Nitartha Digital Library
Tibetan
སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཉེར་གསུམ་པ།

4 occurrences of མགོན་པོ་བྱང་
[Clear Hits]


  
  
 
འདུས་པ་ཆེན་པོ་མདོའི་སྒྲུབ་ཁྲིགས་བཞིན་དབང་བྱང་ལག་ལེན་མཁས་པ་གླན་བསོད་ནམས་མགོན་གྱི་གསུང་པོད་གཉིས་པ།


4 occurrences of མགོན་པོ་བྱང་
[Clear Hits]

 
previousའདུས་པ་ཆེན་པོ་མདོའི་སྒྲུབ་ཁྲིགས་བཞིན་དབང་བྱང་ལག་ལེན་མཁས་པ་གླན་བསོད་ནམས་མགོན་གྱི་གསུང་པོད་གཉིས་པ།no next

འདུས་པ་ཆེན་ པོ་མདོའི་སྒྲུབ་ཁྲིགས་བཞིན་དབང་བྱང་ལག་ལེན་མཁས་པ་གླན་བསོད་ནམས་མགོན next hit་གྱི་གསུང་པོད་གཉིས་པ།

འདུས་པ་ཆེན་previous hit པོ་མདོའི་སྒྲུབ་ཁྲིགས་བཞིན་དབང་བྱང་ལག་ལེན་མཁས་པ་གླན་བསོད་ནམས་མགོན next hit་གྱིས་མཛད་པ་སྨད་ཆ་བཞུགས་སོ། །རིག་པ་རང་ཤར་རྒྱུད་ཤམ་ལས། །བསྲུང་བའི་དམ་ཚིག་འདི་ལྟ་སྟེ། །ལུང་ཞིག་ཆུ་ལ་མི་བཏུང་ཞིང་། །མ་ཡེངས་ངང་ལ་སྤྱོད་པའོ། །འཇུག་པའི་སྒོ་ནི་དག་པ་གསུམ། །བྱ་བ་དག་པ་རྣམ་པ་གསུམ། །དག་པ་རྣམ་གསུམ་གང་ཞེ་ན། །ལྷ་དང་དཀྱིལ་འཁོར་དག་པ་དང་། །རྫས་དང་ཡོ་བྱད་དག་པ་དང་། །སྔགས་དང་ཏིང་འཛིན་དག་པའོ། །རྟོགས་པའི་ལྟ་བ་འདི་ལྟ་སྟེ། །ལྷ་དང་རྣལ་འབྱོར་དག་པ་གཉིས། །རྗེ་དང་འབངས་ཀྱི་ཚུལ་དུ་བྱ། །ཏིང་ངེ་འཛིན་ལ་ཞེན་པའོ། །སྤང་བའི་རིམ་པ་འདི་ལྟ་སྟེ། །ཉ་དང་ཤ་དང་སྒོག་པ་དང་། །དེ་བཞིན་ཆང་ལ་སོགས་པ་སྤོང་། །ཀྲི་ཡའི་ཐེག་པ་དེ་ལྟར་ན། །ཨུ་པའི་ཐེག་པ་འདི་ལྟ་སྟེ། །ལྟ་བ་ཡོ་གར་ལྟ་བ་ལ། །སྤྱོད་པ་ཀྲི་ཡར་སྤྱོད་པའོ། །དེ་ཕྱིར་གཉིས་ཀ་བརྒྱུད་ཅེས་གྲགས། །ལྟ་བ་ལྷ་དང་གྲོགས་པོའི་ཚུལ།། །།
༅། །འདུས་པ་མདོ་ཡི་གསལ་ཤིང་གི་ཆོ་ག་སྣང་། སྤྱིར་འདུས་པ་མདོའི་དངོས་གྲུབ་ལེན་པའི། ཡེ་ཤེས་ལྷའི་དངོས་གྲུབ་གསལ་ཤིང་ལ་ལེན་ལ། ཡ་མཚན་འཕྲུལ་གྱི་དངོས་གྲུབ་རྣལ་འབྱོར་པས་ཐོབ་དགོས་པས། དེ་ལ་ཞི་ཁྲོ་གཉིས་ལས། དང་པོ་ཞི་བ་ལྷའི་དབང་། ཞེས་གསུངས་པ་དང་། ཡང་རྡོ་རྗེ་མེ་ལོང་ནས། དབང་བསྐུར་རྩ་བའི་དཀྱིལ་འཁོར་ནི། །མ་བཅོས་རྡོ་རྗེ་དབྱིངས་དཀྱིལ་འཁོར། །ཁྲོ་བོའི་དཀྱིལ་འཁོར་ཕྱི་རིམ་སྟེ། །བསྒྲུབ་དང་གདུག་པ་འདུལ་ཕྱིར་ཡིན། །ཞེས་གསུངས་པས་དེའི་དོན་ནི། ཁྲོ་བོ་ལ་ཕྱི་རིམ་ཞེས་གསུངས་ཀྱང་། དོན་གྱིས་ཞི་ཁྲོ་གཉིས་སྟེང་འོག་ཏུ་ཡོད་པས། སྟེང་གི་སྟོན་པ་ཀུན་ཏུ་བཟང་པོ་གནས་འགྱུར་ནས་འོག་གི་ཆེ་མཆོག་ལ་ཐིམ། གཞན་ཐམས་ཅད་གནས་འགྱུར་དུ་ཡོད་པས། དེའི་འོད་ཟེར་འཇུ་འདུལ་གྱི་ཚུལ་དུ་ཡོད་པའི་ཕྱིར། ཞི་བའི་ལྷ་རྣམས་ལ་གསལ་ཤིང་གི་ཆོ་ག་མི་དགོས། ཞེས་སྲེགས་པ་རྡོ་རྗེ་རྒྱལ་མཚན་གསུང་ངོ་མོ། རྩགས་ཀྱི་ཞལ་ནས། ཞི་ཁྲོ་ལག་པའི་ལྟོ་རྒྱབ་ཀྱི་ཚུལ་ཡིན་པས་ལེན་པ་འཐད་གསུང་པར་ལྟ། འགར་གྱི་ཞལ་ནས། ཡང་དག་གི་དུས་མིན་པ་གསལ་ཤིང་གི་ཆོ་ག་ལ་གནད་ཆེ་རྒྱུ་མེད་གསུང་པར་གདའ། དེ་ལྟར་གསུམ་པོ་ཕྱག་བཞེས་བག་ཙམ་མི་མཐུན་ཀྱང་། ཞུ་བསོད་ནམས་ཤཱཀྱའི་ཞལ་ནས། ལྷ་དགུ་ཀུན་གྱི་རྩ་བ་ཡིན་ལ། སྤྱིར་འདུས་པ་མདོ་བྱ་བ་འདི་ཐམས་ཅད་འདུས་པ་ཡིན་ཏེ། ལམ་ཐེག་པ་རིམ་པ་དགུ་ཡང་འདུས། བསྒྲུབ་པ་བཀའ་བརྒྱད། གུང་ཤིང་དགུ །བསྐྱེད་རྫོགས་གསུམ་ལ་སོགས་པ་ཐམས་ཅད་འདུས་པ་ཡིན་པའི་ཕྱིར་ཏེ། ཅིས་ན་བསྐྱེད་རྫོགས་གཉིས་ཀྱི་དབང་དུ། ལྷ་ལྔ་བརྒྱ་བརྒྱད་ཅུ་རྩ་གསུམ་ལ། སངས་རྒྱས་བཞི་བཅུ་རྩ་གཉིས་སོ་སོར་གསུངས་པ་མེད་ཅིང་གཅིག་ཡིན་པའི་ཕྱིར་དང་། ཁྲོ་བོའི་ལྷ་ལྔ་བཅུ་རྩ་བརྒྱད་ལ་སོགས་པ་གཞན་མེད་དེ་གཅིག་ཡིན་པའི་ཕྱིར་དང་། མཚམས་གཅོད་པའི་དུས་ཀྱི་སྟེང་འོག་ཕྱོགས་མཚམས་ཀྱི་ཁྲོ་བོ་བཅུ་ཡང་གཅིག་ཡིན་པའི་ཕྱིར་ཏེ། དཔེར་ན་སྒྱུ་འཕྲུལ་གྱི་ཞི་ཁྲོ་འབྲིང་པོ་ཡང་འདུས། ཡང་དག་དྲུག་ཅུ་རྩ་བརྒྱད་པའི་ལྷ་ཚོགས་ཐམས་ཅད་འདི་ལ་ཚང་པས་གཞན་དོན་དབང་བསྒྲུབ་ཀྱི་དཀྱིལ་འཁོར་ཆེན་པོ་དྲུག་ཀྱང་འདི་ལ་འདུས་པས། གསལ་ཤིང་ལ་དངོས་གྲུབ་ལེན་པ་ཤིན་ཏུ་ཡང་འཐད་ཅེས་གསུང་སྐད་དེ། བླ་མ་རིམ་པ་བརྒྱུད་པའི་མན་ངག་དམ་པ་བཞིན་ཞེས་གསུང་ངོ་། །དེ་ལ་འདིར་འདུས་པ་ཆེན་པོ་མདོའི་དངོས་གྲུབ་གསལ་ཤིང་ལ་ལེན་པའི་དབང་དུ་གསུངས་ཏེ། ཞི་བའི་ལྷ་ཁྲོ་བོ་ལ་གནས་འགྱུར་དུ་ཡོད་པས། ཁྲོ་བོ་བླངས་པ་དེ་ཀ་ཞི་བ་ལ་བླངས་པ་ཡིན་པས་དེའི་ཕྱག་བཞེས་ལ། འབྲང་རྒྱས་ལ་གསལ་ཤིང་གི་རིམ་པ་བཅུ་བཞིར་མཐོ་དམན་ཡོད་པར་གསལ་བར་བྱས་པ་དེ་ལ། ཡེ་ཤེས་ལྷ་དང་། མཚན་མ་རྫས་གཉིས་ཀ་འབྱུང་བར་བྱ་བ་ཡིན་ཏེ། དེའི་ཆོ་གའི་རིམ་པ་ལ། སྤྱན་དྲངས་མཆོད་དང་བཟླས་པ་དང་། །བསྟོད་དང་སྨོན་ལམ་བསྡུ་བ་དྲུག །ཅེས་གསུངས་པས། འདིའི་ལས་ཀྱི་རིམ་པ་ནི། ཕོ་བྲང་ན་དཔལ་གྱི་མར་མེ་བཀོད་པ་དེ། འདུས་པ་ཆེན་པོ་ཁྲོ་བོའི་ལྷ་ཚོགས་དཀྱིལ་འཁོར་ན་ཇི་ལྟར་ཡོད་པ་བཞིན་གསལ་བར་བསྐྱེད། དེ་ལ་དབང་བསྐུར། བྱིན་གྱིས་བརླབས། སྙན་གསན་དབབ། དཀྱིལ་འཁོར་གྱི་ལྷ་ཚོགས་ཉིད་སྤྱན་དྲང་། བསྟིམ། བརྟན་ལ། དང་པོ་སྤྱན་དྲང་བ་ནི། ཕོ་བྲང་གི་མར་མེ་ལ་དབུས་ན་ཆེ་མཆོག །དབང་མ ཆོག །བཛྲ་ཧེ་རུ་ཀ །དེ་ལྟར་གསུམ་པ་ཡབ་ཡུམ་དང་བཅས་པ་གསལ་བར་བསྐྱེད་པ་དེ། ལྕགས་ཀྱུའི་མུ་ཏྲ་བཅས་ལ། ༀ་ཨ་ཀྲ་མ་ཧཱ་ཀྲོ་ཏ་ཤྲི་ཧེ་རུ་ཀ་ཧཱུྃ། ཀ་ཏ་མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུྃ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། སརྦ་ཏ་ཐཱ་ག་ཏ་ཀྲོ་ཏི་ཤྭ་རི་ཧཱུྃ། བཛྲ་མ་ཧཱ་ཤྲི་ཧེ་རུ་ཀ །བཛྲ་ཀྲོ་ཏི་ཤྭ་རི་ཧཱུྃ། བཛྲ་ཨ་གུ་ཤ་ཛ་ཛ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་ལ་གསལ་ཤིང་ལ་མེ་སྤར། མེ་འབར་བ་དང་འོད་དང་སྤྲུལ་པར་བཅས་ནས་གསལ་ཤིང་གི་རྩེ་མོར་བྱོན་པར་བསམ། གཉིས་པ་མཆོད་པ་དབུལ་བ་ན། བདུད་རྩི། གཏོར་མ། རཀྴ་གསུམ་པོ་རྩ་སྔགས་ཀྱིས་དབུལ་པོ། །གསུམ་པ་བཟླས་པ་ནི། བསྐུལ་ཚིག་དང་འཛབ་བྱ་བ་གཉིས་ཡིན་ཏེ། དེ་ལ་བསྐུལ་བ་ནི། ༀ་བཅོམ་ལྡན་ཆེ་མཆོག་ཡབ་ཡུམ་དང་། །དབང་མཆོག་ཧེ་རུ་ཡབ་ཡུམ་དང་། །བཛྲ་ཧེ་རུ་ཡབ་ཡུམ་དང་། །གཙོ་བོ་རྣམས་ཀྱི་ཐུགས་ཁ་ནས། །ཟུར་བརྒྱད་དཀྱིལ་ནས་འབྲུ་བརྒྱད་ཤར། །སྙིང་པོ་རུ་ལུ་འབྲུ་བརྒྱད་དང་། །གུ་ཡ་ཛྙ་ནའི་འོད་འཕྲོས་པས། །ཕར་འཕྲོས་དཔལ་གྱི་ཐུགས་དམ་བསྐང་། །ཚུར་འདུས་བདག་ལ་དངོས་གྲུབ་སྩོལ། །ༀ་ཨ་ཀྲ་མ་ཧཱ་ཀྲོ་ཏ་ཤྲི་ཧེ་རུ་ཀ་ཧཱུྃ། ཀ་ཏ་མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུྃ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲི་ཧེ་རུ་ཀ་ཧཱུྃ། སརྦ་ཏ་ཐཱ་ག་ཏ་ཀྲོ་ཏི་ཤྭ་རི་ཧཱུྃ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ༀ་བཛྲ་མ་ཧཱ་ཀྲོ་ཏ་ཤྲི་ཧེ་རུ་ཀ །བཛྲ་ཀྲོ་ཏི་ཤྭ་རི་ཧཱུྃ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ༀ་གྷུ་ཡ་ཛྙ་ན་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཀ་ཧཱུྃ། བཞི་པ་བསྟོད་པ་ནི། ༀ་བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ །བླ་མེད་ཡུམ་ཆེན་ཁྲོ་མོའི་རྒྱལ། །མཐིང་ནག་འཇིགས་སྐུ་བདུད་བཞི་འདུལ། །ཉི་ཤུ་རྩ་གཅིག་པ་རྣམས་གནོན། །བཞི་བཅུ་རྩ་གཉིས་མངོན་སངས་རྒྱས། །ཞབས་བརྒྱད་ཏིང་འཛིན་དབྱིངས་སུ་སྦྱོར། །བརྒྱན་རྣམས་མ་ལུས་སྐུ་ལ་རྫོགས། །ཁྲོ་རྒྱལ་སྐུ་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་དབང་མཆོག་ཧེ་རུ་ཀ །དབུ་དགུ་ཕྱག་ནི་བཅོ་བརྒྱད་དེ། །སྟོང་པ་བཅོ་བརྒྱད་ཡོངས་སུ་རྫོགས། །མཐིང་ནག་དགེས་པ་ཆེན་པོའི་སྐུ། །ཞབས་བརྒྱད་རཱུ་ཏྲ་ཕོ་མོ་གནོན། །འཇིགས་བྱེད་སྐུ་ལ་ཕྱག་འཚལ་བསྟོད། །ཧཱུྃ་རྡོ་རྗེ་རིགས་མཆོག་བདུད་བཞི་འདུལ་བའི་གཙོ། །གདུག་པ་ཆེན་པོ་ཐབས་ཀྱིས་བཏུལ་ནས་ནི། །བདུད་ཀྱི་རིགས་རྣམས་བརྡུལ་དུ་རློག་མཛད་པ། །དཔལ་ཆེན་ཡབ་ཡུམ་སྐུ་ལ་ཕྱག་འཚལ་བསྟོད། །ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ༀ་གུ་ཡ༴ ལྔ་པ་སྨོན་ལམ་གདབ་པ་ནི། ཧོ་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་དང་། དབང་མཆོག་ཆེན་པོ་ཡབ་ཡུམ་དང་། དཔལ་ཆེན་པོ་བཛྲ་ཧེ་རུ་ཀ་ཡབ་ཡུམ་ལ་སོགས་པ་རྣམས་ལ་དངོས་གྲུབ་ཏུ་གསོལ་བའི་མདོ་ནི། བདག་ཅག་རྣལ་འབྱོར་པ་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་འཚོགས་པ་རྣམས་ལ། ཤེས་བྱའི་ཆོས་ཐམས་ཅད་ལ་ཐོགས་པ་མེད་པའི་ཤེས་རབ། མི་བརྗེད་པའི་གཟུངས། མངོན་པར་ཤེས་པ་དྲུག །རྒྱུན་གྱི་ཏིང་ངེ་འཛིན། རྡོ་རྗེ་ལྟ་བུའི་ལུས། གཡུང་དྲུང་ལྟ་བུའི་ཚེ། གཞན་ཡང་སྣང་བ་དང་མི་སྣང་བ་དང་། རྡོ་རྗེའི་སྤྱན་ལ་སོགས་པའི་དངོས་གྲུབ་ཐོབ་པ་དང་། ཁྱད་པར་དུ་ཡང་། ཐུན་མོང་གི་དངོས་གྲུབ་བུ་ཚ་དང་། རིགས་བརྒྱུད་འཕེལ་བ་དང་། ཚེ་རིང་བ་དང་། ནད་མེད་པ་དང་། དཔལ་དང་། གཟི་མདངས་དང་། ཟས་ནོར་ལ་སོགས་པ་འབྱོར་པའི་ཡོ་བྱད་ཐམས་ཅད་རྒྱས་ཤིང་འཕེལ་ནས་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པ་དང་། སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་དང་། འཁོར་ལོངས་སྤྱོད་ཐམས་ཅད་འཕེལ་ཞིང་རྒྱས་པའི་དངོས་གྲུབ་སྩལ་དུ་གསོལ་ལོ། །ཁྱད་པར་གྱི་དངོས་གྲུབ་རྡོ་རྗེ་སེམས་དཔའ་མཚན་ཡོངས་སུ་རྫོགས་པའི་དངོས་གྲུབ་ཀྱི་སྐུ་ཐོབ་པར་སྩལ་དུ་གསོལ་ལོ། །དྲུག་པ་བསྡུ་བ་ནི། བཛྲ་ཨ་གྷུ་ཤ་ཛ་ཛ་ཞེས་པ་ལན་གསུམ་བརྗོད་པས། དང་པོས་འོད་དང་སྤྲུལ་པ། གཉིས་པས་ཡིག་འབྲུ། གསུམ་པ་སྐུ་འོད་དུ་ཞུ་ནས་བདག་ལ་ཐིམ་པས། བདག་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གཟི་བྱིན་དང་ལྡན་པར་བསམ་མོ། །བརྟན་པ་ནི། སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་དེ། །ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་། །མི་གཉིས་དོན་དུ་མཆོག་གི་དངོས་གྲུབ་རྣམས། །བདག་ལ་སྩལ་ཞིང་བརྟན་པར་མཛད་དུ་གསོལ། །དེ་ནས་གསལ་ཤིང་གི་རིམ་པ་གཉིས་པ་ལ། རྒྱུད་ཀྱི་ཧེ་རུ་ཀ་བཞིའི་དངོས་གྲུབ་བླང་སྟེ། དེ་ལ་ཡང་དོན་དྲུག་གི་དང་པོ་སྤྱན་དྲང་བ་ནི། ཕོ་བྲང་གི་མར་མེ་ལ་རིགས་བཞིའི་ཧེ་རུ་ཀ་ཕྱོགས་བཞི་ན་བསྐྱེད་པ་དེ། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། བྷུདྷ་ཤྲི་ཧེ་རུ་ཀ །བྷུདྡྷ་ཀྲོ་ཏི་ཤྭ་རི་ཧཱུྃ། བཛྲ་ཨ་གྷུ་ཤ་ཛ་ཛ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། རཏྣ་ཡབ་ཡུམ༴ བཛྲ་ཨ༴ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། པདྨ་ཡབ་ཡུམ༴ བཛྲ་ཨ༴ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཀརྨ་ཡབ་ཡུམ༴ བཛྲ་ཨ་གུ༴ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཞེས་བརྗོད་ལ་གསལ་ཤིང་གཉིས་པ་ལ་མེ་སྤར། མེ་འབར་བ་དང་གཉིས་སུ་མེད་པར་འོད་དང་བཅས་ནས་བྱོན་པར་བསམ། གཉིས་པ་མཆོད་པ་དབུལ་བ་ནི། རིགས་བཞིའི་ཧེ་རུ་ཀ་ལ་ཞེས་པ་དང་། གཏོར་མ་དང་བདུན་རྩི་རཀྟ་གསུམ་དབུལ། གསུམ་པ་ལ་བསྐུལ་ཚིག་དང་། འཛབ་གཉིས་ཀྱི་བསྐུལ་ཚིག་ནི། རིགས་བཞིའི་ཧེ་རུ་ཀའི་ཐུགས་ཁ་ནས། ཟུར་བརྒྱད་དཀྱིལ་ནས་འབྲུ་བརྒྱད་ཤར། །སྙིང་པོ་རུ་ལུ་འབྲུ༴ གུ་ཡ་ཛྙ་ནའི༴ ཕར་འཕྲོས་དཔལ་གྱི་ཐུགས༴ ཚུར་འདུས་བདག་ལ་དངོས་གྲུབ་སྩོལ། །འཛབ་ནི། བྷུདྡྷ༴ རཏྣ༴ པདྨ༴ ཀརྨ༴ ཡབ་ཡུམ་ལ༴ རུ་ལུ་རེ་རེ་དང་གུ་ཡ་རེ་རེ་གདགས་སོ། །བཞི་པ་བསྟོད་པ་ནི། ཆོས་དབྱིངས་དག་པ༴ ཕུན་ཚོགས་འཛིན༴ གསུང་མཆོག་ཆོས༴ ནན་དབང་དྲག་ཤུལ་བཞིས་བསྟོད། ལྔ་པ་སྨོན་ལམ་ནི། ཧོ་བཅོམ་ལྡན་འདས་རིགས་བཞིའི་ཧེ་རུ་ཀ་ཡབ་ཡུམ་ལ་དངོས་གྲུབ་ཏུ་གསོལ་བའི་མདོ་ནི། བདག་ཅག་རྣལ་འབྱོར་པ་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་འཚོགས་པ་རྣམས་ལ། ཤེས་བྱའི་ཆོས་ཐམས་ཅད་ལ་ཞེས་པ་ཡན་ཆད་འགྲེའོ། །དྲུག་པ་བསྡུ་བ་གོང་བཞིན་བྱའོ། །དེ་ནས་གསལ་ཤིང་རིམ་པ་གསུམ་པ་ལ། ལུང་གི་ཧེ་རུ་ཀ་བཞིའི་དངོས་གྲུབ་བླང་བའང་། དོན་དྲུག་གིས་སྟོན་པའི་དང་པོ་སྤྱན་དྲང་བ་ནི། ཕོ་བྲང་གི་མར་མེ་ལ་ལུང་གི་ཧེ་རུ་ཡབ་ཡུམ་མཚམས་བཞིའི་རྩིབས་ལ་བསྐྱེད་པ་དེ་ལྕགས་ཀྱུའི་མུ་ཏྲས་སྤྱན་དྲང་སྟེ། རཀྴ་ཤྲི་ཧེ་རུ་ཀ །རཀྴ་ཀྲོ་ཏི་ཤྭ་རི་ཧཱུྃ། ༀ་རུ་ལུ༴ གྷུ་ཡ་ཛྙ་ན༴ ས་ནུ་ཡབ་ཡུམ༴ རུ་ལུ༴ གྷུ་ཡ༴ གྷུ་ཡ་ཡབ་ཡུམ༴ རུ་ལུ༴ གྷུ་ཡ༴ ཡགྴ་ཡབ་ཡུམ༴ རུ་ལུ༴ གྷུ་ཡ་ཛྙ་ན་རྣམས་སྔགས་རིམ་པས་བརྗོད་ལ་གསལ་ཤིང་རིམ་པ་གསུམ་པ་ལ་མེ་སྤར། འབར་བ་དང་གཉིས་སུ་མེད་པར་བྱོན་པར་བསམ། དེ་ནས་གཉིས་པ་མཆོད་པ་དབུལ་བ་ནི། ལུང་གི་ཧེ་རུ་ཀ་ཡབ་ཡུམ་རྣམས་ལ། གཏོར་མ་བདུད་རྩི་རཀྟ་གསུམ་དབུལ། གསུམ་པ་བསྐུལ་ཚིག་དང་འཛབ་གཉིས་ཀྱི་དང་པོ་བསྐུལ་བ་ནི། ༀ་ལུང་གི་ཧེ་རུའི་ཐུགས་ཁ་ནས། །ཟུར་བརྒྱད་དཀྱིལ་ནས་འབྲུ་བརྒྱད་ཤར། །སྙིང་པོ་རུ་ལུ་འབྲུ་བརྒྱད་དང་། །གྷུ་ཡ་ཛྙ་ནའི་འོད། ཕར་འཕྲོས་པས་ནི། ཚུར་འདུས་བདག་ལ་དངོས་གྲུབ་སྩོལ། །འཛབ་ནི། རཀྴ། ས་ནུ། གྷུ་ཡ། ཡགྴ་བཞི་དང་། རུ་ལུ་རེ་རེ་དང་། གྷུ་ཡ་རེ་རེ་སྤེལ་གྱིན་གདགས་སོ། །ཞི་པ་བསྟོད་པ་ནི། ཧཱུྃ་སྦྱོར་བ༴ དམ་ཚིག༴ གསང་བ༴ སྒྲོལ་བའི་དབྱིངས༴ ལོག་ལྟ༴ མྱོང་བྱེད༴ སྐྱེ་གནས་རེག་བྱ་འཇོམས༴ འགའ་ན་ཉམས་པ༴ མཚན་མ༴ སྟ་ན་སྒྲོལ༴ ལུང་གི་ཁྲོ་རྒྱལ་ཚོགས་ལ་ཕྱག་འཚལ་བསྟོད། ལྔ་པ་སྨོན་ལམ་ནི། ཧོ་བཅོམ་ལྡན་འདས་ལུང་གི་ཧེ་རུ་ཀ་ཡབ་ཡུམ་གྱི་ཚོགས་ལ་དངོས་གྲུབ་ཏུ་གསོལ་བའི་མདོ་ནི། བདག་ཅག་རྣལ་འབྱོར་པ་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར་འཚོགས་པ་རྣམས་ལ། ཤེས་བྱའི་ཆོས་ཐམས་ཅད་ལ་ཞེས་པ་ཡན་ཆད་གོང་གིས་ཤེས་སོ། །དྲུག་པ་བསྡུ་བ་གོང་བཞིན་ནོ། །གསལ་ཤིང་གི་རིམ་པ་བཞི་པ་ལ། ཁྲོ་མོ་བརྒྱད་ཀྱི་སི་ཏི་བླང་བ་ལ་དྲུག་གི་དང་པོ་སྤྱན་དྲང་བ་ནི། མར་མེ་ལ་ཁྲོ་མོ་བརྒྱད་བསྐྱེད་པ་དེ་ལྕགས་ཀྱུའི་ཕྱག་རྒྱས་སྤྱན་དྲང་བ་ནི། ཀའུ་རི་བརྒྱད་པོའི་རྩ་སྔགས་རྫོགས་པར་བརྗོད་ལ། བཛྲ་ཨཾ་གུ་ཤ་ཛ་ཛ་ཞེས་པ་བརྗོད་ལ་རུ་ལུ་དང་གྷུ་ཡ་བཟླས། སྨན་རཀ་གཏོར་གསུམ་ཁའི༴ ཀའུ་རི་བརྒྱད་ཀྱི་ཐུགས་ཁ༴ སྙིང་པོ༴ གྷུ་ཡ་ཛྙ་ནའི་འོད་འཕྲོས་པས། ཕར་འཕྲོས་པས་ནི༴ ཚུར་འདུས་བདག་ལ༴ འཛབ་བྱ། བསྟོད་པ། ཀའུ་རི་ལ་སོགས་ཁྲོ་མོ་བརྒྱད་རྣམས་ནི། །གདུག་པ་ཐབས་ཀྱིས་འདུལ་བའི་དྲག་ཤུལ་ཅན། །སྐུ་མདོག་ཕྱག་རྒྱ་སྣ་ཚོགས་ཅིར་ཡང་སྟོན། །ཡེ་ཤེས་ཁྲོ་མོ་བརྒྱད་ལ་ཕྱག་འཚལ་བསྟོད། །ཁྲོ་མོ་བརྒྱད་ལ་དངོས་གྲུབ་ཏུ་གསོལ་བའི་མདོ་ནི། ཞེས་པ་ལ་སོགས་པ་དང་བསྡུ་བ་གོང་བཞིན་ནོ། །གསལ་ཤིང་གི་རིམ་པ་ལྔ་པ་ལ་ཕྲ་མེན་བརྒྱད་དང་སྒོ་མ་བཞིའི་པི་ཏི་བླང་པ་ལ་དྲུག་གི་དང་པོ་སྤྱན་དྲང་བ་ནི། ཕོ་བྲང་གི་མར་མེའི་བར་ཁྱམས་དང་པོ་ལ་སིང་ཧ་བརྒྱད་དང་སྒོ་མ་བཞི་བསྐྱེད་ལ་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། བཛྲ་སིང་ཧ་མུ་ཁ་ཧེ་ཞེས་རྩ་སྔགས་བརྒྱད་བརྗོད། ༀ་བཛྲ་ཨ་གུ་ཤ་ཛ་ཛ། ༀ་རུ་ལུ་ཞེས་བརྗོད། ཡང་སྒོ་མ་བཞིའི་རྩ་སྔགས་བཛྲ་ཨརྱ་ཏེ་ཛ་ཏེ་ང་ཛ་ལ་སོགས་པ་བཞི་བརྗོད། བཛྲ་ཨ་གུ་ཤ་ཛ་ཛ་ཞེས་བརྗོད་ལ་གསལ་ཤིང་ལྔ་པ་ལ་མེ་སྦར། འདོང་དང་ཆས་ནས་བྱོན་པར་བསམ། གཉིས་པ་པུ་ཙ་སྨན་རཀ་གཏོར་གསུམ་གྱིས་དབུལ། གསུམ་པ་བཟླས་པ་ལ་གཉིས་ཀྱི་བསྐུལ་ཚིག་ནི། ༀ་སིང་ཧ་ཕྲ་མེན་བརྒྱད་རྣམས་དང་། སྒོ་མ་བཞིའི་ཐུགས་ཁ་ནས། སྙིང་པོ་རུ་ལུ༴ གུ་ཡ་ཛྙ་ནའི༴ ཕར་འཕྲོས་པས་ནི་མཆོད། ཚུར་འདུས་བདག་ལ་དངོས་གྲུབ་སྩོལ། བཟླས་པ་ནི། སིང་ཧ་བརྒྱད་པོའི་རྩ་སྔགས་དང་སྒོ་མ་བཞིའི་རྩ་སྔགས་རུ་ལུ་སྤེལ་ལ་བཟླས་སོ། །གུ་ཡ་བཟླས། བཞི་པ་བསྟོད་པ་ནི། ཧཱུྃ་སིང་ཧ་ལ་སོགས་ཕྲ་མེན་བརྒྱད་རྣམས་ནི། ཡེ་ཤེས་ལས་ལ་འགྱེད་པའི་ཕྲ་མེན་མ། རྣམ་འཕྲུལ་ལས་ཀྱིས་འགྲོ་བའི་དོན་མཛད་པ། །སེང་ཧ་ཕྲ་མེན་བརྒྱད་ལ་ཕྱག༴ རྟ་གདོང་ལ་སོགས་སྒོ་མ་བཞི་རྣམས་ནི། །ཚད་མེད་བཞི་ཡིས་འགྲོ་བའི་དོན་མཛད་པ། །ཤར་ལྷོ་ནུབ་བྱང་སྒོ་བཞི་ཐུབ་པར་སྲུང་། །སྒོ་སྐྱོང་ཁྲོ་མོ་བཞི་ལ་ཕྱག་འཚལ་བསྟོད། །ལྔ་པ་སྨོན་ལམ་ནི། ཕྲ་མེན་བརྒྱད་ལ་དངོས་གྲུབ་ཏུ་གསོལ་བའི་མདོ་ནི། ཤེས་བྱའི་ཆོས་ཐམས་ཅད་ཅེས་པ་དང་། དྲུག་པ་བསྡུ་བ་གོང་བཞིན་ནོ། །གསལ་ཤིང་གི་རིམ་པ་དྲུག་པ་ལ་སྤོར་མ་བརྒྱད་དང་གསང་ཡུམ་བཞིའི་པི་ཏི་བླང་པ་ལ་དྲུག་གི་དང་པོ་སྤྱན་དྲང་བ་ནི། ཕོ་བྲང་གི་མར་མེའི་བར་ཁྱམས་གཉིས་པ་ལ་བསྐྱེད་པ་དེ། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ༀ་བཛྲ་ཨ་པྲ་ཏི་ཨརྱ་ནི། ཙ་ཏུར་ཏ་ར་ཕཊ། ཨ་རཀ་མོ་ཧཱུྃ་ཞེས་པ་བརྒྱད་དང་། ཤྲི་བཛྲ་མུད་ཀ་ར་ཤ་རུ་ལུ་ཤྲི་བཛྲ་ར་ག་ཤ་ར་ཡ་ཡ་ན་མ༴ རུ་ལུ༴ ཤྲི་བཛྲ་གྷན་དྷ་པྲ་ཛ་ལ་རུ་ལུ༴ ༀ་རུ་ལུ་སྤེལ་ལ་བརྗོད། བཛྲ་ཨ་གུ་ཤ་ཛ་ཛ་ཞེས་བརྗོད་ལ་གསལ་ཤིང་དྲུག་པ་ལ་མེ་སྦར། འོད་དང་བཅས་ནས་བྱོན་པར་བསམ། གཉིས་པ་པུ་ཙ་སྨན་རག་གཏོར་གསུམ་སྔགས་ཀྱིས་དབུལ། གསུམ་པ་ལ་གཉིས་ཀྱི་བསྐུལ་ཚིག་ནི། ༀ་སྤོར་བྱེད་ཆེན་མོ་བརྒྱད་རྣམས་དང་། །གསང་ཡུམ་བཞི་ཡི་ཐུགས་ཁ་ནས། །སྙིང་པོ་རུ་ལུ༴ གུ་ཡ་ཛྙ་ནའི༴ ཕར་འཕྲོས་པས་མཆོད། ཚུར་འདུས༴ བཟླས་པ་ནི། ཨ་རག་མོ་ཧཱུྃ་ཞེས་པ་བརྒྱད་དང་། རུ་ལུ་དང་༴ གུ་ཡ་སྤེལ་ལ་བཟླས་སོ། །བཞི་པ་བསྟོད་པ་ནི། ཧཱུྃ་ཆོས་དབྱིངས་རྣམ་དག་ངང་ལས་རང་སྣང་བའི། །སྣ་ཚོགས་ཅིར་ཡང་འགྱུར་བའི་སྐུ་མངའ་ཞིང་། །སྲིད་གསུམ་ཞིང་དུ་སྦྱོར་བས་གཡང་གཞི་གསོལ། །སྤོར་བྱེད་ཆེན་མོ་བརྒྱད་ལ་ཕྱག་འཚལ་བསྟོད། །བར་ཁྱམས་དེའི་ཤར་ལྷོ་ནུབ་བྱང་སྒོར། །དགྱེས་པ་བསྐྱེད་པ་གསང་བའི་ཡུམ་ཆེན་བཞི། །གཉིས་མེད་རོལ་པའི་བྱིན་བརླབས་སྣ་ཚོགས་འཕྲོ། །ཤེས་རབ་ཡུམ་ཆེན་བཞི་ལ་ཕྱག་འཚལ་བསྟོད། །ལྔ་པ་སྨོན་ལམ་ནི། ཧོ་སྤོར་མ་ཆེན་མོ་བརྒྱད་དང་གསང་བའི་ཡུམ་ཆེན་བཞི་ལ་དངོས་གྲུབ་ཏུ་གསོལ་བའི་མདོ་ནི་ཞེས་པ་དང་། དྲུག་པ་བསྡུ་བ་གོང་བཞིན་ནོ། །ཡང་གསལ་ཤིང་གི་རིམ་པ་བདུན་པ་ལ་དབང་ཕྱུག་མ་ཉེར་བརྒྱད་ཀྱི་དངོས་གྲུབ་བླང་བ་ལ་དོན་དྲུག་གིས་དང་པོ་སྤྱན་དྲང་བ་ནི། ཕོ་བྲང་གི་མར་མེའི་བར་ཁྱམས་གསུམ་པ་ལ་དབང་མོ་ཉེར་བརྒྱད་བསྐྱེད་པ་དེ། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། བྷྱོ་མ་ནུ་རཀྴ་སི་བྷྱོ་ལ་སོགས་པའི་རྩ་སྔགས་ཚང་བར་བརྗོད་ལ། ༀ་རུ་རུ་བཟླས། ༀ་བཛྲ་ཨ་གུ་ཤ་ཛ་ཛ་ཞེས་བརྗོད་ལ་གསལ་ཤིང་བདུན་པ་ལ་མེ་སྦར། འདོང་དང་ཆས་ནས་བྱོན་པར་བསམ། གཉིས་པ་པུ་ཙ་སྨན་རག་གཏོར་གསུམ་སྔགས་ཀྱི་དབུལ། གསུམ་པ་བཟླས་པ་ལ་གཉིས་ཀྱི་དང་པོ་བསྐུལ་བ་ནི། ༀ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཐུགས་ཁ་ནས། །སྙིང་པོ་རུ་ལུ༴ གུ་ཡ་ཛྙ་ནའི་འོད་འཕྲོས། ཕར་འཕྲོས་པས་ནི། ཚུར་འདུས་བདག༴ རྩ་སྔགས་ཉེར་བརྒྱད་བརྗོད་ལ༴ རུ་ལུ་དང་གུ་ཡ་སྤེལ་མ་བཟློས། བཞི་པ་བསྟོད་པ་ནི། ཧཱུྃ་མི་སྲིན་ལ་སོགས་དབང་ཕྱུག་ཉི་ཤུ་བརྒྱད། །དྲེགས་པ་ལྷ་ཆེན་རྣམས་ཀྱི་ཆུང་མ་སྟེ། །དབང་དྲག་ལས་ལ་ཐོགས་པ་མེད་པར་སྤྱོད། །ཉི་ཤུ་རྩ་བརྒྱད་ཚོགས་ལ་ཕྱག༴ ལྔ་པ་སྨོན་ལམ་ནི། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལ་དངོས་གྲུབ་ཏུ་གསོལ་བའི་མདོ་ནི་ཞེས་པ་དང་། དྲུག་པ་བསྡུ་བ་འདྲའོ། །གསལ་ཤིང་བརྒྱད་པ་ལ་མཁའ་འགྲོ་སོ་གཉིས་ཀྱི་དངོས་གྲུབ་བླང་བ་ལ་དྲུག་གི་དང་པོ་སྤྱན་དྲང་བ་ནི། ཕོ་བྲང་གི་མར་མེ་ལ་བར་ཁྱམས་བཞི་པའི་མཁའ་འགྲོ་སོ་གཉིས་སུ་བསྐྱེད་པ་དེ། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ཨེ་ཨ་ར་ལི་ཧཱུྃ་ཞེས་པ་སོ་གཉིས་བརྗོད། རུ་ལུ་བཟླས། བཛྲ་ཨ་གུ་ཤ་ཛ་ཛ་ཞེས་བརྗོད་ལ་གསལ་ཤིང་བརྒྱད་པ་ལ་མེ་སྦར། འོད་དང་ཆས་ནས་བྱོན་པར་བསམ། །གཉིས་པ་མཆོད་པ་སྨན་རག་གཏོར་གསུམ་སྔགས། གསུམ་པ་བཟླས་པ་ལ་གཉིས་ཀྱི་དང་པོ་བསྐུལ་ཚིག་ནི། ༀ་མཁའ་འགྲོ་སོ་གཉིས་ཐུགས་ཁ་ནས། སྙིང་པོ་རུ་ལུ་གུ་ཡ་ཛྙ་ནའི་འོད་འཕྲོས་པས། ཕར་འཕྲོས་པས༴ ཚུར་འདུས་བདག༴ ཨེ་ཨ་ར་ལི་ཧཱུྃ་དང་༴ རུ་ལུ་གྷུ་ཡ་རྣམས་སྤེལ་ལ་བཟླས་སོ། །བཞི་པ་བསྟོད་པ་ནི། ཧཱུྃ་ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང་། །འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་མའི་ཚུལ་གྱིས་གྲོགས་མཛད་མ། །མཁའ་འགྲོ་སུམ་ཅུའི་གཉིས་ལ་ཕྱག༴ ལྔ་པ་སྨོན་ལམ་ནི། མཁའ་འགྲོ་སོ་གཉིས་ལ་དངོས་གྲུབ་ཏུ་གསོལ་བའི་མདོ་ནི་ཞེས་པ་དང་། དྲུག་པ་བསྡུ་བ་འདྲའོ། །གསལ་ཤིང་དགུ་པ་ལ་མ་མོ་བདུན་དང་སྲིང་མོ་བཞིའི་དངོས་གྲུབ་བླང་བ་ལ་དྲུག་གིས་དང་པོ་སྤྱན་དྲང་བ་ནི། ཕོ་བྲང་གི་མར་མེའི་བར་ཁྱམས་ལྔ་པ་ལ་མ་མོ་བདུན་དང་སྲིང་མོ་བཞི་བསྐྱེད་ནས་ཡོད་པ་དེ། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། མ་མ་ད་དུ་ཧཱུྃ་བདུན་དང་རུ་ལུ་སྤེལ། བཛྲ་དུན་ཏིང་བྷྱོ་ཞེས་པ་བཞི་དང་རུ་ལུ་སྤེལ་ལ། བཛྲ་ཨ་གུ་ཤ་ཛ་ཛ་ཞེས་བརྗོད་ལ་གསལ་ཤིང་དགུ་པ་ལ་མེ་སྤར། འོད་དང་ཆས་ནས་བྱོན་པར་བསམ། གཉིས་པ་མཆོད་པ་སྨན་རག་གཏོར༴ གསུམ་པ་བཟླས་པ་ལ་གཉིས་ཀྱི་དང་པོ་བསྐུལ་ཚིག་ནི། ༀ་མ་བདུན་སྲིང་བཞིའི་ཐུགས་ཁ༴ སྙིང་རྗེ༴ རུ་ལུ༴ ཕར་འཕྲོས༴ ཚུར་འདུས༴ ཡ་མ་ད་དུ་ཧཱུྃ་བདུན་དང་རུ་ལུ༴ བཛྲ་དུནྟིཾ་བྷྱོ་བཞི་དང་རུ་ལུ་སྤེལ་ལ་བཟླས་སོ། །བཞི་པ་བསྟོད་པ། ཧཱུྃ་འཇིག་རྟེན་དྲེགས་པ་འདུལ་བ་མ་མོའི་ཚོགས། །ཕྱི་འཁོར་སྲུང་ཞིང་ནང་འཁོར་སྐྱོང་མཛད་པ། །དུར་ཁྲོད་མ་བདུན་ལས་ཀྱི་སྲིང་མོ་བཞི། །བགེགས་སྲུང་མ་མོ་རྣམས་ལ༴ ལྔ་པ་སྨོན་ལམ། མ་བདུན་སྲིང་བཞི་ལ་དངོས་གྲུབ་ཏུ་གསོལ་བའི་མདོ་ནི། ཞེས་པ་དང་དྲུག་པ་བསྡུ་བ་གོང་དང་འདྲའོ། །གསལ་ཤིང་བཅུ་པ་ལ་གིང་ཆེན་བཅོ་བརྒྱད་ཀྱི་པི་ཏི་བླང་བ་ལ་དྲུག་གིས་དང་པོ་སྤྱན་དྲང་བ་ནི། ཕོ་བྲང་གི་མར་མེའི་བར་ཁྱམས་དྲུག་པ་ལ་གིང་ཆེན་བཅོ་བརྒྱད་བསྐྱེད་པ་དེ། ལྕགས་ཀྱུའི་མུ་ཏྲ་བཅས་ལ། གིང་ཀ་ར་ཧ་ཧ་རུ་ལུ་རུ་ལུ་བྷྱོ་ཞེས་པ་བཅོ་བརྒྱད་དང་། རུ་ལུ་སྤེལ། བཛྲ་ཨ་གུ་ཤ་ཛ་ཛ་ཞེས་གསལ་ཤིང་རིམ་པ་དགུ་པ་ལ་མེ་སྦར། འོད་དང་བཅས་ནས་བྱོན་པར་བསམ། །གཉིས་པ་མཆོད་པ་སྨན་རཀ་གཏོར༴ གསུམ་པ་བཟླས་པའི་སྐུལ་ཚིག་ནི། ༀ་གིང་ཆེན་བཅོ་བརྒྱད་ཐུགས་ཁ་ནས། །སྙིང་པོ་རུ་ལུ༴ གུ་ཡ་ཛྙ་ནའི༴ ཕར་འཕྲོས༴ ཚུལ་འདུས༴ གིང་ཀ་ར་ཧ་ཧ་རུ་ལུ་རུ་ལུ་བྷྱོ་ཞེས་པ་བཅོ་བརྒྱད་དང་རུ་ལུ་སྤེལ། བཞི་པ་བསྟོད་པ་ནི། ཧཱུྃ་ཁམས་གསུམ་སྒྲོལ་བའི་གིང་ཆེན་བཅོ་བརྒྱད་ནི། །སྲིད་གསུམ་ལས་ལ་ཐོགས་མེད་བསྒྲོལ་ལ་བརྩོན། །བསྒྲལ་བའི་ཞིང་བཅུ་གཏན་ནས་བརླག་པར་བྱེད། །གིང་ཆེན་གིང་ལྕམ་ཚོགས་ལ་ཕྱག༴ ལྔ་པ་སྨོན་ལམ་ནི། གིང་ཆེན་པོ་བཅོ་བརྒྱད་ལ་ཞེས་པ་དང་དྲུག་པ་བསྡུ་བ་འདྲའོ། །གསལ་ཤིང་གི་རིམ་པ་བཅུ་གཅིག་པ་ལ་སྟེང་ཕྱོགས་ཀྱི་ཁྲོ་བོ་ཁྲོ་མོ་དྲུག་ཅུའི་དངོས་གྲུབ་བླང་བ་ལ་དྲུག་གིས་དང་པོ་སྤྱན་དྲང་བ་ནི། ཕོ་བྲང་གི་མར་མེའི་བར་ཁྱམས་བདུན་པ་ལ་ཁྲོ་བོ་ཁྲོ་མོ་དྲུག་ཅུ་བསྐྱེད་པ་དེ། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ཀྲོ་ཏ་ཀྲོ་ཏི་ཧཱུྃ་ཞེས་པ་དང་། རུ་ལུ་སྤེལ་ལ་དྲུག་ཅུ་བཟླས། བཛྲ་ཨ་གུ་ཤ་ཛ་ཛ་ཞེས་བརྗོད་ལ། གསལ་ཤིང་བཅུ་གཅིག་པ་ལ་མེ་སྦར། འོད་དང་བཅས་ནས་བྱོན་པར་བསམ། །གཉིས་པ་པུ་ཙ་སྨན་རཀ་གཏོར་གསུམ་སྔགས་ཀྱིས་ཁའི། གསུམ་པ་བཟླས་པ་ལ་གཉིས་ཀྱི་དང་པོ་བསྐུལ་ཚིག་ནི། ༀ་ཁྲོ་བོ་ཁྲོ་མོ་དྲུག་ཅུའི་ཐུགས་ཁ་ནས། སྙིང་པོ་རུ་ལུ༴ གྷུ་ཡ་ཛྙ་ནའི༴ ཕར་འཕྲོས༴ ཚུར་འདུས༴ ཀྲོ་ཏ་ཀྲོ་ཏི་ཧཱུྃ། རུ་ལུ༴ གྷུ་ཡ་སྤེལ་ལ་བཟླས་སོ། །བཞི་པ་བསྟོད་པ་ནི། བཅོམ་ལྡན་ཧཱུྃ་མཛད་ས་གསུམ་བརྗིད་ཀྱིས་གནོན། །ཁམས་གསུམ་འདུལ་མཛད་ཡེ་ཤེས་ལྷ་ཡི་ལྷ། །འཇིགས་བྱེད་འབར་བས་གདུག་པའི་ཚོགས་རྣམས་འཇོམས། །ཁྲོ་བོ་ཁྲོ་མོ་རྣམས་ལ་ཕྱག༴ ལྔ་པ་སྨོན་ལམ། ཁྲོ་བོ་ཁྲོ་མོ་དྲུག་ཅུ་ལ་དངོས་གྲུབ་ཅེས་པ་དང་། དྲུག་པ་བསྡུ་བ་གོང་དང་མཐུན་ནོ། །གསལ་ཤིང་རིམ་པ་བཅུ་གཉིས་པ་ལ་ཕྱོགས་བཞིའི་ཕོ་ཉ་གཉིས་བརྒྱ་དང་བཞི་བཅུའི་དངོས་གྲུབ་བླང་བ་ལ་དྲུག་གིས་དང་པོ་སྤྱན་དྲང་བ་ནི། ཕོ་བྲང་གི་མར་མེའི་བར་ཁྱམས་བརྒྱད་པ་ལ། ཤར་དུ་རྦ་ན་རྦ་ན་ཨ་གུ་ཤ་ཛ་ཞེས་པ་དྲུག་ཅུས་དུང་གི་ཕོ་ཉ་དྲུག་ཅུ། ལྷོར་ཧ་ལ་ཧ་ལ་པ་ཤ་ཧཱུྃ་ཞེས་པ་དྲུག་ཅུས་ལྕགས་དང་གསེར་གྱི་ཕོ་ཉ་དྲུག་ཅུ། ནུབ་ཕྱོགས་སུ་གརྫ་གརྫ་སྤོ་ཊ་བྂ་ཞེས་པས་བསེའི་ཕོ་ཉ་དྲུག་ཅུ། བྱང་ཕྱོགས་སུ་པ་ཙ་པ་ཙ་གྷན་དྷ་ཧོ་ཞེས་གཡུའི་ཕོ་ཉ་དྲུག་ཅུ། བཛྲ་ཨ་གུ་ཤ་ཛ་ཛ་ཞེས་ལྕགས་ཀྱུའི་ཕྱག་རྒྱ་སྤྱན་དྲང་། གསལ་ཤིང་བཅུ་གཉིས་པ་ལ་མེ་སྦར། འོད་དང་བཅས་ནས་བྱོན་པར་བསམ། གཉིས་པ་མཆོད་པ་སྨན་རཀ་གཏོར་གསུམ་གྱིས་དབུལ། གསུམ་པ་བཟླས་པ་ལ་གཉིས་ལས་བསྐུལ་ཚིགས་ནི། ༀ་ཕོ་ཉ་ཉིས་བརྒྱ་བཞི་བཅུའི་ཐུགས་ཁ་ནས། སྙིང་པོ་རུ་ལུ༴ གྷུ་ཡ་ཛྙ་ནའི༴ ཕར་ཕྲོས༴ ཚུར་འདུས༴ རྦ་ན་རྦ་ན་ཨ་གུ་ཤ་ཛ། ༀ་རུ་ལུ་ཧ་ལ་ཧ་ལ་པ་ཤ་ཧཱུྃ། རུ་ལུ༴ གརྫ་གརྫ་སྤོ་ཏ་བྂ། རུ་ལུ༴ པ་ཙ་པ་ཙ་གྷན་དྷ་ཧོ། རུ་ལུ༴ གྷུ་ཡ༴ བཞི་པ་བསྟོད་པ་ནི། ཧཱུྃ་ཡེ་ཤེས་ཐུགས་རྗེས་ཕྱོགས་བཅུར་ཁྱབ་པ་ཡི། །གདོན་བགེགས་འདུལ་བའི་ལས་ལ་ཐོགས་པ་མེད། །ཅི་བགྱི་བཀའ་ཉན་ལས་རྣམས་མྱུར་མཛད་པའི། །ཕྱོགས་བཞི་ཕོ་ཉའི་ཚོགས་ལ་ཕྱག་འཚལ་བསྟོད། །ལྔ་པ་སྨོན་ལམ། ཕྱོགས་བཞིའི་ཕོ་ཉ་གཉིས་བརྒྱ་བཞི་བཅུ་ལ་དངོས་གྲུབ་ཏུ་གསོལ་བའི་ཞེས་པ་ལ་སོགས་པ་དང་། དྲུག་པ་བསྡུ་བ་འདྲའོ། །གསལ་ཤིང་གི་རིམ་པ་བཅུ་གསུམ་པ་ལ། འོག་ཕྱོགས་ཀྱི་མ་མོ་དྲུག་ཅུའི་དངོས་གྲུབ་བླང་བ་ལ་དྲུག་གི་དང་པོ་སྤྱན་དྲང་བ་ནི། ཕོ་བྲང་གི་མར་མེ་ལ་བར་ཁྱམས་དགུ་པ་ན། མ་མ་ཤ་ར་ཧཱུྃ་ཞེས་མ་མོ་དྲུག་ཅུ་བསྐྱེད་པ་དེ། བཛྲ་ཨ་གུ་ཤ་ཛ་ཛ་ཞེས་ལྕགས་ཀྱུའི་མུ་ཏྲས་སྤྱན་དྲང་། གསལ་ཤིང་བཅུ་གསུམ་པ་ལ་མེ་སྦར། འོད་དང་བཅས་ནས་གསལ་ཤིང་གི་རྩེ་མོར་བྱོན་པར་བསམ། གཉིས་པ་པུ་ཙ་སྨན་རག་གཏོར་གསུམ་གྱི་སྔགས་ཀྱིས་དབུལ། གསུམ་པ་བཟླས་པ་ལ་གཉིས་ཀྱི་དང་པོ་བསྐུལ་ཚིག་བརྗོད་པ་ནི། ༀ་མ་མོ་དྲུག་ཅུའི་ཐུགས་ཁ་ནས། སྙིང་པོ་རུ་ལུ༴ གྷུ་ཡ་ཛྙ་ནའི༴ ཕར་འཕྲོས༴ ཚུར་འདུས༴ མ་མ་ཤ་ར་ཧཱུྃ། རུ་ལུ༴ གྷུ་ཡ༴ བཞི་པ་བསྟོད་པ་ནི། ཧཱུྃ་སྟོང་ཁམས་ཡོངས་སུ་ལས་ལ་དབང་བ་ཡི། །མ་ཆེན་རྒྱལ་མོ་སྲིད་པ་གསུམ་གྱི་བདག །ཡུམ་ཆེན་ལས་ལ་དབང་བའི་དབང་མོ་ཆེ། །མ་མོ་དྲུག་ཅུའི་ཚོགས་ལ་ཕྱག༴ ལྔ་པ་སྨོན་ལམ་ནི། འོག་ཕྱོགས་ཀྱི་མ་མོ་དྲུག་ཅུ་ལ་དངོས་གྲུབ་ཏུ་གསོལ་བའི་མདོ་ནི། ཞེས་པ་ལ་སོགས་པ་དང་། དྲུག་པ་བསྡུ་བ་འདྲའོ། །དེ་ནས་གསལ་ཤིང་གི་རིམ་པ་བཅུ་བཞི་པ་ལ། ཁྲོ་བོ་ཁྲོ་མོ་ཁྲ་ཐབས་རིག་འཛིན་རྩལ་འཆང་གི་དངོས་གྲུབ་བླང་བའང་དོན་དྲུག་གི་དང་པོ་སྤྱན་དྲང་བ་ནི། ཕོ་བྲང་གི་མར་མེའི་བར་ཁྱམས་བཅུ་པ་ན་ཁྲོ་བོ། ༀ་མ་ཧཱ་གུ་རུ་ཤ་རི་རྂ་གྱི་ལི་ཧཱུྃ། བཛྲ་ཡོ་གི་ནི་གུ་རུ་ས་མ་ཡ་ཛ་ཞེས་རིག་འཛིན་པའི་ཚོགས་བསམ་གྱིས་མི་ཁྱབ་པ་བསྐྱེད་པ་དེ་གསལ་ཤིང་གི་རིམ་པ་བཅུ་བཞི་པ་ལ། བཛྲ་ཨ་གུ་ཤ་ཛ་ཛ་ཞེས་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ་སྤྱན་དྲང་། གསལ་ཤིང་བཅུ་བཞི་པ་ལ་མེ་སྦར། འོད་དང་བཅས་ནས་གསལ་ཤིང་གི་རྩེ་ལ་བྱོན་པར་བསམ། གཉིས་པ་མཆོད་པ་ནི། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཧི། རཀྟ་ལ་ཁ་ཧི། མ་ཧཱ་བྷ་ལིཾ་ཏ་ཁ་ཧི། ཞེས་སྨན་རཀ་གཏོར་མ་དབུལ་ལོ། །གསུམ་པ་བཟླས་པ་ལ་བསྐུལ་ཚིག་དང་འཛབ་གཉིས་ཀྱི་དང་པོ་བསྐུལ་ཚིག་ནི། ༀ་མན་ངག་མདོ་ལུང་བརྒྱུད་དང་བཅས་པ་ཡི། རིག་འཛིན་བླ་མ་རྣམས་ཀྱི་ཐུགས་ཀ་ནས། སྙིང་པོ་རུ་ལུ་འབྲུ་བརྒྱད་དང་། །གུ་ཡ་ཛྙ་ནའི་འོད་འཕྲོས་པས། །ཕར་འཕྲོས་པས་ནི་མཆོད་པར་འབུལ། །ཚུར་འདུས་བདག་ལ་དངོས་གྲུབ་སྩོལ། །བཟླས་པ་ནི། ༀ་མ་ཧཱ་གུ་རུ་ཤ་རི་རྂ་གྱི་ལི་ཧཱུྃ། བཛྲ་ཡོ་གི་ནི་གུ་རུ་ས་མ་ཡ་ཛ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ༀ་གྷུ་ཡ་ཛྙ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུྃ། བསྟོད་པ་ནི། ཧཱུྃ་རིག་འཛིན་བླ་མ་བྱིན་རླབས་ལྡན་པའི་ཚོགས། །ལྷུན་གྲུབ་ཕྱག་ཆེན་ཚེ་དབང་རྣམ་སྨིན་གྱི། །རྒྱ་གར་བོད་ཀྱི་གྲུབ་ཐོབ་ཚོགས་བཅས་པའི། །བསྐྱེད་རྫོགས་གསུམ་གྱི་དངོས་གྲུབ་འདིར་སྩོལ་ཅིག །ལྔ་པ་སྨོན་ལམ་ནི། བསྐྱེད་རྫོགས་གསུམ་གྱི་རིག་འཛིན་རྩལ་འཆང་གི་ཚོགས་རྣམས་ལ་དངོས་གྲུབ་ཏུ་གསོལ་བའི་མདོ་ནི། ཞེས་པ་ལ་སོགས་པ་རྣམས་གོང་གི་ཇི་ལྟ་བ་བཞིན་བྱའོ། །དྲུག་པ་བསྡུ་བ་ནི། ༀ་བཛྲ་ཨ་གུ་ཤ་ཛ་ཛ་ཞེས་ལན་གསུམ་བརྗོད་པས། དང་པོས་འོད་དང་སྤྲུལ་པ། གཉིས་པས་ཡིག་འབྲུ། གསུམ་པས་སྐུ་འོད་དུ་ཞུ་ནས་བདག་ཉིད་ལ་ཐིམ་པས། བདག་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་གཟི་བྱིན་དང་ལྡན་པར་བསམ་མོ། །དེ་ལྟར་ཆོ་གའི་རིམ་པ་རྣམས་ཚར་བ་དང་གསལ་ཤིང་གི་འབྲང་རྒྱས་དེ། དཔོན་སློབ་རྣམས་གྲངས་མཉམ་པར་གྲས་ལ་དེའི་བར་ལ་སློབ་བུ་རྣམས་ཁྲུས་རིམ་ཅིག་བྱ། ནང་དུ་སླེབས་པ་དང་། འབྲང་རྒྱས་རེ། འཇམ་དཔེ་རེ། འཛའ་གད་རེ། རྣལ་འབྱོར་པ་རྣམས་རོལ་ལ་དབང་བསྐུར་རོ། །གསལ་ཤིང་གི་ཆོ་ག །ཨཐྎ།། །།
༅། །བདེན་པ་བརྗོད། ཧོ་ཞི་ཁྲོ་རབ་འབྱམས་དང་། ཚོགས་ཆེན་འདུས་པ་དང་། ཐེག་པ་བརྒྱད་ཀྱི་བཀའ་བབས་བརྒྱུད་པ་དང་། བཀའ་བརྒྱད་རིག་འཛིན། ཚེ་དཔལ་དང་བཅས་པའི་དངོས་གྲུབ་དུས་ཕྱི་མ་བསྡད་མི་འཚལ་བར་ད་ལྟ་ཉིད་དུ་ཐོབ་འཐོབ་ཐོབ་པར་གྱུར་ཅིག །འདི་ནི་དབང་བཞི་པ་ཟབ་དབང་གསུམ་པའི་ཐེག་དགུའོ།། །།
༅། །ན་མོ་གུ་རུ། ད་ནི་ཐབས་བསྟན་པར་བྱ་སྟེ། དེ་ལ་ཡང་གཉིས་ཏེ། བཅོས་མའི་དབང་བསྐུར་བའི་ཐབས་དང་། རྣལ་མའི་དབང་བསྐུར་ཐབས་སོ། །དེ་ཡང་བཅོས་མའི་སྦྱོར་བ་ལ་བརྟེན་ནས་རྣལ་མའི་དོན་ལ་འཇུག་པར་བྱ། བཅོས་མའི་དབང་བསྐུར་རྟགས་ཀྱི་བདའ་ཞེས་བྱ་བ་འབྱུང་ངོ། །དེ་ཡང་ཐ་མའི་དོན་དུ་ཕྱོགས་འཛིན་གྱི་མི་བརྒྱད་དེ། ཉན་ཐོས་ཀྱི་དབང་དང་། རང་རྒྱལ་གྱི་དབང་དང་། བྱང་ཆུབ་སེམས་དཔའི་དབང་དང་། ཡོ་གའི་དབང་དང་། མ་ཧཱ་ཡོ་གའི་དབང་དང་། ཨ་ནུ་ཡོ་གའི་དབང་དང་། ཨ་ཏིའི་དབང་ངོ་། །ཉན་ཐོས་ཀྱི་དབང་བསྐུར་བའི་ཐབས་ལ་གསུམ་སྟེ། དང་པོ། དབང་པོ་ཐ་མ་དང་། འབྲིང་དང་། རབ་བོ། །ཐ་མའི་སྒོམ་པ་ནི། འདོད་ཆགས་ཀྱི་བློ་བཟློག་ནས་སྨིན་མཚམས་སུ་རུས་པའི་ཐིག་ལེ་སྲན་མ་ཙམ་གཅིག་ལ་ཤེས་པ་གཏད་ལ། དེ་ཇེ་ཆེ་ཇེ་ཆེ་ལ་ལུས་པོ་ཐམས་ཅད་རུས་པའི་ཕུང་པོར་བསམས་ལ། དེ་ཉིད་ལ་བློ་ཅོག་གིས་བཞག་པ་ནི་སྒོམ་པའོ། །དེ་ནི་བསྐྱེད་པའི་རིམ་པའོ། །རྫོགས་པའི་རིམ་པ་ནི། རུས་པའི་ཕུང་པོ་དེ་སྦྱོར་བའི་བློས་ཅི་ཙམ་ལྕོགས་ཚད་ཚུན་ཆད་དུ། རུས་པའི་ཕུང་པོར་གསལ་ལ་ཤེས་པ་རུས་པའི་ཐིག་ལེ་སྔ་མ་ཙམ་གཅིག་སྨིན་མཚམས་ན་ཡོད་པ་དེ་ལ་མ་འཕྲོས་པར་བཟུང་ནས་ཡིད་ལ་བྱེད་པ་རྫོགས་རིམས་སོ། །དེ་ཡང་། རྒྱུད་ལས་ཉེ་བའི་སྲས་བཞི་ཡིས། །གཉན་ཡོད་ཚལ་ནི་ཉམས་དགའ་བར། །ཀེང་རུས་ལྟ་བ་དངོས་བཟློག་ཅིང་། །ཆགས་སྡང་སྤངས་པའི་དགྲ་བཅོམ་ཐོབ། །ཅེས་སོ། །དབང་པོ་འབྲིང་ནི་སྲོག་དང་རྩོལ་བ་ལ་སློབ་པ་སྟེ། དབུགས་ཕར་འགྲོ་ཚུར་འོང་ལ་ཤེས་པ་གཏད་དེ། དབྱིབས་སོག་མ་ལྟ་བུའམ། དཔའ་ལྕགས་ལྟ་བུར་ཕྱིར་ཕྱུང་བས་དང་། ནང་དུ་འཇུག་པར་བསམ། རླུང་དེ་ཁ་དོག་ནི་ཤེལ་ལྟ་བུ་དང་། ཆབ་རོན་ལྟ་བུ་ལ་ཤེས་པ་གཏད་ལ་ཡུན་རིང་པར་སྦྱངས་ནས། ཤེས་པ་ཁ་ནང་དུ་ལྟས་ནས་དེའི་ངང་ལ་རྟོག་པ་མི་འགྱུར་བ་དེ་ནི་སྒོམ་པའོ། །དེ་ཡང་། རྒྱུད་ལས། འཁོར་བའི་རྩ་རླུང་ཡིན་པས། རླུང་གི་རྩ་བ་གཅོད་པར་བྱ་ཞེས་སོ། །ཉན་ཐོས་དབང་པོ་རབ་ཅིག་བདག་འཛིན་གྱི་བློ་བཟློག་སྟེ། བདག་གང་ཡིན། གང་ན་འདུག །སྐྲའི་རྩེ་མོ་ནས་རྐང་མཐིལ་དང་ཕྱི་ནང་བར་གསུམ་དུ་བརྩལ་ཀྱང་མ་རྙེད། གཞན་ལ་བཙལ་བས་ཀྱང་མ་རྙེད། གཞན་རང་ཡང་མ་རྙེད་དེ། བདག་གཞན་སྟོང་པར་མཐོང་བ་དེའི་ངང་ལ་རྩེ་གཅིག་ཏུ་བསྒོམ་པའོ། །དེ་ཡང་ང་དང་བདག་ཏུ་འཛིན་པ་མུ་སྟེགས་འཁྲུལ་པའི་ལམ་ཞེས་པའོ། །ཡང་བརྟེན་པ་ལས་ཀྱི་རླུང་བཟུང་ནས། རང་འདོད་དྲག་པོའི་རྐམ་ཆགས་ཀྱི། །དགྲ་བཅོམ་ལྔ་བརྒྱའི་དབང་བསྐུར་ཐོབ། །ཅེས་པ་འབྱུང་ངོ་། ༈ །རང་རྒྱལ་བའི་དབང་བསྐུར་ཐབས་ནི། ཆོས་ཐམས་ཅད་ཕྱི་ནང་རྟེན་འབྲེལ་བཅུ་གཉིས་སུ་འདོད་དེ། ཕྱི་རྟེན་ཅིང་འབྲེལ་བར་བྱུང་བ་བཅུ་གཉིས་ནི། ས་བོན་མྱུ་གུ་ལོ་འདབ་སྡོང་པོ་མེ་ཏོག་འབྲས་བུ་དང་དྲུག །འབྱུང་བ་ལྔ་དུས་ཀྱི་འགྱུར་བ་དང་དྲུག །བཅུ་གཉིས་པོ་དེ་རིམ་པར་དེད་པས་ནམ་མཁར་སོང་བས། ནམ་མཁའ་ལ་འབྱུང་བ་མ་རྙེད་དེ་སྟོང་པའོ། །ནང་རྟེན་ཅིང་འབྲེལ་བར་བྱུང་བ་བཅུ་གཉིས་ནི། མ་རིག་པ་ནས་རྒ་ཤི་ཡན་ཆད་དེ། དང་པོ་ལུས་པོ་འདི་ཅི་ལས་བྱུང་བརྟགས་པས། སྐྱེས་པ་ལས་བྱུང་། སྐྱེས་པ་ཅི་ལས་བྱུང་ན་ཡར་དེད་པས་མ་རིག་པ་ལ་ཐུག །མ་རིག་པ་ལས་འབྱུང་བ་མ་རྙེད། དེ་ཉིད་བརྟགས་པས་སྟོང་པར་མཐོང་བས། ཕྱི་ནང་གཉིས་སྟོང་པར་མཐོང་ལ། ཉམས་སུ་མྱོང་བ་དེ་ལ་སེམས་རྩེ་གཅིག་ཏུ་གནས་ཏེ། གཉིད་སད་པའི་ཤེས་པ་བཞིན་གནས་པ་ནི་སྒོམ་པའོ། །དེ་ཡང་རྒྱུད་ལས། སྔོན་གྱི་བག་ཆགས་གོམས་སྟོབས་ཀྱིས། །སྲིད་པ་ལས་ནི་སྲིད་པར་མཚམས་སྦྱར་ནས། །རྟེན་འབྲེལ་སྲིད་པའི་འཁོར་ལོར་རྟོགས་ཞེས་འབྱུང་ངོ་། ༈ །བྱང་ཆུབ་སེམས་དཔའི་དབང་བསྐུར་བའི་ཐབས་ནི། །མདོ་སྡེའི་དབང་དང་། སེམས་ཙམ་པའི་དབང་དང་བཅས་པས། སྒྱུ་མའི་དབང་དང་། དབུ་མ་ཆེན་པོའི་དབང་ངོ་། །མདོ་སྡེ་བའི་དབང་ནི། ཤེས་པ་སྣ་རྩེ་ལ་གཏད་དེ་རྟོག་པ་ཆད་པ་དེ། ཤེས་པ་སྟོང་སང་ངེ་བ་ལ་གཏད་ལ། ཤེས་པ་གནས་པ་དེ་དབང་ངོ་། །སེམས་ཙམ་པ་ལ་གཉིས་ཏེ། རྣམ་པ་དང་བཅས་པ་དང་། རྣམ་པ་མེད་པའོ། །རྣམ་པ་དང་བཅས་པ་ནི་མེ་མར་རམ་འོད་དེ་ཆུ་དང་བརླན་ལྟར། ཤེས་པ་དང་སྣང་བ་གཉིས། ཤེས་པ་ཡོད་ན་སྣང་བ་ཡོད། སྣང་བ་ཡོད་ན་ཤེས་པ་ཡོད་པ་སྟེ། ཡུལ་དང་ཤེས་པ་ཐ་དད་དུ་མི་འདོད། ཐ་མི་དད་པས་སྣང་བཞིན་དུ་རྟོག་པ་མ་ཞུགས་པ་དེ་སྒོམ་པའོ། །སྣང་བ་མེད་པ་ནི། ཤེས་པ་ལ་ཞེན་པའི་བློ་བཟློག་སྟེ། རྫས་དང་རྣམ་པ་ནི་བེམ་པོའོ། །སྒོམ་པ་ནི་ཡི་དམ་ལྷ་བསྒོམ་དུ་བཅུག་ལ་མདུན་དུ་མཎྜལ་བྱས་ལ། མཆོད་པ་དབུལ་ཏེ། ཐ་མར་ཡི་དམ་ལྷ་ལ་བཏགས་པས། ལྷའི་ངོ་བོ་ནམ་མཁའ་ལ་སྤྲིན་བཞིན་དུ་གྱུར་ཏེ། རང་གི་རིག་པ་གསལ་ལ་མི་རྟོག་དེ་སྒོམ་པའོ། །སྒྱུ་མ་ལྟ་བུའི་དབང་ནི། ཡང་དག་པ་ལ་ཞེན་པའི་བློ་བཟློག་སྟེ། །སྙུག་མ་གཅིག་ལ་མེ་ལོང་གཅིག་བཏགས་ལ། །དེ་ལ་ལྟ་རུ་བཅུག་ལ་དེ་ལ་ལྟས་པས་ཐམས་ཅད་གཟུགས་བརྙན་ལྟ་བུར་ཉམས་སུ་མྱོང་སྟེ། གཟུགས་བརྙན་དྲན་པ་ཙམ་གྱིས་ཅི་སྣང་བ་ཐམས་ཅད་སྒྱུ་མའི་ཚུལ་དུ་བྱའོ། །རྨི་ལམ་བརྗེད་པ་ལྟ་བུ་དང་། སྒྱུ་མ་དྲན་པ་ཙམ་གྱི་ཚུལ་དུ་སྒོམ་པའོ། །དབུ་མ་ཆེན་པོའི་དབང་ནི། མཆོད་རྟེན་གཅིག་མདུན་དུ་བཞག་ལ་དེ་ལ་ཕྱོགས་ཆ་དྲུག་གིས་གཞིགས་པས་ཕྱོགས་ཆ་མ་གྲུབ། ཕྱོགས་ཆ་འཇལ་མཁན་གྱི་ཤེས་པ་ལ་ལྟས་པས་མ་གྲུབ་སྟེ། གྲུབ་པ་དང་མ་གྲུབ་པ་དང་དབུ་མ་གསུམ་ལ་མི་གནས་པས་ཞེན་འཛིན་དང་མཐའ་གང་ལ་ཡང་མི་གནས་པར་སྒོམ་པའོ། །དེ་ཡང་རྒྱུད་ལས། དང་པོ་སོ་སོར་ལྟ་བའི་རིགས་པ་ཅན། །བདག་མེད་གཉིས་ཀྱིས་ཞེན་བཟློག་ཅིང་། །ཞི་གནས་ལྷག་མཐོང་འབྲེལ་བ་ཡིས། །ལམ་ལྔ་ས་བཅུ་རིམས་ཀྱིས་ཐོབ། །ཅེས་པ་བྱུང་ངོ་། ༈ །ད་ནི་འབྲས་བུའི་དབང་སྟོན་ཏེ། དེ་ལ་ཡང་གཉིས། སྔགས་ཕྱི་པ་དང་། ནང་པའི་དབང་ངོ་། །ཕྱི་པ་ལ་གཉིས་ཏེ། ཀྲི་ཡ་དང་། ཡོ་ག་དང་། གཉིས་ཀའི་རྒྱུད་ཀྱི་དབང་ངོ་། །ཀྲི་ཡའི་དབང་ནི་རིགས་གསུམ་གྱི་ཐང་ཀའམ། ལུང་མ་གཅིག་ལ་ཤེས་པ་གཏད་དུ་བཅུག་ལ། དེ་ཚུན་ཆད་ཁམས་ཀྱི་ཚད་བཟུང་ལ་དེ་བརྟན་ཏུ་གཞུག །གསལ་བ་གསུམ་དབང་བསྐུར་ཏེ། དང་པོ་ལ་མཎ་ཛུ་ཤྲི་མུྂ་བཟློས་སུ་གཞུག །དེ་ནས་སྒྲ་དེ་ལ་ཤེས་པ་མ་ཡེངས་པར་གཏད་དུ་བཅུག་ལ། དེ་ནས་སྒྲ་དེ་བྲག་ཆ་ལྟ་བུར་རྟོགས་པ་དེ་ལ་ཤེས་པ་གཏད་པའོ། །དེ་གཉིས་ཀ་ལ་བརྟགས་པས་མི་རྟོག་པ་བསྐྱེད་པ་དེ་ལ་ཐུགས་སོ། །དེ་དག་ལ་གསུམ་གྱིས་བསྟན་ཏེ། ཕྱི་དག་པ་ཁྲུས་དང་གཙང་སྦྲ། དཀའ་ཐུབ་ཀྱིས་རིགས་གསུམ་གྱི་དཀྱིལ་འཁོར་དུ་ཞུགས་ལ། ནང་དག་པ་ནི་རིགས་གསུམ་གསལ་བའོ། །དོན་སྐྱེ་བ་མེད་པའི་རྒྱས་གདབ་པ་ནི་དག་པ་གསུམ་མོ། །གཉིས་ཀའི་རྒྱུད་ལ་བཞི་སྟེ། དང་པོ་བྲིས་སྐུ་ལ་ཤེས་པ་གཏད་པས་མི་རྟོག་པ་སྐྱེ། ཐུགས་རྡོ་རྗེ་གཅིག་ལ་ཤེས་པ་གཏད་པས་མི་རྟོག་པ་སྐྱེ། བཟླས་པའི་དེ་ཁོ་ན་ཉིད་ནི། རང་སྔགས་བཟློས་པའི་སྒྲ་ལ་ཤེས་པ་གཏད་མི་རྟོག་པར་གསལ་བའོ། །དེ་ཡང་རྒྱུད་ལས། སྟོབས་ཆེན་འབྱུང་བའི་གནས་ཆེན་དུ། །དག་པ་གསུམ་གྱིས་གཞི་བཟུང་ནས། །མཐུ་ཆེན་ལག་ན་རྡོ་རྗེ་ཡིས། །རིགས་གསུམ་སྟོབས་ཀྱི་དཀྱིལ་འཁོར་བྲི། །རང་འདོད་ཞེན་པའི་འབྲས་བུ་ཐོབ། ༈ །ད་ནི་ཡོ་གའི་དབང་བསྐུར་ཐབས་ནི། ཆོ་ག་ཡན་ལག་བཅུ་གཅིག་དང་། །རྣམ་པར་སྣང་མཛད་བསྐྱེད་དེ་ཏིང་ངེ་འཛིན་གྱིས་རས་སམ་ལྟོར་གཟོ་ལ་སྟིམ་པའི་གཟུགས་བརྙན་དེ་ལ་ཤེས་པ་སྒྲིམས་ཏེ་གཏད་པས་རིག་པ་གསལ་མི་རྟོག་པ་ནི་སྒོམ་པའོ། །དེ་ཉིད་ལ་བརྟགས་པས་ལྷ་གསལ་ལ་ངོ་བོ་མ་རྙེད་པ་ནི་ཉམས་སུ་མྱོང་བའོ། ༈ །སྔགས་ནང་པ་ལ་གཉིས་ཏེ། བསྐྱེད་པ་མ་ཧཱ་ཡོ་གའི་དབང་དང་། རྫོགས་པ་ལ་ཨ་ནུ་ཡོ་གའི་དབང་ངོ་། །མ་ཧཱ་ཡོ་ག་ལ་གཉིས་ཏེ། བསྐྱེད་པ་ལྷའི་དབང་དང་། རྫོགས་པ་བདེ་བའི་དབང་ངོ་། །བསྐྱེད་པའི་དབང་བསྐུར་ཐབས་ལ་བཞི་སྟེ། ས་བོན་འཇོགས་པའི་དབང་དང་། ནུས་པ་སྐྱེད་པའི་དབང་དང་། ཉམས་མྱོང་བསྐྱེད་པའི་དབང་དང་། ཉམས་མྱོང་བརྟན་པའི་དབང་དང་། བསྟན་པ་ཉམས་སུ་ལེན་པའི་དབང་ངོ་། །ཕན་པའི་དབང་བཅུ་ནི་ས་བོན་དང་འདྲ་སྟེ། གང་དག་མོས་པའི་དཀྱིལ་འཁོར་དུ་བཅུག་སྟེ། རང་བཞིན་ལྷའི་སྐུ་བྱིན་གྱིས་བརླབས་ལ་ཡི་དམ་དབོག་སྤྲོ་བསྐྱེད་དེ། དེ་ནས་བྱིན་གྱིས་བརླབས་ཀྱིས་ནུས་པ་སྐྱེད་པའི་ཡོན་ཏན་ཡོད་པས་ས་བོན་འཇོག་པའོ། །ནུས་པ་བསྐྱེད་པའི་དབང་ལྔ་ཐོབ་པས། ཉན་པ་དང་སྒོམ་པ་དང་འཆད་པ་དང་ཕྲིན་ལས་དང་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་གིས་བྱེད་ནུས་པས་ནུས་སྐྱེད་པའི་དབང་ངོ་། །ཉམས་མྱོང་སྐྱེས་པ་གསང་བའི་དབང་ནི་སྟེང་སྒོ་དང་འོག་སྒོའོ། །སྟེང་སྒོ་འཁོར་ལོ་ལ་བརྟེན་ནས་རླུང་ལས་སུ་རུང་དགོས་ཏེ། བེམ་པོའི་རླུང་དང་། རིག་པའི་རླུང་ངོ་། །དེ་ཡང་བེམ་པོའི་རླུང་བཟུང་ནས། རིག་པའི་རླུང་གསལ་བར་བྱེད་པ་སྟེ། དེ་ཡང་བཟུང་ཐབས་གཉིས་ཏེ། བཙན་ཐབས་སུ་བཟུང་བ་དང་། འཇམ་རླུང་དུ་བཟུང་བའོ། །བཙན་ཐབས་སུ་བཟུང་བ་ནི་བདག་གི་སྤྱི་བོར་རྡོ་རྗེ་སློབ་དཔོན་སྒོམ། བདག་ཉིད་ཡི་དམ་ལྷར་སྒོམ་ལུས་བདེ་བ་ལ་སྟོང་པའི་རྒྱས་བཏབ་ནས་འཇོག་སྟེ། དེའི་སྒོ་ནས་ཉམས་མྱོང་སྐྱེས་པ་ནི་ཡེ་ཤེས་བཙན་ཐབས་ཀྱི་དབང་ངོ་། །ཡང་ཐབས་ལས་ཧཱུྃ་གིས་ཁོང་རིངས་ཁེག་ཐག་པར་ཡར་དྲང་ངོ་། །དེ་ཡང་བ་ཡི་མན་ངག་དེ་ལྟར་བྱའོ། །ལུས་སྦྲམ་པར་མི་སྟོང་བར་བསམ་སྟེ། འོག་སྒོ་ཡང་ཧར་བ། སྟེང་སྒོ་ཚངས་པའི་བུ་ག་ཡར་ཧར་བ། འོག་སྒོ་འཁོར་ལོ་ལྟར་རྒྱ་བསྐྱེད། དཔེར་ན་སྣོད་ཞབས་ཕྱུང་བ་ལྟར་བྱས་ལ། རླུང་དང་ཤེས་པ་དྲང་བར་བྱ་སྟེ་འདྲེན་ཙ་ན་འོག་སྒོ་བསྡམ། ལུས་སྒྲིམས་ལ་ཁ་སྣའི་དབུགས་སྤྱི་གཙུག་ཏུ་དྲང་། དེ་ལྟར་སྒོམས་པས་བེམས་པོའི་རླུང་དང་རིག་པའི་རྩར་ཞུགས་པའི་བྱུང་བ་པ་ནི། འདར་བ་དང་། རྔུབ་པ་དང་། འཕར་བ་དང་། ཀུ་ཅོའི་སྒྲ་སྒྲོགས་པ་དང་། ངུ་བ་དང་། རྒོད་པ་དང་། ཡན་ལག་གཡོབ་པ་དང་། ལུས་མི་གཏན་ཏེ་འཁྱོར་བ་རྣམས་འབྱུང་སྟེ། དེ་ཡང་ཡེ་ཤེས་བཙན་ཐབས་ཀྱི་དབང་ངོ་། །ཡང་ཕྱི་རོལ་དུ་པདྨ་འདབ་མ་བརྒྱད་པ་གཅིག་བསམས་ལ། དབུགས་ནང་དུ་ཞུགས་ཙ་ན་པདྨ་དེ་ཡང་ནང་དུ་ཞུགས། དབུགས་རྒྱུ་ཙམ་ན་པདྨ་དེ་ཡང་ཕྱི་ཀྲོང་ངེ་ཡོད་པར་བསམ་མོ། །སྤྲུལ་པའི་འཁོར་ལོ་ལ་མར་ཁོག་སྟོང་ན་ཡར་འབར་བའོ། །འོད་གྱེན་དུ་སོང་བས་བདེ་བའི་འཁོར་ལོ་ཞུ་ནས་འཛག་པར་བསམ། ལུས་ཙོག་པུར་སྡད་པའི་འོག་ནས་གཞུ་རྒྱུད་ཁ་གྱེན་ལྟས་གཅིག་ཡོད་པར་བསམས་ལ། དེ་ཡང་བཙན་ཐབས་ཀྱི་དབང་ངོ་། །འཇམ་རླུང་གི་སྒོ་ནས་ཡང་བཟུང་བ་ནི། འགྲང་བ་དང་འཇུག་པ་དང་། ཞུགས་ནས་གནས་པའི་རླུང་ངོ་། །འགྲང་བའི་རླུང་ནི་ཡུན་རིང་ཐུང་གི་ཚད་དོ། །རླུང་ཇེ་རིངས་བརླབ་སྟེ་འཇུག་པས་རླུང་དེ་ཡང་བསླབས་པས་ཨ་བ་དྷུ་ཏིར་ཚུད་དོ། །ཞུགས་ནས་གནས་པ་ནི། ལུས་ཡངས་པ་དང་། ཤིག་མི་ཟ་བ་དང་། འགྲོ་བ་མགྱོགས་པ་དང་། གཉིད་ཆུང་བ་ནི་རླུང་ཟིན་པའི་རྟགས་སོ། །འོག་སྒོ་ལ་བརྟེན་པ་ནི་ཕྱག་རྒྱ་མ་ལོ་བཅུ་དྲུག་ལོན་པ་གཅིག་ལ་ཐིག་ལེ་དབབ་པ་དང་རླུང་གིས་ཐིག་ལེ་རྡོ་རྗེའི་རྩེ་མོ་ནས་བཟུང་དང་། བཟློག་པ་སྟེ་རྩ་དབུ་མར་དྲང་བ་དང་། དྲངས་པ་དེ་རྩ་གནས་སུ་འགྲང་བའོ། །དེ་ལ་མི་རྟོག་པའི་ཡེ་ཤེས་སྐྱེས་པ་ནི་དབང་ཐོབ་པའོ། །དེ་ཡང་རྒྱུད་ལས། ཆགས་པ་གཡས་གཡོན་ལམ་གྱིས་བཅིང་། །ལྐམ་ཆགས་རང་གིས་སྲིད་པར་ཡོང་། །མཚན་མ་ལེན་པའི་ལམ་དུ་ཞུགས། །ཞེས་འབྱུང་ངོ་། ༈ །ཡང་ཨ་ནུ་ཡོ་གའི་དབང་ནི། དང་པོ་ཉིད་ནས་ལྷར་གསལ་བར་བྱས་ལ། དེ་ལ་ཤེས་པ་མ་ཡེངས་པར་གཏད་དུ་བཅུག་ལ། དེ་ནས་ཤེས་པ་དེ་བཙལ་བར་བྱའོ། །དེ་ནི་རིག་པའི་ཡེ་ཤེས་ཀྱི་དབང་ངོ་། །རིག་པ་ཆོས་ཀྱི་དབང་ནི་ནམ་མཁའ་སྟོང་པ་ལ་ལྟ་རུ་བཞུག་སྟེ། ལྟས་ན་དངོས་པོ་མེད་དེ། ཐ་མལ་གྱི་རྒྱུ་བ་ཆད་པ་དེ་ཁོ་ནའོ། ༈ །བདེ་བ་ཆེན་པོའི་དབང་ནི། ཐབས་ཐ་མལ་སྦྱོར་དུ་བཞུགས་པའོ། །བཅོས་མའི་དབང་གི་རིམ་པ་རྫོགས་སོ། །བླ་མ་ཆེན་པོ་ལྷ་རྗེ་ཉ་ཚལ་བའི་ལུགས་ལགས་སོ།། །།
༅། །ན་མོ་གུ་རུ། ཟབ་དབང་རྣམས་ཀྱི་ཆོག་ཕྲིན་མདོ་ལྟར་འདི་སྐད་དུ། བླ་མ་བསོད་ནམས་མགོན་པོས་སྲས་ཤཱཀྱ་མགོན་པོ་ལ་གནང་བའི་ཟབ་རྒྱས་ལས། ཞག་བཅུ་གཅིག་ཏུ་འགྲོ་བའི་ནུབ་བོ། །རྫོགས་ཆེན་གྱི་དཀྱིལ་འཁོར་པདྨ་བཅུ་དྲུག་ལྟེ་བ་དང་བཅུ་བདུན་ལ། ཨ་བཅུ་དྲུག་དང་དབུས་སུ་ཨ་ཁ་སྤྲོད་བྲིས་ཏེ། བཅོ་བརྒྱད་ལ་ཀུན་ཏུ་བཟང་པོ་བཅོ་བརྒྱད་བཀོད། དེའི་སྟེང་དུ་བུམ་པ་གཅིག་ཏུ་རྫས་ཀུན་བླུགས་ལ་ཀུན་ཏུ་བཟང་པོ་ཡབ་ཡུམ་སྦྱོར་བའི་བྷོ་དྷི་བསམ། དེའི་ཤར་དུ་པདྨ་འདབ་བརྒྱད་མཛེས་མཚོན། དབུས་མཐིང་ཀ་ལ་རྒྱལ་བ་རིགས་ལྔ་བཀོད། དེའི་སྟེང་དུ་ཐོད་པ་བཟང་པོ་གཅིག་ཏུ་སྔོན་གྱི་སྨན་གསང་བ་བྱང་ཆུབ་སེམས་འོ་མ་དང་བུ་རམ་སྦྱར་ལ། རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྦྱོར་བའི་བོ་དྷེར་བསམ། ནུབ་ཏུ་ཚེའི་དཀྱིལ་འཁོར་འཁོར་ལོ་རྩིབས་བཞི་ལྟོ་བ་དང་བཅས་པ་ལ། དེའི་དབུས་སུ་ཚེའི་འབྲང་རྒྱས་ལ་ཐབས་ཤེས་རབ་བདུད་རྩིའི་སྨན་ལྟ་ཡོད་པ་བཤམས་ལ། རིགས་ལྔའི་རང་བཞིན་དུ་བསམས་པ་མཆོད་པ་གཞུང་བཞིན་དུ་བཤམ་མོ། །ཆ་གསུམ་བཏང་། ཞི་ཁྲོ་བརྐྱང་། ཀུན་བཟང་དོན་གྱི་ཕྲིན་ལས་བྱ། གསང་དབང་ལ་ཞི་ཁྲོ་གཞུང་བསྲང་། བཛྲ་དྷྲིཀ་དང་། ཤྲི་མ་ཧཱ་སུ་ཁ་བྷོ་དྷེ་བཛྲ་ཧཱུྃ་ཧོ་ༀ་ཞེས་བཟླས། དེ་ནས་དབང་བསྐུར་ཏེ་གཟུང་མ་ལོ་ཉི་ཤུ་ཞེས་སོ། །བོ་དྷེ་སློབ་མའི་ལྕེ་ཐོག་ཏུ་བཞག་པས། ཧཱུྃ་དེ་རྡོ་རྗེ་སེམས་དཔའ་ཕྲ་མོར་བསམས་ལ། རང་གི་སྒྲིབ་པ་སྦྱང་། རིགས་དྲུག་ཏུ་སྐྱེ་བར་བྱེད་པའི་ས་བོན་སྲེགས་ནས་སླར་མི་སྐྱེ་བར་བསམ་མོ། །དེ་ནས་རང་གི་སྙིང་ཁའི་པདྨ་འདབ་མ་བཅུ་དྲུག་གི་ཨ་སྣང་ལ་རང་བཞིན་མེད་པར་བསམ། དེ་རྣམས་དབུས་ཀྱི་ཨ་ལ་ཐིམ་པས་རྩིས་གདབ་དང་བྲལ་བར་བསམ་མོ། །བུམ་ཆུ་འཐུང་དུ་གཞུག །སེམས་བཟུང་། ངོ་སྤྲད། ལ་བཟླའོ། །དེ་རྣམས་ནི་གདམས་ཡིག་ནས་བྱུང་བ་བཞིན་དུ་མན་ངག་ཤེས་པར་བྱའོ། །ༀ་མ་ཧཱ་གུ་རུ་ཤ་རི་རྂ་གྱི་ལི་ཧཱུྃ་ཞེས་བཟླས་པར་བྱའོ། །ཚེ་དབང་བསྐུར། ལྷག་མ་གཏང་། ལས་མཁན་དང་མཆེད་ལྕམ་གྱིས་ཕྱིར་གཏོར་མ་བསྐྱང་། སློབ་དཔོན་དང་རྒྱལ་ཐེབ་ཀྱིས་དུག་གསུམ་སྦྱིན་སྲེག་བྱ། གཏེར་སྦ། ཞེས་གསུངས་པ་རྩ་བ་རྫོགས་སོ།། །།
༅། །ན་མོ་གུ་རུ། གསང་དབང་སྤྱིར་འགྲེའོ། །དང་པོ་བླ་མས་ཡི་དམ་ལ་འབུམ་བསྙེན། བར་དུ་ཤེས་རབ་དང་བཅས་པས་འབུམ་སྙེན་ཚང་བར་བྱ་སྟེ། མཐར་དངོས་གྲུབ་བླངས་པ། གསང་དབང་བླ་མ་ལས་བླང་བ་དང་། ཤེས་རབ་ཡེ་ཤེས་བླ་མའི་བཀའ་དང་བྱིན་བརླབས་ལྟར་བླང་བ་དང་། བདེ་བ་ཆེན་པོ་དང་ཤིན་ཏུ་བརྟན་པ་བླ་མའི་མན་ངག་གོ། །འདུས་པ་མདོའི་ཟབ་མོ་དབང་གསུམ་བསྐུར་བར་འདོད་པས། རང་གི་རྒྱུན་ཁྱེར་གང་རླུང་སྟེང་དུ་འཕྱུར་སྟོད་ཚངས་སེལ་བ་དང་མཚུངས་ཏེ། དང་པོ་ཞུ་བ་ནི། རྡོ་རྗེ་སེམས་གཙོ་ཁྱོད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དམ་ཚིག་དང་། །མགོན་པོ་དཔའ་བོ་སྐྱབས་གསོལ་ཞིང་། །ཐེག་ཆེན་ཁང་པར་བཞུགས་པ་དང་། །མཁྱེན་རབས་ཡེ་ཤེས་བདག་ལ་སྩོལ། །ཞེས་བླ་མ་ལ་ཞུས་པས། བླ་མས་ཀྱང་མཐེབ་སྲིན་གྱིས་ལག་པ་ནས་བཟུང་ལ། བུ་འདིར་ཤོག་ཅིག་ཅི་བདེ་བར། ལས་སྤྱོད་རིམ་པར་འགྲོ་བ་ལས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཟུང་། རྫོགས་པའི་ཡེ་ཤེས་བདེ་ཆེན་པོ། དམིགས་པ་མེད་པར་གནས་ཕྱིར་དུ། སེར་སྣ་མེད་པའི་དང་ཡིད་ཀྱིས། གཏོང་ཞིང་རང་སེམས་བརྟན་པར་ཟུང་། ཡེ་ཤེས་རང་གནས་རྫོགས་དབང་སྦྱིན། །ཞེས་གྲལ་དུ། བགྲག །རྒྱས་པར། ས་གཞི་བསྙམ་སྟེ། ཡུམ་བཙལ་བ་ནས། དབང་འཇུག་སྒོ་ཡན་ཆད་གསང་བ་ལྟར་བཤད་རྒྱུད་དང་། མ་རྒྱུད་ན་གསལ་བར་ཡོད། ཨཐྎ།། །།
༅། །འདུས་པ་ཆེན་པོ་མདོའི་གསང་དབང་བསྐུར་བ། དེ་སྤྱི་མཚན་དང་ལྡན་པ་བཙལ་ཁྲུས་བྱས་ལ། བརྒྱན་གྱིས་བརྒྱན་བླ་མ་ལ་དབུལ། བླ་མས་མདུན་དུ་བཞག་སྟེ། ཁྲུས་བྱ་སྒྲིབ་བྲལ་ལུས་སྟོང་པ་ཉིད་ལས་ཀུན་ཏུ་བཟང་མོར་བརླབ། དེའི་གནས་ལྔར་ཡུམ་ལྔ་བཀོད། ཡན་ལག་བཞི་ལ་སྒོ་མ་བཞི། མཁའ་པྂ་ལས་པདྨ་འདབ་བརྒྱད་དབུས་སུ་ཨེ་མཐིང་སྐྱ་མེ་ཡི་འོད་དང་ལྡན་པར་བསམ། བདག་ཀུན་ཏུ་བཟང་པོ། ཡུམ་དང་འདྲ་བར་ཡབ་ལ་བཀོད། དེ་ནས་ཡུམ་ལྷར་གསལ་བ་ལ་དབུ་རྒྱན་ཅོད་པན་དབང་བསྐུར། དེ་ནས་ཐལ་མོ་སྦྱར་ལ། རྡོ་རྗེ་དགའ་མ་བདག་ལ་དགོངས། །འདོད་པ་འབྱུང་བའི་རིན་ཆེན་གཏེར། དགེས་པ་ཆེན་པོ་ཐབས་ལམ་གྱིས། །ཆུ་བོ་བཞི་ལ་བདག་བསྒྲོལ་མཛོད། །ཅེས་བྱ། བུ་མོས་ལན་དུ། བུ་ཁྱོད་སྨྲོས་དང་ཐབས་ལམ་འདི། །རྒྱལ་བ་ཡོངས་ཀྱིས་སྦས་པ་ཡིན། །ཐབས་ཆེན་གསང་བའི་ཐེག་པ་རུ། །གཙང་སྨེའི་འཆིང་བ་སྦྱང་བའི་ཕྱིར། །དྲི་ཤ་ཆུ་དང་བཟའ་བཏུང་དང་། །ང་ཡི་ཆོ་གའི་ཡེ་ཤེས་བཞི། །འོ་དང་གཞིག་དང་དྲང་བ་དང་། །སེམས་ཆུ་བཏུང་བར་ཁྱེད་ནུས་སམ། །ལན་དུ་བུས། ཨེ་མ་ཐབས་ལམ་ཡེ་ཤེས་ཕྱིར། །བདག་ནི་ཅི་ལའང་མི་ནུས་མེད། །དེ་དག་བདག་གིས་སྤྱད་པར་བགྱི། །ཇི་ལྟར་སད་ཕྱིར་བདག་ལ་སྩོལ། །ཅེས་པའོ། །དེ་ནས་དམ་རྫས་ལ་འཛེམ་པའི་ཉེས་དམིགས་བཤད་དོ། །ཡོལ་བས་བཅད་ལ་རྒྱུས། མཁའ་ལ་དཀྱིལ་འཁོར་བསྐྱེད། དེ་ནས་རོལ་པ་ཉི་ཤུའི་ཆ་རྫོགས་པར་བྱ། རོལ་པ་འདོད་པའི་དངོས་པོ་སྤངས་པས་བྱས་ལ། མཁའ་ལ་བྱང་སེམས་འཕྲོས། མཁའི་དཀྱིལ་འཁོར་ལ་མཆོད། བྱང་སེམས་བཟློག་པ་དང་། དཀྱིལ་འཁོར་ཀུན་ཞུ་བ་དང་། བྱང་སེམས་ཐ་མི་དད་པ་དེ། རྡོ་རྗེ་ལྕེ་གཉིས་གང་རུང་གིས་བླངས་ལ། སློབ་བུ་བརྡས་བོས་ཏེ་སྒྱུ་འཕྲུལ་ལྟར་ཚིག་བརྗོད་ལ། བ་དང་བེའུ་དང་བྱ་དང་བྱེའུ་ཚུལ་དུ་ལྕེའི་རྩེ་ནས་བསྟིམ། ཁུ་བ་ཧཱུྃ་དཀར་པོའམ་རྡོ་རྗེ་སེམས་དཔའ་འབའ་ཞིག་ཏུ་འཕྲོས། སྒོ་གསུམ་སྦྱངས། ཙིཏྟའི་ཡིག་འབྲུ་སྦྱངས། སློབ་བུའི་སྒོ་གསུམ་ཡེ་ཤེས་སུ་ཕར་གསལ། ཤེས་པ་ཧཱུྃ་རིང་ས་ལས། ལྷར་བསྐྱེད། ༀ་མི་འགྱུར་ཞེས་བརྗོད་དེ་ལྷ་གསལ་བ་ལ་དབང་སྦྱིན། བདེ་བ་ཆེན་པོའི་ཆོས་སྐུ་ཞེས་བཤད་དོ། །གཉེར་གཏད་ལ་སྒྱུ་འཕྲུལ་དང་མཐུན་པར་བྱའོ། །གཏང་རག་གཏོང་ངོ་། །མདོའི་གསང་དབང་གི་བྱང་བུ་རྩ་བ། ཨཐྎ།། །།
༅། །ༀ་མི་འགྱུར་རྒྱལ་བའི་ཡེ་ཤེས་གནས། མ་བརྩལ་ཕྱིན་པས་བདེ་བའི་མཆོག །མཁའ་ལྟར་གསལ་བའི་ཡེ་ཤེས་སྤྱན། །གང་ན་མེད་པས་ཀུན་གྱི་རྗེ། །ཡེ་ཤེས་རང་གནས་བདལ་བ་ལ། །མི་འགྱུར་གཡུང་དྲུང་ས་ཐོབ་ཤོག །ༀ་མ་ཧཱ་གྷུ་ཡ་བྷྲུྂ་ཛྙ་ན་མཎྜལ། ཛྙཱ་ན་གྷུ་ཧྱ་སིད་དྷི་སྂ་བྷ་བ་ཨད་མ་ཀོ྅་ཧཾ། སྒྱུ་འཕྲུལ་ལས། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །བདེ་བའི་འབྲུ་ཚོགས་གསལ་བའི་རྒྱུན། །རྡོ་རྗེ་ལམ་ནས་པདྨོར་འཁྱིལ། །རྩེ་ནས་བསྟིམ་ཞིང་དཀྱིལ་འཁོར་བསྒྱུར། །ཅེས་དང་། ཡིག་འབྲུ་ཧཱུྃ་གི་ཚོགས་ཞེས་སོ། །བདེ་བ་ཆེན་པོ་ཆོས་ཀྱི་སྐུ། །ཤེས་རབ་ཐབས་ཀྱིས་རྫོགས་པར་འགྱུར། །འདི་དང་སྐྱེ་བ་ཐམས་ཅད་དུ། །དངོས་གྲུབ་སྟེར་འདི་མ་སྤོང་ཞིག །རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱིས། །རྫོགས་པའི་སངས་རྒྱས་ཁྱོད་ལ་འབྱུང་། །སྤངས་ན་རྡོ་རྗེ་དབྱིངས་ཕྱུག་སྩལ། །བཀུག་དང་བསྟིམས་པ་མ་ཤེས་ན། །རྡོ་རྗེ་སྐལ་བར་མཐར་རླགས་པར། །ཆོས་སྐུ་ཐོབ་པར་མི་འགྱུར་རོ། །ཞེས་སོ། །གཉེར་གཏད་པ་ནི། དེ་རིང་ཕད་ཆད་བུ་ཁྱོད་ཀྱི། །རྡོ་རྗེ་སེམས་དཔའ་ང་ཡིན་པས། །ང་ཡིས་ཇི་སྐད་བསྒོ་བ་བཞིན། །བུ་ཁྱོད་ཀྱིས་ཀྱང་བྱ་དགོས་སོ། །ཞེས་བརྗོད་དོ།། ༅། །གསང་སྔགས་འདུས་པ་མདོའི་བདེ་བ་ཆེན་པོའི་དབང་བསྐུར་བ་ལ། ལས་ཀྱི་ཕྱག་རྒྱ་མཚན་ལྡན་རྙེད་ན། དགེ་བ་བཅུ་བཤད་དེ། དུས་ཁྲིམས་འབོག །དེ་ནས་ཕྱིའི་དབང་རྣམས་བསྐུར་ལ་ལྷ་བསྒོམ་དུ་བཞུག །ལྷ་བསྙེན་འབུམ་ཚང་ནས། གསང་དབང་བསྐུར་ལ། དེ་ནས་འདོད་པའི་བསྟན་ཆོས་ཀྱི་རིམ་པ་རྣམས་བཤད་པ་དང་། རང་གི་བདེ་བ་དབབ་པའི་ཐབས། གཏུམ་མོ་སྤར་བ་དང་། རྩ་སྒྲ་ཐིག་ལེ་རྣམས་དབབ་པའི་ཐབས་གང་བདེ་བ་རྣམས་སླབས་ལ། བདེ་བ་དང་ལྡན་ནས། ཤ་ཆེན་གྱི་ཚོད་མ་དང་། དྲི་ཆེན་བཟའ་བ་དང་། ཨ་རུ་ར་དང་ཉེ་ཤིང་གི་ཁུ་བ་བཏུང་བ་དང་། ཁྲུས་བྱས་ཤིང་ལུས་སྣུམ་དང་དྲི་ཞིམ་པོས་བྱུག་སྟེ། ཁྲུས་གསུམ་བྱས་ནས་རྩ་བའི་དཀྱིལ་འཁོར་བསྟན་དུ་རུང་ངོ་། །དེ་ནས་རྒྱན་གྱིས་བརྒྱན་ནས་གུ་རུ་ལ་ཕུལ་ལ། གུ་རུས་མདུན་དུ་བཞག་ལ། ལུས་སེམས་སྟོང་པ་ཉིད་ལས་ཀུན་ཏུ་བཟང་མོར་བརླབ་བོ། །གནས་ལྔར་ཡུམ་ལྔ་བཀོད། ཡན་ལག་བཞི་ལ་སྒོ་མ་བཞི་བཀོད། ལས་པདྨ་འདབ་མ་བརྒྱད་པ། ཨེ་མཐིང་སྐྱ་མེ་འོད་དང་ལྡན་པའོ། །བུས་རྡོ་རྗེ་སེམས་དཔར་བསྒོམས་ལ། རིགས་ལྔ་དང་། སྒོ་བ་བཞི་སྒོམ། ཧཱུྃ་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པ་བསྒོམས་པའི་དྲྭ་ལ། ཡབ་ཀྱི་འབྲུ་ལྔ། དབུས་ཀྱི་རྩ་གསུམ་ལ། ༀ་ཨཱ་ཧཱུྃ། གསུམ་གྱི་མདོ་རུ་ཕཊ་དོ། །དེ་ནས་བུས་ཐལ་མོ་སྦྱར་ལ། རྡོ་རྗེ་དགའ་མ་བདག་ལ་དགོངས། །འདོད་པ་འབྱུང་བའི་རིན་ཆེན་གཏེར། །དགེས་པ་ཆེན་པོ་ཐབས་ལམ་གྱིས། །ཆུ་བོ་བཞི་ལས་བདག་སྒྲོལ་ཅིག །ཅེས་བྱ། མོས་ལན་དུ། བུ་ཁྱེད་སྨྲོས་དང་ཐབས་ལམ་ནི། །རྒྱལ་བ་ཡོངས་ཀྱིས་སྦས་པ་ཡིན། །ཐབས་ཆེན་གསང་བའི་ཐེག་པ་རུ། །གཙང་སྨེ་འཆིང་བ་སྦྱང་བའི་ཕྱིར། །དྲི་ཤ་ཆུ་རྣམས་བཟའ་བཏུང་དང་། །ང་ཡི་བ་གའི་ཡེ་ཤེས་བཞི། །འོ་དང་གཞིབ་དང་དྲང་བ་དང་། །སེམས་ཆུ་བཏུང་བར་ཁྱོད་ནུས་སམ། །ལན་དུ། ཨེ་མ་ཧོ་ཐབས་ལམ་ཡེ་ཤེས་ཕྱིར། བདག་ནི་ཅི་ཡང་མི་ནུས་མེད། །དེ་དག་བདག་གིས་སྤྱད་པར་བགྱི། །ཇི་ལྟར་སྤྱད་ཕྱིར་བདག་ལ་གསོལ། །ཞེས་བརྗོད་དེ། དམ་རྫས་ལ་འཛེམ་པའི་ཉེས་དམིགས་བཤད་ནས་བྱིན་ལ་ལོངས་སྤྱོད་དོ། །དེ་ནས་དྲི་ཞིམ་པོས་སྦྲང་གིས་སྦྱར་བའི་རིལ་ལུ་མུར་ཞིང་། གུ་རུས་ཆས་རྣམས་བྱས་ཤིང་། པདྨ་བལྟས་ཏེ་ཡོངས་སུ་རྒྱས་ནས། བདེ་བ་ཆེན་པོ་ཆོས་ཀྱི་སྐུ། །ཤེས་རབ་ཐབས་ཀྱིས་རྫོགས་པར་འགྱུར། །འདི་དེ་སྐྱེ་བ་ཐམས་ཅད་དུ། །དངོས་གྲུབ་གཏེར་འདི་མ་སྤོང་ཤིག །རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི། །རྫོགས་པའི་སངས་རྒྱས་ཁྱོད་ལས་བྱུང་། །སྤངས་ན་རྡོ་རྗེ་དབྱིངས་ཕྱུག་རྒྱ། །བཀུག་དང་བསྟན་པ་མ་ཤེས་ན། །རྡོ་རྗེ་བསྐལ་པ་མཐའ་ཡས་པར། །ཆོས་སྐུ་ཐོབ་པར་མི་འགྱུར་རོ། །ཞེས་པའི་ཚིག་གིས་ཕྱག་རྒྱ་གཏད། དྲུང་དུ་རོལ་དུ་བཞུག །ཐབས་དང་ཏིང་ངེ་འཛིན་བཏང་ངོ་། །བདེ་བ་རྙེད་ནས། ༀ་མཾ་རྒྱལ་བའི་ཡེ་ཤེས་བྱས། །ཞེས་པ་ནས་སྂ་བྷ་བ་ཨད་མ་ཀོ྅་ཧཾ། ཞེས་བརྗོད། དེ་ནས་གཉིས་ཀྱི་ལག་ནས་བཟུང་ལ། བུ་ཁྱོད་འཁོར་བའི་རྒྱ་མཚོ་ལས། །གྲོལ་ཞིང་ཐར་ནས་སྐད་ཅིག་གིས། །རྡོ་རྗེ་ནམ་མཁའི་ཡེ་ཤེས་ཆེ། །བླ་མ་ཆེན་པོའི་ས་གནས་སུ། །ཐམས་ཅད་རིགས་ཀྱི་བདག་པོར་འགྱུར། །སྤྱི་དཔལ་བཅུ་ཡི་མངའ་བརྙེས་ནས། །བདལ་ཁྱབ་ཆེན་པོའི་ཕྲིན་ལས་ལྔས། །ཁམས་གསུམ་སྲས་སུ་བཟུང་བར་བྱོས། །ཞེས་དབུགས་དབྱུང་ལ་གཏང་རག་གཏང་ངོ་། །མདོ་དབང་གི་ཤེས་རབ་ཡེ་ཤེས་དབང་གི་རྩ་བ་རྫོགས་སོ།། །།
བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལྷུན་གནས་བདེ་བ་ཆེན་པོ་ལ་ཕྱག་འཚལ་ལོ། །རྣལ་མའི་དབང་བརྟེན་བཅོས་མ་ཡེ་རྫོགས་སུ། །ཡེ་ནས་སྤྱི་བླུགས་དགོངས་པ་སྙན་བརྒྱུད་གསལ། །དྲི་མེད་གཞུང་དུ་བཅོས་མའི་དབང་བརྟེན་ནས། །རྣལ་མར་བརྡ་བགྲོལ་འདིར་ནི་ཅུང་ཞིག་བསྟན། །ཐུན་མོང་དབང་གཞུང་མང་ཡང་ཁྱད་པར་ཆོ་ག་ནི། །ཟབ་མོའི་དབང་གསུམ་དེ་ལས་གསང་དབང་ལ། །ཐུན་མོང་གཞུང་བསྐུར་ཐུན་མིན་བརྡའ་བཀྲོལ་ལོ། །ཐུན་མོང་ཆོ་ག་སྤྱི་དོན་དགུ་རུ་གནས། །དང་པོ་ཁྲུས་ལ་ཕྱི་ནང་གསང་བ་གསུམ། །སྤོས་ཆུ་ཆོས་ཉིད་རྣམ་དག་ཕྱི་ཡི་ཁྲུས། །དྲི་ཆུ་བསང་སྦྱང་སྔགས་བཟླས་ནང་གི་ཁྲུས། །འོ་མ་ཡི་གེ་བརྒྱ་པ་གསང་ཁྲུས་སོ། །སྒོ་གསུམ་ལས་སྒྲིབ་དག་པའི་དགོས་ཆེད་ཡོད། ༈ །གཉིས་པ་མིག་དགབ་དམར་པོས་གདོང་གཡོགས་ལ། །གསང་བའི་བརྡའ་ལས་མི་ཉམས་དགོས་ཆེད་ཡོད། ༈ །གསུམ་པ་སེམས་བསྐྱེད་འབོག་པར་བྱ་བ་ནི། །ཨེ་མ་ཧོ་བདེ་མཆོག་དགའ་ཚལ་འདིར། བདག་ཅག་ཀུན་ཏུ་འཇུག་པར་འཚལ། །དགའ་བ་བྱང་ཆུབ་སེམས་བསྐྱེད་དེ། །གསང་བའི་དོན་འདི་སྤྱད་པར་བྱ། །ལན་གསུམ་བརྗོད་རྗེས་དོན་དགྲོལ་ལོ། ༈ །བཞི་པ་སྐྱབས་འགྲོ་འབོག་པ་ནི། །རྡོ་རྗེ་རྣལ་འབྱོར་མཆོག་གི་ལྷ། །འགྲོ་དྲུག་འདྲེན་པའི་དཔལ་མཛད་པ། །རྡོ་རྗེ་ཅན་ལ་ཕྱག་འཚལ་ཏེ། །བྱམས་མགོན་ཁྱེད་ལ་སྐྱབས་སུ་མཆི། །ཞབས་ལ་འཇུས་ལ་ལན་གསུམ་བརྗོད། ༈ །ལྔ་པ་གནང་བ་སྦྱིན་པ་ནི། །སངས་རྒྱས་བདེ་ཆེན་ཐམས་ཅད་ཀྱི། །རྡོ་རྗེ་གསང་ཆེན་གསུམ་ལས་འབྱུང་། །སྲིད་པ་གསུམ་གྱིས་ཕྱག་བྱས་པ། །དབང་བསྐུར་གནང་བ་ཆེན་པོ་སྦྱིན། །བླ་མས་ལན་གསུམ་བརྗོད་དེ་བཀྲོལ། ༈ །དྲུག་པ་སྒྲིབ་པ་སྦྱོང་བ་ནི། །བླ་མ་ཀུན་བཟང་ཐུགས་ཁ་ནས། །འབྲུ་གསུམ་འོད་ཀྱིས་སློབ་མ་ཡི། །སྙིང་གི་དཀྱིལ་གྱི་བག་ཆགས་སྦྱང་། ༈ །བདུན་པ་ལྷ་རུ་བསྐྱེད་པ་ནི། །ༀ་དང་བཛྲ་ས་ཏྭ་ཨས། །སློབ་མ་རྡོ་རྗེ་སེམས་དཔའ་འམ། །འབྲུ་བརྒྱད་སྔགས་ཀྱིས་ཧེ་རུ་ཀ །སློབ་བུ་གང་མོས་ལྷ་རུ་བསྐྱེད། ༈ །བརྒྱད་པ་དམ་ཚིག་འབོག་པ་ནི། །ཀ་པ་ལ་རུ་བདུད་རྩི་ལ། །དེ་ཉིད་གསུམ་གྱིས་བྱིན་རླབས་ལ། །ལྕེ་ལ་ལན་གསུམ་བཞག་བྱས་ལ། །ཀ་ཡ་སིད་དྷི་ༀ། ཝཀ་སིདྡྷི་ཨ། ཙིཏྟ་སིདྡྷི་ཧཱུྃ། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། །བསྲུང་མཚམས་ཅུང་ཞིག་བསྟན་པར་བྱ། ༈ །དགུ་པ་དམ་ཚིག་ལྡན་པ་ལ། །དབང་བསྐུར་དངོས་གཞིའི་རིམ་པ་ནི། །རིན་ཆེན་ལ་སོགས་སྣོད་ནང་དུ། །རྡོ་རྗེ་སེམས་སོགས་བར་མ་ཆད། །བྱང་སེམས་རྒྱུ་ཕབས་ལྡན་པ་ལ། །དཔའ་བོ་རོ་ཡིས་སྦྱང་བྱས་ཏེ། །བུ་རྂ་རོ་དང་ལྡན་བྱས་ལ། །ༀ་གྷུ་ཡ་ཨ་བྷི་ཥིཉྩ་ཧཱུྃ། བརྒྱ་རྩ་བརྒྱད་ཀྱིས་བསྙེན་བྱས་ལ། །མི་བསྐྱོད་ཧེ་རུ་ག ང་ཡང་རུང་། །སྦྱོར་མཛད་འོད་ཞུ་ཆུ་རྒྱུན་གྱུར། །གསང་དབང་ཡུམ་ཤེས་རབ་མ་བླ་མ་ལ་ཕུལ་ཏེ། གསང་བའི་དབང་མཆོག་བསྐུར་དུ་གསོལ། །བླ་མས། ཁྱོད་ནི་རྩེ་གཅིག་བཟུང་བའི་ཕྱིར། །གསང་བའི་དབང་མཆོག་བསྐུར་བར་བྱ། །དེ་ནས་ཡབ་ཡུམ་ལྷར་བསྐྱེད་ལ། །སྐྱེ་མཆེད་མཁའ་གསང་བྱིན་གྱིས་བརླབ། །སྦྱོར་མཚམས་འོད་འཕྲོས་རྒྱལ་བ་དྲངས། །འོད་དུ་ཞུ་ནས་བདག་ལ་ཐིམ། །ལུས་ཀྱི་ལྷ་རྣམས་ཐིམ་གྱུར་ནས། །བྱང་ཆུབ་སེམས་སུ་བབས་པ་དེ། །སློབ་མའི་སྤྱིར་སྟིམ་ལྷར་བསྐྱེད་ལ། །དེ་ནས་སློབ་མས། ཇི་ལྟར་དུས་གསུམ་རྒྱལ་བ་ཡི། །དམ་ཆོས་བདུད་རྩི་ཆར་ཕབ་པས། །སྐལ་ལྡན་འགྲོ་བའི་རྒྱུད་སྦྱང་ལྟར། །དེ་རིང་རྡོ་རྗེ་སློབ་དཔོན་གྱིས། །བདག་གི་རྒྱུད་རྣམས་སྦྱང་བ་དང་། །འགྲོ་ལ་ཕན་ཕྱིར་དབང་བསྐུར་མཛོད། །ཅེས་ཞུའོ། །ཁྱོད་ཉིད་བརྩེ་བཟུང་འགྲོ་དོན་ཕྱིར། །བླ་མས་ཁྱོད་ལ་དབང་བསྐུར་སྦྱིན། །ཞེས་བརྗོད་ལ་བསྐུར་རོ། །བསྐུལ་བའི་ཚིག་འདི་བརྗོད་པར་བྱ། །ཧཱུྃ་དགའ་བ་བྱང་ཆུབ་སེམས་ཆེན་པོ། །ཀུན་ཏུ་ཚིམ་པར་བྱེད་པའི་རོ། །དཀར་དམར་ལྷག་པའི་བྱང་ཆུབ་སེམས། །ཁྱོད་ཀྱི་ལྕེ་ལ་བཞག་པ་འདི། །སྙིང་གི་དཀྱིལ་དུ་བཟུང་བར་བྱོས། །སྔགས་བརྗོད་བདུད་རྩི་ལྕེ་ལ་བཞག །སྙིང་གི་དཀྱིལ་དུ་ཐིམ་པར་འགྱུར། །རྡོ་རྗེ་སེམས་དཔའ་ཧེ་རུ་ཀ །ཉུངས་འབྲུ་ལྟ་བུ་ཤ་སྟག་ཏུ། །གྱུར་ཏེ་རིགས་དྲུག་ས་བོན་སྦྱངས། །གནས་ངན་ལེན་པ་ཀུན་སྦྱངས་ནས། །འོད་ཞུ་ཐིག་ལེའི་འོད་ཕྲན་ལ། །རིག་པ་གཏད་ལ་བདེ་བ་སྒོམ། །བདེ་དང་ལྡན་པའི་རྟགས་བྱུང་ན། །བདེ་སྟོང་གཉིས་མེད་ཡེ་ཤེས་སུ། །ངོ་སྤྲོད་བྱིན་གྱིས་བརླབ་པ་བྱ། །དེ་ཡིས་ཟབ་མོ་གསང་དབང་གི། །ཐུན་མོང་ཆོ་ག་ཡོངས་སུ་རྫོགས། །དེ་ནས་རྣལ་མར་བརྡའ་བཀྲོལ་ཏེ། །སློབ་དཔོན་ཀུན་ཏུ་བཟང་པོར་བསྐྱེད། །བསྲུང་ཞིང་བསྐྲད་པ་དྲག་ཏུ་བྱ། ༈ །བླ་མ་རྡོ་རྗེ་སློབ་དཔོན་གྱིས། །གསང་བའི་དབང་མཆོག་བསྐུར་དུ་གསོལ། །ཅེས་དང་། བླ་མས། ཁྱོད་ནི་རྩེ་གཅིག་བཟུང་བའི་ཕྱིར། །གསང་བའི་དབང་མཆོག་བསྐུལ་བར་བྱ། །གསོལ་བ་བཏབ་ལ་གནང་བ་སྦྱིན། །བསྒྱུར་བ་གསུམ་གྱི་ངོ་སྤྲོད་བྱ། །སྣང་བ་བདེ་བར་བསྒྱུར་བྱས་ཏེ། །བདེ་སྣང་རང་འོད་བརྡའ་བཀྲོལ་ལོ། །བདེ་བ་སྟོང་པར་བསྒྱུར་བྱས་ཏེ། །སྟོང་པ་སྤྲོས་བྲལ་བརྡའ་བཀྲོལ་ལོ། །སྟོང་པ་གཉིས་མེད་བསྒྱུར་བྱས་ཏེ། །གཉིས་མེད་རིག་པར་བརྡའ་བཀྲོལ་ལོ། །དེ་ཡིས་ཁྱད་པར་ཆོ་ག་རྫོགས་སོ། །ཨཐྎ།། །།
༅། །བླ་མ་རྡོ་རྗེ་སློབ་དཔོན་གྱིས། །ཟབ་མོ་ཤེས་རབ་ཡེ་ཤེས་དབང་། །བདག་ལ་སྩལ་བར་མཛད་དུ་གསོལ། །ཅེས་དང་། བླ་མས། ཁྱོད་ཉིད་ཡིད་རྟོགས་བྱ་བའི་ཕྱིར། །ཟབ་མོ་ཤེས་རབ་ཡེ་ཤེས་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །གཉིས་པ་ཤེས་རབ་ཡེ་ཤེས་ལ། །སློབ་དཔོན་ཀུན་ཏུ་བཟང་པོར་བསྒོམ། །སློབ་མ་སེམས་དཔའ་ཧེ་རུ་ཀ །ཡབ་ཡུམ་གཉིས་མེད་སྙོམས་འཇུག་ལ། །རིག་པ་གཏད་ཅིང་བསྒོམ་དུ་གཞུག །ཨཱོཾ་ཛྙ་ན་བཱོ་དྷི་ཙིཏྟ་ཨ་བྷི་ཥིཥྩ་ཧཱུཾ། བསྐུལ་བའི་ཚིག་འདི་བརྗོད་པར་བྱ། །ཧཱུཾ་རྩོལ་མེད་བྱང་ཆུབ་སེམས་ཆེན་པོ། །ཤེས་རབ་ཆེན་པོ་རྩལ་གྱི་དབང་། །ཆོས་རྣམས་རིག་པར་དབང་བསྒྱུར་བས། །རྩལ་ཆེན་རྫོགས་པའི་དབང་ཐོབ་ཤོག །བདེ་དང་ལྡན་པའི་བྱིན་གྱིས་བརླབས། །རོལ་པར་འདོད་པ་དགའ་བ་སྟེ། །རོལ་པ་དངོས་ནི་མཆོག་དགའ་འོ། །འགའ་འདས་འགའ་གནས་ལྷན་སྐྱེས་སོ། །ཐིག་ལེ་རྫོགས་པ་དགའ་བྲལ་ལོ། །ལྷན་སྐྱེས་དུས་སུ་བདེ་སྟོང་སྤྲད། །དེ་ཡིས་ཐུན་མོང་ཆོ་ག་རྫོགས། ༈ །དེ་ནས་ཁྱད་པར་ཆོ་ག་ནི། །རང་ལུས་ཀུན་ཏུ་བཟང་པོར་བསྐྱེད། །བསྲུང་བསྐྲད་གསོལ་གདབ་གནང་བ་སྦྱིན། །བསྒྱུར་བ་རྣམ་གསུམ་སྔར་བཞིན་ཏེ། །སྔ་མ་གཉིས་པོ་བདེ་བར་བསྒྱུར། །རང་འོད་སྟེང་དུ་བརྡའ་དཀྲོལ་ལོ། །དགའ་བྲལ་བདེ་བ་སྟོང་པར་བསྒྱུར། །སྤྲོས་བྲལ་སྟེང་དུ་བརྡའ་བཀྲལ་ལོ། །ལྷན་སྐྱེས་སྟོང་པ་གཉིས་མེད་བསྒྱུར། །རིག་པའི་སྟེང་དུ་བརྡའ་བཀྲལ་ལོ། །གཉིས་པ་ཆགས་པའི་ཆ་ནས་ཏེ། །དེ་བྲལ་བས་ན་དེ་སྟོང་ངོ་། །དེས་ན་དེ་རུ་གཉིས་མེད་དོ། །དེ་ཡང་རིམ་པའི་ཚུལ་ཅན་ཏེ། །མཐར་བུམ་ཐ་མར་བརྡའ་བཀྲོལ་ལོ། །ཨཐྎ།། །།
༈ བླ་མ་རྡོ་རྗེ་སློབ་དཔོན་གྱིས། །མཐར་ཐུག་བདེ་བ་ཆེན་པོའི་དབང་། །བདག་ལ་རྩལ་བར་མཛད་དུ་གསོལ། །ཅེས་དང་། བླ་མས། བདེ་བ་ཆེན་པོའི་ཁྱད་པར་ལས། །རྨད་བྱུང་བདེ་བ་ཆེན་པོའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱའོ། །མཐར་ཕྱིན་བདེ་བ་ཆེན་པོ་ལ། །ཐུན་མོང་རྣལ་མའི་ཆོ་ག་ནི། །སློབ་དཔོན་ཀུན་ཏུ་བཟང་པོར་བསྒོམ། །སློབ་མ་སེམས་དཔའ་འམ་ཧེ་རུ་ཀ །ཡབ་ཡུམ་གཉིས་མེད་སྙོམས་འཇུག་གིས། །ཐིག་ལེ་བཟློག་ཅིང་བདེ་ཆེན་བསྐྱལ། །ༀ་མ་ཧཱ་སུ་ཁ་ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལ་བདེ་བའི་ཚིག་འདིས་བསྐུལ། །ཧཱུྃ་ཀློང་ཡངས་ནམ་མཁའི་སྙིང་པོ་ལ། །སྤྲིན་མེད་ཉི་མ་འབུམ་གྱིས་བརྡལ། །ཅིར་སྣང་ཅི་ཡང་མ་ཡིན་པའི། །སྐྱེ་བ་མེད་པའི་དབང་ཐོབ་ཤོག །སྔ་མའི་དུས་སུ་ངོ་སྤྲད་པའི། །བདེ་སྟོང་གཉིས་མེད་ཡེ་ཤེས་ཏེ། །བཟློག་པས་བརྟན་པར་གྱུར་པ་ཡིས། །སྔ་མ་ལམ་གྱི་དབང་ཡིན་ཏེ། །དྲན་དང་གོམས་པ་དགོས་ཕྱིར་རོ། །འདི་ནི་འབྲས་བུའི་དབང་ཡིན་ཏེ། །དེ་ཁོ་ན་ཉིད་དུ་གྱུར་པའི་ཕྱིར། །མཐར་ཕྱིན་བསྐྱེད་དུ་དབྱེར་མེད་དོ། །དེས་ནི་ཐུན་མོང་ཆོ་ག་རྫོགས། ༈ །དེ་ནས་རྣལ་མའི་ཆོ་ག་ལ། །རང་ལུས་ཀུན་ཏུ་བཟང་པོར་བསྐྱེད། །བསྲུང་བསྐྲད་གསོལ་བཏབ་གནང་བ་སྦྱིན། །བསྒྱུར་བ་གསུམ་པོ་མཐར་ཕྱིན་པས། །སྔར་གྱི་བརྡའ་བཀྲོལ་རྣམ་གསུམ་པོ། །འདི་ཡིས་བརྡའ་སྤྲད་དག་ཏུ་འགྱུར། །འདི་ནི་མཐར་ཕྱིན་འབྲས་བུ་བས། །བརྡའ་བྲལ་སྟོང་ཉིད་རང་གྲོལ་བཟླ། །དེས་ནི་རྣལ་མའི་ཆོ་ག་རྫོགས།། །།
༅། །ཟབ་མོའི་དབང་གསུམ་གྱི་ཆོ་ག །ཟ་ཧོར་གྱི་རྒྱལ་པོ་པྲ་ཧ་པྲི་ལ། སྨིན་པའི་ལམ་བླངས་ཞེས་པ་ཞི་བའི་གཞུང་དུ་ཡང་བསྐུར་ཏུ་རུང་སྟེ། ཁྲོ་བོ་དགོངས་པ་གཙོ་ཆེ་བའི་གསང་བ་མདོའི་དགོངས་པའི་སྟེང་དུ་བཀྲོལ་བ། དྲི་མེད་གསང་བའི་སྒྲོན་མའི་དབང་གི་བྱང་བུ། བཅོས་མའི་དབང་ལ་བརྟེན་ནས་རྣལ་མའི་དབང་བརྡའ་བཀྲོལ་བའི་མན་ངག །ཨཐྎ།། །།
༅། །གསང་དབང་ཡུམ་ཤེས་རབ་མ་བླ་མ་ལ་ཕུལ་ཏེ། བླ་མ་རྡོ་རྗེ་སློབ་དཔོན་གྱིས། །གསང་བའི་དབང་མཆོག་བསྐུར་དུ་གསོལ། །ཅེས་དང་། བླ་མས། ཁྱོད་ནི་རྩེ་གཅིག་བཟུང་བའི་ཕྱིར། །གསང་བའི་དབང་མཆོག་བསྐུར་བར་བྱ། །དེ་ནས་ཡབ་ཡུམ་ལྷར་བསྐྱེད་ལ། །སྐྱེ་མཆེད་མཁའ་གསང་བྱིན་གྱིས་བརླབ། །སྦྱོར་མཚམས་འོད་འཕྲོས་རྒྱལ་བ་དྲངས། །འོད་དུ་ཞུ་ནས་བདག་ལ་ཐིམ། །ལུས་ཀྱི་ལྷ་རྣམས་ཐིམ་གྱུར་ནས། །བྱང་ཆུབ་སེམས་སུ་བབས་པ་སྟེ། །སློབ་མའི་སྤྱིར་བསྟིམ་ལྷར་བསྐྱེད་ལ། །དེ་ནས་སློབ་མས། ཇི་ལྟར་དུས་གསུམ་རྒྱལ་བ་ཡི། །དམ་ཆོས་བདུད་རྩི་ཆར་ཕབ་པས། །སྐལ་ལྡན་འགྲོ་བའི་རྒྱུད་སྦྱངས་ལྟར། །དེ་རིང་རྡོ་རྗེ་སློབ་དཔོན་གྱིས། །བདག་གི་རྒྱུད་རྣམས་སྦྱང་བ་དང་། །འགྲོ་ལ་ཕན་ཕྱིར་དབང་བསྐུར་མཛོད། །ཅེས་ཞུའོ། །ཁྱོད་ནི་རྩེ་བཟུང་འགྲོ་དོན་ཕྱིར། །བླ་མས་ཁྱོད་ལ་དབང་བསྐུར་སྦྱིན། །ཞེས་བརྗོད་ལ་དབང་བསྐུར་རོ། །དེ་ནས་ཤེས་རབ་ཡེ་ཤེས་ནི། །མཚན་ལྡན་ཁྲུས་བྱ་བྱིན་བརླབས་བརྒྱན། །སློབ་མ་གཉིས་ཀྱི་ལག་བཟུང་སྟེ། །ལེགས་པར་ཉོན་ཅིག་རིགས་ཀྱི་བུ། །བདེ་ཆེན་གོ་འཕང་བསྒྲུབ་པ་ལ། །ཤིན་ཏུ་དད་ལྡན་ཤེས་རབ་མ། །ཁྱོད་ཀྱི་གྲོགས་ཀྱི་དཔའ་བར་སྦྱིན། །རྟག་བདེ་རོལ་པ་ཐབས་ལྡན་རྩོལ། །བླ་མས་སངས་རྒྱས་བྱང་སེམས་ཕབ་ལ་བསྟིམ། ཕེབས་ནས་མེ་ལོང་ནང་བླངས་ལ། །ཕན་ཚུན་བསྟབ་ཅིང་བཟའ་བར་བྱའོ། །འདི་ནི་རིག་པ་བརྟུལ་ཞུགས་དབང་། །དབང་མཆོག་འདི་རྣམས་བསྐུར་དུས་སུ། །ལུས་ལ་དྲིས་བྱུགས་རྒྱན་རྣམས་བརྟགས། །ནམ་མཁའ་ལྷ་ཚོགས་གང་བར་སྒོམ། །ཨཐྎ།། །།
༅། །སློབ་མ་ཡབ་ཡུམ་ལག་སྦྲེལ་བླ་མས་བསྐྱངས། །གླན་ཆེན་ཤཱཀ་མགོན་དཔལ་ལྡན་ཆོས་སེང་དང་། །ཟུར་བན་ཆོས་རྗེ་བྱམས་པ་སེང་གེ་དང་། །འབྲོ་ཡི་གྲུབ་ཐོབ་དྷརྨ་རྒྱལ་མཚན་ལུགས། ༈ །ཨ་ནུའི་འཛབ། བླ་མ་ལ་ན་མོ། གྷུ་ཡ་ཛྙ་ན་འདི་ལ། ལྔ་བརྒྱ་བདུན་ཅུའི་སྙིང་པོ་ཡིན། ༀ་ཡེ་ཤེས་ལྔ། གྷུ་ཡ་ན་གསང་བ། ཛྙ་ན་ནི། ཡེ་ཤེས་དགུའི་བདག་ཉིད། བྷོ་དྷེ་ན་བྱང་ཆུབ་ཀྱི་སེམས། ཙིཏྟ་ན་ཐུགས། མ་ཧཱ་ན་སྐྱེ་རྫོགས་རྣམ་པ་གསུམ་ཡིན། སུ་ཁ་ན་བདེ་བ་ཡང་ཡིན། བསྡུས་པའང་ཡིན། ཧཱུྃ་ན་སྐུ་ཧཱུྃ་ན་གསུང་ཧཱུྃ་ན་ཐུགས། ཨ་ལ་ཁྲོ་བོའི་ཡུམ་འདུས། ན་རོ་དང་ཟླ་ཚེས་ལ་ཡབ་འདུས། རིང་ཆ་འ་ལ་ཁྲོ་མོ་འདུས། གྷུ་ཡ་ལ་ཞི་བ་ཡུམ་འདུས། ཛྙ་ན་ལ་ཡེ་ཤེས་མ་འགགས་པ་ཐབས་ཡབ་འདུས། བྷོ་དྷི་ན་ཞི་ཁྲོ་གཉིས་ཀའི་བྱང་ཆུབ་ཀྱི་སེམས། ཙིཏྟ་ན་རཏྣ་གུར་ཕུབ་པའི་གནས། དེ་ཡེ་ཤེས་ཀྱི་རླུང་གིས་བསྐྱོད་ནས་དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཡང་བདེ་བས་ཁྱབ། འགྲོ་དྲུག་སེམས་ཅན་ཐམས་ཅད་ལ་ཡང་བདེ་བས་ཁྱབ། དེ་གཉིས་སོ་སོ་ཐ་མི་དད་དབྱེར་མེད་པས། མ་ཧཱ་ཞེས་ཆེན་པོ། འཁོར་འདས་གཉིས་ཀ་ལ་སྤྱོད་པས་ན་སུ་ཁ། ཧཱུྃ་གསུམ་ནི་སེམས་ཅན་གྱིས་དུས་གསུམ་དུ་འཁྱེར། སངས་རྒྱས་ཀྱི་སྐུ་གསུམ་དུ་འཁྱེར་རོ། ༈ །ༀ་ནི་ལོངས་སྤྱོད་རྫོགས་པའི་སྐུ། །གྷུ་ཡ་མངོན་པར་བྱང་ཆུབ་པའི་སྐུ། ཛྙ་ན་རྡོ་རྗེའི་སྐུ། བྷོ་དྷེ་ཆོས་ཀྱི་སྐུ། ཙིཏྟ་བཞུགས་པའི་གནས། མ་ཧཱ་སྤྲུལ་པའི་སྐུ། སུ་ཁ་དབྱེར་མེད་པའི་ངོ་བོར་ཅིག །ཧཱུྃ་གསུམ་གྱིས་ཐབས་ཤེས་རབ་མ་འགགས་པའི་ངོས་ནས་སེམས་ཅན་གྱི་དོན་བྱེད་པ། དེ་ལྟར་གང་ཟག་གཅིག་གིས་ཉམས་སུ་ལེན་ན། ལུས་ལྷའི་དཀྱིལ་འཁོར། ངག་བཟླས་པའི་དཀྱིལ་འཁོར། ༀ་ཆོས་ཉིད་ཀྱི་དཀྱིལ་འཁོར། ལུས་སྣང་སྟོང་སྒྲ་གྲག་སྟོང་། དེའི་ངོ་བོ་གསལ་བ། མི་གཡོ་བ། རིག་པ་ལ་ཉོན་མོངས་པ་མེད་པ། ལུས་ལ་བདེ་ཆགས་མེད་པས་སོ། ༈ །གྷུ་ཡ་སེམས་ཀྱི་སེམས་ཉིད་ཡིན། །གྷུ་ཡ་ཆོས་ཀྱི་ཆོས་ཉིད་ཡིན། །གྷུ་ཡ་ནམ་མཁའི་མཚན་ཉིད་ཡིན། །ཞེས་པས་མདུན་གྱི་ནམ་མཁའ་ལ་ཆེ་མཆོག་ཏུ་གསལ་བ་ལ་ཐུགས་ཁར་ཡེ་ཤེས་ཀྱི་རྣམ་པར་གསལ། ༀ་གྷུ་ཡ་ཞེས་དྲངས་པས་འོད་ཟེར་ལྗང་དམར་ཕར་འཕྲོས་པའི་དུས་ན་ཐུགས་དམ་གྱི་རྒྱུད་བསྐུལ། ཐུགས་ཁ་ནས་གྷུ་ཡའི་འོད་ཟེར་སྨུག་ནག་འཕྲོས། ཚུར་འདུས་པས་བདག་གི་ཐུགས་ཁར་ཐིམ། དེའི་བྱིན་རླབས་ཀྱིས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། སྟོང་ཁམས་གང་བར་གྱུར། སྣང་སྲིད་སྐྱེ་འགྲོ་ཀུན་གྱི་དངོས་གྲུབ་ཀྱི་བཅུད་བསྡུས། བདག་རྣལ་འབྱོར་པ་ལ་ཐིམ་པས། དེ་ལ་དངོས་གྲུབ་ཅེས་བྱའོ། །ༀ་ཨཱཿགྷུ་ཡའི་འོད་ཟེར་རྣམས་པ་ལྷའི་ཕྱག་རྒྱར་གསལ་བས་གོང་མ་ལྟ་བུའི་ཡི་དམ་གསལ་བའི་དུས་ན་གསལ་བཏབ་ཀྱིན་བཟླས་པས། ལྷའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བདག་ལ་ཐིམ་པས་དངོས་གྲུབ་ཐོབ་ཅེས་བྱའོ། །གྷུ་ཡ་དངོས་གྲུབ་ཏུ་བླང་བའོ། །ༀ་ཨཱཿཧཱུྃ་གྷུ་ཡ་ཐུགས་ཀྱི་ཕྲིན་ལས་སུ་བཟླས་པས་བདུད་བཞི་བཅོམ་པ་ཞེས་བྱ་སྟེ། གྷུ་ཡ་ཐུགས་ཡེ་ཤེས་ཀྱི་སྙིང་པོ་ཡིན་པས། འདས་པའི་རྒྱལ་བ་རྣམས་ཀྱིས་ཀྱང་བདུད་བཅོམ་ཟིན་ལ། ད་ལྟར་གྱི་སྒྲུབ་པ་པོས་ཀྱང་གྷུ་ཡའི་དོན་དེ་བཞིན་དུ་རྟོགས་ནས། རྟོགས་པའི་དོན་ལ་རྩེ་གཅིག་གི་ཏིང་ངེ་འཛིན་དུ་ཏིང་ངེ་འཛིན་བར་མཚམས་མེད་པའི་བཟླས་བརྗོད་ལས་སུ་རུང་བ་ཕུང་པོ་ཁམས་དང་སྐྱེ་མཆེད་ལྷའི་རང་བཞིན་དུ་གསལ་བས་ཕུང་པོའི་བདུད་བཅོམ། གྷུ་ཡར་གསལ་བའི་འཕྲོ་འདུས་བག་ཆགས་འཇོམས་ཞིང་སྲེགས་པས་ཉོན་མོངས་པའི་བདུད་བཅོམ། དེ་ལྟ་བུའི་དོན་བློ་ལ་གསལ་ཞིང་ལས་སུ་རུང་བའི་དུས་ན་ལོག་པར་ལྟ་བའི་མུ་སྟེགས་དང་དྲེགས་པ་ཅན་ཐམས་ཅད་འོད་ཟེར་གྱིས་སྒྲལ་བས་ལྷའི་བུའི་བདུད་བཅོམ། གྷུ་ཡ་དེ་རུ་གསལ་ཞིང་འོད་ཟེར་ལྔ་རུ་འཕྲོས་པས་ཉོན་མོངས་པ་ལ་ཕོག་པས་ཉོན་མོངས་པའི་བདུད་བཅོམ། གྷུ་ཡ་དེ་ལྟར་གསལ་བས་ཐུགས་སྐྱེ་བ་མེད་པའི་ངང་དུ་འདུས་པས། སྐྱེ་འགག་དང་བྲལ་བས་འཆི་བདག་གི་བདུད་བཅོམ། ༈ སྤྱོད་པའི་ཚད་ནི། ཅི་ལ་ཡང་མ་ཞེན། མཛད་སྤྱོད་ཐམས་ཅད་ལྷའི་ཕྲིན་ལས། བཟླས་བརྗོད་དང་གྲགས་པ་ཐམས་ཅད་སྔགས་ཀྱི་མཐུས་དྲན་པ་ཐམས་ཅད་གྷུ་ཡའི་རང་བཞིན་མི་འགྱུར་བས་རྡོ་རྗེ་ཚེའི་དངོས་གྲུབ་ཀྱི་ཚེ། ནམ་མཁའ་ལ་གཟའ་སྐར་ཤར་བ་དང་འདྲ་བས་ཀུན་གཞི་ལ་གྷུ་ཡ་མ་འགགས་པར་ཤར། འོད་ཟེར་དབང་པོ་དྲུག་ལ་ཤར་བས་མངོན་པར་ཤེས་པ་འཆར་རོ། །གྷུ་ཡའི་དོན་དུ། འདི་ནི་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པའི་ངང་ལ་གྷུ་ཡ་རང་འབྱུང་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་བསྟན་པ་ཡང་ཡིན། རྒྱལ་བའི་ཐུགས་ཡང་དག་པའི་མན་ངག་ཡེ་ཤེས་ཀྱི་སྙིང་པོའི་དོན་མཚོན་པ་ཡང་ཡིན། འོ་ན་རྩེ་གཅིག་གི་ཏིང་ངེ་འཛིན་བར་ཆོད་མེད་པའི་བཟླས་བརྗོད་བྱས་པས་ཀུན་མཁྱེན་ཡེ་ཤེས་ཀྱི་སྣང་བ་ལྷུན་གྱི་གྲུབ། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་འདྲ། དམིགས་སུ་མེད་པའི་ཁ་དོག་སྣ་ཚོགས་སུ་ཤར། དཔེར་ན་ཤེལ་ལ་འོད་ཕོག་པ་དང་འདྲ། གྷུ་ཡ་ལ་ཅིའི་སྐྱོན་གྱིས་མ་གོས། གྷུ་ཡ་ཆོས་སྐུར་ཤར་བ་ཡིན། རྟོགས་ན་ལྟ་བ་ཡིན། གསལ་ལ་མ་ཡེངས་ན་སྒོམ་པ་ཡིན། སྤྱོད་ལ་མ་ཆགས་ན་སྤྱོད་པ་ཡིན། ༈ གྷུ་ཡ་ལ་ཐམས་ཅད་འབྱུང་བས་ཡུམ་ཡིན། ཐམས་ཅད་སྣང་བ་མ་འགགས་པས་ཡབ་ཡིན། སོ་སོ་ཐ་དད་མེད་པར་ཐམས་ཅད་འབྱུང་བས་སྲས་ཡིན། ༈ གྷུ་ཡའི་སྔགས་ཀྱི་ཐུགས་ཀྱི་མགྲིན་པ་ནས་གྲགས། ཀླད་པ་དུང་ཁང་གི་གཞལ་ཡས་སུ་སོང་བས། ཀླད་པའི་རྩ་ཐམས་ཅད་ཞུ་བྱང་ཆུབ་སེམས་སུ་ཞུ་བས། མར་མགྲིན་པ་ལོངས་སྤྱོད་འཁོར་ལོའི་གནས་སུ་ཐིམ་པས་དེ་ཡང་ཁེངས་ནས། སྙིང་ཆོས་ཀྱི་འཁོར་ལོ་ཐིམ། དེ་ཡང་ཁེངས་པས་ལྟེ་བ་སྤྲུལ་པའི་འཁོར་ལོར་ཐིམ། དེ་ཡང་ཁེངས་པས་རྩ་ཐམས་ཅད་ཁེངས་ནས་ལུས་ཐམས་ཅད་བདེ་བས་ཁེངས་པ་ནི་འཁོར་ལོའི་བཟླས་པའོ། ༈ །བདག་ཆེ་མཆོག་ཏུ་གསལ་བས། ཡུམ་གནམ་ཞལ་མ་དང་གཉིས། ཡུམ་གྱི་པདྨ་ལ་ཉི་མ། །ཡབ་ཀྱི་རྡོ་རྗེ་ལ་ཟླ་བ། །ཟླ་བའི་སྟེང་ན་ཨ་དཀར་པོ། །ཉི་མའི་སྟེང་ན་ཨ་དམར་པོ། །གྷུ་ཡ་བཟླས་པས་གསང་བའི་དབུགས་བསྐྱོད་ནས་ཡུམ་གྱི་མཁའ་ལ་བབས། ཨ་དཀར་དམར་བྱང་ཆུབ་ཀྱི་སེམས། །ཡབ་ཡུམ་གཉིས་མེད་བདེ་བས་རྒྱས། །བདེ་བ་དབྱེར་མི་ཕྱེད། ངོ་བོ་སྟོང་པར་འདུག །བདེ་བ་མ་འགགས་པར་འདུག །བདེ་བ་སྟོང་པར་འདུག །དེ་ལྟར་བཟླས་པས་ཡབ་ཡུམ་གཉིས་སུ་མེད་པའི་བཟླས་པའོ། །ༀ་ཨ་ལ་ཐིམ། ཨ་ཡེ་ནས་ཆོས་ཉིད་སྐྱེ་བ་མེད་པའི་རང་བཞིན་ནམ། ཡང་ན་ཨ་ན་རོ་ལ་ཐིམ། ན་རོ་ཟླ་ཚེས་ལ་ཐིམ། ཟླ་ཚེས་ཐིག་ལེ་ལ་ཐིམ། ཐིག་ལེ་ཆོས་སྐུ་སྟོང་པའམ། ནམ་མཁའ་ལ་འབྲུག་གྲག་པའམ། སྒྲ་གྲག་པ་བཞིན་དུ་གྷུ་ཡའི་སྒྲ་རིག་པ་ལ་མ་འགགས་པར་ཤར་བའོ། །ཨཐྎ།། །།
༈ ཨ་ཏིའི་རྩལ་དབང་། ན་མོ་གུ་རུ། མདོ་ཨ་ཏི་ཡོ་གའི་གསང་དབང་དོན་དམ་གཉིས་མེད་ཟབ་མོ་ལྟ་བའི་དབང་ནི། ཐོག་མ་ཁུངས་སེམས་ལུང་ཆེན་པོ་རྫོགས་ཆེན་གྱི་མདོ་དང་། རྣམ་སྣང་ཐིག་ལེ་དབང་གི་གབ་པའི་དབང་ལེ་དང་། གཡུ་ཐང་ལས། ཨ་ཏིའི་མན་ངག་རྒྱ་ཆེར་གསུངས་ཅིང་། ཀུན་འདུས་ཆེ་མཆོག་སྐུ་ལ་ཆོས་ཀུན་ཡོངས་རྫོགས་ཀྱི་གདན་ཟླ་བ་ནས། གཙུག་གི་སངས་རྒྱས་ཉེར་གཅིག་གི་རྒྱལ་མཚན་ཏོག་ལས་མཚོན་ཏེ་བསྟན་ཏོ། །བར་དུ་དཀྱིལ་འཁོར་ནི། དཔེ་གདུལ་ཚོན་ཕྱི། རྟགས་རང་ལུས་ནང་། དོན་སེམས་ཉིད་གསང་བ་གསུམ་མོ། ༈ །ཐ་མ་དོན་ནི་རིག་པ་རང་བྱུང་ཉིད་དེ་ལྟར་དུ་ཤར་བ་རྣལ་འབྱོར་པས་མྱོང་བའོ། །དེའི་ཕྱིར་སློབ་བུ་སྟན་ལ་རྐང་པ་དཀྱིལ་ཀྲུང་། ལག་པ་མཉམ་བཞག །སྒལ་ཚིགས་དྲང་པོ། དཔུང་པ་ཡིད་ཙམ་དགྱེ་བ། མགྲིན་པ་ཅུང་ཙམ་དགུ་བ། ལྕེ་བཟློག་ཁ་སོ་ཐད་ཀ །རླུང་ཡིད་མིག་སྣ་རྩེར་གཏད་པ་ལ། ཕྱི་བཞིན་སྙིང་ལ་སྒོམས་ལ་ངལ་སོར་བཞུགས། ཀློད་ཀྱིན་བཞག་གོ། །གཉིས་པ་རྟགས་ནི། ཕྱི་ནང་འདྲེས་པའི་ལུས་ཀྱི་སྙིང་ལ་མངོན་པར་ཤེས་ལྡན་གྱིས་མཐོང་བའམ། སྔགས་འཆང་པས་སྒོམ་དུ་རུང་བའོ། །དང་པོ་དཔེ་ནི་དཀྱིལ་འཁོར་བྱང་ཤར་ནས། པདྨ་བཅུ་དྲུག་གི་འདབ་མ་ཅན་ནམ། འཁོར་ལོ་རྩིབས་བཅུ་དྲུག་པ་དཀར་པོའི་སྟེང་དུ་ཉི་མ་དམར་པོ་ལས། ལྟེ་བར་ཨ་དཀར་གཉིས་ཁ་སྦྱོར། མཐར་ཨ་བཅུ་དྲུག་དཀར་ཏེ་བཅོ་བརྒྱད་པོ་ཀུན་བཟང་ཡབ་ཡུམ་བཅོ་བརྒྱད་དང་། བླ་མ་གླུ་གསུང་པའི་གཟུགས་དེར་བྱོན་པ་བཅོ་བརྒྱད་ཀྱི་ངོ་བོར་དགོད། ཆོས་སྐུ་ཀུན་བཟང་། ལོངས་སྐུ་རྡོར་སེམས། སྤྲུལ་སྐུ་དགའ་རབ། སྡུད་པ་པོ་འཇམ་དཔལ་བཤེས་གཉེན་དང་བཞི་སྤྱི་ཁྱབ་བླ་མ་སྐུ་བཞིའི་ངོ་བོ་སྟེ། ཤྲི་སིང་ཧ་དང་བོད་ཀྱི་བླ་མ་དང་བཅས་པ་ལ། བརྒྱུད་པ་ཀུན་གྱི་ངོ་བོར་བུམ་པ་ཨ་དཀར་མཚན་པ་ཞིག་བཞུགས་གནས་སུ་བྱ། སྐུ་འདྲ་ཙཀ་ལི་དང་། ཐུགས་ཀྱི་གསང་མཚན་གསུང་རྟེན་གྱི་མཚན་དང་། མོས་རྟེན་གདུང་དབུ་སྐྲ འམ་ན་བཟའི་ཚལ་པར་བཅས་པ་དགོད། བུམ་རྫས་བླུགས་ལ། ཀུན་ཏུ་བཟང་པོ་ཡབ་ཡུམ་སྦྱོར་བའི་བྱང་སེམས་སུ་བསམ། རྒྱས་པར་གྲུབ་ན། པད་འཁོར་གྱི་མཐར་མར་སྙིང་དཀར་དམར་གྱི་ཤུན་པ་རྩ་བ་ཤར་རྩེ་མོ་ནུབ་ཏུ་བསྟན་པ་དང་། སྟེང་དུ་རྩ་རིས་དང་རྩེ་མོ་པད་གདན་ཉི་མ་དང་ཨ་ལ་རེག་པར་བྱའོ། །གློ་འབུར་རིགས་བཞི། གྲུ་ཆད་ནང་སེམས། གྲུ་ཆད་བརྒྱན་ཕྱི་སེམས། ཁྱམས་རྡོ་རྗེ་སེམས་དཔའ་ཡབ་དང་ཡུམ། ཐུབ་དྲུག་སྒོ་བ་དང་བཅས་པ། མུ་ཁྱུད་ནང་བཞི་རིས། ཕྱི་འོད་ཀོར། ཞིང་ཁམས་རྟ་བབས། ལག་ཆུ་རྡོ་ར་མེ་རི་མཐའ་རྒྱས་གྲུབ་བཞི་ལྕགས་རི་ཕྱོགས་མདོག་དང་བཅས་པ་བྱའོ། །ལས་གཞུང་ཀུན་བཟང་དོན་གྱི་ཕྲིན་ལས་ཀྱིས་གསལ་བཏབ། ཡི་དམ་གང་བྱེད་དང་ཞི་བ་བྱ། ཆོས་སྐྱོང་རིག་འཛིན་མཁའ་འགྲོ་དང་གཞི་བདག་བསྐང་། དད་བརྩོན་གུས་འདུན་བསྐྱེད། བླ་མ་ལ་གསོལ་བ་དྲག་ཏུ་གདབ། རྟོགས་པ་སྐྱེ་བའི་སླད་དུ་སྒྲིབ་སྦྱོང་ཡིག་བརྒྱ། ཚོགས་སོགས་མཎྜལ་བྱ། གཞུང་གོང་མ་ལྟར་སྟ་གོན་རབ་གནས་མཇུག་ཆོག་བྱས་ནའང་བཟང་ངོ་། །སྔོན་དུ་འགྲོ་བ་བསྟན་ཟིན་ཏོ། ༈ །ད་ནི་ཐ་མར་དངོས་གཞི་ལ། རྫོགས་པ་ཆེན་པོའི་སྐབས་སུ་དབང་བསྐུར། སེམས་བཟུང་། ངོ་སྤྲད། ལ་བཟླ། དེ་ལྟར་བཞི་པོ་དེ། མན་ངག་ཏུ་གསུང་གིན་གདའ་འོ། །སྙན་བརྒྱུད་ཡི་གེ་མེད་པ་ཨཐྎ། ༈ དང་པོ་སེམས་བཟུང་བ་ནི། དབང་ཆགས་པའི་རྟེན་གྱི་འདེབས་ཀས་བྱ་སྟེ། དབང་གསོ་བའི་སྙན་བརྒྱུད་ལས་འདི་སྐད་དུ། ཨ་ཏི་ཡོ་ག་ངང་སྒོམ་ཆེན་པོའི་ཐད་ཀར་སླེབ་སྟེ། དེ་ཡང་སྙིང་གི་དཀྱིལ་དུ་ཐིག་ལེ་དཀར་པོ་སྒོ་ང་ཙམ་ཞིག་སྒོམ། འོད་དེ་སྤྱི་གཙུག་ཚངས་པའི་བུ་ག་ན་ཡར་སྐར་མདའ་འཐོན་པའི་ཚུལ་དུ། དེ་ཐིག་ལེ་ཞིག་ལ་ཐིག་ཕྲན་བསམ་གྱིས་མི་ཁྱབ་པ་འཕྲོས་ནས། ཇེ་ཆེ་ཇེ་ཆེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཐམས་ཅད་ཁེངས་པར་བསམ། ཐིག་ཕྲན་ཐམས་ཅད་ཚུར་འདུས་ནས། ཐིག་ལེ་བཞི་པོ་ལ་ཐིམ་པས་ཐིག་ཕྲན་དང་བཞིའོ་གཉིས་སུ་མེད་པ། སྲས་བདེ་བ་ཆེན་པོའི་ངང་ལ་གནས་པར་བྱའོ། །ཞེས་བྱ་བ་ནི་ཀུན་ལ་གཅེས་པའི་གདམས་ངག་དབྱིག་ཏུ་འཆང་བའོ། །ཨཐྎ།། །།
༅། །སྭ་སྟི། ད་ནི་ངོ་སྤྲད་དེ། ཡིད་ཀྱིས་མ་བསླད་པར་གསལ་ལ་རྟོག་པ་མེད་པ་དེ་ཡེ་ཤེས་སོ། །ལུས་སེམས་ཕྱི་སྡམ། ཁོང་ཀློད་ཀྱིན་གདའ་ཙམ་གསལ་འདེབས་པའོ། །དཔེ་ནི་འདི་སྐད་དུ། སྒྱེག་མོ་མེ་ལོང་ལྟ་བ་བཞིན། །ཡང་ལྟ་ཡང་ལྟར་སེམས་ལ་ལྟོས། །སྤང་ལ་གཡང་མོ་སྐྱོང་བ་བཞིན། །ཡང་སྐྱོང་ཡང་སྐྱོང་སེམས་ལ་སྐྱོངས། །བྱིས་པ་སྒོང་ཚང་ཉུལ་བ་བཞིན། །ཡང་ཉུལ་ཡང་ཉུལ་སེམས་ལ་ཉུལ། །ཅེས་དང་། སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །ཞེས་བྱའོ། །ཡང་སྐབས་འདིར་གབ་པའི་དབང་ལེ་ལས་འདི་སྐད་འབྱུང་སྟེ། དེ་ནས་རྣལ་འབྱོར་མན་ངག་ངེས་པའི་དོན་ལ་མཁས་ཤིང་། ཡེ་ཤེས་ལྷུན་གྱིས་གྲུབ་པའི་རང་བཞིན་དུ་གྱུར་པས། རིག་པའི་རྒྱལ་པོ་རང་དབང་དུ་གྱུར་པ་དབང་བསྐུར་ཡང་མི་དགོས་མ་བསྐུར་ཡང་རྫོགས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། ལྷའི་རྒྱལ་པོ་གསེར་འགྱུར་ནི་གསེར་དུ་མ་བཏགས་ཀྱང་གཏེར་དུ་སྣང་ཞིང་། གསེར་གཞན་ལ་རྒྱ་སྟེས་སྤགས་ལ་གསེར་སྲང་གཅིག་ཟངས་སྲང་བརྒྱ་ལ་རེག་ཀྱང་གསེར་དུ་སྣང་བ་བཞིན། བདག་ཉིད་ཆེན་པོ་བྱང་སེམས་ཀྱི་དབང་དུ་གྱུར་ན། དབང་མ་བསྐུར་ཡང་ཐམས་ཅད་ཡེ་ནས་བྱང་སེམས་ཀྱིས་སངས་རྒྱས་པར་བསྐུར་ཞིང་། ཆོས་ཐམས་ཅད་ཡེ་ནས་ལྷུན་གྱིས་གྲུབ་པར་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་དབྱེར་མེད་ལ། སངས་རྒྱས་སེམས་ཅན་གཉིས་སུ་མེད་པའི་དབང་བསྐུར་ན་ཡིད་བཞིན་གྱི་ནོར་བུ་རང་ལ་ཇི་ལྟར་འདོད་པ་འབྱུང་བ་དང་འདྲ་བར་ཡེ་ནས་ཡངས་པ་ཆེན་པོའི་ཀློང་ལ། གང་ཡང་མི་དགོས་ཤིང་ཀུན་ཏུ་བཟང་པོ་ལ་ཅིར་ཡང་མི་རྟོག་པས། ལྟ་བ་ཡེ་འབྱམས་ཀྱི་དབང་བསྐུར་བའི་ཕྱིར་འདི་སྐད་གསུངས་སོ། །ཆོས་རྣམས་ཐམས་ཅད་ནམ་མཁའི་ཁམས། །དངོས་པོ་མཚན་མ་ཀུན་ལས་འདས། །དེ་ལ་མཁས་པས་བཅོས་སུ་མེད། །དེ་བཞིན་སེམས་ཀྱི་རྣམ་པ་ཀུན། །དེ་བཞིན་ཉིད་དེ་བཅོས་ལས་འདས། །འདི་ལྟར་ཡེ་ནས་ཡིན་རྟོགས་ན། །དབང་རྣམས་བསྐུར་ཀྱང་ག་ལ་དགོས། །སྟོང་གསུམ་མ་བཅོས་ཆོས་ཉིད་ཀློང་། །སྲིད་གསུམ་ཡེ་ནས་རྣམ་པར་དག །ཁམས་གསུམ་ཕྱག་རྒྱའི་དཀྱིལ་འཁོར་རྫོགས། །དུག་གསུམ་བདུད་རྩི་བྱང་ཆུབ་སེམས། །ལུས་ངག་ཡིད་གསུམ་ཡེ་ཤེས་ལྷ། །ཐམས་ཅད་སྐྱོན་མེད་ཡོན་ཏན་སྣང་། །བདེ་བ་ཆེ་ལས་གཞན་མེད་པས། །དབང་རྣམས་ཐམས་ཅད་མ་བསྐུར་རྫོགས། །སངས་རྒྱས་སེམས་ཅན་ཐམས་ཅད་ཀྱང་། །རྒྱུ་དང་འབྲས་བུ་ལ་སོགས་པ། །གཉིས་སུ་མེད་པར་ཡེ་ཤེས་པས། །བྱང་ཆུབ་སེམས་སུ་དབང་བསྐུར་ཡིན། །མིང་དང་ཚིག་དང་ཡི་གེ་དང་། །ཐེག་པའི་བྱེ་བྲག་ཐམས་ཅད་དང་། །དོན་དམ་གཅིག་པུ་སུས་ཤེས་པ། །བྱང་ཆུབ་སེམས་ཀྱི་དབང་ཐོབ་ཡིན། །བསྐལ་པ་གྲངས་དང་བགྲང་མེད་པར། །དེ་སྙེད་བྱེ་བ་གཅིག་འདས་ཀྱང་། དུས་གསུམ་འགྱུར་བ་མེད་ཤེས་ན། །བྱང་ཆུབ་སེམས་ཀྱི་དབང་ཐོབ་ཡིན། །ལས་དང་ལས་མིན་ལ་སོགས་པའི། །རྩོལ་མེད་བྱ་བ་ཅི་བྱས་ཀྱང་། །བྱང་ཆུབ་དོན་ལ་བརྩལ་མེད་པས། །སངས་རྒྱས་རྣམས་ཀྱིས་མ་བཙལ་བཤད། །ཉོན་མོངས་ལས་དང་སྡུག་བསྔལ་དང་། །འཛིན་རྟོག་མཚན་མ་ལས་རྣམས་ཀྱང་། །པདྨ་ཆུ་མི་འཆགས་པ་བཞིན། །བྱང་ཆུབ་སེམས་ལ་གོས་པ་མེད། །དབང་དང་དམ་ཚིག་ཐམས་ཅད་ཀྱང་། །དེ་བཞིན་ཕྲིན་ལས་བྱ་བ་ཀུན། །བྱས་ན་སྐྱོན་མེད་ལེགས་པའི་ལམ། །མ་བྱས་ན་ཡང་བྱང་ཆུབ་སེམས། །ཕྱི་ཉིད་ནང་ལ་ནང་ཉིད་ཕྱི། །སྣང་བ་ཐམས་ཅད་རང་རིག་འཆར། །བརྗོད་པའི་ཚིག་དང་ཡི་གེ་མེད། །སྐྱེ་ཤི་འཕོ་འགྱུར་རྟོག་པ་མེད། །དེ་བཞིན་མ་བཅོས་བྱང་ཆུབ་སེམས། །མ་བཙལ་བཞག་པས་གདོད་ནས་དག །འགྱུར་བ་མེད་པས་ལྷུན་གྱིས་གྲུབ། །འདི་ནི་ལྟ་བ་ཡེ་འབྱམས་དབང་། །ཞེས་ཉིད་ལ་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་དབང་རྣམ་པར་སྣང་མཛད་ཀྱི་ཐིག་ལེ་དབང་བསྐུར་རྒྱལ་པོའི་རྒྱུད་ལས། ལྟ་བ་ཡེ་འབྱམས་དབང་གི་ལེའུ་སྟེ་བརྒྱད་པའོ། ༈ །དེ་ནས་དམ་ཚིག་ཉམས་པ་མེད་པའི་དབང་ནི། ཐམས་ཅད་རང་གི་སེམས་ཡིན་པར་ཤེས་ཤིང་། །ཡེ་ཀུན་ཏུ་བཟང་པོར་སངས་རྒྱས་པ་ལ། །ཕྱོགས་རིས་དང་ཆེ་ཆུང་བསྒྲོ་བསྐུར་མེད་པར་ལུང་བསྟན་པར་རྟོགས་པས། དམ་ཚིག་ལ་ཉམས་པ་མེད་པས་དབང་ཡང་མ་ཐོབ་པ་མེད། སྤྱོད་པ་མ་སྤངས་ལྷུན་གྱིས་གྲུབ་པའི་དབང་ནི། ཅི་བྱས་ཅི་སྤྱད་འགྲོ་ལོག་སྤྱི་གཙུག་གང་བྱས་ཀྱང་། སྙིང་པོ་བྱང་ཆུབ་དོན་ལས་མ་རྟོགས་པས་གང་དུ་ཡང་འགྱུར་བ་མེད་པས། ནམ་མཁའ་མཚོན་གྱིས་མི་ཞེན་པ་བཞིན་དུ། སྤྱོད་པ་ཅི་སྤྱད་ཐམས་ཅད་སངས་རྒྱས་ཀྱི་མཛད་སྤྱོད་ལྷུན་གྱིས་གྲུབ་ལ་དབང་ཐོབ་བོ། ༈ །བསྒྲུབ་པ་མཐར་ཕྱིན་པའི་དབང་ནི། སྐྱོན་དང་ཡོན་ཏན་བདེ་བ་དང་སྡུག་བསྔལ་གཉིས་མེད། གཅིག་གི་རྒྱན་དུ་གཅིག་གྱུར་ཏེ་ཅི་བྱས་པ་ཆུད་མ་ཟོས་པར། འཁོར་བ་ཉིད་མྱ་ངན་ལས་འདས་པ་ཆེན་པོར་ལྷུན་གྱིས་གྲུབ་པར་ཐེ་ཚོམ་མེད་པར་ཡིད་ཆེས་པས་བསྒྲུབ་པ་མཐར་མ་ཕྱིན་པ་ཡང་མེད་ལ་དབང་ཡང་ཐོབ་བོ། ༈ །ཕྲིན་ལས་བྱ་བརྩལ་མེད་པའི་དབང་ནི། ཡེ་ནས་ཡེ་སངས་རྒྱས་པ་ཡིན་ན་སོལ་བ་དང་འདྲ་ལ་ཡེ་ནས་སངས་རྒྱས་ཡིན་པས་གསེར་དང་འདྲ་ལ། ཡིན་པའི་དོན་ལ་མ་ཡེངས་པར་སེམས་ཉིད་སངས་རྒྱས་ཉིད་ཡིན་པས། ཡིན་པའི་དོན་ལ་མ་ཡེངས་ཤིག །སེམས་ལ་མཐའ་དབུས་དང་སྐྱེ་འཆི་དང་འཕོ་འགྱུར་མེད་པ་ཡིན་པས་དེ་ལ་མ་ཡེངས་ཤིག །འཛིན་རྟོག་སྐྱོན་ཐམས་ཅད་མ་སྐྱེས་པའི་ཀློང་དུ་ཤེས་པས་འཁོར་བ་ཡང་མེད་ལ་དུ་ཁ་ཡང་སྟོབས། ཡོན་ཏན་ཡང་ཆེ་བས་མ་ཡེངས་ཤིག །དེས་ན་ཕྲིན་ལས་བརྩལ་དུ་ཡང་མེད་པས་དབང་ཡང་ཐོབ་བོ། ༈ །དབང་ནི་སངས་རྒྱས་ཀྱི་དབང་ངོ་། །ཡོད་ནི་རང་གི་སེམས་ལ་ཡོད་དོ། །ཐོབ་ནི་བླ་མ་དམ་ཚིག་མ་ཉམས་ན་ཐོབ་བོ། །མཐར་ནི་མ་ཡེངས་ན་ཕྱིན་པར་འགྱུར་རོ། །གྲུབ་ནི་ཅི་ལ་ཡང་མ་བཅོས་མ་སླད་མ་བཙལ་བས་གྲུབ་བོ། །དོན་ཐམས་ཅད་དགོངས་པ་ཉག་ཅིག་ཏུ་གཏུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་དབང་ངོ་། །ཞེས་གསུངས། ཕྱི་ཡུལ་དང་ནང་སེམས་གཉིས་མེད་པར་ཡེ་ཤེས་སུ་རང་གྲོལ་བ་ངོ་འཕྲོད་ནས། གསུམ་པ་དབང་བསྐུར་བ་ནི། དབང་གི་ལས་ཐོ་ལས། དོན་དམ་བྱང་ཆུབ་སེམས་ཆེན་པོ། བུ་མཆོག་དེ་ཡི་སྙིང་ལ་བཞག །ཅེས་པ་ལ་ཁ་ཅིག་ནས། ལྷ་དབང་ལུས་ལ་བསྐུར་བ། སྔགས་དབང་ངག་ལ་བསྐུར་བ། ཆོས་དབང་སེམས་ལ་བསྐུར་བ་ཞེས་བྱ་བ་ལགས་ཏེ། འདིར་ལུས་ལ་མི་ལྟོས་འདའ་ཀ་ཡེ་ཤེས། ངག་ལ་མི་ལྟོས་དབུགས་ཀྱི་རྒྱུན་དང་བྲལ་ཀྱང་། འཆར་སེམས་ལ་མི་ལྟོས་མི་རྟོགས་ཡེ་ཤེས་ལ་བྱུངས་འདེབས་པའམ། གསལ་འདེབས་རྩལ་འབྱིན་ལགས་སོ། །གཡུ་ཐང་ལས། འདི་སྐད་དུ། མིང་ལས་ཨ་ཏི་ལྟ་ཐེག །གདམས་ངག་ལས་རིག་པ་རྩལ་གྱི་དབང་བསྐུར་བའི་མན་ངག །དཔེ་རིན་པོ་ཆེ་གསེར་གླིང་དུ་ཕྱིན་པ་ལྟ་བུ་སྣང་སྲིད་ཆོས་སྐུར་མཐོང་། ཉོན་མོངས་པ་བླངས་གྱིན་ལྟ་འཇིགས་པ་དང་མི་གཙང་བ་དང་ཡུལ་བཟང་ངན་འགལ་རྐྱེན་ཐམས་ཅད་ལ། སེམས་ཡེངས་སུ་བཅུག་གིན་ལྟའོ། །གཉིས་མེད་ཡེ་ཤེས་རང་ཤར་བ་དེ་ལྟ་བ། དེའི་ངང་ལ་གནས་པ་དེ་སྒོམ་པ། དེ་དང་མི་འབྲལ་བ་དེ་སྤྱོད་པ། དེ་ལས་མི་འདའ་བ་དེ་དམ་ཚིག །ཅེར་ཅེར་ལྟ་ཏུར་ཏུར་དྲན་པར་བྱ་མི་དགོས་པ་དེ་གནད། མཚན་མར་འཛིན་བརྩོལ་རང་སར་གྲོལ་བ་དེ་སྲོག །རང་གི་མཚན་ཉིད་མ་རྟོགས་པར་ཚིག་ཕྱིར་འབྲེངས་ནས་སྤྱི་མཚན་དུ་ཤོར་ནས་རྡོལ་ཆོས་ལྷུག་པར་འཆོར་བའི་ཉེན་ཡོད་དེ་འཕྲང་ངོ་། །ཞེས་དང་དབང་དོན་འབྱེད་པ་ལས། གཉིས་མེད་དོན་དམ་བྱང་ཆུབ་སེམས། །བུ་མཆོག་དེ་ཡི་སེམས་ལ་བཞག །ཅེས་གསུངས་པ་དྲན་པའམ་ཀླགས་པ་ཉིད་ཀྱིས་གྲོལ་ཏེ། རྫོགས་པ་ཆེན་པོར་མ་ཟད། དུས་ཀྱི་འཁོར་ལོ་ལས། གང་གིས་རིག་པ་དེ་ནི་ཕྱུགས་མིན་སེམས་ཀྱི་ཀུན་ཏུ་རྟོག་པ་དག་ལས་གྲོལ། ཅེས་དང་། མདོ་སྡེ་ལས། ཐོས་པའི་བག་ཆགས་ཆུང་ངུ་དང་འབྲིང་དང་ཆེན་པོ་ཡང་ཐར་བའི་ས་བོན་དུ་ལྟའོ། །ཞེས་དང་། སྒོམ་ཆེན་གྱི་འདུག་ཚུལ་ནི་གདོན་མ་ཞུགས་པའི་རྟོག་པ་ལྟ་བུའོ། །ཉམས་ཀྱི་ལྟངས་ནི་ཤེས་བྱ་ཆིག་ཆོད་ཀྱི་ཉམས་འཆར་རོ། །ཞེས་སོ། །གཞུང་ལས། གང་གིས་གང་ལ་གང་བསྟན་པ། །ཅི་ཕྱིར༴ དགོས་པ་མཆོག་དང་ཡེ་གནས་པ། འདི་ནི༴ ནང་གི་གགས་དྲུག་བསྟན་པ་ཡིན། །ཞེས་པས། གང་གིས་བཀུར་བའི་སློབ་དཔོན་ནི། ཆོས་སྐུ་ཀུན་བཟང་ནས་བརྒྱུད་པ་སེལ་མེད་གཉེར་ལྡན་བཀའ་བབས་ཀྱི་བླ་མ་རང་གིས་ཞལ་མཐོང་རྩ་བ་ཉིད་ཡིན། རྩ་བའི་བླ་མ་ལ་གསོལ་བ་མ་བཏབ་ན་བརྒྱུད་པ་བར་ཆད་པས་བྱིན་བརླབས་ཆུང་དམ་པ་ཀུན་དགའི་སློབ་མས། རང་གི་རྩ་བའི་བླ་མ་བཞག་ནས་དམ་པ་རྒྱ་གར་ལ་གསོལ་བ་བཏབ། འདེབས་སུ་བཅུག་པ་དང་འདྲ་གསུང་། ༈ གང་ལ་བསྐུར་བའི་སློབ་མ་ནི། སྐལ་ལྡན་རྡོ་རྗེ་སེམས་དཔའ་ལ་སོགས་པ། དད་བརྩོན་བརྟུལ་ཞུགས་ཅན་སློབ་མའི་སེམས་ཉིད་ལ་བསྐུར་ཞེས་སྔོན་དུ་བསྟན་པ་ལྟར། ༈ གང་དུ་བསྐུར་བ་གནས་འོག་མིན་སོགས་གཏད་རྒྱར་ཤེས། ༈ དཀྱིལ་འཁོར་བཅའ་བ་དང་གང་བསྐུར་བའི་རིག་པ་རྩལ་དབང་ཡང་མཚུངས་སོ། །འོན་ཀྱང་ཤེས་བྱ་མཐའ་གཅོད་ཀྱི་རྒྱུད་ལས། ཆོས་ཉིད་བསམ་དུ་མེད་ལ་ལོངས་སྤྱོད་ཀྱང་། །འདུས་བྱས་དགེ་བའི་རྩ་བ་རྒྱུན་མི་བཅད། །ཅེས་གསུངས་སྐད་དེ། བླ་མས་གཙོ་བུམ་ཕྱག་ཏུ་བཞེས་ལ་འདི་སྐད་དུ། རྩལ་ཆེན་རྫོགས་པའི་དབང་ཡིན་པས། །རྫས་དང་ཚིག་དང་གང་ཟག་དང་། །ཀུན་རྫོབ་དབང་ལ་རག་མ་ལུས། །ཆོས་ལ་སེམས་ཀྱིས་དབང་བསྐུར་རོ། །བདེན༴ རིགས༴ སྐལ་ལྡན་བུ་ལ་གསང་དབང་རྫོགས་པའི་ཆུ་བོས་དོན་དམ་རྩལ་མེད་རྩལ་རྫོགས་ཀྱི་དབང་ཐོབ་པར་ཤོག ༈ ཡང་། རྒྱལ་བ་རིག་འཛིན་ཐམས་ཅད་དང་། །སྲིད་གསུམ་དབང་ཅན་ཐམས་ཅད་ཆོས། །སེམས་ཉིད་རྫོགས་པའི་དབང་བསྐུར་རོ། །རྫོགས་པ་ཆེན་པོའི་གདམས་ངག་བཤད། །ཅེས་ཨ་ཏིའི་དགོངས་པ་གཏད་ལ་སྨོན་པ། ཆོས་ཉིད་དངོས་པོ་མེད་པའི་ཡེ་སྟེང་འདི། །ལྟ་བ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཆོས་ཉིད་ཉམས་མྱོང་མེད་པའི་བདེ་སྟོང་འདི། །སྒོམ་པ་འདི་དང་མི་འབྲལ་འགྲོགས་པར་ཤོག །སེམས་ཉིད་འཆོས་པ་མེད་པའི་རང་སྟོང་འདི། །སྤྱོད་པ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཆོས་ཉིད་འགྱུར་བ་མེད་པའི་རྟོག་འདས་འདི། །འབྲས་བུ་འདི་དང་མི་འབྲལ་འགྲོགས་པར་ཤོག །ཇི་ལྟར་སྨོན་པའི་འབྲས་བུ་གྲུབ་པར་གྱུར་ཅིག །སྨོན་ལམ་གྱི་མཐུ་བཙན་པར་གྱུར་ཅིག །དེ་ཁོ་ན་ཉིད་ཀྱི་དོན་བློ་ལ་གནས་པར་གྱུར་ཅིག །ཅེས་བརྗོད་ལ། བླ་མ་ཞི་ཁྲོའི་དབང་བསྐུར་བྱིན་རླབས་ཀྱི་སྔགས་ཀྱིས་དབང་བུམ་གྱིས་དབང་བསྐུར་བྱིན་རླབས་བྱ། སྙིང་ཁར་སྟིམ་རེག་བྱའོ། །བུས་གསོལ་བ་བཏབ་པ། བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆི། །ཞེས་པ་ཁོ་ནས་མཛད་ཀྱིན་བདོག་འགོ་འཇུག་རྗེས་སུ། རྗེ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །རྗེ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། །རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། ། ཞེས་དུང་བ་ཞིག་བརྗོད་ནས་དེ་ཀ་ལ་ཕཊ་ཅེས་གསུངས་ནས་ལྷོད་དེ་བཞུགས། རྗེས་ནས་བླ་མ་སངས་རྒྱས་རིན་པོ་ཆེའི་གོ་འཕང་ཐོབ་པར་བསྔོ་བ་རེ་མཛད་ཀྱི་གདའ་ལགས། ཅིའི་ཕྱིར་བསྐུར་བ་གཏན་ཚིགས་རྒྱུ་མཚན་ལ། དཀྱིལ་འཁོར་གྱི་དོན་བཤད་དེ། བླ་མ་ཀུན་བཟང་ཡབ་ཡུམ་ཁོ་ན་ཉིད་ཀ་རིགས་ལྔའི་སྟེང་དུ། ཕྱོགས་བཞིའི་སེམས་དཔའ་ཞི་ཁྲོ་སྟེ་དགུའི་རྩལ་ཐུབ་པ་དྲུག་པ་དང་པཎ་ཆེན་ཉི་ཤུ་རྩ་གཅིག་དང་། རྩ་རྒྱུད་བླ་མའི་བར་དུ་གནས་འཁོར་ལོངས་སྤྱོད་དང་བཅས་པར་ཤར་བ་ཡིན་ནོ། །དེ་ལ་གཞི་དོན་གྱི་ཀུན་གཞི་དང་ཡུལ་ཆོས་ཀྱི་དབྱིངས་ནི། ཀུན་བཟང་རྡོར་སེམས་ཡབ་ཡུམ་ཡིན་ལ་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཡང་ཐེག་ཆུང་མར་ཆད་ལ་མི་སྨྲ་བར་དཀོན་མཆོག་ཅེས་གསང་ཞིང་། ཐེག་ཆེན་ལ་གཞི་ཡེ་སངས་རྒྱས་ཡོད་ཅེས་དང་། སྔགས་འཆང་ལ་ད་ལྟར་སངས་རྒྱས་ཡིན་ཞེས་པ་ནི་ཁྱད་པར་རོ། །སྦྱོར་བ་དོན་གྱི་ཀུན་གཞི་དང་ཡུལ་སྣོད་བཅུད་རྣམ་པར་སྣང་མཛད་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་གྱི། རྣམ་ཤེས་དང་ཡུལ་ཆོས་རིན་ཆེན་འབྱུང་ལྡན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས། ཉོན་མོངས་པ་ཅན་གྱི་ཡིད་དང་ཡུལ་ང་བདག་འོད་དཔག་མེད་ནི་སོ་སོར་རྟོག་པའི་ཡེ་ཤེས། སྒོ་ལྔའི་རྣམ་ཤེས་དང་། ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་དོན་ཡོད་གྲུབ་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས། མིག་ཤར་མེ་ལོང་། སྣ་ལྷོ་མཉམ་ཉིད། ལྕེ་ནུབ་སོར་རྟོག །རྣ་བ་བྱང་བྱ་གྲུབ། ལུས་སྒོ་བཞི་དབྱིངས་སུ་སྒྲོལ་བའི་ཡེ་ཤེས། ཀུན་གཞི་འདའ་ཀ་ཐུགས་ཀྱི་ཡེ་ཤེས། ཡིད་ཀུན་གཞི་དྲི་བྲལ་མི་གནས་ཁྱབ་པའི་ཡེ་ཤེས། ཡིད་སྟོང་པ་ཉིད། ཉོན་ཡིད་ཀློང་དུ་གྱུར་པའི་ཡེ་ཤེས་དང་། ཡེ་ཤེས་ལྔའམ་དགུ་པོ་ཡང་། སྣང་བ་ཆོས་དབྱིངས་ཡེ་ཤེས་དང་། རིག་པ་རང་བྱུང་ཡེ་ཤེས་ལ། ཨ་གཉིས་དབུས་ཀྱི་རྩ་མདུད་ལ། དེ་ལས་ཡེ་ཤེས་བཞི་ཡི་རྩ། དེའི་གཡས་གཡོན་ལ་གསུམ་གསུམ་མདུན་བརྒྱབ་ལ་རེ་རེ་བརྒྱད་ལ། ཕྱོགས་བཞིར་བཞི་ལྡན་གྱི་དགའ་བ་བཅུ་དྲུག་གི་རྩ་འདབ་ཕྱི་རྡུལ་ཚོན་དང་། ནང་ལུས་སྙིང་གསང་བ་སེམས་ཀྱི་དེ་ཁོ་ན་ཉིད་བླ་མའི་ཐུགས་ཀྱི་དཀྱིལ་འཁོར་ལ་བརྟན་པ་ཐོབ་པའི་ཕྱིར་དབང་བསྐུར་བའོ། །དགོས་པའམ་འབྲས་བུ་ནི། འཇིག་རྟེན་མཐོ་རིས་ནས། ཡི་གེ་འཁོར་ལོ་ཡེ་ཤེས་བླ་མའི་ས་ཐམས་ཅད་མཐར་ཕྱིན་པའི་ཕྱིར་གཅིག་ཤོས་ཀུན་གྲོལ་ལྟ་བའི་ཀློང་ཞེས་གསུངས་སོ། །བཞི་པ་ད་ནི་ལ་བཟླ་སྟེ། ཐག་བཅད་པ་རྡོ་རྗེ་སེམས་དཔའི་གཏོར་བཤགས་བྱ། དགོངས་ཉམས་བསྡུར་བའི་གླུ་བླངས་ཙཀ་ལིས་དབང་བསྐུར། བུམ་ཆུ་བཏུང་། ཁྲུས་བྱ། རྗེས་བྱ་བ་སངས་རྒྱས་པ་སྤྱི་དང་མཐུན། ཨ་ཏིའི་རྩལ་དབང་ཟུར་ཧྂ་ཤཱཀ་འབྱུང་ཟིན་བྲིས་ཀུན་ཕན་དགེ་བར་གྱུར་ཅིག །ཨཐྎ།། །།
