོད། དྲྀ་ཤྱ་ཧོཿ གཟིགས་ཤིག་ཅེས་པའོ། སླར་ཡང་ཉེར་སྤྱོད་ལྔས་མཆོད་ལ། བསྟོད་པའི་པའི་གོ་དོན་འབྲུ་འབྲེལ་ཙམ་བཀྲལ་ན། བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ་དཔལ་དཔའ་བོ་ཆེན་པོ་ཉིད་ནི། རང་བྱུང་གདོད་ནས་རྣམ་པར་དག་པའི་འཕོ་མེད་བདེ་ཆེན་རྡོ་རྗེའི་ཡེ་ཤེས་མངོན་དུ་གྱུར་པས་ན་སྲིད་ཞི་ཀུན་གྱི་


KMC015_Page_0006
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་དམ་པར་གྱུར་པ་ཡབ་ཧེ་རུ་ཀ་དཔལ་ཉིད་དང་། ཟག་མེད་ཆོས་སྐུའི་དབྱིངས་ལ་ཐ་མལ་ཆགས་པའི་འཛིན་རྟོག་མི་མངའ་ཡང་། རྗེས་ཐོབ་ཀྱི་ཆགས་པའི་རྣམ་པ་ཆགས་པ་ཆེ་བའི་ཚུལ་ལྟར་སྟོན་པ་རྣམས་ཀྱི་དབང་ཕྱུག་ཡུམ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་དེ་ལ་འདུད་དོ། དེ་ཡང་སྲིད་དང་ཞི་བ་ཐམས་ཅད་ཆོས་ཉིད་ཀྱི་ཀློང་དུ་རོ་གཅིག་ཏུ་མཉམ་པར་གྱུར་ཅིང་། ཆགས་མེད་ཆགས་པ་ཆེན་པོའི་རྣམ་པས་ཐ་མལ་པའི་ཆགས་པ་ཐམས་ཅད་བཅོམ་ཞིང་། གཟུང་འཛིན་ཀུན་ཏུ་རྟོག་པའི་འཆིང་བ་མཐའ་དག་རྩད་ནས་འཇོམས་པར་མཛད་པ་ཁྱོད་ཀྱིས་ཕྱི་ནང་གི་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སྒྲིབ་མེད་ནམ་མཁའ་དང་མཉམ་པའི་བདག་ཉིད་ཆེན་པོའི་ཡེ་ཤེས་ཀྱི་སྤྱན་གྱིས་རྟག་ཏུ་གཟིགས་པར་ལྡན་པ་དང་། མགོན་པོ་མཆོག་གི་ཚད་མེད་ཐུགས་རྗེའི་ཆུ་ཡི་ལྕིད་ཀྱིས་འགྲོ་ཁམས་དགེ་བའི་ཞིང་ས་བརླན་པར་གྱུར་པའི་བྱང་ཆུབ་སེམས་ཀྱི་ཐུགས་རྗེ་ཡེ་ཤེས་ཀྱི་ཆུས་དེང་འདིར་བདག་ལའང་དེ་ལྟར་དུ་རྒྱུད་ཡོངས་སུ་སྨིན་པར་


KMC015_Page_0007
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་ཅིག །དེ་བཞིན་དུ་ལྷ་མོ་རྣམས་ཀྱིས་ཀྱང་ཤིན་ཏུ་རྗེས་སུ་བརྩེ་བར་མཛད་དུ་གསོལ། ཞེས་གསོལ་གདབ་ལ། དུར་ཁྲོད་བརྒྱད་ཀྱི་ཕྱོགས་སྐྱོང་ལ་སོགས་པ་རྣམས་ལའང་ཕྱོགས་མཚམས་ཀྱི་རིམ་པས་ༀ་ཁ་ཁ་ཁཱ་ཧི་སོགས་ཀྱིས་གཏོར་མ་དབུལ། ལྷ་ཀླུ་གནོད་སྦྱིན་སོགས་ཀྱིས་ཕྲིན་ལས་བཅོལ་ལོ། ༈ །ཡི་དམ་གྱི་ལྷ་འདི་ཉིད་ལོངས་སྐུ་ཧེ་རུ་ཀ་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་བསྡུས་པ་དང་། སྤྲུལ་སྐུ་ས་གསུམ་གྱི་མཁའ་འགྲོ་མ་ཐབས་ཤེས་ཟུང་འབྲེལ་དྲྭ་བ་ཐམས་ཅད་སྡོམ་པ་བདེ་བ་མཆོག་བརྟན་གཡོ་ཀུན་ལ་ཁྱབ་པར་བཞུགས་པ་ནི་རིགས་ཐམས་ཅད་ཀྱི་ཁྱབ་བདག་ཡིན། བདུད་བཞི་བཅོམ་ཞིང་སྐལ་པ་དྲུག་དང་ལྡན། ༈ ལྷ་དང་བཅས་པའི་འཇིག་རྟེན་ན་འབྱུང་བར་དཀོན་པའི་མཆོག་རིན་ཆེན་གསུམ། དཔལ་ནི་སྲིད་དང་ཞི་བའི་དཔལ། འཁོར་ལོ་ནི་དཀྱིལ་འཁོར། བདེ་མཆོག་ནི་ཟག་པ་མེད་པའི་བདེ་བ་མཆོག་དང་ལྡན་པའི་ཧེ་རུ་ཀའོ། ༈ །བདུད་རྩི་བྱིན་རླབས། རྒྱུ་མིང་འབྲས་བུ་ལ་


