Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།

2 occurrences of མགོན་པོ་བྱང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
 
གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ལས་འགྱེད་སྲིད་གསུམ་རླག་བྱེད།
  
  
  
  
  
  
  
  
  
  
  
  
  
  
  


2 occurrences of མགོན་པོ་བྱང་
[Clear Hits]

 
previousགུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ལས་འགྱེད་སྲིད་གསུམ་རླག་བྱེད།next

གུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ལས་འགྱེད་སྲིད་གསུམ་རླག་བྱེད།


KMC020_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་རྡོ་རྗེ་གྲོ་ལོད་ལས༔ ལས་འགྱེད་སྲིད་གསུམ་རླག་བྱེད་བཞུགས༔


KMC020_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

༼ཀ༽ ཤྲཱི་མ་ཧཱ་གུ་རུ་པདྨ་བཛྲ་ན་མ༔ ཡང་གསང་ཆོས་སྐྱོང་དུག་གི་སྤུ་གྲིའི་ལས་མཐའ༔ ལས་འགྱེད་སྲིད་གསུམ་རླག་བྱེད༔ གདུག་པ་མེའི་སྤུ་གྲི༔ བསྟན་དགྲ་གསོན་པའི་ཤན་པ༔ ལས་མགོན་ཏྲཀྴད་ནག་པོ༔ ལས་ལ་འགྱེད་པའི་ཐབས༔ ནང་པ་སངས་རྒྱས་པའི་སྐད་དུ༔ མདོས་ཟོར་དགྲ་ལ་འགྱེད་པའི་ཐབས་མིང་དུ་བཏགས༔ ཞང་ཞུང་བོན་གྱི་སྐད་དུ༔ གཏོ་ནག་མཚན་མའི་དགྲ་ལ་འབེབས་པ་མིང་དུ་བཏགས༔ ཕྱི་པ་དང་ནང་པའི་སྐད་དུ༔ ཡས་ལམ་འགྱེད་པ་མིང་དུ་བཏགས༔ གསང་སྔགས་རྙིང་མའི་ལྟ་བ་ཡས་ཟོར་སྲིད་གསུམ་རླག་བྱེད་མིང་དུ་བཏགས༔ དེ་ལྟ་བུའི་བསྒྲུབ་ཆེན་འདི་ལ་གོང་དུ་བསྙེན་བརྟགས་ཐོན་པ་གལ་ཆེའོ༔ རྒྱུན་དུ་གཏོར་མ་ལ་


KMC020_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་པ་གལ་ཆེའོ༔ དུས་སུ་བསྐང་བ་ལ་བརྩོན་པ་གལ་ཆེའོ༔ ༼ཁ༽ ༔གཞི་དཀོན་མཆོག་དང་བསྟན་པའི་དོན་ལ་སེམས་པ་གནད་ཡིན་ནོ༔ ལམ་བསྐྱེད་རྫོགས་ལ་རང་དབང་ཐོབ་པ་གནད་ཡིན་ནོ༔ འབྲས་བུ་ཐེ་ཚོམ་དང་སོམ་ཉི་མེད་དེ་བླ་མ་དང་ཆོས་སྐྱོང་ལ་ཡིད་ཆེས་པ་གནད་ཡིན་ནོ༔ ༼ཁ༽ ༔འདི་ལ་དོན་རྣམ་པ་ལྔས་བསྟན་ཏེ༔ བསྒྲུབ་པའི་གསང་རྫས་བཅའ་ཐབས་ནི༔ རི་བོ་བྱང་དུ་ཁ་བསྟན་པའི་རི་སྣར་མི་བསད་པའི་ཕུང་ཤུལ་གྱི་ས་ལ་རི་རབ་བང་རིམ་བཞི་བརྩེགས་དེའི་སྟེང་དུ༔ རྡོ་རྗེ་གྲོ་ལོད་ཀྱི་བཤོས་བུ་ཟུར་གསུམ་དམར་ནག་ཆེ་ལེགས༔ དེའི་སྟེང་དུ་དར་ནག་གི་རྒྱལ་མཚན་ཆེ་རིང་སྦོམ་རྔམ་ལྷུན་ཆགས་པ༔ ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ་རྭ་གདེངས་པ་རྣོ་བའི་ཏོག་དང་


KMC020_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ༔ གཏོར་མའི་མདུན་དུ་བདུད་མགོན་ཏྲཀྴད་རྟ་ནག་ལ་ཞོན་པ༔ རུ་དར་བདུད་ཞགས་དགྲ་སྟྭ་ཐོགས་པ༔ གཏོར་མའི་མདུན་རྒྱབ་གཡས་གཡོན་དུ༔ མ་མོ་སྨུག༔ གཤིན་རྗེ་མོ་སེར༔ ཀླུ་བདུད་མོ་སྔོ༔ བཙན་མོ་དམར༔ དུང་སྐྱོང་མ་ནག༔ བདུད་པོ་བརྒྱད་ནི་མི་ནག་རྟ་ནག་ཅན༔ དེའི་འོག་བང་རིམ་དང་པོ་ལ༔ ཟུར་གསུམ་དམར་ནག་བཅུ་དྲུག་ལ༔ རུ་དར་དམར་ནག་བཅུ་དྲུག་བཙུགས་པ་བཞག༔ དེ་འོག་བང་རིམ་གཉིས་པ་ལ་གཏོར་ཟོར་བཅུ་གསུམ༔ བྱ་ནག་དགྲ་སྙིང་ཟ་བ་བཅུ་གསུམ༔ ནམ་མཁའ་ནག་པོ་བཅུ་གསུམ༔ བདུད་ཞགས་བཅུ་གསུམ༔ དེ་འོག་བང་རིམ་གསུམ་པ་ལ་ཁྲག་ཀོང་བཅུ་གསུམ༔ མདའ་བཀྲ་བཅུ་གསུམ༔ ཁྱི་ནག་དགྲ་སྙིང་ཟ་བ་བཅུ་གསུམ༔ རྟ་ནག་བཅུ་གསུམ༔ རོ་ལངས་ཁྲོས་པ་བཅུ་གསུམ༔ དེ་འོག་བང་རིམ་བཞི་པ་ལ༔ ཤོ་རྡིལ་བཅུ་གསུམ༔ ཁྲམ་ཤིང་བཅུ་གསུམ༔ ནད་རྐྱལ་བཅུ་གསུམ༔ ཀོང་ཟོར་བཅུ་གསུམ༔ མཚམས་སུ་འཕང་བཀྲ་བཅུ་གསུམ༔ བར་བར་དུ་ཤ་ཁྲག་ཟས་སྣ་ཚོགས༔ སྒོག་བཙོང་བོང་ང་ཡུངས་ཀར་ནག་ལ་ཕུག་གཡེར་མ་རམ་པ་འབྲུ་སྣ་རྣམས་བཞག༔ མཐའ་མར་ལྕགས་རིའི་སྟེང་དུ་ལས་མཁན་གྱི་ངོ་བོ་རྩང་ཟོར་བསྣོལ་མ་བར་མཚམས་མེད་པ་མེ་ལྟར་འབར་བའི་ཕྱོགས་བཞིར་མར་མེ་བཞི༔ མཚམས་བཞིར་མེ་ལོང་བཞི༔ དེའི་ཕྱོགས་བཞི་མཚམས་བརྒྱད་དུ༔ ཞིང་ཆེན་ཞིང་ཆུང་༔ གླང་ཆེན་


KMC020_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཀོ་རློན་སྟག་ལྤགས་རྣམས་ཀྱི་རྒྱལ་མཚན༔ མི་མགོ་གློ་སྙིང་འབྲེལ་མའི་ལྔ་ལྡི་སོགས་ལྟ་བས་མི་བཟོད་པ་འཇིགས་སུ་རུང་བར་བྱའོ༔ མདོས་འོག་ཏུ་གཡང་བཞིའི་སྟེང་དུ༔ ཧོམ་ཁུང་ནང་དུ་དགྲ་ལིང་འདྲེ་ལིང་གདོན་ལིང་ཕ་རོལ་བྱད་མའི་ལིང་ག་ཐམས་ཅད་སྤྱི་དང་མཐུན་པར་མིང་གཟུགས་སྤེལ་ཚིག་རྣམས་ཞིབ་ཏུ་བྱས་ཏེ༔ འགུགས་གཞུག་གྲངས་མེད་དུ་བྱའོ༔ མདོས་འབུལ་བའི་ཚེ༔ དེ་ཉིད་མེ་ཧོམ་དུ་ཞལ་བཏབ་དྲག་ཏུ་བྱའོ༔ དེ་ལྟར་ཡོ་བྱད་རྣམས་འཚོགས་པར་བྱེད་པ་ནི༔ བསྒྲུབ་པའི་གསང་རྫས་རྣམ་པ་ལྔའོ༔ ༼ང༽ ཿདེ་ནས་མདོས་ཟོར་སྲིད་གསུམ་རླག་བྱེད་ལ༔ ཆུ་ཆང་ཇ་ཕུད་བདུད་རྩིས་རིམ་བཞིན་བྲན༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི༔ ལས་བྱང་ཆ་ལག་མ་ཉམས་ལེགས་པར་བཏང་༔ བླ་མ་འོད་ཞུ་ཡི་དམ་སྐུ་རུ་བསྒོམ༔ ཡི་དམ་འོད་ཞུ་མཁའ་འགྲོའི་སྐུ་རུ་གསལ༔ མཁའ་འགྲོ་འོད་ཞུ་ཆོས་སྐྱོང་ཏྲཀྴད་བསམ༔ འཛབ་བཟླས་ཀུན་གྱི་མཐའ་མར་འདི་ལྟར་བྱ༔ དགྲ་བགེགས་དམ་སྲི་སརྦ་མཱ་ར་ཡ་ཕཊ༔ བྷྱོ་ཟློག༔ ཞི་དང་ཁྲོ་བོའི་བསྙན་སྔགས་ཀུན་ལ་སྦྱར༔ གང་བསྒོམ་སྐུར་གསལ་ཕྱག་གཉིས་ཉི་ཟླ་གསལ༔ དྲག་ཏུ་བརྡབ་པས་བསྟན་དགྲ་ཆལ་ཆལ་བཏང་༔ མེས་བསྲེགས་ཆུས་བཀྲུས་ཐལ་བ་རླུང་གིས་གཏོར༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཐིམ་པར་བསྒོམ༔ ༼ཅ༽ ༔དེ་ནས་མདོས་ཟོར་བྱིན་གྱིས་


KMC020_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

རླབ་ཚུལ་ནིཿ ཨཱོཾ་ཨཱཿཧཱུྃ༔ ཧ་ཧོ་ཧྲཱིཿ ཉེར་ལྔ་བཟླས་པས་མ་དག་པ་རྣམས་སྦྱོང་༔ ཨཱོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ཛཿ མ་ཧཱ་བ་ལིཾ་ཏ་ཨཱོཾ་ཨཱཿཧཱུྃ༔ པཱུ་ཛ་སརྦ་ཨཱོཾ་ཨཱཿཧཱུྃ༔ ཞེས་པས་ཏྲཀྴད་མགོན་པོ་བདག་ཏུ་བཟུང་༔ ཨཱོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཨཱོཾ་ཨཱཿཧཱུྃ་དུ་པཱུ་ཛ་སརྦ་སཱ་ག་ར་མ་ཧཱ་སྭཱ་ཧཱ༔ ཞེས་པས་བདུད་རྩིའི་རྒྱ་མཚོར་གྱུར་པར་བསམ༔ དེ་དག་ནི་མདོས་ཟོར་བྱིན་གྱིས་བརླབ་པའི་ཚུལ་བཤད་པའོ༔ ༼ཆ༽ ༔དེ་ནས་མདོས་བསྐྱེད་པ་ནི༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་བསྐང་བའི་མཐར་འདི་ལྟར་བྱའོ༔ ཨཱོཾ་སྭ་བྷཱ་ཝ་སོགས༔ སྣང་སྲིད་འཁོར་འདས་ཐམས་ཅད་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་སྣང་བ་སྣ་ཚོགས་པའི་ཆོ་འཕྲུལ་རིག་པའི་རང་རྩལ་ལས་བྱུང་བའི༔ ཡས་ཟོར་སྲིད་གསུམ་རླག་བྱེད༔ འབྱུང་བ་ལྔ་བརྩེགས་ཀྱི་དཀྱིལ་འཁོར༔ སྲིད་གསུམ་གླིང་ཡུལ་ཚང་བ༔ ལྟ་ན་སྡུག་པ༔ ཡིད་དུ་འོང་བ༔ དྲག་པའི་ཚ་ཟེར་དང་ལྡན་པ༔ མེ་རླུང་དྲག་ཏུ་འཚུབས་པ༔ དར་ནག་གི་རྒྱལ་མཚན་སྣང་སྲིད་འཁོར་འདས་ཁྱབ་པ༔ དམར་ཆེན་གྱི་གཏོར་ཟོར་སྲིད་གསུམ་གླིང་ཡུལ་ཁེངས་པ༔


KMC020_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོའི་སྐུ་འབག་ཁམས་གསུམ་སྟོང་གསུམ་ཁྱབ་པ༔ རུ་མཚོན་གྱི་ཕྱག་ཆ་ནམ་མཁར་བསྐྱོད་ཅིང་འཚུབས་པ༔ གཏོར་ཟོར་དམར་པོ་རྣོ་བའི་མཚོན་དང་ལྡན་པ༔ ཀུན་ཁྱབ་ཀྱི་ནམ་མཁའ་སྲིད་གསུམ་ལྷ་འདྲེའི་རྟེན་མཁར༔ ཁྲག་ཀོང་དང་ནད་རྐྱལ་དུག་རླངས་དམར་ནག་ཏུ་འཁྲིགས་པ༔ མདའ་བཀྲ་དང་འཕང་བཀྲ་ལྷའི་སྐྱེས་བུ་ཕོ་མོ༔ ཤོ་རྡེལ་དང་ཁྲམ་ཤིང་སྲོག་གཅོད་དང་ཁྲམ་འདེབས་ཀྱི་ལས་མཁན༔ བདུད་ཞགས་དང་དགྲ་སྟྭ་སྲོག་བདུད་དགྲ་བོའི་ཚེ་ལེན༔ བྱ་ནག་དང་ཁྱི་ནག་བསྟན་དགྲ་འཇོམས་པའི་དམག་དཔུང་༔ རོ་ལངས་དང་སྲིན་པོ་དགྲ་སྙིང་འདྲེན་པའི་དད་དཔོན༔ ཞལ་ཟས་ཀྱི་བྱེ་བྲག་བདུད་མགོན་དགྱེས་པའི་དཔལ་ཟས༔ མི་ལྤགས་ཀྱི་རྒྱལ་མཚན་རྣག་ཁྲག་གི་ཆར་རྒྱུན་འབེབས་པ༔ གླང་ཆེན་གྱི་ཀོ་རློན་ཞུན་ཆེན་གྱི་རྒྱ་མཚོ་འཛག་པ༔ རྒྱུ་རློན་གྱི་ཞགས་པ་དུག་ཁྲག་གིས་འགེངས་ཤིང་འཁྱུག་པ༔ དྲག་པོའི་རྩང་དམར་ལས་མཁན་


KMC020_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་ཉ་འཁྲབ་པ༔ འོད་གསལ་གྱི་མེ་ལོང་སྣང་སྲིད་འཁོར་འདས་ཁྱབ་པ༔ སྣང་གསལ་གྱི་མར་མེ་དུག་གསུམ་མུན་པ་སེལ་བ༔ སྒོག་བཙོང་དང་གཡེར་རམ་དྲག་པོའི་རོ་བརྒྱ་ལྡན་པ༔ མི་མགོའི་ལྡ་ལྡི་ལས་མཁན་ཚིམ་པའི་དགྱེས་རྫས༔ མཐུན་པའི་ཡོ་བྱད་བསྒྲུབ་རྫས་ཀྱི་མདོས་ཟོར༔ བསྐང་བའི་མཆོད་རྫས་ཏྲཀྴད་ཚིམ་པའི་འདོད་ཡོན༔ བསྟེན་པའི་དམ་རྫས་སྙིང་གསུམ་དར་གྱི་ཙིཏྟ༔ མི་འབྲལ་འགྲོགས་ཕྱིར་བསྐྱེད་རྫོགས་དྲག་སྔགས་ཀྱི་བཟླས་རིམ༔ བདག་ཅག་སྒྲུབ་པ་པོའི་ལེགས་པའི་ཕྲིན་ལས་ལ་དབང་སྒྱུར་བའི་མ་ཧཱ་ཀཱ་ལ་ཏྲཀྴད་དགྱེས་པའི་འདོད་ཡོན་བསམ་གྱི་མི་ཁྱབ་པར་གྱུར༔ ཨཱོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ཛཿ ཨོཾ་མ་ཧཱ་ཀཱ་ལ་སུ་ཏྲི་ཡ་མ་དུ་ཛཿ ཨཱོཾ་མ་ཧཱ་མཾ་ས་ཨཱཿཧཱུྃ༔ ཨཱོཾ་མ་ཧཱ་རཀྟ་ཨཱཿཧཱུྃ༔ ཨཱོཾ་མ་ཧཱ་ཙིཏྟ་ཨཱཿཧཱུྃ༔ ཨཱོཾ་མ་ཧཱ་གོ་རོ་ཙ་ན་ཨཱཿཧཱུྃ༔ ཨཱོཾ་མ་ཧཱ་མཉྩ་མེ་ཙི་ཨཱཿཧཱུྃ༔ ཨཱོཾ་མ་ཧཱ་བ་སུ་ཏ་ཨཱཿཧཱུྃ༔ ཨཱོཾ་མ་ཧཱ་བ་ལིཾ་ཏ་ཨཱཿཧཱུྃ༔ ༼ཇ༽ ༔དེ་ནས་མདོས་ལ་བསྐུལ་བ་ནི༔ སྣང་སྲིད་ཀུན་


KMC020_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་ཏིང་འཛིན་གྱིས༔ བདུད་མགོན་གནད་ནས་འགུགས་པར་བྱ༔ རེ་དོགས་མེད་པའི་ཉམས་མྱོང་གིས༔ ལས་མགོན་དགྲ་ལ་རྦད་པར་བྱ༔ ཉམ་ང་མེད་པའི་གདེང་ཚད་ཀྱིས༔ སྲོག་བདུད་ལས་ལ་འགྱེད་པར་བྱ༔ ལེ་ལོ་སྤངས་པའི་བརྩོན་འགྲུས་ཀྱིས༔ བསྒྲུབ་རྫས་ཡོ་བྱད་ཚོགས་པར་བྱ༔ ང་བདག་བྲལ་བའི་བསྐྱེད་རྫོགས་ཀྱིས༔ བདག་མདུན་གཅིག་ཆར་དབྱེར་མེད་བསྒོམ༔ དེ་ལྟར་མཐུན་སྦྱོར་ལེགས་གྲུབ་ནས༔ ད་ནི་གནད་ནས་འདི་ལྔར་བསྐུལ༔ ༼ཉ༽ ༔གྲི་ཤ་གྲི་ཁྲག་གྲི་ཚིལ་དང་༔ དུག་དང་སྒོག་བཙོང་གུ་གུལ་རྣམས༔ དྲི་བཟང་སྨན་སྦྱར་ཚིལ་ཆེན་གྱི༔ གསུར་ཆེན་སྤོས་དུད་རྒྱུན་ལྡན་བཏང་༔ རོལ་ཆས་སྒྲ་སྐད་བྲེལ་བར་བརྡུང་༔ དྲག་པོའི་ངར་སྐད་ཆེམ་ཆེམ་འབོད༔ མ་ཡེངས་རྩེ་གཅིག་འདི་སྐད་དོ༔ ༼ཏ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ དྲག་པོ་ཁྲོ་རྒྱལ་དམ་སྲིའི་གཤེད༔ རྡོ་རྗེ་གྲོ་ལོད་འདིར་གཤེགས་ཤིག༔ མཁའ་འགྲོ་སེང་གདོང་འདིར་གཤེགས་ཤིག༔ ཁྲོ་བོ་ཁྲོ་མོའི་འཁོར་ཚོགས་བསྐོར༔ འུར་འུར་ཆེམ་ཆེམ་མྱུར་བར་བྱོན༔ ལྡིག་ལྡིག་ཤིག་ཤིག་སྐུ་བསྐྱོད་འཚལ༔ ཁྱོད་རྣམས་དམ་ཚིགས་གནད་ནས་བསྐུལ༔ ཁྱོད་རྣམས་


KMC020_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་དུས་ལ་བབ༔ བསྟན་དགྲ་རུ་དྲ་བསྒྲལ་བའི་ཕྱིར༔ འདིར་གཤེགས་མདོས་ཟོར་ཡས་ཆེན་བཞེས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དམ་སྲིའི་དམག་དཔུང་བཟློག་ཏུ་གསོལ༔ སྔོན་གྱི་ཐུགས་དམ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ༼ཐ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ བཞེངས་ཤིག་སྲིད་གསུམ་ཡུལ་ནས་བཞེངས༔ བདུད་པོ་ལེགས་ལྡན་ནག་པོའི་བུ༔ ཏྲཀྴད་ནག་པོ་སྐུ་བཞེངས་ཤིག༔ དུག་གི་སྤུ་གྲི་སྐུ་བཞེངས་ཤིག༔ ནག་པོ་ཐོད་ཕྲེང་སྐུ་བཞེངས་ཤིག༔ ཤན་པ་ལག་དམར་སྐུ་བཞེངས་ཤིག༔ ཚེ་ལེན་སྲོག་བདུད་སྐུ་བཞེངས་ཤིག༔ དགྲ་སྙིང་མྱུར་ལེན་སྐུ་བཞེངས་ཤིག༔ འཁོར་འདས་སྲོག་གཅོད་སྐུ་བཞེངས་ཤིག༔ ནག་པོ་བཀྲག་མེད་སྐུ་བཞེངས་ཤིག༔ ཧ་ལ་རྒྱུག་འགྱེལ་སྐུ་བཞེངས་ཤིག༔ གཤེད་ཆེན་དབུགས་སྡུད་སྐུ་བཞེངས་ཤིག༔ དམ་སྲི་ཟ་བྱེད་སྐུ་བཞེངས་ཤིག༔ དུས་ཀྱི་གཤེད་འབེབས་སྐུ་བཞེངས་ཤིག༔ མི་ནག་རྟ་ནག་སྐུ་


KMC020_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

བཞེངས་ཤིག༔ མ་མོ་བཞི་ཡི་འཁོར་ཚོགས་བསྐོར༔ འུར་འུར་ཆེམ་ཆེམ་མྱུར་བར་བྱོན༔ ལྡིག་ལྡིག་ཤིག་ཤིག་སྐུ་བསྐྱོད་འཚལ༔ ཁྱོད་རྣམས་དམ་ཚིག་གནད་ནས་སྐུལ༔ ཁྱོད་རྣམས་ཐུགས་དམ་དུས་ལ་བབ༔ བསྟན་དགྲ་རུ་དྲ་བསྒྲལ་བའི་ཕྱིར༔ འདིར་གཤེགས་མདོས་ཟོར་ཡས་ཆེན་བཞེས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དམ་སྲིའི་དམག་དཔུང་བཟློག་ཏུ་གསོལ༔ སྔོན་གྱི་ཐུགས་དམ་ས་མ་ཡཿ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ༼ད༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ཤར་གྱི་ཕྱོགས་ནས་སྐུ་བཞེངས་ཤིག༔ ཁྱོད་ཀྱི་སྐུ་སྤྲུལ་འདྲེ་ཡི་བདུད༔ ཚེ་ལེན་ཤན་པ་སྲོག་གི་བདག༔ དྲི་ཟ་ལྷ་དམག་ས་ཡས་བསྐོར༔ མི་ནག་རྟ་ནག་རུ་དར་ཅན༔ ཁྲོས་པའི་སྡང་མིག་ཀྱི་ལི་ལི༔ རྔམས་པའི་ཨཾ་གཙིགས་ཐམས་སེ་ཐམ༔ གདུག་པའི་དུག་གསུམ་མེ་ལྟར་འབར༔ མེ་རླུང་ཐོག་སེར་སྲིད་གསུམ་གཡོ༔ མགྱོགས་པའི་རྟ་ནག་ཕྱད་མ་ཕྱོད༔ རྣོ་བའི་མཚོན་ཆ་ཟངས་སེ་ཟང་༔


KMC020_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པའི་ཧཱུྃ་སྒྲ་དི་རི་རི༔ ཁྱོད་རྣམས་དམ་ཚིགས་གནད་ནས་སྐུལ༔ ཁྱོད་རྣམས་ཐུགས་དམ་དུས་ལ་བབ༔ བསྟན་དགྲ་རུ་དྲ་བསྒྲལ་པའི་ཕྱིར༔ འདིར་གཤེགས་མདོས་ཟོར་ཡས་ཆེན་བཞེས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དམ་སྲིའི་དམག་དཔུང་བཟློག་ཏུ་གསོལ༔ སྔོན་གྱི་ཐུགས་དམ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ༼ན༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ལྷོ་ཡི་ཕྱོགས་ནས་སྐུ་བཞེངས་ཤིག༔ ཁྱོད་ཀྱི་ཡོན་ཏན་སྤྲུལ་པ་ནི༔ མེ་བདུད་སྲོག་ལེན་ཚད་ནད་བདག༔ བདུན་དྲུག་དམར་བཤལ་རྒྱུ་གཟེར་འགྱེད༔ གཤིན་རྗེའི་ལས་མཁན་ས་ཡས་བསྐོར༔ མི་ནག་རྟ་ནག་ཁྲམ་ཤིང་ཅན༔ ཁྲོས་པའི་སྡང་མིག་ཀྱི་ལི་ལི༔ རྔམས་པའི་ཨཾ་གཙིགས་ཐམས་སེ་ཐམ༔ གདུག་པའི་དུག་གསུམ་མེ་ལྟར་འབར༔ མེ་རླུང་ཐོག་སེར་སྲིད་གསུམ་གཡོ༔ མགྱོགས་པའི་རྟ་ནག་ཕྱད་མ་ཕྱོད༔ རུ་དར་ནག་པོ་ཟངས་སེ་ཟང་༔ འཇིགས་པའི་ཧཱུྃ་སྒྲ་ལྡི་རི་རི༔ ཁྱོད་རྣམས་


KMC020_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིགས་གནད་ནས་སྐུལ༔ ཁྱོད་རྣམས་ཐུགས་དམ་དུས་ལ་བབ༔ བསྟན་དགྲ་རུ་དྲ་བསྒྲལ་བའི་ཕྱིར༔ འདིར་གཤེགས་མདོས་ཟོར་ཡས་ཆེན་བཞེས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དམ་སྲིའི་དམག་དཔུང་བཟློག་ཏུ་གསོལ༔ སྔོན་གྱི་ཐུགས་དམ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ༼པ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ནུབ་ཀྱི་ཕྱོགས་ནས་སྐུ་བཞེངས་ཤིག༔ ཁྱོད་ཀྱི་གསུང་སྤྲུལ་ཆུ་ཡི་བདུད༔ དབུགས་ལེན་སྙིང་འདྲེན་བད་ཀན་བདག༔ སྐྱ་རྦབ་དམུ་ཆུ་མཛེ་ནད་དང་༔ ཤུ་བ་གཡན་པ་སྐྱ་ཡམས་འགྱེད༔ ཀླུ་བདུད་ཀླུ་བཙན་ས་ཡས་བསྐོར༔ མི་ནག་རྟ་ནག་སྦྲུལ་ཞགས་ཐོགས༔ ཁྲོས་པའི་སྡང་མིག་ཀྱི་ལི་ལི༔ རྔམས་པའི་ཨཾ་གཙིགས་ཐམས་སེ་ཐམ༔ གདུག་པའི་དུག་གསུམ་མེ་ལྟར་འབར༔ མེ་རླུང་ཐོག་སེར་སྲིད་གསུམ་གཡོ༔ མགྱོགས་པའི་རྟ་ནག་ཕྱད་མ་ཕྱོད༔ རྣོ་བའི་མཚོན་ཆ་ཟངས་སེ་ཟང་༔ འཇིགས་པའི་ཧཱུྃ་སྒྲ་ལྡི་རི་རི༔ ཁྱོད་རྣམས་