༅། །ཀུན་བཟང་དོན་གྱི་ཕྲིན་ལས། ན་མོ་བུདྡྷ་བྷ་ཏྲ་མ་ཧཱ་ཨ་ཏི་ཡོ་ག །ཀུན་བཟང་དོན་གྱི་ཕྲིན་ལས་སྩལ་བ་མེད་པའི་དོན་ལ། ཧཱུྃ་མི་རྟོག་ཡེ་ཤེས་བགེགས་བསལ་ནས། །འདི་ལ་གང་ཞིག་འགལ་བྱེད་པ། །འཇིགས་པ་ཐམས་ཅད་དེ་ལ་ཡོང་། །སྔགས་འཆང་རྣམས་ཀྱིས་སྤོང་བར་འགྱུར། །བཛྲ་ཛྭ་ལ་རྂ། ༈ གཞི་ཉིད་མ་བཅོས་ལྷུན་གྱིས་གྲུབ་པ་ལ། །དགག་སྒྲུབ་གཉིས་སུ་ལྟ་བ་ཐང་རེ་ཆད། །བཟང་ངན་གཉིས་སུ་འཛིན་པ་ཉོན་རེ་མོངས། །མ་བཅོས་བྱང་ཆུབ་ཀློང་དུ་བཤགས་པར་བགྱིའོ། ༈ །ལྟ་བའི་རང་བཞིན་གཟའ་གཏད་མེད་པ་ལ། །གཟའ་གཏད་གཉིས་སུ་ལྟ་བ་ཐང་རེ་ཆད། །ཡུལ་སེམས་གཉིས་སུ་འཛིན་པ་ཉོན་རེ་མོངས། །རང་སེམས་བྱང་ཆུབ་ཀློང་དུ་བཤགས་པར་བགྱིའོ། ༈ །སྒོམ་པ་ཅོག་བཞག་དམིགས་གཏད་མེད་པ་ལ། །དམིགས་གཏད་གཉིས་སུ་ལྟ་བ་ཐང་རེ་ཆད། །བཞག་འཇོག་གཉིས་སུ་འཛིན་པ་ཉོན་རེ་མོངས། །ཅོག་བཞག་བྱང་སེམས་ཀློང་དུ་བཤགས་པར་བགྱིའོ། ༈ །སྤྱོད་པ་འཛིན་མེད་བླང་དོར་མེད་པ་ལ། །བླང་དོར་གཉིས་སུ་ལྟ་བ་ཐང་རེ་ཆད། །གཙང་སྨེ་གཉིས་སུ་འཛིན་པ་ཉོན་རེ་མོངས། །ལྷུག་པ་བྱང་སེམས་ཀློང་དུ་བཤགས་པར་བགྱིའོ། ༈ །དམ་ཚིག་སྲུང་མེད་འདའ་ཉམས་མེད་པ་ལ། །འདའ་ཉམས་གཉིས་སུ་ལྟ་བ་ཐང་རེ་ཆད། །བཤགས་གསོ་གཉིས་སུ་འཛིན་པ་ཉོན་རེ་མོངས། །སྲུང་མེད་བྱང་སེམས་ཀློང་དུ་བཤགས་པར་བགྱིའོ། ༈ །ས་ལམ་བགྲོད་མེད་རྩོལ་སྒྲུབ་འདས་པ་ལ། །བརྩོལ་བསྒྲུབ་གཉིས་སུ་འཛིན་པ་ཐང་རེ་ཆད། །བགྲོད་ཐོབ་གཉིས་སུ་ལྟ་བ་ཉོན་རེ་མོངས། །བགྲོད་མེད་བྱང་སེམས་ཀློང་དུ་བཤགས་པར་བགྱིའོ། ༈ །འབྲས་བུ་ཇི་བཞིན་ཡེ་སངས་རྒྱས་པ་ལ། །ཡངས་དོག་གཉིས་སུ་ལྟ་བ་ཐང་རེ་ཆད། །རྒྱུ་འབྲས་གཉིས་སུ་འཛིན་པ་ཉོན་རེ་མོངས། །ལྷུན་གནས་བྱང་སེམས་ཀློང་དུ་བཤགས་པར་བགྱིའོ། ༈ །མཆོད་གཏོར་ཕུད་རྣམས་བྱིན་གྱིས་བརླབས་པ་ནི། རྂ་ཡྂ་ཁྂ། ༀ་ཨཱཿཧཱུྃ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཧཱུྃ། མ་ཧཱ་བྷ་ལིན་ཏ་ཧཱུྃ། མ་ཧཱ་རཀྟ་ཧཱུྃ། བྷྲུྂ་སྭ། བྷྲུྂ་བི་ཤ་བི་ཤུདྡྷེ། ཛྙ་ན་རཏྣ་མཎྜལ་བྷྲུྂ། བྂ་པདྨ་མཎྜལ། མ་སུརྱ་མཎྜལ། ཨ་ཙན་ཏྲ་མཎྜལ། ཏྲྂ་རཏྣ་མཎྜལ། སིང་ཧ་ར་ཙ་ནན། སྟི་ར་བྂ། ཧཱུྃ་རྨད་འབྱུང་བྱང་ཆུབ་སེམས་ཀྱི་གནས། །གཞལ་མེད་ཁང་མཛེས་དེ་དག་ནི། །མེ་དང་འདྲ་བའི་འོད་གསལ་ཞིང་། །ཉི་མ་ཟླ་བའི་གདན་དང་འོད། །ཞིང་རྣམས་གདནསམ་ཆེན་གསལ་བ་དང་། །རིན་ཆེན་ལས་བྱང་ཤིན་ཏུ་སྣང་། །རང་གི་སྙིང་པོར་རང་བྱས་ལ། །བསམ་ཡས་ལྷུན་གྱིས་གྲུབ་པའི་སྐུ། །སངས་རྒྱས་མི་བསྒོམ་བདག་ཉིད་སྒོམ། །རང་གི་ལྷར་ནི་ཀུན་བཟང་བསྒོམ། །དུས་གསུམ་བཞུགས་པའི་སངས་རྒྱས་དང་། །རྡོ་རྗེ་འཆང་བའི་རྣལ་འབྱོར་དང་། །དཔལ་ཆེན་ཁྲག་འཐུང་མ་མོའི་ཚོགས། །གཞན་ཡང་རྣམ་པ་མང་པོའི་ཚོགས། །ལྷ་དང་ལྷ་མིན་རླུང་ལྷ་དང་། །གཤིན་རྗེ་ཀླུ་དང་ལྷ་རྣམས་དང་། །གནོད་སྦྱིན་སྲིན་པོ་འབྱུང་པོའི་ཚོགས། །དབང་མེད་དད་པས་འདུས་པ་དང་། །ལྷ་ཡི་ཚོགས་ཀྱིས་གང་བ་རྣམས། །རྣལ་འབྱོར་རང་རིག་ཆེན་པོ་ཡིས། །གསང་བའི་ལྷ་རྣམས་གཅིག་ཏུ་སྒོམ། །ཡེ་ཤེས་རང་འབྱུང་བྱང་ཆུབ་སེམས། །སངས་རྒྱས་ཐམས་ཅད་བདག་གིས་བྱས། །ཡེ་ཤེས་ལྷ་རྣམས་རང་ལས་བྱུང་། །འདི་ནི་རྨད་དུ་བྱུང་བའི་སྐུ། །གསང་བའི་དཀྱིལ་འཁོར་དམ་པ་ཡིན། །མི་གཡོ་བ་ནི་སྐུ་ཡི་རྒྱ། །མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །མི་ལེན་པ་ནི་བདག་མེད་ཅིང་། །མི་འདིར་ཚིག་བྲལ་མཉམ་ཉིད་དོ། །བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །སེམས་ནི་རྒྱ་ཆེ་མཆོག་ཏུ་རབས་བསྐྱེད་དེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མེད་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་ཆེན་མངའ་བའི་ལྷ། །དུས་ལས་མི་འདའ་ཐུགས་རྗེ་དབང་གིས་ན། །སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ། །ཡིད་ཀྱིས་དམིགས་ཤིང་སེམས་ཀྱིས་སྤྲུལ་པའི་གནས་འདི་རུ། རྒྱལ་བ་འཁོར་བཅས་སྤྱན་འདྲེན་གཤེགས་སུ་གསོལ། །སངས་རྒྱས་མི་གཤེགས་བདག་ཉིད་གཤེགས། །ལྷ་ཡང་གཞན་ནས་བོད་མི་དགོས། །བྱ་བ་མེད་པས་ལས་རྣམས་ཟིན། །ཨཱཻ་ཧ་ཧི་མ་ཧཱ་ཀ་རུ་ནི་ཀ་ཏྲི་ཤ་ཧོ། ས་མ་ཡ་ཧོ། ས་མ་ཡ་སྟོམ། ཛ་ཛ། བྷུདྡྷ་པད་ཏྲ་མ་ཧཱ་ཨ་ཏི་ཡོ་ག་ས་མ་ཡ་སྟོམ། ཛ་ཧཱུྃ་བྂ་ཧོ། ཏིཥྛ་བཛྲ། གང་ལ་སངས་རྒྱས་མཛད་པ་ཡི། །དོན་དེ་ལ་ཡང་ཕྱག་འཚལ་ལོ། །གང་གི་དོན་དུ་མཛད་པ་ཡི། །དོན་མཛད་དེ་ལའང་ཕྱག་འཚལ་ལོ། །ཕྱག་རྒྱ་མི་བསྐྱོད་ཡན་ལག་བསྐྱོད། །རང་བྱུང་མཆོག་གི་ཕྱག་རྒྱའོ། །རྣམ་པར་གྲོལ་བའི་ཕུང་པོ་ལྔ་ཡིས་མཆོད་པར་བྱའོ། །བདག་ལས་བྱུང་བའི་ཁུ་བ་ཡིས། །བདག་གིས་ལུས་ལ་རབ་བརྒྱན་ཏེ། །དངོས་གྲུབ་མཆོག་རྣམས་བདག་ལས་བྱུང་། །སྨན་མཆོག་ནད་སེལ་བདེར་འཚོ་བ། །དུག་གསུམ་སྨན་མཆོག་བྱང་ཆུབ་སེམས། །འཇིག་རྟེན་སྨན་མཆོག་འདི་ཡིན་ནོ། །ལྷུན་གྱིས་གནས་པ་མི་སྔོ་ཞིང་། །གདོད་ནས་དག་པའི་བདུད་རྩི་ཡིན། །བྷུདྡྷ་བྷ་ཏྲ་པཉྩ་ཨ་མྲྀ་ཏ་ཁ་ཧི། དུས་གསུམ་བཞུགས་པའི་སངས་རྒྱས་མན་ཆད་བསྡོམ་ཚིག་ཏུ་བྱའོ། །གཞན་འགྲེའོ། །མཆོད་པས་གཞན་ལ་མི་མཆོད་དོ། །བདག་ཉིད་ཀུན་གྱི་ལྷ་ཡིན་པས། །ཀུན་གྱི་མཆོད་པས་བདག་ལ་མཆོད། །ཀུན་སྤྱོད་ཡོན་ཏན་རྣམ་ལྔ་ཡང་། །ཆོས་ཉིད་དག་པའི་རྒྱན་དུ་གསུངས། །མི་བཟུང་གཏོར་བས་གཏོར་མ་ཡིན། །བུདྡྷ་བྷ་ཏྲ་མ་ཧཱ་བ་ལིན་ཏ་ཁ་ཧི། གང་གི་དོན་དུ་བྱས་པའི་དོན། །དེ་དག་བདག་ལ་འགྲུབ་གྱུར་ཅིག །གཞལ་ཡས་མེ་འོད་འབར་བ་ལྟར། །དོན་དེ་བདག་ཉིད་རིག་གྱུར་ཅིག །སངས་རྒྱས་ཀུན་དང་མཉམ་པ་ཡི། །སངས་རྒྱས་ཀུན་སངས་རྒྱས་གྱུར་ཅིག །སྙིང་པོ་མི་རྗོད་བདག་ཉིད་བརྗོད། །རང་གི་སྙིང་པོ་རང་སྔགས་ཀྱི། །གྲུབ་པའི་སྙིང་པོ་ཆུད་མི་ཟ། །འཛབ་དང་སྙེན་པ་དབུལ་མི་དགོས། །དངོས་གྲུབ་གཞན་ནས་མི་སློང་སྟེ། །མི་གསུང་མཉམ་བཞག་སྔགས་ཚིག་གོ། །ༀ་བུདྡྷ་བྷ་ཏྲ་མ་ཧཱ་ཨ་ཏི་ཡོ་ག་ས་མ་ཡ་སྟོམ། ཤབྟ་རུ་པ་ཨ་བོ་སུ་ཁ་དེ་བ་ཤི་ཤི། སངས་རྒྱས་པས་དང་སྔར་སངས་རྒྱས། །མི་ཤེས་དྲི་མ་ཡེ་ནས་མེད། །དཔལ་གྱི་རྣམ་རྒྱལ་དེ་བཞིན་དུ། །ལོངས་སྤྱོད་དབང་ཕྱུག་དཔལ་དང་མཉམ། །རྡོ་རྗེ་ཉི་མའི་གཟི་བརྗིད་དང་། །མདོག་སྡུག་ཤིན་ཏུ་འབར་བ་ཡི། །བཞད་ཅིང་དམ་དུ་མཛད་པ་ཡི། །དགའ་མགུ་རངས་པ་རྣམས་སུ་འགྱུར། །པདྨ་བཞད་པའི་ཆོས་ཀུན་གྱི། །རྟོགས་མཛད་སངས་རྒྱས་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་འདིས་མཉེས་གྱུར་ཅིག །སྐད་ཅིག་གཅིག་ལ་རྟོགས་གྱུར་ཏེ། །སྙིང་པོ་བྱང་ཆུབ་ཉིད་དུ་འགྱུར། །རྡོ་རྗེའི་གདན་ལ་ཡང་སངས་རྒྱས། །སྐུ་མེད་ཆོས་ཀྱི་སྐུ་ནི་སྟོང་གསུམ་ཟིལ་གྱིས་གནོན། །གསུང་མེད་རིག་པའི་གསུང་གིས་བསྟན་པ་རྒྱས་པར་སྒྲོགས། །རྟོགས་མེད་ཡེ་ཤེས་ཐུགས་ཀྱིས་ཅིར་ཡང་ས་ལེ་མཁྱེན། །སྟོན་པ་ཀུན་ཏུ་བཟང་ལ་ཕྱག་འཚལ་བསྟོད། །ཆོས་ཀྱི་དབྱིངས་ནི་ནམ་མཁའི་མཐའ་དང་མཉམ། །བྱང་ཆུབ་རྙེད་དཀའ་རང་ལ་ཡོད་བཞིན་དུ། །གསང་བའི་སྙིང་པོ་གང་ལ་གནས་པ་ན། །དམ་ཅན་རྒྱ་མཚོ་རྣམས་ཀྱང་དེ་ན་གནས། །ཐུགས་རྗེ་རྒྱ་མཚོའི་ཡོན་ཏན་ཀུན་ལ་ཁྱབ། །ལྷ་དང་ཀླུ་ཡང་བདེན་པའི་བཀའ་ཉན་ཏོ། །མཉམ་པས་རིམ་པ་བཀོད་པ་མེད། །གཅིག་པས་ཕྱོགས་སུ་སྔོ་དང་བྲལ། །ཚོགས་ཀྱི་བརྒྱན་རྣམས་བཀྲམ་པ་དང་། །རང་བཞིན་གནས་པས་འབྲི་བ་མེད། །ཡིད་ཀྱིས་བསམས་པའི་ཡོན་བདག་སྟེ། །ལྟས་པའི་སྟོབས་ནི་བཀྲམ་པའོ། །ཧཱུྃ་རྣམ་པར་རྟོག་མེད་དུས་གསུམ་རྒྱལ་བའི་ཐུགས། །ཉོན་མོངས་ཞེན་པའི་དབང་གི་རང་འཐད་ཀྱང་། །དོན་རྟོགས་གསལ་བའི་སྐྱེས་བུ་གཉིས་སུ་མེད། །ཆོས་ཉིད་ལྷ་མོ་ལྷ་ངེར་གསལ་བའོ། །ཆོས་ཉིད་མཉམ་པའི་ངང་དུ་ཐམས་ཅད་གཅིག །བདེ་ཆེན་རྒྱལ་པོ་ལྷུན་གྲུབ་ལ། །ལྷུན་གྲུབ་མཐར་ཕྱིན་མཆོད་པར་བཞེས། །བུདྡྷ་བྷ་ཏྲ་ཁ་ཧི་ཞེས་པ་ལ་སོགས་འགྲེའོ༴ ལྷག་མ་མེད་པར་ཡོངས་སུ་རྫོགས། །འགྱུར་བ་མ་ཡིན་དྲང་པོར་གནས། །ནམ་མཁའ་བཞིན་དུ་མཐའ་མཉམ་ཞིང་། །གཞལ་ལ་ལྟོས་འགྱུར་ཆོས་མ་ཡིན། །བླ་མ་མཆོད་དང་རྟོགས་པ་དང་། །དེ་བཞིན་བསོད་ནམས་ཐམས་ཅད་དང་། །མ་ཆགས་མི་གཡོའི་སྟོབས་མེད་ན། །བྱས་ན་འཆིང་བ་ཆེན་པོར་འགྱུར། །ཀུན་བཟང་དོན་གྱི་ཕྲིན་ལས་དགོངས་པའི་གསལ་འདེབས་རྫོགས་སོ།། །།
༅། །མདོའི་གསོལ་འདེབས་སུ་འདུག་པ། ན་མོ་གུ་རུ་བྷེ། མདོ་རྫོགས་པ་ཆེན་པོ་ལ་གསོལ་བ་གདབ་པར་བྱ་སྟེ། བླ་མ་རྣམས་བསྐྱེད་རྫོགས་གསུམ་གྱི་ངོ་བོ་ཡིན་ནོ། །སེང་གེ་བརྒྱད་འཇུག་བསྣོལ་གྱིས་བཏེག་པའི་ཁྲི། ཉི་ཟླ་པདྨའི་གདན་སྟེངས་ན། །དྲིན་ཅན་རྩ་བའི་བླ་མ་ཉིད། །ན་བཟའི་བརྒྱན་ཁྱད་པར་དུ་འཕགས་པས་བརྒྱན་པ་ལ། བརྒྱུད་པའི་བླ་མ་དང་། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཉན་ཐོས་རང་རྒྱལ་མཁའ་འགྲོ་དཔའ་བོ་ཆོས་སྐྱོང་སྲུངས་མ། གཉེན་བཤེས་ལོངས་སྤྱོད་དང་སེམས་ཀྱི་ཞེན་འཕྲོའི་ཆོས་ཐམས་ཅད་བསྟིམས་ལ་གསོལ་བ་གདབ་པར་བྱ་སྟེ། མན་ངག་རྫོགས་པ་ཆེན་པོ་ཨ་ཏིའི་བརྒྱུད་པ་ནི། ཀུན་བཟང་རྡོར་སེམས་འཇམ་དཔལ་དགའ་རབ་དང་། །འཇམ་དཔལ་བཤེས་གཉེན་རྒྱལ་པོ་དྷ་ན་ཏ། །སྲས་པོ་ཐུ་བོ་སྲས་མོ་ས་ར་ནི། །ཀླུ་རྒྱལ་འཇོག་པོ་གནོད་སྦྱིན་བྱང་ཆུབ་དང་། །ཨ་ར་ལི་དང་ཀུ་ཀུ་འབུ་ཏ་ཤྲི། །འབུ་ཏ་ས་མ་མ་ཧཱ་ར་ཛ་དང་། །གོ་མ་དེ་ཕྱི་བློན་པོ་ཨ་ལོ་ཀེ། །མ་ཧ་ར་ཛ་དྲང་སྲོང་བྷ་ཤ་ཏི། །བདག་ཉིད་མ་དང་ཀླུ་གྲུབ་ཀུ་ཀུ་རི། །དགྱེས་པ་རྡོ་རྗེ་འཇམ་དཔལ་བཤེས་གཉེན་ཕྱི། །དགེ་བསྙེན་ལེགས་དང་དྷརྨ་ར་ཛ་དང་། །འབུ་ཏ་ཀུག་ཏ་ཤྲི་སིང་ཧ་དང་། །བྷི་མ་ལ་དང་དགེ་སློང་ཀུན་དགའ་མ། །བཻ་རོ་ཙ་ན་གཡུ་སྒྲ་སྙིང་པོ་དང་། །ཛྙ་ན་ཀུ་མ་སོག་པོ་དཔལ་ཡེ་དང་། །སངས་རྒྱས་ཡེ་ཤེས་རྫོགས་ཆེན་མདོ་ལུང་བརྒྱུད། །སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ཞིང་། །རྩེ་གཅིག་གདུང་བའི་སྟོབས་ཀྱིས་གསོལ་འདེབས་ཀྱིས། །ཐུགས་རྗེ་ཆེན་པོའི་ཞགས་པས་རྗེས་བཟུང་ལ། །སྐུ་གསུང་ཐུགས་ཀྱི་དབང་བསྐུར་བྱིན་གྱིས་བརློབས། ༈ །ལུང་ཆེན་རྗེས་སུ་ཆགས་པའི་ཨ་ནུ་ཐེག་པ་རིམ་པའི་བརྒྱུད་པ་ནི། ཀུན་བཟང་རྡོར་སེམས་རྒྱལ་སྲས་སེམས་ཁྲོ་དང་། །དམ་པའི་རིགས་ཅན་ལྔ་དང་རྒྱལ་པོ་ཛ། །ཨུ་པ་ར་ཛ་སྤུ་གྲི་རྣམ་གསུམ་དང་། །ཀུ་ཀུ་ར་ཛ་ཕྱི་མ་རི་ས་དང་། །རོ་ལངས་བདེ་བ་རྡོ་རྗེ་བཞད་པ་དང་། །ཟ་ཧོར་རྒྱལ་དང་ཤཱཀྱ་རྣམ་གསུམ་དང་། །ཧཱུྃ་མཛད་རྡོ་རྗེ་སྟི་ར་མ་ཏི་དང་། །བདེ་བ་གསལ་མཛད་ཤཱཀྱ་བྷོ་དྷེ་དང་། །མཁན་པོ་ཆོས་བདག་རྒྱལ་བ་དྷ་ར་དང་། །བྲུ་ཞ་ཆེ་བཙན་སངས་རྒྱས་ཡེ་ཤེས་དང་། །སྒོ་གསུམ་གུས་པ་ཤེས་མདོ༴ ༈ རྒྱུད་ཆེན་མ་ཧཱ་ཡོ་ག་ཐེག་པ་རིམ་པའི་བརྒྱུད་པ་ནི། ཀུན་བཟང་རིགས་ལྔ་སྤྱན་རས་གཟིགས། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་མི། །ཀུ་ཀུ་ར་ཛ་ཨིན་ཏྲ་བོ་དེ་ཛ། །ཤཱཀྱ་སུ་ཏྲི་སིང་ཧ་ཨུ་པ་ར། །སྲས་མོ་གོ་མ་མེ་ཏྲི་ཀ་མ་ལ། །འཛི་ན་མི་ཏྲ་རྡོ་རྗེ་བཞད་པ་དང་། །མི་འབྱེད་སེང་གེ་སྟི་ར་མ་ཏི་དང་། །བདེ་བ་གསལ་མཛད་ཤཱཀྱ་བོ་དེ་དང་། །ཤཱཀྱ་དྷེ་བ་རྡོ་རྗེ་སྒྱེག་པ་དང་། །ཆོས་བློན་དྷེ་བ་མཁན་པོ་ཆོས་རྒྱལ་སྐྱོང་། །སངས་རྒྱས་ཡེ་ཤེས་མ་ཧཱ་ཡོ་གའི་བརྒྱུད། །མདོ་ལུང་ཁྱད་པར་ནང་པ་ཐབས་ཀྱི་ཐེག །སྒོ་གསུམ་མཐུན་མོད༴ ༈ ཡོན་ཏན་རྒྱ་མཚོ་ཡེ་ཤེས་རྒྱ་མཚོ་དང་། །བློ་གྲོས་བྱང་ཆུབ་ཐོ་དཀར་ནམ་མཁའ་སྟེ། །ཟུར་ཆེན་ཟུར་ཆུང་ཀ་བཞི་གསང་བདག་དང་། །གླན་སྟོན་ཤཱཀ་བཟང་ཤཱཀྱ་བྱང་ཆུབ་དང་། །འགར་སྟོན་གཟུང་ངེ་སྲོག་སྟོན་རྡོ་རྗེ་རྒྱལ། །གླན་སྟོན་རྡོར་འོད་གླན་སྟོན་བསོད་རྒྱལ་དང་། །སྡོང་པོ་ཀུན་རིན་དཔལ་ལྡན་ཆོས་སེང་དང་། །སངས་རྒྱས་དཔལ་དང་གླན་སྟོན་བསོད་ནམས་མགོན། །བླ་མའི་མཆོག་གྱུར་བསམ་གྲུབ་རྡོ་རྗེ་ཡིས། །ཟུར་ཧཱྂ་ཤཱཀྱ་འབྱུང་ལ་བཀའ་དྲིན་མཛད། །ལུགས་མང་ཀུན་འདུས་མདོ་ལུང་ཆོས་ཀྱི་བརྒྱུད། །སྒོ་གསུམ་གུས་མཐུན་པ་ཨ། ༈ སློབ་དཔོན་གིང་ཀ་ར་སོགས་མཚན་ཉིད་རྒྱུའི་ཐེག །ཀླུ་གྲུབ་ཙན་ཏི་ཀ་སོགས་ཀྲི་ཡའི་ཐེག །པདྨ་ཀུ་མ་ཏི་སོགས་ཡོ་གའི་ཐེག །སློབ་དཔོན་དགའ་རབ་རྡོ་རྗེའི་སློབ་དཔོན་ཏེ། །ཕྱི་དབང་བརྒྱ་རྩའི་བླ་མ་རྩ་བརྒྱད་ལ། །སྒོ་གསུམ༴ ༈ བླ་མ་མྱང་ཆེན་དཔལ་ལྡན་རྡོ་རྗེ་དང་། །བླ་མ་ཟུར་ཆེན་ཤཱཀྱ་བཟང་སོགས་ཀྱིས། །མདོ་དབང་ཆོས་སྐོར་ཕྱག་བཞེས་དུ་མ་ཡིས། །ཟུར་ཧཱྂ་ཤཱཀྱ་འབྱུང་ལ་བཀའ་དྲིན་མཛད། །བསྟན་པའི་མཛོད་འཛིན་ཆོས་ཀྱི་མངའ་བདག་རྗེ། །འདྲན་གྱི་ཟླ་མེད་སངས་རྒྱས་གཉིས་པ་དེས། །བུ་སློབ་ཐ་ཆུང་སུ་གྱུར་བྱང་ཆུབ་རིན་ཆེན་དང་། །བོ་དེ་མ་ཏི་གཉིས་ལ་བཀའ་དྲིན་མཛད། །བླ་མའི་གྲོགས་མཆེད་སློབ་འབྲེལ་ཐམས་ཅད་ལ། །སྒོ་གསུམ་གུས་པའི་ཞེས་སོགས་མཐུན༴ དེ་ལྟ་བུའི་གསོལ་འདེབས་འདི་བདག་ཤཱཀྱ་འབྱུང་གནས་ཀྱིས་སྔོན་གྱི་ཚིག་ལ་འཕྲོ་མཐུད་དེ་གསོལ་བ་བཏབ་པའོ། །དགེ་བས་བསྟན་རྒྱས་འགྲོ་ཕན་བྱང་ཆུབ་ཤོག །
༅། །ན་མོ་གུ་རུ། རྫོགས་པ་ཆེན་པོ་ལ་གསོལ་བ་གདབ་པར་བྱ་སྟེ། བླ་མ་རྣམས་བསྐྱེད་རྫོགས་གསུམ་དང་ཐེག་དགུའི་ངོ་བོ་ཡིན་ཏེ། ལུང་ལས། ཆོས་དཀོན་མཆོག་གི་འབུལ་བ་ནི་ཆོས་སྨྲ་བ་རྣམས་ལ་དབུལ་ཅེས་དང་། སྙིང་པོ་ལས། ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །ཞེས་དང་། གང་ཟག་སྤངས་ན་ཆོས་སྤོང་བར་འགྱུར་བ་ནི་ཆོས་ལྡན་ཆོས་ཤེས་ཏེ་མཆོད་ནའང་ཆོས་མཆོད་པར་འགྱུར་ཅེས་གསུང་། ༈ དེའང་སེང་གེ་བརྒྱད་ལ་སོགས་པས་བཏེགས་པའི་ཁྲི་རིན་པོ་ཆེ་ལ་པདྨ་ཉི་ཟླ་བརྩེགས་པ་ནི། མི་འཇིགས་པ་བཞི་ལ་སོགས་པ་བླ་མ་ལ་ལྡན་པར་མོས་པ་དང་། རང་ཡང་དེ་ལྟ་བུ་ཐོབ་པར་བྱ་བའི་ཆེད་དུའོ། །རྩ་བའི་བླ་མ་ཉིད། རྒྱན་ཁྱད་དུ་འཕགས་པའི་ན་བཟའ་དང་། ཡི་དམ་དཀྱིལ་འཁོར་གྱི་གཙོ་བོ་དང་། དཀོན་མཆོག་གསུམ་གྱི་ངོ་བོ་རྩ་བར་གནས་པ་ལ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། ཉན་ཐོས་རང་རྒྱལ་ལྷ་མིའི་གཙོ་བོ་ཡང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུངས་མ་དང་། །གཉེན་བཤེས་ལོངས་སྤྱོད་སེམས་ཀྱི་ཞེན་འཕྲོའི་ཆོས་ཐམས་ཅད་བསྟིམས་ལ་གསོལ་བ་གདབ་སྟེ། དེ་ལ་དང་པོ། ཇོ་བོ་སངས་རྒྱས་ཡེ་ཤེས་ཀྱི་རིག་འཛིན་བརྒྱ་རྩ་བརྒྱད་དུ་བཤད་པའི་དང་པོ་རྫོགས་ཆེན་ཤིན་ཏུ་རྣལ་འབྱོར་ཏེ། ཨ་ཏི་ཡོ་ག་མན་ངག་ལ་བརྒྱུད་པ་ནི། རྒྱལ་བ་སྐུ་གསུམ། མཁས་པ་ཉི་ཤུ་རྩ་ལྔ། བོད་ཀྱི་ས་བོན་བཞི་སྟེ་སུམ་ཅུ་རྩ་གཉིས། ཡང་སྤྲུལ་དགའ་རབ་དང་བི་མ་ལ་དང་རྒྱ་བོད་འདྲེས་པ་བཞི་སྟེ་སོ་བརྒྱད་མཆིས་པ་འདི་སྐད་དུ། ༈ ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས། །སྤྲུལ་སྐུ་འཇམ་དཔལ་བཀའི་སྡུད་པ་པོ། །ཡང་སྤྲུལ་སློབ་དཔོན་དགའ་རབ་རྡོ་རྗེ་སྟེ། །རྒྱལ་བ་དགོངས་པ་བརྒྱུད་པ་ཐམས་ཅད་ལ། །སྒོ་གསུམ་དང་བའི་སྒོ་ནས་ཕྱག་འཚལ་ཞིང་། །རྩེ་གཅིག་གདུང་བའི་སྟོབས་ཀྱིས་གསོལ་འདེབས་ཀྱིས། །ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་རྗེས་བཟུང་ལ། །སྐུ་གསུང་ཐུགས་ཀྱི་དབང་བྱིན་དངོས་གྲུབ་སྩོལ། ༈ །འཇམ་དཔལ་བཤེས་གཉེན་རྒྱལ་པོ་དྷ་ན་ཏ། །སྲས་པོ་ཐུ་བོ་ར་ཛ་སྲས་མོའི་མཆོག །ས་ར་ནི་དང་ཀླུ་རྒྱལ་འཇོག་པོ་དང་། །གནོད་སྦྱིན་བྱང་ཆུབ་གཟུངས་མ་ཨ་ར་ལི། །ཀུ་ཀུ་ར་ཛ་གཟུངས་མ་བུདྡྷ་ཤྲི། །གཟུངས་མ་བུདྡྷ་ས་མ་ཏི་དང་ནི། །ཨོ་རྒྱན་མ་ཧཱ་ར་ཛ་སྲས་གོ་མ། །སློབ་དཔོན་ཨ་ལོ་ཀེ་དང་ཀུ་ཀུ་ཕྱི། །མཁན་པོ་ཆེན་པོ་སྒེག་པ་རྡོ་རྗེ་དང་། །དྲང་སྲོང་བྷ་ཤ་གཟུངས་མ་བདག་ཉིད་མ། །ཀླུ་གྲུབ་སྙིང་པོ་དེ་བ་ར་ཛ་དང་། །འཇམ་དཔལ་བཤེས་གཉེན་ཕྱི་དང་དགེ་བསྙེན་ལེགས། །དྷརྨ་ར་ཛ་སངས་རྒྱས་གསང་བ་དང་། །ཤྲི་སིང་ཧ་ཀུན་དགའ་དགེ་སློང་མ། །བི་མ་མི་ཏྲ་དང་བཅས་ཉི་ཤུ་དྲུག །རྒྱ་གར་མཁས་གྲུབ་བླ་མ་ཐམས་ཅད་ལ། །སྒོ་གསུམ་ཞེས་པ་ཚིག་བཞི་གོང་གིས་འགྲེའོ། །བྷི་མ་ལ་མི་ཐེ་བ་ཉེར་ལྔ་དང་། བྷི་མ་ལ། ཤྲི་སེང་ཧ། ཀུན་དགའ་དང་གསུམ་མ་ཐེ་བས་ཉེར་གསུམ་དང་། ཀུ་ཀུ་ཕྱི་མ་དེ་བཞག་པས་མཁས་གྲུབ་ཉི་ཤུ་རྩ་གཅིག་ཏུ་གཏད་རྒྱ་ལས་བཤད། བཻ་རོ་ཙ་ན་རྒྱལ་པོ་གཡུ་སྒྲ་དང་། །ཡེ་ཤེས་གཞོན་ནུ་སོག་པོ་དཔལ་ཡེ་དང་། །སངས་རྒྱས་ཡེ་ཤེས་རིན་ཆེན་ལ་སོགས་ཀྱི། །བོད་ཀྱི་ས་བོན་བླ་མ་ཐམས་ཅད་ལ། །སྒོ་གསུམ་འགྲེ༴ ༈ མཁས་གྲུབ་བཅུད་འདུས་སློབ་དཔོན་པདྨ་དང་། །རྒྱལ་མཆོག་དབྱངས་དང་སངས་རྒྱས་ཡེ་ཤེས་དང་། །མཁས་གྲུབ་བཅུད་ཐོབ་སློབ་དཔོན་ཧཱུྃ་ཀ་ར། །ནམ་མཁའ་སྙིང་པོ་སངས་རྒྱས་ཡེ་ཤེས་དང་། །རྒྱ་བོད་བཀའ་བབས་བླ་མ་ཐམས་ཅད་ལ། །སྒོ་གསུམ༴ དེས་རིག་འཛིན་སུམ་ཅུ་རྩ་བརྒྱད་ཚང་བའོ།། །།
༅། །ད་ནི་རྗེས་སུ་ཆགས་པའི་རྣལ་འབྱོར་ཨ་ནུ་ཡོ་ག་ལུང་གི་ཐེག་པ་རིམ་པ་དགུ་ཚོགས་ཆེན་འདུས་པ་མདོ་ལྟར་གྱི་བརྒྱུད་པ་ནི། ཏན་ཏྲ་སྡེ་ཉི་ཤུ་རྩ་གསུམ་མྃ། ཏན་ཏྲ་སྡེ་ཉི་ཤུ་རྩ་ལྔ་ཡང་སྤྱི་ཐེམས་དགོངས་པ་འདུས་པ་དང་བཅས་པ་དེ་ཉིད། གསང་བདག་དེས་རྒྱལ་པོ་ལུང་བསྟན་རྡོ་རྗེ་ལ་བསྟན་ཅིང་། ལི་ཙ་དང་ཡང་མཇལ་བ་དང་། ལུང་བསྟན་བརྙེས་པས་ཀུ་ཀུ་ར་ཛ་བར་དུ་མི་དགོས་པར་མཛད་ལ། རྒྱུད་མ་ཧཱ་ཡོ་ག་ལྟར་དུ་ཏན་ཏྲ་སྡེ་བཅོ་བརྒྱད་ཀྱང་དགེ་སློང་ཀུ་ཀུ་ར་ཛས་རྒྱལ་པོ་ཛ་ཨིན་དྲ་བོ་དྷི་ལ་བསྟན་ཅེས་ཀུ་ཀུ་ར་ཛ་དགོས་པར་མཛད། འདིར་ཨ་ནུའི་གཏད་རྒྱ་ལས་འདི་སྐད་དུ། ༈ ཆོས་སྐུ་ཀུན་བཟང་ལོངས་སྐུ་རིགས་ལྔ་དང་། །རྒྱལ་བ་ཞི་ཁྲོ་རྒྱལ་སྲས་སེམས་དཔའ་དང་། །བཀའ་བསྡུད་རིགས་གསུམ་སྤྲུལ་སྐུ་ཐུབ་པ་དྲུག །རྒྱལ་བ་དགོངས་བརྒྱུད་བླ་མ་འཁོར་བཅས་ལ། །སྒོ་གསུམ་གུས་པའི་སྟོབས་ཀྱིས་འགྲེ། ༈ ལྷ་དང་ཀླུ་དང་གནོད་སྦྱིན་རིག་འཛིན་དང་། །ལྷ་མི་གཉིས་ཀའི་རིག་འཛིན་ཉེར་ལྔ་ལ། །སྒོ་གསུམ༴ ལྷ་ནི་འཇམ་དཔལ་རྡོ་རྗེ་རྣོན་པོ་དང་། །གྲགས་ལྡན་ཆོས་སྐྱོང་རིན་ཆེན་འོད་འབར་དང་། །སྐྱེ་དགུའི་བདག་པོ་ཚངས་དང་ཚངས་ཀུན་གྲོལ། ། ཚངས་པ་གཙུག་ཕུད་འཛིན་དང་བརྒྱ་བྱིན་བདུན། །ཀླུ་ནི་ཆུ་བདག་སྤྱན་རས་གཟིགས་དབང་དང་། །གྷྲི་ན་ནག་པོ་ཀླུ་སྲིན་ཁས་འདུལ་མ། །ཀླུ་མོ་འདུལ་ཚངས་དགའ་བོ་འཇོག་པོ་དྲུག །གནོད་སྦྱིན་ལས་ནི་ཕྱག་རྡོར་གོས་སྔོན་དང་། །གནོད་སྦྱིན་ཀུན་བཟང་ལག་ན་རྡོ་རྗེ་དང་། །གྲགས་ལྡན་ཆོས་སྐྱོང་སྐར་མདའ་གདོང་དང་ལྔ། །གཉིས་ཀ་ལས་ནི་གསང་བའི་བདག་པོ་དང་། །ལྷ་ལས་གྲགས་ལྡན་མཆོག་སྐྱོང་ཀླུ་འཇོག་པོ། །བར་སྣང་ལྷ་སྲིན་བདག་པོ་གནོད་སྦྱིན་སྐར་མདའ་གདོང་། །སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུའང་མིའོ། །མི་དགེ་བསྙེན་ལི་ཙ་དྲི་མེད་གྲགས། །ཉེར་ལྔ་འཁོར་ཚོགས་ཚོམ་བུ་འབུམ་ཕྲག་བཅས། སྒོ་གསུམ༴ ༈ མི་ཡི་རིག་འཛིན་ཉི་ཤུ་འདི་སྐད་དུ། །གསང་བདག་ཕྱག་རྡོར་སྐལ་ལྡན་རྒྱལ་པོ་ནི། །ཛ་ཞེས་རྒྱལ་པོ་ལུང་བསྟན་རྡོ་རྗེ་དང་། །ཨུ་པ་ར་ཛ་དེ་སློབ་གསུམ་མམ་བཞི། །སྲས་ནི་ཨིན་ཏྲ་ཤཱཀྱ་སུ་ཏྲི་དང་། །ན་ག་སུ་ཏྲི་འགུ་ཡ་སུ་ཏྲི་གསུམ། །སིང་ཧའི་རྒྱལ་པོ་སིང་ཧ་སུ་ཏྲི་བཞི། །ཤཱཀྱ་ཀུ་ཀུ་ར་ཛ་ཕྱི་མ་དང་། །རོ་ལངས་བདེ་བ་རྡོ་རྗེ་བཞད་པ་དང་། །ཟ་ཧོར་ཡུལ་གྱི་རྒྱལ་པོ་པྲ་ཧ་སྟི། །སློབ་དཔོན་ཆེན་པོ་དྷ་ན་རཀ་ཤི་ཏ། །སློབ་དཔོན་ཧཱུྃ་མཛད་སྟི་ར་མ་ཏི་དང་། །བདེ་བ་གསལ་མཛད་ཤཱཀྱ་དྷརྨ་བྷོ་དྷེ་དང་། རྒྱ་གར་མཁན་པོ་ཆོས་རྒྱལ་སྐྱོང་བ་དང་། །སློབ་མ་རྣམ་གསུམ་བ་སུ་དྷ་ར་དང་། །རྒྱ་གར་སློབ་དཔོན་གཙུག་ལག་དཔལ་དགེ་དང་། །བྲུ་ཞའི་མཁན་པོ་ལོཙྪ་ཆེ་བཙན་སྐྱེས། མདོ་ལུང་ཁྱད་པར་བསྒྲུབ་དབང་རིག་འཛིན་ལ། །སྒོ་གསུམ༴ ༈ ཡང་ད་ན་རཀ་ཤི་ཏིའི་སྐབས་དེ་ན་ཤཱཀྱ་གསུམ་གྱི་གཅིག་སློབ་དཔོན་པདྨ་ཡིན་ཞིང་། དེ་ནི་ད་ན་རཀ་ཤི་ཡིན་གསུངས་པ་ལྟར་ན་ཤཱཀྱ་སེང་གེ་རབ་བྱུང་། ཤཱཀྱ་བཤེས་གཉེན་ཏེ་གསུམ་ཀའང་སློབ་དཔོན་པདྨའི་རྣམ་འཕྲུལ་ཏེ། ཁྱད་པར་ཤཱཀྱ་འོད་ནི་སློབ་དཔོན་པདྨ་ཡིན་པར་ཆོས་རྒྱལ་བའི་གཏེར་ནས་གསུངས་ལ། ཤཱཀྱ་སེང་གེའང་སློབ་དཔོན་པདྨར་གུ་རུ་ཆོས་དབང་གི་གཏེར་དུ་བཤད་ཅིང་། བྲིལ་བས་ཨ་ནུ་བཞི་བཅུ་ཞེ་ལྔ་སྣང་བ། ཐམས་ཅད་ད་ལྟར་འང་བཞུགས་ཞེས་སྤྱིར་སྟན་ཅིང་། ཁྱད་པར་དུ་དྷ་ན་རཀ་ཤི་ཡན་ཆད་སངས་རྒྱས་ཡེ་ཤེས་ཀྱི་དུས་ན་བཞུགས་སོ།། ༅། །ད་ནི་མ་ཧཱ་ཡོ་ག་རྣལ་འབྱོར་ཆེན་པོའི་ཐེག་པ་ལས་མདོ་ཡོངས་རྫོགས་ཁྱད་པར་ནང་དབང་འབྱུང་བའི་ཆུ་བོ་ལ་ཞི་བའི་ལྷ་དངོས་ཉིད་བཀོད་ལ། ཁྲོ་བོ་ལུང་གི་ཁྲོ་བོ་མ་རྟོགས་པར་མཛད་པ་གཙོ་ཆེ་སྟེ། བཀོད་ཀྱང་བསྐྱེད་རིམས་ཤས་ཆེ་ཙམ་ལས་བཟུང་སྐད། བརྒྱུད་པ་ནི། ཆོས་ཀྱི་རྒྱལ་པོ་ཀུན་བཟང་ཆོས་ཀྱི་སྐུ། །རྒྱལ་ཚབ་རིགས་ལྔ་ལོངས་སྤྱོད་རྫོགས་པའི་སྐུ། །རྒྱལ་སྲས་སེམས་དཔའ་སེམས་མ་སྤྲུལ་པའི་སྐུ། །ཁྱད་པར་རྡོ་རྗེ་ཆོས་ཏེ་དགོངས་པས་བརྒྱུད། །སྒོ་གསུམ༴ ༈ རིག་འཛིན་རྡོ་རྗེ་ཆོས་ཏེ་སྤྱན་རས་གཟིགས། །དགེ་སློང་ཀུ་ཀུ་ར་ཛ་ཆེན་པོ་དང་། །ཨིན་ཏྲ་བྷོ་དྷི་བར་པ་རྒྱལ་པོ་ཛ། །དེ་ཡིས་རྒྱལ་བུ་ཤཱཀྱ་སུ་ཏྲི་དང་། །སིང་ཧ་ར་ཛ་གཉིས་ལ་སིང་ཧ་ཡིས། །ཨུ་པ་ར་ཛ་སྲས་མོ་གོ་མ་དེ་བྱི་དང་། །སངས་རྒྱས་གསང་བ་བྷི་མ་མི་ཏྲ་སྟི། །ནང་དབང་འབྱུང་བའི་ཉེ་བརྒྱུད་གྲུབ་ཐོབ་བདུན། །སྒོ་གསུམ༴ ༈ ཀུན་བཟང་རྡོ་རྗེ་སེམས་དང་རྡོ་རྗེ་ཆོས། །སློབ་དཔོན་ཀུ་ཀུ་ར་ཛ་རྒྱལ་པོ་ཛ། །ཤཱཀྱ་སུ་ཏྲི་སིང་ཧ་ར་ཛ་དང་། །ཨུ་པ་ར་ཛ་གོ་མ་དེ་བྱི་དང་། །ཀ་མ་ཤི་ལ་འཛི་ན་མི་ཏྲ་དང་། ། རྡོ་རྗེ་བཞད་པ་ཉི་འབྱེད་སེང་གེ་དང་། །སློབ་དཔོན་ཆེན་པོ་བདེ་བ་གསལ་མཛད་དང་། །ཤཱཀྱ་དེ་བ་པཀྱོ་བློ་གྲོས་དང་། །རྡོ་རྗེ་སྒྱེག་པ་ཆོས་བློན་དྷེ་བ་དང་། །མཁན་པོ་ཆོས་རྒྱལ་སངས་རྒྱས་ཡེ་ཤེས་ལ། །སྒོ་གསུམ༴ ༈ དེ་ཡང་རྒྱུད་མ་ཧཱ་ཡོ་ག་ལ་བརྒྱུད་པ་རིང་ལུགས་ལྟར་ཉི་ཤུ་ཐམ་པ་མཆིས་ཏེ། མ་ཧཱ་ལྟར་ཤཱཀྱ་སུ་ཏྲི་དང་སིང་ཧ་ར་ཛ་གཉིས་སློབ་དཔོན་གཅིག་པ་དང་སིང་ཧ་ལ་ཨུ་པ་ར་ཛས་ཐོབ་པར་བྱ། སྟི་ར་མ་ཏི་དང་བདེ་བ་གསལ་མཛད་གཅིག་ཏུ་བགྲང་། ལུགས་ཁ་ཅིག་ཏུ་སློབ་དཔོན་ཧཱུྃ་མཛད་སྟི་རའི་གོང་དུ་མཛད། ཉི་འབྱེད་དང་མི་འབྱེད་གཉིས་ངོ་བོ་སློབ་དཔོན་གཅིག་ཏུ་བཤད། ཁ་ཅིག་ཧཱུྃ་མཛད་ཨ་ནུ་ཡིན་པས་འདིར་མི་གསུང་ཞིང་། ཤཱཀྱ་བོ་དེ་ནི་དྷརྨ་བོ་ཏེར་བཤད། པཀྱོ་དང་བློ་གྲོས་དེ་བ་གཉིས་གཅིག་ཅེས་གསུང་། དྷརྨ་བོ་དེ་ལོགས་ན་བླ་མས་གབ་ཚིག་ཏུ་བྲིས་དང་། ཆོས་རྒྱལ་སྐྱོང་ལ་དྷརྨ་ར་ཛ་ཞེས་བྲིས་པ་གཉིས་སྦས་དོན་ཡིན། རྒྱ་གར་ཆོས་རྒྱལ་སྐྱོང་གི་སློབ་དཔོན་གསལ་བའི་བརྒྱན་ཡིན་པར་གསལ། བལ་པོ་བ་སུ་དང་རྒྱ་གར་མཁན་པོ་གསལ་བའི་རྒྱན། གཙུག་ལག་དཔལ་དགེ། བྲུ་ཞ་ཆེ་བཙན་སྐྱེས་རྣམས། ཇོ་བོ་སངས་རྒྱས་ཀྱི་རྩ་བའི་བླ་མ་བཞིའོ། །དྷ་ན་རཀ་ཤི་ར་ནི་ཤན་ཏ་རག་ཤི་ཏར་བྱས་ནས་སློབ་དཔོན་པདྨ་དང་གཅིག་པ་དང་མི་གཅིག་པར་འདོད་པ་གཉིས་ཀ་སྣང་སྟེ། སློབ་དཔོན་དྷརྨ་བོ་དེ་དང་། སློབ་དཔོན་དྷ་ན་རཀ་ཤི་ཏ་ནི་མདོ་དགོངས་འདུས་ཀྱི་བཤམ་ནས། སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་བླ་མ་ཡིན་པར་གསུངས་ལགས། ཡང་ཨིན་ཏྲ་བོ་དྷིའང་སྔ་ཕྱི་ལན་འགའ་བྱུང་ཤཱཀྱ་སུ་ཏྲི་ལའང་ཨིན་ཏྲ་ཟེར་བ་ཨ་ནུ་ལྟར་དུ་ཡིན། མེ་ཏྲི་ཀ་མ་ལ་ཞེས་ཀ་མ་ཤི་ལ་དང་མེ་ཏྲི་བའང་ཆ་འགའ་བྱུང་བས། འདིར་མེ་ཏྲི་ཀ་མ་གཉིས་གཅིག་པ་དེ་ཡིན། སྟི་ར་མ་ཏི་གཏད་རྒྱའི་རྒྱུད་ཡིག་ན་མི་སྣང་ཡང་ཙ་ཀ་ན་སྣང་བས་ཆད་པ་ཡིན་དགོས་ནས་བཀོད་པ་ཡིན། ཧཱུྃ་མཛད་གཏད་རྒྱ་དང་ཙ ཀ་ལི་གཉིས་ཀ་ན་མི་སྣང་བས་མ་བཀོད་པའོ། །སེ་ལུགས་ལ་ཆོས་བློན་དྷེ་བ་མ་ཧཱ་ལས་མ་བཤད་ནའང་། ཙཀ་རྙིང་པ་དང་གཏད་རྒྱ་གཉིས་ཀ་ན་མ་ཧཱ་ལ་བཤད་འདུག་པས་བཀོད་པའོ། ༈ །ད་ནི་བསྒྲུབ་སྡེའི་རིག་འཛིན་རྣམས་བསྟན་པར་བྱའོ། །དེ་ཡང་གཤིན་རྗེ་ནི་སློབ་དཔོན་སངས་རྒྱས་མ་བྱོན་གོང་དུ་བཻ་རོ་ཡིན། སངས་རྒྱས་ཡེ་ཤེས་འདིར་སྤྱིའི་རིག་འཛིན་ཀྱང་། སྒོས་སུ་འཇམ་དཔལ་གཤིན་རྗེའི་རིགས་ཡིན་གསུང་ཞིང་། འབྲོག་མི་ནི་སློབ་དཔོན་སངས་རྒྱས་ཀྱི་དུས་ན་མ་བྱོན་པས་སློབ་དཔོན་འོ་བྲན་དཔལ་དུ་བཤད་ལ། རྒྱལ་པོ་ཁྲི་སྲོང་ཡང་སློབ་དཔོན་སངས་རྒྱས་པས་སྔ་ཞིང་བཀའ་བརྒྱད་རིག་འཛིན་དུ་བཤད་ཀྱང་། འདིར་མདོ་ལ་སྤྱིའི་རིགས་སུ་ཁྲིམ་སྲོང་བཤད་པས། ཉི་ཤུ་རྩ་ལྔ་ནི། མ་ཧཱ་ཉི་ཤུ་པོ་ཨ་ནུ་ཉི་ཤུ་ལ་གྲིལ་ཨ་ཏི་ནས་བཤམ་གྱི་ལྔ་གང་རུང་ལ་སོགས་པ་མ་བགྲངས་ཀྱང་བརྒྱ་རྩ་བརྒྱད་མཐུན་ལ། ཨ་ནུའི་སྟོད་ཉེར་ལྔ་སྤྱིར་བཞག་ཀྱང་བརྒྱ་རྩ་བརྒྱད་ཐིམ་ཞིང་། ཨ་ཏི་ལ་སོ་བརྒྱད། ཨ་ནུ་ལ་ཞེ་ལྔ། མ་ཧཱ་ལ་ཉེ་རྒྱུད་བདུན། རིགས་བརྒྱུད་ཉི་ཤུ་སྟེ་བརྒྱ་དང་བཅུ་ཡོད་ཀྱང་ཤཱཀྱ་སུ་ཏྲི་དང་སྟི་ར་མ་ཏི་མ་བགྲངས་ཏེ་བརྒྱ་རྩ་བརྒྱད་ཐིམ་པའོ། །སློབ་དཔོན་སངས་རྒྱས་ཀྱི་གོང་དུ་ཙཀ་ལི་རིག་འཛིན་བརྒྱ་རྩ་བརྒྱད་དུ་བཤད་པས་གྲངས་བཀོད་པའོ། །སྔར་གྱི་རིག་འཛིན་གྱི་ཡི་གེ་ན་བཀའ་བརྒྱད་ཀྱི་དང་། ཁ་བཀང་དྲིལ་བས་ཉེར་ཐོ་བའི་བརྒྱ་རྩ་བརྒྱད་མདོའི་རིག་འཛིན་བྱས་ནས། ཨ་ནུ་ཉི་ཤུ་མ་བྲིས་པ་གདའ་བའི་ཙཀ་ལིའང་མཐོང་། སྤྱིར་དུ་བརྒྱ་དང་སུམ་ཅུ་སོ་ལྔར་མཛད་པ་ལགས་པར་གདའ། ཨེ་མ་ཧོ། སྔོན་གྱི་རྒྱལ་སྲས་ད་ལྟའི་རིག་འཛིན་ཚུལ། །བསྒྲུབ་པ་མཐར་ཕྱིན་ང་རྒྱལ་དྲེགས་བསྙེམས་ཀྱང་། །དྲེགས་འགྱིང་སྐྱོན་མེད་སྙོན་རྨོངས་ཡེ་ཤེས་གསལ། །དངོས་གྲུབ་ཐོབ་ཕྱིར་དགེས་སྤྲོ་མཉེས་མཆོད་རིགས། །འཇམ་དཔལ་གཤིན་རྗེའི་འཇམ་དཔལ་བཤེས་གཉེན་དང་། །བཻ་རོ་སངས་རྒྱས་ཡེ་ཤེས་སྐུ་ཡི་རིག་འཛིན་ལ། སྒོ་གསུམ༴ ༈ སྤྱན་རས་པདྨ་དབང་ཆེན་ཀླུ་གྲུབ་དང་། །བཙུན་པ་ངག་ལམ་རྒྱལ་མཆོག་གསུང་རིག་འཛིན། །དཔལ་ཆེན་བཛྲ་ཧེ་རུ་ཧཱུྃ་ཀ་ར། །ནམ་མཁའ་སྙིང་པོ་ཡང་དག་ཐུགས་རིག་འཛིན། །ཀུན་བཟང་ཆེ་མཆོག་བྷི་མ་མི་ཏྲ་དང་། །ཛྙ་ན་ཀུ་མ་བདུད་རྩི་ཡོན་ཏན་རིགས། །རྡོ་རྗེ་གཞོན་ནུ་ཟ་ཧོར་པྲ་ཧ་སྟི། །མཁར་ཆེན་མཚོ་རྒྱལ་ཕུར་བུ་ཕྲིན་ལས་རིགས། །གསང་བདག་ཕྱག་རྡོར་རོམ་བུ་གུ་ཡ་དང་། །དཔལ་གྱི་སེང་གེ་འཇིག་རྟེན་མཆོད་རྟེན་རིགས། །གཏུམ་པོ་སྟོབས་ཆེན་ཤན་ཏིང་གརྦ་དང་། །བཻ་རོ་ཙ་ན་དྲག་སྔགས་དམོད་པའི་རིགས། །ཀུན་ཏུ་བཟང་མོ་མངོན་རྫོགས་མ་མོའི་རིགས། །དྷ་ན་སྂ་ཀྲི་འོ་བྲན་དཔལ་གཞོན་ནུ། ༈ །ཨེ་མ་ཚེ་དང་སྤྱི་ཡི་རིག་འཛིན་པདྨ་འབྱུང་། །གསང་སྔགས་ཕྱི་བརྒྱུད་བོ་དྷི་ས་ཏྭ་དང་། །མཚན་ཉིད་ཐེག་གསལ་འཛི་ན་མི་ཏྲ་དང་། །ཚོགས་ཆེན་འདུས་པ་གཡུ་སྒྲ་སྙིང་པོ་དང་། །བཀའ་བརྒྱད་སྒྲུབ་རྫོགས་ཛྙ་ན་ཀུ་མ་དང་། །ཕྲིན་ལས་ཤར་བའི་སོག་པོ་དཔལ་ཡེ་ཤེས། །བཤད་བསྒྲུབ་མཁས་པ་དར་རྗེ་དཔལ་གྲགས་དང་། །མཁས་གྲུབ་ཕྱག་བཞེས་ཞང་ཆེན་རྒྱལ་ཡོན་ཏན། །འདུས་པ་མདོ་ཡི་ཁྲི་སྲོང་ལྡེའུ་བཙན་བཅས། །ཁ་བསྐང་རིག་འཛིན་གྲུབ་ཐོབ་ཉི་ཤུ་ལྔ། །ཕྱག་རྡོར་སྤྲུལ་པ་སྐར་ཆུང་ཁྲི་རལ་བཅས། ། བརྒྱ་དང་སུམ་ཅུ་རྩ་ལྔ་འཁོར་བཅས་ལ། །སྒོ་གསུམ་དང་བའི་སྒོ་ནས་ཕྱག་འཚལ་ཞིང་། །རྩེ་གཅིག་གདུང་བའི་སྟོབས་ཀྱིས་གསོལ་འདེབས་ཀྱིས། །ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་རྗེས་བཟུང་ལ། །སྐུ་གསུང་ཐུགས་ཀྱི་དབང་བྱིན་དངོས་གྲུབ་སྩོལ། ༈ །ད་ནི་བོད་ཀྱི་རིག་འཛིན་རྣམས་འདི་ལས་རྟོགས་པར་བྱེད་པའོ། །དེ་ཡང་། སློབ་དཔོན་སངས་རྒྱས་ཡེ་ཤེས་རིན་ཆེན་གྱི། །སློབ་མ་བཞི་དང་དགེ་མཆེད་བཅོ་ལྔ་དང་། །རིན་ཆེན་གསུམ་དང་འཁོར་བརྒྱད་ལ་སོགས་པའི། །བསྟན་པ་སྔ་དར་རིག་འཛིན་ཐམས་ཅད་ལ། །སྒོ་གསུམ་དང་བའི་ཤུགས༴ ༈ ཡོན་ཏན་རྒྱ་མཚོ་ཡེ་ཤེས་རྒྱ་མཚོ་དང་། །རྒྱ་སྟོན་བློ་གྲོས་བྱང་ཆུབ་གཞོན་ནུ་དང་། །ཐོ་གར་ནམ་མཁའ་ལྡེ་དང་ཞུ་བསོད་ནམས། །བླ་མ་དུ་མའི་བཀའ་བབས་ཟུར་ཤཱཀ་འབྱུང་། །ཟུར་ཆུང་ཤེས་གྲགས་རྩེ་མོ་སྒོམ་ཆེན་མཆོག །ཐུགས་སྲས་ཀ་བཞི་གདུང་བརྒྱད་བཅུད་འདུས་པའི། །གསང་བདག་ཤཱཀྱ་སེང་གེ་སྒྲོ་ཕུག་པའི། །གཅེན་པོ་རྒྱལ་ཚ་ཤཱཀ་རྡོར་རྩལ་ཤཱཀ་འབྱུང་། །སྒྲོ་ཕུག་དངོས་སློབ་འགར་སྟོན་གཟུང་ངེ་དང་། །སྲེགས་སྟོན་རྡོ་རྗེ་རྒྱལ་མཚན་ལ་སོགས་པའི། །གླན་གྱི་སྟོན་པ་རྡོ་རྗེ་འོད་ཀྱི་གསན། །བླ་ཆེན་བསོད་ནམས་རྒྱལ་བའི་མཚན་ཅན་དང་། །བླ་མ་དཔལ་ལྡན་ཆོས་ཀྱི་སེང་གེ་དང་། །བླ་མ་ལྷ་རྗེ་སངས་རྒྱས་དཔལ་གྱིས་ནི། །བླ་མ་བསོད་ནམས་མགོན་པོ་ཉིད་ལ་གནང་། །སློབ་མ་མྱང་སྟོན་བླ་མ་དཔལ་ལྡན་དང་། །ཟུར་སྟོན་བླ་མ་ཤཱཀྱ་བཟང་པོ་དང་། །བཀའ་དྲིན་རྩ་བའི་བླ་ཆེན་བསམ་གྲུབ་རྡོ་རྗེ་སྟེ། །དེ་ལྟར་གསུམ་ཀས་ཟུར་ཧཱྂ་ཤཱཀྱ་འབྱུང་ལ་གནང་། །བསྟན་པ་བར་དར་རིག་འཛིན་ཐམས་ཅད་ལ། །སྒོ་གསུམ་དང་བའི་སྒོ་ནས་ཕྱག་འཚལ་ཞིང་། །རྩེ་གཅིག་གདུང་བའི་སྟོབས་ཀྱིས་གསོལ་འདེབས་ཀྱིས། །ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་རྗེས་བཟུང་ལ། །སྐུ་གསུང་ཐུགས་ཀྱི་དབང་བྱིན་དངོས་གྲུབ་སྩོལ། །
༅། །རྡོ་རྗེ་ཀླུའི་མཚན་བྱང་སྣང་། ན་མོ་གུ་རུ། དངོས་གྲུབ་བརྙེས་པའི་སློབ་དཔོན་རྣམས་ཀྱིས་མདོ་ཧ་རྡོ་རྗེའི་གླུ་གསུངས་པ། རྒྱལ་པོ་དྷ་ཧེ་ཏ་ན་ལོས་མདོ་ཧ་རྡོ་རྗེའི་གླུ་གསུངས་པ། ཙནྡན་ནགས་ཚལ་དུ་ནམ་གྱི་གུང་ལ་བླངས་པ། ཧཱུྃ་འགྱུར་བ་མེད་པའི་ཆོས་ཉིད་ནི། །ཀུན་གཞི་མ་བཅོས་བྱང་ཆུབ་སེམས། །གཟུང་འཛིན་རྣམ་རྟོག་ཡུལ་ལས་འདས། །སྣང་བའི་གཟུགས་མེད་བྱང་ཆུབ་སེམས། །ཅི་ལའང་མི་སྤྱད་རྟོག་པ་མི་བཟུང་ཞིང་། །སེམས་ཀྱི་རང་བཞིན་བསམ་མེད་མཁའ་འདྲ་ལ། །མ་ཡེངས་མ་བསླད་བཅོས་པ་མེད་པར་བཞག །སྒོམ་དུ་མེད་པའི་ཆོས་ཉིད་དབྱིངས་ཆེན་ལ། །བསམ་དུ་མེད་པའི་རིག་པ་མ་ཡེངས་བཞག །སྒོམ་དུ་རྡུལ་ཡང་འདི་ལས་མེད་པར་ཁུམས། །སྐྱེ་མང་བརྒྱུད་ནས་རྒྱལ་པོར་བདག་སྐྱེས་ཏེ། །དྷ་ཧེ་ཏ་ལོ་ང་རྒྱལ་བཅག་པ་དང་། །སྔོན་ཆད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། །སེམས་དང་ཆོས་གཉིས་འདྲེས་པའི་བྲོ་བླང་ཞིང་། །སྒྱུ་མའི་ཕུང་པོ་ད་ལྟར་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ལླ་པ་ཧོ་ཞེས་གླུ་བླངས་སོ། །རྫོགས་སོ།། །།
༅། །སྲས་ཐུ་བོ་ར་ཙ་ཧ་སྟིས་ཙནྡ་གོར་ཤི་ཤའི་ཤིང་རྟའི་ཁ་རུ། མདོ་ཧ་རྡོ་རྗེའི་གླུ་ནམ་གྱི་ཆ་སྟོད་ལ་གསུངས་པ། ཧཱུྃ་ཀུན་གཞི་ཡེ་ནས་མ་བཅོས་སྟོང་པ་ཇི་བཞིན་དབྱིངས། །རང་བྱུང་ཡེ་ཤེས་མཁའ་འདྲ་མཉམ་པ་ཆེན་པོའི་ངང་། །ཚིག་དང་ཡི་གེ་སྒྲ་ལས་འདས་པས་ཀུན་ཏུ་བཟང་། །སེམས་དང་ཆོས་ཉིད་མཉམ་ཉིད་དབྱེར་མེད་ན། །ལུས་ངག་ཡིད་གསུམ་མཚན་མས་ཅི་བསླད་ཀྱང་། །ཆོས་ཉིད་བྱང་ཆུབ་སེམས་ལ་འགྱུར་མེད་ཏེ། །རྣམ་རྟོག་སྐྱོན་སྤངས་ཀུན་གཞི་བྱང་ཆུབ་སེམས། །མ་བཅོས་ངང་ལ་ཞག་པ་ལས། །སྒོམ་པ་གུད་ན་མེད་པར་ཁུམས། །སྒྱུ་མའི་ཕུང་པོ་ད་ལྟ་བསྙིལ་བའི་ཕྱིར། །ཀུང་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ལླ་པ་ཧོ། ཞེས་གླུ་བླངས་སོ། །རྫོགས་སོ།། །།
༅། །སྲས་མོ་པ་ར་ནིས་མེ་ཏོག་ཀུ་མུ་ཏའི་ཚལ་དུ། རྡོ་རྗེའི་གླུ་ནམ་གྱི་ཆ་སྨད་ལ་གསུངས་པ། ཧཱུྃ་ཀུན་གཞི་མ་བཅོས་ཡེ་ནས་བྱང་ཆུབ་སེམས། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་འཇིགས་འབྲལ་མེད། །རང་བྱུང་ལྷུན་གྱིས་གྲུབ་པ་བཅོམ་ལྡན་འདས། །གཟུང་འཛིན་ཡུལ་ལས་འདས་པས་རྡོ་རྗེ་སེམས་དཔའི་ཐུགས། །ཡེ་ནས་མ་བཅོས་ཆོས་ཀྱི་དབྱིངས་ཉིད་ལ། །རང་བྱུང་རིག་པའི་ཡེ་ཤེས་ཀྱིས། །མ་བསླད་ཡེ་ནས་བཞག་པ་ནི། །རྡོ་རྗེ་སེམས་དཔའི་དགོངས་པ་སྟེ། །བདག་གིས་དགོངས་པ་འདི་ལས་མེད་པར་འཇལ། །སྒྱུ་མའི་ཕུང་པོ་ད་ལྟར་བསྙིལ་བའི་ཕྱིར། །ཀུན་བཟང་ཐུགས་ཀྱི་གཏེར་ཆེན་བདག་ལ་བབས། །གྷི་ཏ་མ་ཀོ་ལླ་པ་ཧོ། ཞེས་གླུ་བླངས་སོ་རྫོགས་སོ།། །།
༅། །ཀླུའི་རྒྱལ་པོ་འཇོག་པོས་རྒྱ་མཚོའི་གཏིང་དུ་སྐྱ་རེངས་དང་པོ་ཤར་ཙམ་ན། རྡོ་རྗེའི་གླུ་གསུངས་པ། ཧཱུྃ་མཐའ་དང་དབུས་མེད་ནམ་མཁའ་ལྟ་བུའི་ཐུགས། །སྨྲ་བསམ་ཡུལ་ལས་འདས་པ་ཆོས་ཀྱི་སྐུ། །སྲིད་འབྱུང་སྐྱེ་འགྲོ་རྣམ་པར་དག་བྱས་ན། །མ་བཅོས་རྣམ་པར་དག་པ་ཀུན་གཞི་བྱང་ཆུབ་སེམས། །མ་བཙལ་མཉམ་པར་བཞག་ན་སྒོམ་པའི་མཆོག །རིག་པ་ཆོས་ཀྱི་དབྱིངས་སུ་མ་བཅོས་ལས། །རྣམ་པར་གྲོལ་བའི་ལམ་མཆོག་གཞན་མེད་དེ། །དུས་གསུམ་བདེ་བར་གཤེགས་པའི་དགོངས་པ་ཉིད། །དཔག་ཅིང་གཞལ་ཡང་འདི་ལས་མེད་པར་འཇལ། །བདག་གི་ཕུང་པོ་གདོས་བཅས་འདི་བསྙིལ་ནས། །ཀུན་བཟང་དབྱེ་བ་མེད་པའི་ས་ལ་མཆིས། །གྷི་ཏ་མ་ཀོ་ལླ་པ་ཧོ། ཞེས་གླུ་བླངས་སོ་རྫོགས་སོ།། །།
༅། །ཁྱིའི་རྒྱལ་པོ་ཀུ་ཀུ་ར་ཛས། རྒྱ་མཚོའི་གླིང་ལ་སྐྱ་རེངས་གཉིས་པ་ཤར་ཙམ་ན་རྡོ་རྗེའི་གླུ་གསུངས་པ། ཧཱུྃ་ཡེ་ནས་ལྷུན་གྲུབ་ཀུན་ཏུ་བཟང་པོའི་ངང་། །གསལ་ལ་རྟོག་མེད་སྤྲོས་བྲལ་བྱང་ཆུབ་སེམས། །མི་འགྱུར་མི་དམིགས་ཆོས་ཀྱི་དབྱིངས་ཉིད་ལ། །རིག་པ་མི་འགྱུར་མ་བསླད་མཉམ་བཞག་ན། །ཅི་ལའང་མི་གནས་གང་ལའང་མི་གནས་འབྱུང་། །མཆོག་ཏུ་གསང་བའི་བྱང་ཆུབ་སེམས་ཉིད་ནི། །རྣ་བས་གཉོན་པའི་སྤྱོད་ཡུལ་ཡོད་མ་ཡིན། །ཀུན་གཞི་མི་འགྱུར་དབྱིངས་ཆེན་ལ། །རིག་པ་མི་འགྱུར་མ་ཡེངས་བཞག །བསྒོམ་པ་འདི་ལས་མེད་པར་ཁུམས། །ཁམས་གསུམ་རང་སར་གྲོལ་བས་བཙལ་ཞིང་བསྒྲུབ་མི་དགོས། །རེ་ཞིང་དོགས་པ་མེད་པས་བདག་ཉིད་སངས་རྒྱས་ཡིན། །གྷི་ཏ་མ་ཀོ་ལླ་པ་ཨ་ཧོ། ཞེས་གླུ་བླངས་སོ་རྫོགས་སོ།། །།
༅། །གུ་རུ་ནཱ་ག་ཛྷུ་ནས། རྒྱན་ཕྱག་གསལ་གྱི་གནས་སུ། སྐྱ་རེངས་གསུམ་པ་ཤར་ཙམ་ན་རྡོ་རྗེའི་གླུ་གསུངས་པ། ཧཱུྃ་སྣང་བ་ཐམས་ཅད་ཡེ་ནས་དབྱིངས་ཆེན་ལ། །རིག་པ་འཕོ་འགྱུར་མེད་པའི་དུར་བཏབ་ན། །དབྱིངས་ཉིད་མི་འགྱུར་རིག་པ་མི་བསླད་དེ། །མ་ཡེངས་མི་འགྱུར་མཁའ་ལྟར་དག་པ་ལ། །མ་ཡེངས་མ་བཅོས་ཡོང་གིས་གསལ་བ་ལ། །སྒོམ་པའི་མིང་དུ་བཏགས་པ་གུད་ན་མེད་པར་ཁུམས། །བདག་གི་ཕུང་པོ་གདོས་བཅས་འདི། །དབྱེ་བ་མེད་པའི་ས་ལ་འཆི། །གྷི་ཏ་མ་ཀོ་ལླ་པ་ཨ་ཧོ། ཞེས་གླུ་བླངས་སོ། །རྫོགས་སོ།། །།
༅། །ཁྱིའི་རྒྱལ་པོ་ཀུ་ཀུ་ར་ཛ་ཕྱི་མ་རྒྱ་མཚོའི་གླིང་ལ་དམར་རེངས་དང་པོ་ཤར་ཙམ་ན་རྡོ་རྗེའི་གླུ་གསུངས་པ། ཧཱུྃ་ཆོས་ཉིད་བྱང་ཆུབ་སེམས་ཉིད་འབྱུང་བ་ལྔ་ཡིན་ཏེ། མ་བཅོས་རང་བཞིན་གསལ་བས་མཁའ་ལྟར་དག །འགྲོ་བའི་གཟུང་འཛིན་སྲེག་པས་མེ་ལྟར་གནས། །དམིགས་མེད་གདོད་ནས་དག་པས་རླུང་ལྟར་གནས། །གཟུང་འཛིན་སྐྱོན་དང་བྲལ་བས་ཆུ་ལྟར་གནས། །ཅིས་ཀྱང་བསྐྱོད་པ་མེད་པས་ས་ལྟར་གནས། །འབྱུང་བ་ལྔ་ཉིད་ཡེ་ནས་ཆོས་ཉིད་བྱང་ཆུབ་སེམས། །གདོད་ནས་དག་པས་ནམ་མཁའ་འདྲ་བ་ལ། །དམིགས་པ་མེད་པར་མ་ཡེངས་གནས་པ་ལས། །སྒོམ་པ་འདི་ལས་མེད་པར་རྟོགས། །བདག་གི་ཕུང་པོ་གདོས་བཅས་འདི། །དབྱེ་བ་མེད་པའི་ས་ལ་འཆི། །གྷི་ཏ་མ་ཀོ་ལ་པ་ཨ་ཧོ། ཞེས་གླུའི་རྟོགས་པ་བརྗོད་དོ། །རྫོགས་སོ།། །།
༅། །གནོད་སྦྱིན་མོ་བྱང་ཆུབ་ཀྱི་རྒྱ་མཚོའི་གླིང་ལ་དམར་རེངས་གཉིས་པ་ཤར་ཙམ་ན་མདོ་ཧ་རྡོ་རྗེའི་གླུ་གསུངས་པ། ཧཱུྃ་ཆོས་ཉིད་བྱང་ཆུབ་སེམས་ལ་ལྟ་ཞིང་སྣང་མེད་དེ། ལྟ་བའི་གཟུགས་མེད་ཡོངས་ལ་གསལ་བར་སྣང་། །ཅིས་ཀྱང་བཅོས་སུ་མེད་དེ་སྤྱད་དུ་མེད། །སེམས་ཀྱི་རང་བཞིན་ཅི་ལའང་མི་གནས་ཏེ། །རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །ཇི་ལྟར་བསླད་ཀྱང་དབྱིངས་ལས་འགྱུར་བ་མེད། །དབྱིངས་ཉིད་རིག་པས་མི་བཙལ་ཏེ། །སེམས་ཉིད་མཁའ་ལྟར་དག་པ་དེ། །མ་བཅོས་རང་བཞིན་མེད་པ་ལས། །སྒོམ་པ་འདི་ལས་མེད་པར་བདག་གིས་རྟོགས། །བདག་གི་ཕུང་པོ་གདོས་བཅས་འདི་བསྙིལ་ནས། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། །གྷི་ཏ་མ་ཀོ་ལླ་པ་ཨ་ཧོ་ཞེས་གླུ་བླངས་སོ། །རྫོགས་སོ།། །།
༅། །སྨད་འཚོང་མ་འབུ་ཏ་ས་མ་ཡས། ཤིང་ནལ་བྱི་གསལ་བའི་རྩར། དམར་རེངས་གསུམ་པ་ཤར་ཙམ་ན་རྡོ་རྗེའི་གླུ་གསུངས་པ། ཨེ་མ་ཧོ་ཆོས་ཉིད་བྱང་ཆུབ་སེམས། བརྟག་ཏུ་མེད་དེ་སྤྱད་དུ་མེད། །བཙལ་ཞིང་གཉེན་པོས་བཅོས་སུ་མེད། །སེམས་ལས་སངས་རྒྱས་ལོགས་ན་མེད། །བཙལ་བས་མི་རྙེད་སེམས་ལ་སངས་རྒྱས་མེད། །སེམས་ཀྱི་རང་བཞིན་མ་བཅོས་སངས་རྒྱས་ཡིན། །གདོད་ནས་མ་བཙལ་བྱང་ཆུབ་སྙིང་པོ་ལ། །ཏིང་འཛིན་མ་བསླད་ངང་གིས་གསལ་བ་ལས། །སངས་རྒྱས་དགོངས་པ་འདི་ལས་མེད་པར་ཁུམས། །བདག་གི་ཕུང་པོ་གདོས་བཅས་འདི་བསྙིལ་ཕྱིར། །ཀུན་བཟང་ཐུགས་ཀྱི་འོད་ཟེར་བདག་ལ་ཤར། གྷི་ཏ་མ་ཀོ་ལླ་པ་ཨ་ཧོ་ཞེས་གླུ་བླངས་སོ། །རྫོགས་སོ།། །།
༅། །འཇམ་དཔལ་བཤེས་གཉེན་ཕྱི་མས། ཤིང་ནེ་ཀྲོ་ཏའི་རྩར་སྲོད་ཀྱི་ཐུན་ལས་བཞེངས་ནས་གླུ་བླངས་པ། ཧཱུྃ་ཀུན་གཞི་ཡངས་པའི་དབྱེ་ཐང་ལ། །དག་པ་ཀློང་ནས་ཉི་མ་ཤར། །ཤར་བའི་དུས་ན་ནུབ་མཐའ་མེད། །ཤར་ནས་མ་བཅོས་གསལ་བ་ལས། །སངས་རྒྱས་ཆོས་ཉིད་སྔ་ཕྱི་གསུམ། །གང་དུ་བཙལ་ཡང་རྙེད་མཐའ་མེད། །ཀུན་གཞི་ཡངས་པའི་ཆོས་ཉིད་ལ། །རིག་པ་སེམས་ཀྱི་ཉི་ཤར་བ། །མ་བཅོས་ནུབ་པ་མེད་པ་ལ། །སྒོམ་དུ་འདི་ལས་མེད་པར་ཁུམས། །མྱོང་ན་སེམས་ཀྱི་བདུད་རྩི་མྱོང་། །ལྟ་ན་རིག་པའི་ཡེ་ཤེས་ལྟོས། །པདྨ་ཀོ་ལླ་ཤ་ཨ་ཧོ། །ཞེས་གླུ་བླངས་སོ། །རྫོགས་སོ།། །།
༅། །ཨ་ཙརྱ་ཨ་ལོ་ཀེས་དཔག་བསམ་ཤིང་གི་གྲིབ་མ་ལ་ཐོ་རངས་ཀ་མཉམ་པ་ལ་བཞེངས་ནས་རྡོ་རྗེའི་གླུ་བླངས་པ། ཧཱུྃ་བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུའི་ཀློང་། །གསལ་ལ་རྟོག་པ་མེད་པའི་ཡེ་ཤེས་ནི། །ཕྱི་དང་ནང་མེད་ཀུན་ལ་གསལ་བར་སྣང་། །གདོད་ནས་དག་པས་ནམ་མཁའི་ཀློང་འདྲ་ལས། །རྣམ་རྟོག་སྲེག་པའི་ཡེ་ཤེས་གསལ་ཤར་བས། །སྐྱེ་འགགས་སྤངས་ནས་རང་བཞིན་མེད་པ་ལས། །སངས་རྒྱས་དགོངས་པ་འདི་ལས་མེད་པར་འཇལ། །ཟ་ན་སེམས་ཀྱི་བདུད་རྩི་ཟོ། །གོན་ན་ཆོས་ཉིད་གོས་སུ་གོན། །ཨེ་ཀོ་ལླ་ཤ་ཨ་ཧོ་ཞེས་གླུ་བླངས་སོ། །རྫོགས་སོ།། །།
༅། །དབུ་བརྒྱན་གྱི་མཁན་པོ་དྷ་ཧེས་རིན་པོ་ཆེའི་གླིང་ལ་ནམ་གུང་ཡོལ་ལ་རྡོ་རྗེའི་གླུ་གསུངས་པ། ཧཱུྃ་སེམས་ཉིད་སངས་རྒྱས་ཡིན་པ་ལས། །སངས་རྒྱས་སེམས་ལས་ལོགས་ན་མེད། །སེམས་ཉིད་ཡེ་ནས་སངས་རྒྱས་ལས། །རིག་པ་མི་འགྱུར་རང་བཞིན་མེད་པ་དེ། །ཟབ་དོན་དམ་ཟབ་མོ་ཆོས་དབྱིངས་དོན་དམ་མི་བརྗོད་གསལ། །རྒྱ་མཚོ་ཆེ་ལྟར་ཆོས་ཉིད་ཟབ་མོ་ལས། །རིག་པ་མི་འགྱུར་བཟོད་ཅིག་ནང་ནས་འཆར། །ཀུན་གཞི་གཏན་ནས་སྦྱོང་བའི་ཉི་ཆེན་པོ། །མཁའ་ལྟར་དག་པས་ཡོངས་ལ་ཁྱབ་པར་བརྡལ། །ཆོས་ཉིད་ཡེ་ནས་དག་པ་སྦྱང་དུ་མེད་པ་ལས། །རིག་པ་མི་འགྱུར་གདོད་ནས་གསལ་བར་ཤར། །ཕྱིན་ཅི་ལོག་གིས་མ་བསླད་གསལ་བ་ལས། །བདེ་བར་གཤེགས་པའི་དགོངས་པ་འདི་ལས་མེད་པར་འཇལ། །ཆོས་ཉིད་ནམ་མཁའ་ཆེ་བ་ལ། །རྣལ་འབྱོར་ཁྱུང་ཆེན་གཤོག་པ་ལྡིང་། །ཀར་མ་ཀོ་ལ་ཤ་ཨ་ཧོ། །ཞེས་གླུ་བླངས་སོ། །རྫོགས་སོ།། །།
༅། །དྲང་སྲོང་བ་ན་ཏིས་ན་ཀྲོ་ཏའི་དགོན་པར་སྲོད་ཡོལ་བའི་དུས་སུ་རྡོ་རྗེའི་གླུ་བླངས་པ། ཧཱུྃ་མ་བཅོལ་མཁའ་ལ་གཟའ་སྐར་ཀུན་འཕྱོ་བས། །གདོད་ནས་དག་པས་མཁའ་ནི་མི་བསྐྱོད་དེ། །བྱང་ཆུབ་སེམས་ཉིད་མཁའ་ལྟར་དག་པ་ལ། །མཚན་མའི་རྣམ་རྟོག་སྒྱུ་མས་ཅི་བསླད་ཀྱང་། །རྣམ་དག་དབྱིངས་ལ་འཕོ་འགྱུར་མེད། །ཆོས་དབྱིངས་བདལ་བ་ཆེན་པོའི་དཀྱིལ་འཁོར་ལ། །རིག་པ་ཡེ་ཤེས་དུར་པ་བཏབ་པས་ན། །གསལ་བ་འོད་ཀྱི་དཀྱིལ་འཁོར་གསལ་བར་འཆར། །ཤར་བ་ཉིད་ཀྱི་དོན་དེ་མ་ཡེངས་པས། །སངས་རྒྱས་རྣམས་ལ་དགོངས་པ་འདི་ལས་མེད། །རིག་པ་ཡེ་ཤེས་རླུང་ཆེན་གྱིས། །རྣམ་པར་རྟོག་པའི་མུན་པ་དེངས། །ཨི་ཀ་ཤ་ཀོ་ལླ་མ་ཨ་ཧོ། ཞེས་གླུ་བླངས་སོ། །རྫོགས་སོ།། །།
༅། །སྲས་མོ་གྷོ་མ་དེ་བྱིས་ར་ཛའི་དགོན་གནས་སུ་ནམ་གྱི་ཆ་སྨད་དུ་རྡོ་རྗེའི་གླུ་གསུངས་པ། ཧཱུྃ་སངས་རྒྱས་ཀུན་གྱི་ཐུགས་ཉིད་ཡི་གེ་ཨ་ཡིན་ཏེ། ཨ་ཡི་དངོས་གཞི་ཡེ་ནས་བྱང་ཆུབ་སེམས། །འཕོ་འགྱུར་འདུ་འབྲལ་མེད་པར་རྟོག ས་ན་སངས་རྒྱས་ཏེ། །སྨྲ་བསམ་ཡུལ་ལས་འདས་པའི་དབྱིངས་ཉིད་ལ། །ཨ་ལྟར་སྐྱེ་བ་མེད་པའི་བྱང་ཆུབ་སེམས། །མ་བཅོས་མ་ཡེངས་མཉམ་པར་བཞག་པ་ལ། །བདག་གིས་སྒོམ་པ་འདི་ལས་མེད་པར་འཇལ། །ཆོས་ཉིད་དབྱེ་ཐང་ཆེན་པོ་ལ། །རིག་པ་ཡེ་ཤེས་རྟ་ཕོ་རྒྱུག །ཀ་པ་ལ་ཀོ་ལླ་པ་ཤ་ཨ་ཧོ། །ཞེས་གླུ་བླངས་སོ་རྫོགས་སོ།། །།
༅། །ཁ་ཆེའི་མཁན་པོ་རབ་སྣང་གིས་ཙནྡ་སྡོང་པོའི་རྩར་ནམ་གྱི་གུང་ཐུན་ལ་རྡོ་རྗེའི་གླུ་གསུངས་པ། ཧཱུྃ་བྱང་ཆུབ་སེམས་ཉིད་ཡེ་ནས་ཆོས་ཀྱི་སྐུ། །མཁའ་དང་འདྲ་བར་ཀུན་ལ་ཁྱབ་པར་སྣང་། །སྣང་བ་ཉིད་ཀྱང་སྟོང་པ་སྟེ། །སྟོང་པའི་ཆོ་འཕྲུལ་ཅིར་ཡང་སྣང་། །བསམ་དུ་བརྡུལ་ཡང་མེད་པ་ལ། །བརྗོད་བྲལ་མེད་པར་མ་ཡེངས་ཞོག །ཆོས་ཉིད་སེམས་ཀྱི་བདུད་རྩི་ཡིས། །ཁམས་གསུམ་འཁོར་བའི་ནད་པ་གསོས། །ཀ་མ་ཀོ་ལླ་ཤ་ཨ་ཧོ། །ཞེས་གླུ་བླངས་སོ་རྫོགས་སོ།། །།
༅། །ལྷའི་རྒྱལ་པོ་དེ་བ་ར་ཙས་གྲོང་ཁྱེར་དཔལ་ཡོན་དུ་སྲོད་ཐུན་ཕྱེད་ཀྱི་དུས་སུ། རྡོ་རྗེའི་གླུ་གསུངས་པ། ཧཱུྃ་སྣང་སྲིད་ཆོས་རྣམས་མངོན་དུ་ལྟོས་པ་རྣམས། །ཡང་དག་ཉིད་དུ་འདི་ལྟར་སྒོམ་པར་བྱ། །སྣང་སྲིད་ཐམས་ཅད་ཡེ་ནས་ཀུན་ཏུ་བཟང་པོའི་ངང་། །འདི་ལས་གཞན་མེད་མ་ལུས་སྙིང་པོའི་རྒྱ། །སྣང་བ་མཐའ་དག་སྐྱེ་མེད་བདུད་རྩི་སྐུ་གསུང་ཐུགས། །སྐྱེ་མེད་ངང་ལ་མ་ཡེངས་མཉམ་བཞག་པ། །སྒོམ་པར་བྱ་བ་འདི་ལས་མེད་པར་རྟོགས། །ལུས་ནི་སྒྱུ་མའི་ཕུང་པོ་མི་གཙང་སྟེ། །སེམས་ནི་ཡེ་ཤེས་ཆེན་པོ་གསོན། །ཙན་ཏྲ་དེ་བ་ཀོ་ལླ་པ་ཨ་ཧོ། ཞེས་གླུ་བླངས་སོ། །རྫོགས་སོ།། །།
༅། །དར་མ་ར་ཙས་མེ་ཏོག་གི་ཚལ་དུ་ནམ་གྱི་ཆ་སྟོད་ལ་རྡོ་རྗེའི་གླུ་གསུངས་པ། ཧཱུྃ་སེམས་ཀྱི་རང་བཞིན་ཡེ་ནས་མཛོད་ཆེན་ལས། །གང་ལྟར་རྟགས་ཤིང་ཇི་ལྟར་སྣང་བ་ལས། །འབྱུང་འཇུག་རྒྱུ་བ་ཐམས་ཅད་ཀུན་ཏུ་བཟང་། །གཉིས་སུ་མེད་པའི་རིག་པ་དེ། །ཀུན་ཏུ་བཟང་པོའི་སེམས་ལ་གནས། །རིག་པའི་དབྱིངས་ལས་མ་བསླད་པས། །སྒོམ་ཞིང་གནས་པ་འདི་ལས་མེད། །ཀྱེ་མ་ཧོ་མ་རྟོགས་སྙིང་རེ་རྗེ། བདག་ཉིད་རང་སར་གྲོལ་བ་ཨ་ལ་ལ། མདོ་ཧ་ཀོ་ལ་པ་ཨ་ཧོ། ཞེས་གླུ་བླངས་སོ། །རྫོགས་སོ།། །།
༅། །འབུ་ཏ་ཀུག་ཏས་དབྱེན་པ་ཆེན་པོའི་གནས་སུ་རྡོ་རྗེའི་གླུ་གསུངས་པ། ཧཱུྃ་ཆོས་རྣམས་མ་བཅོས་ཀུན་ཏུ་བཟང་པོ་ལ། གསལ་ལ་འགྱུར་བ་མེད་པས་བྱང་སེམས་ངང་དེ་ལ། མཚན་མའི་རྣམ་པར་རྟོག་པས་མི་བསླད་དེ། །རྣམ་རྟོག་རང་བྱུང་རང་ཞིར་གནས་པ་ལས། །སྒོམ་པ་འདི་ལས་གུད་ན་མེད་པར་རྟོགས། །སེམས་ཀྱི་མེ་ལོང་མ་ལྟས་ན། །རྣམ་རྟོག་དྲི་མས་གོས་པ་རེ། །པྲད་ཛྙ་ཀོ་ལླ་པ་ཨ་ཧོ། ཞེས་གླུ་བླངས་སོ། །རྫོགས་སོ།། །།
༅། །ཤྲི་སིང་ཧས་བསམ་གཏན་གྱི་ཁང་པར་ཚོགས་ཀྱི་མཆོད་པའི་དུས་སུ་རྡོ་རྗེའི་གླུ་བླངས་པ། ཧཱུྃ་ཇི་ལྟར་བསམས་ཀྱང་སྒོམ་དུ་མེད། །ཇི་ལྟར་སྨྲས་ཀྱང་སྤྱད་དུ་མེད། །ཡེ་ཤེས་ཆེན་པོའི་དབྱིངས་ཉིད་ལ། །བཙལ་བ་མེད་པར་འོད་ཤར་ཏེ། །བསམ་དུ་མེད་པའི་ཆོས་ཉིད་ལ། །ཡེངས་པ་མེད་པར་མཉམ་པར་བཞག །སྒོམ་པ་འདི་ལས་མེད་པར་ཁུམས། །རིག་པ་ཡེ་ཤེས་མདུང་རྩེ་ཡིས། །རྣམ་རྟོག་དགྲ་བོ་བརྡུལ་དུ་བརློག །རཏྣ་ཀོ་ལླ་པ་ཨ་ཧོ། ཞེས་གླུ་བླངས་སོ། །རྫོགས་སོ།། །།
༅། །རིག་པ་ལུས་ལ་ཤར་བའི་བཻ་རོ་ཙ་ན་བདག །རྡོ་རྗེ་སེམས་དཔའི་མན་ངག་དབྱིངས་ནས་བརྡོལ། །ལས་འཕྲོ་སྐལ་བར་ལྡན་པའི་ཁྲི་སྲོང་ལྡེའུ་བཙན་གྱིས། ཆོས་དང་སེམས་སུ་ལྡན་པའི་བཻ་རོ་ཙ་ན་ལ། ཡོན་དང་དད་པར་ལྡན་པས་གསེར་གྱི་པ་ཏྲ་བྱིན། བགྲོད་དཀའ་འཇིགས་པར་ལྡན་པའི་ཡུལ་དགལ་ཏེ། །ལས་དང་ཐུགས་རྗེར་ལྡན་པའི་སེམས་ཕྱོགས་བཙལ། །བཻ་རོ་ཙ་ནས་རྡོ་རྗེའི་གླུ་བཅུ་དགུ་བཙད་པོ་ལ་ཐུགས་ཀྱི་གཏེར་དུ་ཕུལ་ལོ། །བཙད་པོས་ཀྱང་འདི་ལས་ཟབ་པ་མེད་པར་དགོངས་ནས། བསམ་ཡས་ཀྱི་ཀ་བའི་ནང་དུ་བསེ་སྒྲོམ་ལ་རྒྱ་བཞི་བཏབ་ནས་སྦས་སོ། །དུས་དུས་སུ་བརྟེན་ཅིང་གཟིགས་སོ། །བཙད་པོས་རྣུབས་ནམ་མཁའི་སྙིང་པོ་སྐུ་སྲུངས་ཡིན་པས་གནང་ངོ་། །དེས་ཛྙ་ན་ཀུ་མ་ར་ལ། དེས་སོག་པོ་ལྷ་དཔལ་གྱི་ཡེ་ཤེས་ལ། དེས་རྣུབས་ཐུགས་སངས་རྒྱས་ལ་གནང་། དེས་ཡོན་ཏན་རྒྱ་མཚོ་ཡབ་སྲས་ལ་གནང་། དེས་ཉང་ཆེན་ཉང་ཆུང་ལ། དེས་ཟུར་པོ་ཆེ་ལ་གནང་། ཡང་མདོ་རྫོགས་ཆེན་གྱི་བརྒྱུད་པ་ཟུར་ལའང་བཞུགས། རྡོ་རྗེ་གླུའི་བསམ་གཏན་ཞེས་བྱ་བ་རྫོགས་སོ།། །།
༅། །རྡོ་རྗེ་གླུའི་བསམ་གཏན་བཅོ་བརྒྱད་ལ། དང་པོ་ཆོས་ཉིད་ཀློང་རྡོལ་གླུའི་བསམ་གཏན་དང་། རིག་པ༴ ཡེ་ཤེས༴ བདེ་བ༴ བྱང་སེམས༴ དབྱིངས༴ འབྱུང་ལྔ༴ དངོས་གྲུབ༴ བརྩལ་མེད༴ གསང་བ༴ ནམ་མཁའ༴ ཕྲིན་ལས༴ རང་བྱུང་༴ སྐྱེ་མེད༴ ཆོས་སྐུ༴ སྐུ་གསུང་ཐུགས༴ གྲོལ་བ༴ ཤེས་རབ༴ ཀློང་རྡོལ་ཀླུའི་བསམ་གཏན་དང་བཅོ་བརྒྱད་དོ། །རིན་པོ་ཆེ་ཀློང་བརྡོལ་གྱི་གླུའི་བསམ་གཏན་འདི་ནི་ཀུན་གྱི་སྤྱིའོ། །རྡོ་རྗེ་གླུའི་མཚན་བྱང་རྫོགས་སོ།། །།
༅། །ན་མོ་གུ་རུ་ཨ་ཏི་འདི་ལ། ཤེས་སམ་གྲུབ་པ་དང་། སེམས་དོན་ཅིག་བཤད་དོ། །ཀུན་བཟང་དོན་ནམ། མེ་ཅིག་མ་གང་བདེ་བ་གྱེར་ནས། བླ་མའི་གསོལ་འདེབས་བྱེད། གླུ་ལེན་པས་གྲུབ་པའང་མཛད་ཀྱིན་གདའ། ཨ་ཏི་རྩལ་དབང་མདོ་ལུགས། ཟུར་ཧྂ་ཤཱཀ་འབྱུང་ཟིིན་བྲིས་རྩ་བ་ཨི་ཐཱི།། གཏད་རྒྱ་ལྔའི་གོ་དོན་གྱི་བརྗེད་བྱང་གི་འགྲེལ་པ་བཞུགས་སོ། །ན་མོ་གུ་རུ། མདུས་པ་མདོ་དབང་གི་གཏད་རྒྱའི་གོ་དོན་རྒྱས་པར་བརྗེད་བྱང་འགྲེལ་དུ་འདོད་པས། གནས་དབེན་པར་སྔོན་དབང་བསྐུར་བའི་ཞི་དཀྱིལ་དང་། དབང་རྟགས་དང་། དགོངས་འདུས་ལ་མཆོད་པ་བསྟར། སློབ་དཔོན་གྱིས་དགོངས་པ་བྱ། སློབ་བུ་རང་ཉིད་ཀྱིས་ཞི་བ་གཞུང་བསྲང་། ཚོགས་ལྷག་བྱ། རྒྱས་པར་ཕྲིན་གཞུང་དོང་སྤྲུགས་ནས་ཀུན་བཟང་དོན་ཡན་ཆད་བྱའོ། །མ་གྲུབ་ན། ཞི་བ་འབྲིང་པོ་ཐོན་པའི་རྗེས་སུ། སློབ་བུ་སྔར་དབང་རྫོགས་པ་ཐེག་དགུ་མདོ་ལུགས་སུ་ཐོབ་པ་ལ་བསྐུར་གྱི། དེ་མ་ཐོབ་པ་ལ་བསྐུར་ན། དམངས་རིགས་ལ་སྟེང་འཁོར་ལོ་བསྒྱུར་བའི་གདན་དང་བཀའ་རྟགས་བྱིན་པ་དང་འདྲའོ། །སྔར་ཐོབ་ཀྱང་དབང་བསྐྱར་དགོས་པས་བསྐྱར་ཏེ་བསྐུར་བའམ་ཕྱིས་ཞུ་བའི་མདུན་པ་བྱེད་དུ་གཞུག །སློབ་དཔོན་འོས་པ་ལ་གཏད་དོ། ༈ །འདུལ་བ་གཞུང་གི་དགེ་ཚུལ་བསྟན་པ་འདི་ལ། ལོ་བདུན་མ་ལོན་པ་དང་། གྲངས་གསུམ་པས་མང་བ་དང་། ལོ་ལོན་ཀྱང་བྱ་རོག་བསྐྲོད་མི་ནུས་པ་ལ་དགེ་སློང་དགེ་ཚུལ་མི་བྱེད། ལས་གྲལ་གྱི་དགེ་སློང་ལོ་ཉི་ཤུ་མངལ་བཅས་དབྱུག་པ་ལོ་འགོར་བྱས་པ་མ་སོང་བ་ལ་མི་བྱེད། གནས་ཀྱི་བླ་མ་དགེ་སློང་ལོ་ལྔ་ལོན་པ་དང་། སློབ་པའི་མཁན་པོ་དགེ་སློང་ལོ་བཅུ་ལོན་པ་མཁས་ཤིང་ཕན་ཐོགས་ཀྱིས་བྱེད་དགོས་པ་དང་། མཁན་སློབ་དགེ་འདུན་ཐམས་ཅད་ཐུགས་མཐུན་པས་ཉེས་པ་མཆིས་ན་གང་ཡང་སྣང་བས་ཞར་ལ་ཚེ་ཕྱི་མ་ལ་འབྲེལ་པ་འཇོག །འདིར་བསྟན་འཛིན་སུས་བྱེད་མི་ཤེས་པས་རྒྱུན་མི་ཉམས་པའི་སླད་དུ་བསྟན་པ་ལ་བསམས་ནས། སྔར་དབང་ཐོབ་པ་ལ་ཕལ་པ་ལའང་མཛད་དོ། །དེ་ནས་ཐར་པའི་ལམ་མཚོན་པའི་དར་རམ་རས་དཀར་པོ་ཕྱིས་རྐྱོང་དང་བསྡུར་ཉན་པ་ཅིག་ལ། གནས་བརྟན་བླ་མའི་དྲུང་ནས་ཁ་ལྟ་བའི་ཕྱོགས་དཀར་པ་ནས། རིམ་པར་ས་བཅུ་གསུམ་གྱི་ཚོམ་བུ་མིང་དོན་དྲན་ཅིང་། མྱུར་བར་ས་ཐོབ་ངེས་པར་འདུན་པས། མེ་ཏོག་གམ༴ འབྲས་བུའམ༴ རིན་པོ་ཆེའམ༴ སྨན་གྱི་ཚོམ་བུ་བཅུ་གསུམ་སྟེ། མས་རིམས་ཀྱིས་སྔགས་མཚན་ཉིད་ཀྱི་མིང་ཐུན་མོངས་པ་ནི། ལྷ་མོ་ནག་མོའི་མདོ་གཟུངས་དང་། རྒྱུད་གཞན་དག་ལས་ཀྱང་གསུངས་པ་འདི་སྐད་དུ། ནམ་ཡང་འཁོར་བར་མི་ལྟུང་ཞིང་། །མྱ་ངན་འདས་པ་ཐོབ་པའི་ཕྱིར། །ཉན་ཐོས་ས་རྣམས་ནོན་པ་དང་། །རྟེན་འབྲེལ་བཅུ་གཉིས་ཤེས་པར་བྱ། །བྱང་ཆུབ་སེམས་དཔའི་ས་རྣམས་ནི། །རབ་དགའ་དྲི་མེད་འོད་བྱེད་འཕྲོ། །སྦྱང་དཀའ་མངོན་གྱུར་རིང་དུ་སོང་། །མི་གཡོ་ལེགས་པ་ཆོས་ཀྱི་སྤྲིན། །ཕྱག་རྒྱས་ས་ཆེན་བླ་ན་མེད། །བཅུ་གཉིས་ས་ཡོངས་ཐོབ་འགྱུར་ཏེ། །ཀུན་ཏུ་འོད་དང་བདུད་རྩི་འོད། །ནམ་མཁའ་འོད་དང་རྡོ་རྗེ་འོད། །རིན་ཆེན་འོད་དང་པདྨའི་འོད། །ལས་ཀྱི་འོད་དང་དཔེ་མེད་པ། །དཔེ་ལྡན་པ་དང་ཤེས་རབ་འོད། །ཐམས་ཅད་མཁྱེན་དང་རང་རིག་སྟེ། །བཅུ་གཉིས་སངས་རྒྱས་ས་རྣམས་ཀྱང་། །འདི་ཚེ་བྱུང་ན་མྱུར་དུ་ཐོབ། །ཅེས་པ་བཅུ་གཉིས་བསྟན་ལ། དེའང་༴ སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །སེར་སྣ་འཆལ་ཁྲོ་ལེ་ལོ་བྲལ། །བསམ་གཏན་ཤེས་རབ་ཐབས་སྟོབས་ཀྱིས། །གཡེང་རྨུགས་མི་མཁས་རྒོལ་བ་སེལ། །སྨོན་ལམ་ཡེ་ཤེས་ཕ་རོལ་ཕྱིན། །ངན་འགྲོ་ལོག་རྟོག་བག་ཉལ་འཇོམས། །ཡེ་ཤེས་ལྔ་དང་ཆོས་ཀྱི་དབྱིངས། །རང་བྱུང་ཡེ་ཤེས་བཅུ་གཉིས་པའོ། །པདྨ་སྤྱན་དང་ཡི་གེ་འཁོར། །ཀོར་བདུན་བཅུ་གསུམ་རྡོ་རྗེ་འཛིན། །བླ་མའི་ས་སྐོར་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་དབྱིངས་ཤེས་བདུན། །ཞེས་བྱ་སྟེ། གསེར་འོད་དམ་པར། ཐབས་སྨོན་སྟོབས་ཞེས་དང་། ས་བཅུའི་མདོ་ལྟར་རྒྱས་པར་དེ་ཚེའི་དོན་བཤད་ཀྱང་རུང་། མ་བཤད་ཀྱང་ཉན། ཁྲུས་བྱ༴ བགེགས་བསྐྲད༴ ཚེ་སྲུང་༴ སྐྱོ་བ་དང་དད་པ་བསྐྱེད། དེ་ནས་བླ་མའི་དྲུང་དུ་ཡོན་གསེར་ཞོ་གང་བས་མི་ཉུང་བའི་རྫས་ཀྱིས་བརྒྱན་བྱས་ཏེ། རྒྱ་གར་ན། རིན་པོ་ཆེ་ཀར་ཤ་པ་ནི་རྒྱལ་པོའི་རྒྱ་ཅན། ཧོར་གྱི་ཆ་ཧོ། བལ་པོ་ན་འདྲ་མིན། བོད་ཀྱི་ཡ་ཚེ་ན་མེ་ཏོག་ཡོད་དོ། །གང་ལྟར་ནའང་སློངས་མོ་པ་ཡིན་ཀྱང་། རྒྱ་འདི་བསྒྲུབ་པར་བྱ་སྟེ་རེ་ཞིག་གཡར་བས་ཀྱང་འགྲུབ་སྟེ་བཙུན་གསར་གྱི་གོས་དང་ལྷུང་བཟེད་ལྟར་རོ། །དེ་ནས་སློབ་དཔོན་གྱིས་གནང་བ་ཞུ་བ་དང་། བཟོད་གསོལ་ཡིད་ཀྱིས་རང་གི་བླ་མ་དང་དཀྱིལ་འཁོར་ལ་བྱས་ལ། མཎྜལ་དེའང་མཆོད་པ་བསྣན་པ་ཅུང་ཞིག་དང་བཅས་ནས་དབུལ་ཞིང་། རྫས་དེའང་ཆུད་མི་ཟ་བར་སྲུང་སྤེལ་དོན་འགྱུར་མཁོ་ཆ་བྱའོ། །འབྱོར་ལྡན་གཅིག་ལ་བརྟེན་ནས། གཞན་མས་གང་གྲུབ་བྱ་བའང་སྤྱན་རས་གཟིགས་ཀྱི་འགྲེལ་པ་ནས་བཤད་དོ། །དེ་ནས་བུ་རྣམས་གྲལ་ལ་འདུག་ལ་སྐྱབས་འགྲོ་སེམས་བསྐྱེད་དང་གསོལ་འདེབས་བྱེད་དུ་གཞུག །དམིགས་པ་མ་ཡེངས་པས་འཛབ་ཅི་རིགས་པའང་བགྲང་། རྒྱས་པར་དྲུག་གསུམ་བཅོ་བརྒྱད་པ་དང་། ཐེག་འོག་ནས་འདྲེན་པའི་ལས་དང་། སྔགས་ཀྱི་ཀྲས་གདང་ངམ་དབང་པོ་རྣམས་སྐབས་འདིའམ་གཞན་དུ་འཆད་པའམ་ཉན་དགོས་སྙན་རྒྱུད་འདི་བསྒྲག་གོ། །དེའང་སྔོན་འགྲོ་འདི་དྲན་དུ་བཞུགས་པར་བྱའོ། ༈ །ཤར་ཕྱོགས་མངོན་དགའ་ན་སངས་རྒྱས་མི་བསྐྱོད་པ། ལྷོ་ཕྱོགས་དཔལ་ལྡན་ན་སངས་རྒྱས་རིན་འབྱུང་། ནུབ་ཕྱོགས་བདེ་བ་ཅན་དུ་སངས་རྒྱས་འོད་དཔག་མེད། བྱང་ཕྱོགས་རྣམ་དག་ན་སངས་རྒྱས་གདོན་མི་ཟ་བར་གྲུབ་པ། སྟེང་ཕྱོགས་དབུས་བྱང་ཆུབ་ཀྱི་སྙིང་པོ་ཅན་དུ་སངས་རྒྱས་རྣམ་པར་སྣང་མཛད། དབུས་མི་མཇེད་དུ་སངས་རྒྱས་ཐུབ་པའི་དབང་པོ་དང་། འགོ་ཐལ་བས་ཁེབས་པར་སངས་རྒྱས་ཐལ་བའི་དབང་པོའི་དབྱངས་དང་། བྱུང་ཚུལ་རྣམས་དགོངས་འདུས་ཀྱི་གླེང་གཞི་ཚོ་བསྒྲག་པའམ། མ་བསྒྲགས་ཀྱང་རུང་། རྒྱས་བསྡུས་གང་བྱེད་ཀྱང་། ཤེས་རྒྱུད་ལ་ངེས་པ་རྙེད་པར་བརྗོད་པ་གལ་ཆེའོ། །གལ་ཏེ་དགོངས་འདུས་སྒྲོག་ན་དབང་ཐོབ་རྗེས་ཡིན་ཅིང་བཀྲ་ཤིས་ཀྱི་སླད་དུ། ཀྱཻ་མ་ཀྱི་ཧུད་དང་༴ སངས་རྒྱས་གྲོངས་པའི་གཏམ་དང་ཚིག་སྨྲེ་སྔགས་ཀྱི་རྗེས་བཟློས་མི་བརྗོད་པ་དང་། བདུད་ཐུལ་བ་ལ་སོགས་པའི་སྐབས་ཀྱི་འཕྲོད་བཟང་བ་ལ་མགོ་གཟུགས་པ་དང་མཚམས་བཞག་པར་བྱའོ། །རན་པ་དང་མཚམས་པར་བཤད་པར་བྱའོ། །ཨཐྎ ཞིང་ཁམས་ཐམས་ཅད་དུ་གྲགས་པར་མོས་པ་བྱ།།
༅། །སྟོན་པ་གསང་བའི་བདག་པོ་ལ་གཏད་རྒྱ་སྙན་རྒྱུད་ནི་ཕྱག་འཚལ་ལོ། །སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཆེ་ལ་ཐབས་མཁས་པ་དེས། ལྷའི་གནས་དགའ་ལྡན་ནས་མིའི་གྲོང་ཁྱེར་ཆེན་པོ་སེར་སྐྱར་འཁྲུངས་ནས། སྐྱེ་འགྲོའི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་བཀའ་སྩལ། ཉན་ཐོས་ཀྱི་ཐེག་པ་ཆུ་བོ་ན་ར་ཛ་རར་བཀའ་སྩལ། རང་སངས་རྒྱས་ཀྱི་ཐེག་པ་ཀུན་དགའ་ར་བར་བཀའ་སྩལ། བྱང་ཆུབ་སེམས་དཔའི་ཐེག་པ་བྱ་རྒོད་ཕུང་པོའི་རིའམ་རྒྱལ་པོའི་ཁབ་ཏུ་བཀའ་སྩལ། ཀྲི་ཡ་བ་ར་ན་སེར་བཀའ་སྩལ། ཨུ་པ་ཡ་རི་རབ་ཀྱི་རྩེ་ལ་བཀའ་སྩལ། ཡོ་ག་མེ་རི་འབར་བར་བཀའ་སྩལ། ཨུ་ནུ་ཡོ་ག་བསིལ་བའི་ཚལ་དུ་བབས། ཨ་ཏི་ཡོ་ག་དྷ་ན་ཀོ་ཤའི་གླིང་དུ་བབས། མ་ཧཱ་ཡོ་ག་རྒྱལ་པོ་ཛའི་ཁང་སྟེང་དུ་བབས། ༈ སེམས་ཅན་མ་སྨིན་པ་སྨིན་པ་དང་། སྨིན་པ་གྲོལ་བའི་ལམ་ལ་བཀོད་ནས། སྐུ་མྱ་ངན་ལས་འདའ་བར་དགོངས་ནས་གསང་སྔགས་ཕྱིས་འབྱུང་བར་ལུང་བསྟན་པ། ང་ནི་འདི་ན་མི་གནས་ནས། ལོ་ནི་བརྒྱ་དང་བཅུ་གཉིས་ན། །འཛམ་བུ་གླིང་གི་ལྷོ་ཕྱོགས་ན། །བསྟན་པའི་སྙིང་པོ་དམ་པ་ཞིག །ལྷ་གནས་གསུམ་དུ་གྲགས་པ་ཡི། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས། །གསང་སྔགས་འབྱུང་བའི་ལུང་བསྟན་པའོ། །མི་ལས་དམ་པ་སྐལ་བཟང་རྣམས། །ལུང་དེ་ལ་ནི་བསྙན་པར་གྱིས། །ཞེས་གསུངས་ཏེ་མྱ་ངན་ལས་འདས་ནས་ལོ་ཉེར་བརྒྱད་ཀྱི་དུས་སུ། རྒྱལ་པོ་ཛ་དང་དམ་པའི་རིགས་ཅན་ལྔ་ལ་གསང་བའི་བདག་པོ་དངོས་སུ་བྱོན་ནས། ལྷོ་འཛམ་བུ་གླིང་དང་། ལྷོ་ནུབ་རྔ་ཡབ་གླིང་གི་རི་བོ་མ་ལ་ཡའི་རྩེ་མོར་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། གདམས་པའི་མཛོད་གསུམ་ཨ་ནུའི་ཆོས་སྐོར་དང་། ཏན་ཏྲ་སྡེ་ཆེན་པོ་བཅོ་བརྒྱད་མ་ཧཱ་ཡོ་གའི་ཆོས་སྐོར་ལ་སོགས་པ་ཕྱེ་ནས་དེའི་མན་ངག་དང་འགྲེལ་པ་དང་ཕྲ་མོ་ལ་སོགས་པར་ཕྱེ་ནས་བསྐྱེད་རྫོགས་གཉིས་ཀྱི་བསྟན་པ་དར་བར་མཛད་དོ། ༈ །དུས་དེ་ཙམ་ན་རྒྱལ་ཁམས་ཡོངས་ཀྱི་རྗེ་ལ། མཆོག་ཏུ་གཅེས་པའི་ནོར་དང་ལོངས་སྤྱོད་ནི་མང་ཞིང་ཆེ། རྒྱུའི་ཆོས་རབ་ཏུ་ཟབ་པའི་བསྟན་ཆོས་རྣམས་ནི་དར་ཞིང་རྒྱས། དབྱིག་ཏུ་སྒྲུབ་པའི་གསང་སྔགས་བླ་ན་མེད་པ་རྣམས་ནི་མ་བྱུང་བའི་དུས་དེ་ཙམ་ན། ཡབ་རྒྱལ་པོ་དྷ་ན་ཀོ་ཤ་ཞེས་བྱ་བའི་བུ་མོ་སྲིད་པ་གཡུང་དྲུང་མཚོ་ཞེས་བྱ་བ། ཆོས་མཛད་ཡོངས་ཀྱི་དགོན་གནས་དྷ་ན་ཀོ་ཤའི་གླིང་ཕུག་རིན་ཆེན་གཡུ་ལྡིངས་ཚལ་དུ། རབ་ཏུ་བྱུང་ནས་ཆོས་ལ་བྱོན་པས་ལམ་དུ་གསེར་བྱ་གཤོག་པ་གཡུ་ལ་བྱས་པ། མཆུ་སྡེར་ལྕགས་ལ་བྱས་པ། ལུས་པོ་བྱིན་པོ་གསེར་ལ་བྱས་པའི་བྱ་ངུར་པ་ཞིག་བྱུང་ནས། སྲིད་པ་གཡུང་དྲུང་མཚོའི་སྙིང་ཁར་མཆུ་ལན་གསུམ་བཙུགས་ཏེ། འདི་སྐད་དོ། །སྲིད་པ་གཡུང་དྲུང་མཚོ་ཁྱོད་ལ་དོ་ནུབ་མི་རིང་དཀར་པོ་ཞིག་བྱིན་གྱིས་བརློབ་ཏུ་ཡོང་གིས། དེའི་ངག་མ་བཅག་ཅིག་ཟེར་ནས་བྱ་ངུར་པ་དེ་འཕུར་སྐད། ངུར་པ་དེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྤྲུལ་པའོ། །བུ་མོ་དེ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དངོས་ཡིན་གསུང་ངོ་། །དེའི་ནུབ་མོ་གཟིམས་ཙ་ན། མི་རིང་དཀར་པོ་ཞིག་ཅིས་ཆུ་བུམ་པ་གང་ལ་བྱིན་རླབས་བྱས་ནས། གཡུང་དྲུང་མཚོའི་སྤྱི་བོ་ན་མར་བླུགས་པ་རྨི་སྐད། མི་དེ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དངོས་ཡིན་གསུང་སྐད། ནང་པར་སྒོ་རྩར་ཕྱིན་ཙ་ན་སྒོ་འདན་གྱི་ཁ་ན་འདུག་པ་དེ་དཔུང་པ་རུ་ཆགས་ནས་འདི་སྐད་དོ། །སྲིད་པ་གཡུང་དྲུང་མཚོ་ཁྱོད་ལོའི་དུས་ཟླ་བའི་དུས་ནང་དུ་ཁྱེའུ་ངོ་མཚར་ཅན་ཞིག་འཁྲུངས་པར་འདུག་གིས། དེ་ལ་རྩ་གཅི་ལེགས་པར་གྱིས་ཤིག་ཟེར་སྐད། དེ་ནས་གཡུང་དྲུང་མཚོ་ལུས་ཇི་མི་བདེ་བ་ལ་སོགས་པ་ལས། ཟླ་བ་དགུ་ངོ་བཅུ་ན་བུ་ཞིག་སྐྱེས་པ་དེ། ཐུགས་ཁ་རྩིབས་མའི་གོ་བར་མཆན་ཁུང་གཡས་ནས་གསེར་གྱི་རྡོ་རྗེ་ཞིག་རང་འཁྲུངས་སུ་བྱོན་པ་དང་། །ཡུམ་ལ་རྨ་མེད་པར་ལྟམ་སྟེ། དེ་ཉིད་ལ་ལྟས་པ་ཙམ་གྱིས་གསེར་གྱི་རྡོ་རྗེ་རང་ཞིག་པའི་ནང་ནས། ཁྱེའུ་མཚན་དཔེ་དང་ལྡན་པ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཞལ་ཐོན་དུ་མཛད་ཅིང་བཞད་པ་ཞིག་བྱུང་བ་དང་ཡུམ་གྱིས་ཁོང་རང་གི་ཡབ་ལ་སྔར་གྱི་བྱུང་ཚུལ་རྣམས་ཞུས་པས། ཡབ་རྒྱལ་པོའི་ཞལ་ནས། འདི་ནི་སྤྲུལ་པའི་སྐུ་དངོས་སུ་བྱོན་པ་ཡིན་གསུང་ནས་ཤིན་ཏུ་མཉེས་ཏེ། མཚན་ཡང་སྤྲུལ་སྐུ་དགའ་རབ་རྡོ་རྗེར་མངའ་གསོལ། ཁ་ཅིག་ཏུ་བཛྲ་ཧ་ས་རྡོ་རྗེ་བཞད་པ་ཞེས་ཀྱང་ཟེར་བ་དེ་དཀྲུན་པ་དང་། མ་ན་རེ་གཡོག་མོ་ལ་ང་བཙུན་མ་ཞིག་ལ་ཕ་མེད་པའི་བུ་འདི་འདྲ་བ་སྐྱུག་བྲོ་ཐལ་ཁུང་དུ་སྐྱུར་ལ་ཤོག་གསུང་ནས། གཡོག་མོ་དགེ་ལྡན་མ་བྱ་བ་དེས་ཐལ་ཁུང་དུ་བསྐྱུར། དེར་ཞག་དྲུག་ལོན་པ་དང་། མ་ན་རེ་ཤ་ལ་ཆད་པའི་བུ་ཚ་ཡང་ཡིན། སྙིང་རྗེ་བར་དུ་འདུག་གིས་མ་ཤི་བར་འདུག་ན་ལོང་ལ་ཤོག་གསུང་ནས། གཡོག་མོས་ཕྱིན་པས་ཐལ་ཁུང་ན་འཕྲ་ཤགས་ལིང་ལིང་འདུག་ནས་བླངས་ཏེ་མཚན་ཡང་རོ་ལངས་ཐལ་མདོག་བྱ་བར་བཏགས་སོ། །སྣང་སྲིད་བདེ་བ་ལ་བཀོད་པས་རོ་ལངས་བདེ་བ་བྱ་བར་ཡང་གྲགས་པ་དེས། རྒྱལ་པོ་དྷ་ཧི་ན་ཞེས་བྱ་བའི་བུ་མོ་རིན་ཆེན་གསལ་སྒྲོན་ཞེས་བྱ་བ་གྲོགས་སུ་ཁྲིད་ནས། དང་པོ་ཟླ་ཁམ་འོད་འཕྲོ་སེང་གེ་ནགས་སྟེངས་ཀྱི་ཚལ་དུ། སློབ་དཔོན་ཆེན་པོ་གྱིང་ཀ་ར་ལ། རྩལ་ཆེན་གྱི་དབང་ཞེས་བྱ་སྟེ། ཕ་རོལ་དུ་ཕྱིན་པ་མཛད་པ་ཉི་ཤུའི་དབང་ནོས་སོ། །དེ་ནས་པདྨ་མེ་ཏོག་ལྗོན་ཤིང་གི་ཚལ་དུ་སློབ་དཔོན་ཆེན་པོ་ཀླུ་གྲུབ་ཙན་ཏི་ཀ་ལ། གཏན་ཚིགས་སྒྲོ་གླེང་གི་དབང་ཞེས་བྱ་སྟེ། ཀྲི་ཡའི་དབང་མཆོག་ཉི་ཤུ་རྩ་དྲུག་ནོས། དེ་ནས་ལྷ་བྱ་སྐད་སྙན་ལྗོན་ཤིང་གི་ཚལ་དུ། སློབ་དཔོན་ཆེན་པོ་པདྨ་ཀུ་མ་ཏི་ལ་ཡོ་ག་བཀྲ་ཤིས་དྲུག་ཅུ་རྩ་བཞི་པའི་དབང་ནོས། དེ་ལྟར་ཕྱི་དབང་བརྒྱ་རྩ་བརྒྱད་ནོས་སོ། །དེ་ནས་སློབ་དཔོན་ཆེན་པོ་རབ་ཏུ་གསལ་བ་ལ། གདན་བཞི་ནི་ཞབས་དྲུང་ན་འཁྲིགས། ཕྱོགས་བཞི་ནས་བརྒྱན་རིན་པོ་ཆེ་རྣམས་ནི་འབར། མི་ནོར་སྣ་དགུ་ནི་ས་གཞི་ལ་དོད། སྡུག་མཛེས་ཀྱི་མེ་ཏོག་སྣ་ཚོགས་ནི་ས་གཞི་ལ་འཁྲུངས། མཛེས་པའི་དར་བཀྲ་ནི་དཔག་བསམ་གྱི་ཤིང་ལས་བྱུང་། འབྲུ་སྣ་དགུ་ནི་ལྗོན་ཤིང་གི་ཡལ་ག་ལ་ལྟུང་། དེ་ལྟར་འདོད་པའི་ཡོན་ཏན་ལྔའི་རྒྱུད་མ་སྤངས་པའི་ཕུན་སུམ་ཚོགས་པས་མཉེས་པར་བྱས་པ་དང་། སློབ་དཔོན་གྱི་རྒྱུད་ཆེན་པོ་གཅིག་ལ། ༈ སྐུ་ཡི་རྒྱུད་སངས་རྒྱས་མཉམ་སྦྱོར། །གསུང་གི་རྒྱུད་ཟླ་གསང་ཐིག་ལེ། །ཐུགས་ཀྱི་རྒྱུད་གསང་བ་འདུས་པ། །ཡོན་ཏན་གྱི་རྒྱུད་དཔལ་མཆོག་དང་པོ། ཕྲིན་ལས་ཀྱི་རྒྱུད་ཀརྨ་མ་ལེ། ཀྲི་ཡ་ཐམས་ཅད་ཀྱི་རྒྱལ་པོ་ཆ་གསུམ། མཚམས་ཐམས་ཅད་ཀྱི་རྒྱལ་པོ་སྲུང་བའི་འཁོར་ལོ། དཀྱིལ་འཁོར་ཐམས་ཅད་ཀྱི་རྒྱལ་པོ་ཡང་དག་དགུ་པ། རྫས་ཐམས་ཅད་ཀྱི་རྒྱལ་པོ་ལྷ་མོ་གནས་དཀར། མ་ཏང་གཞོམ་གཤིན་རྗེ་གསལ་ཞིང་། སྨན་ཐམས་ཅད་ཀྱི་རྒྱལ་པོ་བདུད་རྩི་བུམ་ལུང་། ཞི་བ་ཐམས་ཅད་ཀྱི་རྒྱལ་པོ་རིན་ཆེན་དྲྭབ། ཁྲོ་བོ་ཐམས་ཅད་ཀྱི་རྒྱལ་པོ་བསྐྱེད་རྫོགས་ཆེན་པོ། སྒོམ་པ་ཐམས་ཅད་ཀྱི་རྒྱལ་པོ་ཡ་མཚན་མི་གཡོ་བ། དབང་ཐམས་ཅད་ཀྱི་རྒྱལ་པོ་ནོར་བུ་ཕྲེང་བ། ༈ གཞན་ཡང་འཇུག་དོན་བཤགས་པ་དང་སྙིང་པོ་དང་དཀྱིལ་འཁོར་བཀོད་པ་ལ་སོགས་པ་ཏན་ཏྲ་དང་བསྟན་ཆོས་ཐམས་ཅད་ཀྱི་བཀའ་བབས་སོ། །དེ་ནས་བྱུ་རུ་དམར་པོ་ཆུ་མིག་དགུ་སྒྲིལ་གྱི་ཚལ་དུ། རོ་ལངས་བདེ་བ་དང་རིན་ཆེན་གསལ་སྒྲོན་ལ་དབང་བཞི་རྫོགས་པར་བསྐུར་ཏེ། ཕྱི་ཡོ་བྱད་ཟང་ཟིང་རྫས་ཀྱི་དབང་རྫོགས་པར་བསྐུར། ནང་རིག་པ་ཏིང་ངེ་འཛིན་གྱི་དབང་དང་། ཡེ་ཤེས་ལྔའི་དབང་བསྐུར། གསང་བ་བྱང་སེམས་ཆོས་ཉིད་ཐུགས་ཀྱི་དབང་བཞི་བསྐུར་རོ། །དེ་ནས་རྟོགས་ཚོགས་ལྷའི་དཀྱིལ་འཁོར་དུ་དབང་བསྐུར་ནས། ཤེལ་གྱི་ཆག་ཤིང་རིན་པོ་ཆེ་སྣ་ལྔས་བརྒྱན་པ་ཞིག་དབང་རྟགས་སུ་བྱིན་ནོ། །གྲོགས་མོ་ལ་འཕྲུལ་གྱིས་སྣང་སྲིད་མེ་ལོང་ལ་འཛམ་བུ་གླིང་དུས་ཅིག་ཏུ་གསལ་བ་ཞིག་དབང་རྟགས་སུ་བྱིན་ནོ། །དེ་ནས་རིན་ཆེན་གཡུ་ལྡིང་ཚལ་དུ་ལོག་ནས། རྒྱ་གར་ཡུལ་གྱི་ཕ་རོལ་ཨོ་རྒྱན་ཡུལ་གྱི་ཚུ་རོལ། མ་ར་ཏི་ཀའི་བྲག་ཕུག་ཏུ། ཨོ་རྒྱན་གྱི་རྒྱལ་པོ་དྷརྨ་ཡ་དང་། ཀླུའི་བུ་མོ་རྒྱ་མཚོ་གཉིས་ཀྱིས། ཨོ་རྒྱན་གྱི་ཡུལ་ནས་སློབ་མ་བསྡུས་ནས་ཚོགས་བསྒྲུབས་པས་མངོན་པར་རྫོགས་པར་སངས་རྒྱས་པ་འབའ་ཞིག་བྱུང་ངོ་། ༈ །དེས་ཟ་ཧོར་གྱི་རྒྱལ་པོས་བསྟན་ནས་དབང་བསྐུར། དེས་སིང་ངའི་རྒྱལ་པོ་ལ། དེས་དགེ་སློང་པཀྱོ་དྷེ་བ་ལ། དེས་སློབ་དཔོན་ཆེན་པོ་དྲག་པོ་རྩལ་ཞེས་བྱ་སྟེ་སྒེག་པ་རྡོ་རྗེ་ལ་བསྟན། དེས་ཆོས་བློན་དྷེ་བ་ལ། དེས་མཁན་པོ་ཆོས་རྒྱལ་སྐྱོང་ལ། དེ་དག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་དང་མི་གཉིས་ཞིང་། ཡེ་ཤེས་ལྷས་མངོན་སུམ་དུ་དབང་བསྐུར་བ། སངས་རྒྱས་ལ་བཀའ་མཆིད་མི་བཞིན་དུ་མོལ་ཞིང་། ད་ལྟར་ཡང་རིག་འཛིན་གྱི་གྲལ་ན་བཞུགས་པ་ཡིན་ནོ། ༈ །དེས་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་ལ་བསྟན་ཏེ། སློབ་དཔོན་དེས་རྒྱ་གར་དུ་ལན་ལྔ་བྱོན་ནས། གྲུབ་ཐོབ་མང་པོ་དང་མཇལ་ཞིང་། གྲུབ་ཐོབ་མང་པོའི་རོ་མྱངས། མཁས་པ་མང་པོའི་བཅུད་ཕྱིན། མཆོག་ཐུན་མོང་གི་དངོས་གྲུབ་བརྙེས། །ཁྲོ་བོ་སྟོབས་པོ་ཆེ་ཡིས་དངོས་སུ་དབང་བསྐུར། སྟོབས་པོ་ཆེའི་ཕྱག་གི་རྡོ་རྗེ་དེ། ནམ་མཁའི་མཐོངས་ནས་རང་བབས་ནས། །ངའི་ལག་པ་གཡས་སུ་བྱུང་། དགའ་ཞིང་སྤྲོ་ནས་ལན་གསུམ་གསོར། །ཅེས་གསུངས། གཞན་ཡང་དྲི་ཟ་ཕྲུ་གུ་བཟུང་། །ཀླུ་ཡི་རྒྱལ་པོས་ཆོས་སྟོན་དྲངས། །གསང་བའི་བདག་པོ་ལག་ན་རྡོ་རྗེ་གཙོ་འཁོར་དགུའི་ཞལ་གཟིགས། གཞན་ཡང་གྲུབ་པ་མང་པོ་བརྙེས་ཤིང་། ལྷ་སྲིན་སྡེ་བརྒྱད་ལ་དབང་ཐོབ། །ད་ལྟ་ཡང་རྡོ་རྗེ་འཆང་གི་གྲལ་ན་བཞུགས་པ་ལགས་སྐད། ཨ་མེས་སངས་རྒྱས་ཀྱི་ཐུགས་ཀྱི་སྲས་མཚོ་བཞི་བྱ་བར་གྲགས་པ་ལས། ཁུ་ལུང་ཡོན་ཏན་རྒྱ་མཚོ་ལ་དབང་གི་གདམས་ངག་གི་བཀའ་བབས། བླ་མ་དེ་ཡང་སྤྲུལ་པ་མང་པོའི་ཞལ་གཟིགས། མཆོག་ཐུན་མོང་གི་དངོས་གྲུབ་ཁྱད་པར་ཅན་རྙེད། སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་བཀའ་ཉན། ཟག་མེད་བདེ་བའི་ཉམས་དང་ལྡན་པ་ལགས་སྐད། པ་ཀོར་སློབ་དཔོན་ཆེན་པོ་འཕགས་གསལ་ལ་དབང་བསྐུར་ཞིང་བཤད། དེ་ལ་གཞུང་གི་བཀའ་བབས། སོ་ཡེ་ཤེས་དབང་ཕྱུག་ལ་ལྟ་བའི་བཀའ་བབས། སྲུ་ལེགས་པའི་སྒྲོན་མ་ལ་དབང་བཞི་ཆུ་བོའི་བཀའ་བབས། ༈ དེས་བོད་ཡེ་ཤེས་བྱང་ཆུབ་དང་། གཡར་གསལ་བའི་བྱང་ཆུབ་དང་། རྒྱ་བློ་གྲོས་གཞོན་ནུ་དང་། རྒྱ་ཤཱཀ་མཆོག་དང་། ཞུ་བསོད་ནམས་ཤཱཀྱ་ལ་སོགས་དགེ་མཆེད་མི་ལྔའམ། དགེ་མཆེད་མི་བཅོ་ལྔ་ལ་འདུས་པ་ཆེན་པོའི་དབང་བསྐུར་ནས་ཐམས་ཅད་སྨིན་པ་དང་གྲོལ་བས་ལམ་ལ་བཀོད། ཕྲིན་ལས་ཀྱི་བདག་པོར་མངའ་གསོལ་ལོ། །ཞུ་བསོད་ནམས་ཤཱཀྱས། ལྷ་རྗེ་ཆེན་པོ་ཟུར་ཤཱཀྱ་འབྱུང་གནས་ལ་དབང་བསྐུར། ལྷ་རྗེ་ཆེན་པོ་དེ་ཡང་། སངས་རྒྱས་རྣམས་ཀྱིས་བསྟན་པའི་བདག་པོར་ལུང་བསྟན། ཡི་དམ་ལྷའི་ཞལ་གཟིགས། བཀའ་ཕྱི་ནང་གི་ཆོས་ལ་མངའ་བརྙེས་པ་ལགས་སྐད། དེས་ལྷ་རྗེ་ཟུར་ཆུང་ཤེས་རབ་གྲགས་པ་ལ་དབང་བསྐུར་བ་ཡིན། དེ་ཡང་ལྟ་དགོངས་ཀྱི་རྩེ་མོར་གྱུར་ཅིང་། ཤེས་བྱའི་གནས་ལ་ཐོགས་པ་མེད་པར་སྤྱོད་པ་ཞིག་ལགས་སྐད། དེས་གླན་ཤཱཀྱ་བྱང་ཆུབ་གསང་སྔགས་ཀྱི་བདག་པོ་ལ་གནང་། དེས་ཟུར་ཤཱཀྱ་སེང་གེ་གསང་བདག་ཕྱག་རྡོར་ལ་གནང་། དེས་བླ་མ་འགར་ལའོ། ༈ །ཡང་ཟུར་ཆུང་གིས་ལྷ་རྗེ་གླན་ཤཱཀྱ་བཟང་པོ་གཉིས་ལ་གནང་། དེ་ཡང་སྣང་གྲགས་ཀྱི་ཆོས་ལ་བྱན་ཚུད་ཅིང་སྣང་བ་སྒྱུ་མར་མཁྱེན་པས། ཕྲིན་ལས་ལ་ཐོགས་པ་མེད་པ་མངའ་བ་ཞིག་ལགས་པར་གདའ། དེ་ཡིས་ལྷ་རྗེ་འགར་སྟོན་ཟུང་པོ་ལ་གནང་། དེ་ཡང་ཡེ་ཤེས་ཀྱི་མཁའ་འགྲོ་མས་དངོས་སུ་དབང་བསྐུར་བྱིན་གྱིས་རླབས་ཤིང་ཟག་མེད་ཀྱི་ཉམས་དང་ལྡན་པར་རྟག །དེས་བླ་མ་རྡོ་རྗེ་རྒྱལ་མཚན་ལ་གནང་། དེ་ལ་དབང་གི་ཆུ་བོ་བཞི་ཆར་གྱི་བཀའ་འདུས། ཡོན་ཏན་ཆེན་པོ་དུ་མ་མངའ། །ཁྱད་པར་དུ་དཀྱིལ་འཁོར་གྱི་བདག་པོ་མཛད་ནས་ཕྱག་བཞེས་ཐམས་ཅད་ཕུལ་དུ་གྱུར་པ་མཁྱེན། ཐུགས་རྗེའི་སྤྱན་མངོན་ཤེས་ཐོགས་པ་མེད་པ་མངའ་བ་ལགས་པར་གདའ། དེས་བླ་མ་ཆེན་པོ་ལྷ་རྗེ་གླན་རྡོ་རྗེ་འོད་ཉ་ཚལ་བ་ཆེན་པོ་ལ་གནང་། དེ་ཡང་རིག་པའི་གནས་གང་ལ་ཡང་ཐོགས་པ་མེད་ཅིང་། ཆོས་ཀྱི་སྤྱན་མིག་མངའ་བ་ལྷག་པའི་ལྷ་གསང་བའི་བདག་པོའི་ཞལ་གཟིགས་ཤིང་དབང་བསྐུར་བ། རབ་ཏུ་བྱུང་བ་ཐར་པའི་རྒྱལ་མཚན་ཅན་གསུང་ཕུ་སྣེའུ་ཐོག་གི་མཁན་པོ་མཛད་པར་ཞུ་ཕུལ་བའི་དུས་སུ། སྔགས་ཀྱི་དོན་ཆེ་བར་དགོངས་ནས་སྤྲུལ་པའི་སྐུ་ཁྱིམ་པའི་ཚུལ་གྱིས་འགྲོ་བ་རྣམས་ཐར་པའི་ལམ་ལ་བཀོད་པ། མཁན་བཙུན་མང་པོའི་གཏུགས་ས་ལགས་པར་གདའ། དེས་བླ་མ་ཆེན་པོ་གླན་བསོད་རྒྱལ་ལའོ། །དེས་རིག་པ་འཛིན་པ་ཆོས་ཀྱི་སྡོང་པོ་ལ་གནང་། དེ་ཡང་ཕྲིན་ལས་ལ་ཐོགས་པ་མེད་པ་སྣང་གྲགས་ཐམས་ཅད་སྒྱུ་མར་མཁྱེན་པས། དྲེགས་པ་ཅན་བདུད་ཀྱིས་བར་མི་ཆོད་ཅིང་མངོན་པར་ཤེས་པ་ལྔ་དང་ལྡན་པ་ལགས་པར་གདའ་ཞིང་། དེས་བླ་མ་ཆེན་པོ་གླན་བསོད་ནམས་རྒྱལ་པོ་ལ་ཡང་གདམས་པ་ལ་སོགས་པ་མང་དུ་ཕུལ་ནས། ཁོང་གི་ཞབས་སྤྱི་བོས་ལེན་ཅིང་དམ་ཚིག་རིན་པོ་ཆེ་ལ་གཅེས་སྤྲས་མཛད་པ། བླ་མ་དམ་པ་རྣམས་སངས་རྒྱས་རྣམས་དང་མི་གཉིས་པར་ཁུར་བ་ལགས་གདའ། དེ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟར་གྱི་བླ་མ་ཆེན་པོ་ཆོས་ཀྱི་སྤྱན་མིག་ཅན། ཡར་འཁུམས་སུ་ཐ་མལ་གྱི་སེལ་མེད་པར། གྲུབ་ཐོབ་ཀྱི་བཀའ་སྲོལ་ཆེན་པོ་གངས་ཀྱི་ཐིགས་པ་ལྟ་བུར་ཟང་ཟ་ར་ཚགས་སུ་བརྒྱུད་པའི་བརྒྱུད་ཁུངས་དང་གཏད་རྒྱའི་མན་ངག་སྟེ། ཐ་མ་ལ་དགོས་པའི་ལག་ཆ་ཞེས་བྱ་བའི་མདོའི་ལ་གཅེས་པའི་ཆ་ཞིག་ལགས་སོ། །ལྷ་རྗེ་གླན་ཆེན་པོའི་ཞལ་ནས་འཁྲུངས་པ། ཨཐྎ།། །།
༅། །ན་མོ་གུ་རུ་བྷེ། བླ་མ་ཆེན་པོ་བསོད་རྒྱལ་དེས་ཁོང་རང་གི་ཡབ་ཀྱིས་སྣ་དྲངས་པའི་མཁས་བཙུན་ཐམས་ཅད་ལ་ཐུག །བཀའ་དང་རྒྱུ་འབྲས་ཀྱི་ཆོས་མཐའ་དག་ལ་མཁས་ཤིང་། སྐྱེ་བ་མེད་པ་ལ་ཤེས་པའི་རྒྱུད་སྦྱངས་པ། ཡི་དམ་གྱི་ལྷས་དངོས་སུ་དབང་བསྐུར་ནས་དབང་གི་ཆུ་བོ་རྫོགས་པ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་བསྟན་པ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཐུགས་སུ་ཆུད་པ། ཕྲིན་ལས་ཇི་ལྟར་སྤྱོད་ཀྱང་བར་ཆོད་ཀྱིས་མི་ཚུགས་ཤིང་མཁས་བཙུན་མང་པོའི་འདུ་སར་གྱུར་པར་གདའ། དེས་དཔལ་ལྡན་ཆོས་ཀྱི་སེང་གེ་ལ། དེའང་མཁས་པ་ཕུལ་དུ་གྱུར་ཅིང་རྟོགས་པའི་གདེངས་དང་ལྡན། ཏིང་ངེ་འཛིན་གྱི་དྲོད་དང་ལྡན་པ་དགེ་བཤེས་སྔགས་པ་ཀུན་གྱིས་བཀུར་བའི་འོས་སུ་གྱུར་པ་ལགས་པར་གདའ། དེས་གླན་སངས་རྒྱས་དཔལ་ལ་གནང་། དེའང་དམ་པའི་མཛོད་ལྟ་སྒོམ་དམ་ཚིག་གསུམ་འཛིན་ཅིང་། དབང་གི་ཆུ་བོ་རྫོགས་པ་བླ་མའི་ཕྱག་བཞེས་མང་པོ་མཁྱེན། ཁྱད་པར་མདོ་དབང་། ཟུར་ལུགས། གླན་ལུགས། སེ་ལུགས། ཞང་ལུགས། ཐམས་ཅད་གསལ་བར་མངའ་བ་ལགས་པར་གདའ། དེས་བླ་མ་གླན་བསོད་ནམས་མགོན་པོ་གནང་། དེ་ཡང་བསྐྱེད་རྫོགས་གསུམ་གྱིས་མངའ་བདག་ཏུ་གྱུར་ཅིང་ཤེས་བྱ་ཐོགས་མེད་དུ་མཁྱེན། ཨོ་རྒྱན་པདྨས་ལུང་བསྟན་པ་བཞིན། བསམ་ཡས་པེ་དཀར་གླིང་ནས་ཟབ་ཆོས་ཤོག་རིལ་བཅོ་ལྔ་ཕྱུང་། བླ་མ་སྨན་ལུངས་དབུས་པ་ལ་ཕུལ། སྙིགས་མའི་དུས་སུ་ཡང་མི་ནུབ་པའི་རྒྱལ་མཚན་འགྲོ་དོན་མཛད་པ་ཞིག་ལགས། ཡང་གླན་རྡོར་འོད་ཀྱིས། ཉི་སྟོན་སངས་རྒྱས་འབུམ། དེས་ཞང་སྟོན་ཀུན་དགའ་འབུམ། དེས་གླན་བསོད་ནམས་མགོན་ལ་གདམས་པ་གཏད་རྒྱ་དང་བཅས་པ་གནང་ངོ་། །དེས་བླ་མ་བཞི་ལ་གནང་སྟེ། བླ་མ་རིན་པོ་ཆེ་འབྲོག་སྟོན་བསམ་གྲུབ་རྡོ་རྗེ་སྔགས་གསར་རྙིང་བསྐྱེད་རྫོགས་གསུམ་གྱི་གྲུབ་པ་ཐོབ། རིག་པའི་གནས་ལྔ་མཁྱེན་པ་དང་གཅིག །བླ་མ་མྱང་སྟོན་དཔལ་ལྡན་རྡོ་རྗེ་རྒྱུད་ལུང་རྣམས་ཀྱི་ཕྱག་བཞེས་དང་། གཤིན་རྗེ་ཐུགས་བསྒྲུབ་ཕྱག་རྡོར་མདོ་ལུགས། རྣམ་འཇོམས་དཀར་པོ་ལ་གྲུབ་པ་ཐོབ་པ་དང་གཉིས། བླ་མ་ཟི་སྟོན་ཤཱཀྱ་བཟང་པོ་མདོ་ཡང་དག་དང་། ཕྲིན་ལས་ཤར་བ་ལ་གྲུབ་པ་ཐོབ། མགོན་པོ་སྟག་ཞོན་ལྷ་མོས་ལས་ཅི་བསྒོ་བྱེད་པར་ཁས་བླངས་པ་དང་གསུམ། ཤངས་མདའི་བླ་མ་གྲགས་ཤེ་བ་མཁས་གྲུབ་མང་པོ་ལ་གཏུགས་ཤིང་གཤིན་རྗེ་གཤེད་ཨ་ཀྲོ་ཉིན་ཁྲི་མཚན་ཁྲི། རྒྱ་མཆོད། སྟོང་ཚོགས། རྫོགས་བསྟོད། ལོ་གསུམ་བཅུ་ལྷག་ཏུ་གྲུབ་པ་དང་བཞི་ལ། མདོ་དབང་བསྐུར་བར་གདའ། དེའི་ཐ་མས་ཟུར་ཆོས་ཀྱི་སེང་གེ་ལ། གཏད་རྒྱ་དང་བཅས་གནང་བའི་ཚུལ་ནི། ཇོ་མོ་སློབ་དཔོན་སྲས་ལས། བདག་ཤཱཀ་འབྱུང་གིས་ཅུང་ཙམ་རིག་ཅིང་མོས་པ་བགྱིས། ཁ་ཅིག་འདི་ལ་ཅི་རིགས་གསུང་ཡང་སྟེ་དག་སྣང་སྦྱངས་པས་རིག་གོ། །བཀའ་དབང་བསྐུར་ཞུས་པ་མི་བདོག །གཉིས་པ་ཤངས་གུར་ཕྱོགས་བླ་མ་དཔལ་ལྡན་པ་སྦྲེས་པས་སྔགས་སྤྱི་ལ་མཁས་པར་གདའ་བས། བདག་ཤཱཀྱ་འབྱུང་གནས་ཀྱིས་མདོ་ཡི་དབང་བསྐུར། གླན་གྱི་ཕུར་པ་མན་ངག་དྲུག་པ་དང་བཅས་པ་དབང་བསྒྲུབ་བརྒྱ་གོ་གཉིས་ཞལ་ཕྱེ་ནས་ཐོབ། མདོའི་གཏད་རྒྱ་ནི་མ་གསོན་གདའ་ལགས། དང་པོ་རྟ་ནག་མདའ་ས་བླ་མ་བསམ་འགྲུབ་པས། མདོ་ཡོངས་རྫོགས། སྒྱུ་འཕྲུལ་རྒྱས་འབྲིང་། ན་རག་དོང་སྤྲུགས་དབང་བསྒྲུབ། ཡང་དག་གཞན་དོན་དང་མེ་ཞིག་མ་རྣམས་གསན་གདའ་བས་ཞུས་ནས་ཐོབ། གཏད་རྒྱ་གསན་པ་མ་གྲུབ་གདའ་བས། གླན་བླ་མ་བསོད་ནམས་མགོན་པའི་ཕྱི་ཚར་གྱི་སློབ་མ་གསུམ་པ། བླ་མ་གྱོང་ཁང་ཤཱཀྱ་བཟང་པོ་དེས་མདོ་དབང་མཛད་པ་ནི་མེད་ནའང་། བླ་མ་བསམ་གྲུབ་རྡོ་རྗེ་བ་ལ་མདོ་ཡོངས་རྫོགས་ཀྱི་ཕྱག་བཞེས་བསྟན་ཅིང་བཀའ་ཐོབ་ཙམ་དང་། མདོ་ཡོངས་རྫོགས་ཀྱི་གཏད་རྒྱ་གཏད་ཅིང་གནང་བས། བཀའ་དྲིན་ཆེ་གོ་གྱོང་ཁང་པ་མིན་ན་ནི་བཀའ་འཆད་པ་འདུག །ད་སྔགས་རྙིང་མའི་བསྟན་པ་འདི། ང་རྒད་པོ་ཅི་ལ་ལ་ཐུགས་ཀྱང་དར་རྒྱས་སུ་བྱེད་གསུང་ནས་མཛད་དོ། །དཔལ་ཆེན་པོ། རྡོ་རྗེ་སེམས་དཔའ། ཐུབ་པ། འཇམ་དབྱངས་སྨྲ་སེང་། ཆོས་སྐྱོང་མཁའ་འགྲོ་ཞལ་གཟིགས་དང་གྲུབ་རྟགས་ནི་དུ་མ་བདོག་གོ། །བླ་མ་བསམ་འགྲུབ་པ་དེས། བདག་ཟུར་ཧྂ་ཤཱཀྱ་འབྱུང་གནས་དང་། སྲིང་ཅིག་ཟུར་མོ་དགེ་འདུན་འབུམ་ལ་གཏད་རྒྱ་དང་བཅས་གནང་ངོ་། །བདག་སྙོན་པའི་ཅོལ་དང་རྨི་ཉམས་ལ། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ནི་བ་གླང་སྤྱོད་ཀྱི་གླིང་ན་ཁྲི་རྩིག་པའི་ཞལ་ལྟ་མཛད་ཀྱིན་གདའ། བཛྲ་ཧེ་རུ་མཛོད་ཐོད་བསྣམས་པ་འཇིགས་པ་ཞིག་སྣང་། བྷུདྡྷ་ཧེ་རུ་ནི་མཛེས། རཏྣ་ཧེ་རུ་བརྗིད། པདྨ་ཧེ་རུ་བཀྲག་མདངས་གསལ། ཀརྨ་ཧེ་རུ་སྣ་ཚོགས་པར་གདའ། ཞི་དང་རིག་འཛིན་མཁའ་འགྲོ་ཆོས་སྐྱོང་ནི། མི་དང་མི་མིན་ནམ་མཁའི་ལུས་ཅན་གང་དུའང་རྫུ་ཞིང་འཕྲུལ་སྟོན་ཀྱིན་གདའ་ལགས། ལྷ་བདུད་འདམ་ཁ་མ་ནོར་བ་གལ་ཆེ་ཧེ་གསུང་པར་གདའ། བསྟན་པའི་བདག་ཉིད་རིན་པོ་ཆེ་བའི་དྲུང་ནས། བདག་རྒྱལ་ཁམས་པ་གཉིས་ལ་དགོས་བཞིན་དུ་གཏད་རྒྱ་དང་བཅས་པ་ཞིག །དབང་སྐྱར་གཉིས་ཏེ་གསུམ་གནང་བ། །འདུས་པ་མདོའི་གཏད་རྒྱའི་སྙན་བརྒྱུད་ཀུན་ལ་མེད་པའི་མན་ངག་ཁྱད་པར་ཅན་རྫོགས་སོ།། །།
༅། །གཏད་རྒྱའི་ཕྱག་ལེན། དེ་ནས་སློབ་བུ་རྣམས་ལངས་ཏེ། ཕྱག་བྱས་ཐལ་མོ་སྦྱར་ནས། ཡིད་གཏོད་དུ་བཅུག་ལ། སློབ་དཔོན་གྱིས། ཨེ་མ་ཀྱེ་མ་ཧོ་ཞེས་གདུང་བའི་སྐད་གདངས་ཕྱུང་ལ། འདི་སྐད་དུ། དཀྱིལ་འཁོར་དང་བསྒྲུབ་རྫས་དཔོན་སློབ་རྣམས་གཅིག་ལ་གཅིག་ཏུ་ལྟ་ཞིང་། གཅིག་སེམས་གཅིག་ལ་ཞུགས་པས་འབྲལ་མི་ཕོད་པར། གཅིག་ལ་གཅིག་གདུང་བའི་སྟོབས་ཀྱིས་ཕན་ན་ལུས་ཀྱི་ཤ་དང་། སྟོབས་ཀྱི་སྲོག་ཀྱང་གཏོང་ཕོད་ལ་ས་གཞན་གོལ་ས་ན་གནས་ཀྱང་། དཀྱིལ་འཁོར་དང་མཆེད་གྲོགས་འཛབ་འདྲེན་པར་བདག་མེད་སེམས་ཉིད་སྣང་ལ། འདི་ཕྱི་བར་དོར་འབྲལ་མི་ཕོད་ཞིང་སོ་སོར་འཕེན་པའི་སྟོབས་ཀྱིས་བསྐལ་ནས། མཆིས་འབྲང་རྣམས། སོ་སོར་ལུས་པའི་སྐྱོ་བསངས་དང་། ཡུན་དུ་ཕྱིས་ཀྱང་འགྲོགས་པའི་རྟེན་འབྲེལ་དང་། །ཀུན་ལ་གཅིག་གིས་ཕན་ཏེ་སྒྲུབ་པའི་ཐབས་འདི་ནི། དུབ་པའི་ངལ་བསོ། བར་དོའི་སྐྱེལ་མ་བཞིན་དོན་ཆེ་བས་དགོངས་འཚལ་ལོ། །སྔོན་རྒྱལ་བ་རིགས་ལྔའི་ངོ་བོ་དམ་པའི་རིགས་ཅན། ལྷ། ཀླུ། གནོད་སྦྱིན། སྲིན་པོ། མི་དང་ལྔས། རི་བོ་མ་ལ་ཡའི་རྩེར་སངས་རྒྱས་བསྟན་པའི་ཁུར་བཟུང་། སྟོན་པ་ལ་མི་ཕྱེད་པའི་དད་པ་བསྐྱེད། ཆོས་མཆེད་དམ་སེམས་ཅན་རྣམས་ལ་བློས་མ་ཕོད་པར་ཆོས་སྲིད་གསུམ་ཀུན་ཏུ། དཀར་པོའི་ཕྱོགས་ཐམས་ཅད་འཕེལ། ནག་པོའི་ཕྱོགས་ཀུན་ཏུ་སྣུབ་པའི་སླད་དུ་གདུང་ཚིག་ཉི་ཤུ་རྩ་གསུམ་སྨྲས་པ་ལྟར། ཁྱེད་རྣམས་ཀྱིས་ཀྱང་། བླ་མ་བརྒྱུད་པའི་རྣམ་ཐར་བཟང་པོ་བསྐྱང་འཚལ་ལོ། །ཞེས་བརྗོད་ནས། བུ་རྣམས་ལྷ་འཛབ་བརྗོད་ལ། རང་རང་གི་ལྷར་བསྐྱེད། དཀྱིལ་འཁོར་གྱི་གཙོ་བོའི་ང་རྒྱལ་གྱིས། ཐེག་དགུ་ལུས་ལ་ཚང་པར་བཀོད། རོལ་མོ་དང་བཅས་ཏེ་ཡིག་བརྒྱ་བཟླས་ལ། དཀྱིལ་འཁོར་སྔར་བསྒྲུབ་པའི་ཞི་དཀྱིལ་དེ། སྟེགས་སམ་གདན་ལ་བཞག་སྟེ། རྒྱལ་བ་རིག་འཛིན་ཐམས་ཅད་དང་། །སྲིད་གསུམ་དབང་ཅན་ཐམས་ཅད་ཆོས། །སེམས་ཉིད་རྫོགས་པའི་དབང་བསྐུར་རོ། །རྫོགས་པ་ཆེན་པོའི་གདམས་ངག་བཤད། །ཅེས་བརྗོད། སློབ་བུའི་ལག་ཏུ་གཏད་ལ་མགོ་བོས་གཏུགས། ཆོས་སྐོར་རྣམས་མགྲིན་པ། དབང་རྟགས་ཕྱག་མཚན་སྙིང་གི་ཐད་དུ་རེག་ཅིང་དཀྱིལ་འཁོར་དང་ལྷན་དུ་བཟུང་། དཔོན་སློབ་གཉིས་ཀས། དཀྱིལ་འཁོར༴ དགོངས་འདུས༴ དབང་རྟགས་དང་བཅས་པ་ལ་གུས་པ་ཆེར་བྱ། ལས་ཀྱི་རྡོ་རྗེ་སློབ་དཔོན་ནམ་རྒྱལ་ཐེབ་ཕྱག་རྡོར་རམ་རྡོར་སེམས་སུ་གསལ་བས་བཟུང་བའང་མཛད་ཀྱི་བདོག །གང་ལྟར་ཀྱང་བརྟན་ཞིང་གྲིམས་པས་གདན་དྲང་པོ་ནས་བཟུང་ལ། མཆོད་བསྟོད་ཅི་རིགས་སུ་དབུལ། གླེགས་བམ་དབང་ཆེན་ཞེས་བྱ་བ། ཐེག་དགུ་སྤྱིའི་པོད་ལུང་གནང་ལུང་ཐོབ་པས། རྒྱལ་པོ་ཛ་ལྟར་བྱིན་རླབས་ཀྱི་གནད་ཆེ་བའོ། །དེ་ནས་བུ་རྣམས་བློ་རྒྱ་བསྐྱེད་པའི་ཕྱིར། ཞིང་ཁམས་བསྟན་པ་སྔར་མ་བརྗོད་ན་འདིར་བརྗོད་ཀྱང་ཉན། འདོད་པའི་སྐྱོན་སྤངས་སྐྱེ་ལ་དབང་མཛད་པ། །སྟེང་ཕྱོགས་ཁྲོ་ཆེན་ཧཱུྃ་ཀ་ར། །མ་བྱིན་ལེན་སྤངས་ཡོ་བྱད་དབང་མཛད་པ། །ཤར་ཕྱོགས་ཁྲོ་ཆེན་རྣམ་པར་རྒྱལ། །སྲོག་གཅོད་སྐྱོན་སྤངས་ཚེ་ལ་དབང་མཛད་པ། །ལྷོ་ཕྱོགས་ཁྲོ་ཆེན་གཤིན་རྗེ་གཤེད། །ཕྲ་མའི་སྐྱོན་སྤངས་ཆོས་ལ་དབང་མཛད་པ། ། ནུབ་ཕྱོགས་ཁྲོ་ཆེན་རྟ་མགྲིན་དཔལ། །ངག་རྩུབ་སྐྱོན་སྤངས་ལས་ལ་དབང་མཛད་པ། །བྱང་ཕྱོགས་ཁྲོ་ཆེན་བདུད་རྩི་འཁྱིལ། །ལོག་པར་ལྟ་སྤངས་ཡེ་ཤེས་དབང་མཛད་པ། །ཤར་ལྷོ་ཁྲོ་ཆེན་དབྱུག་སྔོན་ཅན། །རྫུན་གྱི་སྐྱོན་སྤངས་མོས་ལ་དབང་མཛད་པ། །ལྷོ་ནུབ་ཁྲོ་ཆེན་མི་གཡོ་མགོན། །ངག་འཁྱལ་སྐྱོན་སྤངས་སེམས་ལ་དབང་མཛད་པ། །ནུབ་བྱང་ཁྲོ་ཆེན་འདོད་པའི་རྒྱལ། །གནོད་སེམས་སྐྱོན་སྤངས་རྫུ་འཕྲུལ་དབང་མཛད་པ། །བྱང་ཤར་ཁྲོ་ཆེན་ཁམས་གསུམ་རྒྱལ། །རྣབས་སེམས་སྐྱོན་སྤངས་སྨོན་ལམ་དབང་མཛད་པ། །འོག་ཕྱོགས་ཁྲོ་བོ་སྟོབས་པོ་ཆེ། །ཞེས་རྒྱུ་དགེ་བ་བཅུའི་ཐུན་མོང་གི་འབྲས་བུའམ། ལམ་དབང་བཅུ། མཆོག་གི་ལམ་འབྲས་ཁྲོ་བོ་བཅུ། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་བསྟོན་པ་དེ་བཟང་ངོ་། །དེ་ནས་གོམ་པའི་བཅུའི་འདུག་པ་དང་བཅུ་གསུམ་ལ། མོས་སྤྱོད་ཚོགས་སྦྱོར་བ་དང་པོ་གསུམ། ཉན་རང་བྱང་སེམས་ཀྱི་ལམ་ལ། བླ་མ་སློབ་དཔོན་མཆེད་གྲོགས་རྫས་དགྲ་གཉེན། སྤྲུལ་སྐུས་ཁྲིད། དེ་ནས་སྒོམ་ལམ་ཀྲི་ཡོག་པ་གཉིས་གསུམ་བཞི་ལྔ་དྲུག་བདུན་བརྒྱད་དགུ་རྣམས་ནི་བླ་མ་སློབ་དཔོན་མཆེད་གྲོགས་རྫས་དགྲ་གཉེན་ལོངས་སྤྱོད་རྫོགས་སྐུས་ཁྲིད། བསྐྱེད་རྫོགས་གསུམ་གྱིས་མཐར་ལམ་ཚོམ་བུའི་ས་བཅུ་ནས། བླ་མ་སློབ་དཔོན་མཆེད་གྲོགས་རྫས་དགྲ་གཉེན་ཆོས་སྐུ༴ དབྱེར་མེད་རྡོ་རྗེ། མངོན་པར་བྱང་ཆུབ་སྐུས་ཁྲིད། བཅུ་གསུམ་པ་ལ་གཏད་རྒྱ་ནི་བླ་མ་ཀུན་ཏུ་བཟང་པོས་ཁྲིད་པར་མོས་པས། བླ་མས་འདི་སྐད་བརྗོད། སྦྱིན་པ་རིན་ཆེན་འབྱུང་བའི་རིགས། །ང་ནི་ཐབས་ཀྱི་མཉན་པ་མཁན། །བདག་གཞན་སྣང་སེམས་མ་འདྲེས་ཏེ་སེར་སྣ། །འཁོར་བའི་ཆུ་བོ་མཐའ་མེད་ལས། །སྲིད་གསུམ་བསྒྲལ་བར་དམ་བཅས་ཀྱིས། །ཐར་པ་འདོད་པ་ལམ་འདིར་ཤོག །ཐ་མ་ལན་གསུམ་བརྗོད་ནས་གདན་གྲིལ་གོང་དུ་སྤོ། །ང་ནི་ཐབས་ཀྱི་མིག་མཁན་ཏེ། །འཇིག་རྟེན་ལོང་བ་དཔག་མེད་རྣམས། །ལིང་ཏོག་གསལ་བར་དམ་བཅས་ཀྱིས། །གང་ཞིག་མཐོང་འདོད་ལམ་འདིར་ཤོག །ང་ནི་ཐབས་ཀྱི་སྨན་པ་སྟེ། །གྲོང་ཁྱེར་གསུམ་གྱི་ནད་པ་རྣམས། །ཅོང་རྙིང་སྦྱོང་བར་དམ་བཅས་ཀྱིས། །གང་ཞིག་བདེ་འདོད་ལམ་འདིར་ཤོག །ང་ནི་ཐབས་ཀྱི་ས་མཁན་ཏེ། །འགྲོ་བ་ལམ་ལོག་ལམ་སྟོར་རྣམས། །མ་ནོར་འཁྲིད་པར་དམ་བཅས་ཀྱིས། །ཡང་དག་ལམ་འདོད་ལམ་འདིར་ཤོག །ང་ནི་ཐུགས་རྗེའི་སྤྱན་རས་མཁན། །འཁོར་བའི་དགྲ་དཔུང་འཇིགས་པ་ལས། །ཐམས་ཅད་སྐྱབས་པར་དམ་བཅས་ཀྱིས། །འཇིགས་དང་བྲལ་འདོད་ལམ་འདིར་ཤོག །ང་ནི་རྡོ་རྗེ་རྫོགས་ཆེན་ཏེ། །འཁོར་བའི་གཡུལ་ཆེན་དམག་དཔུང་ལས། །འགྲོ་བའི་འཁྲ་སར་དམ་བཅས་ཀྱིས། །གང་ཞིག་འཁར་འདོད་ལམ་འདིར་ཤོག །ང་ནི་ཐབས་ཀྱི་ཚོང་དཔོན་ཏེ། །འདོད་པ་རྒྱ་མཚོས་མི་ངོམས་རྣམས། །གཏེར་ཆེན་སྦྱིན་པར་དམ་བཅས་ཀྱིས། །གང་ཞིག་གཏེར་འདོད་ལམ་འདིར་ཤོག །ང་ནི་ཐབས་ཀྱི་སྒྲོན་མ་སྟེ། །མུན་ནག་སྨག་ཏུ་འཁྱམས་པ་རྣམས། །མུན་ནག་བསལ་བར་དམ་བཅས་ཀྱིས། །གང་ཞིག་སྣང་འདོད་ལམ་འདིར་ཤོག །ང་ནི་ཡིད་བཞིན་ནོར་བུ་སྟེ། །གང་དག་ཡིད་བཞིན་འདོད་པ་རྣམས། །ཡིད་བཞིན་བསྐང་བར་དམ་བཅས་ཀྱིས། །ལྷུན་གྱིས་གྲུབ་འདོད་ལམ་འདིར་ཤོག །ང་ནི་བཀའ་ཡིས་ལྡེ་མིག་སྟེ། །བཀའ་སྒྲོམ་ཐ་རམ་གསང་བ་རྣམས། །རྣམ་པར་འབྱེད་པར་དམ་བཅས་ཀྱིས། །གང་ཞིག་གྲོལ་འདོད་ལམ་འདིར་ཤོག །ང་ནི་བཀའ་ཡིག་འགྲེལ་པ་སྟེ། །གསུང་གི་གླེགས་བམ་ཟབ་མོ་རྣམས། །ངེས་པར་བགྲོལ་བར་དམ་བཅས་ཀྱིས། །གང་དག་ཤེས་འདོད་ལམ་འདིར་ཤོག །རྣམ་དག་ལམ་མཆོག་ཀུན་སྒྲོལ་འདིར། །སྐལ་ལྡན་གང་ཞིག་སུ་ཞུགས་པ། །ནོར་བུ་རིན་ཆེན་འོད་འབར་བ། །ངེས་པར་འཆར་གྱིས་བརྩོན་པར་གྱིས། །དེ་ཉིད་སེམས་ཀྱི་མེ་ལོང་སྟེ། །མངོན་སུམ་གསལ་བར་རྟོགས་མ་ཐག །འགྲོ་བའི་ལུས་ལ་སངས་རྒྱས་ཡིན། །རྡོ་རྗེ་གསང་ཆེན་གསང་བའི་མཛོད་མཆོག་རྣམས། །འདིར་བསྒྲོས་གསལ་བར་བཤད་སྦྱར་བས། །ལྷ་དང་མི་ཡི་རིག་འཛིན་ལས། །རིམ་པར་བརྒྱུད་དེ་གྲགས་པར་འགྱུར། །ལྷ་མིའི་འཇིག་རྟེན་ཐམས་ཅད་ཀྱི། །མུན་པའི་གདུང་བ་ཀུན་བསལ་ནས། །སེམས་ཀྱི་དཀྱིལ་འཁོར་གསལ་བར་འགྱུར། ༈ །ད་ནི་བླ་མ་དང་དཀྱིལ་འཁོར་ལ་འབྲལ་མི་ཕོད་པའི་དད་པ་བསྐྱེད། སྟོར་བ་རྙེད་པ་ལྟ་བུའི་དགའ་བ་ཡང་བྱ། རྒྱུད་དང་དཀྱིལ་འཁོར་གྱི་བདག་པོར་གྱུར་ཏོ་ཞེས་སྤྲོ་བ་བསྐྱེད། ལག་གི་རྟེན་ཡང་སྟེགས་བུ་ལ་གུས་པས་སྒྲིམས་ལ་བཞག །དཔོན་མཆེད་ཀུན་ལ་བརྩེ་བ་དང་གདུང་སེམས་ཕྱུང་ལ་ཐུགས་སྤྱོད་གཅིག་པས། མྱ་ངན་ལས་མི་འདའ་ཆོས་ཀྱི་འཁོར་ལོ་རབ་ཏུ་རྒྱས་པ་བསྐོར་ཞིང་ཡུན་དུ་བཞུགས་པའི་སྐུ་ཚེ་ཕྲིན་ལས་བྱིན་གྱིས་རློབས་པར་གསོལ་བ་དྲག་ཏུ་བཏབ་ལ། ཕཊ་ཅེས་བརྗོད་ལ་བུ་རྣམས་བླ་མའི་གདན་ཁྲི་ལ་མགོ་བཏུད་དེ་འདུག་གོ། །དེ་ནས་བླ་མས་འདི་སྐད་དུ། ཅི་ཕྱིར་གདུང་བའི་མུན་པར་ཞུགས། །ཐུབ་པ་མྱ་ངན་འདས་གསུངས་པ། །དེ་ནི་ནམ་མཁའི་སྐུ་མངའ་བ། །འདའ་དང་མི་འདའ་མི་མངའ་སྟེ། །འཕོ་འགྱུར་མེད་པས་ནམ་མཁའ་བཞིན། །དེ་སྐད་སྤྲུལ་པའི་སྒྲ་བྱུང་བས། །སྔོན་དུ་བྱུང་བའི་རིགས་ཅན་རྣམས། །ལུས་བརྒྱུད་ཤིན་ཏུ་གུས་སྦྱར་ནས། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །དེ་ཡང་པུས་བཙུགས། ཐལ་སྦྱར། བསྟོད་པ་འདི་ཡི་རྗེས་བཟློས་བྱའོ། །མཚན་མོ་མུན་ནག་སྤྲིན་རུམ་ནས། །གློག་འགྱུས་བར་སྣང་སྟོན་ལྟ་བུར། །ཐོག་མ་ཐ་མ་མེད་པ་ཡི། །དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལས། །རྣམ་དག་ལམ་ཆེན་འདི་ཉིད་དུ། །བྱུང་བའི་སྐྱེས་བུ་དོན་གྲུབ་ཁྱོད། །དམ་པ་རྣམས་ཀྱི་གསང་འཛིན་ཅིང་། །གསང་བ་པ་ཡི་བདག་པོར་གྲགས། །ཞེས་བསྟོད་དོ། །བུ་རྣམས་ཕྱག་བྱས་ལ་མངའ་གསོལ་བའི་ཕྱིར་འཁོད་དེ། བསྟན་པ་འཛིན་པའི་སློབ་དཔོན་དང་། རྒྱལ་ཐེབ་སྐྱོང་བའི་རྒྱལ་པོ་དང་། །རྒྱལ་མོ་སྲུང་བའི་རིག་འཛིན་དང་། །གཙོ་མོ་རྣམས་རྒྱལ་བ་ལྔ་ལྟར་གདན་ཁྲི་དང་བཅས་པ་ལ་རྡོ་རྗེ་དྲིལ་བུ་གཏད། དེའི་ལས་ཀྱི་རྡོ་རྗེའི་མངག་གཞུག་དང་། འཚོ་བ་སྦྱོར་བའི་བློན་པོ་རྣམས་ནི་སེམས་དཔའ་དང་ཁྲོ་བོ་ལྟར། གདན་དང་སྟེགས་ལ་འཆད་མཁན་ལ་འཁོར་ལོ་དང་འཆད་ཤིང་གཏད། ལས་མཁན་ལ་རྒྱ་གྲམ་དང་། རྔ་དང་རལ་གྲི་མདའ་དར་སྨན་རག་གཏོར་མ་ལ་སོགས་གཏད། ཕལ་པ་སྒོམ་པ་དང་ཉན་པ་དག་ལ། འགྲོ་བ་དྲུག་གི་ཐུབ་པ་ལྟར་པད་གདན་གཏིང་བ་ལ། སྒོམ་པའི་ཕྲེང་བ། ཉན་པའི་པོ་ཏི་གཏད་དོ། །ཀུན་ཀྱང་རང་རང་གི་དབུ་རྒྱན་དབང་རྟགས་ཅོད་པན་རྣམས་དང་བཅས་པ། དཀྱིལ་འཁོར་གྱི་ལྷ་ཆས་པ་ལྟར་བརྒྱན་མངར་ལ་བརྗིད་ཅིང་སྒྱིངས་པས་གནས་པ་དང་། ལྷའི་ང་རྒྱལ་འཛིན་དུ་གཞུག །ཚེ་རྫས་དང་བཀྲ་ཤིས་ཀྱི་རྫས་དང་བྱིན་ཅན་གྱི་རྫས་གསར་ལ་བཀྲམ། བགེགས་གཏོར་བཏང་བགེགས་བསྐྲད། མཚམས་བཅད་བཀྲ་ཤིས་གསོལ་ཏེ། ༀ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་བགེགས་གཏོར་བཏང་། ཧཱུྃ་བི་ཤ་བཛྲ་ཀྲོ་ཏ་ཛྭ་ལ་མཎྜལ་ཧཱུྃ་ཕཊ་ཅེས་བགེགས་བསྐྲད། ཧཱུྃ་ཞེས་ཁྲོ་བཅུས་མཚམས་བཅད་ལ། བླ་མ་རེའི་བཤམ་ལ་བརྒྱུད་པའི་མཚམས་སུ་གསོལ་འདེབས་མཆོད་པ་རེ་བྱ་ཞིང་བསྟིམ། སྨོན་ལམ་ཡིག་བརྒྱ་རེ་བརྗོད། ༈ ཆོས་སྐུ་ཀུན་བཟང་ལོངས་སྐུ་རིགས་ལྔ་དང་། །སྤྲུལ་སྐུ་རིགས་གསུམ་ཡང་སྤྲུལ་དགའ་རབ་སོགས། །ཡེ་ཤེས་སྐུ་མཆོག་རྒྱལ་བ་དགོངས་པས་བརྒྱུད། །རྒྱལ་བ་དགོངས་པ་བརྒྱུད་པའི་བཀྲ་ཤིས་ཤོག །གྲགས་ལྡན་ཆོས་སྐྱོང་ཀླུ་རྒྱལ་འཇོག་པོ་དང་། །གནོད་སྦྱིན་སྲིན་པོ་ལི་ཙ་དྲི་མེད་སོགས། །ཐུགས་རྗེས་གདུང་འཚོབ་རིག་འཛིན་རིག་པས་བརྒྱུད། །རིག་འཛིན་རིག་པས་བརྒྱུད་པའི་བཀྲ་ཤིས་ཤོག །རྒྱ་གར་མཁས་གྲུབ་པཎ་ཆེན་བརྒྱུད་པ་དང་། །བསྟན་པའི་སྲོག་ཤིང་བོད་ཀྱི་བརྒྱུད་པ་སོགས། །དཔང་གྱུར་རྡོ་རྗེ་གང་ཟག་སྙན་ཁུང་བརྒྱུད། །གང་ཟག་སྙན་ཁུང་བརྒྱུད་པའི་བཀྲ་ཤིས་ཤོག །ཅེས་བརྒྱུད་པའི་བཀྲ་ཤིས་དང་། གཞན་ཡང་གང་ཤེས་ཀྱི་བཀྲ་ཤིས་བྱའོ། །ཡང་འདི་ལྟ་སྟེ། དེ་ཁོ་ན་ཉིད་ངེས་པའི་ཐེག་པ་ཆེན་པོ་འདི། གནས་སྐབས་གཉིས་དང་བཅུར་འབྱུང་སྟེ། གང་རྨོངས་པ་གདུང་བ་སེལ་བ་ན་ཡང་འབྱུང་། །གང་འཇིག་རྟེན་གྱི་སྒྲོན་མ་བཀོད་པ་ན་ཡང་འབྱུང་། །གང་གིས་ངེས་པ་རྙེད་པ་ན་ཡང་འབྱུང་། །སྙིང་པོ་བྱང་ཆུབ་ཉིད་དུ་ངེས་པ་ན་ཡང་འབྱུང་། །དགོངས་པ་རྣམ་པར་འགྲེལ་པ་ན་ཡང་འབྱུང་། །གདུལ་བྱའི་སྐབས་ལ་བབ་པའི་ཚེ་ན་ཡང་འབྱུང་། །བྱིན་གྱིས་བརླབས་ཀྱིས་སྣང་བ་ན་ཡང་འབྱུང་། །བརྒྱུད་པ་ཐབས་ཀྱི་གྲགས་པ་ན་ཡང་འབྱུང་། །གང་གི་ཆེད་དུ་མཛད་པ་ན་ཡང་འབྱུང་། །ལུང་ཆེན་ངེས་པར་བསྟན་པ་ན་ཡང་བྱུང་། །ལས་བརྒྱུད་ཡོངས་སུ་གཅོད་པ་ན་ཡང་བྱུང་། །དགོངས་པ་རྣམ་པར་གྲོལ་བ་ན་ཡང་བྱུང་། །དེ་དག་ནི་ཐམས་ཅད་ཀྱི་ཐམས་ཅད་ནས་ཐམས་ཅད་དུ། ཀུན་ཏུ་ཡོངས་སུ་རྣམ་པར་སྣང་ངོ་། །སྣང་བར་གྱུར་ཏོ། །སྣང་བར་འགྱུར་རོ། །ཞེས་བཀའ་སྩལ་པས་དྲི་བ་དང་པོའི་རྟོག་པ་ཡོངས་སུ་ཆད་པ་དེ་བཞིན་དུ་བཀྲ་ཤིས་པར་གྱུར་ཅིག །ཅེས་བརྗོད་དོ། །དེ་ནས་རྒྱལ་མཚན་བྱ། བཀྲ་ཤིས་དང་ཚེ་རྫས་རོལ། བསྔོ་བ་བྱ། སྐབས་བྱུང་ན། རྒྱས་པ་གཏད་རྒྱ་མཛད་པའི་གསང་མཚན་མ་བགྲངས། བླ་མ་ལ་ཕྱག་ཕུལ་ཏེ་བཀའ་དྲིན་ཆེའོ་བརྗོད། ཡོན་དབུལ་བ་སངས་རྒྱས་སུ་བསྔོ། །ཀུན་ཏུ་སངས་རྒྱས་ཀྱི་ཞིང་ཁམས་འཛིན་སྐྱོང་སྲུང་བ་ལ་འབད། ལས་རྗེས་བསྡུ། བདེ་བར་སྤྱད། འདུས་པ་མདོའི་གཏད་རྒྱའི་ཕྱག་ལེན་འདི་ནི་ཕྱག་ལེན་རྒྱས་པ་ཀླགས་ཆོག་མ་བྱ་བ་ལགས་སོ། །བླ་མའི་བཀའ་རྫོགས་པའི་རྒྱ། སློབ་མ་གདུང་འཚོབ་ཀྱི་རྒྱ། བསྟན་པ་དགོངས་འདུས་ཀྱི་འཁོར་དམ་པའི་རིགས་ཅན་བཞི་དྲང་བའི་རྒྱ། བསྒྲུབ་རྫས་ཞི་དཀྱིལ་མེ་ཏོག་ཡུལ་ལུགས་ཀྱི་བཅའ་ཐང་དབུལ་བའི་རྒྱ། བཀའི་གཉེར་གཏད་མངའ་གསོལ་བའི་རྒྱ་དང་བཞི། ཞུ་བ་པོ་རང་གིས་ཞི་བའི་གཞུང་མཆོད་ཚོགས་དབུལ་བའི་རྒྱ་དང་ལྔ་མཆིས་པས། གཏད་རྒྱ་ལྔའི་གོ་དོན་གྱི་བརྗེད་བྱང་འགྲེལ་པ་འདི་ནི་བླ་མ་སངས་རྒྱས་རིན་པོ་ཆེའི་དྲུང་དུ། ལན་མང་དུ་ཐོབ་བཀའ་ཡིས་གནང་བའི་གསུང་བཞིན། ཟུར་ཧཱྂ་ཤཱཀྱ་འབྱུང་གནས་ཀྱིས་བཀོད་པ་ཀུན་ཕན་དགེ་རྒྱས་བྱུང་ལེགས་དོན་མཆོག་ཐོབ་པར་ཤོག །ཨཐྎ།། །།