KMC015_Page_0008
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་ཞེས་པ་དེ་གོང་འོག་ནོར་འདུག་པས། ས་བོན་ལྔ་དེས་བདུད་རྩི་ལྔ་པོ་ཡེ་ཤེས་ལྔར་སྦར་བར་བྱེད་པའི་ཕྱིར་ན་འབྲས་མིང་རྒྱུ་ལ་བཏགས་ཏེ། ཞེས་དགོས། ༈ ཡང་ལྷ་བསྐྱེད་དབུར། དེའི་སྟེང་དུ་ཡཾ་ལས་རླུང་ཞེས་པ་དེ་ནོར་བས། དེའི་ནང་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ཡི་དབྱིབས་ཞེས་དགོས། ༈ མཆོད་པའི་ནང་སྒྲ་ལ་ཟིན་དང་མ་ཟིན་སོགས་ཀྱི་སྐབས་ནོར་འདུག་པས། སྒྲ་ལ་ཟིན་དང་མ་ཟིན་དང་། ལུང་དུ་སྟོན་དང་མི་སྟོན་དང་། ཡིད་འོང་མི་འོང་དབྱིབས་བརྒྱད། ཅེས་པ་ལྟར། ཟིན་པ་སེམས་ལྡན་གྱི་སྒྲ་དང་། མ་ཟིན་པ་འབྱུང་བའི་སྒྲ་དང་གཉིས། དེ་གཉིས་ཀ་ལའང་ལུང་དུ་སྟོན་པ་དོན་གོ་བྱ་ཡོད་པ་དང་། མི་སྟོན་པ་དོན་གོ་བྱ་མེད་པ་དང་། སྙན་མི་སྙན་གནིས་དང་བརྒྱད་དེ། དང་པོ་ཟིན་པ་ལ་ལུང་སྟོན་པ་ཆོས་བཤད་པ་ལྟ་བུ། མི་སྟོན་པ་དུ་བ་ལྟ་བུ། སྙན་པ་གླུ་ལེན་པ་ལྟ་བུ། མི་སྙན་པ་བསྡིག་བརྡུང་བྱེད་པ་ལྟ་བུ་དང་བརྒྱད། དེ་བཞིན་མ་ཟིན་པ་ལའང་། སྤྲུལ་པས་ཆོས་སྟོན་པ་ལྟ་བུ་ལུང་དུ་སྟོན་པ། མི་སྟོན་


KMC015_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

པ་དེ་དུ་བ་ལྟ་བུ། སྙན་པའི་སྒྲ་རླུང་གིས་བསྐྱོད་པའི་དྲིལ་སྒྲ་ལྟ་བུ། མི་སྙན་པ་བྲག་རལ་བ་ལྟ་བུ་དང་བརྒྱད་ཡོད་པ་ལས་སོགས་འཆོས་ཐབས་ཞུ།། ༈ ཡང་རྩ་བསྐྱེད་སྐབས། གཡས་སུ་རོ་མ་དམར་མོ། previous hit གཡོནདུ next hit་རྐྱང་མ་དཀར་པོ་ཞེས་བཅོས་ཐབས་ཞུ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousགཏོར་འབུལnext