KMC020_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིགས་གནད་ནས་སྐུལ༔ ཁྱོད་རྣམས་ཐུགས་དམ་དུས་ལ་བབ༔ བསྟན་དགྲ་རུ་དྲ་བསྒྲལ་བའི་ཕྱིར༔ འདིར་གཤེགས་མདོས་ཟོར་ཡས་ཆེན་བཞེས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དམ་སྲིའི་དམག་དཔུང་བཟློག་ཏུ་གསོལ༔ སྔོན་གྱི་ཐུགས་དམ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ༼ཕ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ བྱང་གི་ཕྱོགས་ནས་སྐུ་བཞེངས་ཤིག༔ ཁྱོད་ཀྱི་ཕྲིན་ལས་སྤྲུལ་པ་ནི༔ ཉི་བདུད་སྲོག་འཕྲོག་ཕྲིན་ལས་བདག༔ ཉིན་གུང་མཚན་གུང་སྲོག་ལ་ཞུགས༔ གློ་བུར་ཧུར་ཐུམ་འཛུམ་བུ་དང་༔ སྙིང་གཟེར་མགོ་འཐོམ་རྒྱུག་འགྱེལ་འགྱེད༔ གནོད་སྦྱིན་སྲོག་བདུད་ས་ཡས་བསྐོར༔ མི་ནག་རྟ་ནག་ཐོག་སྒྱོགས་ཐོགས༔ ཁྲོས་པའི་སྡང་མིག་ཀྱི་ལི་ལི༔ རྔམས་པའི་ཨཾ་གཙིགས་ཐམས་སེ་ཐམ༔ གདུག་པའི་དུག་གསུམ་མེ་ལྟར་འབར༔ མེ་རླུང་ཐོག་སེར་སྲིད་གསུམ་གཡོ༔ མགྱོགས་པའི་རྟ་ནག་ཕྱད་མ་ཕྱོད༔ རུ་དར་ནག་པོ་ཟངས་སེ་ཟང་༔ འཇིགས་


KMC020_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཧཱུྃ་སྒྲ་ལྡི་རི་རི༔ ཁྱོད་རྣམས་དམ་ཚིག་གནད་ནས་སྐུལ༔ ཁྱོད་རྣམས་ཐུགས་དམ་དུས་ལ་བབ༔ བསྟན་དགྲ་རུ་དྲ་བསྒྲལ་བའི་ཕྱིར༔ འདིར་གཤེགས་མདོས་ཟོར་ཡས་ཆེན་བཞེས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དམ་སྲིའི་དམག་དཔུང་བཟློག་ཏུ་གསོལ༔ སྔོན་གྱི་ཐུགས་དམ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ༼བ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ཤར་ལྷོ་མཚམས་ནས་སྐུ་བཞེངས་ཤིག༔ ཁྱོད་ཀྱི་ལས་མཁན་ཕོ་ཉ་ནི༔ ས་བདུད་ཏྲཀྴད་མཐུ་ཆེན་ནི༔ ས་གཡོ་ས་འབྲུག་ངུར་སྒྲ་ལྡིར༔ ཤ་ནད་མཁྲིས་པ་འཁྲུ་སྐྱུགས་དང་༔ འདུ་བའི་ནད་རྣམས་འགྱེད་པར་བྱེད༔ མེ་ལྷ་དྲང་སྲོང་ས་ཡས་བསྐོར༔ མི་ནག་རྟ་ནག་ལྕགས་ཀྱུ་ཐོགས༔ གཏུམ་རྔམ་དྲག་ཤུལ་འཇིགས་རུང་གཟུགས༔ གདུག་པའི་ངར་སྐད་ཆེམས་སེ་ཆེམ༔ མི་བཟོད་དུག་ལྔ་མེ་ལྟར་འབར༔ མེ་རླུང་ཐོག་སེར་སྲིད་གསུམ་གཡོ༔ མགྱོགས་པའི་རྟ་ནག་ཕྱད་མ་ཕྱོད༔ རུ་དར་ནག་པོ་


KMC020_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཟངས་སེ་ཟང་༔ དྲག་པོའི་ཕཊ་སྒྲ་ཚེགས་སེ་ཚེག༔ ཁྱོད་རྣམས་ཐུགས་དམ་གནད་ནས་སྐུལ༔ ཁྱོད་རྣམས་ཐུགས་དམ་དུས་ལ་བབ༔ བསྟན་དགྲ་རུ་དྲ་བསྒྲལ་བའི་ཕྱིར༔ འདིར་གཤེགས་མདོས་ཟོར་ཡས་ཆེན་བཞེས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དམ་སྲིའི་དམག་དཔུང་བཟློག་ཏུ་གསོལ༔ སྔོན་ཀྱི་ཐུགས་དམ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ༼མ༽ ཧཱུྃ་ཧཱུྃ་ཧཱུྃ༔ ལྷོ་ནུབ་མཚམས་ནས་སྐུ་བཞེངས་ཤིག༔ ཁྱོད་ཀྱི་ལས་མཁན་ཕོ་ཉ་ནི༔ ཟླ་བདུད་ཏྲཀྴད་མཐུ་བོ་ཆེ༔ འཇིག་རྟེན་གཡོ་དང་འཁྲུགས་པར་བྱེད༔ ཟླ་གཤེད་སྲོག་ལེན་གཤེད་པོ་ཆེ༔ འགྲོ་ཀུན་སྲོག་ལ་དབང་བྱེད་པའི༔ སྲིན་པོ་གཟའ་བདུད་འབུམ་གྱིས་བསྐོར༔ གདོང་མོ་མཆེད་བཞི་ལས་ལ་འགྱེད༔ ཁྲ་ཚ་ཟིན་ཕུང་ཐོག་མདའ་འཕེན༔ མི་ནག་ལུས་ཀུན་མིག་གི་གང་༔ རྟ་ནག་ཞོན་ནས་ཞགས་པ་ཐོགས༔ གཏུམ་རྔམ་དྲག་ཤོལ་འཇིགས་རུང་གཟུགས༔ གདུག་པའི་ངར་སྐད་


KMC020_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཆེམས་སེ་ཆེམ༔ མི་བཟོད་དུག་ལྔ་མེ་ལྟར་འབར༔ མེ་རླུང་ཐོག་སེར་སྲིད་གསུམ་གཡོ༔ མགྱོགས་པའི་རྟ་ནག་ཕྱད་མ་ཕྱོད༔ རུ་དར་ནག་པོ་ཟངས་སེ་ཟང་༔ དྲག་པོའི་ཕཊ་སྒྲ་ཚེགས་སེ་ཚེག༔ ཁྱོད་རྣམས་ཐུགས་དམ་གནད་ནས་སྐུལ༔ ཁྱོད་རྣམས་ཐུགས་དམ་དུས་ལ་བབ༔ བསྟན་དགྲ་རུ་དྲ་བསྒྲལ་བའི་ཕྱིར༔ འདིར་གཤེགས་མདོས་ཟོར་ཡས་ཆེན་བཞེས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དམ་སྲིའི་དམག་དཔུང་བཟློག་ཏུ་གསོལ༔ སྔོན་ཀྱི་ཐུགས་དམ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ༼ཙ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ནུབ་བྱང་མཚམས་ནས་སྐུ་བཞེངས་ཤིག༔ ཁྱོད་ཀྱི་ལས་མཁན་ཕོ་ཉ་ནི༔ རླུང་བདུད་ཏྲཀྴད་མཐུ་བོ་ཆེ༔ དགྲ་བོའི་ཀླུང་རྟ་བཅོམ་ཞིང་རླག༔ སྲིད་གསུམ་རླུང་གིས་གཡོ་ཞིང་གཏོར༔ རླུང་ནད་མགོ་འཁོར་འདར་གཡེངས་འགྱེད༔ རླུང་ལྷ་ཤུགས་ལྡན་ས་ཡས་བསྐོར༔ རླུང་གི་འཁོར་ལོ་བ་དན་ཕྱར༔ རྟ་ནག་ཞོན་ནས་


KMC020_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ལྕགས་སྒྲོགས་ཐོགས༔ གཏུམ་རྔམ་དྲག་ཤུལ་འཇིགས་རུང་གཟུགས༔ གདུགས་པའི་ངར་སྐད་ཆེམས་སེ་ཆེམ༔ མི་བཟོད་དུག་ལྔ་མེ་ལྟར་འབར༔ མེ་རླུང་ཐོག་སེར་སྲིད་གསུམ་གཡོ༔ མགྱོགས་པའི་རྟ་ནག་ཕྱད་མ་ཕྱོད༔ རུ་དར་ནག་པོ་ཟངས་སེ་ཟང་༔ དྲག་པོའི་ཕཊ་སྒྲ་ཚེགས་སེ་ཚེག༔ ཁྱོད་རྣམས་ཐུགས་དམ་གནད་ནས་སྐུལ༔ ཁྱོད་རྣམས་ཐུགས་དམ་དུས་ལ་བབ༔ བསྟན་དགྲ་རུ་དྲ་བསྒྲལ་བའི་ཕྱིར༔ འདིར་གཤེགས་མདོས་ཟོར་ཡས་ཆེན་བཞེས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དམ་སྲིའི་དམག་དཔུང་བཟློག་ཏུ་གསོལ༔ སྔོན་ཀྱི་ཐུགས་དམ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ༼ཚ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ བྱང་ཤར་མཚམས་ནས་སྐུ་བཞེངས་ཤིག༔ ཁྱོད་ཀྱི་ལས་མཁན་ཕོ་ཉ་ནི༔ རྒྱུ་སྐར་རྒྱལ་པོ་དཀོར་བདག་རྗེ༔ རྒྱུ་སྐར་ཉེར་བརྒྱད་ཕོ་ཉར་འགྱེད༔ དབང་ལྡན་འབྱུང་པོ་ས་ཡས་བསྐོར༔ བདུད་ཞགས་ལྕགས་སྒྲོགས་དྲིལ་བུ་བསྣམས༔


KMC020_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

མི་རུང་ཐན་སྣ་ལྟས་ངན་འགྱེད༔ དགྲ་བོའི་ཅི་བསམ་དོན་རྣམས་བསྣོལ༔ མི་ནག་རྟ་ནག་བ་དན་ཕྱར༔ གཏུམ་རྔམ་དྲག་ཤུལ་འཇིགས་རུང་གཟུགས༔ གདུགས་པའི་ངར་སྐད་ཆེམས་སེ་ཆེམ༔ མི་བཟོད་དུག་ལྔ་མེ་ལྟར་འབར༔ མེ་རླུང་ཐོག་སེར་སྲིད་གསུམ་གཡོ༔ མགྱོགས་པའི་རྟ་ནག་ཕྱད་མ་ཕྱོད༔ རུ་དར་ནག་པོ་ཟངས་སེ་ཟང་༔ དྲག་པོའི་ཕཊ་སྒྲ་ཚེགས་སེ་ཚེག༔ ཁྱོད་རྣམས་ཐུགས་དམ་གནད་ནས་སྐུལ༔ ཁྱོད་རྣམས་ཐུགས་དམ་དུས་ལ་བབ༔ བསྟན་དགྲ་རུ་དྲ་བསྒྲལ་བའི་ཕྱིར༔ འདིར་གཤེགས་མདོས་ཟོར་ཡས་ཆེན་བཞེས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དམ་སྲིའི་དམག་དཔུང་བཟློག་ཏུ་གསོལ༔ སྔོན་ཀྱི་ཐུགས་དམ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ༼ཛ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ བདུད་མགོན་ཏྲཀྴད་ནག་པོ་ཡི༔ བྲན་གཡོག་ཕོ་ཉའི་དམག་གི་ཚོགས༔ སྟེང་གི་ཕྱོགས་ནས་སྐུ་བཞེངས་ཤིག༔ ཡེ་ཤེས་ལྷ་ཡི་དམག་གི་ཚོགས༔


KMC020_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བ་ས་ཡ་འདིར་གཤེགས་ཤིག༔ འོག་གི་ཕྱོགས་ནས་ཀླུ་གཉན་ཚོགས༔ བྱེ་བ་ས་ཡ་འདིར་གཤེགས་ཤིག༔ བར་གྱི་ཕྱོགས་ནས་གཟའ་ཡི་ཚོགས༔ བྱེ་བ་ས་ཡ་འདིར་གཤེགས་ཤིག༔ ཕྱོགས་མཚམས་ཀུན་ནས་སྡེ་བརྒྱད་ཚོགས༔ ལྷ་བདུད་ཀླུ་བཙན་མ་མོ་གཟའ༔ རྒྱལ་པོ་གཤིན་རྗེ་ས་བདག་རྣམས༔ བཞེངས་ཤིག་བསྐུལ་ལོ་འདིར་གཤེགས་ཤིག༔ ཆུམ་ཆུམ་འདུས་འདུས་འདིར་གཤེགས་ཤིག༔ སྲིད་པ་གསུམ་གྱི་ལྷ་འདྲེའི་ཚོགས༔ འུར་འུར་སིལ་སིལ་ངུར་སྒྲ་ལྡིར༔ རང་རྟགས་ཕྱག་མཚན་རྟ་ནག་ཞོན༔ དུག་སྤྲིན་ཐོག་སེར་རླུང་ནག་གཡོ༔ ཁམས་གསུམ་ཤིག་ཤིག་ཆོལ་ཆོལ་འཁྲུགས༔ རུ་དར་ནག་པོ་ཟངས་སེ་ཟང་༔ འཇིགས་པའི་འོ་དོད་ཀྱུ་རུ་རུ༔ དུག་གསུམ་ཁོང་ནས་ཟ་ཞིང་འཁྲུགས༔ མཚོན་ཆའི་རྡེག་ཆར་སྐར་ལྟར་འཁྲུགས༔ མེ་འོད་གློག་དམར་སྐེམས་སེ་སྐེམ༔ རླུང་སྤྲིན་དམར་ནག་དགུ་ཀློང་འཁྱིལ༔ གནམ་ལྕགས་ཐོག་སེར་བུ་ཡུག་


KMC020_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

འཚུབས༔ བསྟན་དགྲའི་ཡུལ་མཁར་མགོ་འཇུག་ཟློག༔ ཁྱོད་རྣམས་ཐུགས་དམ་གནད་ནས་སྐུལ༔ ཁྱོད་རྣམས་ཐུགས་དམ་དུས་ལ་བབ༔ བསྟན་དགྲ་རུ་དྲ་བསྒྲལ་བའི་ཕྱིར༔ འདིར་གཤེགས་མདོས་ཟོར་ཡས་ཆེན་བཞེས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དམ་སྲིའི་དམག་དཔུང་བཟློག་ཏུ་གསོལ༔ སྔོན་གྱི་ཐུགས་དམ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ༼ཝ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ མ་ཧཱ་ཀཱ་ལ་འཁོར་འདས་བདག༔ བདུད་མགོན་ཏྲཀྴད་ནག་པོ་ཡི༔ ལས་མཁན་ཕོ་ཉའི་དམག་དཔུང་ཚོགས༔ ཕྱོགས་སྐྱོང་བཅུ་དང་རྒྱ་ཆེན་བཞི༔ གཙང་རིགས་མགོན་པོ་བདུན་ཅུ་གཉིས༔ ཕྲ་མེན་དབང་ཕྱུག་ཉེར་བརྒྱ་ཚོགས༔ དྲེགས་པ་སྔགས་བདག་བཅོ་བརྒྱད་པོ༔ དྲེགས་པའི་སྡེ་དཔོན་སུམ་ཅུའི་ཚོགས༔ བརྟན་མ་བཅུ་གཉིས་སྐྱོང་མ་བརྒྱ༔ འཁོར་དང་སྤྲུལ་པའི་དམག་ཚོགས་བཅས༔ འདིར་ཤོག་འདིར་འདུས་གནས་འདིར་བྱོན༔ བཞེངས་


KMC020_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་བསྐུལ་ལོ་འདིར་གཤེགས་ཤིག༔ ཆུམ་ཆུམ་འདུས་འདུས་འདིར་གཤེགས་ཤིག༔ སྲིད་པ་གསུམ་གྱི་ལྷ་འདྲེའི་ཚོགས༔ འུར་སྒྲ་སིལ་ཆོམ་ངུར་སྒྲ་ལྡིར༔ རང་རྟགས་ཕྱག་མཚན་རྟ་ནག་ཞོན༔ དུག་སྤྲིན་ཐོག་སེར་རླུང་ནག་གཡོ༔ ཁམས་གསུམ་ཤིག་ཤིག་ཆོལ་ཆོལ་འཁྲུགས༔ རུ་དར་ནག་པོ་ཟངས་སེ་ཟང་༔ འཇིགས་པའི་འོ་དོད་ཀྱུ་རུ་རུ༔ དུག་གསུམ་ཁོང་ནས་ཟ་ཞིང་འཁྲུགས༔ མཚོན་ཆའི་རྡེག་ཆར་སྐར་ལྟར་འཁྱུག༔ མེ་འོད་གློག་དམར་སྐེམས་སེ་སྐེམ༔ དུག་སྤྲིན་དམར་ནག་དགུ་ཀློང་འཁྱིལ༔ གནམ་ལྕགས་ཐོག་སེར་བུ་ཡུག་འཚུབས༔ བསྟན་དགྲའི་ཡུལ་མཁར་མགོ་མཇུག་ཟློག༔ དྲག་པོ་གཙང་རིགས་ལྷ་ཚོགས་རྣམས༔ ཁྱོད་རྣམས་ཐུགས་དམ་གནད་ནས་སྐུལ༔ ཁྱོད་རྣམས་ཐུགས་དམ་དུས་ལ་བབ༔ བསྟན་དགྲ་རུ་དྲ་བསྒྲལ་བའི་ཕྱིར༔ འདིར་གཤིགས་མདོས་ཟོར་ཡས་ཆེན་བཞེས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དམ་སྲིའི་དམག་དཔུང་


KMC020_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་ཏུ་གསོལ༔ སྔོན་གྱི་ཐུགས་དམ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ༼ཞ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ལས་ཀྱི་མགོན་པོ་སྲིད་གསུམ་བདག༔ བདུད་མགོན་ཏྲཀྴད་ནག་པོ་ཡི༔ བཀའ་སྡོད་ལས་མཁན་དུག་གདོང་བཞི༔ དམག་གི་རུ་འདྲེན་སྡེ་བཞི་ནི༔ ཤར་ཕྱོགས་དམག་གི་རུ་འདྲེན་པ༔ འདོད་ཁམས་དབང་ཕྱུག་དུག་གདོང་མ༔ འཁོར་འདས་སྲིད་པ་གསུམ་གྱི་བདག༔ འཁོར་འདས་ལྷ་འདྲེའི་དམག་རྒྱལ་མོ༔ སྲིད་གསུམ་ཀུན་ལ་དབང་སྒྱུར་མ༔ མཐིང་ནག་དར་ནག་རལ་ག་ཅན༔ རུ་དར་ནག་པོ་སྲིད་རྩེར་ཕྱར༔ རྣོ་དཔལ་མཚོན་ཆའི་འཁོར་ལོ་ཐོགས༔ རྫུ་འཕྲུལ་དྲེལ་རྟ་ནག་པོ་ཞོན༔ རླུང་ནག་དགུ་ཀློང་འཚུབས་ཤིང་འཁྲུགས༔ སྣང་སྲིད་འཁོར་འདས་ལྷ་འདྲེའི་ཚོགས༔ མེ་ལྟར་འབར་ཞིང་ས་ལྟར་གཡོ༔ ཆུ་ལྟར་ཁོལ་ཞིང་རླུང་ལྟར་འཚུབས༔ སྡང་དགྲའི་ཡུལ་མཁར་མགོ་མཇུག་ཟློག༔ དྲག་པོ་གཙང་རིགས་ལྷ་ཚོགས་རྣམས༔ ཁྱོད་


KMC020_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཐུགས་དམ་གནད་ནས་སྐུལ༔ ཁྱོད་རྣམས་ཐུགས་དམ་དུས་ལ་བབ༔ བསྟན་དགྲ་རུ་དྲ་བསྒྲལ་བའི་ཕྱིར༔ འདིར་གཤེགས་མདོས་ཟོར་ཡས་ཆེན་བཞེས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དམ་སྲིའི་དམག་དཔུང་བཟློག་ཏུ་གསོལ༔ སྔོན་གྱི་ཐུགས་དམ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ༼ཟ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ལས་ཀྱི་མགོན་པོ་སྲིད་གསུམ་བདག༔ བདུད་མགོན་ཏྲཀྴད་ནག་པོ་ཡི༔ བཀའ་སྡོད་ལས་མཁན་ཆེན་པོ་ནི༔ ལྷོ་ཕྱོགས་དམག་གི་རུ་འདྲེན་རྒྱལ༔ ཡ་མ་རཱ་ཛ་ཆུ་སྲིན་གདོང་༔ སྲོག་བདག་དུག་གདོང་ཆོས་ཀྱི་རྒྱལ༔ མཐིང་ནག་ཁྲམ་ཤིང་བདུད་ཞགས་ཐོགས༔ རུ་དར་ནག་པོ་སྲིད་རྩེར་ཕྱར༔ ཆུ་གླང་སྔོན་པོ་ཆིབས་སུ་ཆིབ༔ རླུང་ནག་དགུ་ཀློག་འཚུབས་ཤིང་འཁྲུགས༔ སྣང་སྲིད་འཁོར་འདས་ལྷ་འདྲེའི་ཚོགས༔ མེ་ལྟར་འབར་ཞིང་ས་ལྟར་གཡོ༔ ཆུ་ལྟར་ཁོལ་ཞིང་རླུང་ལྟར་འཚུབས༔ སྡང་དགྲའི་ཡུལ་མཁར་མགོ་མཇུག་ཟློག༔


KMC020_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་པོ་གཙང་རིགས་ལྷ་ཚོགས་རྣམས༔ ཁྱོད་རྣམས་ཐུགས་དམ་དུས་ནས་སྐུལ༔ ཁྱོད་རྣམས་ཐུགས་དམ་དུས་ལ་བབ༔ བསྟན་དགྲ་རུ་དྲ་བསྒྲལ་བའི་ཕྱིར༔ འདིར་གཤེགས་མདོས་ཟོར་ཡས་ཆེན་བཞེས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དམ་སྲིའི་དམག་དཔུང་བཟློག་ཏུ་གསོལ༔ སྔོན་གྱི་ཐུགས་དམ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ༼འ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ལས་ཀྱི་མགོན་པོ་སྲིད་གསུམ་བདག༔ བདུད་མགོན་ཏྲཀྴད་ནག་པོ་ཡི༔ བཀའ་སྡོད་ལས་མཁན་ཆེན་པོ་ནི༔ ནུབ་ཕྱོགས་དམག་གི་རུ་འདྲེན་རྒྱལ༔ གཟའ་བདུད་མགོ་དགུ་རཱ་ཧུ་ལ༔ ཀུན་སྒྲོལ་དུག་གདོང་དམར་ནག་ཁྲོས༔ སྦྲུལ་མཇུག་རྭ་ཡི་མདའ་གཞུ་འགེངས༔ རུ་དར་ནག་པོ་སྲིད་རྩེར་ཕྱར༔ འབྲུག་ཆེན་ཐོག་སེར་ཆིབས་སུ་བཅིབ༔ གསོད་བྱེད་ཧུར་ཐུམ་ནད་ཡམས་འགྱེད༔ རླུང་ནག་དགུ་ཀློང་འཚུབས་ཤིང་འཁྲུགས༔ སྣང་སྲིད་འཁོར་འདས་ལྷ་འདྲེའི་ཚོགས༔ མེ་ལྟར་


KMC020_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

འབར་ཞིང་ས་ལྟར་གཡོ༔ ཆུ་ལྟར་ཁོལ་ཞིང་རླུང་ལྟར་འཚུབས༔ སྡང་དགྲའི་ཡུལ་མཁར་མགོ་མཇུག་ཟློག༔ དྲག་པོ་གཙང་རིགས་ལྷ་ཚོགས་རྣམས༔ ཁྱོད་རྣམས་ཐུགས་དམ་གནད་ནས་སྐུལ༔ ཁྱོད་རྣམས་ཐུགས་དམ་དུས་ལ་བབ༔ བསྟན་དགྲ་རུ་དྲ་བསྒྲལ་བའི་ཕྱིར༔ འདིར་གཤེགས་མདོས་ཟོར་ཡས་ཆེན་བཞེས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དམ་སྲིའི་དམག་དཔུང་བཟློག་ཏུ་གསོལ༔ སྔོན་གྱི་ཐུགས་དམ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ༼ཡ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ལས་ཀྱི་མགོན་པོ་སྲིད་གསུམ་བདག༔ བདུད་ མགོན་ཏྲཀྴད་ནག་པོ་ཡི༔ བཀའ་སྡོད་ལས་མཁན་ཆེན་པོ་ནི༔ བྱང next hit་ཕྱོགས་དམག་གི་རུ་འདྲེན་རྒྱལ༔ བྱ་རོག་གདོང་ཅན་མཐིང་ནག་འབར༔ ལས་མཁན་དུག་གདོང་མཐུ་བོ་ཆེ༔ གྲི་གུག་ཐོད་ཁྲག་ཕྱག་ན་བསྣམས༔ འཕུར་འཇུམ་རླུང་ནག་རྟ་རུ་ཞོན༔ ནག་པོ་སྟོང་དང་དབུགས་ལེན་འབུམ༔ ནད་བདག་མ་མོ་ས་ཡས་བསྐོར༔ གློ་བུར་


KMC020_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཧུར་ཐུམ་ཐོག་མདའ་འབེབས༔ རླུང་ནག་དགུ་ཀློང་འཚུབས་ཤིག་འཁྲུགས༔ སྣང་སྲིད་འཁོར་འདས་ལྷ་འདྲེའི་ཚོགས༔ མེ་ལྟར་འདར་ཞིང་ས་ལྟར་གཡོ༔ ཆུ་ལྟར་ཁོལ་ཞིང་རླུང་ལྟར་འཚུབས༔ བསྟན་དགྲའི་ཡུལ་མཁར་མགོ་མཇུག་ཟློག༔ དྲག་པོ་གཙང་རིགས་ལྷ་ཚོགས་རྣམས༔ ཁྱོད་རྣམས་ཐུགས་དམ་གནད་ནས་སྐུལ༔ ཁྱོད་རྣམས་ཐུགས་དམ་དུས་ལ་བབ༔ བསྟན་དགྲ་རུ་དྲ་བསྒྲལ་བའི་ཕྱིར༔ འདིར་གཤེགས་མདོས་ཟོར་ཡས་ཆེན་བཞེས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དམ་སྲིའི་དམག་དཔུང་བཟློག་ཏུ་གསོལ༔ སྔོན་གྱི་ཐུགས་དམ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ༼ར༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ལས་ཀྱི་མགོན་པོ་སྲིད་གསུམ་བདག༔ བདུད་མགོན་ཏྲཀྴད་ནག་པོ་ཡི༔ ཡབ་གཅིག་མ་ཧཱ་ཀཱ་ལ་ནི༔ ལྷ་དམག་བྱེ་བ་འབུམ་གྱི་གཙོ༔ ལྷ་མིན་གཡུལ་རྣམས་ཟློག་བྱེད་པའི༔ སྟེང་གི་ཕྱོགས་ནས་རུ་འདྲེན་པ༔ ལེགས་ལྡན་


KMC020_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་དམར་སྨུག་ཁྲོས༔ ཙནྡན་བིང་ཆེན་ལྕགས་པར་ཐོགས༔ དར་ནག་བེར་གསོལ་རྟ་ནག་ཞོན༔ རླུང་ནག་དགུ་ཀློང་འཚུབས་ཤིང་འཁྲུགས༔ སྣང་སྲིད་འཁོར་འདས་ལྷ་འདྲེའི་ཚོགས༔ མེ་ལྟར་འབར་ཞིང་ས་ལྟར་གཡོ༔ ཆུ་ལྟར་ཁོལ་ཞིང་རླུང་ལྟར་འཚུབས༔ སྡང་དགྲའི་ཡུལ་མཁར་མགོ་མཇུག་ཟློག༔ དྲག་པོ་གཙང་རིགས་ལྷ་ཚོགས་རྣམས༔ ཁྱོད་རྣམས་ཐུགས་དམ་གནས་ནས་སྐུལ༔ ཁྱོད་རྣམས་ཐུགས་དམ་དུས་ལ་བབ༔ བསྟན་དགྲ་རུ་དྲ་བསྒྲལ་བའི་ཕྱིར༔ འདིར་གཤེགས་མདོས་ཟོར་ཡས་ཆེན་བཞེས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དམ་སྲིའི་དམག་དཔུང་བཟློག་ཏུ་གསོལ༔ སྔོན་གྱི་ཐུགས་དམ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ༼ལ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ལས་ཀྱི་མགོན་པོ་སྲིད་གསུམ་བདག༔ བདུད་མགོན་ཏྲཀྴད་ནག་པོ་ཡི༔ བཀའ་སྡོད་ལས་མཁན་ཆེན་པོ་ནི༔ ཀླུ་རྒྱལ་དུག་གདོང་མཐུ་བོ་ཆེ༔ བཛྲ་རཱ་ཛ་མཐིང་ནག་འབར༔ ཕྱག་


KMC020_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྦྲུལ་ཞགས་ནད་རྐྱལ་བསྣམས༔ གླང་ཆེན་ས་ལ་རབ་བརྟན་ཆིབས༔ ས་གཡོ་ཆོ་འཕྲུལ་དགྲ་ལ་འགྱེད༔ སྲིད་པ་གསུམ་ཡང་འཇིགས་པར་བྱེད༔ ཆུ་བོ་ཀུན་གྱི་ཀླུ་ཡི་རྒྱལ༔ ས་ཡི་འོག་ཀུན་སྐད་ཅིག་ཉུལ༔ རུ་དར་ནག་པོ་སྲིད་རྩེར་ཕྱར༔ རླུང་ནག་དགུ་ཀློང་འཚུབས་ཤིང་འཁྲུགས༔ སྣང་སྲིད་འཁོར་འདས་ལྷ་འདྲེའི་ཚོགས༔ མེ་ལྟར་འབར་ཞིང་ས་ལྟར་གཡོ༔ ཆུ་ལྟར་ཁོལ་ཞིང་རླུང་ལྟར་འཚུབས༔ སྡང་དགྲའི་ཡུལ་མཁར་མགོ་མཇུག་ཟློག༔ དྲག་པོ་གཙང་རིགས་ལྷ་ཚོགས་རྣམས༔ ཁྱོད་རྣམས་ཐུགས་དམ་གནད་ནས་སྐུལ༔ ཁྱོད་རྣམས་ཐུགས་དམ་དུས་ལ་བབ༔ བསྟན་དགྲ་རུ་དྲ་བསྒྲལ་བའི་ཕྱིར༔ འདིར་གཤེགས་མདོས་ཟོར་ཡས་ཆེན་བཞེས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ དམ་སྲིའི་དམག་དཔུང་བཟློག་ཏུ་གསོལ༔ སྔོན་གྱི་ཐུགས་དམ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ༼ཤ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ལས་ཀྱི་མགོན་པོ་


KMC020_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་གསུམ་བདག༔ བདུད་མགོན་ཏྲཀྴད་ནག་པོ་ཡི༔ གཉིས་མེད་ཐུགས་སྤྲུལ་མགོན་པོ་ནི༔ སྲོག་བདུད་ཤན་པ་ལག་དམར་བདུད༔ མཐིང་ནག་ཞལ་གཅིག་ཕྱག་བཞི་པ༔ ཡན་ལག་ལྷུ་ཚིགས་མིག་གིས་གཏམས༔ མདའ་གཞུ་ཁ་ཊྭཱཾ་པར་བུ་ཐོགས༔ རྟ་ནག་ཞོན་ནས་སྲིད་གསུམ་ཉུལ༔ བདུད་དམག་བྱེ་བ་ས་ཡ་དང་༔ བྱ་ནག་བྱེ་བ་ས་ཡ་དང་༔ ཁྱི་ནག་བྱེ་བ་ས་ཡ་དང་༔ མི་ནག་བྱེ་བ་ས་ཡས་བསྐོར༔ རུ་དར་ནག་པོ་སྲིད་རྩེར་ཕྱར༔ རླུང་ནག་དགུ་ཀློང་འཚུབས་ཤིང་འཁྲུགས༔ སྣང་སྲིད་འཁོར་འདས་ལྷ་འདྲེའི་ཚོགས༔ མེ་ལྟར་འབར་ཞིང་ས་ལྟར་གཡོ༔ ཆུ་ལྟར་ཁོལ་ཞིང་རླུང་ལྟར་འཚུབས༔ སྡང་དགྲའི་ཡུལ་མཁར་མགོ་མཇུག་ཟློག༔ དྲག་པོ་གཙང་རིགས་ལྷ་ཚོགས་རྣམས༔ ཁྱོད་རྣམས་ཐུགས་དམ་གནད་ནས་སྐུལ༔ ཁྱོད་རྣམས་ཐུགས་དམ་དུས་ལ་བབ༔ བསྟན་དགྲ་རུ་དྲ་བསྒྲལ་བའི་ཕྱིར༔ འདིར་གཤེགས་མདོས་ཟོར་ཡས་ཆེན་བཞེས༔ མངོན་སྤྱོད་དྲག་


KMC020_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཕྲིན་ལས་མཛོད༔ དམ་སྲིའི་དམག་དཔུང་བཟློག་ཏུ་གསོལ༔ སྔོན་གྱི་ཐུགས་དམ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ༼ས༽ ༔དེ་དག་ནི་དྲག་པོའི་མདོས་ཟོར་བྱིན་གྱིས་བརླབ་པ་དང་༔ མདོས་མགྲོན་གྱི་ཆོས་སྐྱོང་སྤྱན་འདྲེན་པ་དང་༔ ཕྲིན་ལས་བཅོལ་ཞིང་ཐུགས་དམ་གནད་ནས་བསྐུལ་བའི་རིམ་པའོ༔ ༼ཧ༽ ༔དེ་ནས་ལྷ་ཚོགས་འཁོར་དང་བཅས་པ་ཐམས་ཅད་ལ་དྲག་པོའི་མདོས་ཟོར་ཡས་ཆེན་འབུལ་ཞིང་༔ བསྐང་མཆོད་བྱ་བ་ནི༔ ཆང་དང་རཀྟ་དུག་ཁྲག་རིམ་བཞིན་མཆོད་ལ༔ མདོས་ལ་བདུད་རྩི་འཐོར་ཞིང་འདི་སྐད་དོ༔ ༼ཨ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ རང་བྱུང་ཆོས་དབྱིངས་མ་བཅོས་ཀློང་༔ འཆི་མེད་རྡོ་རྗེ་གྲོ་ལོད་རྩལ༔ ཡུམ་མཆོག་མཁའ་འགྲོ་སེང་གེའི་གདོང་༔ ཞི་ཁྲོ་རབ་འབྱམས་འཁོར་ཚོགས་རྣམས༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ ཁྱོད་ལ་མཆོད་པ་འབུལ་བ་ནི༔ དྲག་པོའི་མདོས་ཟོར་ཡས་ཆེན་དང་༔ འདོད་ཡོན་མཆོད་པ་སྣ་ཚོགས་བཀྲམ༔ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་གཏིབས༔ ཕྱི་ནང་གསང་བའི་མཆོད་རྫས་རྣམས༔ གང་འདོད་མཁོ་དགུའི་ལོངས་


KMC020_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་ལྡན༔ སྣང་སྲིད་ཀུན་འགེངས་མདོས་ཟོར་འདི༔ རི་རབ་ལས་ཀྱང་བརྗིད་རེ་ཆེ༔ ལྟ་བས་ཆོག་མི་ཤེས་པའི་ཡས༔ ཡིད་འོང་བག་དྲོ་ལྟ་ན་སྡུག༔ འབྱུང་བ་རླུང་གི་དཀྱིལ་འཁོར་ལ༔ ཚ་ཟེར་མེ་ཡི་གསས་མཁར་བརྒྱན༔ བདེ་ཆེན་ཆུ་ཡི་མཎྜལ་ལ༔ ལྷུན་ཆགས་ས་ཡི་ཕོ་བྲང་མཛེས༔ སྲིད་གསུམ་བཀོད་པའི་ཞིང་ཁམས་རྫོགས༔ འདོད་ཡོན་ཟས་སྣ་རི་ལྟར་སྤུངས༔ དམར་ཆེན་ཤ་ཁྲག་གཏོར་མའི་ཚོགས༔ མཚོ་ལྟར་བསྐྱིལ་ཞིང་རྫ་ལྟར་ལྷག༔ ཁྲག་གི་མཆོད་ཡོན་དམར་ལ་འཚེར༔ དུག་གི་མེ་ཏོག་སྔོ་ལ་ནག༔ གསུར་ཆེན་སྤོས་དུད་སྤྲིན་ལྟར་གཏིབས༔ ཚིལ་ཆེན་མར་མེ་ཁམས་གསུམ་གསལ༔ ཁྲག་གི་དྲི་ཆབ་རྒྱ་མཚོར་འཁྱིལ༔ འབྲུ་ནག་ཞལ་ཟས་རོ་བརྒྱར་ལྡན༔ རྔ་དུང་པི་ཝཾ་སྒྲ་ཆེན་སྙན༔ དར་ནག་བེར་ཆེན་བཀྲག་ལ་གསལ༔ ཟ་འོག་རྒྱ་མཚན་བ་དན་དང་༔ རུ་དར་དར་གདུགས་བླ་བྲེ་རྣམས༔ འཕན་དང་དར་དཔྱངས་སྤུངས་སེ་སྤུང་༔ ནམ་མཁའ་ནག་པོ་འོད་ཟེར་འབར༔ ལྷབ་ལྷུབ་སྲིད་པའི་རྩེ་མོར་སླེབས༔ དྲག་པོའི་དཔལ་བཤོས་ཟུར་གསུམ་དང་༔ ཐུན་ཟོར་རྣོ་དཔལ་ཟངས་སེ་ཟང་༔ འཇིགས་གཟུགས་སྐུ་འབག་ཁྲོ་


KMC020_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་རྔམ༔ བྱ་ནག་འཕུར་འཇུམ་གློག་ལྟར་འཁྱུག༔ ཁྱི་ནག་གསེར་མིག་གཏུམ་ལ་རྔམ༔ རྟ་ནག་མགྱོགས་རྩལ་སྤྲིངས་སེ་སྤྲིང་༔ མི་ལྤགས་རྒྱལ་མཚན་ཁྲག་ཆེན་འཛག༔ གླང་ཆེན་ཀོ་རློན་ཞུན་ཆེན་འཁྱིལ༔ བདུད་ཀྱི་ཁྲམ་ཤིག་མདུང་དར་མདའ༔ བདུད་ཞགས་ལྕགས་ཀྱུ་མཆོག་དཀར་གཞུ༔ རྩིས་ཀྱི་ཤོ་རྡེལ་དཀར་ནག་བཀྲམ༔ ཤ་སྣ་སྙིང་སྣ་གྲམ་ཁྲོད་བརྡལ༔ ནད་ཀྱི་རྐྱལ་པ་ནད་རླངས་འཕྱོ༔ དུག་གི་ལ་དུ་བདུད་རྩི་འཁྱིལ༔ བྲ་བོ་གཡེར་མ་ཚྭ་སྒོག་རམ༔ དྲག་པོའི་མཆོད་རྫས་རི་ལྟར་སྤུངས༔ མཐུན་པའི་ཡོ་བྱད་མཆོད་རྫས་དང་༔ བསྒྲུབ་པའི་གསང་རྫས་མདོས་ཟོར་འདིས༔ རྒྱལ་བ་རབ་འབྱམས་ཀུན་འདུས་བདག༔ ཧེ་རུ་ཀ་དཔལ་ཁྲོ་བོའི་རྒྱལ༔ རྡོ་རྗེ་གྲོ་ལོད་ཐུགས་དམ་བསྐང་༔ ཁྲོ་བོ་བྱེ་བའི་ཐུགས་དམ་བསྐང་༔ མཁའ་འགྲོ་སེང་གདོང་ཐུགས་དམ་བསྐང་༔ ཁྲོ་མོ་བྱེ་བའི་ཐུགས་དམ་བསྐང་༔ དེ་ལྟར་ཐུགས་དམ་བསྐང་བའི་མཐུས༔ བདག་ཅག་འཁོར་དང་བཅས་པ་ཡི༔ སྔོན་ལ་འཕྲལ་རྐྱེན་བར་ཆད་སོལ༔ གཟུགས་


KMC020_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གཟུགས་མེད་དགྲ་བགེགས་དང་༔ བསྟན་དགྲ་རུ་དྲ་དམ་སྲིའི་ཚོགས༔ ཁྲོ་རྒྱལ་ཁྱོད་ཀྱིས་བཞེས་སུ་གསོལ༔ ལོ་ཟླ་ཞག་དུས་མ་འགོར་བར༔ སྐད་ཅིག་གློག་འགྱུར་སྲོག་རྩ་ཆོད༔ གཟུགས་ཕུང་ཡུལ་མཁར་རྡུལ་དུ་རློག༔ དུས་ལས་མ་འདའ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ཕ་རོལ་བྱད་མ་བཟློག་ཏུ་གསོལ༔ ཨཱོཾ་ཨཱཿཧཱུྃ་ཤྲཱི་ཧེ་རུ་ཀ་མ་ཧཱ་གུ་རུ་པདྨ་སཾ་བྷ་ཝ་བཛྲ་ཀྲོ་དྷ་རཱ་ཛ་ཙིཏྟ་བཛྲ་ས་མ་ཡ་ཛཿཛཿ ཕེཾ་ཕེཾ༔ ཧཱུྃ་ཧཱུྃ༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿབྷྱོཿཧྲཱིཿ ཧཱུྃ༔ དགྲ་བགེཊ་དམ་སྲི་ཁཱ་ཧི་ཁཱ་ཧི༔ ༼ཀ༽ ༔མདོས་ལ་བདུད་རྩི་འཐོར་ཞིང་༔ ༔ཧཱུྃ་ཧཱུྃ་ཧཱུྃ༔ མ་ཧཱ་ཀཱ་ལ་མཐུ་བོ་ཆེ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ རྒྱལ་བ་ཀུན་གྱི་བཀའ་སྡོད་ཆེ༔ མཐུ་སྟོབས་རྫུ་འཕྲུལ་མངོན་ཤེས་ལྡན༔ ཡེ་ཤེས་སྤྱན་ལྡན་དུས་གསུམ་གཟིགས༔ སངས་རྒྱས་བསྟན་པའི་མེལ་ཚེལ་མཛད༔ བསྟན་འཛིན་སྐྱེས་བུའི་དགྲ་བླ་ཆེ༔ སྟོབས་བཅུའི་རྩལ་ལྡན་ནག་པོ་ཆེ༔


KMC020_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདས་སྲིད་གསུམ་ལྷ་འདྲེའི་བདག༔ དྲེགས་པའི་རྒྱལ་པོ་ཏྲཀྴད་བདུད༔ ལས་ཀྱི་མགོན་པོ་རྟ་ནག་ཅན༔ བསྟན་དགྲ་ཀུན་སྒྲོལ་བདུད་ཀྱི་རྗེ༔ ཡུམ་ཆེན་བདུད་མོ་དུང་སྐྱོང་མ༔ བཙན་མོ་དམར་ནག་ཁྲག་རལ་ཅན༔ མ་མོ་སྨུག་ནག་ནད་ཀྱི་བདག༔ གཤིན་རྗེའི་བུ་མོ་གློག་མ་སྤྲིན༔ ཀླུ་བདུད་སྔོན་མོ་ཕྲིན་ལས་མ༔ རང་རང་འཁོར་ཚོགས་བགྲང་ལས་འདས༔ གདུག་པའི་ཚོགས་དང་བཅས་པ་རྣམས༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ ཁྱོད་ལ་མཆོད་པ་འབུལ་བ་ནི༔ དྲག་པོའི་མདོས་ཟོར་ཡས་ཆེན་དང་༔ ཞེས་པ་ནས༔ མཐུན་པའི་ཡོ་བྱད་མཆོད་རྫས་དང་༔ བསྒྲུབ་པའི་གསང་རྫས་མདོས་ཟོར་འདིས༔ འཁོར་འདས་སྲིད་གསུམ་ལྷ་འདྲེའི་བདག༔ མ་ཧཱ་ཀཱ་ལ་ཏྲཀྴད་བདུད༔ ནག་པོ་ཐོད་ཕྲེང་ཐུགས་དམ་བསྐང་༔ དགྲ་སྙིང་དམར་འདྲེན་ཐུགས་དམ་བསྐང་༔ ནག་པོ་བཀྲག་མེད་ཐུགས་དམ་བསྐང་༔ དུང་སྐྱོང་ལྷ་མོའི་ཐུགས་དམ་


KMC020_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་༔ བཙན་མོ་དམར་ནག་ཐུགས་དམ་བསྐང་༔ མ་མོ་སྨུག་ནག་ཐུགས་དམ་བསྐང་༔ གཤིན་རྗེའི་བུ་མོའི་ཐུགས་དམ་བསྐང་༔ ཀླུ་མོ་སྔོན་མོའི་ཐུགས་དམ་བསྐང་༔ དེ་ལྟར་ཐུགས་དམ་བསྐང་བའི་མཐུས༔ བདག་ཅག་འཁོར་དང་བཅས་པ་ཡི༔ སྔོན་ལས་འཕྲལ་རྐྱེན་བར་ཆད་སོལ༔ གཟུགས་ཅན་གཟུགས་མེད་དགྲ་བགེགས་དང་༔ བསྟན་དགྲ་རུ་དྲ་དམ་སྲིའི་ཚོགས༔ ཁྲོ་རྒྱལ་ཁྱོད་ཀྱིས་བཞེས་སུ་གསོལ༔ ལོ་ཟླ་ཞག་དུས་མ་འགོར་བར༔ སྐད་ཅིག་གློག་འགྱུར་སྲོག་རྩ་ཆོད༔ གཟུགས་ཕུང་ཐལ་བ་རྡུལ་དུ་རློག༔ དུས་ལ་མ་འདའ་ས་མ་ཡ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ ཕ་རོལ་བྱད་མ་བཟློག་ཏུ་གསོལ༔ ཨཱོཾ་མ་ཧཱ་ཀཱ་ལ་ཏྲཀྴད་མ་ཧཱ་ཀཱ་ལ་སུ་ཏྲི་ཡ་མ་དུ༔ དགྲ་བོའི་སྲོག་རྩ་ལ་རྦད༔ སྙིང་ཁྲག་ལྗིབ་ལྗིབ༔ ཁྲག་རྩ་ལ་རྦད༔ དུམ་བུར་གཏུབ་གཏུབ༔ ཤ་རུས་ཕུང་ཁམས་རྡུལ་དུ་རློག་རློག༔ ཧཱུྃ་རྦད༔ དུ་རྦད༔ མ་རྦད༔ ཡ་རྦད༔ ཏྲི་རྦད༔ ཨ་ཡ་མ་དུ་རུ་


KMC020_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཙ་ཤ་ན༔ དགྲ་བགེགས་མཱ་ར་ཡ་ཕཊ༔ རྦད་རྦད༔ མྱོགས་མྱོགས༔ ཡཾ་ཡཾ༔ ཟློག་ཟློག༔ དགྲ་བགེགས་དམ་སྲི་ཁཱ་ཧི་ཁཱ་ཧི༔ ཅེས་སོགས་རྦད་སྔགས་ཚར་གཅིག་གི་མཐར༔ དགྲ་བགེགས་དམ་སྲི་ཁཱ་ཧི་ཁཱ་ཧི༔ ཡང་མདོས་ལ་བདུད་རྩི་འཐོར་ཞིང་༔ འདི་སྐད་དོ༔ ༼ཁ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ མ་ཧཱ་ཀཱ་ལ་ཏྲཀྴད་ཀྱི༔ སྐུ་ཡི་སྤྲུལ་པ་བདུད་མགོན་ནི༔ ཤར་ཕྱོགས་དྲི་ཟའི་རྒྱལ་པོ་ཆེ༔ ཚེ་ལེན་འདྲེ་བདུད་འཁོར་དང་བཅས༔ མི་ནག་རྟ་ནག་མྱུར་མགྱོགས་ལྡན༔ དགྲ་བོའི་ཚེ་ཡི་འདུ་བྱེད་བཀུམས༔ སྤྲུལ་པའི་ཕོ་ཉ་འཁོར་བཅས་རྣམས༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ ཁྱོད་ལ་མཆོད་པ་འབུལ་བ་ནི༔ དྲག་པོའི་མདོས་ཟོར་ཡས་ཆེན་དང་༔ ཞེས་པ་ནས༔ མཐུན་པའི་ཡོ་བྱད་མཆོད་རྫས་དང་༔ བསྒྲུབ་པའི་གསང་རྫས་མདོས་ཟོར་འདིས༔ མ་ཧཱ་ཀཱ་ལ་ཏྲཀྴད་ཀྱི༔ སྐུ་ཡི་སྤྲུལ་པ་ཚེ་ལེན་བདུད༔ འདྲེ་བདུད་འཁོར་བཅས་ཐུགས་དམ་བསྐང་༔ དྲི་ཟ་བསམ་འདས་ཐུགས་དམ་བསྐང་༔ གཟུགས་


KMC020_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་བཤིག་བྱེད་ཐུགས་དམ་བསྐང་༔ དེ་ལྟར་ཐུགས་དམ་བསྐང་པའི་མཐུས༔ ཞེས་པ་ནས༔ ཨཱོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ཅེས་པ་ནས་རྦད་སྔགས་མཐར༔ དགྲ་བགེགས་དམ་སྲི་ཁཱ་ཧི་ཁཱ་ཧི༔ ༼ཁ༽ ༔མདོས་ཟོར་ལ་བདུད་རྩི་འཐོར་ཞིང་འདི་སྐད་དོ༔ ཧཱུྃ་ཧཱུྃ་ཧཱུྃ༔ མ་ཧཱ་ཀཱ་ལ་ཏྲཀྴད་ཀྱི༔ ཡོན་ཏན་སྤྲུལ་པ་བདུད་མགོན་ནི༔ ལྷོ་ཕྱོགས་གཤིན་རྗེའི་རྒྱལ་པོ་ཆེ༔ སྲོག་ལེན་མེ་བདུད་འཁོར་དང་བཅས༔ མི་ནག་རྟ་ནག་མྱུར་མགྱོགས་ལྡན༔ དགྲ་བོའི་སྲོག་རྩ་ཧུར་ཐུམ་བཀུམས༔ སྤྲུལ་པའི་ཕོ་ཉ་འཁོར་བཅས་རྣམས༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ ཁྱོད་ལ་མཆོད་པ་འབུལ་བ་ནི༔ དྲག་པོའི་མདོས་ཟོར་ཡས་ཆེན་དང་༔ ཞེས་པ་ནས༔ མཐུན་པའི་ཡོ་བྱད་མཆོད་རྫས་དང་༔ བསྒྲུབ་པའི་གསང་རྫས་མདོས་ཟོར་འདིས༔ མ་ཧཱ་ཀཱ་ལ་ཏྲཀྴད་ཀྱི༔ ཡོན་ཏན་སྤྲུལ་པ་མེ་ཡི་བདུད༔ སྲོག་ལེན་འཁོར་བཅས་ཐུགས་དམ་བསྐང་༔ གཤིན་རྗེ་བསམ་འདས་ཐུགས་དམ་བསྐང་༔ སྲོག་རྩ་གཅོད་བྱེད་ཐུགས་དམ་བསྐང་༔ དེ་ལྟར་


KMC020_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་བསྐང་བའི་མཐུས༔ ཞེས་པ་ནས༔ ཨཱོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ཅེས་པ་ནས་རྦད་སྔགས་མཐར༔ དགྲ་བགེགས་དམ་སྲི་ཁཱ་ཧི་ཁཱ་ཧི༔ ༼ང༽ མདོས་ལ་བདུད་རྩི་མཐོར་ཞིང་འདི་སྐད་དོ༔ ཧཱུྃ་ཧཱུྃ་ཧཱུྃ༔ མ་ཧཱ་ཀཱ་ལ་ཏྲཀྴད་ཀྱི༔ གསུང་གི་སྤྲུལ་པའི་བདུད་མགོན་ནི༔ ནུབ་ཕྱོགས་བཙན་གྱི་རྒྱལ་པོ་ཆེ༔ དབུགས་ལེན་ཆུ་བདུད་འཁོར་དང་བཅས༔ མི་ནག་རྟ་ནག་མྱུར་མགྱོགས་ལྡན༔ དགྲ་བོའི་དབུགས་རླུང་རྒྱུ་བ་གཅོད༔ སྤྲུལ་པའི་ཉ་འཁོར་བཅས་རྣམས༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ ཁྱོད་ལ་མཆོད་པ་འབུལ་བ་ནི༔ དྲག་པོའི་མདོས་ཟོར་ཡས་ཆེན་དང་༔ ཞེས་པ་ནས༔ མཐུན་པའི་ཡོ་བྱད་མཆོད་རྫས་དང་༔ བསྒྲུབ་པའི་གསང་རྫས་མདོས་ཟོར་འདིས༔ མ་ཧཱ་ཀཱ་ལ་ཏྲཀྴད་ཀྱི༔ གསུང་གི་སྤྲུལ་པ་དབུགས་ཀྱི་བདུད༔ སྲོག་གཤེད་ནག་པོའི་ཐུགས་དམ་བསྐང་༔ ཀླུ་བདུད་འཁོར་བཅས་ཐུགས་དམ་བསྐང་༔ ཀླུ་བཙན་བསམ་འདས་ཐུགས་དམ་བསྐང་༔ དབུག་སྡུད་ཆེན་པོའི་ཐུགས་དམ་བསྐང་༔


KMC020_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཐུགས་དམ་བསྐང་པའི་མཐུས༔ ཞེས་པ་ནས༔ ཨཱོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ཅེས་པ་ནས་རྦད་སྔགས་མཐར༔ དགྲ་བགེགས་དམ་སྲི་ཁཱ་ཧི་ཁཱ་ཧི༔ ༼ཅ༽ ༔མདོས་ལ་བདུད་རྩི་འཐོར་ཞིང་འདི་སྐད་དོ༔ ཧཱུྃ་ཧཱུྃ་ཧཱུྃ༔ མ་ཧཱ་ཀཱ་ལ་ཏྲཀྴད་ཀྱི༔ ཕྲིན་ལས་སྤྲུལ་པའི་previous hit མགོནཔོ་ནི༔ བྱང ་ཕྱོགས་གནོད་སྦྱིན་རྒྱལ་པོ་ཆེ༔ མཐུ་ཆེན་ཉི་བདུད་སྲོག་འཕྲོག་སྟེ༔ མི་ནག་རྟ་ནག་མྱུར་མགྱོགས་ལྡན༔ དགྲ་བོའི་དྭངས་མ་བཀྲག་མདངས་སྡུད༔ སྤྲུལ་པའི་ཕོ་ཉ་འཁོར་བཅས་རྣམས༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ ཁྱོད་ལ་མཆོད་པ་འབུལ་བ་ནི༔ དྲག་པོའི་མདོས་ཟོར་ཡས་ཆེན་དང་༔ ཞེས་པ་ནས༔ མཐུན་པའི་ཡོ་བྱད་མཆོད་རྫས་དང་༔ བསྒྲུབ་པའི་གསང་རྫས་མདོས་ཟོར་འདིས༔ མ་ཧཱ་ཀཱ་ལ་ཏྲཀྴད་ཀྱི༔ ཕྲིན་ལས་སྤྲུལ་པ་ཉི་མའི་བདུད༔ སྲོག་འཕྲོག་འཁོར་བཅས་ཐུགས་དམ་བསྐང་༔ གནོད་སྦྱིན་བསམ་འདས་ཐུགས་དམ་བསྐང་༔ བཀྲག་མདངས་བཅོམ་བྱེད་ཐུགས་དམ་བསྐང་༔ དེ་ལྟར་ཐུགས་དམ་བསྐང་བའི་མཐུས༔