༅། །མདོ་དབང་གི་གཏད་རྒྱ་གསང་མཚན་མ་བཞུགས་སོ། །ན་མོ་རཏྣ་གུ་རུ་ཧཱུྃ། དབང་གི་གཏད་རྒྱ། བཀའ་རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས། ཡེ་ནས་ཀུན་ཏུ་བཟང་པོས་བྱིན་གྱིས་བརླབས་པ། རྡོ་རྗེ་སློབ་དཔོན་གྱི་དབང་ལ། དང་པོ་སྟོན་པ་ཀུན་ཏུ་བཟང་པོས། དཔལ་རྡོ་རྗེ་སེམས་དཔའ་ལ་བྱིན། རྡོ་རྗེ་སེམས་དཔས་འཕགས་པ་འཇམ་དཔལ་ལ་བྱིན། འཇམ་དཔལ་གྱིས་ཚིག་དང་ཡི་གེར་བསྡེབས་ནས་རིག་འཛིན་གྱི་སློབ་དཔོན་རྣམས་ལ་བརྒྱུད་པའོ། །དེ་ཡང་གནས་ཆོས་ཀྱི་དབྱིངས་སུ་སྟོན་པ་ཀུན་ཏུ་བཟང་པོས། ལོངས་སྐུ་རྡོ་རྗེ་སེམས་དཔའ་ལ་བྱིན་གྱིས་བརླབས་ཀྱིས་བཤད། ཡོན་དུ་རིག་པའི་མེ་ཏོག་ཕུལ་ལོ། །རྡོ་རྗེ་སེམས་དཔའ་འོག་མིན་གྱི་གནས་སུ། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ལ་རང་གི་ངོ་བོས་བཤད། ཡོན་དུ་འདོད་པའི་ཡོན་ཏན་ལྔ་ཕུལ། གསང་མཚན་རྡོ་རྗེ་བདེ་བྱེད་རྩལ། །དེ་ཡན་ཆད་རྒྱལ་བ་དགོངས་པའི་བརྒྱུད་པའོ། །སློབ་དཔོན་དགའ་རབ་རྡོ་རྗེ་ཨོ་རྒྱན་གྱི་རིན་ཆེན་གཡུ་སྟེངས་སུ། དེ་འཇམ་དཔལ་བཤེས་གཉེན་ལ་ཚིག་སྡེབས་སྦྱོར་ལེགས་པས་བཤད་ཅིང་དབང་བསྐུར། ཡོན་དུ་རང་གི་མགོ་དང་སྙིང་ཕུལ། གསང་མཚན་གཞོན་ནུ་རྩལ་ལོ། །དེས་རྒྱལ་པོ་དྷ་ན་ཏ་ལོ་ལ། ཡུལ་དྷ་ཧེ་ནའི་ཚལ་བདག་གི་ནགས་སུ་དབང་བསྐུར། ཡོན་དུ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ཕུལ། གསང་མཚན་རྡོ་རྗེ་དགའ་བྱེད་རྩལ། །དགུང་ལོ་སྟོང་ཆིག་བརྒྱ་བཞེས་སོ། །དེས་སྲས་ཐུ་བོ་ར་ཙ་ཧསྟི་ལ་དབང་བསྐུར། ཡུལ་ཙན་ཏན་གྱི་ནགས་སུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཕུལ། རྡོ་རྗེ་གསལ་བ་རྩལ། དགུང་ལོ་བརྒྱད་བ རྒྱ་བཞེས། དེའི་ཞོར་ལ་ཤིན་ཏུ་བརྟན་པ་ལ་བཤད་དོ། །དེས་སྲས་མོ་པ་ར་ནི་ལ༴ ཡུལ་ཨ་ནུ་རྟའི་ཚལ་དུ་ལུས་ཀྱི་རྒྱན་རྣམས་ཕུལ་ནས་ཞུས། རྡོ་རྗེ་མཛེས་མ་རྩལ། ལོ་དགུ་བརྒྱ་བཞེས། ཞོར་ལ་རྒྱལ་པོ་གསེར་མཁར་ཅན་ལ་གནང་ངོ་། ༈ །དེས་ཀླུའི་རྒྱལ་པོ་འཇོག་པོ་ལ། སིན་དྷུའི་མཚོ་འགྲམ་དུ། ཡོན་དུ་གཙུག་གི་ནོར་བུ་ཕུལ། རྡོ་རྗེ་རྫུ་འཕྲུལ་རྩལ། ལོ་སུམ་སྟོང་བཞེས། ཞོར་ལ་ཀླུ་མོ་ཡཀྴ་ཁ་འདུལ་ལ་བཤད་དོ། ༈ །དེས་གནོད་སྦྱིན་མོ་བྱང་ཆུབ་ལ། དྷ་ཧེ་ནའི་རྩར་བུ་དང་རྒྱལ་སྲིད་ཕུལ། རྡོ་རྗེ་གཡུང་དྲུང་རྩལ། ལོ་སུམ་རྒྱ་བཞེས། ཞོར་ལ་བྲམ་ཟེ་མོ་བློ་གྲོས་ལ་བཤད་དོ། །དེས་སྨད་འཚོང་མ་ཨ་ར་ལི་ལ། ཡུལ་དྷ་ན་ཀོ་ཤའི་ཤར་ཕུག་ཏུ་དབང་བསྐུར། རང་ལུས་ཕུལ། ལོ་བརྒྱ་བཞེས། རྡོ་རྗེ་དབྱིངས་མ་རྩལ། ཞོར་ལ་རྒྱལ་པོ་གློག་གི་འོད་ལ་བྱིན་ནོ། ༈ །དེས་ཁྱིའི་མཁན་པོ་ཀུ་ཀུ་ར་ཙ་ལ། ཡུལ་དྷ་ཧེ་ནའི་འདུ་ཁང་དུ་དབང་བསྐུར། གསེར་གྱི་དྲིལ་བུ་གཡེར་ཁ་སྟོང་ཕུལ། རྡོ་རྗེ་དྲག་པོ་རྩལ། ལོ་དྲུག་སྟོང་བཞེས། ཞོར་ལ་རྒྱལ་པོ་ཛ་ལ་བཤད་དོ། ༈ །དེས་སྨད་འཚོང་མ་བྷུདྷ་ས་མ་ཡ་ལ། དྷ་ཧེ་ནའི་གླིང་ཕུག་ཏུ་རིན་པོ་ཆེ་སྣ་ལྔ་ཕུལ། རྡོ་རྗེ་ཡང་དག་རྩལ། ལོ་ལྔ་བརྒྱ་བཞེས། ཞོར་ལ་བྲམ་ཟེ་མོ་ཉི་མ་ལ་བཤད་དོ། ༈ །དེས་སྨད་འཚོང་མ་བྷུདྡྷ་ས་མ་ཏི་ལ། ཡུལ་ཨུ་ཏའི་ཚལ་དུ་རྟ་དང་གླང་པོ་བདུན་ཕུལ། རྡོ་རྗེ་ཉི་འོད་རྩལ། ལོ་དྲུག་བརྒྱ་བཞེས་སོ། ༈ །དེས་ཨོ་རྒྱན་གྱི་མཁན་པོ་མ་ཧཱ་ར་ཙ་ལ༴ ཨོ་རྒྱན་གྱི་རིན་ཆེན་གཡུ་ལྡིངས་ཚལ་དུ། གསེར་སྲང་དྲུག་སྟོང་ཕུལ། རྡོ་རྗེ་རྫུ་འཕྲུལ་རྩལ། ལོ་དྲུག་སྟོང་བཞེས། ཞོར་ལ་རྒྱལ་པོ་ཐོར་ཅོག་ཅན་ལ་བྱིན་ནོ། ༈ །དེས་སྲས་མོ་གོ་མ་དེ་བྱི་ལ། ཡུལ་པདྨའི་མེ་ཏོག་ཚལ་དུ། ཡོན་རྟ་དང་གླང་པོ་ཕུལ། རྡོ་རྗེ་དངོས་གྲུབ་རྩལ། ལོ་བརྒྱད་བརྒྱ་བཞེས། ཞོར་ལ་བྲམ་ཟེ་མོ་གསལ་བའི་བརྒྱན་ལ་གནང་ངོ་། ༈ །དེས་ཨ་ཙརྱ་ཨ་ལོ་ཀེ་ལ། ལྗོན་ཤིང་གི་ནགས་སུ། ཡོན་གསེར་ཕྱེ་ཕུད་དོ་ཕུལ། །རྡོ་རྗེ་གཡུང་དྲུང་གཏེར། ལོ་གསུམ་བཅུ་བརྒྱ་བཞེས། ཞོར་ལ་རྒྱལ་པོ་སུ་མི་ཏ་ལ་བཤད་དོ། ༈ །དེས་མིའི་མཁན་པོ་མ་ཧཱ་ར་ཙ་ལ། ཤིང་ཀུ་ཏའི་རྩར། ལྷའི་བདུད་རྩི་འཆི་མེད་དང་ནོར་བུ་བསམ་འཕེལ་ཕུལ། རྡོ་རྗེ་སྒེག་པ་རྩལ། ཞོར་ལ་བློ་གྲོས་མཐའ་ཡས་ལ་བཤད་དོ། ༈ །དེས་དྲང་སྲོང་བྷ་ཤ་ཏི་ལ། ཡུལ་ཆུ་བོ་གང་གའི་བྱེ་མར་གནང་། རིན་པོ་ཆེའི་གཏེར་ཕུལ། རྡོ་རྗེ་ལྷུན་གྲུབ་རྩལ། ལོ་བཞི་བརྒྱ་བཞིས། ཞོར་ལ་སྟོབས་ཆེན་འབར་བ་བྱིན། དེས་སྨད་འཚོང་མ་བདག་ཉིད་མ་ལ། ཤིང་ནལ་བྱིའི་རྩར་རང་གི་ལུས་དང་ལོངས་སྤྱོད་ཕུལ། རྡོ་རྗེ་འོད་མཆོག་རྩལ། ལོ་བརྒྱ་ཉེར་ལྔ་བཞེས། ཞོར་ལ་བྲམ་ཟེ་མོ་སྨན་གྱི་བློ་གྲོས་ལ་བཤད་དོ། ༈ །དེས་རུ་ན་ག་ཛྷུ་ན་ལ། ཡུལ་དྷ་ཧེ་ནའི་ཉི་མ་ཁུད་དུ། གསེར་སྲང་ཉིས་སྟོང་ཕུལ། རྡོ་རྗེ་ཐོགས་མེད་རྩལ། ལོ་སྟོང་བཞེས། ཞོར་ལ་རྒྱལ་པོ་གྲུབ་པའི་སྙིང་པོ་ལ་བཤད་དོ། ༈ །དེས་དྷུ་དྷེ་བ་ར་ཙ་ལ་ལྷའི་དཔག་བསམ་ཤིང་གི་རྩར། ལྷའི་བདུད་རྩི་ཚེ་འཕེལ་ཕུལ། རྡོ་རྗེ་གསང་བ་རྩལ། ཞོར་ལ་ལྷའི་དབང་པོ་ལ་གནང་ངོ་། ༈ །དེ་ལ་འཇམ་དཔལ་བཟངས་ཞེས་ཀྱང་བྱ། འཇམ་དཔལ་བཤེས་གཉེན་ཕྱི་མ་ལ། དྷ་ཧེ་ནའི་གཡུ་ལུང་དུ། རྟ་དང་གླང་པོ་ཆེ་རིན་པོ་ཆེ་ཤར་བུ་ཕུལ། རྡོ་རྗེ་ངེས་པ་རྩལ། ལོ་དྲུག་བརྒྱ་བཞེས། ཞོར་ལ་བདུད་རྩི་འབེབས་ལ་བཤད་དོ། ༈ །དེས་རིག་འཛིན་ཆེན་པོ་དགེ་བསྙེན་ལེགས་ལ། དབུས་འགྱུར་ཚལ་དུ། གསེར་གྱི་པ་ཏྲ་ཕུལ། རྡོ་རྗེ་མཆོག་རབ་རྩལ། ཞོར་ལ་དྷརྨ་བྷོ་དེ་ལ་དབང་བསྐུར་རོ། ༈ །དེས་རུ་དྷརྨ་ར་ཙ་ལ། རིན་ཆེན་བདེ་བའི་གནས་སུ། རིན་པོ་ཆེ་བསིལ་མཆོག་ཕུལ། རྡོ་རྗེ་མི་འགྱུར་རྩལ། ༈ །དེས་རུ་འ བུ་ཏ་ཀུག་ཏ་ལ། ཀུག་ཏས་ཁང་དགུ་ཐོག་ཏུ། ཡོན་བདུད་རྩི་བསིལ་མངར་གཞོང་པ་གང་ཕུལ། རྡོ་རྗེ་གསང་རྫོགས་རྩལ། ལོ་སུམ་བརྒྱ་བཞེས། ཞོར་ལ་མུ་ལ་ཀུ་ཛ་ལ་བྱིན་ནོ། ༈ །དེས་པཎྜི་ཏ་ཤྲི་སིང་ཧ་ལ། ཡུལ་དྷ་ཧེ་ནའི་འདུ་ཁང་དུ། གསེར་གྱི་བུམ་པ་ཕུལ། རྡོ་རྗེ་བཞད་པའི་གཏེར། ལོ་ལྔ་བརྒྱ་བཞེས་སོ། ༈ །དེས་དགེ་སློང་མ་ཀུན་དགའ་མ་ལ། དྷ་ཧེ་ནའི་ཁ་རག་ཡུལ་དུ་ཨུ་བྷིའི་མཁར་དང་། གསེར་སྲང་དྲུག་ཕུལ། རྡོ་རྗེ་ཤེས་རབ་རྩལ། ལོ་གཉིས་བརྒྱ་བཞེས་སོ། ༈ །དེས་གུ་རུ་བྷི་མ་ལ་ལ། རྣམ་དག་ཆོས་ཀྱི་སྤྲིན་དུ། །གསེར་ཀ་ཞུ་ཙམ་ཞིག་ཕུལ། །རྡོ་རྗེ་གྲོ་བོ་ལོད། ལོ་སུམ་བརྒྱ་བཞེས་སོ། ༈ །རིག་འཛིན་རྣམས་རིག་པས་བརྒྱུད་པའོ། ༈ །ཤྲི་སིང་ཧས་ལོ་ཙཱ བ་བྷེ་རོ་ཙ་ན་ལ། དྷ་ཧེ་ནའི་འདུ་ཁང་དུ་དབང་བསྐུར། ཡོན་གསེར་ཕྱེ་བ་མིན་གྱི་ར་དོ་དང་། གསེར་གྱི་པ་ཏྲ་བརྒྱད་ཕུལ། གསང་མཚན་རྡོ་རྗེ་ཁྱུང་གཤོག་རྩལ། །དགུང་ལོ་བརྒྱད་ཅུ་བཞེས། ཞོར་ལ་བརྩང་ལེགས་གྲུབ་ལ་བསྐུར་རོ། ༈ །དེས་རྒྱལ་པོ་གཡུ་སྒྲ་སྙིང་པོ་ལ། རྒྱལ་མོ་ཚ་རོང་གི་བྲག་ལྷ་མགོན་པོར། ཡོན་དུ་རང་གི་རྒྱལ་སྲིད་ཕུལ། །གསང་མཚན་རྡོ་རྗེ་བདེ་འབྱམས་རྩལ། །ཞོར་ལ་རྒྱལ་མོ་གྲུ་ལ་གནང་ངོ་། ༈ །དེས་གཉགས་ཛྙ་ན་ཀུ་མ་ར་ཏེ་ཡེ་ཤེས་གཞོན་ནུ་ལ། ཡུལ་མཆིམས་ཕུ་བྲག་དཀར་དུ། ཡོན་དུ་མཆིམས་ཡུལ་བྲག་དགུ་དགོའུ་རུ། ཕྲ་མེན་གྱི་ཡོལ་སྐྱོགས་གཉིས་ཆང་གིས་བཀང་བ་དང་། གཡུ་སྟོང་རིན་གཅིག་ཕུལ། གསང་མཚན་རྡོ་རྗེ་གྲུབ་པའི་གཏེར། ༈ །སྤྱི་རུ་འདི་ལ་དབང་གི་ཆུ་བོ་ཆེན་པོ་བཞི་བབས་པ་ལགས་ཏེ་གོང་མ་གཅིག་དེ་ལགས་སོ།། །།
༅། །སློབ་དཔོན་དགའ་རབ་ནས་ཤྲི་སིང་ཧའི་བར་ཀུན་ལའང་གཏུགས། རྩལ་དབང་ཐོབ་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས། ཁྲི་སྲོང་ལྡེའུ་བཙན་རྗེ་འབངས་ཉི་ཤུ་རྩ་ལྔ་ལ། མཆིམས་ཕུ་རྫ་གཉིས་དགེ་བའི་དབེན་ཚར་དབང་བསྐུར། དེའི་ནང་ནས་ངན་ལམ་རྒྱལ་མཆོག་དབྱངས་ཀྱིས་ལྷ་ས་ཡེར་པར་གཟི་ཡི་སླུག་མ་དང་འདོད་ཡོན་ལྔ་ཕུལ་ནས་དབང་བསྐུར། གསང་མཚན་རྡོ་རྗེ་གྲུབ་པ་རྩལ། །དེ་ལྟར་གཉིས་སོ། ༈ །སློབ་དཔོན་ཆེན་པོ་ཧཱུྃ་ཀ་ར་ལ་བོད་ཀྱི་དགེ་སློང་མི་ལྔས་གསེར་བྲག་བྱ་སྐྱུངས་ཚལ་དུ་དབང་ནོས་སོ། །དེའི་ནང་ནས་གནུབས་ནམ་མཁའ་སྙིང་པོས་མཉལ་གྱི་དགེ་རི་བྲག་ཏུ་དབང་བསྐུར། རྟ་ཟེག་པ་གཅིག་ཕུལ། གསང་མཚན་ཐིག་ལེ་གཤོག་རྒོད་རྩལ། །དེ་ལྟར་གསུམ་མོ། ༈ །སློབ་དཔོན་བྷི་མ་ལ་མི་ཏྲ་བོད་དུ་བྱོན་པའི་དུས་སུ། ཡུལ་ཡར་ལུངས་ཀྱི་ཡང་ཐོག་ཏུ་གསེར་གྱི་ཐོག་ཏུ་གསེར་གྱི་བྱ་འདབ་ཚད་མ་དང་། དངུལ་གྱི་བྱ་འདབ་ཚད་མས་སྣ་དྲངས་ནས། ནོར་སྣ་བདུན་བརྒྱ་ཕུལ། གསང་མཚན་དྲི་མེད་ཟླ་ཤར་རྩལ། ༈ དེ་ལྟར་དབང་གི་ཆུ་བོ་ཆེན་པོ་བཞི་མངའ་བ་ལགས་སོ། ༈ །ཡུལ་ཡར་ལུངས་ཤེས་པ། ཕ་སྟག་ར་ལྷ་སྣ། མ་སུམ་ཟ་སྒྲོན་གྱི་བློ་གྲོས། །མགྲིན་པ་ན་སྨེ་བའི་རྡོ་རྗེ་རྒྱ་གྲམ་ཡོད་པ། ས་དྲུག་ནོན་པ། སྔགས་མཚན་ཉིད། སྒྲ་ཚད་ཀུན་ལ་མཁས་པ་ལགས་སོ། ༈ །དེས་ཁང་སོག་པོ་དཔལ་གྱི་ཡེ་ཤེས་ལ། ཡར་ལུངས་ཤེལ་བྲག་ཏུ་དབང་བསྐུར། །ཡོན་དུ་བླ་མའི་སྐུ་དགྲ་ལན་གསུམ་བཏུལ། ཐུགས་ལན་གསུམ་བཟུང་། མཉེས་པར་བྱས་ནས་ཞུས། གསང་མཚན་རྡོ་རྗེ་བཞད་པའི་གཏེར་རམ། གསང་མཚན་རྡོ་རྗེ་ཁྱུང་གཤོག་རྩལ། །ཡུལ་ཡར་འབྲོག་རུས་པ་ཁང་པ། །ཕ་སོག་པོ་འབར་ཡོན། མ་འབྲོ་ཟ་སྨན། མི་ཆོས་ཀྱི་མིང་ནི་ཁང་སྟག་ཟིལ། ས་ལྔ་པ་ནོན། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པ་ལགས་སྐད་དོ། ༈ །དེས་གནུབས་སངས་རྒྱས་ལ། གྲའི་སྨན་སྒང་དུ་བཀའ་བྱས་སོ།། །།
༅། ། ༀ་ན་མོ་རཏྣ་གུ་རུ་ཧཱུྃ། མ་ཧཱ་ཡོ་གའི་རྣལ་འབྱོར་ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པའི་དབང་ལ། ཆོས་སྐུ་ཀུན་ཏུ་བཟང་པོ་རྒྱལ་ཚབ་རིགས་ལྔ་ལ་བཤད། ༈ དེས་རྒྱལ་སྲས་སེམས་དཔའ་དང་སེམས་མ་ལ་བརྒྱུད་ཅིང་དབང་བསྐུར། ༈ དེའི་ནང་ནས་རྡོ་རྗེ་སེམས་དཔས་རྡོ་རྗེ་ཆོས་སྤྱན་རས་གཟིགས་ལ་གསང་སྔགས་ཀྱི་རྒྱུད་ཀྱི་རྒྱལ་པོར་དབང་བསྐུར། ༈ རིག་པ་འཛིན་པ་མི་མ་ཡིན་པ་དང་། མི་དང་མི་མ་ཡིན་པ་གཉིས་ཀ་ལ་བརྒྱུད་དེ། སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་ཡི་གེར་བསྡུས་ནས། རྒྱལ་པོ་ཛ་ལ་ལྟས་སྣང་བ་ཡན་ཆད་སྒྱུ་འཕྲུལ་གྱི་བབས་ཀྱི་ལོ་རྒྱུས་སུ་ཤེས་སོ། ༈ །དེའང་ཚེའི་གླེང་གཞི་ལོ་རྒྱུས་ལས། ལྷ་མོ་དཔལ་མོས་ལུང་བསྟན་ཏེ། །ཀུ་ཀུ་ར་ཛས་པོ་ཏི། རྒྱལ་པོ་ཛས་རྙེད་པ་དེ་ལ་མཇལ་ནས་དོན་རྟོགས་ཏེ་བསྒྲུབ་པས་རྡོ་རྗེ་སེམས་དཔའ་དང་། ཕྱག་རྡོར་དང་། ཀུ་ཀུ་ར་ཛ་ཨིན་ཏྲ་བྷོ་དྷེ་དང་། སིང་ཧ་ཨུ་པ་ར་ཛ་དང་། སྲས་མོ་གོ་མ་ཞེས། ལམ་རིམས་སུ་བཤད་ཅིང་དཔལ་མོ་ནི་རྡོ་རྗེ་སེམས་ཀྱི་འཁོར་ཡིན། ༈ ཨ་ནུ་ལྟར་དུ་ཀུ་ཀུ་ར་གོང་དུ་མི་བཞེད་ཀྱང་། མ་ཧཱ་ལྟར་དུ། ཀུ་ཀུ། ལི་ཙཱ་དྲི་མེད་རྣམས་ལ་ཏན་ཏྲ་བཅོ་བརྒྱད་ལྟར་ཚོམ་བུ་ལ་བསྟན་ཏེ། དབང་བསྐུར་བསྒྲུབས་པས་རྡོ་རྗེ་འཆང་གི་ས་ཐོབ་ཅེས་བཤད་ཅིང་། མདོ་ཨ་ནུ་ལྟར་དུ་ཀུ་ཀུ་ཛའི་གོང་དུ་མི་བཞེད་ཀྱང་། མ་ཧཱ་ལྟར་དུ་ཀུ་ཀུ་ར་ཛ་ཨིན་ཏྲ་བྷོ་དྷེ་དང་། སིང་ཧ་ཨུ་པ་ར་ཛ་དང་། སྲས་མོ་གོ་མ་ཞེས། ལམ་རིམས་སུ་བཤད་ཅིང་དཔལ་མོ་ནི་རྡོ་རྗེ་སེམས་ཀྱི་འཁོར་ཡིན། ༈ དེའི་དུས་སུ་ཁྱིའི་མཁན་པོ་དགེ་སློང་ཀུ་ཀུར་ཛས། མཆོད་རྟེན་རྣམ་དག་གི་དྲུང་དུ་བསྒྲུབས་པས་རྡོ་རྗེ་སེམས་དཔའི་ཞལ་མཐོང་། དངོས་གྲུབ་ཐོབ་ནས་རྡོ་རྗེ་སེམས་དཔས། རྡོ་རྗེ་ཆོས་སྤྱན་རས་གཟིགས་ལ་གསང་སྔགས་རྒྱུད་ཀྱི་རྒྱལ་པོར་དབང་བསྐུར་བ་ལྟར། རྡོ་རྗེ་ཆོས་ཀྱིས་ཀུ་ཀུ་ར་ཛ་ལ་དབང་བསྐུར་བས་ཏན་ཏྲ་སྡེ་བཅོ་བརྒྱད་ལ་དགོངས་པ་མཐར་ཕྱིན་པར་གྱུར་ཏོ། །དེའི་ཡུལ་ཟ་ཧོར་གྱི་ཉེ་འཁོར་ན་ཡབ་རྒྱལ་པོ་ལ་གཞུ་ཐུང་། ཡུམ་རྒྱལ་མོ་སྐྲའི་ལ་བ་ཅན་གྱི་བུ་སངས་རྒྱས་ཤཱཀ་ཐུབ་ཀྱི་དགེ་སློང་སྟེ་ཐུབ་པ་ལའང་དབང་བཞི་ཐོབ་པ་ཚེ་ལོ་སྟོང་ཐུབ་ལ། བྱང་ཆུབ་སེམས་དཔའ་རིན་ཆེན་མང་གི་སྤྲུལ་པ་དེས། ཡོན་དུ་རིག་པའི་མེ་ཏོག་དང་ཕྱག་དང་མཆོད་པ་ཕུལ། གས ང་མཚན་རྡོ་རྗེ་བདེ་མཆོག་རྩལ། །ཙཀ་རྙིང་པ་ཅིག་ན་རྡོ་རྗེ་ཆེ་མཆོག་རྩལ་ཟེར། མངོན་པར་ཤེས་པ་ལྔ་དང་ལྡན་པ་དེས། ཚོམ་བུ་འབུམ་དང་བཅས་ཏེ་ཚོགས་བསྒྲུབས་པས་རྡོ་རྗེ་འཆང་གི་ས་ལ་གཤེགས་སོ། ༈ །དེས་ཟ་ཧོར་གྱི་རྒྱལ་པོ་ཨིན་ཏྲ་བྷོ་དྷེ་ཞེས་ཀྱང་བྱ། གླེགས་བམ་འགུགས་པའི་མིང་ཅན། རྒྱལ་པོ་ཛ་ལ་ཨ་སུ་རའི་བྲག་ཕུག་ཏུ་དབང་བསྐུར། ཡོན་དུ་རང་གི་རྒྱལ་སྲིད་འདོད་པའི་ཡོན་ཏན་ལྔ་ཕུལ། གསང་མཚན་རྡོ་རྗེ་ཉི་འོད་རྩལ། །ཚོམ་བུ་ཁྲི་དང་བཅས་ནས་ཚོགས་བསྒྲུབས་པས་རྡོ་རྗེ་འཆང་གི་ས་ལ་གཤེགས་སོ། ༈ །དེས་ཤཱཀྱ་སུ་ཏྲི་ལ་གྲོང་ཁྱེར་སྐྱིད་པའི་འབྱུང་གནས་སུ་དབང་བསྐུར། ཡོན་དུ་ལྷའི་ལོངས་སྤྱོད་བསམ་འཕེལ་ཕུལ། གསང་མཚན་རྡོ་རྗེ་གསལ་མཛེས་རྩལ། ཚོམ་བུ་ལྔ་སྟོང་དང་བཅས་ནས་ཚོགས་བསྒྲུབས་པས་ཕྱག་རྒྱ་ཆེན་པོའི་རིག་འཛིན་བརྙེས་སོ། ༈ །གཞན་ཡང་ཨིན་ཏྲས༴ སིང་གྷ་ལའི་རྒྱལ་པོ་སིང་ང་ར་ཛ་ལ། སིན་དྷུའི་རྒྱ་མཚོའི་འགྲམ་དུ་དབང་བསྐུར། སྤོས་ཀྱི་གླང་པོ་ཕུལ། གསང་མཚན་རྡོ་རྗེ་གྲགས་པ་རྩལ། ཚོམ་བུ་སྟོང་དང་བཅས་ནས་ཚོགས་བསྒྲུབས་པས། རིག་འཛིན་གྱི་ས་ལ་གཤེགས་སོ། ༈ །དེས་ཨོ་རྒྱན་གྱི་རྒྱལ་པོ་ཨུ་པ་ར་ཛ་ལ། ཨོ་རྒྱན་གྱི་ཡུལ་དུ། དྷ་ན་ཀོ་ཤའི་གླིང་ཕུག་ཏུ་དབང་བསྐུར། རིན་པོ་ཆེའི་དབྱིག་ཕུལ། རྡོ་རྗེ་ཡང་དག་གྲུབ་པ་རྩལ། ཚོམ་བུ་ལྔ་བརྒྱ་དང་བཅས་ཏེ་ཚོགས་བསྒྲུབས་པས་རིག་འཛིན་གྱི་ས་ལ་གཤེགས་སོ། ༈ །དེས་སྲས་མོ་གོ་མ་དེ་བྱི་ལ། ཨོ་རྒྱན་གྱི་རིན་ཆེན་གཡུ་ལྡིངས་ཚལ་དུ། གསེར་ཕྱེ་བྲེ་གང་ཕུལ། རྡོ་རྗེ་ཟླ་མཛེས་རྩལ། ཚོམ་བུ་བརྒྱ་དང་བཅས་ཏེ་ཚོགས་བསྒྲུབས་པས་རིག་འཛིན་གྱི་ས་ལ་གཤེགས་སོ། ༈ །དེས་མདོ་ཐེག་པ་རིམ་འཇུག་ལྟར། མི་ཏྲི་རུ་ཀ་མ་ལ་ཞེས་ཀྱང་བྱ། ཀ་མ་ལ་ཤི་ལ་ཞེས་བྱ་བ་ལ། དབུས་འགྱུར་ཙནྡ་ཚལ་དུ་གསེར་གྱི་པ་ཏྲ་བརྒྱད་ཕུལ་གནང་། རྡོ་རྗེ་ཁྱུང་ཆེན་རྩལ་ལོ། ༈ །དེས་ཨ་ཙརྱ་འཛི་ན་མི་ཏྲ་ལ་རྡོ་རྗེ་གདན་དུ་གསེར་ཕུལ་གང་ཕུལ། རྡོ་རྗེ་ངེས་པ་རྩལ་ལོ། ༈ །དེས་རྡོ་རྗེ་བཞེད་པའི་དྲི་མེད་ལ། ཨུ་ཏ་པ་རའི་ཚལ་དུ་རིན་པོ་ཆེ་ཕུལ། རྡོ་རྗེ་བདེ་བྱེད་རྩལ་ལོ། ༈ །དེས་རུ་མི་ཕྱེད་སེང་གེ་ལ། ག་བུ་རོང་གི་ཤར་ཏ་པ་རའི་ཚལ་དུ་རིན་པོ་ཆེ་ཕུལ། རྡོ་རྗེ་གསང་ཆེན་རྩལ་ལོ། ༈ །དེས་སློབ་དཔོན་བདེ་བ་གསལ་མཛད་ལ། གྲོང་ཁྱེར་དཔལ་ཡོན་དུ། མཉེས་པ་ཕུལ། རྡོ་རྗེ་འགྱུར་མེད་རྩལ་ལོ། ༈ །སྲི་ར་མ་ཏི་དང་བདེ་བ་གསལ་མཛད་གཉིས་ཨ་ནུ་བ་གཉིས་སུ་འདོད། མ་ཧཱ་བ་གཅིག་ཏུ་འདོད་དོ། ༈ །དེས་སློབ་དཔོན་ཤཱཀྱ་བོ་དྷེ་ལ། ཡུལ་མ་ག་ཏར། རྟ་དང་གླང་པོ་ཕུལ། རྡོ་རྗེ་དངོས་གྲུབ་མཆོག་རྩལ། ༈ །དེས་རུ་པོག་ཀྱ་དེ་བ་ལ། འབྲི་ཀ་མ་ལ་ཤི་ལར་གནང་། མེ་ཏོག་སྣ་ཚོགས་ཕུལ། རྡོ་རྗེ་དད་པ་རྩལ་ལོ། ༈ །དེས་སློབ་དཔོན་རྡོ་རྗེ་སྒེག་པ་ལ། དབུས་འགྱུར་ཚལ་དུ་གསེར་གྱི་རྡོ་དངོས་རྩེ་ལྔ་པ་ཕུལ། རྡོ་རྗེ་སྒེག་པ་རྩལ། ༈ །དེ་ལ་རྡོ་རྗེ་དྲིལ་བུ་རྩལ་ཀྱང་ཟེར། རྡོ་རྗེ་སྒེག་པ་རྩལ་ཀྱང་ཟེར། རྡོ་རྗེ་གྲགས་པ་རྩལ་ཀྱང་ཟེར། ༈ །དེས་སློབ་དཔོན་ཆོས་བློན་དེ་བ་ལ། དབུས་འགྱུར་གྱི་ནགས་སུ། རྟ་དང་མ་ཧེ་ཕུལ། རྡོ་རྗེ་ངེས་བྱེད་རྩལ། ༈ །དེས་མཁན་པོ་ཆོས་རྒྱལ་སྐྱོང་ལ། དབུས་འགྱུར་ཚལ་དུ་འདོད་པའི་ཡོན་ཏན་ཕུལ་ནས་དབང་བསྐུར། གསང་མཚན་རྡོ་རྗེ་བདེ་བྱེད་རྩལ། ༈ །དེས་གནུབས་སངས་རྒྱས་ལ། མདོའི་དབང་ལྷ་མིན་ནས་མ་ཧཱའི་བར་ཐེག་པ་རིམ་འཇུག་ལྟར་ཡུལ་དབུས་འགྱུར་ཚལ་དུ། གསེར་སྲ ང་ལྔ་བཅུ་ཕུལ་ནས་དབང་ནོས་སོ། །གསང་མཚན་རྡོ་རྗེ་ཡང་དབང་གཏེར་དུ་བཏགས། ཉེ་བརྒྱུད་ནང་དབང་གི་གྲུབ་ཐོབ་བདུན་ལ། སྲས་མོ་གོ་མ་བདེ་བ་བཟོད་མེད་རྩལ་གྱིས། སློབ་དཔོན་སངས་རྒྱས་གསང་བ་བཅུད་མཆོག་རྫོགས་པ་རྩལ། དེས་སློབ་དཔོན་བྷི་མ་ལ་མི་ཏྲ་རྡོ་རྗེ་དབང་རྫོགས་སྩལ། དེས་སློབ་དཔོན་སོག་པོ་རྡོ་རྗེ་བཞད་པ། སློབ་དཔོན་དེ་ཡན་ཆད་ཉེ་བརྒྱུད་བདུན་ཟེར། སློབ་དཔོན་ཛྙ་ན་ཀུ་མ་ར་དྲི་མེད་ཟླ་ཤར་ལ། སངས་རྒྱས་ཡེ་ཤེས་རྡོ་རྗེ་ཡང་དབང་ལའོ།། །།
༅། །ༀ་ན་མོ་རཏྣ་གུ་རུ་ཧཱུྃ། ལུང་ཨ་ནུ་ཡོ་གའི་ཐེག་པའི་རིམ་པའི་དབང་བསྒྲོད་པ། རྒྱལ་བུ་རྒྱས་སར་བཏོན་པའི་ལྟ་བུའི་དབང་ལ། རྒྱལ་བ་རིག་འཛིན་གང་ཟག་གསུམ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཅེས་པས་གསུམ་སྟེ། དང་པོ་རྒྱལ་བ་དགོངས་པས་བརྒྱུད་པ་ནི། ཆོས་ཀྱི་རྒྱལ་པོས་རྒྱལ་ཚབ་ལ། །དགོངས་པ་གསང་བ་ངེས་པར་བརྒྱུད། །ཅེས་པས། དང་པོ་སྟོན་པ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་ཆེ ན་དེས། རྒྱལ་ཚབ་རིགས་ལྔ་ལ་དབང་བསྐུར། ༈ །དེས་རྒྱལ་སྲས་སེམས་དཔའ་སེམས་མ་ལ་དབང་བསྐུར་རོ། །དེ་ཡང་། ལྷ་དང་མིའི་རིག་འཛིན་ལ། རིམ་པར་བརྒྱུད་དེ་གྲགས་པར་འགྱུར་ཅེས་པས། གཉིས་པ་རིག་འཛིན་རིགས་པས་བརྒྱུད་པ་ལ་གཉིས་ཏེ། མི་མ་ཡིན་པ་ལ་བརྒྱུད་པ་ནི། རིགས་གསུམ་མགོན་པོས་ལྷ་ཀླུ་གནོད་སྦྱིན་གྱི་གནས་སུ་དམ་པའི་མཆོད་གསུམ་བཤད་དེ་གྲགས་པར་གྱུར་ཏོ། ༈ །མི་དང་མི་མ་ཡིན་པ་གཉིས་ཀ་ལ་བརྒྱུད་པ་ནི། སངས་རྒྱས་མྱ་ངན་ལས་འདས་ནས། ལོ་ཉི་ཤུ་རྩ་བརྒྱད་ཀྱི་དུས་སུ། རི་མ་ལ་ཡའི་རྩེར་དམ་པའི་རིགས་ཅན་ལྔ་ལ་སོགས་པས་གདུང་བ་བཏོན་པས། སྟོན་པ་གསང་བདག་བྱོན་ནས་དབང་བསྐུར་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བའོ། ༈ །གང་ཟག་སྙན་ཁུང་བརྒྱུད་པ་ནི། སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསང་སྔགས་ཀྱི་གཞུང་རིན་པོ་ཆེ། གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱ་ཞུན་མས་ཡི་གེར་བྲིས་ཏེ་བསྡུས་པས། བྱིན་གྱིས་བརླབས་ཀྱིས་ཟ་ཧོར་གྱི་རྒྱལ་པོ་ཨིན་ཏྲ་བྷོ་དྷི་ཞེས་ཀྱང་བྱ་ལས་ཅན་རྒྱལ་པོ་ཛ་ལ་རྨི་ལྟས་བདུན་སྣང་བ་ནི། སྐུ་གསུང་ཐུགས་རྟགས་ཐིམ་པ་དང་། །ཆོས་ཀྱི་སྒྲོ་བ་བྱས་པ་དང་། །རིན་ཆེན་ཆར་དུ་བབས་པ་དང་། །ཀུན་གྱིས་དམ་པར་བསྔགས་པ་དང་། །རིན་ཆེན་གླེགས་བམ་བབས་པ་དང་། །མཆོད་པ་ཆེན་པོ་བྱས་པ་དང་། །སངས་རྒྱས་པ་ལ་ལུང་བསྟན་པའོ། །ཞེས་སོ། །དེ་ཡང་གསང་བདག་ཕྱག་ན་རྡོ་རྗེ་ཉིད་ཀྱིས་དམ་པའི་རིགས་ཅན་ལྔ་ལ་མ་ལ་ཡའི་རྩེར་དབང་བསྐུར་ཏེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བདུད་རྩི་འཆི་མེད་ཕུལ། ཀླུའི་རྒྱལ་པོ་འཇོག་པོས་གཙུག་གི་ནོར་བུ་ཕུལ། གནོད་སྦྱིན་སྐར་མདའ་གདོང་གིས་གནོད་སྦྱིན་གྱི་གསང་ཚིག་ཕུལ། སྲིན་མོ་ལང་ཀ་མགྲིན་བཅུས་ལུས་ཀྱི་རྒྱན་ཕུལ། མི་དགེ་སློང་ལི་ཙ་བྱི་དྲི་མ་མེད་པར་གྲགས་པས་མིའི་རིན་པོ་ཆེ་སྣ་ལྔ་ཕུལ་ལོ། །གསང་མཚན་ནི་རིམ་པ་བཞིན་དུ་ལྷ་བློ་གྲོས་འདུས་པ་རྩལ། ཀླུ་བློ་གྲོས་ངེས་པ་རྩལ། གནོད་སྦྱིན་བློ་གྲོས་དད་པ་རྩལ། སྲིན་མོ་བློ་གྲོས་ཐབས་ལྡན་རྩལ། མི་བློ་གྲོས་རབ་ཞི་རྩལ་ལོ། །དགེ་བསྙེན་ལི་ཙ་བྱིས། རྒྱལ་པོ་ཛ་ལ་ཨ་སུ་རའི་བྲག་ཕུག་ཏུ་དབང་བསྐུར། ཡོན་དུ་རིན་པོ་ཆེ་ཨིན་ཏྲ་ནི་ལ་ཁྲུ་གང་བ་ཕུལ། གསང་མཚན་རྡོ་རྗེ་གསང་མཆོག་རྩལ། ཞེས་བཏགས་སོ། ༈ །དེའི་བྱིན་གྱིས་བརླབས་ཀྱིས་གསང་སྔགས་ཀྱིས་པོ་ཏི་དང་གླེགས་བམ་རྣམས། བྲག་ཕུག་གི་ཡང་སྟེངས་སུ་སྐར་མདའ་ཐང་ལ་ལྟུང་བ་བཞིན་དུ་བབས་སོ། ༈ །རབ་ཏུ་དགའ་བའི་ཚུལ་གྱིས་དོན་ཁྱད་པར་ཅན་ཞིག་ཡོད་སྙམ་ནས་བརྟགས་པས་ཚིག་འབྲུ་གཅིག་ཀྱང་བརྡའ་མ་འབྱལ་བས་མུག་སྟེ་ངུས་ནས། རྒྱལ་པོ་ཨུ་པ་ར་ཛ་ལ་སོགས་པ་མཁྱེན་པ་ཅན་རྣམས་ལ་བསྟན་པས་ཀྱང་མ་རྟོགས་སྐད། ལ་ལ་དག་དགེ་སློང་ཀུ་ཀུ་ར་ཛས་བརྟགས་གསུང་། དེར་རྒྱལ་པོ་ཛས་བསང་སྦྱང་བྱས་པས་སྒྱུ་འཕྲུལ་དྲ་བ་ལས། རྡོ་རྗེ་སེམས་དཔའ་བསྒྲུབ་པའི་ལེའུ་དང་། ཞལ་མཐོང་གི་ལེའུ་རྟོགས་ཏེ། བྲག་ཕུག་ཏུ་བསྒྲུབས་པས་ཟླ་བ་དྲུག་ན་རྡོ་རྗེ་སེམས་དཔའི་ཞལ་མཐོང་སྟེ་དངོས་གྲུབ་ཅི་འདོད་གསུང་། པོ་ཏི་འདི་རྣམས་ཀྱི་དོན་རྟོགས་པར་འཚལ་ཞེས་ཞུས་པས། རང་གི་རྒྱུད་སྦྱོངས་ཤིག་ཕྱག་ན་རྡོ་རྗེ་ལུང་སྟོན་པར་འགྱུར་རོ་ཞེས་ལུང་བསྟན་ནོ། །དེར་རིན་པོ་ཆེ་སྨུག་པོ་ལས་གྲུབ་པའི་ཕྱག་ན་རྡོ་རྗེའི་སྐུ་ཞིག་རྙེད་དེ། ཡི་དམ་དུ་བཟུང་ནས་བསྒྲུབས་པས་ཕྱག་ན་རྡོ་རྗེ་མངོན་དུ་བྱོན། ཆོ་འཕྲུལ་བསྟན་སྒྲིབ་པ་སྦྱངས་ཏེ་དབང་བཞི་རྫོགས་པར་བསྐུར་ཏེ་དཔེར་མེད་ཀྱི་དོན་རྟོགས་ནས་གསང་སྔགས་ལ་མཁས་པར་གྱུར་ཏོ། ༈ །དེས་རྒྱལ་པོ་ཨུ་པ་ར་ཛ་ལ་གྲོང་ཁྱེར་དཔལ་ཡོན་ཅན་དུ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ཕུལ། རྡོ་རྗེ་ཡང་དག་རྩལ། ༈ །དེས་སུ་ཏྲི་གསུམ་ལ་བཤད་དེ། རྒྱལ་པོ་ཛའི་སྲས་ཤཱཀྱ་སུ་ཏྲི། གུ་ཡ་སུ་ཏྲི། ན་ག་སུ་ཏྲི་གསུམ་ལ་གྲོང་ཁྱེར་སྐྱིད་པའི་འབྱུང་གནས་སུ། ཡོན་དུ་ལྷའི་རིན་པོ་ཆེ་བསམ་འཕེལ་ཕུལ། རྒྱལ་པོའི་སྲས་ཤཱཀྱ་སུ་ཏྲིའི་གསང་མཚན་རྡོ་རྗེ་གསལ་མཛེས་རྩལ་ལོ། ༈ །ཀླུའི་རྒྱལ་པོ་ན་ག་སུ་ཏྲིའི་གསང་མཚན་ཐིག་ལེ་བསྐྱོད་མེད་རྩལ་ལོ། ༈ །གུ་ཡ་སུ་ཏྲིའི་གསང་མཚན་རྡོ་རྗེ་གསལ་འཕྲོ་རྩལ་ཏེ་གསུམ། ༈ །སིང་ཧ་སུ་ཏྲི་སིང་ཧ་རྒྱལ་པོའི་གསང་མཚན་རྡོ་རྗེ་འོད་ཟེར་རྩལ་ཏེ་བཞིའོ། ༈ །སྲས་ཨིནྡྲ་དང་ཤཱཀྱ་སུ་ཏྲི་གཅིག་པའོ། ༈ །ཤཱཀྱ་སུ་ཏྲིས་ཁྱིའི་རྒྱལ་པོ་ཀུ་ཀུ་ར་ཛ་ལ། ཕྱིའི་རྒྱ་མཚོའི་འགྲམ་དུ་དྲིལ་བུ་གཡེར་ཁ་སྟོང་ཕུལ་ནས་གནང་། རྡོ་རྗེ་བདེ་མཆོག་རྩལ། ༈ །དེས་རོ་ལངས་བདེ་བའི་དངོས་གྲུབ་ལ་གླང་པོ་ཆེའི་སྣའི་བྲག་ཕུག་ཏུ། རྩི་སྨན་སྣ་ཚོགས་ཕུལ། རྡོ་རྗེ་བདེ་ཆེན་དངོས་གྲུབ་རྩལ་ལོ། ༈ །དེས་རྡོ་རྗེ་བཞེད་པ་ལ། ཨུ་ཏ་པ་རའི་ཚལ་དུ་རིན་པོ་ཆེ་ཕུལ། རྡོ་རྗེ་བདེ་བྱེད་རྩལ། ༈ །དེས་ཟ་ཧོར་གྱི་རྒྱལ་པོ་པྲ་ཧ་སྟི་ལ་ཆུ་བོ་སིན་དྷུའི་འགྲམ་དུ་རིན་པོ་ཆེ་ཀེ་ཀེ་རུ་ཕུལ། རྡོ་རྗེ་དགའ་རབ་རྩལ། ༈ །དེ་ལ་སློབ་མ་མི་གསུམ་གྱིས་ནོས་ཏེ། ཤཱཀྱ་སེང་གེ་སྟེ། དྷ་ན་རཀ་ཤི་ཏ། པདྨ་འབྱུང་གནས་དང་། ཤཱཀྱ་མི་ཏྲ་སྟེ་ཡོ་ག་མཁན་དང་། ཤཱཀྱ་པྲ་བྷ་བ་གསུམ་གྱིས་ཟ་ཧོར་རྒྱལ་པོའི་ཁབ་ཏུ་རང་རང་གི་ལོངས་སྤྱོད་ཕུལ་ལོ། །ཡང་བཤོས་ཁང་དུ་ཐོག་ཏུ་བདུད་རྩི་བསིལ་མཆོག་ཕུལ་ཀྱང་ཟེར་ཏེ། དྷ་ན་རཀྴི་ཏ་སེང་གེ་སྒྲ་སྒྲོགས་རྩལ་དུ་བཏགས་པ། ཤཱཀྱ་སེང་གེས་ཏུ་ཧཱུྃ་མཛད་རྡོ་རྗེ་ལ་ཨོ་རྒྱན་རྡོ་རྗེ་ཕུག་ཏུ་རྫས་མཆོག་བཟང་པོ་ཕུལ་རྡོ་རྗེ་ཉི་འོད་རྩལ་ལོ། ༈ །དེས་རུ་སྟི་ར་མ་ཏི་ལ་གའུ་རང་གི་བྲག་ཕུག་ཏུ་རིན་པོ་ཆེ་གསེར་ཕུལ། རྡོ་རྗེ་ཡང་དག་རྫོགས། ༈ །དེས་རུ་བདེ་བ་གསལ་མཛད་ལ། གྲོང་ཁྱེར་དཔལ་ཡོན་དུ་མཉེས་པ་ཕུལ། རྡོ་རྗེ་འགྱུར་མེད་རྩལ་ལོ། ༈ །དེས་ཤཱཀྱ་བོ་དེ་ཞེས་ཀྱང་བྱ་མདོ་མཁན་དྷརྨ་བོ་དེ་ལ། ཡུལ་མ་ག་ཏར་རྟ་དང་གླང་པོ་ཕུལ། རྡོ་རྗེ་གསལ་མཛེས་ཆོས་མཆོག་རྩལ། ༈ །དེས་རྒྱ་གར་ཆོས་རྒྱལ་ལ་དཔལ་ཤི་ལེ་ན་ལེན་ཏྲར་འདོད་པའི་ཡོན་ཏན་ལྔ་ཕུལ། རྡོ་རྗེ་བདེ་བྱེད་རྩལ། ༈ །དེས་བལ་པོའི་རྒྱལ་པོ་བ་སུ་དྷ་ར་དང་། བྲུ་ཞའི་ལོ་ཙྭ་བ་ཆེ་བཙན་སྐྱེས་ལ་རྒྱལ་པོའི་ཁབ་ཏུ་དབང་བསྐུར། ཡོན་དུ་གསེར་སྲང་གི་བཀོར་ཆ་ཕུལ། བལ་པོའི་གསང་མཚན་རྡོ་རྗེ་བདུད་འདུལ་རྩལ། བྲུ་ཞའི་ཆོས་གྲུབ་རྩལ་ཞེས་བཏགས་སོ། ༈ །དེའི་དུས་ན་རྒྱ་གར་གཙུག་ལག་དཔལ་དགེས་ཀྱིས་ཀྱང་ཐོབ་སྟེ། གསང་མཚན་རྡོ་རྗེ་གཙུག་ཏོར་རྩལ་ཏོ། །དེ་གསུམ་ཀ་ལ་སློབ་དཔོན་སངས་རྒྱས་ཀྱིས་མདོ་དབང་གནས་ཡིག་གདའ་ལགས། ༈ །དེའི་དུས་སུ་ཡུལ་བསྒྲེགས་ཀྱི་ཟུང་མཁར་བ། ཕ་གསང་བའི་དབང་ཕྱུག །གདུང་རུས་གནུབས་མ་མཆིམས་མོ་བཀྲ་ཤིས་མཚོ། དུར་ཁྲོད་པ། སྒྲེགས་ཀྱི་རི་བོ་ཆེ། མི་ཆོས་ཀྱི་མིང་རྡོ་རྗེ་ཁྲི་གཙུག །སློབ་དཔོན་རྣམས་ཀྱིས་མཁས་པ་ཆེན་པོ་འབྱུང་བར་ལུང་བསྟན་པ། ཆུང་ནས་དད་པ་དང་ཤེས་རབ་ཏུ་ལྡན་པ་དེས། ལྷ་དཔལ་གྱི་ཡེ་ཤེས་ལ་དབང་བསྐུར། མཆིམས་ཕུ་དང་ཕུང་པོ་རི་བོ་ཆེར་ཁྲབ་འཁྱག་པ་དཀར་པོས་སྣ་དྲངས་ནས་བཞི་བརྒྱ་ཕུལ་ཏེ་དབང་ནོས་སོ། ༈ །ཡང་སངས་རྒྱས་ཡེ་ཤེས་དེས་ལོ་ཉི་ཤུ་པ་ལ་ལྡུམ་ར་གསེར་དུ་དཀྲུམ་སྟེ་ཁྱེད་དུ་གྲིལ་ནས་བལ་པོའི་མཐིལ་དུ་བྱོན། བལ་པོ་བ་སུ་དྷ་ར་དང་མཇལ་སྒྲ་ཤེས་ཏེ། རྒྱུད་སྡེ་དང་བསྒྲུབ་ཐབས་མང་དུ་ཞུས་སོ། །དབང་ཞུས་པས། རྒྱ་གར་གྱི་མཁན་པོ་ཆོས་རྒྱལ་སྐྱོང་ལ་ཞུས་ཤིག་པར་ལུང་བསྟན། རྒྱ་གར་གྱི་ཡུལ་དུ་བྱོན་ཏེ་རུ་ཆོས་རྒྱལ་སྐྱོང་ལ་མཇལ་བར་བྱས་ནས་ཞུས་པས། རྒྱུད་དང་དབང་བསྒྲུབ་ཐབས་མང་དུ་གནང་ངོ་། །ལོ་རྒྱུས་ལ་ལ་ན། རུ་ཆོས་རྒྱལ་སྐྱོང་ལ་དབང་ཞུས་པས། སློབ་དཔོན་གསལ་བའི་རྒྱན་ལ་ཞུས་ཤིག་པར་ལུང་། འདིར་ནི་སློབ་དཔོན་ཆེན་པོ་གསལ་བའི་བརྒྱན་བྱ་བ་ལོ་སྟོང་དྲུག་བརྒྱ་ལོན་པ་ཞིག་བཞུགས་ཀྱིས་ཁྱེད་དེའི་སྤྱན་སྔར་སོང་ཞིག་གསུང་པ་ལྟར་དུ་རྒྱ་གར་དུ་བྱོན་ནས་འདུས་པ་ཆེན་པོ་མདོ་ཐེག་པ་དགུའི་དབང་ཡང་གསན། སྔགས་ཀྱི་བསྒྲུབ་སྡེ་དང་རྒྱུད་སྡེ་མང་previous hit པོ་གསན་ཅེས་བླ་མ་གླན་བསོད་ནམས་མགོན་གྱི་དབང་བྱང next hit་ན་གསུངས་གདའ། མདོའི་དབང་བསྐུར་ཞུས་ཤིང་གནང་ཞེས་པ་ནི་གུ་རུ་ཆོས་རྒྱལ་སྐྱོང་དེ་བལ་པོའི་ཆོས་རྒྱལ་ལོ། །དེའང་བལ་པོའི་རྒྱལ་པོ་བ་སུ་དྷ་ར་ནོར་འཛིན་ལ་དབང་ཞུས་པའི་ཚེ་ང་ཡི། ལན་ཅིག་ན། རྒྱ་གར་མཁན་པོ་ཆོས་རྒྱལ་སྐྱོང་བྲུ་ཞའི་ཡུལ་དུ་སྤྱན་དྲངས་དེར་གཤེགས་ཏེ། དྷ་ན་རཀྴི་ཏ་དང་། རུ་དྷརྨ་བོ་དེ་དང་། གསུམ་ལ་བྲུ་ཞའི་མཁན་པོ་ཆེ་བཙན་སྐྱེས་ཀྱིས་བྲུ་ཞའི་ཁྲོམ་དུ་བསྒྱུར་བར་བྱས། མོས་པ་ཆུངས་བས་དང་པོ་མ་འགྱུར་སྐད། དེ་ནས་རྒྱ་གར་ཡུལ་དུ་བྱོན་ཏེ། བལ་པོ་བ་སུ་དྷ་ར་དང་། བྲུ་ཞའི་ལོ་ཙཱ་བ་ཆེ་བཙན་སྐྱེས་དང་། གནུབས་ཡང་དབང་གསུམ་གྱིས་ཞུས་པས་གནང་སྟེ། དབང་གི་ཆུ་བོ་བཞི་རྫོགས་པར་བསྐུར་རོ། ༈ །དེའི་བྱིན་གྱིས་བརླབས་ཀྱིས་ཕྱི་མཁན་པོ་ཆོས་རྒྱལ་དང་། དྷརྨ་བོ་དྷེ་དང་། བྲུ་ཞའི་ལོ་ཙྪ་བ་ཆེ་བཙན་སྐྱེས་དང་། གནུབས་སངས་རྒྱས་ཀྱིས། ཕྱིས་རིང་ལུགས་ཤན་ཏ་རཀ་ཀྵི་ཏ་སློབ་དཔོན་པདྨའི་བཀའ་དང་སྦྱར་ནས་བྲུ་ཞའི་ཡུལ་གྱི་ཁྲོམ་དུ་བསྒྱུར་ནས་གནུབས་སངས་རྒྱས་ལ་བཤད་དོ། །རིགས་བརྒྱུད་ལོ་རྒྱུས་དེ་སྐད་ཟེར་ཡང་། མགོན་པོའི་དབང་རྒྱུད་དང་སྦྱར་བས་མདོ་དབང་གི་ཕྱག་ཆ་རྣམས་བཏང་ནས་རུ་བདེ་བ་གསལ་མཛད་ལའང་གནུབས་སངས་རྒྱས་ཀྱིས་ཞུས་པ་འདྲ་བས་སྤྱད་དོ། །དེ་ཡང་ཇོ་བོ་སངས་རྒྱས་ཀྱི་རྣམ་ཐར་སྤྱིར་དུ་འདི་ལ་ཤེལ་བྲག་ངོས་ལ་བསྒོམས་པའི་ཚེ། ཕྱག་ན་རྡོ་རྗེས་ཡེ་ཤེས་རྡོ་རྗེས་དབང་བསྐུར། འོམ་མོའི་ཚལ་དུ་བསྒོམས་པའི་ཚེ། དྲི་ཟའི་ཕྲུ་གུས་སངས་རྒྱས་ཡེ་ཤེས་རིན་པོ་ཆེར་མིང་བཏགས་ཏེ་མིང་གིས་དབང་བསྐུར། གང་བཟངས་གནས་ལ་སྒོམས་པའི་ཚེ། གནོད་སྦྱིན་ཕྲུ་གུས་ཆེ་བའི་ཡོན་ཏན་གྱིས་དབང་བསྐུར། གནུབས་མཚོ་གླིང་དགུར་སྒོམས་པའི་ཚེ། ཀླུ་ཕྲུ་གུས་དུག་དང་གདུག་པ་སེལ་བའི་དབང་བསྐུར། དུར་ཁྲོད་ལྷས་སུ་སྒོམས་པའི་ཚེ། ཡི་དྭགས་ཕྲུ་གུས་མཐུ་རྩལ་བརྙེས་པའི་དབང་བསྐུར། དྷ་ན་སྂ་ཀྲི་ཏ་ལ་སོགས་པ་པཎྜི་ཏ་མང་པོས་དབང་བསྐུར། རྒྱ་ནག་ཧ་ཤང་མ་ཧཱ་ཡ་ནས་ཀྱང་དབང་དང་གདམས་ངག་མང་པོ་གནང་། རྒྱ་གར་དྷ་ན་ཏ་ལ་བོད་དུ་བྱོན་ཏེ་དབང་གདམས་ངག་མང་པོ་གནང་། རྒྱ་གར་གྱི་ཡུལ་དུ་ལན་བདུན་བྱོན། ལན་དྲུག་ཆོས་དང་བསྟན་སྲུངས་དྲག་སྔགས་བསྒྱུར། ལན་ཅིག་ཞུ་ཏིག་མཛད་སྐད། ས་གཞི་ས་ནོན་པ་དང་། མཐུ་རྩལ་བརྙེས་པ། མཁས་པ་ཆེན་པོར་གྲགས་པ་ལགས་སོ། ༈ །དེ་ལ་སློབ་མ་མང་ཡང་ཐུགས་ཟིན་པ་ཐུགས་ཀྱི་སྲས་བཞི་ལ་བརྒྱུད་དེ། ༈ །རྩ་བ་ལུགས་ནི། ཉང་སྟོད་ཀྱི་འབྲེ་ཁྲོ་ཆུ༴ ཉང་ཤོར་ཆེན་མཆོག༴ ཉང་ཆུང་ཡེ་ཤེས་འབྱུང་བ༴ ཟུར་ཤཱཀྱ་འབྱུང་དང་བཞིའོ་ཟེར་ཏེ། དེ་རྣམས་ཀྱི་འབྲེ་དང་། མྱང་ཆེན་གཉིས་ཤིན་ཏུ་ཞལ་མཐོང་བ་སྔ་ལ། མྱང་ཆུང་དང་ཟུར་གཉིས་ཕྱི་བས་ཞལ་མཐོང་ཙམ་མོ། །ལ་ལ་ན་རེ་སློབ་དཔོན་སངས་རྒྱས་ཀྱིས་ཤངས་ཀྱི་སྟོང་ཚབ་བྱང་ཆུབ་རིན་པོ་ཆེ་ལ་སོགས་པ་རིན་པོ་ཆེ་གསུམ་ལ་གནང་། དེས་བརྒྱ་གཞོན་ནུ་བཤེས་གཉེན་དང་། མེ་གཉག་མཆོག་གི་རིན་ཆེན་དང་། སྟོང་ཚབ་འཕགས་པ་རྒྱ་མཚོ་དང་། ལྷ་རྗེ་འུག་པ་ལུང་པ་ཟུར་ཆེན་ཤཱཀྱ་འབྱུང་གནས་བཞི་ལ་སྐུ་ཚེ་ཡི་སྟོད་ལ་བསྐུར་ཅེས་མདོ་སེ་ལུགས་ལྟར་བཞེད་དོ། ༈ །འདིར་ནི་ཇོ་བོ་སངས་རྒྱས་ཀྱི་ཞལ་ནས། ཤེས་རབ་ཀྱི་ནགས་མ་ལ་ཡོན་ཏན་གྱི་སྡོང་པོ་འཁྲུངས། །གཅིག་གིས་ནི་རྩ་བ་ཁྱེར་སོ་ཡེ་ཤེས་དབང་ཕྱུག་སྨིན་རྡོ་རྗེ་དབྱིངས་ཆེན་གཏེར། གཅིག་གིས་ནི་སྡོང་པོ་ཁྱེར་པ་ཀོར་བློན་རྗེ་འཕགས་པ་སྨིན་རྡོ་རྗེ་གནམ་ལྕགས་རྩལ། གཅིག་གིས་ནི་ལོ་མ་ཁྱེར་སྲུ་ལེགས་པའི་སྒྲོན་མ་སྨིན། ཨུད་པལ་དབང་ཆེན་རྩལ། གཅིག་གིས་ནི་འབྲས་བུ་ཁྱེར་སྣུབས་ཡོན་ཏན་རྒྱ་མཚོ་སྨིན་རྡོ་རྗེ་རིག་འཛིན་གཏེར་ཅེས་གསུང་སྐད་དོ། ༈ །ཡང་གནུབས་ཆེན་སངས་རྒྱས་ཡེ་ཤེས་རིན་པོ་ཆེ་སྐུ་ཚེའི་སྨད་ལ་བསྟན་པ་བཀའ་ཤོག་རྒྱ་བོ་ཆེ་བཞག་ནས་འདི་སྐད་གསུང་། ཙནྡ་གྱི་སྡོང་པོ་ལ་སྤ་ཀོར་གྱིས་རྩ་བ་ཁྱེར། སྲུས་ཡལ་ག་ཁྱེར། དན་གྱིས་མེ་ཏོག་ཁྱེར། སོས་འབྲས་བུ་ཁྱེར། ཁུ་ལུང་ཡོན་ཏན་རྒྱ་མཚོ་ལྷ་རྗེ་གནུབས་ཆུང་གིས་རངས་པ་ཁྱེར་ཅེས་གསུང་། ༈ །དན་ནི་ཅོ་རོ་དན་ཕུག་གི་ཡོན་ཏན་མཆོག་སྟེ། གླན་ཉ་ཚལ་བ་ནི་མདོ་དབང་ཡོན་ཏན་རྒྱ་མཚོ་ནས་བརྒྱུད་དེ། རོང་སྣར་གྱི་ཡང་གསང་བྲག་ཕུག་ཏུ། དབང་གི་ཆུ་བོ་བཞི་རྫོགས་པར་བསྐུར། དབང་གི་ཡིག་སྨད་བཅོ་བརྒྱད་གཏད། དབང་རྟགས་སུ་དབང་བསྐུར་རྒྱལ་པོའི་རྒྱུད་བྱིན་ནོ། །ཡོན་དུ་སྤ་དྲོ་དང་པུ་རངས་དང་ལི་ཤིན་ཏི་སོགས་ལྷོ་སྟོད་ཀྱི་ལ་སྒོ་གསུམ་བླན་ནས། གཡུ་དཀར་པོ་འོད་འཛག །བེར་ཤ་བ་ཅན། རྟ་འཚལ་གནག་སེང་གེ། དར་མིན་གྱི་ན་བཟའ། ལ་རྫས་དང་རྩི་སྨན་མང་དུ་ཕུལ་ལོ། །གསང་མཚན་རྡོ་རྗེ་གཏེར་བཞད་རྩལ་དུ་བཏགས་སོ། ༈ །དེས་སྲས་ཡེ་ཤེས་རྒྱ་མཚོ་ལ། ཁུ་ལུང་འཕར་ལུང་དུ་དབང་དང་བཤད་པ་བཀའ་བྱའོ། །རབ་ཤེས་རབ། འབྲིང་སྤྱོད་ལམ། ཐ་མ་ཟང་ཟིང་གིས་མཉེས་པར་མཛད་དོ། །གསང་མཚན་རྡོ་རྗེ་དབང་བསྒྲུབ་རྩལ་དུ་བཏགས་སོ། ༈ །ཡང་དན་ཡོན་ཏན་མཆོག །དེས་རྔོག་ཤེས་རབ་སྐྱོང་ལ་ཟེར་བ་ཡང་ཡོད་དོ། །ཡང་སྲུ་ཡིས། བེག་ཡེ་ཤེས་བྱང་ཆུབ། དེས་དབྱར་གསལ་བའི་བྱང་ཆུབ། དེས་རྒྱ་བློ་གྲོས་བྱང་ཆུབ། དེས་ཟུར་ཆེ་ཆུང་ཟེར་བ་ཡང་ཡོད། ཡང་སོ་ཡེ་ཤེས་དབང་ཕྱུག །སྤ་ཀོར་གླན་རྗེ་འཕགས་པ། སྲུ་ལེགས་པའི་སྒྲོན་མ། དན་ཡོན་ཏན་གནུབས་ཡོན་ཏན། བེག་ཡེ་ཤེས་བྱང་ཆུབ། དབྱར་གསལ་བའི་བྱང་ཆུབ། རྒྱ་བློ་གྲོས། སྲས་གཞོན་ནུ་སྙིང་པོ། ཞུ་བསོད་ནམས་ཤཱཀྱ། སྐྱོ་མཆོག་རབ། ལྷོ་སྟོན་སྙིང་པོ། རྒྱ་ཤཱཀྱ་མཆོག །སྐྱོ་དར་མ་བྷོ་དེ། སྐྱོ་སྟོན་དར་མ་རྒྱལ་མཚན་ཏེ་བཅོ་ལྔ་ནི་གནུབས་སངས་རྒྱས་ཀྱི་སློབ་མའམ། སྤྱིར་དུས་མཚུངས་ཀྱི་དགེ་མཆེད་བཅོ་ལྔའོ། ༈ །གསུངས་པར་གདའ། ༈ ཐམས་ཅད་མདོ་དབང་གི་མཆེད་མ་ལགས་དཔོན་སློབ་དུས་མཚུངས་སོ། །ལུགས་གཅིག་ལ། སྤ་ཀོར་གྱིས༴ བེག་གསལ་བའི་བྱང་ཆུབ༴ དེས་རྔོག་མི་ཤེས་རབ་སྐྱོང་༴ དེས་དམར་ཡོན་ཏན་བྱང་ཆུབ༴ དེས་རྒྱ་བློ་གྲོས་གཞོན་ནུ༴ དེས་ཞུ་བསོད་ནམས་ཤཱཀ༴ དེས་ཟུར་པོ་ཆེ་ཟེར་རོ། ༈ །ཡང་རྒྱ་བློ་གྲོས་སྲས་གཞོན་ནུས་ཟུར་པོ་ཆེ་ཟེར་བའང་སྣང་ངོ་། ༈ །ཡང་སྲུའི་སློབ་མ་བཞི་ལ༴ དབྱར་གསལ་བའི་བྱང་ཆུབ་རྡོ་རྗེ་མཚམས་བྱེད་རྩལ་དང་། རྒྱ་བློ་གྲོས་གཞོན་ནུ་རྡོ་རྗེ་དབང་རྫོགས་རྩལ། སྔགས་པ་རྒྱ་ཤཱཀྱ་མཆོག་རབ་རྡོ་རྗེ་གཟི་འབར་རྩལ། ཞུ་བསོད་ནམས་ཤཱཀྱ་ཕྲིན་ལས་མཐར་ཕྱིན་རྩལ་དང་བཞིའོ། །ཞེས་མདོ་སེ་ལུང་ལས་བཤད། ཡང་སངས་རྒྱས་ཡེ་ཤེས་ལ་འཁོར་བརྒྱད་གྲུ་གུ་འཇིག་རྟེན་ལ་སོགས་པའོ། །གསུང་། ༈ འདིར་ཡེ་ཤེས་རྒྱ་མཚོས་བྱང་ཆུབ་རྣམ་པ་གསུམ་ལ་བཤད་དེ་མར་པ་ཡོན་ཏན་བྱང་ཆུབ། རྒྱ་བློ་གྲོས་གཞོན་ནུ་ཟེར་ཀྱང་། རྒྱ་བློ་གྲོས་བྱང་ཆུབ་ཡིན་སྐད། སྣ་ནམ་ཚུལ་ཁྲིམས་བྱང་ཆུབ་ད ང་གསུམ་ལ་བཀའ་བྱོ་སྐད། ཁུ་ལུང་མཁར་ལུང་དུ་དབང་བསྐུར། ཡོན་ལ་མར་པས་ཏྲ། རྒྱ་ཡིས་གཡུ། སྣ་ནམ་གྱིས་ཁྲབ་དང་ལྷ་རྫས་ཕུལ། གསང་མཚན་མར་པ་ནི་རྡོ་རྗེ་ལྷུན་གྲུབ་རྩལ། རྒྱ་རྡོ་རྗེ་ལས་གྲུབ་རྩལ། སྣ་ནམ་རྡོ་རྗེ་གྲུབ་མཆོག་རྩལ་དུ་བཏགས་སོ། ༈ །མར་པ་ནས་མང་པོ་མ་འཕེལ་ལོ། །རྒྱ་ཡིས་སྐུ་ཚེའི་སྟོད་ལ་སྣ་ནམ་ཞལ་ཡོན་པ་ལ་སོགས་པ་བཞི་ལ་བཤད་ཟེར་ཏེ། རྒྱལ་པོའི་བཙུན་མོ་སྣ་ནམ་ཟའི་ཕ་མིང་གི་རྒྱུད་པ་ཡིན་པས་ཞང་། མི་གཡོ་བས་ཞང་ཡོན་པ་ཡིན་སྐད། ཡུལ་ལྷོ་བྲག་པ་ལགས་སྐད། ཤངས་ཀྱི་སྟོང་ཚབ་འཕགས་པ་རྒྱ་མཚོ་དང་། སྣ་ནམ་གྱི་འགར་ཆུང་ཚུལ་ཁྲིམས་བཟང་པོ་དང་གསུམ། འོ་བདུག་པ་གཡར་གསལ་བའི་བྱང་ཆུབ་དང་བཞི་ལ་བཤད་དོ། །རྒྱ་བློ་གྲོས་བྱང་ཆུབ་འདི་གནུབས་ཀྱི་སློབ་མ་དགེ་མཆེད་ཀྱི་གསེབ་ལ་སྲས་གཞོན་ནུ་དང་བཅས་པའང་ཡོད་པའོ། །སྐུ་ཚེའི་བར་དུ་ཁྲ་བོ་ཆེ་ཁྱིལ་ཕྱོགས་ཀྱི་ཐོ་ཁར་ནམ་མཁའ་ལྡེ་ལ། ཐ་མ་ཉང་སྨད་རྒྱལ་ཆེན་གྱི་ཞུ་བསོད་ནམས་ཤཱཀྱ་ལ་བཀའ་སྩལ་ལོ། །གསང་མཚན་ཕྲིན་ལས་མཐར་ཕྱིན་རྩལ་ལོ། ༈ །གཞན་རྣམས་ཀྱི་དབང་ཡོན་དང་གསང་མཚན་མི་གདའ་འོ། ༈ །རྒྱ་བློ་གྲོས་བྱང་ཆུབ་ཀྱིས་ཐོ་གར་ནམ་མཁའ་ལྡེ་ལ་ཉང་སྟོད་ཕུང་པོ་རི་བོ་ཆེར་དབང་བསྐུར། དབང་ཡོན་དུ་གླང་བཟང་པོ་གཅིག་དང་ནས་ཁལ་བརྒྱ་ཕུལ་ལོ། །གསང་མཚན་རྡོ་རྗེ་དངོས་གྲུབ་གཏེར་ཅེས་བཏགས་སོ། ༈ །འདིར་ཟུར་པོ་ཆེས་དང་པོར། སླེའུ་སྲུང་མོ་དང་། ཟུར་ཤེར་འབྱུང་ལ་སྒྱུ་འཕྲུལ་བསླབས། །དེས་ཆོས་ལུང་གི་ཉང་ཡེ་ཤེས་འབྱུང་གནས་ལ་སྒྱུ་འཕྲུལ་སེམས་ཕྱོགས་ཞུས། དགེ་གོང་གི་ལྕེ་ཤཱཀྱ་མཆོག་ལ་བདུད་རྩི་ཞུས། ཡུལ་གསར་གྱི་གཉའ་ནག་དབང་དྲགས་ལ་ཐབས་ལམ་ཞུས་སྐད། ཉང་སྟོད་ལྷབ་ལྷབ་ཀྱི་འབྲེ་ཁྲོ་ཆུང་ལ་ལམ་རིམ་དང་སྤར་ཁབ་ལ་སོགས་པ་ཞུས་ཏེ་ཀ་དག་དང་ལྷུན་གྲུབ་ཀྱི་ཆོས་སྐད་ཀྱང་དེ་ནས་བྱུང་སྐད། དེ་གསུམ་ལ་ནགས་ཚལ་སྒྲེ་གསུམ་གྱི་བླ་མ་ཟེར་བར་གདའ། མདོའི་ཞུས་ཁུངས་ནི། སྐུ་ཚེའི་སྟོད་ལ་བཀའ་སྡོད་ཡེ་ཤེས་སྙིང་པོ་ལ་མདོ་དགོངས་འདུས་ལ་སོགས་པ་གསན་ཏེ་བཀའ་སྡེ་ཟུར་བར་དེ་ནས་གྲགས་གསུངས། བར་དུ་ཐོ་གར་ནམ་མཁའ་ལྡེ་ལ་སྒྲོལ་གྱི་སེ་ཏོའི་ཕུར་དབང་དང་རྒྱུད་ཀྱི་བཤད་པ་ཞུས། དབང་ཡོན་རྟ་གཅིག་གིས་སྣ་དྲངས་ནས་མང་དུ་ཕུལ། གསང་མཚན་རྡོ་རྗེ་བདུད་འདུལ་རྩལ་དུ་བཏགས་སོ། །སྐུ་ཚེའི་སྨད་དུ་ཞུ་བསོད་ནམས་ཤཱཀྱ་ལ་ཞུས་ནས་གསང་སྔགས་སྐུ་ཡོན་དུ་འཁོར་གསུམ་ཡོངས་དག་ཏུ་རང་ནོར་སྐྱ་བ་དང་གཟའ་རུ་གོས་ལྷམ་ཙམ་ཡང་མ་ལུས་པར་ཕུལ་ཞིང་མདོ་ཉིད་ཀྱི་གསང་མཚན་བདེ་གཤེགས་ཞི་བ་རྩལ་ལོ། །དེ་ལྟར་སྔགས་ཀྱི་བླ་མ་མང་པོ་ལ་དབང་ཞུས་ནས་གསང་སྔགས་པྲ་ཡས་སུ་སོང་བ་རྣམས་བསྡུས། རྒྱུད་དང་བསྒྲུབ་ཐབས་དབང་དང་གདམས་ངག་ཏུ་སྡེབས་ནས། འབངས་རྩེ་མོ་བཞི་རྩེ་རྐོག་བརྒྱད་ལ་སོགས་པ་ལ་བཤད་དེ་ཉི་ཟླ་ལྟར་གྲགས་པར་མཛད་དོ། །རྒྱལ་བ་ཤཱཀྱ་ཐུབ་པས་སྤྱན་རས་གཟིགས་ཉིད་དུ་ལུང་བསྟན། གྲུབ་རྟགས་ནམ་མཁའ་ལ་བྱོན་ནས་རྡོ་ལ་རྫིས་ཏེ་ཞབས་རྗེས་གསལ་བར་བཞག །སྐུ་ཚབ་ཡི་དམ་དཔལ་ཆེན་ཞལ་གཟིགས་ལྟར་དུ་བཞེངས་ཤིང་བྱིན་རླབས་འགྲོ་དོན་མཛད། བླ་མ་བརྒྱ་རྩ་བརྒྱད་ལ་འཁོར་གསུམ་ཡོངས་དག་གྲུབ་བོ། ༈ །རྩེ་མོ་བཞི་ནི། ལྟ་དགོངས་ཀྱི་རྩེ་མོ་བྲག་རྒྱ་བོའི་ཟུར་ཆུང་ཤེས་རབ་གྲགས་པ། མཁྱེན་རྒྱའི་རྩེ་མོ་ལ་སྟོད་ར་སྭའི་ཞང་འགོས་ཆུང་བ་རྡོ་རྗེ་ལྷུན་གྲུབ་རྩལ། སྒྱུ་འཕྲུལ་གྱི་བཤད་པ་ཕྱོགས་གཅིག་གི་རྩེ་མོ་བྲེས་ཀྱི་མེ་གཉག་འབྱུང་གྲགས་རྡོ་རྗེ་བདེ་བ་རྩལ། སྒོམ་སྒྲུབ་ཀྱི་རྩེ་མོ་མཚོ་ཉའི་བཟང་སྒོམ་ཤེས་རབ་རྒྱལ་པོ་རྡོ་རྗེ་གཟི་འབར་རྩལ། ༈ །ཕོ་པོའི་རྩེ་མོ་བྲམ་གྱི་གཙགས་བླ་མ་དང་ལྔའོ་ཡང་ཟེར། ༈ །དེ་ལས་བདེར་གཤེགས་རྒྱ་བོ་བས་འུག་པ་ལུང་དུ་ལོ་ཉི་ཤུ་རྩ་གསུམ་བཞུགས། དབང་དང་གདམས་ངག་ཐམས་ཅད་ཞུས་སོ། །ལུས་འབངས་སུ་ཕུལ། བླ་མའི་ཕྱག་རྗེས་བསྐྱངས། ལོངས་སྤྱོད་ཀྱང་མང་པོ་ཕུལ། གསང་མཚན་རྡོ་རྗེ་ལྷུན་གྲུབ་རྩལ་ཏུ་བཏགས་སོ། །གསང་སྔགས་ཀྱི་མཁྱེན་པ་བསམ་གྱིས་མི་ཁྱབ་ཅིང་བསྟན་འཛིན་གྱི་ཁང་བུར་དགོངས་པ་རླུང་སུ་གྱུར། རྡོ་རྗེ་ཁང་བུར་རྡོ་རྗེ་སེམས་དཔའི་ཞལ་མཐོང་། པྲམ་པ་སྒྲུབ་ཁང་དུ་ཟུར་པོ་ཆེས་ཡང་དག་ལོ་བསྒྲུབ་མཛད་པའི་ཚེ་འོལ་བ་གདོང་ནས་གཉན་པས་རུ་ལུའི་སྒྲ་ཆུང་དུ་མ་སོང་བ་དང་། རྩེ་མོ་བཞིས་དགོངས་པ་འགྲན་པས་སྐྲ་དཀྱིལ་ཀྲུང་བཅས་ནས་ནམ་མཁའ་ལ་འཕགས་པ་དེས་འབངས་ཀ་ཆེན་བཞི་དང་གདུང་མ་བརྒྱད་ལ་སོགས་པ་ལ་བརྒྱུད་དོ། ༈ །ཀ་བ་བཞི་ནི། ཕྲིན་ལས་ཀྱི་ཀ་བ་མདའ་ཕུའི་འདའ་ཏིག་ཇོ་ཤཱཀ །སྒྱུ་འཕྲུལ་གྱི་ཀ་བ་ཆུ་དབར་གྱི་གླན་ཤཱཀྱ་བཟང་པོ། མདོའི་ཀ་བ་སྒྱེད་ལུང་གི་ཡང་ཁྱེར་བླ་མ། སེམས་ཕྱོགས་ཀྱི་ཀ་བ་གོང་ཕུའི་སྐྱོ་སྟོན་ཤཱཀྱ་ཡེ་ཤེས་སོ། ༈ །དེ་རྣམས་ལ་གཡས་རུའི་མཁའ་འགྲོ་ལྷ་ཁང་དུ་དབང་བསྐུར། མཉེས་པའི་ཡོ་བྱད་མང་དུ་ཕུལ། གསང་མཚན་འདའ་ཏིག་གི་རྡོ་རྗེ་གྲུབ་མཆོག་རྩལ། གླན་རྡོ་རྗེ་མྱུ་གུ་རྩལ། ཡང་ཁྱེང་གི་ཐིག་ལེ་འགྱུར་མེད་རྩལ། སྐྱོའི་རྡོ་རྗེ་སྙིང་པོ་རྩལ། གདུང་མ་གླན་ཤཱཀྱ་བྱང་ཆུབ་རྡོ་རྗེ་དྲག་པོ་རྩལ། ལ་སོགས་པ་ཀ་གདུང་ཀུན་ལ་ཟུར་ཤཱཀྱ་སེང་གེ་གསང་བདག་སྒྲོ་ཕུག་པས་གསན་ཅིང་བརྙེས་པའི་ཡོན་གསུང་རབས་རྒྱས་འབྲིང་གིས་སྣ་དྲངས་ལོངས་སྤྱོད་མང་དུ་ཕུལ་ཏེ་བསྟན་པའི་གཉེར་མཛད། གསང་མཚན་རྡོ་རྗེ་འཇིགས་མེད་རྩལ། ཅེས་པའོ། ༈ །ཡང་བརྒྱུད་པ་ལུང་གཅིག་ནི། ཤྲི་སིང་ཧས༴ བཻ་རོ་ཙ་ན༴ དེས་སངས་རྒྱས་མགོན་པོ༴ དེས་རྦ་རཀ་ཤི་ཏ༴ དེས་ཡ་ཟི་དར་མ་ཤེས་རབ་དང་། ཟེར་མོ་དགེ་སློང་མ་བདེ་གནས་གཉིས་ལ་གནང་། དེ་ནས་ཕོ་རྒྱུད་མོ་རྒྱུད་ཀྱི་རྫོགས་ཆེན་གཉིས་གྱེས་པ་ལ། མོ་རྒྱུད་ནི་དགེ་སློང་མ་ལ་མར་པ་ཁྲོམ་རྒྱལ་གྱིས་གསན། ཕོ་རྒྱུད་ལ། ཡ་ཟིས་མྱང་སྟོན་སྲ་བ། དེས་མར་པ་ཁྲོམ་རྒྱལ༴ དེས་མར་ཆུང་ཤེས་རབ་འོད་ལ་གནང་བའོ། །ཡང་སྲས་ཡེ་ཤེས་རྒྱ་མཚོས་ཁུ་ལུང་དུ་སྣ་ནམ་ཚུལ་ཁྲིམས་བྱང་ཆུབ་ལ་བཀའ་སྩལ་ཅིང་དབང་བསྐུར། དེས་མར་ཆུང་ཤེས་རབ་འོད་ལ་གཏམ་ཤུལ་བྱ་ཟེའི་དགོན་པར་གཉེགས་ཀྱི་གཡུ་དམར་བྱ་བ་གཡུ་བཟང་པོ་གཅིག་དང་། ཁྲབ་བཟང་པོ་གཅིག་དང་། ན་བཟའ་བཟང་པོ་གཅིག་ཕུལ། གསང་མཚན་རྡོ་རྗེ་བདེ་གྲུབ་རྩལ་ཞེས་བཏགས་སོ། །དེས་ཤངས་འཆུམས་ཀྱི་བན་གྲོང་པ་ཤང་ནག་ལང་ཟ་བསོད་ནམས་དར་ལ་ཤངས་སུ་བྱོན་ནས་དབང་བསྐུར། དེ་ཡང་ལྷ་རྗེ་ཟུར་ཆུང་པ་ལ་མར་ཆུང་ཤེས་རབ་འོད་པས། སེམས་ཕྱོགས་དབང་གདེང་སྒྲོ་བ་ནག་པོའི་སྐོར་ཞུ་རུ་བྱོན་པས། མར་པ་ཚད་ནད་དྲག་པོས་བསྙུང་བ་ལ། ཤངས་གནག་གྲྭ་ས་རྙིང་པར་བཞུགས་པས་བསྡོ་གྲལ་མཛད་པས་གདངས་ཏེ་དེར་དྲིན་ལན་དུ། རྫོགས་ཆེན་བརྒྱུད་པ་ཐ་མའི་ཆོས་སྐོར་ཀུན་བྱེད་ལ་སོགས་པ་རྣམས་དང་། མདོ་ལ་འགྲེལ་པ་ལུང་བསྟན་དང་། མདོ་ཕྲ་མོ་མང་དུ་གནང་། སྒྱུ་འཕྲུལ་ལ་རྡོ་རྗེ་མེ་ལོང་ལ་སོགས་པ་བཤད་རྒྱུད་སྡེ་བཞི། མན་ངག་རྣམས་བཀོད་ཟབ་མོ་དབང་གི་ཆོས་སྐོར་རྣམས་གནང་སྐད་དོ། །དེས་ལྷ་རྗེ་སྒྲོ་ཕུག་པ་ལ་གནང་སྟེ། ཉ་རི་རྒྱ་སྟོན་བྱ་བ་ཤངས་གནག་དང་གཉིས་ཀའི་སློབ་མ་ཞིག་ལ། ལྷ་རྗེས་ཆོས་ཀྱི་ལོ་རྒྱུས་ཐོས་པས་ཆོས་ལ་མོས་ནས། རྒྱ་སྟོན་གྱིས་འཚག་སྦྱོར་བྱས་ཏེ། སྒྲོ་ཕུག་ཏུ་གདན་དྲངས་དབང་དང་ཆོས་མང་པོ་ཞུས། གཡུ་གཅིག་གིས་སྣ་དྲངས་ནས་ཞབས་ཏོག་བགྱིས། གསང་མཚན་བདེ་བྱེད་གཞོན་ནུ་རྩལ་ཞེས་བཏགས་སོ། །དེ་རྣམས་མདོ་ཁྱད་པར་དབང་གི་བརྒྱུད་པ་ལགས་སོ།། །།
༅། །དེ་ཡང་ཨ་ནུ་ཆོས་ཀྱི་རྒྱལ་པོས་རྒྱལ་ཚབ་ལ། དགོངས་པ་གསང་བ་ངེས་པར་བསྒྱུར། །འདིར་བསྒྲོ་གསལ་བར་བཤད་སྦྱར་བ། །ལྷ་དང་མི་ཡི་རིག་འཛིན་ལ། །རིམ་པར་བརྒྱུད་དེ་གྲགས་པར་འགྱུར། །ལྷ་ཀླུ་གནོད་སྦྱིན་སྲིན་མོ་དང་། །མི་ལས་དགེ་སློང་ལི་ཙ་བྱི། །རྒྱལ་པོ་ཛ་དང་ཨུ་པ་ར་ཛ་དང་། །ཤཱཀྱ་སུ་ཏྲི་ཀུ་ཀུ་ར་ཛ་ཕྱི། །རོ་ལངས་བདེ་བ་རྡོ་རྗེ་བཞད་པ་དང་། །པྲ་ཆེན་ཧ་སྟི་དྷ་ན་རཀྴི་དང་། །ཧཱུྃ་མཛད་རྡོ་རྗེ་སྟི་ར་མ་ཏི་དང་། །བདེ་བ་གསལ་མཛད་ཤཱཀྱ་བོ་དེ་དང་། །མཁན་པོ་ཆོས་རྒྱལ་སྐྱོང་སོགས་རྒྱ་གར་བརྒྱུད། །བལ་པོའི་རྒྱལ་པོ་བ་སུ་དྷ་ར་དང་། །བྲུ་ཞའི་མཁན་པ་ཆེ་བཙན་སྐྱེས་སོགས་ཀྱིས། །ཇོ་བོ་སངས་རྒྱས་ཉིད་ལ་ལེགས་པར་བརྒྱུད། །ཡོན་ཏན་རྒྱ་མཚོ་ཡེ་ཤེས་རྒྱ་མཚོ་དང་། །བློ་གྲོས་བྱང་ཆུབ་ཐོ་ཀར་ནམ་མཁའ་ལྡེ། །ཟུར་ཆེན་ཤཱཀྱ་འབྱུང་ཟུར་ཆུང་ཤེས་རབ་གྲགས། །ཀ་ཆེན་བཞི་ཡིས་ཤཱཀྱ་སེང་གེ་ལ། །རིམ་པར་བརྒྱུད་དེ་ཉི་ཟླ་ལྟ་བུར་གྲགས། ༈ །ཡང་ནི་ཡེ་ཤེས་རྒྱ་མཚོ་ཚུལ་ཁྲིམས་བྱང་ཆུབ་ལ། མར་ཆུང་ཤེས་རབ་འོད་ཀྱིས་ཤངས་ནག་ལ། །ཤངས་ནག་ལང་ཟས་ལྷ་རྗེ་སྒྲོ་ཕུག་པ། །སྒྲོ་ཕུག་ཤཱཀྱ་སེང་གེས་གླན་ཤཱཀ་བཟངས། །ཞེས་གྲགས་སོ། ༈ །ཟུར་ཤཱཀྱ་སེང་གེ་དང་གླན་ཤཱཀྱ་བཟང་པོ་གཉིས་ཀྱིས། འགོ་གདོང་གི་ལྷ་རྗེ་འགར་སྟོན་གཟུང་ངེ་ལ་གནང་། དེས་གྲུབ་པ་ཐོབ་ནས་ང་ནི་འུག་པ་ལུང་དུ་བླ་མ་ཟུར་པ་ཅན་འགྲོ་གསུང་ནས་གཤེགས་ཙ་ན། ས་ཆེན་གཡོས་སྒྲ་དྲག་པོ་ཐོས་ནས་ལྟས་པས་བཙད་པོ་ཡུར་ཁའི་རི་ལ་ནམ་མཁའ་ལ་སྐོར་བ་མཛད་ཅིང་བླ་མ་མཉེས་པར་མཛད། བྲག་ལ་ཕུར་པ་ཐེབས། སྔགས་རྙིང་མའི་ཡང་དག །ཕུར་པ། མ་མོ། མདོ། སྒྱུ་འཕྲུལ་ཀུན་ལ་མཁས་ཤིང་གྲུབ་པ་ཐོབ་པའོ། །གསང་མཚན་རྡོ་རྗེ་དྲག་པོ་རྩལ། །དེས་པྲེག་སྟོན་རྡོ་རྗེ་རྒྱལ་མཚན་ལ་གནང་། བླ་མའི་ཐུགས་ཟིན་མཛད། གསང་མཚན་རྡོ་རྗེ་འཇིགས་མེད་རྩལ། དེས་གླན་རྡོར་འོད་ལ་གནང་། ཡོན་དུ་སློངས་མོ་སྣ་ཚོགས་དང་། རོ་ཁུར་འཛེ་རོས་བྱིན་པའི་གསེར་པར་བུ་གང་གཡུའོ་ཆོས་སྣ་གྲངས་ཆོས་ཕྱོགས་སུ་སྤྲུགས་ཏེ་གསང་མཚན་རྡོ་རྗེ་དྲག་པོ་རྩལ། དེས་སྲས་གླན་གཙོན་སེང་དང་གླན་བསོད་རྒྱལ་བ་གཉིས་དང་སྡོང་པོ་དཀོན་མཆོག་རིན་ཆེན་དང་གསུམ་ལ་གནང་། བླ་མའི་གདན་ས་བསྐྱངས་སོ་གདུང་བཟུང་ངོ་། །གསུམ་ཀའི་གསང་མཚན་རྡོ་རྗེ་དྲག་པོ་རྩལ་ལོ། །དཔལ་ལྡན་ཆོས་སེང་དེས་མདོ་དབང་ནི་གླན་བསོད་རྒྱལ་ལ་གསན་ལ། གཏད་རྒྱ་ནི་གླན་བསོད་རྒྱལ་དང་སྡོང་པོ་དཀོན་མཆོག་རིན་ཆེན་ཕར་སློབ་ཚུར་སློབ་ཡིན་པས། གླན་གྱིས་སྡོང་པོ་ལ་གནང་དེས་དཔལ་ལྡན་ཆོས་སེང་ལ་གནང་སྟེ། ཞབས་ཐོག་བརྒྱུད་པ་དང་བཅས་པས་མཛད། གསང་མཚན་རྡོ་རྗེ་དྲག་པོ་རྩལ་ལོ། །དཔལ་ལྡན་ཆོས་སེང་དེས་གླན་སངས་རྒྱས་དཔལ་ལ་གནང་། རབ་བསྒྲུབ་ལ༴ འབྲིང་ལུས་ངག༴ ཐ་མ་ཟང་ཟིང་གི་ཞབས་ཐོག་ཕྱོགས་མེད་དུ་མཉེས་པར་མཛད། གསང་མཚན་རྡོ་རྗེ་བདེ་བྱེད་རྩལ། །དེས་གླན་བསོད་ནམས་མགོན་པོ་ལ་གནང་། ཤངས་ཕྱོགས་ཀྱི་སྔགས་འཆང་ཙམ་གྱི་མགོན་དང་མཉེས་པར་མཛད། གསང་མཚན་རྡོ་རྗེ་དྲག་པོ་རྩལ། །དེའི་ཡབ་ཀྱང་གྲུབ་ཐོབ་ལགས་ཏེ། །ཡབ་སློབ་དཔོན་ལྷ་འབུམ་གྱིས་དཔོན་གཡོག་བཅུ་གསུམ་མཛད་ནས། ཉིན་གཅིག་ལ་སྤྲུལ་པའང་བཅུ་གསུམ་སྟེ། ཤངས་ཀྱི་གྱོང་ཁང་། མྱང་སྟོད་ཀྱི་ཅོག་དཔེ་ལ་སོགས་ལྷ་ཁང་བཅུ་གསུམ་གྱི་རབ་གནས་དུས་གཅིག་ལ་མཐོང་བར་མཛད་ནས། བདེ་བར་གཤེགས་པའི་དུས་ན་སྤྲུལ་པ་གསུམ། ཉ་ཚལ་དུ་ཆོས་འཁོར། རྩང་ཁང་ཆུ་བསྒྲལ་བ། ཚོང་འདུས་སུ་ཉོ་ཆང་གསུམ་ཉིན་གཅིག་ལ་མཛད་གསུང་། དེའི་སྲས་བླ་མ་བསོད་ནམས་མགོན་གྱིས། བླ་མ་འཕགས་པའི་བཙུན་པ་མཛད། དྲུ་རྡོ་རྗེ་སེང་གེའི་དྲུང་དུ་གླུ་རྟོག་གྲོལ། མདོའི་དབང་དབུས་གཙང་དུ་ལན་བཅུ་གཅིག་མཛད། ལོག་འདྲེན་དང་ཆོམ་རྐུན་ཆོས་སྐྱོང་གིས་ཚར་བཅད། མཚན་མོ་དང་སྐུ་བསྲང་ནས་བཞུགས་ཏེ་མི་གཟིམས་ལ། མདོ་མགོན་མ་བསྒྲུབས་ཀྱང་མགོ་བར་བྱུང་བས་དགོངས་འདུས་བཤད་བཀའ་རྒྱས། དེ་ཉིད་ཀྱི་ལས་ཀྱི་སློབ་དཔོན་བླ་མ་དཔལ་ལྡན་པས༴ བླ་མ་པ་རང་བཞུང་ནས་ལས་ཀྱི་སློབ་དཔོན་ཁྲི་ཐོག་ཏུ་ལངས་ཤིང་། དབང་མཆོག་རྒྱབ་ཡིག་སྒྲོགས་པ་དང་ཕྲིན་གཞུང་མང་དུ་མཛད་གསུང་། བླ་མ་གླན་བསོད་ནམས་མགོན་པོ་དེས། མདོ་ཡོངས་རྫོགས་སྒྱུ་འཕྲུལ་རྒྱས་འབྲིང་བསྡུས་གསུམ། དོང་སྤྲུགས་ཚང་པ་ཡང་དག་གཞན་དོན་རྣམས་བླ་མ་བསམ་གྲུབ་རྡོ་རྗེ་བ་ལ་སྣང་ཞིང་། ཡོན་དུ་དངོས་པོ་ཟང་ཟིང་སྣ་ཚོགས་དང་། ཉིད་ཀྱི་བུ་ཆེན་ཕུལ། རྗེས་ཀྱི་རྟེན་ལ་སྐུད་གསེར་དང་རབ་གནས། རྒྱུད་འཛིན་རབ་ཏུ་མཛད། བླ་མ་དཀྱིལ་འཁོར་གྱི་གཙོ་བོར་གཟིགས། ལྷ་ཚོགས་རང་ཉིད་ཀྱི་ཐུགས་ལ་ཐིམ་པར་གསལ་བཞིན་པའི་ངང་ནས་དབང་རྣམས་ཐོབ། གསང་མཚན་རྡོ་རྗེ་བདེ་ཆེན་རྩལ་ཡིན། སྒོས་ཀྱི་མདོའི་གཏད་རྒྱ་ནི་གླན་བསོད་ནམས་མགོན་པོ་དེས། བླ་མ་གྱོང་ཁང་པ་ཟི་སྟོན་ཤཱཀྱ་བཟང་པོ་ལ་གནང་། དབང་སྐྱར་ཞུ་བ་གསེར་ཞོ་གང་གི་འབུལ་ཐང་མཛད། བཀའ་བཞིན་སྲས་ལ་ཐུགས་གཉེར་གྱི་སློབ་དཔོན་མཛད། བླ་མ་གཤེགས་རྗེས་ན་ཞལ་ལྟ་བཞིན་དབང་གོས་དང་གསལ་འདེབས་མདོ་ཡོངས་རྫོགས་ཀྱི་མངའ་གསོལ་མཛད། དེས་བླ་མ་བསམ་གྲུབ་པ་ལ་གནང་། ཡོན་དུ་དར་གྱི་དབང་གོས་ཕོད་ཀ་སྔོན་པོ་ཕུལ་ལོ། །དབང་སྐྱར་དེར་གསན། བླ་མ་བསམ་གྲུབ་པས། བདག་ཟུར་ཧཱྂ་ཤཱཀྱ་འབྱུང་གནས་དང་། ཟུར་མོ་དགེ་འདུན་འབུམ། ལྕམ་སྲིང་ལ་གཏད་རྒྱ་དང་བཅས་པ་གནང་། སྐུ་དྲིན་ཞུ་བ་ལ་རྒྱ་བོད་ཀྱི་ན་བཟའ་དང་སྨན་སྣ་ཐབ་ཆས་ཀྱི་ནས་འབྲུ་ཕུལ། གཏད་རྒྱ་ལ་གོས་ཡུག་དང་གསེར་ཕུལ་བས། ངའི་བླ་མའི་བུ་དང་བུ་མོའི་བུ་ལོན་དག་ཏུ་ཆུག་གསུང་ནས་དེ་ལྟར་བསྒྲུབས་སོ། །དེའི་ཚེ་བུ་ནི་ཡུལ་གཞན་དུ་སོང་དཔོན་དུ་འཛིན་པའང་མེད་ཀྱི་བླ་མ་གསུང་པ་གྲུབ་བོ། །བཀའ་བཞིན་དུ་དབང་བསྐུར་དང་། བླ་མ་བཟང་པོ་པ་ལ། བྱང་སེམས་དང་མ་ཧཱ་ཨ་ནུ་སྒོས་སུ་ཞུས། བླ་མ་དཔལ་ལྡན་པ་ལ་ཚང་པ་ཞུས། བླ་མ་བསམ་གྲུབ་རྡོ་རྗེ་ལ་དབང་ཚར་བཞི་སྒོས་ཀྱི་གཏད་རྒྱ་ལན་གསུམ་ཐོབ། གསང་མཚན་རྡོ་རྗེ་དྲག་པོ་རྩལ་ལོ། ༈ །མདའི་དབང་བསྐུར་དྲིན་ཅན་མ་ཤེས་རབ་སྐྱིད་ཁམས་པ་ཆོས་གླིང་པ་བླ་མ་དགེ་བཤེས་ཚུལ་རྒྱལ། མྱང་སྨད་བླ་མ་དྲགས་པ་བློ་གྲོས། ཤངས་པ་བླ་མ་ཙ་རི་བ་ཞི་བ་བཟང་པོ་ཁུས་དབོན། གྱོང་ཁང་པ་སློབ་དཔོན་ཚུལ་ཁྲིམས་འབྱུང་གནས། པ་ཚབ་རྩེ་རྒྱལ་དུ་ཇོ་བཏན་བླ་མ་གཡག་སྡེ་དབོན་པོ་ནམ་མཁའ་གྲགས། དེ་རྣམས་ཀྱི་ཐུགས་དགོངས་ཚིམ་པར་བསྒྲུབས་ཤིང་། མྱང་སྟོད་དུ། ཉི་ཕུག་པ་བླ་མ་བཟང་པོ་པ་དང་། བླ་མ་དངོས་གྲུབ་པ་ལའང་ཕུལ། ཞ་ལུ་རི་ཕུག་གི་ཉེ་འཁོར་དུ། སྡེ་དང་འགྲོ་བ་མང་པོའི་རིམ་འགྲོ་སྔགས་འཆང་སྤྱི་ཡིས་ཞུས་ནས་ཚར་གཅིག་ཕུལ། རྟ་ནག་ཏུ་རོག་པ་ཚང་པ་བླ་མ་ཀུན་ལེགས་པ་ཡང་བཀའ་ཐོབ་ཙམ་མཛད་ཀྱིན་གདའ་ནས་ཕུལ། རྩེ་ཆེན་དུ་ཏའི་སྭི་དྷུ་བ་ཁུ་དབོན་ཡུམ་སྲས་རྣམས་ཀྱིས་སྦྱིན་བདག་མཛད་ནས། བླ་མ་གཡག་ལུང་པ་ཤེས་རབ་རྒྱ་མཚོ་བ་དང་། སློབ་དཔོན་སྨན་རི་བ་དཔལ་ལྡན་བྱང་ཆུབ་འོད་ལ་སོགས་པ་རྣམས་ལ་ཚར་གཅིག་བགྱིས། ཆུ་ཕོ་བྱི་ལོ་མ་བླ་མ་རིན་པོ་ཆེ་སངས་རྒྱས་སྤྱི་གཟུགས་ཅན་བསམ་གྲུབ་པ་བྱོན་པའི་ཚེ་ཞུ་ཐིག་བགྱིས། བླ་མ་གཡེ་དམར་རི་ཕུག་པ་ཚེའི་རྒྱལ་མཚན་ལ་རྒུན་དང་། བླ་མ་གུ་རུ་བ་དང་བླ་མ་ལྷོ་བྲག་ཤར་པ་ལ་སྟོན་ཁ་བགྱིས། སྒྲུབ་ཁང་དང་ཆོས་ཕུག་དང་ཡང་དབེན་དུ་ཚར་རེས་ས་ནོན། དགེ་བཤེས་ཁམས་པ་རྡོ་རྗེ་ཚུལ་ཁྲིམས་དང་། ཉ་རིའི་བླ་མ་ཟླ་བ་པ་དང་། རི་ཁྲོད་ལྡན་ཡུལ་བ་སློབ་དཔོན་རིགས་ལྡན་བཟང་པོ་ལ། སྟག་གྲུ་གའི་པ་དང་ཉེ་བར་ཆོས་ལུང་སྤང་པ་པོ་བླ་མ་དཔལ་ལྡན་པ། སྤ་ཀོར་ལྷ་ལྡིངས་པ་སློབ་དཔོན་དཔལ་དང་། སྨན་རི་བ་དགེ་བཤེས་མགོན་དང་། །དར་རྗེ་དཔལ་གྲགས་ཀྱི་རྒྱུད་པ་སློབ་དཔོན་ཆོས་སྐྱོང་དཔལ་དང་། ཟུར་མོ་སྲས་བཙུན་རྣམས་ཞུ་ནས་ཚར་གཅིག་བགྱིས། ཡང་དམྱལ་བ་བླ་མ་བདེ་ལེགས་དཔལ་དང་། བླ་མ་གཏེར་འདོན་རྡོ་རྗེ་གླིང་པ་དང་། ཡན་དུ་བསྟན་པ་སྤྱིའི་རིམ་འགྲོར་ཚར་གཅིག་བགྱིས། ཡང་བསྟན་པ་སྤྱིའི་རིམ་འགྲོར་རམ་མི་ནུབ་པར་བྱ་བའི་ཕྱིར། མེ་མོ་སྦྲུལ་གྱི་ལོ་ལ་སྤོག་པ་དགོན་པའི་བླ་མ་གཉག་སྤྲུལ་སྐུ་བཀྲ་ཤིས་རྒྱལ་མཚན་ལ་གཏད་རྒྱ་དང་བཅས་པ་གནང་ངོ་། །ཡང་ང་དང་དུས་མཚུངས་པར་གཉོས་ཚུལ་ཁྲིམས་རྒྱལ་མཚན་ལ་གཏད་རྒྱ་དབང་བསྐྱར་དང་བཅས་པ་བསྟན་པའི་ཆེད་དམ་མི་ནུབ་པར་བྱ་བའི་ཕྱིར་མེ་སྤྲུལ་ཟླ་བ་གསུམ་པ་ལ་གཏད་དེ། དབང་ཡོན་གསེར་སྲང་ཕྱེད་སྣམ་བུ་གོས་ལྷམ་དབུ་ཞྭ་དང་བཅས་པ་ཕུལ་ལོ། །དེ་ནས་ལས་སྟོད་ལྷོའི་རྡོ་རྗེ་གླིང་པ་ཟུར་ཚོད་སྟོད་པའི་དགེ་བཤེས་བྱང་ཆུབ་རིན་ཆེན་དང་། བྱང་ཆུབ་བློ་གྲོས་གཉིས་ལ་ས་ཕོ་རྟའི་ལོ་ལ་གཏད་རྒྱ་དང་བཅས་པ་གནང་། ལག་ཡོན་དུ་རམས་ཞོ་དོ་ཕུལ། ས་མོ་ལུག་གི་ལོ་ལ་ཉ་རི་སྒྲོ་ཕུག་ཏུ་བླ་མ་གོང་མའི་གདན་སར་དུ་དབེན་ཤ་རྡོ་རྗེ་བཀྲ་ཤིས་པ་ཡབ་ཡུམ་དང་། རྫོང་རྩེ་བ་དགེ་སློང་ལྷ་སེང་ལ་ཚར་གཅིག་བགྱིས། ལྕགས་མོ་བྱ་ལ་བོད་ཀྱི་རིམ་འགྲོ་བྱས། དེ་བླ་མ་ཟུར་རྡོ་རྗེ་རྒྱལ་མཚན་ལ་བཀའ་ཐོབ་བྱས། དེས་བཀའ་རྒྱས་པ་མ་གྲུབ་པས་ཕྱིས་སླ་ཆོས་སུ་སོགས་དགོས་ནས། རྒྱས་པར་ཡང་དབེན་དུ་བླ་མ་རིན་པོ་ཆེ་ཟམ་བུ་པ་ལ་ཚར་གཅིག་བགྱིས་སོ། །ཡང་ས་ཕོ་ཁྱིའི་ལོ་ལ་བདག་ལས་སྟོད་པ་གཉིས་ཀྱིས་དབང་སྐྱར་ཞུས་ཏེ། ཟླ་བ་ལྔ་པ་ནས་བརྩམས་ནས་ཙཀ་ལི་རྒྱབ་ཡིག་རྣམས་ཀྱི་དག་དང་། ཕྱག་དཔེ་འཐོར་བ་རྣམས་བློ་ཆུང་བདག་ཉིད་ཀྱི་གོ་བདེར་ཕྱག་ལེན་བཞིན་ཕྱོགས་གཅིག་ཏུ་སྡེབས་ནས། དབང་སྐྱར་ལན་གཉིས་དང་བཅས་པ་རྫོགས་པར་རྒྱལ་གྱི་ཟླ་བ་ཡན་ཆད་ལ་གྲུབ་པར་གནང་ངོ་། །ཀུན་ཕན་དགེ་ལེགས་ལྡན་ནོ།། །།
༅། །བླ་མ་དམ་པ་རྣམས་ལ་ན་མོ། །སྐུ་ལྔ་ལྷུན་གྲུབ་སྟོན་པའི་བདག །བླ་མ་ཀུན་བཟང་ཡབ་ཡུམ་གྱིས། །སྐལ་ལྡན་འདི་ལ་དབང་ཞིག་བསྐུར། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས། །བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ། །བཅོམ་ལྡན་རྒྱལ་བ་རིགས་ལྔ་ཡིས། །སྐལ་ལྡན་འདི་ལ་དབང་ཞིག་བསྐུར། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས། །འཇམ་དཔལ་རྡོ་རྗེ་ཆོས་ཉིད་ནི། །གསང་མཚན་རྡོ་རྗེ་ཆོས་རྣོན་པོ། །རྗེས་འཇུག་སྐལ་ལྡན་འདི་ལ་དབང་ཞིག་བསྐུར། །དེ་ཡི་རིག་འཛིན་སྲུངས་མས་བྱིན་གྱིས་རློབས། །འོག་མ་རྣམས་དེས་འགྲེའོ༴ ཚངས་པ་དུང་གི་ཐོར་ཚུགས་ལ་སོགས་པའི། །ལྷ་དང་ཀླུ་ཡི་རིག་འཛིན་ཐམས་ཅད་ཀྱིས། །རྗེས་འཇུག་སྐལ་ལྡན༴ དེ་ཡི་རིག་འཛིན༴ སློབ་དཔོན་དྲི་མེད་གྲགས་པ་ཡང་། །བཞུགས་ནི་འོག་མིན་གནས་ན་བཞུགས། །རྗེས་འཇུག༴ དེ་ཡི་རིག་འཛིན༴ སློབ་དཔོན་དགའ་རབ་རྡོ་རྗེ༴ བཞུགས་ནི༴ རྗེས་འཇུག༴ དེའི་རིག༴ སློབ་དཔོན་འཇམ་དཔལ་བཤེས་གཉེན༴ བཞུགས་ནི༴ རྗེས༴ དེའི་རིག༴ བླ་མ་ཀུ་ཀུ་ར་ཙ༴ བཞུགས་ནི༴ རྗེས༴ དེའི་རིག༴ རྒྱལ་པོ་ཨུ་པ་ར་ཙ༴ བཞུགས་ནི༴ དེའི་རིག༴ རྒྱལ་པོ་ཨོ་རྒྱན་ཐོར་ཅོག་ཅན། །བཞུགས་ནི༴ རྗེས༴ དེའི༴ རྒྱལ་པོ་སིང་ཧཱ་ར་ཙ༴ བཞུགས་ནི༴ རྗེས༴ དེའི་༴ རྒྱལ་པོ་ཨིནྟྲ་བོ་དྷི༴ བཞུགས་ནི༴ རྗེས༴ དེའི༴ མཁན་པོ་མ་ཧཱ་ར་ཙ༴ བཞུགས་ནི༴ རྗེས༴ དེའི༴ རྒྱལ་པོ་མི་འབྱེད་སེང་གེ༴ བཞུགས་ནི༴ རྗེས༴ དེའི༴ སློབ་དཔོན་སངས་རྒྱས་གསང་བ༴ བཞུགས་ནི༴ རྗེས༴ དེའི༴ སློབ་དཔོན་བི་མ་ལ་མི་ཏྲ། །བཞུགས་ནི༴ རྗེས༴ དེའི༴ ཞང་ཆེན་ཛྙ༴ བཞུགས་ནི༴ རྗེས༴ དེའི༴ དཔལ་གྱི་ཡེ་ཤེས༴ བཞུགས་ནི༴ རྗེས༴ དེའི༴ སངས་རྒྱས་ཡེ་ཤེས༴ བཞུགས་ནི༴ རྗེས༴ དེའི༴ སྲུ་ལེགས་པའི་སྒྲོན་མ༴ བཞུགས་ནི༴ རྗེས༴ དེའི༴ སྲས་གཞོན་ནུ་སྙིང་པོ༴ བཞུགས་ནི༴ རྗེས༴ དེའི༴ ཀེར་ཆུང་ཤེས་རབ་ཡེ་ཤེས༴ བཞུགས་ནི༴ རྗེས༴ དེའི༴ བླུབ་སྟོན་ཤེས་རབ་འཕགས༴ བཞུགསནི༴ རྗེས༴ དེའི༴ རྒྱ་སྟོན་ཆོས་ཀྱི་གཟི་བྱིན༴ བཞུགས་ནི༴ རྗེས༴ དེའི༴ ལྷ་རྗེ་ཇོ་འབེར༴ བཞུགས་ནི༴ རྗེས༴ དེའི༴ རྒྱ་འཁོར་ལོ་འབར༴ བཞུགས་ནི༴ རྗེས༴ དེའི༴ རྒྱ་བསོད་ནམས་འབར༴ བཞུགས་ནི༴ རྗེས༴ དེའི༴ རྒྱ་དཀོན་མཆོག་སེང་གེ༴ བཞུགས་ནི༴ རྗེས༴ དེའི༴ རྒྱ་རྡོ་རྗེ་སེང་གེ༴ བཞུགས་ནི༴ རྗེས་༴ དེའི༴ གུ་རུ་བཛྲ་ཀེ་དུ༴ བཞུགས་ནི༴ རྗེས༴ དེའི༴ བླ་མ་གྷུ་ན་ཤྲི༴ བཞུགས་ནི༴ རྗེས༴ དེའི༴ བླ་མ་ཤེས་རབ་རྒྱལ་མཚན༴ བཞུགས་ནི༴ རྗེས༴ དེའི༴ བླ་མ་ཚུལ་ཁྲིམས་རྒྱལ་མཚན༴ བཞུགས་ནི༴ རྗེས༴ དེའི༴ ཟུར་ཧཱཾ་ཤཱཀྱ་འབྱུང་གནས་ནི། །བཞུགས་ནི་བསྟན་པའི་བདག་པོར་བཞུགས། །རྗེས་འཇུག་སྐལ་ལྡན༴ དེའི༴ ཐུགས་སྲས་དཔལ་ལྡན་བཟང་པོ་ཡང་། །བཞུགས་ནི་རྒྱལ་ཚབ་མཁན་པོར་བཞུགས། །རྗེས་འཇུག༴ དེའི་རིག་འཛིན༴ ༈ རིན་ཆེན་བླ་མ་སྐར་མའི་ཚོགས། །སྤྲིན་བྲལ་མཁའ་ལ་བཀོད་ལྟ་བུ། །སྐལ་ལྡན་བྱང་ཆུབ་རིན་ཆེན་བདག །སྙིང་ནས་དགའ་བས་གསོལ་བ་འདེབས། །བླ་མ་ཚུལ་ཁྲིམས་རྒྱལ་མཚན་པ་ལ། །རིན་པོ་ཆེ་ཟུར་ཧཱཾ་ཤཱཀྱ་འབྱུང་གནས་པ་དང་། ལྕམ་མོ་ཟུར་མོ་མཁན་བཙུན་དགེ་འབུམ་པ་དང་། སློབ་དཔོན་དཔལ་ལྡན་བཟང་པོ་དང་གསུམ་ལ། དབང་ཕྱུག་ལེན་ཕྱག་དཔེ་གཏད་རྒྱ་དང་བཅས་པ་མཛད་ཏྲ་བ་ལ། རིན་པོ་ཆེ་པ་ལ་གཏད་རྒྱ་བཀའ་རྒྱ་ཅན་མཛད་ནས་གཏད་རྒྱ་མ་རྟོགས་པ་རིན་པོ་ཆེ་བས་བདག་ལས་སྟོད་པ་བྱང་ཆུབ་རིན་ཆེན་ལ་གནང་ཞིང་། གཏད་རྒྱ་ནི་སློབ་དཔོན་པའི་དྲུང་དུ་ནན་ཅན་ཞུས་པས་ཚར་བར་གནང་ནས་ད་ནི་ཞུ་འཕྲིག་ཆོད་པ་ལགས་སོ།། །།
༅། །ན་མོ་གུ་རུ། མདོ་ཡོངས་རྫོགས་ཀྱི་ཙ་ཀ་ལི་ནི་དྲུག་གསུམ་བཅོ་བརྒྱད་པ་དང་། དབང་མཆོག་རྒྱལ་པོའི་རྒྱུད་ལས། འདི་ངན་སོང་བག་ཆགས་དང་བཅས་པ་དག་པར་བྱེད་པའོ། །བུ་དམྱལ་བའི་རྒྱུ་ཡི་གེ་དུ་བསྒོམ། སློབ་དཔོན་ཕྱག་རྡོར་བསྐྱེད། བདེན་པ་བདར། དུ་ན་ར་ཀ་བྷུདྡྷ་ཙཀྱུ་པྲ་ཝེ་ཤ་ཡ་ཕཊ་ཨ་ཨ། ཐལ་མོ་བསྡམས་པ་སྤྲུགས། འོད་ཟེར་འཕྲོས། སྡིག་སྒྲིབ་སྦྱངས། སྡིག་འགྱོད་ཕྱིས་བསྡམས། དད་གསོལ་འདེབས་ནི། ཀྱེ་མ་ཀྱེ་ཧུད་གང་ནས་བྱོན། །འགྲོ་མགོན་ཐུགས་རྗེས་བདག་སྐྱོབས་ཤིག །དབང་མ ཆོག་རྒྱལ་པོས་བསྒྲལ་དུ་གསོལ། །སླན་ཆད་མི་འཆབ་མི་བགྱིད་དོ། །བླ་མས་ལག་ཏུ་རྡོ་རྗེ་གཏད། །རིགས་ཀྱི་བུ་ཁྱོད་འདིར་ཤོག་ཅིག །རང་གི་ཉམས་དང་བཟླས་ཉམས་པ། །ན་རག་དམྱལ་བར་ལྟུང་བ་ལས། །སྐྱབས་ཕྱིར་དབང་མཆོག་སྦྱིན་པར་བྱ། །ཞེས་དྲང་། ཡུངས་དཀར་བྲབ། ༀ་ད་ཧ་ད་ཧ་སརྦ་ན་ར་ཀ་ཧེ་ཏུ་ཧཱུྃ་ཕཊཿ ཅེས་བརྗོད། རཾ་ཡཾ་ཁཾ་ཨ་ཞེས་དང་། བདེན་བརྗོད་རིགས་ཀྱི་བུ་འདིའི་རྒྱུ་ཉོན་མོངས་པ་ཞེ་སྡང་དང་རྐྱེན་དུ་སྲོག་བཅད་པ་ལ་སོགས་ཀྱི་དམྱལ་བར་སྐྱེ་བའི་ས་བོན་བག་ཆགས་ཐམས་ཅད་སྐད་ཅིག་ལ་བྱང་ཞིང་དག་པར་གྱུར་ཅིག །འོག་མ་ཡི་དྭགས་དུད་འགྲོ་གཉིས་ལའང་དེས་འགྲེའོ། །པྲེ་ཏ་ཀ་ཙཀྱུ་མགོན་པོ་ཡི། ཐུགས་རྗེ་ཆེན་པོས་བདག་སྐྱོབས་ཤིག །ༀ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ཏེ་ཧེ་ཏུ་ཧཱུྃ་ཕཊཿ འདོད་ཆགས་སེར་སྣ་རྐྱེན་མ་བྱིན་ལེན་པ་ལས། ཏིརྱ་ཀ་ཏེ་ཙཀྱུ། བྱོལ་སོང་དུད་འགྲོ། ༀ་མ་ཐ་མ་ཐ་སརྦ་ཏིརྱ་ཀ་ཏེ་ཧེ་དུ་ཧཱུྃ་ཕཊཿ གཏི་མུག་དང་ལོག་ལྟ་ལ་སོགས་དག །ངན་འགྲོའི་སྤྱིར་བཅད་དུར་ཀ་ནི་ཡང་བཟླས། ༈ ལུགས་ཐམས་ཅད་ཀྱི་སྤྱི་དབང་། གཉིས་ཀ་རྒྱུད་གཙོ་བརྒྱད་ཆེ་བ། གསང་བདག་ཕྱག་མཚན་བཅུ་དྲུག་ལ། མཆོག་དབང་བཅུ་དྲུག་ནི། ཕྱག་རྒྱ་དབུ་རྒྱན་རྡོ་རྗེ་སྡིགས་མཛུབ་དང་། གསང་བ་རྡོ་རྗེ་དྲིལ་བུ་དང་། བུམ་ཕྲེང་ཅོད་པཎ་ཐུར་མ་མེ་ལོང་། འཁོར་ལོ། དུང་། རྒྱ་གྲམ། རྒྱལ་སྲིད། རིན་ཆེན་སྣ་བདུན་ལྡན་པ་ལ་ལུང་བསྟན་དང་། རལ་གྲི་དང་མདའ་གཞུ་དང་སེང་གེ་དང་ཉི་ཟླའི་གདན་དང་རྫས་བརྒྱད་དེ་བཅུ་དྲུག་གོ། །རྫས་ནི། ཡུངས་དཀར་ཞོ་དུར་ལི་ཁྲི་དང་། མེ་ལོང་དུང་དཀར་གྷི་ཝང་བིལ། ཕྱག་རྒྱ་སྐུ་དབང་བྱིན་ཡེ་ཤེས་ཏེ། རྩ་བ་དང་ཡན་ལག་ལྷ་དགུ། རྡོར་དྲིལ་ཕྱག་མཚན་དང་སྔགས་ཕྲེང་ལས། དང་པོ་ནི། གབ་པའི་དབང་ལེ་ལས། ལག་ན་རྡོ་རྗེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེས་ཕྱག་རྒྱས་བཅིངས་ཏེ། གནས་ལྔར་དུག་སྤྲད་པས། ཤ་ཟ་མ་སྟོང་གི་ཚོགས་སྐྲག་ནས་བྱེར་བ་དེ་བཞིན་དུ་དབང་བསྐུར་ཏེ། བཛྲ་ས་ཏྭ་ཧཱུྃ། ཏེ་ཥ་ར་ཏི་སྟྭཾ། ༀ་བཻ་རོ་ཙ་ན་ༀ། ད་དུ་ཤྭ་རི་ༀ། རཏྣ་སྭ་བྷ་བ་ཏྲཾ། རཏྣ་དྷ་རི་ཏྲཾ། བཛྲ་དྷརྨ་སིདྡྷི་ཧྲི། བཛྲ་ར་ག་ཧྲི། ༀ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ ཡེ་ཤེས་རིན་ཆེན་དབུ་རྒྱན་འདི། །སངས་རྒྱས་རྒྱལ་བ་ཀུན་འདུས་པ། །གཟི་བྱིན་རིག་སྔགས་རྒྱལ་བའི་དབུ། །བུ་ཁྱོད་གཙུག་ན་ནོར་བུ་འབར། །ༀ་རཏྣ་ཨཱ་བྷི་ཥིཉྩ་ཨཱཿ ན་མོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདེན་པའི་བྱིན་གྱི་བརླབས་ཀྱིས་རིགས་ཀྱི་བུ་ལ་དབུ་རྒྱན་གྱིས་དབང་བསྐུར་བས། ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་དབང་དམ་པ་ཐོབ་པར་གྱུར་ཅིག །ལྷ་དང་རྫས་བསྒྲགས་པ་འདི་ཀའོ། །ལྷ་དབང་ལོག་ན་མེད། ༈ གཉིས་པ་ནི། འདུ་འབྲལ་མེད་པ་གསང་བའི་དབང་གིས་བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམས་སུ་གྱུར་ལ་ཐུག་པ་དེ་སོས་ནས། དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བྱིན་གྱིས་རླབས་ཞེས་པས། རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ། །སྐུ་གསུང་ཐུགས་དང་ལྡན་པ་དང་། །གསང་བ་གསང་ཆེན་གསང་མཆོག་གིས། །བདག་པོར་ཁྱོད་ཀྱིས་དབང་བསྐུར་གྱིས། །བྷུདྡྷ་ཨཱ་བྷི་ཥིཉྩ་ཨཱཿ བདེན༴ རིགས༴ གསང་བའི་དབང་བསྐུར་བས། བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམས་ལ་ཐུག་པ་སོས་ནས་བྱང་ཆུབ་ཀྱི་སྙིང་པོ་ཅན་དུ་གྱུར་ཏེ་གསང་བའི་བདག་པོའི་དབང་ཐོབ་པར་གྱུར་ཅིག །ༀ་བཛྲ་པ་ཎི་ཧཱུཾ་ཕཊཿ ཅེས་སོགས་བསྔགས་དབོག་རྡོར་དྲིལ་སྦྱིན། ༈ །བུམ་པ་ཐོགས་ལ། རིན་ཆེན་སྣ་ཚོགས་རྒྱུ་བྱས་ལ། །ཁ་དོག་དབྱིབས་དང་ལྡན་པ་ཡིས། །ཤེས་རབ་ཡུམ་གྱི་བུམ་པ་འདིས། །དབང་མཆོག་འདི་ནི་དབང་བསྐུར་རོ། །བྷུདྡྷ་ཀ་ལ་ཀྵ་ཨ་བྷི་ཥིཉྩ་ༀ། བདེན་རིགས་བུམ་པས་དབང་བསྐུར་བས། །ནད་རྣམས་བཀྲུས་ནས་དག་ཅིང་བྱང་སྟེ་རང་གི་སེམས་སྤྲོས་པ་དང་བྲལ་ཞིང་ཡེ་ཤེས་རྣམ་པ་ལྔ་དང་ལྡན་ཏེ། འགྲོ་བའི་དོན་ཆུ་བོའི་རྒྱུན་བྱེད་པའི་དབང་དང་ལྡན་པར་གྱུར་ཅིག ༈ །བྱང་ཆུབ་ཡན་ལག་མེ་ཏོག་འཐོར། །ཁམས་གསུམ་བཙུན་པའི་བདག་པོ་སྟེ། །བདེ་གཤེགས་མཆོད་པ་ཐོབ་པ་དང་། །འགྲོ་དོན་བྱེད་པར་དབང་བསྐུར་རོ། །བདེན༴ རིགས༴ མེ་ཏོག་ཐོད་ཀྱིས་དབང་བསྐུར་བས། །ཚུལ་ཁྲིམས་ཀྱི་ཚོགས་ཡོངས་སུ་རྫོགས་པས། ངན་སོང་གིས་སྒྲིབ་པའི་ཚོགས་ཡོངས་སུ་བྱང་བའི་དབང་དམ་པར་གྱུར་ཅིག །སྐྱབས་འགྲོ་བསླབ་བྱ་འབོག་ཀྱང་སྔར་མ་ངེས་ན་འདིར་ངེས་པར་བྱའོ། ༈ །ཅོད་པན་ཐོགས་ལ། ཡེ་ཤེས་བདག་ཉིད་ཅོད་པན་འདི། །ཀླུ་གདུག་གནོད་པས་མི་བརྫི་ཞིང་། །འཁོར་བའི་ཉེས་པས་མི་གོས་པའི། །དབང་མཆོག་དེ་ནི་དབང་བསྐུར་རོ། །ༀ་བཛྲ་ས་ཏྭ་ཨ་བྷི་མཾ་ས་ན་ཨ་བྷི་ཥིཉྩ་ཧྲིཿ ན་མོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པའི་བདག་ཉིད་བྱིན་གྱི་བརླབས་ཀྱིས་རིགས་ཀྱི་བུ་ལ་ཅོད་པན་དང་ན་བཟའ་རིན་ཆེན་སྦྲུལ་རྒྱན་གྱིས་དབང་བསྐུར་བས། ཁམས་གསུམ་དུ་གནས་ཀྱང་མྱ་ངན་ལས་འདས་ནས། ཁམས་གསུམ་ན་གནས་པའི་བསམ་སྦྱོར་ངན་པའི་དུ་ཁའི་བག་ཆགས་དང་བྲལ་བར་གྱུར་ཅིག ༈ །སྔོན་གྱི་མིག་མཁན་རྒྱལ་པོ་ཡིས། །མ་རིག་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །ལིང་ཏོག་རྒྱལ་བ་རྣམས་ཀྱིས་བསལ། །བདེན༴ རིགས༴ རྣམ་པ་ལྔའི་ཐུར་མས་དབང་བསྐུར་བས་མ་རིག་པའི་ལིང་ཏོག་བསལ་ཏེ་ཤེས་རབ་ཀྱི་སྤྱན་དང་ལྡན་པར་གྱུར་ཅིག །མིག་རྣ་བ་སྣ་དབུག་ལྕེ་ལུས་ཀྱི་མགོ་ནས་རྐང་སྒྱིད་བཅད་པའི་བར་གྱི་སྐྱོན་བསལ་ལོ། ༈ །ཆོས་ཀུན་གཟུགས་བརྙན་ལྟ་བུ་སྟེ། །རྟེན་འབྲེལ་མཐུ་ལས་སྣང་བའི་ཕྱིར། །བརྗོད་མེད་རང་བཞིན་དག་པས་ན། །དོན་དམ་ཆོས་ཉིད་བརྗོད་པར་འགྱུར། །ༀ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ༀ་ཚེ་དང་ལྡན་པས་ཁྱོད་ལ་མེ་ལོང་གིས་དབང་བསྐུར་བས་ཆོས་ཐམས་ཅད་གཟུགས་བརྙན་ལྟར། རྟེན་འབྲེལ་སྒྱུ་མ་མཐོང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །འཁོར་ལོ་ཐོགས་ཏེ། འོག་ཏུ་གསེར་གྱི་འཁོར་ལོ་དག །བརྗོད་པའི་དོན་དུ་འབྲུ་བཀོད་ནས། །གཞན་དོན་འདི་ལ་ཕན་བྱའི་ཕྱིར། །རྒྱལ་བའི་འཁོར་ལོ་བསྐོར་བར་མཛོད། །བདེན༴ རིགས༴ འཁོར་ལོས་དབང་བསྐུར་བས་རྐང་ལག་བཅོམ་པའི་སྒྲིབ་པ་དག་སྟེ་རྫུ་འཕྲུལ་གྱིས་རྐང་པ་དང་ལྡན་པ་ཁམས་གསུམ་ཐམས་ཅད་དུ་འགྲོ་ནུས་པར་གྱུར་ཏེ་འཁོར་ལོ་བསྒྱུར་བའི་རྒྱལ་ཐབས་ཐོབ་པར་གྱུར་ཅིག །རྩིབས་བཅུ་གཉིས་ལ་རྟེན་འབྲེལ་བྲིས་ཞེས་སོ། ༈ །ཆོས་དུང་རྒྱས་པ་དབུས་ནས་ནི། །འཇིག་རྟེན་སེམས་ཅན་སྐལ་པ་ལ། །རྣལ་བསལ་སྡིག་སྦྱངས་ཆོས་ཐོས་པའི། །སྐྱོབས་པའི་མགོན་པོ་ཚངས་སྐད་སྒྲོགས། །བདེན༴ རིགས༴ དུང་གིས་དབང་བསྐུར་བས་ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས་པའི་དབང་ཐོབ་པར་གྱུར་ཅིག ༈ །རྡོ་རྗེ་འདི་ནི་སྣ་ཚོགས་ཏེ། །ལས་རྣམས་རྒྱ་མཚོ་དབང་བསྐུར་གྱིས། །དེ་རིགས་ཐམས་ཅད་བུ་ཁྱོད་ཀྱིས། །འགྲོ་བའི་དོན་ལ་འབད་པར་གྱིས། །བདེན༴ རིགས༴ རྡོ་རྗེ་རྒྱ་གྲམ་གྱིས་དབང་བསྐུར་བས། ཕྱོགས་བཅུ་དུས་གསུམ་ན་གནས་པའི་སྔགས་འཆང་རྣམས་ཀྱིས་རྟག་ཏུ་བསྲུང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག ༈ །འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་དང་ལྡན་པ་གཅིག་གིས་ལག་ཏུ་དབང་བསྐུར་བས། སངས་རྒྱས་ཀྱི་ས་ལ་ངེས་པར་ལུང་བསྟན་པར་གྱུར་ཅིག །ལག་པ་གཡོན་དུ་བཙུན་མོ་སྤྱན་གསུམ་རིན་པོ་ཆེས་གཟུངས་དང་ཏིང་འཛིན་ལ་འདྲེས་ནས་བདེན་པ་མ་ནོར་བ་དོན་དང་ལྡན་པར་གྱུར་ཅིག །དཔྲལ་བར་དམག་དཔོན་རིན་པོ་ཆེས་ཕས་ཀྱི་རྒོལ་བ་རྣམས་ཟིལ་གྱིས་མནན་པར་གྱུར་ཅིག །ལག་པ་གཡས་པར་བློན་པོ་རིན་པོ་ཆེས་ཆོས་བློ་དང་བརྩོན་འགྲུས་སུ་ལྡན་པར་གྱུར་ཅིག །རྐང་པར་རྟ་མཆོག་རིན་པོ་ཆེས་མི་གནས་པའི་དབྱིངས་སུ་ཐོགས་པ་མེད་པར་གྱུར་ཅིག །གླང་པོ་རིན་པོ་ཆེས་སྣས་རིགས་དྲུག་སེམས་ཅན་རྣམས་ཐར་པའི་གནས་སུ་འདེག་ནུས་པའི་ཐབས་དང་ལྡན་པར་གྱུར་ཅིག །གཙུག་ཏུ་ནོར་བུ་རིན་པོ་ཆེས་བསམ་པ་ཡིད་བཞིན་དུ་འགྲུབ་པའི་ཡོན་ཏན་དང་ལྡན་པར་གྱུར་ཅིག །རིན་པོ་ཆེ་སྣ་བདུན་ལུས་ལ་རྫོགས་པར་དབང་བསྐུར་བས་ཕྱིར་མི་ལྡོག་པར་འཁོར་ལོ་བསྒྱུར་བའི་རྒྱལ་པོ་སྤྲིན་ཕུང་ཞེས་བྱ་བར་གྱུར་ཏོ། །དེ་དང་མཐུན་པར་སློབ་བུ་རྣམས་ལ་རིན་པོ་ཆེ་སྣ་བདུན་གྱིས་དབང་བསྐུར་བས་དེ་ལྟ་བུའི་འཁོར་ལོ་བསྒྱུར་བ་ཐོབ་པར་གྱུར་ཅིག །ཡེ་ཤེས་ཀྱི་རལ་གྲི་ལག་ཏུ་བྱིན་པས་དུག་གསུམ་འཁྲུགས་པ་རྒྱུན་བཅད་དེ་བག་ཆགས་ཐམས་ཅད་བྱང་བར་གྱུར་ཏོ། །དེ་བཞིན་སློབ་བུ་ལའང་བསྐུར་བས་དེ་བཞིན་དུ་དབང་ཐོབ་པར་གྱུར་ཅིག ༈ །ཐབས་ཤེས་རབ་ཀྱི་མདའ་གཞུ་ལག་ཏུ་གཏད་དེ་དབང་བསྐུར་བས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་ནས། ཡེ་ཤེས་དག་པའི་རྩེ་མོ་ལ་གནས་པར་གྱུར་ཏོ། །དེ་བཞིན་དུ་སློབ་བུ་ལ་ཡང་དབང་བསྐུར་བས་དེ་བཞིན་དུ་དབང་ཐོབ་པར་གྱུར་ཅིག ༈ །བརྗིད་པའི་སེང་གེ་ཤིན་ཏུ་མྱུར་བ་ཡིས། །གཟུགས་ཅན་གཅིག་ནི་ལག་ཏུ་བྱིན་པ་ཡིས། །གསུང་རབ་རྒྱ་མཚོ་ཀུན་གྱིས་སྒྲ་སྒྲོགས་ཏེ། །ལོག་པའི་ཕྱོགས་ཀུན་ཟིལ་གྱིས་གནོན་པར་ཤོག །བཛྲ་སིང་ཧ་ཨ་བྷི་ཥིཉྩ་ཧཱུཾཿ བདེན༴ རིགས༴ སེང་གེས་དབང་བསྐུར་བས་གསུང་རབ་རྒྱ་མཚོའི་སྒྲ་སྐད་སྒྲོགས་པས། ལོག་པའི་ཕྱོགས་ཐམས་ཅད་ཟིལ་གྱིས་གནོན་པའི་དབང་དང་། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཞེས་བྱ་བར་གྱུར་ཏོ། །དེ་བཞིན་དུ་དབང་དམ་པ་ཐོབ་པར་གྱུར་ཅིག ༈ །སྟེང་ཕྱོགས་མངའ་མཛད་ཐུགས་རྗེ་ཉི་ཟླའི་བདལ། །ཐུགས་རྗེ་མུན་སེལ་ཐུགས་རྗེ་ཟླ་བའི་འོད། །སྟོང་གསུམ་མུན་པ་དུས་གཅིག་བསལ་ནས་ནི། །འཇིག་རྟེན་ཀུན་ཏུ་སྣང་བ་བསྐྱེད་པར་ཤོག །བཛྲ་ཨ་བྷི་ཥིཉྩ་ཨ། བདེན༴ རིགས༴ ཉི་ཟླས་དབང་བསྐུར་བས་སྐྱེ་འགྲོ་མ་ལུས་པའི་སེམས་ཅན་གྱི་རྒྱུད་ལ་ཡེ་ཤེས་ཀྱི་འོད་ཟེར་གྱིས་དུས་དང་རྣམ་པ་ཐམས་ཅད་དུ་ཤར་ཏེ་དྲོ་ཞིང་འཆར་བ་དང་ཁམས་གསུམ་གྱི་མུན་པ་དུས་དང་རྣམ་པ་ཐམས་ཅད་དུ་སེལ་བའི་དབང་ཐོབ་པར་གྱུར་ཅིག ༈ །གསང་བའི་བསྟན་པ་རྒྱས་ནས་ནི། །ཡུན་རིང་གནས་པར་གྱུར་པ་ཡི། །བཀྲ་ཤིས་རྫས་ཀྱི་དབང་མཆོག་ནི། །གནང་བ་ཆེན་པོ་སྦྱིན་པར་བྱ། །ཡུངས་དཀར་རྡོ་རྗེ་བགེགས་མཆོག་འདུལ། །བགེགས་རྣམས་འཇོམས་པའི་མཐུ་སྟོབས་ལྡན། །དགྲ་བགེགས་ཀུན་ལས་རྒྱལ་བ་ཡིས། །བྱིན་རླབས་ཆེན་པོའི་དབང་ཐོབ་ཤོག །ཞོ་ནི་ཀུན་གྱིས་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་བྱང་ཆུབ་སེམས་རྟོགས་ཏེ། །ཡོན་ཏན་ཀུན་གྱི་སྙིང་པོར་གྱུར་པ་ཡིས། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བར་ཤོག །དུར་བ་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་ཚེ་ནི་རབ་གྲུབ་པས། །སྐྱེ་ཤིའི་སྡུག་བསྔལ་རྒྱུན་བཅད་དེ། །དུར་བའི་བཀྲ་ཤིས་དེ་ནི་ཚེ་བརྟན་ཤོག །དུར་བའི་བཀྲ་ཤིས་ཚེ་ནི་རབ་བརྟན་ནོ། །ལི་ཁྲི་དམར་བ་དབང་གི་རིན་ཆེན་ཏེ། །ཆོས་རྣམས་མ་ལུས་དབང་དུ་གྱུར་པ་ཡིས། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པ། །བཀྲ་ཤིས་དེས་ཀྱང་དེང་འདིར་བརྟན་པར་ཤོག །དུང་གིས་ཆོས་ཀྱི་སྒྲ་རྣམས་སྒྲོག་པའི་ཚུལ། །ཡོན་ཏན་རྒྱ་མཚོ་བདག་ཉིད་མཆོག་གྱུར་ནས། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེ་ནི་ཚིག་ལ་ལོངས་སྤྱོད་ཤོག །གྷི་ཝང་དུག་གསུམ་འཇོམས་པའི་སྨན་ཡིན་ཏེ། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ཏེ། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡིས། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་མེད་པར་ཤོག །མེ་ལོང་ཡེ་ཤེས་ཆེན་པོའི་གཟུགས་བརྙན་ཏེ། །ཡེ་ཤེས་རྒྱ་མཚོའི་བདག་ཉིད་མཆོག་གྱུར་ནས། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེ་ནི་ཚིགས་ལ་ལོངས་སྤྱོད་ཤོག །བིལ་བ་རྒྱུ་རྐྱེན་འབྲས་བུ་བཅས་པའི་མཆོག །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡིས། །བཀྲ་ཤིས་དེ་ནི་འཇིག་རྟེན་འགྲུབ་པར་ཤོག །ཕྱག་ན་རྡོ་རྗེའི་མཆོག་དབང་རྫོགས་སོ།། །། ལྷ་མིའི་ཐེག་པའི་རྫས་དབང་ཕྱི་དབང་ནས་བཏུས་པ་ནི། ཀ རིན་པོ་ཆེའི་ཅོད་པན་དབུ་རྒྱན་གྱིས་དབང་བསྐུར་བས་ཆོས་ཀྱི་རྒྱལ་ཚབ་ཆེན་པོ་བྱེད་པའི་དབང་དང་ལྡན་པར་གྱུར་ཅིག ཁ །ཨ་མ་ཡུམ་གྱི་ཕྱག་གིས་རེག་ཅིང་དབང་བསྐུར་བས་སློབ་མ་འདི་ཞེས་བྱ་བ་ཉོན་མོངས་པ་ན་ཙའི་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག ག །སེང་གེ་ཕྲུ་གུ་ཟུང་གཅིག་གིས་དབང་བསྐུར་བས་སྡང་བའི་ཕྱོགས་ཟིལ་གྱིས་གནོན་པའི་དབང་ཐོབ་པར་གྱུར་ཅིག ང །གླང་པོ་རིན་པོ་ཆེ་ཕྲུ་གུ་ཟུང་གཅིག་གིས་དབང་བསྐུར་བས་འཇིག་རྟེན་འདེགས་པའི་སྟོབས་དང་ལྡན་པའི་དབང་ཐོབ་པར་གྱུར་ཅིག ཅ །ན་བཟའ་ཀ་ཤིའི་རས་ཀྱིས་དབང་བསྐུར་བས་མཁྱེན་པའི་ཡེ་ཤེས་གསལ་ཞིང་མ་འདྲེས་པའི་དབང་དང་ལྡན་པར་གྱུར་ཅིག ཆ །རྫས་བུམ་པའི་ཆུ་འདིས་དབང་བསྐུར་བས་སློབ་མ་འདི་ཡི་ཉོན་མོངས་པ་བག་ཆགས་ཀྱི་དྲི་མ་དག་པའི་དབང་ཐོབ་པར་གྱུར་ཅིག ཇ །མིང་གི་དབང་བསྐུར་བས་ཤེས་བྱ་ཡེ་ཤེས་ལ་མ་རྨོངས་པ་དབང་གཞོན་ནུ་དོན་འགྲུབ་ལྟར་དུ་དབང་ཐོབ་པར་གྱུར་ཅིག ཉ །རྒྱན་གྱི་བྱེ་བྲག་གིས་དབང་བསྐུར་བས་འགྲོ་བ་ཐམས་ཅད་ཤེས་པ་དང་ལྡན་པར་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག ཏ །ཡིག་ཤིང་གི་དབང་བསྐུར་བ་ཆོས་ཀྱི་སྒྲ་སྒྲོགས་པའི་དབང་ཐོབ་པར་གྱུར་ཅིག ཐ །མདའ་གཞུ་སྟེ་གནམ་རུས་དབང་བསྐུར་བས་སྙན་པའི་སྒྲ་སྒྲོགས་ཤིང་བདུད་དཔུང་འདུལ་བའི་འཕོང་རྩལ་དང་ལྡན་པར་གྱུར་ཅིག ད །བཙུན་མོའི་དབང་བསྐུར་བས་སློབ་མ་འདིས་ཐེག་པ་མཐོ་རིས་ཀྱིས་བསྟན་པའི་རིགས་མི་ནུབ་ཅིང་ཇི་ལྟར་འདུལ་བ་བཞིན་དུ་འགྲོ་བའི་དོན་བྱེད་པའི་དབང་ཐོབ་པར་གྱུར་ཅིག །དེ་ལྟར་དབང་བཅུ་གཅིག་ནི་ལྷ་མི་མཐོ་རིས་ཀྱི་ཆས་སུ་བཅུག་པའོ། །ཀྱེ་ཀྱེ་ལྷ་མིའི་ཐེག་པ་རྫས་དབང་ཡི་གེ་འདི་རྣམས་རྒྱ་ཡིག་བོད་ཡིག་ཆ་གཉིས་བྱུང་བ་ནི། ཐོག་མ་རྒྱ་ཡིག་ཀུན་བཟང་། ལོངས་སྐུ་ལྷ་ཡུལ་གྱི་ཡིག་འབྲུ་མཚོན། དེ་ནས་བོད་ཡིག་ཐུབ་པ་སྤྲུལ་སྐུའི་བསྟན་པ་ཕྱོགས་དུས་ཀུན་ཏུ་རྒྱས་ནས་ཐམས་ཅད་སྐད་དུ་ཆོས་སྟོན་པས་ཐོས་པ་མཚོན། ཙ་ཀའི་ཀ་ཁའི་དབང་གིས་སྐབས་དེར་ཡིག་འབྲུ་རྒྱལ་བུ་དོན་འགྲུབ་སྤྱི་བོར་བཀོད་པ། སློབ་དཔོན་སློབ་མ་དང་བཅས་པ་སྟེ་བུམ་པ་རིན་པོ་ཆེ་ཡི་གེ་དང་བཅས་པ་ཡོད་པ་ནས་བླ་མ་དང་ཙ་ཀ་ལ་ཐིམ་པ་དང་སློབ་མ་ལ་ཐིམ་པས་ཡང་མར་མེ་གཅིག་ལ་གཉིས་སུ་མཆེད་པ་ལྟ་བུ། དབང་གྲུབ་ནས་བླ་མའི་ནུས་པ་དང་ཙ་ཀ་ལིའི་རབ་གནས་གསོ་ཞིང་བུམ་ཆུ་བཏུང་ཁྲུས་བྱའོ། །ཡིག་འབྲུ་ཀུན་འདུས་ལས། ཨ་ནི་མ་སྐྱེས་ཡེ་ཤེས་ཡིན། །རང་བཞིན་ཐམས་ཅད་སྟོང་པར་སྟོན། །ཀ་ནི་བྱ་བའི་ཡེ་ཤེས་ཏེ། །ལས་ཀྱི་ཐམས་ཅད་གྲོལ་བར་བཤད། །ཁ་ནི་ཁྱབ་པར་བྱེད་པའི་སྒོ། །མི་དམིགས་ཐམས་ཅད་གྲོལ་བར་སྟོན། །ག་ནི་དོན་དུ་གྱུར་པའི་སྒོ། །ཡུལ་མེད་ཐམས་ཅད་གྲོལ་བར་སྟོན། །གྷ་ནི་གནས་པའི་སྒོ་ཡིན་ཏེ། །གཅིག་ཏུ་མ་ངེས་གྲོལ་བར་སྟོན། །ང་ནི་འཛིན་པ་མེད་པའི་སྒོ། །འཛིན་བྲལ་ཐམས་ཅད་གྲོལ་བར་སྟོན། །ཙ་ནི་འགག་པ་མེད་པའི་སྒོ། །ཅིར་ཡང་སྣང་བས་ཐམས་ཅད་གྲོལ། །ཚ་ནི་འདའ་བ་མེད་པའི་སྒོ། །བྲལ་བ་མེད་པས་ཐམས་ཅད་གྲོལ། །ཛ་ནི་མ་བྱུང་བ་ཡི་སྒོ། །མི་གནས་པས་ནི་ཐམས་ཅད་གྲོལ། །ཛྷ་ནི་རྙོག་པ་མེད་པའི་སྒོ། །དྲི་མ་དག་པས་ཐམས་ཅད་གྲོལ། །ཉ་ནི་དཔྱོད་དང་བྲལ་བའི་སྒོ། །བྱ་བ་མེད་པས་ཐམས་ཅད་གྲོལ། ༈ །ཊ་ནི་ཐ་སྙད་མེད་པའི་སྒོ། །བརྗོད་པ་མེད་པས་ཐམས་ཅད་གྲོལ། །ཋ་ནི་རྟེན་དང་བྲལ་བའི་སྒོ། །གནས་པ་མེད་པས་ཐམས་ཅད་གྲོལ། །ཌ་ནི་རྟོག་དང་བྲལ་བའི་སྒོ། །ལེན་པ་མེད་པས་ཐམས་ཅད་གྲོལ། །དྷ་ནི་རང་བཞིན་མེད་པའི་སྒོ། །མཚན་ཉིད་མེད་པས་ཐམས་ཅད་གྲོལ། །ཎ་ནི་ཡུལ་དང་བྲལ་བའི་སྒོ། །འཛིན་པ་མེད་པས་ཐམས་ཅད་གྲོལ། །ཏ་ནི་ང་རྒྱལ་མེད་པའི་སྒོ། །ངོ་བོ་མེད་པས་ཐམས་ཅད་གྲོལ། །ཐ་ནི་སྒྱུ་རྩལ་མེད་པའི་སྒོ། །བྱེད་པ་མེད་པས་ཐམས་ཅད་གྲོལ། །ད་ནི་འདྲེན་པ་མེད་པའི་སྒོ། །རྩོད་པ་མེད་པས་ཐམས་ཅད་གྲོལ། །དྷ་ནི་སླུ་བ་མེད་པའི་སྒོ། །སྒྱུ་མ་ཐམས་ཅད་གྲོལ་བར་བྱེད། །ན་ནི་ཀུན་ཏུ་གྱུར་པའི་སྒོ། །གཡོ་བ་སྐྱོབས་པའི་ལས་རྣམས་གྲོལ། །པ་ནི་ངེས་པར་འབྱུང་བའི་སྒོ། །འགགས་པ་མེད་པས་ཐམས་ཅད་གྲོལ། །ཕ་ནི་དངོས་པོ་མེད་པའི་སྒོ། །ཅིར་ཡང་མེད་པས་ཐམས་ཅད་གྲོལ། །བ་ནི་བརྗོད་པ་མེད་པའི་སྒོ། །བརྗོད་པ་མེད་པས་ཐམས་ཅད་གྲོལ། །བྷ་ནི་བྷ་ག་ཏའི་རྡུལ་དང་བྲལ་བའི་སྒོ། །རྟོག་པ་མེད་པས་ཐམས་ཅད་གྲོལ། །མ་ནི་ཆགས་པ་མེད་པའི་སྒོ། །རྟག་པ་མེད་པས་ཐམས་ཅད་གྲོལ། །ཡ་ནི་ཆགས་པ་མེད་པའི་སྒོ། །གོས་པ་མེད་པས་ཐམས་ཅད་གྲོལ། །ཝ་ནི་རྒྱུ་རྐྱེན་མེད་པའི་སྒོ། །འབྲས་བུ་མེད་པས་ཐམས་ཅད་གྲོལ། །ར་ནི་རྐྱེན་དང་བྲལ་བའི་སྒོ། །དོར་བ་མེད་པས་ཐམས་ཅད་གྲོལ། །ལ་ནི་བླང་བ་མེད་པའི་སྒོ། །ཡོན་ཏན་མེད་པས་ཐམས་ཅད་གྲོལ། །ཤ་ནི་སྤྲོས་པ་བྲལ་བའི་སྒོ། །ཞི་བས་ཐམས་ཅད་གྲོལ་བར་བྱེད། །ཥ་ནི་ཁུར་དང་བྲལ་བའི་སྒོ། །ལྕི་བ་མེད་པས་ཐམས་ཅད་གྲོལ། །ས་ནི་ཡང་དག་གསང་བའི་སྒོ། །ངེས་པ་ཐམས་ཅད་གྲོལ་བར་བྱེད། །ཧ་ནི་རྒྱུད་དང་བྲལ་བའི་སྒོ། །རྐྱེན་དང་བྲལ་བས་ཐམས་ཅད་གྲོལ། །ཀྵ་ནི་ཁམས་དང་བྲལ་བའི་སྒོ། །མཚན་ཉིད་མེད་པས་གྲོལ་བར་བྱེད། །ཨི་ཨི་ནི་མཐོང་བ་མེད་པའི་སྒོ། །གཟུགས་དང་བྲལ་བས་ཐམས་ཅད་གྲོལ། །ཨུ་ཨཱུ་ནི་ཐོས་པ་མེད་པའི་སྒོ། །སྒྲ་དང་བྲལ་བས་ཐམས་ཅད་གྲོལ། །ཨེ་ཨཱཻ་ནི་ཚོར་བ་མེད་པའི་སྒོ། །དྲི་དང་བྲལ་བས་གྲོལ་བར་བྱེད། །ཨོ་ཨཱ་ནི་ཚོར་བ་མེད་པའི་སྒོ། །རེག་དང་བྲལ་བས་ཐམས་ཅད་གྲོལ། །ༀ་ནི་ཆོ་འཕྲུལ་འབྱུང་བའི་སྒོ། །ཅིར་ཡང་སྣང་བས་ཐམས་ཅད་གྲོལ། །ཅེས་པའི་འགྲེལ་པར་ཡུལ་དང་ཡུལ་ཅན་གཉིས་སུ་བཤད། །ཅིར་ཡང་སྣང་བས་ཐམས་ཅད་གྲོལ། །མྱ་ངན་འདས་དང་འཁོར་བའི་ཆོས། །ཡོད་མཐོང་སྣང་གྲགས་ཆོས་ཐམས་ཅད། །ཡི་གེའི་ཚོགས་སུ་མངོན་སངས་རྒྱས། །ཡི་གེར་མ་གྱུར་གང་ཡང་མེད། །ཧཱུྃ་ཆོས་ཉིད་ནམ་མཁའ་ལྟ་བུ་ལ། །ཡིག་འབྲུ་སྣ་ཚོགས་ཕྲ་བཀོད་པས། །དུས་གསུམ་རྒྱལ་བའི་དཀྱིལ་འཁོར་རྫོགས། །ཉི་མ་འབར་བའི་འོད་ཟེར་ལས། །འོད་ཀྱིས་འབར་བའི་རྡོ་རྗེ་འབར། །ཡི་གེ་ཧཱུྃ་གིས་འོད་འཕྲོས་པས། །རྡོ་རྗེ་རིགས་ཀྱི་ཞིང་དུ་གྲགས། །ཞེས་གསུངས་དེ་རྣམས་དབང་ཐོབ་ཤོག །ལྷ་མིའི་ཐེག་པའོ། །གསུང་རབ་གནས་ལས་གཟུགས་ཀྱི་སྐུ། །ཆོས་ཀྱི་སྐུ་རུ་མངའ་གསོལ་ཏོ། ཀ །ཀ་ནི་དབང་བྱེད་སྒྲོལ་བའོ། །ཞེས་འབྱུང་སྟེ། ཁམས་གསུམ་གྱིས་སེམས་ཅན་ཐམས་ཅད་ལ་དབང་བྱེད་ཅིང་། ཉོན་མོངས་པ་དང་སྒྲོལ་བར་བྱེད་པ་ལགས་ཏེ། དེའི་བྱིན་གྱི་བརླབས་ཀྱིས་ཆོས་ཀྱི་སྐུའི་དོན་གྱིས་གསུང་གིས་གཟུགས་བརྙན་དུ་བྱུང་བའི་ཚེ། ཚིག་གིས་གསུང་འདིས་ཀྱང་སེམས་ཅན་ཐམས་ཅད་ལ་དབང་བྱེད་ཅིང་ཉོན་མོངས་པ་ལས་སྒྲོལ་བའི་དབང་དང་ལྡན་པར་གྱུར་ཅིག ཁ །ཁ་ནི་ཁམས་གསུམ་ཀུན་གྱིས་བརྒྱན། །ཞེས་འབྱུང་སྟེ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་རྒྱན་དུ་བྱུང་བ་ཡིན་ཏེ། དེའི་བྱིན་གྱི་བརླབས་ཀྱིས་དོན་གྱི་གསུང་གི་གཟུགས་བརྙན་ཚིག་གི་གསུང་འདིས་སེམས་ཅན་གྱི་རྒྱན་དུ་གྱུར་ཏེ། འཁོར་བ་ལས་སྒྲོལ་བར་མཛད་པའི་དབང་དང་ལྡན་པར་གྱུར་ཅིག ག །ག་ནི་མ་ཆགས་དག་པར་མཛད། །ཅེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་ཅི་ལ་མ་ཆགས་ཤིང་དག་པར་དག་པ་ཡིན་པས། དེའི་བྱིན་བརླབས་ཀྱི་ཆོས་ཀྱི་སྐུའི་གསུངས་འདིས་ཀྱང་ཅི་ལ་ཡང་མ་ཆགས་ཤིང་རྣམ་པར་དག་པའི་དབང་དང་ལྡན་པར་གྱུར་ཅིག ང །ང་ནི་ང་མེད་ང་ལས་རྒྱལ། །ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་མཉམ་པའི་ངང་ལས་མ་གཡོས་ཤིང་མཚན་མ་ལས་རྒྱལ་བ་ཡིན་ཏེ། དེའི་བྱིན་གྱི་བརླབས་ཀྱིས་ཆོས་དབྱིངས་མཉམ་པ་ཉིད་ཀྱི་ངང་ལས་མ་གཡོས་ཤིང་མཚན་མ་ལས་རྒྱལ་བའི་དབང་དང་ལྡན་པར་གྱུར་ཅིག ཅ །ཅ་ནི་གཉིས་མེད་དོན་རྟོགས་ཏེ། །ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་དེ་ནི་མཚན་མ་དང་མཚན་མ་མེད་པ་གཉིས་སུ་མེད་པའི་དོན་ཡིན་ཏེ། དེའི་བྱིན་གྱི་བརླབས་ཀྱིས་ཆོས་ཀྱི་སྐུ་མཚན་མ་དང་མཚན་མ་མེད་པ་གཉིས་སུ་མེད་པའི་དབང་དང་ལྡན་པར་གྱུར་ཅིག ཆ །ཆ་ནི་ཐབས་དང་ཤེས་རབ་སྟེ། །ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་ལས་ཐབས་དང་ཤེས་རབ་ཀྱི་སྤྲུལ་པ་ཇི་སྙེད་གཅིག་བྱུང་ནས་འགྲོ་བའི་དོན་བྱེད་པ་ཡིན་ཏེ། དེའི་བྱིན་གྱི་བརླབས་ཀྱིས་ཆོས་སྐུ་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པའི་དབང་དང་ལྡན་པར་གྱུར་ཅིག ཇ །ཇ་ནི་མ་གོས་དག་པར་མཛད། །ཅེས་འབྱུང་སྟེ། དུས་གསུམ་གྱི་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་དེའི་བག་ཆགས་ཀྱིས་མ་གོས་ཞིང་རྣམ་པར་དག་པ་ཡིན་ཏེ། དེའི་བྱིན་གྱི་བརླབས་ཀྱིས། ཆོས་ཀྱི་སྐུ་ལ་བག་ཆགས་ཀྱིས་མ་གོས་ཞིང་དག་པའི་དབང་དམ་པ་དང་ལྡན་པར་གྱུར་ཅིག ཉ །ཉ་ནི་ཆོས་ཉིད་གདར་ཤ་གཅོད། །ཅེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཉིད་རྒྱ་མཚོ་དང་འདྲ་བ་ལ་རིག་པའི་ཡེ་ཤེས་དང་འདྲ་བས་གདར་ཤ་གཅོད་པ་ཡིན་ཏེ། དེའི་བྱིན་གྱི་བརླབས་ཀྱིས་ཆོས་ཉིད་ཀྱི་རྒྱ་མཚོ་ལ་རིག་པའི་ཡེ་ཤེས་ཀྱི་དབང་དང་ལྡན་པར་གྱུར་ཅིག ཏ །ཏ་ནི་མཁས་པའི་འོད་ཟེར་ཅན། །ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་དེ་ལས་ཐུགས་རྗེའི་འོད་ཟེར་འབྱུང་བ་ཡིན་ཏེ། དེའི་བྱིན་གྱི་བརླབས་ཀྱིས་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་ཐུགས་རྗེའི་འོད་ཟེར་འབྱུང་བ་དབང་དང་ལྡན་པར་གྱུར་ཅིག ཐ །ཐ་ནི་དཀོན་མཆོག་འབྱུང་བའི་རྒྱུ། །ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་ལས་དགོངས་པ་ཟབ་མོའི་ཡེ་ཤེས་འབྱུང་བ་ཡིན་ཏེ། དེའི་བྱིན་གྱི་བརླབས་ཀྱིས་ཆོས་ཀྱི་སྐུའི་དགོངས་པ་ཟབ་མོའི་ཡེ་ཤེས་འབྱུང་བའི་དབང་དང་ལྡན་པར་གྱུར་ཅིག ད །ད་ནི་རྒྱུ་འབྲས་གཉིས་མེད་པ། །ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་ལས་རྒྱུའི་ཆོས་དང་འབྲས་བུའི་ཆོས་གཉིས་སུ་མེད་པ་ཡིན་ཏེ། དེའི་བྱིན་གྱི་བརླབས་ཀྱིས། ཆོས་ཀྱི་འཁོར་བའི་སྡུག་བསྔལ་གཏན་ནས་སྤོངས་ཏེ་ངང་གིས་བདེ་བའི་དབང་དང་ལྡན་པར་གྱུར་ཅིག ན །ན་ནི་སྡུག་བསྔལ་མེད་པས་བདེ། །ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་ལས་འཁོར་བའི་སྡུག་བསྔལ་མེད་ཅིང་ངང་གིས་བདེ་བ་ཡིན་ཏེ། དེའི་བྱིན་གྱི་བརླབས་ཀྱིས་ཆོས་ཀྱི་སྐུའི་བྱིན་གྱིས་བརླབས་ཅིང་འཁོར་བའི་སྡུག་བསྔལ་གཏན་ནས་སྤངས་ཏེ་ངང་གི་བདེ་བའི་དབང་དང་ལྡན་པར་གྱུར་ཅིག པ །པ་ནི་ཐམས་ཅད་བསྐྱེད་པར་བྱེད། །ཅེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་ལས་རིག་པའི་ཡེ་ཤེས་བསྐྱེད་པ་ཡིན་ཏེ། དེའི་བྱིན་གྱི་བརླབས་ཀྱིས། ཆོས་ཀྱི་སྐུའི་གསུང་འདི་མཐོང་བ་ཙམ་གྱིས་གཞན་རིག་པའི་ཡེ་ཤེས་བསྐྱེད་པའི་དབང་དང་ལྡན་པར་གྱུར་ཅིག ཕ །ཕ་ནི་ཕ་རོལ་ཕྱིན་མ་ནས། །ཞེས་འབྱུང་སྟེ། ཆོས་ཀྱི་སྐུ་འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་ཅིང་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ཏེ། དེའི་བྱིན་གྱི་བརླབས་ཀྱིས་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་འཁོར་བའི་སྡུག་བསྔལ་གྱི་ཕ་རོལ་ཏུ་ཕྱིན་ཅིང་མི་གནས་པའི་མྱ་ངན་ལས་འདས་པའི་དབང་དང་ལྡན་པར་གྱུར་ཅིག བ །བ་ནི་བདེ་བ་ཆེན་པོ་སྟེ། །ཞེས་འབྱུང་བས། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་དེ་ནི་དངོས་པོ་དང་མཚན་མ་ཐམས་ཅད་ལ་མཉམ་པ་ཆེན་པོའི་ངང་དུ་བདེ་བའི་དབང་དང་ལྡན་པར་གྱུར་ཅིག མ །མ་ནི་སྲིད་གསུམ་ཡོངས་ཀྱི་མ། །ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་དེ་ཡང་ཀུན་གྱི་གཞི་མར་གྱུར་པ་ཡིན་ཏེ། དེའི་བྱིན་གྱི་བརླབས་ཀྱིས་ཆོས་ཀྱི་སྐུ་སྲིད་པ་གསུམ་ཡོངས་ལས་རྒྱལ་ཞིང་ཀུན་གྱི་གཞི་མར་གྱུར་པའི་དབང་དང་ལྡན་པར་གྱུར་ཅིག ཙ །ཙ་ནི་འདུ་འབྲལ་མེད་པ་སྟེ། །ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་དེ་ནི་སྐུ་དང་ཡེ་ཤེས་སྟོབས་དང་མི་འཇིགས་པ་ལགས་པ་འདུ་འབྲལ་མེད་པའི་གནས་ཡིན་ཏེ། དེའི་བྱིན་གྱི་བརླབས་ཀྱིས་ཆོས་ཀྱི་སྐུ་དང་འདུ་འབྲལ་མེད་པའི་དབང་དང་ལྡན་པར་གྱུར་ཅིག ཚ །ཚ་ནི་དོན་དམ་ལུས་ལ་རྫོགས། །ཞེས་འབྱུང་སྟེ། དོན་དམ་པ་ཆོས་ཀྱི་སྐུ་ནི་རྒྱུ་དང་འབྲས་བུའི་ཆོས་ཐམས་ཅད་རྫོགས་པ་ཡིན་ཏེ། དེའི་བྱིན་གྱི་བརླབས་ཀྱིས་ཆོས་ཀྱི་སྐུའི་རྒྱུ་དང་འབྲས་བུ་རྫོགས་པའི་དབང་དང་ལྡན་པར་གྱུར་ཅིག ཛ །ཛ་ནི་འབར་བའི་ཡུམ་ལ་གནས། །ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་དེ་ཐུགས་རྗེས་འོད་ཟེར་འབྱུང་བའི་གནས་ཡིན་ཏེ། དེའི་བྱིན་གྱི་བརླབས་ཀྱིས་ཆོས་ཀྱི་སྐུ་ཐུགས་རྗེ་འོད་ཟེར་འབྱུང་བའི་དབང་དང་ལྡན་པར་གྱུར་ཅིག ཝ །ཝ་ནི་མྱ་ངན་ཐམས་ཅད་འདུལ། །ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་དེ་འཁོར་བའི་མྱ་ངན་ཐམས་ཅད་འདུལ་བ་ཡིན་ཏེ། དེའི་བྱིན་གྱི་བརླབས་ཀྱིས་ཆོས་ཀྱི་སྐུ་ལས་འཁོར་བའི་མྱ་ངན་ཐམས་ཅད་འདུལ་བའི་དབང་དང་ལྡན་པར་གྱུར་ཅིག ཞ །ཞ་ནི་གཞལ་ཡས་ཁང་ཆེན་པོ། །ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་དེ་ནི་ཐམས་ཅད་ཀྱི་གནས་དང་གཞལ་ཡས་ཁང་དང་བདེ་བ་ཆེན་པོར་གྱུར་པ་ཡིན་ཏེ། དེའི་བྱིན་གྱི་བརླབས་ཀྱིས། གནས་དང་གཞལ་ཡས་ཁང་བདེ་བ་ཆེན་པོའི་དབང་དང་ལྡན་པར་གྱུར་ཅིག ཟ །ཟ་ནི་སྐྱེ་མེད་ཆོས་ལ་འཕགས། །ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་དེ་ནི་ཆོས་ཐམས་ཅད་རྒྱུ་རྐྱེན་ལས་མ་སྐྱེས་པ་ཡིན་ཏེ། དེའི་བྱིན་གྱི་བརླབས་ཀྱིས། ཆོས་ཉིད་གསལ་བའི་ཡེ་ཤེས་ཀྱིས་ཉོན་མོངས་པ་མ་རིག་པའི་མུན་པ་སེལ་བའི་དབང་དང་ལྡན་པར་གྱུར་ཅིག འ །འ་ནི་གོམས་པའི་ཚོགས་ལ་བརྩོན། །ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོའི་ངང་དུ་བརྩོན་པ་ཡིན་ཏེ། དེའི་བྱིན་གྱི་བརླབས་ཀྱིས། གསུང་གི་ཚོགས་རང་བཞིན་མེད་པར་སྒྲ་སྒྲོགས་པ་ལ་གོམས་པའི་དབང་དང་ལྡན་པར་གྱུར་ཅིག ཡ །ཡ་ནི་ཐར་བྱེད་ཕོ་ཉའི་བདག །ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་དེ་ལས་གཟུགས་སྐུ་རྣམ་པ་གཉིས་ཀྱིས་ཕོ་ཉ་བྱུང་ནས་འགྲོ་བ་སེམས་ཅན་གྱི་དོན་བྱེད་པ་ཡིན་ཏེ། དེའི་བྱིན་གྱི་བརླབས་ཀྱིས། ཆོས་ཀྱི་སྐུ་ལས་སྤྲུལ་པའི་སྐུ་འབྱུང་ནས་འགྲོ་བ་སེམས་ཅན་གྱི་དོན་བྱེད་པའི་དབང་དང་ལྡན་པར་གྱུར་ཅིག ར །ར་ནི་སྤྱོད་བྱེད་ཡུལ་ལ་དབང་། །ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་དེ་ནི་ཡེ་ཤེས་ཀྱི་སྤྱད་པར་བྱ་བའི་ཡུལ་ཡིན་ཏེ། དེའི་བྱིན་གྱི་བརླབས་ཀྱིས། ཆོས་ཀྱི་ཡེ་ཤེས་ཀྱི་སྤྱོད་པའི་དབང་དང་ལྡན་པར་གྱུར་ཅིག ལ །ལ་ནི་མཉམ་ཉིད་སྤྲུལ་པའི་སྐུ། །ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་མཉམ་པ་ཉིད་ལ་ཡེ་ཤེས་སྤྲུལ་པའི་སྐུ་བྱུང་ནས་སེམས་ཅན་གྱི་དོན་བྱེད་པ་ཡིན་ཏེ། དེའི་བྱིན་གྱི་རླབས་ཀྱིས། ཆོས་ཉིད་མཉམ་པ་ཉིད་ལས་ཡེ་ཤེས་སྤྲུལ་པའི་སྐུར་བྱུང་ནས་འགྲོ་བ་སེམས་ཅན་གྱི་དོན་བྱེད་པའི་དབང་དང་ལྡན་པར་གྱུར་ཅིག ཤ །ཤ་ནི་སྣང་བྱེད་མཁའ་ལ་ཤར། །ཅེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོའི་མཁའ་ལས་ཡེ་ཤེས་ཀྱི་བྱེ་བྲག་ཇི་སྙེད་ཅིག་ཤར་ནས་འགྲོ་བ་སེམས་ཅན་གྱི་དོན་བྱེད་པ་ཡིན་ཏེ། དེའི་བྱིན་གྱི་བརླབས་ཀྱིས་ཆོས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་བྱེ་བྲག་ཤར་ནས་སེམས་ཅན་གྱི་དོན་བྱེད་པའི་དབང་དང་ལྡན་པར་གྱུར་ཅིག ས །ས་ནི་འཁོར་ལོའི་རང་བཞིན་ཏེ། །ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོ་དེ་ལས་ཆོས་ཀྱི་འཁོར་ལོ་ལ་སོགས་པ་སྣ་ཚོགས་བྱུང་ནས་འགྲོ་བ་སེམས་ཅན་གྱི་དོན་བྱེད་པ་ཡིན་ཏེ། དེའི་བྱིན་གྱི་རླབས་ཀྱིས། ཐུགས་ཕྱག་མཚན་སྣ་ཚོགས་བྱུང་ནས་འགྲོ་བ་སེམས་ཅན་གྱི་དོན་བྱེད་པའི་དབང་དང་ལྡན་པར་གྱུར་ཅིག ཧ །ཧ་ནི་ཐབས་ཀྱི་མཁའ་དབྱིངས་ནས་བྱོན། །ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོའི་དབྱིངས་ནས་ཐབས་མཁས་པའི་མཛད་སྤྱོད་བསམ་གྱིས་མི་ཁྱབ་པས་འགྲོ་བ་སེམས་ཅན་གྱི་དོན་མཐར་ཕྱིན་པ་ཡིན་ཏེ། དེའི་བྱིན་གྱི་བརླབས་ཀྱིས། ཆོས་ཀྱི་སྐུས་འགྲོ་བའི་དོན་བྱེད་པའི་དབང་དང་ལྡན་པར་གྱུར་ཅིག ཨ །ཨ་ནི་སྐྱེ་མེད་ཆོས་ཀྱི་དབྱིངས། །ཞེས་འབྱུང་སྟེ། དུས་གསུམ་དུ་ཆོས་ཀྱི་སྐུ་བདེ་བ་ཆེན་པོའི་ཆོས་ཀྱི་དབྱིངས་རྒྱུ་རྐྱེན་དང་བྲལ་བའི་དབྱིངས་ནས་འགྲོ་བའི་དོན་མ་འགགས་པར་ཤར་ནས་སེམས་ཅན་གྱི་དོན་མཐར་ཕྱིན་པ་ཡིན་ཏེ། དེའི་བྱིན་གྱི་བརླབས་ཀྱིས། ཆོས་ཀྱི་སྐུས་འགྲོ་བ་སེམས་ཅན་གྱི་དོན་བྱེད་པའི་དབང་དང་ལྡན་པར་གྱུར་ཅིག །ཕྱི་མཚམས་ལ་སྒོ་རྒྱལ་ཆེན་དང་དབུས་རྣམ་སྣང་གི་ཙ་ཀའི་འདོད་གསོལ་ནི། ༀ་སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་རྣམ་དག་རྡོ་རྗེའི་སྐུ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད། །ཕྱག་འཚལ་རྣམ་པར་སྣང་མཛད་ལའོ། །དེ་ཡི་དབང་མཆོག་སྦྱིན་པར་བྱ། །ཨ་བྷི་ཥིཉྩ་ཧཱུཾ། དཔལ་ལྡན་རྒྱལ་པོ་ཡུལ་འཁོར་སྲུང་། །ཕྱག་མཚན་རིན་ཆེན་པི་ཝཾ་བསྣམས། །དྲི་ཟ་བསྣོལ་བའི་ཁྲི་ལ་བཞུགས། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། ༀ་ཏྲི་ཏ་ར་ཙ་ཡེ་སྭཱ་ཧཱ། དཔལ་ལྡན་རྒྱལ་པོ་འཕགས་སྐྱེས་པོ། །ཕྱག་མཚན་རལ་གྲི་འབར་བ་བསྣམས། །གཤིན་རྗེ་བསྣོལ་བའི་ཁྲི་ལ་བཞུགས། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། ༀ་བྷེ་ཏུ་ཏ་ཀ་ཡེ་སྭཱ་ཧཱ། དཔལ་ལྡན་རྒྱལ་པོ་སྤྱན་མི་བཟང་། །ཕྱག་མཚན་རི་རབ་མཆོད་རྟེན་བསྣམས། །ཀླུ་རྣམས་བསྣོལ་བའི་ཁྲི་ལ་བཞུགས། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། ༀ་བྷེ་ཏུ་བྷག་ཀྵ་ཡེ་སྭཱ་ཧཱ། དཔལ་ལྡན་རྒྱལ་པོ་རྣམ་ཐོས་སྲས། །ཕྱག་མཚན་རིན་ཆེན་བེ་ཅོན་འཛིན། །གནོད་སྦྱིན་བསྣོལ་བའི་ཁྲི་ལ་བཞུགས། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། ༀ་བྷེ་ཤྲཱ་མ་ཎ་ཡེ་སྭཱ་ཧཱ། སྐབས་འདིའམ་བར་དུ། རེས་འགའ་སྔོན་དུ་འགྲོ་བ་ཚོགས་མ་བུའི་དཀྱིལ་འཁོར་བདུན་མཛད། རེས་མི་བྱེད། ཐེག་པ་ཆེན་པོའི་ཕྱོགས་བཅུའི་སངས་རྒྱས་ལ་སྐྱབས་འགྲོའང་བྱེད། ཕྱི་མཚམས་ལ་ཕྱོགས་སྐྱོང་བཅུ་དང་རྒྱལ་ཆེན་བཞི་ཀ་བཀོད། དཀྱིལ་འཁོར་བདུན་གྱི་རྣམ་གྲངས་ལ། བསོད་ནམས་རྣལ་འབྱོར་སྦྱིན་གྱི་དཀྱིལ་འཁོར་དང་གཅིག །འབར་བ་མཚམས་ཀྱི་དཀྱིལ་འཁོར་དང་གཉིས། ཕྲིན་ལས་མཚམས་སྦྱོར་གྱི་དཀྱིལ་འཁོར་དང་གསུམ། རྩ་བ་ཞི་ཁྲོ་ལས་ཀྱི་དཀྱིལ་འཁོར་དང་བཞི། གཞུང་མཐུན་མཆོད་པའི་དཀྱིལ་འཁོར་དང་ལྔ། ལོངས་སྤྱོད་ཚོགས་ཀྱི་དཀྱིལ་འཁོར་དང་དྲུག །ལྷག་མ་མཇུག་སྡུད་ཀྱི་དཀྱིལ་འཁོར་དང་བདུན་ནོ། །གཙོ་བོ་རྣམས་སྣང་རྡོར་སེམས་ཕྱག་རྡོར་སོགས་སྐབས་སྦྱར་སྔོན་འགྲོ་མཚམས་ཨི་ཐི། ལྷ་མིའི་ཐེག་པའི་ལྷ་དབང་ནི། །རྒྱ་ཆེ་རོལ་པར་རྒྱལ་བུ་ཉིད། །ལྷ་ཁང་བྱོན་པའི་སྐབས་དང་སྦྱར། །སངས་རྒྱས་རྣམས་ནི་ལྷས་ཕྱག་འབུལ། །སེམས་ཅན་ཀུན་གྱིས་ལྷ་མཆོད་འོས། །ཁམས་གསུམ་ལྷས་སྐྱབས་དཔལ་འབྱོར་ཐོབ། ༈ །ༀ་སྭ་སྟི། མཆོད་འོས་རྣམས་ཀྱིས་མཆོད་གནས་དམ་པ་ལྷའི་ལྷ་མཆོག་དེ་ལ་ཕྱག་འཚལ་ལོ། །ལྷ་མིའི་གཙོ་བོ་འོག་མིན་དུ་དབང་ཕྱུག་ཆེན་པོ་ན་ལོངས་སྤྱོད་རྫོགས་པ་སྐུ་མདོག་དཀར་པོ། རྣམ་པར་སྣང་མཛད་ཀུན་རིག་སྟོན་པ། བྱང་ཆུབ་མཆོག་གི་ཕྱག་རྒྱའམ་ཆོས་འཆད་མཛད་པས་སེམས་ཅན་ཐམས་ཅད་ངན་སོང་དང་ངན་འགྲོ་སྦྱོང་ཞིང་མངོན་ཤེས་དུས་གསུམ་ད་ལྟར་གསལ་བ། རྫུ་འཕྲུལ་དང་བཅས་པ་སྟེར་བ། དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། བདེན༴ རིགས༴ ཕྱོགས་དུས་ཀུན་ཏུ་མིའི་ཁྱུ་མཆོག་མངོན་པར་དགའ་བའི་ཞིང་ཁམས་ན། སྤྲུལ་པའི་སྐུ་སངས་རྒྱས་མི་བསྐྱོད་པའམ་མི་འཁྲུགས་པ་དེ་སྐུ་མདོག་མཐིང་ཁ་གཡོན་རྡོ་རྗེ་མཉམ་བཞག་དང་། གཡས་ཀྱི་ཕྱག་ས་གནོན་མཛད་པར་བསྟན་པ། སྐུའི་གཟུགས་བརྙན་དང་། གསུང་གི་རྟེན་མཐོང་བའམ། ཐོས་པའམ། དྲན་པ་ཐམས་ཅད་ཀྱིས་མི་ངས་དང་སྡིག་སྒྲིབ་དང་ངན་འགྲོ་ཐམས་ཅད་སེལ་ཅིང་མཐོ་རིས་ཐར་པ་ཐོབ་པར་བཀའ་སྩལ་པར་མཛད་པ། དེ་ཡི་དབང་མཆོག་ཐོབ་པར་ཤོག །བདེན༴ རིགས༴ སྟེང་གི་ལྷ་རྒྱལ་བ་ཤཱཀྱ་ཐུབ་པ། སྐུ་མདོག་སེར་པོ། ས་གནོན་མཉམ་བཞག་ལྷུང་བཟེད་གང་བ་ཅན་ཡིན་ཏེ། དེ་ཉིད་ཀྱིས་སྔོན་སྦྱིན་པའི་བསོད་ནམས་ཐོབ་པ་ལས་བསྔོས་ཏེ། ཉིད་མངོན་པར་རྫོགས་པ་སངས་རྒྱས་ཀྱི་ས་བརྙེས་པ་ན། ཉིད་ཀྱིས་འཁོར་རྣམས་འཚོ་བས་མི་བྲེལ་བས་སྨོན་ལམ་འགྲུབ་པའི་བྱིན་རླབས་ཀྱིས་སྟོང་ལ་བསྙེན་གནས་སྲུངས་པས། ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་མུ་གེའི་བསྐལ་པ་ནས་ཐར་བར་གྱུར་ཅིག ༈ །བདེན༴ རིགས༴ ཉའི་ལྷ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཕྱག་གཉིས་མཉམ་བཞག་ཚེ་བུམ་གང་བ་ཁ་རྒྱན་ཅན་ཡིན་ཏེ། དེ་ཉིད་ཀྱིས་སྔོན་ཐོས་བསམ་བསྒོམས་པའི་ཤེས་རབ་ཀྱིས་བསོད་ནམས་ཐོབ་པ་ལ་བསྔོས་ཏེ། དེ་ཉིད་མངོན་པར་སངས་རྒྱས་ཀྱི་ས་བརྙེས་པ་ན་ཉིད་ཀྱི་འཁོར་རྣམས་ཀྱིས་ཞིང་ཁམས་བདེ་བ་ཅན་དུ་ཕྱིར་མི་བཟློག་པའི་འཕགས་པ་ཐོབ་པར་སྨོན་ལམ་གྲུབ་པའི་བྱིན་རླབས་ཀྱིས་ཉ་ལ་བསྙེན་གནས་བགྱིས་པས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་མཚོན་གྱི་བསྐལ་པ་ནས་ཐར་བར་གྱུར་ཅིག ༈ །བདེན༴ རིགས༴ ཚེས་བརྒྱད་སྨན་གྱི་ལྷ་བཻ་ཌཱུརྱ་སྐུ་མདོག་མཐིང་ཁ་གཡས་མཆོག་སྦྱིན་ཨ་རུ་ར། གཡོན་མཉམ་བཞག་གི་སྟེང་དུ་བདུད་རྩི་ལྷུང་བཟེད་ཅན་ཡིན་ཏེ། དེའི་སྔོན་གྱི་སྨོན་ལམ་ཆེན་པོའི་མཐུ་ལས་གང་གིས་དེའི་མཚན་ལན་བདུན་བརྗོད་ཅིང་། ཕྱག་འཚལ་བསྐོར་བ་དང་བསྙེན་གནས་བགྱིས་པས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ། རྨི་ལམ་མཚན་མ་རྩུབ་པ་དང་མི་ངས་དང་ཐེ་ཚོམ་ཡིད་གཉིས་དང་ནད་ཀྱིས་བསྐལ་པ་ལས་ཐར་བར་གྱུར་ཅིག ༈ བདེན༴ རིགས༴ ཉིན་བྱེད་ཤར་བ་ཤར་གྱི་ཕྱོགས། ཤར་ཕྱོགས་མཐའ་ཡས་ཀྱི་ཐུབ་པའི་ཆོས་དང་ཆོས་ལྡན་གང་ཟག་སྐྱོང་བར་འཛམ་བུའི་གླིང་དུ་མངའ་གསོལ་བ། དཀར་པོ་པི་ཝཾ་སྒྲོག་པ་ལྷའི་རྒྱལ་པོ་ཡུལ་འཁོར་བསྲུང་འཁོར་བཅས་དེའི་དབང་མཆོག་ཐོབ་པར་ཤོག །བདེན༴ རིགས༴ ཉིན་བྱེད་འཕེལ་བ་ལྷོ་ཡི་ཕྱོགས། །ལྷོ་ཕྱོགས་མཐའ་ཡས་ཀྱི་ཐུབ་པའི་ཆོས་དང་ཆོས་ལྡན་དང་གང་ཟག་སྐྱོང་བར་འཛམ་བུའི་གླིང་དུ་མངའ་གསོལ་བ། སྔོན་པོ་རལ་གྲི་འཛིན་པ། གྲུལ་བུམ་གྱི་རྒྱལ་པོ་འཕགས་སྐྱེས་པ་འཁོར་བཅས་དེའི་དབང་མཆོག་ཐོབ་པར་ཤོག ༈ །བདེན༴ རིགས༴ ཉིན་བྱེད་བགྲོད་པ་ནུབ་ཀྱི་ཕྱོགས། །ནུབ་ཕྱོགས་མཐའ་ཡས་ཀྱི་ཐུབ་པའི་ཆོས་དང་ཆོས་ལྡན་དང་གང་ཟག་སྐྱོང་བར་འཛམ་བུའི་གླིང་དུ་མངའ་གསོལ་བ། དམར་པོ་མཆོད་རྟེན་སྦྲུལ་ཞགས་ཅན། །ཀླུའི་རྒྱལ་པོ་མིག་ངན་པོ་འཁོར་བཅས་དེའི་དབང་མཆོག་ཐོབ་པར་ཤོག ༈ བདེན༴ རིགས༴ དབུས་ན་ལྷུན་པོར་ཉི་མ་བྱང་། །བྱང་ཕྱོགས་མཐའ་ཡས་ཀྱི་ཐུབ་པའི་ཆོས་དང་ཆོས་ལྡན་དང་གང་ཟག་སྐྱོང་བར་འཛམ་བུའིི་གླིང་དུ་མངའ་གསོལ་བ། གསེར་ལྗང་རྒྱལ་མཚན་དང་ནེའུ་ལེ་ཅན། གནོད་སྦྱིན་གྱི་རྒྱལ་པོ་རྣམ་པས་མང་ཐོས་ཀྱི་བུ་འཁོར་བཅས་དེའི་དབང་མཆོག་ཐོབ་པར་ཤོག ༈ །བདེན༴ རིགས༴ ཤར་ཕྱོགས་ལྷའི་དབང་པོ་བརྒྱ་བྱིན་སྐུ་མདོག་དཀར་པོ་ཕྱག་གཡས་པ་ནོར་བུ་རིན་པོ་ཆེ་བསྣམས་ནས་མཆོད་སྦྱིན་བརྒྱ་གཏོང་བ་ཐུགས་ལ་ཡེ་ཤེས་མངའ་བའི་རྟགས་སུ། གཡོན་རྡོ་རྗེ་གདེངས་པས་འགྲོ་བའི་དོན་མཛད་པ་དེའི་དབང་མཆོག་ཐོབ་པར་ཤོག །བཙུན་མོ་ཀོའུ་རྒྱུད་མང་བསྣམས་པ་འགྲོ་བ་སེམས་ཅན་ཐམས་ཅད་ལ་བདེ་བ་སྟེར་བར་མཛད་པ་དེའི་དབང་མཆོག་ཐོབ་པར་ཤོག །ཡུམ་དུ་ཤེས་རབ་ཕར་ཕྱིན་ལ། །ཕྱག་འཚལ་དེ་ནི་ཀུན་མཁྱེན་གྱིས། །ཡེ་ཤེས་ལ་ནི་ཕྱག་འཚལ་གཅེས། །ཀོ་འུ་ཤི་ཀ་ལ་བཀའ་སྩལ། །ཚངས་པ་སྐུ་སྟེ་ཁྱབ་འཇུག་གསུང་། །དབང་ཕྱུག་ཐུགས་གཅེས་འདོད་པ་བཀོད། །དེ་རེའང་ཡུམ་མངག་ཕོ་ཉ་རྩེའོ། །རྒྱལ་ཆེན་བཅས་པས་མཐོ་རིས་བསྡུས། །རྒྱལ་མཆོག་ལྔ་པོ་གཅིག་ལའང་བསྐོར། །སྙིང་པོ་དུར་རྒ་ཀ་ནིར་བསྡུས། ༈ བདེན༴ རིགས༴ ཤར་གྱི་གླིང་གི་གཡས་ཕྱོགས་ན། བརྒྱ་བྱིན་གྱི་མངག་གཞུགས་པ། འགྲོ་བ་ཀུན་གྱི་ཡིད་དུ་འོང་བའི་ལྷ་ཀུན་ཏུ་སྣང་བ་སྐུ་མདོག་ལྗང་ཁུ་ཕྱག་གཡས་ན་རལ་གྲི་བསྣམས་ནས། འགྲོ་བ་ཀུན་གྱི་ཉོན་མོངས་པའི་དྲྭ་བ་གཅོད་པ། དེའི་དབང་མཆོག་སྦྱིན་པར་བྱའོ། །ཨ་བྷི་ཥིཉྩ་ཧཱུཾ། ལྷ་ཆེན་འདི་རྣམས་གཙོ་བོ་རི་རབ་ལ་རྒྱབ་གཏད་པའི་གཡས་དང་། གཙོ་བོ་སངས་རྒྱས་འཁོར་ལ་གཟིགས་པའི་གཡས་ཏེ་འདི་ཤར་ལྷོའོ། ༈ །བདེན༴ རིགས༴ ཤར་གྱི་གླིང་གིས་གཡོན་ཕྱོགས་ན་བརྒྱ་བྱིན་གྱི་ཕོ་ཉ་རབ་ཏུ་མྱུར་བའི་ཤུགས་ཅན། སྐུ་མདོག་སྔོན་མོ་ཕྱག་གཡས་ན་མདུང་རྩེ་གསུམ་པ་བསྣམས་པ། ངན་སོང་གསུམ་གྱི་སྡུག་བསྔལ་ལས་གྲོལ་བ། དེའི་དབང་མཆོག་སྦྱིན་པར་བྱའོ། །ཨ་བྷི་ཥིཉྩ་ཧཱུཾ། ༈ བདེན༴ རིགས༴ ལྷོ་ཕྱོགས་འཛམ་བུའི་གླིང་ན་ལྷ་ཚངས་པ་སྐུ་མདོག་སེར་པོ་འདོད་ཁམས་ཀྱི་ཉོན་མོངས་པའི་ཚ་བའི་སྡུག་བསྔལ་དང་བྲལ་ཞིང་། འཁོར་བ་གྱོད་འཁྲིན་དང་འདྲ་བའི་སྐྱོན་གྱིས་མ་གོས་པས། ཚངས་པ་འགུ་དྷེ་སྤྱི་བླུགས་གཡས་ཀྱི་ཕྱག་གིས་བསྣམས་པ། བཙུན་མོ་ཚངས་མ་ཕྱག་གཡོན་འགུ་དྷེ་བསྣམས་པ་དེའི་དབང་མཆོག་སྦྱིན་པར་བྱ། ཨ་བྷི་ཥིཉྩ་ཧཱུཾ། ལྷོ་ཡི་གླིང་གི་གཡོན་ཕྱོགས་ན་ལྷ་ཚངས་པའི་མངག་གཞུག་བྱེད་པ། འགྲོ་བའི་ཡིད་དུ་འོང་བས་སྐུ་མདོག་ལྗང་སྔོན་ཕྱག་གཡས་པས་རལ་གྲི་བསྣམས་པས་ཉོན་མོངས་པའི་དྲ་བ་གཅོད་པ། གཡོན་སྡིགས་མཛུབ་བགེགས་ལ་སྟོན་པ་དེའི་དབང་མཆོག་སྦྱིན་པར་བྱའོ། །ཨ་བྷི་ཥིཉྩ་ཧཱུཾ། ལྷོའི་གླིང་གི་གཡོན་ཕྱོགས་ན། ལྷ་ཚངས་པའི་ཕོ་ཉ་མངག་པ་ཡིན་ཏེ། སྐུ་མདོག་དམར་པོ་གཡས་ན་པད་མ་དཀར་པོ་བསྣམས་པ་འགྲོ་བའི་ཉོན་མོངས་སེལ་བ། དེའི་དབང་མཆོག་སྦྱིན་པར་བྱའོ། །ཨ་བྷི་ཥིཉྩ་ཧཱུཾ། ནུབ་ཕྱོགས་ན་ལྷ་ཁྱབ་འཇུག །ཐུགས་ཀྱིས་ཀུན་ཏུ་ཁྱབ་པ་ཕྲིན་ལས་ཀྱིས་ཀུན་ཏུ་ཁྱབ་པས་ནའང་ཁྱབ་འཇུག །སྐུ་མདོག་མཐིང་ཁ་ཕྱག་ན་འཁོར་ལོ་བསྣམས་པ། བཙུན་མོ་དཔལ་ལྷ་མོ་ཕྱག་ན་གསལ་ཤིང་བསྣམས་པ་དེའི་དབང་མཆོག་སྦྱིན་པར་བྱའོ། །ཨ་བྷི་ཥིཉྩ་ཧཱུཾ། ནུབ་ཀྱི་གླིང་གི་གཡས་ཕྱོགས་ན་ལྷ་ཁྱབ་འཇུག་གི་མངག་གཞུགས་པ་རྡོ་རྗེ་བདེ་བ་སྐུ་མདོག་དཀར་ལྗང་དུ་བཞུགས་པ་ཕྱག་གཡས་ན་ཉོན་མོངས་པ་གཅོད་པའི་མཆེ་བ་བསྣམས་པ། དེའི་དབང་མཆོག་སྦྱིན་པར་བྱའོ། །ཨ་བྷི་ཥིཉྩ་ཧཱུཾ། ནུབ་ཀྱི་གླིང་གི་གཡོན་ཕྱོགས་ན། ཕོ་ཉ་རྡོ་རྗེ་དེད་དཔོན་སྐུ་མདོག་ལྗང་སེར་ཕྱག་གཡས་ན་འཁོར་ལོ་བསྣམས་པ་འགྲོ་བ་སེམས་ཅན་རྣམས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། དེའི་དབང་མཆོག་བསྐུར་བར་བྱའོ། །ཨ་བྷི་ཥིཉྩ་ཧཱུཾ། བྱང་ཕྱོགས་ན་ལྷ་དབང་ཕྱུག་ཆེན་པོ་སྐུ་མདོག་དམར་པོ་ལྷ་ཡི་རྒྱལ་པོ་ཡིན་པའི་ཕྱིར་ན་དབང་ཕྱུག །གཡས་ན་དྲི་ཤུལ་རྩེ་གསུམ་དུག་གསུམ་ཐམས་ཅད་འཇོམས་པར་བྱེད་པ། བཙུན་མོ་དཀའ་ཐུབ་བཟློག་པའི་རྒྱལ་མོ་ཕྱག་ན་པདྨ་ཁ་ཕྱེ་བ་བསྣམས་པ་དེའི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུཾ། བྱང་གི་གླིང་གི་གཡས་ཕྱོགས་ན་ལྷ་དབང་ཕྱུག་ཆེན་པོའི་མངག་གཞུགས་པ། དེད་དཔོན་ནག་པོ་མདུང་ཐོགས་པས། འགྲོ་བ་ེསམས་ཅན་སྡུག་བསྔལ་ལས་སྒྲོལ་བར་བསྐུལ་བ་དེའི་དབང་མཆོག་སྦྱིན་པར་བྱའོ། །ཨ་བྷི་ཥིཉྩ་ཧཱུཾ། བྱང་གི་གླིང་གི་གཡོན་ཕྱོགས་ན་ལྷ་དབང་ཕྱུག་ཆེན་པོའི་ཕོ་ཉ་རྣམ་པ་དྲང་སྲོང་ཁྲོས་པའི་ཆ་ལུགས་ཅན་སྐུ་མདོག་དཀར་པོ་ཕྱག་གཡས་གཡོན་མདའ་གཞུ་འགེངས་པས་འགྲོ་བ་སེམས་ཅན་ཀུན་ལ་རྣམ་པར་སྣང་བ་དེའི་དབང་ཐོབ་ཤོག །སྦྱིན་པར་བྱའོ། །ཨ་བྷི་ཥིཉྩ་ཧཱུཾ། ལྷ་མིའི་ཐེབ་བུམ་བཀྲ་ཤིས་ནི། ཡོན་ཏན་ཀུན་ལྡན་བྱང་ཆུབ་སེམས་དཔའི་རིགས། །བཅོམ་ལྡན་རྗེས་དྲན་སྨོན་ལམ་གྲུབ་པའི་མཆོག །དྲི་མ་ཀུན་འཁྲུ་ལེགས་པ་མཐར་ཕྱིན་པའི། །སྐུ་ཚེ་རིང་བའི་དབང་གིས་བཀྲ་ཤིས་ཤོག །ལྷ་མིའི་ཐེག་པ་རྫོགས་སོ། །གཙོ་བོ་ལྔ་ལ་དལ་ལྔ་འམ། །གཅིག་ལ་འཁོར་དང་རྫས་མཐུན་ཏོ། །ཉན་ཐོས་ཀྱི་ཐེག་པའི་རྫས་དབང་ཁ་བསྐང་ཕྱི་དབང་ལྟར། ཁྲུས་བུམ་ལ་དཀོན་མཆོག་གསུམ་གྱི་རྫས་སུ་བརླབས་ཏེ་སྙིང་པོ་མུ་ནེ་བརྗོད་དཀོན་མཆོག་གསུམ་དྲན་པས་ཁྲུས་བྱ་སྟེ་འདི་སྐད་དུ། བདེན༴ རིགས༴ བུམ་པའི་ཆུའི་རྫས་འདིས་དབང་བསྐུར་བས། སློབ་མ་འདིའི་ཉོན་མོངས་པའི་བག་ཆགས་ཀྱི་དྲི་མ་དག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །མིང་གིས་དབང་བསྐུར་བས་ཤེས་བྱ་ཡེ་ཤེས་ལ་མ་རྨོངས་པས་དབང་གཞོན་ནུ་དོན་འགྲུབ་དང་འཕགས་པ་དང་རྒྱལ་བ་ཤཱཀྱ་ཐུབ་པའི་གོ་འཕང་གི་དབང་ཐོབ་པར་གྱུར་ཅིག །ཤིང་རྟ་ལ་སོགས་པའི་འཁོར་ལོ་བསྒྱུར་བའི་དབང་པོས་དབང་བསྐུར་བས་འཛམ་བུ་གླིང་བཞི་ལ་དབང་བསྒྱུར་ཞིང་། སྐྱེ་རྒས་ན་འཆི་མི་རྟག་པའི་སྡུག་བསྔལ་ལ་སུན་ཕྱུང་བར་གྱུར་ཅིག །ཆིབས་འདིས་དབང་བསྐུར་བས་རབ་ཏུ་བྱུང་ཞིང་ཉོན་མོངས་པ་ལས་གྲོལ་བའི་དབང་ཐོབ་པར་གྱུར་ཅིག །བཤན་རལ་གྲིས་དབང་བསྐུར་བས་ཉོན་མོངས་པའི་སྒྲིབ་པའི་དྲ་བ་གཅོད་པའི་དབང་ཐོབ་པར་གྱུར་ཅིག །བཅོམ་ལྡན་འདས་ཀྱི་གསེག་སྤར་རྫས་ཀྱིས་དབང་བསྐུར་བས་བདག་དང་འགྲོ་བའི་དོན་མཐར་ཕྱིན་པ་རྫོགས་པའི་དབང་ཐོབ་པར་གྱུར་ཅིག །བཅོམ་ལྡན་འདས་ཀྱི་ན་བཟའ་ངུར་སྨྲིག་གི་རྫས་འདིས་དབང་བསྐུར་བས་ཉོན་མོངས་པའི་འཁོར་བ་ལས་སྐྱོབས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཀྲ་ཤིས་པའི་སྦྲང་རྩི་འདིས་དབང་བསྐུར་བས་འབྲས་བུ་ཕུན་སུམ་ཚོགས་པའི་བཀྲ་ཤིས་པའི་མཆོག་དང་ལྡན་པར་གྱུར་ཅིག །འོ་ཐུག་འབྲས་ཆན་གྱི་དབང་བསྐུར་བས་མཚན་དང་དཔེ་བྱེད་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རྩྭའི་གདིང་བའི་རྫས་འདིས་དབང་བསྐུར་བས་བཀྲ་ཤིས་ཐོབ་པ་དང་བར་ཆད་ཀྱིས་མི་ཚུགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཇི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་པ་ཤཱཀྱའི་རྒྱལ་པོ་ཤཱཀྱའི་གཙོ་བོ་དེ་རབ་ཏུ་བྱུང་བའི་ན་བཟའ་ངུར་སྨྲིག་གི་ཆོས་གོས་འདི་མཁན་པོ་ང ས་ཁྱོད་ལ་བཀོན་གྱིས། ཁྱོད་ཀྱིས་འདི་ཕངས་ཞིང་བརྩེས་པའི་ཚད་ནི་མིག་གི་འབྲས་བུ་ལྟར་གྱིས་ལ། མི་འབྲལ་བའི་ཚད་ནི་ཤ་དང་རུས་པ་ལྟར་གྱིས་ལ་གོན་ཅིག །ཁྱོད་ཀྱིས་གོས་ཀྱིས་བྱ་བ་གྱིས་ལ་བག་ཡོད་པར་སྤྱོད་ཅིག །བྱས་ལ་ཕྲག་པ་གཡོན་པ་ལ་བཀལ་ལ་བསྐུར་རོ། །བདེན་པ་བརྗོད་ལ། བཅོམ་ལྡན་འདས་ཀྱི་ན་བཟའ་ངུར་སྨྲིག་གི་རྒྱལ་མཚན་འདིས་ཚེ་དང་ལྡན་པ་རྣམས་ལ་དབང་བསྐུར་བས་ཚེ་རབས་ཐམས་ཅད་དུ་ངོ་ཚ་འཁྲེལ་འཛེམ་གྱི་གོས་གོན་ཏེ་ཚུལ་ཁྲིམས་རྣམ་པར་དག་པ་དང་ལྡན་པའི་དབང་ཐོབ་ནད་ཀྱི་བསྐལ་པ་ལས་ཐར་བར་གྱུར་ཅིག །དགེ་སློང་མིང་འདི་ཞེས་བགྱི་བ་ཡི། ལྷུང་བཟེད་འདི་མི་ཆེའམ། མི་ཆུང་ངམ། རན་ནམ། མཛེས་སམ། མ་ཆག་གམ། མ་གས་སམ། མི་སྐྱའམ་ཞེས་གསུང་པ་དང་། མཁན་སློབ་དཔའ་བོ་རྣམས་ཀྱིས། མི་ཆེ། མི་ཆུང་། རན། བཟང་ཞེས་བགྱི། ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་པ་དེའི་ཞལ་ཟས་ཀྱི་བྱ་བ་བྱེད་པའི་ལྷུང་བཟེད་འདིས། ད་ལྟར་དགེ་སློང་ཁྱོད་ལ་དབང་བསྐུར་གྱིས། ཁྱེད་ཀྱི་ཞལ་ཟས་ཀྱི་བྱ་བ་གྱིས་ལ་འདི་ཟས་ཀྱི་འགེངས་པ་བཞིན་དུ་ཁྱེད་ཀྱི་རྒྱུད་ཡོན་ཏན་གྱི་ཆོས་ཀྱིས་གང་བར་གྱིས་ཤིག །ཅེས་གསེག་ཤང་གཡས་སུ་གཏད། ལྷུང་བཟེད་གཡོན་དུ་གཏད་དོ། །བདེན་པ། བཅོམ་ལྡན་འདས་ཀྱི་མཁར་སིལ་དང་ལྷུང་བཟེད་ཀྱིས་དབང་བསྐུར་བས་མཚོན་དང་མུ་གེའི་བསྐལ་པ་ལས་ཐར་བར་གྱུར་ཅིག །ན་མོ་དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་བདེན་པ་ཆེན་པོའི་བྱིན་གྱི་བརླབས་ཀྱིས་འགྲོ་བའི་གཙོ་བོ་སྐྱེ་དགུ་བླ་མ་ཐུབ་པ་ཆེན་པོའི་དབང་བསྐུར་བས་སྐལ་ལྡན་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་རྣམས་ཚེ་རབས་ཀུན་ཏུ་བྱང་ཆུབ་ཆེན་པོའི་སངས་རྒྱས་མཐོང་བ་དང་མི་འབྲལ་བ་དང་། དེས་དམ་པའི་ཆོས་ཐོས་པ་དང་མི་འབྲལ་བ་དང་། དེས་འཕགས་པའི་དགེ་འདུན་དང་འགྲོགས་པ་དང་མི་འབྲལ་བར་གྱུར་ཅིག །ༀ་སརྦ་པ་ནི་ས་ཏཾ། ཨ་བྷི་ཥིཉྩ་ཧཱུཾ། བཅོམ་ལྡན་གཙོ་བོས་དབང་བསྐུར་བས། །འཁོར་བའི་སྡུག་བསྔལ་གྲོལ་བར་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། གཙོ་འཁོར་གསུམ་གྱིས་དབང་བསྐུར་བས། །ཤེས་རབ་ཅན་དང་རྫུ་འཕྲུལ་བཅས། །དོན་དམ་ཀུན་རྫོབ་འཕགས་སྐྱེ་བོ། །འཁོར་བའི་སྡུག་བསྔལ་གྲོལ་བར་ཤོག །དུས་གསུམ་སངས་རྒྱས་ཇི་ལྟ་ཇི་སྙེད་ཀྱི། །འདས་དང་མ་བྱོན་ད་ལྟར་སངས་རྒྱས་ནི། །རྒྱལ་བ་འཁོར་བཅས་རྣམས་ཀྱིས་དབང་བསྐུར་བས། །འཁོར་བའི་སྡུག་བསྔལ་གྲོལ་བར་ཤོག །སྔགས་དང་བདེན་པ་འགྲེའོ། །དགེ་བསྙེན་ཕོ་མོ་དགེ་སློང་ཕོ་མོ་ཡི། །སྡུག་བསྔལ་བདེན་པ་ཉེར་ལེན་ཕུང་པོ་དང་། །ཀུན་འབྱུང་བདེན་པ་ལས་དང་ཉོན་མོངས་དང་། །འགོག་པའི་བདེན་པ་སྡུག་བསྔལ་ཞི་བ་དང་། །ལམ་གྱི་བདེན་པ་གང་ཟག་བདག་མེད་ལ། །འཁོར་བ་རྒྱུ་འབྲས་སྤང་ཞིང་བདེན་པ་བསྒྲུབས། །ཕུང་པོ་ལྷག་བཅས་ལྷག་མེད་མྱ་ངན་འདས། །འདས་ནས་དགྲ་བཅོམ་ས་ལ་ཕྱིན་པར་ཤོག །རིགས་ཀྱི་བུ་ཁྱོད་ལ་སངས་རྒྱས་ཀྱི་འཁོར་བདེན་པ་བཞིས་དབང་བསྐུར་བས་འཕགས་པའི་ས་དགྲ་བཅོམ་པ་ཆེན་པོའི་དབང་ཐོབ་པར་གྱུར་ཅིག །རྒྱུན་དུ་ཞུགས་དང་ཕྱིར་མི་འོང་། །ལན་གཅིག་ཕྱིར་འོང་དགྲ་བཅོམ་གྱི། །རྒྱུན་ཞུགས་འབྲས་གནས་སྤྲུལ་རང་རྒྱུད། །འཕགས་པ་བརྒྱད་ཀྱི་དབང་ཐོབ་ཤོག །ཨ་བྷི་ཥིཉྩ་ཧཱུཾ། ༀ་མུ་ནེ༴ བདེན༴ རིགས༴ གདུགས་སམ་པདྨའི་སྡོང་བུ་ཅན་འཕགས་པ་སྒྲ་གཅན་འཛིན་གྱིས་དབང་བསྐུར་བས་སྟོན་པ་བཅོམ་ལྡན་འདས་ཀྱི་སྲས་ཐུ་བོ་མཆོག་གིས་དབང་མཆོག་ཐོབ་པར་ཤོག །བདེན་པ༴ ཕྱག་ན་གདུབ་བུ་ཅན་ནམ་སྡུབ་བུ་ཅན་གཅུང་དགའ་བོས་དབང་བསྐུར་བས། ཤཱཀྱའི་གཅུང་མཛེས་པའི་མཚན་སུམ་ཅུ་དང་ལྡན་པའི་མཆོག་གི་དབང་ཐོབ་པར་ཤོག །ༀ་མུ་ནེ་འགྲེ། བདེན་པ༴ ཕྱག་ན་བསིལ་ཡབ་ཅན། ཀུན་དགའ་བོའི་གཟུགས་ཀྱིས་དབང་བསྐུར་བས། རྟག་ཏུ་ཐུབ་པའི་ཞབས་འབྲེང་རིམ་གྲོ་བ་མཆོག་གི་དབང་ཐོབ་ཤོག །མུ་ནེ་བཟླས། བདེན་པ་འགྲེ། སྤུ་གྲིའམ་ཆན་གྲི་བན་ཕྱག་གཉིས་ཀྱིས་སྐྲ་དང་ཁ་སྤུ་འབྲེག་པ་ལྟར་མཛད་པའི། ཚེ་དང་ལྡན་པ་མིང་ཅན་ནམ་མིང་ཆེན་གཟུགས་ཀྱིས་དབང་བསྐུར་བས་སངས་རྒྱས་ཀྱི་བཀའ་ཡི་འཕགས་པའི་ནང་ནས་མཆོག་གི་དབང་ཐོབ་ཤོག །ༀ་མུ་ནེ༴ འདི་ལྔ་སྡེ་བཟང་པོའི་ཐ་མ་མིང་ཅན་ཡིན་སྐད། ཤཱཀྱའི་མིང་ཅན་འཕགས་པ་མ་འགག་པ་དང་སྤུན། ཐུབ་ཆེན་དང་ཡབ་སྤུན་དེ་ཡིན་ཞེས་ཀྱང་གསུངས། ཡབ་རྒྱལ་པོ་རིང་འཕུར་ཅན། འཁོར་ཡང་ལྔ་བརྒྱ་བཏག་པའི་སྟེང་ནས། ཕའི་ཕྱོགས་གསུམ། མའི་ཕྱོགས་གཉིས་ཏེ་ལྔའི་ཕ་ཕྱོགས་གསུངས། ཤཱཀྱ་ལྔ་བརྒྱ་རབ་བྱུང་འདེབས་ཕྱིའང་གསུང་། ༈ བདེན་པ༴ ཕྱག་ན་པདྨ་ཅན་ཚེ་དང་ལྡན་པ་མོའུ་འགལ་གྱི་བུས་དབང་བསྐུར་བས་རྫུ་འཕྲུལ་མཆོག་གི་དབང་ཐོབ་ཤོག །ༀ་མུ་ནེ༴ བདེན་པ༴ ཕྱག་ན་རིན་པོ་ཆེ་ཅན། ཤ་རིའི་བུ་ཡིས་དབང་བསྐུར་བས་ཤེས་རབ་ཆེན་པོའི་མཆོག་གི་དབང་ཐོབ་ཤོག །མུ་ནེ་འགྲེ༴ བདེན་པ༴ ཕྱག་ན་ཟླ་ཚེས་ཅན་འཕགས་པ་རབ་འབྱོར་བུ་ཡིས་དབང་བསྐུར་བས་འདྲི་ཞིང་ལན་ལྡོན་མཁས་པ་མཆོག་གི་དབང་ཐོབ་ཤོག །ༀ་མུ་ནེ༴ བདེན་པ༴ ཕྱག་ན་མེ་ལོང་ཅན་མ་འགག་པ་ཡིས་དབང་བསྐུར་བས་རྫུ་འཕྲུལ་སྤྱན་ལྔ་ཐོབ་པའི་མཆོག་གིས་དབང་ཐོབ་ཤོག །ༀ་མུ་ནེ༴ ༈ བདེན་པ༴ ཕྱག་ན་འཁོར་ལོ་ཅན། འཆར་ཀ་ཡིས་དབང་བསྐུར་བས་ཁྱིམ་པ་འདུལ་བའི་མཆོག་གི་དབང་ཐོབ་ཤོག །མུ་ནེ༴ བདེན་པ༴ ཕྱག་ན་རིན་པོ་ཆེ་ཡི་སྒྲོམ་བུ་ཅན་ཅང་ཤེས་ཀོའུ་དི་ན་ཡས་དབང་བསྐུར་བས་སྟོན་པ་ལ་ཆོས་ཐོས་གྲོལ་བ་ཐོབ་པ་སྔ་བའི་མཆོག་གི་དབང་ཐོབ་ཤོག །མུ་ནེ༴ འདི་ལྔ་སྡེ་བཟང་པོའི་ཐོབ་གོང་ཡིན་སྐད། བདེན་པ༴ ཕྱག་ན་ཕྲེང་བ་ཅན་རྟ་ཐུལ་གྱི་གཟུགས་ཀྱིས་དབང་བསྐུར་བས་བདུད་ཀྱི་གཙོ་བོ་དད་པ་སྐྱེ་བའི་སྤྱོད་ལ་མཛེས་པའི་མཆོག་གི་དབང་ཐོབ་པར་ཤོག །མུ་ནེ༴ བདེན་པ༴ ཕྱག་ན་སྤར་བུ་ཅན་ཉེ་བ་འཁོར་གྱི་གཟུགས་ཀྱིས་དབང་བསྐུར་བས། ཆོས་འདུལ་བ་འཛིན་པའི་མཆོག་གི་དབང་ཐོབ་ཤོག །ༀ་མུ་ནེ༴ བདེན་པ༴ ཕྱག་ན་དྲང་སྲོང་སྟེ་མེའི་པདྨ་ཅན་ཚེ་དང་ལྡན་པ་བ་གླང་བདག་གིས་དབང་བསྐུར་བས་འགོག་པའི་ཏིང་ངེ་འཛིན་གྱིས་མཆོག་གིས་དབང་ཐོབ་ཤོག །ༀ་མུ་ནེ༴ བདེན་པ༴ ཕྱག་ན་པད་སྡོང་བཅུ་གསུམ་ཅན་འོད་སྲུང་ཆེན་པོའི་གཟུགས་ཀྱིས་དབང་བསྐུར་བས་ཞལ་ལྟ་བ་སྐུ་བསྒྲེས་ཀྱི་མཆོག་སྟེ། གནས་བརྟན་རྒྱལ་ཚབ་མཆོག་གི་དབང་ཐོབ་ཤོག །ༀ་མུ་ནེ༴ བདེན་པ༴ ཕྱག་ན་རིན་པོ་ཆེ་རྐྱལ་པ་ཅན་ཚེ་དང་ལྡན་པ་ནོར་འཛིན་གྱིས་དབང་བསྐུར་བས་རང་དང་གཞན་གྱི་བསླབ་པ་ལ་གུས་པའི་ཞལ་ལྟ་བ་མཆོག་གི་དབང་ཐོབ་ཤོག །མུ་ནེ༴ བདེན་པ༴ ཕྱག་ན་རིན་པོ་ཆེ་འབར་བ་ཅན་ཚེ་དང་ལྡན་པ་གང་པོས་དབང་བསྐུར་བས། སྦྱངས་པའི་ཡོན་ཏན་རྣམས་གནང་བ་དང་བཀག་པ་མ་ནོར་བར་ཤེས་ཏེ་འཛིན་པའི་མཆོག་གི་དབང་ཐོབ་ཤོག །ཏདྱ་ཐ། ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། བཅོམ་ལྡན་འདས་ཀྱི་གནས་བརྟན་བཅུ་དྲུག་ནི། འཕགས་པའི་གནས་བརྟན་ཆེན་པོ་བཱ་ར་དྷ་ཚ་བསོད་སྙོམས་ལེན་དང་གཅིག །གསེར་བེའུ་ཕར་ཚ་དང་གཉིས། མི་ཕྱེད་པ་དང་གསུམ། ཤིང་ཀུན་དང་བཞི། ཤིང་ཤུན་ཅན་དང་ལྔ། བཟང་པོ་དང་དྲུག །འདས་པ་དང་བཅས་དུས་ལྡན་ཏེ་བདུན། བཱ་ར་དྷ་ཚ་གསེར་ཅན་དང་བརྒྱད། བ་གླང་སྐྱོང་དང་དགུ། ལམ་པོ་ཆེ་དང་བཅུ། ལམ་ཕྲན་བརྟན་དང་བཅུ་གཅིག །སྒྲ་གཅན་ཟིན་དང་བཅུ་གཉིས། ཀླུའི་སྡེ་དང་བཅུ་གསུམ། ཟུར་གྱི་ཞེས་པ་ནགས་ན་དང་གནས་དང་ཞེས་པའམ་གནས་ན་གནས་དང་བཅུ་བཞི། མ་ཕམ་པ་དང་བཅོ་ལྔ། ཙུན་དྷ་དང་བཅུ་དྲུག །དྷརྨ་ཕ་ལ་དང་བཅུ་བདུན། པད་ཟླ་ལ་མཁར་སིལ་ལྷུང་བཟེད་ཅན་ད་ལྟར་སངས་རྒྱས། ཐུབ་པའི་བསྟན་པ་ཡང་མ་བྱོན་སངས་རྒྱས། བྱམས་པའི་བར་དང་སྲིད་པ་ཇི་སྲིད་དུ་སྐྱོང་བས་དབང་བསྐུར་བས་དེའི་དབང་མཆོག་ཐོབ་པར་ཤོག །ཙུན་དྷ་དགེ་ཚུལ་ཡིན་པས་སྣམ་སྦྱར་མེད། དྷརྨ་པ་ལ་སྤྱིའི་དགེ་བསྙེན་ཡིན་པས་ཁྱིམ་པའི་གཟུགས་ཞེས་གསུངས། མཚན་ཇོ་བོ་རྗེས་ཤིང་ཀུན་དང་། ཤིང་ཤུན་ཅན་དང་། བ་གླང་སྐྱོངས་དང་། ཙུན་དྷ་དང་བཞི་ལ། སྦེད་བྱེད་ཅེས་པ་དང་བདེ་བྱེད་ཅེས་པ་དང་གཅིག །ཡོན་ཏན་འབྱུང་དང་གཉིས། རྡོ་རྗེ་མའི་བུ་དང་གསུམ། བ་ཀུ་ལ་དང་བཞི་བཤད། ཉན་ཐོས་ཀྱི་ཐེག་པ་རྫོགས་སོ། །འཁོར་གཉིས་དང་བཞི་དང་། བརྒྱད་དང་མཆོག་དང་གནས་བརྟན་ནོ། །ཨེ་མ་ཧོ། རང་རྒྱལ་གྱི་སྒྲ་ཚིག་ནི་རྫས་དབང་ཁ་སྐོང་བསྡུས་པ་ནི། ཁྲུས་བུམ་ལ། དྲང་སྲོང་ཆེན་པོའི་རྫས་ཡིན་པ་ཤེས་པས་བརླབས་ཏེ། མངོན་པར་ཤེས་པ་ལྔ་དང་ལྡན་པ་རྫུ་འཕྲུལ་རྣམས་ལ་དབང་ཐོབ་པའི་དྲང་སྲོང་ཆེན་པོ་དྲན་པས་སྙིང་པོ་བརྗོད་ཁྲུས་བྱ་སྟེ། འདི་སྐད་དུ་ཕྱི་དབང་བརྒྱ་རྩ་ལས། བདེན༴ རིགས་པ༴ བུམ་པའི་ཆུའི་རྫས་འདིས་དབང་བསྐུར་བས་སློབ་མ་འདི་ཡི་ཉོན་མོངས་པའི་བག་ཆགས་ཀྱི་དྲི་མ་དག་པའི་དབང་ཐོབ་པར་གྱུར་ཅིག །མིང་གིས་དབང་བསྐུར་བས་ཤེས་བྱ་ཡེ་ཤེས་ལ་མ་རྨོངས་པའི་རང་བྱང་ཆུབ་ཀྱི་དབང་ཐོབ་པར་གྱུར་ཅིག །ཆིབས་འདིས་དབང་བསྐུར་བས་རབ་ཏུ་བྱུང་ཞིང་ཉོན་མོངས་པ་ལས་གྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཤན་རལ་གྲིས་དབང་བསྐུར་བས་ཉོན་མོངས་པའི་སྒྲིབ་པའི་དྲ་བ་གཅོད་པར་གྱུར་ཅིག །ན་བཟའ་ངུར་སྨྲིག་གི་རྫས་འདིས་དབང་བསྐུར་བས་ཉོན་མོངས་པའི་འཁོར་བ་ལས་སྐྱོབས་པའི་དབང་ཐོབ་པར་གྱུར་ཅིག །བཀྲ་ཤིས་པའི་རྫས་སྦྲང་རྩི་འདིས་དབང་བསྐུར་བས་འབྲས་བུ་ཕུན་སུམ་འཚོགས་པའི་བཀྲ་ཤིས་མཆོག་དང་ལྡན་པར་གྱུར་ཅིག །རྩ་གདིང་བའི་རྫས་འདིས་དབང་བསྐུར་བས་བཀྲ་ཤིས་ཐོབ་པ་དང་བར་ཆད་ཀྱིས་མི་ཚུགས་པའི་དབང་ཐོབ་པར་གྱུར་ཅིག །རྒྱས་པར་རང་རྒྱལ་སྒྲགས་ཚིགས་བྲམ་ཟེ་རྒྱལ་རིགས་མ་གཏོགས་རིགས་ངན་ལ་རང་རྒྱལ་མི་ཡོང་བས་ལྷ་མི་དང་སྔོན་ཉན་ཐོས་དགེ་སློང་བཟོད་འབྲེང་ཡིན་པས་ཉན་ཐོས་ཀྱི་རྣམ་པ་བསྣན་ནོ། །ཤིན་ཏུ་བསྡུས་ན་རང་རྒྱལ་ལ་རྟེན་འབྲེལ་སྒྲགས་ཚིག་བསྣན་པ་ཁྱད་པར་རོ། །ནང་གི་རྟེན་འབྲེལ་བཅུ་གཉིས་ནི། མ་རིག་པ་རྒན་མོ་ལོང་བ་འདྲ། འདུ་བྱེད་རྫ་མཁན། རྣམ་ཤེས་སྤྲེའུ། མིང་གཟུགས་གྲུ་སྟོང་སྐྱེ་མཆེད་དྲུག །གྲོང་སྟོང་ལྟ་བུའི་རེག་འོ་བྱེད། ནང་གི་ནང་ནས་ནང་དུ་རྟེན་འབྲེལ་དྲུག །ཚོར་བ་པུས་མོར་མདའ་གཟུགས་འདྲ། །སྲེད་པ་འོ་ཐུག་འཐུང་བ་འདྲ། །ལེན་པ་མེ་ཏོག་ཐུ་བ་འདྲ། །སྲིད་པ་བུ་ཆེ་སྐྱེ་བུ་སྐྱེ། །རྒ་ཤི་རྒས་འགྱུར་ཤི་འགྱུར་འདྲ། །ནང་གི་ཕྱི་ཡི་རྟེན་འབྲེལ་དྲུག །ཕྱི་ཡི་རྟེན་འབྲེལ་བཅུ་གཉིས་ལས། །མཁའ་རླུང་མེ་ཆུ་ས་ཁམས་ལྔ། །དུས་ཀྱིས་འགྱུར་དང་དྲུག་ཕྱི་ནམ། །རྒྱུ་དང་འབྲེལ་པ་དྲུག་ལས་ནི། །ས་བོན་མྱུ་གུ་སྡོང་པོ་དང་། །ཡལ་ག་མེ་ཏོག་འབྲས་བུ་དྲུག །རྐྱེན་དང་འབྲེལ་པས་དཔག་བསམ་འདྲ། །ས་བོན་མ་རིག་འགོག་བདེན་རིགས། །ལས་དང་ཉོན་མོངས་སྡུག་བསྔལ་གྱིས། །ལུས་ངག་སེམས་རྣམས་ཆུང་གསུམ་དང་། །འབྲིང་གསུམ་ཆེ་གསུམ་ཆེན་པོ་ཆེ། །གནས་སྐབས་བཅུ་གཉིས་རིག་པར་ཤོག །བསེ་རུ་དང་ནི་ནེ་ཙོ་ལྟ་བུ་འདི། །འབྲས་བུ་ལ་སོགས་ཕྱི་ཡི་རྟེན་འབྲེལ་དང་། །མ་རིག་ལ་སོགས་ནང་གི་རྟེན་འབྲེལ་ལས། །ལུགས་འབྱུང་འཁོར་བའི་རྒྱུ་འབྲས་སྤང་བྱས་ཤིང་། །ལུགས་བཟློག་འདས་པའི་རྒྱུ་འབྲས་བསྒྲུབ་བྱ་སྟེ། །འཇིག་རྟེན་ས་དྲུག་ཉན་ཐོས་པ་དང་བདུན། །འདས་ནས་རང་རྒྱལ་བྱང་ཆུབ་ཕྱིན་པར་ཤོག །ༀ་ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝ་ཧེ་དུན་ཏེ། ཥན་ཏ་ཐ་ག་ཏེ་ཧྱཱ་བ་དད་དེ་ཥཉྩ་ཡོ་ནི་རོ་ད་ཨེ་བཾ་བྷ་ཏི་མ་ཧཱ་ཤྲཱ་མ་ཎ་ཡེ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། བདེན་པ་བརྗོད། རིགས་ཀྱི་བུ་ཁྱོད་ལ་རྟེན་འབྲེལ་གྱི་དབང་བསྐུར་བས། རང་ཉིད་བྱང་ཆུབ་ཡིད་བཞིན་བདེ་བ་མཆོག་གི་ས་ཐོབ་པར་གྱུར་ཅིག །བདེན༴ རིགས༴ བཅོམ་ལྡན་གཙོ་བོའི་དབང་བསྐུར་བས་འཁོར་བའི་སྡུག་བསྔལ་གྲོལ་བར་ཤོག །དྲང་སྲོང་ཆེན་པོ་རྣམས་ཀྱིས་རྗེས་ཞུགས་ཏེ། །སློབ་དཔོན་མེད་ཀྱང་བྱང་ཆུབ་མཆོག་ཐོབ་ཤོག །ཡེ་དྷར༴ བདེན་པ༴ རང་སངས་རྒྱས་བསེ་རུ་ལྟ་བུའམ་ནེ་ཙོ་ལྟ་བུས་དབང་བསྐུར་བས་གཅིག་པུར་བསམ་གཏན་ལ་གནས་པ་དང་། ཚོགས་སྤྱོད་ཀྱི་གྲོགས་ལ་བརྟེན་ཏེ། བསམ་གཏན་ལ་གནས་པ་གཉིས་མཐར་ཕྱིན་པ། རང་བྱང་ཆུབ་ཡིད་བཞིན་བདེ་བ་མཆོག་གི་སས་འགྲོ་བ་གདུལ་བྱ་རྣམས་ཐར་པ་ལ་འགོད་པར་ཤོག །ཡེ་དྷརྨ༴ བདེན་པ༴ རིགས༴ རང་སངས་རྒྱས་འཇིགས་བྱེད་རྡོ་རྗེ་རྩེ་དགུས་དབང་བསྐུར་བས། འཁོར་བ་སྐྲག་པར་བྱེད་པའི་དབང་ཐོབ་ཤོག །ཡེ་དྷརྨ༴ ཨ་བྷི་ཥིཉྩ་ཧཱུྃཿ བདེན་པ༴ སྣང་བརྩེག་རིན་པོ་ཆེས་དབང་བསྐུར་བས་ཏིང་ངེ་འཛིན་སྣང་བའི་དབང་ཐོབ་ཤོག །ཡེ་དྷརྨ༴ བདེན་པ༴ ཉོན་མོངས་པའི་གདུང་བ་སེལ་བའི་དུག་གིས་དབང་བསྐུར་བས་ཉོན་མོངས་པ་དུག་ལྔའི་གདུང་བ་སེལ་བའི་དབང་ཐོབ་ཤོག །ཡེ་དྷརྨ༴ བདེན་པ༴ དཔའ་བོ་འདུལ་བ་རྡོ་རྗེ་རྩེ་ལྔ་ཡིས་དབང་བསྐུར་བས་འཁོར་བ་མི་བསྙེལ་བའི་དབང་ཐོབ་པར་ཤོག །ཡེ་དྷརྨ༴ བདེན་པ༴ རིའི་རྒྱལ་པོ་རིན་པོ་ཆེའི་སྙེ་མས་དབང་བསྐུར་བས་འཁོར་བའི་རླུང་གིས་མི་བསྐྱོད་པའི་དབང་ཐོབ་པར་ཤོག །ཡེ་དྷརྨ༴ བདེན་པ༴ རངས་ས་སྒྲ་ཆེན་ཆ་ལང་གིས་དབང་བསྐུར་བས་གསུང་གི་སྒྲ་དང་ལྡན་པའི་དབང་ཐོབ་པར་ཤོག །ཡེ་དྷརྨ༴ བདེན་པ༴ རིགས་ཀྱི་བུ་སློབ་མ་ཁྱེད་ལ་རྡོ་རྗེ་སློབ་དཔོན་བདག་གིས་རང་སངས་རྒྱས་བསེ་རུ་ལྟ་བུ་བསམ་གཏན་གྱི་ཕྱག་རྒྱ་མཛད་པས་དབང་བསྐུར་བས་ཏིང་ངེ་འཛིན་རྩེ་གཅིག་ཏུ་གྱུར་པ་མཐར་ཕྱིན་པའི་དབང་ཐོབ་པར་ཤོག །ཡེ་དྷརྨ༴ བདེན་པ༴ ཤེས་རབ་མགྱོགས་བྱེད་ཟླ་ཚེས་ཀྱིས་དབང་བསྐུར་བས། ཤེས་རབ་རྩལ་དང་ལྡན་པའི་དབང་ཐོབ་པར་ཤོག །ཡེ་དྷརྨ༴ བདེན་པ༴ སེང་གེ་ལྟ་བུའི་རྡོ་རྗེས་དབང་བསྐུར་བས་འཇིགས་པ་ཐམས་ཅད་དང་བྲལ་བའི་དབང་ཐོབ་པར་ཤོག །ཡེ་དྷརྨ༴ ཨ་བྷི༴ བདེན་པ༴ ཡིད་མྱུར་བསིལ་ཡབ་ཀྱིས་དབང་བསྐུར་བས་ཏིང་ངེ་འཛིན་མྱུར་བའི་དབང་ཐོབ་ཤོག །ཡེ་དྷརྨ༴ བདེན་པ༴ ཉོན་མོངས་དུག་སེལ་བསིལ་ཡབ་ཀྱིས་དབང་བསྐུར་བས། ཉོན་མོངས་པ་དུག་ལྔ་འདུལ་བའི་དབང་ཐོབ་ཤོག །ཡེ་དྷརྨ༴ བདེན་པ༴ བདེན་པའི་རྗེས་ལ། རང་སངས་རྒྱས་རྫུ་འཕྲུལ་ཆེར་སྟོན་མེ་རིས་དབང་བསྐུར་བས། སྤྲུལ་པའི་ཆོ་འཕྲུལ་དང་ལྡན་པའི་དབང་ཐོབ་ཤོག །ༀ་ཡེ་དྷརྨ༴ རང་བྱང་ཆུབ་ཀྱི་ཐེག་པ་རྫོགས་སོ། །གཙོ་བོ་སྤྲུལ་པའི་སྐུ་ལ་གསུམ་ནི། འཁོར་བསེ་རུ་དང་ནེ་ཙོ་གཉིས་ཏེ། ནེ་ཙོ་ལ་ཚོགས་སྤྱོད་ཆེ་ཆུང་བར་གསུམ་དང་། བསེ་རུ་སྟེ་འཁོར་བཞི་དང་། འཁོར་བཅུ་གཉིས་ནི་ཕྱི་ནང་རྟེན་འབྲེལ་དང་། ཕྱི་ནང་རེ་ལའང་ཕྱི་ནང་གཉིས་དང་། དེ་རེ་རེ་ལའང་གསུམ་སྟེ་བཅུ་གཉིས་པའོ། །བདེ་བར་གཤེགས་པ་བྱང་ཆུབ་སེམས་དཔའི་རྫས་དབང་མཛད་པ་ཉི་ཤུ་པོ་གཏད་པའི་དབང་ནི་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའི་དབང་ཙག་གི་རྒྱབ་ཡིག་ལ། བཅོམ་ལྡན་གསེར་མདོག་ཆོས་འཆད་གཡས། །གཡོན་པ་མཉམ་བཞག་ཕྱག་རྒྱར་ལྡན། །རྡོ་རྗེ་སྐྱིལ་ཀྲུང་གཙུག་ཏོར་བཅས། །སྤྱན་ཡང་མཐིང་ཁ་མཛོད་སྤུར་ལྡན། །སྐུ་ཡི་སྒོ་ནས་འོད་ཟེར་འགྱེད། །བསྟན་པའི་མངའ་བདག་འགྲོ་བ་འདྲེན། །དེ་ཡི་བྱིན་གྱིས་བརླབ་ཏུ་གསོལ། །དེའི་དབང་མཆོག་ཐོབ་པར་ཤོག །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། ཤར་ཕྱོགས་པདྨའི་འདབ་མ་ན། །པད་ཟླ་རྒྱས་སྟེང་ཡུམ་ཆེན་མོ། །ལོངས་སྤྱོད་རྒྱན་ལྡན་རྡོ་རྗེའི་དཀྱིལ། །གསེར་མདོག་སྐུ་ནི་ཤིན་ཏུ་རྒྱས། །ཕྱག་བཞིའི་དང་པོའི་མཉམ་བཞག་ཕྱག །འོག་མ་གཡས་པ་ཆོས་འཆད་པ། །གཡོན་པ་པོ་ཏི་བསྣམས་ནས་ནི། །འགྲོ་བ་སེམས་ཅན་དོན་མཛད་པ། །དེ་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་དྷི་པྲ་ས་ཏྭ་མེ་ཡ་ནི་དེ་པྲ་དུད་པྲ་མེ་བྷི་ཤུདྡྷེ་བྷྱ། དྷརྨ་དྷར་ཏུ་བ་ག་བན་ཛ་ཧཱུྃ་བྃ་ཧོ། ཨ་ལ་ལ་ཧོ། ༀ་ཨ་མྲྀ་ཏ་ཨ་པ་ར་པྲ་ཏི་ཛ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། ལྷོ་ཕྱོགས་པདྨའི་འདབ་མ་ནས། །པད་ཟླ་རྒྱས་པའི་གདན་སྟེང་ནས། །ཕྱག་ན་རྡོ་རྗེ་ཞི་བའི་ཞལ། །མཐིང་ཁ་གཡས་ན་རྡོ་རྗེ་འཛིན། །གཡོན་ན་པདྨ་འཛིན་པར་བྱེད། །རིན་ཆེན་བརྒྱན་ལྡན་སེམས་དཔའི་སྐྱིལ། །དེ་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་བཛྲ་ཙན་ཊ་མ་ཧཱ་རོ་ཥ་ན་ཧཱུྃ་ཕཊཿ ཨ་བྷི་ཥིཉྩ་ཧཱུྃ། ནུབ་ཕྱོགས་པད་མའི་འདབ་མ་ནས། །པད་ཟླ་རྒྱས་པའི་གདན་སྟེངས་ནས། །ཤྭ་རི་གསེར་མདོག་དཀའ་ཐུབ་གཟུགས། །ཆོས་གོས་གསུམ་ལྡན་བསིལ་བྱེད་གཡོས་དཀའ་ཐུབ་གཟུགས། །པུས་གཙུགས་གཡོན་པ་ལྷུང་བཟེད་བསྣམས། །ལུས་ངག་ཡིད་གསུམ་བསྡམས་པའི་ངང་། །དེ་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །བྷ་ག་བཱན་པྲ་བ་ཏཱ་ཐཱ་ག་ཏ་བི་ཤ་ཡ་སྭ་བྷ་བ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། འདིའི་དཀའ་ཐུབ་གཟུགས་གཟེར་བ་ནི་བསྡོམ་བརྩོན་རབ་བྱུང་གི་ཚུལ་གཟུགས་ཡིན་ཏེ་རྒས་རིད་ནི་མ་ཡིན་ནོ། །སངས་རྒྱས་རྒྱས་པས་གཞོན་པའོ། །བྱང་ཕྱོགས་པདྨའི་འདབ་མ་ནས། །པད་ཟླ་རྒྱས་པའི་གདན་སྟེང་ནས། །སྤྱན་རས་དཀར་པོ་བྱང་ཆུབ་སེམས། །རྒྱན་མཛེས་སེམས་དཔའི་དཀྱིལ་ཀྲུང་བཞུགས། །གཡས་ན་པདྨ་མཆོད་སྦྱིན་དང་། །གཡོན་ནའང་པདྨ་པོ་ཏི་འཛིན། །དེ་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐ་ག་ཏཱ་ཨ་བ་ལོ་ཀི་ཏེ་ཀ་ཏུ་ན་མ་ར་ཡ་བཛྲ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། དེས་བྱང་སེམས་ལྷ་ལྔའི་ལུགས་ཚང་ཞིང་། སེམས་ཙམ་དང་རྣལ་འབྱོར་སྤྱོད་པའི་དབུ་མ་ལྟར་ཡུམ་གྱིས་གཙོ་མཛད། དབུ་མ་ཙམ་ཡོད་དང་མདོ་སྡེ་སྤྱོད་པའི་དབུ་མ་ལྟར་ཐུབ་པས་གཙོ་མཛད། གཙོ་དང་ཕྱོགས་བཅུའི་སངས་རྒྱས་ཏེ་བཅུ་གཅིག །ལྔ་དང་ཕྱོགས་བཅུ་སྟེ་བཅོ་ལྔ། ལྔ་བརྒྱ་མ་དང་། སེམས་མ་བཞི་བཅུ་མ་ཐེ་བས་དྲུག་ཅུ་པ་སྟེ་དལ་ལྔའམ་བཅུའོ། །གཞལ་ཡས་ལྷ་སྣམ་ཤར་ཕྱོགས་ཀྱིས། །པད་ཟླ་རྒྱས་པའི་གདན་སྟེངས་སུ། །བདེ་གཤེགས་དཀོན་མཆོག་འབྱུང་གནས་ནི། །སྐུ་མདོག་ཤེལ་ལྟར་དཀར་བ་ལ། །ཕྱག་གཡས་རིན་ཆེན་མཆོད་སྦྱིན་མཛད། །གཡོན་པ་ལྟེ་བའི་ཐད་ཀར་ནི། །མཐིལ་ནི་གཞན་ལ་སྟོན་པར་མཛད། །དེ་ཡི་བྱིན་བརླབས་ཐོབ་པར་ཤོག །དེ་ཡི་དབང་མཆོག་བསྐུར་བར་བྱའོ། །སརྦ་ཏ་ཐཱ་ག་ཏ་ཨ་ཡུ་སུ་ར་ག་ཏི་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། གཞལ་ཡས་ལྷ་སྣམ་ལྷོ་ཕྱོགས་ཀྱི། །པད་ཟླ་རྒྱས་པའི་གདན་སྟེངས་སུ། །བདེ་གཤེགས་མྱ་ངན་མེད་པའི་དཔལ། །སྐུ་མདོག་ནམ་མཁའི་མདོག་ཅན་ལ། །གཡས་པ་འཁོར་ལོ་འབར་བ་བསྣམས། །གཡོན་པ་ལྟེ་བའི་ཐད་ཀར་ནི། །འགྲོ་ལ་བསྟན་པས་ཉོན་མོངས་སེལ། །དེ་ཡི་བྱིན་རླབས་ཐོབ་པར་ཤོག །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་རྦ་ཏ་ཐཱ་ག་ཏཱ་རཏྣ་ཨ་ཙི་ཡ་ནི་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། གཞལ་ཡས་ལྷ་སྣམ་ནུབ་ཕྱོགས་ཀྱི། །པད་ཟླ་རྒྱས་པའི་གདན་སྟེང་ནས། །བདེ་གཤེགས་རིན་ཆེན་འོད་འཕྲོ་བ། །སྐུ་མདོག་གངས་རི་ལྟར་དཀར་བ། །གཡས་པས་མཆེ་བ་གཙིག་པ་བསྣམས། །གཡོན་པ་ལྟེ་བའི་ཐད་ཀར་ནི། །འགྲོ་ལ་བསྟན་པས་བགེགས་རྣམས་འདུལ། །དེ་ཡི་བྱིན་རླབས་ཐོབ་པར་ཤོག །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏཱ་ཏྲི་ཏི་ཤ་ག་པ་རི་བི་ཤྭ་རི་སྭཱ་ཧཱ། ཨབྷི་ཥིཉྩ་ཧཱུཾ། གཞལ་ཡས་ལྷ་སྣམ་བྱང་ཕྱོགས་ཀྱི། །པད་ཟླ་རྒྱས་པའི་གདན་སྟེངས་ནས། །བདེ་གཤེགས་རྒྱལ་བའི་དབང་པོ་ནི། །སྐུ་མདོག་ཨིནྟྲ་ནི་ལའི་མདོག །གཡས་པ་པདྨ་དཀར་པོ་འཛིན། །གཡོན་པ་ལྟེ་བའི་ཐད་ཀར་ནི། །འགྲོ་ལ་བསྟན་པས་མུན་པ་སེལ། །དེ་ཡི་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏཱ་བི་ཤྭ་རཏྣ་སན་ཏི་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་སྣམ་བུའི་ཤར་ལྷོ་ནས། །བདེ་གཤེགས་པདྨ་དམ་པའི་དཔལ། །སྐུ་མདོག་དུང་ལྟར་དཀར་བའི་མདངས། །གཡས་པ་པདྨ་དམར་པོ་བསྣམས། །གཡོན་པ་ལྟེ་བའི་ཐད་ཀར་ནི། །འགྲོ་ལ་བསྟན་པས་འདོད་ཆགས་འཇོམས། །དེ་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏཱ་དུ་དུ་མ་ལེ་ཀེ་ཏ་དོ་བ་ཡེ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་སྣམ་བུའི་ལྷོ་ནུབ་ནས། །པད་ཟླ་རྒྱས་པའི་གདན་སྟེང་ནས། །ཉི་མ་སྣང་བ་དམ་པའི་དཔལ། །སྐུ་མདོག་མར་རྒད་དམར་སྨུག་ལ། །ཕྱག་གཡས་མུན་སེལ་ཉི་མ་བསྣམས། །གཡོན་པ་སྐུ་ལ་བརྟེན་མཛད་པ། །དེ་ཡིས་བྱིན་གྱིས་བརླབ་ཏུ་གསོལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་མུག་ཏི་བི་མུག་ཏེ་མ་རྒད་དུ་ཤ་མ་ཏི་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་སྣམ་བུའི་ནུབ་བྱང་ནས། །པད་ཟླ་རྒྱས་པའི་གདན་སྟེང་ནས། །སངས་རྒྱས་གདུགས་ཆེན་དམ་པའི་དཔལ། །སྐུ་མདོག་ཨིནྡྲ་ནཱི་ལའི་མདངས། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་འཛིན། །གཡོན་པ་ལྟེ་བའི་ཐད་ཀར་ནི། །མཐིལ་ནི་གཞན་ལ་སྟོན་པར་མཛད། །དེ་ཡིས་བྱིན༴ དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏཱ་སུརྱ་བྷི་ལ་ཏ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་སྣམ་བུའི་བྱང་ཤར་ནས། །པད་ཟླ་རྒྱས་པའི་གདན་སྟེངས་སུ། །ཏིང་འཛིན་གླང་པོ་དམ་པའི་དཔལ། །སྐུ་མདོག་གསེར་ལྟར་འཚེར་བ་ལ། །ཕྱག་གཡས་ཆོས་འཆད་ཕྱག་རྒྱ་བརྟེན། །གཡོན་པས་ཆོས་གོས་འཛིན་མཛད་པ། །དེ་ཡིས་བྱིན་གྱིས༴ དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏ་བྷ་ག་ཝ་ཏེ་བི་ཤྭ་ཡ་སྭཱ་བྷ་བ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་སྣམ་བུའི་ཤར་སྟོད་དུ། །པད་ཟླ་རྒྱས་པའི་གདན་སྟེངས་ནས། །དགའ་བར་བྱེད་པའི་སངས་རྒྱས་ནི། །སྐུ་མདོག་ཨུཏྤལ་སྔོན་པོའི་མདངས། །ཕྱག་གཡས་རིན་ཆེན་བུམ་པ་བསྣམས། །གཡོན་པས་སྐུ་ལ་བརྟེན་མཛད་པ། དེ་ཡིས༴ དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐཱ་ག་ཏཱ་ཏི་ར་མ་ཏི་བཛྲ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། གཞལ་ཡས་སྣམ་བུའི་ནུབ་སྨད་དུ། །པད་ཟླ་རྒྱས་པའི་གདན་སྟེངས་སུ། །བདེ་གཤེགས་པདྨོའི་དཔལ་གྱིས་ནི། །སྐུ་མདོག་གསེར་ལྟར་འཚེར་བའི་མདངས། །ཕྱག་གཡས་པདྨ་དམར་པོ་བསྣམས། །གཡོན་པ་ལྟེ་བའི་ཐད་ཀར་ནི། །མཐིལ་ནི་ཕྱིར་བསྟན་གདུང་བ་སེལ། །དེ་ཡི་བྱིན་གྱིས་བརླབ་དུ་གསོལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐ་ག་ཏཱ་པདྨ་བྷ་ལ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། ཞེས་པ་འདི་དག་ནི་དབང་བསྐུར་བས་རྒྱབ་ཡིག་གི་ལུགས་སོ། །འདི་གཞུང་སྲོང་ཙ་ན་ཨ་བྷི་ཥིཉྩའི་སྔགས་མི་དགོས། བྱང་ཆུབ་སེམས་དཔའི་ཆོག་གཞུང་ཨི་ཐི། དཀྱིལ་འཁོར་ལ་འགོད་དུས་ན་དབུས་ལ་གཙོ་བོ་འདབ་བཞི་སྟེ་ལྷ་ལྔ། ཁྱམས་ཕྱོགས་བཅུའི་སངས་རྒྱས་དེ་བཅོ་ལྔའོ། །ལྷ་བཅུ་གཅིག་མ་ལྟར་དབུས་དང་པདྨ་བཅུ་གཅིག་གོ། །པདྨ་བརྒྱད་ལྡན་ལྟར་དུ་གཙོ་བོ་ཐུབ་པ་སེམས་ཙམ་དང་ཡུམ་ཆེན་མོ་དབུ་མ་ལྟར་གང་རུང་ལ་འཁོར་ཕྱོགས་བཅུའི་སངས་རྒྱས་དབུས་དང་ཕྱོགས་བཅུ་རེ་རེའང་བརྒྱད་བརྒྱད་དེ་བརྒྱའོ། །གྲུ་ཆད་གློ་འབུར་མཆོད་ལྷ་སྒོ་མ་ཁྱམས་ཕྱོགས་སྐྱོངས་བཅུ་བཀོད་པའོ། །ཡང་ལུགས་གཅིག་ལྷ་བཅུ་གཅིག་མ་ལྟར་སེང་ཁྲིར་ཡུམ་ཆེན་མོ་སེར། དང་པོ་ཆོས་འཆད། གཉིས་པ་གཉིས་ཀ་པོ་ཏིའོ། །ཕྱག་བཞི་མའོ། །ཕྱག་གཉིས་ནི། ༀ་དྷ་པྲཛྙཱ་མ་ཧཱ་པྲཛྙཱ་ཧཱུཾ། དྷརྨ་དྷརྟུ་ཡེ་སྭཱ་ཧཱ། ཞེས་ཡུམ་ཆེན་དཀར་མོའི། ཕྱོགས་བཅུའི་སངས་རྒྱས་བཅུ་པོ་དེའི་སྔགས་ལྷ་བཅོ་ལྔ་དང་མཐུན་ནོ། །མ་ལྕོགས་ན་བསྡུས་པར་ལྷ་བརྒྱ་མ་དང་མཐུན་པར་ག་ཏེ་བཟླས་ཏེ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་ལ་ཕྱག་འཚལ་ལོ། །ཏདྱ་ཐ། ༀ་ག་ཏེ་ག་ཏེ། པ་ར་ག་ཏ་ག་ཏེ། པ་ར་སང་ག་ཏེ་བྷོ་དྷི་ཡེ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུཾ། ལྷ་བརྒྱ་མའོ་ཞེས་སོ། །ཡུམ་ཆེན་མོ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ་བསྐྱེད་པ་ནི་ཨ་སིང་ལས་སེང་གེ་གདན་བཅུ་གཅིག་བསྐྱེད། ཧྲི་ལས་པདྨ་འདབ་བརྒྱད་བསྐྱེད། དེའི་དབུས་སུ་ཨཱ་ལས་ཟླ་བའི་གདན་རྣམས་བསམས། དེ་དཀྱིལ་ཡི་གེ་དྷི་བཀོད་དེ། བདེ་བར་གཤེགས་པའི་ཡུམ་གྱུར་པ། །ཤེས་རབ་ཕ་རོལ་ཕྱིན་མ་ཡུམ། །སྐུ་མདོག་དུང་ལྟར་དཀར་བ་ལ། །གཡས་པ་མཆོག་རྣམས་སྦྱིན་མཛད་ཅིང་། །གཡོན་པའི་ཕྱག་ན་གནས་པ་ཡིས། །པད་མ་ལ་གནས་གླེགས་བམ་སྟེ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཅེས་པ་གཅིག་བསྐྱེད་དོ། །རྩ་བ་ལས། གསལ་བར་གྱུར་ནས་ཕྱོགས་ཀུན་ཏུ། ། བྱང་ཆུབ་སེམས་དཔའ་ཉན་ཐོས་གཟུགས། །འགྲོ་བ་སོ་སོའི་གཟུགས་འཛིན་པ། །སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ། །རང་རང་མདོག་དང་མཚན་མ་བསྐྱེད། །ཅེས་གསུངས་པའི་འགྲེལ་པ་ལྟར། ཕྱོགས་བཅུའི་སངས་རྒྱས་བསྐྱེད་པ་ནི། །ཤར་ཕྱོགས་པད་གནས་ཟླ་དཀྱིལ་དུ། །བདེ་གཤེགས་དཀོན་མཆོག་འབྱུང་གནས་ཉིད། །སྐུ་མདོག་དཀར་སྐྱ་ལྟ་བུ་ལ། །གཡས་པ་རིན་ཆེན་མཆོད་སྦྱིན་མཛད། །གཡོན་པ་ལྟེ་བ་ཀུན་ཏུ་བསྟན། །ལྷོ་ཕྱོགས་པད་གནས་ཟླ་དཀྱིལ་དུ། །བདེ་གཤེགས་མྱ་ངན་མེད་པ་ནི། །སྐུ་མདོག་ནམ་མཁའ་ལྟ་བུ་ལ། །ཕྱག་གཡས་འཁོར་ལོ་འབར་བ་བསྣམས། །གཡོན་པ་ལྟེ་བ་ཀུན་ཏུ་བསྟན། །ནུབ་ཕྱོགས་པད་གནས་ཟླ་དཀྱིལ་དུ། །བདེ་གཤེགས་རིན་ཆེན་འོད་འཕྲོ་མ། །སྐུ་མདོག་དཀར་པོ་དུང་ལྟ་བུ། །གཡས་པ་མཆེ་བ་གཙིག་པ་བསྣམས། །གཡོན་པ་ལྟེ་བར་ཀུན་ཏུ་བསྟན། །ཧཱུཾ། བྱང་ཕྱོགས་བདེ་གཤེགས་རྒྱལ་བའི་དབང་པོ་ནི། སྐུ་མདོག་ལྗང་ཁུ་ལྟ་བུ་ལ། །གཡས་པ་པདྨ་དཀར་པོ་བསྣམས། །གཡོན་པ༴ བྱང་ཤར་ཏིང་འཛིན་གླང་པོ་དམ་པའི་དཔལ། །སྐུ་མདོག་གསེར་བཙོ་ལྟ་བུ་ལ། །ཕྱག་གཡས་ཆོས་ནི་འཆད་པ་སྤེལ། །གཡོན་པ་ཆོས་གོས་འཛིན་པའོ། །ཤར་ལྷོ་བདེ་གཤེགས་པདྨ་དམ་པའི་དཔལ། །སྐུ་མདོག་དཀར༴ གཡས་པ་པདྨ་དམར་པོ་ལ། །གཡོན་པ༴ ལྷོ་ནུབ་ཉི་མ་སྣང་བ་དམ་པའི་དཔལ། །སྐུ་མདོག་དམར་གད་ལྟ་བུ་ལ། །ཕྱག་གཡས་ཉི་མ་བསྣམས་པ་སྟེ། །གཡོན་པ་ཀུན་ཏུ་བསྟན་པ་མཛད། །ནུབ་བྱང་སངས་རྒྱས་གདུགས་ཆེན་དམ་པའི་དཔལ། །སྐུ་མདོག་ལྗང་ཁུ་ལྟ་བུ་ལ། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་སྟེ། གཡོན་པ་ལྟེ་བ༴ སྟེང་ཕྱོགས་པད་གནས་ཟླ་དཀྱིལ་དུ། །དགའ་བར་བྱེད་པའི་སངས་རྒྱས་ནི། །སྐུ་མདོག་ཨུཏྤལ་སྔོན་པོ་ལ། །ཕྱག་གཡས་རིན་ཆེན་བུམ་པ་བསྣམས། །གཡོན་པ་ཀུན་ཏུ་བསྟན་པའོ། །འོག་ཕྱོགས་པད་གནས་ཟླ་དཀྱིལ་དུ། །སངས་རྒྱས་པདྨའི་དཔལ༴ སྐུ་མདོག་སེར༴ གཡས་པ་པདྨ་དམར་པོ་འཛིན། །གཡོན་པ་ལྟེ་བར་བསྟན་པའོ། །ལྷ་བཅུ་གཅིག་མའི་ཚིག་དང་སྔགས་ཆོག་ཞུ་ཨ྄ྀིཊ྅྅྅། བྱང་སེམས་པདྨ་བརྒྱད་ལྡན་ལྷ་ཚོགས་ལྔ། །རྣམ་དག་པདྨ་དབུས་ཀྱི་དཀྱིལ་འཁོར་ནས། །གསེར་མདོག་བཅོམ་ལྡན་བདེ་གཤེགས་དགྲ་བཅོམ་པ། །ཡང་དག་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ། །ས་གནོན་མཉམ་བཞག་གསེག་ཤང་པར་བུ་ཅན། །ཡུམ་ཆེན་གསེར་མདོག་ཕྱག་བཞི་གཡས་རལ་གྲི། །མཆོད་སྦྱིན་སྟེང་ན་བུམ་པའོ། །གཡོན་དང་པོ༴ ཨུཏྤལ་སྟེང་ན་པོ་ཏི་མཐར་ཕྲེང་བ། །རྡོ་རྗེ་སྐྱིལ་ཀྲུང་སེང་ཁྲི་པད་ཟླའི་གདན། །ཤར་དཀར་ལྷོ་སྔོ་ནུབ་དམར་བྱང་ལྗང་གུ། །རིགས་བཞིའི་སངས་རྒྱས་ཏིང་འཛིན་གླང་པོ་དང་། །རིན་ཆེན་འབྱུང་དང་པདྨ་དམ་པའི་དཔལ། །ཏིང་འཛིན་རྒྱལ་པོ་ཕྱག་གཡོན་མཉམ་བཞག་མཛད། །རྡོ་རྗེ་སྐྱིལ་ཀྲུང་ཕྱག་གཡས་ཐུགས་དཀར་འཛིན། །རྡོ་རྗེས་ཆོས་འཆད་རིན་ཆེན་པད་རྒྱ་གྲམ། །མཚམས་བཞིར་ཡུམ་བཞིར་དཀར་སེར་དམར་ལྗང་ནི། །རྡོ་རྗེ་རིན་ཆེན་ཆོས་ལ་ཕྱག་མཚན་ཐུབ། །མཉམ་པའི་སྐྱིལ་ཀྲུང་བོལ་སྣོལ་རེ་མིག་ཚུལ། །ༀ་འགྲོ་ཀུན་ཐུགས་རྗེས་བཟུང་དུ་གསོལ། །བྱིན་བརླབས་སྒྲིབ་སྦྱངས་དབང་བསྐུར་གསོལ། །མུ་ནེ་དང་༴ ག་ཏེ་བརྗོད༴ ཤར་ཕྱོགས་སངས་རྒྱས་དཀོན་མཆོག་འབྱུང་གནས་དཀར། །མཆོད་སྦྱིན་འཁོར་ལོ་སྐྱབས་སྦྱིན་གཡོན་ལྟེ་བར། །མཐིལ་ནི་མཉམ་པའམ་གཞན་ལ་མཆོད་སྦྱིན་མཛད། །གཙུག་ཏོར་ཆོས་གོས་གདན་ཟླ་པད་སེང་ཁྲི། །ཤར་ལྷོ་ནུབ་བྱང་དཀར་སྔོ་དམར་ལྗང་གུ། །ཆོས་ཀྱི་རྒྱལ་མཚན་ཆུ་སྲིན་རྒྱལ་མཚན་བསྣམས། །དབང་ཕྱུག་རྒྱལ་པོ་ཕྱག་ན་ལྕགས་ཀྱུ་བསྣམས། །བཀོད་པའི་རྒྱན་ནི་མཛེས་པའི་མེ་ཏོག་བསྣམས། །རིན་ཆེན་འོད་འཕྲོ་རིན་ཆེན་འབར་བ་བསྣམས། །རྡོ་རྗེ་རིན་ཆེན་ཆོས་ལ་སེམས་མ་བཞིན། །སེམས་དཔའ་ཕྱེད་སྐྱིལ་ཉན་ཐོས་ཆོས་ཞུའི་ཚུལ། །ཤར་ནུབ་སེམས་ཚུལ་ལྷོ་བྱང་ཉན་ཐོས་ཚུལ། །རབ་བྱུང་ཁྱིམ་པ་སྣ་ཚོགས་ཚུལ་མཚོན་པའོ། །ༀ་འགྲོ་ཀུན་ཐུགས་རྗེས་བཟུང་དུ་གསོལ། །བྱིན་རློབས་སྒྲིབ་སྦྱང་དབང་བསྐུར་གསོལ། །མུ་ནེ༴ ག་ཏེ་བརྗོད༴ ལྷོ་ཕྱོགས་སངས་རྒྱས་མྱ་ངན་མེད་པའི་དཔལ། །མདོག་སྔོ་རིན་ཆེན་སྐྱབས་སྦྱིན་ཐུགས་ཀར་སྟོན། །གཡོན་པ་མཉམ་པའམ་ལྟེ་བར་མཐིལ་མཆོད་སྦྱིན། །གཙུག་ཏོར་ཆོས་གོས་གདན་ཟླ་པད་སེང་ཁྲི། །ཤར་ལྷོ་ནུབ་བྱང་དཀར་སྔོ་དམར་ལྗང་ཀུ། །སེམས་དཔའ་སྣང་བའི་མཆོག་ནི་རྡོ་རྗེ་བསྣམས། །ཕྱག་རྒྱའི་རྒྱལ་པོ་རྡོ་རྗེ་རྒྱ་གྲམ་འཛིན། །སྤོས་ཀྱི་གླང་པོས་ཕྱག་ན་འབུད་དུང་བསྣམས། །སྤོབ་པ་བརྩེགས་པ་གསེར་གཡུའི་ཏོག་དང་བསྣམས། །ཆོས་བསྐོར་ཤར་ལྷོའི་མཚམས་དཀར་སེར་དམར་ལྗང་། །རྡོ་རྗེ་རིན་ཆེན་ཆོས་ལ་སེམས་མ་བཞི། །རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་འཛིན། །ཤར་ནུབ་སེམས་ཚུལ་ལྷོ་བྱང་ཉན་ཐོས་ཚུལ། །ༀ་འགྲོ་ཀུན་ཐུགས་རྗེས་བཟུང་དུ་གསོལ། །སྒྲིབ་སྦྱོང་བྱིན་རླབས་དབང་བསྐུར་གསོལ། །ༀ་མུ་ནེ༴ ག་ཏེ་བཟླས། ནུབ་ཕྱོགས་སངས་རྒྱས་རིན་ཆེན་འོད་འཕྲོ་དམར། །པདྨ་འམ་མི་འཇིག་སྐྱབས་སྦྱིན་ཐུགས་དཀར་བསྟན། །གཡོན་པ་མཉམ་པའམ་ལྟེ་བར་མཐིལ་མཆོག་སྦྱིན། །གཙུག་ཏོར་ཆོས་གོས་གདན་ཟླ་པད་སེང་ཁྲི། །ཤར་ལྷོ་ནུབ་བྱང་དཀར་སྔོ་དམར་ལྗང་ཁུ། །པདྨའི་རྒྱལ་པོ་པད་མའི་སྒྲོམ་བུ་བསྣམས། །པདྨ་དམ་པ་པད་མ་ཁ་ཕྱེ་བསྣམས། །རྡོ་རྗེ་མི་གཡོ་ཕྱག་ན་ལྕགས་ཀྱུ་བསྣམས། །ཐོགས་མེད་རྒྱལ་པོ་ཕྱག་ན་རལ་གྲི་བསྣམས། །ཆོས་བསྐོར་ཤར་ལྷོའི་མཚམས་དཀར་དམར་སེར་ལྗང་། །རྡོ་རྗེ་རིན་ཆེན་ཆོས་ལ་སེམས་མ་བཞི། །ཆོས་འཆད་རྡོ་རྗེ་རིན་ཆེན་པད་རྒྱ་གྲམ། །ཤར་ནུབ་སེམས་ཚུལ་ལྷོ་བྱང་ཉན་ཐོས་ཚུལ། །སེམས་མའང་ལྷོ་ནུབ་བྱང་ནུབ་མཚམས་བཙུན་མའོ། །ༀ་འགྲོ་ཀུན་ཐུགས་རྗེས་བཟུང་དུ་གསོལ། །སྒྲིབ་སྦྱངས་བྱིན་རླབས་དབང་བསྐུར་གསོལ། །མུ་ནེ༴ ག་ཏེ་བཟླས། བྱང་ཕྱོགས་སངས་རྒྱས་རྒྱལ་བའི་དབང་པོ་ནི། །མདོག་ལྗང་ཉི་མས་ཕྱག་མཚན་མི་འཇིག་སྦྱིན། །གཡོན་ལྟེར་མཉམ་པའམ་མཐིལ་ནི་མཆོད་སྦྱིན་མཛད། །གཙུག་ཏོར་ཆོས་གོས་གདན་ཟླ་པད་སེང་ཁྲི། །ཤར་ལྷོ་ནུབ་བྱང་དཀར་སྔོ་དམར་ལྗང་སེར། །རིན་ཆེན་དབང་ཕྱུག་རིན་ཆེན་ཟུར་བརྒྱད་འཛིན། །གྲུབ་པའི་ལས་ནི་རྡོ་རྗེ་རྒྱ་གྲམ་འཛིན། །དགའ་བ་སྟོན་པ་མེ་ལོང་རྒྱ་གྲམ་འཛིན། །མི་གཡོ་བ་ཡི་མཐའ་ནི་མཉམ་བཞག་རྒྱ། །ཆོས་བསྐོར་ཤར་ལྷོའི་མཚམས་དཀར་སེར་དམར་ལྗང་། །རྡོ་རྗེ་རིན་ཆེན་ཆོས་ལས་སེམས་མ་བཞི། །ཆོས་འཆད་རྡོ་རྗེ་རིན་ཆེན་པད་རྒྱ་གྲམ། །ཤར་ནུབ་སེམས་ཚུལ་ལྷོ་བྱང་ཉན་ཐོས་ཚུལ། །སེམས་མའང་ཤར་ལྷོ་ནུབ་བྱང་མཚམས་སེམས་ཚུལ། །ༀ་འགྲོ་ཀུན་ཐུགས་རྗེས་བཟུང་དུ་གསོལ། །བྱིན་རླབས་སྒྲིབ་སྦྱང་དབང་བསྐུར་གསོལ། །ཨོ་མུ་ནེ། ག་ཏེ་བཟླས། བྱང་ཤར་སངས་རྒྱས་ཏིང་འཛིན་གླང་པོ་དམ་པའི་དཔལ། །མདོག་ལྗང་ཕྱག་གཡས་པོ་ཏི་ཐུགས་ཀར་ཆོས་འཆད་བསྣམས། །གཡོན་པ་མཉམ་པའམ་ལྟེ་བར་མཐིལ་ནི་མཆོད་སྦྱིན་སྟོན། །གཙུག་ཏོར་ཆོས་གོས་གདན་ཟླ་པདྨ་སེང་གེའི་ཁྲི། །ཤར་ལྷོ་ནུབ་བྱང་དཀར་སྔོ་དམར་ལྗང་སེར། །ཕྱག་ན་རྡོ་རྗེའམ་རྡོ་རྗེ་རྩེ་དགུ་བསྣམས། །སྤྱན་རས་གཟིགས་དབང་པདྨ་དཀར་པོ་འཛིན། །ནམ་མཁའི་སྙིང་པོ་རིན་ཆེན་ཟ་མ་ཏོག །ས་ཡི་སྙིང་པོ་རིན་ཆེན་མྱུ་གུ་འཛིན། །ཆོས་སྐོར་ཤར་ལྷོའི་མཚམས་དཀར་སེར་དམར་ལྗང་། །རྡོ་རྗེ་རིན་ཆེན་ཆོས་ལ་སེམས་མ་བཞི། །ཆོས་འཆད་རྡོ་རྗེ་རིན་ཆེན་པད་རྒྱ་གྲམ། །ཤར་ནུབ་སེམས་ཚུལ་ལྷོ་བྱང་ཉན་ཐོས་ཚུལ། །འཁོར་སེམས་རེ་རེའང་རབ་བྱུང་ཁྱིམ་ཚུལ་མཚོན། །ༀ་འགྲོ་ཀུན་ཐུགས་རྗེས་བཟུང་དུ་གསོལ། །བྱིན་རླབས་སྒྲིབ་སྦྱང་དབང་བསྐུར་གསོལ། །མུ་ནེ༴ ག་ཏེ་བཟླས། ཤར་ལྷོའི་སངས་རྒྱས་པད་མོ་དམ་པའི་དཔལ། །དཀར་སེར་ཕྱག་གཡས་པད་སྟེང་པདྨ་བསྣམས། །ཀུན་ཏུ་བཟང་པོ་རིན་ཆེན་སྡོང་པོ་བསྣམས། །འཇམ་དཔལ་གཞོན་ནུ་ཕྱག་ན་ཨུཏྤལ་བསྣམས། །སྒྲིབ་པ་རྣམ་སེལ་ཕྱག་ན་པོ་ཏི་བསྣམས། །བྱམས་པ་མེ་ཏྲི་ཕྱག་ན་འགུན་དྷེ་བསྣམས། །ཞེས་དེ་འགུན་དྷེ་ནི་བུམ་པ་སྤྱི་བླུག །སེམས་མ་བཟང་པོ་རིན་ཆེན་སྡོང་པོ་བསྣམས། །སེམས་ལ་སོགས་སྔར་དང་མཐུན། སངས་རྒྱས་ཀྱི་མཚན་ཡུམ། འབུམ་ཉི་ཁྲི་ན་གདའ། སེམས་དཔའི་མཚན་མདོ་གཞན་དུའོ། །ལྷོ་ནུབ་སངས་རྒྱས་ཉི་མའི་དཀྱིལ་འཁོར་སྣང་བ་དམ་པའི་དཔལ། སྐུ་མདོག་དམར་པོ་ཕྱག་གཡས་ཉི་མ་ཐུགས་དཀར་བསྣམས། །སེམས་དཔའ་མཐུ་ཆེན་ཐོབ་ནི་རྡོ་རྗེ་བསྣམས། །སྨན་པའི་རྒྱལ་པོ་སྨན་གྱི་བུམ་པ་བསྣམས། །ཡོན་ཏན་སྙིང་པོ་རིན་ཆེན་སྙེ་མ་བསྣམས། །མཐོང་ན་དགའ་བ་ཀླུ་ཤིང་ལོ་མ་བསྣམས། །འཚམས་ཐུན་འདོད་གསོལ་སྔགས་བརྗོད། ནུབ་བྱང་སངས་རྒྱས་གདུགས་མཛེས་དམ་པའི་དཔལ། །སྐུ་མདོག་དམར་ལྗང་ཕྱག་གཡས་གདུགས་ཀྱིས་འགྱེབས། །ཕྱག་གཡོན་མཉམ་པའམ་ལྟེ་བར་མཐིལ་མཆོད་སྦྱིན། །གཙུག་ཏོར་ཆོས་གོས་གདན་ལ་པད་སེང་ཁྲི། །སེམས་དཔའ་གཞོན་ནུ་དབུ་རྒྱན་མེ་ཏོག་ཨུད། །སྐྱེས་བུ་དམ་པ་ཕྱག་ན་ཀུ་མུ་ཏ། །སེང་གེ་སྒྲ་ནི་འབུད་དུང་རྔ་ཡབ་བསྣམས། །རྡོ་རྗེའི་རྒྱན་ནི་ཕྱག་ན་སྤྱན་གསལ་བསྣམས། །ཞེས་ཏེ་སེམས་མ་བཞི་དང་མཐུན། ཤར་ནུབ་ཕྱག་མཚན་ཞུ་ཏིག་འཚལ། །མུ་ནེ་ག་ཏེ་བཟླས། མེ་ཏོག་གོང་མ། ཨུཏྤལ་འོག་མ། ཀུ་མུ་ཏ་ཡིན་ནམ་དག་ཅིག་འཚལ། སྟེང་ཕྱོགས་སངས་རྒྱས་དགའ་བའི་དཔལ། །ཅེས་པ་དཀར་པོ་ཕྱག་གཡས་རྒྱལ་མཚན་གཡོན་གདན་མཐུན་སེམས་མདོག་སྔར་མཐུན། བཟང་སྐྱོང་བུམ་པ་འཛིན། དཀོན་མཆོག་འབྱུང་གནས་རིན་ཆེན་སྒྲོམ་བུ་བསྣམས། །དཔའ་བར་འགྲོ་བ་རལ་གྲི་ཕྱག་ན་འཛིན། །ཟླ་འོད་གཞོན་ནུ་ཟླ་ཚེས་དཀར་པོ་བསྣམས། །སེམས་མ་སྔར་དང་མཐུན་ཙཀ་རྙིང་པ་ལྟར། །ༀ་སརྦ་ཏ་ཐ་ག་ཏ་རི་ཏི་བཛྲ་སྭཱ་ཧཱ། ༀ་ཏྲ་པ་ལེ་ཏྲ་པ་ལེ་སྭཱ་ཧཱ། ༀ་རཏྣ་སྭ་བྷ་ཝ་དྷ་ར་སྭཱ་ཧཱ། ༀ་ཤུ་ར་ག་མེ་པ་ཏི་སྭཱ་ཧཱ། ༀ་ཙན་ཏྲ་པྲ་ས་ཀུ་མ་ར་སྭཱ་ཧཱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བའི་དཔལ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བཟང་སྐྱོངས་དང་། དཀོན་མཆོག་འབྱུང་གནས་དང་། དཔའ་བར་འགྲོ་བ་དང་། ཟླ་འོད་གཞོན་ནུ་དང་། སེམས་མར་བཅས་པ་དེ་རྣམས་ཀྱིས་ཐུགས་རྗེས་བཟུང་དུ་གསོལ། །སྒྲིབ་པ་སྦྱང་དུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ། དབང་བསྐུར་དུ་གསོལ། ཅེས་སོ། །སྐུ་མདོག་ཕྱག་མཚན་ཙ་ཀར་ངེས་དགོས་པ། མུ་ནེ། ག་ཏེ། སྤྱི་བསྙེན་དང་སྐུ་མདོག་ཕྱག་མཚན་བྲིས་སོ། །འོག་ཕྱོགས་སངས་རྒྱས་པད་མོའི་དཔལ་ཅེས་པ། །སྔོ་ནག་པདྨ་ཆོས་ཅན་ཁ་ཕྱེ་བས། །གཡོན་ལྟེར་མཆོད་སྦྱིན་ཡང་ན་མཉམ་བཞག་བཤད། །གཙུག་ཏོར་ཆོས་གོས་གདན་ཟླ་པདྨ་སེང་གེའི་ཁྲི། །ཤར་ལྷོ་ནུབ་བྱང་དཀར་སྔོ་དམར་ལྗང་སེར། །སེམས་དཔའ་ཡེ་ཤེས་ཏོག་ནི་ཏོག་དཀར་བསྣམས། །སེམས་དཔའ་མྱ་ངན་འཇོམས་པ་རལ་གྲི་འཛིན། །བློ་གྲོས་མི་ཟད་ཕྱག་ན་པོ་ཏི་འཛིན། །ཡེ་ཤེས་འོད་ཟེར་ཕྱག་ན་རྡོ་རྗེ་བསྣམས། །ཆོས་སྐོར་ཤར་ལྷོའི་མཚམས་དཀར་སེར་དམར་ལྗང་། །རྡོ་རྗེ་རིན་ཆེན་ཆོས་ལས་སེམས་མ་བཞི། །ཆོས་འཆད་རྡོ་རྗེ་རིན་ཆེན་པད་རྒྱ་གྲམ། །ལྷ་རྒྱན་ཚུལ་དང་མིའི་རབ་བྱུང་ཚུལ། །གང་འདུལ་གང་མོས་ཚུལ་གྱིས་དོན་མཛད་པའོ། །ༀ་དེ་རྣམས་ཀྱིས་ཐུགས་རྗེས་བཟུང་དུ་གསོལ། །སྒྲིབ་པ་སྦྱང་དུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ། དབང་བསྐུར་དུ་གསོལ། ཁྱམས་ལ་ཕྱོགས་སྐྱོང་བསྟན་བསྲུང་བཅུ། །ཤར་སྐྱོངས་བརྒྱ་བྱིན་དཀར་པོ་ནི། །གླང་ཆེན་ཁྲི་སྟེང་རྡོ་རྗེ་གདེངས། །ལྷོ་ཤར་མེ་ལྷ་དམར་སེར་ནི། །ར་སྐྱེས་ཁྲི་སྟེང་བགྲང་ཕྲེང་འདྲེན། །ལྷོ་སྐྱོང་གཤིན་རྗེ་སྔོན་པོ་ནི། །མ་ཧེའི་ཁྲི་སྟེང་ཐོད་དབྱུག་འཕྱར། །ལྷོ་ནུབ་སྲིན་པོ་སྨུག་པོ་ནི། །གྱད་མི་ཁྲི་སྟེང་རལ་གྲི་འཛིན། །ནུབ་སྐྱོངས་ཆུ་ལྷ་དམར་པོ་ནི། །ཆུ་སྲིན་ཁྲི་སྟེང་སྦྲུལ་ཞག་འཛིན། །ནུབ་བྱང་རླུང་ལྷ་དུད་ཁ་ནི། །ཤ་བའི་སྟེང་ན་བ་དན་འཕྱར། །བྱང་སྐྱོང་གནོད་སྦྱིན་ལྗང་ཁུ་ནི། །རྟ་མཆོག་ཁྲི་སྟེང་དབྱུག་ཐོ་འཕྱར། །བྱང་ཤར་དབང་ལྡན་དཀར་པོ་ནི། །གླང་བུ་ཁྱུ་མཆོག་སྟེང་རྩེ་གསུམ། །སྟེང་སྐྱོང་ཉི་མར་ཟླ་དཀར་ནི། །དུར་ངང་ཁྲི་སྟེངས་པདྨ་དམར། །མེ་ཏོག་ཀུ་མུ་དཀར་པོ་འཛིན། །འོག་སྐྱོང་ས་ཡི་ལྷ་མོ་སེར། །ཕག་པའི་ཁྲི་སྟེང་གཏེར་བུམ་བསྣམས། །ༀ་འགྲོ་ཀུན་ཐུགས་རྗེས་བཟུང་དུ་གསོལ། །བྱིན་རློབས་སྒྲིབ་སྦྱངས་དབང་བསྐུར་གསོལ། །མུ་ནེ་ག་ཏེ་བཟླས་སོ། །སྔོན་གྱི་ཙཀ་རྙིང་པ་ལ་ལྷ་རེའི་བསྐྱེད་སྔགས་དང་འདོད་གསོལ་ལྷུག་པར་བཤད་ནའང་བླ་མའི་གསུང་བཞིན་བྲིས་སོ། །གློ་འབུར་གྲུ་ཆད་མཆོད་ལྷ་སྒོ་མ་ནི། །སེམས་དཔའ་ཕྱོགས་སྐྱོང་ལྟར་དུ་ཕྱེད་སྐྱིལ་བཞུགས། །ཡང་ན་སྒོ་མ་ཞལ་ཕྱིར་རྐྱང་སྐུམ་བཞེངས། །ཕྱོགས་སྐྱོང་སེམས་ཡབ་གཡས་བསྐུམ་ཡུམ་གཡོན་སྐུམ། །ཤར་ནས་སྒེག་མོ་ཕྲེང་ཐོག་གླུ་གར་མ། །མེ་ལོང་ཕྲེང་བ་པི་ཝཾ་གར་ཆས་འཛིན། །སྤོས་དང་མེ་ཏོག་མར་མེ་དྲི་ཆབ་མ། །བདུག་སྤོས་མེ་ཏོག་སྒྲོན་མེ་དུང་ཕོར་དྲི། །སྒོ་མའང་ལྕགས་ཀྱུ་ཞག་སྒྲོག་དྲིལ་འཁྲོལ་མ། །ཁ་དོག་ཕྱོགས་མཚམས་སེམས་མཚུངས་གཙོ་ལ་གཟིགས། །ལྷ་ཡི་རྒྱན་ཆས་པད་ཟླའི་གདན་ལ་འཁོད། །མཆོད་རྫས་གདུལ་བྱ་ངོ་མཚར་དུ་མས་འཁྲིགས། །ༀ་འགྲོ་ལ་ཐུགས་རྗེས་གཟིགས་སུ་གསོལ། །བྱིན་རློབ་སྒྲིབ་སྦྱང་དབང་བསྐུར་གསོལ། །ༀ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་སཱ་ཧཱ། ༀ་ག་ཏེ་ག་ཏེ་པ་ར་ག་ཏེ་པ་ར་སཾ་ག་ཏེ་བྷོ་དྷི་ཡེ་སྭཱ་ཧཱ། བྱང་སེམས་ཐེག་པའི་རྒྱབ་ཡིག་ཟུར་བྱམས་པ་དང་བླ་མ་བཟང་པོའི་བཀའ་ལ་བརྟེན་ནས་བླ་མའི་གསུང་ཀུན་ཕན་སངས་རྒྱས་ཤོག །ཀྲི་ཡའི་རྒྱབ་ཡིག་ནི། ཧ་གསུམ་དང་ལྷ་དྲུག་སྟེ་བདུན་དང་། ལྷ་བཅོ་ལྔ་དང་། རྒྱས་པ་སྟེ་ལུགས་འགའ་སྣང་ངོ་། །ལྷ་གསུམ་ལྟར། ཐུགས་རྗེའི་རྟགས་སུ་སྐུ་མདོག་ཟླ་བའི་འོད། །མ་ཆགས་སྐྱོན་གྱིས་མ་གོས་པདྨ་བསྣམས། །སྤྱན་རས་གཟིགས་ཀྱི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཡོན་ཏན་རྒྱས་པ་སྐུ་མདོག་གསེར་དང་མཚུངས། །ཤེས་རབ་རྟགས་སུ་པོ་ཏི་རལ་གྲི་བསྣམས། །འཕགས་པ་འཇམ་དཔལ་ཤེས་བྱ་གང་ཡིན་པ། །བཀྲ་ཤིས་དམ་པ་དེང་འདིར་བདེ་ལེགས་ཤོག །ཆོས་ཉིད་མི་འགྱུར་རྟགས་སུ་སྐུ་མདོག་མཐིང་ནག་སྟེ། །ཐབས་དང་ཤེས་རབ་དབྱེར་མེད་རྟགས་སུ་རྡོ་རྗེ་འཛིན། །དཔལ་ལྡན་ཕྱག་ན་རྡོ་རྗེའི་བཀྲ་ཤིས་གང་ལགས་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ལྷ་གཙོ་བོ་གང་ཡང་རུང་བ་ཞིག་བསྐྱེད་པ་དབུས་ཡིན་ལ། འཁོར་ཡི་གེའི་ཁ་དོག་ཅན་ལྷ་དྲུག་གཙུག་ཏོར་ཆོས་གོས་ཅན་ནོ། །སྦྱངས་པའི་ལྷ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཐལ་མོ་ཁོང་སྟོང་ཐུགས་ཀར་སྦྱར་བ་སྣ་ཨ་དཀར་པོ་ཅན་རྣམ་སྣང་ངོ་བོ་དེ་ཡི་དབང་ཐོབ་ཤོག །སྤེལ་བའི་ལྷ་རྣམ་པར་སྣང་མཛད་སྨིན་མཚམས་རིན་ཆེན་སྒྲོམ་གྱི་ཕྱག་རྒྱ་ཁང་སྔོན་པོ་ཅན་མི་བསྐྱོད་པའི་ངོ་བོའི་དབང་ཐོབ་ཤོག །མོས་པར་བསྒྱུར་བའི་ལྷ་བདུད་རྩི་འཁྱིལ་པ་འབར་བའི་ཕྱག་རྒྱ་ཁའི་ཐད་དུ་ཛ་དམར་པོ་ཅན། སྣང་མཐའི་ངོ་བོའི་དབང་ཐོབ་ཤོག །སོ་སོར་ཐོབ་པའི་ལྷ་རྒྱལ་ཆེན་ཤུགས་ལྡན་འོད་ཀྱིས་རྒྱ་མཆོད་སྦྱིན་མཛུབ་སྒྲེང་གཡས་ན་བཅས་པར་ཏྲམ་ངམས་པ་སེར་པོ་ཅན་རིན་ཆེན་འབྱུང་ལྡན་ངོ་བོའི་དབང་ཐོབ་ཤོག །ཐམས་ཅད་ཚིམ་པའི་ལྷ་དོན་གྲུབ་ཡེ་ཤེས་སྐར་མདའི་རྒྱ་གཡོན་མཆོད་སྦྱིན་གཡས་ཁུ་ཚུར་སྐྱབས་སྦྱིན་གཡོན་དུ་བཅས་པར་ཧ་ལྗང་ཁུ་དོན་འགྲུབ་ངོ་བོའི་དབང་ཐོབ་ཤོག །ཐམས་ཅད་རྩོད་པ་མི་བྱེད་པར་བདག་གི་དབང་དུ་བྱེད་པའི་ལྷ་ཕྱག་ན་རྡོ་རྗེས་དབང་བསྐུར་བས་འཁོར་ལོ་རྒྱལ་པོའི་སོར་མོ་ནང་བསྡམས་ཀྱི་ནང་དུ་ཛ་དམར་པོ་ཅན་རྡོར་སེམས་རིགས་གང་གིས་ལས་ཀྱི་ལྷའི་ངོ་བོ་དེའི་དབང་ཐོབ་ཤོག །ཀྲི་ཡ་དོན་གྱི་ལྷ་དྲུག་ཕྱག་རྒྱ་དྲུག་ཡི་གེ་དྲུག་དོན་དྲུག་གོ། །ཀྲི་ཡའི་ལྷ་ལྔ་གསུམ་བཅོ་ལྔ་ནི། རིགས་བདག་ཐུགས་མཆོག་མི་བསྐྱོད་པ། །ཆོས་ཉིད་མི་འགྱུར་སྐུ་མདོག་སྔོ། །ས་གནོན་ཆེན་པོའི་ཕྱག་རྒྱ་མཛད། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །གཡོན་མཉམ་བཞག་ཕྱག་ན་རྡོ་རྗེའི་ཐུགས་རིགས་གཙོ། སྐུ་མདོག་མཐིང་ལ་འོད་ཟེར་འབར། །དམ་ཚིག་རྡོ་རྗེའི་ཕྱག་རྒྱ་ཅན། །དེའི་དབང་༴ གཡོན་དྲིལ་བུ༴ རིགས་ཀྱི་ཡུམ་ཆེན་ཀུན་ཏུ་བཟང་། མཐིང་ལ། ཕྱག་མཚན་རྡོ་རྗེ་རྩེ་གསུམ་བསྣམས། །དེའི་དབང༴ ཡང་ན་ཡུམ་ཆེན་མ་མ་ཀི། །སེར་ལ་གཅེས་སོ། །གཡོན་དྲིལ་བུའམ་སྨན་གྱིས་བུམ་པའོ། །དེའི་དབང་༴ རིགས་ཀྱི་ཁྲོ་རྒྱལ་བདུད་རྩི་འཁྱིལ། །ཡང་ན་བདུད་རྩི་ཐལ་སྦྱོར་ནི། །ལྗང་ལ༴ རྒྱ་གྲམ༴ དེའི༴ གཡོན་པ་དྲིལ་བུའམ་བུམ་པའོ། །རིགས་ཀྱི་ཕོ་ཉ་རྡོ་རྗེ་ཁྲོ་བོ་ནི། །མཐིང་ནག༴ རྡོ་རྗེ༴ དེའི༴ ཡང་ན་རྡོ་རྗེ་ལྕགས་ཀྱུ་ཡང་བཤད་གཡོན་སྡིགས་མཛུབ། རྒྱས་པར་ཡུམ་ལ་བཀའ་སྡོད་དོ། །ཕོ་ཉ་ལ་ལྷ་ཆེན་པོ་དང་། རིགས་སྔགས་ལྷ་མོ་ནི་གཡོན་སྐུ་ལ་བརྟེན་པའོ། །རྡོ་རྗེ་ལྷ་མོ་སྟོབས་ཆེན་མོ། སྐུ་མདོག་ནག་ལ་ཕྱག་མཚན་རྡོ་རྗེ་རྩེ་གཅིག་བསྣམས། དེའི་དབང་༴ རིགས་སྔགས་ལྷ་མོ་རྣམ་རྒྱལ་མ། །དཀར་ལ༴ ཕྱག་མཚན་ཕྱག་ན་འཁོར་ལོ་བསྣམས། །དེའི༴ ལྷ་ཆེན་ཁྱབ་འཇུག་འཁོར་ལོ་ནི། །སྐུ་མདོག་མཐིང་ཁ་འོད་ཟེར་འབར། །ཕྱག་མཚན་ཕྱག་ན་འཁོར་ལོ་བསྣམས། །དེའི་དབང་མཆོག༴ ༀ་བཛྲ་པ་ཎི་ཧཱུཾ་ཕཊཿ གཙུག་ཏོར་གདུགས་དཀར་ན་གསུངས་གདའ་བ་འདིར་མཛད། ཡང་ན་བཛྲ་པ་ཎི་ཧཱུྃ་ཕཊཿ བོད་སྐད་བྱེད་ན་ཕྱག་ན་རྡོ་རྗེའོ། །ཞེས་སོ། །རིགས་བདག་གསུང་མཆོག་སྣང་མཐའ་ཡས། །ཐུགས་རྗེས་ཆགས་པ་སྐུ་མདོག་དམར། །བསམ་གཏན་མཆོག་གི་ཕྱག་རྒྱ་མཛད། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །སྤྱན་རས་གཟིགས་དབང་གསུང་རིགས་གཙོ། །སྐུ་མདོག་དམར་ལ་འོད་ཟེར་འབར། །པདྨ༴ དེ་ལ༴ གཡས་པ་མཆོད་སྦྱིན། རིགས་ཀྱི་ཡུམ་ཆེན་གོས་དཀར་མོ། །དམར་ལ༴ ཕྱག་མཚན་ཕྱག་ན་པདྨ་བསྣམས། །དེ་ལ༴ གཡོན་དྲིལ་བུའམ་བུམ་པ། རིགས་ཀྱི་ཁྲོ་རྒྱལ་རྟ་མགྲིན་ནི། །དམར་ལ༴ པདྨ་བསྣམས། ཡང་ན་རལ་གྲིའམ་བེ་ཅོན་ནམ་སྦྲུལ་ཞགས་ཞེས་སོ། །རིགས་ཀྱི་ཕོ་ཉ་རྡོ་རྗེ་ཕུར་པ་ནི། དམར་ནག༴ ཕུར་པ་བསྣམས་པ། ཡང་ན་པདྨའི་མདངས་ཅན་སེང་གེ་བཅིབས། །དམར་ལ༴ པད་མ་ཁ་ཕྱེ་བསྣམས། གཡོན་སྡིགས་མཛུབ། རྒྱས་པ་བཀའ་སྡོད་རིག་སྔགས་ལྷ་མོ་དང་། །ལྷ་ཆེན་པོ་ནི་གཡོན་སྐུ་བརྟེན། །ལྷ་མོ་ཆེན་མོ་གྲགས་ལྡན་མ། །དཀར་ལ༴ པདྨ་ཁ་ཕྱེ་བསྣམས། ཡང་ན་དམར་ལའོ། །རིགས་སྔགས་ལྷ་མོ་ལུ་གུ་རྒྱུད། སེར་ལ༴ ལུ་གུ་རྒྱུད། ལྷ་ཆེན་མ་ཧ་དེ་ཝ་ནི། དམར་ལ༴ དྲི་ཤུལ་རྩེ་གསུམ་བསྣམས། དེ་ལ༴ ༀ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཞེས་ཐུགས་རྗེས་ཆེན་པོས་བརྒྱུད་ནས་ཧྲཱིཿ ཡོད་ལ་ཁྱད་ཟབ་བཤད་པ་ལྟར་མཛད། ཡང་ན། ༀ་མ་ནི་པདྨེ་ཧཱུཾ་ཧྲཱིཿ ཞེས་སོ། །བོད་སྐད་དུ་ཡིད་བཞིན་ནོར་བུ་སྐྱོན་བྲལ་སྟེང་ཞེས་སོ། །རིགས་བདག་སྐུ་མཆོག་རྣམ་སྣང་མཛད། །ཉེས་པའི་སྐྱོན་བྲལ་སྐུ་མདོག་དཀར། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །བྱང་ཆུབ་མཆོག་དང་ཆོས་འཆད་གང་རུང་ངོ་། །བཅོམ་ལྡན་འཇམ་དཔལ་སྐུ་ཡི་རིགས་ཀྱི་གཙོ། །སྐུ་མདོག་སེར་ལ་འོད་ཟེར་འབར། །ཕྱག་མཚན་ཕྱག་ན་རལ་གྲི་བསྣམས། །དེ་ལ་ཕྱག་འཚལ༴ ཡང་ན་རལ་གྲི་ཨུཏྤལ་བསྣམས་ཞེས། རིགས་ཀྱི་ཡུམ་ཆེན་སངས་རྒྱས་སྤྱན། །དཀར་ལ༴ ཕྱག་མཚན་ཐོར་ཚུག་སྤྱན་གསལ་བསྣམས། དེ་ལ༴ གཡས་འཁོར་ལོ་ཡིས་སྲས། གཡོན་དྲིལ་བུའམ་བུམ། རིགས་ཀྱི་ཁྲོ་རྒྱལ་གཤིན་རྗེ་གཤེད། །སྨུག་ནག་བདེ་མཆོག་བདེ་ཆེན། དེ་ལ༴ ཡང་ན་དབྱུག་དོ་བསྣམས་ཞེས་སོ། །གཡོན་དྲིལ་བུའམ་བུམ། རིགས་ཀྱི་ཕོ་ཉ་རྡོ་རྗེ་རྣོན་པོ་ནི། སྔོ་ནག༴ རལ་གྲི༴ དེ་ལ༴ ཡང་ན་ཕོ་ཉ་སྒྲ་གཅན་ཉེ་བའི་སྒྲ་གཅན་ནི། དཀར་ལ་ཞེས་སོ། །གཡོན་སྡིགས་མཛུབ། རྒྱས་པར་བཀའ་སྡོད་དང་རིག་སྔགས་ལྷ་མོ་དང་། ལྷ་ཆེན་པོ་ནི་གཡོན་སྐུ་བརྟེན། དཔལ་གྱི་ལྷ་མོ་ཆེན་མོ་ནི། སྐུ་མདོག་དཀར་སེར༴ ཕྱག་ན་པདྨ༴ དེ་ལ༴ རིགས་ལྷ་མོ་མཛོད་སྤྲུལ་མ། དཀར་ལ༴ ཡིད་བཞིན་ནོར་བུ་བསྣམས། དེ་ལ༴ ལྷ་ཆེན་ཚངས་པ་ཆེན་པོ་ནི། སེར་ལ༴ ཕྱག་ན་རིལ་བ་སྤྱི་བླུག་བསྣམས། དེ་ལ༴ ༀ་ཝ་གི་ཤྭ་རི་མུཾ་ཞེས་འཇམ་དཔལ་དུ་གསུངས། བོད་སྐད་གསུང་གི་དབང་ཕྱུག་ཏུ་བརྗོད། བདག་པོའི་དབུ་རྒྱན་རིགས་གཙོ་དཀྱིལ། ཡུམ་ཤར་ཁྲོ་ལྷོ་ཕོ་ཉ་བྱང་། ཕོ་ཉ་འདམ་ཁ་ནུབ་མཚམས་ལ། གང་བདེར་རིག་སྔགས་ལྷ་དང་། ལྷ་ཆེན་བཀོད་པ་ནི་བླ་མ་དཔལ་ལྡན་པའི་བཀའོ། ཁ །བཀྲ་ཤིས་ཀྱི་མཆོད་ལྷ་ནི་ཕྱག་གཉིས་གུས་འདུད་དེ། ཤར་ཕྱོགས་དཔལ་ལྡན་པདྨ་ཅན། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་མཚན་ཕྱག་ན་དཔལ་བེའུ་བསྣམས། །དེ་ལ༴ ཤར་ཕྱོགས་འཇིག་བྱེད་འཇིག་བྲལ་བ། །སྔོ་ལ༴ འཁོར་ལོ༴ དེ་ལ༴ ལྷོ་ཕྱོགས་ལྷོ་མོ་འོད་ལྡན་མ། དཀར་ལ༴ པདྨ༴ དེ་ལ༴ ལྷོ་ཕྱོགས་བཀྲ་ཤིས་རྣམ་རྒྱལ་མ། །དཀར་དམར༴ རྒྱལ་མཚན། དེ་ལ༴ ནུབ་ཕྱོགས་བཀྲ་ཤིས་མདངས་ཅན་མ། །སེར་ལ༴ གདུགས་ཐོགས་འཛིན། དེ་ལ༴ ནུབ་ཕྱོགས་བདུད་རྩི་ཏྲི་ནེད་མཚོ། །ལྗང་ལ༴ བུམ་པ༴ དེ་ལ༴ བྱང་ཕྱོགས་རྒྱལ་བའི་གསུང་སྒྲོགས་མ། །སྔོ་ལ༴ འབུད་དུང་༴ དེ་ལ༴ བྱང་ཕྱོགས་ལྷ་མོ་ཡིད་བཟང་མ། །ལྗང་སྔོན༴ རྫུ་འཕྲུལ་གསེར་ཉ༴ དེ་ལ་ཕྱག་འཚལ་མཆོད་པར་འབུལ། དེ་ཡི་དབང་མཆོག་ཐོབ་པར་ཤོག །ཀྲི་ཡའི་རིགས་གསུམ་གང་རུང་གཙོ་ལ་འཁོར་གསུམ་གཉིས་ཏེ་གཙོ་བོ་གསུམ་དང་། གང་གཙོ་ལ་འཁོར་དྲུག་སྟེ་ལྷ་བདུན་ལ་འཁོར་གཉིས་དང་། ནང་གཙོ་ལ་འཁོར་བཅུ་བཞི་སྟེ་བཅོ་ལྔ་མཐའ་རྒྱན་དང་བཅས་པ་སྟེ། གཙོ་བོ་རེའང་འཁོར་ལུགས་གསུམ་བྱུང་བས་དལ་དགུའང་སོ་སོ་དང་གཅིག་གང་ལྕོགས་མཛད། ཀྲི་ཡའི་རྫས་དབང་ཉི་ཤུ་རྩ་དྲུག་སྒོས་ཀྱི་ཡིན། བྱང་སེམས་ཉི་ཤུའང་འདིར་ཐེའོ། །ཆབ་རྡོར་གླུ་གཏོར་གྱི་སྨན་སྒྲུབ་ཡོད་ན་སྨན་དབང་བྱའོ། །ཀྲི་ཡའི་ལྷ་དབང་རྫོགས་སོ། །བྱང་སེམས་དང་ཀྲི་ཡོག་སྤྱིའི་མགོན་ལྷ་བསྐལ་བཟང་སེམས་དཔའ་བཅུ་དྲུག་གཡོན་ཐུགས་ཀར་ཕྱེད་ཐལ་མོ་དང་མཆོད་སྦྱིན་དང་སྐུ་བརྟེན་གང་རུང་ངོ་། །ཤར་ཕྱོགས་དཔའ་བར་འགྲོ་བ་ནི། །སྐུ་མདོག་དཀར་ལ་རལ་གྲི་བསྣམས། །དེ་ལ༴ ཀུན་ཏུ་བཟང་པོ་ནི་དཀར༴ རིན་ཆེན་སྙེ་མ༴ དེ་ལ༴ ཟླ་འོད་གཞོན་ནུ་དཀར༴ ཟླ་བ༴ བཟང་སྐྱོངས་ཀུན་ལ་སྐྱོངས། དཀར༴ བུམ་པ༴ དེ་ལ༴ ལྷོ་ཕྱོགས་དྲྭ་བ་ཅན་གྱི་འོད། །སྔོ༴ དྲ་བ༴ དེ་ལ༴ སེམས་དཔའ་ནམ་མཁའ་མཛོད༴ སྔོ༴ རིན་ཆེན་སྒྲོམ་བུ༴ དེ་ལ༴ ནམ་མཁའི་སྙིང་པོ་ནི། སྔོ༴ རྡོ་རྗེ་རྩེ་གསུམ༴ དེ་ལ༴ སེམས་དཔའ་འོད་དཔག་མེད༴ སྔོ༴ རིན་ཆེན་འབར་བ༴ ནུབ་ཕྱོགས་མྱ་ངན་ཀུན་འཇོམས་ནི། །དམར༴ རལ་གྲི༴ དེ་ལ༴ སེམས་དཔའ་ཡེ་ཤེས་ཏོག༴ དམར་རིན་ཆེན་ཏོག༴ དེ་ལ༴ སྤོབས་པ་བརྩེགས་པ་ནི། དམར༴ རིན་ཆེན་འབར་བ༴ དེ་ལ༴ བློ་གྲོས་མི་ཟད་པ། དམར༴ ཆོས་ཀྱི་པོ་ཏི། དེ་ལ༴ བྱང་ཕྱོགས་བྱམས་པ་མེ་ཏྲི་ནི། །ལྗང་༴ འགྱུ་དྷེ་སྤྱི་བླུག༴ དེ་ལ༴ སྤོས་ཀྱི་གླང་པོ་ནི། ལྗང་ཁུ༴ འབུད་དུང་༴ དེ་ལ༴ ངན་སོང་ཀུན་འདྲེན་ནི། ལྗང་༴ ལྕགས་ཀྱུ༴ དེ་ལ༴ བྱང་ཕྱོགས་སེམས་དཔའ་དོན་ཡོད་གྲུབ། །སྐུ་མདོག་ལྗང་ལ་འོད་ཟེར་འབར། །ཕྱག་མཚན་ཕྱག་ན་རྒྱ་གྲམ་བསྣམས། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ཀ་འདིར་སྤྱོན། ཡང་བླ་མའི་ཕྱག་ལེན་དུ། དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས། །ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ། །གཟི་བརྗིད་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ༀ་མ་ཎི་པདྨེ་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། ཞེས་རྣམ་དག་ཕར་ཕྱིན་བཅུ་པ་དབང་སྟོབས་ཕྱོགས་བཅུ་སོགས་ལྷར་བསྟན་པའི་མིང་ཡིན་གྱི་ཞལ་གཅིག་ཡིན་གསུང་། སྐུ་འཇམ་དཔལ་ཡོན་ཏན་རྒྱས་ཕྱིར་སེར། ཕྱག་རྡོར་ཕྲིན་ལས་ཀྱི་རྣམ་འཇོམས་ལྗང་ཁུ་དུད་ཁ་དང་ཐུགས་མཐིང་ཁ། གསུང་ཐུགས་རྗེས་སྤྱན་རས་དམར་པོ་དང་། དམར་པོའང་གསུངས། དཔལ་གྱི་འབྱུང་གནས་འཇམ་དཔལ་ཀུན་གྱི་དཔལ། །མཐའ་དག་ཡོངས་ལ་ཁྱབ་པ་འཇོམས་པའི་ངང་། །འཇམ་དང་དཔལ་དུ་གྲགས་པའི་དོན་དང་ལྡན། །འཇམ་དཔལ་ཡང་དག་དཔལ་ལ་ཕྱག་འཚལ་ལོ། །ༀ་ཝ་གི་ཤྭ་རི་མུཾ། ཧཱུྃ་ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །ༀ་བཛྲ་པ་ཎི་ཧཱུྃ། ཨ་བྷི་ཥིཉྩ་ཧཱུྃ། རྫས་དབང་ཀྲི་ཡ་བཀྲ་ཤིས་ཉེར་དྲུག་གོ། །འདི་ཡི་ལས་ཀྱི་ལྷ་མི་གཡོ་བས་བྱེད་ཅེས་སློབ་དཔོན་སངས་རྒྱས་གསང་བས་བཤད། ཀྲི་ཡ་ལ་རིགས་ལྔ་དཀྱིལ་འཁོར་ལ་འགོད་པ་ཡོད་ཀྱང་། ལྷ་དབང་རིགས་ལྔས་མི་བསྐུར་རིགས་གསུམ་ཡིན། ཡུམ་ལྔའང་ཁྲུས་བུམ་པ་འཛིན་པ་ཡབ་ལྔའང་དགོངས་ནས་བྱིན་རླབས་མཛད་པར་མོས་གུས་བྱེད་གསུངས། ཨུ་པ་ནི། བྱང་ཆུབ་མཆོག་དང་ས་གནོན་དང་། །མཆོག་སྦྱིན་མཉམ་པའི་ཕྱག་རྒྱར་ལྡན། །སྐྱབས་ཀྱི་ཕྱག་རྒྱ་ལ་སོགས་ལྔས། །མི་འདི་ཕྱག་རྒྱའི་དབང་ཐོབ་ཤོག །བཞི་བཅུ་རྩ་བདུན་པའོ། །སྤྲོས་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས། །བུམ་པ་ཟླུམ་པོ་ཡུམ་གྱི་གཏེར། །ཕན་བྱེད་སྨན་པའི་མཆོག་ཡིན་ཏེ། །འགྲོ་བའི་ནད་སེལ་བཀྲ་ཤིས་ཤོག །ལྔ་བཅུ་རྩ་བརྒྱད་པའོ། །ཧཱུྃ་དོན་དམ་བདེན་པའི་ཆོས་ཉིད་ལས། །མི་གཡོ་སེམས་དཔའི་མངོན་སུམ་དུ། །རིགས་བཞི་རྡོ་རྗེ་འཆང་གནས་པ། །ཨུ་པ་ཡ་ཡི་དབང་ཐོབ་ཤོག །ༀ་བྷུདྡྷ་བཻ་རོ་ཙ་ན་ༀ། ༀ་བཛྲ་ཨཀྵོ་བྷྱ་ཧཱུྃ། ༀ་རཏྣ་ས་བྷ་བ་ཏྲཾ། ༀ་པདྨ་ཨ་མི་དེ་བ་ཧྲིཿ ༀ་ཀརྨ་ཨ་མོ་གྷ་སིདྡྷི་ཨཿ ཨ་བྷི་ཥིཉྩ་ཧཱུྃ། བདེན༴ རིགས༴ ཨུ་པ་ཡ་ཡིས་དབང་བསྐུར་བས་རིགས་བཞི་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་གྱུར་ཅིག །རིགས་ལྔ་ནི་ཡོ་ག་དབུ་རྒྱན་ཅན་དབུ་སྐྲ་ལྕང་ལོ་ཅན་ལོངས་སྤྱོད་རྫོགས་སྐུ། རྣམ་སྣང་དཀར་པོ་ཕྱག་རྒྱ་བྱང་ཆུབ་མཆོག་ནི་གཉིས་ཏེ་གཡས་ཀྱིས་གཡོན་གྱི་མཛུབ་མོ་བཟུང་བ་དང་། ཆོས་འཆད་གང་རུང་གི་སྟེང་ན་འཁོར་ལོ། མི་བསྐྱོད་པ་སྔོ་ས་གནོན་དྲུང་ན་རྡོ་རྗེ་འཛིན། རིན་འབྱུང་སེར་མཆོད་སྦྱིན་སྟེང་ན་རིན་པོ་ཆེ། འོད་དཔག་མེད་དམར་མཉམ་བཞག་སྟེང་ན་པདྨ། དོན་གྲུབ་ལྗང་སྐྱབས་སྦྱིན་ཕྱག་རྒྱན་རྒྱ་གྲམ་མོ་རིགས་བཞི་ནི་འཁོར་ལོ་མ་རྟོགས་པའི་ཕྱག་རྒྱ་བཞིར་ཕྱི་དབང་ལས་བཤད། རྫས་དབང་དང་མགྲོན་ལྷ་ཀྲི་ཡོག་ལ་བསྡུས་ནས་འདིར་མི་བསྐུར་བས་གདའ་ལགས། རིགས་བཞི་ནི་སྐུ་གསུང་ཐུགས་ཡེ་ཤེས་སེམས་དཔའ་དང་བཞི། ལྷ་གཅིག་ལའང་བརྒྱན་ནོ། །ལྷ་དུ་མ་ཡོད་ན་གང་གཙོ་བོ་ལ་ཚངས་པར་སྐུ་གསུང་ཐུགས་ཡེ་ཤེས་བཞི་ཡིན་ཨུ་པ་ཡ་རྫོགས་སོ། །ཨུ་པ་ཡ་ཡི་དཀྱིལ་འཁོར་དང་དབུ་རྒྱན་དང་། སྐུའི་བུམ་གཅིག་སྐུ་རྐྱང་དང་། གསུང་གི་བུམ་གཅིག་ཡིག་འབྲུ་རྐྱང་དང་། ཐུགས་ཀྱི་བུམ་གཅིག་ཐུགས་ཀྱི་ཕྱག་མཚན་རྐྱངས་དང་། དེ་གསུམ་ཀ་ཚངས་པའི་ཡེ་ཤེས་ངེས་པའི་གཟུགས་བརྙན་ལྟར་དལ་ལུགས་བཞིའོ། །སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་གཙོར་གང་བྱེད་ཀྱང་ཡེ་ཤེས་ཀྱི་སྐུ་ནི། སྐུ་གསུང་ཐུགས་གསུམ་ཀ་ཚངས་པ་སྟེ་ལུགས་ནི། ཞི་རྒྱས་དབང་དྲག་བཞིར་ཡོ་ག་ལུགས། སྐུ་དཀར། གསུང་དམར། ཐུགས་མཐིང་། ཡེ་ཤེས་སེར་པོ་ལ་ཚེའི་དབུས་ལའོ། །ལྷ་ནི་རྣམ་པར་སྣང་མཛད་ལ། །སྤྲུལ་པའི་ཕྱག་ན་རྡོ་རྗེ་ཡིས། །སྔོན་འགྲོ་ལ་མཆོག་དབང་བསྐུར་བ་དང་། འདིར་ཐོག་འོག་གང་ཐོབ་ཀྱིས་བསྐོར་བའི་དབང་ཁྱད་པར་མཛད་དོ། །ཡོ་ག་ཙ་ཀ་ལིའི་རྒྱབ་ཡིག །ཧཱུྃ་སྣང་སྟོང་རྡོ་རྗེ་ནམ་མཁའི་དབྱིངས། །ཆོས་དབྱིངས་ཡེ་ཤེས་རྡོ་རྗེའི་སྐུ། །བྱང་ཆུབ་མཆོག་གིས་ཕྱག་རྒྱ་མཛད། །ཕྱག་འཚལ་རྣམ་པར་སྣང་མཛད་ལའོ། །དེ་ཡི་དབང་མཆོག་སྦྱིན་པར་བྱ། །ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་དབྱིངས་སྐུ་མདོག་དཀར་པོ་རྣམ་སྣང་ཀུན་ཏུ་ཞལ་ལོ། །ༀ་བཻ་རོ་ཙ་ན་ༀ། དབུས་ཀྱི་དབུས་སེང་གེའི་ཁྲི། ཧཱུྃ། མེ་ལོང་ཡེ་ཤེས་བྱིན་རླབས་ལས། སེམས་མ་རྡོ་རྗེ་ཕྱག་རྒྱ་སྟེ། རྡོ་རྗེ་སེར་དམར་དཀར་པོ་རྩ་ལྔ་པ། །བསྟོད་ཅིང་གུས་པས་ཕྱག་ཀྱང་འཚལ། །དེ་ཡི་དབང་མཆོག་སྦྱིན་པར་བྱའོ། །ཨ་བྷི་ཥིཉྩ་ཧཱུྃ། སཏྭ་བཛྲ་ཡུམ་སངས་རྒྱས། སྤྱན་དཀར། དབུས་ཀྱི་ཤར། ཧཱུྃ་མཉམ་ཉིད་ཡེ་ཤེས་བྱིན་རླབས་ལས། །རཏྣ་སེམས་མའི་ཕྱག་རྒྱ་སྟེ། །རཏྣ་སེར་པོ་ཟུར་བརྒྱད་ལ། །བསྟོད་ཅིང་གུས་པས་ཕྱག་འཚལ་ལོ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུྃ། རཏྣ་བཛྲ་ཡུམ་མ་མ་ཀི་སེར་དབུས་ཀྱི་ལྷོ། ཧཱུྃ་ཀུན་རྟོག་ཡེ་ཤེས་བྱིན་རླབས་ལས། །ཆོས་ཀྱི་སེམས་མའི་ཕྱག་རྒྱ་སྟེ། །པདྨ་དཀར་དམར་བཅུ་དྲུག་ལ། །བསྟོད་ཅིང་གུས་པས་ཕྱག་འཚལ་ལོ། །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ཨ་བྷི་ཥིཉྩ་ཧཱུྃ། པདྨ་བཛྲ་ཡུམ་ན་བཟའ་དཀར་མོ་དམར་དབུས་ཀྱི་ནུབ། ཧཱུྃ་བྱ་གྲུབ་ཡེ་ཤེས་བྱིན་རླབས་ལས། །ལས་ཀྱི་སེམས་མའི་ཕྱག་རྒྱ་སྟེ། །རྡོ་རྗེ་རྒྱ་གྲམ་ལྗང་ཁུ་ལས། །བསྟོད་ཅིང་གུས་པས་ཕྱག་འཚལ་ལོ། །དེ་ཡི་དབང་མཆོག་ཐོབ་གྱུར་ཅིག །ཨ་བྷི་ཥིཉྩ་ཧཱུྃ། ཀརྨ་བཛྲི། ཡུམ་སྒྲོལ་མ་ལྗང་དབུས་ཀྱིས་བརྒྱན་བྱང་། ཧཱུྃ་གཟུང་འཛིན་རྡོོ་རྗེ་བསྟན་པ་ནི། །མེ་ལོང་ཡེ་ཤེས་རྡོ་རྗེའི་སྐུ། །རྡོོ་རྗེ་ས་གནོན་ཕྱག་རྒྱ་འཛིན། །ཕྱག་འཚལ་རྡོ་རྗེ་མི་བསྐྱོད་ལའོ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུྃ། ༀ་བཛྲ་ཨ་ཀྵོ་བྷྱ་ཧཱུྃ། མི་བསྐྱོད་པ་སྔོ། གླང་པོ་ཁྲི་ཤར་དབུས། ཧཱུྃ་རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པའི་སྐུ། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལའོ། །དེ་ཡི་དབང་མཆོག་འགྲེའོ། །ཨབྷི་ཥིཉྩ་ཧཱུྃ། བཛྲ་ས་ཏྭ་སེམས་དཀར་ཤར་མདུན་ནོ། །ཧཱུྃ་རྡོ་རྗེ་རྒྱལ་པོ་སངས་རྒྱས་མཆོག །རྡོ་རྗེ་ལྕགས་ཀྱུ་དེ་བཞིན་གཤེགས། །ངེས་པའི་རྒྱལ་པོ་རྡོ་རྗེ་མཆོག །ཕྱག་འཚལ་རྡོ་རྗེ་འགུགས་ཁྱོད་ལའོ། །དེ་ཡི་དབང་མཆོག་ཐོབ་གྱུར་ཅིག །ཨ་བྷི་ཥིཉྩ་ཧཱུྃ། བཛྲ་ར་ཙ་རྒྱལ་པོ་སེར་ཤར་གྱི་གཡས། ཧཱུྃ་རྡོ་རྗེ་ཆགས་པ་བདེ་ཆེན་པོ། །རྡོ་རྗེ་མདའ་ནི་དབང་བྱེད་པ། །བདུད་ཀྱི་འདོད་པ་རྡོ་རྗེ་ཆེ། །ཕྱག་འཚལ་རྡོ་རྗེ་གཞུ་ཁྱོད་ལའོ། །དེ་ཡི་དབང་མཆོག་སྦྱིན་གྱུར་ཅིག །ཨ་བྷི་ཥིཉྩ་ཧཱུྃ། བཛྲ་ར་ག་ཆགས་དམར་ཤར་གྱི་རྒྱབ། རྡོ་རྗེ་ལེགས་པ་སེམས་དཔའ་མཆོག །རྡོ་རྗེ་མགུ་བ་དགའ་བ་ཆེ། །རབ་དགེས་རྒྱལ་པོ་རྡོ་རྗེ་མཆོག །ཕྱག་འཚལ་རྡོ་རྗེས་དགེས་ཁྱོད་ལའོ། །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ཨ་བྷི་ཥིཉྩ་ཧཱུྃ། བཛྲ་ས་དུ་ལེགས་ལྗང་ཤར་གྱི་བྱང་། ཧཱུྃ་རཏྣ་རྡོ་རྗེ་འབར་བའི་མེས། །མཉམ་ཉིད་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་མཆོག་སྦྱིན་ཕྱག་རྒྱ་མཛད། །ཕྱག་འཚལ་རིན་ཆེན་འབྱུང་ལྡན་ལའོ། །དེ་ཡི་དབང་མཆོག་ཐོབ་གྱུར་ཅིག །ཨ་བྷི་ཥིཉྩ་ཧཱུྃ། རཏྣ་ས་བྷ་བ་ཏྲཾ། རིན་ཆེན་འབྱུང་ལྡན་སེར་རྟ་མཆོག་ཁྲི་ལྷོའི་དབུས། ཧཱུྃ་རྡོ་རྗེ་རིན་ཆེན་རྡོ་རྗེ་དོན། །རྡོ་རྗེ་ནམ་མཁའ་ནོར་བུ་ཆེ། །ནམ་མཁའ་སྙིང་པོ་རྡོ་རྗེ་འབྱུང་། །ཕྱག་འཚལ་རྡོ་རྗེ་སྙིང་པོ་ལའོ། །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ཨ་བྷི་ཥིཉྩ་ཧཱུྃ། བཛྲ་རཏྣ་རིན་ཆེན་དཀར་ལྷོའི་མདུན། ཧཱུྃ་རྡོ་རྗེ་གཟི་བརྗིད་ཆེ་འབར་བ། །རྡོ་རྗེ་ཉི་མ་རྒྱལ་བའི་འོད། །རྡོ་རྗེ་གཟི་བརྗིད་འོད་ཟེར་ཆེ། །ཕྱག་འཚལ་རྡོ་རྗེ་འོད་ཁྱོད་ལའོ། །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ཨ་བྷི་ཥིཉྩ་ཧཱུྃ། བཛྲ་སུརྱ་བཛྲ་ཏེ་ཛ་ཉི་མའམ་གཟི་བརྗིད་སེར་ལྷོ་ཡི་གཡས། ཧཱུྃ་རྡོ་རྗེ་སེམས་ཅན་དོན་རབ་གསལ། །རྡོ་རྗེ་རྒྱལ་མཚན་རབ་དགའ་བྱེད། །རྡོ་རྗེ་ཆེན་པོ་རིན་ཆེན་དཔལ། །ཕྱག་འཚལ་རྡོ་རྗེ་དཔལ་ཁྱོད་ལའོ། །དེ་ཡི་དབང་མཆོག་སྦྱིན་གྱུར་ཅིག །ཨ་བྷི་ཥིཉྩ་ཧཱུྃ། བཛྲ་ཀེ་ཏུ་རྒྱལ་མཚན་དམར་ལྷོ་རྒྱབ། ཧཱུྃ་རྡོ་རྗེ་བཞད་མོ་བཞད་པ་ཆེ། །རྡོ་རྗེ་འཛུམ་པ་ངོ་མཚར་ཆེ། །དགའ་ཞིང་རབ་དགའ་རྡོ་རྗེ་སྟོན། །ཕྱག་འཚལ་རྡོ་རྗེ་དགའ་ཁྱོད་ལའོ། །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན་པར་བྱ། །ཨ་བྷི་ཥིཉྩི་ཧཱུྃ། བཛྲ་ཧ་ས་བཞད་ལྗང་། ལྷོའི་གཡོན། ཧཱུྃ་འདོད་ཆགས་རྡོ་རྗེ་ཆོས་ཀྱི་སྐུ། །ཀུན་རྟོག་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་ཏིང་འཛིན་ཕྱག་རྒྱ་མཛད། །ཕྱག་འཚལ་སྣང་བ་མཐའ་ཡས་ལའོ། །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ཨ་བྷི་ཥིཉྩ་ཧཱུྃ། ༀ་ཨ་མི་དྷེ་བ་ཧྲཱིཿ འོད་དཔག་མེད་དམར་རྨ་བྱའི་ཁྲི། །ནུབ་ཀྱི་དབུས། ཧཱུྃ་རྡོ་རྗེ་ཆོས་རབ་རྡོ་རྗེ་དོན། །རྡོ་རྗེ་པདྨ་རབ་དགའ་བྱེད། །འཇིག་རྟེན་དབང་ཕྱུག་ཆོས་རབ་མཛེས། །ཕྱག་འཚལ་རྡོ་རྗེ་སྤྱན་ཁྱོད་ལའོ། །དེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ཨ་བྷི་ཥིཉྩ་ཧཱུྃ། བཛྲ་དྷརྨ་ཆོས་དམར་དམར་སྐྱ་ནུབ་ཀྱི་མདུན། ཧཱུྃ་རྡོ་རྗེ་རྣོན་པོ་ཐེག་པ་ཆེ། །རྡོ་རྗེ་རལ་གྲི་མཚོན་ཆེན་པོ། །འཇམ་དཔལ་རྡོ་རྗེ་རབ་ཏུ་དགའ། །ཕྱག་འཚལ་རྡོ་རྗེ་བློ་ཁྱོད་ལའོ། །དེ་ཡི་དབང་མཆོག་སྦྱིན་པར་བྱ། །ཨ་བྷི་ཥིཉྩ་ཧཱུྃ། བཛྲ་ཏིག་སྣ་རྣོན་པོ་ནུབ་ཀྱི་གཡས། ཧཱུྃ་རྡོ་རྗེ་རྒྱུ་དང་སྙིང་པོ་ཆེ། །རྡོ་རྗེ་འཁོར་ལོ་ཚུལ་ཆེན་པོ། །རབ་སྐོར་རྡོ་རྗེ་རང་ལས་བྱུང་བ། །ཕྱག་འཚལ་རྡོ་རྗེ་འཁོར་ལོ་ལའོ། །དེ་ཡི་དབང་མཆོག་སྦྱིན་པར་བྱ། །ཨ་བྷི་ཥིཉྩ་ཧཱུྃ། བཛྲ་ཧེ་དུ་བཛྲ་ཙཀྲ་འཁོར་ལོའམ་རྒྱུ་མཚན། གཏན་ཚིག་དམ་ནུབ་ཀྱི་རྒྱབ། ཧཱུྃ་རྡོ་རྗེ་གསུང་བ་རང་རིག་མཆོག །རྡོ་རྗེ་བཟློས་པ་རབ་གྲུབ་སྦྱིན། །མི་གསུང་རྡོ་རྗེ་མཆོག་གྲུབ་སྨྲ། །ཕྱག་འཚལ་རྡོ་རྗེ་གསུང་ཁྱོད་ལའོ། །དེ་ཡི་དབང་མཆོད་སྦྱིན་པར་བྱ། །ཨ་བྷི་ཥིཉྩ་ཧཱུྃ། བཛྲ་བག་ཤ་སྨྲ་བ་ལྗང་ནུབ་ཀྱི་གཡོན། ཧཱུྃ་ཕྲག་དོག་རྡོ་རྗེ་བསྐྱེད་མཛད་ཀླུ། །བྱ་གྲུབ་ཡེ་ཤེས་རྡོ་རྗེའི་སྐུ། །རྡོ་རྗེ་སྐྱབས་སྦྱིན་ཕྱག་རྒྱ་མཛད། །ཕྱག་འཚལ་རྡོ་རྗེ་གསུང་ཁྱོད་ལའོ། །དེ་ཡི་དབང་མཆོག་སྦྱིན་པར་བྱ། །ཨ་བྷི་ཥིཉྩ་ཧཱུྃ། ༀ་ཨ་མོ་གྷ་སིདྡྷི་ཨ། །དོན་ཡོན་གྲུབ་པ་ལྗང་ཤང་ཤང་གི་ཁྲི་བྱང་གི་དབུས། ཧཱུྃ་རྡོ་རྗེ་ལས་རབ་རྡོ་རྗེའི་བཀའ། །ལས་ཀྱི་རྡོ་རྗེ་ཀུན་རབ་འགྲོ། །རྡོ་རྗེ་ངེས་པ་རྒྱ་ཆེ་བ། །ཕྱག་འཚལ་རྡོ་རྗེ་ཀུན་ཁྱོད་ལའོ། །དེ་ཡི་དབང་མཆོག་སྦྱིན་པར་བྱ། ཨ་བྷི་ཥིཉྩ་ཧཱུྃ། རྡོ་རྗེ་ཀརྨ་ལས་དཀར་ལྗང་བྱང་གི་མདུན། ཧཱུྃ་རྡོ་རྗེ་བསྲུང་བ་བརྟན་པ་ཆེ། །རྡོ་རྗེ་གོ་ཆ་སྲ་བ་ཆེ། །བརྩོན་འགྲུས་རྡོ་རྗེ་ཐུགས་ཁ་བ། །ཕྱག་འཚལ་རྡོ་རྗེ་བརྩོན་འགྲུས་ལའོ། །དེ་ཡི་དབང་མཆོག་ཁྱེད་ལ་སྦྱིན། །ཨ་བྷི་ཥིཉྩ་ཧཱུྃ། བཛྲ་རཀྵ་སྲུང་བ་སེར་བྱང་གི་གཡས། ཧཱུྃ་རྡོ་རྗེ་གནོད་སྦྱིན་ཐབས་ཆེན་པོ། །རྡོ་རྗེ་མཆེ་བ་གཙིག་པ་ཆེ། །བདུད་འཇོམས་རྡོ་རྗེ་མི་བཟད་པ། །ཕྱག་འཚལ་རྡོ་རྗེ་དྲག་པོ་ལའོ། །དེ་ཡི་དབང་མཆོག་སྦྱིན་པར་བྱ། །ཨ་བྷི་ཥིཉྩ་ཧཱུྃ། བཛྲ་ཡཀྵ། གནོད་སྤྱིན་དམར་བྱང་གི་རྒྱབ། ཧཱུཾ་རྡོ་རྗེ་མཚམས་སྦྱོར་རབ་ཏུ་འདུལ། །རྡོ་རྗེ་བཅིངས་པར་རབ་གྲོལ་བྱེད། །རྡོ་རྗེ་ཁུ་ཚུར་དམ་ཚིག་མཆོག །ཕྱག་འཚལ་རྡོ་རྗེ་ཁུ་ཚུར་ལའོ། །དེ་ཡི་དབང་མཆོག་ཐོབ་གྱུར་ཅིག །ཨ་བྷི་ཥིཉྩ་ཧཱུཾ། རྡོ་རྗེ་ཁུ་ཚུར་གྱིས་འབེབས་པའི་ཕྱག་རྒྱས་ཐམས་ཅད་གཅིག་ཏུ་སངས་རྒྱས་སུ་བྱེད། སྐུ་མདོག་ལྗང་བྱང་གི་གཡོན། ཧཱུཾ་ཤར་ཕྱོགས་སྐྱོང་བའི་སྒོ་མ་ནི། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །ཕྱག་མཚན་ཕྱག་ན་ལྕགས་ཀྱུ་བསྣམས། །དེ་ལ་བསྟོད་དེ་ཕྱག་འཚལ་བསྟོད། །དེ་ཡི་དབང་མཆོག་སྦྱིན་པར་བྱ། །ཨ་བྷི་ཥིཉྩ་ཧུཾ། བཛྲ་ཨཾ་ཀུ་ཤ །ཧཱུཾ་ལྷོ་ཕྱོགས་སྐྱོང་བའི་སྒོ་མ་ནི། །སྐུ་མདོག་སེར་ལ་འོད་ཟེར་འཕྲོ། །ཕྱག་མཚན་ཕྱག་ན་ཞགས་པ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །དེ་ཡི་དབང་མཆོག་སྤྱིན་པར་བྱ། །ཨ་བྷིཉྩ་ཧཱུཾ། བཛྲ་པ་ཤ །ཧཱུཾ་ནུབ་ཕྱོགས་སྐྱོང་བའི་སྒོ་མ་ནི། །སྐུ་མདོག་དམར་ལ་འོད་ཟེར་འཕྲོ། །ཕྱག་མཚན་ཕྱག་ན་ལྕགས་སྒྲོག་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །དེ་ཡི་དབང་མཆོག་སྦྱིན་པར་བྱ། །ཨ་བྷི་ཥིཉྩ་ཧཱུཾ། བཛྲ་སྤོ་ཊ། ཧཱུཾ་བྱང་ཕྱོགས་སྐྱོང་བའི་སྒོ་མ་ནི། །སྐུ་མདོག་ལྗང་ལ་འོད་ཟེར་འཕྲོ། །ཕྱག་མཚན་ཕྱག་ན་དྲིལ་བུ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །དབང་མཆོག་དམ་པ་བསྐུར་བར་བྱའོ། །ཨ་བྷི་ཥིཉྩ་ཧཱུཾ། བཛྲ་གྷན་དྷེ། ཧཱུཾ་ཤར་ཕྱོགས་ལྷ་མོ་ལ་སེ་མ། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །ཕྱག་གཉིས་ཁུ་ཚུར་མེ་ལོང་འཆང་། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །དབང་མཆོག་དམ་པ་བསྐུར་བར་བྱ། །འགྲེའོ། །ཨ་བྷི་ཥིཉྩ་ཧཱུཾ། བཛྲ་ལ་སེ། ཧཱུཾ་ལྷོ་ཕྱོགས་ལྷ་མོ་མ་ལེ་མ། །སྐུ་མདོག་སེར་ལ་འོད་ཟེར་འཕྲོ། །ཕྱག་གཉིས་རིན་ཆེན་ཕྲེང་བ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །དབང་མཆོག༴ ཨ་བྷིཉྩ་ཧཱུཾ། བཛྲ་མ་ལྱེ། ཧཱུཾ་ནུབ་ཕྱོགས་ལྷ་མོ་གྷིརྟི་མ། །སྐུ་མདོག་དམར་ལ་འོད་ཟེར་འཕྲོ། །ཕྱག་གཉིས་པི་ཝཾ་རྒྱུད་ལྡན་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །དབང་མཆོག༴ ཨ་བྷི་ཥིཉྩ་ཧཱུཾ། བཛྲ་གྷིརྟི། ཧཱུཾ་བྱང་ཕྱོགས་ལྷ་མོ་ནིརྟི་ལ། །སྐུ་མདོག་ལྗང་ལ་འོད་ཟེར་འཕྲོ། །ཕྱག་གཉིས་ཕྱག་རྒྱ་གར་བསྒྱུར་མ། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །དབང་མཆོག༴ ཨ་བྷི་ཥིཉྩ་ཧཱུཾ྄། བཛྲ་ནིརྟི། ཧཱུཾ་ཤར་ལྷོ་ལྷ་མོ་དྷུ་པེ་མ། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་མཚན་ཕྱག་ན་སྤོས་ཁང་ཐོགས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །དབང་མཆོག༴ ཨ་བྷི་ཥིཉྩ་ཧཱུཾ། བཛྲ་དྷུཔྤེ། ཧཱུཾ་ལྷོ་ནུབ་ལྷ་མོ་པུཔྤེ་མ། །ཕྱག་མཚན་ཕྱག་ན་མེ་ཏོག་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །དབང་མཆོག༴ ཨ་བྷི་ཥིཉྩ་ཧཱུཾ། བཛྲ་པུཔྤེ། ཧཱུཾ་ནུབ་བྱང་ལྷ་མོ་ཨ་ལོ་ཀེ། །སྐུ་མདོག་དམར་ལ་འོད་ཟེར་འཕྲོ། །ཕྱག་མཚན་ཕྱག་ན་མར་མེ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །དབང་མཆོག༴ ཨ་བྷི་ཥིཉྩ་ཧཱུཾ། བཛྲ་དྷི་པཾ། ཧཱུཾ་བྱང་ཤར་ལྷ་མོ་གྷན་དྷེ་མ། །སྐུ་མདོག་ལྗང་ལ་འོད་ཟེར་འཕྲོ། །ཕྱག་མཚན་ཕྱག་ན་དྲི་ཆབ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །དབང་མཆོག་དམ་པ༴ ཨ་བྷི་ཥིཉྩ་ཧཱུཾ། བཛྲ་གྷན་དྷེ། དཔའ་བར་འགྲོ་བ་ལ་སོགས་པ། །བསྐ ལ་བཟང་སེམས་དཔའ་བཅུ་དྲུག་དང་། །རྡོ་རྗེ་དཔལ་ལྡན་ལ་སོགས་པ། །བཀྲ་ཤིས་ལྷ་མོ་བརྒྱད་རྣམས་དང་། །བརྒྱ་བྱིན་དབང་པོ་ལ་སོགས་པ། །ཕྱོགས་སྐྱོངས་ཆོས་སྐྱོངས་ཐམས་ཅད་དང་། །ཉན་ཐོས་རང་རྒྱལ་ལ་སོགས་པ། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀུན། །དེ་ལ་ཕྱག་འཚལ་མཆོད་པར་འབུལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །མདོ་དབང་ཡོ་ག་རྡོ་རྗེ་དབྱིངས་ལུགས་གཅིག་ཏུ། དབུས་དཀར་པོ་ཆོས་དབྱིངས་ཡེ་ཤེས་དང་། དེ་ནས་ཤར་ལྷོ་མཚམས་དང་ཤར་གང་རུང་ལ། རྡོ་རྗེ་སེམས་དཔའ་དཀར་པོ་བཤད། ལུགས་གཉིས་པ་དབུས་གསེར་མདོག་ཐུབ་པ་ཆོས་དབྱིངས་དང་། ཤར་དཀར་ལྷོ་སྔོ་ནུབ་དམར་བྱང་ལྗང་སྟེ། རྡོ་རྗེ་སེམས་མ་ནི་གཙོ་བོའི་ཁ་དོག་སེར་མོར་ཀྱང་གསལ་ཞིང་དཀར་མོར་ཀྱང་མཛད། ལུགས་གསུམ་པར་དེ་གཉིས་གང་བྱེད་ཀྱང་གཙོ་བོ་ཀུན་ཏུ་ཞལ་གཙོ་འཁོར་ལུགས་རེ་རེ་ལའང་ལྔས་བསྐོར་ན་ཁ་དོག་ཀྱང་ལྔའོ། །གྲལ་ཐབས་ལུགས་ལ་གཙོ་བོ་ཡང་ཞལ་གཅིག་དང་སེམས་དཔའ་བཅུ་དྲུག་ཕྱོགས་མདོག་མཛད། འདིར་རྣམ་སྣང་གསེར་མདོག་ལུགས་ཀྱི་རྒྱབ་ཡིག་ནི་དབུས་ཕྱོགས་སྙིང་པོ་རྣམ་སྣང་མཛད། སྐུ་མདོག་གསེར་པོ་གསེར་གྱི་འོད། །བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ༀ་བཻ་རོ་ཙ་ན་ༀ། ཨ་བྷི་ཥིཉྩ་ཧཱུཾ། ཤར་ཕྱོགས་མངོན་པར་དགའ་བ་མི་བསྐྱོད་པ། །སྐུ་མདོག་དཀར་པོ་གངས་དཀར་རི། །ས་གནོན་ཆེན་པོའི་ཕྱག་རྒྱ་ཅན། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ༀ་བཛྲ་ཨ་ཀྵོ་བྷྱ་ཧཱུཾ྄། ལྷོ་ཕྱོགས་དཔལ་ལྡན་རིན་ཆེན་འབྱུང་། །སྐུ་མདོག་སྔོན་པོ་ནམ་མཁའ་མཛོད། །མཆོག་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །རཏྣ་སྃ་བྷ་ཝ་ཏྲཾ། ནུབ་ཕྱོགས་དཔལ་ལྡན་སྣང་མཐའ་ཡས། །སྐུ་མདོག་དམར་པོ་བྱི་རུའི་མདོག །བསམ་གཏན་ཆེན་པོའི་ཕྱག་རྒྱ་ཅན། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ༀ་ཨ་མི་དེ་བ་ཧྲཱིཿ བྱང་ཕྱོགས་རྣམ་དག་གདོན་མི་ཟ། །སྐུ་མདོག་ལྗང་ཀུ་ཨིན་ཏྲའི་མདོག །སྐྱབས་སྦྱིན་ཆེན་པོའི་ཕྱག་རྒྱ་ཅན། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ༀ་ཨ་མོ་གྷ་སིད་དྷི་ཨ། ཤར་ཕྱོགས་ཡུམ་ཆེན་སངས་རྒྱས་སྤྱན། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །དམ་ཚིག་ཕྱག་རྒྱ་རྡོ་རྗེ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ས་ཏྭ་བཛྲི། ལྷོ་ཕྱོགས་ཡུམ་ཆེན་མ་མ་ཀི། །སྐུ་མདོག་སྔོ་ལ༴ རིན་ཆེན༴ དེ་ལ༴ རཏྣ་བཛྲི། ནུབ་ཕྱོགས་ཡུམ་ཆེན་ན་བཟའ་དཀར། །སྐུ་མདོག་དམར་ལ༴ པདྨ༴ དེ་ལ༴ པདྨ་བཛྲི། བྱང་ཕྱོགས་ཡུམ་ཆེན་དམ་ཚིག་སྒྲོལ། །སྐུ་མདོག་ལྗང་ལ༴ རྒྱ་གྲམ༴ ཀརྨ་བཛྲི། ཡུམ་བཞི་ལེ་ཚེའི་ཟུར་བཞི་སྟེ། །ལུགས་གཅིག་རྡོ་རྗེ་རིན་ཆེན་ཆོས་ལ་སེམས་མ་ཟེར། །ལེ་ཚེའི་ཕྱོགས་ཀྱི་རེ་མིག་ནང་དུ་འཁོར་ལོ་རྩིབས་བཞི་ལ་གཙོ་འཁོར་དུ་སེམས་དཔའ་བཅུ་དྲུག །བྱ་བའམ་གྲལ་ཐབས་ལུགས་ཀྱི་འཁོར་ལོ་རྩིབས་བཅུ་དྲུག་པའམ། ཁྱམས་ཀྱི་ཕྱོགས་དང་གྲུའི་ལོགས་ལ་བཀོད་དེ། རྒྱལ་སྲས་རྡོ་རྗེ་སེམས་དཔལ་ནི། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །དམ་ཚིག་ཕྱག་རྒྱ་རྡོ་རྗེ་བསྣམས། །བཛྲ་སྭ་ཏ་ༀ། རྒྱལ་སྲས་རྡོ་རྗེ་རྒྱལ་པོ་ནི། །དཀར༴ ལྕགས་ཀྱུ༴ བཛྲ་ར་ཙ་ༀ། རྒྱལ་སྲས་རྡོ་རྗེ་ཆགས་པ་ནི། །དཀར༴ མདའ་གཞུ༴ བཛྲ་ར་ག་ༀ། རྒྱལ་སྲས་རྡོ་རྗེ་ལེགས་པ་ནི། །དཀར༴ སེ་གོལ་ཏོག །བཛྲ་ས་དུ་ༀ། ཡང་ན་དཀར་སྔོ་དམར་ལྗང་༴ ཤར་གྱི་མདུན་གཡས་རྒྱབ་གཡོན་དུའོ། །ལྷོར་སྔོ་དམར་དཀར་ལྗང་དཀར་པོའམ། །རྒྱལ་སྲས་རྡོ་རྗེ་རིན་ཆེན་ནི། །སྐུ་མདོག་སྔོ་ལ་འོད་ཟེར་འཕྲོ། །དམ་ཚིག་ཕྱག་རྒྱ་རིན་ཆེན་བསྣམས། །བཛྲ་རཏྣ་ཏྲཾ། རྒྱལ་སྲས་རྡོ་རྗེ་གཟི་བརྗིད་ནི། །སྔོ་ལ་ཉི་མ་བསྣམས། བཛྲ་ཏེ་ཛ་ཏྲཾ། ཡང་ན་རྡོ་རྗེ་ཉི་མ་ནི། བཛྲ་སུརྱ་ཞེས་སོ། །རྒྱལ་སྲས་རྡོ་རྗེ་རྒྱལ་མཚན་ནི། །སྔོ་ལ༴ རྒྱལ་མཚན་བསྣམས། །བཛྲ་ཀེ་ཏུ་ཏྲཾ། རྒྱལ་སྲས་རྡོ་རྗེ་བཞད་པ་ནི། །སྔོ་ལ༴ སོ་ཕྲེང་བསྣམས། བཛྲ་ཧ་ས་ཏྲཾ། དེ་ལ་ཕྱག་འཚལ་མཆོད་པ་འབུལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ལུགས་གཅིག་ཏུ་འཁོར་ལོ་མདུན་ལྔ་དཀར། གཡས་ལྔ་སྔོ། གཡོན་ལྔ་ལྗང་། རྒྱབ་ལྔ་དམར་བ་ཡང་ཡིན་པར་བཤད། རྒྱལ་སྲས་རྡོ་རྗེ་མཆོག་གི་མཆོག །སྐུ་མདོག་དམར་ལ་འོད་ཟེར་འབར། །དམ་ཚིག་ཕྱག་རྒྱ་པདྨ་བསྣམས། །བཛྲ་དྷ རྨ་ཧྲི། རྒྱལ་སྲས་རྡོ་རྗེ་རྣོན་པོ་ནི། །དམར༴ རལ་གྲི༴ བཛྲ་ཏིག་སྣ་ཧྲིཿ རྒྱལ་སྲས་རྡོ་རྗེ་འཁོར་ལོ་ནི། །དམར༴ འཁོར་ལོ༴ བཛྲ་ཙཀྲ་ཧྲི། ཡང་ན། རྡོ་རྗེ་རུ་མཚོན་སྙིང་པོ་ནི། བཛྲ་ཧེ་དུ་ཧྲི། རྒྱལ་སྲས་རྡོ་རྗེ་སྨྲ་བ་ནི། དམར༴ དམ་ཚིག་ཕྱག་རྒྱ་རྡོ་རྗེའི་ལྕེ། བཛྲ་བག་ཤ་ཧྲི། ཡང་ན་དམར་ལྗང་དཀར་སྔོ། ནུབ་ཀྱི་མདུན་གཡས་རྒྱབ་གཡོན་ཏུའོ། །བྱང་དུ་ལྗང་དཀར་སྔོ་དམར་པོའམ། །རྒྱལ་སྲས་རྡོ་རྗེ་ལས་རབ་ནི། །སྐུ་མདོག་ལྗང་ལ་འོད་ཟེར་འཕྲོ། །དམ་ཚིག་ཕྱག་རྒྱ་རྒྱ་གྲམ་བསྣམས། །བཛྲ་ཀརྨ་ཨ། རྒྱལ་སྲས་རྡོ་རྗེ་སྲུང་བ་ནི། །ལྗང་༴ གོ་ཆ༴ བཛྲ་རཀྵ་ཨ། རྒྱལ་སྲས་རྡོ་རྗེ་གནོད་སྦྱིན་ནི། །ལྗང་༴ རྡོ་རྗེ་མཆེ་བ༴ བཛྲ་ཡཀྵ་ཨ། རྒྱལ་སྲས་རྡོ་རྗེ་ཁུ་ཚུར་ནི། །ལྗང་༴ རྡོ་རྗེ་ཁུ་ཚུར་བསྣམས། བཛྲ་སན་ཏི་ཨ། དེ་ལ་ཕྱག་འཚལ་པུ་ཙ་འབུལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུྃ། ཤར་ཕྱོགས་རྡོ་རྗེ་སྒེག་མོ་ནི། །སྐུ་མདོག་དཀར་ལ་འོད་ཟེར་འབར། །དམ་ཚིག་ཕྱག་རྒྱ་མེ་ལོང་བསྣམས། །བཛྲ་ལ་སྱེ། ལྷོ་ཕྱོགས་རིན་ཆེན་ཕྲེང་བ་ནི། །སྔོ་ལ༴ རིན་ཆེན་ཕྲེང་བ༴ བཛྲ་མ་ལེ། ནུབ་ཕྱོགས་རྡོ་རྗེ་སྒྲ་དབྱངས་མ། །དམར་ལ༴ པི་ཝཾ་བསྣམས། བཛྲ་གྷིརྟི། བྱང་ཕྱོགས་རྡོ་རྗེ་གར་བསྒྱུར་མ། །ལྗང་ལ་གར་བསྒྱུར། བཛྲ་ནིརྟི། ཤར་ལྷོ་ལྷ་མོ་བདུག་པ་མ། དཀར་ལ༴ སྤོས་ཁང་༴ བཛྲ་དྷུ་པཾ། ལྷ་ནུབ་རྡོ་རྗེ་མེ་ཏོག་མ། སྔོ་ལ༴ མེ་ཏོག༴ བཛྲ་པུས་པཾ། ནུབ་བྱང་རྡོ་རྗེ་མར་མེ་མ། དམར་ལ༴ སྒྲོན་མེ༴ བཛྲ་དི་པཾ། བྱང་ཤར་རྡོ་རྗེ་དྲི་ཆབ་མ། ལྗང་ལ༴ དྲིའི་དུང་ཆོས༴ བཛྲ་གྷན་དྷཾ། ཤར་ཕྱོགས་སྒོ་སྐྱོང་ལྕགས་ཀྱུ་མ། དཀར༴ ལྕགས་ཀྱུ༴ བཛྲ་ཨཾ་ཀུ་ཤ་ཛ། ལྷོ་ཕྱོགས་སྒོ་སྐྱོང་ཞགས་པ་མ། སྔོ་ལ༴ ཞགས་པ༴ བཛྲ་པ་ཤ་ཧཱུྃ། ནུབ་ཕྱོགས་སྒོ་སྐྱོང་ལྕགས་སྒྲོགས་མ། དམར་ལ༴ ལྕགས་སྒྲོག༴ བཛྲ་སྤོ་ཏྲ་བཾ། བྱང་ཕྱོགས་སྒོ་སྐྱོངས་དྲིལ་བུ་མ། ལྗང་ལ༴ དྲིལ་བུ༴ བཛྲ་གྷན་ཊེ་ཧོ། དེ་ལ་ཕྱག་འཚལ་མཆོད་པ་འབུལ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །ཨ་བྷི་ཥིཉྩ་ཧཱུྃ། སྐུ་མདོག་དང་རྒྱབ་ཡིག་ལུགས་གཉིས་བྱུང་ཡང་། རྡོར་དབྱིངས་སུ་དཀྱིལ་འཁོར་གཅིག་པའོ། །ཡོ་ག་ལྷ་དབང་གིས་ཐོག་མའམ་རྗེས་ལ་དངོས་དང་ཙ་ཀའི་རབ་གནས་བསོས་ལ་རྫས་དབང་བསྐུར་ཏེ། ཐོག་མར་ཆུའི་དབང་ནི། བུམ་ཆུ་གཙོ་བུམ་དུ་བསྡུས་ལས་ཚར་བ་དང་བུམ་པ་དུང་ཆོས་ལྟ་བུ་གཅིག་གིས་དབང་བསྐུར་བ་ནི། ལྷ་གྲངས་ཀྱི་བུམ་པ་སོགས་དེ་ལྟར་དུ་གཙོ་བོ་རིགས་ལྔ་རིགས་མ་བཞི་ནི། མངོན་པ་ལས། ཕུང་པོ་ལྔ་འབྱུང་བ་ཆེན་པོ་བཞི་ཞེས་པ་ཡོ་ག་རིགས་ལྔར་བཞེད་པ་དང་། མཚན་ཉིད་དུ་ནམ་མཁའ་འབྱུང་བར་མི་བཞེད་པ་དང་མཐུན། སྐབས་འདིར་གཙོ་བོ་ལྔ་ཡང་ཡུམ་ཡེ་ཤེས་དཀྱིལ་འཁོར་སྐུ་འཁོར་གསུང་གཙོ་བོ། ཐུགས་རྡོ་རྗེ་བཞི་ལས། ཐུགས་རྡོ་རྗེ་དང་། ལྷ་ཡེ་ཤེས། བདག་དམ་ཚིག་བར་ཏིང་ངེ་འཛིན། དབྱེར་མེད་རྡོ་རྗེ་སེམས་དཔའ་བཞི་ལས། རྡོ་རྗེ་སེམས་དཔའ་རིགས་གཅིག་ཏུ་མཛད་ནས་ༀ་བཛྲ་ས་ཏྭ་ཧཱུྃ་ཞེས་ཡོ་ག་དཔལ་མཆོག་ཏུ་གསུངས་པ་དེ། ཡོ་ག་རྡོ་རྗེ་དབྱིངས་ཀྱི་ལྷ་སྤྱིའི་སྙིང པོར་མཛད་ཀྱང་། དེའི་གཙོ་བོ་མཆོག་སྣང་མཛད་ཀྱིས་ཐུགས་ཆོས་དབྱིངས་ཡེ་ཤེས་ཀྱི་རང་འདོད། ཆོས་ཀྱི་དབྱིངས་ཀྱི་དབང་ཕྱུག་མར་ཤར་བ་དེ་རྣམ་སྣང་གིས་རང་འོད་རིག་མར་བྱས། ཡུམ་ལྔ་བྱུང་ཀྱང་། ལྷ་སོ་བདུན་ཡིན་ནོ། །དབང་བྱང་ལས། བླ་མ་ངས་བུམ་པ་གཅིག་བཀྲ་ཤིས་ཀྱི་ཡོ་བྱད་ཀྱིས་བཀང་བ་སློབ་མའི་སྤྱི་བོར་བཞག་སྟེ་དབང་བསྐུར་བས་ལས་དང་ཉོན་མོངས་པའི་བག་ཆགས་དང་བྲལ་ཞིང་བྱང་ཆུབ་ཀྱི་སེམས་རྟོགས་པའི་བརླན་གྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་མ ཐར་ཕྱིན་པའི་དབང་དང་ལྡན་པར་གྱུར་ཅིག །སྒྲིབ་པ་དག་བྱེད་བདུད་རྩི་དྲི་མེད་ཆུ། །བཀྲ་ཤིས་མཛེས་པའི་བུམ་པ་རབ་བཀང་སྟེ། །རིགས་ཀྱི་སངས་རྒྱས་ཀུན་དུ་རབ་གྲུབ་ཕྱིར། །བུམ་པའི་དབང་གིས་ཁྱོད་ལ་དབང་བསྐུར་རོ། །ༀ་བྷུདྡྷ་ཀ་ལ་ཤ་ཨ་བྷི་ཥིཉྩ་ༀ། ༀ་བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ༀ་རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲཾ། ༀ་པདྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧྲཱིཿ ༀ་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨ། ཞེས་སོ། །ཡུམ་ལྔར་བྱས་ན་ཆོས་དབྱིངས་གཙོ་བོ་ཁ་དོག་ཕྱག་ན་འཁོར་ལོ་ཅན་དུ་གསལ་ལོ། །གཉིས་པ། བྷུདྡྷ་ཀུན་གྱི་དབང་ནི། རྣ་ལྟག་གཡས་པར་དར་མཐིང་ག་བཞགས། རྣ་ལྟག་གཡོན་པར་དར་ལེབ་བརྒན་བཞག །མགོ་ལ་རིགས་ལྔའི་སངས་རྒྱས་ཀྱིས་དབུ་རྒྱན་བཅིངས་ཏེ། རྡོ་རྗེ་སློབ་དཔོན་ངས་སློབ་བུ་ལ་ཅོད་པན་དང་བཅས་པའི་དབུ་རྒྱན་གྱིས་དབང་བསྐུར་བས། ཚོགས་གཉིས་ཡོངས་སུ་རྫོགས་པའི་འབྲལ་བུ་མཐར་ཕྱིན་པའི་རྒྱལ་བ་རིགས་ལྔའི་སངས་རྒྱས་མྱུར་དུ་ཐོབ་པའི་དབང་དང་ལྡན་པར་གྱུར་ཅིག །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །མཁྱེན་པའི་ཡེ་ཤེས་རབ་རྒྱས་པ། །རིགས་ལྔའི་སངས་རྒྱས་མྱུར་དུ་རབ་འགྲུབ་ཕྱིར། །དབུ་རྒྱན་དབང་གིས་ཁྱོད་ལ་དབང་བསྐུར་རོ། །ༀ་བྷུདྡྷ་ཨ་བྷི་ཥིཉྩ་ༀ། ༀ་བཛྲ་ཨ་བྷི་ཥིཉྩ་ༀ། འགྲེའོ། །རཏྣ་ཏྲཾ། པདྨ་ཧྲིཿ ༀ་ཀརྨ་ཨ་བྷི་ཥིཉྩ་ཨ། གསུམ་པ་བདག་པོའི་དབང་ནི། སློབ་དཔོན་དུ་དབང་བསྐུར་ཏེ། ལག་པ་གཡས་པར་འཁོར་ལོ་སྦྱིན། གཡོན་པར་དུང་སྦྱིན་ལ། བླ་མ་ངས་སློབ་བུ་ལ་རིགས་ཐམས་ཅད་ཀྱི་བདག་པོ་དཀྱིལ་འཁོར་ཐམས་ཅད་ཀྱི་བྱེད་པ་པོས་དབང་བསྐུར་བས། ཚེ་རབས་བརྒྱུད་པ་རྣམས་སུ་འགྲོ་བའི་ཤེས་རྒྱུད་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་ཉེ་རིང་མེད་པར་ཐོས་པའི་ཆོས་ཀྱི་སྒྲ་སྒྲོག་པར་རྡོ་རྗེ་སློབ་དཔོན་ཐོབ་པར་གྱུར་ཅིག །ཆོས་ལ་དབང་བསྒྱུར་བདག་པོ་དང་། །དཀྱིལ་འཁོར་ཀུན་གྱིས་བྱེད་པ་པོའི། །སངས་རྒྱས་ཀུན་ཏུ་རབ་འགྲུབ་ཕྱིར། །བདག་པོའི་དབང་གིས་ཁྱོད་དབང་བསྐུར། །ༀ་བཛྲ་ཙཀྲ་ཨ་དྷི་པ་དི་སྟོམ། ཨ་བྷི་ཥིཉྩ་ༀ་ༀ་ༀ། ཏྲཾ་ཏྲཾ་ཏྲཾ། ཧྲི་ཧྲི་ཧྲི། ཨ་ཨ་ཨ། བཞི་པ་འཁོར་གྱི་ཕྱག་རྒྱའི་དབང་ནི། རིགས་ལྔའི་འཁོར་དང་རིགས་གང་རུང་གིས་སྐབས་སྦྱར་རོ། །སེམས་དཔའ་བཅུ་དྲུག་གི་དབང་ཕྱག་མཚན་ནམ་རིམས་ཀྱིས་སློབ་མའི་ལག་ཏུ་བྱིན་ཞིང་། སློབ་དཔོན་ངས་སློབ་མ་ཁྱོད་ལ་རྡོ་རྗེ་སེམས་དཔའི་ཕྱག་མཚན་རྡོ་རྗེ་བྱིན་ཏེ་དབང་བསྐུར་བས་ཡེ་ཤེས་སུ་རྟོགས་ནས་མཐའ་གཉིས་སུ་མི་འགྱུར་བའི་དབང་དང་ལྡན་པར་གྱུར་ཅིག །སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་འགྱུར། །སངས་རྒྱས་ཀུན་ཏུ་རབ་འགྲུབ་ཕྱིར། །རྡོ་རྗེའི་མིང་གིས་ཁྱོད་དབང་བསྐུར། །ༀ་བཛྲ་ཨ་ཏི་པ་ཏི་སྟོམ། ཨ་བྷི་ཥིཉྩ་མི། ཏིཥྚ་བཛྲ་ས་མ་ཡ་སྟོམ། འོག་མ་ཀུན་ལ་ཡང་སྔགས་འདིས་སྦྱར། སློབ་དཔོན་སློབ་མ་དང་དབང་བསྐུར་བར་མཐུན་པ་ལ། རྡོ་རྗེ་རྒྱལ་པོ་དང་རྡོ་རྗེ་ཆགས་པ་དང་རྡོ་རྗེ་ལེགས་པ་དང་ཞེས་དང་ཚིག་བཤད་ཀྱང་མཐུན་པ་ལས། སངས་རྒྱས་ཀུན་གྱི་ལྕགས་ཀྱུའི་དབང་། མདའ་གཞུའི་དབང་། སེ་གོལ་དབང་ཞེས་སོ་སོར་སྦྱར། དེས་འགྲེ། རྡོ་རྗེ་རྒྱལ་པོའི་ཕྱག་མཚན་ལྕགས་ཀྱུ་བྱིན་པས་དབང་བསྐུར་བས། དེ་བཞིན་གཤེགས་པ་ཐམས་ཅད་གནས་ནས་སྤྱན་འདྲེན་ཅིང་སེམས་ཅན་ཐམས་ཅད་འཁོར་བ་ནས་བསྡུས་ནུས་པའི་དབང་དང་ལྡན་པར་གྱུར་ཅིག །ཆགས་པའི་ཕྱག་མཚན་མེ་ཏོག་གི་མདའ་ལག་ཏུ་བྱིན་ཏེ་དབང་བསྐུར་བས་ཆོས་ཀྱི་དབྱིངས་ལས་འབིག་པའི་ཤེས་རབ་ཀྱིས་དུས་གསུམ་རྒྱལ་བ་རྣམས་ལ་ཐུགས་དམ་གྱིས་རྒྱུད་བསྐུལ་བའི་དབང་དང་ལྡན་པར་གྱུར་ཅིག །རྡོ་རྗེ་ལེགས་པའི་ཕྱག་མཚན་ལག་ཏུ་སེ་གོལ་བྱིན་ཏེ་དབང་བསྐུར་བས། ཚོགས་གཉིས་རྫོགས་པའི་དགའ་བས་གཟེངས་བསྟོད་པའི་དབང་དང་ལྡན་པར་གྱུར་ཅིག །རྡོ་རྗེ་རིན་ཆེན་གྱི་ཕྱག་མཚན་རིན་པོ་ཆེ་འབར་བ་ལག་ཏུ་བྱིན་ཏེ་དབང་བསྐུར་བས། དུས་གསུམ་གྱི་ཆོས་ཀྱི་རྒྱལ་མཚན་ཆེན་པོར་དབང་སྒྱུར་ནུས་པའི་མཐུ་དང་ལྡན་པར་གྱུར་ཅིག །རྡོ་རྗེ་ཉི་མའི་ཕྱག་མཚན་ཉི་མ་འཁོར་ལོ་ལག་ཏུ་བྱིན་ཏེ་དབང་བསྐུར་བས། གཏི་མུག་མུན་པ་སེལ་བའི་རྒྱལ་བ་ཐམས་ཅད་ཀྱི་རྒྱལ་ཐབས་ཅན་གྱི་འོད་བྱེད་པའི་དབང་དང་ལྡན་པར་གྱུར་ཅིག །རྡོ་རྗེ་རྒྱལ་མཚན་གྱི་ཕྱག་མཚན་རྒྱལ་མཚན་ལག་ཏུ་བྱིན་ཏེ་དབང་བསྐུར་བས། སྦྱིན་པའི་ཕ་རོལ་དུ་ཕྱིན་པ་དང་ཡོངས་སུ་རྫོགས་པའི་མཚན་ཉིད་དབུལ་བ་གཅོད་པའི་དཔལ་གྱིས་དབང་དང་ལྡན་པར་གྱུར་ཅིག །རྡོ་རྗེ་བཞད་པའི་ཕྱག་མཚན་པོའི་ཕྲེང་བ་ལག་ཏུ་བྱིན་ཏེ་དབང་བསྐུར་བས་སྐྱེས་བུ་ཆེན་པོའི་འཛུམ་གྱིས་ལུང་བསྟན་པའི་དབང་དང་ལྡན་པར་གྱུར་ཅིག །རྡོ་རྗེ་ཆོས་ཀྱི་ཕྱག་མཚན་པདྨ་བྱིན་ཏེ་དབང་བསྐུར་བས་འདོད་ཆགས་རྣམ་པར་དག་པའི་མཚན་ཉིད་ཆོས་ཐམས་ཅད་ལ་མི་ཆགས་པའི་ངོ་བོ་ཉིད་དུ་གཟིགས་པའི་དབང་དང་ལྡན་པར་གྱུར་ཅིག །རྡོ་རྗེ་རྣོན་པོའི་ཕྱག་མཚན་རལ་གྲི་བྱིན་ཏེ་དབང་བསྐུར་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུང་གིས་རྗེས་སུ་འབྲང་བའི་ཤེས་རབ་དམ་པ་ཡོངས་སུ་རྫོགས་པ་ཉོན་མོངས་པ་གཅོད་པའི་དབང་དང་ལྡན་པར་གྱུར་ཅིག །རྡོ་རྗེ་འཁོར་ལོའི་ཕྱག་མཚན་རྒྱུའི་ཕྱག་མཚན་འཁོར་ལོ་བྱིན་ཏེ་དབང་བསྐུར་བས། སེམས་བསྐྱེད་མ་ཐག་ཏུ་སེམས་ཅན་གྱིས་དོན་ལ་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དབང་དང་ལྡན་པར་གྱུར་ཅིག །རྡོ་རྗེ་སྨྲ་བའི་ཕྱག་མཚན་ལྕེ་རྡོ་རྗེས་མཚན་པ་བྱིན་ཏེ་དབང་བསྐུར་བས་གདུལ་བྱའི་བསམ་པ་དང་སྦྱར་ནས་ལྡེམ་པོ་ངག་ཏུ་ཆོས་སྟོན་པའི་དབང་དང་ལྡན་པར་གྱུར་ཅིག །རྡོ་རྗེ་ལས་ཀྱིས་ཕྱག་མཚན་རྡོ་རྗེ་རྒྱ་གྲམ་ལག་ཏུ་བྱིན་ཏེ་དབང་བསྐུར་བས་འཕགས་པ་མཆོད་པ་དང་སེམས་ཅན་གྱིས་དོན་བྱ་བའི་ཕྲིན་ལས་ལྷུན་གྱིས་གྲུབ་པའི་དབང་དང་ལྡན་པར་གྱུར་ཅིག །རྡོ་རྗེ་གོ་ཆའི་ཕྱག་མཚན་གོ་ཆ་བྱིན་ཏེ་དབང་བསྐུར་བས་འཇིགས་པ་ཆེན་པོ་བརྒྱད་ལས་ཐར་ཅིང་མཐའ་གཉིས་སུ་མི་ལྟུང་པར་བསྲུང་བའི་དབང་དང་ལྡན་པར་གྱུར་ཅིག །རྡོ་རྗེ་གནོད་སྦྱིན་གྱིས་ཕྱག་མཚན་ཕག་རྒོད་ཀྱི་མཆེ་བ་ལག་ཏུ་བྱིན་ཏེ་དབང་བསྐུར་བས། བདུད་ཐམས་ཅད་འདུལ་ཞིང་གདུག་པ་ཐམས་ཅད་རྩད་ནས་གཅོད་པའི་དབང་དང་ལྡན་པར་གྱུར་ཅིག །རྡོ་རྗེ་ཁུ་ཚུར་གྱིས་ཕྱག་མཚན་ཁུ་ཚུར་ལག་ཏུ་བྱིན་ཏེ་དབང་བསྐུར་བས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྐུ་གསུང་ཐུགས་གཅིག་ཏུ་འདུས་པར་རྟོགས་པའི་དབང་དང་ལྡན་པར་གྱུར་ཅིག །ལྔ་པ་ཀུན་འགྲོ་མཆོད་ལྷ་བཅུ་གཉིས་ཀྱི་དབང་ནི། སློབ་དཔོན་སྟི་ར་མ་ཏི་ས་མཛད་པའི་ཡོ་ག་མྱ་ངན་དམ་པ་ལས། སྒོ་མ་བཞི་བསྡུ་བ་རྣམ་པར་བཞི་དང་། མཆོད་ལྷ་ཚད་མེད་བཞི་དང་། གཟུངས་མ་བཞི་ཡེ་ཤེས་བཞིར་གསུངས་ཤིང་། ཚིག་བསྒྱུར་བ་དང་སྔགས་གོང་དང་འགྲེེའོ། །ལྕགས་ཀྱུ་མའི་ཕྱག་རྒྱ་ལྕགས་ཀྱུ་བྱིན་ཏེ་དབང་བསྐུར་བས། སྦྱིན་པས་བསྡུས་པ་ཕུན་སུམ་འཚོགས་པའི་དབང་དང་ལྡན་པར་གྱུར་ཅིག །ཞགས་པ་མའི་ཕྱག་རྒྱ་ཞགས་པ་བྱིན་ཏེ་དབང་བསྐུར་བས། དོན་དང་མཐུན་པར་སྨྲ་བས་བསྡུད་པ་ཕུན་སུམ་འཚོགས་པའི་དབང་དང་ལྡན་པར་གྱུར་ཅིག །ལྕགས་སྒྲོག་མའི་ཕྱག་རྒྱ་ལྕགས་སྒྲོག་བྱིན་ཏེ་དབང་བསྐུར་བས། དོན་སྤྱོད་པས་བསྡུ་བ་ཕུན་སུམ་ཚོགས་པའི་དབང་དང་ལྡན་པར་གྱུར་ཅིག །དྲིལ་བུ་མའི་ཕྱག་རྒྱ་དྲིལ་བུ་བྱིན་ཏེ་དབང་བསྐུར་བས། སྙན་པར་སྨྲ་བས་བསྡུ་བ་ཕུན་སུམ་ཚོགས་པའི་དབང་དང་ལྡན་པར་གྱུར་ཅིག །དྷུ་པེ་མའི་ཕྱག་རྒྱ་སྤོས་བྱིན་ཏེ་དབང་བསྐུར་བས། བྱམས་པ་ཚད་མེད་ཀྱིས་ཐབས་དང་ཤེས་རབ་ཀྱི་དབང་དང་ལྡན་པར་གྱུར་ཅིག །པུཔྤེ་མའི་ཕྱག་རྒྱ་མེ་ཏོག་བྱིན་ཏེ་དབང་བསྐུར་བས། སྙིང་རྗེ་ཚད་མེད་པ་ཐབས་དང་ཤེས་རབ་ཀྱིས་དབང་དང་ལྡན་པར་གྱུར་ཅིག །ཨ་ལོ་ཀེའི་ཕྱག་རྒྱ་སྒྲོན་མེ་བྱིན་ཏེ་དབང་བསྐུར་བས། དགའ་བ་ཚད་མེད་པ་དང་ཐབས་དང་ཤེས་རབ་ཀྱི་དབང་དང་ལྡན་པར་གྱུར་ཅིག །གྷན་དྷེ་མའི་ཕྱག་རྒྱ་ཙན་དྷན་བདུད་རྩི་དུང་ཆོས་བྱིན་ཏེ་དབང་བསྐུར་བས་བཏང་སྙོམས་ཚད་མེད་པ་དང་ཤེས་རབ་ཀྱིས་དབང་དང་ལྡན་པར་གྱུར་ཅིག །གཟུངས་མ་ལ་སྱེ་མའི་ཕྱག་རྒྱ་མེ་ལོང་ཏུ་བྱིན་ཏེ་དབང་བསྐུར་བས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་སྒེག་མོའི་དབང་དང་ལྡན་པར་གྱུར་ཅིག །གཟུང་མ་མ་ལྱེ་མའི་ཕྱག་རྒྱ་ཕྲེང་བ་ལག་ཏུ་བྱིན་ཏེ་དབང་བསྐུར་བས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཕྲེང་བའི་དབང་དང་ལྡན་པར་གྱུར་ཅིག །གཟུངས་མ་གིརྟི་མའི་ཕྱག་རྒྱ་པི་ཝཾ་ལག་ཏུ་བྱིན་ཏེ་དབང་བསྐུར་བས་སོར་རྟོག་ཡེ་ཤེས་གླུ་དབྱངས་མཁན་མའི་དབྱངས་དང་ལྡན་པར་གྱུར་ཅིག །གཟུངས་མ་ནིརྟི་མའི་ཕྱག་རྒྱ་གར་ཆས་ཅན་ལག་ཏུ་བྱིན་ཏེ་དབང་བསྐུར་བས། བྱ་བ་གྲུབ་པའི་ནན་ཏན་ཡེ་ཤེས་ཀྱི་གར་མཁན་གཟི་བརྗིད་ཐོབ་པའི་དབང་དང་ལྡན་པར་གྱུར་ཅིག །བཞི་པ་མིང་དབང་འགྲོ་དོན་གྱིས་རྫས་གཉིས་ནི། མིང་དབང་ནི་རྡོ་རྗེ་ལས་གྲས་པའི་མིང་བཏགས་ལ། ལག་པ་གཡས་གཡོན་དུ་མེ་ལོང་དང་མདའ་གཞུ་བྱིན་ཏེ། ཀྱེ་རྡོ་རྗེ་དབང་ཕྱུག་ཆེ་གེ་མོ་ཁྱོད་ཀྱིས་ཆོས་ཐམས་ཅད་གཟུགས་བརྙན་དང་འདྲ་བར་ལྟོས་ལ། ཐབས་ཀྱི་གཞུ་དང་ཤེས་རབ་ཀྱི་མདས་འགྲོ་བའི་དོན་བྱེད་པའི་དབང་དང་ལྡན་པར་གྱུར་ཅིག ། སངས་རྒྱས་རྣམས་ཀྱིས་མིང་གིས་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཀུན་ཏུ་རབ་བསྒྲུབས་ཕྱིར། །མིང་གི་དབང་གིས་ཁྱོད་དབང་བསྐུར། །ༀ་བཛྲ་བ་ས་ཏྭ་ཨ་བྷི་ཥིཉྩ་མཾ། བཛྲ་ན་མ་ཨབྷི་ཥིཉྩ། ཨ་བྷི་ཤེ་ཀ་ཏ་ཨ་བྷི་ཥིཉྩ། དེའི་རྟིང་ལ་བདུན་པ་རྫས་སྤྱི་རྒྱས་པ་དང་། བསྡུས་པ་ལས་བསྡུས་པར་བཀྲ་ཤིས་རྫས་བརྒྱད་དང་། རིན་པོ་ཆེ་སྣ་བདུན་གྱི་དབང་བསྐུར། རྒྱས་པར་ཕྱི་དབང་བརྒྱ་རྩ་བརྒྱད་ཀྱིས་དབང་བསྐུར། མཚམས་པར་ཡོ་ག་བཀྲ་ཤིས་དྲུག་ཅུ་རྩ་གཉིས་སུ་དབང་བསྐུར་བར་བྱའོ། །ཕྱི་དབང་བརྒྱ་རྩའི་རྐང་གྲངས། ཡོ་ག་ལ་གཙོ་བོར་དཀར་དང་སེར་དང་། འཁོར་ཚོམ་བུ་དང་གྲལ་ཐབས་གང་བྱས་ཀྱང་རྩ་བ་སོ་བདུན་དང་མཐའ་རྫས་ལྷ་དུ་ཡོད་ཀྱང་དལ་གཅིག་ཏུ་བྱེད་རིག་གཅིག་ཡིན་གསུངས། ཡོ་གའི་རྫས་དབང་སྒོས་ཀྱི་དྲུག་ཅུ་རྩ་གཉིས་སྤྱིར་དུ་དབང་གྲངས་དབང་དོན་རྒྱས་པ་ན་གསལ། ཕྱི་དབང་དཀྱིལ་འཁོར་བཞི་བཅུ་རྩ་ལྔ་ནི། མཆོག་དབང་གཅིག །ཚོགས་མ་བུ་ལ་བདུན། ལྷ་མི་ལྔ། ཉན་ཐོས་ལྔ། རང་རྒྱལ་གསུམ། ཐུབ་པ་ལྔ། ཡུམ་ལྔ། ཀྲི་ཡ་དགུ། ཨུ་པ་བཞི། ཡོ་ག་གཅིག་གོ། །མཆོག་དབང་ཕྱག་རྡོར་དང་། ཚོགས་མ་བུ་ནི་ཕྱི་ཆ་གསུམ། རྡོ་རྗེ་སེམས་དཔའ་འཁོར་དང་འགྲོན་ཐམས་ཅད་ལ་གཅིག །བསོད་ནམས་གཏོར་སྦྱིན་གྱི་དཀྱིལ་འཁོར་དང་། ཚོགས་ལས་འབར་བ་འཚམས་དང་། ཕྲིན་ལས་མཚམས་སྦྱོར་ཞི་ཁྲོ་དང་། རྩ་བ་ཞི་ཁྲོ་ཕྲིན་ལས་དང་། གཞུང་མཐུན་མཆོད་པ་དང་། ལོངས་སྤྱོད་ཚོགས་དང་། ལྷག་མ་མཇུག་སྡུད་དེ་བདུན་ནོ། །ལྷ་མི་ལ་རྣམ་སྣང་གིས་ངན་འགྲོ་སྦྱོང་བ་དང་། མི་འཁྲུགས་པས་ཞིང་སྦྱོང་བ་དང་། སྨན་ལྷ་ནད་ཞི་བར་དང་། སྣང་མཐའ་མཚོན་འཁྲུག་ཞི་བ་དང་། ཤཱཀ་ཐུབ་མུ་གེ་ཞི་བ་དང་ལྔའོ། །ཉན་ཐོས་ལ་འཁོར་གཉིས་རབ་བྱུང་དང་ཁྱིམ་པ་སྟེ་འཕགས་པ་དང་སྐྱེ་བོ་མཚོན་པ། འཁོར་བཞི་བདེན་བཞི། དགེ་སློང་ཕོ་མོ། དགེ་བསྙིན་ཕོ་མོ་དང་། འཁོར་བརྒྱད། སྐྱེས་བུ་ཟུང་བཞི། གང་ཟག་ཡ་བརྒྱད་དང་། འཁོར་ལོ་བཅུ་དྲུག་མཆོག་ཡེ་ཤེས་བཅུ་དྲུག་དང་། འཁོར་སུམ་ཅུ་རྩ་གཉིས་སམ། མཆོག་ནས་གཏན་སྤྲུལ་པའམ་རང་རྒྱུད་དོ། །རང་རྒྱལ་ལ་འཁོར་གཉིས། བསེ་རུ་ནེ་ཙོ་ཕྱི་ནང་དང་། འཁོར་གཉིས་བསེ་རུ་ནེ་ཙོ་ལ་གསུམ་ཕྱི་ནང་རེའང་ཏྲ་ཏེ་བཞི་དང་། འཁོར་བཅུ་གཉིས་རྟེན་འབྲེལ་ལོ། །བྱང་སེམས་ལྷ་ལྔ། ལྷ་བཅུ་གཅིག །ལྷ་བཅོ་ལྔ། ལྷ་དྲུག་ཅུ། ལྷ་བརྒྱ་རྣམས་གཙོ་བོ་དང་མཐུན་པ་དང་། ཡུམ་ཆེན་མོ་ལུགས་གཉིས་སོ། །ཀྲི་ཡ་ལྷ་གསུམ། ལྷ་དྲུག་ལྷ་བཅོ་ལྔ་མ་གསུམ་གཙོ་བོས་ཕྱེ་བ་དགུའོ། །ཨུ་པ་ཡ་སྐུ་གསུང་ཐུགས་ཡེ་ཤེས་གཙོ་བོ་བཞིའོ། །ཡོ་ག་རྡོར་དབྱིངས་སོ། །རྫོགས་སོ། །བྱང་སེམས་བྱ་སྤྱོད་རྣལ་འབྱོར་གྱི་རྫས་དབང་ལགས། དབང་དོན་རྒྱས་པ་ལས། ཕྱི་དབང་བརྒྱ་རྩ་བརྒྱད་དུ་བསྐུར་ཞེས་སོ། །ཡང་། ཡོ་ག་ལ་སོགས་ཐེག་དྲུག་ལ། །ཕྱི་དབང་བརྒྱུད་ཀྱི་ཆུ་བོ་བྱ། །ཞེས་པས། ལྷ་མི་ལ་ལེའུ་བཅུ་གཅིག །ཉན་ཐོས་ལེའུ་བདུན། བྱང་ཆུབ་སེམས་དཔའ་ལེའུ་གཉིས། དེ་ཐམས་ཅད་བྱང་ཆུབ་སེམས་དཔའ་དོན་འགྲུབ་གྱི་མཛད་པ་ཉི་ཤུའོ། །སྔོན་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་དེ་དགའ་ལྡན་གྱིས་གནས་ནས་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ལྷུམས་སུ་གཤེགས་པའི་དུས་སུ། དབུ་ལ་རིན་པོ་ཆེའི་སྲོག་ཞུ་ཕུད་ནས་མི་ཕམ་མགོན་པོ་ལ་ཆོས་ཀྱི་རྒྱལ་ཚབ་ཏུ་ལྷ་རྣམས་ཀྱི་སྟོན་པ་མཛད་པར་དབང་བསྐུར་རོ། །དེ་དང་རྗེས་སུ་མཐུན་པར་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བས་ཆོས་ཀྱི་རྒྱལ་ཚབ་ཆེན་པོ་དབང་དང་ལྡན་པར་གྱུར་ཅིག །ཧཱུཾ་ཏོག་དཀར་དབུ་ལ་རིན་ཆེན་ཅོད་པན་བཤུས། །དེ་ཉིད་ཕྱག་གིས་ཁོ་བོའི་དབུ་ལ་བཞག །མི་ཕམ་མགོན་པོ་ཆོས་ཀྱི་རྒྱལ་ཚབ་རྗེ། །ཆོས་ཀྱི་རྒྱལ་སྲིད་ཆེན་པོ་བྱེད་པར་ཤོག །ཆོས་ཀྱི་དབྱིངས་ནས་བྱུང་ནས་གང་ན་བར། །སྤྲུལ་སྐུ་ཀུན་ཁྱབ་ཡིད་བཞིན་འབྱུང་བའི་གཏེར། །དང་པོ་ཚོགས་རྫོགས་ཡོངས་ལ་མཐར་ཕྱིན་པ། །འདི་ནི་བསོད་ནམས་རྫོགས་པའི་དབང་གི་བཀྲ་ཤིས་ལེའུ་སྟེ་དང་པོའོ།། །།
སྔོན་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་དེ་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ལྷུམས་ན་བཞུགས་པ་དང་། ཡུམ་གྱི་ཕྱག་གིས་སེམས་ཅན་ཐམས་ཅད་ལ་རེག་ཅིང་དབང་བསྐུར་བས། སེམས་ཅན་ཐམས་ཅད་ཀྱི་ལས་དང་ཉོན་མོངས་པ་དང་ན་ཚའི་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཡུམ་གྱི་ཕྱག་གིས་རེག་ཅིང་དབང་བསྐུར་བས་སློབ་མ་འདི་ཞེས་བྱ་བ་ཉོན་མོངས་པ་ན་ཚའི་སྡུག་བསྔལ་ཐམས་ཅད་ཞི་བར་གྱུར་ཅིག །སྒྱུ་མ་ལྷ་མཛེས་ལྷའི་ལྕམ། ལྷའི་ལུས་ལ་རིན་ཆེན་མཛེས། ཉོན་མོངས་སྡུག་བསྔལ་ཀུན་ཞི་ནས། །ན་ཚའི་སྡུག་བསྔལ་ཐར་བར་ཤོག །བྱིན་རླབས་ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན། །ཀུན་ལ་བྱམས་སྙོམས་ཐུགས་རྗེས་ཆེ་བའི་མ། །གཞན་ལ་ཕན་མཛད་དོན་གཉིས་ལྷུན་གྱིས་གྲུབ། །འདི་ནི་གྲུབ་པའི་དབང་གི་བཀྲ་ཤིས་གཉིས་པའོ།། །།
སྔོན་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་དེ་ཚལ་ལྷུམ་པའི་ཚལ་དུ་ཡུམ་གྱི་ལྷུམས་ནས་བལྟམས་པ་དང་སེང་གེ་ཕྲུ་གུ་ཟུང་གཅིག་གིས་བསྐོར་བ་བྱས་ཤིང་དབང་བསྐུར་བར་བསྡོ་བའི་ཕྱོགས་ཟིལ་གྱིས་གནོན་པའི་དབང་ཐོབ་བོ། །དེ་དང་རྗེས་མཐུན་པར་སེང་གེ་ཕྲུ་གུ་ཟུང་གཅིག་གིས་དབང་བསྐུར་བས་བསྡོ་བའི་ཕྱོགས་ཐམས་ཅད་ཟིལ་གྱིས་གནོན་པའི་དབང་ཐོབ་པར་གྱུར་ཅིག །སེང་གེ་ང་རོ་སྐད་ཆེན་ཐོགས་མེད་པས། འཇིགས་པ་མེད་པའི་སྒྲ་རྣམས་བསྒྲགས་ནས་ཀྱང་། །བར་དུ་གཅོད་པའི་བདུད་ཀྱི་སྡེ་བཏུལ་ཏེ། །བསྡོ་བའི་ཕྱོགས་རྣམས་ཟིལ་གྱིས་གནོན་པར་ཤོག །ཐམས་ཅད་ཟིལ་གནོན་ཆོ་འཕྲུལ་ཆེ་བའི་ལྷ། །ཡོན་ཏན་ཀུན་ཚངས་གདུགས་པ་ཟིལ་གྱིས་གནོན། །ཆེ་བའི་མཐུ་སྟོབས་ཀུན་ལས་ཁྱད་པར་འཕགས། །འདི་ནི་ཆེ་བཙན་མཐུ་སྟོབས་དབང་གི་བཀྲ་ཤིས་གསུམ་པའོ།། །།
སྔོན་ཡུམ་སྒྱུ་མ་ལྷ་མཛེས་གྲོང་ཁྱེར་སེར་སྐྱ་ན་བཞུགས་པ་ལ། གླང་པོ་ཆེ་ཕྲུ་གུ་གཉིས་ཀྱིས་སྣ་ཕུག་ཅིང་དབང་བསྐུར་བས། འཇིག་རྟེན་འདེགས་པའི་སྟོབས་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་གླང་པོ་ཆེ་ཕྲུ་གུ་ཟུང་གཅིག་གིས་དབང་བསྐུར་བས་འཇིག་རྟེན་འདེགས་པའི་སྟོབས་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །འཇིག་རྟེན་འདེགས་པའི་སྟོབས་ལྡན་ཞིང་། །ཐེག་པ་བཞི་ཡི་དོན་རྟོགས་ནས། །བྱེ་བྲག་ཕྱེད་པའི་སྟོབས་རྫོགས་ཏེ། །སྟོབས་ཀྱི་ཕ་རོལ་རྫོགས་པར་ཤོག །མཐུ་སྟོབས་ཕུན་སུམ་འཚོགས་ལྡན་པའི། །རིན་ཆེན་གསེར་རྒྱན་ཀུན་གྱིས་བརྒྱན། །དཔེ་བྱད་མཚན་རྫོགས་གླང་པོའི་སྟོབས། །འདི་ནི་སྟོབས་བཅུ་ལྡན་པ་ཡིས། །བདག་གི་བཀྲ་ཤིས་བཞི་པའོ།། །།
སྔོན་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་དེ། བྱང་ཆུབ་ཀྱི་ཤིང་བརྒྱན་འབྱམས་ཀྱི་ཚལ་རབ་ཏུ་ཡུམ་གྱི་ལྷུམས་ནས་བལྟམས་པ་ལ། ཚངས་པ་དང་བརྒྱ་བྱིན་གྱིས་བླངས་ནས་ན་བཟའ་ཀ་ཤི་ཀ་གསོལ་ཏེ་དབང་བསྐུར་བས་མཁྱེན་པའི་བྱེ་བྲག་ལ་གསལ་ཞིང་མ་འདྲེས་པའི་དབང་ཐོབ་པར་གྱུར་ཏེ། དེ་དང་རྗེས་སུ་མཐུན་པར་བཟའ་ཀ་ཤི་ཀའི་རས་ཀྱིས་དབང་བསྐུར་བས། མཁྱེན་པའི་ཡེ་ཤེས་གསལ་ཞིང་མ་འདྲེས་པའི་དམ་པ་ཐོབ་པར་གྱུར་གཅིག །ཉོན་མོངས་སྐྱོན་སྤངས་ཀ་ཤིའི་རས། ལེགས་པའི་ཡོན་ཏན་ཀུན་རྫོགས་ཏེ། །ཉེས་པའི་སྐྱོན་ལས་སྐྱོབས་པ་དང་། །མཁྱེན་པའི་བྱེ་བྲག་གསལ་བར་ཤོག །ཚངས་པ་བརྒྱ་བྱིན་བསོད་ནམས་དག་པའི་ལྷ། །ལྷ་ཡི་རྒྱལ་པོ་བློན་པོ་ཚངས་པའི་སྐུ། །མངོན་ཤེས་ལྔ་ལྡན་མཆོད་པའི་ཞུ་བའི་བདག །འདི་ནི་ཡོན་ཏན་བཀྲ་ཤིས་དབང་གི་བཀྲ་ཤིས་ལྔ་པའོ།། །།
སྔོན་བཅོམ་ལྡན་འདས་ཡུམ་གྱི་ལྷུམ་ན་བལྟམས་པ་ལས། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་གཉིས་ཀྱིས་ལྷོ་ཕྱོགས་སུ་ཆུ་རྟ་རྔ་འཛིན་ནས་བདུད་རྩིའི་ཆུ་བླངས་ནས་རྒྱལ་བུ་ལ་ཁྲུས་གསོལ་བས་ཉོན་མོངས་པའི་བག་ཆགས་ཀྱི་དྲི་མ་དག་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རྫས་འདིས་དབང་བསྐུར་བས་སློབ་མ་འདི་ཡི་ཉོན་མོངས་པ་བག་ཆགས་ཀྱི་དྲི་མ་དག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཀླུའི་རྒྱལ་པོས་བདུད་རྩིའི་ཆུ་བཅུས་ཏེ། བཅོམ་ལྡན་འདས་ཀྱིས་དྲིན་ལན་བླན་པ་དང་། བག་ཆགས་དྲི་མ་ཡོངས་སུ་དག་བྱའི་ཕྱིར། །བག་ཆགས་སྐྱོན་གྱི་དྲི་མ་དག་པར་ཤོག །ཡོན་ཏན་ཀུན་ལྡན་བྱང་ཆུབ་སེམས་དཔའི་རིགས། །བཅོམ་ལྡན་རྗེས་དྲན་སྨོན་ལམ་གྲུབ་པའི་མཆོག །དྲི་མ་ཀུན་འཁྲུ་ལེགས་པ་མཐར་ཕྱིན་པའི། །འདི་ནི་སྐུ་ཚེ་རིང་པའི་དབང་གི་བཀྲ་ཤིས་དྲུག་པའོ།། །།
འདིར་བྱང་ཆུབ་སེམས་དཔའི་བུམ་དབང་བྱའོ། །ལྷ་མི་ཉན་རང་གིས་བུམ་དབང་ཡང་འདི་ཀ་ཡིན་ནོ། །སྔོན་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དེས། ཡུམ་གྱི་ལྷུམས་ནས་བལྟམས་ནས་དགུང་བདུན་ལོན་པ་དང་། རྒྱལ་པོ་ཤཱཀྱའི་རིགས་ཀུན་ཚོགས་ནས་གཞོན་ནུ་དོན་འགྲུབ་ཏུ་མིང་བཏགས་ནས་དབང་བསྐུར་བས་ཤེས་བྱ་ལ་མ་རྨོངས་པའི་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་སློབ་མ་འདི་ལ་མིང་གིས་དབང་བསྐུར་བས་ཤེས་བྱ་ཡེ་ཤེས་ལ་མ་རྨོངས་པའི་དབང་གཞོན་ནུ་དོན་འགྲུབ་ཏུ་དབང་ཐོབ་པར་གྱུར་ཅིག །རིགས་ཀྱི་བུ་ཁྱོད་དིང་ཕན་ཆད། མིང་མཆོག་གྲགས་པས་དབང་བསྐུར་བས། །གཞོན་ནུ་དོན་གྲུབ་ཡིན་པའི་ཕྱིར། །རྒྱལ་བུ་དོན་འགྲུབ་ཡིན་པར་ཤོག །རྒྱལ་ཁྲིམས་གཙང་མ་རྒྱལ་བུ་ཀུན་འདུས་པས། །ལྷ་མི་ཀུན་ལ་དབང་བསྐུར་རྒྱལ་བུར་བསྐོས། །ཀུན་ལས་འཕགས་པའི་རྒྱལ་དབང་དམ་པ་སྟེ། །འདི་ནི་ཀུན་གྱིས་རྒྱལ་བུ་དབང་གི་བཀྲ་ཤིས་བདུན་པའོ།། །།
སྐབས་འདིར་སློབ་བུ་དེ་བྱང་ཆུབ་སེམས་དཔའ་དང་སེམས་མ་དང་རྒྱལ་བའི་སྲས་ཞེས་མིང་བརྗོད། བྱང་སེམས་ལ་ཕར་ཕྱིན་དང་། ཉན་རང་ལ་དཀོན་མཆོག་དང་། ལྷ་མི་ལ་མཐོ་རིས་ཀྱིས་མིང་ཡང་སྐབས་འདིར་ཐོབ་པའོ། །སྔོན་རྒྱལ་བུ་དོན་གྲུབ་ལ་སྲུ་མོ་ཀོའུ་ཏ་མས་རྒྱན་གྱི་བྱེ་བྲག་གི་རྒྱན་གྱིས་དབང་བསྐུར་བས། ས་དང་རྡ ོ་ལ་གནས་པའི་བསམ་མནོ་མེད་པ་རྣམས་ཕྱག་ཚུར་འཚལ་བའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རྒྱན་གྱི་བྱེ་བྲག་གིས་དབང་བསྐུར་བས་འགྲོ་བ་ཐམས་ཅད་ཤེས་པ་དང་ལྡན་པར་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །མཛེས་པའི་རྒྱན་རྣམས་མྱུར་དུ་བརྟག་ནས་ཀྱང་། །ལེགས་པའི་ཡོན་ཏན་ཀུན་ཚངས་ཡེ་ཤེས་སྐུ། །མ་རིག་ཐར་ལམ་མ་ལུས་འདྲེན་པའི་མཆོག །རྟོགས་པའི་ཡེ་ཤེས་མཆོག་དང་ལྡན་པར་ཤོག །ཡོན་ཏན་ཀུན་ལྡན་སྲུ་མོས་མཛེས་པའི་རྒྱན། །ལེགས་པ་ཀུན་རྫོགས་ཡོན་ཏན་མཐར་ཕྱིན་ཀྱང་། །ཆེ་བའི་ཡོན་ཏན་གནས་ཕྱིར་མི་ལངས་ཏེ། །འདི་ནི་ལེགས་པ་ཀུན་རྫོགས་དབང་གི་བཀྲ་ཤིས་བརྒྱད་པའོ།། །།
སྔོན་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དེས་ཡིག་དཔོན་ཀུན་གྱི་བཤེས་གཉེན་ལ་ཡི་གེ་སློབ་པའི་དུས་སུ་ཙན་དན་སྦྲུལ་གྱི་སྙིང་པོའི་ཡིག་ཤིང་གསེར་གྱི་གཡང་དམིག་རྟགས་ནས་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་ནས་ཡི་གེ་སློབ་པའི་དབང་བསྐུར་བས་ཡིག་དཔོན་གྱིས་ཀྱང་མ་ཐུབ་ལ། ལྷ་དང་མིའི་ཡི་གེ་ཐམས་ཅད་ལ་མཁས་པའི་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཡིག་ཤིང་གིས་དབང་བསྐུར་བས་ཆོས་ཀྱི་སྒྲ་སྒྲོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཙན་དན་སྦྲུལ་གྱི་ཡིག་ཤིང་ལ། །རིན་ཆེན་གསེར་གྱི་གཡང་དམིག་རྟགས། །འགྲོ་བའི་དོན་བྱེད་ཡི་གེའི་མཐུ། །ཕ་རོལ་ཟིལ་གནོན་ཆོས་ཉིད་ཀུན་ལས་རྒྱལ། །འདི་འདྲའི་ཡོན་ཏན་གཞན་ན་མེད་པ་ཡིས། །འདི་ནི་ཡི་གེའི་ཚོགས་དབང་གི་བཀྲ་ཤིས་དགུ་པའོ།། །།
སྔོན་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དེ་བདུད་ལྷས་སྦྱིན་དང་རྩལ་འགྲན་པའི་དུས་སུ། མེས་ཆེན་པོ་སེང་གེ་འགྲམ་གྱི་གནམ་རུས་དབང་བསྐུར་བས་སྒྲའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་འབྱུང་ཞིང་བདུད་སྒྱུ་རྩལ་གྱིས་འདུལ་བའི་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་སློབ་མ་འདི་ལ་གནམ་རུས་དབང་བསྐུར་བས་སྙན་པའི་སྒྲ་སྒྲོགས་ཤིང་བདུད་དཔུང་འདུལ་བའི་འཕོང་རྩལ་དང་ལྡན་པར་གྱུར་ཅིག །སྙན་པའི་སྒྲ་སྒྲོགས་གནམ་རུ་མཆོག །འགྲོ་བ་ཀུན་གྱིས་ཡིད་ཚིམ་ཞིང་། །གནོད་པའི་བདུད་རྣམས་བཅོམ་ནས་ནི། །བདུད་རྣམས་འདུལ་བའི་དབང་ཐོབ་ཤོག །ཐམས་ཅད་ཀུན་འདུལ་མཐུ་སྟོབས་ཕུན་སུམ་ཚོགས། །རྫུ་འཕྲུལ་ཐབས་ཀྱིས་ཕ་རོ ལ་ཟིལ་གྱིས་གནོན། །དོན་དང་མི་འགལ་གདུག་པ་ཞི་མཛད་པ། །འདི་ནི་གནམ་རུས་དབང་གི་བཀྲ་ཤིས་བཅུ་པའོ།། །།
སྔོན་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དེས་རྒྱལ་སྲིད་ཁབ་ཏུ་བཞེས་པའི་དུས་སུ་བཙུན་མོ་ས་མཚོ་མ་ཕྱག་ཏུ་ཕུལ་ཏེ་དབང་བསྐུར་བས་རིགས་མི་ནུབ་ཅིང་འགྲོ་བ་སེམས་ཅན་ཁྱིམ་དང་འདུ་འཛིས་འདུལ་བའི་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་བཙུན་མོས་དབང་བསྐུར་བས་སློབ་མ་འདི་བསྟན་པའི་རིགས་མི་ནུབ་ཅིང་ཇི་ལྟར་འདུལ་བ་བཞིན་དུ་འགྲོ་བའི་དོན་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ནོར་བུ་རིན་ཆེན་བྱི་དོར་བྱས་ཤིང་གསལ། །ཤཱཀྱ་ས་མཚོ་མ་བཀབ་ཕྱར་ན་ཡང་། །བློ་མོས་ཡིད་ལྕུག་དངས་པས་སེམས་བསྐྱེད་དེ། །དགོངས་པའི་དོན་རྣམས་ཡོངས་སུ་རྫོགས་པར་ཤོག །ཁྱིམ་དང་འདུ་འཛི་འདུལ་བར་གཟིགས་པ་ཡིས། །ཁབ་དང་རྒྱལ་སྲིད་འཁོར་ལོ་བསྒྱུར་བའི་ཚུལ། །ཁམས་གསུམ་ཁྱིམ་པ་རྣམས་ཀྱི་དོན་མཛད་པ། །འདི་ནི་བཙུན་མོ་དབང་གི་བཀྲ་ཤིས་བཅུ་གཅིག་པའོ།། །།
སྔོན་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དེ་འཁོར་ལོ་བསྒྱུར་བའི་རྒྱལ་པོར་བསྐོས་ནས་ཤིང་རྟས་དབང་བསྐུར་བས་འཛམ་བུ་གླིང་བཞི་ལ་འཁོར་ལོས་བསྒྱུར་བར་གྱུར་ནས་འཁོར་བའི་ཆོས་ཐམས་ཅད་མི་རྟག་པར་མཁྱེན་པའི་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཤིང་རྟ་ལ་སོགས་པའི་འཁོར་ལོ་བསྒྱུར་བའི་དབང་པོས་དབང་བསྐུར་བས་འཛམ་བུ་གླིང་བཞི་ལ་དབང་བསྒྱུར་ཞིང་སྐྱེ་ཤི་མི་རྟག་པའི་སྡུག་བསྔལ་ལས་སུན་ཕྱུང་བར་གྱུར་ཅིག །རྒྱལ་སྲིད་ལོངས་སྤྱོད་དཔལ་དང་ལྡན་པའི་མཆོག །འགྲོ་བའི་དོན་མཛད་འཁོར་ལོ་བསྒྱུར་བའི་ལྷ། །ལྷ་མི་ཡོངས་ཀྱི་སྤྱོད་པ་བསམ་མི་ཁྱབ། །སྐྱེ་ཤི་མི་རྟག་པ་ལས་བཟློག་པར་ཤོག །རྒྱལ་སྲིད་ལོངས་སྤྱོད་དཔལ་དང་ལྡན་པའི་ལྷ། །གླིང་བཞི་མཐའ་བསྐོར་སྐྱེ་རྒས་ན་འཆི་སྤོང་། །འཁོར་བའི་སྐྱོན་ཤེས་སྡུག་བསྔལ་སེལ་མཛད་པ། །འདི་ནི་ཤིང་རྟ་དབང་གི་བཀྲ་ཤིས་ལེའུ་བཅུ་གཉིས་པའོ།། །།
སྔོན་རྒྱལ་བུ་དོན་ཐམས་ཅད་འགྲུབ་པ་དེ་ཁབ་ནས་ཁབ་མེད་པར་རབ་ཏུ་བྱུང་བའི་དུས་སུ། འབངས་མོ་ས་ལ་ཅན་གྱིས་ཆིབས་རིན་པོ་ཆེ་ལྔ་ལྡན་ཕྱུང་ནས་ཕུལ་བས། སྲོད་གཅིག་ལ་དཔག་ཚད་བརྒྱད་ཁྲི་འདས་ནས་རབ་ཏུ་བྱུང་ནས་ཉོན་མོངས་པ་ལས་ཐར་ནས་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་དང་རྗེས་སུ་མཐུན་པར་ཆིབས་འདིས་དབང་བསྐུར་བས་རབ་ཏུ་བྱུང་ཞིང་ཉོན་མོངས་པ་ལས་གྲོལ་བའི་དབང་ཐོབ་པར་གྱུར་ཅིག །གང་ཡང་ཐོགས་མེད་བརྩོན་འགྲུས་མྱུར་བའི་ཤུགས། །ཚངས་པ་བརྒྱ་བྱིན་མཐུ་བྱིན་ཆེ་བའི་ལྷ། །རྒྱལ་ཆེན་རིགས་བཞི་འདེགས་པའི་སྟོབས་དང་ལྡན། །ཐོགས་མེད་ཚངས་པར་སྤྱོད་པའི་མཐུ་ལྡན་ཤོག །འཁོར་བའི་ཆོས་ནི་འཆིལ་སྣབས་ཐལ་བར་གཟིགས། །འཁོར་བའི་ཉེས་པ་དགྲ་རྣམས་གཞོམ་པའི་ཕྱིར། །འདོད་པའི་རྒྱུ་སྤོང་རྣམ་རྟོག་འབོར་མཛད་པ། །འདི་ནི་ཆིབས་ཀྱིས་དབང་གི་བཀྲ་ཤིས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།
སྔོན་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་དེ་རྣམ་དག་མཆོད་རྟེན་གྱི་འགྲམ་དུ་ཁབ་ནས་ཁབ་མེད་པར་རབ་ཏུ་བྱུང་བ་ལས་སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་མཛེས་པའི་ཏོག་གིས་བཤན་རལ་གྲི་ཕྱག་ཏུ་ཕུལ་ཏེ་དབང་བསྐུར་བས་ཉོན་མོངས་པའི་དྲྭ་བ་གཅོད་པའི་དབང་དམ་པ་ཐོས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་བཅོམ་ལྡན་འདས་ཀྱི་བཤན་རལ་གྲིས་དབང་བསྐུར་བས་ཉོན་མོངས་པའི་སྒྲིབ་པའི་དྲྭ་བ་གཅོད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཉོན་མོངས་དྲྭ་བ་གཅོད་པའི་རལ་གྲི་སྟེ། །མི་ཤེས་ཉོན་མོངས་རྒྱུ་རྣམས་བཅད་ནས་ཀྱང་། །བླ་མེད་བྱང་ཆུབ་གནས་སུ་འགོད་པའི་ཕྱིར། །ཉོན་མོངས་སྒྲིབ་པའི་དྲྭ་བ་གཅོད་པར་ཤོག །ཉོན་མོངས་དགྲ་རྣམས་མ་ལུས་བཅོམ་ནས་ཀྱང་། །བདེ་བའི་དོན་རྟོགས་ནགས་ཁྲོད་དབེན་པར་གནས། །བདག་དོན་ལྷུན་གྲུབ་གཞན་དོན་མཐར་ཕྱིན་པའི། །འདི་ནི་ཚུལ་ཁྲིམས་དབང་གི་བཀྲ་ཤིས་ཀྱི་ལེའུ་སྟེ་བཅུ་བཞི་པའོ།། །།
སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཆུ་བོ་ནེ་ར་ཛ་རའི་འགྲམ་དུ་དཀའ་ཐུབ་རྫོགས་པ་ལ། སུམ་ཅུ་རྩ་གསུམ་ལྷ་ཡི་བུ་ཡིད་བཞིན་འབྱུང་བས་གསེག་ཤང་དང་སྤར་བུ་ཕུལ་བས་འགྲོ་བའི་དོན་མཐར་ཕྱིན་པ་རྫོགས་པའི་དབང་ཐོབ་བོ། །དེ་དང་རྗེས་སུ་མཐུན་པར་བཅོམ་ལྡན་འདས་ཀྱི་གསེག་སྤར་གྱི་རྫས་ཀྱིས་དབང་བསྐུལ་བས་བདག་དང་འགྲོ་བའི་དོན་མཐར་ཕྱིན་པར་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སེར་སྣའི་མདུད་པ་གྲོལ་ཕྱིར་གསེག་སྤར་བསྣམས། །ཆོག་ཤེས་གང་བ་སླ་ཕྱིར་སྤར་བུ་བསྣམས། །བསོད་ནམས་ཚོགས་རྫོགས་བྱང་ཆུབ་ཉིད་ཀྱི་སྐུ། །བདག་དང་གཞན་དོན་མཐར་ཕྱིན་རྫོགས་པར་ཤོག །བཀྲ་ཤིས་ཀྱི་ལེའུ་བཅོ་ལྔ་པའོ།། །།
སྔོན་བཅོམ་ལྡན་འདས་བསྙེན་པ་རྫོགས་པ་ལ་སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་ཞིག་གིས་ན་བཟའ་ངུར་སྨྲིག་གསོལ་བས་ཉོན་མོངས་པའི་འགྲོ་བ་སྲིད་ལས་སྐྱོབ་པའི་དབང་དམ་པ་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་བཅོས་ལྡན་འདས་ཀྱི་ན་བཟའ་ངུར་སྨྲིག་གི་རྫས་འདིས་དབང་བསྐུར་བས་ཉོན་མོངས་པའི་འཁོར་བ་ལས་སྐྱོབས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ངན་འགྲོ་སྐྱོབས་ཕྱིར་ཆོས་གོས་ན་བཟའ་གསོལ། །མི་ཤེས་རྨོངས་པ་མ་ལུས་བསལ་བ་དང་། །བག་ཆགས་སྐྱོན་གྱི་དྲི་མས་མ་གོས་པའི། །འབྲས་བུ་བྱང་ཆུབ་གནས་སུ་འགྲུབ་པར་ཤོག །ན་བཟའ་ངུར་སྨྲིག་བཀྲ་ཤིས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །།
སྔོན་བཅོམ་ལྡན་འདས་ཡུལ་མ་ག་དའི་རྒྱལ་ཁམས་སུ་བསོད་སྙོམས་ལ་གཤེགས་པ་ལ། སྤྲེའུ་རྒྱལ་པོས་སྦྲང་རྩི་ལྷུང་བཟེད་གང་དྲངས་པས་བཀྲ་ཤིས་པའི་རྫས་མཆོག་དམ་པ་དང་ལྡན་པར་གྱུར་ཏེ། དེ་དང་རྗེས་སུ་མཐུན་པར་མི་འདི་ཞེས་བྱ་བ་ལ་བཀྲ་ཤིས་པའི་རྗས་འདིས་དབང་བསྐུར་བས། འབྲས་བུ་ཕུན་སུམ་ཚོགས་པའི་བཀྲ་ཤིས་པའི་མཆོག་དང་ལྡན་པར་གྱུར་ཅིག །རྒྱལ་རིགས་སྤྲེའུའི་རྒྱལ་པོ་ཡིས། །སྦྲང་རྩི་ཕུལ་བའི་བསོད་ནམས་མཆོག །ཐུགས་མཐུན་པ་ཡི་བྱིན་རླབས་ཀྱིས། །བཀྲ་ཤིས་སྟོབས་མཆོག་ལྡན་པར་ཤོག །ལེའུ་བཅུ་བདུན་པའོ།། །།
སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཆུ་བོ་ནེ་ར་ཛ་ནའི་འགྲམ་དུ་དཀའ་ཐུབ་ལོ་གསུམ་མཛད། ལོ་གཅིག་འབྲས་ས་ལུའི་ལྗང་པ་ཉག་རེ་གསོལ། ལོ་གཅིག་ཆུ་ཐིགས་པ་རེ་གསོལ། ལོ་གཅིག་ཅི་ཡང་མ་གསོལ་ན་ཡང་སྦྲིམས་ཤིང་སྐྱེམས་པ་མི་མངའ་བས་ལས། གྲོང་ཁྱེར་གྱི་བྱིས་པས་ཀྱང་ཐོ་བརྩམ་པ་ལ་ཉིད་ལ་ཚོར་བ་རྒྱུ་དུབ་ཀྱང་མི་མངའ་སྟེ། སྐུ་སྐམ་ཞིང་རིད་པ་ལས། གྲོང་པ་ལེགས་འོང་མའི་བུ་མོ་ལེགས་སྐྱེས་མས་འབྲལ་ཆེན་གང་གཞོང་གང་དྲངས་ཏེ་གསོལ་བས་སྐུ་གསེར་གྱི་བརྟན་པ་ཕྱིས་པ་བཞིན་དུ་གྱུར་ནས་མཚན་དང་དཔེ་བྱད་དུ་ལྡན་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་མིང་འདི་ཞེས་བྱ་བ་ལ་འོ་ཐུག་འབྲས་ཆེན་གྱིས་དབང་བསྐུར་བས་མཚན་དང་དཔེ་བྱད་དུ་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཉོན་མོངས་མེད་པ་འབྲས་བུའི་མཆོག །ཞི་བའི་ངང་ལ་རབ་ཏུ་གནས། །བསོད་ནམས་ཐོབ་ཕྱིར་བསྔོས་པ་འདིས། །མཚན་དང་དཔེ་བྱད་རྗོགས་པར་ཤོག །ལེའུ་བཅོ་བརྒྱད་པའོ།། །།
སྔོན་བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཤིང་དྲུང་གི་རྩར་གཤེགས་པའི་དུས་སུ། རྩ་འཚོང་བཀྲ་ཤིས་ཀྱིས་རྩ་རྨ་བྱའི་མགྲིན་པ་ལྟར་སྔོ་བ་ཕྱག་ཏུ་ཕུལ་བས། བཅོམ་ལྡན་འདས་ཀྱི་གདན་དུ་བཏིང་བས་བདུད་ཀྱིས་མི་ཚུགས་པའི་བཀྲ་ཤིས་པའི་རྫས་དང་ལྡན་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རྫས་འདིས་དབང་བསྐུར་བས་བཀྲ་ཤིས་པ་དང་བར་ཆད་ཐམས་ཅད་ཀྱིས་མི་ཚུགས་པའི་དབང་དམ་པ་དང་ལྡན་པར་གྱུར་ཅིག །སྔོན་གྱི་དྲང་སྲོང་རྣམས་ཀྱིས་གྲུབ་པ་ཡིས། །བཀྲ་ཤིས་རྩྭ་མཆོག་རྨ་བྱའི་མགྲིན་པ་འདྲ། །ལེགས་པ་ཀུན་རྫོགས་ཉེས་པ་མེད་པ་སྟེ། །འགྲོ་བའི་དོན་དུ་བཀྲ་ཤིས་རྫོགས་པར་ཤོག །ལེའུ་སྟེ་བཅུ་དགུ་པའོ།། །།
སྔོན་བཅོམ་ལྡན་འདས་སྐྱེས་བུ་གྱད་ཀྱིས་ཉེ་འཁོར་ན་བཞུགས་པའི་ཚེ། བྱང་ཕྱོགས་ཀྱི་ཚོང་པ་ཉེ་མགོན་དང་མེག་སྐྱབས་ཀྱིས་བུ་རམ་ཤིང་ཤུན་དང་མ་བྲལ་བ་དང་སྦྲང་རྩི་ཡོན་དུ་ཕུལ་བ་ཤིན་ཏུ་བཀྲ་ཤིས་པའི་རྫས་དམ་པ་དང་ལྡན་པར་གྱུར་ཏེ། དེ་དང་རྗེས་སུ་མཐུན་པར་མིང་འདི་ཞེས་བྱ་བ་ལ་བཀྲ་ཤིས་པའི་རྫས་འདིས་དབང་བསྐུར་བས་བཀྲ་ཤིས་སྐྱེ་འཆི་མེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཐམས་ཅད་ཀུན་གྱི་སྙིང་པོ་ཡོན་མཆོག་སྟེ། །དད་པ་སྐྱེས་ནས་མཆོད་གནས་བྱས་པ་དང་། །འབྲས་བུ་སྨོན་ལམ་མྱུར་དུ་ཐོབ་པའི་ཕྱིར། །འདི་དག་བཀྲ་ཤིས་མྱུར་དུ་རྫོགས་པར་ཤོག །ཡོན་ཏན་མཐར་རྫོགས་སངས་རྒྱས་ས་ལ་གནས། །གོ་འཕང་བླ་མེད་རྒྱལ་ཐབས་སྤྱོད་པ་ཅན། །འགྲོ་དོན་མཐར་ཕྱིན་འཇིག་རྟེན་གསུམ་གྱི་མགོན། །ཤེས་རབ་མཐར་ཕྱིན་བཀྲ་ཤིས་དབང་སྟེ་ཉི་ཤུ་པའོ།། །།
འདི་ཡན་ཆད་རྒྱ་ཆེན་རོལ་པས་འགྲོ་བ་འདུལ་བའི་དབང་སྟེ་རྒྱུ་མཚན་ཉིད་ཀྱི་ཐེག་པའི་དབང་ངོ་། །བྱང་སེམས་མཛད་པ་ཉི་ཤུ་པའོ།། །།
འདི་ན་མར་ཀྲི་ཡའི་དབང་ལ། སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རི་རབ་ཀྱི་ཟོམ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་དཔའ་ཕྱག་ན་རྡོ་རྗེ་ལ་རིན་པོ་ཆེ་སྣ་ལྔའི་རི་རབ་ཀྱིས་དབང་བསྐུར་བས་མཐུ་སྟོབས་ཕུན་སུམ་ཚོགས་པ་དང་ལྡན་ཏེ་མི་འགྱུར་བའི་སྐུ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རིན་པོ་ཆེ་སྣ་ལྔའི་རི་རབ་ཀྱིས་དབང་བསྐུར་བས་མཐུ་སྟོབས་ཕུན་སུམ་ཚོགས་པ་དང་ལྡན་ཏེ་མི་འགྱུར་བའི་སྐུ་ཐོབ་པར་གྱུར་ཅིག །གཟི་བརྗེད་ལྷུན་སྡུག་རི་རབ་མཆོག་གི་སྐུ། །ཆེ་བའི་ཡོན་ཏན་རྒྱས་པ་དབང་རིམ་མཆོག །ཐམས་ཅད་གནས་པའི་རི་བོ་ཆེན་པོ་ལ། །མཐུན་སྟོབས་མི་འགྱུར་སྐུ་རྣམས་རྫོགས་པར་ཤོག །སྐྱེ་བཞི་འགྲོ་དྲུག་ཁམས་གསུམ་ཀུན་གྱི་སྲོག །ཁ་དོག་མཛེས་ལྡན་རིན་ཆེན་སྣ་ཚོགས་གཞི། །ཕྱོགས་བཞི་དབུས་དང་རིགས་ཀྱིས་སྐུར་བསྟན་པ། །འདི་ནི་རི་རབ་དབང་གི་བཀྲ་ཤིས་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།
སྔོན་བཅོམ་ལྡན་འདས་མཛད་པ་བཅུ་གཉིས་རྫོགས་པར་མཛད་པའི་དུས་སུ་ཨུ་དུམ་ཝ་རའི་མེ་ཏོག་དང་སྦྱར་ནས་དཔལ་ཕྱག་ན་རྡོ་རྗེ་ལ་རི་བཞིན་གྱི་མཆོད་རྟེན་དང་སྤྲུལ་པའི་མཆོད་རྟེན་ལ་སོགས་པས་དབང་བསྐུར་བས་རྣམ་པར་མི་རྟོག་པ་ཆོས་ཀྱི་སྐུ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་མཆོད་རྟེན་ཆེན་པོས་དབང་བསྐུར་བས་ཆོས་ཀྱི་སྐུ་ཐོབ་པའི་དབང་དང་ལྡན་པར་གྱུར་ཅིག །དྲན་པ་ཉེ་བར་བཞག་པའི་བེམ་རིམ་དང་། །སྐྱེ་འགག་མེད་པའི་བུམ་པ་ཟླུམ་པོ་དང་། །ཆོས་ཀྱི་འཁོར་ལོ་མ་འདྲེས་ཏོག་ལ་སོགས། །རྣམ་པར་མི་རྟོག་ཆོས་ཀྱི་སྐུ་ཐོབ་ཤོག །ལྟ་བའི་ས་དང་མངོན་པར་བྱང་ཆུབ་མཚུངས་པ་མི་མངའ་བས། ཆོས་ཀྱི་འཁོར་ལོ་བསྐོར་དང་ཆོ་འཕྲུལ་སྟོན་ལ་སོགས། །ལྷ་ཡུལ་གནས་གཤེགས་སྟོན་པ་མྱ་ངན་གར་གནས་པའི། །སྟོབས་བཅུའི་བྱིན་རླབས་དབང་གི་མཆོད་རྟེན་དབང་གི་བཀྲ་ཤིས་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །།
སྔོན་བཅོམ་ལྡན་འདས་ཡུལ་གྱད་ཀྱི་ཉེ་འཁོར་ན་བཞུགས་པའི་དུས་སུ་དཔལ་ཕྱག་ན་རྡོ་རྗེ་ལ་དཔག་བསམ་ཤིང་གིས་དབང་བསྐུར་བས་དགོངས་པའི་དོན་ཡིད་བཞིན་དུ་འགྲུབ་པར་གྱུར་ཏེ། དེ་དང་རྗེས་སུ་མཐུན་པར་དཔག་བསམ་ཤིང་གིས་དབང་བསྐུར་བས། མིང་འདི་ཞེས་བྱ་བ་དགོངས་པའི་དོན་རྣམས་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག །གང་ལ་ཇི་འདོད་དཔག་བསམ་ཤིང་ལྟ་བུ། །ཡོན་ཏན་ཡིད་བཞིན་ཟད་མེད་གཏེར་དང་ལྡན། །རྟེན་པའི་རྒྱུ་དང་འབྲས་བུའི་ཚུལ་ཡིན་ཏེ། །དགོངས་པའི་དོན་རྣམས་ཡིད་བཞིན་འགྲུབ་པར་ཤོག །ལྷ་ཡི་རེ་སྐོངས་དཔག་བསམ་ལྗོན་ཤིང་ལྟར། །འཕགས་པའི་ཡོན་ཏན་བརྗོད་ཀྱིས་མི་ལངས་ཏེ། །རེ་བ་ཡིད་བཞིན་ཕུན་སུམ་ཚོགས་པའི་རྫས། །འདི་ནི་དཔག་བསམ་ཤིང་གི་དབང་གི་བཀྲ་ཤིས་ལེའུ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།
སྔོན་བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོའི་གླིང་ལ་གཤེགས་པའི་དུས་སུ་དཔལ་ཕྱག་ན་རྡོ་རྗེ་ལ་རྒྱ་མཚོ་ཆེན་པོས་དབང་བསྐུར་བས། ཆོས་སྐྱེ་བ་མེད་པ་ཟབ་ཅིང་རྒྱ་ཆེ་བ་ཤེས་པའི་རྒྱུད་ལ་སྟོན་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རྒྱ་མཚོ་ཆེན་པོས་དབང་བསྐུར་བས་ཆོས་སྐྱེ་བ་མེད་པ་ཟབ་ཅིང་རྒྱ་ཆེ་བའི་དོན་རྟོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གཏིང་དཔག་ཟབ་ཅིང་རྒྱ་མཚོ་ཡངས་པ་ཡིས། །ཀུན་ཏུ་སྙེམས་པའི་ཡོན་ཏན་ཆེན་པོ་སྟེ། །སྐྱེ་འགགས་མེད་པའི་རྒྱ་མཚོ་ཆེན་པོ་ལ། །ཟབ་ཅིང་རྒྱ་ཆེའི་ཆོས་དོན་རྟོགས་པར་ཤོག །ཆོས་ཉིད་ཟབ་མོ་རྒྱ་མཚོ་ལྟ་བུར་ཐུགས་ཆུད་པས། །ཟབ་ཅིང་རྟིང་དཔག་དཀའ་བའི་རྒྱ་མཚོ་ལ། །ཡིད་བཞིན་ནོར་བུ་ཁ་དོག་མཛེས་པའི་ཚུལ། །འདི་ནི་རྒྱ་མཚོ་དབང་གི་བཀྲ་ཤིས་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།
སྔོན་བཅོམ་ལྡན་འདས་རྡོ་རྗེ་གདན་དྲུང་ན་བཞུགས་པ་ལ། དཔལ་ཕྱག་ན་རྡོ་རྗེ་ལ་ས་གཞི་ཆེན་པོ་གནས་ཀྱིས་དབང་བསྐུར་བས་བཀྲ་ཤིས་ལ་བྱིན་ཆགས་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་མིང་འདི་ཞེས་བྱ་བ་ལ་ས་གཞི་སྐྱེ་གནས་ཀྱིས་དབང་བསྐུར་བ་གནས་བཀྲ་ཤིས་ཤིང་བྱིན་ཆགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རབ་ཏུ་དབེན་པའི་གནས་མཆོག་དམ་པ་སྟེ། མེ་ཏོག་དྲི་བསུང་མང་པོ་སྐྱེ་བ་དང་། །ཡོན་ཏན་མ་ལུས་ཚངས་པར་ཀུན་རྫོགས་ཏེ། །དབེན་པའི་བཀྲ་ཤིས་ཆེན་པོའི་གནས་སུ་ཤོག །མེ་ཏོག་མཛེས་ལྡན་ཡིད་འོངས་བརྒྱན་པའི་གནས། །བཀྲ་ཤིས་སྐད་སྙན་བྱ་སྐད་སྣ་ཚོགས་སྒྲོགས། །ཡོན་ཏན་ལྡན་པ་སྟོན་པས་བརླབས་པའི་གནས། །འདི་ནི་ས་གཞི་གནས་ཀྱི་དབང་གི་བཀྲ་ཤིས་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།
སྔོན་བཅོམ་ལྡན་འདས་བ་ར་ན་སེ་ན་བཞུགས་པ་ལ་དཔལ་ཕྱག་ན་རྡོ་རྗེ་ལ་བདུད་རྩི་ཆུས་དབང་བསྐུར་བས་སྐྱེ་ཤི་མི་མངའ་བའི་སྐུ་ཐོབ་བོ། །དེ་དང་རྗེས་སུ་མཐུན་པར་བདུད་རྩི་བུམ་པའི་ཆུས་དབང་བསྐུར་བས་སྐྱེ་ཤི་མེད་པ་སྐུའི་དབང་ཐོབ་པར་གྱུར་ཅིག །བདུད་རྩི་ཆུ་རྒྱུན་འགྲོ་བའི་གསོས་ཀྱི་མཆོག །ཉོན་མོངས་སྡུག་བསྔལ་ནད་དུ་ཆེ་བ་སེལ། །མ་རིག་དག་པའི་བདུད་རྩི་ཆུ་མཆོག་སྟེ། །སྐྱེ་ཤི་མེད་པ་དག་པའི་སྐུ་ཐོབ་ཤོག །བུམ་པའི་ཁ་རྒྱན་དཔག་བསམ་ཤིང་། །དབང་བསྐུར་བུམ་པ་སྤྱི་བླུག་པས། །བདུད་རྩི་དམ་པ་འདིར་སྩོལ་ཅིག །འདི་ནི་བདུད་རྩིའི་ཆུ་རྒྱུན་དབང་གིས་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ། །འདིར་ཀྲི་ཡའི་བུམ་དབང་བྱ་སྟེ་རྫས་དབང་ཀྲི་ཡ་ཨུ་པ་ཡ་གཅིག་ཏུ་བྱེད་པས་ཨུ་པ་ཡའི་བུམ་པ་ཡང་བྱའོ། །སྔོན་བཅོམ་ལྡན་འདས་རི་རབ་ཀྱི་ཟོམ་ལ་བཞུགས་པ་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཆོས་ཞུ་བའི་ཕྱིར་དར་བུ་ཁད་ཀྱིས་ཟ་ར་ཚགས་ཕུལ་བས། ཆོས་སྒྲ་ཆེན་པོ་སྒྲོགས་པའི་བྱིན་དང་ལྡན་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རྫས་འདིས་དབང་བསྐུར་བས་ཆོས་ཀྱི་སྒྲ་ཆེན་པོ་སྒྲོགས་པའི་དབང་ཐོབ་པར་གྱུར་ཅིག །ཆོས་ཀྱི་རྒྱལ་སྲིད་ཆེན་པོ་མངའ་བརྙེས་ཤིང་། །མ་རིག་མུན་པ་མ་ལུས་གསལ་བ་དང་། །བརྒྱ་བྱིན་ཤེས་པ་མ་ལུས་བགྲོལ་བའི་ཕྱིར། །ཆོས་རྣམས་ཐམས་ཆད་གོ་ཞིང་སྒྲོགས་པར་ཤོག །མཉེན་འཇམས་རེག་བདེ་དར་གྱི་ཟ་ར་ཚགས། །རིགས་ཀྱི་ཁ་དོག་སྣ་བདུན་ཤིན་ཏུ་མཛེས། །ཡིད་འོངས་ལེགས་པར་བརྒྱན་པའི་བཀྲ་ཤིས་རྫས། །འདི་ནི་དར་གྱི་ཟ་ར་ཚགས་ཀྱི་དབང་གི་ལེའུ་སྟེ་ཉེར་བདུན་པའོ།། །།
སྔོན་བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་གྱི་གནས་སུ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་རིན་པོ་ཆེའི་ཁྲི་རྐང་ཕུལ་ནས་བཞུགས་པས་ཆོས་ཤེས་པའི་རྒྱུད་ལ་གོ་བ་སྒྲོགས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རིན་པོ་ཆེའི་ཁྲི་རྐང་གིས་དབང་བསྐུར་བས་ཆོས་གོ་བ་སྒྲོགས་པའི་དབང་ཐོབ་པར་གྱུར་ཅིག །རིན་ཆེན་གསེར་གྱི་ཁྲི་སྟེངས་སུ། །ཆོས་སྒྲ་ཆེན་པོ་སྒྲོགས་པ་ཡིས། །འགྲོ་བ་རྣམས་ཀྱི་མི་ཤེས་བགྲོལ། །ཆོས་རྣམས་གོ་བར་སྒྲོགས་པར་ཤོག །ཚད་མེད་བཞི་ལྡན་འདེགས་པ་གསེར་གྱི་ཁྲི། །ཡོན་ཏན་ཚོགས་རྫོགས་རིན་ཆེན་སྣ་ཚོགས་སྤྲས། །ཡོན་ཏན་ཡིད་བཞིན་ཟད་མེད་དགོས་འདོད་སྐོངས། །འདི་ནི་རིན་ཆེན་གསེར་ཁྲི་དབང་གི་བཀྲ་ཤིས་ལེའུ་སྟེ་ཉེར་བརྒྱད་པའོ།། །།
སྔོན་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་མེ་ཏོག་གི་ཆུན་པོ་བྲེས་པས་སེམས་ཅན་འཁོར་བ་ལས་བསླུ་ཞིང་འདྲིད་པའི་མཆོག་དམ་པ་དང་ལྡན་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་མེ་ཏོག་གི་ཆུན་པོས་དབང་བསྐུར་བས་འཁོར་བ་ལས་བསླུ་བར་བྱེད་པའི་མཛེས་པའི་རྒྱན་མཆོག་དམ་པའི་དབང་ཐོབ་པར་གྱུར་ཅིག །སྡུག་ཅིང་མཛེས་པའི་མེ་ཏོག་དམ་པ་འདི་ཁ་དོག་མ་འདྲེས་སོ་སོར་གསལ་བའི་མཆོག །སེམས་ཅན་ཀུན་གྱིས་ལྟ་བར་འོས་པ་ཡི། །མཛེས་པའི་རྒྱན་མཆོག་དམ་པ་ལྡན་པར་ཤོག །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་དམ་པ་དང་། །ཤིང་དང་ནགས་སྐྱེས་འཛམ་གླིང་འབྲུ་མཆོག་འདི། །རིན་ཆེན་ཕྲེང་ལྟར་མཁའ་ལ་ཆར་འབེབས་པའི། །འདི་ནི་མེ་ཏོག་ཆུན་པོའི་དབང་གི་བཀྲ་ཤིས་ལེའུ་སྟེ་ཉེར་དགུ་པའོ།། །།
སྔོན་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལས། རི་རབ་ཀྱི་རྩེ་ཁང་བུ་ན་བརྩེགས་པའི་ཁང་བཟངས་ན་བཞུགས་པའི་དུས་སུ། སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་འོད་དམ་པ་ཞེས་བྱ་བས་རྔ་ཡབ་ཀྱི་གཡབ་པས་དགེས་པ་ཆེན་པོའི་གཟི་མདངས་དང་ལྡན་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རྔ་ཡབ་ཀྱིས་དབང་བསྐུར་བས་དགོས་པ་ཆེན་པོའི་གཟི་མདངས་དང་ལྡན་པའི་དབང་ཐོབ་པར་གྱུར་ཅིག །སྙན་པའི་སྒྲ་རྣམས་མྱུར་དུ་སྒྲོགས་པ་དང་། ཉོན་མོངས་རྡུལ་གྱི་དྲི་མ་མ་ལུས་སེལ། །ཐམས་ཅད་མྱུར་དུ་གོ་བའི་བློ་ཐོབ་ནས། །བཀྲ་ཤིས་གཟི་མདངས་མཆོག་དང་ལྡན་པར་ཤོག །རྒྱལ་བའི་སྐུ་ལ་ཉེས་པས་མ་གོས་ཀྱང་། །དག་ཅིང་བསང་བར་བྱ་ཕྱིར་རྔ་ཡབ་འདིས། །སྐུའི་ལྗན་ལྗིན་དྲི་མས་ཕྱག་དར་ཕྱིར། །འདི་ནི་རྔ་ཡབ་དབང་གི་བཀྲ་ཤིས་ལེའུ་སྟེ་སུམ་ཅུ་པའོ།། །།
སྔོན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ནས་བཞུགས་པ་ལ་སུམ་ཅུ་རྩ་གསུམ་ལྷའི་བུ་ཀུན་ནས་འོད་ཟེར་འབྱུང་བས་རྡུལ་ཡབ་ཀྱིས་རྡུལ་གཡབ་པས་ཆོས་ཉིད་ལ་སྐྱོན་གྱིས་མ་གོས་སོ། །དེ་དང་རྗེས་སུ་མཐུན་པར་ལྷའི་རྡུལ་གཡབ་ཀྱི་རྫས་ཀྱིས་དབང་བསྐུར་བས་ཆོས་ཉིད་ཟབ་མོའི་དོན་ལ་འཇུག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཉོན་མོངས་རྡུལ་རྣམས་མ་ལུས་ཕྱི་བ་དང་། །དུས་གསུམ་བདེ་བར་གཤེགས་པ་བཞུགས་པའི་གནས། །བག་ཆགས་སྐྱོན་གྱི་དྲི་མ་གསལ་བའི་ཕྱིར། །བཀྲ་ཤིས་གཙང་མའི་རས་ཀྱིས་སྐུ་ཕྱིས་པས། །འདི་ནི་རྡུལ་གཡབ་དབང་གི་བཀྲ་ཤིས་ལེའུ་སྟེ་སུམ་ཅུ་གཅིག་པའོ།། །།
སྔོན་བཅོམ་ལྡན་འདས་ནགས་ཚལ་དགོན་པ་ན་བཞུགས་པ་ལ་སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་ཞིག་གིས་སྦྲང་གཡབ་ཀྱིས་སྦྲང་བུ་གཡབ་པས་སེམས་ཅན་འཛིན་ཆགས་ཀྱི་སྐྱོན་ལས་གྲོལ་ལོ། །དེ་དང་རྗེས་སུ་མཐུན་པར་སྦྲང་གཡབ་ཀྱི་རྫས་འདིས་དབང་བསྐུར་བས་འཛིན་ཆགས་ཀྱི་སྐྱོན་ལས་གྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཉོན་མོངས་སེམས་ཅན་མ་རིག་གསལ་བ་དང་། །འབྲས་བུ་ཐར་པའི་གོ་འཕང་ཐོབ་པ་དང་། །བདེ་བར་གཤེགས་པའི་ཞབས་དྲུང་འཁོར་བའི་ཕྱིར། །འཛིན་ཆགས་སྐྱོན་གྱིས་སྒྲིབ་པ་དག་པར་ཤོག །དྲང་སྲོང་ཆེན་པོ་བསམ་གཏན་གནས་པ་ལ། །སྲོག་ཆགས་གདུག་པའི་གཟུགས་ཅན་བསལ་བའི་ཕྱིར། །རྔ་ཡབ་རྒྱལ་བའི་རིང་བསྲེལ་བསྐོར་བའི་ཕྱིར། །འདི་ནི་སྦྲང་ཡབ་དབང་གི་བཀྲ་ཤིས་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ།། །།
སྔོན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་པ་ལ་འཁོར་རྣམ་བཞིས་བླ་རེས་བྲིས་ཏེ་ཉོན་མོངས་པའི་གདུང་བ་ཞི་བར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་བླ་རེས་དབང་བསྐུར་བས་ཉོན་མོངས་པའི་རྡུལ་གྱི་དྲི་མས་མི་གོས་པར་གྱུར་ཅིག །ཆོས་ཀྱི་འཁོར་ལོ་བསྐོར་ཕྱིར་བླ་རེས་བྲིས། མིའི་རྒྱལ་པོ་སེང་གེ་བཞུགས་པའི་ས། །དབང་ཕྱུག་དམ་པའི་མངའ་བདག་ཆེན་པོ་སྟེ། །ཉོན་མོངས་རྡུལ་གྱི་དྲི་མ་མེད་པར་ཤོག །དཔག་བསམ་ལྗོན་ཤིང་མེ་ཏོག་ལོ་འདབ་རྒྱས། །ཉི་ཟླ་མང་པོས་སྤྲིན་གསེབ་ནས། །བཀྲ་ཤིས་བྱ་སྐད་མང་པོའི་འཕུར་ལྡིང་བའི། །འདི་ནི་དར་ཟབ་དབང་གི་བཀྲ་ཤིས་ལེའུ་སྟེ་སུམ་ཅུ་རྩ་གསུམ་པའོ།། །།
སྔོན་བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རི་ལ་ཆོས་ཀྱི་འཁོར་ལོ་བསྐོར་བས་ཚེ་འཁོར་རྣམ་བཞིས་རྒྱལ་མཚན་ཆེན་པོ་བཙུགས་པས་ཆེ་བའི་ཡོན་ཏན་ནུབ་པའི་དུས་མེད་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་བཀྲ་ཤིས་པའི་རྫས་འདིས་དབང་བསྐུར་བས་ཆེ་བའི་ཡོན་ཏན་རྒྱལ་མཚན་གྱི་རྩེ་མོ་ལྟར་ནུབ་པའི་དུས་མེད་པར་གྱུར་ཅིག །ལྷུན་གྲུབ་སྐུ་མཉེས་རྫོགས་པའི་རྒྱལ་མཚན་ཏེ། ནུབ་པའི་དུས་མེད་ཟད་པ་མེད་པ་ཡིས། །ཡོན་ཏན་ཆེ་བས་ཁྱད་པར་ཀུན་ལས་འཕགས། །ཆེ་བའི་ཡོན་ཏན་ནུབ་པ་མེད་པར་ཤོག །སྤ་བརྗིད་མཛེས་པས་འཇིག་རྟེན་ཡོངས་ཀྱི་རྒྱན། །བདུད་དང་མུ་སྟེགས་བདུད་དཔུང་འཇོམས་པར་བྱེད། །རྒྱལ་བའི་སྐུ་དང་དབྱེར་མེད་ཚུལ་གཅིག་པའི། །འདི་ནི་རྒྱལ་མཚན་དབང་གི་ལེའུ་སྟེ་སུམ་ཅུ་རྩ་བཞི་པའོ།། །།
སྔོན་བཅོམ་ལྡན་འདས་སྐྱེད་མོས་ཚལ་དུ་གཤེགས་པའི་ཚེ། འཁོར་རྣམས་ཀྱིས་ཚ་བའི་གདུང་བ་ལ་གདུགས་དཀའ་བས་ཚ་བས་གདུང་བའི་སྡུག་བསྔལ་ཞི་བར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་གདུགས་ཀྱིས་དབང་བསྐུར་བས་ཚ་བའི་སྡུག་བསྔལ་ཐམས་ཅད་ཞི་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །གདུགས་ཀྱིས་ཚྭ་བའི་གདུང་བ་ཀུན་སེལ་ཅིང་། །གྲང་ཞིང་བསིལ་བའི་གདུགས་མཆོག་དམ་པ་སྟེ། །འགྲོ་བའི་ཉོན་མོངས་སེལ་ཅིང་ཚ་བའི་གསོས། །རིམས་དང་ཚ་བའི་སྡུག་བསྔལ་ཐར་བར་ཤོག །ཇི་ལྟར་ཉོན་མོངས་ཚ་བས་གདུངས་པ་ལ། །གདུགས་ཀྱིས་ཚྭ་བའི་བསྡུག་བསྔལ་སྐྱོབས་པ་ལྟར། །འཁོར་བར་ཉེས་པའི་སྡུག་བསྔལ་སྐྱོབས་པའི་ཕྱིར། །འདི་ནི་གདུགས་ཀྱིས་བཀྲ་ཤིས་དབང་གི་ལེའུ་སྟེ་སུམ་ཅུ་རྩ་ལྔའོ།། །།
སྔོན་བཅོམ་ལྡན་འདས་ཡངས་པ་ཅན་གྱི་གྲོང་ཁྱེར་སྤྲེའུ་རྩང་གིས་འགྲམས་ཁང་བུ་བརྩེགས་པའི་ཁང་བཟང་ན་བཞུགས་པའི་ཚེ་བྲམ་ཟེ་ཁམས་པ་བོས་སྔོན་གྱིས་ཉེས་པ་བརྡས་ནས་ཉ་བ་རྣམས་ཀྱིས་ཟིན་པའི་ཚེ། ཉ་བ་རྣམས་ཀྱིས་འགྱོད་པ་རྗེས་སུ་དྲན་པ་ཉ་རྒྱར་འཇུག་པ་ཆེ་ཆུང་ཕུལ་བས་ཉ་པ་ལྔ་བརྒྱས་སངས་རྒྱས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཉ་རྒྱའི་རྟགས་དར་གྱིས་ལྡ་ལྡིས་དབང་བསྐུར་བས་ངན་སོང་གསུམ་དུ་སྐྱེ་ངེས་པ་གཅིག་ཡོད་ན་ཡང་དེ་ལས་ཐར་ཏེ་སངས་རྒྱས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དར་གྱི་ལྡ་ལྡི་ཉོན་མོངས་ཀུན་སྤངས་ཏེ། །ལེགས་པའི་ཡོན་ཏན་མ་ལུས་ཚོགས་རྫོགས་ནས། །མ་རིག་འཁྲུལ་པའི་ཤེས་པ་བློ་དག་ཅིང་། །ཉོན་མོངས་འཁོར་བའི་གནས་ལས་ཐར་བར་ཤོག །འཁོར་བའི་ཉེས་པ་དག་བྱའི་ཕྱིར། །སྡུག་བསྔལ་རྒྱ་མཚོ་བཀྲ་ཤིས་རྫས། །སྡུག་བསྔལ་བག་ཆག་སྦྱང་སླད་དུ། །འདི་ནི་ལྡ་ལྡི་བཀྲ་ཤིས་དབང་གིས་ལེའུ་སྟེ་སུམ་ཅུ་རྩ་དྲུག་པའོ།། །།
སྔོན་བཅོམ་ལྡན་འདས་སྐྱེས་མོས་ཚལ་དུ་གཤེགས་པའི་ཚེ་ཁྱིམ་བདག་ལྷའི་བུ་མོ་བཟང་ལྡན་མས། ཨ་ས་པོའི་སྐུ་རེག་གསོལ་བས་སྐུ་བརྟན་པའི་མཆོག་དང་ལྡན་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་བཀྲ་ཤིས་སྐུ་རེགས་ཀྱི་རྫས་འདིས་དབང་བསྐུར་བས་ལུས་བརྟན་པའི་མཆོག་དང་ལྡན་པར་གྱུར་ཅིག །དྲི་མ་དག་པའི་སྐུ་རེགས་རྩང་བའི་མཆོག །ཁྱིམ་བདག་དད་པས་ཕུལ་བའི་སྐུ་རེགས་འདིས། །སྐུ་ལ་བཅིངས་ཤིང་རབ་ཏུ་བསྡམས་པས་ཀྱང་། །མི་འགྱུར་བརྟན་པའི་སྐུ་མཆོག་ཐོབ་པར་ཤོག །ཐར་པ་མཆོག་གི་ལེགས་པར་གང་གསུངས་པ། །མི་དམིགས་དག་པའི་ཡེ་ཤེས་ཆེན་པོ་ཡིས། །ཉོན་མོངས་དྲི་མེད་བདེ་བའི་སྐུ་བརྟེན་པའི། །འདི་ནི་སྐུ་རེགས་དབང་གི་བཀྲ་ཤིས་ལེའུ་སྟེ་སུམ་ཅུ་སོ་བདུན་པའོ།། །།
སྔོན་བཅོམ་ལྡན་འདས་རི་ཁ་བ་ཅན་ན་བཞུགས་པ་ལ། གནོད་སྦྱིན་རྣམས་ཀྱིས་སྤོས་རྣམ་པ་ལྔ་ཕུལ་ཏེ། ཙན་དན་དང་། ག་བུར་དང་། གུར་གུམ་དང་། ཨ་ཀ་རུ་དང་། དུ་རུས་ཀ་དང་ལྔ་ཕུལ་བས་དབང་པོ་ཚིམ་ཞིང་བཀྲ་ཤིས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་སྤོས་རྣམ་པ་ལྔས་དབང་བསྐུར་བ་དབང་པོ་ཚིམ་པའི་དོན་གྱི་བཀྲ་ཤིས་པར་གྱུར་ཅིག །དབང་པོ་ཚིམ་བྱེད་བདུག་པའི་སྤོས་མཆོག་སྟེ། དུས་གསུམ་བདེ་བར་གཤེགས་པ་མཆོད་པ་དང་། །འགྲོ་བ་མ་ལུས་དབང་པོ་ཀུན་ཚིམ་ཞིང་། །དྲི་ཞིམ་འཕགས་པའི་སྐུ་དང་ལྡན་པར་ཤོག །དྲི་ཞིམ་ངད་ལྡན་ཡོན་ཏན་ཕུན་སུམ་ཚོགས། །མཁའ་ལ་སྤྲིན་དཔུང་མཆོད་པ་བརྟིབས་པ་སྟེ། །ཡོངས་སུ་ཁྱབ་པའི་བདུག་པ་དམ་པ་འདི། །འདི་ནི་དབང་པོ་ཚིམ་བྱེད་དབང་གི་བཀྲ་ཤིས་ལེའུ་སྟེ་སུམ་ཅུ་སོ་བརྒྱད་པའོ།། །།
སྔོན་བཅོམ་ལྡན་འདས་ནགས་ཚལ་ཆེན་པོ་ལ་བཞུགས་པ་ལ། ཀླུའི་རྒྱལ་པོ་རྣམས་ཀྱིས་སྙིང་པོ་ལྔ་ཕུལ་ཏེ། ཚྭ་དང་། མར་དང་། སྦྲང་རྩི་དང་། ཀ་ར་དང་། ཏིལ་དང་ལྔ་ཕུལ་བས་སྙིང་པོ་མི་ཟད་པའི་མཛོད་དུ་བཀྲ་ཤིས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་སྙིང་པོ་རྣམ་པ་ལྔས་དབང་བསྐུར་བས། ཚེ་མི་ཟད་པའི་མཛོད་དུ་བཀྲ་ཤིས་པར་གྱུར་ཅིག །སྙིང་པོ་ལྔ་ནི་གསོས་ཀྱི་མཆོག །མི་བཟད་པ་ཡི་དབྱིག་ཐོག་སྟེ། །ལེགས་པའི་ཡོན་ཏན་མཐར་ཕྱིན་ནས། །ཚེ་དང་ལོངས་སྤྱོད་སྤེལ་བར་ཤོག །འདི་ནི་ལོངས་སྤྱོད་ལྡན་པའི་བཀྲ་ཤིས་ལེའུ་སྟེ་སོ་དགུ་པའོ།། །།
སྔོན་བཅོམ་ལྡན་འདས་ཡུལ་གྲུ་འཛིན་གྱི་རི་ལ་བཞུགས་པའི་དུས་སུ། གནོད་སྦྱིན་གཏེར་འཆང་ལ་སོགས་པས་རིན་པོ་ཆེ་རྣམ་པ་ལྔ་ཕུལ་ཏེ། གསེར་དངུལ་ཟངས་ལྕགས་ལ་སོགས་པ་དང་གཡུ་དང་ལྔ་ཕུལ་བས་དཀོར་ནོར་མི་བཟད་པའི་མཛོད་དང་ལྡན་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རིན་པོ་ཆེ་ལྔས་དབང་བསྐུར་བས་དཀོར་ནོར་ཟད་མི་ཤེས་པའི་མཛོད་དམ་པ་དང་ལྡན་པར་གྱུར་ཅིག །རིན་ཆེན་གསེར་དང་དངུལ་མཆོག་དང་། །ལྕགས་དང་ཟངས་དང་གཡུ་ལ་སོགས། །མི་ཟད་པ་ཡི་ནོར་མཆོག་སྟེ། །ཟད་པ་མེད་པའི་ནོར་མཆོག་ཐོབ་པར་ཤོག །དགོས་པའི་དོན་འབྱིན་རིན་ཆེན་སྣ་ཚོགས་མཆོག །ཟད་པ་མེད་པའི་གཏེར་དང་ལྡན་པ་སྟེ། །སྡུག་བསྔལ་དབུལ་འཕོངས་ཀུན་ལས་ཐར་བ་སྟེ། །འདི་ནི་དགོས་འདོད་བསྐོངས་པའི་དབང་གི་ལེའུ་སྟེ་བཞི་བཅུ་པའོ།། །།
སྔོན་བཅོམ་ལྡན་འདས་ཡུལ་ཨང་གྷ་མང་གྷ་དྷ་ན་བཞུགས་པ་ལ་རྒྱལ་པོ་གསལ་རྒྱལ་གྱིས་འབྲུ་སྣ་རྣམ་པ་ལྔ་ཕུལ་ཏེ། འབྲས་ཀྱི་སོ་བ་དང་། མོན་སྲན་རྡེའུ་དང་། གྲོ་དང་། ནས་དང་། ཏིལ་དང་ལྔ་ཕུལ་བས་མུ་གེའི་སྡུག་བསྔལ་ཞི་སྟེ་བཀྲ་ཤིས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་མིང་འདི་ཞེས་བྱ་བ་ལ་འབྲུ་རྣམ་པ་ལྔས་དབང་བསྐུར་བས་མུ་གེའི་སྡུག་བསྔལ་ཞི་སྟེ་བཀྲ་ཤིས་པར་གྱུར་ཅིག །རིན་ཆེན་འབྲུ་མཆོག་འགྲོ་བའི་གསོས་ལགས་སོ། །མུ་གེའི་སྡུག་བསྔལ་ཀུན་ལས་ཐར་བ་དང་། །སྦྱིན་པ་ལོངས་སྤྱོད་རྟག་ཏུ་འཕེལ་བ་དང་། །ཟས་ལ་སོགས་ཏེ་མི་བཟད་གཏེར་དང་ལྡན་པར་ཤོག །ལོངས་སྤྱོད་ཚོགས་ལྡན་འབྱོར་པ་ཀུན་འཚངས་པ། །གང་ལ་ཅི་འདོད་པ་ཡིས་གཏེར་འབྱུང་བ། །ཕུན་སུམ་འཚོགས་ལྡན་དགེ་བའམ་འབྲུ་སྐྱེད་པ། །འདི་ནི་ལོངས་སྤྱོད་ལྡན་པའི་དབང་གི་བཀྲ་ཤིས་ལེའུ་སྟེ་ཞེ་གཅིག་པའོ།། །།
སྔོན་བཅོམ་ལྡན་འདས་ཙན་དན་གྱི་ནགས་ཚལ་དུ་གཤེགས་པ་ན། གཅན་གཟན་གྱི་རྒྱལ་པོ་སྟག་གིས་སྨན་བྱ་ཀྲི་ཕུལ་བས་བཀྲ་ཤིས་པ་དེ་བཞིན་དུ། མིང་འདི་ཞེས་བྱ་བ་ལ་སྟག་ཚེར་བས་དབང་བསྐུར་བས་བཀྲ་ཤིས་པར་གྱུར་ཅིག །བྱ་ཀྲི་སྨན་མཆོག་སྟག་གིས་ཕུལ་བ་སྟེ། བཅོམ་ལྡན་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །བྱོལ་སོང་གཏི་མུག་ཀུན་ཀྱང་གོ་མཛད་པ། །སྨན་མཆོག་ནད་རྣམས་ཀུན་ལ་སེལ་བར་ཤོག །སེམས་ཅན་གདུགས་པ་མ་ལུས་འདུལ་མཛད་པ། །ཐབས་ཀྱིས་ཆོ་འཕྲུལ་ཀུན་ལ་ཅིར་ཡང་སྟོན། །ཐུགས་རྗེ་ཆེན་པོས་གནས་ནས་འདྲེན་མཛད་པ། །འདི་ནི་ཆོ་འཕྲུལ་སྟོན་པའི་དབང་གི་བཀྲ་ཤིས་ལེའུ་སྟེ་བཞི་བཅུ་རྩ་གཉིས་པའོ།། །།
སྔོན་བཅོམ་ལྡན་འདས་སེང་ལྡེང་གི་ཤིང་གསེབ་ཏུ་གཤེགས་པ་ལས་གཅན་གཟན་གྱི་རྒྱལ་པོ་སེང་གེའི་སེང་ཁྲི་ཕྱག་ཏུ་ཕུལ་བས་སྨན་གྱི་མཆོག་ཏུ་བཀྲ་ཤིས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་སེང་ལྡེང་གི་ཚེར་མས་དབང་བསྐུར་བས་སྨན་མཆོག་དམ་པ་ཡོན་ཏན་དུ་བཀྲ་ཤིས་པར་གྱུར་ཅིག །སེང་ཁྲི་སྨན་མཆོག་སེང་གེས་ཕུལ་བ་སྟེ། བཅོམ་ལྡན་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །བྱོལ་སོང་གཏི་མུག་ཀུན་ཀྱང་གོ་མཛད་པ། །སྨན་མཆོག་ནད་རྣམས་ཀུན་ལས་སེལ་བར་ཤོག །གཟི་བརྗིད་འགྲོ་མཁས་འགྱིངས་བའི་རྫུ་འཕྲུལ་ཅན། །གླལ་བཞི་འགྱིངས་པས་བྱོལ་སོང་རྒྱལ་པོ་སྟེ། །སྒྲ་སྐད་འཚེར་བས་སྡེར་ཆག་ཟིལ་གྱིས་གནོན། །འདི་ནི་མུ་སྟེགས་འདུལ་བའི་དབང་གི་བཀྲ་ཤིས་ལེའུ་སྟེ་བཞི་བཅུ་རྩ་གསུམ་པའོ།། །།
སྔོན་བཅོམ་ལྡན་འདས་རི་གཏང་ཟུང་ཆེན་མོར་ཀླུའི་རྒྱལ་པོ་འཇོག་པོས་འབྲི་ཧ་ཏི་ཕྱག་ཏུ་ཕུལ་བས་སྨན་མཆོག་རྣམ་པ་ལྔ་རུ་བཀྲ་ཤིས་པར་གྱུར་ཏེ། དེ་དང་རྗེས་སུ་མཐུན་པར་ཤུ་དག་དཀར་པོས་དབང་བསྐུར་བས་སྨན་མཆོག་དམ་པ་བཀྲ་ཤིས་ཐོབ་པར་གྱུར་ཅིག །ཤུ་དག་སྨན་མཆོག་ཀླུ་ཡི་ཕུལ་བ་སྟེ། །བཅོམ་ལྡན་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཀླུ་ཡི་གཏི་མུག་ཀུན་ཀྱང་གོ་མཛད་པ། །སྨན་མཆོག་ནད་རྣམས་ཀུན་ལས་སེལ་བར་ཤོག ། རིགས་པའི་ཆ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །འགྲོ་བའི་རེ་སྐོང་གཙུག་ན་རིན་ཆེན་མཆོག །ཐབས་ཀྱིས་དོན་མཛད་མཐུ་དཔུང་ཆེ་བའི་ཀླུ། །འདི་ནི་ནད་རྣམས་སེལ་བའི་དབང་གི་བཀྲ་ཤིས་ལེའུ་སྟེ་བཞི་བཅུ་རྩ་བཞི་པའོ།། །།
སྔོན་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཧ་ས་དེ་བ་ཕུལ་བས། སྨན་མཆོག་སྙིང་པོར་བཀྲ་ཤིས་པ་དེ་བཞིན་དུ། མིང་འདི་ཞེས་བྱ་བ་ལ་དབང་པོ་ལག་པས་དབང་བསྐུར་བས་སྨན་མཆོག་དམ་པ་དོན་གྱིས་བཀྲ་ཤིས་དཔལ་གྱུར་ཅིག །དབང་པོ་ལག་པས་བརྒྱ་བྱིན་ཕུལ་བ་སྟེ། བཅོན་ལྡན་ཐུགས་རྗེ་ཆེན་པོ་བྱིན་རླབས་ཀྱིས། །བརྒྱ་བྱིན་ལྷ་ཡི་སེམས་ཀྱང་གོ་བར་མཛད། །སྨན་མཆོག་ནད་རྣམས་ཀུན་ལས་སེལ་བར་ཤོག །སུམ་ཅུ་རྩ་གསུམ་ལྷ་ཡི་གནས་མཆོག་ནས། །ལོངས་སྤྱོད་ལྡན་པ་ལྷ་དབང་བརྒྱ་བྱིན་མཆོག །སུམ་ཅུ་རྩ་གསུམ་ལྷ་ལས་རྣམ་རྒྱལ་བའི། །འདི་ནི་ལོངས་སྤྱོད་དབང་གི་བཀྲ་ཤིས་ལེའུ་སྟེ་བཞི་བཅུ་ཞེ་ལྔ་པའོ།། །།
སྔོན་བཅོམ་ལྡན་འདས་ནགས་ཚལ་ཆེན་པོའི་ཤིང་གསེབ་ཏུ་གཤེགས་པའི་དུས་སུ་ཤིང་གི་ལྷ་མོ་འོད་འཆང་མས་ཀན་དྷ་ཀ་རི་ཕུལ་ནས་སྨན་མཆོག་སྙིང་པོར་བཀྲ་ཤིས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཀན་དྷ་ཀ་རིས་དབང་བསྐུར་བས་སྙིང་པོ་དོན་གྱི་སྨན་དུ་བཀྲ་ཤིས་པར་གྱུར་ཅིག །བཅོམ་ལྡན་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །ཤིང་གི་ལྷ་མོ་སེམས་ཀྱང་གོ་བར་མཛད། །ཀན་དྷ་ཀ་རིས་ལྷ་མོས་ཕུལ་བ་སྟེ། །སྨན་མཆོག་ནད་རྣམས་ཀུན་ལས་སེལ་བར་ཤོག །ནགས་ཚལ་ཆེན་པོའི་ཤིང གསེབ་ནས། །བདེ་བ་དགེས་པའི་རེ་བསྐོང་བ། །དད་པ་ཆེན་པོས་རབ་ཕུལ་ནས། །འདི་ནི་ལེགས་པར་རྫོགས་པའི་དབང་གི་བཀྲ་ཤིས་ལེའུ་སྟེ་བཞི་བཅུ་རྩ་དྲུག་པའོ།། །།
འདི་ཡན་ཆད་ཀྲི་ཡའི་དབང་ངོ་། །གཞན་དོན་མཐར་ཕྱིན་པའི་དབང་ཐོབ་བོ། །འདི་རྣམས་ཀྲི་ཡའི་དབང་ཉི་རྩ་དྲུག་པོ་ལགས་སོ། །ཡོ་གའི་དབང་ལ། སྔོན་རི་རབ་རིའི་རྩེ་མོ་རིན་པོ་ཆེ་ཁམ་བུ་འབར་བའི་གནས་སུ་དཔལ་ཀུན་རིག་རྣམ་པར་སྣང་མཛད་ཀྱིས། འཁོར་གྱི་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་འགྲུབ་པ་ལ་སོགས་པ་ལ་ཕྱག་རྒྱ་ཆེན་པོ་ལྔས་དབང་བསྐུར་བས། རིག་ལྔ་ཡེ་ཤེས་ལྔ་རུ་མཐར་ཕྱིན་པས་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཕྱག་རྒྱ་ཆེན་པོ་ལྔའི་དབང་བསྐུར་བས་ཡེ་ཤེས་ལྔ་མཐར་ཕྱིན་རྫོགས་ལོངས་སྤྱོད་པའི་སྐུ་ཐོབ་པར་གྱུར་ཅིག །བྱང་ཆུབ་མཆོག་དང་ས་གནོན་དང་། །མཆོག་སྦྱིན་མཉམ་པའི་ཕྱག་རྒྱར་ལྡན། །སྐྱབས་ཀྱི་ཕྱག་རྒྱ་ལ་སོགས་ལྔས། །མི་འདི་ཕྱག་རྒྱའི་དབང་ཐོབ་ཤོག །རྒྱལ་པོ་ཕྱག་རྒྱ་མཆོག་གི་རྒྱ། །ཕྱག་རྒྱའི་དབང་མཆོག་མི་འདི་ལ། །ཡེ་ཤེས་ལྔ་དང་རིགས་ལྔའི་དབང་། །དབང་གཉིས་རྫོགས་པའི་བཀྲ་ཤིས་ལེའུ་སྟེ་བཞི་བཅུ་རྩ་བདུན་པའོ། །སྐུ་གསུང་ཐུགས་ཕྱག་རྒྱའི་དབང་དང་པོའི། ༀ་ཧཱུྃ་ཏྲཾ་ཧྲི་ཨ། སྔོན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་སྙིང་པོ་སྔགས་ཀྱིས་དབང་བསྐུར་བས་རྟོགས་པའི་ཡེ་ཤེས་ཚེ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་དེ་བཞིན་གཤེགས་པའི་ཐུགས་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་པའི་སྙིང་པོ་སྔགས་ཀྱིས་དབང་བསྐུར་བས་རྟོགས་པའི་ཡེ་ཤེས་ཚེ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །ཐུགས་ཀྱི་ས་བོན་འབྲུ་མཆོག་སྟེ། སྔགས་ཀྱི་བྱིན་རླབས་བསམ་མི་ཁྱབ ། །ཡེ་ཤེས་ཐུགས་ཀྱི་ས་བོན་མཆོག །འབྲས་བུ་སྔགས་ཀྱི་བཀྲ་ཤིས་ཤོག །སྙིང་པོ་རིགས་ལྔ་སངས་རྒྱས་ཀུན་གྱི་མཆོག །གསུང་མཆོག་སྔགས་ཀྱི་ཕྱག་རྒྱ་ཆེན་པོ་སྟེ། །བྱིན་རླབས་ཆེན་པོ་གཞན་ན་མེད་པ་ཡི། །འདི་ནི་དབང་རྣམས་ཐོབ་པའི་དབང་གི་བཀྲ་ཤིས་ལེའུ་སྟེ་བཞི་བཅུ་རྩ་བརྒྱད་པའོ།། །།
ༀ་བྷུདྡྷ་བཻ་རོ་ཙ་ན་ༀ། ཧཱུཾ་བཛྲ་ཨ་ཀྵོ་བྷྱ། ཏྲཾ་རཏྣ་སྭ་བྷ་ཝ། ཧྲི་པདྨ་ཨ་མི་དྷེ་ཝ། ཨ་ཀརྨ་ཨ་མོ་གྷ་སིདྡྷི། ཞེས་བཀའ་བརྒྱད་བདེ་འདུས་ནས་ཀྱང་བཤད། སྔོན་རི་རབ་རིའི་རྩེར་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་གསེར་གྱི་ཐུར་མང་གིས་དབང་བསྐུར་བས་མ་རིག་པའི་ལིང་ཏོག་བྱང་ནས་ཤེས་རབ་ཀྱི་མིག་གསལ་བར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་གསེར་གྱི་ཐུར་མས་དབང་བསྐུར་བས་མ་རིག་པའི་ལིང་ཏོག་བྱང་ནས་ཤེས་རབ་ཀྱི་མིག་གསལ་བར་གྱུར་ཅིག །གསེར་གྱི་ཐུར་མ་ཐོགས་བྱས་ཏེ། །མིག་མཁན་རྒྱལ་པོས་དབང་བསྐུར་བཞིན། །བུ་ཁྱོད་མ་རིག་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཐུགས་ཀྱི་གཟུངས་གསེར་གྱི་ཐུར་མའོ། །རང་བཞིན་གྱིས་དབང་བཞི་སྣ་ལ་ཡོངས་ལགས་སོ། །དབང་པོ་དབང་གཉིས་ཐུགས་ཡེ་ཤེས། །སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་རྗེས་ཐུར་མའོ། །ཧྲི་སྟི་སུ་གེ་ཧཱུཾ། རིན་ཆེན་གསེར་གྱི་ཐུར་མ་ཡིས། །འབར་བའི་ཡེ་ཤེས་གསལ་ཕྱི་ནས། །ངེས་པར་ལེགས་པའི་དགོངས་པ་འགྲུབ། །ཤེས་རབ་མཆོག་གི་དབང་གི་བཀྲ་ཤིས་ལེའུ་སྟེ་བཞི་བཅུ་དགུ་པའོ།། །།
སྔོན་རི་རབ་རིའི་རྩེར་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་མེ་ལོང་གིས་དབང་བསྐུར་བས་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་མེ་ལོང་གིས་དབང་བསྐུར་བས་ཆོས་ཐམས་ཅད་གཟུགས་བརྙན་རྟེན་འབྲེལ་སྒྱུ་མ་ཙམ་དུ་མཐོང་བར་གྱུར་ཅིག །ཆོས་སྐུ་གཟུགས་བརྙན་ལྟ་བུ་སྟེ། །རྟེན་འབྲེལ་མཐུ་ལས་སྣང་བའི་ཕྱིར། །བརྗོད་མེད་རང་བཞིན་དག་པའི་དོན། །ཆོས་ཉིད་སྒྱུ་མར་གསལ་ཞིང་སྟོན་པར་ཤོག །སྣང་གསལ་དྲི་མ་སེལ་བ་དང་། །མི་མངོན་དབང་པོ་གསལ་བ་དང་། །ཡེ་ཤེས་གསལ་བའི་མེ་ལོང་གིས། །འདི་ནི་མེ་ལོང་དབང་གི་བཀྲ་ཤིས་ལེའུ་སྟེ་ལྔ་བཅུ་ཐམ་པའོ།། །།
སྔོན་རི་རབ་རིའི་རྩེར་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་འཁོར་ལོས་དབང་བསྐུར་བས་འགྲོ་བའི་དོན་ལ་ཐོགས་པ་མེད་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་འཁོར་ལོས་དབང་བསྐུར་བས་འཁོར་བའི་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་ནས་ཁམས་གསུམ་གྱི་གནས་ཐམས་ཅད་དུ་འགྲོ་བའི་དོན་ལ་ཆགས་ཐོགས་པ་མེད་པར་འགྲོ་བར་གྱུར་ཅིག །འོག་ཏུ་གསེར་གྱི་འཁོར་ལོ་དག །བརྗོད་པའི་དོན་དུ་འབྲུ་བཀོད་ནས། །གཞན་གྱི་དོན་ལ་ཕན་པའི་ཕྱིར། །རྒྱལ་བའི་འཁོར་ལོ་བསྐོར་བར་ཤོག །ཉོན་མོངས་མ་ལུས་གཞོམ་པ་དང་། །ལེགས་པའི་ཡོན་ཏན་རྫོགས་པ་དང་། །འབྲས་བུ་ཀུན་ཏུ་འཕགས་པའི་ཕྱིར། །དེ་ནི་དབང་རྣམས་ཐོབ་པའི་བཀྲ་ཤིས་ལེའུ་སྟེ་ལྔ་བཅུ་གཅིག་པའོ།། །།
སྔོན་རྣམ་པར་སྣང་མཛད་ཀྱིས་རི་རབ་རིའི་རྩེར་འཁོར་རྣམས་ལ་དུང་གི་དབང་བསྐུར་བས་ཚངས་པའི་སྒྲ་སྒྲོགས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་དུང་གི་དབང་བསྐུར་བས་ཚངས་པའི་དབྱངས་ལྟ་བུའི་སྒྲ་སྒྲོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཆོས་དུང་རྒྱལ་བས་བུས་ནས་ནི། །འཇིག་རྟེན་སེམས་ཅན་བསྐལ་ཅན་ལ། །རྣམས་གསལ་སྡིག་previous hit བྱང་ཆོས་ཐོབ་པའི། །ཚངས་པའི་སྒྲ་སྐད་སྒྲོགས་པར་ཤོག །སྐྱོབས་པའི་མགོནཔོ ་ཚངས་པའི་དབྱངས། །འཕགས་པའི་གསུང་མཆོག་འགྲོ་ལ་སྒྲོགས། །འཇིག་རྟེན་གསུམ་དུ་རྒྱས་པ་ཡིས། །འདི་ནི་བཅོམ་ལྡན་གསུང་གི་དབང་གི་བཀྲ་ཤིས་ལེའུ་སྟེ་ལྔ་བཅུ་རྩ་གཉིས་པའོ།། །།
སྔོན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་མེ་ཏོག་ཕྲེང་བས་དབང་བསྐུར་བས། ཚུལ་ཁྲིམས་ཀྱི་ཕྲེང་བ་ཡོངས་སུ་རྫོགས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་མེ་ཏོག་གི་ཕྲེང་བས་དབང་བསྐུར་བས་ཚུལ་ཁྲིམས་ཀྱི་ཕྲེང་བ་ཡོངས་སུ་རྫོགས་པས་ངན་སོང་ལས་ལྡོག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སྡུག་ཅིང་མཛེས་པའི་མེ་ཏོག་རྒྱན། །དགོས་པའི་དོན་རྣམས་མྱུར་བར་འབྱིན། །ཐམས་ཅད་ཀུན་གྱི་ཡིད་དུ་འོང་། །འབྱོར་པའི་ལོངས་སྤྱོད་རྒྱན་དུ་ཤོག །ཁ་དོག་དབྱིབས་ལེགས་རིན་ཆེན་མེ་ཏོག་འདི། །ནམ་མཁའ་གང་ཞིང་ས་གཞི་ཁེབས་པ་ཡི། །མཆོད་པའི་སྤྲིན་དཔུང་དུས་སུ་ཆར་འབབས་པའི། །འདི་ནི་མེ་ཏོག་མཛེས་པའི་དབང་གི་བཀྲ་ཤིས་ལེའུ་སྟེ་ལྔ་བཅུ་རྩ་གསུམ་པའོ།། །།
སྔོན་རི་རབ་རིའི་རྩེ་མོ་ནས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཕྱག་རྒྱ་བཞི་ལས་རྡོ་རྗེའི་དབང་བསྐུར་བས་ཐུགས་རྡོ་རྗེའི་རིགས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཕྱག་རྒྱ་ཆེན་པོ་བཞི་ལས་རྡོ་རྗེའི་དབང་སྐུར་བས་ཐུགས་ཡེ་ཤེས་རྡོ་རྗེ་ལྟ་བུ་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སྐུ་ཡི་ཕྱག་རྒྱའི་རྟགས་བསྟན་པ། ཡེ་ཤེས་རྡོ་རྗེ་ལྟ་བུ་སྟེ། །རྡོ་རྗེ་ཐུགས་ཀྱི་རང་བཞིན་ནི། །མེ་ལོང་ཡེ་ཤེས་ཐོབ་པར་ཤོག །རྡོ་རྗེའི་རིགས་མཆོག་རྡོ་རྗེ་སེམས་མ་སྟེ། །དཀར་ལ་དག་པས་ཤར་ཕྱོགས་སངས་རྒྱས་ཤིང་། །བདེ་བ་ཆེན་པོའི་རྒྱན་དུ་བསྟན་པའོ། །འདི་ནི་ཐུགས་ཀྱི་དབང་གི་བཀྲ་ཤིས་ལེའུ་སྟེ་ང་བཞི་པའོ།། །།
སྔོན་རི་རབ་རིའི་རྩེ་མོ་ནས་དཔལ་ཀུན་རིག་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཕྱག་རྒྱ་ཆེན་པོ་བཞི་ལས་རིན་པོ་ཆེའི་དབང་བསྐུར་བས་ཡོན་ཏན་རིན་པོ་ཆེ་ལྟ་བུ་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཕྱག་རྒྱ་བཞི་ལས་རིན་པོ་ཆེའི་དབང་བསྐུར་བས་ཡོན་ཏན་རིན་པོ་ཆེའི་དབང་བསྐུར་བས་ཡོན་ཏན་རིན་པོ་ཆེ་དང་ལྟ་བུ་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སྐུ་ཡི་ཕྱག་རྒྱ་རྟགས་བསྟན་པ། །འགྲོ་བ་ཀུན་གྱི་རེ་བ་བསྐོངས། །ཡོན་ཏན་རིན་ཆེན་རང་བཞིན་ཏེ། །མཉམ་ཉིད་ཡེ་ཤེས་ཐོབ་པར་ཤོག །རིན་ཆེན་རིགས་མཆོག་ཡོན་ཏན་སེམས་དཔའ་སྟེ། །སེར་ལ་དག་པ་ལྷོ་ཕྱོགས་སངས་རྒྱས་ཤིང་། །བདེ་བ་ཆེན་པོའི་རྒྱན་དུ་བསྟན་པའོ། །འདི་ནི་ཡོན་ཏན་དབང་གི་བཀྲ་ཤིས་ལེའུ་སྟེ་ང་ལྔ་པའོ།། །།
སྔོན་རི་རབ་རིའི་རྩེར་དཔལ་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་པདྨས་དབང་བསྐུར་བས་གསུང་པདྨ་རིགས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཕྱག་རྒྱ་ཆེན་པོ་བཞིས་ལས་པདྨའི་དབང་བསྐུར་བས་འགྲོ་བའི་དོན་མཛད་ན་ཡང་འགྲོ་བའི་ཉེས་པའི་སྐྱོན་གྱིས་མ་གོས་པའི་གསུང་པདྨ་ལྟ་བུ་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སྐུ་ཡི་ཕྱག་རྒྱ་རྟགས་བསྟན་པ། །པདྨ་དབང་གིས་རང་བཞིན་ཏེ། །གསུང་གི་རང་བཞིན་འབྱུང་པོའི་མཛོད། །སོ་སོར་རྟོག་པའི་ཡེ་ཤེས་ཐོབ་པར་ཤོག །པདྨ་རིགས་མཆོག་ཆོས་ཀྱི་སེམས་དཔའ་སྟེ། །དམར་ལ་དག་པས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་། །བདེ་བ་ཆེན་པོའི་རྒྱན་དུ་བསྟན་པའོ། །འདི་ནི་གསུང་གི་དབང་གི་བཀྲ་ཤིས་ལེའུ་སྟེ་ང་དྲུག་པའོ།། །།
སྔོན་རི་རབ་རིའི་རྩེ་མོར་དཔལ་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཕྱག་རྒྱ་བཞི་ལས་རྒྱ་གྲམ་གྱིས་དབང་བསྐུར་བས་ཕྲིན་ལས་ཀྱི་རིགས་ཀྱི་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རྒྱ་གྲམ་གྱིས་དབང་བསྐུར་བས་ཕྲིན་ལས་ཀྱི་རིགས་དང་ལྡན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སྐུ་ཡི་ཕྱག་རྒྱའི་རྟགས་བསྟན་པ། །ལས་རྣམས་མ་ལུས་རྫོགས་པའི་མཆོག །ཕྲིན་ལས་དོན་ཡོད་གྲུབ་པ་སྟེ། །བྱ་བ་ནན་ཏན་ཡེ་ཤེས་ཐོབ་པར་ཤོག །ལས་ཀྱི་རིགས་མཆོག་ལས་ཀྱི་སེམས་དཔའ་སྟེ། །ལྗང་ཁུ་དག་པས་བྱང་ཕྱོགས་སངས་རྒྱས་ཤིང་། །བདེ་བ་ཆེན་པོའི་རྒྱན་དུ་བསྟན་པའོ། །འདི་ནི་ལས་ཀྱི་དབང་གི་བཀྲ་ཤིས་ལེའུ་སྟེ་ལྔ་བཅུ་རྩ་བདུན་པའོ།། །།
སྔོན་དཔལ་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་བདུད་རྩི་བུམ་པས་དབང་བསྐུར་བས་རྣམ་པར་རྟོག་པས་སེལ་བར་གྱུར་ཏེ། དེ་དང་རྗེས་སུ་མཐུན་པར་དེ་བཞིན་གཤེགས་པས་ཐུགས་རྗེ་བྱིན་གྱིས་བརླབས་པའི་བདུད་རྩི་བུམ་པས་དབང་བསྐུར་བས། ལུས་དང་ཁོང་མི་བདེ་བའི་ནད་རྣམས་བཀྲུས་ནས་དག་ཅིང་བྱང་བར་གྱུར་ཅིག །སྤྲོས་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས། །བུམ་པ་ཟླུམ་པོ་ཡུམ་གྱི་གཏེར། །ཕན་བྱེད་སྨན་པའི་མཆོག་ཡིན་ཏེ། །འགྲོ་བའི་ནད་སེལ་བཀྲ་ཤིས་ཤོག །བུམ་པ་ཟླུམ་པོ་སྤྲོས་མེད་ཆོས་ཀྱི་དབྱིངས། །ཐུགས་རྗེ་ཆེན་པོས་ཕན་མཛད་ཡུམ་གྱི་ཚུལ། །འཁོར་བ་གནས་སྐྱོབས་དྲི་མ་དག་མཛད་པ། །འདི་ནི་སྒྲིབ་པ་སེལ་བའི་དབང་གི་བཀྲ་ཤིས་ལེའུ་སྟེ་ལྔ་བཅུ་རྩ་བརྒྱད་པའོ།། །།
འདིར་ཡོ་གའི་བུམ་དབང་བྱའོ། །སྔོན་རི་རབ་རིའི་རྩེར་དཔལ་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་སེང་གེས་དབང་བསྐུར་བས། ལོག་པའི་ཕྱོགས་ཟིལ་གྱིས་གནོན་པའི་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་སེང་གེས་དབང་བསྐུར་བས་གསུང་རབ་རྒྱ་མཚོས་སྒྲས་ལོག་པའི་ཕྱོགས་ཐམས་ཅད་ཟིལ་གྱིས་གནོན་ནས་སྐད་གཅིག་མ་གཅིག་ལ་སྟོང་སྤྱི་ཕུད་ཀྱི་སེམས་ཅན་མངོན་པར་རྫོགས་པར་སངས་རྒྱས་པར་བྱེད་པའི་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཞེས་བྱ་བར་གྱུར་ཅིག །གཟུགས་བཟང་སེམས་ཅན་ཀུན་གྱི་གཙོ་བོ་སྟེ། །ཟིལ་གནོན་སྒྲ་འབྱིན་སྡེར་ཆགས་སྐྲགས་པར་བྱེད། །ཕྱོགས་རྣམས་ཀུན་བསྐྱེད་སེང་གེ་དཔལ་དང་ལྡན། །ཟིལ་གྱིས་གནོན་པའི་དབང་རྣམས་ཐོབ་པར་ཤོག །སེང་གེའི་ང་རོ་སྒྲ་ཆེན་ཐོགས་མེད་པས། །འཇིགས་མེད་འཇོམས་པའི་སྒྲ་རྣམས་བསྒྲགས་ནས་ཀྱང་། །བདུད་ཀྱི་དཔུང་རྣམས་ཟིལ་གྱིས་གནོན་མཛད་པའི། །འདི་ནི་མཐུ་དཔུང་ཆེའི་དབང་གི་བཀྲ་ཤིས་ལེའུ་སྟེ་ལྔ་བཅུ་རྩ་དགུ་པའོ།། །།
སྔོན་རི་རབ་རིའི་རྩེར་དཔལ་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཉི་མས་དབང་བསྐུར་བས་མ་རིག་པའི་མུན་པ་སེལ་བའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཉི་མས་དབང་བསྐུར་བས་སྐྱེ་འགྲོ་མ་ལུས་པའི་སེམས་ཀྱི་རྒྱུད་ལ་ཡེ་ཤེས་ཀྱི་འོད་ཟེར་ཆེན་པོས་དུས་མཐའ་མེད་པར་འཆར་བའི་སྐལ་བ་དང་ལྡན་པར་གྱུར་ཅིག །ཉི་མ་མུན་སེལ་ཤེས་རབ་སྒྲོན། །ཀུན་ལ་གསལ་བའི་རིན་པོ་ཆེས། །ཐམས་ཅད་ཀུན་གྱི་དཔལ་དུ་ཤར། །མ་རིག་གསལ་བའི་སྒྲོན་མེ་ཤོག །ཡེ་ཤེས་གསལ་བས་ཕྱོགས་བཅུར་ཁྱབ་པར་དྲོ། །ཐུགས་རྗེ་ཆེ་བས་མུན་པ་སེལ་བར་བྱེད། །འོད་གསལ་ཕྲོ་བས་འགྲོ་བའི་དོན་མཛད་པ། །འདི་ནི་ཤེས་རབ་དབང་གི་བཀྲ་ཤིས་རྗེས་སུ་ལེའུ་སྟེ་དྲུག་ཅུ་ཐམ་པའོ།། །།
སྔོན་རི་རབ་རིའི་རྩེར་དཔལ་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ཟླ་བས་དབང་བསྐུར་བས་མུན་པ་སེལ་བའི་དབང་དང་ཚ་བའི་སྡུག་བསྔལ་སེལ་བའི་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཟླ་བ་ལག་ཏུ་བྱིན་པས་སྟོང་ཁམས་ཐམས་ཅད་ཀྱི་མུན་པ་དུས་གཅིག་ཏུ་བྱང་ནས་ཀུན་ཏུ་གསལ་བར་བྱེད་པར་གྱུར་ཅིག །ཐམས་ཅད་ཀུན་སེལ་ཆུ་ཤེལ་ལྟ་བུ་སྟེ། དགོས་པའི་དོན་འབྱིན་དཀར་ལ་དག་པའི་ཚུལ། །ཚད་མེད་ཐབས་ཀྱི་ཟླ་བ་རིན་པོ་ཆེ། །མ་རིག་མུན་སེལ་དབང་མཆོག་བཀྲ་ཤིས་ཤོག །དཀར་ལ་དག་པའི་ཟླ་བ་དྲི་མེད་པ། །ཐབས་ཀྱི་མཚན་ཉིད་སྐྱོན་གྱིས་མ་གོས་ཏེ། །ཡོངས་སུ་དག་པས་མུན་སེལ་བསིལ་བའི་སྨན། །འདི་ནི་ཐབས་ཀྱི་དབང་གི་བཀྲ་ཤིས་ལེའུ་སྟེ་དྲུག་ཅུ་རྩ་གཅིག་པའོ།། །།
འཁོར་ལོ་བསྒྱུར་བའི་རྒྱལ་པོ་འཁོར་ལོ་རིན་པོ་ཆེའི་ཚུལ་ཇི་ལྟ་བུ་དང་ལྡན་ཞེ་ན། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་གསོ་སྦྱོང་གི་ཉི་མ་བཅོ་ལྔ་ལ་དབུས་ཁྲུས་བྱས་ཏེ་དབུས་སུ་གནས་ཤིང་། སྟེང་གི་ཁྱམས་བཙུན་མོའི་འཁོར་ན་གནས་པའི་ཚེ། ཤར་ཕྱོགས་ནས་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་ཡོད་པ་ལྟེ་བ་མུ་ཁྱུད་དུ་གསེར་ལས་གྲུབ་པ་འགར་བཟོས་མ་བྱས་ཤིང་རང་བྱུང་བ་ནམ་འཕང་དུ་ཏ་ལ་བདུན་གྱིས་སྲིད་ཙམ་ཞིག་རྒྱལ་པོའི་ཕྱག་གཡས་པའི་མཐིལ་དུ་རང་བབས་ཏེ། དེ་ཡི་ཚེ་རྒྱལ་པོ་བསམ་པ། རྟགས་འདི་དང་སྦྱར་ནས་བདག་ནི་འཁོར་ལོར་བསྒྱུར་བའི་རྒྱལ་པོ་ཡིན་ངེས་སོ་སྙམས་ནས་ལག་པ་གཡས་པས་འཁོར་ལོ་བསྐོར་ཏེ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་ཞིང་ཕྱག་ན་འཁོར་ལོ་གནས་ཏེ་རྒྱལ་པོ་དཔུང་གི་ཚོགས་དང་བཅས་པ་ཡང་གནས་པར་གྱུར་ཏེ། གླིང་བཞི་ལ་གནས་པའི་རྒྱལ་རིགས་ཐམས་ཅད་ཀྱིས་མདུན་བསུ་ཞིང་གནས་པའི་ཚེ། མི་ཐམས་ཅད་དགེ་བ་བཅུ་ཡི་ལས་ཀྱི་ལས་ལ་བཀོད་ཅིང་འཛུམ་པར་བྱེད་པ། ནངས་པར་ཁྱེའུ་སུས་ལ། དགའ་བ་ཉམ་དུ་མྱོང་བར་བྱེད། དེ་དང་རྗེས་སུ་མཐུན་པར་འཁོར་ལོ་རིན་པོ་ཆེས་དབང་བསྐུར་བས། མི་འདི་ལ་ཆོས་ཀྱི་འཁོར་ལོ་རིན་པོ་ཆེ་བསྐོར་ཏེ། འཇིག་རྟེན་གསུམ་གྱི་འགྲོ་བ་མ་ལུས་པ་རྣམས་རྣམ་པར་གྲོལ་བའི་ལམ་ལ་བཀོད་ཅིང་སོ་སོའི་སྐལ་བ་ཇི་ལྟ་བ་བཞིན་དུ་སེམས་ཀྱི་རྒྱུད་ལ་ཡོངས་སུ་སྨིན་པར་བྱེད་ཅིང་འཁོར་ལོ་བསྒྱུར་བའི་རྒྱལ་སྲིད་ཀྱི་དབང་དང་ལྡན་པར་གྱུར་ཅིག །དུས་གསུམ་རྒྱལ་བས་བསྐོར་བའི་འཁོར་ལོ་འདི། །མི་ཁོམ་རྒྱུན་ཆད་རྒྱུ་དང་འབྲས་བུ་སྟོན། །འཁོར་ལོ་བསྒྱུར་བའི་དབང་ཕྱུག་རིན་པོ་ཆེ། །བླ་མེད་འཁོར་ལོ་དམ་པ་བསྐོར་གྱུར་ཅིག །སྟོང་ཉིད་ཡེ་ཤེས་གསལ་བའི་འཁོར་ལོ་ལ། །ཆོས་ཉིད་དབྱིངས་ལས་ཕྲིན་ལས་ཅིར་ཡང་སྟོན། །སེམས་ཅན་ཁ་ལོ་གྱེན་དུ་བསྒྱུར་མཛད་པ། །འདི་ནི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དབང་གི་བཀྲ་ཤིས་ལེའུ་སྟེ་དྲུག་ཅུ་རྩ་གཉིས་པའོ།། །།
འཁོར་ལོ་བསྒྱུར་བའི་རྟ་རིན་པོ་ཆེ་ཚུལ་ཇི་ལྟ་བུ་དང་ལྡན་ཞེ་ན། མདོག་རིན་པོ་ཆེ་ཨིནྟྲ་ནི་ལ་ལྟར་སྔོན་པོར་གནས་པ། རྔོག་མ་ལྕང་ལོར་འཁྱིལ་བ། ཞོན་ན་གུས་པར་བྱེད་པ། གསེར་གྱིས་བརྒྱན་པ། གསེར་གྱི་དྲྭ་བས་གཡོགས་པ། རྫུ་འཕྲུལ་དང་ལྡན་པ་ཞིག་ནམ་མཁའ་ལ་འགྲོ་བ། སྦྲུལ་གྱི་ཤུགས་འཆང་བ་ཞེས་བྱ། རྟའི་རྒྱལ་པོ་དེ་ཉམས་སད་པའི་ཕྱིར་རྒྱལ་པོའི་ཉི་མ་ཤར་ཁར་རྟ་ལ་ཞོན་ཏེ། གླིང་བཞིའི་རྒྱ་མཚོ་མཐའ་བསྐོར་དེ། སླར་ལོག་པ་དང་། ཁྱེའུ་གཟུགས་ཀྱིས་དགའ་བ་ཉམས་སུ་མྱོང་ངོ་། །དེ་དང་རྗེས་སུ་མཐུན་པར་རྟ་རིན་པོ་ཆེ་འདི་བྱིན་པས་མི་འདི་ཞེས་བྱ་བ་རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་ཏེ་གཞོན་པ་དང་ལྡན་ནས་ཐམས་ཅད་ལ་དགའ་མགུར་འགྲོ་བ་ལ་ཐོགས་པ་མེད་པར་གྱུར་ཅིང་། འཁོར་བའི་ཆུ་བོ་འཇིགས་པ་བཞི་ལས་སྒྲོལ། །བརྩོན་འགྲུས་མྱུར་བའི་རྫུ་འཕྲུལ་ཤུགས་ཀྱིས་འགྲོ། །ཅང་ཤེས་སྤྲིན་གྱི་ཤུགས་འཆང་རིན་པོ་ཆེ། །མི་གནས་ཡེ་ཤེས་ཡིད་བཞིན་སྤྱོད་པར་ཤོག །རྫུ་འཕྲུལ་ཐོགས་མེད་ཀུན་ཏུ་མྱུར་བའི་ཤུགས། །གང་ཡང་བསྒྲོད་པའི་དོན་ལ་མྱུར་བ་དང་། །རྫུ་འཕྲུལ་སྣ་ཚོགས་ཀུན་ཏུ་སྟོན་པ་ཡི། །འདི་ནི་ཐོགས་པ་མེད་པའི་དབང་གི་བཀྲ་ཤིས་ལེའུ་སྟེ་དྲུག་ཅུ་རྩ་གསུམ་པའོ།། །།
འཁོར་ལོ་བསྒྱུར་བའི་གླང་པོ་རིན་པོ་ཆེ་ཚུལ་ཇི་ལྟ་བུ་དང་ལྡན་ཞེ་ན། ཁ་དོག་ཤེས་བཅག་པའི་འཕྲོ་བཞིན་དུ་དཀར་བ། ཡན་ལག་བདུན་དུ་ཤིན་ཏུ་གནས་པ་རིན་པོ་ཆེ་གཙུག་གིས་བརྒྱན་པ། གསེར་གྱི་དྲྭ་བས་བརྒྱན་པ། རྫུ་འཕྲུལ་དང་ལྡན་ཞིང་ནམ་མཁའ་ལ་འགྲོ་བ། ལྷ་དང་ལྷ་མ་ཡིན་གྱིས་གཡུལ་འགྱེད་པ་ན། གཡུལ་དེ་དག་ལས་རྒྱལ་བའི་མཐུ་དང་ལྡན་པའོ། །དེ་དང་རྗེས་སུ་མཐུན་པར་གླང་པོ་རིན་པོ་ཆེ་འདི་བྱིན་པས་བསྡོ་བའི་ཕྱོགས་ཐམས་ཅད་ཟིལ་གྱིས་གནོན་པའི་མཐུ་དང་ལྡན་ཞིང་རྒྱལ་བར་གྱུར་ཅིག །ཐེག་པ་དོན་དམ་བླ་མེད་སྟོན་པའི་མཆོག །ཡན་ལག་བདུན་མཛེས་ཀུ་མུ་དའི་མདོག །གདུལ་དཀའ་སྟོབས་ཆེན་གླང་པོ་རིན་པོ་ཆེ། །ཁྱུ་མཆོག་བརླབས་ཆེན་སྟོབས་ལྔ་རྫོགས་པར་ཤོག །སྟོབས་མཆོག་ཕ་རོལ་གནོན་པའི་མཐུ་མངའ་བ། །གདུགས་པ་ཆེན་པོ་གཞན་གྱིས་མི་གནོད་པའི། །ཕ་རོལ་གཞན་གྱིས་རྫུ་འཕྲུལ་གནན་མཛད་པའི། །འདི་ནི་མཐུ་སྟོབས་ལྡན་པའི་དབང་གི་བཀྲ་ཤིས་ལེའུ་སྟེ་དྲུག་ཅུ་རྩ་བཞི་པའོ།། །།
ནོར་བུ་རིན་པོ་ཆེ་ཚུལ་ཇི་ལྟ་བུ་དང་ལྡན་ཞེ་ན་ཐམས་ཅད་དུ་སྔོ་བ་བཻ་ཌཱུརྱ འི་རང་བཞིན་དུ་གནས་པ་ཟུར་བརྒྱད་ཡོད་པ་ཡོན་ཏན་སྟོང་དང་ལྡན་པ་བྱུང་སྟེ། ཤིན་ཏུ་སྦྱངས་པ་དེ་ནམ་གྱི་གུང་ལ་མུན་པ་རབ་ཏུ་གནག་པ་ལ། ཉམས་སད་པའི་ཕྱིར་རྒྱལ་མཚན་རྩེ་མོ་ལ་བཏགས་ཏེ་འོད་མ་ཚལ་དུ་བཙུག་ནས་སྐྱེད་མོས་ཚལ་དུ་གཟིགས་མོའམ་རྣམ་པ་ཐམས་ཅད་ལྟ་བར་འདོད་ན་ཡང་ནོར་བུ་རིན་པོ་ཆེའི་འོད་ཀྱི་དཔུང་གིས་ཚོགས་ཡན་ལག་བཞི་པ་ཡན་ཆད་བག་ཚད་ཀྱིས་ཚུན་ཆད་གང་བར་གྱུར་ཏོ། །ཉིན་བར་གྱི་འདུ་ཤེས་སྐྱེའོ། །དེ་དང་རྗེས་སུ་མཐུན་པར་ནོར་བུ་རིན་པོ་ཆེ་འདི་བྱིན་པ་ཤེས་རབ་རྣམ་པར་དག་པ་དང་ལྡན་ཏེ་ཀུན་ནས་ཉོན་མོངས་པར་གྱུར་པའི་མུན་པ་ཐམས་ཅད་གསལ་བའི་སྒྲོན་མ་དང་ལྡན་ནས་ལྷག་མཐོང་གི་ཡེ་ཤེས་རིན་པོ་ཆེ་དང་ལྡན་པར་གྱུར་ཅིག །དཀོན་མཆོག་གསུམ་གྱི་ཡོན་ཏན་ཡིད་བཞིན་གཏེར། །འཁོར་བའི་མུན་སེལ་བདེ་བའི་སྙིང་པོ་འབྱུང་། །དགོངས་པ་མཆོད་སྦྱིན་ནོར་བདུན་ཕུན་སུམ་ཚོགས། །ཡིད་བཞིན་ནོར་བུ་རིན་ཆེན་སྤྱོད་པར་ཤོག །དགོས་འདོད་བསྐོང་བའི་ནོར་བུ་རིན་པོ་ཆེ། །ཐམས་ཅད་ཀུན་གྱི་ཡིད་དང་མཐུན་པ་ཡིས། །ཆེ་བའི་ཡོན་ཏན་ཕུན་སུམ་ཚོགས་པ་ཡི། །འདི་ནི་ཡིད་བཞིན་རེ་བ་བསྐོང་བའི་དབང་གི་བཀྲ་ཤིས་ཏེ་དྲུག་ཅུ་རྩ་ལྔ་པའོ།། །།
བློན་པོ་རིན་པོ་ཆེའི་ཚུལ་ཇི་ལྟར་དུ་ལྡན་ཞེ་ན། མཁས་པ། གསལ་བ། ཡིད་གཞུང་པ། ལྷའི་མིག་དང་ལྡན་པ། དཔག་ཚད་ཚུན་ཆད་དུ་རིན་པོ་ཆེ་གཏེར་ཡོད་པ་མཐོང་སྟེ། རིན་པོ་ཆེའི་གཏེར་ཆུའི་ནང་ན་ཡོད་པ་དང་། སྐམ་ས་ན་ཡོད་པ་དང་། བདག་པོ་ཡོད་པ་དང་། བདག་པོ་མེད་པ་ཐམས་ཅད་མཐོང་སྟེ། དེས་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ལ་གསོལ་བ། ལྷ་དཀར་པོ་ནོར་ལ་ཐུགས་ཁྲལ་ཆུང་བར་མཛོད་ཅིག །དཀོར་ཅི་བཞེད་པ་དང་། ནམ་ཅི་ཙམ་ན་བཞེད་པ་བཀའ་རྩོལ་ཅིག །དེ་སྐད་ཅེས་གསོལ་བ་དང་། རྒྱལ་པོའི་དགེས་པ་ཐམས་ཅད་སྒྲུབ་བོ། །དེ་དང་རྗེས་སུ་མཐུན་པར་བློན་པོ་རིན་པོ་ཆེ་འདིས་དབང་བསྐུར་བས་མིང་འདི་ཞེས་བྱ་བ་ལ་ལྷའི་མིག་རྣམ་པར་དག་པ་ཐོབ་སྟེ་འཕགས་པའི་ནོར་བདུན་དང་ལྡན་ཞིང་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་དགོངས་པ་ཐམས་ཅད་མཐར་ཕྱིན་པ་དང་། ཤེས་བྱ་ལ་ཐོགས་པ་མེད་པའི་དབང་དང་ལྡན་པར་གྱུར་ཅིག །གང་ལ་ཅི་འདོད་དཔག་བསམ་ཤིང་བུ་ལ། །འགྲོ་ལ་སྙིང་བརྩེ་ཚོགས་གཉིས་རྫོགས་པར་སྨོན། །དབང་ཕྱུག་བཙུན་པའི་ནོར་བུ་རིན་པོ་ཆེ། །འཁོར་ལོ་བསྒྱུར་བའི་རྒྱལ་ཐབས་ཐོབ་པར་ཤོག །འཛངས་པའི་འཕྲུལ་འབྱིན་བློན་པོ་རིན་པོ་ཆེ། །ལེགས་ཉེས་ཀུན་མཁས་རྩོད་པའི་དོན་ལ་མཁས། །ཡོ་གལ་ངོ་སྤྲོད་འཛངས་པའི་འཕྲུལ་བག་ཅན། །འདི་ནི་བློན་པོ་དབང་གི་བཀྲ་ཤིས་ལེའུ་སྟེ་དྲུག་ཅུ་རྩ་དྲུག་པའོ།། །།
འཁོར་ལོ་བསྒྱུར་བའི་བཙུན་མོ་རིན་པོ་ཆེ་ཡུལ་ཇི་ལྟ་བུ་དང་ལྡན་ཞེ་ན། རྒྱལ་བུ་རྒྱལ་རིགས་སུ་སྐྱེས་པ་གཟུགས་མཛེས་པ་ལྟ་ན་སྡུག་པ། ཚུལ་ཤེས་པ་ཁ་དོག་གིས་མཛེས་པས་རྒྱས་པ། མིའི་མདོག་ལས་འདས་ན་ལྷའི་མདོག་ཐོབ་པ་སྟེ། པགས་པའི་མདོག་ཀྱང་སྲི་ཡང་ཀུ་ལྟར་འདུག་པ། ལུས་རན་ཅིང་དབྱིབས་ལེགས་པ། ཤ་རན་ཅིང་བ་སྤུའི་བུ་ག་ནས་ཙན་དན་གྱི་དྲི་བསུང་དང་ཨ་ཀ་རུའི་དྲིའི་འབྱུང་བ། ཁ་ནས་ཨུཏྤལའི་ངད་ལྡང་བ། ལུས་ཀྱང་བྱ་ཀ་ཙ་ལིན་དྷ་ཀ་ལྟེར་རེག་ན་བདེ་བ། གྲང་བའི་དུས་ན་རེག་ན་དྲོ་བ། ཚ་བའི་དུས་ན་རེག་ན་བསིལ་བ། དེ་ནི་སྔོན་དུ་བྱ་བ་དང་ཕྱི་ནས་ཅི་བྱ་བའི་ལུང་མ་ནོར་བར་ཡིད་དུ་འོང་བར་བྱེད་པ། སྙན་པར་སྨྲ་བ་ལ་མཁས་ཏེ་ཡིད་ཀྱིས་མགུ་བ་ཡང་འཁོར་ལོའི་བསྒྱུར་བའི་རྒྱལ་པོ་ཡིད་དང་འགལ་བར་མི་བྱེད་ན། ལུས་དང་ངག་ལྟ་ག་ལ་བྱེད་དེ། བུད་མེད་ཐམས་ཅད་ཀྱི་སྐྱོན་སེལ་བ་སྟེ། དཔེར་ན་སྐར་མ་པ་བ་སངས་ཀྱིས་སྐར་མ་ཐམས་ཅད་ཟིལ་གྱིས་གནོན་པ་བཞིན་ནོ། །དེ་དང་རྗེས་སུ་མཐུན་པར་བཙུན་མོ་རིན་པོ་ཆེ་འདི་བྱིན་པས་མིང་འདི་ཞེས་བྱ་བ་ཏིང་ངེ་འཛིན་ཞི་བའི་ཆོས་ལ་དབང་འབྱོར་ཏོ། །འཕགས་པའི་འཇིག་རྟེན་ལས་འདས་པའི་ལམ་སྤྱོད་ཡུལ་ཡོངས་སུ་དག་པས་བདག་དང་གཞན་གྱིས་དོན་བདེན་པ་བསྡུད་པ་ལ་ཡིད་བཞིན་དུ་འབྱོར་པའི་དཔལ་དང་ལྡན་པར་གྱུར་ཅིག །ཕ་རོལ་ཕྱིན་བཅུ་སྐྱོབས་པའི་ཕྱིར། །ཤེས་རབ་གཟུང་འཛིན་བཙུན་མོ་རིན་པོ་ཆེས། །བསྡུ་བ་རྣམ་བཞི་ཚད་མེད་བཞི་པོ་ཡིས། །ཚེ་དང་ལོངས་སྤྱོད་གཏེར་རྣམས་སྤྱོད་པར་ཤོག །ཤེས་རབ་དབྱིངས་ལས་སྤྲུལ་པའི་ལྷ། །དགོས་པའི་དོན་འགྲུབ་བཙུན་མོ་སྟེ། །མཐུ་དང་དད་པས་འབྲེལ་པ་ཡིས། །འདི་ནི་བཙུན་མོ་དབང་གི་བཀྲ་ཤིས་ལེའུ་སྟེ་དྲུག་ཅུ་རྩ་བདུན་པའོ།། །།
དམག་དཔོན་རིན་པོ་ཆེ་ཚུལ་ཇི་ལྟ་བུ་དང་ལྡན་ཞེ་ན། མཁས་པ། གསལ་བ། བློ་མྱུར་བ། ཡིད་གཞུང་པ། རྒྱལ་པོའི་བསམ་པ་བཞིན་བྱེད་ནུས་པ། ཕ་རོལ་གྱི་དཔུང་འཇོམས་པ། དགྲ་ཐམས་ཅད་ཀྱི་སྦྱོར་བ་ལ་མཁས་པ། སྡེ་པ་ཐམས་ཅད་ཟིལ་གྱིས་གནོན་པའི་གོ་ཆ་བགོས་པའོ། །དེ་དང་རྗེས་སུ་མཐུན་པར་དམག་དཔོན་རིན་པོ་ཆེ་འདི་བྱིན་པས་མིང་འདི་ཞེས་བྱ་བ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དགོངས་པ་མཐར་ཕྱིན་ནས་འཇིགས་ཚོགས་ཀྱི་ལྟ་བ་ཐམས་ཅད་ལེགས་པར་སྤྱོད་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །གནོད་པའི་དཔུང་འཇོམས་བརྩོན་འགྲུས་གོ་བགོས་ཏེ། །འཇིགས་པའི་སྐྱོབས་བྱེད་མགོ་ལ་མི་འཇིགས་སྦྱིན། །ཐབས་དང་ཤེས་རབ་ལྡན་པའི་དམག་དཔོན་འདིས། །མཐུ་སྟོབས་རྫུ་འཕྲུལ་དཔུང་གིས་བསྲུང་བར་ཤོག །དྲག་ཤུལ་དྲེག་པས་ཕ་རོལ་འཇོམས་མཛད་པ། །ཉོན་མོངས་མི་ཤེས་གཡུལ་ངོ་གསལ་བ་ཡིས། །རྣམ་པར་རྟོག་པ་ཅིས་ཀྱང་མི་ཚུགས་པའི། །འདི་ནི་གཉེན་པོ་འདུལ་བའི་དབང་གི་བཀྲ་ཤིས་ལེའུ་སྟེ་དྲུག་ཅུ་རྩ་བརྒྱད་པའོ།། །།
སྔོན་རི་རབ་རིའི་རྩེར་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཡེ་ཤེས་ཀྱི་རལ་གྲིས་དབང་བསྐུར་བས། ཉོན་མོངས་པའི་དྲྭ་བ་གཅོད་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཡེ་ཤེས་ཀྱི་རལ་གྲི་ལག་ཏུ་བྱིན་པས་སྡུག་བསྔལ་གྱི་རྒྱུ་འདྲུལ་བཅད་དེ། བག་ཆགས་ཐམས་ཅད་ཡོངས་སུ་བྱང་བར་གྱུར་ཅིག །སྒྲིབ་པའི་དྲྭ་བ་གཅོད་ནས་ཀྱང་། །མི་ཤེས་དྲྭ་བ་གཅོད་ཚུལ་དུ། །རྣོན་པོས་བག་ཆགས་གཅོད་པ་སྟེ། །ཐམས་ཅད་ཀུན་ལས་རྒྱལ་བར་ཤོག །སྒྲིབ་པའི་དྲྭ་བ་གཅོད་མཛད་པ། །ཡེ་ཤེས་རྣོན་པོས་གར་ཡང་ཐོགས་པ་མེད། །མི་ཤེས་བག་ཆགས་རྩ་བ་གཅོད་པ་ཡིས། །འདི་ནི་སྡུག་སྔལ་གཅོད་པའི་དབང་གི་བཀྲ་ཤིས་ལེའུ་སྟེ་དྲུག་ཅུ་དགུ་པའོ།། །།
སྔོན་རི་རབ་རིའི་རྩེར་དཔལ་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་མདའ་གཞུས་དབང་བསྐུར་བས་ཐབས་དང་ཤེས་རབ་ཀྱི་དབང་ཐོབ་བོ། །དེ་དང་རྗེས་སུ་མཐུན་པར་མདའ་གཞུས་དབང་བསྐུར་བས་ཐབས་དང་ཤེས་རབ་རྣམ་པར་ཐར་བའི་རྒྱ་མཚོ་མྱུར་དུ་ཐོབ་པར་གྱུར་ཅིག །སྡེ་པའི་ཚོགས་འཇོམས་མྱུར་བའི་ཤུག་འཆང་ཞིང་། །ཐབས་ཀྱིས་འདུལ་ལ་ཉེས་པས་མ་གོས་ཏེ། །དངོས་པོ་ཀུན་འཇོམས་ཕ་རོལ་འབིགས་པ་སྟེ། །ཐབས་ཀྱིས་འདུལ་བའི་དབང་མཆོག་ཐོབ་པར་ཤོག །ཐབས་དང་ཤེས་རབ་དབྱེར་མེད་གཅིག་པ་ཡི། །ཐུགས་རྗེ་མྱུར་བའི་ཐབས་ཀྱིས་འགྲོ་ལ་འབྱུང་། །ཡང་རབ་རྩལ་མཆོག་བློ་ཡིས་གནོན་པ་སྟེ། །འདི་ནི་ཤེས་རབ་ཐོགས་མེད་དབང་གི་བཀྲ་ཤིས་ལེའུ་སྟེ་བདུན་ཅུ་པའོ།། །།