KMC020_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནས༔ ཨཱོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ཅེས་པ་ནས་རྦད་སྔགས་མཐར༔ དགྲ་བགེགས་དམ་སྲི་ཁཱ་ཧི་ཁཱ་ཧི༔ ༼ཆ༽ ༔མདོས་ལ་རཀྟ་འཐོར་ཞིང་འདི་སྐད་དོ༔ ཧཱུྃ་ཧཱུྃ་ཧཱུྃ༔ མ་ཧཱ་ཀཱ་ལ་ཏྲཀྴད་ཀྱི༔ སྤྲུལ་པ་དགྲ་བགེགས་འགུགས་བྱེད་པའི༔ ལས་མགོན་ཕོ་ཉ་དྲག་ཤུལ་ཅན༔ ས་བདུད་ཏྲཀྴད་མཐུ་བོ་ཆེ༔ མེ་ལྷ་དྲང་སྲོང་རྒྱལ་པོ་ནི༔ མི་ནག་རྟ་ནག་མྱུར་མགྱོགས་ལྡན༔ དགྲ་བོའི་དབེན་ཁང་འཇིགས་པར་བྱེད༔ ཕོ་ཉ་འགུགས་བྱེད་འཁོར་བཅས་རྣམས༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ ཁྱོད་ལ་མཆོད་པ་འབུལ་བ་ནི༔ དྲག་པོའི་མདོས་ཟོར་ཡས་ཆེན་དང་༔ ཞེས་པ་ནས༔ མཐུན་པའི་ཡོ་བྱད་མཆོད་རྫས་དང་༔ བསྒྲུབ་པའི་གསང་རྫས་མདོས་ཟོར་འདིས༔ ལས་ཀྱི་མགོན་པོ་ཏྲཀྴད་ཀྱི༔ ཕོ་ཉ་ས་བདུད་ས་གཡོས་བདག༔ ཡུལ་མཁར་འཇིག་བྱེད་ཐུགས་དམ་བསྐང་༔ གཟུགས་ཕུང་བཤིན་བྱེད་ཐུགས་དམ་བསྐང་༔ མེ་ལྷའི་དམག་ཚོགས་ཐུགས་དམ་བསྐང་༔ དེ་ལྟར་ཐུགས་དམ་བསྐང་བའི་མཐུས༔


KMC020_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནས༔ ཨཱོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ཅེས་པ་ནས་རྦད་སྔགས་མཐར༔ དགྲ་བགེགས་དམ་སྲི་ཁཱ་ཧི་ཁཱ་ཧི༔ ༼ཇ༽ ༔མདོས་ལ་རཀྟ་འཐོར་ཞིང་འདི་སྐད་དོ༔ ཧཱུྃ་ཧཱུྃ་ཧཱུྃ༔ མ་ཧཱ་ཀཱ་ལ་ཏྲཀྴད་ཀྱི༔ སྤྲུལ་པ་དགྲ་བགེགས་འཆིང་བྱེད་པའི༔ ལས་མགོན་ཕོ་ཉ་དྲག་ཤུལ་ཅན༔ ཟླ་བདུད་ཏྲཀྴད་མཐུ་བོ་ཆེ༔ སྲིན་པོ་གཟའ་བདུད་རྒྱལ་པོ་ནི༔ མི་ནག་རྟ་ནག་མྱུར་མགྱོགས་ཅན༔ དགྲ་བོའི་ཡུལ་སྡེ་འཇིག་པར་བྱེད༔ ཕོ་ཉ་འཆིང་བྱེད་འཁོར་བཅས་རྣམས༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ ཁྱོད་ལ་མཆོད་པ་འབུལ་བ་ནི༔ དྲག་པོའི་མདོས་ཟོར་ཡས་ཆེན་དང་༔ ཞེས་པ་ནས༔ མཐུན་པའི་ཡོ་བྱད་མཆོད་རྫས་དང་༔ བསྒྲུབ་པའི་གསང་རྫས་མདོས་ཟོར་འདིས༔ ལས་ཀྱི་མགོན་པོ་ཏྲཀྴད་ཀྱི༔ ཕོ་ཉ་ཟླ་བདུད་ཡུལ་འཇོམས་མཁན༔ འཇིག་རྟེན་གཡོ་བྱེད་ཐུགས་དམ་བསྐང་༔ དགྲ་བགེགས་འཆིང་བྱེད་ཐུགས་དམ་བསྐང་༔ སྲིན་པོའི་དམག་ཚོགས་ཐུགས་དམ་བསྐང་༔ དེ་ལྟར་ཐུགས་དམ་བསྐང་པའི་མཐུས༔ ཞེས་པ་ནས༔ ཨཱོཾ་མ་ཧཱ་


KMC020_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཀཱ་ལ་ཏྲཀྴད་ཅེས་པ་ནས་རྦད་སྔགས་མཐར༔ དགྲ་བགེགས་དམ་སྲི་ཁཱ་ཧི་ཁཱ་ཧི༔ ༼ཉ༽ ༔མདོས་ཟོར་ལ་རཀྟ་འཐོར་ལ་འདི་སྐད་དོ༔ ཧཱུྃ་ཧཱུྃ་ཧཱུྃ༔ མ་ཧཱ་ཀཱ་ལ་ཏྲཀྴད་ཀྱི༔ སྤྲུལ་པ་དགྲ་བགེགས་སྡོམ་བྱེད་ནི༔ ལས་མགོན་ཕོ་ཉ་དྲག་ཤུལ་ཅན༔ རླུང་བདུད་ཏྲཀྴད་མཐུ་བོ་ཆེ༔ རླུང་ལྷ་དམ་ཅན་རྒྱལ་པོ་ནི༔ མི་ནག་རྟ་ནག་མྱུར་མགྱོགས་ཅན༔ དགྲ་བོའི་ཡུལ་མཁར་གཏོར་བར་བྱེད༔ ཕོ་ཉ་སྡོམ་བྱེད་འཁོར་བཅས་རྣམས༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ ཁྱོད་ལ་མཆོད་པ་འབུལ་བ་ནི༔ དྲག་པོའི་མདོས་ཟོར་ཡས་ཆེན་དང་༔ ཞེས་པ་ནས༔ མཐུན་པའི་ཡོ་བྱད་མཆོད་རྫས་དང་༔ བསྒྲུབ་པའི་གསང་རྫས་མདོས་ཟོར་འདིས༔ ལས་ཀྱི་མགོན་པོ་ཏྲཀྴད་ཀྱི༔ ཕོ་ཉ་རླུང་བདུད་གཏོར་བྱེད་ཀྱི༔ ལྷ་ཚོགས་འཁོར་བཅས་ཐུགས་དམ་བསྐང་༔ ཁམས་གསུམ་འཇིགས་བྱེད་ཐུགས་དམ་བསྐང་༔ སྲིད་གསུམ་གཡོ་བྱེད་ཐུགས་དམ་བསྐང་༔ རླུང་ལྷའི་དམག་ཚོགས་ཐུགས་དམ་བསྐང་༔ དེ་ལྟར་ཐུགས་དམ་


KMC020_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་བའི་མཐུས༔ ཞེས་པ་ནས༔ ཨཱོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ཅེས་པ་ནས་རྦད་སྔགས་མཐར༔ དགྲ་བགེགས་དམ་སྲི་ཁཱ་ཧི་ཁཱ་ཧི༔ ༼ཏ༽ ༔མདོས་ཟོར་ལ་རཀྟ་འཐོར་ཞིང་སྐད་དོ༔ ཧཱུྃ་ཧཱུྃ་ཧཱུྃ༔ མ་ཧཱ་ཀཱ་ལ་ཏྲཀྴད་ཀྱི༔ སྤྲུལ་པ་དགྲ་བགེགས་མྱོས་བྱེད་ནི༔ ལས་མགོན་ཕོ་ཉ་དྲག་ཤུལ་ཅན༔ མེ་བདུད་ཤན་པ་ལག་དམར་ནི༔ ཏྲཀྴད་ནག་པོའི་ཕྲིན་ལས་བདག༔ དབང་ལྡན་འབྱུང་པོའི་རྒྱལ་པོ་ཆེ༔ མི་ནག་རྟ་ནག་མྱུར་མགྱོགས་ཅན༔ དགྲ་བོའི་མདོས་ཟོར་ཡས་ཆེན་དང་༔ ཞེས་པ་ནས༔ མཐུན་པའི་ཡོ་བྱད་མཆོད་རྫས་དང་༔ བསྒྲུབ་པའི་གསང་རྫས་མདོས་ཟོར་འདིས༔ ལས་ཀྱི་མགོན་པོ་ཏྲཀྴད་ཀྱི༔ ཕོ་ཉ་མེ་བདུད་འཁོར་བཅས་ཀྱི༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ ཤན་པ་ལག་དམར་ཐུགས་དམ་བསྐང་༔ དུག་གི་སྤུ་གྲིའི་ཐུགས་དམ་བསྐང་༔ འབྱུང་པོའི་དམག་ཚོགས་ཐུགས་དམ་བསྐང་༔ དེ་ལྟར་ཐུགས་དམ་བསྐང་བའི་མཐུས༔ ཞེས་པ་ནས༔ ཨཱོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ཅེས་པ་ནས་རྦད་སྔགས་མཐར༔ དགྲ་བགེགས་དམ་སྲི་ཁཱ་ཧི་ཁཱ་ཧི༔ ༼ཐ༽


KMC020_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་ཟོར་ལ་དུག་དང་ཁྲག་བསྲེས་པ་མཆོད་ལ་འདི་སྐད་དོ༔ ཧཱུྃ་ཧཱུྃ་ཧཱུྃ༔ མ་ཧཱ་ཀཱ་ལ་སྲིད་གསུམ་བདག༔ བདུད་མགོན་ཏྲཀྴད་ནག་པོ་ཡི༔ ལས་མཁན་བཀའ་སྡོད་དམག་དཔུང་ཚོགས༔ སྟེང་ཕྱོགས་ལྷ་དང་འོག་ཕྱོགས་ཀླུ༔ བར་ཕྱོགས་གཉན་དང་སྡེ་བརྒྱད་དམག༔ ཡེ་ཤེས་ལས་དང་འཇིག་རྟེན་གྱི༔ ཁམས་གསུམ་སྲིད་གསུམ་ལྷ་འདྲེའི་དམག༔ དམ་ཅན་སྲུང་མ་རྒྱ་མཚོའི་ཚོགས༔ སྤྲུལ་དང་ཡང་སྤྲུལ་འཁོར་བཅས་རྣམས༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ ཁྱོད་ལ་མཆོད་པ་འབུལ་བ་ནི༔ དྲག་པོའི་མདོས་ཟོར་ཡས་ཆེན་དང་༔ ཞེས་པ་ནས༔ མཐུན་པའི་ཡོ་བྱད་མཆོད་རྫས་དང་༔ བསྒྲུབ་པའི་གསང་རྫས་མདོས་ཟོར་འདིས༔ ལྷ་དམག་བསམ་འདས་ཐུགས་དམ་བསྐང་༔ གཤིན་རྗེ་བསམ་འདས་ཐུགས་དམ་བསྐང་༔ མ་མོ་བསམ་འདས་ཐུགས་དམ་བསྐང་༔ བདུད་དམག་བསམ་འདས་ཐུགས་དམ་བསྐང་༔ བཙན་དམག་བསམ་འདས་ཐུགས་དམ་


KMC020_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་༔ སྲིན་པོ་བསམ་འདས་ཐུགས་དམ་བསྐང་༔ རྒྱལ་པོའི་དམག་ཚོགས་ཐུགས་དམ་བསྐང་༔ ཀླུ་བདུད་དམག་ཚོགས་ཐུགས་དམ་བསྐང་༔ གཟའ་བདུད་དམག་ཚོགས་ཐུགས་དམ་བསྐང་༔ སྲིད་གསུམ་ལྷ་འདྲེའི་དམག་ཚོགས་རྣམས༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དེ་ལྟར་ཐུགས་དམ་བསྐང་བའི་མཐུས༔ ཞེས་པ་ནས༔ ཨཱོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ཅེས་པ་ནས་རྦད་སྔགས་མཐར༔ དགྲ་བགེགས་དམ་སྲི་ཁཱ་ཧི་ཁཱ་ཧི༔ ༼ད༽ མདོས་ལ་དུག་ཁྲག་མཆོད་ལ་འདི་སྐད་དོ༔ ཧཱུྃ་ཧཱུྃ་ཧཱུྃ༔ མ་ཧཱ་ཀཱ་ལ་མཐུ་བོ་ཆེ༔ བདུད་མགོན་ཏྲཀྴད་ནག་པོ་ཡི༔ བཀའ་སྡོད་དྲེགས་པའི་དམག་གི་ཚོགས༔ ཕྱོགས་སྐྱོང་བཅུ་དང་རྒྱ་ཆེན་བཞི༔ གཙང་རིས་མགོན་པོ་བདུན་ཅུ་གཉིས༔ ཕྲ་མེན་དབང་ཕྱུག་ཉེར་བརྒྱད་ཚོགས༔ དྲེགས་པ་སྔགས་བདག་བཅོ་བརྒྱད་པོ༔ དྲེགས་པའི་སྡེ་དཔོན་སུམ་ཅུའི་ཚོགས༔ བརྟན་མ་བཅུ་གཉིས་སྐྱོང་མ་བརྒྱ༔ འཁོར་དང་སྤྲུལ་པའི་དམག་ཚོགས་བཅས༔ བདག་ལ་གསན་ཅིང་དགོངས་སུ་


KMC020_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ ཁྱོད་ལ་མཆོད་པ་འབུལ་བ་ནི༔ དྲག་པོའི་མདོས་ཟོར་ཡས་ཆེན་དང་༔ ཞེས་པ་ནས༔ མཐུན་པའི་ཡོ་བྱད་མཆོད་རྫས་དང་༔ བསྒྲུབ་པའི་གསང་རྫས་མདོས་ཟོར་འདིས༔ ཕྱོགས་སྐྱོང་བཅུ་ཡི་ཐུགས་དམ་བསྐང་༔ རྒྱལ་ཆེན་བཞི་ཡི་ཐུགས་དམ་བསྐང་༔ གཙང་རིས་དྲེགས་པའི་ཐུགས་དམ་བསྐང་༔ ཕྲ་མེན་ཉེར་བརྒྱད་ཐུགས་དམ་བསྐང་༔ སྔགས་བདག་བཅོ་བརྒྱད་ཐུགས་དམ་བསྐང་༔ སྡེ་དཔོན་སུམ་ཅུའི་ཐུགས་དམ་བསྐང་༔ བརྟན་མ་བཅུ་གཉིས་ཐུགས་དམ་བསྐང་༔ སྐྱོང་མ་བརྒྱ་ཡི་ཐུགས་དམ་བསྐང་༔ སྣང་སྲིད་ལྷ་འདྲེའི་ཐུགས་དམ་བསྐང་༔ འཁོར་དང་སྤྲུལ་པའི་དམག་ཚོགས་ཀྱི༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དེ་ལྟར་ཐུགས་དམ་བསྐང་བའི་མཐུས༔ ཞེས་པ་ནས༔ ཨཱོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ཅེས་པ་སོགས་རྦད་སྔགས་མཐར༔ དགྲ་བགེགས་དམ་སྲི་ཁཱ་ཧི་ཁཱ་ཧི༔ ༼ན༽ ༔མདོས་ལ་དུག་ཁྲག་མཆོད་ལ༔ ཧཱུྃ་ཧཱུྃ་ཧཱུྃ༔ འཇིག་རྟེན་མགོན་པོ་དྲག་རྩལ་ཅན༔ བདུད་མགོན་ཏྲཀྴད་


KMC020_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ཡི༔ ལས་མཁན་དམག་དཔོན་རུ་འདྲེན་བདུན༔ ཤར་ཕྱོགས་དམག་གི་རུ་འདྲེན་པ༔ འདོད་ཁམས་དབང་ཕྱུག་སྲིད་གསུམ་བདག༔ སྣང་སྲིད་ལྷ་འདྲེའི་འཁོར་གྱིས་བསྐོར༔ ལྷོ་ཕྱོགས་དམག་གི་རུ་འདྲེན་པ༔ ཡ་མ་རཱ་ཛ་མཐུ་བོ་ཆེ༔ ལས་མཁན་སྲོག་བདག་འཁོར་གྱིས་བསྐོར༔ ནུབ་ཕྱོགས་དམག་གི་རུ་འདྲེན་པ༔ ཁྱབ་འཇུག་གཟའ་བདུད་སྒྲ་གཅན་འཛིན༔ ལྷ་སྲིན་སྡེ་བརྒྱད་གྱིས་བསྐོར༔ བྱང་ཕྱོགས་དམག་གི་རུ་འདྲེན་པ༔ བྱ་རོག་དུག་གདོང་ཕྲིན་ལས་བདག༔ འཇིག་རྟེན་མགོན་པོའི་འཁོར་གྱིས་བསྐོར༔ སྟེང་ཕྱོགས་དམག་གི་རུ་འདྲེན་པ༔ ལེགས་ལྡན་ནག་པོ་སྲིད་གསུམ་འདུལ༔ ཡེ་ཤེས་མགོན་པོའི་འཁོར་གྱིས་བསྐོར༔ འོག་ཕྱོགས་དམག་གི་རུ་འདྲེན་པ༔ ནཱ་ག་བཛྲ་རཱ་ཛ་ནི༔ ཀླུ་བདུད་ཀླུ་སྨན་འཁོར་གྱིས་བསྐོར༔ དབུས་ཕྱོགས་དམག་གི་རུ་འདྲེན་པ༔ སྲོག་བདུད་ཤན་པ་ལག་དམར་བདུད༔ ལས་ཀྱི་མགོན་པོའི་འཁོར་གྱིས་བསྐོར༔


KMC020_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པ་ཡང་སྤྲུལ་ལས་མཁན་རྣམས༔ གྲངས་ལས་འདས་པའི་ལྷ་ཚོགས་ཀུན༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ ཁྱོད་ལ་མཆོད་པ་འབུལ་བ་ནི༔ དྲག་པོའི་མདོས་ཟོར་ཡས་ཆེན་དང་༔ ཞེས་པ་ནས༔ མཐུན་པའི་ཡོ་བྱད་མཆོད་རྫས་དང་༔ བསྒྲུབ་པའི་གསང་རྫས་མདོས་ཟོར་འདིས༔ རུ་འདྲེན་སྡེ་བདུན་ཐུགས་དམ་བསྐང་༔ འདོད་ཁམས་དབང་ཕྱུག་ཐུགས་དམ་བསྐང་༔ སྣང་སྲིད་ལྷ་འདྲེའི་ཐུགས་དམ་བསྐང་༔ ཡ་མ་རཱ་ཛའི་ཐུགས་དམ་བསྐང་༔ ཕོ་ཉ་ལས་མཁན་ཐུགས་དམ་བསྐང་༔ ཁྱབ་འཇུག་ནག་པོའི་ཐུགས་དམ་བསྐང་༔ ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང་༔ བྱ་རོག་དུག་གདོང་ཐུགས་དམ་བསྐང་༔ ལས་མགོན་བགྲང་འདས་ཐུགས་དམ་བསྐང་༔ ལེགས་ལྡན་ནག་པོའི་ཐུགས་དམ་བསྐང་༔ མགོན་པོའི་དམག་ཚོགས་ཐུགས་དམ་བསྐང་༔ བཛྲ་རཱ་ཛའི་ཐུགས་དམ་བསྐང་༔ ཀླུ་བདུད་ཀླུ་སྨན་ཐུགས་དམ་བསྐང་༔ ཤན་པ་ལག་དམར་


KMC020_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་བསྐང་༔ སྲོག་བདུད་བགྲང་འདས་ཐུགས་དམ་བསྐང་༔ ཡེ་ཤེས་ལས་དང་འཇིག་རྟེན་གྱི༔ བདུད་མགོན་ཏྲཀྴད་ནག་པོ་ཡི༔ བཀའ་སྡོད་སྤྲུལ་པ་ཡང་སྤྲུལ་རྣམས༔ ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དེ་ལྟར་ཐུགས་དམ་བསྐང་བའི་མཐུས༔ ཞེས་པ་ནས༔ ཨཱོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ཅེས་པ་སོགས་རྦད་སྔགས་མཐར༔ དགྲ་བགེགས་དམ་སྲི་ཁཱ་ཧི་ཁཱ་ཧི༔ ༼པ༽ ཧཱུྃ་ཧཱུྃ་ཧཱུྃ༔ རང་མདུན་ཨེ་ལས་ལྕགས་ཁང་གྲུ་གསུམ་འབར༔ སྐུ་གསུམ་ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ དེ་དབུས་ནྲྀ་ཏྲི་ལས་བྱུང་གདོན་བགེགས་གཟུགས༔ དབང་པོ་སྒོ་དྲུག་མ་ཉམས་ལེགས་གསལ་ཞིང་༔ རྣམ་ཤེས་ཚོགས་བརྒྱད་དྲན་རིག་རབ་གསལ་བའི༔ རྒྱན་སྤྲས་དམིགས་བྱའི་གཟུགས་སུ་གསལ་བར་གྱུར༔ ༔ན་མོ༔ དཀོན་མཆོག་གསུམ་དང་ཡི་དམ་ཞི་ཁྲོའི་ལྷ༔ དབའ་བོ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་ཚོགས༔ རྒྱལ་བ་རབ་འབྱམས་རྣམས་ཀྱི་བདེན་སྟོབས་ཀྱིས༔ བསྟན་དང་འགྲོ་ཀུན་བདག་ཅག་འཁོར་བཅས་ལ༔


KMC020_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་ཅིང་འཚེ་བའི་འདྲེ་གདོན་འབྱུང་པོ་དང་༔ གཟུགས་ཅན་གཟུགས་མེད་རུ་དྲ་དམ་ལོག་རྣམས༔ སྣང་སྲིད་འཁོར་འདས་རིགས་དྲུག་ལམ་རྒྱུད་ལྔ༔ སྐྱེ་བའི་གནས་བཞི་གར་གནས་གར་འདུག་ཀྱང་༔ སྐད་ཅིག་རང་དབང་མེད་པར་འདིར་ཁུག་ཅིག༔ དམིགས་པའི་རྟེན་ལ་སིབ་སིབ་ཐིམ་པར་གྱུར༔ ནྲྀ་ཏྲི་ཨཱ་ཀཪྵ་ཡ་ཛཿཛཿ ཛཿཧཱུྃ་བྃ་ཧོཿ མཱ་ར་ཡ་ནན་ནན༔ བྷནྡྷ་བྷནྡྷ་ཧོཿ ཨཱོཾ་མ་ཧཱ་ཀཱ་ལ་ཏྲཀྴད་ཛཿ ཨཱོཾ་མ་ཧཱ་ཀཱ་ལ་སུ་ཏྲི་ཡ་མ་དུ་ཛཿ ཤེལ་ཤེལ་དགྲ་བོའི་བླ་ཤེལ༔ ཤག་ཤག་དགྲ་བོའི་བླ་ལ་ཤག༔ ཕུང་ཕུང་དགྲ་བོའི་བླ་ལ་ཕུང་༔ ཐུན་ཐུན་དགྲ་བོའི་བླ་ལ་ཐུན༔ མུག་མུག་དགྲ་བོའི་བླ་ལ་མུག༔ དགྲ་བོའི་བླ་ཁུག་ཨངྐུ་ཤ་ཛཿཛཿ འཻ༔ ལས་ངན་ཁྱོད་ཀྱི་དཔུང་དང་གྲོགས༔ ཕྱི་ནང་གསང་བ་ཡང་གསང་ལྷ༔ ལྷ་སྲུང་མགོན་བྱེད་ཕྲ་རགས་ཀུན༔ ཏིང་འཛིན་ལྷ་སྔགས་འཕྲོ་འདུ་ཡི༔ བདེན་སྟོབས་ནུས་པས་འུབ་ཀྱི་བསྡུས༔ རང་ཉིད་ལྷ་དང་དབྱེར་


KMC020_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

མེད་འདྲེས༔ ཕ་རོལ་རུ་དྲ་དམ་ཉམས་ཀྱི༔ ཕུང་ཁམས་རླག་བྱེད་གཤེད་མར་གྱུར༔ དེ་ལྟར་དྲག་པོ་ལས་ཀྱི་དྲེགས་པའི་དམག་ཚོགས་ལ་ཆང་དང་རཀྟ་དུག་ཁྲག་མདོས་ཟོར་རྣམས་མཆོད་ནས༔ ད་ནི་ཕྲིན་ལས་གཏོར་འབུལ་ལ་རྣམ་པ་གསུམ་དུ་བསྟན་ཏེ༔ ལིང་ག་བརྒྱ་ཞལ་དུ་བསྟབ་པའི་ཚེ༔ བསྟན་དགྲ་རུ་དྲ་འཁོར་བཅས་དངོས་སུ་དྲེགས་པ་འཁོར་བཅས་ཀྱི་ཞལ་དུ་ཕྱི་རྟིང་སྐྱ་ལྷག་གི་སོང་བར་དམིགས་ཏེ་འབུལ༔ མཁར་ཐབས་བརྒྱ་ཞལ་དུ་བསྟབ་པའི་ཚེ༔ བསྟན་དགྲའི་ཡུལ་མཁར་དངོས་སུ་དམིགས་ཏེ༔ དྲེགས་པ་འཁོར་བཅས་ཀྱི་ཞལ་དུ་ཇུར་མིད་དུ་སོང་བར་དམིགས་ཏེ་འབུལ༔ འབྲུ་སྣ་དང་ཤ་དུམ་བརྒྱ་ཞལ་དུ་བསྟབ་པའི་ཚེ༔ བསྟན་དགྲའི་ཡུལ་སྡེ་མ་ལུས་དྲེགས་པ་འཁོར་བཅས་ཀྱི་ཞལ་དུ་བསྟབ་སྟེ་ཀྲུམ་ཀྲུམ་རོལ་པར་དམིགས་ཏེ་འབུལ༔ དེ་ལྟ་བུའི་སྦྱོར་སྒྲོལ་གྱི་བྱེད་ལས་ལ་འཇུག་པའི་ཚེ༔ བདག་མདུན་གྱི་བསྐྱེད་རིམ་གསལ་བ་གལ་ཆེའོ༔ ལིང་ག་ལྕགས་ཁང་དགྲ་བོ་བསྐྱེད་པ་འགུགས་ལས་ལྷ་དང་ཕྲལ་ཏེ་ཁོའི་ལྷ་རང་ལ་བསྟིམ་པ་སོགས་ཡི་དམ་གྱི་མདུན་བསྐྱེད་ཟློག་པ་ལྟར་བྱའོ༔ ཕུར་གདབ་དང་བསྒྲལ་ཆོག་མི་བྱའོ༔ དེ་ནས་གཏོར་བསྐུལ་རེ་དང་ཞལ་བསྟབ་ཉེར་ལྔ་སྦྲགས་རེ་འབུལ༔ དེའི་ཚེ་དར་ནག་རུ་མཚོན་ལ་བདུད་མགོན་གྱི་སྐུ་བྲིས་པ་འཁོར་མ་མོ་བཞི༔ བདུད་མགོན་བརྒྱད༔ རུ་


KMC020_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་སྡེ་བདུན་དང་བཅས་པའི་རུ་མཚོན་ནམ་མཁར་ཕྱར་ཏེ༔ སེམས་དྲག་པོའི་རྔམ་ཟེར་དང་བཅས་ཏེ༔ མ་ཡེངས་རྩེ་གཅིག་ཏུ་འདི་སྐད་དོ༔ ༼ཕ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ རྒྱལ་བ་རབ་འབྱམས་ཀུན་འདུས་བདག༔ ཧེ་རུ་ཀ་དཔལ་ཁྲོ་བོའི་རྒྱལ༔ སྲིན་པོའི་གཟུགས་འཆང་གདུག་པ་འདུལ༔ སྣང་སྲིད་དབང་སྒྱུར་སྟོབས་པོ་ཆེ༔ བདུད་བཞིའི་དགྲ་ལས་རྣམ་རྒྱལ་བའི༔ ཡེ་ཤེས་ཁྲོ་བོ་དྲག་ཤུག་ཅན༔ རྡོ་རྗེ་གྲོ་ལོད་ཞལ་ཕྱེས་ཤིག༔ མཁའ་འགྲོ་སེང་གདོང་ཞལ་ཕྱེས་ཤིག༔ ཁྲོ་རྒྱལ་ས་ཡ་ཞལ་ཕྱེས་ཤིག༔ ཁྲོ་མོ་ས་ཡ་ཞལ་ཕྱེས་ཤིག༔ སྣང་སྲིད་འཁོར་འདས་དབང་སྒྱུར་པའི༔ མ་ཧཱ་ཀཱ་ལ་ཞལ་ཕྱེས་ཤིག༔ ཏྲཀྴད་ནག་པོའི་ཞལ་ཕྱེས་ཤིག༔ མ་མོ་བཞི་ཡི་ཞལ་ཕྱེས་ཤིག༔ བདུད་པོ་སྡེ་བརྒྱད་ཞལ་ཕྱེས་ཤིག༔ ཕྲ་མེན་ཉེར་བརྒྱད་ཞལ་ཕྱེས་ཤིག༔ ལྷ་སྲིན་སྡེ་བརྒྱད་ཞལ་ཕྱེས་ཤིག༔ རུ་འདྲེན་སྡེ་བདུན་ཞལ་ཕྱེས་ཤིག༔ འདོད་ཁམས་དབང་ཕྱུག་ཞལ་ཕྱེས་ཤིག༔ ཡ་མ་རཱ་ཛའི་ཞལ་ཕྱེས་ཤིག༔ ཁྱབ་འཇུག་ནག་


KMC020_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཞལ་ཕྱེས་ཤིག༔ བྱ་རོག་དུག་གདོང་ཞལ་ཕྱེས་ཤིག༔ ལེགས་ལྡན་ནག་པོའི་ཞལ་ཕྱེས་ཤིག༔ བཛྲ་རཱ་ཛའི་ཞལ་ཕྱེས་ཤིག༔ སྲོག་བདུད་ནག་པོའི་ཞལ་ཕྱེས་ཤིག༔ སྤྲུལ་པ་ཡང་སྤྲུལ་ཞལ་ཕྱེས་ཤིག༔ ལས་ཀྱི་དྲེགས་པའི་ལྷ་ཚོགས་རྣམས༔ དྲག་པོའི་ཞལ་གདངས་སྲིད་གསུམ་ཁྱབ༔ ཁམས་གསུམ་ཟ་བྱེད་མཆེ་བ་རྣོ༔ སྟོང་གསུམ་ཀུན་རོལ་ལྗགས་དམར་བསྐྱོད༔ སྣང་སྲིད་སྲེག་པའི་སྤྱན་དམར་འབར༔ འཁོར་འདས་རབ་འབྱམས་ཁེངས་པའི་སྐུ༔ བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ༔ མངོན་སྤྱོད་དྲག་པོའི་ལས་ལ་ཆོས༔ རུ་དྲ་འདུལ་བའི་དུས་ལ་བབ༔ སྔོན་གྱི་དམ་བཅའ་མ་གཡེལ་བར༔ གང་བཅོལ་ཕྲིན་ལས་མྱུར་འགྲུབ་མཛོད༔ ལས་མཁན་དྲེགས་པའི་དམག་ཚོགས་ཀྱིས༔ གཏོར་མ་འདི་དང་བསྟན་དགྲ་གཉིས༔ དབྱེར་མེད་གཅིག་ཏུ་བཞེས་སུ་གསོལ༔ མིང་ཡང་མེད་པར་རྡུལ་དུ་རློག༔ བསྟན་དགྲ་རུ་དྲ་བཞེས་སུ་གསོལ༔ ཨཱོཾ་མ་ཧཱ་ཀཱ་ལ་ཏྲཀྴད་


KMC020_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་རྦད་སྔགས་མཐར༔ དགྲ་བགེགས་དམ་སྲིའི་གཟུགས་ཕུང་ཁཱ་ཧི༔ དེ་བཞིན་རྦད་སྔགས་མཐར༔ དགྲ་བགེགས་དམ་སྲིའི་ཡུལ་མཁར་ཁཱ་ཧི༔ དེ་བཞིན་རྦད་སྔགས་མཐར༔ དགྲ་བགེགས་དམ་སྲིའི་ཡུལ་སྡེ་ཁཱ་ཧི༔ ཅེས་བརྒྱ་རྩ་རེ་དྲེགས་བྱེད་འཁོར་བཅས་ལ་འབུལ་ལོ༔ བསྟན་དགྲ་ཐམས་ཅད་ལྷག་མ་མེད་པར་རོལ༔ ལྷ་ཚོགས་ཐམས་ཅད་དགྱེས་ནས་ཧ་ཧ་ཧི་ཧིའི་སྒྲ་སྒྲོགས་པར་བསམ་མོ༔ དེ་ལྟར་ཞལ་བསྟབ་རྣམ་གསུམ་སོང་ནས༔ མདོས་འབུལ་བའི་ལས་རིམ་ནི༔ སྣང་སྲིད་འཁོར་འདས་མདོས་སུ་འབུལ་བར་བྱ་སྙམ་པས་བསྐྱེད་རྫོགས་དང་ལྡན་པས་འབུལ་ཏེ༔ དེ་ལ་དོན་རྣམ་པ་ལྔས་བསྟན་ཏེ༔ སྣང་སྲིད་འཁོར་འདས་མདོས་སུ་འབུལ་བ་དང་༔ དྲེགས་པའི་རྒྱལ་པོ་ལས་ལ་བསྐུལ་བ་དང་༔ བསྟན་དགྲ་འཁོར་བཅས་རྫོངས་སུ་འདེབས་པ་དང་༔ དྲག་པོའི་མདོས་ཟོར་སྒོ་དབྱེ་ཞིང་ལམ་བསྟན་པ་དང་༔ ཕྱི་རོལ་དུ་དཔག་སྟེ་ཕྱོགས་སྐྱོང་ལ་གསེར་སྐྱེམས་འབུལ་ཞིང་༔ ཟོར་འཕང་ཞིང་དགྲ་ལ་རྦད་པའོ༔ ༼བ༽ ༔དང་པོ་སྣང་སྲིད་མདོས་སུ་འབུལ་བ་ནི༔ མདོས་ཟོར་ལ་འབྲུ་སྣ་དར་སྣ་སྨན་སྣ་ཟས་སྣ༔ སྒོག་བཙོང་༔ ལ་ཕུག༔ ཚྭ་སྒོག༔ གཡེར་མ༔ རམ་པ༔ བྲ་བོ༔ ཡུངས་ཀར་ནག་རྣམས་དང་༔ དཀར་གསུམ་མངར་གསུམ་ཤ་སྣ་ཁྲག་སྣ་འབྲས་ཟན་རྣམས་


KMC020_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ལ༔ བྱིན་གྱིས་བརླབ་པ་གོང་ལྟར་རོ༔ ༼མ༽ ༔དེ་ནས་སྣང་སྲིད་སེམས་ཀྱིས་ཁྱབ་པའི་ཏིང་ངེ་འཛིན་དང་ལྡན་པས་འདི་སྐད་དོ༔ ༼ཙ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ རྒྱལ་བ་རྒྱལ་བའི་འཁོར་ལོའི་མྱུ་གུ་དང་༔ ཞི་དང་ཁྲོ་བོའི་འཁོར་ལོའི་འཁོར་ཚོགས་ལྡན༔ མངོན་སྤྱོད་དྲག་པོའི་ལས་ཀྱི་འཁོར་ལོ་བསྐོར༔ དུས་གསུམ་དུས་མེད་བསྟན་དགྲའི་གཡུལ་ལས་རྒྱལ༔ རྣམ་རྒྱལ་འཁོར་ལོ་མཐའ་ཀླས་ཀུན་བསྐོར་བའི༔ སྲིད་ཞིའི་འཁོར་ལོ་དབང་དུ་སྡུད་པའི་དཔལ༔ ཁྲོ་རྒྱལ་འཁོར་ལོ་འབར་བ་ནམ་མཁའི་མཛོད༔ མི་ཟད་འཁོར་ལོར་ལྡན་པའི་ཧེ་རུ་ཀ༔ རྡོ་རྗེ་གྲོ་ལོད་མཁའ་འགྲོ་སེང་གདོང་མ༔ ཡབ་ཡུམ་འཁོར་ཚོགས་བསམ་འདས་གྲངས་མེད་ལ༔ སྲིད་གསུལ་ཡུལ་གྱི་བཀོད་པ་མདོས་སུ་འབུལ༔ སྟོང་གསུམ་ཡུལ་གྱི་དངོས་པོ་མདོས་སུ་འབུལ༔ ཁམས་གསུམ་འཁོར་བའི་འཁོར་ལོ་མདོས་སུ་འབུལ༔ ཕྱི་སྣོད་འབྱུང་བཞིའི་དཀྱིལ་འཁོར་མདོས་སུ་འབུལ༔ ནང་བཅུད་རིགས་དྲུག་གནས་ཡུལ་མདོས་སུ་འབུལ༔


KMC020_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་བསྒྲུབ་རྫས་མདོར་ཟོར་མདོས་སུ་འབུལ༔ དར་ནག་རྒྱལ་མཚན་འབར་བ་མདོས་སུ་འབུལ༔ བ་ལིཾ་ཤ་ཁྲག་དམ་རྫས༴ ཀུན་ཁྱབ་ནམ་མཁའ་འོད་འབར༴ རུ་མཚོན་མེ་ལྟར་འབར་བ༴ གཏོར་ཟོར་དམར་ནག་བཤོས་བུ༴ དུག་ཁྲག་མཆོད་ཡོན་ཞབས་བསིལ༴ དུག་གི་མེ་ཏོག་བདུག་སྤོས༴ ཚིལ་ཆེན་མར་མེ་དྲི་ཆབ༴ བ་ལིཾ་ཤ་ཁྲག་ཞལ་ཟས༴ རྔ་དུང་པི་ཝཾ་རྐང་གླིང༴ སྐུ་འབག་འཕན་དར་རྒྱལ་མཚན༴ ཁྲམ་བམ་མདའ་གཞུ་བདུད་ཞགས༴ རྩིས་ཀྱི་ཤྭ་རྡེལ་དཀར་ནག༴ བདུད་ཀྱི་བྱ་ནག་ཁྱི་ནག༴ སྟག་དོང་གཟིག་ཤུབས་རལ་གྲི༴ མདུང་དར་དགྲ་སྟྭ་ལྕགས་ཀྱུ༴ རྣོ་དཔལ་མཚོན་ཆ་སྣ་ཚོགས༴ དྲག་པོའི་ཁྲག་ཀོང་དམར་ནག༴ ཐུན་ཟོར་གཏོར་ཟོར་དུག་ཟོར༴ མི་ལྤགས་སྟག་ལྤགས་རྒྱལ་མཚན༴ གླང་ཆེན་ཀོ་རློན་བ་དན༴ མི་མགོ་སྙིང་ཕྲེང་ལྔ་ལྡི༴ རྣོ་མཚོན་རྣོ་དཔལ་རྩང་ཟོར༴ དར་ནག་ཕོད་ཀ་འཇོལ་བེར༴ རྟ་ནག་རྒྱན་ལྡན་བགྲང་


KMC020_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

འདས༴ ཡས་སྟགས་ཟས་སྣ་སྣ་ཚོགས༴ བྲ་བོ་ཙེ་སྒོག་རམ་པ༴ གཡེར་མ་འབྲུ་སྲན་ལ་ཕུག༴ ཕྱི་ནང་གསང་བའི་རྟེན་རྫས༴ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན༴ དངོས་སྣང་སྒྱུ་མའི་མདོས་ཟོར༴ དངོས་མེད་རིག་པའི་བྱེད་ལས༴ ཕྱི་ནང་སྣོད་བཅུད་བདེན་མེད༴ སྒྱུ་མ་སྨིག་རྒྱུ་ལྟ་བུར་༴ བདེན་མེད་རྫུན་མེད་རྒྱུ་འཕྲུལ་མདོས་སུ་འབུལ༔ ཡེ་སྟོང་ཡེ་མེད་ཡེ་གནས་མདོས་སུ་འབུལ༔ མདོས་བཞེས་བརྗོད་མེད་གདོད་མའི་དབྱིངས་སུ་བཞེས༔ མདོས་བཞེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བསྟན་པ་ནམ་མཁའི་མཐའ་ཀླས་རྒྱས་པའི་ཕྱིར༔ ཕྲིན་ལས་རྣམ་བཞིའི་བཞེད་དོན་སྒྲུབ་པར་མཛོད༔ ༼ཚ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ རབ་འབྱམས་རྒྱལ་བའི་འཁོར་ལོའི་གསང་བའི་མཛོད༔ མི་འཛད་རྒྱ་མཚོའི་འཁོར་ལོའི་མེལ་ཚེ་མཁན༔ ཡེངས་མེད་ཡིད་ཀྱི་འཁོར་ལོས་སྲུང་ཞིང་སྐྱོབ༔ གཡོ་མེད་རྟག་པའི་འཁོར་ལོས་རྒྱས་བྱེད་ཅིང་༔ ཀུན་ཁྱབ་མཐའ་ཡས་འཁོར་ལོའི་


KMC020_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བའི་དཔལ༔ གང་གིའང་གཞོམ་མེད་ཆོས་སྐུའི་འཁོར་ལོར་ལྡན༔ དྲག་པོ་མངོན་སྤྱོད་འཁོར་ལོའི་མཚོན་འཛིན་པ༔ ཞི་ཁྲོ་རབ་འབྱམས་འཁོར་ལོའི་ཕྲིན་ལས་བདག༔ སྣང་སྲིད་འཁོར་འདས་དབང་སྒྱུར་འཁོར་ལོ་འཆང་༔ སྟོབས་ལྡན་མ་ཧཱ་ཀཱ་ལ་ཏྲཀྴད་བདུད༔ འཁོར་འདས་ཀུན་གྱི་མངའ་བདག་ཧེ་རུ་ཀ༔ ལོག་འདྲེན་གཏན་ནས་འཇོམས་པའི་རྫུ་འཕྲུལ་ཅན༔ སྲིད་གསུམ་འཇིགས་བྱེད་ནག་པོ་བཀྲག་མེད་བདུད༔ ཡུམ་ཆེན་དུང་སྐྱོང་མ་དང་གཤིན་རྗེ་མོ༔ མ་མོ་སྨུག་ནག་ཀླུ་མོ་སྦྲུལ་གདོང་ཅན༔ བཙན་མོ་དམར་ནག་ལ་སོགས་འཁོར་བཅས་ལ༔ སྲིད་གསུམ་ཡུལ་གྱི་བཀོད་པ་མདོས་སུ་འབུལ༔ སྟོང་གསུམ་ཡུལ་གྱི་དངོས་པོ་མདོས་སུ་འབུལ༔ ཁམས་གསུམ་འཁོར་བའི་འཁོར་ལོ་མདོས་སུ་འབུལ༔ ཕྱི་སྣོད་འབྱུང་བཞིའི་དཀྱིལ་འཁོར་མདོས་སུ་འབུལ༔ ནང་བཅུད་རིགས་དྲུག་གནས་ཡུལ་མདོས་སུ་འབུལ༔ གསང་བའི་བསྒྲུབ་རྫས་


KMC020_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ཟོར་མདོས་སུ་འབུལ༔ དར་ནག་རྒྱལ་མཚན་འབར་བ་མདོས་སུ་འབུལ༔ བ་ལིཾ་ཤ་ཁྲག་དམ་རྫས༴ ཀུན་ཁྱབ་ནམ་མཁའ་འོད་འབར༴ རུ་མཚོན་མེ་ལྟར་འབར་བ༴ གཏོར་ཟོར་དམར་ནག་བཤོས་བུ༴ དུག་ཁྲག་མཆོད་ཡོན་ཞབས་བསིལ༴ དུག་གི་མེ་ཏོག་བདུག་སྤོས༴ ཚིལ་ཆེན་མར་མེ་དྲི་ཆབ༴ བ་ལིཾ་ཤ་ཁྲག་ཞལ་ཟས༴ རྔ་དུང་པི་ཝཾ་རྐང་གླིང༴ སྐུ་འབག་འཕན་དར་རྒྱལ་མཚན༴ ཁྲམ་བམ་མདའ་གཞུ་བདུད་ཞགས༴ རྩིས་ཀྱི་ཤྭ་རྡེལ་དཀར་ནག༴ བདུད་ཀྱི་བྱ་ནག་ཁྱི་ནག༴ སྟག་དོང་གཟིག་ཤུབས་རལ་གྲི༴ མདུང་དར་དགྲ་སྟྭ་ལྕགས་ཀྱུ༴ རྣོ་དཔལ་མཚོན་ཆ་སྣ་ཚོགས༴ དྲག་པོའི་ཁྲག་ཀོང་དམར་ནག༴ ཐུན་ཟོར་གཏོར་ཟོར་དུག་ཟོར༴ མི་ལྤགས་སྟག་ལྤགས་རྒྱལ་མཚན༴ གླང་ཆེན་ཀོ་རློན་བ་དན༴ མི་མགོ་སྙིང་ཕྲེང་ལྔ་ལྡི༴ རྣོ་མཚོན་རྣོ་དཔལ་རྩང་ཟོར༴ དར་ནག་ཕོད་ཀ་འཇོལ་བེར༴ རྟ་ནག་རྒྱན་ལྡན་བགྲང་འདས༴ ཡས་སྟགས་ཟས་སྣ་སྣ་


KMC020_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས༴ བྲ་བོ་ཙེ་སྒོག་རམ་པ༴ གཡེར་མ་འབྲུ་སྲན་ལ་ཕུག༴ ཕྱི་ནང་གསང་བའི་རྟེན་རྫས༴ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན༴ དངོས་སྣང་སྒྱུ་མའི་མདོས་ཟོར༴ དངོས་མེད་རིག་པའི་བྱེད་ལས༴ ཕྱི་ནང་སྣོད་བཅུད་བདེན་མེད༴ སྒྱུ་མ་སྨིག་རྒྱུ་ལྟ་བུར་༴ བདེན་མེད་རྫུན་མེད་རྒྱུ་འཕྲུལ་མདོས་སུ་འབུལ༔ ཡེ་སྟོང་ཡེ་མེད་ཡེ་གནས་མདོས་སུ་འབུལ༔ མདོས་བཞེས་བརྗོད་མེད་གདོད་མའི་དབྱིངས་སུ་བཞེས༔ མདོས་བཞེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བསྟན་པ་ནམ་མཁའི་མཐའ་ཀླས་རྒྱས་པའི་ཕྱིར༔ ཕྲིན་ལས་རྣམ་བཞིའི་བཞེད་དོན་སྒྲུབ་པར་མཛོད༔ ༼ཛ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་འཁོར་འདས་དབང་སྒྱུར་སྟོབས་པོ་ཆེ༔ མ་ཧཱ་ཀཱ་ལ་ཏྲཀྴད་ནག་པོ་བདུད༔ ཁྱོད་ནི་མངོན་སྤྱོད་དྲག་པོའི་འཁོར་ལོར་ལྡན༔ སྣང་སྲིད་ལྷ་འདྲེའི་དམག་དཔུང་འཁོར་ལོ་བསྐོར༔ བསྟན་དགྲ་རུ་དྲའི་འཁོར་ལོ་གཏན་ནས་འཇོམས༔ བསྟན་དགྲའི་གཟུགས་ཕུང་


KMC020_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་རྩའི་འཁོར་ལོ་གཅོད༔ ཀུན་མཐོང་འདྲེ་ཡི་དམག་ཚོགས་བསམ་འདས་ལ༔ སྲིད་གསུམ་ཡུལ་གྱི་བཀོད་པ་མདོས་སུ་འབུལ༔ སྟོང་གསུམ་ཡུལ་གྱི་དངོས་པོ་མདོས་སུ་འབུལ༔ ཁམས་གསུམ་འཁོར་བའི་འཁོར་ལོ་མདོས་སུ་འབུལ༔ ཕྱི་སྣོད་འབྱུང་བཞིའི་དཀྱིལ་འཁོར་མདོས་སུ་འབུལ༔ ནང་བཅུད་རིགས་དྲུག་གནས་ཡུལ་མདོས་སུ་འབུལ༔ གསང་བའི་བསྒྲུབ་རྫས་མདོར་ཟོར་མདོས་སུ་འབུལ༔ དར་ནག་རྒྱལ་མཚན་འབར་བ་མདོས་སུ་འབུལ༔ བ་ལིཾ་ཤ་ཁྲག་དམ་རྫས༴ ཀུན་ཁྱབ་ནམ་མཁའ་འོད་འབར༴ རུ་མཚོན་མེ་ལྟར་འབར་བ༴ གཏོར་ཟོར་དམར་ནག་བཤོས་བུ༴ དུག་ཁྲག་མཆོད་ཡོན་ཞབས་བསིལ༴ དུག་གི་མེ་ཏོག་བདུག་སྤོས༴ ཚིལ་ཆེན་མར་མེ་དྲི་ཆབ༴ བ་ལིཾ་ཤ་ཁྲག་ཞལ་ཟས༴ རྔ་དུང་པི་ཝཾ་རྐང་གླིང༴ སྐུ་འབག་འཕན་དར་རྒྱལ་མཚན༴ ཁྲམ་བམ་མདའ་གཞུ་བདུད་ཞགས༴ རྩིས་ཀྱི་ཤྭ་རྡེལ་དཀར་ནག༴ བདུད་ཀྱི་བྱ་ནག་ཁྱི་ནག༴ སྟག་


KMC020_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

དོང་གཟིག་ཤུབས་རལ་གྲི༴ མདུང་དར་དགྲ་སྟྭ་ལྕགས་ཀྱུ༴ རྣོ་དཔལ་མཚོན་ཆ་སྣ་ཚོགས༴ དྲག་པོའི་ཁྲག་ཀོང་དམར་ནག༴ ཐུན་ཟོར་གཏོར་ཟོར་དུག་ཟོར༴ མི་ལྤགས་སྟག་ལྤགས་རྒྱལ་མཚན༴ གླང་ཆེན་ཀོ་རློན་བ་དན༴ མི་མགོ་སྙིང་ཕྲེང་ལྔ་ལྡི༴ རྣོ་མཚོན་རྣོ་དཔལ་རྩང་ཟོར༴ དར་ནག་ཕོད་ཀ་འཇོལ་བེར༴ རྟ་ནག་རྒྱན་ལྡན་བགྲང་འདས༴ ཡས་སྟགས་ཟས་སྣ་སྣ་ཚོགས༴ བྲ་བོ་ཙེ་སྒོག་རམ་པ༴ གཡེར་མ་འབྲུ་སྲན་ལ་ཕུག༴ ཕྱི་ནང་གསང་བའི་རྟེན་རྫས༴ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན༴ དངོས་སྣང་སྒྱུ་མའི་མདོས་ཟོར༴ དངོས་མེད་རིག་པའི་བྱེད་ལས༴ ཕྱི་ནང་སྣོད་བཅུད་བདེན་མེད༴ སྒྱུ་མ་སྨིག་རྒྱུ་ལྟ་བུར་༴ བདེན་མེད་རྫུན་མེད་རྒྱུ་འཕྲུལ་མདོས་སུ་འབུལ༔ ཡེ་སྟོང་ཡེ་མེད་ཡེ་གནས་མདོས་སུ་འབུལ༔ མདོས་བཞེས་བརྗོད་མེད་གདོད་མའི་དབྱིངས་སུ་བཞེས༔ མདོས་བཞེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བསྟན་པ་


KMC020_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་མཐའ་ཀླས་རྒྱས་པའི་ཕྱིར༔ ཕྲིན་ལས་རྣམ་བཞིའི་བཞེད་དོན་སྒྲུབ་པར་མཛོད༔ ༼ཝ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་འཁོར་འདས་དབང་སྒྱུར་སྟོབས་པོ་ཆེ༔ མ་ཧཱ་ཀཱ་ལ་ཏྲཀྴད་ནག་པོ་བདུད༔ ཁྱོད་ནི་ཚ་ཟེར་མེ་ཡི་འཁོར་ལོར་ལྡན༔ འབྱུང་བ་མེ་ལྷའི་དམག་དཔུང་འཁོར་ལོ་བསྐོར༔ བསྟན་དགྲ་རུ་དྲའི་འཁོར་ལོ་གཏན་ནས་འཇོམས༔ བསྟན་དགྲའི་དྲོད་དབུགས་འཁོར་ལོ་རྒྱུན་གཅོད་ཅིང་༔ སྲེག་བྱེད་མེ་ལྷའི་དམག་ཚོགས་བསམ་འདས་ལ༔ སྲིད་གསུམ་ཡུལ་གྱི་བཀོད་པ་མདོས་སུ་འབུལ༔ སྟོང་གསུམ་ཡུལ་གྱི་དངོས་པོ་མདོས་སུ་འབུལ༔ ཁམས་གསུམ་འཁོར་བའི་འཁོར་ལོ་མདོས་སུ་འབུལ༔ ཕྱི་སྣོད་འབྱུང་བཞིའི་དཀྱིལ་འཁོར་མདོས་སུ་འབུལ༔ ནང་བཅུད་རིགས་དྲུག་གནས་ཡུལ་མདོས་སུ་འབུལ༔ གསང་བའི་བསྒྲུབ་རྫས་མདོར་ཟོར་མདོས་སུ་འབུལ༔ དར་ནག་རྒྱལ་མཚན་འབར་བ་མདོས་སུ་འབུལ༔ བ་ལིཾ་ཤ་ཁྲག་དམ་རྫས༴ ཀུན་ཁྱབ་ནམ་


KMC020_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འོད་འབར༴ རུ་མཚོན་མེ་ལྟར་འབར་བ༴ གཏོར་ཟོར་དམར་ནག་བཤོས་བུ༴ དུག་ཁྲག་མཆོད་ཡོན་ཞབས་བསིལ༴ དུག་གི་མེ་ཏོག་བདུག་སྤོས༴ ཚིལ་ཆེན་མར་མེ་དྲི་ཆབ༴ བ་ལིཾ་ཤ་ཁྲག་ཞལ་ཟས༴ རྔ་དུང་པི་ཝཾ་རྐང་གླིང༴ སྐུ་འབག་འཕན་དར་རྒྱལ་མཚན༴ ཁྲམ་བམ་མདའ་གཞུ་བདུད་ཞགས༴ རྩིས་ཀྱི་ཤྭ་རྡེལ་དཀར་ནག༴ བདུད་ཀྱི་བྱ་ནག་ཁྱི་ནག༴ སྟག་དོང་གཟིག་ཤུབས་རལ་གྲི༴ མདུང་དར་དགྲ་སྟྭ་ལྕགས་ཀྱུ༴ རྣོ་དཔལ་མཚོན་ཆ་སྣ་ཚོགས༴ དྲག་པོའི་ཁྲག་ཀོང་དམར་ནག༴ ཐུན་ཟོར་གཏོར་ཟོར་དུག་ཟོར༴ མི་ལྤགས་སྟག་ལྤགས་རྒྱལ་མཚན༴ གླང་ཆེན་ཀོ་རློན་བ་དན༴ མི་མགོ་སྙིང་ཕྲེང་ལྔ་ལྡི༴ རྣོ་མཚོན་རྣོ་དཔལ་རྩང་ཟོར༴ དར་ནག་ཕོད་ཀ་འཇོལ་བེར༴ རྟ་ནག་རྒྱན་ལྡན་བགྲང་འདས༴ ཡས་སྟགས་ཟས་སྣ་སྣ་ཚོགས༴ བྲ་བོ་ཙེ་སྒོག་རམ་པ༴ གཡེར་མ་འབྲུ་སྲན་ལ་ཕུག༴ ཕྱི་ནང་གསང་བའི་རྟེན་རྫས༴ དངོས་འབྱོར་


KMC020_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་སྤྲུལ་མཆོད་སྤྲིན༴ དངོས་སྣང་སྒྱུ་མའི་མདོས་ཟོར༴ དངོས་མེད་རིག་པའི་བྱེད་ལས༴ ཕྱི་ནང་སྣོད་བཅུད་བདེན་མེད༴ སྒྱུ་མ་སྨིག་རྒྱུ་ལྟ་བུར་༴ བདེན་མེད་རྫུན་མེད་རྒྱུ་འཕྲུལ་མདོས་སུ་འབུལ༔ ཡེ་སྟོང་ཡེ་མེད་ཡེ་གནས་མདོས་སུ་འབུལ༔ མདོས་བཞེས་བརྗོད་མེད་གདོད་མའི་དབྱིངས་སུ་བཞེས༔ མདོས་བཞེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བསྟན་པ་ནམ་མཁའི་མཐའ་ཀླས་རྒྱས་པའི་ཕྱིར༔ ཕྲིན་ལས་རྣམ་བཞིའི་བཞེད་དོན་སྒྲུབ་པར་མཛོད༔ ༼ཞ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་འཁོར་འདས་དབང་སྒྱུར་སྟོབས་པོ་ཆེ༔ མ་ཧཱ་ཀཱ་ལ་ཏྲཀྴད་ནག་པོ་བདུད༔ ཁྱོད་ནི་བསིལ་ཟེར་ཆུ་ཡི་འཁོར་ལོར་ལྡན༔ འབྱུང་བ་ཆུ་ལྷའི་དམག་དཔུང་འཁོར་ལོ་བསྐོར༔ བསྟན་དགྲ་རུ་དྲའི་འཁོར་ལོ་གཏན་ནས་འཇོམས༔ བསྟན་དགྲའི་ཆུ་ཁམས་སྙིང་ཁྲག་འཁོར་ལོ་གཅོད༔ འཁྲུག་བྱེད་ཆུ་ལྷའི་དམག་ཚོགས་འཁོར་བཅས་ལ༔ སྲིད་གསུམ་ཡུལ་གྱི་བཀོད་པ་མདོས་སུ་


KMC020_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ༔ སྟོང་གསུམ་ཡུལ་གྱི་དངོས་པོ་མདོས་སུ་འབུལ༔ ཁམས་གསུམ་འཁོར་བའི་འཁོར་ལོ་མདོས་སུ་འབུལ༔ ཕྱི་སྣོད་འབྱུང་བཞིའི་དཀྱིལ་འཁོར་མདོས་སུ་འབུལ༔ ནང་བཅུད་རིགས་དྲུག་གནས་ཡུལ་མདོས་སུ་འབུལ༔ གསང་བའི་བསྒྲུབ་རྫས་མདོར་ཟོར་མདོས་སུ་འབུལ༔ དར་ནག་རྒྱལ་མཚན་འབར་བ་མདོས་སུ་འབུལ༔ བ་ལིཾ་ཤ་ཁྲག་དམ་རྫས༴ ཀུན་ཁྱབ་ནམ་མཁའ་འོད་འབར༴ རུ་མཚོན་མེ་ལྟར་འབར་བ༴ གཏོར་ཟོར་དམར་ནག་བཤོས་བུ༴ དུག་ཁྲག་མཆོད་ཡོན་ཞབས་བསིལ༴ དུག་གི་མེ་ཏོག་བདུག་སྤོས༴ ཚིལ་ཆེན་མར་མེ་དྲི་ཆབ༴ བ་ལིཾ་ཤ་ཁྲག་ཞལ་ཟས༴ རྔ་དུང་པི་ཝཾ་རྐང་གླིང༴ སྐུ་འབག་འཕན་དར་རྒྱལ་མཚན༴ ཁྲམ་བམ་མདའ་གཞུ་བདུད་ཞགས༴ རྩིས་ཀྱི་ཤྭ་རྡེལ་དཀར་ནག༴ བདུད་ཀྱི་བྱ་ནག་ཁྱི་ནག༴ སྟག་དོང་གཟིག་ཤུབས་རལ་གྲི༴ མདུང་དར་དགྲ་སྟྭ་ལྕགས་ཀྱུ༴ རྣོ་དཔལ་མཚོན་ཆ་སྣ་ཚོགས༴ དྲག་པོའི་ཁྲག་ཀོང་


KMC020_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ནག༴ ཐུན་ཟོར་གཏོར་ཟོར་དུག་ཟོར༴ མི་ལྤགས་སྟག་ལྤགས་རྒྱལ་མཚན༴ གླང་ཆེན་ཀོ་རློན་བ་དན༴ མི་མགོ་སྙིང་ཕྲེང་ལྔ་ལྡི༴ རྣོ་མཚོན་རྣོ་དཔལ་རྩང་ཟོར༴ དར་ནག་ཕོད་ཀ་འཇོལ་བེར༴ རྟ་ནག་རྒྱན་ལྡན་བགྲང་འདས༴ ཡས་སྟགས་ཟས་སྣ་སྣ་ཚོགས༴ བྲ་བོ་ཙེ་སྒོག་རམ་པ༴ གཡེར་མ་འབྲུ་སྲན་ལ་ཕུག༴ ཕྱི་ནང་གསང་བའི་རྟེན་རྫས༴ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན༴ དངོས་སྣང་སྒྱུ་མའི་མདོས་ཟོར༴ དངོས་མེད་རིག་པའི་བྱེད་ལས༴ ཕྱི་ནང་སྣོད་བཅུད་བདེན་མེད༴ སྒྱུ་མ་སྨིག་རྒྱུ་ལྟ་བུར་༴ བདེན་མེད་རྫུན་མེད་རྒྱུ་འཕྲུལ་མདོས་སུ་འབུལ༔ ཡེ་སྟོང་ཡེ་མེད་ཡེ་གནས་མདོས་སུ་འབུལ༔ མདོས་བཞེས་བརྗོད་མེད་གདོད་མའི་དབྱིངས་སུ་བཞེས༔ མདོས་བཞེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བསྟན་པ་ནམ་མཁའི་མཐའ་ཀླས་རྒྱས་པའི་ཕྱིར༔ ཕྲིན་ལས་རྣམ་བཞིའི་བཞེད་དོན་སྒྲུབ་པར་མཛོད༔ ༼ཟ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་འཁོར་


KMC020_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

འདས་དབང་སྒྱུར་སྟོབས་པོ་ཆེ༔ མ་ཧཱ་ཀཱ་ལ་ཏྲཀྴད་ནག་པོ་བདུད༔ ཁྱོད་ནི་གསོད་བྱེད་མཚོན་ཆའིའཁོར་ལོར་ལྡན༔ ལྷ་དམག་ཉི་ཁྲིའི་གཟི་ལྡན་འཁོར་ལོ་བསྐོར༔ བསྟན་དགྲ་རུ་དྲའི་འཁོར་ལོ་གཏན་ནས་འཇོམས༔ བསྟན་དགྲའི་དམར་ཆ་ཨ་ཤད་འཁོར་ལོ་གསོད༔ གསོད་བྱེད་ལྷ་དམག་ཉི་ཁྲིའི་དམག་ཚོགས་ལ༔ སྲིད་གསུམ་ཡུལ་གྱི་བཀོད་པ་མདོས་སུ་འབུལ༔ སྟོང་གསུམ་ཡུལ་གྱི་དངོས་པོ་མདོས་སུ་འབུལ༔ ཁམས་གསུམ་འཁོར་བའི་འཁོར་ལོ་མདོས་སུ་འབུལ༔ ཕྱི་སྣོད་འབྱུང་བཞིའི་དཀྱིལ་འཁོར་མདོས་སུ་འབུལ༔ ནང་བཅུད་རིགས་དྲུག་གནས་ཡུལ་མདོས་སུ་འབུལ༔ གསང་བའི་བསྒྲུབ་རྫས་མདོར་ཟོར་མདོས་སུ་འབུལ༔ དར་ནག་རྒྱལ་མཚན་འབར་བ་མདོས་སུ་འབུལ༔ བ་ལིཾ་ཤ་ཁྲག་དམ་རྫས༴ ཀུན་ཁྱབ་ནམ་མཁའ་འོད་འབར༴ རུ་མཚོན་མེ་ལྟར་འབར་བ༴ གཏོར་ཟོར་དམར་ནག་བཤོས་བུ༴ དུག་ཁྲག་མཆོད་ཡོན་


KMC020_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་བསིལ༴ དུག་གི་མེ་ཏོག་བདུག་སྤོས༴ ཚིལ་ཆེན་མར་མེ་དྲི་ཆབ༴ བ་ལིཾ་ཤ་ཁྲག་ཞལ་ཟས༴ རྔ་དུང་པི་ཝཾ་རྐང་གླིང༴ སྐུ་འབག་འཕན་དར་རྒྱལ་མཚན༴ ཁྲམ་བམ་མདའ་གཞུ་བདུད་ཞགས༴ རྩིས་ཀྱི་ཤྭ་རྡེལ་དཀར་ནག༴ བདུད་ཀྱི་བྱ་ནག་ཁྱི་ནག༴ སྟག་དོང་གཟིག་ཤུབས་རལ་གྲི༴ མདུང་དར་དགྲ་སྟྭ་ལྕགས་ཀྱུ༴ རྣོ་དཔལ་མཚོན་ཆ་སྣ་ཚོགས༴ དྲག་པོའི་ཁྲག་ཀོང་དམར་ནག༴ ཐུན་ཟོར་གཏོར་ཟོར་དུག་ཟོར༴ མི་ལྤགས་སྟག་ལྤགས་རྒྱལ་མཚན༴ གླང་ཆེན་ཀོ་རློན་བ་དན༴ མི་མགོ་སྙིང་ཕྲེང་ལྔ་ལྡི༴ རྣོ་མཚོན་རྣོ་དཔལ་རྩང་ཟོར༴ དར་ནག་ཕོད་ཀ་འཇོལ་བེར༴ རྟ་ནག་རྒྱན་ལྡན་བགྲང་འདས༴ ཡས་སྟགས་ཟས་སྣ་སྣ་ཚོགས༴ བྲ་བོ་ཙེ་སྒོག་རམ་པ༴ གཡེར་མ་འབྲུ་སྲན་ལ་ཕུག༴ ཕྱི་ནང་གསང་བའི་རྟེན་རྫས༴ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན༴ དངོས་སྣང་སྒྱུ་མའི་མདོས་ཟོར༴ དངོས་མེད་རིག་པའི་བྱེད་ལས༴ ཕྱི་ནང་སྣོད་བཅུད་བདེན་


KMC020_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

མེད༴ སྒྱུ་མ་སྨིག་རྒྱུ་ལྟ་བུར་༴ བདེན་མེད་རྫུན་མེད་རྒྱུ་འཕྲུལ་མདོས་སུ་འབུལ༔ ཡེ་སྟོང་ཡེ་མེད་ཡེ་གནས་མདོས་སུ་འབུལ༔ མདོས་བཞེས་བརྗོད་མེད་གདོད་མའི་དབྱིངས་སུ་བཞེས༔ མདོས་བཞེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བསྟན་པ་ནམ་མཁའི་མཐའ་ཀླས་རྒྱས་པའི་ཕྱིར༔ ཕྲིན་ལས་རྣམ་བཞིའི་བཞེད་དོན་སྒྲུབ་པར་མཛོད༔ ༼འ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་འཁོར་འདས་ཀུན་འཇིགས་མཐུ་རྩལ་ཅན༔ ལས་མཁན་སྲོག་བདུད་ནག་པོ་ཏྲཀྴད་བདུད༔ ཁྱོད་ནི་ས་ཁམས་གཡོ་བྱེད་འཁོར་ལོར་ལྡན༔ འབྱུང་བ་ས་ལྷའི་དམག་དཔུང་འཁོར་ལོ་བསྐོར༔ བསྟན་དགྲ་རུ་དྲའི་འཁོར་ལོ་གཏན་ནས་འཇོམས༔ གཡོ་བྱེད་ས་ལྷའི་དམག་དཔུང་འཁོར་བཅས་ལ༔ སྲིད་གསུམ་ཡུལ་གྱི་བཀོད་པ་མདོས་སུ་འབུལ༔ སྟོང་གསུམ་ཡུལ་གྱི་དངོས་པོ་མདོས་སུ་འབུལ༔ ཁམས་གསུམ་འཁོར་བའི་འཁོར་ལོ་མདོས་སུ་འབུལ༔ ཕྱི་སྣོད་འབྱུང་བཞིའི་དཀྱིལ་


KMC020_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་མདོས་སུ་འབུལ༔ ནང་བཅུད་རིགས་དྲུག་གནས་ཡུལ་མདོས་སུ་འབུལ༔ གསང་བའི་བསྒྲུབ་རྫས་མདོར་ཟོར་མདོས་སུ་འབུལ༔ དར་ནག་རྒྱལ་མཚན་འབར་བ་མདོས་སུ་འབུལ༔ བ་ལིཾ་ཤ་ཁྲག་དམ་རྫས༴ ཀུན་ཁྱབ་ནམ་མཁའ་འོད་འབར༴ རུ་མཚོན་མེ་ལྟར་འབར་བ༴ གཏོར་ཟོར་དམར་ནག་བཤོས་བུ༴ དུག་ཁྲག་མཆོད་ཡོན་ཞབས་བསིལ༴ དུག་གི་མེ་ཏོག་བདུག་སྤོས༴ ཚིལ་ཆེན་མར་མེ་དྲི་ཆབ༴ བ་ལིཾ་ཤ་ཁྲག་ཞལ་ཟས༴ རྔ་དུང་པི་ཝཾ་རྐང་གླིང༴ སྐུ་འབག་འཕན་དར་རྒྱལ་མཚན༴ ཁྲམ་བམ་མདའ་གཞུ་བདུད་ཞགས༴ རྩིས་ཀྱི་ཤྭ་རྡེལ་དཀར་ནག༴ བདུད་ཀྱི་བྱ་ནག་ཁྱི་ནག༴ སྟག་དོང་གཟིག་ཤུབས་རལ་གྲི༴ མདུང་དར་དགྲ་སྟྭ་ལྕགས་ཀྱུ༴ རྣོ་དཔལ་མཚོན་ཆ་སྣ་ཚོགས༴ དྲག་པོའི་ཁྲག་ཀོང་དམར་ནག༴ ཐུན་ཟོར་གཏོར་ཟོར་དུག་ཟོར༴ མི་ལྤགས་སྟག་ལྤགས་རྒྱལ་མཚན༴ གླང་ཆེན་ཀོ་རློན་བ་དན༴ མི་མགོ་སྙིང་ཕྲེང་ལྔ་ལྡི༴ རྣོ་


KMC020_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་རྣོ་དཔལ་རྩང་ཟོར༴ དར་ནག་ཕོད་ཀ་འཇོལ་བེར༴ རྟ་ནག་རྒྱན་ལྡན་བགྲང་འདས༴ ཡས་སྟགས་ཟས་སྣ་སྣ་ཚོགས༴ བྲ་བོ་ཙེ་སྒོག་རམ་པ༴ གཡེར་མ་འབྲུ་སྲན་ལ་ཕུག༴ ཕྱི་ནང་གསང་བའི་རྟེན་རྫས༴ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན༴ དངོས་སྣང་སྒྱུ་མའི་མདོས་ཟོར༴ དངོས་མེད་རིག་པའི་བྱེད་ལས༴ ཕྱི་ནང་སྣོད་བཅུད་བདེན་མེད༴ སྒྱུ་མ་སྨིག་རྒྱུ་ལྟ་བུར་༴ བདེན་མེད་རྫུན་མེད་རྒྱུ་འཕྲུལ་མདོས་སུ་འབུལ༔ ཡེ་སྟོང་ཡེ་མེད་ཡེ་གནས་མདོས་སུ་འབུལ༔ མདོས་བཞེས་བརྗོད་མེད་གདོད་མའི་དབྱིངས་སུ་བཞེས༔ མདོས་བཞེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བསྟན་པ་ནམ་མཁའི་མཐའ་ཀླས་རྒྱས་པའི་ཕྱིར༔ ཕྲིན་ལས་རྣམ་བཞིའི་བཞེད་དོན་སྒྲུབ་པར་མཛོད༔ ༼ཡ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་འཁོར་འདས་ཀུན་འཇིགས་མཐུ་རྩལ་ཅན༔ ལས་མཁན་སྲོག་བདུད་ནག་པོ་ཏྲཀྴད་བདུད༔ ཁྱོད་ནི་བཀྲག་མདངས་བཅོམ་བྱེད་


KMC020_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོར་ལྡན༔ གསོག་གཅོད་ཤན་པའི་དམག་དཔུང་འཁོར་ལོ་བསྐོར༔ བསྟན་དགྲ་རུ་དྲའི་ཧཾ་ཡིག་དྭངས་མ་གསོད༔ གསོད་བྱེད་ཤན་པའི་དམག་དཔུང་འཁོར་བཅས་ལ༔ སྲིད་གསུམ་ཡུལ་གྱི་བཀོད་པ་མདོས་སུ་འབུལ༔ སྟོང་གསུམ་ཡུལ་གྱི་དངོས་པོ་མདོས་སུ་འབུལ༔ ཁམས་གསུམ་འཁོར་བའི་འཁོར་ལོ་མདོས་སུ་འབུལ༔ ཕྱི་སྣོད་འབྱུང་བཞིའི་དཀྱིལ་འཁོར་མདོས་སུ་འབུལ༔ ནང་བཅུད་རིགས་དྲུག་གནས་ཡུལ་མདོས་སུ་འབུལ༔ གསང་བའི་བསྒྲུབ་རྫས་མདོར་ཟོར་མདོས་སུ་འབུལ༔ དར་ནག་རྒྱལ་མཚན་འབར་བ་མདོས་སུ་འབུལ༔ བ་ལིཾ་ཤ་ཁྲག་དམ་རྫས༴ ཀུན་ཁྱབ་ནམ་མཁའ་འོད་འབར༴ རུ་མཚོན་མེ་ལྟར་འབར་བ༴ གཏོར་ཟོར་དམར་ནག་བཤོས་བུ༴ དུག་ཁྲག་མཆོད་ཡོན་ཞབས་བསིལ༴ དུག་གི་མེ་ཏོག་བདུག་སྤོས༴ ཚིལ་ཆེན་མར་མེ་དྲི་ཆབ༴ བ་ལིཾ་ཤ་ཁྲག་ཞལ་ཟས༴ རྔ་དུང་པི་ཝཾ་རྐང་གླིང༴ སྐུ་འབག་འཕན་དར་རྒྱལ་མཚན༴


KMC020_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲམ་བམ་མདའ་གཞུ་བདུད་ཞགས༴ རྩིས་ཀྱི་ཤྭ་རྡེལ་དཀར་ནག༴ བདུད་ཀྱི་བྱ་ནག་ཁྱི་ནག༴ སྟག་དོང་གཟིག་ཤུབས་རལ་གྲི༴ མདུང་དར་དགྲ་སྟྭ་ལྕགས་ཀྱུ༴ རྣོ་དཔལ་མཚོན་ཆ་སྣ་ཚོགས༴ དྲག་པོའི་ཁྲག་ཀོང་དམར་ནག༴ ཐུན་ཟོར་གཏོར་ཟོར་དུག་ཟོར༴ མི་ལྤགས་སྟག་ལྤགས་རྒྱལ་མཚན༴ གླང་ཆེན་ཀོ་རློན་བ་དན༴ མི་མགོ་སྙིང་ཕྲེང་ལྔ་ལྡི༴ རྣོ་མཚོན་རྣོ་དཔལ་རྩང་ཟོར༴ དར་ནག་ཕོད་ཀ་འཇོལ་བེར༴ རྟ་ནག་རྒྱན་ལྡན་བགྲང་འདས༴ ཡས་སྟགས་ཟས་སྣ་སྣ་ཚོགས༴ བྲ་བོ་ཙེ་སྒོག་རམ་པ༴ གཡེར་མ་འབྲུ་སྲན་ལ་ཕུག༴ ཕྱི་ནང་གསང་བའི་རྟེན་རྫས༴ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན༴ དངོས་སྣང་སྒྱུ་མའི་མདོས་ཟོར༴ དངོས་མེད་རིག་པའི་བྱེད་ལས༴ ཕྱི་ནང་སྣོད་བཅུད་བདེན་མེད༴ སྒྱུ་མ་སྨིག་རྒྱུ་ལྟ་བུར་༴ བདེན་མེད་རྫུན་མེད་རྒྱུ་འཕྲུལ་མདོས་སུ་འབུལ༔ ཡེ་སྟོང་ཡེ་མེད་ཡེ་གནས་མདོས་སུ་འབུལ༔ མདོས་བཞེས་བརྗོད་མེད་


KMC020_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

གདོད་མའི་དབྱིངས་སུ་བཞེས༔ མདོས་བཞེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བསྟན་པ་ནམ་མཁའི་མཐའ་ཀླས་རྒྱས་པའི་ཕྱིར༔ ཕྲིན་ལས་རྣམ་བཞིའི་བཞེད་དོན་སྒྲུབ་པར་མཛོད༔ ༼ར༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་འཁོར་འདས་ཀུན་འཇིགས་མཐུ་རྩལ་ཅན༔ ལས་མཁན་སྲོག་བདུད་ནག་པོ་ཏྲཀྴད་བདུད༔ ཁྱོད་ནི་འབྱུང་བ་རླུང་ཤུགས་འཁོར་ལོར་ལྡན༔ འབྱུང་བ་རླུང་ལྷའི་དམག་དཔུང་འཁོར་ལོ་བསྐོར༔ བསྟན་དགྲ་རུ་དྲའི་ཡུལ་མཁར་གཏོར་ཞིང་འཇོམས༔ གཏོར་བྱེད་རླུང་ལྷའི་དམག་དཔུང་འཁོར་བཅས་ལ༔ སྲིད་གསུམ་ཡུལ་གྱི་བཀོད་པ་མདོས་སུ་འབུལ༔ སྟོང་གསུམ་ཡུལ་གྱི་དངོས་པོ་མདོས་སུ་འབུལ༔ ཁམས་གསུམ་འཁོར་བའི་འཁོར་ལོ་མདོས་སུ་འབུལ༔ ཕྱི་སྣོད་འབྱུང་བཞིའི་དཀྱིལ་འཁོར་མདོས་སུ་འབུལ༔ ནང་བཅུད་རིགས་དྲུག་གནས་ཡུལ་མདོས་སུ་འབུལ༔ གསང་བའི་བསྒྲུབ་རྫས་མདོར་ཟོར་མདོས་སུ་འབུལ༔ དར་ནག་རྒྱལ་མཚན་


KMC020_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ་མདོས་སུ་འབུལ༔ བ་ལིཾ་ཤ་ཁྲག་དམ་རྫས༴ ཀུན་ཁྱབ་ནམ་མཁའ་འོད་འབར༴ རུ་མཚོན་མེ་ལྟར་འབར་བ༴ གཏོར་ཟོར་དམར་ནག་བཤོས་བུ༴ དུག་ཁྲག་མཆོད་ཡོན་ཞབས་བསིལ༴ དུག་གི་མེ་ཏོག་བདུག་སྤོས༴ ཚིལ་ཆེན་མར་མེ་དྲི་ཆབ༴ བ་ལིཾ་ཤ་ཁྲག་ཞལ་ཟས༴ རྔ་དུང་པི་ཝཾ་རྐང་གླིང༴ སྐུ་འབག་འཕན་དར་རྒྱལ་མཚན༴ ཁྲམ་བམ་མདའ་གཞུ་བདུད་ཞགས༴ རྩིས་ཀྱི་ཤྭ་རྡེལ་དཀར་ནག༴ བདུད་ཀྱི་བྱ་ནག་ཁྱི་ནག༴ སྟག་དོང་གཟིག་ཤུབས་རལ་གྲི༴ མདུང་དར་དགྲ་སྟྭ་ལྕགས་ཀྱུ༴ རྣོ་དཔལ་མཚོན་ཆ་སྣ་ཚོགས༴ དྲག་པོའི་ཁྲག་ཀོང་དམར་ནག༴ ཐུན་ཟོར་གཏོར་ཟོར་དུག་ཟོར༴ མི་ལྤགས་སྟག་ལྤགས་རྒྱལ་མཚན༴ གླང་ཆེན་ཀོ་རློན་བ་དན༴ མི་མགོ་སྙིང་ཕྲེང་ལྔ་ལྡི༴ རྣོ་མཚོན་རྣོ་དཔལ་རྩང་ཟོར༴ དར་ནག་ཕོད་ཀ་འཇོལ་བེར༴ རྟ་ནག་རྒྱན་ལྡན་བགྲང་འདས༴ ཡས་སྟགས་ཟས་སྣ་སྣ་ཚོགས༴ བྲ་བོ་ཙེ་སྒོག་རམ་པ༴ གཡེར་


KMC020_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

མ་འབྲུ་སྲན་ལ་ཕུག༴ ཕྱི་ནང་གསང་བའི་རྟེན་རྫས༴ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན༴ དངོས་སྣང་སྒྱུ་མའི་མདོས་ཟོར༴ དངོས་མེད་རིག་པའི་བྱེད་ལས༴ ཕྱི་ནང་སྣོད་བཅུད་བདེན་མེད༴ སྒྱུ་མ་སྨིག་རྒྱུ་ལྟ་བུར་༴ བདེན་མེད་རྫུན་མེད་རྒྱུ་འཕྲུལ་མདོས་སུ་འབུལ༔ ཡེ་སྟོང་ཡེ་མེད་ཡེ་གནས་མདོས་སུ་འབུལ༔ མདོས་བཞེས་བརྗོད་མེད་གདོད་མའི་དབྱིངས་སུ་བཞེས༔ མདོས་བཞེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བསྟན་པ་ནམ་མཁའི་མཐའ་ཀླས་རྒྱས་པའི་ཕྱིར༔ ཕྲིན་ལས་རྣམ་བཞིའི་བཞེད་དོན་སྒྲུབ་པར་མཛོད༔ ༼ལ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་འཁོར་འདས་ཀུན་འཇིགས་མཐུ་རྩལ་ཅན༔ ལས་མཁན་སྲོག་བདུད་ནག་པོ་ཏྲཀྴད་བདུད༔ ཁྱོད་ནི་རྒྱུ་སྐར་འཁྲུགས་བྱེད་འཁོར་ལོར་ལྡན༔ སྒྱུ་སྐར་གདུག་པའི་སེམས་ལྡན་འཁོར་ལོ་བསྐོར༔ བསྟན་དགྲ་རུ་དྲའི་སྒྱུ་ལུས་ཕུང་ཁམས་བཤིག༔ བཤིག་བྱེད་སྲོག་བདུད་ནག་པོའི་དམག་དཔུང་ལ༔ སྲིད་གསུམ་


KMC020_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གྱི་བཀོད་པ་མདོས་སུ་འབུལ༔ སྟོང་གསུམ་ཡུལ་གྱི་དངོས་པོ་མདོས་སུ་འབུལ༔ ཁམས་གསུམ་འཁོར་བའི་འཁོར་ལོ་མདོས་སུ་འབུལ༔ ཕྱི་སྣོད་འབྱུང་བཞིའི་དཀྱིལ་འཁོར་མདོས་སུ་འབུལ༔ ནང་བཅུད་རིགས་དྲུག་གནས་ཡུལ་མདོས་སུ་འབུལ༔ གསང་བའི་བསྒྲུབ་རྫས་མདོར་ཟོར་མདོས་སུ་འབུལ༔ དར་ནག་རྒྱལ་མཚན་འབར་བ་མདོས་སུ་འབུལ༔ བ་ལིཾ་ཤ་ཁྲག་དམ་རྫས༴ ཀུན་ཁྱབ་ནམ་མཁའ་འོད་འབར༴ རུ་མཚོན་མེ་ལྟར་འབར་བ༴ གཏོར་ཟོར་དམར་ནག་བཤོས་བུ༴ དུག་ཁྲག་མཆོད་ཡོན་ཞབས་བསིལ༴ དུག་གི་མེ་ཏོག་བདུག་སྤོས༴ ཚིལ་ཆེན་མར་མེ་དྲི་ཆབ༴ བ་ལིཾ་ཤ་ཁྲག་ཞལ་ཟས༴ རྔ་དུང་པི་ཝཾ་རྐང་གླིང༴ སྐུ་འབག་འཕན་དར་རྒྱལ་མཚན༴ ཁྲམ་བམ་མདའ་གཞུ་བདུད་ཞགས༴ རྩིས་ཀྱི་ཤྭ་རྡེལ་དཀར་ནག༴ བདུད་ཀྱི་བྱ་ནག་ཁྱི་ནག༴ སྟག་དོང་གཟིག་ཤུབས་རལ་གྲི༴ མདུང་དར་དགྲ་སྟྭ་ལྕགས་ཀྱུ༴ རྣོ་དཔལ་མཚོན་


KMC020_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་སྣ་ཚོགས༴ དྲག་པོའི་ཁྲག་ཀོང་དམར་ནག༴ ཐུན་ཟོར་གཏོར་ཟོར་དུག་ཟོར༴ མི་ལྤགས་སྟག་ལྤགས་རྒྱལ་མཚན༴ གླང་ཆེན་ཀོ་རློན་བ་དན༴ མི་མགོ་སྙིང་ཕྲེང་ལྔ་ལྡི༴ རྣོ་མཚོན་རྣོ་དཔལ་རྩང་ཟོར༴ དར་ནག་ཕོད་ཀ་འཇོལ་བེར༴ རྟ་ནག་རྒྱན་ལྡན་བགྲང་འདས༴ ཡས་སྟགས་ཟས་སྣ་སྣ་ཚོགས༴ བྲ་བོ་ཙེ་སྒོག་རམ་པ༴ གཡེར་མ་འབྲུ་སྲན་ལ་ཕུག༴ ཕྱི་ནང་གསང་བའི་རྟེན་རྫས༴ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན༴ དངོས་སྣང་སྒྱུ་མའི་མདོས་ཟོར༴ དངོས་མེད་རིག་པའི་བྱེད་ལས༴ ཕྱི་ནང་སྣོད་བཅུད་བདེན་མེད༴ སྒྱུ་མ་སྨིག་རྒྱུ་ལྟ་བུར་༴ བདེན་མེད་རྫུན་མེད་རྒྱུ་འཕྲུལ་མདོས་སུ་འབུལ༔ ཡེ་སྟོང་ཡེ་མེད་ཡེ་གནས་མདོས་སུ་འབུལ༔ མདོས་བཞེས་བརྗོད་མེད་གདོད་མའི་དབྱིངས་སུ་བཞེས༔ མདོས་བཞེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བསྟན་པ་ནམ་མཁའི་མཐའ་ཀླས་རྒྱས་པའི་ཕྱིར༔ ཕྲིན་ལས་རྣམ་བཞིའི་བཞེད་དོན་སྒྲུབ་པར་མཛོད༔


KMC020_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

༼ཤ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ཁམས་གསུམ་སྲིད་གསུམ་སྟོང་གསུམ་དབང་སྒྱུར་བའི༔ འཇིག་རྟེན་དྲེགས་པའི་མགོན་པོ་ཏྲཀྴད་བདུད༔ ཁྱོད་ནི་སྣང་སྲིད་ཀུན་འཇིགས་འཁོར་ལོར་ལྡན༔ གསང་བ་གསུམ་གྱི་བདག་པོ་ལྷ་ཆེན་ཏྲཀ༔ སྟེང་ཕྱོགས་ཡེ་ཤེས་མགོན་པོའི་དམག་དཔུང་དང་༔ བར་ཕྱོགས་ལས་ཀྱི་མགོན་པོའི་དམག་དཔུང་དང་༔ འོག་ཕྱོགས་འཇིག་རྟེན་མགོན་པོའི་དམག་ཚོགས་དང་༔ ཕྱོགས་མཚམས་སྣང་སྲིད་ལྷ་འདྲེའི་དམག་དཔུང་དང་༔ སྤྲུལ་པ་ཡང་སྤྲུལ་འཁོར་བཅས་དམག་ཚོགས་ལ༔ སྲིད་གསུམ་ཡུལ་གྱི་བཀོད་པ་མདོས་སུ་འབུལ༔ སྟོང་གསུམ་ཡུལ་གྱི་དངོས་པོ་མདོས་སུ་འབུལ༔ ཁམས་གསུམ་འཁོར་བའི་འཁོར་ལོ་མདོས་སུ་འབུལ༔ ཕྱི་སྣོད་འབྱུང་བཞིའི་དཀྱིལ་འཁོར་མདོས་སུ་འབུལ༔ ནང་བཅུད་རིགས་དྲུག་གནས་ཡུལ་མདོས་སུ་འབུལ༔ གསང་བའི་བསྒྲུབ་རྫས་མདོར་ཟོར་མདོས་སུ་འབུལ༔ དར་ནག་རྒྱལ་མཚན་འབར་བ་


KMC020_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་སུ་འབུལ༔ བ་ལིཾ་ཤ་ཁྲག་དམ་རྫས༴ ཀུན་ཁྱབ་ནམ་མཁའ་འོད་འབར༴ རུ་མཚོན་མེ་ལྟར་འབར་བ༴ གཏོར་ཟོར་དམར་ནག་བཤོས་བུ༴ དུག་ཁྲག་མཆོད་ཡོན་ཞབས་བསིལ༴ དུག་གི་མེ་ཏོག་བདུག་སྤོས༴ ཚིལ་ཆེན་མར་མེ་དྲི་ཆབ༴ བ་ལིཾ་ཤ་ཁྲག་ཞལ་ཟས༴ རྔ་དུང་པི་ཝཾ་རྐང་གླིང༴ སྐུ་འབག་འཕན་དར་རྒྱལ་མཚན༴ ཁྲམ་བམ་མདའ་གཞུ་བདུད་ཞགས༴ རྩིས་ཀྱི་ཤྭ་རྡེལ་དཀར་ནག༴ བདུད་ཀྱི་བྱ་ནག་ཁྱི་ནག༴ སྟག་དོང་གཟིག་ཤུབས་རལ་གྲི༴ མདུང་དར་དགྲ་སྟྭ་ལྕགས་ཀྱུ༴ རྣོ་དཔལ་མཚོན་ཆ་སྣ་ཚོགས༴ དྲག་པོའི་ཁྲག་ཀོང་དམར་ནག༴ ཐུན་ཟོར་གཏོར་ཟོར་དུག་ཟོར༴ མི་ལྤགས་སྟག་ལྤགས་རྒྱལ་མཚན༴ གླང་ཆེན་ཀོ་རློན་བ་དན༴ མི་མགོ་སྙིང་ཕྲེང་ལྔ་ལྡི༴ རྣོ་མཚོན་རྣོ་དཔལ་རྩང་ཟོར༴ དར་ནག་ཕོད་ཀ་འཇོལ་བེར༴ རྟ་ནག་རྒྱན་ལྡན་བགྲང་འདས༴ ཡས་སྟགས་ཟས་སྣ་སྣ་ཚོགས༴ བྲ་བོ་ཙེ་སྒོག་རམ་པ༴ གཡེར་མ་འབྲུ་སྲན་ལ་


KMC020_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

ཕུག༴ ཕྱི་ནང་གསང་བའི་རྟེན་རྫས༴ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན༴ དངོས་སྣང་སྒྱུ་མའི་མདོས་ཟོར༴ དངོས་མེད་རིག་པའི་བྱེད་ལས༴ ཕྱི་ནང་སྣོད་བཅུད་བདེན་མེད༴ སྒྱུ་མ་སྨིག་རྒྱུ་ལྟ་བུར་༴ བདེན་མེད་རྫུན་མེད་རྒྱུ་འཕྲུལ་མདོས་སུ་འབུལ༔ ཡེ་སྟོང་ཡེ་མེད་ཡེ་གནས་མདོས་སུ་འབུལ༔ མདོས་བཞེས་བརྗོད་མེད་གདོད་མའི་དབྱིངས་སུ་བཞེས༔ མདོས་བཞེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བསྟན་པ་ནམ་མཁའི་མཐའ་ཀླས་རྒྱས་པའི་ཕྱིར༔ ཕྲིན་ལས་རྣམ་བཞིའི་བཞེད་དོན་སྒྲུབ་པར་མཛོད༔ ༼ས༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ཁམས་གསུམ་སྲིད་གསུམ་སྟོང་གསུམ་དབང་སྒྱུར་བའི༔ འཇིག་རྟེན་དྲེགས་པའི་མགོན་པོ་ཏྲཀྴད་བདུད༔ ཁྱོད་ནི་སྣང་སྲིད་ཀུན་འཇིགས་འཁོར་ལོར་ལྡན༔ སྣང་སྲིད་ཀུན་ལ་དབང་སྒྱུར་དྲེགས་པའི་རྒྱལ༔ ལས་མཁན་བྱེ་བ་དུང་ཕྱུར་རླུང་ལྟར་འཚུབས༔ ཕྱོགས་སྐྱོང་བཅུ་ཡི་དམག་ཚོགས་མེ་ལྟར་འབར༔ རྒྱ་ཆེན་


KMC020_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཡི་དམག་དཔུང་ས་ལྟར་གཡོ༔ གཙང་རིས་ལས་མཁན་བདུན་ཅུ་ཆུ་ལྟར་ཁོལ༔ ཕྲ་མེན་དབང་ཕྱུག་ཉེར་བརྒྱད་སྐར་ལྟར་འཁྲུགས༔ དྲེགས་པ་སྔགས་བདག་བཅོ་བརྒྱད་རྡུལ་ལྟར་གཡེངས༔ བརྟན་མ་སྐྱོང་མ་བཞི་བདག་སྤྲིན་ལྟར་གཏིབས༔ སྲིད་གསུམ་ལྷ་འདྲེའི་དམག་ཚོགས་གློག་ལྟར་འཁྱུག༔ མཚོན་ཆའི་ཐོག་སེར་དུག་ཟོར་མདའ་ལྟར་འཕེན༔ དྲག་པོའི་གཙང་རིགས་ལྷ་ཚོགས་འཁོར་བཅས་ལ༔ སྲིད་གསུམ་ཡུལ་གྱི་བཀོད་པ་མདོས་སུ་འབུལ༔ སྟོང་གསུམ་ཡུལ་གྱི་དངོས་པོ་མདོས་སུ་འབུལ༔ ཁམས་གསུམ་འཁོར་བའི་འཁོར་ལོ་མདོས་སུ་འབུལ༔ ཕྱི་སྣོད་འབྱུང་བཞིའི་དཀྱིལ་འཁོར་མདོས་སུ་འབུལ༔ ནང་བཅུད་རིགས་དྲུག་གནས་ཡུལ་མདོས་སུ་འབུལ༔ གསང་བའི་བསྒྲུབ་རྫས་མདོར་ཟོར་མདོས་སུ་འབུལ༔ དར་ནག་རྒྱལ་མཚན་འབར་བ་མདོས་སུ་འབུལ༔ བ་ལིཾ་ཤ་ཁྲག་དམ་རྫས༴ ཀུན་ཁྱབ་ནམ་མཁའ་འོད་འབར༴ རུ་མཚོན་མེ་ལྟར་


KMC020_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ༴ གཏོར་ཟོར་དམར་ནག་བཤོས་བུ༴ དུག་ཁྲག་མཆོད་ཡོན་ཞབས་བསིལ༴ དུག་གི་མེ་ཏོག་བདུག་སྤོས༴ ཚིལ་ཆེན་མར་མེ་དྲི་ཆབ༴ བ་ལིཾ་ཤ་ཁྲག་ཞལ་ཟས༴ རྔ་དུང་པི་ཝཾ་རྐང་གླིང༴ སྐུ་འབག་འཕན་དར་རྒྱལ་མཚན༴ ཁྲམ་བམ་མདའ་གཞུ་བདུད་ཞགས༴ རྩིས་ཀྱི་ཤྭ་རྡེལ་དཀར་ནག༴ བདུད་ཀྱི་བྱ་ནག་ཁྱི་ནག༴ སྟག་དོང་གཟིག་ཤུབས་རལ་གྲི༴ མདུང་དར་དགྲ་སྟྭ་ལྕགས་ཀྱུ༴ རྣོ་དཔལ་མཚོན་ཆ་སྣ་ཚོགས༴ དྲག་པོའི་ཁྲག་ཀོང་དམར་ནག༴ ཐུན་ཟོར་གཏོར་ཟོར་དུག་ཟོར༴ མི་ལྤགས་སྟག་ལྤགས་རྒྱལ་མཚན༴ གླང་ཆེན་ཀོ་རློན་བ་དན༴ མི་མགོ་སྙིང་ཕྲེང་ལྔ་ལྡི༴ རྣོ་མཚོན་རྣོ་དཔལ་རྩང་ཟོར༴ དར་ནག་ཕོད་ཀ་འཇོལ་བེར༴ རྟ་ནག་རྒྱན་ལྡན་བགྲང་འདས༴ ཡས་སྟགས་ཟས་སྣ་སྣ་ཚོགས༴ བྲ་བོ་ཙེ་སྒོག་རམ་པ༴ གཡེར་མ་འབྲུ་སྲན་ལ་ཕུག༴ ཕྱི་ནང་གསང་བའི་རྟེན་རྫས༴ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན༴ དངོས་སྣང་སྒྱུ་


KMC020_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

མའི་མདོས་ཟོར༴ དངོས་མེད་རིག་པའི་བྱེད་ལས༴ ཕྱི་ནང་སྣོད་བཅུད་བདེན་མེད༴ སྒྱུ་མ་སྨིག་རྒྱུ་ལྟ་བུར་༴ བདེན་མེད་རྫུན་མེད་རྒྱུ་འཕྲུལ་མདོས་སུ་འབུལ༔ ཡེ་སྟོང་ཡེ་མེད་ཡེ་གནས་མདོས་སུ་འབུལ༔ མདོས་བཞེས་བརྗོད་མེད་གདོད་མའི་དབྱིངས་སུ་བཞེས༔ མདོས་བཞེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བསྟན་པ་ནམ་མཁའི་མཐའ་ཀླས་རྒྱས་པའི་ཕྱིར༔ ཕྲིན་ལས་རྣམ་བཞིའི་བཞེད་དོན་སྒྲུབ་པར་མཛོད༔ ༼ཧ༽ ༔ཧཱུྃ་ཧཱུྃ་ཧཱུྃ༔ ཁམས་གསུམ་སྲིད་གསུམ་སྟོང་གསུམ་དབང་སྒྱུར་བའི༔ འཇིག་རྟེན་དྲེགས་པའི་མགོན་པོ་ཏྲཀྴད་བདུད༔ ཁྱོད་ནི་སྣང་སྲིད་ཀུན་འཇིགས་འཁོར་ལོར་ལྡན༔ ཁྲོ་རྒྱལ་ཁྱོད་ཀྱི་བཀའ་སྡོད་དམག་དཔོན་བདུན༔ ཤར་ཕྱོགས་འདོད་ཁམས་དབང་ཕྱུག་ལྷ་མོ་ནི༔ མ་མོ་སྲིད་གསུམ་ལྷ་འདྲེའི་དམག་ཚོགས་རྣམས༔ བསྟན་དགྲ་རུ་དྲའི་སྟེང་དུ་ཐོག་སེར་འབེབས༔ ལྷོ་ཕྱོགས་ཡ་མ་རཱ་ཛ་སྲོག་གི་བདག༔ གཤིན་རྗེ་སྲོག་བདག་སྣང་


KMC020_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ལྷ་འདྲེའི་དམག༔ བསྟན་དགྲ་རུ་དྲའི་སྲོག་ལ་ཧབ་ཐོབ་ཟ༔ ནུབ་ཕྱོགས་གཟའ་བདུད་མགོ་དགུ་མཐུ་བོ་ཆེ༔ གདོང་མོ་བཞི་དང་གཟའ་བརྒྱད་རྒྱུ་སྐར་རྣམས༔ བསྟན་དགྲ་རུ་དྲའི་གནས་ཡུལ་ཆེམ་ཆེམ་རོལ༔ བྱང་ཕྱོགས་བྱ་རོག་དུག་གདོང་ཤན་པ་ནི༔ ལས་མགོན་བྱ་ནག་ཁྱི་ནག་སྡེ་བརྒྱད་དམག༔ བསྟན་དགྲ་རུ་དྲའི་རྟེན་མཁར་གནས་མལ་འཇོམས༔ སྟེང་ཕྱོགས་ཡབ་གཅིག་ལེགས་ལྡན་ནག་པོ་ནི༔ ཡེ་ཤེས་མགོན་པོའི་དམག་ཚོགས་སྤྲིན་ལྟར་གཏིབས༔ ལྷ་དམག་མཚོན་ཆའི་ཆར་ཆེན་དགྲ་ལ་འབེབས༔ འོག་ཕྱོགས་ནཱ་ག་བཛྲ་རཱ་ཛ་བདུད༔ ཀླུ་བདུད་དམག་ཚོགས་དགྲ་ཡུལ་ས་གཡོས་འཇིག༔ དབུས་ཕྱོགས་ཐུགས་སྤྲུལ་སྲོག་བདུད་རྟ་ནག་ཅན༔ མགོན་པོའི་དམག་ཚོགས་སྣང་སྲིད་ཧབ་ཧབ་ཟ༔ ཕྱོགས་དང་ཕྱོགས་མཚམས་སྡེ་བརྒྱད་དམག་དཔུང་གཏིབས༔ དམག་དཔོན་རུ་འདྲེན་སྡེ་བདུན་འཁོར་བཅས་ལ༔ སྤྲུལ་པ་ཡང་སྤྲུལ་


KMC020_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཚོགས་བགྲང་ལས་འདས༔ རུ་འདྲེན་སྡེ་བདུན་ལྷ་ཚོགས་མ་ལུས་ལ༔ སྲིད་གསུམ་ཡུལ་གྱི་བཀོད་པ་མདོས་སུ་འབུལ༔ སྟོང་གསུམ་ཡུལ་གྱི་དངོས་པོ་མདོས་སུ་འབུལ༔ ཁམས་གསུམ་འཁོར་བའི་འཁོར་ལོ་མདོས་སུ་འབུལ༔ ཕྱི་སྣོད་འབྱུང་བཞིའི་དཀྱིལ་འཁོར་མདོས་སུ་འབུལ༔ ནང་བཅུད་རིགས་དྲུག་གནས་ཡུལ་མདོས་སུ་འབུལ༔ གསང་བའི་བསྒྲུབ་རྫས་མདོར་ཟོར་མདོས་སུ་འབུལ༔ དར་ནག་རྒྱལ་མཚན་འབར་བ་མདོས་སུ་འབུལ༔ བ་ལིཾ་ཤ་ཁྲག་དམ་རྫས༴ ཀུན་ཁྱབ་ནམ་མཁའ་འོད་འབར༴ རུ་མཚོན་མེ་ལྟར་འབར་བ༴ གཏོར་ཟོར་དམར་ནག་བཤོས་བུ༴ དུག་ཁྲག་མཆོད་ཡོན་ཞབས་བསིལ༴ དུག་གི་མེ་ཏོག་བདུག་སྤོས༴ ཚིལ་ཆེན་མར་མེ་དྲི་ཆབ༴ བ་ལིཾ་ཤ་ཁྲག་ཞལ་ཟས༴ རྔ་དུང་པི་ཝཾ་རྐང་གླིང༴ སྐུ་འབག་འཕན་དར་རྒྱལ་མཚན༴ ཁྲམ་བམ་མདའ་གཞུ་བདུད་ཞགས༴ རྩིས་ཀྱི་ཤྭ་རྡེལ་དཀར་ནག༴ བདུད་ཀྱི་བྱ་ནག་ཁྱི་ནག༴ སྟག་


KMC020_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

དོང་གཟིག་ཤུབས་རལ་གྲི༴ མདུང་དར་དགྲ་སྟྭ་ལྕགས་ཀྱུ༴ རྣོ་དཔལ་མཚོན་ཆ་སྣ་ཚོགས༴ དྲག་པོའི་ཁྲག་ཀོང་དམར་ནག༴ ཐུན་ཟོར་གཏོར་ཟོར་དུག་ཟོར༴ མི་ལྤགས་སྟག་ལྤགས་རྒྱལ་མཚན༴ གླང་ཆེན་ཀོ་རློན་བ་དན༴ མི་མགོ་སྙིང་ཕྲེང་ལྔ་ལྡི༴ རྣོ་མཚོན་རྣོ་དཔལ་རྩང་ཟོར༴ དར་ནག་ཕོད་ཀ་འཇོལ་བེར༴ རྟ་ནག་རྒྱན་ལྡན་བགྲང་འདས༴ ཡས་སྟགས་ཟས་སྣ་སྣ་ཚོགས༴ བྲ་བོ་ཙེ་སྒོག་རམ་པ༴ གཡེར་མ་འབྲུ་སྲན་ལ་ཕུག༴ ཕྱི་ནང་གསང་བའི་རྟེན་རྫས༴ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན༴ དངོས་སྣང་སྒྱུ་མའི་མདོས་ཟོར༴ དངོས་མེད་རིག་པའི་བྱེད་ལས༴ ཕྱི་ནང་སྣོད་བཅུད་བདེན་མེད༴ སྒྱུ་མ་སྨིག་རྒྱུ་ལྟ་བུར་༴ བདེན་མེད་རྫུན་མེད་རྒྱུ་འཕྲུལ་མདོས་སུ་འབུལ༔ ཡེ་སྟོང་ཡེ་མེད་ཡེ་གནས་མདོས་སུ་འབུལ༔ མདོས་བཞེས་བརྗོད་མེད་གདོད་མའི་དབྱིངས་སུ་བཞེས༔ མདོས་བཞེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བསྟན་པ་


KMC020_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་མཐའ་ཀླས་རྒྱས་པའི་ཕྱིར༔ ཕྲིན་ལས་རྣམ་བཞིའི་བཞེད་དོན་སྒྲུབ་པར་མཛོད༔ དེ་ལྟར་དྲེག་པའི་རྒྱལ་པོ་འཁོར་བཅས་ལ༔ སྣང་སྲིད་མདོས་སུ་འབུལ་བ་དང་ཕྲིན་ལས་བཅོལ་ནས་ནི༔ དྲེགས་པའི་རྒྱལ་པོ་ལས་ལ་བསྐུལ་བ་ནི༔ བདག་མདུན་དབྱེར་མེད་དུ་བསྒོམ་ཏེ༔ རུ་དར་གཡབ་ནས་ཐུགས་དམ་གནད་ནས་བསྐུལ་པ་ནི༔ སྤྱན་འདྲེན་བརྒྱའི་མཐར༔ བསྟན་དགྲ་རུ་དྲ་ཁཱ་ཧི་ཁཱ་ཧི༔ བརྒྱ་བཟླས་པའི་ཚེ་མགོན་པོའི་དམག་ཚོགས་ཀྱིས་བསྟན་དགྲའི་ཡུལ་ཁམས་ཇུར་མིད་དུ་བྱས་པར་བསྒོམ༔ ཨ་ཡ་མ་དུ་རུ་ཙ་ཤ་ན༔ བརྒྱའི་མཐར༔ བསྟན་དགྲ་རུ་དྲ་ཁཱ་ཧི་ཁཱ་ཧི༔ འདིའི་ཚེ་སྣང་སྲིད་ལྷ་འདྲེའི་དམག་ཚོགས་ཀྱིས་བསྟན་དགྲ་ཇུར་མིད་དུ་ཟ་བར་བསྒོམ༔ རྦད་སྔགས་བརྒྱའི་མཐར་ཐལ་མོ་བརྒྱ་བརྡབ༔ བསྟན་དགྲའི་ཡུལ་མཁར་གནམ་ས་སྟེང་འོག་བརྒྱུར་ཏེ་ས་འོག་ཏུ་སོང་བར་དམིགས༔ ཨཱོཾ་བཛྲ་མ་ཧཱ་ཀ་ལ་ཏྲཀྴད་དུ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཞེས་དམ་བཞག་བརྒྱ་བཟླས་པའི་ཚེ༔ རང་གི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་རབ་འབྱམས་བྱོན་ཏེ༔ ཆོས་སྐྱོང་འཁོར་བཅས་ཀྱི་སྟེང་ཕྱོགས་སུ་སྤྲིན་གཏིབས་པ་ལྟར་གཞུགས་ནས༔ བསྟན་དགྲ་ལྷག་མ་མེད་པར་ཟོ་ཞིག་གསུངས་པས་ཆོས་སྐྱོང་རྣམས་


KMC020_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མི་ཟ་རང་དབང་མེད་པར་བསྟན་དགྲ་ཡུལ་མཁར་དང་བཅས་པ་ཧུབ་ཧུབ་རྔུབ་སྟེ་མིད་པར་བསྒོམ་མོ༔ འདི་རྣམས་ཀྱི་ཟབ་གནད་བསྐྱེད་རྫོགས་གསལ་བ་སེམས་མ་ཡེངས་པར་རིག་པ་ཧུར་ཕྱུང་སྟེ་ངར་དང་ལྡན་པས༔ བསྟན་པའི་སྤྱི་དོན་ཁོ་ན་སྙིང་ཐག་པ་ནས་དྲན་ཅིང་ཁ་ཞེ་མེད་པ་གལ་ཆེའོ༔ དེ་དག་ནི་དྲེགས་པའི་རྒྱལ་པོ་ལས་བསྐུལ་པ་དང་༔ བསྟན་དགྲ་འཁོར་བཅས་ཆོས་སྐྱོང་ལ་རྫོངས་སུ་འདེབས་པའི་ཟབ་གནད་ཐུན་མོང་མ་ཡིན་པའི་གདམས་པ་ཟབ་མོའོ༔ ༼ཨ༽ ༔དེ་ནས་དྲག་པོའི་ཟོར་སྒོ་དབྱེ་ཞིང་ལམ་བསྟན་པ་ནི༔ ཕྱོགས་བཞིའི་མར་མེ་བཞི་བལྟམས་ཏེ༔ ཚིལ་ཆེན་དང་སྤོས་སྣ་ཚོགས་བསྲེས་པའི་ད་ལིའི་ཕྱེ་མ་བདུག་སྟེ༔ རྔ་དུང་ལ་སོགས་རོལ་མོ་དྲག་ཏུ་བརྡུང་ཞིང་༔ རང་ཉིད་སྔགས་ཆས་རྒྱན་དང་ལྡན་པས་འདི་སྐད་དོ༔ ༼ཨཱོཾ༽ ༔འདིའི་སྐབས་སུ་ལས་གཞུང་དུ་གསལ་བའི་བསྐང་བ་འབུལ་བའི་ཐབས་ཀྱི་ཚིགས་བརྗོད་ལ༔ ༔ཧཱུྃ་ཧཱུྃ་ཧཱུྃ༔ འཁོར་འདས་རབ་འབྱམས་དཀྱིལ་འཁོར་གྱི༔ སྣང་བའི་སྒོ་མོ་ད་ཕྱེས་ཤིག༔ ལས་ཀྱི་


KMC020_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་འཁོར་བཅས་རྣམས༔ རྒྱུགས་ཤིག་བསྟན་དགྲའི་ཡུལ་དུ་རྒྱུགས༔ སྲིད་གསུམ་དག་པའི་དཀྱིལ་འཁོར་གྱི༔ ཁམས་གསུམ་གསལ་བའི་སྒོ་ཕྱེས་ཤིག༔ ལས་ཀྱི་མགོན་པོ་འཁོར་བཅས་རྣམས༔ རྒྱུགས་ཤིག་བསྟན་དགྲའི་ཡུལ་དུ་རྒྱུགས༔ སྟོང་གསུམ་ཡུལ་གྱི་དཀྱིལ་འཁོར་གྱི༔ ཀུན་གསལ་ནམ་མཁའི་སྒོ་ཕྱེས་ཤིག༔ ལས་ཀྱི་མགོན་པོ་འཁོར་བཅས་རྣམས༔ རྒྱུགས་ཤིག་བསྟན་དགྲའི་ཡུལ་དུ་རྒྱུགས༔ འབྱུང་བ་བཞི་ཡི་དཀྱིལ་འཁོར་གྱི༔ ལྷ་མོ་བཞི་ཡི་མཁའ་གསང་ཕྱེས༔ ལས་ཀྱི་མགོན་པོ་འཁོར་བཅས་རྣམས༔ རྒྱུགས་ཤིག་བསྟན་དགྲའི་ཡུལ་དུ་རྒྱུགས༔ ཁྲོ་རྒྱལ་དྲག་པོའི་དཀྱིལ་འཁོར་གྱི༔ མཁའ་གསང་སྒོ་མོ་ད་ཕྱེས་ཤིག༔ ལས་ཀྱི་མགོན་པོ་འཁོར་བཅས་རྣམས༔ རྒྱུགས་ཤིག་བསྟན་དགྲའི་ཡུལ་དུ་རྒྱུགས༔ སངས་རྒྱས་ཀུན་གྱི་ཡབ་གཅིག་པོ༔ ཀུན་བཟང་དག་པའི་དཀྱིལ་འཁོར་གྱི༔ འཁྲུལ་མེད་སྒོ་མོ་ད་ཕྱེས་ཤིག༔ ལས་ཀྱི་


KMC020_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་འཁོར་བཅས་རྣམས༔ རྒྱུགས་ཤིག་བསྟན་དགྲའི་ཡུལ་དུ་རྒྱུགས༔ རྒྱལ་བ་ཀུན་གྱི་ཡུམ་གཅིག་མ༔ ཀུན་ཏུ་བཟང་མོའི་དཀྱིལ་འཁོར་གྱི༔ འཕྲོ་འདུའི་ཆོ་འཕྲུལ་སྒོ་མོ་ཕྱེས༔ ལས་ཀྱི་མགོན་པོ་འཁོར་བཅས་རྣམས༔ རྒྱུགས་ཤིག་བསྟན་དགྲའི་ཡུལ་དུ་རྒྱུགས༔ གསང་བསྒྲུབ་མདོས་ཟོར་དཀྱིལ་འཁོར་གྱི༔ དྲག་སྔགས་དུག་ཟོར་སྒོ་མོ་ཕྱེས༔ རྡོ་རྗེ་གྲོ་ལོད་ཡབ་ཡུམ་རྣམས༔ རྒྱུགས་ཤིག་བསྟན་དགྲའི་ཡུལ་དུ་རྒྱུགས༔ ཡེ་ཤེས་མགོན་པོ་འཁོར་བཅས་རྣམས༔ རྒྱུགས་ཤིག་བསྟན་དགྲའི་ཡུལ་དུ་རྒྱུགས༔ ལས་ཀྱི་མགོན་པོ་འཁོར་བཅས་རྣམས༔ རྒྱུགས་ཤིག་བསྟན་དགྲའི་ཡུལ་དུ་རྒྱུགས༔ འཇིག་རྟེན་མགོན་པོ་འཁོར་བཅས་རྣམས༔ རྒྱུགས་ཤིག་བསྟན་དགྲའི་ཡུལ་དུ་རྒྱུགས༔ མ་མོ་མཁའ་འགྲོའི་འཁོར་བཅས་རྣམས༔ རྒྱུགས་ཤིག་བསྟན་དགྲའི་ཡུལ་དུ་རྒྱུགས༔ ལྷ་སྲིན་སྡེ་བརྒྱད་འཁོར་བཅས་རྣམས༔ རྒྱུགས་ཤིག་བསྟན་དགྲའི་ཡུལ་དུ་རྒྱུགས༔


KMC020_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་གསུམ་ལྷ་འདྲེའི་དམག་ཚོགས་རྣམས༔ རྒྱུགས་ཤིག་བསྟན་དགྲའི་ཡུལ་དུ་རྒྱུགས༔ ལས་མཁན་དུག་གདོང་སྡེ་བདུན་ཚོགས༔ རྒྱུགས་ཤིག་བསྟན་དགྲའི་ཡུལ་དུ་རྒྱུགས༔ སྣང་སྲིད་མདོས་ཟོར་ཡས་ཆེན་འདི༔ ལམ་བསྟན་དགྲ་ཡི་ཡུལ་དུ་བསྟན༔ དགྲ་བོའི་ཡུལ་མཁར་རྡུལ་དུ་རློག༔ དགྲ་བོ་རྨིང་ནས་སྐེམ་པར་གྱིས༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ བསྒོས་པའི་དོན་འདི་ཁྱེད་ཅག་ཐམས་ཅད་ཀྱིས༔ མ་བསྒྲུབས་གྱུར་ན་ཁྱེད་ཅག་དམ་ཅན་རྣམས༔ དུས་གསུམ་སངས་རྒྱས་ཞི་ཁྲོ་རབ་འབྱམས་ཀྱི༔ བདེན་པའི་བདེན་ཚིག་ཟབ་མོས་བརླག་པར་འགྱུར༔ དེ་བས་བསྒོས་པའི་དོན་འདི་བསྒྲུབ་པར་མཛོད༔ ཨཱོཾ་བཛྲ་མ་ཧཱ་ཀཱ་ལ་ཏྲཀྴད་དུ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨཱོཾ་བཛྲ་མ་ཧཱ་ཀཱ་ལ་ས་མ་ཡ་རཀྵ་རཀྵ༔ དུ་དུ་དུ་དུ་དུ་དུ་དུ་དུ༔ མ་མ་མ་མ་བྷྱོ་ཡ་རཀྵ༔ མ་ཧཱ་ཀཱ་ལ་ཀཾ་ཀ་བེད་ཛཿ ནཱ་ག་བཛྲ་རཱ་ཛཿ མ་ཧཱ་ཀཱ་ལ་ཏྲཀྴད་ས་མ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ༼མ༽ ༔དེ་དག་ནི་དྲག་པོའི་མདོས་ཟོར་སྒོ་དབྱེ་ཞིང་ལམ་བསྟན་པའི་ཐབས་བསྟན་པའོ༔ ༔དེ་ནས་ཕྱི་རོལ་དུ་དཔག་སྟེ༔ གོམ་པ་ཉི་ཤུ་རྩ་ལྔའམ་འདོམ་པ་ཉི་ཤུ་རྩ་ལྔའི་བར་དུ་དཔག་སྟེ༔ ཉ་བོ་ལ་འགུགས་གཞུག་དྲག་ཏུ་བྱས་ནས༔ ཕྱོགས་སྐྱོང་ལ་གསེར་སྐྱེམས་དང་གཏོར་མ་


KMC020_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་དམར་ཕུལ་ཏེ༔ ༼ཧཱ༽ ༔ཟོར་འཕང་བའི་ལས་རིམ་ནི༔ དང་པོ་ཐུན་ཟོར་ཐོགས་ཏེ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྔོན་བྱུང་སྲིད་པའི་དང་པོ་ལ༔ བཅོམ་ལྡན་ཀུན་བཟང་ཡབ་ཡུམ་གྱིས༔ མ་རུང་རུ་དྲ་འདུལ་བའི་ཕྱིར༔ ཐིག་ལེ་དཀར་དམར་འཕྲོ་འདུ་ལས༔ བདུད་འདུལ་ཡུངས་ཀར་ཡུངས་དམར་སྤྲུལ༔ སྟེང་གི་ལྷ་དང་འོག་གི་ཀླུ༔ བར་སྣང་གཟའ་དང་སྡེ་བརྒྱད་རྣམས༔ ནུས་པའི་མཐུ་རྩལ་ཐུན་ལ་བསྡུས༔ ཐུན་ཟོར་གནམ་ལྕགས་ཐོག་རྒོད་འདི༔ བསྟན་དགྲའི་སྙིང་ལ་མཱ་ར་ཡ༔ སྐད་ཅིག་ཉིད་ལ་སྲོག་རྩ་ཆོད༔ ཐུན་ཟོར་དགྲ་དང་བགེགས་ལ་བྷྱོ༔ ༼ཀཱ༽ ༔ས་ཟོར་ཐོགས་ཏེ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྔོན་བྱུང་སྲིད་པའི་དང་པོ་ལ༔ ས་ཁམས་སངས་རྒྱས་སྤྱན་མ་ཡིས༔ ས་ཡི་ཐུན་རྫས་ཤ་ལས་སྤྲུལ༔ སྟེང་གི་ལྷ་དང་འོག་གི་ཀླུ༔ བར་སྣང་གཟའ་དང་སྡེ་བརྒྱད་རྣམས༔ ནུས་པའི་མཐུ་རྩལ་ཐུན་ལ་བསྡུས༔ ཐུན་ཟོར་གནམ་ལྕགས་ཐོག་རྒོད་འདི༔ བསྟན་དགྲའི་སྙིང་ལ་མཱ་ར་ཡ༔ རུ་དྲའི་ས་མཁར་ཕུང་ཁམས་


KMC020_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བརླགས༔ རུ་དྲ་གཏན་ནས་མེད་པར་བྱས༔ དེ་བཞིན་ས་ཟོར་འཕངས་པའི་མཐུས༔ བསྟན་དགྲའི་ས་མཁར་རྡུལ་དུ་རློག༔ ཐུན་ཟོར་དགྲ་དང་བགེགས་ལ་བྷྱོ༔ ༼ལ༽ ཆུ་ཟོར་ཐོགས་ཏེ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྔོན་བྱུང་བསྐལ་པའི་དང་པོ་ལ༔ ཆུ་ཁམས་ལྷ་མོ་མཱ་མ་ཀཱིས༔ ཆུ་ཡི་ཐུན་རྫས་ཁྲག་ལས་སྤྲུལ༔ སྟེང་གི་ལྷ་དང་འོག་གི་ཀླུ༔ བར་སྣང་བཟའ་སྡེ་བརྒྱད་རྣམས༔ ནུས་པའི་མཐུ་རྩལ་ཐུན་ལ་བསྡུས༔ ཐུན་ཟོར་གནམ་ལྕགས་ཐོག་རྒོད་འདི༔ བསྟན་དགྲའི་སྙིང་ལ་མཱར་ཡ༔ རུ་དྲའི་གནས་ཡུལ་ཆུ་ཡིས་བརླགས༔ རུ་དྲ་གཏན་ནས་མེད་པར་བྱས༔ དེབཞིན་ཆུ་ཟོར་འཕངས་བའི་མཐུས༔ བསྟན་དགྲའི་ཡུལ་ཁམས་རྡུལ་དུ་རློག༔ ཐུན་ཟོར་དགྲ་དང་བགེགས་ལ་བྷྱོ༔ ༼སུ༽ ༔མེ་ཟོར་ཐོགས་ཏེ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྔོན་བྱུང་སྲིད་པའི་དང་པོ་ལ༔ མེ་ཁམས་ཁྲོ་མོ་གོས་དཀར་མོས༔ མེ་ཡི་ཐུན་རྫས་དྲོད་ལས་སྤྲུལ༔ སྟེང་གི་ལྷ་དང་འོག་གི་ཀླུ༔ བར་སྣང་གཟའ་དང་སྡེ་བརྒྱད་རྣམས༔ ནུས་པའི་


KMC020_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་རྩལ་ཐུན་ལ་བསྡུས༔ ཐུན་ཟོར་གནམ་ལྕགས་ཐོག་རྒོད་འདི༔ བསྟན་དགྲའི་སྙིང་ལ་མཱ་ར་ཡ༔ རུ་དྲའི་གནས་ཡུལ་མེ་ཡིས་བསྲེགས༔ རུ་དྲ་གཏན་ནས་མེད་པར་བྱས༔ དེ་བཞིན་མེ་ཟོར་འཕངས་བའི་མཐུས༔ བསྟན་དགྲའི་གནས་མལ་རྡུལ་དུ་རློག༔ ཐུན་ཟོར་དགྲ་དང་བགེགས་ལ་བྷྱོ༔ ༼ཏྲི༽ ༔བསིལ་ཡབ་བ་དན་ཐོགས་ཏེ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྔོན་བྱུང་སྲིད་པའི་དང་པོ་ལ༔ རླུང་ཁམས་དམ་ཚིག་སྒྲོལ་མ་ཡིས༔ རླུང་གི་ཐུན་རྫས་དབུགས་ལས་སྤྲུལ༔ སྟེང་གི་ལྷ་དང་འོག་གི་ཀླུ༔ བར་སྣང་གཟའ་དང་སྡེ་བརྒྱད་རྣམས༔ ནུས་པའི་མཐུ་རྩལ་ཐུན་ལ་བསྡུས༔ ཐུན་ཟོར་གནམ་ལྕགས་ཐོག་རྒོད་འདི༔ བསྟན་དགྲའི་སྙིང་ལ་མཱ་ར་ཡ༔ རུ་དྲའི་གནས་ཡུལ་རླུང་གིས་གཏོར༔ རུ་དྲ་གནས་ནས་མེད་པར་བྱས༔ དེ་བཞིན་རླུང་ཟོར་འཕངས་བའི་མཐུས༔ བསྟན་དགྲའི་ཡུལ་མཁར་གཏོར་བར་གྱིས༔ ཐུན་ཟོར་དགྲ་དང་བགེགས་ལ་བྷྱོ༔ ༼ཡ༽ ༔རྡོ་རྗེ་ལག་ཏུ་ཐོགས་ཏེ༔ ཧཱུྃ་ཧཱུྃ་ཧཱུྃ༔


KMC020_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་བྱུང་བསྐལ་པའི་དང་པོ་ལ༔ བཅོམ་ལྡན་རྡོ་རྗེ་མི་བསྐྱོད་པས༔ རྡོ་རྗེ་ཐུགས་ཀྱི་སྤྲུལ་པ་འགྱེད༔ རུ་དྲའི་ཞེ་སྡང་གཏན་ནས་འཇོམས༔ རྡོ་རྗེ་འབར་བའི་མཚོན་བསྣུན་པས༔ སྟེང་གི་ལྷ་དང་འོག་གི་ཀླུ༔ བར་སྣང་གཟའ་དང་སྡེ་བརྒྱད་རྣམས༔ ནུས་པའི་མཐུ་རྩལ་ཐུན་ལ་བསྡུས༔ ཐུན་ཟོར་གནམ་ལྕགས་ཐོག་རྒོད་འདི༔ བསྟན་དགྲའི་སྙིང་ལ་མཱ་ར་ཡ༔ ༼མ༽ ༔མདུང་ཞགས་ཐོགས་ཏེ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྔོན་བྱུང་བསྐལ་པའི་དང་པོ་ལ༔ བཅོམ་ལྡན་རིན་ཆེན་འབྱུང་ལྡན་གྱིས༔ མདུང་ཞགས་ཡོན་ཏན་སྤྲུལ་པ་འགྱེད༔ རུ་དྲའི་ང་རྒྱལ་གཏན་ནས་བཅོམ༔ མདུང་ཞགས་འབིག་བྱེད་མཚོན་བསྣུན་པས༔ སྟེང་གི་ལྷ་དང་འོག་གི་ཀླུ༔ བར་སྣང་གཟའ་དང་སྡེ་བརྒྱད་རྣམས༔ ནུས་པའི་མཐུ་རྩལ་ཐུན་ལ་བསྡུས༔ ཐུན་ཟོར་གནམ་ལྕགས་ཐོག་རྒོད་འདི༔ བསྟན་དགྲའི་སྙིང་ལ་མཱ་ར་ཡ༔ ༼དུ༽ ༔ལྕགས་ཀྱུ་ཐོགས་ཏེ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྔོན་བྱུང་སྲིད་པའི་དང་པོ་ལ༔ བཅོམ་ལྡན་སྣང་བ་


KMC020_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་ཡས་ཀྱིས༔ ལྕགས་ཀྱུ་གསུང་གི་སྤྲུལ་པ་འགྱེད༔ རུ་དྲའི་འདོད་ཆགས་གཏན་ནས་བཅོམ༔ ལྕགས་ཀྱུ་འགུགས་བྱེད་མཚོན་བསྣུན་པས༔ སྟེང་གི་ལྷ་དང་འོག་གི་ཀླུ༔ བར་སྣང་གཟའ་དང་སྡེ་བརྒྱད་ཚོགས༔ ནུས་པའི་མཐུ་རྩལ་ཐུན་ལ་བསྡུས༔ ཐུན་ཟོར་གནམ་ལྕགས་ཐོག་རྒོད་འདི༔ བསྟན་དགྲའི་སྙིང་ལ་མཱ་ར་ཡ༔ ༼ཛཿ༽ ༔ཁ་ཊཱཾ་ཐོགས་ཏེ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྔོན་བྱུང་སྲིད་པའི་དང་པོ་ལ༔ བཅོམ་ལྡན་དོན་ཡོད་གྲུབ་པ་ཡིས༔ ཁ་ཊཱཾ་གསོད་བྱེད་ལས་ལ་སྤྲུལ༔ རུ་དྲའི་ཕྲག་དོག་གཏན་ནས་བཅོམ༔ ཁ་ཊཱཾ་གསོད་བྱེད་མཚོན་བསྣུན་པས༔ སྟེང་གི་ལྷ་དང་འོག་གི་ཀླུ༔ བར་སྣང་གཟའ་དང་སྡེ་བརྒྱད་རྣམས༔ ནུས་པའི་མཐུ་རྩལ་ཐུན་ལ་བསྡུས༔ ཐུན་ཟོར་གནམ་ལྕགས་ཐོག་རྒོད་འདི༔ བསྟན་དགྲའི་སྙིང་ལ་མཱ་ར་ཡ༔ ༼ཛཿ༽ ༔ཕུར་པ་ཐོགས་ཏེ༔ ཧཱུྃ་ཧཱུྃ་ཧཱུྃ༔ འདི་ནི་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་མངོན་སྤྱོད་རྒྱ་མཚོའི་ཚོགས༔ དབྱེར་མེད་གཅིག་བསྡུས་ཧེ་རུ་


KMC020_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ཀ༔ བཅོམ་ལྡན་རྡོ་རྗེ་གྲོ་ལོད་ཀྱི༔ དྲག་པོའི་ཕུར་ཟོར་གསོད་བྱེད་འདིས༔ བསྟན་དགྲ་རུ་དྲ་ཐལ་བར་རླག༔ འཁོར་འདས་རླག་བྱེད་མཚོན་བསྣུན་པས༔ སྟེང་གི་ལྷ་དང་འོག་གི་ཀླུ༔ བར་སྣང་གཟའ་དང་སྡེ་བརྒྱད་རྣམས༔ ནུས་པའི་མཐུ་རྩལ་ཐུན་ལ་བསྡུས༔ ཐུན་ཟོར་གནམ་ལྕགས་ཐོག་རྒོད་འདི༔ བསྟན་དགྲའི་སྙིང་ལ་མཱ་ར་ཡ༔ ༼ཛཿ༽ ༔གཏོར་མ་ཐོགས་ལ༔ ཧཱུྃ་ཧཱུྃ་ཧཱུྃ༔ འདི་ནི་སངས་རྒྱས་ཐམས་ཅད་ཀྱི༔ ཕྲིན་ལས་མངོན་སྤྱོད་དྲག་པོ་ལས༔ དྲག་པོའི་དཔལ་གྱི་གཏོར་ཟོར་འདི༔ བདུད་མགོན་ཏྲཀྴད་འཁོར་བཅས་ཀྱི༔ མཐུ་སྟོབས་གཅིག་ཏུ་བསྡུས་པའི་ཟོར༔ སྟེང་གི་ལྷ་དང་འོག་གི་ཀླུ༔ བར་སྣང་གཟའ་དང་སྡེ་བརྒྱད་རྣམས༔ ནུས་པའི་མཐུ་རྩལ་ཐུན་ལ་བསྡུས༔ ཐུན་ཟོར་གནམ་ལྕགས་ཐོག་རྒོད་འདི༔ བསྟན་དགྲའི་སྙིང་ལ་མཱ་ར་ཡ༔ སྣང་སྲིད་འཁོར་འདས་རླག་པའི་མཚོན༔ བསོར་བ་ཙམ་གྱིས་སྲིད་གསུམ་འཇོམས༔ ཕྱར་བ་ཙམ་གྱིས་སྟོང་གསུམ་རླག༔ བཏབ་


KMC020_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཙམ་གྱིས་སྲིད་གསུམ་འདུལ༔ འཕངས་པས་སྣང་སྲིད་འཁོར་འདས་ཀྱི༔ གཟུགས་ཅན་གཟུགས་མེད་གཏན་ནས་འཇོམས༔ དེ་ལྟའི་གཏོར་ཟོར་དམར་ནག་འདིས༔ བསྟན་དགྲ་རྨིང་ནས་སྐེམ་གྱུར་ཅིག༔ སྐད་ཅིག་ཉིད་ཀྱིས་སྲོག་རྩ་ཆོད༔ ལོ་ཟླ་ཞག་དུས་མ་འགྱངས་པར༔ བསྟན་དགྲ་རྨིང་ནས་མེད་པར་གྱིས༔ ཐུན་ཟོར་གཏོར་ཟོར་དགྲ་ལ་བྷྱོ༔ མཱ་ར་ཡ་ཕཊ༔ ༼ཧཱུྃ༽ ༔དེ་ནས་ལས་ལ་རྦད་པ་ནི༔ ལས་མགོན་འཁོར་བཅས་དགྲ་ལ་བསམ་པ་ཙམ་གྱིས་སོང་བར་བསམ་ཞིང་༔ ཧཱུྃ༔ མ་ཧཱ་ཀཱ་ལ་མཐུ་བོ་ཆེ༔ ཞེས་སོགས་རྟེན་གཏོར་རྒྱབ་དང་ལས་མདོས་སྔོན་དུ་འཕང་༔ རྦད་སྔགས་བསད་སྔགས་སྦྲེལ་མར་སྦྱར་ལ་འདི་སྐད་དོ༔ ༼བཾ༽ ༔ཧོ༔ དགོངས་སུ་གསོལ་ལོ༔ ལན་གསུམ༔ ཧཱུྃ་ཧཱུྃ་ཧཱུྃ༔ སྣང་སྲིད་འཁོར་འདས་དཀྱིལ་འཁོར་འདིར༔ བསྟན་དགྲ་རུ་དྲ་གང་མཆིས་རྣམས༔ དྲེགས་བྱེད་ཁྲོ་བོ་འཁོར་བཅས་ཀྱིས༔ བསྟན་བཤིག་རྨིང་ནས་སྐེམ་པར་བྱས༔ ད་ནི་དགྲ་ཡི་གཡུལ་ངོ་ལས༔ རྒྱལ་ལོ་དཀོན་མཆོག་རྣམ་པར་རྒྱལ༔


KMC020_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཆོས་ཀྱི་ཆབ་སྲིད་ཀྱང་༔ ནམ་མཁས་གར་ཁྱབ་དེར་གནས་ཤིང་༔ འཕོ་འགྱུར་མེད་པར་བརྟན་གྱུར་ཅིག༔ འགྱུར་མེད་རྡོ་རྗེའི་བཀྲ་ཤིས་ཤོག༔ ཅེས་དབྱངས་དང་བཅས་ཏེ་ལན་གསུམ་བརྗོད་ལ་བསྒྲུབ་ཁང་དུ་ཕྱིན་ནས༔ སྲིད་གསུམ་གཏིང་ཟློག་འབུལ་བར་བྱའོ༔ རྗེས་དབང་བཞི་ལེན་པ་དང་༔ བཀྲ་ཤིས་བརྗོད་པ་རྫོགས་རིམ་བསྡུ་བ་སོགས༔ ཀུན་བཟང་ལས་བྱང་དང་བླ་མའི་ལས་བྱང་དུ་གསལ་ལོ༔ ༼ཧོཿ༽ ༔དེ་ལྟར་སྔོན་འགྲོ་དངོས་གཞི་རྗེས་རྣམ་པ་གསུམ་ལེགས་པར་གྲུབ་པ་གལ་ཆེའོ༔ དེ་ལྟར་ཡང་གསང་སྒྲུབ་ཆེན་འདི༔ གནད་ཐུན་མོང་མ་ཡིན་པའི་ཟབ་དོན་ཐུགས་ཀྱི་སྙིང་པོ་འདི༔ བསྟན་བཤིག་རྨིང་ནས་སྐེམ་པའི་མཚོན་ཆ༔ གདུག་པ་དུག་གི་སྤུ་གྲི༔ གཏོར་བྱེད་རླུང་གི་མདོས་ཆེན་ཞེས་བྱ་བ་འདི༔ རྒྱ་བོད་པཎ་གྲུབ་རྣམས་ཀྱིས་གོ་མཚོན་དེ་དག་ཐམས་ཅད་ཨོ་རྒྱན་རྗེ་ཡིས་ཕྱོགས་གཅིག་ཏུ་བསྡེབས་པ་འདིའི་རྟགས་མཚན་ནི༔ ཕ་རོལ་དམག་དཔུང་བཟློག་པ་དང་༔ རྩི་ཤིང་ནགས་ཚལ་བཅད་པ་དང་༔ རི་བོའམ་ཁང་མཁར་ལ་མེ་བརྒྱབ་པ་དང་༔ གཞན་ལ་རྡེག་ཙོག་ཐུབ་པ་དང་༔ ཤ་ཁྲག་ཙས་སུ་རོལ་པ་དང་༔ མི་ནག་རུ་དར་ཐོགས་པ་དང་༔ སྔགས་ནག་སྐྱ་སེར་གང་ཡང་རུང་༔ ཕ་རོལ་རྦོད་གཏོང་ཟློག་སྟེ་མཐུན་བྱེད་པ་དང་༔ དགྲ་བོའི་གློ་སྙིང་རང་གི་


KMC020_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་ཁྱེར་བྱུང་བ་དང་༔ རི་རབ་རྨིང་ནས་བསྒྱེལ་དང་༔ རྒྱ་མཚོ་ཧུབ་ཀྱིས་རྔུབ་པ་དང་༔ བཙན་པོའི་མཁར་ལ་འདུག་པ་དང་༔ དྲི་ཆབ་ཁྲག་ཏུ་འགྱུར་བ་དང་༔ གནམ་ས་རླུག་ནག་འཚུབས་མས་ཁྱབ་པ་དང་༔ བཤུག་ཀྱུས་འདེབས་པ་དང་༔ ཆོ་འཕྲུལ་མཐོང་སྣང་སྣ་ཚོགས་འབྱུང་བ་དང་༔ མདོས་ལ་འོད་འཕྲོ་བ་དང་༔ ལྡིག་སྒྲ་དང་ཚེག་སྒྲ་གྲགས་པ་དང་༔ མདོས་འགུག་ཤིག་ཤིག་བྱེད་པ་དང་༔ མེ་སྟག་འཕྲོ་བ་དང་༔ ཐོག་སེར་འབེབས་པ་ལ་སོགས་ལས་སྦྱོར་གྱི་རྟགས་མཚན་འདི་རྣམས་ཉམས་སྣང་རྨི་ལམ་མངོན་སུམ་དུ་འོང་བའི་དུས༔ བཀའ་བསྒོ་དམ་བཞག་གནད་འབོར་རྣམས་གལ་ཆེའོ༔ ཟབ་གནད་སྒྲུབ་ཆེན་ལས་སྦྱོར་ས་མ་ཡ༔ ཐུགས་རྒྱ༔ གཉན་རྒྱ༔ གསང་རྒྱ༔ གང་རྒྱ༔ སྐས་རྒྱ༔ བརྡའ་ཐིམ༔ ༈ མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousགུ་རུ་རྡོ་རྗེ་གྲོ་ལོད་ཀྱི་ལས་འགྱེད་སྲིད་གསུམ་རླག་བྱེད།next