སྔོན་དཔལ་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་སྣམ་རལ་རིན་པོ་ཆེས་དབང་བསྐུར་བས་བར་དུ་གཅོད་པའི་བདུད་འཇོམས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་སྣམ་རལ་རིན་པོ་ཆེས་དབང་བསྐུར་བས་བར་དུ་གཅོད་པའི་བདུད་དཔུང་འཇོམས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །སྟོབས་ལྡན་དབང་ཕྱུག་མཐུ་སྟོབས་ཆེན་མངའ་བའི། །བདུད་དཔུང་ཕས་ཀྱིས་བསྡོ་བ་ཀུན་བཏུལ་ནས། །ཆེ་བཙན་ཆེན་པོའི་ཀུན་ལས་རྒྱལ་བ་དང་། །ཐམས་ཅད་མཐུ་སྟོབས་ཀུན་ལ་དབང་བྱེད་ཤོག །རིན་ཆེན་རྒྱན་མཛེས་གནམ་རལ་རིན་པོ་ཆེ། །ལོགས་པའི་ཕྱོགས་དང་བསྡོ་བ་ཟིལ་གྱིས་གནོན་པ་དང་། །ཐབས་ལ་མཁས་པའི་བདུད་དཔུང་ཆེ་བ་སྟེ། །འདི་ནི་ཀུན་ལས་རྒྱལ་བའི་དབང་གི་བཀྲ་ཤིས་ལེའུ་སྟེ་བདུན་ཅུ་རྩ་གཅིག་པའོ། །སྔོན་རི་རབ་རིའི་རྩེར་དཔལ་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་གཤན་ཉེ་བའི་རིན་པོ་ཆེས་དབང་བསྐུར་བས་འཁོར་བའི་སྒྲིབ་པ་གཅོད་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་གཤན་ཉེ་བའི་རིན་པོ་ཆེས་དབང་བསྐུར་བས་འཁོར་བའི་སྒྲིབ་པ་གཅོད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཉོན་མོངས་སྒྲིབ་པའི་དྲྭ་བ་གཅོད་པ་དང་། །དངོས་པོ་མཚན་མ་མ་ལུས་གཞོམ་པ་དང་། །མི་ཤེས་རྣམ་པར་རྟོག་པ་བསྒྲལ་བའི་ཕྱིར། །གདུག་པ་འཇོམས་པའི་དབང་རྣམས་ཐོབ་པར་ཤོག །རིན་ཆེན་མཛེས་པའི་བཤན་མཆོག་རིན་པོ་ཆེ། །ལེགས་པ་རྣོ་ལ་ཕ་རོལ་ཉེས་པ་གཅོད། །ཡེ་ཤེས་རྣོན་པོ་ཀུན་གྱིས་ཡིད་དུ་ཡོང་། །འདི་ནི་སྡུག་བསྔལ་གཅོད་པའི་དབང་གི་བཀྲ་ཤིས་ལེའུ་སྟེ་བདུན་ཅུ་རྩ་གཉིས་པའོ།། །།
སྔོན་རི་རབ་རིའི་རྩེར་ཀུན་རིག་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཞ་ཉེ་བའི་རིན་པོ་ཆེས་དབང་བསྐུར་བས་བགེགས་དང་ལོག་འདྲེན་མེད་པར་ཚེའི་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཞ་ཉེ་བའི་རིན་པོ་ཆེས་དབང་བསྐུར་བས་བགེགས་དང་ཕྱིན་ཅི་ལོག་ཅིས་ཀྱང་མི་ཚུགས་པའི་ཚེའི་གཡུང་དྲུང་གི་དབང་ཐོབ་པར་གྱུར་ཅིག །ཚ་གྲང་བསིལ་འཇམ་དབུ་ཞྭ་འདིས། །གདུང་བ་སེལ་བའི་དབང་མཆོག་སྟེ། །འབྲལ་བུ་ཐར་པ་ཐོབ་པའི་ཕྱིར། །འཇིགས་པ་བཞིའི་སྐྱབས་སུ་ཤོག །རིན་ཆེན་རྒྱན་མཆོག་དབུ་ཞྭ་རིན་པོ་ཆེ། །འཇིགས་པ་བཞི་སྐྱོབས་ལོག་པའི་སྐྱོན་ལས་གྲོལ། །མི་འགྱུར་གཡུང་དྲུང་ཚེ་ཡི་དབང་ཐོབ་པ། །འདི་ནི་གཡུང་དྲུང་དབང་གི་བཀྲ་ཤིས་ལེའུ་སྟེ་བདུན་ཅུ་རྩ་གསུམ་པའོ།། །།
སྔོན་རི་རབ་རིའི་རྩེར་རྣམ་པར་སྣང་མཛད་ཀྱིས་འཁོར་ལ་ཚངས་པའི་ཁབ་སྐུད་ཀྱིས་དབང་བསྐུར་བས་ལེགས་པའི་ཡོན་ཏན་འདོད་པའི་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཚངས་པའི་ཁབ་སྐུད་ཉེ་བའི་རིན་པོ་ཆེས་དབང་བསྐུར་བས་ལེགས་པའི་ཡོན་ཏན་གྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཚངས་པའི་ཁབ་སྐུད་ཉེ་བའི་བཀྲ་ཤིས་ཏེ། །ལེགས་པའི་ཡོན་ཏན་ཚངས་པར་རྫོགས་པའི་དཔལ། །ཉེས་པ་ཀུན་སྐྱོབས་ཕྱིར་ན་བཀྲ་ཤིས་ཏེ། །ཐམས་ཅད་རྫོགས་པའི་དབང་མཆོག་བཀྲ་ཤིས་ཤོག །ཚངས་པའི་ཁབ་སྐུད་ལེགས་པའི་དགོས་པ་གྲུབ། །གང་ལ་ཡིད་དང་འཚམས་པར་བྱེད། །དོན་ལ་ཐུགས་རྗེ་ཆེན་པོ་ཆེ་བའི་རྟགས། །འདི་ནི་ལེགས་པ་ཚ་བའི་དབ ང་གི་བཀྲ་ཤིས་ལེའུ་སྟེ་བདུན་ཅུ་རྩ་བཞི་པའོ།། །།
སྔོན་རི་རབ་རིའི་རྩེར་དཔལ་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ན་བཟའ་ཉེ་བའི་རིན་པོ་ཆེས་དབང་བསྐུར་བས་གྲང་པའི་སྡུག་བསྔལ་ལས་སྐྱོབས་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ན་བཟའ་ཉེ་བའི་རིན་པོ་ཆེས་དབང་བསྐུར་བས་འདི་དང་ཕ་རོལ་གཉིས་ཀར་གྲང་བའི་ཉོན་མོངས་པ་ཞི་བའི་དབང་ཐོབ་པར་གྱུར་ཅིག །ཉེས་པ་ཀུན་སྐྱོབས་ན་བཟའ་རིན་པོ་ཆེ། །བདེ་མཆོག་ཡིད་བཞིན་ཟད་པ་མེད་པ་སྟེ། །ཡོན་ཏན་ཚངས་པའི་ན་བཟའ་དམ་པ་འདིས། །འདི་དང་ཕ་རོལ་གཉིས་སུ་གོན་པར་ཤོག །རིན་ཆེན་ན་བཟའ་ཇི་ལྟར་བལྟས་པས་སྡུག །ཆེ་ཆུང་དབྱིབས་རན་འགྲོ་ལ་མཛེས་པར་གྲོ། །ཡོན་ཏན་བླ་མེད་འཕགས་པའི་སྐུ་དང་མཚུངས། །འདི་ནི་ཆོས་ཀྱི་རྟགས་ཀྱི་དབང་གི་ལེའུ་སྟེ་བདུན་ཅུ་རྩ་ལྔ་པའོ།། །།
སྔོན་རི་རབ་རིའི་རྩེ་དཔལ་རྣམ་པར་སྣང་མཛད་ཀྱིས་ཆགས་ཉེ་བའི་རིན་པོ་ཆེས་བསྐུར་བས་ཐུགས་རྗེས་འགྲོ་བའི་དོན་ལ་ཆགས་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཆགས་ཉེ་བའི་རིན་པོ་ཆེས་དབང་བསྐུར་བས་འགྲོ་བའི་དོན་ལ་ཞབས་ཀྱིས་བཅག་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རིན་ཆེན་ཆགས་ཀྱིས་དབང་བསྐུར་བས། །ཀུན་ལ་སྙོམས་པའི་ཐུགས་རྗེ་ཡིས། །སེམས་ཅན་དོན་ལ་ཐོགས་མེད་དེ། །འགྲོ་བ་འདྲེན་པའི་དཔལ་དུ་ཤོག །རིན་ཆེན་མཛེས་པའི་ཆག་མཆོག་དམ་པ་འདིས། །གར་ཡང་ཐོགས་མེད་ཕྱོགས་བཅུར་བགྲོད་ནས་ཀྱང་། །དོན་རྣམས་མ་ལུས་རྫོགས་པར་བྱ་བ་ཡིས། །འདི་ནི་ཡོངས་ལ་ཁྱབ་པའི་དབང་གི་བཀྲ་ཤིས་ལེའུ་སྟེ་དོན་དྲུག་པའོ།། །།
སྔོན་རི་རབ་རིའི་རྩེར་དཔལ་ཀུན་རིག་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཁྲི་སྙན་ས་ལེའི་པགས་པ་ཉེ་བའི་རིན་པོ་ཆེས་དབང་བསྐུར་བས། སྙིང་རྗེས་སེམས་ཅན་འདྲེན་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཁྲི་སྙན་ས་ལེའི་པགས་པ་ཉེ་བའི་རིན་པོ་ཆེས་དབང་བསྐུར་བས་ཐུགས་རྗེས་སེམས་ཅན་གྱི་དོན་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཁྲི་སྙན་ས་ལེའི་པགས་པ་བཀྲ་ཤིས་ཏེ། །ཐམས་ཅད་སྙོམས་པའི་བཀྲ་ཤིས་དམ་པ་དེས། །ཡོན་ཏན་ཚངས་པར་རྫོགས་པའི་བཀྲ་ཤིས་པ། །སྙིང་རྗེས་དོན་བྱེད་དབང་མཆོག་བཀྲ་ཤིས་ཤོག །སྙིང་རྗེ་ཆེན་པོས་སེམས་ཅན་ཀུན་ལ་དགོངས། །ཉམས་ཐག་འཕོངས་པ་ཀུན་གྱིས་དོན་བྱས་ཏེ། །སེམས་ཅན་འཁོར་བའི་གནས་ནས་འདོན་མཛད་པ། །འདི་ནི་འགྲོ་དོན་རྫོགས་པའི་དབང་གི་བཀྲ་ཤིས་ལེའུ་སྟེ་བདུན་ཅུ་རྩ་བདུན་པའོ།། །།
དཔེ་རྒྱལ་སྲིད་རིན་ཆེན་བདུན་དང་ཉེ་བའི་རིན་ཆེན་བདུན་ཚང་ངོ་། །སྔོན་བཅོམ་ལྡན་འདས་ཀྱིས་ཉུངས་དཀར་འཐོར་བྱེད་ཀྱིས་རྒྱལ་པོ་བགེགས་ཀྱི་གཉེན་པོར་བྱིན་གྱིས་བརླབས་པའི་རྫས་འདི་རྡོ་རྗེ་སློབ་དཔོན་ངས་བྱིན་པས་སློབ་མའི་ལུས་སེམས་ཀྱི་རྒྱུད་ལ་བགེགས་སྟོང་ཕྲག་བརྒྱད་ཅུའི་བསམ་སྦྱོར་ངན་པས་མི་ཚུགས་ཤིང་བགེགས་ཐམས་ཅད་འདུལ་བའི་མཐུ་སྟོབས་ཕུན་སུམ་ཚོགས་པ་དང་ལྡན་པའི་དོན་གྱིས་བཀྲ་ཤིས་པར་གྱུར་ཅིག །ཉུངས་དཀར་རྡོ་རྗེའི་རིགས་མཆོག་ཆེན་པོ་སྟེ། །རྟོག་བྲལ་མཉམ་ཉིད་ཡེ་ཤེས་རྡོ་རྗེ་ཡིས། །རྟོག་པའི་བགེགས་རྣམས་རབ་ཏུ་འཇོམས་མཛད་པ། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་བར་ཤོག །ཉུངས་དཀར་རྡོ་རྗེས་བགེགས་མཆོག་འདུལ། །བགེགས་རྣམས་འདུལ་བའི་མཐུ་སྟོབས་ལྡན། །དགྲ་བགེགས་ཀུན་ལས་རྒྱལ་བ་ཡིས། །འདི་ནི་བྱིན་རླབས་ཆེ་བའི་དབང་གི་བཀྲ་ཤིས་ལེའུ་སྟེ་བདུན་ཅུ་རྩ་བརྒྱད་པའོ།། །།
བཅོམ་ལྡན་འདས་ལ་ཁྱིམ་བདག་བཟང་སྐྱོང་གིས་ཞོ་ཕུལ་བས་གཟི་མདངས་དང་ལྡན་པའི་རྫས་འདི་རྡོ་རྗེ་སློབ་དཔོན་ངས་སློབ་མ་ཁྱོད་ལ་བྱིན་པར་ཁྱོད་ཀྱི་ཏིང་ངེ་འཛིན་གྱི་བཅུད་དང་བསོད་ནམས་ཀྱི་གཟི་མདངས་དང་ལྡན་པའི་དོན་གྱིས་བཀྲ་ཤིས་པར་གྱུར་ཅིག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་བྱང་ཆུབ་སེམས་རྟོག་སྟེ། །ཡོན་ཏན་ཀུན་གྱི་སྙིང་པོར་གྱུར་པ་ཡིས། །བཀྲ་ཤིས་དེས་ཀྱང་དེང་འདིར་ཞི་བར་ཤོག །བཀྲ་ཤིས་བྱིན་ལྡན་རྫས་མཆོག་ཞོ་མཆོག་འདིས། །འདོད་པའི་དོན་ལྡན་འདོད་འབྱོར་འབྱོང་བའི་ཞོ། །ཉོན་མོངས་འཕོངས་པ་བགྲངས་ཤིང་ཚིམ་བྱེད་པ། །འདི་ནི་ལོངས་སྤྱོད་ལྡན་པའི་དབང་གི་བཀྲ་ཤིས་ལེའུ་སྟེ་བདུན་ཅུ་རྩ་དགུ་པའོ། །སྔོན་བཅོམ་ལྡན་འདས་ལ་བྲམ་ཟེ་གོའུ་ད་ལིས་རྩ་དུར་བ་ཕུལ་དེ་དུར་བ་ཇི་ལྟར་རྒྱུ་ཆུང་ངུ་ལ་ཡལ་ག་དང་ལོ་འདབ་དང་མང་པོ་འཕེལ་བར་བྱིན་གྱིས་བརླབས་པའི་རྫས་འདི་སློབ་མ་ལ་བྱིན་པས་ཆོས་རྒྱུ་འབྲས་ལས་མ་རྨོངས་ཤིང་དགེ་བའི་རྩ་བ་ཆུང་ངུ་ལ་བརྟེན་ནས་བསོད་ནམས་ཀྱི་འབྲས་བུ་ཕུན་སུམ་ཚོགས་པ་འཕེལ་བའི་དོན་གྱིས་བཀྲ་ཤིས་པར་གྱུར་ཅིག །དུར་བ་ཚེ་ནི་འཕེལ་བར་བྱེད་པ་སྟེ། རྡོ་རྗེ་ཚེ་ནི་རབ་གྲུབ་པས། །སྐྱེ་ཤི་སྡུག་བསྔལ་རྒྱུན་བཅད་དེ། །དུར་བས་བཀྲ་ཤིས་དེ་ནི་ཚེ་བརྟན་ཤོག །དུར་བའི་རྩྭ་མཆོག་བསོད་ནམས་མང་པོར་འཕེལ། །བཀྲ་ཤིས་མདོག་ལེགས་འབྲས་བུ་ཡང་དག་བྱས། །ཡིད་ལ་ཅི་བསམ་འདོད་པའི་བཀྲ་ཤིས་པ། །འདི་ནི་འདོད་པ་འབྱུང་བའི་དབང་གི་བཀྲ་ཤིས་ལེའུ་སྟེ་བརྒྱད་ཅུ་ཐམ་པའོ།། །།
སྔོན་བཅོམ་ལྡན་འདས་ལ་ས་ཡི་ལྷ་མོས་མཚལ་ལི་ཁྲི་ཕུལ་བས་ཇི་ལྟར་ལི་ཁྲི་དམར་པོ་ཆགས་པ་ཞེན་པའི་ངོ་བོར་གནས་པ་བཞིན་དུ་ཐུགས་རྗེ་ཆེན་པོས་སེམས་ཅན་ཐམས་ཅད་མི་གཏོང་བར་བྱིན་གྱིས་རྫས་འདི་ངས་སློབ་མ་ཁྱོད་ལ་བྱིན་པས་ཁྱོད་ཀྱིས་སེམས་ཅན་གྱི་དོན་བྱེད་ཅིང་འཁོར་བའི་ཆོས་ཐམས་ཅད་ལ་སྤྱོད་བཞིན་མ་ཆགས་པའི་དོན་གྱིས་བཀྲ་ཤིས་པར་གྱུར་ཅིག །ལི་ཁྲི་དམར་པོ་དབང་གིས་རང་བཞིན་ཏེ། །ཆོས་ཀུན་མ་ལུས་དབང་དུ་གྱུར་པ་སྟེ། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་འགྱུར་བ། །བཀྲ་ཤིས་དེས་ཀྱང་རྒྱལ་སྲིད་བརྟན་གྱུར་ཅིག །ཁ་དོག་དམར་པོ་ནུབ་ཕྱོགས་པདྨའི་རིགས། །ཆགས་པ་གཉིས་ལྡན་བདག་དོན་གཞན་དོན་འགྲུབ། །གསུང་གི་བདག་ཉིད་དོན་སྟོན་བཀྲ་ཤིས་རྫས། །འདི་ནི་ཚེའི་དབང་གིས་བཀྲ་ཤིས་ལེའུ་སྟེ་བརྒྱད་ཅུ་རྩ་གཅིག་པའོ།། །།
སྔོན་བཅོམ་ལྡན་འདས་ཀྱིས་ཀུན་གཞིའི་རྣམ་པར་ཤེས་པ་གནས་ལན་གསུམ་དུ་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས་བརྙེས་ནས་མངོན་པར་རྫོགས་པའི་རྫས་འདི་སློབ་མ་ཁྱོད་ལ་བྱིན་པས་ཁྱོད་ཀྱི་བག་ཆགས་ཀྱི་སྒྲིབ་པ་བག་ལ་ཉལ་ཆ་ཕྲ་མོ་ཡན་ཆད་རྡོ་རྗེ་རྒྱུའི་ཏིང་ངེ་འཛིན་གྱིས་བཅོམ་ནས་ཀུན་གཞི་གནས་འགྱུར་ཏེ་མེ་ལོང་ལྟ་བུའི་ཡེ་ཤེས་མཐོང་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་དོན་གྱིས་བཀྲ་ཤིས་པར་གྱུར་ཅིག །མེ་ལོང་ཡེ་ཤེས་ཆེན་པོའི་གཟུགས་བརྙན་ཏེ། །ཡེ་ཤེས་རྒྱ་མཚོ་བདག་ཉིད་མཆོག་གྱུར་ནས། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །མེ་ལོང་གདོང་བསྟན་བཞིན་གྱི་དྲི་མ་སེལ། །དེ་བཞིན་ཉོན་མོངས་ཤེས་བྱའི་དྲི་མ་སེལ། །གསལ་ལ་རང་བཞིན་མེད་པ་ཆོས་ཉིད་ལ། །འདི་ནི་ཡེ་ཤེས་གསལ་བའི་དབང་གི་བཀྲ་ཤིས་ལེའུ་སྟེ་བརྒྱད་ཅུ་རྩ་གཉིས་པའོ།། །།
སྔོན་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་གཙུག་ཕུད་གཡས་སུ་འཁྱིལ་བ་ཕུལ་བས་རྡོ་རྗེ་སྤོ་ལ་གཤེགས་ཏེ་ཆོས་སྒྲ་ཆེན་པོས་གསུང་དབྱངས་པས་ན་ཡན་ལག་དྲུག་ཅུ་དང་ལྡན་པའི་འཁོར་ལོ་བསྐོར་བའི་རྫས་འདི་སློབ་མ་ལ་བྱིན་པས་ཚངས་པའི་སྒྲ་སྐད་ཕུན་སུམ་འཚོགས་པ་སྒྲོགས་ཤིང་ཆོས་ཀྱི་འཁོར་ལོ་སྒྲོགས་པའི་དོན་གྱིས་བཀྲ་ཤིས་པར་གྱུར་ཅིག །དུང་གིས་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡོན་ཏན་རྒྱ་མཚོའི་བདག་ཉིད་མཆོག་གྱུར་ན། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེ་ནི་ཚིགས་ལ་ལོངས་སྤྱོད་ཤོག །ཆོས་སྒྲ་ཆེན་པོར་ཕྱོགས་བཅུར་གྲགས་པ་དང་། །རྒྱལ་བའི་གསུང་མཆོག་དུང་གི་སྒྲ་བུས་ཏེ། །མ་ལུས་འགྲོ་བ་ཀུན་གྱི་རྒྱུད་གྲོལ་བ། །འདི་ནི་འཕགས་པའི་གསུང་གི་དབང་གི་བཀྲ་ཤིས་ལེའུ་སྟེ་བརྒྱད་ཅུ་རྩ་གསུམ་པའོ།། །།
སྔོན་བཅོམ་ལྡན་འདས་ལ་གླང་པོ་ཆེའི་ས་སྲུངས་ཀྱི་གྷི་ཧཾ་ཕུལ་ཏེ་བཻ་ཌཱུརྱ་དང་ལྡན་པའི་སྨན་བདུད་བཞི་ལས་གྲོལ་བར་བྱེད་པའི་བྱིན་གྱིས་བརླབས་པའི་རྫས་འདི་ངས་སློབ་མ་ལ་བྱིན་པས་སློབ་མའི་ནད་བཞི་བརྒྱ་རྩ་བཞི་ལས་ཐར་ཞིང་ནད་ཐམས་ཅད་སེལ་བར་བྱེད་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པའི་དོན་གྱིས་བཀྲ་ཤིས་པར་གྱུར་ཅིག །གི་ཧཾ་དུག་གསུམ་འཇོམས་པའི་སྨན་ཡིན་ཏེ། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡིས། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་མེད་པར་ཤོག །ཡོན་ཏན་ལྡན་པས་བཞི་བརྒྱ་རྩ་བཞི་སེལ། །སྨན་མཆོག་སྐྱེ་འགྲོ་མ་ལུས་ཀུན་གྱི་གསོལ། །བྱིན་གྱིས་བརླབས་པས་བཀྲ་ཤིས་ཚེ་ཡི་གསོས། །འདི་ནི་ཚེ་རིང་ནད་མེད་དབང་གི་བཀྲ་ཤིས་ལེའུ་སྟེ་བརྒྱད་ཅུ་རྩ་བཞི་པའོ།། །།
སྔོན་བཅོམ་ལྡན་འདས་ལ་ཤིང་གི་ལྷ་མོ་འོད་འཆང་མས་ཤིང་བིལ་བ་ཕྱག་ཏུ་ཕུལ་ཏེ། ཇི་ལྟར་ཤིང་བིལ་བ་སྨིན་ཅིང་འབྲས་བུ་ངོ་བོར་གནས་པ་དེ་བཞིན་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྐུ་དང་སྟོབས་དང་མི་འཇིགས་པ་ལ་སོགས་པ་འབྲས་བུའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབས་པའི་རྫས་འདི་ངས་ཁྱོད་ལ་བྱིན་པས། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པ་བཅོ་བརྒྱད་དང་། སྐུ་དང་ཡེ་ཤེས་དང་མཚན་དང་དཔེ་བྱད་ལ་སོགས་ཏེ་འབྲས་བུའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་རྒྱས་པའི་དོན་གྱིས་བཀྲ་ཤིས་པར་གྱུར་ཅིག །བིལ་བ་རྒྱུ་རྐྱེན་འབྲས་བུ་བཅས་པའི་མཆོག །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡིས། །བཀྲ་ཤིས་དེ་ནི་འཇིག་རྟེན་འགྲུབ་པར་ཤོག །ཡལ་ག་ལོ་འདབ་མེ་ཏོག་གཡུར་ལོ་འཁྱིལ། །འབྲས་བུ་ཡིད་འོངས་འབྱོར་པའི་ལོངས་སྤྱོད་ལྡན། །ཀུན་དང་མཐུན་པར་སྤྱོད་པ་ཡིས། །འདི་ནི་ཕུན་སུམ་ཚོགས་པའི་དབང་གི་བཀྲ་ཤིས་ལེའུ་སྟེ་བརྒྱད་ཅུ་རྩ་ལྔ་པའོ།། །།
དོན་རྣམས་འགྲུབ་པར་གྱུར་པའི་རྫས། །འདོད་དགུ་རེ་བསྐོངས་རིན་པོ་ཆེ། །རྒྱལ་སྲིད་རིན་ཆེན་སྣང་བདུན་གྱིས། །རྒྱལ་པོ་མཆོག་ཏུ་དབང་བསྐུར་རོ། །དེས་བཀྲ་ཤིས་རྫས་བརྒྱད་ཐོབ་ནས། ད་བཀྲ་ཤིས་རྟགས་བརྒྱད་སྤོངས་ཏེ་ཐུན་མོང་གི་རྫས་བརྒྱད་རྟགས་བརྒྱད་ཐམས་ཅད་ཀྱི་རྒྱབ་ཡིག་འདིས་ལེན་པའོ། །སྔོན་བཅོམ་ལྡན་འདས་ལ་བྱང་ཆུབ་ཤིང་དྲུང་དུ་བདུད་ཀྱིས་བརྒལ་བའི་དུས་སུ་བཀྲ་ཤིས་པའི་རྟགས་བརྒྱད་དང་ལྡན་ཏེ་ཐུགས་དཔལ་བེའུར་བཀྲ་ཤིས་པ་དེ་བཞིན་དུ། སློབ་མའི་ཐུགས་དཔལ་བེའུར་བཀྲ་ཤིས་པར་གྱུར་ཅིག །དཔལ་བེ་ཐུགས་ཀྱི་ས་བོན་ཏེ། །འདྲེན་པ་རྣམས་ཀྱིས་ཐུགས་ལ་སྦས། །བླ་མེད་ཐར་ལམ་དྲང་བའི་ཕྱིར། །ཐུགས་ཀྱི་དཔལ་བེའུའི་བཀྲ་ཤིས་ཤོག །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བསྡོ་བའི་ཕྱོགས་རྣམས་ཀུན་ལས་ཁྱད་པར་འཕགས། །ཐུགས་ཁ་ཉིད་ལས་གསལ་བར་མངོན་པར་སྟོན། །འདི་ནི་དཔལ་བེའུའི་དབང་གི་བཀྲ་ཤིས་ལེའུ་སྟེ་བརྒྱད་ཅུ་རྩ་དྲུག་པའོ།། །།
སྟོན་པ་ལ་བདུད་ཀྱི་བསྡོས་པའི་ཚེ། །ཐུགས་ནི་དཔལ་བེའུའི་བཀྲ་ཤིས་གྱུར། །དེ་རིང་ཁྱོད་ལ་དཔལ་བེ་འུས། །ཐམས་ཅད་མཁྱེན་པའི་དབང་ཐོབ་ཤོག །ཐུགས་ཀ་དཔལ་བེའུས་བཀྲ་ཤིས་པས་ཐམས་ཅད་མཁྱེན་པའི་བཀྲ་ཤིས་པའི་དབང་ཐོབ་པར་གྱུར་ཅིག །སྔོན་བཅོམ་ལྡན་འདས་ཀྱིས་བརྒལ་བའི་དུས་སུ་བཀྲ་ཤིས་ཀྱི་རྟགས་བརྒྱད་བྱུང་སྟེ། ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོ་བཀྲ་ཤིས་པ་དེ་བཞིན་དུ། མི་འདི་ཞེས་བྱ་བ་ལ་འཁོར་ལོས་དབང་བསྐུར་བས་ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོར་བཀྲ་ཤིས་པར་གྱུར་ཅིག །འཁོར་ལོ་བཀྲ་ཤིས་ཕྱག་ཞབས་མཐིལ། །སྐྱོབས་པའི་སངས་རྒྱས་འདྲེན་པའི་ལྷ། །ཉོན་མོངས་སེམས་ཅན་དམན་པའི་གསོས། །ཕྱག་ཞབས་འཁོར་ལོ་བཀྲ་ཤིས་ཤོག །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །སྡོ་བའི་ཕྱོགས་ལས་ཀུན་ལས་ཁྱད་པར་འཕགས། །ཕྱག་ཞབས་མཐིལ་ལ་མངོན་པར་གསལ་བར་སྟོན། །འདི་ནི་འཁོར་ལོ་དབང་གི་བཀྲ་ཤིས་ལེའུ་སྟེ་བརྒྱད་ཅུ་རྩ་བདུན་པའོ།། །།
སྟོན་པ་ལ། ཕྱག་ཞབས་འཁོར་ལོས་དེ་རིང་འཁོར་ལོ་བསྐོར་བའི་དབང་ཐོབ་ཤོག །འགྲེའོ། །ཆོས་ཀྱི་འཁོར་ལོ་བསྐོར་བའི་དབང་ངོ་། །སྔོན་བཅོམ་ལྡན་འདས་ཀྱིས་བདུད་ཀྱིས་བརྒལ་བའི་དུས་སུ་བཀྲ་ཤིས་ཀྱི་རྟགས་བརྒྱད་བྱུང་སྟེ། ལྗགས་པད་མར་བཀྲ་ཤིས་པ་དེ་བཞིན་དུ་པད་མས་དབང་བསྐུར་བས། མིང་འདི་ཞེས་བྱ་བ་ལ་ལྗགས་པད་མར་བཀྲ་ཤིས་པར་གྱུར་ཅིག །གསུང་མཆོག་པདྨ་ཆོས་ཀྱི་རྒྱལ། །ཉོན་མོངས་མ་གོས་པདྨའི་སྐུ། །ཐམས་ཅད་སྒྲོལ་བའི་གསུང་ལགས་ཏེ། །ལྗགས་མཆོག་པད་མར་བཀྲ་ཤིས་ཤོག །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །སྡོ་བའི་ཕྱོགས་རྣམས་ཀུན་ལས་ཁྱད་པར་འཕགས། །ལྗགས་ཀྱི་མཆོག་ལ་མངོན་པར་གསལ་བར་སྟོན། །འདི་ནི་པདྨའི་དབང་གི་བཀྲ་ཤིས་ལེའུ་སྟེ་བརྒྱད་ཅུ་རྩ་བརྒྱད་པའོ།། །།
སྟོན་པ་ལ། ལྗགས་ཉིད་པདྨར། དེ་རིང་ཁྱོད་ལ། ཐོགས་པ་མེད་པའི་དབང་ཐོབ་ཤོག །འགྲེེའོ། །ཅིས་ཀྱང་གོས་པ་མེད་པའི་དབང་ངོ་། །སྔོན་བཅོམ་ལྡན་འདས་ལ་བདུད་ཀྱིས་བརྒལ་བའི་དུས་སུ་བཀྲ་ཤིས་ཀྱི་རྟགས་བརྒྱད་བྱུང་སྟེ། སྐུ་རྒྱལ་མཚན་དུ་བཀྲ་ཤིས་པ་དེ་བཞིན་དུ་རྒྱལ་མཚན་གྱིས་དབང་བསྐུར་བས་མི་འདི་ཞེས་བྱ་བ་སྐུ་རྒྱལ་མཚན་དུ་བཀྲ་ཤིས་པར་གྱུར་ཅིག །མི་ནུབ་རྒྱལ་མཚན་འདྲེན་པའི་སྐུ། །ཐམས་ཅད་བདུད་ཀྱི་སྡེ་བཏུལ་ནས། །དཔུང་བཅོམ་སངས་རྒྱས་སྐུ་སྟོད་དེ། །སྐུ་མཆོག་རྒྱལ་མཚན་བཀྲ་ཤིས་ཤོག །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །སྡོ་བའི་ཕྱོགས་རྣམས་ཀུན་ལས་ཁྱད་པར་འཕགས། །སྐུ་ཡི་མཆོག་ལ་མངོན་པར་གསལ་བར་སྟོན། །འདི་ནི་རྒྱལ་མཚན་དབང་གི་བཀྲ་ཤིས་ལེའུ་སྟེ་བརྒྱད་ཅུ་རྩ་དགུ་པའོ།། །།
སྟོན་པ་ལ། སྐུ་རྒྱལ་མཚན། དེ་རིང་། བདུད་བཞི་ཕམ་བྱེད་བཀྲ་ཤིས་ཤོག །ཀུན་འདྲེ། བདུད་བཞི་ལས་རྒྱལ་བའི་དབང་ངོ་། །སྔོན་བཅོམ་ལྡན་འདས་ལ་བདུད་ཀྱིས་བརྒལ་བའི་དུས་སུ་བཀྲ་ཤིས་པའི་རྟགས་བརྒྱད་བྱུང་སྟེ། མགུལ་བུམ་པར་བཀྲ་ཤིས་པར་དེ་བཞིན་དུ་བུམ་པས་དབང་བསྐུར་བས་མིང་འདི་ཞེས་བྱ་བ་ལ་མགུལ་བུམ་པར་བཀྲ་ཤིས་པར་གྱུར་ཅིག །བཀྲ་ཤིས་བུམ་པ་དམ་པ་འདིས། །བཅོམ་ལྡན་འདས་ཀྱི་མགུལ་ལགས་ཏེ། །མགུལ་མཆོག་བཀྲ་ཤིས་འདི་བྱིན་པས། །བུམ་པའི་བཀྲ་ཤིས་ཐོབ་པར་ཤོག །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །སྡོ་བའི་ཕྱོགས་རྣམས་ཀུན་ལས་ཁྱད་པར་འཕགས། །མགུར་གྱི་མཆོག་ལ་མངོན་པར་གསལ་བར་སྟོན། །འདི་ནི་བུམ་པ་དབང་གི་བཀྲ་ཤིས་ལེའུ་སྟེ་དགུ་བཅུ་ཐམ་པའོ།། །།
སྟོན་པ་ལ། མགུར་གྱི་བུམ་པ། དེ་རིང་། སྙིང་རྗེས་འཛིན་པའི་དབང་ཐོབ་ཤོག །འགྲེ། ཐུགས་རྗེས་ཐམས་ཅད་འཛིན་པའི་དབང་ངོ་། །བུམ་པ་སྣོད་བཅུད་ཐིག་ལེ་ཡི། །སེམས་ཅན་ཐམས་ཅད་སངས་རྒྱས་ཡིན། །སྔོན་བཅོམ་ལྡན་འདས་ལ་བདུད་ཀྱིས་བརྒལ་བའི་དུས་སུ་བཀྲ་ཤིས་ཀྱི་རྟགས་བརྒྱད་བྱུང་སྟེ། དབུ་སྐྲ་གདུགས་སུ་བཀྲ་ཤིས་པ་དེ་བཞིན་དུ་གདུགས་ཀྱིས་དབང་བསྐུར་བས་མིང་འདི་ཞེས་བྱ་བ་དབུ་སྐྲ་གདུགས་སུ་བཀྲ་ཤིས་པར་གྱུར་ཅིག །གདུགས་ཀྱིས་ཚ་བའི་སྡུག་བསྔལ་ཀུན་བསལ་ཏེ། །ཉོན་མོངས་མ་ལུས་ཀུན་ལས་རྒྱལ་བ་དང་། །ཆེ་བའི་ཡོན་ཏན་མ་ལུས་བརྒྱས་པ་སྟེ། །ལོག་པའི་ཕྱོགས་རྣམས་ཟིལ་གྱིས་གནོན་པར་ཤོག །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བསྡོ་བའི་ཕྱོགས་རྣམས་ཀུན་ལས་ཁྱད་པར་འཕགས། །དབུ་སྐྲའི་མཆོག་ལ་མངོན་པར་གསལ་བར་སྟོན། །འདི་ནི་གདུགས་ཀྱི་དབང་གི་བཀྲ་ཤིས་ལེའུ་སྟེ་གོ་གཅིག་པའོ།། །།
སྟོན་པ་ལ། དབུ་སྐྲ་གདུགས་སུ། དེ་རིང་། གདུང་བ་སིལ་བྱེད་གདུགས་ཐམས་ཅད་བསིལ་བར་བྱེད་པའི། སྔོན་བཅོམ་ལྡན་འདས་ལ་བདུད་ཀྱིས་བརྒལ་བའི་དུས་སུ་བཀྲ་ཤིས་པའི་རྟགས་བརྒྱད་བྱུང་སྟེ། གསུང་དུང་དུ་བཀྲ་ཤིས་པ་དེ་བཞིན་དུ་གདུགས་ཀྱིས་དབང་བསྐུར་བས་མིང་འདི་ཞེས་བྱ་བ་གསུང་དུང་དུ་བཀྲ་ཤིས་པར་གྱུར་ཅིག །སྙན་པའི་སྒྲ་རྣམས་ཕྱོགས་བཅུར་སྒྲོགས་པ་དང་། །མུ་སྟེགས་ལོག་པའི་ཕྱོགས་རྣམས་སྐྲག་པ་དང་། །སེམས་ཅན་ཀུན་གྱི་ཤེས་པ་དགྲོལ་བའི་ཕྱིར། །གསུང་མཆོག་དུང་གི་རྒྱལ་པོར་བཀྲ་ཤིས་ཤོག །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །སྡོ་བའི་ཕྱོགས་རྣམས་ཀུན་ལས་ཁྱད་པར་འཕགས། །གསུང་གི་མཆོག་ལ་མངོན་པར་གསལ་བར་སྟོན། །འདི་ནི་གསུང་གི་དབང་གི་བཀྲ་ཤིས་ལེའུ་སྟེ་དགུ་ཅུ་རྩ་གཉིས་པའོ།། །།
སྟོན་པ་ལ། གསུང་ཉིད་དུ། དེ་རིང་། བརྒོལ་བ་སྤ་བཀོང་དབང་ཐོབ་བཀྲ་ཤིས་ཤོག །འགྲེ། རྒོལ་བ་ཐམས་ཅད་སྤ་བསྐོངས་པའི་དབང་ངོ་། །སྔོན་བཅོམ་ལྡན་འདས་ལ་བདུད་ཀྱིས་བརྒལ་བའི་དུས་སུ་བཀྲ་ཤིས་ཀྱི་རྟགས་བརྒྱད་བྱུང་སྟེ་ཕྱག་དང་ཞབས་ཀྱི་ཉ་ཤ་བཀྲ་ཤིས་ཀྱི་ཉར་བཀྲ་ཤིས་པ་དེ་བཞིན་དུ་མིང་འདི་ཞེས་བྱ་བས་ཉས་དབང་བསྐུར་བས་ཕྱག་དང་ཞབས་ཀྱི་ཉ་ཤ་བཀྲ་ཤིས་པའི་ཉར་བཀྲ་ཤིས་པར་གྱུར་ཅིག །ཕྱག་ཞབས་ཉ་ཤར་བཀྲ་ཤིས་ཏེ། འཇམ་སྙོམས་ཡིད་འོང་ཀུན་གྱི་དཔལ། །ཉོན་མོངས་གནས་ནས་འདྲེན་མཛད་པ། །ཉ་ཤ་བཀྲ་ཤིས་ཉར་ནི་ཤོག །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །སྡོ་བའི་ཕྱོགས་རྣམས་ཀུན་ལས་ཁྱད་པར་འཕགས། །ཉ་ཤ་བཞི་ལས་མངོན་པར་གསལ་བར་སྟོན། །འདི་ནི་ཉ་ཡི་དབང་གི་བཀྲ་ཤིས་ལེའུ་སྟེ་དགུ་བཅུ་རྩ་གསུམ་པའོ།། །།
སྟོན་པ་ལ། ཉ་བཞི་གསེར་ཉར། དེ་རིང་། འཁོར་བ་ཉམས་ང་མེད་པར་ཤོག །འགྲོ་བའི་དོན་མཛད་ཉམས་ང་མེད་པའི་དབང་ངོ་། །གསང་བའི་བསྟན་པ་རྒྱས་ནས་ནི། །ཡུན་རིང་གནས་པར་འགྱུར་བ་ཡིས། །བཀྲ་ཤིས་རྫས་ཀྱི་དབང་ཐོབ་ཀྱང་། །གནང་བ་ཆེན་པོ་སྦྱིན་པར་བྱ། །དོན་རྣམས་འགྲུབ་པར་གྱུར་ཅིག །ནང་དབང་གི་སྤྱི་ཚིག །དབང་མཆོག་དམ་པའི་བུ་མཆོག་དང་། །དོན་རྣམས་འགྲུབ་པའི་བཀྲ་ཤིས་ཕྱིར། །བདུད་འདུལ་བཀྲ་ཤིས་རྫས་མཆོག་རྣམས། །རྟགས་ཀྱི་བརྒྱན་ཏེ་སྦྱིན་པར་བྱ། །བདེན་པ། ཞེས་འདི་ནི་ནང་དབང་ལའང་རྒྱབ་ཡིག་མཐུན་པའོ། ༈ །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་རི་རབ་རིའི་རྩེ་མོ་རྡོ་རྗེ་རྒྱ་གྲམ་གྱིས་དབང་བསྐུར་བས་ཕྲིན་ལས་འགྲུབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རྡོ་རྗེ་རྒྱ་གྲམ་གྱིས་དབང་བསྐུར་བས་ཕྱོགས་བཅུ་ནས་སྔགས་འཆང་རྣམས་ཀྱིས་རྟག་ཏུ་སྲུང་བར་གྱུར་ཅིག །དོགས་དང་སོམ་ཉི་མེད་པ་ལ། །གཙུག་ཏུ་རྒྱ་གྲམ་དབང་བསྐུར་བས། །རྡོ་རྗེ་འཛིན་པས་རྣམས་ཀྱིས་ཀྱང་། །བསྲུང་བ་མཛད་པ་ཉིད་དུ་ཤོག །ཕྲིན་ལས་ཐོགས་པ་མེད་པ་ཡིས། །བྱ་བ་ནན་ཏན་ཡེ་ཤེས་ལས། །དགོས་པའི་དོན་རྣམས་ཀུན་འགྲུབ་པའི། །འདི་ནི་སྔགས་འཆང་དབང་གི་བཀྲ་ཤིས་ལེའུ་སྟེ་གོ་བཞི་པའོ།། །།
སྔོན་རི་རབ་རིའི་རྩེར་དཔལ་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་དར་གྱི་ཅོད་པན་གྱིས་དབང་བསྐུར་བས་རྡུལ་གྱི་བག་ཆགས་དང་བྲལ་བར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་དར་གྱི་ཅོད་པན་གྱིས་དབང་བསྐུར་བས་སྦྱོར་བ་ཁམས་གསུམ་ན་གནས་ན་ཡང་རྡུལ་གྱིས་བག་ཆགས་དང་བྲལ་བར་གྱུར་ཅིག །བཀྲ་ཤིས་རྟགས་ལྡན་དར་གྱི་ཅོད་པན་འདིས། །དབང་གི་རང་བཞིན་དམར་པོ་འབར་བ་སྟེ། །དབང་བསྐུར་སྤྱི་བོར་རྟགས་པའི་ཡོན་ཏན་གྱིས། །དབང་གི་བཀྲ་ཤིས་དམ་པ་ཐོབ་པར་ཤོག །ཆོས་ཉིད་དར་དང་འདྲ་བར་མཚུངས་པ་ཡིས། །དོན་དམ་ཉིད་དུ་རྟོགས་པ་མངོན་བྱུང་བ། །འདི་ནི་ལེགས་པར་ཆོས་ཉིད་དོན་སྟོན་པ། །འདི་ནི་བྱིན་རླབས་ཆེ་བའི་དབང་གི་བཀྲ་ཤིས་ལེའུ་སྟེ་དགུ་བཅུ་རྩ་ལྔ་པའོ།། །།
སྔོན་རི་རབ་རིའི་རྩེར་དཔལ་ཀུན་རིག་རྣམ་པར་སྣང་མཛད་ཀྱིས། འཁོར་རྣམས་ལ་མཆོད་པ་རྣམ་པ་ལྔས་དབང་བསྐུར་བས ། རྡོ་རྗེ་རྒྱལ་ཐེབས་དང་། ལས་ཀྱི་ཀརྨའི་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་མཆོད་པ་རྫས་ཀྱིས་དབང་བསྐུར་བས་རྡོ་རྗེ་རྒྱལ་ཐེབས་དང་ལས་ཀྱི་ཀརྨ་མཐའ་དག་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཐབས་ཆེན་སྟོབས་ལྡན་མཆོད་ཡོན་དམ་པ་སྟེ། དམིགས་པ་ལྔ་དང་ཏིང་འཛིན་ཆ་དབྱེ་སྟེ། །རྐྱེན་དང་མཚམས་པའི་མཆོད་པ་དམ་པ་འདིས། །ཐམས་ཅད་འབུལ་བའི་སྟོབས་མཆོག་བཀྲ་ཤིས་ཤོག །དྲི་ཆབ་དྲི་བསུངས་མེ་ཏོག་མཛེས་པར་བཀྲམ། །བདུག་སྤོས་ཡིད་ཚིམ་ཨརྒ་བདུད་རྩིའི་ཆུ། །ལྷ་བཤོས་བྲོ་ལྡན་འོད་གསལ་མར་མེ་སྟེ། །འདི་ནི་མཆོད་པ་རྣམ་ལྔ་དབང་གི་བཀྲ་ཤིས་ལེའུ་སྟེ་གོ་དྲུག་པའོ།། །།
སྔོན་རི་རབ་རིའི་རྩེར་དཔལ་ཀུན་རིག་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཉན་པའི་དབང་བསྐུར་བས་གསང་སྔགས་ཀྱི་རྒྱུད་མཐའ་དག་ཉན་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཀ་བ་ལིས་དབང་བསྐུར་བས་གསང་སྔགས་ཀྱི་རྒྱུད་མཐའ་དག་ཉན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གདུང་བ་སེམས་སྐྱེད་དད་པའི་ཤུགས་བྱུང་ནས། །བརྩོན་འགྲུས་ཤུགས་ཀྱིས་ཐམས་ཅད་ཐོབ་པ་དང་། །དད་པའི་ཤུགས་ཀྱིས་ཀུན་ཏུ་ཉན་པ་དང་། །ཤེས་རབ་སྟོབས་ཀྱིས་ཐམས་ཅད་ཤེས་པར་ཤོག །ཤེས་རབ་རྒྱ་ཆེ་ཉན་པའི་ཕྱོགས་མེད་བྱེད། །བདེ་བར་གཤེགས་པའི་བཀའ་ཞེས་རྗེས་སུ་སློབས། །སེམས་དང་ཆོས་ཉིད་གཉིས་སུ་མེད་པ་ཡིས། །འདི་ནི་ཉན་པའི་དབང་གི་བཀྲ་ཤིས་ལེའུ་སྟེ་གོ་བདུན་པའོ།། །།
སྔོན་རི་རབ་རིའི་རྩེར་དཔལ་ཀུན་རིག་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཆགས་ཤིང་གིས་དབང་བསྐུར་བས་ཐེག་པ་མཐའ་དག་འཆད་པའི་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རིན་པོ་ཆེ་ཆགས་ཤིང་གིས་ཆོས་འཆད་པར་དབང་བསྐུར་བས། ཐེག་པ་མཐའ་དག་འཆད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རིན་ཆེན་ཆགས་ཤིང་འགྲོ་བའི་ཁ་ལོ་འདྲེན། །མ་ལུས་ཐར་ལམ་གནས་སུ་འདྲེན་པར་བྱ། །སྐྱེས་མཆོག་དུག་སེལ་སྨན་པའི་རྒྱལ་པོ་སྟེ། །མ་རིག་རྨོངས་པའི་འགྲོ་བ་འདྲེན་པར་ཤོག །གཏི་མུག་རྨོངས་པས་ཤེས་པས་བཀྲོལ་ནས་ཀྱང་། །མ་རིག་ལོག་པར་རྟོག་པ་བཀྲོལ་མཛད་པ། །ཐུགས་རྗེ་ཆེ་བས་ཤེས་པའི་རྒྱུད་འགྲོལ་བའི། །འདི་ནི་ཐེག་པ་སྣ་ཚོགས་འཆད་པའི་དབང་གི་བཀྲ་ཤིས་ལེའུ་སྟེ་དགུ་ཅུ་རྩ་བརྒྱད་པའོ།། །།
སྔོན་རི་རབ་རིའི་རྩེར་དཔལ་ཀུན་རིག་རྣམ་པར་སྣང་མཛད་ཀྱིས་དར་མ་པོ་ཏིས་དབང་བསྐུར་བས་ཆོས་ཀྱི་སྒོ་མོ་ཐམས་ཅད་ལ་མཁས་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་དར་མ་པོ་ཏིས་དབང་བསྐུར་བས་ཆོས་ཀྱི་སྒོ་ཐམས་ཅད་ལ་མཁས་ཤིང་རྟོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གསུང་རབ་པོ་ཏི་ཆོས་ཀྱི་གཟུགས་བརྙན་ཏེ། །ལེགས་པའི་ཡོན་ཏན་མ་ལུས་བསྐྱེད་མཛད་པ། །ཐམས་ཅད་ཀུན་གྱི་དབང་པོས་སྒྲོལ་བའི་ཕྱིར། །ཆོས་རྣམས་ཐམས་ཅད་འཆད་པའི་དབང་ཐོབ་ཤོག །གསུང་རབ་ཆོས་འཆད་པོ་ཏི་གླེགས་བམ་ལ ། །ཆོས་ཉིད་སྒྲ་སྒྲོགས་ཡི་གེ་ཕྲེང་བས་བསྐོར། །བློ་ལ་རབ་འབྲིང་ཇི་ལྟར་འཚམས་པར་སྟོན། །འདི་ནི་དར་མ་པོ་ཏིའི་དབང་གི་བཀྲ་ཤིས་ལེའུ་སྟེ་གོ་དགུ་པའོ།། །།
སྔོན་རི་རབ་རིའི་རྩེར་དཔལ་ཀུན་རིག་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་རྡོ་རྗེ་དྲིལ་བུས་དབང་བསྐུར་བས་ཡེ་ཤེས་ལྔ་དང་ཆོས་ཀྱི་དབྱིངས་ཀྱི་དབང་ཐོབ་ནས། ཆོས་ཀྱི་སྐུ་ཐོབ་ནས་འགྲོ་བའི་དོན་བྱེད་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རྡོ་རྗེ་དྲིལ་བུས་དབང་བསྐུར་བས་ཡེ་ཤེས་ལྔ་དང་ཆོས་ཉིད་ཀྱི་དོན་རྟོགས་ནས་ཆོས་ཀྱི་སྐུ་ཐོབ་ནས་འགྲོ་བའི་དོན་བྱེད་པར་གྱུར་ཅིག །དབྱིངས་དང་ཡེ་ཤེས་གཉིས་མེད་ཆོས་ཀྱི་སྐུ། །འདུ་འབྲལ་མེད་པ་ཆོས་ཀྱི་དབང་མཆོག་སྟེ། །འབྲས་བུ་སྟོབས་ལྡན་ཕྱག་རྒྱ་ཆེན་པོ་སྟེ། །རྡོ་རྗེ་དྲིལ་བུ་འཆང་བའི་དབང་ཐོབ་ཤོག །རིག་པ་ཡེ་ཤེས་རྡོ་རྗེ་རྩེ་ལྔ་པ། །ཡེ་ཤེས་ལྔ་པོ་རྟགས་ཀྱི་ངོ་བོ་ཉིད། །གཡོན་པ་དྲིལ་བུ་གསུང་རབ་རྒྱ་མཚོ་སྒྲོགས། །འདི་ནི་རྡོ་རྗེ་དྲིལ་བུ་འཆང་བའི་དབང་གི་བཀྲ་ཤིས་ལེའུ་སྟེ་བརྒྱ་ཐམ་པའོ།། །།
སྔོན་རི་རབ་རིའི་རྩེར་དཔལ་ཀུན་རིག་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་རིན་པོ་ཆེའི་དབུ་རྒྱན་གྱིས་དབང་བསྐུར་བས་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་མངའ་བརྙེས་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་དབུ་རྒྱན་གྱིས་དབང་བསྐུར་བས་ཆོས་ཀྱི་རྒྱལ་སྲིད་ལ་མངའ་བརྙེས་པར་གྱུར་ཅིག །མྱ་ངན་འདས་པ་ཐུགས་རྗེའི་དཔལ། །རིན་ཆེན་དབུ་རྒྱན་ཆོས་ཀྱི་རྒྱལ། །དབང་དང་བྱིན་རླབས་སྦྱིན་རླབས་སྦྱིན་པའི་ཕྱིར། །ཆོས་ཀྱི་རྒྱལ་སྲིད་བྱེད་པར་ཤོག །རིན་ཆེན་སྣ་ཚོགས་མཛེས་པའི་དབུ་རྒྱན་མཆོག །ལེགས་པར་ཀུན་སྐྱོབས་ཆོས་ཀྱི་རྒྱལ་སྲིད་བྱེད་པའི་མཐུ། །ཕྱག་རྒྱ་རིགས་ལྔ་མཐུ་དང་ལྡན་བྱེད་པའི། །འདི་ན་རིན་པོ་ཆེ་དབུ་རྒྱན་གྱི་དབང་གི་བཀྲ་ཤིས་ལེའུ་སྟེ་བརྒྱ་དང་གཅིག་པའོ།། །།
སྔོན་རི་རབ་རིའི་རྩེར་དཔལ་ཀུན་རིག་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་རིན་པོ་ཆེའི་དཔུང་རྒྱན་གྱིས་དབང་བསྐུར་བས་མི་འཇིགས་པ་བཞི་ལ་མངའ་བརྙེས་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་དཔུང་རྒྱན་གྱིས་དབང་བསྐུར་བས་མི་འཇིགས་པ་བཞི་ལ་མངའ་བརྙེས་པར་གྱུར་ཅིག །མི་འཇིགས་ཕས་ཀྱི་བསྡོ་བ་ཐུབ་པ་དང་། །མཛེས་པའི་རྒྱན་མཆོག་བཀྲ་ཤིས་ཐུབ་པ་ཡིས། །མངའ་མཛེས་ཕུང་པོ་རྟགས་ཀྱི་དམ་པ་སྟེ། །རྒྱན་མཆོག་དམ་པ་སྟོན་པའི་དབང་ཐོབ་ཤོག །རིན་ཆེན་དཔུང་རྒྱན་ཤ་རུ་རའི་རྒྱན་གྱིས་བརྒྱན། །ཆོས་ཉིད་དོན་རྟོགས་མཐུན་པ་བསྟན་པའི་ཕྱིར། །དགོས་པ་ཏིང་འཛིན་ལེགས་པར་དབང་བསྐུར་བས། །འདི་ནི་དཔུང་རྒྱན་གྱི་དབང་གི་བཀྲ་ཤིས་ལེའུ་སྟེ་བརྒྱ་དང་གཉིས་པའོ།། །།
སྔོན་རི་རབ་རིའི་རྩེར་དཔལ་ཀུན་རིག་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཞབས་གདུབ་ཀྱིས་དབང་བསྐུར་བས། སྟོབས་བཅུ་ལ་མངའ་བརྙེས་པའི་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཞབས་གདུབ་ཀྱིས་དབང་བསྐུར་བས་སྟོབས་བཅུ་ལ་མངའ་བརྙེས་པར་གྱུར་ཅིག །རྒྱན་གྱི་བྱེ་བྲག་རྒྱལ་པོའི་ཚུལ། །རྡོ་རྗེ་ཞབས་ཀྱི་ཆས་རབ་འདིས། །ཁྱོད་ཀྱིས་ཞབས་ལ་དབང་བསྐུར་བས། །འགྲོ་བའི་དོན་ལ་ཆག་པར་ཤོག །རིན་ཆེན་ཞབས་གདུབ་དམ་པ་འདིས། །ལེགས་པར་མཛེས་པའི་ཡོན་ཏན་གྱིས། །ངེས་པར་མཛད་པའི་ཡོན་ཏན་གྲུབ། །འདི་ནི་ཞབས་གདུབ་དབང་གི་བཀྲ་ཤིས་ལེའུ་སྟེ་བརྒྱ་དང་གསུམ་པའོ།། །།
སྔོན་རི་རབ་རིའི་རྩེར་དཔལ་ཀུན་རིག་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་ཕྱག་གདུབ་ཀྱིས་དབང་བསྐུར་བས་ཚུལ་ཁྲིམས་རྣམ་པར་དག་པའི་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་ཕྱག་གདུབ་ཀྱིས་དབང་བསྐུར་བས་ཚུལ་ཁྲིམས་རྣམ་པར་དག་པའི་དབང་ཐོབ་པར་གྱུར་ཅིག །བསིལ་སྙན་མཛད་པའི་རྒྱན་ལགས་ཏེ། །ཡིད་གཉེན་པ་ཡི་ཕྱག་གདུབ་འདི། །འབྲས་བུ་ཐོབ་པའི་དབང་མཆོག་སྟེ། །འགྲོ་བའི་ཡིད་འོང་དབང་མཆོག་ཐོབ་པར་ཤོག །རིན་ཆེན་ཕྱག་གདུབ་དམ་པ་འདིས། །ངེས་པར་ལེགས་པའི་ཡོན་ཏན་འགྲུབ། །འདི་ནི་ཕྱག་གདུབ་དབང་གི་བཀྲ་ཤིས་ལེའུ་སྟེ་བརྒྱ་དང་བཞི་པའོ།། །།
སྔོན་རི་རབ་རིའི་རྩེར་དཔལ་ཀུན་རིག་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་རིན་ཆེན་ཕྲེང་བའི་དོ་ཤལ་གྱིས་དབང་བསྐུར་བས། ཆེ་བའི་ཡོན་ཏན་ཐམས་ཅད་རྒྱས་པ་ལ་མངའ་བརྙེས་པའི་དབང་དམ་པ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རིན་པོ་ཆེ་དོ་ཤལ་གྱི་དབང་བསྐུར་བ་ཆེ་བའི་ཡོན་ཏན་ཐམས་ཅད་རྒྱས་པའི་དབང་ཐོབ་པར་གྱུར་ཅིག །རིན་ཆེན་ཕྲེང་བས་འགྲོ་བའི་རེ་བ་བསྐོངས། །ཕྲེང་བ་དོ་ཤལ་འགྲོ་བའི་དོན་མཛད་པ། །སྐུ་ཡི་རྒྱན་མཆོག་ཡོན་ཏན་སྐུ་ལ་བརྒྱན། །ཕྲེང་ཐག་མ་ཆད་རྒྱན་ཆད་མི་མཛད་པ། །འདི་ནི་ཕྲེང་བའི་དབང་གི་བཀྲ་ཤིས་ལེའུ་སྟེ་བརྒྱ་དང་ལྔ་པའོ།། །།
སྔོན་རི་རབ་རིའི་རྩེར་དཔལ་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་དར་དཔྱངས་ཀྱིས་དབང་བསྐུལ་བས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ་དབང་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་དར་དཔྱངས་ཀྱིས་དབང་བསྐུར་བས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ལ་དབང་བསྒྱུར་བར་གྱུར་ཅིག །དར་དཔྱངས་གྱེན་དུ་འཕུར་བ་ནི། ཆོས་ཀྱི་སྐུ་དང་གཉིས་སུ་མེད། །འཕྲེད་དང་མཐུར་གཉིས་སྐུ་གཉིས་ཏེ། །ལོངས་སྤྱོད་རྫོགས་དང་སྤྲུལ་སྐུ་ཐོབ་པར་ཤོག །དམར་པོ་གཡས་ཕུར་ཆོས་ཉིད་གྱེན་དུ་རྟོགས། །སྔོན་པོ་འཕྲེད་ཕུར་ཕྲིན་ལས་རྣམ་བཞི་མཛད། །མཐིང་ཁ་དམར་ཕྱང་ཀླུ་གདུག་ཟིལ་གྱིས་གནོན། །འདི་ནི་དར་དཔྱངས་དབང་གི་བཀྲ་ཤིས་ལེའུ་སྟེ་བརྒྱ་དང་དྲུག་པའོ།། །།
སྔོན་རི་རབ་རིའི་རྩེར་དཔལ་རྣམ་པར་སྣང་མཛད་ཀྱིས་འཁོར་རྣམས་ལ་རྡོ་རྗེ་མིང་གིས་དབང་བསྐུར་བས་རིག་པ་ངེས་པའི་སྲས་སུ་གྱུར་ནས་རྡོ་རྗེ་འཆང་གི་གྲལ་ཐོབ་པར་གྱུར་ཏོ། །དེ་དང་རྗེས་སུ་མཐུན་པར་རྡོ་རྗེ་མིང་གིས་དབང་བསྐུར་བས་མི་འགྱུར་བའི་དབང་གིས་དབང་ཐོབ་པར་གྱུར་ཅིག །རྡོ་རྗེ་མིང་མཆོག་མཁས་པའི་དཔལ་ལས་གྲགས། །ཐུགས་ལ་གསུང་དུ་བྱུང་ནས་བཏགས་པ་འདིས། །དག་ཅིང་ཚུལ་བཞིན་ཡིད་ལ་བསྐུར་བ་ཡིས། །ཐམས་ཅད་སྟོན་པའི་མིང་མཆོག་ཐོབ་པར་ཤོག །སྟོན་པའི་ཐུགས་རྗེ་ངེས་པའི་མིང་བཏགས་པ། །ཐུགས་ཀྱི་ངང་ནས་ངེས་པའི་སྲས་སུ་མཛད། །རྡོ་རྗེ་འཆང་གི་དབང་ཐོབ་མིང་གི་དབང་། །འདི་ནི་རྡོ་རྗེ་མིང་གི་དབང་གི་བཀྲ་ཤིས་ལེའུ་སྟེ་བརྒྱ་དང་བདུན་པའོ།། །།
འདིར་མིང་ཡིག་ཡོད་ན་མིང་བཏགས། མིང་ཡིག་མེད་ན། ཕོ་རྡོ་རྗེ་དང་། མོ་རྡོ་རྗེ་མའོ། །མོ་རྣལ་འབྱོར་དང་། མོ་རྣལ་འབྱོར་མའོ། །སྔོན་རི་རབ་རི་ཡི་རྩེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་འགྲུབ་པ་ལ་རིགས་བཞིའི་སངས་རྒྱས་ཀྱིས་མངོན་པར་ཤེས་པ་ལྔས་དབང་བསྐུར་བས། འབྲས་བུ་རི་རབ་རིའི་རྩེ་མོར་རིན་པོ་ཆེའི་ཁང་པར་རྣམ་པར་སྣང་མཛད་ལ་རྡོ་རྗེ་དབྱིངས་སུ་མངོན་པར་བྱང་ཆུབ་པ་ལྔས་དབང་བསྐུར་བས། འབྲས་བུ་རི་རབ་རྩེར་མངོན་པར་སངས་རྒྱས་པར་གྱུར་ཅིག །མངོན་ཤེས་ལྔ་ལྡན་འབྲས་བུ་ས་བཅུ་འདས། །ཡི་གེ་འཁོར་ལོ་རྫོགས་པ་ཆེ་ལ་གནས། །འབྲས་བུ་དམ་པ་སངས་རྒྱས་ཏེ། །ལོངས་སྤྱོད་རྫོགས་པའི་དབང་མཆོག་ཐོབ་པར་ཤོག །དབང་མཆོག་ཐམས་ཅད་ཡོངས་སུ་རྫོགས་པ་ཡི། །འབྲས་བུ་ཆོས་རྣམས་ཐམས་ཅད་མ་ལུས་ཐོབ་པ་སྟེ། །རྡོ་རྗེ་རྒྱལ་པོའི་དབང་མཆོག་དེར་རྫོགས་པས། །འདི་ནི་ཕྱི་དབང་རྫོགས་པའི་དབང་གི་ལེའུ་སྟེ་བརྒྱ་དང་བརྒྱད་པ་རྫོགས་སོ།། །།ཡོ་གའི་དབང་དྲུག་ཅུ་རྩ་གཉིས་པོ་ལགས་སོ། །ཙིཏྟ་པྲ་ཏི། བཻ་རོ་ཙ་ན། ཡཱ་ཏ་ཙིཏྟ། ཏ་ཐཱ་ཙིཏྟ། ཨ་ཧཾ་ཙིཏྟ། ཐ་མ་འདི་ཡི་ཙ་ཀ་ལ་སྟོང་ཉིད་གྲུ་གསུམ་དཀྱིལ་ན་ཨེ་དང་། ཟླ་བ་ཕྱེད། ཡི་གེ་ཧཱུྃ། རྡོ་རྗེ་རྣམ་སྣང་ཞལ་གཅིག །ཆོས་འཆད་ཕྱག་རྒྱ་རྣམས་བྱང་ཆུབ་ལྔའོ། །ༀ་ཧཱུྃ་ཏྲཾ་ཧྲཱི་ཨ་ནི་མངོན་ཤེས་ལྔའོ། །ས་སེར་པོ་རྡོ་རྗེ་རྒྱལ་པོའི་གདན་ནོ། །ཕྱི་དབང་བརྒྱ་རྩ་བརྒྱད་པ་རྫོགས་སོ།། །།
ཡོ་ག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་འདི་ནི་ཀུན་བྱེད་དུ་སེམས་དཔའི་རྣལ་འབྱོར་ཅེས་གསུང་། ད་ནི་ཀུན་འདུས་དབང་དོན་གྱི་དབང་བཅུ་ལའང་སེམས་པའི་རྣལ་འབྱོར་ཡོ་ག་རྡོ་རྗེ་དབྱིངས་ཞེས་བྱ་སྟེ། བཀའ་ཡི་ཆད་མདོ་ལས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། །སློབ་མའི་དམ་པ་བྷི་མ་མི་ཏྲ་ཡིས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །རྡོ་རྗེ་དབྱིངས་ཀྱི་བསྲུངས་མ་འཁོར་བཅས་ཀྱིས། །ཞེས་དང་། ཀེའུ་རི་དམར་བརྒྱད་ལྷག་མ་དང་། བླ་མའི་རྒྱུད་ཅེས་དང་། ཆོས་འབྱུང་དུ་རྒྱུད་སྡེ་ལྔར་གསུངས་པ་འདོད་དེ། བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་། རྣལ་འབྱོར་བླ་མེད་དང་ལྔར་བྷི་བ་པ་བཞེད། ཅེས་གསུངས་པ་དང་མཐུན་ནོ། །ཡང་སྤྱན་རས་གཟིགས་ཀྱི་དྲི་མེད་འོད་དུ་གསལ་བའི་དཀྱིལ་འཁོར་ལ་འཇིག་རྟེན་གྱི་དམོད་པ་ཡོངས་སུ་སྤངས་པའི་སླད་དུ་ལྷའི་གཟུགས་བརྙན་ནི་བྲི་བར་མི་བྱའོ། །བདག་པོའི་ས་བོན་དགོད་ཅེས་ཏེ། གསང་བ་མ་ཧཱ་ཡོ་ག་དང་། གསང་བ་རྣལ་འབྱོར་བླ་མེད་ཅེས་སྟོན་པའོ། །དེ་ནས་ཕྱི་དབང་འདིས་ཐབས་ཤེས་ཐ་དད་དུ་བྲིས་པ་དང་མཐུན་ནོ། །རྣལ་འབྱོར་བླ་མེད་ལ་གསུམ་སྟེ། དཔེ་ཆུང་རང་གནས་ལ། ཐབས་དང་ཤེས་རབ་མ་ནིང་རྒྱུད། །བསྟན་པའི་ཡིག་ལམ་རྐྱེན་དུ་འདོད། །ཅེས་མ་ནིང་གིས་རྒྱུད་དམ་ཐབས་ཤེས་རབ་གཉིས་ཀྱི་རྒྱུད་གསང་མཆོག་ཨ་ཏི་ཡོ་ག །ཤེས་རབ་མ་རྒྱུད་གསང་ཆེན་ཨ་ནུ་ཡོ་ག །ཐབས་ཕ་རྒྱུད་དམ་གསང་བ་མ་ཧཱ་ཡོ་ག་དང་གསང་བ་རྣལ་འབྱོར་བླ་མེད་ཅེས་སྟོན་པའོ། །སེམས་པའི་རྣལ་འབྱོར་ཡོ་ག་དང་བཞི་ལས། ཀུན་བྱེད་རྒྱལ་པོ་ལས། རྣལ་འབྱོར་བཞིར་བཤད། ཡང་རྒྱུད་བདུན་ལ་རྟོག་པའི་རྒྱུད་བྱང་སེམས་དང་། བྱ་བའི་རྒྱུད་ཀྲི་ཡ་དང་། སྤྱོད་པའི་རྒྱུད་ཨུ་པ་ཡ་དང་། རྣལ་འབྱོར་རྒྱུད་ཡོ་ག་དང་། ཕ་རྒྱུད། མ་རྒྱུད། གཉིས་མེད་རྒྱུད་རྣམས་སོ། །བླ་མེད་ཐེག་པ་ནི། བྱ་སྤྱོད་རྣལ་འབྱོར་བླ་མེད་བཞི་ཀ་རྡོ་རྗེ་ཐེག་པའོ། །ཕྱི་དབང་གི་ཙ་ཀའི་རྒྱབ་ཡིག །མ་སྐྱེས་རྡོ་རྗེ་ཐབས་ལ་རོལ། །དོན་དམ་དབྱེར་མེད་རོལ་མཛད་པ། །ཐབས་དང་ཤེས་རབ་བྱང་ཆུབ་སེམས། །རྡོ་རྗེ་སེམས་དཔའ་བདག་ལ་དགོངས། །རྣམ་ཤེས་ཕུང་པོ་སངས་རྒྱས་པས། །རྡོ་རྗེའི་རིགས་སུ་ལྷུན་གྱིས་གྲུབ། །སངས་རྒྱས་ཀུན་གྱི་ཐུགས་ཡིན་པས ། །རྡོ་རྗེ་སེམས་དཔའི་དབང་མཆོག་ཁྱོད་ལ་སྦྱིན། །འབྱུང་བ་ནམ་མཁའ་སངས་རྒྱས་པས། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །རྡོ་རྗེ་རིགས་ཀྱི་ཡུམ་ཡིན་པས། །ཀུན་ཏུ་བཟང་མོའི་དབང་མཆོག་སྦྱིན། །ཨ་བྷི་ཥིཉྩ་ཧཱུྃ། ཐེག་དྲུག་སྐབས་སྦྱར་འདིས་ལྷ་མིའི་གོང་དུའང་མཛད། བཤད་ཁུངས་སོ། །དང་པོ་རྒྱལ་པོ་བཀའ་རྟགས་ཕྱག་རྒྱའི་དབང་། །ཞེས་ཏེ། ཀུན་གྱིས་འདའ་བར་དཀའ་བ་ཡི། །ཚིག་བཙན་ཡུལ་ལ་དབང་བསྒྱུར་བའི། །རྒྱལ་པོ་བཀའ་རྟགས་ཕྱག་རྒྱའི་དབང་། །སྐུ་ལྔ་ཡོངས་སུ་རྫོགས་པར་འགྱུར། །ཅེས་དང་། རས་སམ། འབུར་རམ། ལུགས་སུ་བླུགས་པ་ཡི། ཕྱག་རྒྱ་གཟུགས་བརྙན་དེའི་སྤྱི་བོར་བཞག །ཅེས་དང་། ཡོ་ག་ལ་སོགས་ཐེག་དྲུག་ལ། །ཕྱི་དབང་རྒྱུད་ཀྱི་ཆུ་བོ་བྱ། །ཞེས་པས། བདེན་པ་འགྲེ། རིགས་ཀྱི་ཁྱོད་ལ་ཕྱག་རྒྱ་ཆེ་གེ་མོའམ་སུམ་ཅུ་རྩ་གསུམ་རང་ས་ཐ་དད་ཀྱིས་དབང་བསྐུར་བས་སྐུ་ལྔ་ཡོངས་སུ་རྫོགས་པའི་དབང་ཐོབ་པར་གྱུར་ཅིག །ཡང་ལྷ་མིའི་གཟུགས་སྐུ། ཉན་རང་གི་ཆོས་སྐུ་དང་གཟུགས་སྐུ། བྱང་སེམས་རྣལ་འབྱོར་སྤྱོད་པའི་དབུ་མ་དང་། མདོ་སྡེ་སྤྱོད་པའི་དབུ་མ་ནི། ཆོས་ལོངས་སྤྱོད་སྤྲུལ་པའི་སྐུ་གསུམ། ཕྱི་རྒྱུད་རྡོ་རྗེའི་སྐུའམ་ངོ་བོ་ཉིད་སྐུ་དང་བཞི། ཕྱི་དབང་དུས་མངོན་པར་བྱང་ཆུབ་པའི་སྐུ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་དང་སྐུ་ལྔའོ། །ཞར་ལ་ནང་དབང་སྐབས་ན། རང་བདེ་བ་ཆེན་པོ། གསང་དབང་། རང་གཞན་བདེ་བ་ཆེན་པོ། བསྒྲུབ་དབང་ཐམས་ཅད་བདེ་བ་ཆེན་པོའི་སྐུ་ནི་སྐུ་དྲུག་པ་ཁྱད་པར་འཕགས་པའོ། །དེ་ལ་མ་ཧཱ་ཨ་ནུ་ཨ་ཏི་ལྷ་ཟུང་འབྲེལ་ལོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ནི། །འཇོམས་བྱེད་རྡོ་རྗེ་རང་སྣང་བར། །རྡོ་རྗེ་སེམས་དཔའི་བདག་ཉིད་ཆེ། །མི་ཕྱེད་རྡོ་རྗེའི་དབང་ཐོབ་ཤོག །སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེའི་རིགས་རྡོ་རྗེ་སེམས་དཔའི་ཕྱག་མཚན་རྡོ་རྗེས་དབང་བསྐུར་བས་སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་དབང་ཐོབ་པར་གྱུར་ཅིག །ༀ་མ་ཧཱ་ཤུ་ནྱེ་ཏ་ཛྙ་ན་བཛྲ་སྭཱ་བྷ་བ་ཨད་མ་ཀོ྅་ཧཾ། ཨ་བྷི་ཥིཉྩ་ཧཱུྃ། དེ་ཡང་ཕྱི་ཡོ་ག་དམར་ཆད་ལྟར་མེ་ལོང་ལྟ་བུ་དེ་གཙོ་བོར་བྱས། སྔགས་ནང་ལྟར་སྟོང་པ་ཉིད་གཙོ་བོར་བྱས། ཕྱི་དབང་དང་པོ་ཕྱག་རྒྱའི་ལྷ་དབང་། ཕྱི་དབང་གཉིས་པ་ཕྱག་མཚན་གྱི་དབང་ངོ་། །མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས། །འཁོར་ལོ་ཆེན་པོ་རང་སྣང་བས། །རྣམ་པར་སྣང་མཛད་བདག་ཉིད་ཆེ། །ཆོས་ཀྱི་འཁོར་ལོས་ཁྱོད་དབང་བསྐུར། །སྐལ་ལྡན་ཁྱོད་ལ་དེ་བཞིན་གཤེགས་པའི་རིགས། རྣམ་པར་སྣང་མཛད་ཀྱིས་ཕྱག་མཚན་གསེར་གྱི་འཁོར་ལོས་དབང་བསྐུར་བས་མེ་ལོང་ལྟ་བུའི་ཡེ་ཤེས་རྣམ་པར་སྣང་མཛད་ཀྱིས་སྐུ་གསུང་གི་དབང་ཐོབ་པར་གྱུར་ཅིག །ཨ་ཏ་རི་ཤ །མཉམ་པ་ཉིད་ཀྱི་ཡེ་ཤེས་ཉིད། །ཡིད་གཞིན་ནོར་བུར་རང་སྣང་བས། །རིན་ཆེན་འབྱུང་ལྡན་བདག་ཉིད་དེ། །དགོས་འདོད་སྦྱིན་པའི་དབང་ཐོབ་ཤོག །སྐལ་ལྡན་ཁྱོད་ལ་རིན་པོ་ཆེའི་རིགས་རིན་ཆེན་འབྱུང་ལྡན་གྱིས་ཕྱག་མཚན་རིན་པོ་ཆེས་དབང་བསྐུར་བས་མཉམ་པ་ཉིད་ཀྱི་ཡེ་ཤེས་རིན་ཆེན་འབྱུང་ལྡན་གྱི་དབང་ཐོབ་པར་གྱུར་ཅིག །ས་མན་ཏ་ཛྙཱ་ན། སོ་སོར་རྟོག་པའི་ཡེ་ཤེས་ཉིད། །བག་ཆགས་མེད་པར་རང་སྣང་བས། །སྣང་བ་མཐའ་ཡས་བདག་ཉིད་དེ། །སྤྱོད་བཞིན་མ་ཆགས་དབང་ཐོབ་ཤོག །བདེན། སྐལ་ལྡན་ཁྱོད་ལ་པདྨའི་རིགས་ཀྱི་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་ཕྱག་མཚན་པདྨས་དབང་བསྐུར་བས། གསུང་གི་རང་བཞིན་སྣང་བ་མཐའ་ཡས་ཀྱི་སྐུ་གསུང་ཐུགས་ཀྱི་དབང་ཐོབ་པར་གྱུར་ཅིག །པྲ་ཏ་བྷེ་ཥ། བྱ་བ་གྲུབ་པའི་ཡེ་ཤེས་ཉིད། །རལ་གྲི་དངོས་པོར་རང་སྣང་བ། །དོན་ཡོད་གྲུབ་པའི་ངོ་བོ་སྟེ། །སྒྲིབ་པ་གཅོད་པའི་དབང་ཐོབ་ཤོག །བདེན། སྐལ་ལྡན་ཁྱོད་ལ་ལས་ཀྱི་རིགས་དོན་ཡོད་གྲུབ་པའི་ཕྱག་མཚན་རལ་གྲིས་དབང་བསྐུར་བས། ཕྲིན་ལས་དོན་ཡོད་གྲུབ་པའི་སྐུ་གསུང་ཐུགས་ཀྱི་སྒྲིབ་པ་གཅོད་པའི་དབང་ཐོབ་པར་གྱུར་ཅིག །ༀ་མ་ཧཱ་ཀྲི་ཏ་ཨ་ནུ་སྟ་ན། ཨ་བྷི་ཥིཉྩ་ཧཱུྃ། རིགས་ཀྱི་ཕྱག་རྒྱའི་རང་སྙིང་ལས། སོ་སོའི་རབ་གནས་ལྡན་པར་སྦྱིན། །རིགས་རྣམས་སོ་སོའི་བརྒྱུད་འཛིན་ཅིང་། །རྟགས་ཀྱི་ཕྱག་རྒྱ་ཆེན་པོའི་དབང་། །སྦྱོར་བ་ཆེན་པོས་ཕྱག་མཚལ་ཏེ། །དམ་ཚིག་ཕྱག་རྒྱར་རྫོགས་པར་འགྱུར། །སྨོན་ལམ་རྗེས་སུ་མཐུན་པར་སྦྱར། །རོལ་མོའི་སྒྲ་ཡང་དེ་བཞིན་ནོ། །ཞེས་སྟེ། བདེན་པ། ཕྱག་མཚན་ལྔས་དབང་བསྐུར་བས་རིགས་ལྔ་ཡེ་ཤེས་ལྔའི་དབང་ཐོབ་པར་གྱུར་ཅིག །རྒྱལ་པོ་ཕྱག་རྒྱ་མཆོག་གི་རྒྱ། །ཕྱག་རྒྱའི་དབང་མཆོག་མི་འདའ་བ། །ཡེ་ཤེས་ལྔ་དང་རིགས་ལྔའི་དབང་། །དབང་གཉིས་རྫོགས་པའི་བཀྲ་ཤིས་ཏེ་ཞེ་བདུན་པའོ། །གསུམ་པ་ཤེས་རབ་གཟུང་མའི་དབང་ནི། ཀུན་འདུས་ལས། ཤེས་རབ་གཟུངས་ཀྱི་དབང་མཆོག་ནི། །རྟོགས་དང་ལྡན་པར་གྱུར་པ་ཡིས། །མཐའ་གཉིས་དོན་དུ་མི་རྟོགས་པའི། །གཟུངས་མའི་རྒྱལ་མོ་ཆེན་མོ་ཡིས། །གཟུངས་ཀྱི་དབང་མཆོག་ཁྱོད་ལ་སྦྱིན། །དོན་དམ་རང་བཞིན་སྤྲོས་དང་བྲལ། །དྲི་མེད་རང་བཞིན་རྣམ་དག་བྱང་ཆུབ་སེམས། །ཅིས་ཀྱང་དགོས་མེད་རིག་པའི་དབང་། །སྐལ་ལྡན་རྣལ་འབྱོར་ཁྱོད་ལ་སྦྱིན། །ཀུན་འདུས་ལས། གཉིས་མེད་ཡོངས་སུ་རྫོགས་པས་ན། །ཐམས་ཅད་བདེ་བ་ཆེན་པོའི་ངང་། །བྱང་ཆུབ་སེམས་དང་དོན་དུ་འབྲེལ། །ཤེས་རབ་ཆེན་པོའི་རྫོགས་དབང་སྦྱིན། །དྲིལ་བུ་འམ་ཕྱག་རྒྱ་མ་ཉིད་གཏད་དོ། །བདེན་རིགས། གཟུངས་མའི་དབང་བསྐུར་བས། རང་འོད་ཀྱི་རིག་མ་ཡིད་ཀྱི་ཡུམ་ཡེ་ཤེས་ཀྱི་ཕྱག་རྒྱ་དང་དངོས་ཀྱི་ཕྱག་རྒྱ་ལས་ཀྱི་ཕྱག་རྒྱ་གཉིས་སུ་མེད་པ་བདེ་བ་ཆེན་པོས་ཕྱག་རྒྱ་ཆེན་མོའི་ཡུམ་གྱིས་ཐབས་ཀྱིས་མཐའ་གཉིས་མི་རྟོག་པ་དང་དོན་དམ་བྱང་ཆུབ་སེམས་དང་རྫོགས་པ་ཆེན་པོའི་སྤྱོད་པ་ལ་འཇུག་པའི་དབང་ཐོབ་པར་གྱུར་ཅིག །གཉིས་པ་བཀྲ་ཤིས་བུམ་པའི་དབང་ངོ་། །བཀྲ་ཤིས་ཆེན་པོའི་བུམ་དབང་འདིས། །བདེ་གཤེགས་བཞུགས་པའི་ཕོ་བྲང་སྟེ། །དཀྱིལ་འཁོར་རྫོགས་པར་གྱུར་པ་ཡིས། །དབང་མཆོག་དེ་ཡང་སྦྱིན་པར་བྱ། །བསྐུར་བས་དཀྱིལ་འཁོར་རྫོགས་པའི་དབང་ཐོབ་པར་གྱུར་ཅིག །ༀ་བཛྲ་ཀ་ལ་ཤ་ཨ་བྷི་ཤེ་ཀ་ཧཱུྃ། དེས་འགྲེ། བྷུདྡྷ་ༀ། རཏྣ་ཏྲཾ། པདྨ་ཧྲིཿ ༀ་ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨ། བདེན་པ། ཆེ་གེ་མོ་ལ་བུམ་པས་དབང་བསྐུར་བས་ཕྱི་ནང་གི་སྒྲིབ་པ་མ་ལུས་པ་དག་ནས་དཀྱིལ་འཁོར་རྫོགས་པར་གྱུར་ཅིག །སྤྲོས་མེད་སྤྲོས་བྲལ་ཆོས་ཀྱི་དབྱིངས། །བུམ་པ་ཟླུམ་པོ་ཡུམ་གྱི་གཏེར། །ཕན་བྱེད་སྨན་པའི་མཆོག་ཡིན་ཏེ། །འགྲོ་བའི་ནད་སེལ་བཀྲ་ཤིས་ཤོག །ལྔ་ཅུ་རྩ་བརྒྱད་པའོ། །གསང་བའི་བསྟན་པ་རྒྱས་ནས་ནི། །ཡུན་རིང་གནས་པར་གྱུར་པ་ཡིས། །བཀྲ་ཤིས་རྫས་ཀྱིས་དབང་མཆོག་ཀྱང་། །གནང་བ་ཆེན་པོ་སྦྱིན་པར་བྱ། །བདེན། བཀྲ་ཤིས་པའི་རྫས་ཀྱིས་དབང་བསྐུར་བས་འཕགས་པའི་ལམ་ཡན་ལག་བརྒྱད་པོ་ཐོབ་པ་ལ་དབང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཀྲ་ཤིས་ལ་སྨོན་ལམ་རྒྱུད་དང་ཕྱི་དབང་གི་ལུགས་གཉིས་གདབ། ཏིང་འཛིན་དུར་བས་བསོད་ནམས་ཀུན་ཏུ་འཕེལ། །ཇི་ལྟར་དྲང་སྲོང་ཆེན་པོ་ཨ་ཀ་ཏས། །བྱིན་གྱིས་བརླབས་པའི་རྩ་མཆོག་དུར་བ་འདིས། །རེག་པས་ནད་རྣམས་ཐམས་ཅད་བསལ་གྱུར་ནས། །ནད་ཀྱིས་གདུང་བ་ཀུན་ལས་རྒྱལ་བར་ཤོག །བདེན་པ། དུར་བས་དགེ་བའི་རྩ་བ་གགས་མེད་པའི་དབང་ཐོབ་ནས་བཀྲ་ཤིས་པ། དུར་བས་ཚེ་ནི་འཕེལ་བར་བྱེད་པ་སྟེ། རྡོ་རྗེའི་ཚེ་ནི་རབ་གྲུབ་པས། །སྐྱེ་ཤིའི་སྡུག་བསྔལ་རྒྱུན་བཅད་དེ། །དུར་བའི་བཀྲ་ཤིས་དེ་ནི་ཚེ་བརྟན་ཤོག །ཡང་དག་ལས་ཀྱི་མཐའ་ནི་ཆགས་ཤིང་རལ་གྲིས་འཛིན། །རྡོ་རྗེ་དང་ནི་རིན་ཆེན་ཆུ་སྐྱེས་དང་། །དེ་བཞིན་ལས་ཀྱི་རིགས་ཀྱི་དབང་བསྐུར་བའི། །ཁ་དོག་བཟང་མཛེས་ལི་ཁྲི་འདིས། །ལྷ་མིའི་འདོད་ཡོན་དབང་དུ་འདུས་པར་ཤོག །བདེན་པ། ལི་ཁྲིས་དབང་བསྐུར་བས་ལྷ་མི་མང་པོ་དབང་འདུས་ནས་བཀྲ་ཤིས་ཀྱི་འདྲེ། ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་ཀུན་མ་ལུས་དབང་དུ་གྱུར་པ་སྟེ། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པ། །ལི་ཁྲིའི་བཀྲ་ཤིས་དེས་ཀྱང་བརྟན་གྱུར་ཤོག །ཡང་དག་ལྟ་བས་བདེན་གཉིས་མེ་ལོང་སྟོན། །དེ་གྲུབ་དེ་ཐོབ་དེ་ལས་འདའ་མི་མཛད། །ཆོས་རྣམས་སྒྱུ་མ་ལྟ་བུ་སྟེ། །རང་བཞིན་དག་པས་ཡ་མ་བརླར་ཤེས་ན། །གཏི་མུག་མུན་པའི་བག་ཆགས་བསྲེག་སྦྱངས་ཏེ། །མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་པར་ཤོག །བདེན་པ། མེ་ལོང་གིས་དབང་བསྐུར་བས་ཆོས་ཀུན་སྒྱུ་མ་བཞིན་དུ་རབ་ཏུ་སྣང་ཞིང་དག་པར་རྟོགས་ནས་བཀྲ་ཤིས་པའི་དབང་ཐོབ་པར་གྱུར་ཅིག །མེ་ལོང་ཡེ་ཤེས་ཆེན་པོའི་གཟུགས་བརྙན་ཏེ། །ཡེ་ཤེས་རྒྱ་མཚོ་བདག་ཉིད་མཆོག་གྱུར་ནས། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱད་པས། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །ཡང་དག་ངག་གི་སྒྲ་སྐད་ཚངས་པ་ཡིས། །ཇི་ལྟར་ན་ར་ཡ་ནར་ལྷ་ཆེན་གྱིས། །དུང་སྒྲ་བསྒྲག་ནས་རིམས་ནད་སེལ་བ་ལྟར། །དམ་ཆོས་བདུད་རྩི་དུང་གིས་སྒྲ་བསྒྲག་པས། །ནད་ཀྱིས་གདུང་བ་ཀུན་ལས་རྒྱལ་བར་ཤོག །བདེན་པ། དུང་གིས་དབང་བསྐུར་བས་འཇིག་རྟེན་གསུམ་དུ་ཆོས་སྒྲ་སྒྲོགས་ཤིང་བཀྲ་ཤིས་པའི་དབང་ཐོབ་པར་གྱུར་ཅིག །དུང་གི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡོན་ཏན་རྒྱ་མཚོའི་བདག་ཉིད་མཆོག་གྱུར་ནས། །རྣམ་དག་ཆོས་ལ་ཐོགས་མེད་སྤྱོད་པ་ཡི། །བཀྲ་ཤིས་དེ་ནི་ཚིག་ལ་ལོངས་སྤྱོད་ཤོག །ཤེས་བཅུ་སྲོག་གི་དབང་པོ་ཐོབ་ནས་ནི། །ཡང་དག་དྲན་པ་གྷི་ཧཾ་ནད་གསོབ་མཛད ། །ཇི་ལྟར་གྷི་ཧཾ་ཁྱུ་མཆོག་གླང་པོ་ཡིས། །སྲོག་གི་དབང་པོ་གཉེན་དུ་གྱུར་ནས་ནི། །རྣམ་པར་དཀར་བའི་དམ་པའི་ཆོས་འཛིན་ལྟར། །ཤེས་བཅུ་སྲོག་གི་དབང་པོ་ཐོབ་པར་ཤོག །བདེན་པ། གྷི་ཧཾ་གིས་དབང་བསྐུར་བས། །འཇམ་དཔལ་དུ། ཤེས་བཅུ་རྣམ་དག་འཆང་བ་པོ། །ཞེས་དང་། སངས་རྒྱས་ཕལ་པོ་ཆེ་ལས། དང་པོར་སེམས་བསྐྱེད་པ་དང་ལས་དང་པོ། །རྣལ་འབྱོར་སྤྱོད་དང་ཆེར་སྐྱེས་རྣལ་འབྱོར་དང་། །སྦྱོར་བ་དང་ནི་བསམ་པ་ཕུན་སུམ་ཚོགས། །གཞོན་ནུ་རྒྱལ་ཚབ་རྒྱལ་པོར་དབང་བསྐུར་དང་། །སྐྱེ་བ་གཅིག་གིས་ཐེག་པའི་བྱང་ཆུབ་སེམས། །ཞེས་གསུངས་པ་ལྟར་གོང་འཕེལ་དུ་ཐོབ་པར་གྱུར་ཅིག །འཇུག་སྒོར་ཆུད་ཅིང་ལྟ་ཐོས་བསམ། །སྒོམ་པའི་རྣལ་འབྱོར་སྟོང་ཆེན་དང་། །ཆེར་སྐྱེས་ཀུན་སྣང་སྦྱོར་རྒྱུ་རིང་། །བསམ་པ་ཚོགས་སྒྲུབས་གཞོན་ནུ་ནི། །མཐོང་ལམ་བསྒོམ་ལམ་རྒྱལ་ཚབ་ནི། །ས་བརྒྱད་དགུ་བཅུ་དག་པའི་ས། །རྒྱལ་པོ་ས་བཅུ་རྒྱུན་མཐའ་དང་། །སྐྱེས་གཅིག་བྱམས་མགོན་ལྟ་བུ་འོ། །སྐྱེས་གཅིག་གིས་ཐེག་པའི་བྱང་ཆུབ། །ཅེས་གསུངས་པ་ལྟར། གྷི་ཧཾ་དུག་གསུམ་འཇོམས་པའི་སྨན་ཡིན་ཏེ། སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ཏེ། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡིས། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་མེད་པར་ཤོག །ཡང་དག་རྟོགས་པ་བིལ་བ་འབྲས་བུའི་དབང་། །དེ་ཐོབ་དེ་གྲུབ་དེ་ལས་འདའ་མི་མཛད། །ཇི་ལྟར་རྒྱུ་དང་ས་བོན་མྱུ་གུ་ལ། །འབྲས་བུ་ཆེར་སྨིན་ཤིང་མཆོག་བིལ་བ་ལྟར། །དེ་བཞིན་དགེ་བའི་རྒྱུ་མཆོག་ཆུང་ངུ་ལས། །འབྲས་བུ་རྒྱ་ཆེ་དཔག་མེད་དམ་པ་ཐོབ་པར་ཤོག །བདེན། བིལ་བས་དབང་བསྐུར་བས་མཚུངས་པ་མེད་པའི་རང་བཞིན་ཐོབ་ནས་བཀྲ་ཤིས་པའི་དབང་ཐོབ་པར་གྱུར་ཅིག །བིལ་བ་རྒྱུ་རྐྱེན་འབྲས་བུར་བཅས་པའི་མཆོག །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོར་མཆོག་ཏུ་གྱུར་པ་ཡིས། །བཀྲ་ཤིས་དེས་ནི་འཇིག་རྟེན་འགྲུབ་པར་ཤོག །ཡང་དག་འཚོ་བ་རྣམས་ནི་འདོད་ཞོ་ཡིན། །ལྷ་དབང་བརྒྱ་བྱིན་བདག་ཉིད་ཆེན་པོ་ཡིས། །བྱིན་གྱིས་བརླབས་པའི་རྫས་མཆོག་གིས། །ནད་རྣམས་ཐམས་ཅད་འཇོམས་པའི་གྲུབ་རྫས་འདིས། །རྣམ་པར་རྒྱལ་བའི་གྲུབ་རྫས་དང་པོ་འདིས། །བསམ་གཏན་ཏིང་འཛིན་བཅུད་དང་ལྡན་པར་ཤོག །བདེན། ཞོ་ཡི་དབང་བསྐུར་བས། བསམ་གཏན་ཏིང་འཛིན་བཅུད་དང་ལྡན་པའི་དབང་ཐོབ་ནས་བཀྲ་ཤིས་པར་གྱུར་ཅིག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་བྱང་ཆུབ་སེམས་རྟོགས་ཏེ། །ཡོན་ཏན་ཀུན་གྱི་སྙིང་པོར་གྱུར་པ་ཡིས། །བཀྲ་ཤིས་དེས་ཀྱང་དེང་འདིར་ནད་ཞི་ཤོག །ཡང་དག་རྩོལ་བ་ཉུངས་དཀར་བདུད་བཞི་འཇོམས། །བདེ་བར་གཤེགས་པས་བྱིན་གྱིས་བརླབས་པ་ཡིས། །བགེགས་རྣམས་འཇོམས་པའི་གྲུབ་རྫས་དང་པོ་ཡིས། །བར་དུ་གཅོད་པའི་བགེགས་ཀྱི་ཚོགས་བཅོམས་ནས། །དེང་འདིར་བཀྲ་ཤིས་མཆོག་ཉིད་ཐོབ་པར་ཤོག །བདེན་པ། ཉུངས་དཀར་གྱིས་དབང་བསྐུར་བས་བདུད་བཞི་ལ་སོགས་པ་བར་དུ་གཅོད་པའི་བགེགས་ཀྱིས་ཚོགས་བཅོམ་ནས་བཀྲིས་པའི་དབང་ཐོབ་པར་གྱུར་ཅིག །ཉུངས་དཀར་རྡོ་རྗེས་བགེགས་ཚོགས་འདུལ། །བགེགས་རྣམས་འཇོམས་པའི་མཐུ་སྟོབས་ལྡན། །དགྲ་བགེགས་ཀུན་ལས་རྒྱལ་བ་ཡིས། །བྱིན་བརླབས་ཆེན་པོའི་དབང་ཐོབ་ཤོག །བདུན་པ་རྒྱལ་སྲིད་རིན་པོ་ཆེ་དང་། ཕྱི་དབང་དྲུག་པ་རིན་པོ་ཆེ་སྣ་བདུན་གྱི་དབང་ནི། དོན་རྣམས་འགྲུབ་པར་འགྱུར་བ་ཡིས། །འདོད་རྒུ་རེ་སྐོང་རིན་པོ་ཆེ། །རྒྱལ་སྲིད་རིན་ཆེན་སྣ་བདུན་གྱིས། །རྒྱལ་པོ་མཆོག་ཏུ་དབང་བསྐུར་རོ། །བདེན། རིགས། རྒྱལ་སྲིད་རིན་ཆེན་སྣ་བདུན་གྱིས་དབང་བསྐུར་བས་བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་རྒྱལ་སྲིད་རིན་པོ་ཆེའི་དབང་ཐོབ་པར་གྱུར་ཅིག །དམ་ཆོས་རྣམ་པར་འབྱེད་པའི་འཁོར་ལོ་སྟེ། །དེ་ཐོབ་དེ་གྲུབ་དེ་ལས་འདའ་མི་མཛད། །འཁོར་ལོ་རིན་ཆེན་བསྟན་པས་ནི། །ས་བཅུ་དག་ལ་དབང་བསྒྱུར་ཞིང་། །ཐེག་པ་རྣམ་གསུམ་རྟོགས་པ་དང་། །ཆོས་ཀྱི་རྒྱལ་པོ་ཆེན་པོར་ཤོག །བདེན། འཁོར་ལོ་དབང་བསྐུར་བས། ཐེག་པ་རྣམ་གསུམ་རྟོགས་ནས་ས་བཅུ་ལ་དབང་བསྒྱུར་བའི་ཆོས་ཀྱི་རྒྱལ་པོའི་དབང་ཐོབ་པར་གྱུར་ཅིག །ཏིང་འཛིན་མི་འགྱུར་སྟོབས་ཀྱི་གླང་པོ་སྟེ། །དེ་ཐོབ་དེ་གྲུབ་དེ་ལས་འདའ་མི་མཛད། །གླང་པོ་རིན་ཆེན་བསྟན་པ་ཡིས། །སྟོབས་བཅུ་དག་ལ་དབང་བསྒྱུར་ཞིང་། །ཐེག་པ་རྣམ་གསུམ་རྟོགས་པ་དང་། །བྱང་ཆུབ་སྙིང་པོར་གནས་པར་ཤོག །བདེན། གླང་པོས་ཐེག་པ་རྣམ་གསུམ་རྟོག་ནས་སྟོབས་བཅུ་ལ་དབང་བསྒྱུར་ཞིང་། བྱང་ཆུབ་སྙིང་པོར་གནས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བརྩོན་འགྲུས་མྱུར་མགྱོགས་ཤུགས་འཆང་རྫུ་འཕྲུལ་རྟ། །དེ་ཐོག་དེ་གྲུབ་དེ་ལས་མི་འདའ་མཛད། །རྟ་མཆོག་རིན་ཆེན་བསྟན་པ་ཡིས། །རྫུ་འཕྲུལ་རྐང་བཞིས་དབང་ཐོབ་ནས། །འཁོར་བའི་རྒྱ་མཚོ་སྒྲོལ་བ་དང་། །ཐར་པའི་འབྲས་བུ་ཐོབ་པར་ཤོག །བདེན། རྟ་ཡིས། རྫུ་འཕྲུལ་གྱི་རྐང་པ་བཞི་ཡིས་འཁོར་བའི་སེམས་ཅན་ཐར་བར་སྒྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །དྲན་པས་རང་གི་ཕྱོགས་འཛིན་གཞན་འཇོམས་དམག །དེ་ཐོབ་དེ་གྲུབ་དེ་ལས་འདའ་མི་མཛད། །དམག་མི་རིན་ཆེན་བསྟན་པ་ཡིས། །མི་འཇིགས་བཞི་ཡི་དབང་ཐོབ་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་ནས། །གོ་ཆ་ཆེན་པོ་བགོས་པར་ཤོག །བདེན་པ། དམག་དཔོན་གྱིས་མི་འཇིགས་པ་བཞི་ཡིས་རྒོལ་བ་ཚར་བཅད་ནས་གོ་ཆ་ཆེན་པོའི་དབང་ཐོབ་པར་གྱུར་ཅིག །ཚིམ་བྱེད་ལུས་སེམས་ཤིན་ཏུ་སྦྱངས་པའི་བཙུན་མོ་ཡིན། །དེ་ཐོབ་དེ་གྲུབ་དེ་ལས་འདའ་མི་མཛད། །བཙུན་མོ་རིན་ཆེན་བསྟན་པ་ཡིས། །ཤེས་རབ་དབྱིངས་ཀྱི་མཆོག་ཐོབ་སྟེ། །སྐྱེ་འགགས་མེད་པའི་དོན་རྟོགས་ནས། །བྱང་ཆུབ་སྙིང་པོར་གནས་པར་ཤོག །བདེན་བཙུན་མོས། ཤེས་རབ་དབྱིངས་སྐྱེ་འགགས་མེད་པའི་དོན་རྟོགས་ནས་བྱང་ཆུབ་སྙིང་པོར་གནས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །འདུལ་བར་མཁས་པའི་ཁྱིམ་བདག་འདུལ་བར་དགའ་བ་ཡིན། དེ་ཐོབ་དེ་གྲུབ་དེ་ལས་འདའ་མི་མཛད། །བློན་པོ་རིན་ཆེན་བསྟན་པས་ནི། །སུམ་ཅུ་རྩ་གསུམ་དབང་ཕྱུག་རྗེ། །རྫུ་འཕྲུལ་ཆེན་པོ་བརྒྱ་བྱིན་ལྟར། །ལྷ་ཡི་རྒྱལ་པོ་ཆེན་པོར་ཤོག །བློན་པོས། རྫུ་འཕྲུལ་ཆེན་པོ་ལྷའི་རྒྱལ་པོ་ཆེན་པོའི་དབང་དམ་པ་ཐོབ་པར་གྱུར་ཅིག །བཏང་སྙོམས་ཡང་དག་དོན་མཛད་རིན་ཆེན་ཡིན། །དེ་ཐོབ་དེ་གྲུབ་དེ་ལས་འདའ་མི་མཛད། །ནོར་བུ་རིན་ཆེན་བསྟན་པས་ནི། །འཇིག་རྟེན་དབང་དུ་དེ་བཞིན་གཤེགས། །དཔེ་བྱད་མཚན་གྱིས་བརྒྱན་པ་དང་། །གསེར་གྱི་ཁ་དོག་ཐོབ་པར་ཤོག །བདེན། ནོར་བུ་རིན་པོ་ཆེ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་གསེར་གྱི་ཁ་དོག་འོད་ཟེར་དུ་མ་འཕྲོ་བ་དང་ལྡན་པའི་སྐུའི་དབང་ཐོབ་པར་གྱུར་ཅིག །ཨེ་མ་ཧོ། དཀོན་མཆོག་གསུམ་གྱི་ཡོན་ཏན་ཡིད་བཞིན་གཏེར། འཁོར་བའི་མུན་སེལ་བདེ་བའི་སྙིང་པོ་འབྱུང་། །དགོས་པའི་མཆོད་སྦྱིན་ནོར་བུ་ཕུན་སུམ་ཚོགས། །ཡིད་བཞིན་རྒྱལ་སྲིད་རིན་ཆེན་ནོར་བུ་སྤྱོད་པར་ཤོག །བདེན། ནོར་བུ་རིན་པོ་ཆེས། དད་དང་ཤེས་རབ་གཏོང་དང་ཐོས་པ་དང་། །བག་ཡོད་ངོ་ཚ་ཤེས་དང་ཚུལ་ཁྲིམས་ཀྱིས། །འཕགས་པའི་ནོར་བདུན་གྱིས་འཕོངས་པ་རྒྱུན་བཅད་དེ་དགོས་འདོད་ལ་ལོངས་སྤྱོད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཕྱི་དབང་ལྔ་པ་ཁྱད་པར་གདན་ཁྲི་དང་། །རང་རིག་རྟོགས་པའི་ཡེ་ཤེས་ནི། །ཅིས་ཀྱང་མ་གོས་ཐམས་ཅད་འཇོམས། །སེང་གེའི་གཟུགས་ཀྱིས་དབང་བསྐུར་བས། །མི་འཇིགས་བཞི་ཡི་དབང་ཐོབ་ཤོག །སེམས་ཉིད་རྟོགས་པའི་རིག་པ་ཡིས། །མཚན་མ་ཐམས་ཅད་ཟིལ་གྱིས་གནོན། །གླང་ཆེན་གཟུགས་ཀྱིས་དབང་བསྐུར་བས། །སངས་རྒྱས་སྟོབས་བཅུའི་དབང་ཐོབ་ཤོག །ཐམས་ཅད་སེམས་སུ་རྟོགས་གྱུར་ན། །གར་མ་བགྲོད་པར་ཀུན་ཏུ་ཕྱིན། །རྟ་ཡི་གཟུགས་ཀྱིས་དབང་བསྐུར་བས། །རྫུ་འཕྲུལ་རྐང་པའི་དབང་ཐོབ་ཤོག །ཉོན་མོངས་སེམས་སུ་གང་ཤེས་པ། །ཕྱོགས་བཞིན་མི་གོས་དབང་དུ་བྱེད། །རྨ་བྱའི་གཟུགས་ཀྱིས་དབང་བསྐུར་བས། །རྒྱལ་བའི་དབང་བཅུ་ཐོབ་པར་ཤོག །ཤེས་བྱ་བདག་ཏུ་གང་རྟོགས་པ། །ལྟོས་པ་མེད་པར་ཐམས་ཅད་གསལ། །ཤང་ཤང་ཁྱུང་གིས་དབང་བསྐུར་བས། །ཤེས་བྱ་ཐོགས་མེད་དབང་ཐོབ་ཤོག །སེང་གེ་ལ་སོགས་པའི་སེམས་ཅན་ཆེན་པོ་ལྔའི་གདན་ཁྲིས་དབང་བསྐུར་བས། ཆེ་གེ་མོའི་ཡོན་ཏན་ལྔ་ལྷུན་གྱིས་གྲུབ་སྟེ་མཐར་ཕྱིན་པའི་ས་ནོན་པའི་དབང་ཡོན་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་གྱུར་ཅིག །ཀུན་འདུས་ལས། རིན་ཆེན་པདྨ་སེང་གེའི་ཁྲི། །བླ་མར་གྱུར་པའི་གདན་མཆོག་སྟེ། །ཁྱད་པར་ཆེན་པོ་གྱུར་པའི་དབང་། །ཁྲི་ཆེན་དག་ལ་བཞག་པར་བྱ། །སེམས་ཉིད་དགོས་འདོད་ལྷུན་གྲུབ་པ། །རྟོག་པས་མ་བཙལ་རང་ལ་སྣང་། །རིན་ཆེན་ཁྲི་ཡིས་དབང་བསྐུར་བས། །ཡོན་ཏན་བརྟན་པའི་དབང་ཐོབ་ཤོག །བདེན་པ། མི་འཇིགས་པ་དང་། སྟོབས་དང་། རྫུ་འཕྲུལ་དང་། དབང་དང་། ཕྲིན་ལས་དང་། ཐབས་ཕར་ཕྱིན་བཅུ་ཤེས་རབ་སྟོང་ཉིད། དབྱེར་མེད་ཡེ་ཤེས་བཅོ་བརྒྱད་ཀྱི་འབྲས་བུ་ཐོབ་པར་གྱུར་ཅིག །རྒྱལ་པོ་རྒྱལ་ཐེབས་ལ་རིན་ཆེན་ཁྲི་ཉི་ཟླ་སྟེ་ལྔ་བརྩེགས། འཁོར་ལ་པདྨ་ལ་སོགས་ཕལ་པ་ལ་རིན་ཆེན་གདན་ནོ། །ཀུན་འདུས་ལས། དར་གྱི་ཅོད་པན་ཕྲེང་ལ་སོགས། །དབང་མཆོག་བརྗིད་པའི་རྒྱན་གྱིས་བླུག །དབུ་རྒྱན་དོ་ཤལ་སེ་མོ་དོ། །དཔུང་རྒྱན་རྐང་གདུབ་ལག་གདུབ་རྣམས། །དབང་མཆོག་རྒྱལ་པོ་དེ་ལ་སྦྱིན། །སོ་སོའི་ཡོན་ཏན་འགྲུབ་པར་སྨོན། །ཆོས་ཉིད་ཅིར་ཡང་སྣང་བའི་ལོངས་སྤྱོད་རྒྱན། །རིགས་ལྔའི་རིན་ཆེན་དབུ་རྒྱན་འདི་བཅིངས་པས། །ཡེ་ཤེས་ལྔ་དང་རིགས་ལྔ་དབྱེར་མེད་པའི། །རིགས་ལྔའི་དབུ་རྒྱན་དབང་མཆོག་ཐོབ་པར་ཤོག །ༀ་སརྦ་ཏ་ཐ་ག་ཏ་གྷུ་ཧྱ་བྷུདྡྷ་བཛྲ་རཏྣ་པདྨ་ཀརྨ་ས་ཏྭ་ས་བྷ་བ་ཨཏྨ་ཀོ྅་ཧཾ། ཞེ་སྡང་ཆེན་པོ་ང་ཡི་སེམས། གཟུངས་དང་ཏིང་འཛིན་རྒྱུ་འབྲས་མཆོག །བྱང་ཆུབ་ཕྱོགས་རྣམས་རྟོགས་པའི་རྒྱན། །མཚན་དང་དཔེ་བྱེད་ལ་སོགས་པའི། །འབྲས་བུའི་ཆོས་ལ་དབང་ཐོབ་ཤོག །ཕྱི་དབང་བརྒྱད་པ་ཞི་བའི་བརྒྱན་ཆ་གདགས་པའི་དབང་ངོ་། །དབང་ཐོབ་མཛེས་པ་བརྗིད་པའི་དབང་པོ་སྟེ། །དབང་ཕྱུག་ཡིན་པས་དེ་ལ་ཀུན་ཕྱག་འཚལ། །རྡོ་རྗེ་དབང་ཕྱུག་དབང་ཕྱུག་ཅེས་པར་ནི། །ཀུན་གྱིས་སྒྲ་ཆེར་འབོད་ཅིང་བསྒྲགས་པར་བྱ། །བདེན་པ། སྐལ་ལྡན་ཁྱོད་ལ་རྡོ་རྗེ་མིང་གིས་དབང་བསྐུར་བས་སངས་རྒྱས་དང་རིག་འཛིན་དང་བྱང་ཆུབ་སེམས་དཔའ་ཞིང་ཁམས་ཐད་དུ་དབང་ཕྱུག་མཆོག་ཏུ་གྲགས་པའི་མིང་གི་དབང་ཐོབ་པར་གྱུར་ཅིག །སྟོན་པའི་ཐུགས་རྗེས་ངེས་པའི་མིང་བཏགས་པ། །ཐུགས་ཀྱི་ངང་ནས་ངེས་པའི་སྲས་སུ་མཛད། །ཕྱི་དབང་དགུ་པ་རྡོ་རྗེའི་མིང་གི་དབང་ངོ་། །ཕྱི་དབང་བཅུ་པ་འཁོར་ལོའི་དབང་ནི། །གསེར་གྱི་འཁོར་ལོ་རྩིབས་འཁྱུད་ལྡན་པ་གཅིག །རྒྱལ་པོ་དེ་ཡི་ལག་ཏུ་བསྐུར་ནས་ནི། །སྐལ་ལྡན་རིགས་ཀྱི་བུ་ལ་སྦྱིན་བྱས་པས། །འཇིག་རྟེན་ཀུན་ལ་འཁོར་ལོས་བསྒྱུར་བ་ཡི། །དབང་མཆོག་རྒྱལ་པོ་དེ་ཡང་སྦྱིན་པར་བྱ། །དབང་མཆོག་རྒྱལ་པོ་འདི་ཡང་ཐོབ་པར་ཤོག །ཡོངས་ལ་དབང་བསྒྱུར་དབང་གི་མཆོག །གང་ལའང་མ་ཆགས་འདོད་དགུར་བསྒྱུར། །གཉིས་སུ་མེད་པའི་ཕོ་བྲང་དུ། །སྤོང་ལེན་མེད་པར་དབང་བསྒྱུར་རོ། །འོག་ཏུ་གསེར་གྱི་འཁོར་ལོ་དག །བརྗོད་པའི་དོན་དུ་འབྲུ་བཀོད་ནས། །གཞན་དོན་འདི་ལ་ཕན་པའི་ཕྱིར། །རྒྱལ་བའི་འཁོར་ལོ་བསྐོར་བར་མཛོད། །བརྗོད་པ་མེད་པའི་དོན་དུ་འབྲུ་བཀོད་ཅེས་པའང་སྣང་། བཛྲ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ། བདེན་པ། སྐལ་ལྡན་ཁྱོད་ལ་འཁོར་ལོའི་དབང་བསྐུར་བས་འཁོར་ལོ་བསྒྱུར་བའི་རྒྱལ་ཐབས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་ཁམས་གསུམ་མཐའ་ཡས་ཀྱི་ཁ་ལོ་གྱེན་དུ་བསྒྱུར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ལྔ་བཅུ་ཕྱི་དབང་བཅུ་འཁོར་མོ་མིང་ཕྱེ་བ་བཅུ་གཅིག་གོ། །ང་གཅིག་པའོ། །དེ་ཡན་ཆད་ཀྱིས་ཕྱི་དབང་བཅུ་གཅིག་འཁོར་ལོ་དང་མིང་སྡོམ་པའོ། །ད་ནི་ནང་དབང་བཅུ་གཅིག་བསྐུར་ཏེ། དང་པོ། ཉན་པའི་དབང་ནི། དབང་རིན་ཆེན་ཕྲེང་བ་ལས། བུ་གུས་རྡོ་རྗེ་དྲང་བྱས་ལ། །གསང་བ་ཆེན་པོའི་རིགས་ཚོགས་སུ། །དེང་ནས་བདག་གིས་བཟུང་བར་བྱ། །ཕྱིར་མི་ལྡོག་པར་གྱུར་ཐོབ་ཕྱིར། །བདག་ལ་གསང་སྒོ་དབྱེ་བར་གསོལ། །ཞུ། ཤིན་ཏུ་གསང་བའི་རྫས་དང་ལྡན་གྱུར་ནས། །གསང་སྒོ་གང་འདོད་དོན་རྣམས་དེ་ལྟར་ཞུ། །གསང་བ་ཆེན་པོའི་རྟགས་སུ་བྱིན་གྱིས་བརླབས། །སློབ་བུ་འབྱུང་གནས་རབ་གནས་གསལ་བ་ལ། །གསང་བའི་དོན་ལ་ཉན་ཅིང་སློབ་པའི་དབང་། །དབང་མཆོག་སྐལ་ལྡན་དེ་ལ་སྦྱིན་པར་བྱ། །བདུད་རྩིའི་ཆུ་འདིས་རྣ་བའི་གསང་སྒོར་དབྱེ། །གླེགས་བམ་ཟབ་མོ་ལ་སོགས་ཐམས་ཅད་རྣམས། །རིགས་ཀྱི་བུ་མཆོག་དེ་ལ་སྦྱིན་པར་བྱ། །སརྦ་ཏ་ཐཱ་ག་ཏ་དྷརྨ་སིད་དྷི་ཧོ། ཏྲཾ་གསང་བའི་སྒོ་རུ་འདི་ཞུགས་ནས། །པོ་ཏི་ལག་ཏུ་སྦྱིན་བྱས་པས། །དམ་པའི་མཛོད་ཆེན་ཐེག་པ་གསུམ། །མ་ལུས་ཉན་པའི་དབང་ཐོབ་ཤོག །སརྦ་ཏ་ཐ་ག་ཏ་རྒརྦ་སརྦ་དྷརྨ་སི་ཏི་ཧཱུྃ། ནང་དབང་བཅུ་གཅིག་ལས་ཉན་པའི་དབང་སྟེ་དང་པོའོ། །གསང་བ་གསང་ཆེན་གསང་བ་རྣམས། །སྟོན་པས་ངེས་པར་གསུང་བའི་དོན། །ཉན་ཅིང་ཡིད་ལ་འཛིན་པ་ཡིས། །མ་འདྲེས་སྟོན་པའི་དབང་ཐོབ་ཤོག །བདེན་པ། བུ་ཁྱོད་ལ་ཉན་པའི་དབང་བསྐུར་བས། གསང་བའི་བཀའ་མཐའ་དག་ཉན་པའི་དབང་ཐོབ་པར་གྱུར་ཅིག །རྣ་བ་ལ་བསྐུར། གཉིས་པ་ཕྲིན་ལས་ཀྱི་དབང་ནི། ཧ། ཞི་རྒྱས་དབང་དང་དྲག་པོ་ཡིས། །རིགས་སུ་གྱུར་པ་མ་ལུས་པ། །ཁྱོད་ཀྱི་དགོས་པ་ཐམས་ཅད་བྱེད་པར་འགྱུར། །དབང་རིན་ཆེན་ཕྲེང་བ་ལས། དེ་ནི་འགྲོ་བའི་དོན་བྱེད་ནུས་པས་ན། །བུ་མཆོག་དེ་ནི་དོན་འགྲུབ་གསལ་བྱས་ལ། །ལས་རྣམས་རྒྱ་མཚོ་ཐམས་ཅད་ནུས་པའི་རྟགས། །རྡོ་རྗེ་རྒྱ་གྲམ་ལ་སོགས་རྣམ་བཞིའི་རྫས། །བུ་མཆོག་འདི་ལ་ཐབས་ཀྱིས་སྦྱིན་པར་བྱ། །ཞི་རྒྱས་དབང་དང་མངོན་སྤྱོད་དང་། །ཕྲིན་ལས་དྲག་དལ་གང་བྱེད་པའི། །ལས་རྣམས་ཀུན་གྱིས་བྱེད་པ་པོར། །ལས་རྣམས་ཀུན་གྱི་དབང་ཐོབ་ཤོག །བདེན་པ། ཕྲིན་ལས་ཀྱིས་དབང་བསྐུར་བས་རྣམ་བཞི་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ལག་པ་ལ་བསྐུར། གསུམ་པ་ལ་འཆད་པའི་དབང་ནི། ཧྲི་གསེར་གྱི་འཁོར་ལོ་རྩིབས་སྟོང་མུ་ཁྱུད་ལྡན། །སྐལ་ལྡན་རིགས་ཀྱི་བུ་ལ་སྦྱིན་བྱས་པས། །འཇིག་རྟེན་ཀུན་ལ་ཁ་ལོ་བསྒྱུར་བའི་དབང་། །དབང་བསྒྱུར་འཁོར་ལོའི་དབང་ཆེན་ཐོབ་པར་ཤོག །ལོ་ཀ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ། རིན་ཆེན་ཕྲེང་བ་ལས། སློབ་བུ་སྨྲ་བྱེད་ཧྲཱི་ལས་མཐའ་ཡས་བྱེད། །གཞན་གྱི་རེ་འདོད་བསྐོང་བའི་བུ་མཆོག་དེས། །རྒྱལ་པོ་རྒྱལ་རིགས་བརྒྱུད་དུ་བྱུང་བ་བཞིན། །རྒྱལ་ཚབ་ཆོས་ཀྱི་བརྒྱུད་དུ་བྱུང་བས་ན། །ཏན་ཏྲ་ལ་སོགས་དམ་པའི་མཛོད་གསུམ་སྦྱིན། །རྗེས་མཐུན་སྨོན་ལམ་བདེན་པས་དྲངས་ཏེ་གདབ། །བདེན་པ། བཀའ་གསང་ཐེག་པ་མཐའ་དག་འཆད་པའི་དབང་ཐོབ་པར་གྱུར་ཅིག །ལྕེ་ལ་བསྐུར། བཞི་པ་རྡོ་རྗེ་རྒྱལ་པོའི་དབང་ནི། དབང་དོན་རྒྱས་པ་ལས། བཞི་པ་རྡོ་རྗེ་རྒྱལ་དབང་སྤྱི་བོ་ལ། དེ་བཞིན་རིགས་ཀྱི་དབང་བསྐུར་དང་སྒྲག་ཚིག་སྦྱིན། ཞེས་བཤད་པས། ཧཱུྃ་རྡོ་རྗེའི་རིགས་དང་ༀ་དེ་བཞིན་རིགས་གཉིས་ཐུགས་དང་སྐུ་སྟེ་འདམ་ཁའམ་གཉིས་ཀའོ། །ཧཱུྃ་བུ་དེས་སློབ་མའི་ཚོགས་ཀུན་སྐྱོངས་ནུས་པའི་ཕྱིར། ཧཱུྃ་ལས་རྡོ་རྗེ་སེམས་དཔའ་གསལ་བྱས་ལས། བསྟན་པ་སྒྲོགས་པའི་ས་ལ་གནས་བྱའི་ཕྱིར། །རྡོ་རྗེ་རྒྱལ་པོ་དཔལ་གྱི་དབང་མཆོག་འདིས། །ཐེག་པ་དགུ་ཡི་རྟགས་དང་བཅས་དེ་སྦྱིན། །ཞེས་སོ། །གླེགས་བམ་འོན་ཏེ་རྡོ་རྗེ་རྩེ་དགུ་པའོ། །བདེན་པ། སློབ་བུ་ཁྱོད་རྡོ་རྗེ་སློབ་དཔོན་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ལྔ་པ་གདན་ཁྲིའི་དབང་ནི། ལྔ་པ་ཟིལ་གནོན་གདན་དབང་རྐང་པ་ལ། །དབང་ཕྱུག་ལ་སོགས་དྲེགས་པའི་ཚོགས། །སྨོན་ལམ་ཆེན་པོ་བརྟན་བྱེད་པའི། །དྲེགས་པ་བསྣོལ་བའི་དབང་གདན་འདིས། །བརྟེན་པས་ཟིལ་གནོན་དབང་ཐོབ་ཤོག །བདེན་པ། ལྷ་ཆེན་པོའི་གདན་གྱིས་དབང་བསྐུར་བས་ཁམས་གསུམ་གྱི་དྲེགས་པ་ཅན་ཟིལ་གྱིས་གནོན་པའི་དབང་ཐོབ་པར་གྱུར་ཅིག །མཐའ་གཉིས་མུན་པ་སེལ་བ་ཡི། །ཉི་ཟླ་གཉིས་ཀྱིས་དབང་བསྐུར་བས། །ཐབས་དང་ཤེས་རབ་འབྲེལ་པ་ཡི། །བདག་གཞན་དོན་ཀུན་རྫོགས་པར་ཤོག །བདེན། ཉི་ཟླས་ཐབས་དང་ཤེས་རབ་འབྲེལ་པས་དོན་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །མཉམ་རྫོགས་བརྟུལ་ཞུགས་ཆེན་པོ་ཡིས། །ཐམས་ཅད་ལ་ཡང་ཐོགས་མེད་ཕྱིར། །དོམ་གྱི་གཟུགས་ཀྱིས་དབང་བསྐུར་བས། །བརྟུལ་ཞུགས་གསུམ་གྱིས་དབང་ཐོབ་ཤོག །རང་སྣང་ཡོན་ཏན་མང་པོས་བརྗིད། །རྩོལ་བ་ཟིལ་གྱིས་གནོན་བྱེད་ཕྱིར། །ཁྱུ་མཆོག་གཟུགས་ཀྱིས་དབང་བསྐུར་བས། །ཐམས་ཅད་ཟིལ་གྱིས་གནོན་པའི་དབང་ཐོབ་ཤོག །ཕུང་པོ་ཁམས་སོགས་དོན་རིགས་པས། །ཡོན་ཏན་མང་པོ་བརྗིད་སྣང་ཕྱིར། །མ་ཧེ་གཟུགས་ཀྱིས་དབང་བསྐུར་བས། །ཀུན་ལ་མཛེས་པའི་དབང་ཐོབ་ཤོག །ཐབས་ཀྱི་རོལ་པ་སྣ་ཚོགས་ཀྱིས། །གདུལ་བྱ་ཀུན་ལ་མཐུན་འཇུག་ཕྱིར། །གཟིག་གི་གཟུགས་ཀྱི་དབང་བསྐུར་བས། །ཐབས་ལ་མཁས་པའི་དབང་ཐོབ་ཤོག །རྒྱུ་འབྲས་གཉིས་མེད་སེམས་ཉིད་ལ། །ས་དང་ས་ཡི་རིམ་བྲལ་ཕྱིར། སྟག་གི་གཟུགས་ཀྱིས་དབང་བསྐུར་བས། །ཁྱད་པར་འཕགས་པའི་དབང་ཐོབ་ཤོག །ས་རྣམས་ནོན་པོའི་རྟ་མཆོག་གདན་ཁྲིའི་དབང་། །ལྷ་ཆེན་ལ་སོགས་ཞིང་ཆེན་ཉི་ཟླར་བཅས། །ཁྱུ་མཆོག་སེང་གེ་མ་ཧེ་གཟིག་དང་སྟག །གཏུམ་པ་དོན་གྱིས་སྤར་ཏེ་སྦྱིན་པར་བྱ། །ཁམས་གསུམ་ཟིལ་གནོན་ཐབས་དང་ཤེས་རབ་དང་། །བསྡོ་བ་ཟིལ་གནོན་གཞན་བསྒྲག་ཡོན་ཏན་བརྗིད། །མཐུན་འཇུག་ལས་མཁན་མངོན་སུམ་པ་ཡི་དབང་། །བརྟུལ་ཞུགས་ཆེན་པོ་ཐོགས་མེད་འཇུག་པའི་དབང་། །སྨོན་ལམ་ཡིད་ཀྱིས་ཟིན་པར་སྦྱིན་པར་བྱ། །དྲུག་པ། ཐུན་མོང་མ་ཡིན་པའི་རིན་པོ་ཆེ་སྣ་བདུན་གྱི་དབང་ནི། འཁོར་ལོ་འཁོར་ཞིང་གཅོད་པའི་བདག །སྐྱེ་བ་རྣམ་བཞི་རྒྱུན་གཅོད་པའི། །དེ་རིང་ཁྱོད་ལ་སྦྱིན་བྱས་པས། །སྐྱེ་བཞི་སྒྲོལ་བའི་དབང་ཐོབ་ཤོག །བདེན་པ། ཡི་དམ་ལྷ་ཡབ་འཁོར་ལོ་དབང་བསྐུར་བས་མངལ་རྫུས་དྲོད་སྒོང་སྐྱེས་བཞིའི་སྐྱེ་བ་རྣམ་པ་བཞི་ལས་འགྲོ་བསྒྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །སྔར་ལྟར་བརྫུས་སྐྱེས་ཆེན་པོ་ལ་ནི་ནམ་མཁའི་སྐྱེ་གནས་གཅེས་སོ། །དབྱིངས་ཕྱུག་ལ་སོགས་བདེ་བའི་ཡུམ། །ཐུགས་རྗེའི་གཟུངས་ཀྱི་རིག་མ་སྟེ། །དེ་རིང་ཁྱོད་ལ་སྦྱིན་བྱས་པས། །ཐབས་ལ་སྤྱོད་པའི་དབང་ཐོབ་ཤོག །བདེན། ཡི་དམ་ལྷའི་ཡུམ་གྱིས་དབང་བསྐུར་བས་མཚན་ཉིད་དུ་འབྱུང་བ་ཆེན་པོ་བཞི་ལ་རང་དབང་ཐབས་ཀྱིས་སྤྱོད་པ་ལ་འཇུག་པའི་དབང་ཐོབ་པར་གྱུར་ཅིག །སྔར་ལྟར་ས་ཆུ་མེ་རླུང་ནམ་མཁའི་དབྱིངས་ཕྱུག་མ་ལྔའོ། །ཆོས་རྣམས་ཀུན་ལ་ཐོགས་མེད་པའི། །བློ་གྲོས་ཀུན་ལྡན་རྡོ་རྗེ་སེམས། །དེ་རིང་ཁྱོད་ལ་སྦྱིན་བྱས་པས། །ཤེས་བྱ་མཁྱེན་པའི་དབང་ཐོབ་ཤོག །བདེན་པ། རིགས་ཀྱི་བུ་ཁྱོད་ལ་རྡོ་རྗེའི་དབང་བསྐུར་བས་སེམས་དཔའི་རྡོ་རྗེ་བློ་གྲོས་ཕུན་སུམ་ཚོགས། བྱམས་སྙིང་རྗེ། དགའ་བ་མཉམ་སྙོམས་པའི་ཚད་མེད་བཞིའི་དབང་ཐོབ་པར་གྱུར་ཅིག །ཁམས་གསུམ་བསྡོ་བ་ཀུན་འདུལ་བ། །སྟོབས་ཆེན་ཁྲོ་བོ་ཆེན་པོ་སྟེ། །དེ་རིང་ཁྱོད་ལ་སྦྱིན་བྱས་པས། །དཔུང་བཞི་འདུལ་བའི་དབང་ཐོབ་ཤོག །བདེན་པ། སྟོབས་པོ་ཆེས་དབང་བསྐུར་བས་སྟོབས་པོ་ཆེ་ཚད་མེད་བཞིའི་འགལ་ཟླ་རྣམ་པར་འཚེ་བ་དང་། གནོད་སེམས་དང་ཕྲག་དོག་དང་ང་རྒྱལ་རྣམས་གླང་པོ་དང་། རྟ་པ་དང་ཤིང་རྟ་དང་། རྐང་ཐང་དུ་དམག་ཏུ་སྣང་བའི་དཔུང་བཞི་འདུལ་བའི་དབང་ཐོབ་པར་གྱུར་ཅིག །ཐེག་པ་མཐའ་ལ་གནས་པ་རྣམས། །ཟིལ་གནོན་ཐེག་ཆེན་གླང་ཆེན་གཟུགས། །དེ་རིང་ཁྱོད་ལ་སྦྱིན་བྱས་པས། །བསྡོ་བ་ཟིལ་གནོན་དབང་ཐོབ་ཤོག །བདེན་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གླང་པོས་དབང་བསྐུར་བས་སྟོབས་བཅུའི་དབང་དང་ཕས་ཀྱིས་བསྡོ་བ་ཟིལ་གྱིས་གནོན་པའི་དབང་ལུས་ཚོར་བ་སེམས་དྲན་པ་ཉེ་བར་བཞགས་ནས་བདག་དང་གཞན་དང་ཆོས་དང་འགྲོགས་པའི་དོན་བཞི་འགྲུབ་པར་གྱུར་ཅིག །སྟོབས་བཅུའི་འགྲེལ་པ་པིན་དར་ལས། །གནས་དང་གནས་མིན་ཡང་དག་མཁྱེན། །དུས་གསུམ་ལས་དང་རྣམ་སྨིན་མཁྱེན། །ཁམས་རྣམས་སྣ་ཚོགས་མཁྱེན་པའི་སྟོབས། །དབང་པོ་མཆོག་དང་མཆོག་མིན་མཁྱེན། །ཕ་རོལ་མོས་པ་མཁྱེན་པའི་སྟོབས། །ཟག་པ་ཟད་མེད་སེམས་གྲོལ་མཁྱེན། །བསམ་གཏན་ཐར་དང་ཉོན་མོངས་མཁྱེན། །འཆི་འཕོ་སྐྱེ་བ་མཁྱེན་པའི་སྟོབས། །འདི་བཅུ་སྟོབས་བཅུ་གྱུར་པས་ན། །འབྲས་བུ་མངོན་ཤེས་དྲུག་ཡིན་ནོ། །ཞེས་དང་ལམ་རིམ་ལས། གཞན་དུ་ལྷ་ཡི་རྣ་བ་དང་། །སྤྱན་གྱི་མངོན་པར་ཤེས་པ་དང་། །སྔོན་གནས་རྗེས་སུ་དྲན་པ་དང་། །ཕ་རོལ་རྣམས་ཀྱི་སེམས་ཤེས་དང་། །འཆི་འཕོ་སྐྱེ་བ་དྲན་པ་དང་། །རྫུ་འཕྲུལ་ཤེས་པའང་ཟག་ཟད་ཤེས། །ཞེས་མངོན་ཤེས་དྲུག་གོ། །ཐམས་ཅད་བདག་ཉིད་ཁྱབ་པ་པོ། །དབང་ཕྱུག་ཀུན་འགྲོ་རྟ་ཡི་གཟུགས། །དེ་རིང་ཁྱོད་ལ་སྦྱིན་བྱས་པས། །ཐོགས་མེད་རྫུ་འཕྲུལ་ཐོབ་པར་ཤོག །བདེན་པ། ཁྲོ་བོ་རྟ་མགྲིན་གྱིས་དབང་བསྐུར་བས་གང་ལའང་ཐོགས་པ་མེད་པའི་རྫུ་འཕྲུལ་གྱི་རྐང་པ་བཞི་ཡི་རྐང་པ་དགེ་བ་བསྐྱེད། བྱང་ཆུབ་ཏུ་བསྔོ། སྡིག་པ་མི་བྱེད་སྡིག་པ་བཤགས་པ་ལ་མདུན་བརྩོན་རྟོག་དཔྱོད་ཀྱིས་དབང་དམ་པ་ཐོབ་པར་གྱུར་ཅིག །ཀུན་རྫོབ་བྱང་ཆུབ་སེམས་ཉིད་རིགས་པར་རྟོགས། །བསམ་པས་འབྱུང་བའི་རིན་པོ་ཆེ། །དེ་རིང་ཁྱོད་ལ་སྦྱིན་བྱས་པ། །གདུལ་བྱ་མ་ལུས་རེ་སྐོངས་ཤོག །བདེན་པ། བྱང་ཆུབ་སེམས་དཔའ་རྡོ་རྗེ་རིན་ཆེན་གྱིས་དབང་བསྐུར་བས་གདུལ་བྱའི་རེ་བ་ཡིད་བཞིན་དུ་སྐོང་བ་སྦྱིན་པ་རྣམ་པ་བཞིའི་ཟང་ཟིང་ཆོས་མི་འཇིགས་པ་བྱམས་པའི་སྦྱིན་པ་བཞིའི་དབང་དམ་པ་ཐོབ་པར་གྱུར་ཅིག །རྒྱལ་པོ་ཡིན་པའི་རྟགས་ནི་རྣམས་པ་བདུན། །སྐྱེ་ལ་དབང་བསྒྱུར་རྒྱལ་པོ་མཉེས་པའི་གཟུངས། །ཕ་རོལ་དཔུང་འཇོམས་སྲིད་ཐུབ་འཇོམས་པ་དང་། །བདག་གཞན་དོན་འགྲུབ་རྫུ་འཕྲུལ་རྐང་པར་ལྡན། །དགོས་འདོད་ཡིད་བཞིན་བསྐོང་བའི་རིན་པོ་ཆེ། །རྒྱལ་པོ་དེ་ལ་ཐབས་ཀྱིས་སྦྱིན་པར་བྱ། །ཡི་དམ་ལྷ་ཡབ་ཡུམ་དང་བྱང་ཆུབ་སྤོས་གླང་པོ། །སྟོབས་ཆེན་ཁྲོ་བོ་སེམས་དཔའ་རྡོ་རྗེ་རིན། །རྟ་མགྲིན་ཁྲོ་བོ་རིན་ཆེན་རྣམ་བདུན་གྱིས། །རབ་གནས་བྱས་ནས་དེ་ལ་གཏད་པར་བྱ། །བདེན། རིགས། བདུན་པ་གཟུགས་བརྙན་དཀྱིལ་འཁོར་གྱིས་དབང་ནི། །དེ་ནི་རྒྱལ་བའི་སྲས་པོ་ཡིན་པས་ན། །ཕྱག་རྒྱ་ཆེན་པོའི་དབང་མཆོག་སྦྱིན་པར་བྱ། །རས་སམ་འབུར་རམ་བླུགས་སུ་བླུག་པ་ཡི། །ཕྱག་རྒྱ་གཟུགས་བརྙན་དེ་ཡི་སྤྱི་བོར་བཞག །ལུང་ཨ་ནུའི་བསྒྲུབ་དབང་ལ་རིགས་བདག་ཀུན་བཟང་འདི་གཙོ་བོར་མཛད། དེས་ན་ཙ་ཀ་འདིའོ། །འགྲེལ་པ་མངོན་རྟོགས་ལས། ཀུན་ཏུ་བཟང་པོ་ནི་དང་པོ་ཡུམ་ལ་འཁྱུད། །བར་པ་རྡོ་རྗེ་དྲིལ་བུ། ཐ་མ་ནི་མཉམ་པའི་ཕྱག་རྒྱ་ཅན་ནོ། །རིགས་ལྔ་ནི་རང་རྟགས་ཀྱིས་ཕྱག་རྒྱ་ལྔ། དྲིལ་བུ་དང་དེ་དག་གོ་བསྣོལ་བར་བསྟན་ཅེས་ཏེ། ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །ཞེས་ཀུན་བཟང་རིགས་བདག་ལ། དང་པོ་བྱང་ཆུབ་ཕྱག་རྒྱས་འཁྱུད་པར་མཛད། །སྐུ་མདོག་ཞལ་དབུས་ཐུགས་མཐིང་། གཡས་དཀར་སྐུ། གཡོན་དམར་གསུང་། རིན་ཆེན་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་ཡབ་རྡོ་རྗེ་སྐྱིལ་ཀྲུང་ལ། ཡུམ་བརྟུལ་ཞུགས་ཀྱིས་འཁྱུད་གསང་བ་སྦྱར་བའོ། །སེམས་ཅན་ལྔ་གདན་གྱིས་དོན་ཚངས་པའོ། །ཧཱུྃ་བྱང་ཆུབ་སེམས་མཆོག་ཡེ་ཤེས་རྡོ་རྗེའི་ཐུགས། །སྲིད་གསུམ་དབང་བསྡུད་ཐམས་ཅད་མཁྱེན་པའི་དཔལ། །བསྙོངས་པ་མི་མངའ་འགྲོ་བའི་དོན་མཛད་པ། །ཀུན་བཟང་རྡོ་རྗེ་ཡིད་ལ་ཕྱག་འཚལ་ལོ། །ཨེ་མ་ཧོ། ཀུན་བཟང་རྡོ་རྗེ་ཡིད། རིགས་པ་ཚུལ་སྣང་སངས་རྒྱས་པས། །སངས་རྒྱས་ཐམས་ཅད་བསྐྱེད་མཛད་པའི། །ཀུན་ཏུ་བཟང་པོའི་དབང་མཆོག་ཁྱོད་ལ་སྦྱིན། །ཧཱུྃ་ཧཱུྃ་ཧཱུྃ། བཛྲ་ཙིཏྟ་ༀ། ཨ་ཨ་ཨ་བཛྲ་བ་ཏྲ་ས་མན་ཏ་ཨཱ། ཨ་བྷི་ཥིཉྩ་ཧཱུྃ། གདོད་ནས་མ་བྱུང་མ་སྐྱེས་ཆོས་ཀྱི་རྒྱལ། །མ་སྐྱེས་མི་འགགས་དངོས་པོར་འཛིན་དང་བྲལ། །འབྱུང་བ་ཐམས་ཅད་བསྐྱེད་པ་ཡུམ་གྱི་ཚུལ། །བཟང་མོ་བྱ་བ་མོ་ལ་ཕྱག་འཚལ་ལོ། །དབྱིངས་ཀྱི་ཡུམ་ལ་སངས་རྒྱས་པ། །སྣང་སྲིད་ཐམས་ཅད་ཆོས་ཀྱི་དབྱིངས། །ཐབས་དང་ཤེས་རབ་འབྲེལ་པའི་ཡུམ། །ཀུན་ཏུ་བཟང་མོའི་དབང་མཆོག་ཁྱོད་ལ་སྦྱིན། །རིགས་བདག་མ་ཧཱ་གསང་བདག་རྡོ་རྗེ་རྩེ་ལྔ་དང་ཨ་ནུ་སྒྲུབ་དབང་རྡོ་རྗེ་རྩེ་དགུའོ། །རྒྱུད་མ་ཧཱ་དཀྱིལ་འཁོར་གཙོ་བོ་རྡོར་སེམས། །མ་སྐྱེས་རྡོ་རྗེ་ཐབས་ལ་རོལ། །དོན་དམ་དབྱེར་མེད་རོལ་མཛད་པས། །ཐབས་དང་ཤེས་རབ་བྱང་ཆུབ་སེམས། །རྡོ་རྗེ་སེམས་དཔའ་བདག་ལ་དགོངས། །རྣམ་ཤེས་ཕུང་པོ་སངས་རྒྱས་པས། །རྡོ་རྗེ་རིགས་སུ་ལྷུན་གྱིས་གྲུབ། །སངས་རྒྱས་ཀུན་གྱི་ཐུགས་ཡིན་པས། །རྡོ་རྗེ་སེམས་དཔའི་དབང་མཆོག་ཁྱོད་ལ་སྦྱིན། །འབྱུང་བ་ནམ་མཁའ་སངས་རྒྱས་པས། །ནམ་མཁའ་དབྱིངས་ཀྱི་དབྱིངས་ཕྱུག་མའི། །རྡོ་རྗེ་རིགས་ཀྱི་ཡུམ་ཡིན་པས། །ཀུན་ཏུ་བཟང་མོའི་དབང་མཆོག་ཁྱོད་ལ་སྦྱིན། །ཧཱུཾ་བཛྲ་དྷྲིག །ཨ་བྷི་ཥིཉྩ་ཧཱུཾ། མཱུཾ་དྷ་ཏུ་ཥ་རི། ཨ་ཏི་བླ་མས་གང་ལུང་བསྟན་བརྒྱུད་མཐུན་ནོ། །ཨ་ནུའི་འཁྲིལ་ཡུམ། མ་ཧཱ་ལྟར་ཟུར་ཡུམ། ཕྱི་དབང་སོ་སོར་ཨ་ནུ་ལྟར་དུ། སེམས་ལུང་ཆེན་པོའི་རྒྱུད་ལུང་ལས། །ཁྲོ་བོ་ཁ་དོག་འཐིང་ཤིང་འདྲ། །གནག་དང་དམར་དང་དཀར་བའི་ཞལ། །མི་འཁྲུགས་དབང་བསྐུར་རྣམ་པར་བརྒྱན། །རྡོ་རྗེ་ཆེན་པོ་རྩེ་དགུ་པ། །རྡོ་རྗེ་འཁོར་ལོ་རབ་འཆང་བ། །ཆུ་སྐྱེས་དག་ནི་འཛིན་པའི་མཆོག །དྲིལ་བུ་ནོར་བུ་རལ་གྲི་བསྣམས། །གཡོན་པའི་ཕྱག་ན་བསྣམས་པར་བསམ། །ཞེས་ཏེ་མཐིང་ནག་གོ། །ཟླ་ཉི་པད་རིན་ཁྲི་སེང་གེ། གཡོན་དམར་རོ། །གཟུགས་ཀྱི་ཕུང་པོ་གནས་དག་པ། །དེ་བཞིན་རིགས་སུ་ལྷུན་གྱིས་གྲུབ། །སངས་རྒྱས་ཀུན་གྱིས་སྐུ་འཛིན་པས། །རྣམ་པར་སྣང་མཛད་དབང་མཆོག་ཁྱོད་ལ་སྦྱིན། །འབྱུང་བ་ས་གཞི་སངས་རྒྱས་པས། །རྡོ་རྗེ་དབྱིངས་ཀྱི་དབྱིངས་ཕྱུག་མར། །བདེ་གཤེགས་རིགས་ཀྱི་ཡུམ་ཡིན་པས། །སངས་རྒྱས་སྤྱན་གྱིས་དབང་མཆོག་ཁྱོད་ལ་སྦྱིན། །ༀ་ཛྷི་ན་ཛྷིག །ལམ་དེ་ཤྭ་ར་ཏི། ཨ་བྷི། སེམས་ལུང་རྒྱུད་དུ། ཕྱོགས་ནི་རྣམ་པར་སྣང་བར་མཛད། །དཀར་དང་དམར་དང་ནག་ཆེན་པོ། །མི་འཁྲུག་པ་ཡིས་དབང་བསྐུར་བས། །འཁོར་ལོ་རྡོ་རྗེ་པད་མོ་དཀར། །དྲིལ་བུ་ནོར་བུ་རལ་གྲི་བསྣམས། །གཡོན་པའི་ཕྱག་ཏུ་རྣམ་པར་བསམ། །ཞེས་ཏེ། ཟླ་ཉི་པད་རིན་ཆེན་གླང་ཆེན། །གཡས་ནག་གཡོན་དམར་པོ་ཆན་ལས་བཤད། ཚོར་བའི་ཕུང་པོ་སངས་རྒྱས་པས། །རིན་ཆེན་རིགས་སུ་ལྷུན་གྱིས་གྲུབ། །སངས་རྒྱས་ཀུན་གྱིས་ཡོན་ཏན་ཡིན། །རིན་ཆེན་འབྱུང་ལྡན་དབང་མཆོག་ཁྱོད་ལ་སྦྱིན། །འབྱུང་བ་ཆུ་རྣམས་སངས་རྒྱས་པས། །རིན་ཆེན་རིགས་ཀྱི་དབང་ཕྱུག་མ། །རིན་ཆེན་རིགས་ཀྱིས་ཡུམ་ཡིན་པས། །མ་མ་ཀིའི་དབང་མཆོག་ཁྱོད་ལ་སྦྱིན། །སྭཱ་རཏྣ་དྷྲིག །མཾ་མོ་ཧ་ར་ཏི། ཨ་བྷི། སེམས་ལུང་དུ། རཏྣ་དྷྲིག་ས་བོན་ལས་བསྐྱེད་ནས་ནི། སེར་དང་དམར་དང་དཀར་བའི་ཞལ། །མི་འཁྲུག་པས་ནི་བརྒྱན། ནོར་རྡོ་རྗེ་འཁོར་ལོ་ནི། །གཡས་ཀྱི་ཕྱག་ཏུ་བསྒོམ་པར་བྱ། །དྲིལ་བུ་རལ་གྲི་པདྨ་སེར། །གཡོན་གྱིས་ཕྱག་ཏུ་བསྒོམ་པར་བྱ། །རྡོ་རྗེ་སེམས་དཔའི་གཡས་ཕྱོགས་ཀྱིས། །རིན་ཆེན་དབུས་སུ་རྣམ་པར་བཞུགས། །ཞེས་ཏེ། རྟ་མཆོག་པད་ཟླ་ཉི་པད་རིན་ཆེན་ཁྲི། །གཡོན་དམར་གཡས་དཀར་དུ་ཆན་ལས་བཤད། ཡུམ་བརྟུལ་ཞུགས་ཀྱི་དཀྱིལ་ཀྲུང་བོལ་བསྣོལ་བའི་ཞབས་ཁྲི་རི་མིག་མའོ། །ཕྱག་རིག་མས་ཡབ་ཀྱི་རྡོ་རྗེ་རྣམས་ཨ་ནུ་རྩེ་དགུ་དང་མ་ཧཱ་རྡོ་རྗེ་ལྔར་མཛད། འདུ་ཤེས་ཕུང་པོ་སངས་རྒྱས་པས། །པདྨ་རིགས་སུ་ལྷུན་གྱིས་གྲུབ། །སངས་རྒྱས་ཀུན་གྱི་གསུང་ཡིན་པས། །སྣང་བ་མཐའ་ཡས་དབང་མཆོག་ཁྱོད་ལ་སྦྱིན། །འབྱུང་བ་མེ་ལས་སངས་རྒྱས་པས། །པདྨ་དབྱིངས་ཀྱིས་དབང་ཕྱུག་མ། །པདྨ་རིགས་ཀྱི་ཡུམ་ཡིན་པས། །གོས་དཀར་མོའི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་ཨ་རོ་ལིཀ །པཾ་ར་ག་ར་ཏི། ཨ་བྷི༴ སེམས་ལུང་དུ། རྡོ་རྗེ་སྣང་བ་མཐའ་ཡས་བསྐྱེད། །དམར་དང་གནག་དང་དཀར་བའི་ཞལ། །མི་འཁྲུག་པས་ནི་ཅོད་པན་བརྒྱན། །ཕྱག་དྲུག་པས་ནི་བསྒོམ་པར་བྱ། །གཡོན་པ་འགྱིངས་པས་པདྨ་འཛིན། །དྲིལ་བུ་དཀུར་བརྟེན་ཕར་ཕྱིན་ཏེ། །གཡས་པས་པདྨ་སྐྱོང་མཛད་ཅིང་། །ཐུགས་དཀར་པདྨ་ཁ་ཡང་འབྱེད། །གཡས་གཉིས་འཁོར་ལོ་རྡོ་རྗེ་དང་། །གཡོན་གཉིས་རིན་ཆེན་རལ་གྲི་བསྣམས། །ཞེས་ཏེ། གཡོན་ནག་གཡས་དཀར་མཆན་དུ་བཤད། །གནག་ཟེར་བ་ཐམས་ཅད་ཁྲོ་ཚུལ་ཞི་མ་ཁྲོར་མཚོན་པ་སྟེ། ངོ་བོ་མཐིང་ནག་ཏུ་མཆེ་བ་ཕྱེད་རྩིག་ཡེ་ཤེས་གཅིག་ཏུ་དབུ་རྒྱན་མི་འཁྲུག་པ་སྟོང་པ་ཉིད་ཚོགས་བསྒྲུབས་ཟེར་ཏེ་ཨ་ནུའི་མཚོན་ཏོ། །ཟླ་ཉི་པདྨ་རིན་ཆེན་ཁྲི་རྨ་བྱ་ལ་ཡབ་རྡོ་རྗེའི་སྐྱིལ་ཀྲུང་པའོ། །འདུ་བྱེད་ཕུང་པོ་སངས་རྒྱས་པས། །པདྨ་ལས་ཀྱི་རིགས་སུ་ལྷུན་གྱིས་གྲུབ། །སངས་རྒྱས་ཕྲིན་ལས་མཆོག་ཡིན་པས། །དོན་ཡོད་གྲུབ་པའི་དབང་མཆོག་ཁྱོད་ལ་སྦྱིན། །འབྱུང་བ་རླུང་ལས་སངས་རྒྱས་པས། །ལས་ཀྱི་རིགས་ཀྱི་དབང་ཕྱུག་མ། །སྣ་ཚོགས་འདུལ་བའི་ཡུམ་ཡིན་པས། །དམ་ཚིག་སྒྲོལ་མས་དབང་མཆོག་ཁྱོད་ལ་སྦྱིན། ཧ་པྲཛྙ་དྷྲིག །ཏཾ་བཛྲ་ར་ཏི་ཨ་བྷི༴ སེམས་ལུང་དུ་རྡོ་རྗེ་གདོན་མི་ཟ་བར་བྱེད། ལྗང་ཁུ་གནག་དང་དཀར་བའི་ཞལ། །རལ་གྲི་རྡོ་རྗེ་རྒྱ་གྲམ་དང་། །འཁོར་ལོ་གཡས་པའི་ཕྱག་ཏུ་བསམ། །དྲིལ་བུ་པདྨ་སྟོང་བཅས་དང་། །ནོར་བུ་གཡོན་པའི་ཕྱག་ཏུ་བསམ། །གྲུ་གསུམ་དཀྱིལ་འཁོར་དབུས་སུ་ནི། །རྡོ་རྗེ་སེམས་དཔའི་གཡོན་ཕྱོགས་སུ། །རྫུན་ཚིག་སྨྲ་བའི་ལམ་གནས་པའི། །སེམས་ཅན་ཐམས་ཅད་ཀུན་ཏུ་སྦྱོངས། །ཞེས་ཏེ། ཤང་ཤང་ཁྲི་འདེགས་ཟླ་ཉི་པད་རིན་ཆེན། །གཡས་དཀར་མཐུན་ཏོ། །སྐུ་དམར་ལྗང་དབང་གཙོ་ཆེ་བ་ལ་བསྟན། །མིག་གིས་རྣམ་ཤེས་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་མཐོང་བའི་དཔལ། །བདག་གི་མིག་ལས་བསྐྱེད་བྱས་པས། །སའི་སྙིང་པོའི་དབང་མཆོག་ཁྱོད་ལ་སྦྱིན། །གཟུགས་སུ་སྣང་བ་སངས་རྒྱས་པས། །བྱང་ཆུབ་ལྷ་མོ་དཀར་མོའི་སྐུ། །ཕྱི་ཡི་གཟུགས་ལས་བསྐྱོད་བྱས་པས། །ལྷ་མོ་ལ་སྱེའི་དབང་མཆོག་ཁྱོད་ལ་སྦྱིན། ཀྵི་ཧི་ར་ཙ་ཡ། ཧཱུྃ་ལ་སྱེ་ས་མ་ཡ་སྟྭཾ། ཨ་བྷི༴ ས་སྙིང་དཀར་པོ་ཕྱག་གཡས་རིན་ཆེན་མྱུ་གུ་འཛིན། །སེམས་སྐྱིལ་སྒེག་མོ་གཡོན་པ་མེ་ཏོག་འཛིན། །རིན་ཆེན་ཞུན་མ་ཤེལ་ལ་སོགས་གང་ལས་སྐྱེས་པ་དེ་བཟོ་མ་བྱས་པས་མྱུ་གུའོ། །སེམས་དཔའ་སེམས་མ་ཐམས་ཅད་ཕྱེད་སྐྱིལ་གདན་ཉི་ཟླ་པདྨ་སུམ་བརྩེག །ཡབ་ཀྱི་གཡོན་པ་དང་ཡུམ་གྱི་གཡས་པ་དྲིལ་བུའམ་འཁྱུད་ཚུལ་ལོ། །རྣ་བའི་རྣམ་ཤེས་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་ཐོས་པའི་དཔལ། །བདག་གི་རྣ་བ་ལས་བསྐྱེད་བྱས་པས། ནམ་མཁའི་སྙིང་པོའི་དབང་མཆོག་ཁྱོད་ལ་སྦྱིན། །སྒྲ་ཡི་ཡུལ་རྣམས་སངས་རྒྱས་པས། །བྱང་ཆུབ་ལྷ་མོ་བཻ་ཌཱུརྱ། །ཡུམ་གྱི་སྒྲ་ལས་བསྐྱེད་བྱས་པས། །ལྷ་མོ་མ་ལེའི་དབང་མཆོག་ཁྱོད་ལ་སྦྱིན། །ཏྲཾ་ཨ་གྷརྦྷ་ཡ། ཏྲཾ་མ་ལྱེ་ས་མ་ཡ་སྟྲམ། ཨ་བྷི༴ ཨ་ཞེས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལྕེ་ལ་བཀོད་པའི་དུས་ན་ཕྲིན་ལས་སུ་བཤད་པས། ཕྱག་རྡོར་ཛིཾ་ཞེས་པ་རིན་ཆེན་རིགས་སྔགས་ཏེ་གཉིས་ཀྱི་འདམ་ཁའོ། །དེ་དུས་སྣ་དབུག་ནམ་མཁའ་སྙིང་པོ་སྔོ། །རྣ་བ་ཕྱག་རྡོར་ལྗང་ཁུ་རྡོ་རྗེ་རྒྱུད་དུ་བཤད། །འདིར་ནམ་སྙིང་སེར་ཕྱག་གཡས་རལ་གྲི་འཛིན། །སེམས་དཀྱིལ་ཕྲེང་བ་ལག་གཡོན་རིན་ཆེན་ཕྲེང་། །སྣ་ཡི་རྣམ་ཤེས་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་སྣོམ་པའི་དཔལ། །བདག་གིས་སྣ་ལས་བསྐྱེད་བྱས་པས། །སྤྱན་རས་གཟིགས་ཀྱིས་དབང་མཆོག་ཁྱོད་ལ་སྦྱིན། །ཚོར་ཞིང་ཡུལ་རྣམས་སངས་རྒྱས་པས། །བྱང་ཆུབ་ལྷ་མོ་རེ་ཀ་ཏིས། །ཚོར་མཆོག་ཡུལ་ལས་སངས་རྒྱས་བསྐྱེད་བྱས་པས། །ལྷ་མོ་གིརྟིའི་དབང་མཆོག་ཁྱོད་ལ་སྦྱིན། །ཧྲི་ཧ་ཧོ་པདྨ་བྷ་དྷ་མ། ཧྲི་གྷིརྟི་ར་ཧོ་ཧཾ། ཨ་བྷི༴ སྤྱན་རས་གཟིགས་དམར་ཕྱག་གཡས་པདྨ་དཀར། །སེམས་དཀྱིལ་གླུ་དབྱངས་ལེན་མ་གཡོན་པི་ཝཾ། །ལྕེ་ཡི་རྣམ་ཤེས་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་མྱོང་བའི་དཔལ། །བདག་གི་ལྕེ་ལས་བསྐྱེད་བྱས་པས། །ཕྱག་ན་རྡོ་རྗེ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །བྲོ་ཞིང་ཡུལ་རྣམས་སངས་རྒྱས་པས། །བྱང་ཆུབ་ལྷ་མོ་ཨིནྡྲ་ནི། །བྲོ་མཆོག་ཡུལ་ལས་བསྐྱེད་བྱས་པས། །ལྷ་མོ་ནིརྟིའི་དབང་མཆོག་ཁྱོད་ལ་སྦྱིན། །ཛྷིཾ་ཀུ་ཏུ་པ་ན་ཧྲིཿ ཨ་ནིརྟི་ར་ཧོ་ཧཾ། ཨ་བྷི་ཥིཉྩ་ཧཱུྃཿ ཕྱག་ན་རྡོ་རྗེ་མཐིང་ཁ་གཡས་རྡོ་རྗེ། །སེམས་དཀྱིལ་གར་བསྒྱུར་ཕུ་དུང་ཕྱག་རྡོར་དྲིལ། །མཐོང་བའི་དབང་པོ་སངས་རྒྱས་དཔལ། །བྱང་ཆུབ་ཆེན་པོ་མཐོང་བར་བྱེད། །དེ་ཉིད་ལས་ནི་བསྐྱེད་བྱས་པས། །བྱམས་པ་མཱཻ་ཏྲིའི་དབང་མཆོག་ཁྱོད་ལ་སྦྱིན། །དབྱར་དགུན་སྟོན་དཔྱིད་སངས་རྒྱས་པས། །དུས་བཞིའི་ཡུལ་རྣམས་སེམས་མའི་སྐུ། །དེ་ཉིད་ལས་ནི་བསྐྱེད་བྱས་པས། བཛྲ་དྷུ་པེའི་དབང་མཆོག་ཁྱོད་ལ་སྦྱིན། །མཱཻ་དྷ་ར་ནི་སྭཱ་ཧཱ། བཛྲ་དྷུ་པེ་པྲ་བེ་ཤ་ཡ། ཨ་བྷི༴ བྱམས་པ་དཀར་སེར་ཕྱག་གཡས་ཀླུ་ཤིང་འགུན་དྷེ་འཛིན། །སེམས་དཀྱིལ་དྷུ་པེ་གཡོན་པ་བདུག་སྤོས་འཛིན། །ཞེས་གསུངས། ཐོས་པའི་དབང་པོ་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་ཐོས་པར་བྱེད། །ཐོས་པའི་དབང་པོ་དེས་བསྐྱེད་པས། །སྒྲིབ་པ་རྣམ་སེལ་དབང་མཆོག་ཁྱོད་ལ་སྦྱིན། །དེ་བཞིན་ཉིད་ལས་སངས་རྒྱས་པས། །ལྷ་མོ་འོད་ལྡན་མཛེས་མའི་སྐུ། །དེ་ཉིད་ལས་ནི་བསྐྱེད་བྱས་པས། །བཛྲ་པུཔྤེ་དབང་མཆོག་ཁྱོད་ལ་སྦྱིན། །ཐླྷིཾ་ནི་ས་རམ་པ་ཡ་སྭཱ་ཧཱ། ཧཱུཾ་པུཔྤེ་ཨ་བེ་ཤ་ཡ། ཨ་བྷི༴ སྒྲིབ་སེལ་དམར་སེར་ཕྱག་གཡས་པོ་ཏི་འཁོར་ལོ་འཛིན། ༀ་པུཔྤེ་དམར་སེར་མེ་ཏོག་འཛིན། པོ་ཏི་གླེགས་ཤིང་ལ་འཁོར་ལོ་རྩིབས་བཅུ་གཉིས་ཡོད་པར་བཤད། ཚོར་བའི་དབང་པོ་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་སྒོམ་བྱེད་པ། །དབང་པོ་དེ་ལས་བསྐྱེད་བྱས་པས། །ཀུན་ཏུ་བཟང་པོའི་དབང་མཆོག་ཁྱོད་ལ་སྦྱིན། །ཡུལ་དུས་བཞི་ཡང་སངས་རྒྱས་པས། །ལྷ་མོ་མུན་སེལ་འོད་ཀྱིས་མཆོག །ཡུལ་དེ་ཉིད་ལས་བསྐྱེད་བྱས་པས། །བཛྲ་ཨཱ་ལོ་ཀའི་དབང་མཆོག་ཁྱོད་ལ་སྦྱིན། །ཧཱུཾ་སྭཱ་ར་ཙ་ཡ་སྭཱ་ཧཱ། བཾ་དེ་པཾ་སུ་ཀི་ནི། ཨ་བྷི༴ ཀུན་བཟང་དམར་ལྗང་རིན་ཆེན་སྙེ་མ་འཛིན། །སེམས་མ་དམར་སེར་ཨ་ལོ་ཀེ་སྒྲོན་མེ་བསྣམས། ནས་འབྲས་གྲོ་སོགས་འབྲུ་རིན་པོ་ཆེ་ཡི་སྙེ་མའོ། །མྱོང་བའི་དབང་པོ་སངས་རྒྱས་པས། །བྱང་ཆུབ་ཆེན་པོ་མྱོང་བྱེད་པ། །དབང་པོ་དེ་ལས་བསྐྱེད་བྱེད་པ། །འཕགས་པ་འཇམ་དཔལ་གཞོན་ནུའི་དབང་མཆོག་ཁྱོད་ལ་སྦྱིན། དུས་བཞིའི་དུས་ཉིད་སངས་རྒྱས་པས། །ལྷ་མོ་འཇམ་དེས་བདེ་ལྡན་མ། །དུས་དེ་ཡུལ་ལས་བསྐུར་བྱེད་པས། །བཛྲ་གྷན་དྷེའི་དབང་མཆོག་ཁྱོད་ལ་སྦྱིན། །མུཾ་ཤྲཱི་ཨ་རམ་ག་ཡ་སྭཱ་ཧཱ། ཧོ་གྷནྡྷེ་ཙིཏྟ་ཧོ། ཨ་བྷི༴ འཇམ་དཔལ་དཀར་ལྗང་ཨུཏྤལ་འཛིན། །སེམས་དཀྱིལ་གྷནྡྷེ་ཏྲིའི་དུང་ཆོས་འཛིན། །ཕྱི་ཕྱིན་ཕྱི་ལོག་བཞི་སངས་རྒྱས་པས། འཇོམས་བྱེད་ཁྲོ་བོ་རེག་ཤེས་ཏེ། །རེག་ཤེས་ཉིད་ལས་སངས་རྒྱས་སྐུར་བསྐྱེད་པས། །གཤིན་རྗེ་གཤེད་པོའི་དབང་མཆོག་ཁྱོད་ལ་སྦྱིན། །དེ་ཡི་ཡུལ་བཞི་སངས་རྒྱས་པས། །རྟག་པར་མ་ཡིན་ཁྲོ་བོ་སྟེ། །དེ་ཉིད་ལས་ནི་སྐུར་བསྐྱེད་པས། །རོ་ལངས་མའི་དབང་མཆོག་ཁྱོད་ལ་སྦྱིན། །ཧཱུཾ་ཡ་མནྟ་ཀྲིཏྟ་ཧཱུཾ་ཕཊཿ ༀ་བཛྲ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊཿ ཨ་བྷི༴ རོ་ལངས་ལྕགས་ཀྱུ་མི་ཕམ་ཞག །རལ་གཅིག་ལྕགས་སྒྲོག་ཁྲོ་གཉེར་དྲིལ། །སློབ་དཔོན་བྷི་མ་ལྷས་བདུད་རྩིར་བཤད། རྡོ་རྗེ་བྲག་སྟེང་པད་ཉི་གདན། །གཤིན་རྗེ་གཤེད་པོ་སྨུག་ནག་ནྲི་མགོ་གདེངས། །སྟོབས་ཆེན་སེར་ནག་རྡོ་རྗེ་རྩེ་ལྔ་གདེངས། །རྟ་མགྲིན་དམར་ནག་ཐོད་པ་སྦྲུལ་དཀྲིས་བསྣམས། །བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ་གནོན། །ཕྱིན་ཅི་ལོག་བཞི་སངས་རྒྱས་པས། །འཇོམས་བྱེད་ཁྲོ་བོ་རེག་བྱེད་དེ། །རེག་བྱེད་ཉིད་ལས་སྐུར་བསྐྱེད་པས། །དཔལ་ལྡན་གཞན་གྱིས་མི་ཐུབ་དབང་མཆོག་ཁྱོད་ལ་སྦྱིན། དེ་ཡི་ཡུལ་བཞིའི་སངས་རྒྱས་པས། །ཆད་པར་མ་ཡིན་ཁྲོ་བོ་སྟེ། །དེ་ཉིད་ལས་ནི་སྐུར་བྱེད་པས། །མི་ཕམ་མའི་དབང་མཆོག་ཁྱོད་ལ་སྦྱིན། ཧཱུཾ་པྲ་ཉན་ཏ་ཀྲིད་ཕཊཿ ཧཱུྃ་རཏྣ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊཿ ཨ་བྷི༴ ཕྱིན་ཅི་ལོག་བཞི་སངས་རྒྱས་པས། །འཇོམས་བྱེད་ཁྲོ་བོ་རེག་བྱ་བྱུང་། །རེག་བྱ་ཉིད་ལས་སྐུར་བསྐྱེད་པས། །ཁྲོ་ཆེན་རྟ་མགྲིན་དབང་མཆོག་ཁྱོད་ལ་སྦྱིན། །དེ་ཡི་ཡུལ་བཞིའི་སངས་རྒྱས་པས། །བདག་ཏུ་མ་ཡིན་ཁྲོ་མོ་ཉིད། །ཡུལ་དེ་ཉིད་ལས་སྐུར་བསྐྱེད་པས། །རལ་གཅིག་མ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ཧཱུཾ་པདྨ་ཏ་ཀྲིད་ཕཊཿ ཧཱུྃ་པདྨ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊཿ ཨ་བྷི༴ ཕྱིན་ཅི་ལོག་བཞི་སངས་རྒྱས་པས། །འཇོམས་བྱེད་ཁྲོ་བོ་རེག་པ་འབྱུང་། །རེག་པ་ཉིད་ལས་སྐུར་བསྐྱེད་པ། །བདུད་རྩི་འཁྱིལ་པའི་དབང་མཆོག་ཁྱོད་ལ་སྦྱིན། །ཧཱུཾ་བིག་ནན་ཏ་ཀྲིད་ཕཊཿ ༀ་ཀརྨ་དྷ་ར་མ་ཧཱ་ཀྲོ་དྷི་ཤྭ་རི་ཛྭ་ལ་ནི་ཧཱུཾ་ཕཊཿ ཨ་བྷི༴ ཡིད་ཀྱི་རྣམ་ཤེས་གནས་དག་པས། །བྱེད་པོ་ཀུན་ཏུ་བཟང་པོ་བྱུང་། །དེ་ཉིད་ལས་ནི་སྐུར་བསྐྱེད་པས། །ཀུན་ཏུ་བཟང་པོའི་དབང་མཆོག་ཁྱོད་ལ་སྦྱིན། དྲུག་པ་ཀུན་ཏུ་བཟང་པོ་འདི་རྡོ་རྗེའི་རིགས་སུ་མཐིང་ཁའི་རིགས་སུ་བྱས་ནས། དང་པོ་རྡོ་རྗེ་དྲིལ་བུ་བྱེད་པ་རྡོ་རྗེ་སེམས་དཔའ་ཨ་ལྟ་བུ་ལ་ཡབ་མཉམ་བཞག་ཕྱག་རྒྱ་ཡེ་ཤེས་ལྔའི་འོད་འཕྲོ་བས། གཡས་རྡོ་རྗེ་གཡོན་དྲིལ་བུ་འཛིན་པ་དང་ཡབ་མཉམ་བཞག་འཕམ་པའི་སྟེང་རྡོ་རྗེ་དང་། ཡུམ་ཐལ་མོ་མཉམ་པར་རྡོ་རྗེ་དྲིལ་བུ་འཛིན་པ་དང་། སྤྱི་བོར་བསྣོལ་བ་དང་། ཐུགས་དཀར་འདམ་ཀའང་། རྡོ་རྗེ་མེ་ལོང་ལས། འོད་འཕྲོ་མཉམ་བཞག་རྡོ་རྗེ་ཐལ། །ཡེ་ཤེས་རྩེ་ལྔ་ཆོས་ཁམས་དྲིལ། །ཐུགས་ཀར་བརྟན་པར་ཉིད་དུ་གསུངས། །ཞེས་ཏེ་ཐེབས་ཆེན་གྱིས་སྲིན་ལག་དབང་མོའི་རྩ་བ་མནན་པ་ལ་རྡོ་རྗེ་ཐལ་མོ་སྟེ། ཡབ་ལ་ཡུམ་འཁྱུད་ཤར། ཡུམ་ལ་ཡབ་འཁྱུད་ནུབ་ཏུ་དང་། །ཕྱག་དྲུག་འདོད་པའི་ལུགས་ཡོད་པའོ། །འདིར་ཕྱག་གཉིས་ལ་ཡབ་རྐྱང་ཤར། །ཡུམ་རྐྱང་ནུབ་ཏུ་མཛད། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ༀ། ཨ་བྷི༴ ཆོས་ཀྱི་སྐྱེ་མཆེད་སངས་རྒྱས་པས། །བྱ་བ་ཀུན་ཏུ་བཟང་མོར་བྱུང་། །དེ་ཉིད་ལས་ནི་སྐུར་བསྐྱེད་པས། །ཀུན་ཏུ་བཟང་མོའི་དབང་མཆོག་ཁྱོད་ལ་སྦྱིན། ཨ་ཨ་ཨ་བཛྲ་བྷ་ཏྲ་ས་མནྟ་ཨཱ། ཨ་བྷི༴ ང་རྒྱལ་ཐམས་ཅད་སངས་རྒྱས་པ། བརྒྱ་བྱིན་ལྷ་ཡི་དབང་པོར་བྱུང་། །དེ་ཉིད་རྒྱུ་ལས་སྐུར་བསྐྱེད་པས། །ལྷ་ཡི་ཐུབ་པའི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་མུ་ནེ་ཀྲེཾ་སྭཱ་ཧཱ། ཨ་བྷི་ཥིཉྩ༴ དཀར་པོ་པི་ཝང་སྒྲེང་གླུ་ལེན། །ཕྲག་དོག་ཐམས་ཅད་སངས་རྒྱས་པས། །ལྷ་མ་ཡིན་ལག་ཐག་བཟང་རིས། །དེ་ཉིད་ལས་ནི་སྐུར་བསྐྱོད་པས། །ལྷ་མིན་ཐུབ་པའི་དབང་༴ ༀ་མུ་ནེ་ཧཱུཾ་དྲུཾ་སྭཱ་ཧཱ། ཨ་བྷི་མཐིང་ཁའོ། །མཐིང་ཁ་གོ་ཆ་མདུང་ཐུང་འཕེན། །འདོད་ཆགས་ཐམས་ཅད་སངས་རྒྱས་པས། །བཅོམ་ལྡན་ཤཱཀྱ་ཐུབ་པ་བྱུང་། །དེ་ཉིད་རྒྱུ་ལས་སྐུར་བསྐྱེད་པས། །མིའི་ཐུབ་པའི་དབང་༴ ༀ་མུ་ནེ་སྲུང་སྭཱ་ཧཱ། ཨ་བྷི༴ །སེར་མདོག་གསེག་ཤང་སྤར་བུ་ཅན། །གཏི་མུག་ཉིད་ལས་སྐུར་བསྐྱེད་པས། །སངས་རྒྱས་སེང་གེའི་དམ་བསྟན་བྱུང་། །དེ་ཉིད་རྒྱུ་ལས་སྐུར་བསྐྱེད་པས། །བྱོལ་སོང་ཐུབ་པའི་དབང་༴ ༀ་མུ་ནེ་བྲེཾ་སྭཱ་ཧཱ། ཨ་བྷི་ཥིཉྩ༴ དམར་ནག་པོ་ཏི་ཆོས་འཆད་ཚུལ། །སེར་སྣ་ཐམས་ཅད་སངས་རྒྱས་པས། །སངས་རྒྱས་ཁ་འབར་སྐུ་འབྱུང་སྟེ། །སེར་སྣ་ཉིད་ལས་སྐུར་བསྐྱེད་པས། །ཡི་དྭགས་ཐུབ་པའི་དབང་༴ ༀ་མུ་ནེ་ཀྵཾ་སྭཱ་ཧཱ། ཨ་བྷི༴ སེར་ནག་རིན་ཆེན་སྒྲོམ་ཟས་བྱིན། །ཞེ་སྡང་ཡེ་ནས་སངས་རྒྱས་པས། །སྟོན་པ་ཆོས་ཀྱི་རྒྱལ་པོ་བྱུང་། །ཞེ་སྡང་རྒྱུ་ལས་སྐུར་བསྐྱེད་པས། །དམྱལ་བ་ཐུབ་པའི་དབང་མཆོག༴ ༀ་མུ་ནེ་ཡེ་སྭཱ་ཧཱ། ཨ་བྷི༴ དུད་ཁ་མེ་འབར་ཆུ་བུམ་འབེབས། །དང་པོར་སྦྱིན་པ་འདི་ཡིན་ཏེ། །ༀ་ཨ་ཧཱུཾ་ཧྲི་ཧེ། གནས་བཀོད་ཡོངས་སུ་གྱུར་པ་ལས། །ཡེ་ཤེས་རྟགས་ཀྱི་ཕྱག་རྒྱ་སྦྱིན། །ཚིག་བཞི་པོ་འདི་ཙཀ་པོད་རྙིང་པ་ན་གདའ་བ་འདི་ཕྱི་དབང་གི་རྒྱབ་ཡིག་ཡིན། ནང་དབང་ལ་དང་པོ་ཉན་དབང་ཡོད་པའོ། །དེས་ན་ཕྱི་དབང་ཡོ་ག །ནང་དབང་མ་ཧཱ། གསང་དབང་ཨ་ནུ། བསྒྲུབ་དབང་ཨ་ཏི་བཞི་ཀའི་ཞི་བ་འདིར་བྱས། བཞི་ཀའི་ཁྲོ་བོ་དང་བསྒྲུབས་རིགས་འཛིན་པ་ཡང་སྦྲེལ་བདོག །ཁྱད་པར་ཕྱི་དབང་གཙོ་རྐྱང་དང་། ནང་དབང་གཙོ་བོ་ཟུང་འབྲེལ་རིགས་ལྔ་གང་རུང་དང་། གསང་དབང་གཙོ་བོ་རིག་བདག་ཟུང་འབྲེལ་ལ་ཞི་མ་ཁྲོའོ། །སྒྲུབ་དབང་གཙོ་བོ་ཀུན་ཁྱབ་བླ་མར་ཀུན་ཚངས་དང་གཞི་ལ་འཁོར་རྒྱས་དུས་དུ་མར་ངེས་པ་ཡི་ཁྱད་པར་གྱིས་ཤན་ཕྱེའོ། །ཟུང་འབྲེལ་ཐབས་དང་ཤེས་རབ་ནི་རྟགས་བདའ་དབང་ཡིན་ལ་དོན་བདེ་བ་ཆེན་པོའི་སྟེ་བདེ་སྟོང་དང་འབྲེལ་བ་མེད་པས་ཟུང་འབྲེལ་ནི་ལྷ་གཅིག་ལའང་སྦྱར་རོ། །ཕྱི་དབང་གཙོ་བོ་ཀུན་ཁྱབ་བླ་མར་ཀུན་ཚང་དང་གཞི་ལ། ཕྱི་དབང་གཙོ་རྐྱང་ནི་སྔོན་གྱི་ཙ་ཀ་ལ་རིགས་ལྔ་ཡབ་འཁྲི་ཅན་ཡུམ་ལྔ་ཁྲི་མེད་ཟུར་ལ། སེམས་ཁྲོའང་ཡང་ཡུམ་རང་ས་ཉི་ཟླ་པད་གདན་རྒྱབ་ཡིག་ལ་ཕྱི་དབང་ནང་དབང་འདྲ་བར་སྣང་ལགས། ཀུན་གྱིས་འདའ་བར་དཀའ་བ་ཡིས། །ཚིག་བཙུན་ཡུལ་ལས་དབང་བསྒྱུར་བའི། །རྒྱལ་པོའི་བཀའ་རྟགས་ཕྱག་རྒྱའི་དབང་། །སྐུ་ལྔ་ཡོངས་སུ་རྫོགས་པར་འགྱུར། །བདེན་པ་འདྲེ༴ ཕྱག་རྒྱ་བཞི་བཅུ་རྩ་གཉིས་ཀྱིས་དབང་བསྐུར་བས་སྐུ་ལྔ་ཡོངས་སུ་རྫོགས་པའི་དབང་ཐོབ་པར་གྱུར་ཅིག །ཧཱུཾ་རྣམ་ཤེས་ཕུང་པོ་སངས་རྒྱས་པས། །རྡོ་རྗེ་རིགས་སུ་ལྷུན་གྱིས་གྲུབ། །འབྱུང་བ་ནམ་མཁའ་སངས་རྒྱས་པས། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །རྟགས་ཀྱི་ཕྱག་རྒྱ་ཆེན་པོ་འདིས། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ཧཱུཾ་བཛྲ་དྷྲིག །མུཾ་དྷ་ཏུ་ཤྭ་རི། མཐིང་ཁ་རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །དྲིལ་བུ་རལ་གྲི་པད་མ་འཛིན། །ཡུམ་འཁྱུད་དྲིལ་བུ་སེང་ཁྲི་ལའོ། །སེམས་དཔའ་རྡོ་རྗེ་དབྱིངས་ལ་བལྟ། །བརྟན་པ་རྡོ་རྗེ་འགྱུར་བ་མེད། །རྟགས་ཀྱི་ཕྱག་རྒྱ་ཆེན་པོ་འདིས། །དེ་རིང་ཁྱོད་ལ་འགྲེ༴ ༀ་བཛྲ་ས་ཏྭ་བཛྲ་ཧཱུཾ། ༀ་བཛྲ་ཏིཥྛ་བཛྲ་ཧཱུཾ། རྡོ་རྗེ་རིན་ཆེན་ཆོས་དོན་གསལ། །རྡོ་རྗེ་བརྟན་མ་དབྱིངས་སུ་སྦྱོར། །རྟགས༴ དེ་རིང་༴ ༀ་བཛྲ་རནྟ་ཧཱུཾ། ༀ་ཛྭ་ལ་བཛྲིར་ཧཱུཾ། ཆོས་ཀྱི་རྡོ་རྗེ་ཆོས་དོན་རིགས། །རྡོ་རྗེ་བསྡུད་མ་མཐའ་གཉིས་སྲོག །རྟགས༴ དེ་རིང་༴ ༀ་དྷརྨ་བཛྲ་ཧཱུཾ། ༀ་སཾ་ཏྲ་བཛྲི་ཧཱུཾ། ལས་ཀྱི་རྡོ་རྗེ་དབྱིངས་སུ་སྦྱོར། །རྡོ་རྗེ་བསྐྱོད་མ་ཅིར་མི་གནས། །རྟགས༴ དེ་རིང་༴ ༀ་ཀརྨ་བཛྲ་ཧཱུཾ། ༀ་ཙོ་ད་བཛྲ་ཧཱུཾ། ཡང་ན་ཙན་ད་ཛྭ་ལ་ཧཱུྃ། ཞེས་སོ། །འོད་རིམ་དུ། གཙོ་ཟུང་འབྲེལ་བའི་ཕྱག་རྒྱ་སྟེ། །སོར་རྩེར་འཆང་བ་ཐུགས་ཀར་བརྟན། །རྡོ་རྗེ་རིན་ཆེན་པདྨ་གྲི། །འབྲེལ་ནི་ཡུམ་གྱི་གཡོན་པའོ། །འབར་མ་སྡུད་མ་བསྡུད་མཆུ་ལྷོ། །རྒྱུད་བཀྲུགས་ཆུ་ནི་མ་ནི་སྟེ། །ལུང་གཅུས་མན་ངག་དེ་ལྟར་གབ། །མེ་ནི་གོས་དཀར་གོས་རྩང་ནུབ། །བཛྲ་ཡབ་ལ་བཛྲིར་ཡུམ། །ཡབ་ལ་མོ་ཡིས་རྟགས་མེད་གབ། །གཟུགས་ཀྱི་ཕུང་པོ་སངས་རྒྱས་པས། །དེ་བཞིན་རིགས་སུ་ལྷུན་གྱིས་གྲུབ། །འབྱུང་བ་ས་གཞི་སངས་རྒྱས་པས། །དེ་བཞིན་རིགས་སུ་ལྷུན་གྱིས་གྲུབ། །རྟགས་ཀྱི་མུ་ཏྲ་ཆེན་པོ་འདིས། །དེ་རིང་ཁྱོད་ལ་སྦྱིན་པར་བྱ། །ༀ་ཛྷི་ན་ཛྷིག །ལམ་ཏེ་ཤ་ར་ཏི། དཀར་པོ་འཁོར་ལོ་རྡོ་རྗེ་རིན་པོ་ཆེ། །དྲིལ་བུ་གྲི་པད་གླང་པོའི་ཁྲི། །སེམས་དཔའ་རྡོ་རྗེ་དབྱིངས་ལ་བལྟའ། །རྡོ་རྗེ་སྒེག་མོར་འགྱུར་བ་མེད། །རྟགས༴ དེ་རིང་༴ ༀ་བཛྲ་སཏྭ་ༀ། ༀ་བཛྲ་ལ་སྱ་ༀ། རྡོ་རྗེ་རྒྱལ་པོ་མཐའ་བཞི་འཇོམས། །གདུག་པ་དབྱིངས་ཀྱིས་ཚིམ་པར་བྱེད། །རྟགས༴ དེ་རིང་༴ ༀ་བཛྲ་ར་ཙཱ་ༀ། ༀ་བཛྲ་དྷུ་པེ་ༀ། རྡོ་རྗེ་ཆགས་པ་མཐའ་གཉིས་འཇོམས། །ༀ་བཛྲ་ར་ག་ༀ། ༀ་བཛྲ་ཨཾ་ཀུ་ཤ་ༀ། རྡོ་རྗེ་ལེགས་པར་གསལ་བར་བསྐུལ། །སྒྲོལ་མ་གཉིས་མེད་ཚུལ་གྱིས་གསལ། །རྟགས༴ དེ་རིང་༴ ༀ་བཛྲ་ས་དྷུ་ༀ། ༀ་བཛྲ་དེ་ཥ་ར་ཏི་ༀ། འོད་རིམ་དུ། རྡོ་རྗེ་ལྕགས་ཀྱུ་མདའ་གཞུ་རྒྱ། །མེ་ལོང་སོག་ཕོར་ལྕགས་ཀྱུ་ཕྲེང་། །ཞེས་ཏེ། རྒྱ་ནི་སེ་གོལ་རྟོག་རྒྱ་གྲམས། །གཙོ་བོ་ཡབ་ཡུམ་ལ་སེམས་དཔའ་ཡབ་ཡུམ་བཞིར་བསྐོར་བའོ། །ཚོར་བའི་ཕུང་པོ་སངས་རྒྱས་པས། །རིན་ཆེན་རིགས་སུ་ལྷུན་གྱིས་གྲུབ། །འབྱུང་བ་ཆུ་རྣམས་སངས་རྒྱས་པས། །རིན་ཆེན་རིགས་ཀྱི་དབང་ཕྱུག་མ། །རྟགས༴ དེ་རིང་༴ སྭཱ་རཏྣ་དྷྲིག །མཾ་མོ་ཧ་ར་ཏི། རིན་ཆེན་འཁོར་ལོ་རྡོ་རྗེ་གཡས། །དྲིལ་བུ་གྲི་པད་རྟ་མཆོག་ཁྲི། །རྡོ་རྗེ་རིན་ཆེན་མཉམ་ཉིད་གསལ། །ཕྲེང་བ་མ་འདྲེས་ཡོངས་རྫོགས་གསལ། །རྟགས༴ དེ་རིང་༴ ༀ་བཛྲ་རཏྣ་ཏྲཾ། ༀ་བཛྲ་མ་ལྱེ་ཏྲཾ། རྡོ་རྗེ་ཉི་མ་གསལ་མཐའ་གནོན། །མེ་ཏོག་མཐའ་བྲལ་རང་རིག་མཛེས། །རྟགས༴ དེ་རིང་༴ ༀ་བཛྲ་སུརྱ་ཏྲཾ། ༀ་བཛྲ་པུཔྤེ་ཏྲཾ། རྒྱལ་མཚན་མི་གནོན་ང་རྒྱལ་ལྡན། །ཞག་པས་མ་ལུས་སེམས་སུ་སྡུད། །རྟགས༴ དེ་རིང་༴ ༀ་བཛྲ་ཀེ་ཏུ་ཏྲཾ། ༀ་བཛྲ་པ་ཤ་ཏྲཾ། བཞད་པས་རང་རིག་དགེས་བེལ་ལྡན། །རྡོ་རྗེ་བདེ་བྱེད་མཐའ་དང་བྲལ། །རྟགས༴ དེ་རིང་༴ ༀ་བཛྲ་ཧ་ས་ཏྲཾ། ༀ་བཛྲ་རཏྣ་ར་ཏི་ཏྲཾ། འོད་རིམ་དུ། རིན་ཆེན་མྱུ་གུ་ཉི་མ་དང་། །རྒྱལ་མཚན་སོར་ཕྲེང་འཛིན་པ་དང་། །རིན་ཆེན་མེ་ཏོག་ཞབས་བསིལ་གཡབ། །ཅེས་ཏེ་ཕྱག་མཚན་ལ་རྟགས་ཉི་མ། རྡོ་རྗེ་གཟི་བརྗིད་ཞེས་བརྗིད་ལྟར། །བཛྲ་ཏེ་ཛ་སྟྭཾ། ཞེས་གསུངས། འདུ་ཤེས་ཕུང་པོ་སངས་རྒྱས་པས། །པདྨ་རིགས་སུ་ལྷུན་གྱིས་གྲུབ། །འབྱུང་བ་མེ་ལས་སངས་རྒྱས་པས། །པདྨ་དབྱིངས་ཀྱིས་དབང་ཕྱུག་མ། །རྟགས༴ དེ་རིང་༴ ཨཾ་ཨ་རོ་ལིཀ །པྱཾ་ར་ག་ར་སྟི། པདྨ་འཁོར་ལོ་རིན་པོ་ཆེ། །དྲིལ་བུ་རལ་གྲི་རྡོ་རྗེའོ། །དམར་རྨ་བྱའི་ཁྲིའོ། །ཆོས་ནི་རང་རིག་ཅིར་མ་ཆགས། །དབྱངས་ནི་དེ་དོན་གསལ་བར་བྱེད། །རྟགས༴ དེ་རིང་༴ ༀ་བཛྲ་དྷརྨ་ཧྲཱི། ༀ་བཛྲ་གིརྟི་ཧྲི། རྡོ་རྗེ་རྣོན་པོ་མཐའ་རྣམས་གཅོད། །སྒྲོན་མ་མ་བསྐྱེད་དོན་གསལ་བྱེད། །རྟགས༴ དེ་རིང་༴ ༀ་བཛྲ་ཏིག་སྣ་ཧྲི། ༀ་བཛྲ་ཨ་ལོ་ཀེ་ཧྲི། འཁོར་ལོ་མྱ་ངན་འདས་པར་བསྐོར། །ཐམས་ཅད་དེར་འབྲེལ་ལྕགས་སྒྲོག་མ། རྟགས༴ དེ་རིང་༴ ༀ་བཛྲ་ཙཀྲ་ཧྲི། ༀ་བཛྲ་སྤོ་ཏ་ཧྲི། སྨྲ་བ་རིག་གསལ་བརྗོད་པ་འདྲ། །གསལ་བཀྲ་ཀུན་ལ་གསལ་བར་བྱེད། །རྟགས༴ དེ་རིང་༴ ༀ་བཛྲ་བག་ཤ་ཧྲི། ༀ་བཛྲ་ར་ག་ར་ཏི་ཧྲི། འོད་རིམ་ལས། པདྨ་ཁ་འབྱེད་རལ་གྲི་དང་། །འཁོར་ལོ་རྡོ་རྗེ་ལྕེ་འཛིན་པ། །པི་ཝཾ་དམར་མོས་ལྕགས་སྒྲོག་མདོངས། །ཞེས་ཏེ་མདོངས་ནི་རྨ་བྱའམ་མདོངས། འཁོར་ལོ་ཞེས་ཕྱག་མཚན་གྱིས་མིང་དང་ཡང་ན་རྒྱུ་མཚན་ཅེས་ཀྱིས་སྔགས། བཛྲ་ཧེ་དུ་ཧྲི། ཞེས་སོ། །འདུ་བྱེད་ཕུང་པོ་སངས་རྒྱས་པས། །ལས་ཀྱི་རིགས་སུ་ལྷུན་གྱིས་གྲུབ། །འབྱུང་བ་རླུང་ལ་སངས་རྒྱས་པས། །ལས་ཀྱི་དབྱིངས་ཀྱི་དབང་ཕྱུག་མ། །རྟགས༴ དེ་རིང་༴ ཧ་པྲཛྙ་དྷྲིག །ཏཾ་བཛྲ་ར་ཏི། རལ་གྲི་འཁོར་ལོ་རིན་པོ་ཆེ། །དྲིལ་བུ་པདྨ་རྡོ་རྗེ་གཡོན། །ལྗང་ཁུ་ཤང་ཤང་ཁྲི་ལས་ནི། །དོན་གཉིས་གཅིག་པར་རིགས། གར་ནི་གསལ་བར་སྣང་བའོ། །རྟགས༴ དེ་རིང་༴ ༀ་བཛྲ་ཀརྨ་ཧ། ༀ་བཛྲ་ནིར་ཏི་ཧ། རྡོ་རྗེ་སྲུང་བ་མཐས་མ་རེག་བྱུག་པ་དེ་དོན་བློས་རིག་པའོ། །རྟགས༴ དེ་རིང་༴ ༀ་བཛྲ་རཀྵ་ཧ། ༀ་བཛྲ་གྷནྡྷེ་ཧ། གནོད་སྦྱིན་མཐའ་རྣམས་ཟ་བར་བྱེད། །དྲིལ་བུ་དེ་དོན་གསལ་སྒྲོགས་པའོ། །བདེན༴ རིགས༴ ༀ་བཛྲ་ཡཀྵ་ཧ། ༀ་བཛྲ་གྷན་དྷ་ཧ། ཁུ་ཚུར་གཉིས་མེད་དོན་རིགས་པ། །འབེབས་མེད་དེ་ཉིད་སྣང་བར་བྱེད། །རྟགས༴ དེ་རིང་༴ ༀ་བཛྲ་སན་ཏི་ཧ། ༀ་བཛྲ་ཨ་བེ་ཤ་ཧ། མཆེ་བ་ཕག་རྒོད་ཀྱིའོ། །འབེབས་མའི་ཁུ་ཚུར་ཁ་སྦུབ་སྟེ་བཛྲ་ར་ཏི་ཧ་ཟེར། དྲིལ་བུ་དང་ནི་བྱུག་པའི་ཁྱད། །འགྲེང་བུ་གྷན་དྷེ་དྲིལ་བུ་དང་། །རྐྱང་པ་གྷན་དྷེ་བྱུག་པའང་སྣམས ། །ཧ་བཏག་ཡོད་དང་མེད་པའང་སྣང་། །འོད་རིམ་དུ། རལ་གྲི་རྡོ་རྗེ་ཕྲེང་བ་དང་། །མཆེ་ཆེན་ཁུ་ཚུར་ཐོགས་པའོ། །གར་མཛད་སྤོས་ཏྲིལ་རྨ་བྱའི་བུམ། །ཞེས་སོ། །ད་ནི་མདོ་དབང་ཁྲོ་བོའི་ལྷའོ། །དབུས་ཆེ་མཆོག་བདུད་རྩི་ལ་དགོངས་པ་ཞི་བའོ། །ཧཱུཾ་སྟོན་པ་ཀུན་བཟང་གནས་འགྱུར་བ། །ཁྲོ་རྒྱལ་ཀུན་གྱིས་རྗེ་བཙུན་ཡབ། །སྐུ་དང་ཕྱག་རྒྱ་ཡོངས་རྫོགས་པས། །ཆེ་མཆོག་ཧེ་རུ་ཀའི་དབང་མཆོག་ཁྱོད་ལ་སྦྱིན། །ཀུན་ཏུ་བཟང་མོའི་ཆོས་ཉིད་གནས་འགྱུར་བ། །ཁྲོ་མོ་ཀུན་གྱི་རྗེ་བཙུན་ཡུམ། །ཤེས་རབ་དབྱིངས་ལས་སྐུར་བསྐྱེད་པའི། །ཀྲོ་ཏིའི་ཤྭ་རིའི་དབང་མཆོག་ཁྱོད་ལ་སྦྱིན། ༀ་ཀ་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊཿ ཀ་ཏ་མ་ཧཱ་ཀྲོ་ཏི་ཤཱ་རི་ཧཱུཾ་ཕཊཿ ཨ་བྷི་ཥིཉྩ་ཧཱུཾ། ཆེ་མཆོག་བདུད་རྩི་ལ་དགོངས་ཁྲོ་བོ་ནི། །སྟོན་པ་ཀུན་ཏུ་བཟང་པོ་གནས་གྱུར་པ། །ཁྲོ་རྒྱལ་ཀུན་གྱིས་རྗེ་བཙུན་ཡབ། །སྐུ་དང་ཕྱག་རྒྱ་མངོན་རྫོགས་པས། །ཆེ་མཆོག་ཧེ་རུ་ཀ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ཀུན་ཏུ་བཟང་མོའི་གནས་འགྱུར་བས། །ཁྲོ་མོ་ཀུན་གྱིས་རྗེ་བཙུན་ཡུམ། །ཤེས་རབ་དབྱིངས་ལས་སྐུ་བསྐྱེད་པས། །སེང་ཧ་ཀྲོ་ཏིའི་ཤྭ་རིའི་དབང་མཆོག་ཁྱོད་ལ་སྦྱིན། ༀ་སིང་ཧ་མ་ཧཱ་ཤྲཱི་ཧེ་རུ་ཀ་སེང་ཧ་མ་ཧཱ་ཀྲོ་ཏི་ཤྭ་རི་ཧཱུཾ་ཕཊཿ ཨ་བྷི་ཥིཉྩ་ཧཱུཾ། སྟོན་པ་ཀུན་ཏུ་བཟང་པོ་ཡབ་ཡུམ་གནས་གྱུར་པའི། ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་གྱིས་དབང་ཐོབ་པར་གྱུར་ཅིག །དཔལ་ཆེ་མཆོག་འདིའི་སྐུ་ལ། རྒྱུད་ཀུན་འདུས་ནས་སྨན་གྱི་དཀྱིལ་འཁོར་འདི་ཀ་ལ་ལྷ་ཀུན་ཚངས་པས། ཀུན་འདུས་ལས་འདི་ཀ་ལས་ཙ་ཀ་ལོག་ན་མེད་དེ། ཁྲག་འཐུང་ཁྲོ་བཞི་ཁྲོ་བཅུ་ཁྲ་ཐབས་ཁྱམས་རྣམས་ཀྱི་ལྷ་དང་བཅས་པའི་ངོ་འདི་ལས་སྤྲོད་པའོ། །ཨེ་མ་ཧོ། ཆོས་ཀུན་སྐུ་ལ་ཡོངས་སུ་རྫོགས་པ་ཆོས་ཀྱི་སྐུ། །རྡོ་རྗེ་ཆེ་མཆོག་ཕྱག་འཚལ་ཧེ་རུ་ཀ །ཐེག་ཆེན་དགུ་དང་འཁོར་བའི་ཆོས་རྣམས་ཀུན། །ཕྱག་རྒྱ་གཅིག་ཏུ་བཀོད་ནས་རྫོགས་པའི་སྐུ། །འཁོར་བ་ཀུན་དང་ཐར་པའི་ཆོས་རྣམས་ཀུན། །དཔའ་བོ་ཆེན་པོའི་གདན་དུ་བརྗིད་ཅིང་རོལ། །འགྲན་གྱི་ཟླ་མེད་ཆེ་བཙན་གཅིག་པུ་ཉིད། །གསང་མཆོག་འབར་བའི་སྐུ་ལ་ཕྱག་འཚལ་བསྟོད། །བདེན༴ རིགས༴ གཞལ་ཡས་ནི་ཡུམ་ཀུན་ཏུ་བཟང་མོའོ། །དཔལ་ཆེ་མཆོག་གི་གཙུག་ཏོར་རྒྱལ་མཚན་རྩེ་མོ་ལ་གསེར་གྱི་ཏོག་སྟོང་ནི་རྫོགས་པ་ཆེན་པོ་དང་སྐུ་དང་སྐུའི་བརྒྱན་ལ་རྫོགས་པ་དང་། སྐྱེད་པའི་རྣལ་འབྱོར་གྱི་གདན་གྱི་འོག་ནོར་བུ་རིན་པོ་ཆེའི་གདན་གྱི་སྟེངས་ན། རྡོ་རྗེ་རྩེ་ལྔ་དང་རྩེ་གསུམ་གྱི་བྲག་གཏམས་པ་ལ། ཡོ་ག་དང་། ཨུ་པ་དང་། ཀྲི་ཡ་དང་། རི་རབ་ཀྱི་ཁབ་མེ་ཏོག་གི་གཅལ་དང་། ཀས་མ་གར་མའི་འོད་འཁྲིགས་པའི་ནོར་བུ་རིན་པོ་ཆེའི་འབར་བའི་བྲག་གཏམས་པ་ལ། བྱང་ཆུབ་སེམས་དཔའ་རྣམས་དང་། རང་རྒྱལ་དང་། ཉན་ཐོས་དང་། ལྷ་མི་ཡང་འཁོར་བ་གཟུགས་མེད་པའི་ཁམས་དང་། ཀེང་རུས་ཀྱི་རི་དང་། གཟུགས་ཀྱི་ཁམས་ཞིང་ཆེན་གྱི་ས་དང་། འདོད་པ་ཁམས་ཀྱི་ཆགས་པ་ཐམས་ཅད་ཁྲག་གི་རྒྱ་མཚོ་མངོན་པར་རྫོགས་པར་མཐོང་ཞིང་། ཕྱག་རྒྱ་རྣམ་པར་སྤྲོ་བའི་ཏིང་ངེ་འཛིན་གྱི་དབང་ཐོབ་པར་གྱུར་ཅིག །ཆེ་མཆོག་མདོ་ལ་དགོངས་པ་ལྟར། །ཁྲོ་བོ་རྩར་ཕྲེང་ལས། གནམ་ཞལ་ཕྱག་གཉིས་སྐུ་ལ་འཁྲིལ། །ཞེས་བཤད་པས། ཞི་བ་སྔོན་མོའམ་ཁྲོ་མོ་སྨུག་མོའི་ཡུམ། སྐུ་ལ་འཁྲིལ་བའི་ཚུལ་ལམ། ཟུར་དུ་ཙ་ཀ་ལི་མཛད། ཆེ་མཆོག་བདུད་རྩི་ལ་དགོངས་པ་ལྟར། ཡབ་ཀྱི་རྡོ་རྗེ་ཡུམ་གྱི་ཞལ་དུ་གཞུགས། ཡུམ་གྱི་མཁའ་ནས་བཛྲ་ཧེ་རུ་ཀ་དབུ་ཕྱེད་འཐོན་བདུད་རྩི་བབས་པའི་སྦྱོར་བ་གསུངས་སོ། །བཅོམ་ལྡན་དབང་མཆོག་ཧེ་རུ་ཀ །མཐིང་ནག་འཇིགས་སྐུ་གདུག་པ་འདུལ། །དབུ་གསུམ་དང་པོར་བྱུང་བ་ནི། །གཡས་དཀར་གཡོན་དམར་དབུས་མཐིང་ཞལ། །སྐུ་གསུང་ཐུགས་དང་ལྡན་པའི་དབུས། །ཁམས་གསུམ་མྱ་ངན་འདས་པའི་ཞལ། །དབུ་གསུམ་བར་དུ་རྔམས་པ་ནི། །གཡས་སྔོ་གཡོན་ལྗང་དབུས་འཐིང་ཞལ། །ཐབས་དང་ཤེས་རབ་སེམས་ཀྱི་དབུ། །སྲིད་གསུམ་དབྱིངས་སུ་སྒྲོལ་བའི་ཞལ། །དབུ་གསུམ་ཐོག་མར་རྔམས་པ་ནི། །གཡས་མཐིང་གཡོན་མཐིང་དབུས་མཐིང་ཞལ། །ལུང་དང་མན་ངག་སེམས་ཀྱི་དབུ། །ཁམས་གསུམ་རེ་བ་བསྐོང་བའི་ཞལ། །བཅོ་བརྒྱད་ཕྱག་རྒྱ་རོལ་པ་ནི། །སྟོང་པ་བཅོ་བརྒྱད་དབྱིངས་སུ་ཐིམ། །བཅོ་བརྒྱད་ཕྱག་ན་བསྣམས་པ་ནི། །རྡོ་རྗེ་གློ་སྙིང་ཞིང་ཆུང་གཡས། །བན་དྷ་ཞིང་ཆུང་ཏི་ར་གཡོན། །ཞིང་ཞགས་ཉི་མ་ཁྱུང་ཆེན་གཡས། །ཞིང་ཆེན་ཟླ་བ་འུག་པ་གཡོན། །མེ་དང་རྒྱ་མཚོ་གའུ་གཡས། །ཀླུ་དང་རིན་ཆེན་རི་རབ་གཡོན། །ཡོན་ཏན་བཅོ་བརྒྱད་དབྱིངས་སུ་རྫོགས། །ཁྲོ་རྒྱལ་རྒྱན་རྣམས་སྐུ་ལ་བརྗིད། །ཀྲོ་ཏི་མཐིང་ནག་འཁྲིལ་བའི་ཚུལ། །བན་དྷ་རཀྟ་གཙོ་ལ་སྟོབས། །རྒྱུ་རྒྱལ་ཆེ་མཆོག་ཧེ་རུ་ཀ །དབང་མཆོག་སྐུ་ལ་ཕྱག་འཚལ་བསྟོད། །ༀ་སརྦ་ཏ་ཐ་ཤྲཱི་ཧེ་རུ་ཀ་ཧཱུྃ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། སརྦ་ཏ་ཐཱ་ག་ཏ་ཀྲོ་ཏི་ཤྭ་རི་ས་མ་ཡ་སྟྭཾ། བདེན༴ རིགས༴ དབང་མཆོག་ཡབ་ཡུམ་གྱི་དབང་ཐོབ་པར་གྱུར་ཅིག །སྟོན་པ་ཀུན་ཏུ་བཟང་མོ་གནས་འགྱུར་བ། །ཁྲོ་རྒྱལ་ཀུན་གྱི་རྗེ་བཙུན་ཡུམ། །སྐུ་དང་ཕྱག་རྒྱ་མངོན་རྫོགས་པས། །ཆེ་མཆོག་ཡུམ་གྱི་དབང་ཆེན་ཁྱོད་ལ་སྦྱིན། །ཀུན་ཏུ་བཟང་མོའི་ཆོས་ཉིད་གནས་འགྱུར་བས། །ཁྲོ་མོ་ཀུན་གྱིས་རྗེ་བཙུན་ཡུམ། །ཤེས་རབ་དབྱིངས་ལས་སྐུར་བསྐྱེད་མ། །ཀྲོ་ཏི་ཤྭ་རིའི་དབང་མཆོག་ཁྱོད་ལ་སྦྱིན། །ཀ་ཏ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊཿ ཨ་བྷི༴ རྡོ་རྗེ་སེམས་དཔའ་གནས་འགྱུར་བས། །ཁྲག་འཐུང་ཞེ་སྡང་འཇོམས་པའི་སྐུ། །འཇིགས་བྱེད་འབར་བའི་སྐུར་སྤྲུལ་ནས། །མཆོད་ཅིང་བྱིན་རྣམས་གསལ་སྒྲུབས་པས། །བཛྲ་ཧེ་རུ་ཀའི་དབང་མཆོག་ཁྱོད་ལ་སྦྱིན། །ནམ་མཁའ་ཀུན་བཟང་གནས་འགྱུར་བས། །ཁྲོ་བོ་དབང་ཕྱུག་སྐུར་གསལ་བས། །ཐབས་དང་ཤེས་རབ་གཉིས་སུ་མེད། །ཡབ་ཡུམ་མཆོད་ཅིང་གསལ་སྒྲུབ་པས། །བཛྲ་ཀྲོ་ཏི་ཤྭ་རིའི་དབང་མཆོག་ཁྱོད་ལ་སྦྱིན། བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་ཏི་ཤྭ་རི་ས་མ་ཡ་ཧཱུྃ། ཨ་བྷི་ཥིཉྩ༴ ཧེ་རུ་འདུས་རྒྱུད་ལྟར་དུ། གཡས་དཀར་གཡོན་དམར་དབུས་མཐིང་ཞལ། རྡོ་རྗེ་ཁ་ཊཾ་རྔེའུ་ཆུང་གཡས། །དྲིལ་བུ་བྷན་དམར་རྒྱུ་ཞགས་གཡོན། །ཡུམ་སྔོ་གཡས་འཁྱུད་ཐོད་ཕྲག་སྟོབས། ཞེས་པ་འདི་ཆེ་མཆོག་ཕྱག་དྲུག་པའང་ཡིན་རྒྱབ་ཡིག་ཆེ་མཆོག་ཀུན་མཐུན། ཡང་རྒྱུད་ལྟར་དུ། དང་པོ་རྡོར་དྲིལ་དང་རྡོ་རྗེ་དུང་ཁྲག་བར་སྟི་ར་འཇིག་རྟེན་འཁོར་ཡུག་བཅས་ཐ་མ་དང་པོ་རྩེ་དགུ་བར་རྩེ་ལྔའོ། །རྣམ་པར་སྣང་མཛད་གནས་འགྱུར་བ། །ཁྲག་འཐུང་གཏི་མུག་འཇོམས་པའི་སྐུ། །འཇིགས་བྱེད་སྨུག་ནག་འབར་བར་གསལ། །མཆོད་ཅིང་བསྒྲུབ་སྟེ་བྱིན་རླབས་པས། །བྷུདྡྷ་ཧེ་རུའི་དབང་མཆོག་ཁྱོད་ལ་སྦྱིན། །སངས་རྒྱས་སྤྱན་ལས་གནས་འགྱུར་བ། །ཁྲོ་བོ་དབང་ཕྱུག་སྐུར་གསལ་བས། །ཐབས་དང་ཤེས་རབ་བྱང་ཆུབ་སེམས། །སྤྱན་དྲངས་མཆོད་ཅིང་བསྒྲུབས་པ་ཡི། །བྷུདྡྷ་ཀྲོ་ཏི་ཤྭ་རའི་དབང་མཆོག་ཁྱོད་ལ་སྦྱིན། །བྷུདྡྷ་ཤྲཱི་ཧེ་རུ་ཀ་བྷུདྡྷ་ཀྲོ་ཏི་ཤྭ་རི་ཧཱུྃ། ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཨ་བྷི༴ གཡས་དཀར་གཡོན་དམར་དབུས་སྨུག་ནག །འཁོར་ལོ་ཁ་ཊཾ་རྔེའུ་ཆུང་གཡས། །དྲིལ་བུ་དུང་དམར་རྒྱུ་ཞགས་གཡོན། །དབུས་སྨུག་གཡས་འཁྱུད་ཐོད་ཁྲག་སྟོབས། །རྒྱུད་ལྟར་དག་པོ་འཁོར་ལོ་འདྲིལ། །རྡོ་རྗེ་དུང་ཁྲག་བར་ཏི་ར། །དྲི་ཤུལ་མདུང་རྩེ་གསུམ་ཐ་མའོ། །རིན་ཆེན་འབྱུང་ལྡན་གནས་འགྱུར་བས། །ཁྲག་འཐུང་ཆེན་པོ་ང་རྒྱལ་འཇོམས། །འཇིགས་བྱེད་སེར་ནག་འབར་བ་ལ། །སྤྱན་དྲངས་མཆོད་ཅིང་བསྒྲུབས་པ་ལ། །རཏྣ་ཧེ་རུ་ཀའི་དབང་མཆོག་ཁྱོད་ལ་སྦྱིན། །མ་མ་ཀི་ལས་གནས་འགྱུར་བས། །འཇིགས་བྱེད་ཁྲོ་མོའི་སྐུར་སྣང་བ། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །སྤྱན་དྲངས་མཆོད་ནས་བསྙེན་བསྒྲུབས་པས། །རཏྣ་ཀྲོ་ཏི་ཤྭ་རིའི་དབང་མཆོག་ཁྱོད་ལ་སྦྱིན། རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་ཏི་ཤྭ་རི་སྟོམ། ༀ་རུ་ལུ༴ ཨ་བྷི༴ གཡས་དཀར་གཡོན་སྔོ་དབུས་སེར་ནག །རིན་ཆེན་ཁ་ཊཾ་རྔེའུ་ཆུང་གཡས། །དྲིལ་བུ་དུང་དམར་རྒྱུ་ཞག་གཡོན། །ཡུམ་སེར་གཡས་འཁྱུད་ཐོད་ཁྲག་གཡོན། །རྒྱུད་ལྟར་དང་པོ་རིན་ཆེན་འདྲིལ། །རྡོ་རྗེ་དུང་ཁྲག་བར་སྟི་ར། །དགྲ་སྟ་སོ་གཉིས་གཡོན་ཐ་མའོ། །སྣང་བ་མཐའ་ཡས་གནས་འགྱུར་བ། །དཔལ་ཆེན་ཁྲག་འཐུང་འདོད་ཆགས་འཇོམས། །དམར་ནག་འབར་བའི་རལ་པ་ཅན། །སྒོམས་ཤིང་མཆོད་དེ་བསྒྲུབས་པ་ལས། །པདྨ་ཧེ་རུ་ཀའི་དབང་མཆོག་ཁྱོད་ལ་སྦྱིན། །ན་བཟའ་དཀར་མོ་གནས་འགྱུར་བ། །འཇིགས་བྱེད་ཁྲོ་མོའི་སྐུར་སྣང་བ། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །གཉིས་མེད་བྱང་ཆུབ་སེམས་བསྒྲུབས་པས། །པདྨ་ཀྲོ་ཏི་ཤྭ་རའི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་ཏི་ཤྭ་རི་སྟྭཾ། ༀ་རུ་ལུ༴ ཨ་བྷི༴ གཡས་དཀར་གཡོན་སྔོ་དབུས་དམར་ནག །པདྨ་ཁ་ཊཾ་རྔེའུ་ཆུང་གཡས། །དྲིལ་བུ་དུང་དམར་རྒྱུ་ཞགས་གཡོན། །ཡུམ་དམར་གཡས་འཁྱུད་གཡོན་ཐོད་ཁྲག །རྒྱུ་ལྟར་དང་པོ་པདྨ་འདྲེལ། །རྡོ་རྗེ་དུང་ཁྲག་བར་སྟི་ར། །རྔའམ་རྔེའུ་ཆུང་གཡོན་མའོ། །དོན་ཡོད་གྲུབ་པ་གནས་འགྱུར་བ། །འཇིགས་བྱེད་ཁྲག་འཐུང་ཕྲག་དོག་འཇོམས། །ལྗང་ནག་མེ་འབར་འཇིགས་པའི་གཟུགས། །གསལ་བར་བསྐྱེད་ཅིང་མཆོད་བསྒྲུབས་པས། །ཀརྨ་ཧེ་རུ་ཀའི་དབང་མཆོག་ཁྱོད་ལ་སྦྱིན། །དམ་ཚིག་སྒྲོལ་མ་གནས་འགྱུར་བ། །འཇིགས་བྱེད་ཁྲོ་མོའི་ཆ་ལུགས་ཅན། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །ལྷག་པའི་བྱང་ཆུབ་སེམས་འཕྲོས་པས། །ཀརྨ་ཀྲོ་ཏིའི་ཤྭ་རིའི་དབང་མཆོག་ཁྱོད་ལ་སྦྱིན། ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་ཏི་ཤྭ་རི་སྟྭཾ། ༀ་རུ་ལུ༴ ཨ་བྷི༴ གཡས་དཀར་གཡོན་དམར་དབུས་ལྗང་ནག །རྒྱ་གྲམ་ཁ་ཊཾ་རྔེའུ་ཆུང་གཡས། །དྲིལ་བུ་དུང་དམར་རྒྱུ་ཞགས་གཡོན། །ཡུམ་ལྗང་གཡས་འཁྱུད་གཡོན་དུང་ཁྲག་སྟོབས། །རྒྱུད་ལྟར་དང་པོ་རྒྱ་གྲམ་འདྲིལ། །རྡོ་རྗེ་དུང་ཁྲག་བར་སྟི་ར། །ཐོང་གཤོལ་ཐ་མ་ཁྲོ་རྒྱལ་ཐ་མའོ། །དར་རྗེ་དཔལ་གྲགས་རྒྱུད་ལུང་གིས། །སྐུ་ཕྱག་མི་འདྲ་རང་དགར་མཛད། །ཞང་ཆེན་རྒྱལ་བའི་ཡོན་ཏན་ནི། །རྒྱུད་ལུང་ལུགས་མང་འདི་ལ་གྲིལ། །དེ་ལྟར་སངས་རྒྱས་ཡེ་ཤེས་མཛད། །གྲུབ་པ་ཐོབ་པ་མང་བྱུང་བའོ། །ཧཱུྃ་སྟོན་པ་ཀུན་བཟང་གནས་འགྱུར་བ། །ཁྲོ་རྒྱལ་ཀུན་གྱི་རྗེ་བཙན་ཡབ། །སྐུ་དང་ཕྱག་རྒྱ་མངོན་རྫོགས་པས། །ཆེ་མཆོག་ཡབ་ཀྱི་དབང་མཆོག་ཁྱོད་ལ་སྦྱིན། །ཀུན་ཏུ་བཟང་མོའི་ཆོས་ཉིད་གནས་གྱུར་པ། །ཁྲོ་མོ་ཀུན་གྱི་རྗེ་བཙུན་ཡུམ། །ཤེས་རབ་དབྱིངས་ལས་སྐུར་བསྐྱེད་པའི། །ཀྲོ་ཏིའི་ཤྭ་རིའི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་ཨཥྚ་མ་ཧཱ་ཤྲཱི་ཧེ་རུ་ཀ །ཨཥྚ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊཿ ཨ་བྷི༴ ཨཥྚ་ནི་ཞབས་བརྒྱད་པ་དང་། དབང་མཆོག་ཅེས་མ་མོའི་རྒྱུད་དུ་གསུངས། ཕྱག་དང་པོ་རྡོར་དྲིལ་དང་རྡོ་རྗེ་དུང་ཁྲག་སྐབས་ནས་འོག་ཏུ་གཡས་བརྒྱད་ཀོའུ་རི། གཡོན་བརྒྱད་སིང་ང་ཞེས་བདུད་རྩི་ལས་བཤད། ཙ་ཀ་འདིའི་གཡས་ཐོ་བ་དང་གཡོན་གཏུན་ཁུང་འདི་མགོན་པོའི་སྐབས་ནས་བཤད། མཐུ་སྟོབས་མངའ་བདག་ནས་འགྱུར་པ། །སྒྲོལ་བྱེད་ཆེན་པོའི་བདུད་རྣམས་འཇོམས། །ཐོད་གཡག་སྲིན་པོ་སྒྲོལ་ལ་མཁས། །སྨུག་ནག་འཇིགས་པའི་ཆ་ལུགས་ཅན། །རཀྴ་ཧེ་རུ་ཀའི་དབང་མཆོག་ཁྱོད་ལ་སྦྱིན། །ལྷ་མོ་རལ་གཅིག་གནས་འགྱུར་བས། །ཁྲོ་མོ་ཡབ་ཀྱི་ཆ་ལུགས་ཅན། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །རཀྴ་ཀྲོ་ཏི་ཤྭ་རིའི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་མ་ཧཱ་རཀྴ་ཤྲཱི་ཧེ་རུ་ཀ་ཙན་དྷ་སརྦ་དུས་སྟན་ད་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊཿ ༀ་རུ་ལུ༴ ༀ་མ་ཧཱ་རཀྴ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊཿ ༀ་རུ་ལུ༴ ཨ་བྷི་ཥཱེ་ཀ་སྭཱ་ཧཱ། ཨེ་ཤེ་ར་སི་ཏི་ན་མ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། གཡས་དཀར་གཡོན་དམར་དབུས་སྨུག་སེར། །དབྱུག་ཏོ་ཁ་ཊཾ་རྔེའུ་ཆུང་གཡས། །དྲིལ་བུ་དུང་དམར་རྒྱུ་ཞགས་གཡོན། །ཀྲོ་ཏི་གཡས་འཁྱུད་གཡོན་ཁྲག་སྟོབས། །མཁྱེན་རབ་བདག་པོ་གནས་འགྱུར་བས། །སྒྲོལ་བྱེད་མ་མོ་མཁའ་འགྲོ་འདུལ། །སེར་ནག་མདོག་འདྲ་འཇིགས་པའི་གཟུགས། །གང་སྒྲུབས་མཐུ་དང་དབང་རྩོལ་བའི། །ས་ནུ་ཧེ་རུ་ཀའི་དབང་མཆོག་ཁྱེད་ལ་སྦྱིན། །འཇིག་རྟེན་མ་མོ་གནས་འགྱུར་བས། །ཁྲོ་མོ་དབ ང་ཕྱུག་ཀུན་གྱི་རྗེ། །སྤྲུལ་པ་ཡང་སྤྲུལ་ཀུན་གྱི་མ། །ས་ནུ་ཀྲོ་ཏི་ཤྭ་རིའི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་མ་ཧཱ་པ་ནུ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙན་དྷ་འདྲེ། ༀ་མ་ཧཱ་པ་ནུ་ཀྲོ་ཏི་ཤྭ་རི་ཧཱུཾ་ཕཊཿ ཨ་བྷི་ཥཱེ་ཀ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མ་ཨ་བྷི་ཥིཉྩ་ཧཱུཾ། ༀ་རུ་ལུ༴ གཡས་དཀར་གཡོན་དམར་དབུས་དམར་སེར། །སྟི་ར་ཁ་ཊཾ་རྔེའུ་ཆུང་གཡས། །དྲིལ་བུ་དུང་དམར་རྒྱུ་ཞགས་གཡོན། །ཀྲོ་ཏི་གཡས་འཁྲིལ་གཡོན་ཁྲག་སྟོབས། །ཐུགས་རྗེའི་བདག་པོ་གནས་འགྱུར་བས། །གསང་བའི་དོན་ལ་མངའ་མཛད་པའི། །དམར་ནག་འཇིགས་པའི་ཆ་ལུགས་ཅན། །དུས་རྣམས་རྟག་ཏུ་གསང་བའི་ལྷ། །གུ་ཡ་ཧེ་རུ་ཀའི་དབང་མཆོག་ཁྱོད་ལ་སྦྱིན། །གསང་བའི་ལྷ་མོ་གནས་འགྱུར་བས། །ཁྲོ་མོ་ཆེན་མོ་གསང་བའི་ལྷ། །གསང་བའི་དོན་ལ་བསྐུར་བྱེད་མ། །གུ་ཧྱ་ཀྲོ་ཏི་ཤྭ་རིའི་དབང་མཆོག་ཁྱོད་ལ་སྦྱིན། །གུ་ཡ་ཤྲཱི་ཧེ་རུ་ཀ་གུ་ཡ་ཀྲོ་ཏི་ཤྭ་རི་ཧཱུཾ། མཁྱེན་རབ་བདག་པོ་གནས་འགྱུར་བ། །སྒྲོལ་བྱེད་ཆེན་པོ་དྲེགས་པ་འདུལ། །ཞེ་སྡང་འཁོར་བ་སྒྲོལ་ལ་བརྩོན། །གྷུ་ཡ་ཧེ་རུའི་དབང་མཆོག་ཁྱོད་ལ་སྦྱིན། །བརྫུས་སྐྱེས་འཇོམས་པ་གནས་འགྱུར་བ། །ཁྲོ་མོ་ཡབ་ཀྱིས་ཆ་ལུགས་འཛིན། །གྷུ་ཡ་ཀྲོ་ཏིའི་དབང་མཆོག་ཁྱོད་ལ་སྦྱིན། །ཐུགས་རྗེས་བདག་པོ་གནས་འགྱུར་བ། །སྒྲོལ་བྱེད་ཆེན་པོ་ཀླུ་གདོན་འདུལ། །དམར་ནག་འཇིགས་པའི་ཆ་ལུགས་ཅན། །དུས་རྣམས་རྟག་ཏུ་གསང་བའི་ལྷ། །གུ་ཡ་ཧེ་རུ་ཀའི་དབང་མཆོག་ཁྱོད་ལ་སྦྱིན། །གསུང་གི་བདག་མོ་གནས་འགྱུར་བས། །ཁྲོ་མོ་ཡབ་ཀྱི་ཆ་ལུགས་ཅན། །ཡབ་ཡུམ་ཐབས་དང་ཤེས་རབ་ལས། །གྷུ་ཡ་ཀྲོ་ཏིའི་ཤྭ་རིའི་དབང་མཆོག་ཁྱོད་ལ་སྦྱིན། །གཡས་དཀར་གཡོན་དམར་དབུས་དམར་ལྗང་། །རལ་གྲི་ཁ་ཊཾ་རྔེའུ་ཆུང་གཡས། །དྲིལ་བུ་དུང་དམར་རྒྱུ་ཞགས་གཡོན། །ཀྲོ་ཏི་གཡས་འཁྱུད་གཡོན་ཁྲག་སྟོབས། །བཛྲ་ཡཀྴ་གནས་འགྱུར་བ། །དཔལ་ཆེན་དམ་ཚིག་མངའ་མཛད་པའི། །ལྗང་ནག་འཇིགས་པའི་ཆ་ལུགས་ཅན། །བསྐལ་པ་བརྒྱར་ཡང་དམ་ཚིག་བལྟ། །ཡཀྵ་ཧེ་རུ་ཀའི་དབང་མཆོག་ཁྱོད་ལ་སྦྱིན། །ཡུམ་ཆེན་དམ་ཚིག་གནས་འགྱུར་བ། །ཁྲོ་མོ་དམ་ཚིག་བྱ་ར་མཁན། །སངས་རྒྱས་སེམས་ཅན་འདའ་མི་བྱེད། །དམ་ཚིག་དབྱིངས་སུ་བསྐུལ་བྱེད་པའི། །ཡཀྵ་ཀྲོ་ཏི་ཤྭ་རིའི་དབང་ཐོབ་ཤོག །ༀ་ཡཀྵ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙན་དྷ་འདྲེ། ༀ་མ་ཧཱ་ཡཀྵ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཧཱུྃ་ཕཊཿ ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤ་རི་སི་ཏི་ན་མ་བྷི་ཤེ་ཙ་ནི་མང་གྷ་ལ་ས་ཥྚི་ས་ཧཱུྃ། ༀ་རུ་ལུ༴ གཡས་དཀར་གཡོན་དམར་དབུས་དཀར་ལྗང་། །བེ་ཅོན་ཁ་ཊཾ་རྔེའུ་ཆུང་གཡས། །དྲིལ་བུ་དུང་དམར་རྒྱུ་ཞགས་གཡོན། །ཀྲོ་ཏི་གཡས་འཁྱུད་གཡོན་ཁྲག་སྟོབས། །ཧེ་རུ་ཀ་འདུས་རྒྱུད་ནས། སྨུག་སེར་དམར་སེར་དམར་ལྗང་དཀར་ལྗང་འཇིགས་པའི་སྐུ། དབྱུག་ཐོ་སྟ་རེ་རལ་གྲི་དང་། བེ་ཅོན་གཡོན་གྱིས་དྲིལ་བུ་འཛིན། ཞེས་ཏེ། ཁ་ཊཾ་རྔེའུ་ཆུང་དུང་དམར་རྒྱུ་ཞགས་མཐུན་ནོ། །སྟ་རི་དང་སྟི་ར་ཟེར་བ་ཞུ་ཏིག་བྱས་ས་ནུའི་ཕྱག་མཚན་ནོ། །དབང་གི་དཀྱིལ་འཁོར་ཆེན་པོ་ཡིས། །འཁོར་ལོ་བརྒྱད་ཀྱི་ཕྱི་རོལ་ལ། །གྲུ་ཆད་བཞི་དང་གློ་འབུར་དུ། །ཁྲོ་མོ་བརྒྱད་ཀྱིས་བསྐོར་བ་ནི། །སའི་སྙིང་པོ་གནས་འགྱུར་བས། །སྲིན་མོ་ཆེན་མོ་ཀེང་ཐོད་རྟུལ། །དཀར་མོ་མཐུ་རྩལ་སྐུལ་བྱེད་པའི། །བཛྲ་ཀོའུ་རིའི་དབང་མཆོག་ཁྱོད་ལ་སྦྱིན། །བཛྲ་ཀོའུ་རི་ཧ་ཧ་ཧ། ༀ་རུ་ལུ༴ ཨ་བྷི་ཤེ་ཀ་སྭཱ་ཧཱ། ཨ་ཤ་ར་སི་ཏི་ན་མ། ཨ་བྷི་ནི་ཥིཉྩ་སྭཱ་ཏི་ཧཱུྃ། ཨ་བྷི༴ རྩ་བའི་ས་བོན་ལ་གནས་མ་བརྒྱད་ལ། ཧ་ཡུལ་མ་ལ་ཧེ་བརྒྱད་མཐུན། ཧེ་རུ་ཀ་འདུས་རྒྱུད་དང་། འདུས་མདོ་ལྟར་དུ། ཀེའུ་རི་བན་དམར་བྱིས་དབྱུག་སྔོ། །ཞེས་ཏེ་ཞིང་གདན་ལ་གཡས་བྱིན་པའི་ཞིང་དབྱུག་འཕྱར། །གཡོན་བན་དྷ་ཁྲག་འཐུང་པ་ཐུགས་ཁའོ། །རྔམ་གློག་ཏུའོ། །ནམ་མཁའི་སྙིང་པོ་གནས་འགྱུར་བ། །སྲིན་མོ་ཆེན་མོ་མདའ་འཕེལ་བརྟུལ། །རྐུན་མོ་མཐུ་རྩལ་ལེན་བྱེད་པའི། །བཛྲ་ཙོའུ་རི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་བཛྲ་ཙོའུ་རི་ཧ་ཧ་ཧ། ༀ་རུ་ལུ༴ ཨ་བྷི་ཤེ་ཀ་སོགས། ཨ་བྷི་ཥིཉྩ་ཧཱུཾ། ཞེས་པའི་བར་འདྲེ། གཡས་པ་ཐུགས་དཀར་མདའ་འདྲེན། ཙོའུ་རི་སེར་མོ་མདའ་གཞུ་འགྱེངས། །སྤྱན་རས་གཟིགས་དབང་གནས་འགྱུར་བས། །སྲིན་མོ་ཆེན་མོ་འཛིན་བྱེད་བརྟུལ། །རྨོངས་མོའི་མཐུ་རྩལ་འདྲེན་བྱེད་མའི། །བཛྲ་པྲ་མོའི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་བཛྲ་པྲ་མོ་ཧ། ཧ་ཧ་རུ་ལུ། ཨ་བྷི་ཤེ་ཀ་ནས་ཨ་བྷི་ཥིཉྩ་ཧཱུྃ། ཕྱག་ན་རྡོ་རྗེ་གནས་འགྱུར་བ། །སྲིན་མོ་བེ་ཏ་ནག་མོ་བརྟུལ། །ཐལ་བྱེད་མཐུ་རྩལ་ཉམས་བྱེད་པའི། །བཛྲ་བེ་ཏ་ལིའི་དབང་མཆོག་ཁྱོད་ལ་སྦྱིན། །བཛྲ་པེ་ཏ་ལི་ཧ། ཨ་བྷི་ཥེ་ཀ་ནས། ཨ་བྷི་ཥིཉྩ་ཧཱུྃ། གློ་འབུར་བྱང་བེ་ཏ་བྱིས་ཟ་ཧོར་འཕྱག་ནག །རྡོ་རྗེ་རྩེ་དགུའོ། །བྱང་ཆུབ་བྱམས་པ་གནས་འགྱུར་བས། །སྲིན་མོ་ནང་འཁྲོལ་འདྲེན་མ་བརྟུལ། །རྦོས་མོའི་མཐུ་རྩལ་འཆིང་བྱེད་མ། །བཛྲ་པུ་ཀ་སིའི་དབང་མཆོག་ཁྱོད་ལ་སྦྱིན། །བཛྲ་པུ སྐ་སི་ཧ། ཨ་བྷི༴ ཧ་ཧ་རུ་ལུ་རུ་ལུ་ཧཱུྃ། ཨ་བྷི་ཤེ་ཀ་ནས༴ སྭཱ་སྟི་ཧཱུྃ། ཞེས་སོ། །ཤར་ལྷོ། པུསྐ་དམར་སེར་བྱིས་རྒྱུ་འདྲེན། །སྒྲིབ་པ་རྣམ་སེལ་གནས་འགྱུར་བ། །ལྷོ་ནུབ་སྲིན་མོ་རབ་འཇིགས་བརྟུལ། །གཏུམ་མོ་མཐུ་རྩལ་སྙེམ་བྱེད་མའི། །བཛྲ་གྷསྨ་རིའི་དབང་མཆོག་ཁྱོད་ལ་སྦྱིན། ༀ་བཛྲ་གྷསྨ་རི་ཧ་ཨ་བྷི༴ ཧ་ཧ་རུ་ལུ༴ ཨ་བྷི་ཤེ༴ སྭ་སྟི་ཧཱུྃ། འགྲེ། ལྷོ་ནུབ་ཀསྨ་ལྗང་ཁུ་དུང་ཁྲག་འཐུང་། །རྡོ་རྗེས་དུང་ཁྲག་དཀྲུགས། ཀུན་ཏུ་བཟང་མོ་གནས་འགྱུར་བ། །ནུབ་བྱང་སྲིན་མོ་སྲོག་གཅོད་བརྟུལ། །སྨེ་ཤ་མཐུ་རྩལ་འབྲེལ་བྱེད་མའི། །སྨེ་ཤ་ནིའི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་བཛྲ་སྨེ་ཤ་ནི་ཧ། ཨ་བྷི༴ ཧ་ཧ་རུ་ལུ༴ ཨ་བྷི་ཥེ་ཀ་ནས་སྭ་སྟི་ཧཱུྃ་གི་བར་མཐུན། ནུབ་བྱང་། སྨེ་ཤ་མཐིང་ཁ་བྱིས་སྙིང་ཟ། །ཕྱག་གཉིས་ཀྱིས་ཞིང་རྐང་བཟུང་ཞལ་གྱིས་སྙིང་དོན་ཏེ་ཟ། འཇམ་དཔལ་གཞོན་ནུ་གནས་འགྱུར་བ། །བྱང་ཤར་སྲིན་མོ་སྨྱོ་ཁ་བརྟུལ། །མ་ཚོར་མཐུ་རྩལ་སྙོམ་བྱེད་མ། །ཙན་ཊ་ལིའི་དབང་མཆོག་ཁྱོད་ལ་སྦྱིན། །བཛྲ་ཙན་དྷ་ལི་ཧ་ཨ་བྷི་ཥིཉྩ་ཧཱུྃ། ཧ་ཧ་རུ་ལུ་རུ་ལུ་ཧཱུྃ། ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤྭ་ར་སི་ཏི་ན་མ། ཨ་བྷི་ཤི་ཙ་ནི་སྭཱ་སྟི་ཧཱུྃ། བྱང་ཤར་ཙན་དྷ་སེར་སྐྱ་མཆོག་ལུས་འདྲལ། སྤྱན་བགྲད་ཞིང་གི་མགོ་གཡས་པུས་སྟེང་གཡོན་ལུས། དབང་གི་དཀྱིལ་འཁོར་ཆེན་པོ་ཡིས། །གྲུ་ཆད་གློ་འབུར་བཞི་རིམ་དུ། །བར་ཁྱམས་ཕྱོགས་བཞི་མཚམས་བརྒྱད་དུ། །ཕྲ་མེན་བརྒྱད་ཀྱིས་བསྐོར་བ་ནི། །བཛྲ་ལ་སྱེ་གནས་འགྱུར་བས། །ཤར་ཕྱོགས་སྲིན་མོ་སེང་གདོང་བརྟུལ། །ཕྲ་མེན་མཐུ་རྩལ་གཟི་བྱིན་མའི། །བཛྲ་སིང་ཧ་མུ་ཀའི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་བཛྲ་སིང་ཧ་མུ་ཀ་ཧེ། ཨ་བྷི༴ ཧེ་ཧེ་རུ་ལུ་རུ་ལུ་ཧཱུྃ། ཨ་བྷི་ཤཱེ་ཀ་སྭཱ་ཧཱ། ཨེ་ཤ་ར་སི་ན་མ། ཨ་བྷི་ཥིཉྩ་ནི་སྭཱ་སྟི་ཧཱུྃ། སྔགས་འདིས་འགྲེ། ཁྱམས་སེར་པོའི་ཤར་དུ། སིང་ཧ་ཁ་རོ་བསྣོལ་སེར་སེང་། །ལག་གཡས་ཕྱི་ལ་ལག་གཡོན་ནང་དུ་བྱས། །རྐང་ལག་བཟུང་དབུས་སེང་གེའི་ཁ་རོ་ཟ། །བཛྲ་མ་ལྱེའི་གནས་འགྱུར་བ། །ལྷོ་ཕྱོགས་སྲིན་མོ་སྟག་མགོ་བརྟུལ། །ཕྲ་མེན་མཐུ་རྩལ་འཇོམས་བྱེད་པའི། །བཛྲ་བྱི་ཀྲི་མུ་ཁའི་དབང་ཐོབ་ཤོག །བཛྲ་བྱི་ཀྲི་མུ་ཁ་ཧེ་མན་ཆད་འགྲེའོ། །ལྷོར། བྱ་ཀྲི་གནས་ལྟ་བསྣོལ་མར་སྟག །ཅེས། པུས་མོའི་ཁར་ནི་ཞིང་སྟེང་དུ། ཕྱག་གཡས་འོག་གཡོན་སྟེང་བྱས་ལྟའོ། །བཛྲ་གིརྟི་གནས་འགྱུར་བས། །ནུབ་ཕྱོགས་སྲིན་མོ་སྲོག་ལེན་བརྟུལ། །ཕྲ་མེན་མཐུ་རྩལ་འཛིན་བྱེད་མའི། །བཛྲ་སྲི་ལ་མུ་ཁའི་དབང་མཆོག་ཁྱོད་ལ་སྦྱིན། །བཛྲ་སྲི་ལ་མུ་ཀ་ཧེ། ཧེ་ཧེ་རུ་ལུ་སོགས་འགྲེ། ནུབ་ཕྱོགས་སྲི་ལ་ནག་མོ་བྱིས་ལྷག་ཝ། །ཞེས། གཡོན་དུ་བྱིས་རོ་ལྕེས་ལྡག་པའོ། །བཛྲ་ནིརྟི་གནས་འགྱུར་བ། །བྱང་ཕྱོགས་སྲིན་མོ་སྤྱང་བགོ་བརྟུལ། །ཕྲ་མེན་མཐུ་རྩལ་དྲི་བྱེད་མའི། །ཤོ་ན་མུ་ཁའི་དབང་མཆོག་ཁྱོད་ལ་སྦྱིན། །བཛྲ་ཤོ་ན་མུ་ཀ་ཧེ། ཧ་ཧ་རུ་ལུ་སོགས་འགྲེ་བྱང་། ཤོ་ན་འདྲལ་ལྟ་མཐིང་ཁ་སྤྱང་། །གཡས་སུ་རོ་ཁ་ཕྱེ་ལྟ་བའོ། །བཛྲ་དྷུཔྤེ་གནས་འགྱུར་བ། ཤར་ལྷོ་སྲིན་མོ་ཁྲག་འཐུང་བརྟུལ། །ཕྲིན་ལས་མཐུ་རྩལ་མགྱོགས་བྱེད་མ། །བཛྲ་ཀྲི་ཏ་མུ་ཁའི་དབང་མཆོག་ཁྱོད་ལ་སྦྱིན། །བཛྲ་ཀྲི་ཏ་མུ་ཁ་ཧེ། ཧ་ཧ་རུ་ལུ་སོགས། ཤར་ལྷོར། ཀྲི་ཏ་མགྲིན་དམར་རྒྱུ་མགོ་རྒོད། །ཅེས། མགོ་བོ་དཀར་སེར་ལུས་སྤྱི་དམར། གཡས་ཀྲི་གཡོན་ཞིང་བར་རྒྱུ་མའོ། །བཛྲ་པུཔྤེ་གནས་འགྱུར་བ། །ལྷོ་ནུབ་སྲིན་མོ་རྐང་ཟ་བརྟུལ། །ཕྲ་མེན་མཐུ་རྩལ་ཁྱབ་བྱེད་མའི། །བཛྲ་ཀང་ཀ་མུ་ཁའི་དབང་མཆོག་ཁྱོད་ལ་སྦྱིན། བཛྲ་ཀང་ཀ་མུ་ཁ་ཧེ། ཧ་ཧ་རུ་ལུ་སོགས། ནུབ་ཏུ། ཀང་ཀ་ཀང་ཕྲན་སྣར་མགོ་རིང་། རྒྱབ་ཏུ་ཞིང་ཁུར་ཁྲག་པར་རྐང་ལག་གོ། །བཛྲ་ཨ་ལོ་ཀེའི་གནས་འགྱུར་བ། །ནུབ་བྱང་སྲིན་མོ་འཇོམས་བྱེད་བརྟུལ། །ཕྲ་མེན་མཐུ་རྩལ་ཟ་བྱེད་མའི། །བཛྲ་ཁ་ཁ་མུ་ཁ་ཧེ། ཧ་ཧ་རུ་ལུ༴ ནུབ་བྱང་དུ། ཁ་ཁ་ཁ་རོ་བྷན་ཀྲི་ནག །ཅེས། གཡས་གྲི་གཡོན་ཐོད་གློ་སྙིང་ཁར་ཟ་བའོ། །བཛྲ་གྷན་དྷེ་གནས་འགྱུར་བ། །བྱང་ཤར་སྲིན་མོ་རྐུ་བྱེད་བརྟུལ། །ཕྲ་མེན་མཐུ་རྩལ་མྱོས་བྱེད་མའི། །བཛྲ་ཧུ་ལུ་ཀ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །བཛྲ་ཧུ་ལུ་མུ་ཁ་ཧེ། ཧ་ཧ་རུ་ལུ་རུ་ལུ་ཧཱུཾ་ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མ། ཨ་བྷི་ཥིཉྩ་ནི་སྭ་སྟི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། བྱང་ཤར། ཧུ་ལུ་ལྕགས་ཀྱུ་མཐིང་ཚོགས་འུག །གཡས་ཀྱི་ལྕགས་ཀྱུ་གཡོན་པ་མི་མགོ་ལ་ཚོགས་པའོ། །དབང་གི་དཀྱིལ་འཁོར་ཆེན་པོ་ནི། །གྲུ་ཆད་བར་ཁྱམས་ཕྱི་རིམ་ལ། །རྣམ་པར་ཐར་པའི་སྒོ་བཞི་རུ། །སྒོ་བ་བཞི་ཡི་བསྐོར་བ་ནི། །ལྷ་མོ་བྱམས་པ་གནས་འགྱུར་བ། །ཤར་གྱིས་སྲིན་མོ་རྟ་མགོ་བརྟུལ། །བྱམས་ཆེན་རྣལ་འབྱོར་མགོན་མཛད་མའི། །བཛྲ་ཨང་ཀུ་ཤ་ཡི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་བཛྲ་ཨརྱ་ཏེ་ཛ་ཏེ་ང་ཛ་ཕཊ། ༀ་རུ་ལུ༴ ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤ་ར་ན་སི་ཏི་ན་མ། ཨ་བྷི་ཤིཉྩ་ནི་སྭཱ་སྟི་ཧཱུཾ ཨ་བྷི༴ ཤར་སྒོར། རྟ་གདོང་སྔོན་མོ་ལྕགས་ཀྱུ་འཛིན། །གཡོན་ཐོད་པའོ། །ལྷ་མོ་སྙིང་རྗེ་གནས་འགྱུར་བ། །ལྷོ་སྒོའི་སྲིན་མོ་ཕག་མགོ་བརྟུལ། །ཐུགས་རྗེས་གཞན་ལས་ཕན་འདོག་པའི། །བཛྲ་པ་ཤའི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་བཛྲ་ཨ་ལོ་ཀེ་ཕཊཿ ༀ་རུ༴ ཨ་བྷི་སོགས་མཐུན། ལྷོ་སྒོར༴ ཕག་གདོང་ནག་མོ་མཆེ་ཞགས་ཅན། །གཡོན་ཐོད་པའོ། །དགའ་བ་ཆེན་མོ་གནས་འགྱུར་བ། །ནུབ་སྒོའི་སྲིན་མོ་དྲེད་མགོ་བརྟུལ། །དགའ་བས་རྣལ་འབྱོར་སྟོང་མཛད་མའི། །བཛྲ་ལོ་ཀ་མའི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་བཛྲ་ལོ་ཀ་བམ་ཕཊ། རུ་ལུ༴ ཨ་བྷི་ཤེ། ཨེ་ཤྭ་ར་ཨ་བྷི་ཥིཉྩ་ཧཱུཾ྄། ནུབ་སྒོར༴ ཉི་ཟླ་དམར་མོ་ལྕགས་སྒྲོག་བསྡོམས། །སྐུ་དམར་དྲེད་གདོང་མ། བཏང་སྙོམས་ཆེན་པོ་གནས་འགྱུར་བས། །བྱང་སྒོའི་སྲིན་མོ་སྤྱང་མགོ་བརྟུལ། །བཏང་སྙོམས་ཆེན་པོའི་དོན་མཛད་པ། །བཛྲ་པ་སྨི་ས་ལའི་དབང་མཆོག་ཁྱོད་ལ་སྦྱིན། ༀ་བཛྲ་པ་སྨི་པ་ལ་ཡ་ཝ་ཏོ་ཧོ། རུ་ལུ༴ ཨ་བྷི་ཤེ་ཀ་སྭ་ཧཱ་ཨ་ཤ་ར་སི་ཏི་ན་མ། ཨ་བྷི་ཥིཉྩ་སི་སྟི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། བྱང་སྒོར༴ ཐལ་བྱེད་དྲིལ་བུ་སྣ་ཚོགས་སྤྱང་། །ཞེས་དང་སྣ་ཚོགས་སྤྲུལ་ཞེས་སོ། །དབང་གི་དཀྱིལ་འཁོར་ཆེན་པོ་ཡིས། །རྣམ་ཐར་སྒོ་བཞི་སྒོ་ཁྱུད་ལ། །སྣམ་བུ་ཕྱོགས་བཞི་མཚམས་བརྒྱད་དུ། །སྤོར་མ་བརྒྱད་ཀྱིས་བསྐོར་བ་ནི། །ཞེས་པ་ནི། ཕྲ་མེན་མ་བརྒྱད་ཡོན་ཏན་རྒྱས་པ་ཁྱམས་ཀྱི་ཁ་དོག་སེར་པོ་དེའི་སྒོ་ཡང་སེར་པོའི་ཁྱམས་མདོག་ཡིན་ལ། དེའི་ཕྱི། སྒོ་འཁྱུད་ནི་བླ་མས་བརྒྱུད་དུ། ཐོད་རུས་འབར་བ་ཞེས་འབར་མའི་ཁྱམས་དཀར་པོའི་སྣམ་བུའོ། །ནང་གི་དབང་པོ་གནས་གྱུར་པ། །སྲིན་མོ་འབར་མ་ཉི་ཞགས་བརྟུལ། །མི་བཟད་སྣ་ཚོགས་ཉི་ཟེར་ཞགས། །ཤར་གྱི་སྤོར་མའི་དབང་རྣམས་བུ་ལ་བྱིན། །ༀ་བཛྲ་ཨ་པྲ་ཏི་ཧ་ཨྱ་ནི་ཙ་ཏུར་ཏ་ར་ཕཊཿ ཨ་བྷི་ཤེ་ཀ་སྭཱ་ཧཱ། ཨེ་ཤ་ར་སི་ཏི་ན་མ། ཨ་བྷི་ཥིཉྩ་ནི་སྭ་སྟྭཾ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། འགྲེ་བར་ཤེས་དགོས་སོ། །ཡི་དྭགས་སྟོན་པ་གནས་འགྱུར་བ། །འབར་མ་སྲིན་མོ་མེ་གདོང་བརྟུལ། །མི་ཁྱེར་དམར་ནག་ཀློག་ཕྲེང་འཛིན། །ཤར་ལྷོ་སྤོར་མའི་དབང་རྣམས་བུ་ལ་སྦྱིན། །ༀ་བཛྲ་ཨ་པྲ་ཏི་ཧ༴ འགྲེའོ། །ཤར་ནུབ་ཀུན་བཟང་ཡབ་ཡུམ། ལྷོ་མི། བྱང་ལྷ་མིན་གཞན་དུ་ཐུབ་པ་རྣམས་གནས་ངེས་མེད་བྱ་སྟེ། ཤར་ལྷོར་ཡི་དྭགས་ལྷོ་ནུབ་དམྱལ། །བྱོལ་སོང་བྱང་ཤར་ལྷོ་ནུབ་བྱང་། །འོད་རིམ་དུ། ཤར་ལྷོ་ལྷ་ལ་ལྷོ་ཕྱོགས་མི། །ལྷོ་ནུབ་ནུབ་བྱང་ཡི་དྭགས་བྱོལ། །བྱང་དང་བྱང་ཤར་ལྷ་མིན་དམྱལ། །ཞེས་དང་། ཞི་བ་རྩར་ཕྲེང་མདོར། ལྷོ་ནུབ་ཏུ་བྱོལ་སོང་། ནུབ་བྱང་དུ་ཡི་དྭགས་དང་། གཞན་འོད་རིམ་ལྟར་བཤད་གསུངས། མི་ཡི་སྟོན་པ་གནས་འགྱུར་བ། །སྲིན་མོ་འབར་མ་གཏུམ་མོ་བརྟུལ། །གཏུམ་མོ་སེར་ནག་འདུང་འཕེན་མ། །ལྷོ་ཡི་སྤོར་མའི་དབང་མཆོག་བུ་ལ་སྦྱིན། །ༀ་བཛྲ་ཨ་མྲྀ་ཏི་ཏྱ་ནི་སོགས་འགྲེ། དམྱལ་བའི་སྟོན་པ་གནས་འགྱུར་བ། །སྲིན་མོ་འབར་མ་རལ་གྲི་བཏུལ། །གཤིན་རྗེ་སྔོ་ནག་རལ་གྲིའི་སྒྲ། །ལྷོ་ནུབ་སྤོར་མའི་དབང་མཆོག་བུ་ལ་བྱིན། །ༀ་བཛྲ་ཨ་མྲི་ཏི་ཏྱ་ནི་སོགས་འགྲེ། ཕྱི་ཡི་ཡུལ་ལས་གནས་འགྱུར་བས། །སྲིན་མོ་འབར་མ་སྒྲ་འབྱིན་བརྟུལ། །རྡོ་རྗེ་དྲིལ་བུ་འཁྲོལ་མ་ཡིས། །ནུབ་ཀྱི་སྤོར་མའི་མཆོག་བུ་ལ་སྦྱིན། །ༀ་ཨ་པྲ་ཏི་སོགས། ལྷའི་སྟོན་པ་གནས་འགྱུར་བས། །འབར་མ་སྲིན་མོ་གནོད་སྦྱིན་བརྟུལ། །གནོད་སྦྱིན་མཐིང་ནག་ཁྱུང་ཐོག་མའི། །ནུབ་བྱང་སྤོར་མའི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་ཨ་པྲ་ཏི་སོགས་འགྲེ། བྱོལ་སོང་སྟོན་པ་གནས་འགྱུར་བས། །སྲིན་མོ་འབར་མ་ཐོགས་མེད་བརྟུལ། །ཐོགས་མེད་སྔོ་ནག་སྐར་མདའ་གདོང་། །བྱང་གིས་སྤོར་མའི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་བཛྲ་ཨ་པྲ་ཏི་སོགས་འགྲེ། བྱོལ་སོང་སྟོན་པ་གནས་འགྱུར་བས། །སྲིན་མོ་འཇིག་རྟེན་འབར་མ་བརྟུལ། །འཇིག་རྟེན་སྨུག་ནག་ཀླག་ཤ་བརྡེབས། །བྱང་ཤར་སྤོར་མའི་དབང་མཆོག་ཁྱོད་ལ་སྦྱིན། །ༀ་བཛྲ་ཨ་པྲ་ཏི་ཧ་ཨརྱ་ནི་ཙ་དུར་སོགས་ཏ་ཕཊཿ ཨ་བྷི་ཥེ་ཀ་སྭཱ་ཧཱ། ཨེ་ཤེ་ར་སི་ཏི་ན་མ། ཨ་བྷི་ཥིཉྩ་ནི་སྭ་སྟྭི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། ཧེ་རུ་ཀ་འདུས་བརྒྱུད་དུ། འབར་མ་རྣམས་ཀྱི་ཕྱག་རྒྱ་ནི། སྐུ་མདོག་འདུལ་བྱའི་ཚུལ་འདྲ་ཞིང་། གཡས་པ་རྡོ་རྗེ་འབར་བ་འཛིན། །གཡོན་པས་བྷན་དྷ་རཀྟ་འཛིན། །ཞེས་དང་བསྒྲུབ་བྱང་ལས། རྩ་བའི་ས་བོན་ཕཊཿ བརྒྱད། ཨ་རག་མོ་ཧཱུཾ་བརྒྱད་བཤད། དབང་གི་དཀྱིལ་འཁོར་ཆེན་པོ་ཡིས། །གྲུ་ཆད་བར་ཁྱམས་སྒོ་བཞི་ཡི། །ཕྱི་རིམ་སྣམ་བུ་སྒོ་བཞི་ལ། །གསང་བ་ཡུམ་བཞིས་བསྐོར་བ་ནི། །དཀར་མོ་མིག་གཅིག་རྒྱས་འདེབས་མ། །དཔལ་ཆེན་སྐུ་ལ་སྦྱོར་མཛད་མ། །མདུན་ནས་སངས་རྒྱས་གཟུགས་མཛད་མ། །གསང་བ་ཡུམ་གྱི་དབང་མཆོག་ཁྱོད་ལ་སྦྱིན། །སྐུ་དཀར་ཕྱག་ན་རྡོ་རྗེ་བསྣམས། །ༀ་ཤྲཱི་བཛྲ་ཀ་ར་མུ་ཁ་ཤྭ་ར་ཡ་ཡ་ན་མ། དཔལ་འབར་ཁྲོ་མོ་རྒྱུད་ལས་ནི། །བདེ་བ་ཟ་བྱེད་རྨོངས་བྱེད་མ། །རྒྱས་འདེབས་ཚེ་འཕེལ་མ་ཞེས་བཤད། །ཡོ་ག་བརྒྱན་དམ་པ་ལས། ཞེ་སྡང་མེ་ལོང་རྒྱས་འདེབས་སྭཱ་སྟི་བཛྲིར། ང་རྒྱལ་མཉམ་ཉིད་རྨོངས་བྱེད་རཏྣ་བཛྲིར། །འདོད་ཆགས་ཀུན་རྟོགས་ཟ་བྱེད་པདྨ་བཛྲིར། །ཕྲག་དོག་དོན་འགྲུབ་ཡེ་ཤེས་ནན་ཏན། ཚེ་འཕེལ་ཕྱག་རྒྱ་མ། ཀརྨ་བཛྲིར་དབྱིངས་ཕྱུག་མཆོད་པར་རོལ་ཅེས། སློབ་དཔོན་སྟི་ར་མ་ཏིས་བཀའ་སྩལ་ཏོ། །སེར་མོ་ལས་མཁན་ཆེ་འཕེལ་མ། །དཔལ་ཆེན་སྐུ་ལ་སྦྱོར་མཛད་མ། །གཡས་ན་སངས་རྒྱས་གཟུངས་མཛད་མ། །གསང་བ་ཡུམ་གྱི་དབང་མཆོག་ཁྱོད་ལ་སྦྱིན། །སྐུ་སེར་ཕྱག་ན་མདའ་གཞུ་འགྱེངས། །ༀ་ཤྲཱི་བཛྲ་ར་ག་ས་མ་ཡ་ཡ་ན་མ། ཁ་དོག་སེར་མོའི་ཚེ་འཕེལ་མ། །ཡེ་ཤེས་མཉམ་ཉིད་ཀྱིས་རྨོངས་བྱེད་མའོ། །ཡང་ལུགས་གཅིག་ཏུ། ལྷོར། ༀ་ཤྲཱི་བཛྲ་ཁ་དྭོ་པྲ་ཛྭ་ལ་ཡ་ཡ་ན་མ། དམར་མོ་དབང་བསྡུད་ཟ་བྱེད་མ། །དཔལ་ཆེན་སྐུ་ལ་སྦྱོར་མཛད་མ། །རྒྱབ་ནས་སངས་རྒྱས་གཟུངས་མཛད་མ། །གསང་བའི་དབང་མཆོག་ཁྱོད་ལ་སྦྱིན་པར་བྱ། །སྐུ་དམར་ཕྱག་ན་རྒྱལ་མཚན་བསྣམས། །ༀ་ཤྲཱི་བཛྲ་ཁ་ཏོང་ཁ་པྲ་ཛྭ་ལ་ཡ་ཡ་ན་མ། ལུགས་གཅིག་ཏུ་ནུབ་ལ། ༀ་ཤྲཱི་བཛྲ་ར་ག་ས་མ་ཡ་ན་མ། ནག་མོ་རལ་གཅིག་རྨོངས་བྱེད་མ། །དཔལ་ཆེན་སྐུ་ལ་སྦྱོར་མཛད་མ། །གཡོན་ནས་སངས་རྒྱས་གཟུགས་མཛད་མ། །གསང་བ་ཡུམ་གྱི་དབང་མཆོག་ཁྱོད་ལ་སྦྱིན། །ལྗང་ཁུ་ཕྱག་ན་དྲིལ་བུ་བསྣམས། །ༀ་ཤྲཱི་བཛྲ་གྷནྡྷ་པྲ་ཛྭ་ལ་ཡ་ཡ་ན་མ། ཨ་བྷི་ཥིཉྩ་ཧཱུཾ། ཁ་དོག་ནག་མོའི་རྨོངས་བྱེད་མ་དང་། ཡེ་ཤེས་བྱ་གྲུབ་བྱ་བ་ནན་ཏན་གྱིས་ཚེ་འཕེལ་མའོ། །ཡང་ལྗང་ནག་ཏུ་བྱས་ནས་ལྗང་ཁུ་བྱ་གྲུབ་བོ། །བསྡུས་པར་ཛ་ཧཱུཾ་བྃ་ཧོ། གསང་ཡུམ་དབང་མོ་རྣམས་ཀྱང་རྩ་སྔགས་བྷྱོ་དང་། སྐུ་མདོག་བསྐྱེད་སྔགས་འབར་མ་དང་འདྲ་བར། ཨ་རཀ་མོ་ཧཱུཾ་ཞེས་ཧེ་རུ་ཀ་འདུས་རྒྱུད་ལས། འབར་མ་རྣམས་ཀྱི་ཕྱག་རྒྱ་ནི། །སྐུ་མདོག་གདུལ་བྱའི་ཚུལ་འདྲ་ཞིང་། །གཡས་པ་རྡོ་རྗེ་འབར་མ་འཛིན། །གཡོན་པ་བྷན་དྷ་རཀྟ་འཛིན། །ཞེས་བསྙེན་པ་ཞི་བ་མཆོད་པའི་དུས་དཀར་པོ། ཉེ་བསྙེན་བཟང་པོའི་མཚན་ལྟས་རྒྱས་པའི་དུས་ན་སེར་པོ་དངོས་གྲུབ་རང་དབང་དུ་བསྒྲུབ་པ་བཟླས་པའི་དུས་དམར་པོ། བསྒྲུབ་ཆེན་སྐུ་གསུང་གཉིས་ཐུགས་ཁྲག་ཏུ་གྲིལ་ནས་དངོས་གྲུབ་ལེན་ཐོབ་ཀྱི་དུས་མཐིང་ཁ་བདུན་ཚན་དང་བཅུ་ཚན་དང་སྟོང་ཚིག་ལ་རཀྟ་སྦྲེལ་བའི་དུས་ན་གཙོ་འཁོར་ཀུན་ཀྱང་རྡོ་རྗེ་དུང་ཁྲག་གོ། །བླ་མའི་བརྒྱུད་དུ། འབར་མའི་སྒོ་བ་ཡབ་ཡུམ་བརྒྱད་ཞི་བ་ལྟར་རོ། །དབང་གི་དཀྱིལ་འཁོར་ཆེན་པོ་འདིར། །ཕྱི་རིམ་ལྕགས་རི་དམར་པོ་འདིར། །སྒོ་བཞི་སྣམ་བུ་ངོས་བཞི་ལ། །དབང་ཕྱུག་ཚོགས་ཀྱིས་བསྐོར་བ་ནི། །སྲིན་པོ་ཆུང་མ་གནས་འགྱུར་བས། །དབང་ཕྱུག་ཆེན་མོ་མི་བསྲུན་མོ། །སྐུ་མདོག་དམར་ནག་ཐོད་རློན་ཅན། །དེ་ཉིད་ལས་ནི་གནས་འགྱུར་བ། །མི་བསྲུན་དམར་སེར་དྲི་ཤུལ་ཞིང་ཆེན་གཡག །མཐུ་དང་རྫུ་འཕྲུལ་བྱིན་རླབས་ཀྱིས། །མ་ནུ་རཀྴ་སའི་དབང་མཆོག་ཁྱོད་ལ་སྦྱིན། །ཨ་བྷི་ཥིཉྩ་ཧཱུཾ། ཚངས་པའི་ཆུང་མ་གནས་འགྱུར་བ། །དབང་ཕྱུག་ཆེན་མོ་ཚངས་མ་སྟེ། །སྐུ་མདོག་དམར་སེར་པདྨ་བསྣམས། །དེ་ཉིད་ལས་ནི་གནས་འགྱུར་བ། །ཚངས་པ་དམར་སྐྱ་རྩེ་ལྔ་བན་དམར་སྦྲུལ། །མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ། །བཛྲ་པྲ་མོའི་དབང་མཆོག་ཁྱོད་ལ་སྦྱིན། །ཨ་བྷི༴ ལྷ་ཆེན་ཆུང་མ་གནས་འགྱུར་བ། །དབང་ཕྱུག་ཆེན་མོ་འཁྲུག་མོ་སྟེ། །སྐུ་མདོག་དཀར་མོ་ཏྲི་ཤུལ་ལ། །དེ་ཉིད་ལས་ནི་གནས་འགྱུར་བ། །ཁྲོ་མོ་དམར་སེར་ཞིང་དབྱུག་སྙིང་འབྱིན་གཟིགས། །རོལ་པའི་རྫུ་འཕྲུལ་བྱིན་རླབས་ཀྱིས། །རོའུ་ཏྲིའི་དབང་མཆོག་ཁྱོད་ལ་སྦྱིན། །སྔགས་བྱའོ། །ཨ་བྷི་ཥིཉྩ་ཧཱུྃ། ཁྱབ་འཇུག་ཆུང་མ་གནས་འགྱུར་བ། །དབང་ཕྱུག་ཆེན་མོ་འཇུག་སྲེད་མོ། །རྟོགས་འདོད་ཆེན་མོ་འཁོར་ལོ་འཆང་། །དེ་ཉིད་ལས་ནི་གནས་འགྱུར་བ། །ཁྱབ་འཇུག་སེར་མོ་འཁོར་ལོ་པི་ཝཾ་དྲིལ། །དྲེགས་པའི་མཐུ་སྟོབས་བསམ་ཡས་པའི། །བཛྲ་བེ་སྣ་བྷེའི་དབང་མཆོག་ཁྱོད་ལ་སྦྱིན། ཨ་བྷི༴ གཞོན་ནུའི་ཆུང་མ་གནས་འགྱུར་བ། །དབང་ཕྱུག་ཆེན་མོ་དམར་མོ་སྟེེ། །གཞོན་ནུ་དམར་མོ་མདུང་ཐུང་འཕེན། །དེ་ཉིད་ལས་ནི་གནས་འགྱུར་བ། །དབང་མོ་དམར་སྐྱ་བམ་དབྱུག་ཁོག་ཆེན་འདྲེད། །ཡོན་ཏན་མཐུ་རྩལ་བསམ་ཡས་པས། །བཛྲ་ཀོའུ་མ་རི་མའི་དབང་མཆོག་ཁྱོད་ལ་སྦྱིན། ཨ་བྷི༴ བརྒྱ་བྱིན་ཆུང་མ་གནས་འགྱུར་བས། །དབང་ཕྱུག་ཆེན་མོ་དབང་མོ་སྟེ། །སྐུ་མདོག་དཀར་མོ་ཨིནྟྲ་གདེངས། །དེ་ལས་ནི་གནས་འགྱུར་བ། ཨིནྟྲ་དཀར་མར་བྱི་ཤུད་དུང་མར་སྲེད། །ཆེ་བའི་ཡོན་ཏན་བསམ་ཡས་པའི། །བཛྲ་ཨིནྟྲ་ཡ་ནིའི་དབང་མཆོག་ཁྱོད་ལ་སྦྱིན། །བསྔགས་བྱ། ཨ་བྷི༴ ལྷ་མོ་ཁྱོ་མེད་གནས་འགྱུར་བ། །དབང་ཕྱུག་ཆེན་མོ་དམར་མོ་སྟེ། །ཞི་བ་དམར་མོ་ཙན་དན་འཐུང་། །དེ་ཉིད་ལས་ནི་གནས་འགྱུར་བ། །དམར་མོ་དུང་དམར་རྒྱུ་ཞགས་དམར་མོ་དོམ། །ཡིད་ཀྱི་འདོད་པ་བསམ་ཡས་པའི། །བཛྲ་པིང་ཀ་ལའི་དབང་མཆོག་ཁྱོད་ལ་སྦྱིན། །ཉི་མའི་ཆུང་མ་གནས་འགྱུར་བས། །དབང་ཕྱུག་ཆེན་མོ་བདུད་རྩི་མོ། །སྐུ་མདོག་དམར་མོ་པདྨ་བསྣམས། །དེ་ཉིད་ལས་ནི་གནས་འགྱུར་བ། །བདུད་རྩི་སྔོན་མོ་རིན་ཆེན་ཆུ་སྲིན་བུམ། །སྨན་གྱི་མཐུ་སྟོབས་བསམ་ཡས་པ། །བཛྲ་ཨ་མྲྀ་ཏའི་དབང་མཆོག་ཁྱོད་ལ་སྦྱིན། །ཟླ་བའི་ཆུང་མ་གནས་འགྱུར་བས། །དབང་ཕྱུག་ཆེན་མོ་ཞི་བ་མོ། །ཞི་བ་དཀར་མོ་སུན་དྷ་རི། །དེ་ཉིད་ལས་ཀྱང་གནས་འགྱུར་བ། །ཞི་བ་སྔོ་སྐྱ་བུམ་རིལ་ཁོག་སྨད་སྡིག །བདུད་རྩི་བྱང་ཆུབ་སེམས་ཀྱིས་མཐུས། །བཛྲ་སཱ་ཉའི་དབང་རྣམས་ཁྱོད་ལ་སྦྱིན། སྔགས་བྱ། བེ་ཅོན་ཆུང་མ་གནས་འགྱུར་བ། །དབང་ཕྱུག་ཆེན་མོ་བེ་ཅོན་མོ། །སྐུ་མདོག་སྔོན་མོ་དབྱུག་ཐོ་ཕྱར། །དེ་ཉིད་ལས་ཀྱང་གནས་འགྱུར་བས། །བེ་ཅོན་ནག་མོ་བམ་ཆེན་ཐོད་རློན་ཁྲག །དྲག་ཤུལ་འཇོམས་པའི་མཐུ་སྟོབས་ཀྱིས། །བཛྲ་དྷ་ན་དམ་གྱིས་དབང་མཆོག་ཁྱོད་ལ་སྦྱིན། །སྲིན་མོ་ཁྱོ་མེད་གནས་འགྱུར་བས། །དབང་ཕྱུག་ཆེན་མོ་སྲིན་མོ་སྟེ། །སྐུ་མདོག་དམར་སེར་ཐོད་ཁྲག་འཐུང་། །དེ་ཉིད་ལས་ཀྱང་གནས་འགྱུར་བས། །སྲིན་མོ་དམར་ནག་ཞིང་ཆེན་རྒྱུ་འདྲེན་ཝ། །དྲག་པོའི་མཐུ་སྟོབས་བསམ་ཡས་པའི། །བཛྲ་རཀྴ་སིའི་དབང་མཆོག་ཁྱོད་ལ་སྦྱིན། །ཟ་བྱེད་ཆེན་པོའི་ཆུང་མ་གནས་འགྱུར་བ། །དབང་ཕྱུག་ཆེན་མོ་ཟ་བ་མོ། །སྐུ་མདོག་དམར་ནག་ཟ་བ་མོ། །དེ་ཉིད་ལས་ཀྱང་གནས་འགྱུར་བས། །ཟ་བྱེད་ནག་མོ་བམ་ཆེན་སྙིང་འབྱིན་སྟག །མཐུ་སྟོབས་གཞན་གྱིས་མི་ཐུབ་པའི། །བཛྲ་པཀྴ་སིའི་དབང་མཆོག་ཁྱོད་ལ་སྦྱིན། བསྔགས་བྱ། འབྲིང་གི་ཧྲི་སྟི་ཆུང་མ་གནས་འགྱུར་བས། །དབང་ཕྱུག་ཆེན་མོ་དགའ་མ་སྟེ། །སྐུ་མདོག་དམར་མོ་ཀ་དར་འཆང་། །དེ་ཉིད་ལས་ནི་གནས་འགྱུར་བས། །དགའ་བྱེད་དམར་མོ་ཁོག་ཆེན་བགེགས་རྒྱལ་རྒོད། །མཐུ་དང་ལོངས་སྤྱོད་བསམ་གྱིས་མི་ཁྱབ་མངའ། །བཛྲ་ར་ཏི་སྟྭཾ་གྱིས་དབང་མཆོག་ཁྱོད་ལ་སྦྱིན། །སྟོབས་བཟང་ཆུང་མ་གནས་འགྱུར་བས། །དབང་ཕྱུག་ཆེན་མོ་ཁྲག་འཐུང་མྱོས། །སྐུ་མདོག་དཀར་མོ་བཤོལ་འཆང་མ། །དེ་ཉིད་ལས་ཀྱང་གནས་འགྱུར་བ། །ཁྲག་འཐུང་དམར་ནག་རྡོར་དབྱུག་དུང་དམར་རྟ། །མཐུ་སྟོབས་རྫུ་འཕྲུལ་བསམ་ཡས་པའི། །བཛྲ་ཐུ་ཏི་རེ་མ་ཏཾ་གི་དབང་མཆོག་ཐོབ་པར་ཤོག །རྣམ་ཐོས་ཆུང་མ་གནས་འགྱུར་བས། །དབང་ཕྱུག་ཆེན་མོ་གཅིག་པུ་གཅོད། །རྡོ་རྗེ་སེར་མོ་སྤུ་གྲི་གཅོད། །དེ་ཉིད་ལས་ཀྱང་གནས་འགྱུར་བས། །གཅིག་པུ་དཀར་དམར་རྡོ་རྗེ་བན་དྷ་འཐུང་། འབྱོར་པའི་ལོངས་སྤྱོད་བསམ་མི་ཁྱབ། །བཛྲ་ཨེ་ཀ་ཙ་རིའི་དབང་མཆོག་ཁྱོད་ལ་སྦྱིན། །སྔགས་བྱ། འདོད་ལྷའི་ཆུང་མ་གནས་འགྱུར་བས། །དབང་ཕྱུག་ཆེན་མོ་ཡིད་འཕྲོག་མ། །སྐུ་མདོག་དམར་མོ་མདའ་གཞུ་ཐོགས། །དེ་ཉིད་ལས་ཀྱང་གནས་འགྱུར་བས། །ཡིད་འཕྲོག་དམར་སེར་ཞིང་སྡོམ་བྱི་ཟ་ཁྱི། །འདོད་པའི་ཡོན་ཏན་ཀུན་རྫོགས་པའི། །བཛྲ་མ་ཧེ་ཧ་རའི་དབང་མཆོག་ཁྱོད་ལ་སྦྱིན། །ནོར་སྲུང་ཆུང་མ་གནས་འགྱུར་བས། །དབང་ཕྱུག་ཆེན་མོ་གྲུབ་མོར་བྱུང་། །སྐུ་མདོག་དཀར་མོ་བུམ་པ་འཇིན། །དེ་ཉིད་ལས་ཀྱང་གནས་འགྱུར་བ། །གྲུབ་མོ་དཀར་དམར་པདྨ་བྱི་ཟ་ཤུག །ལྷག་པར་ནོར་གྱིས་ལོངས་སྤྱོད་ཆེན། །བཛྲ་པི་ཏི་ཀམ་གྱི་དབང་མཆོག་ཁྱོད་ལ་སྦྱིན། །རླུང་ལྷའི་ཆུང་མ་གནས་འགྱུར་བ། །དབང་ཕྱུག་ཆེན་མོ་རླུང་མོར་བྱུང་། །སྐུ་མདོག་སྔོ་ནག་བ་དན་ཕྱར། །དེ་ཉིད་ལས་ཀྱང་གནས་འགྱུར་བ། །རླུང་མོ་དམར་སྐྱ་རོ་ཟ་ཤ་བའི་བགོ། །མགྱོགས་བྱེད་ཤུགས་འཆང་དངོས་གྲུབ་འཆང་། །བཛྲ་བ་ཡ་བེའི་དབང་མཆོག་ཁྱོད་ལ་སྦྱིན། སྔགས་བྱ། འཇིག་རྟེན་སྐྱོང་མ་ཁྱོ་མེད་གནས་འགྱུར་བས། །དབང་ཕྱུག་ཆེན་མོ་ཁྱོ་མེད་མ། །སྐུ་མདོག་དམར་ནག་རལ་གྲི་གཅོད། །དེ་ཉིད་ལས་ཀྱང་གནས་འགྱུར་བས། །གསོད་བྱེད་ལྗང་ནག་བམ་ཆེན་རྔེའུ་ཆུང་སྤྱང་། །སྒྲོལ་བྱེད་མཐུན་སྟོབས་བསམ་ཡས་པའི། །བཛྲ་མ་ཧཱ་མ་ར་ནའི་དབང་མཆོག་བུ་ལ་སྦྱིན། །ཨག་ནེ་མའི་ཆུང་མ་གནས་འགྱུར་བས། །སྐུ་མདོག་དམར་མོ་གསལ་ཤིང་འཛིན། །དབང་ཕྱུག་ཆེན་མོ་མེ་མོར་འབྱུང་། །དེ་ལས་མི་བཟད་སྐུ་སྤྲུལ་པས། །མེ་མོ་ལྗང་དམར་མེས་སྲེག་རྒྱུ་འདྲེན་སྦྱིན། །ནོམ་རྟོག་བག་ཆགས་འཇིག་རྟེན་ཀུན་བསྲེགས་པའི། །བཛྲ་ཨག་ནེ་མའི་དབང་མཆོག་བུ་ལ་སྦྱིན། །ས་བདག་ཆུང་མ་གནས་འགྱུར་བ། །དབང་ཕྱུག་ཆེན་མོ་ཕག་མོར་བྱུང་། །སྐུ་མདོག་དམར་ནག་མཆེ་བ་བསྣམས། །དེ་ཉིད་ལས་ཀྱང་སྐུར་སྤྲུལ་པའི། །ཕག་མོ་ལྗང་སེར་རྩེ་བྱིས་རློན་དམར་ཕག །འཇིག་རྟེན་ཁམས་ཀྱི་དཔལ་གཅིག་མའི། །བཛྲ་བཱ་ར་ཧིའི་དབང་རྫོགས་བུ་ལ་སྦྱིན། །སྔགས་བྱ། གཤིན་རྗེའི་ཆུང་མ་གནས་འགྱུར་བས། །དབང་ཕྱུག་ཆེན་མོ་རྒན་བྱེད་མོ། །རྒན་བྱེད་དམར་སྨྱུག་བྱིས་རོའི་རྒྱུ་མ་ཟ། །དེ་ཉིད་ལས་ཀྱང་གནས་འགྱུར་བས། །འབར་མ་ལྗང་སྔོན་རྒྱུ་འདྲེན་ཁྲག་འཐོར་ཁ། །མ་མོ་མཐུ་དབང་ཀུན་རྫོགས་པའི། །བཛྲ་ཙ་མུན་ཏིའི་དབང་རྫོགས་ཁྱེད་ལ་སྦྱིན། །བྱི་ན་ཡ་གའི་ཆུང་མ་གནས་འགྱུར་བས། །དབང་ཕྱུག་མ་མོ་སྣ་ཆེན་མོ། །སྐུ་མདོག་དམར་ནག་ཐོད་ཁྲག་འཐུང་། །དེ་ཉིད་འཇིགས་པའི་སྐུར་སྤྲུལ་པའི། །སྣ་ཆེན་ལྗང་དམར་བཾ་ཆེན་ལོངས་སྤྱོད་གླང་། །བགེགས་ཆེན་ཀུན་འདུལ་མཐུ་སྟོབས་ཀྱིས། །བཛྲ་སུ་ཏ་ནའི་དབང་རྫོགས་བུ་ལ་སྦྱིན། །ཆུ་ལྷའི་ཆུང་མ་གནས་འགྱུར་བས། །དབང་ཕྱུག་ཆེན་མོ་ཆུ་ལྷ་མོ། །སྐུ་མདོག་དཀར་སྔོ་སྦྲུལ་ཞགས་འཛིན། །འཇིགས་བྱེད་འབར་བའི་སྐུར་སྤྲུལ་པས། །ཀླུ་མོ་ལྗང་དམར་བདུད་རྩི་དུང་མར་སྦྲུལ། །རིན་ཆེན་གཏེར་གྱི་ལོངས་སྤྱོད་བསམ་ཡས་པའི། །བཛྲ་བ་རུ་ནའི་དབང་རྫོགས་བུ་ལ་སྦྱིན། །སྔགས་བྱ། ནག་པོ་ཆེན་པོའི་ཆུང་མ་གནས་འགྱུར་བས། །དབང་ཕྱུག་ནག་མོ་ཆེན་མོ་སྟེ། །སྐུ་མདོག་ནག་མོ་ཨང་ཀུ་ཤ །འཇིགས་བྱེད་འབར་བའི་སྐུར་སྤྲུལ་པས། །ནག་མོ་ལྕགས་ཀྱུ་ཁུ་བྱུག་པུ་ཏྲ་མ། །ཐམས་ཅད་འཛིན་བྱེད་མཐུ་ཀུན་རྫོགས་པ་ཡིས། །བཛྲ་མ་ཧཱ་ཀ་ལའི་དབང་མཆོག་ཁྱོད་ལ་སྦྱིན། །སྔགས་བརྗོད། ར་གདོང་ཆུང་མ་གནས་འགྱུར་བས། །དབང་ཕྱུག་ཆེན་མོ་ར་མགོ་མ། །སྐུ་མདོག་དམར་སེར་ཞགས་པ་སྣམས། །འཇིགས་བྱེད་འབར་མའི་སྐུར་སྤྲུལ་པ། །ར་སྟེ་སྔོན་མོ་རྒྱུ་ཞགས་འདྲེན་པའི་ལྷ། །འཁོར་བར་མི་རྟོགས་འཆིང་བའི་དབང་མོ་ཆེ། །བཛྲ་ཙ་ཀ་ལ་ཡི་དབང་ཆེན་བུ་ལ་སྦྱིན། །སྔགས་བཟླས། བུམ་སྣའི་ཆུང་མ་གནས་འགྱུར་བས། །དབང་ཕྱུག་བུམ་སྣ་སྔོ་ནག་མ། །སྐུ་མདོག་སྔོ་ནག་ལྕགས་སྒྲོག་སྡོམ། །འཇིགས་བྱེད་འབར་བའི་སྐུར་སྤྲུལ་པས། །བེ་ཅོན་དམར་མོ་ལྕགས་སྒྲོག་ཀུན་འཇོམས་སེང་། །དགྲ་བགེགས་བདུད་སྲིན་སྡོམ་པའི་དབང་མོ་ཆེ། །བཛྲ་སུམ་པ་ཀ་ལའི་དབང་མཆོག་ཁྱོད་ལ་སྦྱིན། སྔགས་བྱ། གསུས་པོ་ཆེ་ཡི་ཆུང་མ་གནས་འགྱུར་བས། །དབང་ཕྱུག་གསུས་འཛིན་ཆེན་མོར་བྱུང་། །སྐུ་མདོག་ལྗང་ནག་དྲིལ་བུ་འཁྲོལ། །འཇིགས་བྱེད་འབར་བའི་སྐུ་སྤྲུལ་པས། །གསུས་འཛིན་ལྗང་ནག་དྲིལ་བུ་དུང་མར་བསྐྱེད། །ང་རྒྱལ་དྲེགས་པའི་ཞིང་བཅུ་གནས་སྤོར་བའི། །བཛྲ་ལམ་པོ་དྷ་རའི་དབང་མཆོག་ཁྱོད་ལ་སྦྱིན། །བགེགས་དྲུག་སྦྱར་རོ། །འདི་རྣམས་མགོ་བརྙན་འཇིག་རྟེན་པ་ཡིན་ཞིང་སེམས་ཅན་རྣམས་ལའང་དེ་ལྟར་བཞུགས་མགོ་བརྙན་ལག་ཐོགས་རྣལ་འབྱོར་མ་ཞེས་བྱ་སྟེ། དོང་སྤྲུགས་ཀྱི་གཡག་གྷོ་ཅན་སོགས་སོ། །ཡེ་ཤེས་པ་སྲིན་མོ་སྨྱུག་ནག་གསུངས། ལས་དང་ཡེ་ཤེས་ཆ་ལུགས་མཐུན་པའང་ཡོད་གསུངས། དམ་ཅན་ཞལ་གཉིས་གཡས་མི་ཞལ་གཡོན་དུད་འགྲོའི་ཞལ་ཞེས་གསུངས། མཁའ་འགྲོ་ཡོན་ཏན་རྒྱས་པའི་ཕྱིར་གསེར་ཁྱམས་ལའོ། །དབང་གི་དཀྱིལ་འཁོར་ཆེན་པོ་ཡིས། །ཕྱི་རིམ་ལྷག་མའི་དཀྱིལ་འཁོར་འདིར། །ཕྱོགས་བཞི་མཚམས་བརྒྱད་སྒོ་བཞི་རུ། །མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་ནི། །རྡོ་རྗེ་སེམས་དཔའ་གནས་འགྱུར་བས། །མཁའ་འགྲོ་དགའ་བྱེད་རྡོ་རྗེ་བསྣམས། །མཁའ་འགྲོ་རྡོ་རྗེ་རིགས་དབང་ཕྱུག །མ་ཧཱ་བཛྲ་དྷཱ་རའི་དབང་རྣམས་བུ་ལ་སྦྱིན། །རྡོ་རྗེ་རྒྱལ་པོ་གནས་འགྱུར་བས། །འདྲེན་བྱེད་དཀར་སྐྱ་ལྕགས་ཀྱུ་མ། །མཁའ་འགྲོ་འཛིན་བྱེད་ལྕགས་ཀྱུ་མ། །ཀྲོ་ཏི་ཤྭ་རིའི་དབང་རྣམས་བུ་ལ་སྦྱིན། །རྡོ་རྗེ་ཆགས་པ་གནས་འགྱུར་བས། །གསོད་བྱེད་ཐབས་ཀྱི་མདའ་འགེང་མ། །མཁའ་འགྲོ་སྒྲོལ་བྱེད་མཐུ་དབང་རྫོགས། །བཛྲ་མ་ཧཱ་ཧེ་མ་ཏིའི་དབང་རྣམས་བུ་ལ་སྦྱིན། །རྡོ་རྗེ་ལེགས་པ་གནས་འགྱུར་བས། །སྤོར་བྱེད་དཀར་སྐྱ་སྤུ་གྲི་ཏོགས། །བཛྲ་ཀུ་མ་ཧྲིའི་དབང་རྣམས་བུ་ལ་སྦྱིན། །ཨེ་སོ་གཉིས། ཨེ་ཨ་ར་ལི་ཏ་ཊ་ཀི་ནི་སོ་གཉིས་མཁའ་འགྲོ་རྣམས། མཁའ་འགྲོ་རྣམས་ཀྱི་ཕྱག་རྒྱ་ནི། །རྡོ་རྗེ་གཤོག་པས་ཟིལ་གནོན་ཅིང་། །བྷན་ཁྲག་འཐུང་ཞིང་ཆགས་པ་ཆེ། །དཔལ་འབར་ཁྲོ་བོ་ལས་ཡེ་ཤེས་སོ། །ཕྱོགས་རེ་བརྒྱད་ཕྱོགས་བཞི་མཚམས་གསུམ་སྒོ་རེའོ། །ཞར་ལ་ཤུགས་འགྲོ་སུམ་ཅུ་རྩ་གཉིས་ཀུན་འདུས་ལས་བཤད་པའོ། །ཆགས་པ་ནི་སྐུ་མདོག་དམར་བའི་མདངས་ཅན་དུ་མཐུན་པའོ། །རྡོ་རྗེ་རིན་ཆེན་གནས་འགྱུར་བས། །འབར་བྱེད་མཐིང་ནག་རིན་ཆེན་འབར། །མཁའ་འགྲོ་དགོས་འདོད་ཀུན་བསྐོང་བ། །མ་ཧཱ་བཛྲ་མ་ཙི་ནའི་དབང་རྣམས་བུ་ལ་སྦྱིན། །རྡོ་རྗེ་ཉི་མ་གནས་འགྱུར་བས། །མཁའ་འགྲོ་གཟི་བརྗིད་འོད་ཐོགས་ལ། །རྣམ་རྟོག་མུན་སེལ་མཐུ་དབང་རྫོགས། །བཛྲ་ཏྲི་ཤྲཱི་སྨ་རའི་དབང་རྣམས་བུ་ལ་བྱིན། །རྡོ་རྗེ་རྒྱལ་མཚན་གནས་གྱུར་བས། །ཁྲོ་གཉེར་མཐིང་ནག་ཞིང་དར་འཕྱར། །བདུད་བཞི་འདུལ་བྱེད་དབང་ལྡན་པའི། །བཛྲ་ཙག་ནེ་ན་ཡི་དབང་རྣམས་བུ་ལ་སྦྱིན། །རྡོ་རྗེ་བཞད་པ་གནས་འགྱུར་བས། །འཇོམས་བྱེད་ཞིང་གིས་ཁ་གདངས་མ། །དུར་ཁྲོད་བགེགས་འཇོམས་ཟ་བྱེད་མའི། །མ་ཧཱ་ཀྲོ་ཏིའི་དབང་རྣམས་བུ་ལ་སྦྱིན། །རྡོ་རྗེ་ཆོས་མཆོག་གནས་འགྱུར་བ། །ཆགས་མེད་དམར་ནག་པད་མ་བསྣམས། །ཉེས་པའི་སྐྱོན་བྲལ་ལེགས་པའི་དབང་རྫོགས་པའི། །མ་ཧཱ་ཨར་མྲིི་དོད་ཏི་པའི་དབང་མཆོག་བུ་ལ་སྦྱིན། །རྡོ་རྗེ་རྣོན་པོ་གནས་འགྱུར་བའི། །ཆགས་བྲལ་དམར་ནག་གྲི་ཐོགས་མ། །མཁའ་འགྲོ་སྒྲོལ་བྱེད་མཐུ་དབང་རྫོགས། །མ་ཧཱ་ས་མའི་དབང་རྣམས་བུ་ལ་སྦྱིན། །རྡོ་རྗེ་འཁོར་ལོ་གནས་འགྱུར་བ། །འཁོར་ལོ་དམར་སེར་འཁོར་ལོ་འཕེན། །མཁའ་འགྲོ་གཅོད་བྱེད་མཐུ་དབང་རྫོགས། །མ་ཧཱ་བཛྲ་དན་ཏིའི་དབང་རྣམས་བུ་ལ་སྦྱིན། །རྡོ་རྗེ་སྨྲ་བ་གནས་འགྱུར་བ། །རྒྱས་འདེབས་དམར་ནག་ལྕེ་འབྱིན་མ། །ཐོགས་མེད་ལྕགས་ཀྱུ་དབང་བསྒྱུར་མ། །མ་ཧཱ་ར་མ་ནིའི་དབང་མཆོག་ཁྱོད་ལ་སྦྱིན། །རྡོ་རྗེ་ཕྲིན་ལས་གནས་འགྱུར་བ། །སྣ་ཚོགས་ལུས་འཆང་རྒྱ་གྲམ་ཐོགས། །མཁའ་འགྲོ་ཕྲིན་ལས་རྫོགས་པའི་དབང། །མ་ཧཱ་རམྲི་རྟི་ཀ་པ་ལ་ཧེས་ཏེ་ཏ་ཀིའི་དབང་རྣམས་བུ་ལ་སྦྱིན། །རྡོ་རྗེ་སྲུང་བ་གནས་འགྱུར་བས། །བསྲུང་བ་མོ་ལྗང་གོ་ཆ་ཐོགས། །འཇིགས་ཀུན་བསྲུང་བའི་མཁའ་འགྲོ་མས། །བཛྲ་སཱ་མའི་དབང་རྣམས་བུ་ལ་སྦྱིན། །རྡོ་རྗེ་གནོད་སྦྱིན་གནས་འགྱུར་བས། །གནོད་སྦྱིན་མོ་ལྗང་མཆེ་བ་འབྱིན། །དམ་ཉམས་གསོད་པའི་མཁའ་འགྲོ་མ། །མྲི་ཏ་པུ་ཏན་ཏ་རིའི་དབང་རྣམས་བུ་ལ་སྦྱིན། །རྡོ་རྗེ་ཁུ་ཚུར་གནས་འགྱུར་བས། །ཡང་དག་འཕྲོག་ལྗང་མོ་ཏིག་འཕྱར། །རྡུལ་དུ་རློག་བྱེད་མཁའ་འགྲོའི་དབང་། །བཛྲ་བི་ལ་ཀེ་ལའི་དབང་མཆོག་བུ་ལ་སྦྱིན། །དཔའ་བར་འགྲོ་བ་གནས་འགྱུར་བས། །བྱ་རོག་གདོང་ལ་མིག་འབྱིན་མ། །ལག་ན་གྲི་དང་མཁར་གཞོང་ཐོགས། །རྣམ་ཤེས་འཇོམས་པའི་མཁའ་འགྲོའི་དབང་། །བི་ཤི་རི་རིའི་དབང་རྣམས་བུ་ལ་སྦྱིན། །ཀུན་བཟང་སེམས་དཔའ་གནས་འགྱུར་བས། །འཇིགས་བྱེད་དཀར་སྔོ་མཆེ་གཙིགས་མ། །ཐམས་ཅད་འཇོམས་པ་མཁའ་འགྲོའི་དབང་། །ཤ་ནི་ཀྵའི་དབང་རྣམས་བུ་ལ་སྦྱིན། །ཟླ་འོད་གཞོན་ནུ་གནས་འགྱུར་བས། །བཞད་གདོང་དཀར་མོ་སྙིང་འབྱིན་མ། །ཐམས་ཅད་སྒྲོལ་བའི་མཁའ་འགྲོ་འ གྱིང་། །ཤ་ནི་ཏ་ཀིའི་དབང་རྣམས་བུ་ལ་སྦྱིན། །བཟང་སྐྱོངས་སེམས་དཔའ་གནས་འགྱུར་བས། །འུག་མགོ་དཀར་སྔོ་ཀེང་རུས་འཆའ། །ལས་བྱེད་ལྷག་བསྡུད་གཞི་དབང་ཀུན། །བི་ཏ་ཀིའི་དབང་རྣམས་བུ་ལ་སྦྱིན། །རྒྱུའམ་བསྐལ་བཟང་སེམས་དཔའ་བཅུ་དྲུག་ལ། །མཚམས་གསུམ་སྒོ་རས་ཕྱོགས་མཚོན་རིགས་མཚན་ཅན། །དཔའ་བར་འགྲོ་དང་ཀུན་བཟང་དང་། །ཟླ་འོད་ངན་སོང་ཀུན་འདྲེན་ཤར། །བཟང་སྐྱོང་དྲྭ་བ་ཅན་གྱིས་འོད། །རྡོ་རྗེ་སྙིང་པོ་བྱམས་བརྩེག་ལྷོ། །ནམ་མཁའ་མཛོད་དང་འོད་དཔག་མེད། །མྱ་ངན་ཀུན་འཇོམས་སྤོས་གླང་ནུབ། །ཡེ་ཤེས་ཏོག་དང་བློ་མི་ཟད། །སྤོབས་པ་བརྩེགས་དང་དོན་འགྲུབ་བྱང་། །དྲ་འོད་སེམས་དཔའ་གནས་འགྱུར་བ། །ཁྱི་མགོ་མཐིང་ནག་ཀེང་རུས་འཆའ། །དུར་ཁྲོད་འཇོམས་པའི་དབང་སྐུར་བས། །བཛྲ་ཨ་ན་ཡ་ཡི་དབང་རྣམས་འདིར་བསྐུར་ཅིག །རྡོ་རྗེ་སྙིང་པོ་གནས་འགྱུར་བས། །མཐིང་ནག་མ་ས་ཕག་གི་མགོ། །རྩང་སྨེ་མེད་པར་ཟ་བྱེད་མའི། །བེ་ཀོ་ནེའི་དབང་རྣམས་བུ་ལ་སྦྱིན། །ནམ་མཁའ་མཛོད་སེམས་གནས་འགྱུར་བའི། །སྔོ་ནག་གློ་འདྲེན་རྔ་མོའི་མགོ། །ཡི་དྭགས་གདོང་འཇོམས་མཁའ་འགྲོའི་དབང་། །ཛ་དུ་ལ་ཡ་བས་ཀྱིས་དབང་རྣམས་བུ་ལ་བསྐུར། །འོད་དཔག་མེད་ལས་གནས་འགྱུར་བས། །ཐོད་ཡག་དགྲ་སྟ་དཔུང་བུའི་མགོ། །དབང་བྱེད་འཇོམས་པའི་མཁའ་འགྲོ་མ། །ཏ་ཀི་བེ་ཀ་ཏེ་ཡི་དབང་རྣམས་བུ་ལ་བསྐུར། །མྱ་ངན་ཀུན་འཇོམས་གནས་འགྱུར་བས། །དམར་ནག་སྤུ་གྲི་རའི་མགོ། །དགྲ་བགེགས་འཇོམས་གཅོད་མཁའ་འགྲོ་མ། །བཛྲ་དར་ཤིའི་དབང་རྣམས་འདིར་བསྐུར་ཅིག །རྒྱལ་བའི་ཡེ་ཤེས་གནས་འགྱུར་བས། །དམར་ནག་རུས་འཆའ་བྱི་ལྷའི་མགོ། །མ་ལུས་སྒྲོལ་བྱེད་མཁའ་འགྲོའི་དབང་། །ཀ་ལི་པྲ་བེ་ཤའི་དབང་རྣམས་བུ་ལ་བསྐུར། །བློ་གྲོས་མི་བཟད་གནས་འགྱུར་བ། །དམར་ལྗང་ཀེང་རུས་དཀར་པོ་འཛིན། །ཞེ་སྡང་འཇོམས་པའི་མཁའ་འགྲོ་མ། །ཨུས་ཏིང་མང་པོའི་དབང་ཡང་ཁྱོད་ལ་བསྐུར་བར་བྱ། སྤོབས་པ་བརྩེགས་པ་གནས་འགྱུར་བ། །དམར་སེར་རུས་ཕྲེང་ལྕེ་སྤྱང་མགོ། །དངོས་པོ་ཀུན་འཇོམས་མཁའ་འགྲོ་མ། །ཀ་རན་ཙའི་དབང་རྣམས་འདི་བསྐུར་ཅིག །ངན་སོང་ཀུན་འདྲེན་གནས་འགྱུར་བས། །མཁའ་འགྲོ་སྲིན་མོ་བུམ་སྣ་མ། །རྡོ་རྗེ་ལྕགས་ཀྱུ་ཀ་ཏ་རི། །སརྦ་མ་ཏ་ར་ཡི་དབང་རྣམས་བུ་ལ་སྦྱིན། །བྱམས་པ་བརྩེགས་པ་གནས་འགྱུར་བས། །མཁའ་འགྲོ་གཤིན་རྗེ་རྣམ་འཇོམས་མ། །ཞགས་པས་གྲི་ཐོགས་འཛིན་ཅིང་སྒྲོལ། །ས་ཨ་ཏ་ཀིའི་དབང་རྣམས་འདིར་བསྐུར་ཅིག །སྤོས་ཀྱི་གླང་པོ་གནས་འགྱུར་བས། །མཁའ་འགྲོ་དྷ་ཤ་གྷྲི་ཝ་སྟེ། །ལྕགས་སྒྲོག་སྤུ་གྲི་ཟ་བྱེད་མ། །བཛྲ་སརྦ་བན་དྷ་ཨའི་དབང་རྣམས་འདིར་བསྐུར་ཅིག །དོན་འགྲུབ་སེམས་དཔའ་གནས་འགྱུར་བས། །མཁའ་འགྲོ་ཆེན་མོ་འབོད་འགྲོགས་མ། །དྲིལ་བུ་དགྲ་སྟྭས་སྒྲོམ་ཞིང་སྤོར། །བཛྲ་ས་བྷན་ཨ་ཀའི་དབང་རྣམས་བུ་ལ་བསྐུར། ཁྱམས་མ་མོ་སྲིན་མོ་འདོད་ཆགས་གནས་སུ་དག་པའི་ཁྲག་མཚོའི། དབང་གི་དཀྱིལ་འཁོར་ཆེན་པོ་ཡིས། །ཕྱི་ཡི་སྣམ་བུ་ཕྱོགས་བཞི་ལ། །མ་བདུན་སྲིང་བཞིས་བསྐོར་བ་ནི། །མ་བདུན་མཆོག་གིས་དབང་བསྐུར་ཏེ། །རྒྱ་མཚོ་ཆེན་པོའི་དཀྱིལ་འཁོར་ནས། །དཔལ་ལྡན་ཤུག་སྒྲོལ་གཙོ་བོ་སྟེ། །རི་རབ་བསྙིལ་བའི་མཐུ་མོ་ཆེ། །རྡོ་རྗེ་ཀུན་གྲགས་དབང་འདིས་ཁྱོད་ལ་བསྐུར། །མ་མ་དྷ་རུ་ཀྲོ་ཏི་ཤྭ་རི་ཧཱུཾ། །སྲིན་མོ་སྐམ་མ་རབ་སྐམ་མ། །དྲི་མ་འདོན་མ་ཕོར་ཐོགས་མ། །གཡང་གཞི་མ་དང་བསྐུལ་བྱེད་མ། །མྱོས་བྱེད་མ་བདུན་སྐམ་ཀུན་གྲགས། །ཕོར་ཐོགས་ཀུན་ཏུ་བཟང་མོ་དང་། །གཡང་གཞི་མ་ནི་དྲག་སྙེམ་མ། །ཟ་བ་མོ་འམ་རབ་བསྐམ་ནི། །རྡོ་རྗེ་ཡེ་ཤེས་དམ་ཚིག་མཆོག །སྲིན་མོ་གསོད་བྱེད་འོད་གསལ་ཆགས། །ཟ་བྱེད་བསྐུལ་བྱེད་གསལ་ཕྲོ་མ། །དྲི་མ་སྣོམ་པར་བྱེད་མ་དང་། །དྲི་མ་འདོན་མ་གཡུ་སྒྲོན་བཤད། །ཕྱག་རྒྱ་འབར་བའི་དཀྱིལ་འཁོར་ནས། །ནམ་མཁའ་སྟོང་ལ་དབང་བསྒྱུར་ཞིང་། །བདུད་དཔུང་དྲག་སྙེམས་ཀུན་འདུལ་མ། །རྡོ་རྗེ་དྲག་སྙེམ་དབང་འདིས་ཁྱོད་ལ་སྦྱིན། །མ་མ་དྷ་རུ་ཀྲོ་ཏི་ཤྭ་རི་ཧཱུཾ། །ཐོད་རུས་འབར་བའི་དཀྱིལ་འཁོར་ནས། །གདུག་པ་མ་ལུས་སྡིག་བྱེད་ཅིང་། །འཇའ་ཚོན་འབར་བའི་དཀྱིལ་འཁོར་ནས། །མཛེས་པའི་ཚུལ་གྱིས་འོད་འཕྲོ་ཞིང་། །འཇིག་རྟེན་མཆེ་བདག་གཟི་ཕྲོག་མ། །ཀུན་ཏུ་བཟང་མོའི་དབང་འདི་ཁྱོད་ལ་སྦྱིན། །མ་མ་དྷ་ཏུ་ཀྲོ་ཏི་ཤྭ་རི་ཧཱུཾ། དམ་ཚིག་ཆེན་པོའི་དཀྱིལ་འཁོར་ནས། །ཁྲོ་བོ་གཏུམ་ཆེན་ཟ་བ་མོ། །ཕོ་ཉ་མོ་སྟེ་དྲུག་ཅུའི་གཙོ། །ཤ་ཆེན་ཁྲག་ལ་ལོངས་སྤྱོད་ཅིང་། །གདུག་པ་མ་ལུས་ཀུན་འདུལ་མ། །རྡོ་རྗེ་ཆེན་མོ་ཡེ་ཤེས་མཆོག །དམ་ཚིག་ཚུལ་བཞིན་དབང་འདིས་ཁྱོད་ལ་སྦྱིན། །མ་མ་དྷ་ཏུ་ཀྲོ་ཏི་ཤྭ་རི་ཧཱུཾ། །དམ་ཚིག་ཆེན་པོའི་ཚོགས་གྲལ་ཡིན་ཏེ། །རི་ཕུག་གནས། དགོན་པའོ། །ཕོ་ཉ་དྲུག་ཅུ་ནི། ཞག་གཅིག་ལ་དཔེར་བརྗོད་ན་ཞག་མ་དེའི་དྲུག་ཅུ་ཆ་དང་གུང་གཉིས་སྲོད་ཐོ་རངས་སྐད་ཅིག་ནི་དབྱུག་གུ་དང་། འཇིག་ཆགས་ཀྱི་བསྐལ་པ་དྲུག་ཅུ་རྩ་བཞིའི་དུས་ལ་ཀུན་ཁྱབ་ཏུ་ཉུལ་ཞིང་དབང་བྱེད་པའི་མ་མོའི་གཙོ་མོའོ། །ཁྲག་གི་རྒྱ་མཚོའི་དཀྱིལ་འཁོར་ནས། །རྡོ་རྗེ་དྲྭ་བའི་ཕྲེང་ཐོགས་ཤིང་། །བྱང་ཕྱོགས་རང་གིས་འཁོར་འདུལ་མ། །རྡོ་རྗེ་འོད་ཆགས་དབང་འདིས་བུ་ལ་སྦྱིན། །མ་ན་དྷ་ཏུ༴ མེ་དཔུང་འབར་བའི་དཀྱིལ་འཁོར་ནས། །ཞགས་པ་སྟོང་གིས་གདེང་ལྡན་ཞིང་། །ཕྲིན་ལས་འབྱུང་པོ་ཀུན་འདུལ་མ། །རྡོ་རྗེ་གསལ་ཕྲོའི་དབང་འདི་བུ་ལ་སྦྱིན། །མ་མ་དྷ༴ འོད་ཕུང་འཁྲིགས་པའི་དཀྱིལ་འཁོར་ནས། །ཞེས་ཀྱང་སྣང་། མེ་འོད་གསལ་འཕྲོར་རུང་། དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་ནས། །ལྕགས་ཀྱུ་འབར་བའི་འཕྲོ་འདུ་ཅན། །དམ་ཚིག་ཉམས་པ་གསོད་བྱེད་ཅིང་། །བཀའ་ལས་འགལ་བའི་སྙིང་ཕྲོག་མ། །རྡོ་རྗེ་གཡུ་སྒྲོན་དབང་འདིས་ཁྱོད་ལ་སྦྱིན། །མ་མ་དྷ་ཏུ༴ མ་བདུན་ཕྱག་མཚན་རི་རབ་དང་། ནམ་མཁའ་དང་། འཇའ་ཚོན་ཉི་མ་དང་། དམ་ཚིག་རྡོ་རྗེ་དང་། འཕྲེང་བ་དང་། ཞགས་པ་དང་། ལྕགས་ཀྱུ་དང་། བདུན་གཡས་དང་གཡོན་ཐོད་པ་གང་བའོ། །སྐུ་མདོག་ཤར་གཉིས་སྔོན་པོ་དང་། གཡུ་ཞེས་བྱང་ལྗང་ཁུ་དང་། ནུབ་གཉིས་དམར་པོ་དང་། ལྷོ་གཉིས་སེར་པོ་ལགས། གསལ་ཕྲོར་ནེ་ཚོ་ཁའང་ལྷོ་སེར་པོ་བྱ། །བྱང་དུ་འགོད་ན་ལྗང་ཁུ་འམ། །བཀའ་བརྒྱད་དུ་ཤར་གྱི་མ་དཀར་མོར་བྱས་ནས། ཀུན་གྲགས་དང་གཡུ་སྒྲོན་དཀར། བྱང་གསལ་འཕྲོ་བྱང་ཕྱོགས་ཞེས་འོད་གསལ་དུ་བྱས་ན་གསེར། ཀུན་བཟང་ལྷོ་སྔོ། དྲག་སྙེམས་དང་ཡེ་ཤེས་དམར། མདུན་ཀ་ཐོད་པ་ཅན་བཤད། དབང་གི་དཀྱིལ་འཁོར་ཆེན་པོ་ཡི། །ཕྱི་རིམ་སྣམ་བུའི་སྒོ་བཞི་རུ། །སྲིད་ཞིའི་དབང་བསྐུར་ཐོབ་པར་ཤོག །སྐུ་མདོག་ཤར་དཀར་ལྷོ་སེར་ནུབ་དམར་བྱང་གི་ཕྱག་མཚན་རྒྱལ་མཚན་གྱིས་ཏོག་ཐུལ་པའི་མགོ་བོ་དང་འདྲའོ། །ཡང་ན་གུ་རུ་པདྨའི་བཀའ་བརྒྱད་མ་མོ་དང་འདྲ་བར་བྱའོ། །གླིང་བཞི་མགྱོགས་མ་ལྷའི་སྲིང་། །སྐུ་ལ་བྱ་རྒོད་ཐུལ་པ་གསོལ། །ཐུགས་དམ་རྣལ་འབྱོར་གྲོགས་ལ་བརྩོན། །ལྷའི་སྲིན་མོའི་དབང་འདི་བུ་ལ་བསྐུར། །མ་མ་དྷ་ཏུ་ཨ་བྷི་ཥིཉྩ་ཧཱུཾ། གླིང་བཞི་མགྱོགས་མ་ལྷའི་སྲིང་། དཀར་མོ་རྡོ་རྗེ་རྩེ་གསུམ་ཐོགས། །ཤར་གྱི་སྒོ་མའི་དབང་བསྐུར་བས། །ལྷ་ཡི་ཚོགས་རྣམས་སྡུད་པའི་དབང་ཐོབ་ཤོག །ཏེ་པཾ་བྷྱོ་ཏེ་པཾ་བྷྱོ། མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང་། །སྐུ་ལ་སྟག་གི་ཐུལ་པ་འདྲེ། ཐུགས་དམ་རྣལ་འབྱོར་གྲོགས་ལ་བརྩོན། །གཤིན་རྗེའི་སྲིང་མོའི་དབང་འདིས་བུ་ལ་བསྐུར། །མ་མ་དྷ་ཏུ་ཨ་བྷི༴ མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང་། །སྔོན་མོ་མི་མགོ་ཐོད་དབྱུག་ཐོགས། །ལྷོའི་སྒོ་མའི་དབང་༴ གཤིན་རྗེའི་ཚོགས་བསྡུད་དབང་ཐོབ་ཤོག །ཨ་བར་དྷ་ལན་བྷྱོ། དམར་མོ་གཡག་ཐོད་ཀླུའི་སྲིང་། །དམར་མོ་སྦྲུལ་ནག་ཞག་པ་ཐོགས། །ནུབ་ཀྱི་སྒོ་མས༴ ཀླུའི་ཚོགས་བསྡུད༴ དྷ་ལ་དུན་བྷྱོ། ནག་མོ་སྡེར་ཆེན་གནོད་སྦྱིན་སྲིང་། །སྐུ་ལ་རྨ་བྱའི་ཐུལ་པ་གསོལ། །དམ་ཚིག་ཅན་ལ་བརྩེ་དགོངས་ལ། །གནོད་སྦྱིན་སྲིང་མོའི་དབང་བསྐུར་རོ། །མ་མ་ད་ཏུ་ཧཱུཾ། ཨ་བྷི༴ ནག་མོ་སྡེར་ཆེན་གནོད་སྦྱིན་སྲིང་། །ལག་ན་ནེའུ་ལེའི་རྐྱལ་པ་ཐོགས། །བྱང་གི་སྒོ་མས་དབང་བསྐུར་བས། །གནོད་སྦྱིན་ཚོགས་བསྡུད་དབང་ཐོབ་ཤོག །འདི་ན་མ་མ་ཡས་བྷྱོ། ཧེ་ཏུ་འདུས་རྒྱུད་ལས། རྩ་བའི་ས་བོན་མ་མ་བཅུ་གཅིག །བསྐྱེད་སྔགས་དུན་བྷྱོ་བདུན། དུན་ཏིང་མ་བྷྱོ་བཞིའོ། །འདོད་ཆགས་ཚུལ་གྱིས་འདོད་ཆགས་འདུལ། །མ་བདུན་སྲིང་བཞིའི་ཕྱག་རྒྱ་ནི། །འཇོ་སྒེག་མཛེས་པའི་ཚུལ་གྱིས་བལྟའ། །གཡས་པ་འཁྱུད་ཚུལ་དཀར་འཇིན་སྟོན། །གཡོན་པ་དུང་ཁྲག་འཐུང་བྱེད་པའོ། །ཞེས་སོ། །དཀར་འཛིན་ཞེས་འོ་མ་རྒྱས་པའི་ནུ་མ་འབུར་བས་སྟོན་ལ་ཆགས་པས་དམར་བའོ། །འདི་ནི་རྒྱལ་བའི་སྲས་པོ་ཡིན་པས་ན། །ཕྱག་རྒྱ་ཆེན་པོའི་དབང་མཆོག་སྦྱིན་པར་བྱ། །རས་སམ་འབུར་རམ་ལུགས་སུ་བླུག་པ་ཡི། །ཕྱག་རྒྱའི་གཟུགས་བརྙན་དེའི་སྤྱི་བོར་བཞག །ཀུན་འདུས་དང་། དྲུག་གསུམ་བཅོ་བརྒྱད་ལྟར། ཁྲོ་བོ་བཅུ་ཕོ་ཉའི་གིང་ངོ་། །མ་བདུན་སྲིང་བཞིའི་ཕོ་ཉའི་ཤམ་དུ་བྱེད་པ་ལྟར་དུ། དེས་ལྷ་དབང་ཚངས་པས་འདི་གསུངས། །ཁྱམས་དཀར་པོ་དཔལ་ཆེན་ཚེམས་ཀྱིས་འོད་དཀར་ཀིང་ལ་རྩ་བའམ་ས་བོན་ཕཊཿ ཧེ་རུ་ཀ་འདུས་རྒྱུད་དུ་ཛ་བཅོད་བརྒྱད་ཨ་ཧ་ཀིང་ཀ་ར་ཏ་ཀི་ཤ་ཛ། རྡོ་རྗེ་གིང་ཆེན་བཅོ་བརྒྱད་ནི། །སྔོན་སྐྱ་འཇིགས་པའི་ཚུལ་སྟོན་ཅིང་། །གཡས་པ་གྲི་དང་མཚོན་ཆ་ཐོགས། །གཡོན་པ་འཛིན་ཅིང་གསོད་པར་བྱེད། །འདི་ལ་གཙོ་བོ་གཅིག །འཁོར་བཅོ་བརྒྱད་དོ། །དབང་གི་དཀྱིལ་འཁོར་ཆེན་པོ་ཡིས། །ཕྱི་རིམ་སྣམ་བུའི་ཕྱོགས་བཞི་རུ། །ཐུགས་ཀྱི་འོད་ཟེར་སྤྲུལ་པ་ལས། །ཁྲོ་བོ་གིང་གིས་བསྐོར་བ་ནི། །དཔའ་བོ་ཆེན་པོ་ལས་རྣམས་ཀུན་བྱེད་པའི། །མཐིང་ནག་རལ་གྲི་བྷན་དྷ་བསྣམས། །གང་ལ་དམིགས་པ་སྒྲོལ་བ་ཡི། །རྡོ་རྗེ་གིང་གིས་དབང་ཡང་བསྐུར། །ཁྲོ་མོ་ཆེན་མོ་ཁམས་གསུམ་དབང་བསྡུད་མ། །སྔོ་ནག་ཐོད་ཁྲག་འཇམ་དཔལ་ཐོགས། །སྒྲོལ་བྱེད་ལས་ལ་འབའ་ཞིག་དགོས། །རྡོ་རྗེ་གིང་མོའི་དབང་འདི་ཁྱོད་ལ་སྦྱིན་པར་བྱའོ། །རྡོ་རྗེ་ཀ་ཏར་ཀིང་ཀ་ར་བཛྲ་གིང་ཀ་ར། དམར་ནག་བན་རྡོ་རྗེ་ཀ་དར་བསྣམས། །མ་ཐོགས་མྱུར་དུ་བསྒྲལ་བའི་ལས་མཛོད་ཅིག །རྡོ་རྗེ་གིང་གིས་དབང་ཡང་སྦྱིན་པར་བྱའོ། །རྡོ་རྗེ་གིང་ཆེན་གནོད་སྦྱིན་ནི། །ལྗང་གནག་ཕྱག་གིས་སྡིགས་མཛུབ་འཕྱར། །དམ་ཚིག་ཉམས་རྣམས་སྒྲོལ་བྱེད་པའི། །རྡོ་རྗེས་གིང་འདིས་དབང་ཡང་འགྲེའོ། །རྡོ་རྗེ་གིང་ཆེན་སྤྱང་གི་ནི། །དམར་ནག་སྤྱང་མགོ་སྤུ་གྲི་ཐོགས། །གསོད་པའི་ལས་ལ་ཤིན་ཏུ་གདེང་། །རྡོ་རྗེ་གིང་འདིས་དབང་༴ ༀ་བཛྲ་ཀ་ཏ་རི་ཤྭ་ར་ཧཱུཾ། རྡོ་རྗེ་གིང་ཆེན་གཤིན་རྗེ་ནི། །ལྡིང་ནག་བེ་ཅོན་དགྲ་སྟྭ་འཛིན། །མ་ལུས་སྒྲོལ་བའི་གིང་ཆེན་སྟེ། །རྡོ་རྗེ་གིང་གི་དབང་འདི་བུལ། །རྡོ་རྗེ་གིང་ཆེན་རལ་པ་ནི། །དམར་ནག་བན་དྷ་ཕལ་ཚབ་བསྣམས། །དགྲ་བགེགས་མ་ལུས་མྱལ་ཐག་གཅོད། །རྡོ་རྗེ་གིང་གི་དབང་༴ རྡོ་རྗེ་གིང་ཆེན་འཆི་བདག་ནི། །ལྗང་སེར་རྡོ་རྗེ་གསོར་ཞིང་བརྡེག །དྲག་ཤུལ་སྒྲོལ་བའི་མཐུ་སྟོབས་ཅན། །རྡོ་རྗེ་གིང་གིས་དབང་འདིས་བུ་ལ་སྦྱིན། ། རྡོ་རྗེ་གིང་ཆེན་དུས་མཚམས་ནི། །ལྗང་ནག་མདུང་ཐུང་བ་དན་ཐོགས། །རྡོ་རྗེ་ཤྭ་རིའི་བན་ད་ཐོགས། །དགྲ་དང་འབྱུང་པོ་ཀུན་འཇོམས་པའི། །རྡོ་རྗེ་གིང་གི་དབང་༴ ༀ་བཛྲ་ཀ་ཏ་རི་ཤ་ར་ཤྭ་རི་ཧཱུཾ། རྡོ་རྗེ་གིང་ཆེན་རོ་ལངས་ནི། །སེར་ནག་ཞིང་གི་དབྱུག་པ་ཕྱར། །གང་ལ་དམིགས་པ་ཡུད་ཀྱིས་འཇོམས། །རྡོ་རྗེ་གིང་འདིས་དབང་ཡང་བསྐུར་བར་བྱ། །རྡོ་རྗེ་གིང་ཆེན་འཇོམས་པ་ནི། །སྨུག་ནག་རྡོ་རྗེ་ཐོ་བ་ཐོགས། །བགེགས་ཀྱི་དཔང་ཡང་ཡུད་ཀྱིས་འཇོམས། །རྡོ་རྗེ་གྱིང་འདིའི་དབང་། རྡོ་རྗེ་གྱིང་ལྕམ་དབང་བསྡུད་ནི། །ལྗང་ནག་རྡོ་རྗེ་ལྕགས་ཀྱུ་འདྲེན། །གང་ལ་དམིགས་པ་ཡུད་ཀྱིས་སྒྲོལ། །རྡོ་རྗེ་གྱིང་ལྕམ་དབང་༴ རྡོ་རྗེ་གྱིང་ལྕམ་དབང་བསྐུར་མ། །ཁམས་གསུམ་ཞིང་གི་གཡབ་མོས་འདེབས། །མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབ། །རྡོ་རྗེ་གིང་འདིས་དབང་༴ རྡོ་རྗེ་གྱིང་ལྕམ་འཕྲུལ་མོ་ཆེ། །རྡོ་རྗེ་གྱིང་མོའི་དབང་༴ གཟུགས་མེད་རླུང་ལྟར་རྒྱུ་བྱེད་ཅིང་། །གང་ལ་དམིགས་པ་ཡུད་ཀྱིས་ཁྱབ། །རྡོ་རྗེ་གྱིང་ལྕམ་དབང་འདི་ཁྱོད་ལ་སྦྱིན། །ༀ་བཛྲ་འགྲེ། རྡོ་རྗེ་གྱིང་ལྕམ་གློག་འགྱུ་མ། །རྫུ་འཕྲུལ་གར་གྱིས་གློག་ལྟར་འགྱུ། །ཅིར་ཡང་འགྱུར་བའི་མཐུ་མོ་ཆེ། །རྡོ་རྗེ་གྱིང་མོའི་དབང་༴ རྡོ་རྗེ་གིང་ལྕམ་མཐུ་མོ་ཆེ། །ལྗང་ནག་ལྕགས་ཀྱུ་ཐོ་བ་ཐོགས། །རྦོད་གཏོང་བཅོལ་བ་ལེན་པར་བྱེད། །རྡོ་རྗེ་གིང་གི་དབང་༴ རྡོ་རྗེ་གིང་ལྕམ་མཐུ་མོ་ཆེ། །མཐིང་ནག་རྡོ་རྗེ་དགྲ་སྟྭ་ཐོགས། །ཕྲིན་ལས་རྣ་ཉན་ཕྲ་མ་ཟེར། །རྡོ་རྗེ་གིང་མོའི་དབང་༴ རྡོ་རྗེ་གིང་ལྕམ་སྒྲོལ་བྱེད་མ། །སྨུག་ནག་བན་དྷ་གྲི་ཐོགས་མ། །ཕྲིན་ལས་སྲིད་གསུམ་སྒྲོལ་བྱེད་མ། །རྡོ་རྗེ་གྱིང་མོའི་དབང་༴ གྱིང་ལྕམ་ཟ་བྱེད་ཆེན་མོ་ནི། །རྡོ་རྗེ་གྱིང་ལྕམ་མྱོས་བྱེད་མ། །མཐིང་ནག་ཕྱག་ན་ལོངས་སྤྱོད་བསྣམས། །ཕྲིན་ལས་ཚོགས་ཀྱིས་ཕྱག་ཚངས་བྱེད། །རྡོ་རྗེ་གྱིང་ཆེན་དབང་འདིས་ཁྱོད་ལ་སྦྱིན། །ༀ་བཛྲ་ཀྲོ་ཏ་ཀ་ཏ་རི་ཤ་ཤྭ་རི་ཧཱུཾ། སྟེང་གིས་ཕོ་ཉ་འོད་མཐིང་ཁ་ཧི་ཁྱམས་མཐིང་ནག་ལ། ཁྲོ་བོ་ནི། དབང་གི་དཀྱིལ་འཁོར་ཆེན་པོ་ཡིས། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུ། །དགྲ་གདོན་མང་པོ་འདུལ་བའི་ཕྱིར། །སྐུ་ཡི་ཁ་དོག་མཐིང་ནག་ལས། །ཁྲོ་བོ་ཁྲོ་མོ་དྲུག་ཅུ་སྤྲུལ། །རྣམ་རྒྱལ་མདོག་དཀར་རྡོ་རྗེ་ཐོ་བ་ཐོགས། །སྙེམས་མ་གཙོ་འཁྱུད་ཐོད་ཁྲག་གཙོ་ལ་སྟོབས། །མཐུ་རྩལ་ཡང་ཆེ་དྲི་བཟང་གདོན་འདུལ་བའི། །ཁྲོ་བོ་ཁྲོ་མོའི་དབང་མཆོག་ཐོབ་པར་ཤོག །དབྱུག་པ་སྔོན་པོ་སྡིགས་མཛུབ་རིན་ཆེན་སྔོ། །སྡེར་མོ་གཙོ་འཁྱུད་དུང་མར་གཙོ་ལ་སྟོབས། །མཐུ་རྩལ་ཆེ་བས་དྲང་སྲོང་གདོན་འདུལ་བའི། །ཁྲོ་བོ་ཁྲོ་མོའི་དབང་འདིས་ཐོབ་པར་ཤོག །གཤིན་རྗེའི་གཤེད་པོ་མཐིང་ནག་དབྱུག་ཐོ་ཕྱར། །རྡོ་རྗེ་དུར་ཁྲོད་དུང་དམར་ཡབ་ལ་སྟོབས། །ང་རྒྱལ་མཐུ་ཆེན་གཤིན་རྗེས་གདོན་འདུལ་བའི། །ཁྲོ་བོ་ཁྲོ་མོའི་དབང་མཆོག་ཐོབ་པར་ཤོག །མི་གཡོ་མགོན་པོ་རལ་གྲི་ཁུ་ཚུར་ཐོགས། །རྡོ་རྗེ་དུན་ཁུང་དུང་དམར་གཙོ་ལ་སྟོབས། །རྫུ་འཕྲུལ་མཐུ་ཆེན་སྲིན་པོའི་གདོན་རྣམས་འདུལ། །ཁྲོ་མོ་ཡབ་ཡུམ༴ རྟ་མགྲིན་མདོག་དམར་པདྨ་མདའ་གཞུ་བསྣམས། །རྡོ་རྗེ་གཏུམ་མོ་དུང་མར་གཙོ་ལ་སྟོབས། །ཐུགས་རྗེ་མཐུ་རྩལ་གཏི་མུག་ཀླུ་འདུལ་བའི། །ཁྲོ་བོ་ཁྲོ་མོ་ༀ་བཛྲ་ཀྲོ་ཏི་ཤྭ་རི་ཧཱུཾ། གཞན་གྱིས་མི་ཐུབ་དགྲ་སྟྭ་གཏུན་ཤིང་སྔོ། །རྡོ་རྗེ་མདའ་སྙེམས་དུང་ཁྲག་གཙོ་ལ་སྟོབས། །མཐུ་དང་རྫུ་འཕྲུལ་ཀླུ་གདོན་འདུལ་མཛད་པའི། །ཁྲོ་བོ་ཁྲོ་མོ༴ བདུད་རྩི་འཁྱིལ་པ་ལྗང་ནག་རྒྱ་གྲམ་ཕྱར། །རྡོ་རྗེ་རླུང་འབྱིན་དུང་མར་གཙོ་ལ་སྟོབས། །དྲག་པོ་མཐུ་ཡིས་གནོད་སྦྱིན་གདོན་འདུལ་བའི། །ཁྲོ་བོ་ཡབ་ཡུམ་དབང་༴ ཁམས་གསུམ་རྣམ་རྒྱལ་རྡོ་རྗེ་ཐོ་བ་གནས། །རྡོ་རྗེ་གསོད་བྱེད་དམར་གྱིས་མཆོད་པ་འདྲེན། །དྲག་ཤུལ་མཐུ་ཡིས་འབྱུང་པོ་གདོན་འདུལ་བའི། །ཁྲོ་བོ་ཡབ་ཡུམ་དབང་༴ རྡོ་རྗེ་སྟོབས་ཆེན་དུད་ཁ་འབུད་དུང་རྔ་ཡབ་ཐོགས། །རྡོ་རྗེ་བསྐྱོད་ཆེན་དུང་ཁྲག་གཙོ་ལ་སྟོབས། །མཐུ་སྟོབས་ལྡན་པས་ས་བདག་གདོན་འདུལ་བའི། །ཁྲོ་བོ་ཡབ་ཡུམ་དབང་འདི༴ ཧཱུཾ་མཛད་དམར་སྐྱ་རྡོ་རྗེ་མདའ་གཞུ་འགྱེངས། །རྡོ་རྗེ་སྒྲ་འབྱིན་དུང་དམར་ཞལ་དུ་སྟོབས། །ཉི་ཟླ་གཟའ་སྐར་ཡས་གདོན་འདུལ་མཛད་པའི། །ཁྲོ་བོ་ཁྲོ་མོའི་དབང་འདི་ཐོབ་པར་ཤོག །ༀ་བཛྲ་ཀྲོ་ཏ་ཀྲོ་ཏི་ཤ་རི་ཧཱུཾ། དེས་ཕྱོགས་བཅུའི་ཁྲོ་ཚོགས་ཉི་ཤུའོ། །དེ་ནས་ཁྲོ་བོའི་རིགས་ཆུང་ཧེ་རུ་ཀ་བཞི་བཅུ་ནི། །དབང་གི་དཀྱིལ་འཁོར་ཆེན་པོ་འདིར། །སྐུ་ཡི་འོད་ཟེར་མཐིང་ནག་ལས། །ཁྲོ་བོ་ཁྲོ་མོ་དྲུག་ཅུས་སྐོར་བ་ཡིས། །དགྲ་བགེགས་མང་པོས་འདུལ་སླད་དུ། །བཛྲ་ཀི་ལ་ཡ་མཐིང་ནག་ཕུར་པ་འདྲིལ། །ཁྲོ་མོ་རྒྱལ་འདེབས་བན་དྷ་རཀྟས་བཀང་། །མཐུ་དབང་ཆེ་བས་དགྲ་དང་ལྷ་གདོན་འདུལ། །ཁྲོ་བོ་ཁྲོ་མོའི་དབང་འདིས་བསྐུར་བས་ཐོབ་པར་ཤོག །ཁྲོ་བོ་སྨེ་བརྩེགས་མཐིང་ནག་རྡོ་རྗེ་ཐོགས། །ཁྲོ་མོ་འདམ་འབྱིན་དུང་ཆེན་དམ་རྫས་དབང་། །མི་རྩང་རྟོག་འཇོམས་བདུད་དང་རུ་ཏྲ་འདུལ་། །ཁྲོ་བོ་ཁྲོ་མོ་དབང་འདིས་ཐོབ་པར་ཤོག །བཛྲ་ཡཀྵ་ལྗང་ནག་ཕུར་པ་སྒྲེངས། །ཁྲོ་མོ་ཡག་མོ་དུང་ཆེན་སྙིང་ཁྲག་བཅས། །དམ་ཚིག་ཉམས་དང་དམ་སྲི་འདུལ་མཛད་པའི། །ཁྲོ་བོ་ཡབ་ཡུམ༴ ཁྲོ་ཆེན་དམར་ནག་རྡོ་རྗེ་ཐོ་བ་ཐོགས། །ཁྲོ་མོ་དབང་བསྒྱུར་མགོ་བཅད་རཀྟས་བཀང་། །མཐུ་རྩལ་ཆེ་བས་མ་གདོན་གདུལ་མཛད་པའི། །ཁྲོ་བོ་ཁྲོ་མོའི་དབང་༴ ཁྲོ་བོ་ཟ་འོག་ཐོད་སྦྲུལ་སྣ་ཚོགས་མདོག །ཁྲོ་མོ་ཟག་མ་རྡོ་རྗེ་ཐོད་ཁྲག་སྟོབས། །རྫུ་འཕྲུལ་མཐུ་ཡིས་དམུ་གདོན་འདུལ་མཛད་པའི། །ཁྲོ་བོ་ཁྲོ་མོའི་དབང་འདི༴ ༀ་བཛྲ་ཀྲོ་ཏི་ཤྭ་རི་ཧཱུཾ། །ཁྲོ་བོ་རབ་གྲུབ་སྔོ་ནག་རལ་གྲི་འཕྱར། །ཁྲོ་མོ་རབ་འཇིགས་ཐོད་ཁྲག་ཞལ་དུ་སྟོབས། །མཐུ་རྩལ་ཆེན་པོས་གདོན་ཆེན་བཅོ་བརྒྱད་འདུལ། །ཁྲོ་བོ་ཡབ་ཡུམ་དབང་འདིས་ཐོབ་པར་ཤོག །ཁྲོ་ཆེན་མ་ཧཱ་ཀ་ལ་དམར་ནག་ཞལ། །ཁྲོ་མོ་རལ་པ་སྒྲེངས་མ་ཐོད་ཁྲག་སྟོབས། །མཐུ་རྩལ་ཆེ་བས་ཡ་བདུད་འདུལ་མཛད་པའི། །ཡབ་ཡུམ་འདི་གཉིས་དབང་ཡང་ཐོབ་པར་ཤོག །མི་འཆི་ཐལ་སྦྱིར་སྔོ་ནག་ཐལ་མོ་རྡེབས། །ཁྲོ་མོ་འཇོམས་ཆེན་ཐོད་ཁྲག་ཞལ་དུ་གསོལ། །མཐུ་རྩལ་ཆེ་བས་སྲོག་ཆགས་རྡུལ་དུ་བརློག །ཡབ་ཡུམ་འདི་གཉིས་དབང་༴ ཁྲོ་ཆེན་གུ་ལང་སྨུག་ནག་གཏུན་ཤིང་རྡེབ། །ཁྲོ་མོ་ལས་ཀུན་འགྲུབ་ལ་བན་དྷ་དམར་གྱིས་བཀང་། །མཐུ་རྩལ་ཆེ་བས་ཁམས་གསུམ་གསད་གསོ་མཛད། །ཡབ་ཡུམ་འདི་གཉིས་དབང་ཡང་༴ རབ་རྔམ་ལྗང་ནས་རྡོ་རྗེ་འཁྲུག་ཅིང་གསོལ། །གཡུལ་ཆེན་ཐོད་ཁྲག་ཙིཏྟ་གཙོ་ལ་སྟོབས། །མཐུ་རྩལ་ཆེ་བས་བརྗེད་བྱེད་གདོན་རྣམས་འདུལ། །ཡབ་ཡུམ་གཉིས་མེད་དབང་ཡང་ཐོག་པར་ཤོག །འཇིག་རྟེན་གསུམ་སྣང་བེ་ཅོན་སྡིགས་མཛུབ་ཐོགས། །ཁྲོ་མོ་མི་ཕམ་དེ་བཞིན་དུང་ཆེན་སྟོབས། །མཐུ་རྩལ་ཆེ་བས་སྒོ་སྲུང་ཤར་གདོན་འདུལ། །ཡབ་ཡུམ་ཁྲོ་བོའི་དབང་འདི༴ འཇིག་རྟེན་གསུམ་འདུལ་དམར་ནག་ཐོ་བ་འཕྱར། །ཁྲོ་མོ་ལྕགས་ཀྱུ་དེ་བཞིན་ལྕགས་ཀྱུ་དང་། །ཤར་སྒོར་བསྲུང་ཞིང་ཤར་གདོན་འདུལ་བའི་བདག །ཡབ་ཡུམ་འདི་གཉིས་དབང་ཡང་ཐོབ་པར་ཤོག །ༀ་བཛྲ་ཀྲོ་ཏ་ཀྲོ་ཏི་ཤྭ་རི་ཧཱུཾ། འཇིག་རྟེན་གསུམ་འཇིག་དམར་ནག་རལ་གྲི་ཐོ་བ་འཕྱར། །ཁྲོ་གཉིར་ཐོད་ཁྲག་དེ་བཞིན་ཞལ་དུ་སྟོབས། །མཐུ་རྩལ་ཆེ་བས་སྒོ་སྲུང་ལྷོ་གདོན་འདུལ། །ཡབ་ཡུམ་འདི་གཉིས་དབང་ཡང་ཐོབ་པར་ཤོག །འཇིག་རྟེན་གསུམ་འཆིང་སྔོ་ནག་དབྱུག་ཐོ་འཕྱར། །ཁྲོ་མོ་ཞགས་པ་དུང་དམར་ཞགས་པ་ཐོགས། །ལྷོ་སྒོ་བསྲུང་ཞིང་ལྷོ་གདོན་འདུལ་བའི་བདག །ཡབ་ཡུམ་འདི་གཉིས་དབང་ཡང་འགྲེ། །པད་རྒྱལ་དམར་ནག་དེ་བཞིན་རལ་གྲི་ཕྱར། །རོ་ལངས་དེ་བཞིན་ཐོད་ཁྲག་ཞལ་དུ་སྟོབས། །མཐུ་རྩལ་ཆེ་བས་སྒོ་བསྲུང་ནུབ་གདོན་འདུལ། །ཡབ་ཡུམ་འདི་གཉིས་དབང་ཡང་ཐོབ་པར་ཤོག །བེ་ཅོན་སྔོན་པོ་རིན་ཆེན་བེ་ཅོན་འཕྱར། །ཁྲོ་མོ་ལྕགས་སྒྲོག་དེ་བཞིན་དུང་ཆེན་འབུད། །ནུབ་ཕྱོགས་སྒོ་བསྲུང་ནུབ་གདོན་འདུལ་བའི་བདག །ཡབ་ཡུམ་འདི་གཉིས་དབང་ཡང་༴ ཀ་ནི་བཛྲ་དམར་ནག་གྲི་སྡིགས་མཛུབ། །རལ་གཅིག་གཙོ་བོའི་དུང་ཁྲག་ཞལ་དུ་སྟོབས། །མཐུ་རྩལ་ཆེ་བས་སྒོ་བསྲུང་བྱང་གདོན་འདུལ། །ཡབ་ཡུམ་འདི་གཉིས༴ རྡོ་རྗེ་གོ་ཆ་མཐིང་ནག་གོ་ཆ་བསྣམས། །ཁྲོ་མོ་དྲིལ་འཁྲོལ་ཐོད་ཁྲག་དྲིལ་བུ་བསྣམས། །བྱང་ཕྱོགས་སྒོ་སྲུང་བྱང་གདོན་འདུལ་མཛད་པ། །ཡབ་ཡུམ་འདི་གཉིས་དབང་ཡང་༴ ཁྲོ་བོ་རྔམ་ཆེན་སྨུག་ནག་བེ་ཅོན་འཛུབ། །ཁྲོ་མོ་དབང་བསྡུད་ཐོད་ཁྲག་ཞལ་དུ་སྟོབས། །མཐུ་རྩལ་ཆེ་བས་བདུད་དང་སྲིན་པོ་འདུལ། །ཁྲོ་བོ་ཡབ་ཡུམ་འདི་གཉིས་དབང་ཡང་༴ རྡོ་རྗེ་ཐོ་བ་དུད་ཁ་ཐོ་བ་བསྣམས། །ཁྲོ་མོ་ཟ་བྱེད་དུང་ཁྲག་ཡབ་ལ་སྟོབས། །མཐུ་རྩལ་ཆེ་བས་ཕོ་མོ་གཤིན་རྗེ་འདུལ། །ཡབ་ཡུམ་འདི་གཉིས་དབང་ཡང་ཐོབ་པར་ཤོག །ༀ་བཛྲ་ཀྲོ་ཏ༴ དབང་དོན་ལྟར། ཁྲོ་བའི་ས་བོན། ཧཱུཾ་ཤར་ཛ་ཧཱུཾ་ལྷོ་ནུབ་བཾ་བྱང་དུ་ཧོ། འོག་ཏུ་མ་གཅེས་སོ། །ཧེ་རུ་ཀ་འདུས་རྒྱུད་ལས། རྩ་བའི་ས་བོན་ཛ་སུམ་བརྒྱ་དྲུག་ཅུའོ། །སྐྱེད་སྔགས། ༀ་རྦ་ན་རྦ་ན་ཨང་ཀུ་ཤ་ཛ་ཛ། ༀ་ཧ་ལ་ཧ་ལ་པཱ་ཤ་ཧཱུྃ་ཛཿ ༀ་གརྫ་གརྫ་སྤོ་ཊ་བཾ་ཛ། ༀ་པ་ཙ་པ་ཙ་གྷནྫ་ཧོ། ༀ་ཀྲོ་ཏ་ཀྲོ་ཏི་ཧཱུཾ་ཛ། ༀ་མ་མ་ཤྭ་ར་ཧཱུཾ་ཛ། ནག་མོ་གཤོག་པ་ཅན་ལ་བྷྱོ་བདུན་འབུམ་ཉི་ཁྲིའོ། །ཞེས་བྷྱོ་རེ་ལས་ཀྱང་མ་མོ་བྱེ་བ་ཁྲག་ཁྲིག་སྟེ་བྱེ་བ་དུ་མས་ཡོད་པ་བྱེ་བ་ཁྲག་བདུན་འབུམ་ཉི་ཁྲིའོ། །ཤར་ཕྱོགས་ཀྱི་ཁྱམས་དཀར་ཕོ་ཉ་དཀར་བ་ནི། ས་བོན་ཛ་ཞེས་མཐུན་ནོ། །ཕོ་ཉ་རེས་ཡང་ལས་ཐམས་ཅད་འགྲུབ་པས་ན། ཛ་རྐྱང་པའམ་ས་བོན་དྲུག་གོ། །དབང་གི་དཀྱིལ་འཁོར་ཆེན་པོ་འདིས། །སྐུ་ཡི་འོད་ཟེར་རྣམ་དྲུག་ལས། །སུམ་བརྒྱ་དྲུག་ཅུའི་གདོན་བསྒྲལ་ཕྱིར། །ཕོ་ཉ་སུམ་བརྒྱ་དྲུག་ཅུར་སྤྲུལ། །འཇིགས་བྱེད་འབར་བའི་སྐུར་སྤྲུལ་པས། །དྲི་ཟའི་དགྲ་གདོན་འདུལ་བའི་ཕྱིར། །ཤར་ཕྱོགས་འོད་ཟེར་དཀར་པོ་ལས། །དུང་གི་མི་མོ་དྲུག་ཅུར་སྤྲུལ། །རྡོ་རྗེ་འབར་བའི་ཕོ་ཉ་མོ། །དཀར་མོ་མཐོངས་བྱེད་ལྕགས་ཀྱུ་མ། །ཡིད་ཀྱིས་ཕྱིན་ཅིང་བསམ་པས་འགྲུབ། །གནས་འདིར་ཁྱོད་ལ་བསྐུར་བར་བྱ། །རྡོ་རྗེ་སྡེར་མོ་ཕོ་ཉ་མོ། །འཛིན་བྱེད་དཀར་མོས་ཞགས་པས་འདེབས། །གང་ཡང་ཐོགས་མེད་གློག་འགྱུ་བས། །དུས་འདིར་བུ་མཆོག་ཁྱོད་ལ་བསྐུར། །ཕོ་ཉ་རྡོ་རྗེ་ཀི་ལ་ཡ། །དཀར་མོ་ཐོགས་མེད་དམིགས་གསལ་མ། །འཛིན་བྱེད་ཞིང་གིས་ཞགས་འཕེན་དབང་། །རྣལ་འབྱོར་བུ་ལ་བདག་གིས་སྦྱིན། །ཕོ་ཉ་རྡོ་རྗེ་འབེག་པ་མོ། །དཀར་མོ་ཤེལ་གྱིས་མདའ་འཕེན་མ། །གང་ལ་དམིགས་པ་འགྲུབ་བྱེད་དབང་། །དུས་འདིར་བདག་གིས་ཁྱོད་ལ་སྦྱིན། །རྡོ་རྗེ་ཕོ་ཉ་རོ་ལངས་མ། །དཀར་མོ་ལག་ན་གྲི་ཐོགས་མ། །འགྱོག་བྱེད་དུར་ཁྲོད་མཁའ་འགྲོའི་དབང་། །བདག་གིས་དེ་རིང་བསྐུར་བར་བྱ། །རྡོ་རྗེ་ཕོ་ཉ་དྲག་མོའི་སྐུ། །དཀར་མོ་ལག་ན་མདུང་ཐོགས་མ། །གང་ལ་སྔགས་པ་འགྱུབ་བྱེད་མའི། །གནས་འདིར་ཁྱོད་ལ་སྦྱིན་པར་བྱ། །ༀ་རྦ་ན་རྦ་ན་ཨ་འགུ་ཤ་ཛ་ཛ། །རྡོ་རྗེ་མགྱོགས་མ་ཕོ་ཉ་མོ། །དཀར་མོ་མིང་སྲིང་གཡབ་མོས་འདེབས། །ཏིང་འཛིན་ཡིད་ཀྱིས་ཕོ་ཉའི་དབང་། །རྣལ་འབྱོར་བུ་ལ་སྦྱིན་པར་བྱ། །ཕོ་ཉ་རྡོ་རྗེ་གཏུམ་མོ་ནི། །དཀར་མོ་སྙིང་འབྱིན་ཆོ་ངེས་འདེབས། །སྒྲོལ་བྱེད་ཕོ་ཉ་ཙི་ཏིའི་དབང་། །དེ་རིང་བུ་ལ་སྦྱིན་པར་བྱ། །ཕོ་ཉ་རྡོ་རྗེ་འབེབས་མ་ནི། །དཀར་མོ་གར་བྱེད་གླུ་བྱེད་མཁན། །ལས་ལ་འབྲིད་པའི་ཕོ་ཉའི་དབང་། །སྙིང་གི་བུ་ལ་བསྐུར་བར་བྱའོ། །ཕོ་ཉ་རྡོ་རྗེ་གསལ་མ་ནི། །དཀར་མོ་དུང་ཕྲེང་གླད་ལ་བསྐོར། །ས་མ་ཡཱའི་ཁུས་འདེབས་མའི་དབང་། །གནས་འདིར་ཁྱོད་ལ་བསྐུར་བར་བྱ། །ཕོ་ཉ་རྡོ་རྗེ་སྟོད་མ་ནི། །དཀར་སྐྱ་དར་དཀར་གཡབ་འདོར་མ། །རྒྱལ་བས་ཡོན་ཏན་ཆེར་བསྟོད་མ། །རྡོ་རྗེ་ཕོ་ཉའི་དབང་ཆེན་འདིར། །རྟགས་དང་བཅས་ཏེ་དབང་བསྐུར་རོ། །རྡོ་རྗེ་འགུགས་མ་ཕོ་ཉ་མོ། །དཀར་མོ་བདུད་ཀྱི་སྙིང་འགུགས་མ། །འགྲུབ་པར་མི་འགྱུར་གང་ཡང་མེད། །རྡོ་རྗེ་ཕོ་ཉའི་དབང་ཆེན་འདིས། །སྐུ་དང་བཅས་ཏེ་དབང་བསྐུར་རོ། །ༀ་རྦ་ན་རྦ་ན་ཨང་ཀུ་ཤ་ཛ། ཕོ་ཉ་རྡོ་རྗེ་ཐོགས་པ་མེད། །དཀར་དམར་ལག་ན་ཟངས་གྲི་འཆང་། །དཔའ་བོ་ཆེན་པོ་ཐོགས་མེད་པས། །རྡོ་རྗེ་ཕོ་ཉའི་དབང་ཆེན་འདིས། །སྐུ་དང་བཅས་ཏེ་བསྐུར་བར་བྱའོ། །རྡོ་རྗེ་ཕོ་ཉ་བསྐྱོད་མ་ནི། །དཀར་དམར་རླུང་གིས་ཞགས་ཐོགས་མ། །རྣལ་འབྱོར་ཕྲིན་ལས་བསྐྱོད་མའི་དབང་། །རྡོ་རྗེ་ཕོ་ཉའི་དབང་ཆེན་འདིས། །སྐུ་དང་བཅས་ཏེ་བསྐུར་བར་བྱ། །ཕོ་ཉ་རྡོ་རྗེ་འཆང་བདག་མོ། །དཀར་དམར་འཛིན་བྱེད་ཞགས་པ་མ། །རླུང་ཡང་འཆོར་བ་མེད་པར་འདེབས། །རྡོ་རྗེ་ཕོ་ཉ་ཕྲ་མེན་མ། །དཀར་མོ་མེ་ཡི་སྒྲོན་ཁྱེར་མ། །དོན་དང་རྟགས་སུ་བཅས་ཏེ་འཛིན། །རྡོ་རྗེ་ཕོ་ཉ་མྱུར་བྱེད་མ། །དཀར་དམར་གློག་གིས་ཞགས་ཐོགས་ཏེ། །གང་གཟུང་ཡིད་ཀྱིས་འདེབས་པར་བྱེད་པའི་དབང་། །རྡོ་རྗེ་ཕོ་ཉ་སྐུ་དང་བཅས་པར་དབང་བསྐུར་རོ། །རྡོ་རྗེ་ཕོ་ཉ་བསྐུལ་བྱེད་མ། །དཀར་དམར་སྐར་མདའི་འོད་འཕེན་མ། །ཐུགས་དམ་བསྐུལ་ཞིང་ཕྲིན་ལས་བྱེད་པའི་དབང་། །རྡོ་རྗེ་ཕོ་ཉས་དབང་བསྐུར་རོ། །ༀ་རྦ་ན༴ ཕོ་ཉ་རྡོ་རྗེ་གསལ་བཀྲ་མོ། །དཀར་མོ་རྡོ་རྗེ་ཞགས་འཕེན་མ། །སུས་ཀྱང་མི་བཟློག་ཐུབ་པར་དཀའ། །སྐུ་དང་བཅས་ཏེ༴ རྡོ་རྗེ་ཕོ་ཉ་ཡང་དག་མོ། །དཀར་དང་དམར་གྱིས་ལན་ཕྲན་འདེབས། །ཁམས་གསུམ་ས་དགུ་ཡུད་ཀྱིས་ཁྱབ། །རྡོ་རྗེ་ཕོ་ཉའི་དབང་ཆེན་འདིས། །སྐུ་དང་བཅས་ཏེ༴ རྡོ་རྗེ་ཕོ་ཉ་རྩེ་མོ་ནི། །དཀར་སེར་རྡོ་རྗེ་རྩེ་གཅིག་འཕེན། །ཐུགས་དམ་དབང་གིས་རྟགས་སྟོན་མ། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་སུ་བཅས༴ རྡོ་རྗེ་ཕོ་ཉ་གནོན་མཛད་མ། །དཀར་སེར་རྡོ་རྗེ་ཕྲག་འཕེན་མ། །རི་རབ་རྩེ་ཡང་གནོན་བྱེད་པས། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་སུ་བཅས༴ རྡོ་རྗེ་ཕོ་ཉ་དབང་ཕྱུག་མ། །དམར་སེར་དྲི་ཤུལ་གཟེ་མོ་འཛིན། །དུག་གསུམ་ནད་རྣམས་འཇོམས་བྱེད་པའི། །རྡོ་རྗེ་ཐུགས་ཀྱི་དབང་འདིར་བསྐུར་བར་བྱའོ། །རྡོ་རྗེ་ཕོ་ཉ་སྲེ་མོ་ནི། །དཀར་སེར་ཨ་ཀུ་དམར་མོ་ཐོགས། །བརྡབས་པ་ཙམ་གྱིས་གང་ཡང་ཁུག །རྡོ་རྗེ་ཐུགས་ཀྱི་དབང་ཡང་བསྐུར་བར་བྱའོ། །ༀ་རྦ་ན༴ རྡོ་རྗེ་ཕོ་ཉ་ཁ་འབར་མ། །དམར་སེར་སྤྲིན་གྱིས་གོ་ཟུ་ཅན། །ཁ་ནས་མེ་འབར་རྒྱ་མཚོ་སྐྱེམས། །རྡོ་རྗེ་གསུང་གིས་ཕོ་ཉའི་དབང་། །སྐུ་དང་རྟགས་སུ་བཅས་ཏེ་དབང་བསྐུར་རོ། །རྡོ་རྗེ་ཕོ་ཉ་གསལ་བཀྲ་མ། །དཀར་སེར་དུང་གིས་འཁོར་ལོ་འཕེན། །གང་ལ་བྱ་བ་ས་ལེ་བསལ། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་སུ་བཅས་ཏེ་དབང་བསྐུར་རོ། །རྡོ་རྗེ་ཕོ་ཉ་ཁྲོ་མོ་ནི། །དཀར་སེར་ཁྲོ་མོའི་གཟུགས་འཆང་བས། །དེ་བཞིན་ལག་ན་གཡང་གཞི་རྡེབས། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་སུ་༴ རྡོ་རྗེ་ཕོ་ཉ་འཆང་བ་ནི། །དཀར་སེར་རྡོ་རྗེ་ཕུར་བུ་འཆང་། །གང་ལ་བྱ་བའི་སྙིང་ལ་འདེབས། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་སུ་བཅས༴ རྡོ་རྗེ་ཕོ་ཉ་གཏུམ་པ་མོ། །དམར་སེར་རྡོ་རྗེ་ཐོ་བ་ཐོགས། །གང་ལ་དམིགས་པ་ཡུད་ཀྱིས་འཇོམས། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་སུ༴ རྡོ་རྗེ་ཕོ་ཉ་ཁྲོས་མ་ནི། །དམར་སེར་རྡོ་རྗེ་བེ་ཅོན་འཕྱར། །ཁྲོ་བཞིན་གདོང་པ་དཔའ་བརྟུལ་ཆེ། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་སུ་བཅས་ཏེ་ཁྱོད་ལ་སྦྱིན། །ༀ་རྦ་ན༴ རྡོ་རྗེ་ཕོ་ཉ་ལས་བྱེད་མ། །དམར་སེར་གཅོད་པའི་རལ་གྲི་འཛིན། །སེམས་ཅན་སྐྱེ་ཤི་རྩད་གཅོད་པའི། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་སུ་བཅས་ཏེ༴ རྡོ་རྗེ་ཕོ་ཉ་དུས་མཚན་མོ། །དམར་སེར་ལག་ན་ཤག་ཏི་ཐོགས། །མ་ལུས་འཇོམས་པའི་ལས་མཛད་མ། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་སུ༴ རྡོ་རྗེ་ཕོ་ཉ་ཐར་པ་མོ། །དམར་སེར་ལག་ན་གཏུན་ཤིང་བརྡེགས། །རྡུལ་དུ་བརློག་པའི་ལས་མཛད་པའི། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་སུ་བཅས་པས་དབང་བསྐུར་རོ། །རྡོ་རྗེ་ཕོ་ཉ་སྐུ་ལ་མ། དམར་སེར་ལག་ན་ལྕགས་ཀྱུ་འདེབས། །མ་ལུས་འཛིན་པའི་གྱིང་ཆེན་མ། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་སུ༴ རྡོ་རྗེ་ཕོ་ཉ་དཔལ་འབར་མ། །དམར་སེར་རས་ཀྱི་ཞབས་མ་བརྡེབས། །དཔལ་ཆེན་སྐུ་ལ་སྦྱོར་མཛད་མའི། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་སུ༴ རྡོ་རྗེ་ཕོ་ཉ་བསྐྱོད་ཆེན་མ། །དམར་སེར་རླུང་གིས་རྐྱལ་པ་ཐོགས། །བསྐལ་པའི་མེ་ཆེན་རྟོགས་པ་ཡིས། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་སུ་བཅས༴ ༀ་རྦ་ན༴ རྡོ་རྗེ་ཕོ་ཉ་ལུས་ཁྲོས་མ། །དཀར་སེར་ལྕགས་ཀྱི་ཚྭ་ཚྭ་འཕྲོས། །བ་སྤུ་སྲ་མཁྲེག་རྡོ་རྗེའི་སྐུ། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་༴ རྡོ་རྗེ་ཕོ་ཉ་ངག་འཕྲོག་མས། །དམར་སེར་ལྐུགས་བྱེད་ལྕགས་ཀྱུ་ཅན། །སྨྲ་བ་ངག་གིས་ལྕེ་འཕྲོག་མ། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་སུ༴ རྡོ་རྗེ་ཕོ་ཉ་ཡིད་གཏུམ་མ། །དཀར་སེར་སེན་མོས་སྙིང་འབྱིན་མ། །ཐུགས་རྗེས་བདུད་སྲིན་མྱོས་ཤིང་བརླམ། །རྡོ་རྗེ་ཐུགས་དང་༴ སྐུ་དང་རྟགས་སུ༴ རྡོ་རྗེ་ཕོ་ཉ་སྡེར་ཆེན་མོ། །དམར་སེར་རལ་པའི་གཡབ་མོས་འདེབས། །ཐུགས་རྗེས་བསྒྲལ་བའི་ཞིང་བཅུ་སྒྲོལ། །རྡོ་རྗེ་ཐུགས༴ སྐུ་དང་རྟགས༴ རྡོ་རྗེ་ཕོ་ཉ་གསོད་བྱེད་མ། །དཀར་སྔོ་དུང་གིས་ཞགས་པ་ཅན། །ཐུགས་རྗེས་ཞིང་བཅུ་བསྒྲོལ་ལ་བརྩོན། །རྡོ་རྗེ་ཐུགས་ཀྱིས༴ སྐུ་དང་རྟགས་སུ༴ རྡོ་རྗེ་ཕོ་ཉ་རླང་པ་མོ། །དཀར་སྔོ་དུང་གི་ཞགས་པ་བསྣམས། །ཐུགས་རྗེས་བདུད་དང་སྲིན་པོ་སྒྲོལ། །རྡོ་རྗེ་ཐུགས་ཀྱི༴ ༀ་རྦ་ན༴ རྡོ་རྗེ་ཕོ་ཉ་གསོད་པ་མོ། །དཀར་སྔོ་ཤེལ་གྱི་གྲི་ཐོགས་མའི། །གསོད་པའི་ལས་ལ་འབའ་ཞིག་དགེས། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་སུ་བཅས་ཏེ་དབང་བསྐུར་རོ། །རྡོ་རྗེ་ཕོ་ཉ་ཟ་བ་མོ། །དཀར་སྔོ་མང་པ་ཟས་སུ་ཟ། །གཏི་མུག་གཏན་ནས་ཟད་མཛད་མ། །རྡོ་རྗེ་ཐུགས༴ སྐུ་དང་རྟགས༴ རྡོ་རྗེ་ཕོ་ཉ་ཁྲག་འཐུང་མ། །དམར་སྔོ་བན་དྷའི་ཐོད་ཁྲག་འཐུང་། །འདོད་ཆགས་གཏན་ནས་ཟད་མཛད་མ། །རྡོ་རྗེ་ཐུགས༴ སྐུ་དང་རྟགས་སུ༴ རྡོ་རྗེ་ཕོ་ཉ་འཆའ་བ་མོ། །དཀར་སྔོ་ཀིང་རུས་ཁྲལ་ཁྲོལ་འཆའ། །ཞེ་སྡང་གཏན་ནས་བརླག་མཛད་མ། །རྡོ་རྗེ་སྐུ་དང་རྟགས་སུ༴ རྡོ་རྗེ་ཕོ་ཉ་ཚེ་ལེན་མོ། །དཀར་སྔོ་དར་གྱིས་གཡབ་འདོར་བ། །སྡང་བ་དགྲ་བོའི་ཚེ་ལེན་མ། །རྡོ་རྗེ་ཐུགས༴ སྐུ་དང་རྟགས་སུ༴ རྡོ་རྗེ་ཕོ་ཉ་མདངས་ལེན་མོ། །དཀར་སྔོ་དུང་གིས་སྤར་བུ་བསྣམས། །གངས་ལ་དམིགས་པའི་མདངས་འཕྲོག་པས། །རྡོ་རྗེ་ཐུགས༴ སྐུ་དང་༴ ༀ་རྦ་ན་རྦ་ན་ཨ་གྷུ་ཤ་ཛ། རྡོ་རྗེ་ཕོ་ཉ་སྲོག་འཕྲོག་མ། །དཀར་མོ་ལག་གཡས་ཙིཏྟ་འབྱིན། །སྐད་ཅིག་ཡུད་ལ་ཉམས་པ་ལེན། །རྡོ་རྗེ་ཐུགས༴ སྐུ་དང་༴ རྡོ་རྗེ་ཕོ་ཉ་སྙིང་འབྱིན་མ། །དཀར་སྔོ་སྙིང་གིས་ཕྲེང་བ་བགྲངས། །རྣམ་ཤེས་ཕུང་པོ་གཏན་སྟོབས་མའི། །རྡོ་རྗེ་ཐུགས་ཀྱི༴ སྐུ་དང་༴ རྡོ་རྗེ་ཕོ་ཉ་གཅོད་བྱེད་མ། །དཀར་ལྗང་ཤེལ་གྱི་དགྲ་སྟྭ་འཕྱར། །རྒྱུད་དྲུག་འཁོར་བའི་རྩད་གཅོད་མ། རྡོ་རྗེ་ཐུགས་དང་༴ སྐུ་དང་༴ རྡོ་རྗེ་ཕོ་ཉ་བསྐུལ་བྱེད་མ། །དཀར་མོ་ཕྱག་ན་ལྕགས་ཀྱུ་བྷན། །ཞིང་བཅུ་བསྒྲལ་ནས་ཐུགས་དམ་བསྐུལ། །རྡོ་རྗེ་ཐུགས༴ སྐུ་དང་༴ རྡོ་རྗེ་ཕོ་ཉ་སྣ་ཚོགས་གཟུགས། །བསེའི་ལྡན་དཀར་ཟབ་སླག་གསོལ། །མ་ལུས་སྒྲོལ་བའི་བྱ་ར་མ། །རྡོ་རྗེ་ཐུགས་དང་༴ སྐུ་དང་རྟགས་སུ༴ རྡོ་རྗེ་ཕོ་ཉ་སྙོན་མ་ནི། །དཀར་ལྗང་ཤེལ་གྱི་རྡོ་རྗེ་འཕེན། །གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །རྡོ་རྗེའི་ཐུགས༴ སྐུ་དང་རྟགས༴ ༀ་རྦ་ན་རྦ་ན་ཨང་ཀུ་ཤ་ཛ། །རྡོ་རྗེ་ཕོ་ཉ་འཇུག་བྱེད་མ། །དཀར་ལྗང་ཕྱག་ན་ཁྲ་ཐོགས་མ། །གསོད་ཅིང་འཇུམས་པའི་རྫུ་འཕྲུལ་ཅན། །རྡོ་རྗེའི་ཐུགས༴ སྐུ་དང་རྟགས༴ རྡོ་རྗེ་ཕོ་ཉ་ཡིད་འཕྲོག་མ། །དཀར་ལྗང་མཚོན་གྱིས་གྲུ་གུ་ཐོགས། །སྣ་ཚོགས་འོད་ཀྱིས་བྱང་དུ་འཇུགས། །རྡོ་རྗེ་ཐུགས༴ སྐུ་དང་རྟགས་སུ༴ རྡོ་རྗེ་ཕོ་ཉ་རོ་རྐུན་མ། །དཀར་ལྗང་ཞིང་གིས་རོ་ཁུར་མ། །དུར་ཁྲོད་བགེགས་ཀྱི་ཚོགས་འཇོམས་མ། །རྡོ་རྗེའི་ཐུགས༴ སྐུ་དང་རྟགས་སུ༴ ཕོ་ཉ་རྡོ་རྗེ་རྫུན་བྱེད་མ། །དཀར་ལྗང་རླུང་གིས་ཞགས་པ་འདེབས། །ཅིར་ཡང་སྤྲུལ་པའི་སྐུ་གཅིག་མ། །རྡོ་རྗེ་ཐུགས་ཀྱི༴ སྐུ་དང་རྟགས་སུ༴ རྡོ་རྗེ་ཕོ་ཉ་འཇིགས་བྱེད་མ། །དཀར་ལྗང་དུང་གིས་མཆེ་བ་འབྱིན། །འཇིགས་ཤིང་སྐྲགས་པའི་རྫུ་འཕྲུལ་ཅན། །རྡོ་རྗེའི་ཐུགས་དང་༴ སྐུ་དང་རྟགས་སུ༴ རྡོ་རྗེ་ཕོ་ཉ་བཅུད་ལེན་མ། །དཀར་ལྗང་གཡུའི་ཟ་མ་ཏོག །ཁམས་གསུམ་ཚེ་བསྡུད་ཕོ་ཉ་མོ། །རྡོ་རྗེ་ཐུགས་ཀྱི་ཕོ་ཉའི་དབང་། །སྐུ་དང་རྟགས་སུ་བཅས་ཏེ་དབང་བསྐུར་རོ། །ༀ་རྦ་ན་རྦ་ན་ཨ་ཀུ་ཤ་ཛ་ཎ། ཡང་ཕོ་ཉ་སུམ་བརྒྱ་དྲུག་ཅུའི་ལས་ཀྱི་ཕོ་ཉ་འཇིག་རྟེན་པ་འདུལ་བའི་དོན་དུ། ཡེ་ཤེས་ཀྱི་ཕོ་ཉ་དཔལ་གྱིས་འོད་ཟེར་ལས་སྤྲུལ་པ་སུམ་བརྒྱ་དྲུག་ཅུ་པོ་ལུགས་གཅིག་ཏུ་གཟུང་འཛིན་རྟག་ཆད་ཀྱི་ལྟ་བ་སུམ་བརྒྱ་དྲུག་ཅུ་བརྟས་པ་ལས། སྲིན་པོ་ཡི་ཕོ་ཉ་ཕྱག་བརྙན་ཅེས་དང་། ལས་ཀྱི་ཕོ་ཉ་སྟོང་དང་ཤར་གཤོགས་པ་ཅན་བརྒྱ་ཉི་ཤུ་དང་ལྷོ་དང་ནུབ་སྡེར་མོ་ཅན་བརྒྱ་ཉི་ཤུ་འོག་མཆེ་བ་ཅན་བརྒྱ་ཉི་ཤུ་དང་ཡེ་ཤེས་ཀྱིས་ཕོ་ཉ་ཡང་དཔལ་འབར་ཁྲོ་མོ་བརྒྱུད་དུ། མཐུན་པར་ཞལ་གཅིག་ཕྱག་བཞི་སྟེ། གཡས་ཀྱིས་དང་བསྙེག་བྱེད་ཀྱི་ཕོ་ཉ་གཤོག་པ་ཅན་བསམ་གྱིས་མི་ཁྱབ་པ་བསྣམས་ལ། འོག་མ་འཛིན་བྱེད་ཀྱི་ཕོ་ཉ་སྡེར་མོ་ཅན་བསམ་གྱིས་མི་ཁྱབ་པ་བསྣམས། གཡོན་དང་པོ་ན་སྡོམ་བྱེད་ཀྱི་ཕོ་ཉ་མཚོན་ཆ་བསམ་གྱིས་མི་ཁྱབ་པ་བསྣམས་ལ། ཐ་མ་སྒྲོལ་བྱེད་ཀྱི་ཕོ་ཉ་མཆེ་བ་ཅན་བསམ་གྱིས་མི་ཁྱབ་པ་བསྣམས་པ། དེ་རྣམས་ཀྱང་དངོས་སུམ་བརྒྱ་དང་དྲུག་ཅུ་ལ་དོན་བྱེ་བ་ཁྲག་ཁྲིག་ལྡན་པའོ། །ཞེས་དང་། མྱུར་བ་གློག་མགྱོགས་པ་རླུང་དང་། གཉེན་པོས་བསྐྱོད་དུ་མེད། ཅིག་ལའང་ཐོགས་པ་མེད་ཅེས་སོ། །ལྷོ་ཕྱོགས་ཀྱི་ཁྱམས་སོར་ལ་ཕོ་ཉ་སེར་བ་ནི་ས་བོན་ཛ་དང་ཧཱུཾ་གཉིས་གང་རུང་བྱ། དགྲ་དང་གཤིན་རྗེ་གདོན་འདུལ་ཕྱིར། །འཇིགས་བྱེད་ཕོ་ཉའི་སྐུར་སྤྲུལ་པས། །ལྷོ་ཕྱོགས་འོད་ཟེར་སེར་པོ་ལས། །གསེར་གྱི་མི་མོ་དྲུག་ཅུ་འབྱུང་། །ཡོན་ཏན་ཕོ་ཉ་དབང་ཕྱུག་མ། །སེར་ནག་མེའི་ཞགས་པ་ཐོགས། །ཅི་བགྱི་ཞེས་ཀྱང་ཐོགས་པ་མེད། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ཡོན་ཏན་ཕོ་ཉ་མཁའ་འགྲོ་མ། །སེར་ནག་སྡིགས་མཛུབ་གྱད་དོར་ཅན། །ལྷག་ལ་ལེན་ཅིང་བསྒྲུབས་ལ་མགོ། །ཕོ་ཉ༴ རིན་ཆེན་ཡོན་ཏན་མཐུ་འབེབས་མ། །དམར་སེར་བ་དན་གཡབ་འདོར་མ། །སྒྲུབ་པ་པོ་ལ་མཐུ་བྱིན་འབེབས། །ཕོ་ཉ༴ ཡོན་ཏན་ཕོ་ཉ་སྲ་བ་མོ། །སེར་གནག་རྡོ་རྗེ་གོ་གྱོན་པས། །ཅིས་ཀྱང་མི་ཚུགས་རྡོ་རྗེའི་སྐུ། །ཕོ་ཉ༴ ཡོན་ཏན་ཕོ་ཉ་འཆོངས་མོ་ཆེ། །སེར་ནག་འཕྱོངས་སྟབས་བྱན་ལག་ཐོགས། །རི་རླུངས་ཀུན་སླེབ་འཕྱོང་བྱེད་པའི། །ཕོ་ཉ༴ ཡོན་ཏན་ཕོ་ཉ་ཁྲོ་གཏུམ་ཅན། །སེར་ནག་སྡང་དམིག་སྟག་ལ་ཞོན། །ཕོ་ཉ་འདིས་ཀྱང་དབང་བསྐུར་རོ། །ཧ་ལ་ཧ་ལ་པ་ཤ་ཧཱུཾ། །ཡོན་ཏན་ཕོ་ཉ་བརྩོན་བྱེད་མ། །སེར་ནག་རླུང་གིས་ཞགས་པ་འཕེན། །གྱེན་ཐུར་མེད་པར་རྒྱུག་ཅིང་འཛིན། །ཕོ་ཉ་འདིས་ཀྱང་༴ ཡོན་ཏན་ཕོ་ཉ་འཇིགས་མའི་གདོང་། །ཁ་བགྲད་མཆེ་གཙིགས་ལག་གཉིས་གདེངས། །སྟོབས་ཆེན་མཐུ་ཡང་འཇོམས་བྱེད་པའི། །ཕོ་ཉ༴ ཡོན་ཏན་ཕོ་ཉ་ཤ་ཟན་མ། །མི་ཁོག་དབྱུག་པ་གླད་ལ་བསྐོར། །མང་ས་ཟ་ཞིང་བདུད་ཁྱིམ་འཇོམས། །ཕོ་ཉ༴ ཡོན་ཏན་ཕོ་ཉ་ཁྲག་འཐོར་མ། །མི་མགོ་ཕོར་པ་བརློན་པ་རུ། །མི་སྙིང་ཁྲག་ཞགས་བླུག་ཅིང་འཐོར། །ཡོན་ཏན་ཕོ་ཉ་སོ་གཅིག་མ། །རྡོ་རྗེ་རྩེ་གཅིག་མདའ་འཕེན་མ། །ཕོ་ཉ༴ ཡོན་ཏན་ཕོ་ཉ་རལ་གསིག་མ། །སེར་མོ་རལ་པའི་གོས་སུ་ཅན། །གཡོན་སྡིག་གཡས་པ་ལྕགས་ཀྱུས་འདེབས། །ཕོ་ཉ་འདིས་ཀྱང་༴ ཧ་ལ་འགྲེའོ། །རིན་ཆེན་ཕོ་ཉ་འཁྲིལ་བྱེད་མ། །སེར་མོ་སྔོ་དམར་ཞགས་པ་འཕེན། །རྫུ་ནི་གཉེན་དང་དྲུང་པོར་རྫུ། །ཕོ་ན་འདིས་ཀྱང་དབང་༴ ཡོན་ཏན་ཕོ་ཉ་འཛུལ་བྱེད་མ། །སེར་མོ་གསེར་གྱིས་ཟངས་གྲི་ཐོགས། །རྫུ་ནི་སྦྲུལ་དང་སྲེ་མོར་རྫུ། །ཕོ་ཉ༴ རིན་ཆེན་ཕོ་ཉ་མྱུར་བྱེད་མ། །སེར་མོ་མཚོན་གྱི་གྲུ་གུ་སྡོགས། །རྫུ་ནི་འུག་པ་སྲིན་བྱར་རྫུ། །ཕོ་ཉ་འདིས༴ ཡོན་ཏན་ཕོ་ཉ་མཐུ་མོ་ཆེ། །སེར་མོ་ཐོག་གི་ཆར་འབེབས་མ། །གནམ་ས་རི་ལུང་ཀུན་ཁྱབ་མའི། །ཕོ་ཉ༴ རིན་ཆེན་ཕོ་ཉ་ནག་མོ་ནི། །ནག་མོ་རལ་པའི་ཞགས་པ་འཕེན། །ཁམས་གསུམ་བྷྱོ་དང་ཁུས་འདེབ་མ། །ཕོ་ཉ༴ ཡོན་ཏན་ཕོ་ཉ་རྟོགས་བྱེད་མའི། །སེར་མོ་བྷན་དྷ་བརློན་པ་རུ། །དམ་རྫས་རྣམ་ལྔ་ཟ་ཞིང་སྤྱོད། །ཕོ་ཉ༴ ཧ་ལ༴ རིན་ཆེན་ཕོ་ཉ་རྟོག་མེད་མ། །སེར་མོ་དུང་གི་གཞོངས་ཐོགས་མ། །གང་ལ་བཅོལ་ཡང་ཚིག་ཅིང་འཁྲོལ། །ཕོ་ཉ༴ ཡོན་ཏན་ཕོ་ཉ་ཡངས་པ་མ། །སེར་མོ་སྤྲིན་གྱིས་ག་ཤ་ཅན། །གློག་གིས་ཕྲེང་བ་གླད་ལ་བསྐོར། །ཕོ་ཉ༴ རིན་ཆེན་ཕོ་ཉ་སྣ་ཚོགས་ལུས། །དམར་སྐྱ་ཟ་འོག་སྟོད་གཡོག་ཅན། །རྔ་མོང་ག་པར་རྫུ་བྱེད་པའི། །ཕོ་ཉ༴ ཡོན་ཏན་ཕོ་ཉ་སྡང་དམིག་ལ། །དམར་སྐྱ་ལྕགས་ཀྱི་ཁྲག་ཐོགས་མ། །དགྲ་དང་བགེགས་ལ་གློག་ལྟར་འཛུགས། །ཕོ་ཉ༴ རིན་ཆེན་ཕོ་ཉ་དུར་ཁྲོད་མ། །དམར་སྐྱ་ཞིང་གི་གཡང་གཞི་རྡེབས། །མཁས་པས་དགྲ་བགེགས་སྒྲོལ་བྱེད་པའི། །ཕོ་ཉ༴ ཡོན་ཏན་ཕོ་ཉ་མིགས་འགྲོ་མ། །ཁྱུང་ལ་ཞོན་ཅིང་གློག་ཞགས་འདེབས། །གང་ལ་དམིགས་པ་ཡུད་ཀྱིས་འགྲུབ། །ཕོ་ཉ་འདིས༴ ཧ་ལ་ཧ་ལ་པ་ཤ་ཧཱུཾ། རིན་ཆེན་ཕོ་ཉ་བདེ་འགྲོ་མ། །འཕྱོང་གི་ཕྱན་ལག་དམར་པོ་ཞོན། །སེར་མོ་གཡུ་ཡི་ཟོར་བ་འདེབས། །ཕོ་ཉ༴ ཡོན་ཏན་ཕོ་ཉ་བརྒྱས་བྱེད་མ། །སེར་སྐྱ་ཉི་ཟླའི་འཁོར་ལོ་འཕེན། །ཚེ་དང་ཕུང་པོར་བཅས་པ་འཇོམས། །ཕོ་ཉ་འདིས༴ རིན་ཆེན་ཕོ་ཉ་འཛུམ་བྱེད་མ། །སེར་སྐྱ་ཚོན་གྱིས་གྲུ་གུ་སྡོག །རྫུ་ནི་བུ་ཆུང་སྤྲེའུར་རྫུ། །ཕོ་ཉ་འདིས༴ ཡོན་ཏན་ཕོ་ཉ་ཁྲག་མྱོས་མ། །དམར་མོ་མཆུ་རིངས་དུར་བྱའི་གདོང་། །རྩ་ལ་རྒྱུ་ཞིང་སྙིང་ཁྲག་འཐུང་། །ཕོ་ཉ༴ རིན་ཆེན་ཕོ་ཉ་རྔམ་ཚིག་མ། །མངག་ཅིང་བཅོལ་པའི་ལས་མཆིས་ན། །རང་ལ་རང་ཡང་ཚིག་ཅིང་འཁྲོ། །ཕོ་ཉ་འདིས༴ ཡོན་ཏན་ཕོ་ཉ་མགྱོགས་བྱེད་མ། །སེར་སྐྱ་མགྱོགས་མ་རླུང་ལ་ཞོན། །གར་ཀྱང་མི་རྟོགས་མཐུ་མོ་ཆེ། །ཕོ་ཉ༴ ༀ་ཧ་ལ༴ རིན་ཆེན་ཕོ་ཉ་གཏུམ་པ་མོ། །དམར་སེར་སྤུ་གྲིས་སྙིང་འབྱིན་མ། །ཉམས་པ་དགྲ་བགེགས་དམྱལ་ཐག་ཆོད། །ཕོ་ཉ༴ ཡོན་ཏན་ཕོ་ཉ་མདུང་ཐུང་འཕེན། །དཀར་མོ་གཡོན་སྡེར་གཡས་མདུང་འཕེན། །བདུད་དང་སྲིན་པོ་ཚར་གཅོད་མ། །ཕོ་ཉ་འདིས༴ རིན་ཆེན་ཕོ་ཉ་གློག་འགྱུ་མ། །དམར་སེར་གློག་གིས་ཞགས་པ་འཕེན ། །ནམ་མཁའི་མཐོང་ནས་འགྲིམ་ཏེ་རྒྱུག །ཕོ་ཉ༴ ཡོན་ཏན་ཕོ་ཉ་ཐོག་འབེབས་མ། །དམར་སེར་ཐོག་གི་ཚྭ་ཚྭ་འཕྲོ། །རྒྱ་མཚོའི་རྟིང་ཡང་སྐྱེམས་པར་བྱེད། །ཕོ་ཉ༴ རིན་ཆེན་ཕོ་ཉ་སྤོར་བྱེད་མ། །དམར་སེར་ཞིང་ཆེན་ཞལ་དུ་གསོལ། །ཞིང་བཅུ་གཏན་ནས་ལེན་བྱེད་མའི། །ཕོ་ཉ༴ རིན་ཆེན་ཕོ་ཉ་འཁྲུག་བྱེད་མའི། །རི་རབ་རྩེ་ནས་འཇོམས་བྱེད་པས། །རྒྱ་མཚོའི་གཏིང་ནས་འཁྲུག་པར་འགྱུར། །ཕོ་ཉ༴ ཧཱུཾ་ཧ་ལ་ཧ་ལ་པ་ཤ་ཧཱུཾ། ཡོན་ཏན་ཕོ་ཉ་དབང་ཕྱུག་མ། །སྨྱུག་ནག་དུར་ཁྲོད་ཁྲག་འཐུང་མ། །སྒྲོལ་བྱེད་སྙིང་འབྱིན་གྲི་ཐོགས་མའི། །ཕོ་ཉས་འདིས་ཀྱང་དབང་བསྐུར་རོ། །རིན་ཆེན་ཕོ་ཉ་ཀ་མ་ལ། །མཛུབ་མོ་རི་རབ་རྩེ་ལ་གཡེངས། །རྐང་པ་རྒྱ་མཚོའི་གཏིང་ནས་འཁྲུགས། །ཕོ་ཉ༴ རིན་ཆེན་ཕོ་ཉ་གསལ་བཀྲ་མ། །དམར་སེར་ཉི་ཟེར་ཞགས་པ་འཕེན། །གང་ལྟར་སོང་ཡང་མི་རྟོགས་ཏེ། །ཕོ་ཉ༴ ཡོན་ཏན་ཕོ་ཉ་ཁ་སྒྱུར་མ། །དམར་སེར་དུང་གི་རྒོ་བ་ཞོན། །རི་ལུང་མེད་པར་རྗེས་ཀྱིས་འགེངས། །ཕོ་ཉ་འདིས༴ རིན་ཆེན་ཕོ་ཉ་ཀུན་སྒྲོལ་མ། །དམར་ལྗང་རལ་གྲིས་གླད་ལ་བསྐོར། །སོ་བྱ་སྲམ་དང་ཆུ་བྱ་སྦྲུལ། །ཕོ་ཉ༴ ཡོན་ཏན་ཕོ་ཉ་ཁ་བསྒྱུར་མྱོས་བྱེད་མ། །དམར་ལྗང་ར་རོ་སྨྱོ་རྫུ་ཅན། །དཀར་དམར་སྙིང་གི་མཚམས་ནས་འཛིན། །ཕོ་ཉ༴ ༀ་ཧ་ལ༴ རིན་ཆེན་ཕོ་ཉ་ཁྲག་འཐུང་མ། །དམར་ལྗང་ཐོད་ཁྲག་ཞལ་དུ་གསོལ། །སྐྱེ་འགྲོ་ཡོངས་ཀྱི་ཁྲག་འཐུང་མ། །ཕོ་ཉ༴ ཡོན་ཏན་ཕོ་ཉ་འབར་མ་ནི། །དམར་ལྗང་རིན་ཆེན་འབར་བ་ཐོགས། །རྣལ་འབྱོར་ཡིད་ལ་ཅི་འདོད་འགྲུབ། །ཕོ་ཉ་འདིས༴ རིན་ཆེན་ཕོ་ཉ་མི་བཟད་མ། །གནམ་ས་གཉིས་ཀྱང་འཐགས་སུ་འཐག །སྐྱེ་འགྲོ་གཉིས་ཀྱང་རྩ་བ་གཅོད། །ཕོ་ཉ༴ ཡོན་ཏན་ཕོ་ཉ་འཕྲོག་བྱེད་མ། །གཡས་ན་ལྕགས་ཀྱུ་ཙིཏྟ་འབྱིན། །གཡོན་ནས་གའུ་སྲོག་འཕྲོག་མ། །ཕོ་ཉ༴ རིན་ཆེན་ཕོ་ཉ་སྒྲོལ་བྱེད་མ། །སེར་ལྗང་སྐྱེ་འགྲོའི་ཙིཏྟ་འབྱིན། །མ་ལུས་སྒྲོལ་བའི་མཐུ་མོ་ཆེ། །ཕོ་ཉ༴ ཡོན་ཏན་ཕོ་ཉ་སྣ་ཚོགས་སྟོབས། །སེར་ལྗང་ཞིང་གིས་རྐང་ལག་འཛིན། །དུག་གསུམ་མ་ལུས་ཞལ་དུ་གསོལ། །ཕོ་ཉ༴ ༀ་ཧ་ལ་ཧ་ལ༴ རིན་ཆེན་ཕོ་ཉ་ཡིད་འཕྲོག་མ། །སེར་ལྗང་ན་ཆུང་ཚུལ་དུ་བརྫུ། །འགལ་བར་བྱེད་པའི་ཡིད་འཕྲོག་མ། །ཕོ་ཉ༴ ཡོན་ཏན་ཕོ་ཉ་སྲོག་ལེན་མ། །མི་སྙིང་རུས་པའི་ཞགས་པ་འཕེན། །ཞིང་བཅུ་གཏན་ནས་ལེན་པར་བྱེད། །ཕོ་ཉ༴ རིན་ཆེན་ཕོ་ཉ་བཅུད་ལེན་མ། །སེར་སྨྱུག་ཟངས་ཀྱི་མཆུ་རིངས་མ། །བཀའ་ལས་འགལ་བའི་བཅུད་འཇིབ་པས། །ཕོ་ཉ་འདིས༴ ཡོན་ཏན་ཕོ་ཉ་ཚེ་འཛིན་མ། །བསེའི་གའུ་དམར་པོ་ནས། །ཛ་དམར་ཕོ་ཉས་ཚེ་རྐུན་མ། །ཕོ་ཉ་འདིས༴ རིན་ཆེན་ཕོ་ཉ་དབང་མོ་ཆེ། །སེར་སྨུག་སེང་གེ་དཀར་པོ་ཞོན། །ཉི་ཟླ་རྒྱུས་པའི་ཞགས་པ་འཕེན། །ཕོ་ཉ༴ ཡོན་ཏན་ཕོ་ཉ་དྲེག་འཇོམས་མ། །འཇིགས་པའི་གོ་གྱོན་བདུད་དཔུང་འཇོམས། །མྱུར་བའི་ཤུགས་འཆང་ཐུངས་རྗེ་ཆེ། །ཕོ་ཉ༴ ཧ་ལ་ཧ་ལ་པ་ཤ་ཧཱུཾ། །བཱཻ་ཤྭ་ར་སྭཱ་ཧ། རིན་ཆེན་ཕོ་ཉ་བདུད་བྱེད་མ། །དམ་ཚིག་ཉམས་པའི་བདུད་དུ་འབབས། །དགེ་སྤྱོད་རྣམས་ཀྱི་དཔལ་དུ་ཆེ། །ཕོ་ཉ༴ ཡོན་ཏན་ཕོ་ཉ་བླ་འཛིན་མ། །དགྲ་བོ་བླ་ཡི་གཉེན་པོར་ཆེ། །ཇི་ལྟར་འདུལ་བ་བཞིན་དུ་སྤྲུལ། །ཕོ་ཉ༴ རིན་ཆེན་ཕོ་ཉ་སྲོག་འཛིན་མ། །སེར་སྨུག་ལྕགས་ཀྱུའི་ཕྱག་རྒྱ་ཅན། །སེམས་ཅན་ཀུན་གྱི་ཚེ་སྲོག་འཛིན། །ཕོ་ཉ༴ ཡོན་ཏན་ཕོ་ཉ་རྩ་འགྲོ་མ། །སུམ་བརྒྱ་དྲུག་ཅུའི་རྩ་ལ་རྒྱུ། །དམ་ཉམས་དགྲ་བགེགས་རྩ་རྒྱུས་འབྲེལ། །ཕོ་ཉ༴ རིན་ཆེན་ཕོ་ཉ་གནས་འབྱིན་མ། །སེར་སྨུག་འབྲུག་གི་སྒྲ་འབྱིན་པས། །ས་དགུ་གཏིང་ནས་འཇོམས་པར་བྱེད། །ཕོ་ཉ༴ ཡོན་ཏན་ཕོ་ཉ་གནས་བསྟོད་མ། །ཐུགས་རྗེ་ཆེན་པོས་གང་བསྒྲལ་བ། །བྱང་ཆུབ་ཐར་ལམ་བདེ་ལ་འགོད། །ཕོ་ཉ༴ ཧ་ལ༴ ཨེ་ཤྭ་ར་སྭ་ཧཱ། ནུབ་ཕྱོགས་ཀྱི་ཁྱམས་དམར་ཕོ་ཉ་དམར་བ་ནི། ས་བོན་ཛ་དང་བཾ་གང་རུང་ངོ། །ཐུགས་རྗེས་འཇིགས་བྱེད་སྐུར་སྤྲུལ་པའི། །དགྲ་དང་ཀླུ་གདོན་འདུལ་བའི་ཕྱིར། །ནུབ་ཕྱོགས་འོད་ཟེར་དམར་པོ་ལས། །ཟངས་ཀྱི་མི་མོ་དྲུག་ཅུ་སྤྲུལ། །གསུང་གི་མི་མོ་ཐོག་འབེབས་མ། །དམར་ནག་ལག་ན་ཐོག་ཆེན་འབེབས། །གང་ལ་དམིགས་པ་ཡུད་ཀྱིས་བསྲེག །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །པདྨའི་ཕོ་ཉ་འབྲུག་སྒྲོག་མ། །དམར་ནག་འབྲུག་ཆེན་ཆིབས་སུ་ཆིབས། །སྟོང་གསུམ་ཀུན་གྲགས་མཐུ་མོ་ཆེ། །ཕོ་ཉའི་དབང་༴ གསུང་གི་ཕོ་ཉ་ཆར་འབེབས་མ། །དམར་ནག་སྤྲིན་ཆེན་གློག་པ་ཅན། །དུག་དང་བདུད་རྩི་ཆར་འབེབས་མ། །ཕོ་ཉའི༴ པདྨའི་ཕོ་ཉ་འོད་འགྱོད་མ། །དམར་ནག་འཇའ་ཚོན་འོད་འཕྲོ་མ། །མུན་པའི་ནང་ནས་སྒྲོན་གསལ་མ། །ཕོ་ཉའི༴ གསུང་གི་ཕོ་ཉ་བཀྲག་གསལ་མ། །དམར་ནག་གཡུ་ཡི་ལན་ཕྲན་ཅན། །འཇིག་རྟེན་ཁམས་ཀྱིས་དབང་ཕྱུག་མ། །ཕོ་ཉའི༴ པད་མའི་ཕོ་ཉ་གཞན་ཚོན་མ། །དམར་ནག་གཞན་ཚོན་ཞགས་པ་ཐོགས། །རྫུ་འཕྲུལ་ཅེས་ཀྱང་མི་ཐུབ་པའི། །ཕོ་ཉའི་དབང་༴ གར་རྫ་གར་རྫ་སྤོ་ཊ་བཾ། གསུང་གི་ཕོ་ཉ་འོད་འཕྲོ་མ། །དམར་ནག་ཉི་མའི་འོད་འཕྲོ་བ། །ཕྲིན་ལས་མྱུར་མགྱོགས་ཐོགས་པ་མེད། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །པད་མའི་ཕོ་ཉ་འོད་གསལ་མ། །དམར་ནག་མེ་འོད་ཕྱག་ན་བསྣམས། །འཁོར་བའི་བག་ཆགས་བསྲེག་མཛད་མའི། །གསུང་གི་ཕོ་ཉ་ཁྲག་འཐུང་མ། །དམར་ནག་ཐོད་ཁྲག་སྐོམ་དུ་འཐུང་། །མ་ལུས་ཡོངས་ཀྱི་ཁྲག་འཐུང་མ། །ཕོ་ཉ༴ པད་མའི་ཕོ་ཉ་དབང་ཕྱུག་མ། །དམར་ནག་རྡོ་རྗེ་པདྨ་ཅན། །སྲིད་པ་གསུམ་ན་མཐུ་དབང་ཆེ། །ཕོ་ཉའི༴ གསུང་གི་ཕོ་ཉ་ས་བདག་མོ། །དམར་སྔོ་ལྕགས་ཀྱི་ཕག་མགོ་ཐོགས། །ས་ཆེན་དགུ་ཡང་འཁྲུག་བྱེད་ཅིང་། །ཕོ་ཉ་༴ པདྨ་ཕོ་ཉ་འགུགས་བྱེད་མའི། །དམར་སྔོ་རྡོ་རྗེ་ལྕགས་ཀྱུ་ཅན། །དམ་ལས་འདས་པ་འགུགས་བྱེད་པའི། །ཕོ་ཉའི༴ གར་རྫ༴ གསུང་གི་ཕོ་ཉ་དཀར་ཤམ་མོ། །དམར་སྔོ་བསེའི་གའུ་ཅན། །ཉམས་པའི་ཁྲག་འཐུང་དབང་མོ་ཆེ། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །པད་མའི་ཕོ་ཉ་སྒྲ་སྒྲོགས་ནི། །དམར་སྔོ་ཞིང་གི་རྔེའུ་ཆུང་བརྡུང་། །སྒྲ་ཆེན་བདུད་བཞི་ཟིལ་གྱིས་གནོན། །ཕོ་ཉའི༴ གསུང་གི་ཕོ་ཉ་ཡིད་གཞུང་མ། །དམར་སྔོ་ལག་ན་ཁུ་ཚུར་འཆང་། །འཁོར་བ་གནས་ནས་སྤོར་མཛད་མའི། །ཕོ་ཉའི༴ པད་མའི་ཕོ་ཉ་ལྟ་ན་མཛེས། །སྔོ་དམར་མེ་ཏོག་ཆུན་འཕྱངས་ཅན། །ཡིད་འོང་ཕྲིན་ལས་ཀུན་མཛད་མ། །ཕོ་ཉའི༴ གསུང་གི་ཕོ་ཉ་སེམས་འཕྲོག་མ། །དམར་སྔོ་གཡུ་ཡི་ཉི་མ་བསྣམས། །མ་ལུས་ཀུན་གྱི་སྙིང་འབྱིན་མ། །ཕོ་ཉའི༴ པད་མའི་ཕོ་ཉ་བདུད་འབེབས་མ། །དམར་སྔོ་མི་ཐོད་རྟ་ཐོད་ཐོགས། །སྐྱེ་འགྲོ་ཡོངས་ལ་བདུད་འབེབས་མའི། །ཕོ་ཉའི༴ གརྫ༴ གསུང་གི་ཕོ་ཉ་མགྱོགས་བྱེད་མ། །དམར་སྔོ་ཁྱུང་ཆེན་ཆིབས་སུ་ཆིབ། །ཟིལ་གྱིས་གནོན་པའི་ཕྲིན་ལས་མཛོད། །ཕོ་ཉའི༴ པད་མའི་ཕོ་ཉ་གསོད་སྐྱོན་མ། །དམར་སྔོ་སེང་ཞོན་མདུང་ཐོགས་མ། །གང་ལ་དམིགས་པར་ཡུད་ཀྱིས་ཕྱིན། །ཕོ་ཉའི༴ །གསུང་གི་ཕོ་ཉ་སྙིང་འབྱིན་མ། །དམར་ལྗང་ལག་ན་ཙིཏྟ་ཐོགས། །དམ་ལས་འདས་པའི་སྙིང་འབྱིན་མ། །ཕོ་ཉའི༴ པད་མའི་ཕོ་ཉ་དམར་འཐུང་མ། །དམར་ལྗང་དུང་ཆེན་ཁྲག་འཐུང་མ། །ཁམས་གསུམ་ཡོངས་ཀྱི་སྙིང་ཁྲག་འཐུང་། །ཕོ་ཉའི༴ གསུང་གི་ཕོ་ཉ་རྐང་འཇིབ་མ། །དམར་ལྗང་དབྱིའི་མགོ་བོ་ཅན། །ཟས་སུ་རྐང་དང་བཅུད་འཇིབ་མ། །ཕོ་ཉའི༴ པད་མའི་ཕོ་ཉ་ལས་བྱེད་མ། །དམར་ལྗང་འབྲུག་སྔོན་ཆིབས་སུ་ཆིབས། །འཇིག་རྟེན་ཁམས་ཀྱང་སྐད་ཀྱིས་འགྱེངས། །ཕོ་ཉའི༴ གརྫ༴ གསུང་གི་ཕོ་ཉ་ཞགས་ཐོགས་མ། །སྔོན་མོ་ཞགས་ཐོགས་རླུང་ལ་ཞོན། །ཁྱོད་ཀྱིས་མི་གཟིགས་གང་ཡང་མེད། །ཕོ་ཉའི་དབང་༴ པད་མའི་ཕོ་ཉ་བརླ་འཕྲོག་མ། །དམར་སྐྱ་སྐྱི་སེར་ངད་ལ་ཞོན། །སྐུ་ལ་རིས་གསལ་དཀྲིས་མཛད་མ། །ཕོ་ཉའི༴ །གསུང་གི་ཕོ་ཉ་ཐོགས་མེད་མ། །དམར་ལྗང་རལ་གྲི་རྣོན་པོ་ཐོགས། །དམ་ལས་འགལ་བ་སྒྲོལ་བྱེད་པའི། །ཕོ་ཉ༴ པད་མའི་ཕོ་ཉ་ཟ་བྱེད་མ། །དམར་ལྗང་སྟག་ཆེན་སྡེར་མང་ཞོན། །རྩང་རྨེ་མེད་པར་ཟ་བྱེད་པའི། །ཕོ་ཉ༴ གསུང་གི་ཕོ་ཉ་མྱོས་བྱེད་མ། །དམར་ལྗང་ལྕགས་ཀྱི་ཐོ་བ་ཐོགས། །མགོ་དང་ཀླད་པ་འགོམ་བྱེད་མའི། །ཕོ་ཉ༴ པད་མའི་ཕོ་ཉ་སྙུག་བྱེད་མའི། །དམར་ལྗང་ལྕགས་ཀྱི་དྲྭ་བ་ཐོགས། །གང་ལ་བྱས་པ་འཛིན་ཅིང་སྡོམ། །ཕོ་ཉའི༴ གརྫ༴ གསུང་གི་ཕོ་ཉ་རྫུ་བྱེད་མ། །དམར་སེར་ར་སྐྱེས་ཁམས་པ་ཞོན། །ཅིར་ཡང་སྤྲུལ་ཅིང་རྫུ་བྱེད་མའི། །ཕོ་ཉའི་དབང་མཆོག་འདི་ཡང་སྦྱིན། །པད་མའི་ཕོ་ཉ་འཁྲུག་བྱེད་མ། །དམར་སེར་རྒྱ་མཚོ་རྔུབ་ཀྱིས་འདེབས། །ཀླུ་ཡི་གནས་ཀྱང་འཇོམས་པར་བྱེད། །ཕོ་ཉའི༴ གསུང་གི་ཕོ་ཉ་དྲག་མོ་ནི། །དམར་སེར་གཏུམ་པ་དོམ་ལ་ཞོན། །གཏི་མུག་དྲེགས་པ་འཇོམས་བྱེད་པའི། །ཕོ་ཉའི༴ པད་མའི་ཕོ་ཉ་བསྐམ་མ་ནི། །དམར་སེར་ཁྲག་གི་ལན་ཕྲན་ཅན། །མ་ལུས་འཇོམས་པའི་མཐུ་མོ་ཆེ། །ཕོ་ཉའི༴ གསུང་གི་ཕོ་ཉ་འཇོམས་མ་ནི། །དམར་སེར་སྤང་ཏིའི་མགོ་བོ་ཅན། །གཏི་མུག་ཀླག་ཆེན་འདྲལ་བྱེད་མའི། །ཕོ་ཉའི༴ པད་མའི་ཕོ་ཉ་རབ་དགའ་མ། །དམར་སེར་ལག་ན་ཟངས་གྲི་ཐོགས། །འཛུམ་ཞིང་འགུགས་པའི་ལས་ལ་འགྱོགས། །ཕོ་ཉའི༴ གརྫ༴ གསུང་གི་ཕོ་ཉ་འཛིན་མ་ནི། །དམར་སེར་སྦྲུལ་ནག་ཞགས་པ་འཕེན། །བཀའ་ལས་འགལ་བ་འཛིན་བྱེད་པའི། །ཕོ་ཉའི༴ པད་མའི་ཕོ་ཉ་གློག་འགྱུ་མ། །དམར་སེར་རྫུ་འཕྲུལ་ཁྲ་ཐོགས་མ། །དམ་ལས་ལོག་པའི་སྙིང་འབྱིན་མ། །ཕོ་ཉའི༴ གསུང་གི་ཕོ་ཉ་ཡུལ་འཇོམས་མ། །དམར་སེར་ལག་ན་ཤ་ཏེ་ཐོགས། །དགྲ་དང་བདུད་ཀྱི་དཔུང་འཇོམས་མ། །ཕོ་ཉའི༴ པད་མའི་ཕོ་ཉ་ལྷ་འབྲེལ་མ། །དམར་སེར་རྡོ་རྗེ་ཐོག་འབེབས་མ། །སྲིད་པ་གསུམ་ཡང་རྩེ་ནས་འཇོམས། །ཕོ་ཉའི༴ གསུང་གི་ཕོ་ཉ་སྲོག་འབྲེལ་མ། །དམར་སྨུག་འཇོམས་པའི་ཀ་ཏ་རི། །གསོད་ཅིང་འཇོམས་པའི་ཕོ་ཉ་སྟེ། །ཕོ་ཉའི༴ པད་མའི་ཕོ་ཉ་མྱུར་བྱེད་མ། །དམར་སྨུག་གློག་གི་ག་ཞ་ཅན། །ཐུགས་རྗེ་ཤུག་འཆང་ཕོ་ཉ་སྟེ། །ཕོ་ཉའི་དབང་༴ གརྫ་གརྫ་སྤོ་ཊ་བཾ། གསུང་གི་ཕོ་ཉ་རིངས་བྱེད་མ། །བུད་མེད་ལུས་ལ་འཆོངས་མོ་ཆེ། །རི་སུལ་མེད་པར་རྗེས་ཀྱིས་འགྱེངས། །ཕོ་ཉའི༴ པད་མའི་ཕོ་ཉ་སྲེག་བྱེད་མ། །དམར་སྨྱུག་ལག་ན་གྲི་ཐོགས་ཤིང་། །མཐའ་ཡས་སེམས་ཅན་སྒྲོལ་ལ་མཁས། །ཕོ་ཉའི༴ གསུང་གི་ཕོ་ཉ་གློག་བྱེད་མ། །དམར་སྨུག་རྡོ་རྗེ་བེ་ཅོན་གྱིས། །ཁམས་གསུམ་རྡུལ་དུ་བརློག་བྱེད་མ། ཕོ་ཉའི༴ པད་མའི་ཕོ་ཉ་ཐོ་བ་མ། །དམར་སྨུག་རྡོ་རྗེ་ཐོ་བ་འཕྱར། །ཁམས་གསུམ་བདུད་དང་སྲིན་པོ་འཇོམས། །ཕོ་ཉའི༴ གསུང་གི་ཕོ་ཉ་གཏུན་ཁུང་མ། །དམར་སྨུག་ལག་ན་གཏུན་ཁུང་ཐོགས། །ཆེ་ཆུང་མེད་པར་འཇོམས་པ་ཡི། །ཕོ་ཉ༴ པད་མའི་ཕོ་ཉ་ཞགས་པ་འཕེན། །དམར་སྨུག་བདུད་ཀྱི་ཞགས་པ་ཡིས། །གང་ལ་དམིགས་པ་འཛིན་བྱེད་མའི། །ཕོ་ཉའི་དབང་༴ གརྫ་གརྫ་སྤོ་ཏ་བྃ། གསུང་གི་ཕོ་ཉ་མེ་ཁྱེར་མ། །དམར་སྨུག་དུར་ཁྲོད་མེ་ཆེན་གྱིས། །ཕྱི་ནང་མེད་པར་བསྲེག་བྱེད་མའི། །ཕོ་ཉའི༴ པད་མའི་ཕོ་ཉ་བསྡུད་བྱེད་མ། །དམར་སྨུག་གསེར་གྱི་ཕྲེང་བ་ཐོགས། །དུག་གསུམ་ཞལ་དུ་བསྡུད་བྱེད་མའི། །ཕོ་ཉའི་དབང་༴ གསུང་གི་ཕོ་ཉ་གཡེངས་བྱེད་མ། །དམར་སྐྱ་རླུང་གིས་འཁོར་ལོ་ཐོགས། །རི་རབ་གླིང་བཞི་གཡེངས་བྱེད་མ། །ཕོ་ཉའི༴ པད་མའི་ཕོ་ཉ་བསྡུས་འཇོམས་མ། །དམར་སྐྱ་གཏུན་དང་ཐོ་བ་ཐོགས། །ལྔ་ཕུང་རྡུལ་དུ་རློག་མ་ཡིན། །ཕོ་ཉའི༴ །གསུང་གི་ཕོ་ཉ་དཔལ་མོ་ནི། །དམར་སྐྱ་སྲིད་པའི་དཔལ་འཕྲོག་མ། །གསེར་ཡུ་སྤེལ་མའི་ན་བཟའ་གསོལ། །ཕོ་ཉའི༴ པད་མའི་ཕོ་ཉ་དབང་ཕྱུག་མ། །རྡོ་རྗེ་རྩེ་གསུམ་ཐོད་ཁྲག་འཐུང་། །སྲིད་པ་གསུམ་ན་དབང་ཆེན་གྲགས། །ཕོ་ཉའི༴ གརྫ༴ གསུང་གི་ཕོ་ཉ་གྲགས་པ་མོ། །དམར་སྐྱ་མི་མགོ་དུང་དུ་འབུད། །སྟོང་ཁམས་གདུག་པ་རྡུལ་དུ་བརློག །ཕོ་ཉའི་དབང་༴ པད་མའི་ཕོ་ཉ་གཏུམ་བག་ཅན། །དགྲ་བོའི་སྙིང་འབྱིན་ཆོ་ངེས་འདེབས། །གང་ལ་བབས་ཀྱང་ཐོགས་མེད་པའི། །ཕོ་ཉའི༴ གསུང་གི་ཕོ་ཉ་ཀ་མ་ཡ། །དམར་སྐྱ་ཀ་མ་ལའི་མཚོན་ཐོགས་མ། །མ་ལུས་འཇོམས་པའི་མཐུ་མོ་ཆེ། །ཕོ་ཉའི༴ པད་མའི་ཕོ་ཉ་སྡེ་ཚོགས་མ། །པད་མའི་ཁྲག་གི་ཆར་འབེབས་མ། །མ་མོ་འབུམ་སྡེ་བྲན་དུ་ཁོལ། །ཕོ་ཉའི༴ གསུང་གི་ཕོ་ཉ་ཧ་ལའི་གདོང་། །མི་བཟད་མཐུ་ཆེན་མདུད་རྩི་ཐོགས། །ཧ་ལ་ཧ་ལའི་དུག་ཀྱང་འཇོམས། །ཕོ་ཉའི༴ པད་མའི་ཕོ་ཉ་རབ་བརྗིད་མ། །མི་འགོ་སྣ་གསུམ་ཕྲེང་བར་བགྲངས། །གླད་ལ་བསྐོར་བས་དགྲ་བགེགས་རྒྱས། །ཕོ་ཉའི༴ གརྫ་གརྫ་སྤོ་ཊ་བྃ། བྱང་ཕྱོགས་ཀྱི་ཁྱམས་ལྗང་ཕོ་ཉ་ལྗང་ཀུ་ནི། ས་བོན་ཛའམ་ཧོ་གང་རུང་ངོ་། །དགྲ་དང་གནོད་སྦྱིན་འདུལ་བའི་ཕྱིར། །འཇིགས་བྱེད་ཕོ་ཉ་སྐུར་སྤྲུལ་པ། །བྱང་ཕྱོགས་འོད་ཟེར་ལྗང་ཁུ་ལས། །གཡུ་ཡི་མི་མོ་དྲུག་ཅུ་སྤྲུལ། །ལས་ཀྱི་ཕོ་ཉ་རྡོ་རྗེ་མ། །ལྗང་སྔོན་རྡོ་རྗེ་རྒྱ་གྲམ་ཐོགས། །ཕྲིན་ལས་རྣམ་བཞི་ཕོ་ཉར་མཛད། །ཕོ་ཉའི་སྐུ་འདིས་དབང་སྦྱིན་ནོ། །ཕྲིན་ལས་འཇོམས་མ་ཆེན་མོ་ནི། །ལྗང་སྔོན་ཁྱུང་གིས་ཁྲ་ཐོགས་མ། །གཏི་མུག་ཀླུ་ལ་དབང་བསྒྱུར་བའི། །ཕོ་ཉའི་སྐུ་འདིས་དབང་སྦྱིན་ནོ། །ཕྲིན་ལས་ཁ་ལོ་འདུལ་མཛད་པ། །ལྗང་སྔོན་དྲེད་ཀྱིས་གཡང་གཞི་རྡེབས། །རྫུ་འཕྲུལ་རྔ་མོ་གཟུགས་འཆངས་མ། །ཕོ་ཉའི་སྐུ་འདིས༴ ཕྲིན་ལས་ཕོ་ཉ་དབང་ཕྱུག་མ། །ལྗང་སྔོན་ཐོད་རློན་ཁྲག་གིས་བཀང་། །འབྲོག་ཆེན་གཡག་མོ་ཁལ་དུ་ཞོན། །ཕོ་ཉའི་སྐུ༴ ལས་ཀྱི་ཕོ་ཉ་གྲུབ་བྱེད་མའི། །ལྗང་སྔོན་མི་མགོ་དྲུང་དུ་འབུད། །ཁམས་གསུམ་མ་ལུས་སྒྲས་འགྱེང་མའི། །ཕོ་ཉའི་སྐུ༴ ཕྲིན་ལས་ཕོ་ཉ་བསྐུལ་པ་མ། །ལྗང་སྔོན་སྙན་པའི་དབྱུག་པས་འདེབས། །ཐུགས་དམ་གཉེན་པོ་རྒྱུད་བསྐུལ་བས། །ཕོ་ཉའི་སྐུ༴ པ་ཙ་པ་ཙ་གྷན་དྷེ་ཧོ། ཨེ་ཤྭ་ར་ས་མ་ཡ་སྭཱ་ཧཱ། ལས་ཀྱི་ཕོ་ཉ་གྲུབ་པ་མོ། །ལྗང་སྔོན་གཡུ་ཡི་འཁོར་ལོ་འཆང་། །ཕྲིན་ལས་ནན་ཏན་མཐུ་མོ་ཆེ། །ཕོ་ཉ་འདིས་ཀྱང་དབང་སྦྱིན་ནོ། །ཕྲིན་ལས་ཕོ་ཉ་མཐར་ཕྱིན་པ། །ལྗང་སྨུག་གཡུ་ཡི་ཐོར་ཚུགས་ཅན། །ལས་སུ་བཅོལ་ན་ཀུན་ཀྱང་འགྲུབ། །ཕོ་ཉའི་སྐུ༴ ལས་ཀྱི་ཕོ་ཉ་མཐར་ཕྱིན་པས། །ལྗང་སྨུག་རྡོ་རྗེ་རྒྱ་གྲམ་ཐོགས། །ལས་སུ་བཅོལ་བ་མཐར་ཕྱིན་པས། །ཕོ་ཉའི་སྐུ༴ ཕྲིན་ལས་ཕོ་ཉ་ཆུད་མི་ཟ། །ལྗང་སྔོན་དུང་གི་མཆེ་བ་ཅན། །མགྱོགས་པའི་ལས་ལ་ཆུད་མི་ཟ། །ཕོ་ཉའི་ལས༴ ལས་ཀྱི་ཕོ་ཉ་དབང་བསྐུར་མ། །ལྗང་དམར་ཆུ་སྲིན་རྒྱལ་མཚན་ཐོགས། །འཛིན་བྱེད་མི་གདོང་རྫུ་འཕྲུལ་ཅན། །ཕོ་ཉའི་སྐུ༴ ཕྲིན་ལས་ཕོ་ཉ་ཐོགས་མེད་མ། །འདབས་ཆགས་བྱ་ཡི་རྒྱལ་པོ་ཞོན། །འཇིགས་སུ་རུང་བའི་མཚོན་ཆ་ཕྱར། །ཕོ་ཉའི་སྐུ༴ ༀ་པ་ཙ་སྔགས་འགྲེ། ལས་ཀྱི་ཕོ་ཉ་གྲུབ་པ་མོ། །དམར་ལྗང་ཤེལ་གྱི་ཟ་མ་ཏོག །དགྲ་ཡི་དབང་དང་དངོས་གྲུབ་འཕྲོག །ཕོ་ཉ་འདིས་ཀྱང་༴ ཕྲིན་ལས་ཕོ་ཉ་གསལ་བྱེད་མ། །ལྗང་དམར་མེ་ཡི་ཞགས་པ་འཕེན། མུན་པའི་སྨག་ནས་འདྲེན་བྱེད་པའི། །ཕོ་ཉ༴ ལས་ཀྱི་ཕོ་ཉ་དབང་བྱེད་མ། །དམར་ལྗང་རྡོ་རྗེ་ལྕགས་ཀྱུ་འཛིན། །སྤྲ་དང་བྱི་ལའི་སྤྲུལ་འགྱེད་མའི། །ཕོ་ཉ༴ ལས་ཀྱི་ཕོ་ཉ་དམ་ཚིག་མ། །ལྗང་དམར་མེ་ཞགས་སྡིགས་མཛུབ་ཅན། །དམ་ཉམས་ཀུན་གྱི་རྗེས་གཅོད་མ། །ཕོ་ཉ༴ ཕྲིན་ལས་ཕོ་ཉ་བྱ་ར་མ། །ལྕགས་ཀྱི་བྱ་ཁྲ་གཡུ་མིག་མ། །བལྟས་པས་མཐོང་ཞིང་མཐོང་བས་འཛིན། །ཕོ་ཉ༴ ལས་ཀྱི་ཕོ་ཉ་སྟངས་འཛིན་མ། །དམར་ལྗང་རྩིས་ཀྱི་བྱང་བུ་ཐོགས། །ལེགས་ཉེས་ཀུན་གྱི་ལྟངས་འཛིན་མ། །ཕོ་ཉ༴ སྔགས་འགྲེ། ཡང་ཕོ་ཉ་མོ་ཞེས་ལུང་ཨ་ནུ་ཤེས་རབ་མ་རྒྱུད་གཙོ་བོར་སྨོས་ནའང་ཤུགས་མ་མོ་སུམ་བརྒྱ་དྲུག་ཅུ། ཕོ་ཉ་སུམ་བརྒྱ་དྲུག་ཅུ་སྡོམ་པ་བདུན་བརྒྱ་ཉི་ཤུ་པའང་ཕྲག་སྟོང་ནི་བདུན་འབུམ་ཉི་ཁྲི་ཞེས་བསྡུས་པར་བཤད། ཕྲིན་ལས་ཕོ་ཉ་སྡངས་གཅོད་མ། །ལྗང་དམར་རྩིས་ཀྱི་ཁྲམ་ཐོགས་པས། །དགེ་སྡིག་གཉིས་ཀྱི་སྡང་གཅོད་མ། །ཕོ་ཉ་འདིས༴ ལས་ཀྱི་ཕོ་ཉ་གལ་འཛིན་མ། །འཕམ་རྒྱལ་རྡེའུ་ཤོད་འཛིན་མ། །ཕམ་རྒྱལ་གཉིས་ཀྱི་གལ་འཛིན་པས། །ཕོ་ཉ༴ ལས་ཀྱི་ཕོ་ཉ་བསྐུལ་བྱེད་མ། །ལྗང་སེར་ལྕགས་ཀྱི་མདའ་འཕེན་མ། །གནམ་ས་ཀུན་ཀྱང་བསྐུལ་བར་བྱེད། །ཕོ་ཉ༴ ཕྲིན་ལས་ཕོ་ན་དབང་མོའི་སྐུ། །ལྗང་སེར་ཁྲག་གི་ཕོར་པ་ཐོགས། །མ་ཐོགས་ལས་ལ་མྱུར་བྱེད་པའི། །ཕོ་ཉ༴ ལས་ཀྱི་ཕོ་ཉ་ཕག་མགོ་ནི། །ལྗང་སེར་ཕག་མགོ་ཐོ་བ་འཕྱར། །ཆེ་ཆུང་མེད་པར་རྡུལ་དུ་བརློག །ཕྲིན་ལས་ཕོ་ཉ་སྤྱན་བརྒྱ་མོ། །མགོ་ལུས་མེད་པར་མིག་གིས་གང་། །སྟོང་ཁམས་མ་ལུས་གསལ་ཞིང་བཀྲ། །ཕོ་ཉ༴ པ་ཙ་འགྲེ། ལས་ཀྱི་ཕོ་ཉ་མིག་སྟོང་ལྡན། །དབུ་སྟོང་ཕྱག་སྟོང་སྤྱན་ཡང་སྟོང་། །སྟོང་གསུམ་སྟོང་ལ་དབང་ཆེར་གྲགས། །ཕོ་ཉ་སྐུ་འདིས་དབང་བསྐུར་རོ། །ཕྲིན་ལས་ཕོ་ཉ་འོད་མགྱོགས་མ། །འཇའ་ཚོན་ལུས་ལ་འོད་ཀྱི་མིག །བལྟས་པས་མི་མངོན་གང་ཡང་མེད། །ཕོ་ཉ༴ ལས་ཀྱི་ཕོ་ཉ་རླུང་ཞོན་མ། །ལག་ན་ལྕགས་ཀྱི་དགྲ་སྟ་བསྣམས། །རླུང་ནག་འཚུབས་མ་ཆིབས་སུ་ཆིབས། །ཕོ་ཉ༴ ཕྲིན་ལས་ཕོ་ཉ་རྫུ་འཕྲུལ་ཅན། །སྦྲུལ་ནག་སྟོང་གི་ཞགས་པ་འཕེན། །ལྟས་ངན་རྔ་མོང་ག་པ་ཞོན། །ཕོ་ཉ༴ ལས་ཀྱི་ཕོ་ཉ་སྒྱུ་མ་མོ། །ཅིར་ཡང་མ་ངེས་གཟུགས་སུ་སྟོན། །ཆེད་འགའ་ཆུ་སྤྲིན་སྦྲུལ་གྱི་ལུས། །ཕོ་ཉ༴ ཕྲིན་ལས་ཕོ་ཉ་དབང་ཕྱུག་རྒྱལ། །ལྗང་སེར་མདུང་རྩེ་གསུམ་པ་འཕྱར། །དུག་གསུམ་རྩད་ནས་ལེན་བྱེད་པའི། །ཕོ་ཉའི་སྐུ་འདིས༴ པ་ཙ༴ ལས་ཀྱི་ཕོ་ཉ་གྲག་རྒྱལ་མ། །ལྗང་ནག་སྟག་ཞོན་དྲེད་ཀྱི་མགོ། །འཇིག་རྟེན་ཁམས་འདིར་མཐུ་ཆེར་གྲགས། །ཕོ་ཉ་འདིས༴ ཕྲིན་ལས་ཕོ་ཉ་དཔལ་ཤམ་མ། །དམར་གྱི་གཏོར་མ་གླད་ལ་བསྐོར། །ཁྲག་གི་གཏོར་མ་ཞགས་པར་འཕེན། །ཕོ་ཉ༴ ལས་ཀྱི་ཕོ་ཉ་ཡཀྴ་མོ། །ལྗང་ནག་གནོད་སྦྱིན་མགོ་བོ་ཐོགས། །གང་ལ་བྱ་བའི་ཐོད་ཟོར་འཕེན། །ཕྲིན་ལས་ཕོ་ཉ་ཁྲོ་བག་ཅན། །བུད་མེད་གཟུགས་ལ་སྐྱེས་པའི་མགོ། །ཆེད་འགའ་ཞི་སྟེ་ཆེད་འགའ་ཁྲོ། །ཕོ་ཉ༴ ལས་ཀྱི་ཕོ་ཉ་མཆེ་བ་མོ། །ལག་གཉིས་རྡོ་རྗེ་མཆེ་བ་འདེབས། །གཟུང་བས་མི་ཟིན་གང་ཡང་མེད། །ཕོ་ཉ༴ ཕྲིན་ལས་ཕོ་ཉ་དབང་བསྒྱུར་མ། །རྡོ་རྗེ་གོ་ཆའི་ཕྱག་རྒྱ་ཅན། །ཀུན་གྱི་མངའ་བདག་དབང་མོ་ཆེ། །ཕོ་ཉ་འདིས་ཀྱང་༴ པ་ཙ་པ་ཙ་གྷན་དྷེ་ཧོ། །ཕྲིན་ལས་ཕོ་ཉ་དངོས་གྲུབ་བདག །ལྗང་ནག་འདོད་སྤྱོད་ལྔ་ལ་རོལ། །དངོས་གྲུབ་རྣམ་གསུམ་དུས་འདིར་སྩོལ། །ཕོ་ཉའི་སྐུ་འདིས༴ ཕོ་ཉ་སྒྲོལ་བྱེད་ཆེན་མོ་ནི། །ལྗང་ནག་གཅོད་པའི་ཕལ་ཚབ་བསྣམས། །གང་ཡང་གསོན་པར་མི་བྱེད་པའི། །ཕོ་ཉ༴ ལས་ཀྱི་ཕོ་ཉ་མངའ་བདག་མོ། །སྲིད་གསུམ་གྲགས་པའི་རྔེའུ་ཆུང་བརྡུང་། །མ་ལུས་གདུག་པ་ཟིལ་གྱིས་གནོན། །ཕོ་ཉ༴ ཕྲིན་ལས་ཕོ་ཉ་འོད་འཕྲོ་མ། །ལྗང་ནག་གཅོད་པའི་ཤག་ཏི་ཐོགས། །སྲིད་གསུམ་གསལ་བའི་འོད་འཕྲོ་མ། །ཕོ་ཉ༴ ལས་ཀྱི་ཕོ་ཉ་དྲག་མོ་ནི། །ལྗང་སྨུག་གྲུ་གསུམ་མཐིང་ནག་ཐོགས། །དྲག་པོ་ལས་ཀྱི་ཕོ་ཉ་མ། །ཕོ་ཉ༴ ཕྲིན་ལས་ཕོ་ཉ་ཁྲོ་རྐྱེན་མ། །ལྗང་སྨུག་རལ་པས་ས་ལ་རྡེབས། །རང་ལ་རང་ཡང་ཚིག་ཅིང་འགྲོ། །ཕོ་ཉའི་སྐུ༴ པ་ཙ༴ ཨེ་ཤྭ་ར༴ ལས་ཀྱི་ཕོ་ཉ་མྱུར་འགྲུབ་མ། །འཇམ་དཔལ་རྣོན་པོས་ལག་ན་ཐོགས། །ཧ་ཧ་རུ་ལུ་སྒྲ་སྒྲོགས་མའི། །ཕྱག་རྒྱའི་སྐུ་འདིས་དབང་བསྐུར་རོ། །ཕྲིན་ལས་ཕོ་ཉ་ཆུད་མ་ཟོས། །ལྗང་སྨུག་རིན་ཆེན་སྒྲོན་མེ་ཐོགས། །གདུང་བས་བརྩེ་ཞིང་ཕན་གནོན་པའི། །ཕོ་ཉ༴ ལས་ཀྱི་ཕོ་ཉ་འདུལ་བྱེད་མའི། །ལྗང་སྨུག་སྲིན་པོའི་ཐོད་པ་ཐོད། །ཁྱོད་ཀྱིས་མི་འདུལ་གང་ཡང་མེད། །ཕྱག་རྒྱའི༴ ཕྲིན་ལས་ཕོ་ཉ་རྒྱ་མཚོ་མ། །སྣ་ཚོགས་ལུས་ཅན་རྒྱ་མཚོ་བརློག །འཛམ་བུ་གླིང་བཞི་གཡོ་བྱེད་མ། །ཕྱག་རྒྱའི༴ ལས་ཀྱི་ཕོ་ཉ་ལྟུང་འཛིན་མ། །སེམས་ཅན་ཞིང་བཅུ་བསྒྲལ་བ་ལ། །དམྱལ་བར་ལྟུང་ངེས་ལྕགས་ཀྱུས་འཛིན། །ཕྱག་རྒྱའི༴ ཕྲིན་ལས་ཕོ་ཉ་སྒྲོལ་བྱེད་མ། །དམར་སྨུག་འཇོམས་བྱེད་རི་རབ་འཛིན། །བརྡུལ་དུ་བརློག་པའི་ལས་མཛད་པའི། །ཕྱག་རྒྱའི༴ པ་ཙ་པ་ཙ༴ ལས་ཀྱི་ཕོ་ཉ་རང་དབང་མོ། །ལྗང་སྨུག་གཡུའི་ཞགས་པས་འདེབས། །འཇིག་རྟེན་ལས་ཀྱི་གཉེན་གཅིག་མ། །ཕྱག་རྒྱ་འདི་ཡིས་༴ ཕྲིན་ལས་ཕོ་ཉ་འདུལ་མཁན་མ། །སྐྱེས་བུ་ན་ཆུང་གཟུགས་འཆང་མ། །ཇི་ལྟར་དམིགས་པ་བཞིན་དུ་འདུལ། །ཕྱག་རྒྱ༴ ལས་ཀྱི་ཕོ་ཉ་གོམས་པ་མོ། །ལྗང་ཁུ་ཉུངས་ཀྱིས་མདའ་འཕེན་མ། །དཀར་ནག་སྙིང་གི་མཚམས་སུ་བརྡེགས། །ཕྱག་རྒྱའི༴ ཕྲིན་ལས་ཕོ་ཉ་འདུལ་ལ་མཁས། །ལྗང་སྐྱ་ཚེའི་ཟོར་འཕེན་མ། །ལོག་པའི་ཕྱོགས་རྣམས་བཟློག་བྱེད་པའི། །ཕྱག་རྒྱའི༴ ལས་ཀྱི་ཕོ་ཉ་དབང་བསྒྱུར་མའི། །ཉི་ཟླ་གཟའ་སྐར་གློག་པར་གྱོན། །འཛམ་བུ་གླིང་བཞི་ལག་པར་ཐོགས། །ཕྱག་རྒྱ༴ ཕྲིན་ལས་ཕོ་ཉ་མཆོག་སྒྲོལ་མ། །ལྗང་སྐྱ་མཆོག་གི་ཙིཏྟ་འབྱིན། །སྐྱེ་ཤི་གཉིས་ཀྱི་རྩད་གཅོད་མ། །ཕྱག་རྒྱའི་དབང་འདིས་ཁྱོད་ལ་སྦྱིན། །པ་ཙ༴ ཨ་ཤྭ་ར༴ ལས་ཀྱི་ཕོ་ཉ་རྒྱུ་སྒྲོལ་མ། །ཐུགས་དམ་གཉེན་པོ་རྒྱུད་བསྐུལ་ཕྱིར། །ཤེལ་དང་ལུང་ཏང་ཡུ་བུ་བསྣམས། །ཕྱག་རྒྱའི་སྐུ་འདིས་དབང་བསྐུར་རོ། །ཕྲིན་ལས་ཕོ་ཉ་རྔམ་པ་མོ། །ལྗང་སྐྱ་ཤ་ཁྲག་བརློན་པར་ཟ། །གསོད་པའི་ལས་ལ་ཤིན་ཏུ་རྔམས། །ཕྱག་རྒྱའི༴ ལས་ཀྱི་ཕྱག་རྒྱ་སྤྲོ་རྐྱེན་མ། །ལྗང་སྐྱ་འདེབས་པའི་ལས་ལ་མྱུར། །ཛ་ཛ་ཧ་ཧོའི་སྒྲ་འདེབས་མ། །ཕྱག་རྒྱའི༴ ཕྲིན་ལས་ཕོ་ཉ་གཏུམ་ཆེན་མ། །ཉི་མ་ཟླ་བའི་འཁོར་ལོ་འཕེན། །གཏུམ་པས་འདོད་ཁམས་ལྷ་མི་ཅན། །ཕྱག་རྒྱའི༴ ལས་ཀྱི་ཕོ་ཉ་མིག་དམར་མ། །ཁྲག་གིས་འཆང་གིས་མྱོས་པར་བྱེད། །མིག་རྩ་དམར་ལ་ར་གདོངས་ཆེ། །ཕྱག་རྒྱའི༴ ཕྲིན་ལས་ཕོ་ཉ་སེན་མོ་ཅན། །དམར་སྨུག་སེན་མོ་ལྕགས་ཀྱུ་གཏམས། །བསྒྲལ་བའི་ཞིང་བཅུ་འཛིན་བྱེད་པའི། །ཕྱག་རྒྱའི་སྐུ་འདིས་དབང་བསྐུར་རོ། །པ་ཙ་པ་ཙ་གྷན་དྷེ་ཧོ། ཨེ་ཤྭ་ར་ས་མ་ཡ་སྭཱ་ཧཱ། ཕོ་ཉ་ཕྱོགས་བཞི་དང་འོག་ཕྱོགས་མ་མོ་ལ་ཡང་སྒོ་མཛད་པ་ལྟར་ན། སྒོ་མ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའོ། །འོག་ཕྱོགས་ཀྱི་ཁྱམས་འོད་ཟེར་སྨུག་པོའམ་ཕྲིན་ལས་ཀྱི་ལྗང་གུའང་མཛད་པ་ལ་ནི། ༀ་མ་མ་ཤྭ་ར་ཧཱུཾ་ཛ། ༀ་ཞེས་བཀྲ་ཤིས་པ་དང་ཞི་བ་དང་རྒྱས་པ་དང་དགེ་བར་གསུངས། ས་བོན་ཛ་དང་མ་གང་རུང་སྟེ་ཧཱུཾ་ཛ་ཞེས་ཕོ་ཉ་ཡང་ཡེ་ཤེས་ཀྱི་ཕོ་ཉ་དང་། ལས་ཀྱི་ཕོ་ཉ་གཉིས་བྱེད་ནའང་ཧཱུཾ་ཞེས་ལ་འདུའོ། །དཔལ་འབར་ཁྲོ་མོའི་རྒྱུད་ལས། ཤར་མེ་ལོང་། ལྷོ་མཉམ་ཉིད། ནུབ་སོར་རྟོག །བྱང་བྱ་གྲུབ། དབུས་སྟེང་སྟོང་ཉིད། མཐའ་འོག་ཆོས་དབྱིངས་ཡེ་ཤེས་ཀྱི་རྟགས་འོད་ཁ་དོག་ཏུ་བཤད། ཁམས་གསུམ་སྲིད་གསུམ་ཐམས་ཅད་ཀྱིས། །དགྲ་དང་འབྱུང་པོ་བསྒྲལ་བའི་ཕྱིར། །སྐུ་ཡི་འོད་ཟེར་སྨུག་ནག་ལས། །ལས་བྱེད་མ་མོ་དྲུག་ཅུར་སྤྲུལ། །རལ་པ་གཅིག་མཐོང་འཇིག་པའི་གཟུགས། །དྲི་ཤུལ་རལ་གྲི་དྲིལ་བུ་ནད་རྐྱལ་ཐོགས། །མ་མོ་འདིའི་དབང་ཡང་བསྐུར་བར་བྱའོ། །སྦས་པའི་མ་མོ་ཐལ་མདོག་ཐོད་ཁྲག་འཐུང་། །གཡང་གཞི་དུར་ཁྲོད་རྒྱན་གྱིས་མཛེས་པར་ཀླུབས། །སྲིད་པ་གསུམ་ན་མཐུ་ཆེ་རྩལ་དྲག་པས། །མ་མོ་འདིའི་དབང་༴ དུར་ཁྲོད་ཚོགས་ཀྱི་མ་མོ་རལ་པ་ཅན། །མི་ཐོད་ཕྲེང་བས་སྐུ་བརྒྱན་རབ་ཏུ་བརྗིད། །ཁམས་གསུམ་འདི་ན་མཐུ་ཆེན་ཁྱོད་ལ་འདུད། །མ་མོ་འདིའི༴ ཟ་བྱེད་རྔམས་པའི་མ་མོ་ཆེན་མོ་ནི། །མཐིང་སྐྱ་ཁྲག་གི་རལ་པ་གོས་སུ་གྱོན། །ཕྱག་གིས་སྐྱེ་འགྲོ་ཡོངས་ཀྱི་ཙིཏྟ་བཟུང་། །མ་མོ་འདིའི༴ ཁམས་གསུམ་སྡུད་པའི་མ་མོ་ཆེན་མོ་ནི། །དམར་མོ་ཐོད་ཁྲག་སྐོམ་དུ་འཐུང་བྱེད་པས། །ང་རྒྱལ་དྲེགས་པའི་འཁོར་ཀྱང་འཇོམས་བྱེད་པའི། །མ་མོ་འདིའི༴ རྒྱུ་དྲུག་སྒྲོལ་བའི་མ་མོ་ཆེན་མོ་ནི། །སྨུག་ནག་མེ་འབར་གཡང་གཞི་གོས་སུ་གྱོན། །མི་སྙིང་རུས་པའི་ཕྲེང་བ་ཀླད་ལ་བསྐོར། །མ་མོ་འདིའི༴ སྲིད་གསུམ་ཟ་བྱེད་མ་མོ་ནི། །དམར་ནག་གནམ་ས་གཉིས་ཀྱང་གོས་སུ་གྱོན། །བདུད་དང་སྲིན་པོའི་ཚོགས་ཀྱང་འདར་ཞིང་འདུད། །མ་མོ་འདིའི་དབང་༴ སྲིད་གསུམ་ཡོངས་ལ་དབང་བསྒྱུར་མའི། །སེར་ནག་ཉི་ཟླ་ཐོད་དུ་བཅིངས། །གནམ་ས་གཉིས་ལ་དབང་བྱེད་བའི། །མ་མོ༴ མཐུ་དཔུང་བསྙེམས་པའི་མ་མོ་ནི། །ལྗང་ནག་ཞིང་གི་གོ་ཟུ་གསོལ། །ལག་པ་གཡས་པ་ནམ་མཁར་འདེགས། །མ་མོ་ཁྲོས་ཞིང་ཁྲག་འཐུང་གསུར་ལ་དགའ། །མི་ཤ་རྟ་ཤ་ཟས་སུ་ཟ། །མི་ཁྲག་རྟ་ཁྲག་སྐོམ་དུ་འཐུང་། །མ་མོ༴ མ་མ་ཤྭ་ར་ཧཱུཾ། སྒྲོལ་བྱེད་མ་མོ་ཆེན་མོ་ནི། །མཐིང་ནག་ནང་འཁྲོལ་གློ་སྙིང་འབྱིན། །ཕྲིན་ལས་དམ་ཉམས་སྒྲོལ་ལ་བརྩོན། །མ་མོ་འདིས་ཀྱང་དབང་ཡང་བསྐུར། །ཟ་བྱེད་མ་མོ་ཆེན་མོ་ནི། །ཚེ་སྲོག་འཕྲོག་པའི་མ་མོ་སྟེ། །སྔོ་ནག་གཡུ་ཡི་ཟ་མ་ཏོག །ཉམས་པ་ལེན་ཅིང་སྒྲུབས་ལ་སྟོབས། །མ་མོ་འདིའི་དབང་༴ མ་མ་ཤྭ་ར་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། རྔམ་བྱེད་མ་མོ་ཆེན་མོ་ནི། །འཕྱོ་ལ་དགའ་བའི་མ་མོ་སྟེ། །ནམ་མཁའི་འབྲུག་སྔོན་ཆིབས་སུ་ཆིབས། །དགྲ་དང་ཉམས་པའི་སྙིང་འབྱིན་མ། །མ་མོ༴ འཛིན་བྱེད་མ་མོ་ཆེན་མོ་ནི། །འཇིགས་བྱེད་ཞལ་དུ་སྟོན་པའི་མ། །སེར་ནག་ཐོད་ཁྲག་ལྕགས་ཀྱུ་ཐོགས། །མ་ལུས་སྒྲོལ་བའི་གྱིང་ཆེན་མོ། །མ་མོ་འདིའི༴ བགེགས་ཆེན་འཇོམས་པའི་མ་མོ་ནི། །སྙིང་ལ་འདེབས་པའི་མ་མོ་སྟེ། །སྔོ་ནག་སྤུ་གྲི་ཐོ་བ་ཐོགས། །བགེགས་ཀྱིས་རྒྱལ་པོ་སྙིང་ལ་འདེབས། །མ་མོ་འདིའི༴ ཞིང་བཅུ་སྒྲོལ་བའི་མ་མོ་ནི། །ལྗང་ནག་བྷན་དྷ་གྲི་ཐོགས་མ། །འཇིག་རྟེན་ཁམས་ཀྱི་དབང་མོ་ཆེ། །མ་མོ་འདིའི༴ འཆད་པས་གཅོད་པའི་མ་མོ་ནི། །སྔོ་ནག་ཞིང་གིས་གཡང་གཞི་རྡེབས། །དམ་ཚིག་ཉམས་པའི་སྙིང་འབྱིན་མ། །མ་མ་འདིའི༴ འབྱུང་པོ་སྒྲོལ་བྱེད་ཆེན་མོ་ནི། །བན་དྷ་གྲི་ཐོགས་འབྱུང་པོ་སྒྲོལ། །ཤར་གྱི་ཕྱོགས་ནས་ལས་བྱེད་མ། །མ་མོ་འདིའི༴ གཤིན་རྗེ་སྒྲོལ་བྱེད་ཆེན་མོ་ནི། །བན་དྷ་གྲི་ཐོགས་གཤིན་རྗེ་སྒྲོལ། །ལྷོ་ཡི་ཕྱོགས་ནས་ལས་བྱེད་མ། །མ་མོ་འདིའི༴ ནུབ་ཕྱོགས་ཀླུ་སྒྲོལ་ཆེན་མོ་ནི། །བན་དྷ་གྲི་ཐོགས་ཀླུ་ཆེན་སྒྲོལ། །ནུབ་ཀྱི་ཕྱོགས་ནས་ལས་བྱེད་མའི། །མ་མོ༴ མ་མ་ཤྭ་ར་ཧཱུཾ། གནོད་སྦྱིན་སྒྲོལ་བྱེད་ཆེན་མོ་ནི། །ལྗང་ནག་བན་དྷ་གྲི་ཐོགས་མའི། །བྱང་གི་ཕྱོགས་ནས་ལས་བྱེད་མའི། །མ་མོ༴ སྲིན་པོ་སྒྲོལ་བྱེད་མ་མོ་ནི། །སྔོ་ནག་བན་དྷ་གྲི་ཐོགས་མ། །སྟེང་གི་ཕྱོགས་ནས་ལས་བྱེད་མའི། །མ་མོ༴ སྲིན་མོ་སྒྲོལ་བྱེད་ཆེན་མོ་ནི། །སྨུག་ནག་བན་དྷ་གྲི་ཐོགས་མ། །འོག་གི་ཕྱོགས་ནས་ལས་བྱེད་མའི། །མ་མོ༴ གཟུགས་ལ་དབང་བའི་དབང་མོ་ཆེ། །དཀར་མོ་ཞིང་གི་དབྱུག་པ་བསྣམས། །དགྲ་བོའི་གཟུགས་རྣམས་འཕྲོག་བྱེད་མའི། །མ་མོ་འདིའི༴ ཁྲག་ལ་དབང་བའི་ཆེན་མོ་ནི། །སྔོན་མོ་ཐོད་ཁྲག་དཀྲུག་ཅིང་གསོལ། །དགྲ་བོའི་ཁྲག་རྣམས་འཕྲོག་བྱེད་མ། །མ་མོ༴ དྲོད་ལ་དབང་བའི་མ་མོ་ཆེ། །དམར་མོ་ལག་ན་ཙིཏྟ་ཐོགས། །སྡང་བ་དགྲ་ཡི་གྲོང་འཕྲོག་མ། །མ་མོ༴ དབུགས་ལ་དབང་བའི་མ་མོ་ཆེ། །ལྗང་ནག་ཐོད་ཁྲག་ཞགས་པ་ཐོགས། །དགྲའི་དབུགས་རྣམས་འཕྲོག་བྱེད་པ། །མ་མོ༴ སྲོག་ལ་དབང་བའི་མ་མོ་ཆེ། །སྨུག་ནག་གྲི་དང་ཐོད་ཁྲག་འཐུང་། །དགྲ་བོའི་སྲོག་རྣམས་ཕྲོག་བྱེད་མ། །མ་མོ༴ བཀྲག་མདངས་དབང་བའི་དབང་མོ་ཆེ། །སེར་ནག་རལ་གྲི་ཐོད་ཁྲག་འཐུང་། །དགྲ་བའི་མདངས་རྣམས་འཇིག་བྱེད་མའི། །མ་མོ༴ མ་མོ་ཁྲག་འཐུང་བྱ་རྒོད་མགོ། །སེར་ལྗང་རལ་གྲི་ཐོད་ཁྲག་འཐུང་། །འཇིག་རྟེན་ཁྱབ་པའི་མཐུ་མོ་ཆེ། །མ་མོ་འདིས་ནི་དབང་བསྐུར་རོ། །མ་མ་ཤྭ་ར་ཧཱུྃ། མ་མོ་ཟ་བྱེད་སྟག་གི་མགོ །དམར་སེར་ཐོད་ཁྲག་ཞལ་དུ་གསོལ། །གདུག་པ་ཚོགས་འཇོམས་རྫུ་འཕྲུལ་ཅན། །མ་མོ་འདིའི༴ མ་མོ་འཛིན་བྱེད་ཆུ་སྲིན་མགོ། །ཤ་ཁྲག་གསུར་ལ་དགའ་བྱེད་མ། །འཇིག་རྟེན་འདི་ན་དབང་ཆེར་ངེས། །མ་མོ༴ མ་མོ་ཆེན་མོ་དུར་ཁྲོད་བརྒྱན། །མི་ལྤགས་རློན་པས་ན་བཟའ་གསོལ། །དུར་ཁྲོད་བགེགས་ཆེན་འདུལ་མཛད་མའི། །མ་མོ༴ རྡོ་རྗེ་གར་གྱི་དབང་མོ་ཆེ། །དབུ་བརྒྱ་སྤྱན་སྟོང་ཀུན་ལ་ཁྱབ། །མ་ལུས་སྒྲོལ་བའི་གྱིང་ཆེན་མ། །མ་མོ༴ པད་མ་གར་གྱི་དབང་ཕྱུག་མ། །ལག་ན་མི་མགོ་ཕོར་བ་རུ། །མི་སྙིང་ཚིལ་བུ་བཀང་ཤིང་གསོལ། །མ་མོ༴ ས་བདག་ཆེན་པོ་པདྨ་ཕྲེང་། །དམར་ནག་བྷན་དྷ་ཁྲག་གིས་བཀང་། །མིག་རྩ་དམར་ཞིང་རྔམས་པ་ཆེ། མ་མོ༴ མ་མ་ཤྭ་ར་ཧཱུཾ། སྲིད་པ་གསུམ་གྱི་མངའ་བདག་མོ། །རི་རབ་རྩེ་ནས་བསྙིལ་བྱེད་ཅིང་། །རྒྱ་མཚོའི་གཏིང་ནས་རྙོག་བྱེད་མ། །མ་མོ་འདིས༴ རྒྱ་མཚོའི་གཏིང་གི་མ་མོ་ཆེ། །ན་བཟའ་ཆུ་སྲིན་ལྤགས་པ་གསོལ། །སྦྲུལ་ནག་སྟོང་གི་གདེངས་ཀ་ཅན། །མ་མོ༴ མ་མོ་རྡོ་རྗེ་ཐོ་བ་མ། །སྔོ་ནག་མི་སྲིན་ཐོ་བ་ཐོགས། །སྲིན་མོའི་ཚོགས་ཀྱང་འདར་ཞིང་གཡོ། །མ་མོ༴ མ་མོ་རྡོ་རྗེ་གཏུན་ཁུང་མ། །མཐིང་ནག་དགྲ་བོ་གཏུན་ཏུ་བརྡུང་། །གང་ལ་བྱ་བ་རྡུལ་དུ་བརློག །མ་མོ་འདིའི༴ མ་མོ་རྡོ་རྗེ་དུར་ཁྲོད་བདག །སྔོ་ནག་མི་མགོ་རྡོ་རྗེ་དབྱུག །གདུག་པའི་ཚོགས་ཀྱང་འཇོམས་པར་བྱེད། །མ་མོ༴ མ་མོ་རྡོ་རྗེ་སྡེར་མོ་ནི། །སྔོ་ནག་རྡོ་རྗེ་རྩེ་གསུམ་བསྣམས། །གདུག་ཅིང་གཏུམ་པའི་དྲག་ཤུལ་ཆེ། །མ་མོ་འདིའི༴ མ་མ་ཤྭ་ར་མ་ར་ཧཱུཾ། མ་མོ་རྡོ་རྗེ་གསལ་བཀྲ་མ། །དམར་ནག་མི་ཡི་རྒྱུ་ཞགས་འཕེན། །བཀའ་ལས་འགལ་བ་འཛིན་བྱེད་མ། །མ་མོ་འདིའི༴ མ་མོ་རྡོ་རྗེ་ཁྲག་འཐུང་མ། །ལྗང་སེར་བན་དྷ་རཀྟས་བཀང་། །བཀའ་ལས་འགལ་བའི་སྙིང་ཁྲག་འཐུང་། །མ་མོ་འདིའི༴ མ་མོ་ནག་མོ་དྲེད་ཞོན་མ། །ནད་ཀྱི་རྐྱལ་པ་གོང་དུ་བཏགས། །ཚོན་གྱི་དྲུ་གུ་གླད་ལ་སྐོར། །མ་མོ༴ དུས་བཞིའི་རྒྱལ་མོ་མཐུ་མོ་ཆེ། །སྲིད་པ་གསུམ་ལ་དབང་བྱེད་ཅིང་། །ཅིར་ཡང་འགྱུར་བའི་སྐུ་མངའ་བ། །མ་མོ༴ མ་མོ་གནས་ཡུལ་སྤྱང་ཀུའི་མགོ། །མི་ཤ་ཟ་ཞིང་བདུད་ཁྱིམ་འཇོམས། །བལྟས་པས་བདུད་རྣམས་བརླག་བྱེད་མ། །མ་མོ༴ མ་མོ་རྫུ་བྱེད་སྟག་དང་དོམ། །གཅན་གཟན་གདུག་པའི་གཟུགས་སུ་སྤྲུལ། །མ་ལུས་འཇོམས་པའི་མཐུ་མོ་ཆེ། །མ་མོ་འདིའི༴ མ་མ་ཤྭ་ར་ཧཱུཾ། མ་མོ་འཛུམ་བྱེད་ཕོ་ཉ་མ། །ཁྲ་ལྟར་འཇུངས་ཤིང་ཁྱི་ལྟར་ཟུགས། །གང་ལ་དམིགས་པ་ཡུད་ཀྱིས་ལེན། །མ་མོ༴ མ་མོ་གནམ་ས་ཕྱེད་ཀྱིས་བདག །རི་ལུང་མེད་པར་རྗེས་མ་གཟུགས་ཀྱིས་ཁྱོམས། །ཆེ་ཆུང་མེད་པར་འཇོམས་པར་བྱེད། །མ་མོ་འདིའི༴ མ་མོ་ཕོ་ཉ་རྒྱུག་བྱེད་མ། བུད་མེད་ལུས་ལ་གཞའ་ཚོན་གོས། །བང་ནི་རི་ལུང་མེད་པར་རྒྱུག །མ་མོ་འདི་ཡི༴ མ་མོའི་ཕོ་ཉ་ཟ་བྱེད་མ། །བུད་མེད་ལུས་ལ་སྟག་གིས་གོས། །ཟས་སུ་གཙང་སྨེ་མེད་པར་ཟ། །མ་མོ༴ རྡོ་རྗེ་ཡ་བྱིན་ཕོ་ཉ་མོ། །ལྕགས་ཀྱུ་དཀར་ཁྲ་ཕུར་བུ་འཛིན། །གང་ལ་བྱ་བ་འགྲུབ་པར་བྱེད། །མ་མོ༴ རྡོ་རྗེ་བསེ་བྱིན་རྩལ་མོ་ཆེ། །སྔོ་ནག་ཞགས་པ་ཕུར་བུ་ཐོགས། །གང་ལ་བྱ་བ་འགྲུབ་པར་བྱེད། །མ་མོ་འདིའི༴ མ་མ་ཤྭ་ར་ཧཱུཾ། རྡོ་རྗེ་ཕག་བྱིན་ཐོགས་པ་མེད། །དམར་ནག་ལྕགས་སྒྲོག་ཕུར་བུ་ཐོགས། །གང་ལ་བྱ་བ་འགྲུབ་པར་བྱེད། །མ་མོ་འདི་ཡིས༴ རྡོ་རྗེ་དེ་བྱིན་དབང་གྲུབ་མ། །ལྗང་ནག་དྲིལ་བུ་ཕུར་བུ་འཕེན། །གང་ལ་བྱ་བ་འགྲུབ་པར་བྱེད། །མ་མོ་འདིའི༴ ས་བདག་རྒྱལ་པོ་ཆེན་མོ་ནི། །སེར་ནག་གསེར་གྱིས་བུམ་པ་བསྣམས། །ཚེ་སྲོག་ཀུན་ལ་དབང་བསྒྱུར་མ། །མ་མོ༴ ཕྱི་འཁོར་སྐྱོང་བའི་མངའ་བདག་མོ། །རྒྱན་དང་ཆ་ལུགས་མཛེས་པའི་ཚུལ། །གནས་ནི་གཡའ་རི་གངས་ལ་བཅས། །མ་མོ་འདི་ཡིས༴ འབྲོག་སྲིན་རྣམས་ཀྱིས་རྗེ་མོ་ནི། །སྐྱེས་པ་འདུལ་བའི་མ་མོ་སྟེ། །བུད་མེད་བཟང་སྡུག་འདོད་ཆགས་མ། །སྐྲ་བཤིག་རལ་པ་གྱེན་དུ་བརྫིས། །མ་མོ་འདིའི༴ ཁྲོ་ཚིག་མྱུར་བའི་མ་མོ་ནི། །བུད་མེད་ཁྲག་གིས་ལན་ཕྲན་ཅན། །མ་མོ་འདི་ཡི་དབང་བསྐུར་རོ། །ༀ་མ་མ་ཤྭ་ར་ཧཱུཾ། ཛ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་སོ། །དཔལ་འབར་ཁྲོ་མོ་རྒྱུད་དུ། མཱ་མ་ཧ་མ་མ་ཧ་བྷྱོ་བྷྱོ་ཞེས། །འོག་ཕྱོགས་བསེའི་མ་མོ་དྲུག་ཅུ། འོད་མཐིང་ཁྲོ་བོ་འོད་སེར་པོ་བཤད། ཧེ་རུ་འདུས་རྒྱུད་ལས། ཕོ་ཉ་སུམ་བརྒྱ་དྲུག་ཅུའི་ཚོགས། །དཀར་དང་སྔོ་དང་དམར་ལྗང་ནག །གསེར་དང་བྱེ་རུའི་མདོག་འདྲ་བ། །དྲུག་ཅུ་དྲུག་གིས་རྫོགས་པ་ནི། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། །ཐོ་བ་གཤོག་པ་གཏུན་ཚོགས་འཛིན། །མ་ལུས་ཁྱབ་པའི་ཚུལ་གྱིས་གནས། །རྡོ་རྗེ་ནག་མོ་ཁྲ་ཐོགས་གཤོགས་པ་ཅན། །ཞེས་སྟེང་ཁྲོ་བོ་ཐོ་བ་ཅན་སེར་པོ་དང་། འོག་མར་གཏུན་བུ་ཅན་བཤད། བདེན་རིགས༴ དེའི་དབང་ཐོབ་ཤོག །ཅེས་བཀའ་སྩལ་ཏོ། །ཧེ་རུ་ཀ་འདུས་རྒྱུད་དུ། ཛ་ཧཱུཾ་བཾ་ཧོ་སྒོ་བཞིར་གནས། །ཡང་སྤྲུལ་གནས་ལ་ངེས་མེད་དེ། ནག་མོ་ཐེབ་གཤོག་ཅན་གྱིས་ཚོགས། །སྟེང་གི་ནམ་མཁར་འཁོད་པ་ཡིན། །ཅེས་ཏེ། གོང་དུ་ཙ་ཀ་ཁྱམས་ལ་ཚང་ཡང་སྒོ་བ་བཞི་ཀུན་ཁྱབ་ཡིན་གསུངས། ཧཱུཾ་ཆེན་མཐིང་སྐྱ་འཁོར་ལོ་ཐོད་དབྱུག་ཐོགས། །སྒྲ་འབྱིན་གཙོ་འཁྱུད་དུང་ཁྲག་གཙོ་ལ་སྟོབས། །ཕྲིན་ལས་ཉི་ཟླ་ཚངས་པའི་གདུལ་བའི་དབང་། །རིགས་ཀྱི་བུ་མཆོག་ཁྱོད་ལ་སྦྱིན། །ཧཱུཾ་ཆེན་སྒྲ་འབྱིན་ཕག་དང་སྨིག་པའི་མགོ། ཡང་ན་ཕྱག་དྲུག་མངོན་པར་རོལ། །ཅེས་པས། དང་པོ་རྡོ་རྗེ་དུང་ཁྲག་ཀྲུག །ཐ་མ་ཕུར་པ་དྲིལ་མཐུན་འོད་རིམ་ལུགས། །དེ་ལ་དབུ་གསུམ་ཞབས་བཞི་ཕྱོགས་གདོན་གནོན། །ལྗང་སྔོ་གཡས་དཀར་གཡོན་དམར་གཞན་ཚབ་ཏུ། །ཁྲོ་བཅུས་མཚམས་གཅོད་པ་འདིས་ཚོམ་བུའི་དུས་སྒོ་ནང་དུའང་ཁྲོ་བཅུ་བཤད་ལ། སྐབས་འདིར་ལག་ཆུས་རྡོ་ར་མེ་རི་གང་རུང་དང་། ཕྱི་ཞིང་ལའང་ཁྲོ་བཅུ་བཀོད་པ། ཧེ་རུ་ཀ་འདུས་རྒྱུད་དུ། རྡོ་རྗེ་མེ་རི་ལག་ཆུ་ཧ། །ཕྱི་རོལ་ཁྲོ་བཅུ་ཡབ་ཡུམ་སྟེ། །ཕྲ་མེན་ཉི་ཤུ་ཡང་སྤྲུལ་དག །བྱེ་བ་ཕྲག་ནི་ས་ཡ་འཕྲོ། །ཞེས་པ་ཕྲ་མེན་ཁ་བཀང་པ། །ཡབ་ནི་ཀྲོ་ཏ་ཡུམ་ཧཱུཾ་རྗེས། །ཕྲ་མེན་ཟ་བྱེད་ཕག་སོགས་དང་། །གསོད་བྱེད་སྨིགས་སོགས་སྤྲུལ་ཡང་སྤྲུལ། །བཟླས་སྔར་ཧཱུཾ་དང་ཕཊ་ལ་མཛད། །ཡུམ་སྔར་སླར་ཡང་སྤྲུལ་པར་བཅས། །ཀྲོ་ཏི་ཁྲོ་མོ་ཕྱག་གཉིས་དང་། །ཕྱག་དྲུག་རྒྱབ་ཡིག་འོད་རིམས་བཤད། །ཁྲོ་བོ་ཡབ་ཕྱག་གཉིས་ཕྱག་དྲུག་འདམ་ཀ་སྟེ། ཕྲ་མེན་ལས་བྱེད་ན་ཕྱག་དྲུག་མཛད། །ཕྱག་གཉིས་ཕྲ་མེན་མི་མཛད་པའོ། །ༀ་བཛྲ་ཀྲོ་ཏ་ཧཱུཾ་ཀ་ར་ཧཱུཾ། གརྫ་གརྫ་ཧཱུཾ་ཕཊཿ ཀྲོ་ཏི་ཤྭ་རི་ཤྭ་ཡ་ཧཱུཾ་ཕཊཿ ཨ་བྷི་ཥིཉྩ་ཧཱུཾ། ཕྱོགས་བཞིར་སྒོ་བཞི་མཚམས་སྟེང་འོག་གསུམ་ལ་ཡར་ཁབ་ལྟར། བདེན་པ་འགྲེ། བཛྲ་མ་ཧཱ་ཀྲོ་ཏ་ཞེས་བཤད་པའང་བདོག །རྣམ་རྒྱལ་དཀར་པོ་རྡོ་རྗེ་རྩེ་ལྔ་ཞིང་དབྱུག་འཕྱར། །རྣམས་སྙེམས་གཙོ་འཁྱུད་དུང་ཁྲག་གཙོ་ལ་སྟོབས། ། ཕྲིན་ལས་དྲི་ཟ་གདོན་ཚོགས་འདུལ་བའི་དབང་། །རིགས་ཀྱི་བུ་མཆོག་ཁྱོད་ལ་སྦྱིན་པར་བྱ། །འགྲེའོ། །རྣམ་རྒྱལ་སྙེམས་མ་སྟག་དང་བྱ་རྒོད་མགོ། །གཡས་སྔོ་ཕྱག་དྲུག་རྡོ་རྗེ་དུང་ཁྲག་ཕུར། །ༀ་བཛྲ་ཀྲོ་ཏ་བྷི་ཛ་ཡ་ཧཱུཾ། ཧ་ན་ཧ་ན་ཧཱུཾ་ཕཊཿ ཀྲོ་ཏི་ཤྭ་རི་ལྱ་སྱེ་ཀེ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། དབྱུག་སྔོན་སྔོ་སྐྱ་མེ་དབལ་དྲང་སྲོང་འཛིན། །སྡེར་མོ་གཙོ་འཁྱུད་ཐོད་ཁྲག་གཙོ་ལ་སྟོབས། །ཕྲིན་ལས་དྲང་སྲོང་གདོན་ཚོགས་འདུལ་བའི་དབང་། །རིགས་ཀྱི་བུ་མཆོག་འགྲེ། དབྱུག་སྔོན་སྡེར་མོ་གཡག་དང་བྱ་རོག་མགོ། །གཡས་དཀར་གཡོན་དམར་ཕྱག་དྲུག་དུང་ཁྲག་ཕུར། །ཕྱག་གཡོན་བར་མ་ཕྱོགས་སྐྱོང་གཙོ་ཆེ་བཟུངས། །གཡས་པར་ཕྱོགས་སྐྱོང་རྟགས་མཐུན་རྟགས་འཕྲོག་ཕུལ། །ༀ་བཛྲ་ཀྲོ་ཏ་ནི་ལན་ཏན་ཏྲ་ཧཱུཾ། ད་ཧ་ད་ཧ་ཧཱུཾ་ཕཊ། ཀྲོ་ཏི་ཤྭ་རི་པྲ་ཏི་ཛ་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། གཤེད་པོ་སེར་ནག་བེ་ཅོན་གཤིན་རྗེ་འཛིན། །དུར་ཁྲོད་གཙོ་འཁྱུད་ཐོད་ཁྲག་གཙོ་ལ་སྟོབས། །ཕྲིན་ལས་གཤིན་རྗེ་གདོན་ཚོགས་འདུལ་བའི་དབང་། །རིགས་ཀྱི་བུ༴ ཕུར་པའི་རྒྱུད་ལས། གཤིན་རྗེ་དུར་ཁྲོད་ཤ་བ་འུག་པའི་མགོ། །གཡས་དཀར་གཡོན་དམར་ཕྱག་དྲུག་རྡོ་རྗེ་དུང་ཁྲག་ཕུར། །ཞལ་དབུས་སེར་ནག་དེའི་ནག་གཙོ་བྱས། །འོད་རིམ་ནང་ན་མཐིང་ནག་འདིར་སེར་ནག །འདམ་དཀར་ཤེས་བྱ་རྩ་ཞལ་འོད་རིམ་ལས། །མཐིང་ཀ་ཧཱུཾ་ཆེན་རྣམ་རྒྱལ་དཀར། །དབྱུག་པ་སྔོ་ལ་གཤིན་མཐིང་ནག །མི་གཡོ་ལྗང་སྔོན་རྟ་མགྲིན་དམར། །འདོད་རྒྱལ་དུ་ཁ་བདུད་རྩི་ལྗང་། །ཁམས་གསུམ་དཀར་ལྗང་སྟོབས་ཆེན་དུ། །ཁྲོ་མོ་རྣམས་ནི་ཁྲོ་དང་མཐུན། །འཁོར་ལོ་ནྲི་མགོ་རྡོ་རྗེ་སྡེར། །ཞུགས་གླིང་དང་ནི་དྲང་སྲོང་ཉིད། །ཞིང་དབྱུག་གཤིན་རྗེའི་རྐང་བཟུང་བ། །རལ་གྷུ་བདེན་བྲལ་སྟིར་དབྱུག་བཤོག །བ་དན་ལྕེ་བརྒྱད་བེ་རམ་ཐོགས། །རིན་ཆེན་མགོ་བོ་གསུམ་གྱིས་དབྱུག །རྡོ་རྗེ་རྩེ་གསུམ་ནྲི་མགོ་དང་། །ཐོང་ཤོལ་གཏུན་ཤིང་གཡས་གཡོན་ཐོགས། །ཡང་ན་ཕྱག་དྲུག་མངོན་པར་རོལ། །ཁྲོ་མོ་གཡས་ནི་གཙོ་ལ་འཁྱུད། །གཡོན་པ་རཀྟ་སྟོབས་པའོ། །ཞེས་གཤིན་རྗེ་བེ་ཅོན་དང་ཞིང་འདམ་ཁ། །སྟོབས་ཆེན་རྟུན་ལ་ས་བདག་ཆགས། །རླུང་ལྷའི་རྒྱལ་པོ་བེ་རམ་པའོ། །ༀ་བཛྲ་ཀྲོ་ཏ་ཡ་མན་ཏ་ཀ་ཧཱུཾ། པ་ཙ་པ་ཙ་ཧཱུཾ་ཕཊཿ ཀྲོ་ཏི་ཤྭ་རི་སྟ་ན་བ་ཏི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། མི་གཡོ་ལྗང་སྔོན་རལ་གྲི་སྲིན་པོ་འཛིན། །གཏུན་ཁུང་གཙོ་འཁྱུད་ཐོད་ཁྲག་གཙོ་ལ་སྟོབས། །ཕྲིན་ལས་སྲིན་པོའི་གདོན་རྣམས་འདུལ་བའི་དབང་། །རིགས་ཀྱི་བུ་མཆོག་ཁྱོད༴ མི་གཡོ་གཏུན་ཁུང་གཟིག་དང་ཁྭ་ཏའི་མགོ། །གཡས་དཀར་གཡོན་དམར་ཕྱག་དྲུག་རྡོ་རྗེ་དུང་ཁྲག་ཕུར། ༀ་བཛྲ་ཀྲོ་ཏ་ཨརྱ་ཨ་ཙ་ལ་ཧཱུཾ། བྷན་དྷ་བྷན་དྷ་ཧཱུཾ་ཕཊཿ ཀྲོ་ཏི་ཤྭ་རི་མུ་ཧ་ལ་ཧཱུཾ། ཨ་བྷི༴ རྟ་མགྲིན་དམར་ནག་ཞིང་དབྱུག་ཁྱུང་གཤོགས་འཛིན། །གཏུམ་མོ་གཙོ་འཁྱུད་ཐོད་ཁྲག་གཙོ་ལ་སྟོབས། །ཕྲིན་ལས་ཀླུ་ཡི་གདོན་ཚོགས་འདུལ་བའི་དབང་། །རིགས་ཀྱི་བུ་མཆོག༴ རྟ་མགྲིན་གཏུམ་མོ་བྱི་ལ་པུ་ཤུད་མགོ། །གཡས་དཀར་གཡོན་སྔོ་ཕྱག་དྲུག་རྡོ་རྗེ་དུང་ཁྲག་ཕུར། །ༀ་བཛྲ་ཀྲོ་ཏ་ཧྱ་གྷྲི་བ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་ཕཊཿ ཀྲོ་དྷི་ཤྭ་རི་ཙན་དྷ་རི་ཡ་ཏི་ཧཱུཾ། ཨ་བྷི༴ དཔལ་ལྡན་དམར་ལྗང་བ་དན་རླུང་ལྷ་འཛིན། །མདའ་སྙེམས་གཙོ་འཁྱུད་ཐོད་ཁྲག་གཙོ་ལ་སྟོབས། །ཕྲིན་ལས་རླུང་ལྷའི་གདོན་ཚོགས་འདུལ་བའི་དབང་། །རིགས་ཀྱི་བུ༴ དཔལ་ལྡན་མདའ་སྙེམས་སྤྱང་མོ་ཁྲའི་མགོ། །གཡས་དཀར་གཡོན་སྔོ་ཕྱག་དྲུག་རྡོ་རྗེ་དུང་ཁྲག་དཀྲུག །དམར་ལྗང་དབང་གི་མདོག་ཡིན་འདོད་པའི་རྒྱལ། །ༀ་བཛྲ་ཀྲོ་ཏ་ཨ་པ་ར་ཙིཏྟ་ཧཱུཾ། ཏིཥྚ་ཏིཥྟ་ཧཱུཾ་ཕཊ། ཀྲོ་ཏི་ཤྭ་རི་ཡ་བྷྱ་ཏི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། བདུད་རྩི་ལྗང་ནག་རིན་ཆེན་ནྲི་མགོ་དབྱུག་ཐོ་འཕྱར། །རླུང་འབྱིན་གཙོ་འཁྱུད་ཐོད་ཁྲག་གཙོ་ལ་སྟོབས། །ཕྲིན་ལས་གནོད་སྦྱིན་གདོན་ཚོགས་འདུལ་བའི་དབང་། །རིགས་ཀྱི༴ བདུད་རྩི་རླུང་འབྱིན་སེང་གེ་ཕ་ཝཾ་མགོ། །གཡས་དཀར་གཡོན་དམར་ཕྱག་དྲུག་རྡོ་རྗེ་དུང་ཁྲག་ཕུར། །ༀ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཀུན་དྷ་ལི་ཧཱུཾ། ཚིན་དྷ་ཚིན་དྷ་ཧཱུཾ་ཕཊཿ ཀྲོ་ཏི་ཤྭ་རི་བ་ཡ་བ་ཏི་ཧཱུཾ། ཨ་བྷི༴ ཁམས་གསུམ་རྣམ་རྒྱལ་དཀར་ལྗང་རྡོ་རྗེ་རྩེ་གསུམ་འབྱུང་པོ་འཛིན། །གསོད་མ་གཙོ་འཁྱུད་དུང་ཁྲག་གཙོ་ལ་སྟོབས། །ཕྲིན་ལས་འབྱུང་པོས་གདོན་ཚོགས་འདུལ་བའི་དབང་། །རིགས་ཀྱི་བུ༴ ཁམས་གསུམ་གསོད་བྱེད་དྲེད་དང་སྲེ་མོའི་མགོ། །གཡས་སྔོ་གཡོན་དམར་ཕྱག་དྲུག་རྡོ་རྗེ་དུང་ཁྲག་ཕུར། །དཀར་ལྗང་དུད་པའི་མདོག་ཏུ་འབུད་ཤིང་གིས། །མདུང་རྩེ་གསུམ་པའི་དྲི་ཤུལ་རྡོ་རྗེས་མཚན། །འབྱུང་པོ་མི་གཟུགས་ནྲི་མགོ་ཞེས་བཤད་པའོ། །ༀ་བཛྲ་ཀྲོ་ཏ་ཏྲེ་ལོཀྱ་བྷི་ཡ་ཛ་ཡ་ཧཱུཾ། བྷིན་དྷ་བྷིན་དྷ་ཧཱུཾ་ཕཊཿ ཀྲོ་ཏི་ཤྭ་རི་མ་ཧཱ་མ་ར་ཎ་ཧཱུཾ། སྟོབས་ཆེན་དུད་ཁ་ཐོང་གཤོལ་གཏུན་ཤིང་ཐོགས། །བསྐྱོད་མ་གཙོ་འཁྱུད་ཐོད་ཁྲག་གཙོ་ལ་སྟོབས། །ཕྲིན་ལས་ས་བདག་གདོན་ཚོགས་འདུལ་བའི་བདག །རིགས་ཀྱི་བུ་མཆོག་ཁྱོད་ལ་སྦྱིན་པར་བྱ། །སྟོབས་ཆེན་བསྐྱོད་མ་དོམ་དང་བྱི་བའི་མགོ། །གཡས་དཀར་གཡོན་དམར་དབུས་དུད་སྔོན་པོར་བྱས། །ཕྱག་དྲུག་རྡོ་རྗེ་དུང་ཁྲག་ཕུར་པ་བཅས། །དུད་ཁ་ཁ་དོག་སྣ་ཚོགས་བཤད་པར་ངེས། །གཏུན་ཤིང་འབྲུའི་གཟན་རྒྱུག་མཐའ་མ་ལྕགས་ཀྱིས་བསྡམས་པ་དང་། གཏུན་ཤིང་གཏུན་དང་བརྟན་སྐྱོང་གང་བྱེད་ཀྱང་། །དེ་ལ་ས་བདག་ཆགས་པ་དེ་བཟུང་བའོ། །ༀ་བཛྲ་ཀྲོ་ཏ་མ་ཧ་བ་ལ་ཧཱུཾ། སྤོ་ཊ་ཡ་སྤོ་ཊ་ཡ་ཧཱུཾ་ཕཊ། ཀྲོ་ཏི་ཤྭ་རི་ཙུན་དེ་མ་ནི་ཧཱུཾ། ཨ་བྷི་ཥིཉྩ་ཧཱུཾ། བདེན་རིགས་ཕྱག་རྒྱ་ཆེན་པོའི་བསྐུར་བས། རྒྱུད་མ་ཧཱ་ཡོ་ག་དང་། ལུང་ཨ་ནུ་ཡོ་ག་ཞི་ཁྲོ་རབ་འབྱམས་མདོ་ཡོངས་སུ་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཨ་ཏི་ལ་རིག་འཛིན་དགོས་ཤིང་། ཧེ་རུ་ཀ་འདུས་རྒྱུད་ལས། རིག་འཛིན་བྱེ་བ་ས་ཡ་དག །ཕྱི་རོལ་འཁོར་ཡུག་ཆ་ལ་གནས། །ཕྱི་ནང་ཀུན་ཏུ་འཕྲོ་བྱེད་པའི། །མར་མེའི་འོད་ནི་སྟོབས་ཐག་ཆད། །ཅེས་པ་ནི། རིག་འཛིན་གྱིས་ཁྱམས་ཁྲའོ་ཁྱམས་འཁོར་ཡུག་ཅན། མཐའ་མ་ལ་མཛད་པ་དང་། རིག་འཛིན་རྡོ་རྗེའི་གྲལ་ཅེས་རྡོ་རྗེའི་ར་བ་ལ་མཛད་པ་ལུགས་གཉིས་དང་། ལྷ་ཞི་བ་འོད་འཕྲོ་བ་དང་། ཁྲོ་བོ་མེ་རི་འབར་བ་ཡང་ཕྱི་ནང་ཀུན་ཁྱབ་ཅིང་སྟེང་ནས་སྟིབས། འོག་ནས་འབྱུང་། བར་ནས་ཁྱུགས་པའི་ངོ་མཚར་དུ་མའི་ཕྱིར་ཐག་བཅད་དེ་ཞེས་བློས་མི་འཁྱུད་པའི་དོན་ནོ། །ཨ་ནུའི་ལྷ་དབང་རྫོགས་པས་དབང་དོན་དུ། དེ་ནི་རྒྱལ་བའི་སྲས་པོ་ཡིན་པས་ན། །ཕྱག་རྒྱ་ཆེན་པོའི་དབང་མཆོག་སྦྱིན་པར་བྱ། །རས་སམ་འབུར་རམ་བླུགས་སུ་བླུག་པ་ཡིས། །ཕྱག་རྒྱ་གཟུགས་བརྙན་དེའི་སྤྱི་བོར་བཞག །ཅེས་སོ། །ཆུ་བོ་བཞིའི་ཙ་ཀའི་གྲངས་ལ། ཕྱི་དབང་རྣལ་འབྱོར་བླ་མའི་སྐབས་སུ། ཁྲི་ལ་རིགས་ལྔ། ཉི་ཟླ་པདྨ་ལ་ཡུམ་བཞི། སེམས་ཁྲོ་ཡབ་ཡུམ་ཐ་དད་པ་དང་། གཙོ་བོ་ནམ་མཁའ་དབྱིངས་ཕྱུག་མ་ཐུགས་སམ་གཙོ་བོའི་གཟིགས་ཡུམ་དུ་མཛད། ཀུན་བཟང་ཐུབ་པ་མི་བྱེད། བླ་མེད་ནང་དབང་མ་ཧཱ་ལ་ཡབ་ཡུམ་འཁྲིལ། ཀུན་བཟང་ཐུབ་པ་མཛད། ལུང་གི་ཞི་ཁྲོ་དང་རིགས་བདག་མི་བྱེད། བསྒྲུབ་དབང་ཨ་ནུ་ལ། རིགས་བདག་ཀུན་བཟང་ཆེ་མཆོག་དང་ལུང་གིས་ཞི་ཁྲོ་མཛད། བླ་མ་དཀྱིལ་འཁོར་གཙོ་བོ་དང་། །འཁོར་ཀོ་སེང་འབར་དབང་མ་སྲིང་ཕོ་ཉ་རྩ་བའི་ལྷར་མི་བྱེད། འཇིག་རྟེན་དམ་ཅན་ལྷག་བསྡུད་དུ་བྱེད། གསང་དབང་ཨ་ཏི་ལ། དཀྱིལ་འཁོར་གཙོ་བོ་དང་རྩ་བའི་བླ་མ་གཉིས་ཐ་དད་མེད་པར་བྱེད་ཅིང་བླ་མ་ཇེ་མཐོ་བྱས་པའི་རིགས་བདག་འོག་ཏུ་རྡོར་སེམས་ལ་སོགས་མཛད། འཁོར་ཐམས་ཅད་ཡེ་ཤེས་དང་དོན་དམ་གཉིས་ལྡན། རིག་འཛིན་དང་བཅས་པའི་དཀྱིལ་འཁོར་རྩ་བའི་ལྷའོ། །རང་སའི་འོག་མ་རང་སའི་མཐའ་བསྐོར་ཅིང་། དཀྱིལ་འཁོར་གཅིག་ཐོག་ནས་དེ་ཐམས་ཅད། བསྐུར་བའི་སྤྱི་གཏོར་སྔོན་དུ་བསྙེན་པ་ནས། རྗེས་བཏང་རག་གནས་སྲུང་བར་གྱིས་བསྐྱེད་ཆོག་བསྒོམ་དོན་ཧེ་རུ་འདུས་རྒྱུད་ལྟར་མཛད་པས། བྲི་དོན་གྱི་ཁྱམས་ཧེ་རུ་ཀ་འདུས་རྒྱུད་ལྟར། ཁྱམས་དང་པོ་ཞི་བ་ཕྱོགས་མཚོན། གཉིས་པ་སེང་ཁྱམས་སེར། གསུམ་པ་འབར་མ་དཀར། བཞི་པ་དབང་མོ་དམར། ལྔ་པ་མཁའ་འགྲོ་ངུར་སྨྲིག །དྲུག་པ་མ་སྲིང་དམར། བདུན་པ་གྱིང་དཀར། བརྒྱད་པ་སྟོང་ཁྲོ་ནག །དགུ་པ་ཕྱོགས་བཞི་ཕོ་ཉ་ཕྱོགས་མཚོན། བཅུ་པ་འོག་གི་མ་མོ་ལྗང་ཁུའམ་སྨུག །བཅུ་གཅིག་རིག་འཛིན་ཁྲོ་བོའི་སྒོ་ཁྱམས་མདོག་ཡིན་པས། སྒོ་ཐམས་ཅད་ཕྱོགས་མཚོན་རྣམས་ཆ་ཆེན་རེ་མཉམ་དུའོ། །རྟ་བབས་མཐར་མདའ་རྡོ་རྗེ་མེ་ལ་ཁྲོ་བོ་ཁྲོ་མོ་ཁྲ་ཐབས་དང་དབང་དོན་གྱི་ཕྱི་ནང་གཉིས་ཀྱི་ཙ་ཀ་ལི་ཞེས་པའི་རིགས་འཛིན་ལས། ནང་གི་ཞིང་ཁམས་བཀའ་བརྒྱད། ཕྱིའི་ཞིང་ཁམས་ཐེག་བརྒྱད་གསུངས། བཀའ་སྲོལ་ཧེ་རུ་ཀ །འདུས་རྒྱུད་ལུགས་ཀྱི་ལྷ། བསྒོམ་དོན་ཡིན་པས་མ་སྲིང་བསྐྱོད་ལ་ཚངས། །འགྱོད་ཚངས་རྒྱལ་པོ་དབང་དོན་རྒྱས་པའི་ལུགས། །གཞལ་ཡས་ངེས་མེད་མཐའ་ཡས་བྲི་དཀའ་ཡང་། །ཧེ་རུ་འདུས་རྒྱུད་ལུགས་བྲིས་བཀོད་ལ་ཚངས། །འོན་ཀྱང་ལུགས་ཞེས་ངེས་རྙེད་ཕྱིར། །སློབ་དཔོན་དཔལ་དབྱངས་ཐིག་རྩའོ། །དབང་དོན་སྟི་ར་མ་ཏིའི་ལུགས། །ལྔར་གསལ་སྒོ་དགུ་ཁྲོ་བོ་ཞི་སྒོ་བཤད། །ཕྱི་དབང་གར་བྱེད་གཙོ་བོ་ཡབ་ཐུགས་འོད། །ནང་དབང་རྡོར་སེམས་གཙོར་བྱས་སྦྱོར་མཚམས་འོད། །བསྒྲུབས་དབང་རིགས་བདག་ཀུན་བཟང་གཙོར་བྱས་དབང་། །གསང་དབང་བླ་མ་ལྷར་གསལ་ཡིག་འབྲུའི་ཚུལ། །རཾ་ཡཾ་ཁཾ་གིས་གཟུགས་བརྙན་མཚན་འཛིན་སྦྱངས། །ཐལ་མོ་སྦྱར་ཨ་སྟོང་ཉིད་ཡེ་ཤེས་མཐོང་། །ༀ་མ་ཧཱ་ཤུ་ནྱེ་ཏ་ཛྙ་ན་བཛྲ་སྭཱ་བྷ་བ་ཨད་མ་ཀོ྅་ཧཾ། ཉེར་གཅིག་རྗེས་སུ་འབྱུང་ལྔ་ཞི་ཁྲོ་བརྩེགས། །ༀ་ལས་ཞི་བ་རྡོ་རྗེ་དབྱིངས་དཀྱིལ་འཁོར། །ཨ་ནུ་ཀུན་བཟང་བདེ་ཆེན་ཧཱུཾ་ལས་སྟེང་། །འོག་ཏུ་གསེར་འཁོར་རྩིབས་བརྒྱད་དེ་ཧཱུཾ་ལས། །ཁྲག་འཐུང་ཀློང་དགུའི་དཀྱིལ་འཁོར་ཧེ་རུ་དགུ། །བྱང་ཤར་བཛྲའོ་གནམ་ཞལ་སྲས་ཡབ་ལྔ། །ཁྲག་འཐུང་རྩ་བའི་དཀྱིལ་འཁོར་གྲུ་ལྗང་ནས། །ཡུལ་སེར་འབར་དཀར་གསར་ཡུམ་སྒོ་དབང་དམར། །ཧ་ཧེ་ཨ་ཛ་ཧཱུཾ་བཾ་ཧོ་ཕཊ་བྷྱོ། མཐིང་ནག་ཧཱུཾ་ལས་ཁྲོ་བོ་ཁྲོ་མོར་བསྒོམ། །ཁྲོ་བོ་སྤྲུལ་པ་ཁྲོ་མོ་རོལ་པའི་དཀྱིལ། །མཁའ་འགྲོ་ལས་ཀྱི་དཀྱིལ་འཁོར་ཨེ་སོ་གཉིས། །ཕྲིན་ལས་མྱུར་མགྱོགས་དཀྱིལ་འཁོར་ངུར་སྨྲིག་སེར། །སྐྱེས་བུ་ཀྱིང་ཛ་བཅུ་དགུ་དཀར་པོའམ་ལྗང་། །མགྱོགས་འགྲོ་ཡིད་ཀྱི་དཀྱིལ་འཁོར་ཕྱོགས་བཞི་ཡི། །ཕོ་ཉ་ཛ་དཀར་ཧཱུཾ་སེར་བཾ་དམར་དང་། །ཧོ་ལྗང་དྲུག་ཅུའི་ཁྱམས་སྔོའམ་ཕྱོགས་མཚོན་ནོ། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་འོག་མ་མོ། །དྲུག་ཅུ་མའོ་མ་བདུན་སྲིང་བཞི་བྷྱོ། །ཡང་ཁྱམས་དམར་སྔོའམ་ལྗང་ཁུའམ་སྨུག །དེ་ཡི་ལྷ་ཐིམས་ཧཱུཾ་ལ་རིག་འཛིན་ཁྱམས། །རྡོ་རྗེ་འཆང་གི་དཀྱིལ་འཁོར་ཁྱམས་ཕྱི་སྒོ། །མདོ་ཆེན་ཀུན་འདུས་རྒྱུད་ལྟར་ཚོགས་ཆེན་འདུས། །ཨ་ནུ་གཙོ་ལྟར་ཞི་འོག་ཁྲོ་ཧེ་རུ། །ཆེ་མཆོག་རྒྱལ་པོ་བཛྲ་རྒྱལ་ཚབ་ནི། །མ་ཧཱ་བཛྲ་རྡོ་རྗེ་རྒྱལ། ཞེ་སྡང་རྡོ་རྗེ་རྒྱུ་མིང་འབྲས་བུ་ལ། །ཨ་ཏི་ཡོ་ག་ལྟར་དུ་བླ་མ་དང་། །སློབ་དཔོན་མཚན་བཤད་རིགས་ལྔ་ཤར་བྷུདྷ། །རྡོ་རྗེ་བྱ་རོག་གཏི་མུག་རྡོ་རྗེ་ནི། །དྲོད་རྟགས་དུས་ཚོད་དུས་མཚམས་འཛིན་པའི་འཁོར། །རྡོ་རྗེ་དུས་མཚམས་མཐུན་འཇུག་མཚམས་སྦྱོར་བའོ། །ང་རྒྱལ་རྡོ་རྗེ་རཏྣའོ་རྡོ་རྗེ་ལས་སློབ་ནི། །རྡོ་རྗེ་གོ་ཕུར་མཚམས་གཅོད་པ་ཞེས་བཤད། །འདོད་ཆགས་རྡོ་རྗེ་སྦྱོར་གྱིང་སྒྲོལ་གྱིང་སེར། །ཕྲག་དོག་རྡོ་རྗེ་ལས་མཁན་ཕྲིན་མ་གྱེར། །ཀརྨ་ཧེ་རུ་ཀའོ་བཀའ་སྡོད་ཡུམ་ལྔ་ཡང་། །རྡོ་རྗེ་བྱ་རོག་དེ་ཡི་རྗེས་མཐུན་མཛོད། །དབུས་ནི་ལིང་ཚེ་འཁོར་ལོ་མུ་ཁྱུད་དྲུག །ཡང་ན་ལིང་ཙེའི་སྟེང་དུ་འཁོར་ལོ་ལྔ། ཡང་ན་ལེང་ཚེ་འཁོར་ལོ་མུ་ཁྱུད་གསུམ། །དྲུག་ནི་ཕྱི་ནང་གཉིས་སྡོམ་ཡབ་ཡུམ་འཁྲིལ། །ལེའུ་ཚེ་ཆོ་འཕྲུལ་ཡུམ་ཆེན་བཞི། །དབུས་ལ་སེང་ཧ་ཧེ་རུ་ཀ་ལ་སོགས། །རྡོ་རྗེ་རིན་ཆེན་པད་མས་རིགས། །བྷུདྡྷ་བཛྲ་གྲིལ་བ་དང་། །རྒྱུད་ལུང་ཁྲོ་རྒྱལ་འདྲེས་པའོ། །འཁོར་ལོ་གཉིས་པ་དམ་ཚིག་བརྒྱད། །འཁོར་ལོ་གསུམ་པ་ཚད་མེད་བརྒྱད། །འཁོར་ལོ་བཞི་པ་རོལ་པ་བརྒྱད། །འཁོར་ལོ་ལྔ་པ་འཇིགས་བྱེད་བརྒྱད། །འཁོར་ལོ་དྲུག་པ་འཇོམས་བྱེད་བརྒྱད། །གོང་རས་ཟ་བྱེད་ཆེན་པོ་བརྒྱད། །འཁོར་ལོ་ལྔ་མདོས་ཁྲོ་རྒྱལ་མཛད། །ཆོ་འཕྲུལ་དབུས་ཀྱི་ཟུར་བཞི་མ། །དམ་ཚིག་བཛྲ་དབུས་འཁོར་ལོ། །ཚད་མེད་བྷུདྡྷ་ཤར་འཁོར་ལོ། །རོལ་པ་རཏྣ་ལྷོ་འཁོར་ལོ། །འཇིགས་བྱེད་པདྨ་ནུབ་འཁོར་ལོ། །འཇོམས་བྱེད་ཀརྨ་བྱང་འཁོར་ལོ། །གོང་རས་ཟ་བྱེད་ལེ་ཆོའི་ཟུར། །གྲོ་བཞི་ཐིམ་པ་ཆེ་མཆོག་སྤྱན། །བརྒྱད་བདུན་ལྔ་བཅུ་རྩ་དྲུག་པའི། །རྒྱུད་ལུང་ཁྲག་འཐུང་བཅུ་ཡབ་ཡུམ། །བྱེ་བས་ཁྲག་འཐུང་དྲུག་ཅུ་བཞི། །བཛྲ་བྷུདྡྷ་གཉིས་གྲིལ་ཚངས། །ཀུན་འདུས་ལས། མུ་ཁྱུད་དྲུག་རྩེག་སྙིང་པོ་འབར། །ཞེས་དང་། མུ་ཁྱུད་པ་ལ་ལེང་ཙེ་དགུ། །གྲུ་ཆད་རྩིབས་མཆན་མེ་རི་འཕྲོ། །ཞེས་འཁོར་ལོ་ཆ་ལྔའོ། །མུ་ཁྱུད་ཚར་གསུམ་འབར་བའི་འཕྲེང་། །དེ་བཞིན་གྲུ་ཆད་ཕྱི་དང་ནང་། །བར་ཁྱམས་བཞི་མཛེས་ཕྱི་ཁྱམས་དང་། །ལྔར་གསལ་སྒོ་དགུ་ཤར་དུ་བརྩེགས། །དཀྱིལ་འཁོར་འཁོར་བའི་ཡོ་བྱད་བཀྲམ། །ཞེས་ཞི་བ་མ་ཐེ་བའི་སྒོ་ལྔ་བཤད། །གནས་དང་ཡུལ་གྱི་ཕྱག་རྒྱ་དག །གྲུ་ཆད་ཕྱི་ནང་དག་ལ་བགྲམ། །ཧཱུཾ་ཆེན་བཅུ་ཡི་ཡུམ་དག་ནི། །ཤིན་ཏུ་མཛེས་པར་དང་པོ་ལའོ། །དེ་ཉིད་ལ་ནི་མ་བརྒྱད་དང་། །གྱིང་ཆེན་བཅོ་བརྒྱད་རྒྱས་པར་བཀོད། །གཉིས་པའི་ཁྱམས་ལ་མཁའ་འགྲོ་བརྒྱད། །ཤུགས་འགྲོ་བརྒྱད་ཀྱང་དེ་བཞིན་ནོ། །ཞེས་ཏེ་མཁའ་འགྲོ་ཤུགས་འགྲོ་མ། །སུམ་གཉིས་ཀྱང་གཙོ་བོ་བརྒྱད་དུ་དྲིལ། །གསུམ་པའི་ཁྱམས་ལ་ཕྲ་མེན་བརྒྱད། །དེ་བཞིན་འབར་མ་བརྒྱད་རྣམས་བྲི། །བཞི་པའི་ཁྱམས་ལ་ཕོར་ཐོག་བརྒྱད། །དེ་བཞིན་སྲིང་མོ་གཞོང་ཐོག་བརྒྱད། །ཀུན་ཏུ་མཛེས་པར་བྲི་བར་བྱ། །ལྔ་པའི་ཁྱམས་ནི་ཐ་མ་ལ། །རྡོ་རྗེ་སླས་དང་བྲན་མོ་དང་། །ཕོ་ཉ་ལ་སོགས་རྒྱས་པར་བགྲམ། །ཞེས་དང་། ལ་སོགས་བླ་མའི་རིག་འཛིན་ཁྱམས། །སྲུང་བའི་ཁྲོ་བོས་ལྷ་ཚང་ངོ་། །ཧཱུཾ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །མངག་གཞུག་ཕོ་ཉའི་ལས་མཛད་པའི། །འཇམ་དཔལ་གཤིན་རྗེ་གཤེད་པོ་ཡིས། །དགྲ་བགེགས་སྦྱོར་བ་རྒྱུན་ཆོད་ཅིག །ཧཱུཾ་ཧཱུཾ། རྒྱ་གར་དུར་ཁྲོད་འཇིགས་བྱེད་ཚལ་ཆེན་དུ། །སློབ་དཔོན་འཇམ་དཔལ་བཤེས་གཉེན་གསང་མཚན་ནི། །རྡོ་རྗེ་གྲུབ་པ་རྩལ་དེ་རིག་འཛིན་གནས་ན་བཞུགས། །འཇམ་དཔལ་སྐུ་ཡི་དངོས་གྲུབ་བརྙེས་པའི་རྗེ། །འདིར་གཤེགས་སྐལ་ལྡན༴ རྒྱ་གར་གནས་དང་སྒྲགས་ཀྱི་ཡངས་རྫོང་དུ། །ཡིད་བཏག་ཕལ་ཆེན་དཀྱིལ་འཁོར་ཞལ་ཕྱེས་ཚེ། །ཡི་དམ་ཡ་མནྟ་ཀའི་ཞལ་གཟིགས་པའི། ལོ་ཙཱ་བཻ་རོ་ཙ་ན་རཀྵི་ཏ་དང་ནི། །གནུབས་ཆེན་བན་དྷེ་སངས་རྒྱས་ཡེ་ཤེས་གསང་མཚན་ནི། །རྡོ་རྗེ་དྲག་པོ་རྩལ་དེ་སྐུ་སྣང་ཇི་སྙེད་བཞུགས། །འཇམ་དཔལ་སྐུ་ཡི་དངོས་གྲུབ་བསྙེམས་པ་རྣམས། །འདིར་གཤེགས་སྐལ་ལྡན༴ འཇམ་དཔལ་སྐུ་སྒོ་བྱང་ཕྱི་མའོ། །ཧཱུཾ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །མངག་གཞུག་ཕོ་ཉའི་ལས་མཛད་པ། །སྤྱན་རས་གཟིགས་དབང་རྟ་མགྲིན་གྱིས། །གདོན་བགེགས་སྦྱོར་བ་རྒྱུན་གཅོད་ཅིག །ཧཱུཾ་ཧཱུཾ་རྒྱ་གར་པདྨ་བརྩེག་པའི་དུར་ཁྲོད་ནས། །སློབ་དཔོན་ཀླུ་སྒྲུབ་སྙིང་པོའི་གསང་མཚན་ནི། །རྡོ་རྗེ་གྲུབ་པ་རྩལ་དེ་རིག་འཛིན་གནས་ན་བཞུགས། །པདྨ་གསུང་གིས་དངོས་གྲུབ་བསྙེམས་པའི་རྗེ། །འདིར་གཤེགས་སྐལ་ལྡན༴ ཧཱུཾ་བསམ་ཡས་མཆིམས་ཕུ་དཔལ་གྱི་ཡང་དབེན་དུ། །ཟླ་གམ་དབང་གི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །པདྨ་དབང་ཆེན་འཁོར་བཅས་ཞལ་གཟིགས་པའི། །ངན་ལམ་རྒྱལ་མཆོག་དབྱངས་ཀྱི་གསང་མཚན་ནི། །རྡོ་རྗེ་པདྨ་རྩལ་དེ་གསུང་གྲགས་ཇི་སྙེད་བཞུགས། །པད་མ་གསུང་གི་དངོས་གྲུབ་བསྙེམས་པ་རྣམས། །འདིར་གཤེགས་སྐལ་ལྡན༴ པདྨ་གསུང་༴ ཐུན་ཐག་གམ་ཆ་གསུམ་དུས་ལའང་འཇུག་ཅིང་སྒོ་བྱང་ནང་དཀྱིལ་འཁོར་དྲུང་དུའོ། །ཧཱུཾ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མངག་གཞུག་ཕོ་ཉའི་ལས་མཛད་པ། །རྒྱལ་བ་རྒྱལ་སྲས་རྒྱ་མཚོའི་ཚོགས། །ཞི་ཁྲོའི་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ་ཧཱུྃ་རྒྱ་གར་ཡུལ་གྱི་ཧཱུཾ་གྲགས་དུར་ཁྲོད་དུ། །སློབ་དཔོན་ཧཱུཾ་ཀ་རའི་གསང་མཚན་ནི། །རྡོ་རྗེ་དངོས་གྲུབ་རྩལ་དེ་རིག་འཛིན་གནས་ན་བཞུགས། །ཡང་དག་ཐུགས་ཀྱི་དངོས་གྲུབ་བསྙེམས་པའི་རྗེ། །འདིར་གཤེགས༴ སྐལ་ལྡན༴ ཧཱུཾ་ལྷོ་བྲག་མཁར་ཆུ་དཔལ་གྱིས་ཕུག་རིངས་དེར། །མར་མེ་དགུ་ཡི་དལ་ཞལ་ཕྱེ་བའི་ཚེ། །ཡི་དམ་དཔལ་ཆེན་འཁོར་བཅས་ཞལ་གཟིགས་པའི། །སློབ་དཔོན་ནམ་མཁའི་སྙིང་པོ་གསང་མཚན་ནི། །རྡོ་རྗེ་ཐོགས་འབེབས་རྩལ་དེ་ཐུགས་དྲན་ཇི་སྙེད་བཞུགས། །ཡང་དག་ཐུགས་ཀྱི་དངོས་གྲུབ་བསྙེམས་པ་རྣམས། །འདིར་གཤེགས་སྐལ་ལྡན༴ ཡང་དག་བསྒྲུབ་པའི་མར་མེ་འཛབ་དགོངས་ལའོ། །ཧཱུཾ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མངག་གཞུག་ཕོ་ཉའི་ལས་མཛད་པ། །ཀུན་བཟང་ཆེ་མཆོག་བདུད་རྩི་ཡིས། །ནད་སེལ་སྨན་གྱི་དངོས་གྲུབ་སྩོལ། །ཧཱུཾ་ཧཱུཾ་བདུད་རྩི་རོལ་པའི་དུར་ཁྲོད་རྩལ་ཆེན་ནས། །སློབ་དཔོན་དྲི་མེད་བཤེས་གཉེན་གསང་མཚན་ནི། །རྡོ་རྗེ་མི་འགྱུར་རྩལ་དེ་རིག་འཛིན་གནས་ན་བཞུགས། །བདུད་རྩི་ཡོན་ཏན་དངོས་གྲུབ་བསྙེམས་པའི་རྗེ། །འདིར་གཤེགས༴ སྐལ་ལྡན༴ ཧཱུཾ་ཡར་ལུང་ཏྲའི་སྨན་སྒང་ཤེལ་བྲག་ཏུ། །བདུད་རྩི་སྨན་བསྒྲུབ་དཀྱིལ་འཁོར་ཞལ་ཕྱེས་ཚེ། །སྨན་གྱི་ལྷ་བསྲུང་དཀྱིལ་འཁོར་ཞལ་གཟིགས་པའི། །ཛྙ་ན་ཀུ་མ་རའི་གསང་མཚན་ནི། །དྲི་མེད་ཟླ་ཤར་རྩལ་དེ་འདོད་ཡོན་ཇི་སྙེད་བཞུགས། །བདུད་རྩི་ཡོན་ཏན་དངོས་གྲུབ་བསྙེམས་པ་རྣམས། །འདིར་གཤེགས༴ སྐལ་ལྡན༴ བདུད་རྩི་སྨན་ཕུད་རོ་བྲོ་བཟང་། །ནང་དུ་སྒོ་བྱང་བར་བདུད་རྩི་འཁྱིལ། ཧཱུཾ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། མངག་གཞུགས་ཕོ་ཉའི་ལས་མཛད་པའི། རྡོ་རྗེ་གཞོན་ནུའི་ཞི་ཁྲོ་ཡིས། །དམ་སྲིའི་ཕུང་སྦྱོར་རྒྱུན་ཆོད་ཅིག །ཧཱུཾ་ཧཱུཾ་དྲེགས་པ་འདུལ་བའི་དུར་ཁྲོད་རྩལ་ཆེན་དུ། །འཇིགས་བྱེད་པྲ་བྷ་ཧ་སྟིའི་གསང་མཚན་ནི། རྡོ་རྗེ་དྲག་པོ་རྩལ་དེ་རིག་འཛིན་གནས་ན་བཞུགས། ཕུར་པ་ཕྲིན་ལས་དངོས་གྲུབ་སྙེམས་པའི་རྗེ། འདིར་གཤེགས༴ སྐལ་ལྡན༴ ཧཱུཾ་བྲག་དཀར་སེང་གེ་རྫོང་གི་ཕུག་པ་རུ། །གྲུ་གསུམ་ཤེལ་གྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ། །ཇོ་མོ་མཁར་ཆེན་མཚོ་རྒྱལ་གསང་མཚན་ནི། །རྡོ་རྗེ་ལྕམ་གཅིག་མ་སྟེ་ཕྲིན་ལས་ཇི་སྙེད་བཞུགས། །ཕུར་བུ་གྲུབ་ནས་བྲག་སྲིན་ཕུར་པས་བཏབས། །མཁར་མི་ཙམ་ལ་མཛེ་གདོན་མེད་པར་མཛད། །མིང་པོ་མཁར་ཆེན་དཔལ་གྱི་དབང་ཕྱུག་ཀྱང་། །གསང་མཚན་རྡོ་རྗེ་དྲག་པོ་རྩལ་དེ་དངོས་གྲུབ་ཐོབ། །ཕུར་བུ་ཕྲིན་ལས་དངོས་གྲུབ་སྙེམས་པ་རྣམས། །འདིར་གཤེགས༴ སྐལ་ལྡན༴ ཕུར་པ་མཚམས་ཀྱི་ཁྲོ་བཅུ་ཞེ་སྡང་རྡོ་རྗེ་རང་སའི་བསྙེན་ཕུར་རོ། །ཧཱུཾ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མངག་གཞུགས་ཕོ་ཉའི་ལས་མཛད་པ། །མངོན་རྫོགས་རྒྱལ་པོ་ཡབ་ཡུམ་གྱིས། །ཆགས་ཉམས་བགེགས་བསལ་དངོས་གྲུབ་གསོལ། །ཧཱུཾ་ཧཱུཾ་རྒྱ་གར་དུར་ཁྲོད་སྣ་ཚོགས་པདྨའི་གླིང་། །སློབ་དཔོན་དྷ་ན་སང་སྐྲྀ་ཏའི་གསང་མཚན་ནི། །རྡོ་རྗེ་དབང་ཕྱུག་རྩལ་དེ་རིག་འཛིན་གནས་ན་བཞུགས། །མ་མོ་རྦོད་གཏོང་དངོས་གྲུབ་བསྙེམས་པའི་རྗེ། །འདིར་གཤེགས༴ སྐལ་ལྡན༴ ཧཱུཾ་ཡར་ལུང་ཤམ་པོ་སྒང་གི་གནས་མཆོག་ཏུ། །མ་མོ་རྒྱུད་ལུང་དཀྱིལ་འཁོར་ཞལ་ཕྱེས་ཚེ། །མ་མོ་མཁའ་འགྲོ་རྣམས་ཀྱི་ཞལ་གཟིགས་པའི། །འོ་བྲན་དཔལ་གྱི་གཞོན་ནུའི་གསང་མཚན་ནི། །རྡོ་རྗེ་འཕྲུལ་རྒོད་རྩལ་དེ་བདེ་སྟོང་ཇི་སྙེད་བཞུགས། །མཁའ་དབྱིངས་མ་མོའི་དངོས་གྲུབ་བསྙེམས་པ་རྣམས། །འདིར་གཤེགས༴ སྐལ་ལྡན༴ གཞན་ཡང་ཡར་ལུང་ཤམ་པོ་གངས་ཀྱི་ར་བ་རུ། །སྲིད་པ་མ་མོའི་བཀའ་བབས་རྩ་རླུང་དབང་བསྒྱུར་ནུས། །མི་བརྗེད་གཟུངས་ཐོབ་འབྲོག་མི་དཔལ་གྱི་ཡེ་ཤེས་སོགས། །འདིར་གཤེགས་སྐལ་ལྡན༴ མ་མོའི་མདོས་རཀྟས་ཐུགས་དམ་བསྐང་ངོ་། །ཧཱུཾ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མངག་གཞུག་ཕོ་ཉའི་ལས་མཛད་པ། །གསང་བའི་བདག་པོ་ཞི་ཁྲོ་ཡིས། །ཆོས་སྲུང་མི་གཡེལ་སྡོང་གྲོགས་མཛོད། །ཧཱུཾ་ཧཱུཾ་རྒྱ་གར་དུར་ཁྲོད་འདམ་བུའི་ཚལ་ཆེན་དུ། །སློབ་དཔོན་རོམ་བུ་གུ་ཡ་དྷེ་བ་ཙན་ཏྲ་ནི། །རྡོ་རྗེ་གཤོག་རྒོད་རྩལ་དེ་རིག་འཛིན་གནས་ན་བཞུགས། །འཇིག་རྟེན་མཆོད་བསྟོད་བསྙེན་བསྒྲུབ་བསྙེན་པའི་རྗེ། །འདིར་གཤེགས༴ སྐལ་ལྡན༴ ཧཱུཾ་མ་གྲོ་སྟག་ཚང་སེང་གེའི་བྲག་ཕུག་ཏུ། །དྲེགས་པ་ཀུན་འདུལ་དཀྱིལ་འཁོར་ཞལ་ཕྱེས་ཚེ། །བཅོམ་ལྡན་དཔལ་ཆེན་དྲེགས་པའི་ཞལ་གཟིགས་པ། །སློབ་དཔོན་དཔལ་གྱི་སེང་གེའི་གསང་མཚན་ནི། །རྡོ་རྗེ་དྲག་པོ་རྩལ་དེ་མཆོད་བསྐུལ་ཇི་སྙེད་བཞུགས། །གསང་བདག་འཇིག་རྟེན་མཆོད་བསྟོད་ཇི་སྙེད་རྣམས། །འདིར་གཤེགས་སྐལ་ལྡན༴ འཇིག་རྟེན་མཆོད་བསྟོད་ལ་ཆོས་སྐྱོངས་གཏོར་མའམ་ཕུད་དམ་སྒོ་རྒྱར་མ་ཊཾ་གི་དུས་སུ་ཆོས་སྐྱོངས་སྒོའོ། །ཧཱུཾ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མངག་གཞུའི་ཕོ་ཉ་ལས་མཛད་པ། །སྟོབས་ལྡན་སྒྲོལ་གྱིས་ཁྲོ་བོ་ཡིས། །ཕྲིན་ལས་མཐར་ཕྱིན་ཀུན་འགྲུབ་མཛོད། །ཧཱུཾ་ཧཱུཾ་རྒྱ་གར་དུར་ཁྲོད་རོའི་ཚལ་ཆེན་དུ། །སློབ་དཔོན་ཤན་ཏིང་གྷརྦྷའི་གསང་མཚན་ནི། །རྡོ་རྗེ་གཤོག་རྒོད་རྩལ་དེ་རིག་འཛིན་གནས་ན་བཞུགས། །སློབ་དཔོན་ཞི་བའི་སྙིང་པོ་དེ་ནི་བོད་ཡུལ་དུ། །མཁའ་སྤྱོད་གཤེགས་ཏེ་སྣང་སྲིད་ཆོས་སྐུར་མཛད། །དམོད་པ་དྲག་སྔགས་དངོས་གྲུབ་བསྙེམས་པའི་རྗེ། །འདིར༴ སྐལ་ལྡན༴ ཧཱུཾ་བྲག་དམར་གཡའ་མ་ལུང་གི་དབེན་གནས་སུ། །སྟོབས་ལྡན་དྲེག་པ་རྟོག་འཇོམས་ཞལ་ཕྱེས་ཚེ། །དཔལ་ཆེན་སྟོབས་ལྡན་ནག་པོའི་ཞལ་གཟིགས་པའི། །སློབ་དཔོན་བཻ་རོ་ཙ་ནའི་གསང་མཚན་ནི། །རྡོ་རྗེ་གྲུབ་པ་རྩལ་དེ་སྟོབས་རྩལ་ཇི་སྙེད་བཞུགས། །དམོད་པ་དྲག་སྔགས་དངོས་གྲུབ་བསྙེམས་པ་རྣམས། །འདིར་གཤེགས༴ སྐལ་ལྡན༴ དྲག་སྔགས་དམོད་པ་ལས་བཞིའི་སྦྱིན་བསྲེག་གམ། ཟོར་གཏོར་ཆས། གདབ་ཕུར་འབྲུབ་ཁུང་ངོ་། །ཧཱུཾ་བཅོམ་ལྡན་མགོན་པོ་ཡེ་ཤེས་ཚེ་དཔག་མེད། །སྒྲིབ་པའི་དྲི་མ་མ་ལུས་སེལ་མཛད་པ། །མཁའ་དང་མཉམ་པའི་སྐུ་གསུང་ཐུགས་མངའ་བ། །མཉམ་ཉིད་རྡོ་རྗེའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་ལོ། །རྡོ་རྗེ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་གྱུར་ཅིག །ཧཱུཾ་ཧཱུཾ་རྒྱ་གར་ཨ་སུ་རའི་བྲག་ཕུག་ཏུ། །སློབ་དཔོན་ཀུ་ཀུ་ར་ཙའི་ཚེ་དབང་གྲུབ། །རྡོ་རྗེ་འཆང་གི་ས་ལ་མངོན་སུམ་གཤེགས། །ཚོམ་བུ་འབུམ་ཕྲག་འཁོར་བཅས་གྲུབ་པ་བསྙེམས། །འདིར་གཤེགས༴ སྐལ་ལྡན༴ ཚེ་རྫས་གང་འོས་བླ་མའི་དྲུང་དུའོ། །ཧཱུཾ་གུ་རུ་པདྨ་འབྱུང་གནས་གསང་མཚན་ནི། །རྡོ་རྗེ་ཐོད་ཕྲེང་རྩལ་དེ་རིག་འཛིན་གནས་ན་བཞུགས། །རྒྱལ་བའི་རྒྱལ་ཚབ་སྲིད་གསུམ་ཟིལ་གྱིས་གནོན། །ཁམས་གསུམ་གདུལ་བྱ་དབང་སྡུད་སྤྱི་དཔལ་རྗེ། །འདིར་གཤེགས༴ སྐལ་ལྡན༴ མངའ་བདག་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཡང་། །གསང་མཚན་དབང་ཆེན་འཇམ་དཔལ་རྩལ་ཞེས་གྲགས། །སྐར་ཆུང་རྒྱལ་པོ་སད་ན་ལེགས་དང་ཁྲི་རལ་པ། །རྒྱལ་སྲས་སྤྲུལ་པ་གདུང་རབ་འཁོར་དང་བཅས། །བཞུགས་ནི་ལོངས་སྤྱོད་རྫོགས་སྐུར་བཞུགས། །འདིར་གཤེགས་ཚོགས་སྲུང་སྐྱེ་དགུ་སྐྱོང་དུ་གསོལ། །སྐལ་ལྡན་བྱིན་རློབས་དབང་སྐུར་དངོས་གྲུབ་གསོལ། །རིག་འཛིན་སྤྱི་གཏོར་རམ་གསང་ཕུད། །ཨེ་མ་ཧོ། ནགས་ཚལ་མེ་ཏོག་ལྷ་བྱའི་སྐད་སྙན་ཚལ། །ཕར་ཕྱིན་སློབ་དཔོན་ཆེན་པོ་གྱིང་ཀ་ར། །ཀྲི་ཡའི་སློབ་དཔོན་ཀླུ་སྒྲུབ་ཙན་ཏི་ཀ །ཡོ་ཀའི་སློབ་དཔོན་པདྨ་ཀུ་མ་ཏི། །སློབ་དཔོན་དགའ་རབ་རྡོ་རྗེའི་སློབ་དཔོན་དེ། །ཡོ་ག་ལ་སོགས་ཕྱི་དབང་བརྒྱ་རྩ་བརྒྱད། །ལྷ་མི་ཡར་ཆད་དབང་སྦྱིན་སློབ་དཔོན་དང་། །རྒྱུད་ལུང་མན་ངག་ཐེག་དགུའི་བླ་མ་རྣམས། །འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་བྷོ་དྷི་ས་ཏྭའི་གསང་མཚན་ནི། །རྡོ་རྗེ་ཉི་འོད་རྩལ་དེ་རིག་འཛིན་གནས་ན་བཞུགས། །གསང་སྔགས་ཕྱི་རྒྱུད་ཐུབ་པའི་རིག་འཛིན་རྣམས། །འདིར༴ སྐལ་ལྡན༴ སློབ་དཔོན་ཛི་ན་མི་ཏྲའི་གསང་མཚན་ནི། །རྡོ་རྗེ་སེམས་དཔའ་རྩལ་དེ༴ མཚན་ཉིད་ཐེག་པ་ཆེ་ཆུང་ལྷར་བཅས་རྣམས། །འདིར༴ སྐལ་ལྡན༴ ཚ་བ་རོང་གི་རྒྱལ་པོའི་བསྒྲུབ་གནས་སུ། །རྒྱ་བོད་མཁའ་གྲུབ་ཀུན་གྱི་ཐུགས་བཅུད་ཕྱུང་། །ཡི་དམ་ཚོགས་ཆེན་ཀུན་གྱི་ཞལ་གཟིགས་པའི། །སློབ་དཔོན་རྒྱལ་པོ་གཡུ་སྒྲ་སྙིང་པོ་ཡང་། །གསང་མཚན་བདེ་རྒོད་རྩལ་དེ་རིགས༴ འདིར་གཤེགས་སྐལ་ལྡན༴ སློབ་དཔོན་ཛྙ་ན་ཀུ་མ་ར་ཡི་གསང་། །ཐིག་ལེ་རྩལ་རྒོད་རྩལ་དེ་རིགས༴ བཀའ་བརྒྱད་བསྐྱེད་རྫོགས་གསུམ་ལ་མོས་གུས་རྣམས། །འདིར༴ སྐལ་ལྡན༴ སོག་པོ་དཔལ་གྱི་ཡེ་ཤེས་གསང་༴ རྡོ་རྗེ་བཞད་པའི་གཏེར་ཏེ་རིགས། ཞི་ཁྲོའི་གནས་ཚོགས་ཕྲིན་ལས་ཤར་བ་རྣམས། །འདིར༴ སྐལ་ལྡན༴ ཞང་སྟོན་རྒྱལ་བའི་ཡོན་ཏན་གསང་། །དམ་ཚིག་མཐར་ཕྱིན་རྩལ་དེ༴ མན་ངག་བཀའ་སྲོལ་ཕྱག་བཞེས་ཚར་བ་རྣམས། །འདིར༴ སྐལ་ལྡན༴ དར་རྗེ་དཔལ་གྱི་གྲགས་པའི་གསང་། །ཡང་དག་གྲུབ་པ་རྩལ་དེ༴ བཤད་བསྒྲུབ་ཡོངས་གྲགས་དགེ་བའི་བཤེས་གཉེན་རྣམས། །འདིར༴ སྐལ་ལྡན༴ ཧཱུཾ་བཀའ་ལུང་མ་ནོར་རྣལ་འབྱོར་དབང་ཕྱུག་ཆེ། །རིག་འཛིན་བརྒྱ་དང་རྩ་བརྒྱད་དབང་བསྐུར་འདིས། །ཚོགས་ཆེན་འདུས་པའི་དབང་བསྒྲུབས་བཤད་ལུང་རྣམས། །འདིར་གཤེགས༴ སྐལ་ལྡན་བྱིན་རློབས༴ རིག་འཛིན་ཐེག་པ་སྤྱི་གཏོར་རམ། འབྲུ་མཆོད་དམ་ཕུད་ལའོ། །བན་ཆུང་སངས་རྒྱས་ཡེ་ཤེས་ཀྱིས། །པཎ་ཊི་ཏའི་ཐུགས་མཛོད་བྲུས། །རྒྱ་བོད་མཁས་པའི་དགོངས་པ་དྲིལ། །ཚོགས་ཆེན་ཡོངས་འདུས་དཀྱིལ་འཁོར་དུ། །ཐེག་པ་འདུས་དང་དབང་བསྡུས་དང་། །བསྒྲུབ་ཆེན་དཀྱིལ་འཁོར་འདུས་པའི་ཕྱིར། །འཇམ་དཔལ་སྐུ་དང་པདྨ་གསུང་། །ཡང་དག་བདུད་རྩི་ཕུར་པ་དང་། །མ་མོ་མཆོད་རྟེན་དྲག་སྔགས་ཀུན། །ཆ་རྐྱེན་ཡིན་ཕྱིར་རིག་འཛིན་བརྒྱད། །ཚེ་ནི་སྤྱི་ཡི་ཁ་སྐོང་ཡིན། །སྒོ་བྱང་ཕྱི་ནང་དགྲ་བགེགས་བསྐྲོད། །འཛབ་དགོངས་མར་མེ་བདུད་རྩི་སྨན། །མཚམས་ཕུར་གདབས་ཁ་བསྙེན་ཕུར་རྟེན། །དམར་ཆེན་རཀྟས་ཐུགས་དམ་བསྐངས། །འཇིག་རྟེན་མཆོད་རྟེན་དྲག་ཟོར་གཏོར། །རིག་འཛིན་གཏོར་ཕུད་ཚེ་ཟན་རྫས། །ལྷ་མི་ཉན་རང་བྱང་སེམས་དང་། །བྱ་སྤྱོད་རྣམ་འབྱོར་ཐེག་སྒྲུབ་རྫས། །ཡོ་ག་ལ་སོགས་ཐེག་དྲུག་བདག །འདིར་གཤེགས་ཚོགས་སྲུངས་འགྲེ། སྐལ་ལྡན་བྱིན་རློབས་དབང་དང་དངོས་གྲུབ་གསོལ། །ཡིད་ཀྱི་སེམས་དཔའ་གནས་གྱུར་པ། །སྟོན་པ་ཀུན་ཏུ་བཟང་པོ་ཡིས། །སྐལ་ལྡན་འདི་ལ་དབང་བསྐུར་བྱིན་གྱིས་བརླབས། །རྣམ་ཤེས་ཕུང་པོ་གནས་གྱུར་པ། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །སྐལ་ལྡན་འདི་ལ་དབང་བསྐུར་བྱིན་གྱིས་རློབས། །ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས། །འཇམ་དཔལ་ཕྱག་རྡོར་ལ་སོགས་བཀའ་བསྡུད་རྣམས། །འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་དགའ་རབ་རྡོ་རྗེའི་གསང་མཚན་ནི། །རྡོ་རྗེ་བདེ་བྱེད་རྩལ་དེ་འོག་མིན་གནས་ན་བཞུགས། །འདིར་གཤེགས༴ སྐལ་ལྡན༴ ཕྱག་རྡོར་དང་འཇམ་དཔལ་གཉིས་ངོ་བོ་གཅིག་ལ་ཕྱག་མཚན་གཉིས་ཚང་བ་ཞིག་མཛད་ནས་སྣང་། སློབ་དཔོན་འཇམ་དཔལ་བཤེས་གཉེན་གསང་མཚན་ནི། །རྡོ་རྗེ་གཞོན་ནུ་རྩལ་དེ་འོག་མིན་གནས་ན་བཞུགས། །འདིར་གཤེགས༴ སྐལ་ལྡན༴ རྒྱལ་པོ་དྷ་ན་ཏ་ལོའི་གསང་མཚན་ནི། །རྡོ་རྗེ་དགའ་བྱེད་རྩལ་དེ་འོག་མིན་གནས་ན་བཞུགས། །འདིར་གཤེགས༴ སྐལ་ལྡན༴ ཐུ་བོ་ར་ཙ་ཧ་སྟིའི་གསང་མཚན་ནི། །རྡོ་རྗེ་གསལ་བ་རྩལ་དེ་འོག༴ འདིར་གཤེགས༴ སྐལ་ལྡན༴ སྲས་མོ་བ་ར་ནི་ཡི་གསང་མཚན་ནི། །རྡོ་རྗེ་མཛེས་མ་རྩལ་དེ་འོག །འདིར་གཤེགས༴ སྐལ་ལྡན༴ ཀླུའི་རྒྱལ་པོ་འཇོག་པོའི་གསང་མཚན་ནི། །རྡོ་རྗེ་རྫུ་འཕྲུལ་རྩལ་དེ་རྒྱ་མཚོའི་གཏིང་ན་བཞུགས། །འདིར༴ སྐལ་ལྡན༴ སྲས་མོ་གནོད་སྦྱིན་བྱང་ཆུབ་གསང་མཚན་ནི། །རྡོ་རྗེ་གཡུང་དྲུང་རྩལ་དེ་འོག་མིན༴ འདིར༴ སྐལ་ལྡན༴ གཟུངས་མ་ཨ་ར་ལི་ཡི་གསང་༴ རྡོ་རྗེ་དབྱིངས་མ་རྩལ་དེ་འོག༴ འདིར་གཤེགས༴ སྐལ་ལྡན༴ ཁ་ཆེའི་སློབ་དཔོན་ཨག་ཤོ་ཥའི་གསང་༴ རྡོ་རྗེ་དངོས་གྲུབ་རྩལ་དེ་འོག༴ འདིར་གཤེགས༴ སྐལ་ལྡན༴ མཁན་པོ་ཀུ་ཀུ་ར་ཙའི་གསང་༴ རྡོ་རྗེ་དྲག་པོ་རྩལ་དེ་འོག༴ འདིར་གཤེགས༴ སྐལ་ལྡན༴ སྨད་འཚོང་བྷུདྡྷ་ས་མ་ཡ་ཡི་གསང་མཚན༴ རྡོ་རྗེ་ཡང་དག་རྩལ་དག་རྩལ་དེ་འོག༴ འདིར༴ སྐལ་ལྡན༴ སྨད་འཚོང་བྷུདྡྷ་ས་མ་ཡ་ཏིའི་གསང་༴ རྡོ་རྗེ་ཉི་འོད་རྩལ་དེ་རིག་འཛིན་གནས་ན་བཞུགས། །འདིར་གཤེགས༴ སྐལ་ལྡན༴ ཨུ་རྒྱན་རྒྱལ་པོ་མ་ཧཱ་ར་ཙའི་གསང་མཚན༴ རྡོ་རྗེ་རྫུ་འཕྲུལ་རྩལ་དེ༴ འདིར་གཤེགས༴ སྐལ་ལྡན༴ སྲས་མོ་གོ་མ་དེ་ཕྱིའི་གསང་༴ རྡོ་རྗེ་དངོས་གྲུབ་རྩལ་དེ་རིག་འཛིན༴ འདིར་གཤེགས་ཚོགས༴ སྐལ་ལྡན་བྱིན་རློབས༴ བློན་པོ་ཨ་ལོ་ཀེའི་གསང་༴ རྡོ་རྗེ་གཡུང་དྲུང་རྩལ་དེ་རིག༴ འདིར་གཤེགས༴ སྐལ་ལྡན༴ ཀྱིའི་མཁན་པོ་ཕྱི་མའི་གསང་༴ རྡོ་རྗེ་བདུད་འདུལ་རྩལ་དེ་རིག༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་མ་ཧཱ་ར་ཙའི་གསང་མཚན༴ རྡོ་རྗེ་སྒྱེགས་པ་རྩལ་དེ་རིགས༴ འདིར་གཤེགས༴ སྐལ་ལྡན༴ དྲང་སྲོང་བྷ་ཤ་ཏིའི་གསང་མཚན༴ རྡོ་རྗེ་ལྷུན་འགྲུབ་རྩལ་དེ་རིགས༴ འདིར་གཤེགས༴ སྐལ་ལྡན༴ གཟུངས་མ་བདག་ཉིད་མའི་གསང་མཚན༴ རྡོ་རྗེ་འོད་མཆོག་རྩལ་དེ་རིགས༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་ཆེན་པོ་ན་ག་འཛུ་ནའི་གསང་མཚན་ནི། །རྡོ་རྗེ་ཐོགས་མེད་རྩལ་དེ་རིག༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་དྷེ་བ་ར་ཙའི་གསང་མཚན་ནི། །རྡོ་རྗེ་གསང་བ་རྩལ་དེ་རིག༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་འཇམ་དཔལ་བཤེས་གཉེན་ཕྱི་མའི་གསང་མཚན། །རྡོ་རྗེ་ངེས་པ་རྩལ་དེ་རིགས༴ འདིར་གཤེགས༴ སྐལ་ལྡན༴ རིག་འཛིན་ཆེན་པོ་དགེ་བསྙེན་ལེགས་ཀྱི་གསང་མཚན༴ རྡོ་རྗེ་མཆོག་རབ་རྩལ་དེ་རིག༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་དྷརྨ་ར་ཙའི་གསང་༴ རྡོ་རྗེ་མི་འགྱུར་རྩལ་དེ་རིག༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་བྷུདྡྷ་ཀུག་ཏིའི་གསང་མཚན༴ རྡོ་རྗེ་གསང་རྫོགས་རྩལ་དེ་རིགས༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་ཤྲཱི་སིང་ཧའི་གསང་༴ རྡོ་རྗེ་བཞད་པའི་རྩལ་དེ་རིག༴ འདིར༴ སྐལ་ལྡན༴ དགེ་སློང་ཀུན་དགའ་མའི་གསང་༴ རྡོ་རྗེ་ཤེས་རབ་རྩལ་དེ༴ འདིར༴ སྐལ་ལྡན༴ སློབ་དཔོན་བི་མ་མི་ཏྲའི་གསང་༴ རྡོ་རྗེ་ཁྲོ་བོ་ལོད་དེ་རིག །འདིར༴ སྐལ་ལྡན༴ སློབ་དཔོན་བཻ་རོ་ཙ་ནའི་གསང་༴ རྡོ་རྗེ་ཁྱུང་གཤོགས་རྩལ་དེ་རིག༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་གཡུ་སྒྲ་སྙིང་པོའི་གསང་༴ རྡོ་རྗེ་བདེ་འབྱམས་རྩལ་དེ་རིག༴ འདིར༴ སྐལ་ལྡན༴ ཛྙ་ན་ཀུ་མ་རའི་གསང་༴ དྲི་མེད་ཟླ་ཤར་རྩལ་དེ་རིག་འཛིན་གནས་ན་བཞུགས། །འདིར་གཤེགས་ཚོགས་བསྲུང་སྐྱེ་དགུ་བསྐྱང་དུ་གསོལ། །སྐལ་ལྡན་བྱིན་རློབས་དབང་སྐུར་དངོས་གྲུབ་གསོལ། །དེས་གནུབས་སངས་རྒྱས་ལ་བརྒྱུད་དོ། །དེ་ཡན་ཆད་ཀྱིས་ཨ་ཏིའི་རྒྱུད་རིམས་ཐལ་ལོ། །དངོས་པོ་གཤིས་ཀྱི་གནས་ལུགས་ཆོས་ཀྱི་དབྱིངས་སྐྱེ་འགགས་མེད་པ་སྤྲོས་པ་དང་བྲལ་བའི་མཐའ་ལས་གྲོལ་བ། རང་བཞིན་ལྷུན་གྲུབ་རྒྱ་ཆད་ཕྱོགས་ལྷུང་མེད་པ། རང་རིག་པའི་ངོ་བོ་ཐིག་ལེ་ཆེན་པོ་གྲྭ་ཟུར་མེད་པའི་དཔལ་ཀུན་ཏུ་བཟང་པོ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཡུམ་གྱི་མཁའ་ཀློང་རྣམ་པར་དག་པའི་གནས་སུ། འཁོར་རིགས་ལྔའི་སངས་རྒྱས་ལ་ཐུགས་ཡེ་ཤེས་རྣམ་པ་ལྔའི་དབང་བསྐུར་ཏེ་ལོངས་སྤྱོད་རྫོགས་པའི་སྐུར་བྱིན་གྱིས་བརླབས། དེ་བཞིན་དུ་གནས་ལུགས་རྟོགས་ན་ཡེ་ཤེས་ལྔའི་དབང་ཐོབ་སྟེ། ཆོས་སྐུ་ལོངས་སྤྱོད་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ནས་རྒྱལ་བ་རིགས་ལྔའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཁྲག་འཐུང་རིགས་ལྔ་དང་། ཆེ་མཆོག་ཧེ་རུ་ཀར་སྣང་བར་མཛད་པ། རིགས་གསུམ་མཁྱེན་རབས་དང་ཐུགས་རྗེ་དང་མཐུ་སྟོབས་ཀྱི་བདག་པོར་དབང་བསྐུར། གདུག་པ་ཅན་ཐམས་ཅད་བཏུལ་ནས་སུམ་ཅུ་རྩ་གསུམ་ལྷའི་གནས་རྣམ་པར་རྒྱལ་བའི་ཁང་བཟངས་སུ་ཞི་བ་རིགས་ལྔ་སྣང་བར་བྱས་ཏེ། ལྷའི་བུ་དམ་པ་ཏོག་དཀར་པོ་ལ་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐུགས་རྗེས་སྨིན་པར་བྱེད་པའི་དབང་བསྐུར་ཏེ་སྤྲུལ་སྐུ་ཐུབ་པ་དྲུག་ཏུ་བྱིན་གྱིས་བརླབས་པ། དེ་བཞིན་དུ་སྐལ་ལྡན་རིགས་ཀྱི་བུ་འདི་རྣམས་ཀྱི་ཐུགས་རྗེས་འགྲོ་བ་འདྲེན་པ་དང་། ཕྲིན་ལས་ཀྱི་གདུག་པ་ཅན་འདུལ་བ་དང་། འབྲས་བུ་ཐམས་ཅད་ལ་དབང་བསྒྱུར་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །མཁྱེན་རབ་མངའ་བདག་འཕགས་པ་འཇམ་དཔལ་ནི། མཛེས་པའི་སྐུ་ལྡན་སྐྱེ་འཆི་མེད་པ་ཡིས། །ཡིད་འོང་ལྷའི་གནས་སུ་དབང་བསྐུར་ནི། །གྲགས་ལྡན་ཆོས་སྐྱོངས་རིན་ཆེན་འོད་འབར་དང་། །ཚངས་པ་སྐྱེ་དགུའི་བདག་དང་ཀུན་གྲོལ་དང་། །གཙུག་ཕུད་འཛིན་དང་ལྷ་དབང་བརྒྱ་བྱིན་དང་། །ལྷ་ཡི་རིག་འཛིན་ཚོམ་བུ་འབུམ་སྡེ་ལ། །བདེ་གཤེགས་རྒྱལ་ཚབ་སྲས་སུ་དབང་བསྐུར་ནས། །གནས་སྐབས་བྱང་ཆུབ་སེམས་དཔའི་རིག་འཛིན་ཅིང་། །རྒྱལ་བས་སངས་རྒྱས་གདུང་སོབ་དབང་ཐོབ་ཤོག །ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས་དབང་ནི། །འཁོར་བ་མ་སྟོངས་བར་དུ་འགྲོ་བ་འདྲེན། །སྨན་གྱིས་སྐུ་ལྡན་ཀླུ་ལ་དབང་བསྐུར་བ། །གྷྲི་ཧ་ན་ནག་པོ་ཀླུ་མོ་ཁ་འདུལ་མ། ཀླུ་མོ་འདུལ་ཚངས་ཡིད་འོངས་དགའ་མ་དང་། །ཀླུ་ཡི་རྒྱལ་པོ་འཇོག་པོ་ལ་སོགས་པ། །ཀླུ་ཡི་རིག་འཛིན་ཚོམ་བུ་འབུམ་སྡེ་ལ། །བདེ་གཤེགས་རྒྱལ་ཚབ༴ གནས་སྐབས༴ རྒྱལ་བ་སངས་རྒྱས༴ མཐུ་སྟོབས་མངའ་བདག་ཕྱག་ན་རྡོ་རྗེ་ཡིས། །འཇིག་རྟེན་དྲེགས་པའི་ཚོགས་བཏུལ་བསྒྲལ་བྱས་ནས། །འཇིགས་ཚུལ་སྡིག་པས་གནོད་སྦྱིན་དབང་བསྐུར་བས། །གནོད་སྦྱིན་ཀུན་བཟང་ལག་ན་རྡོ་རྗེ་དང་། །གྲགས་ལྡན་ཆོས་སྐྱོང་སྐར་མདའ་གདོང་ལ་སོགས། །གནོད་སྦྱིན་རིགས༴ བདེ་གཤེགས༴ གནས་སྐབས༴ རྒྱལ་བ༴ གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡིས། །གྲགས་ལྡན་མཆོག་སྐྱོངས་ཐིག་ལེ་ཆགས་མེད་རྩལ། །ཀླུ་རྒྱལ་འཇོག་པོ་དབང་ཕྱུག་ལྷུན་གྲུབ་རྩལ། །གནོད་སྦྱིན་སྐར་མདའ་རྡོ་རྗེ་གློག་འབྱིན་རྩལ། །ལང་ཀ་མགྲིན་བཅུ་བློ་གྲོས་ཐབས་ལྡན་རྩལ། །ལི་ཙ་བྱི་ནི་དྲི་མེད་གྲགས་པ་རྩལ། །འདིར་གཤེགས་ཚོགས་སྲུང་༴ སྐལ་ལྡན་བྱིན་རློབས་དབང་སྐུར་དངོས་གྲུབ་སྩོལ། །རྒྱལ་བས་ལུང་བསྟན་སྐལ་ལྡན་རྒྱལ་པོ་ལ། །གསང་མཛོད་གཏེར་འཛིན་སྐུ་གསུང་ཐིམ་རྟགས་དང་། །ཆོས་ཀྱིས་སྒྲོ་མཛད་རཏྣ་ཆར་ཕབས་དང་། །ཀུན་གྱིས་སྔགས་ཅིང་གླེགས་བམ་འབབས་པ་དང་། །མཆོད་ཅིང་སངས་རྒྱས་པ་ལ་ལུང་བསྟན་ཏེ། །གུས་མཇལ་རྩེ་གཅིག་གསོལ་བཏབ་བསྒྲུབ་པ་ཡིས། །སྒྲིབ་སྦྱང་ཆོས་ཀྱི་རྒྱལ་པོར་དབང་བསྐུར་ཞིང་། །ཆོས་ཀྱི་ཆར་ཕབས་རྣལ་འབྱོར་གྲལ་དུ་བཞག །ཆོས་ལ་དབང་ཐོབ་སང་པ་རྒྱ་ཆེར་བརྗོད། །ཏན་ཏྲ་བཅོ་བརྒྱད་དབང་ཐོབ་སྐལ་ལྡན་ཞིང་། །འདྲེན་པའི་ལས་དབྱངས་བྱིན་རླབས་དབང་བསྐུར་བས། །རྒྱུད་སྡེ་མངའ་བདག་ཆོས་རྒྱལ་དབང་ཐོབ་ཤོག །སྐལ་ལྡན་རྒྱལ་པོ་ཛ་ཡི་གསང་མཚན་ནི། །རྡོ་རྗེ་ཉི་འོད་རྩལ་དེ་འོག་མིན་གནས་ན་བཞུགས། །འདིར་གཤེགས་འགྲེ། སྐལ་ལྡན་བྱིན་རློབས༴ སློབ་དཔོན་ཨུ་པ་ར་ཙའི་གསང་༴ རྡོ་རྗེ་ཡང་དག་རྩལ་དེ་འོག༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་ཨིན་ཏྲ་སུ་ཏྲིའི་གསང་༴ རྡོ་རྗེ་གསལ་མཛེས་རྩལ་དེ༴ འདིར༴ སྐལ་ལྡན༴ ཀླུའི་རྒྱལ་པོ་ན་ག་སུ་ཏྲིའི་གསང་༴ ཐིག་ལེ་བསྐྱོད་མེད་རྩལ་དེ༴ འདིར༴ སྐལ་ལྡན༴ རྒྱལ་པོ་གུ་ཡ་སུ་ཏྲིའི་གསང་༴ རྡོ་རྗེ་གསང་འཕྲོ་རྩལ། འདིར༴ སྐལ་ལྡན༴ སིང་ཧའི་རྒྱལ་པོ་སིང་ཧ་སུ་ཏྲིའི་གསང་༴ རྡོ་རྗེ་འོད་ཟེར་རྩལ་ཏེ༴ འདིར༴ སྐལ་ལྡན༴ སློབ་དཔོན་ཀུ་ཀུ་ར་ཙ་ཕྱི་མའི་གསང་༴ རྡོ་རྗེ་བདེ་མཆོག་རྩལ༴ འདིར༴ སྐལ་ལྡན༴ རོ་ལངས་བདེ་བའི་དངོས་གྲུབ་གསང་༴ བདུད་འདུལ་དྲག་པོ་རྩལ་དེ་རིག༴ འདིར༴ སྐལ་ལྡན༴ སློབ་དཔོན་རྡོ་རྗེ་བཞད་པའི་གསང་མཚན་ནི། །རྡོ་རྗེ་བདེ་བྱེད་རྩལ་དེ་རིག་འཛིན་གནས༴ འདིར༴ སྐལ་ལྡན༴ ཟ་ཧོར་རྒྱལ་པོ་པྲ་ཧ་སྟིའི་གསང་༴ ཐིག་ལེ་བདེ་བྱེད་རྩལ་དེ༴ འདིར༴ སྐལ་ལྡན༴ དྷ་ན་རཀྵི་ཏའི་གསང་༴ སེང་གེ་སྒྲ་སྒྲོགས་རྩལ་དེ༴ འདིར༴ སྐལ་ལྡན༴ སློབ་དཔོན་ཧཱུཾ་མཛད་རྡོ་རྗེའི་གསང་༴ རྡོ་རྗེ་ཉི་འོད་རྩལ༴ འདིར༴ སྐལ་ལྡན༴ གུ་རུ་སྟི་ར་མ་ཏིའི་གསང་མཚན༴ ཡང་དག་རྫོགས་པ་རྩལ༴ འདིར༴ སྐལ་ལྡན༴ ཨ་ཙརྱ་བདེ་བ་གསལ་བྱེད་གསང་༴ དབང་ཕྱུག་འཇིགས་མེད་རྩལ༴ འདིར༴ སྐལ་ལྡན༴ སློབ་དཔོན་དྷརྨ་བྷོ་དྷིའི་གསང་། །ཤེས་རབ་མཐར་ཕྱིན་རྩལ༴ འདིར༴ སྐལ་ལྡན༴ རྒྱ་གར་ཆོས་རྒྱལ་སྐྱོང་གིས་གསང་༴ རྡོ་རྗེ་བདེ་བྱེད་རྩལ༴ འདིར༴ སྐལ་ལྡན༴ བལ་པོའི་རྒྱལ་པོ་བ་སུ་དྷ་རའི་གསང་མཚན་ནི། །རྡོ་རྗེ་ཐུགས་མཆོག་རྩལ༴ འདིར་གཤེགས༴ སྐལ་ལྡན༴ རྒྱ་གར་གཙུག་ལག་དཔལ་དགེའི་གསང་མཚན་ནི། །རྡོ་རྗེ་གཙུག་ཏོར་རྩལ་དེ་རིག༴ འདིར་གཤེགས༴ སྐལ་ལྡན༴ བྲུ་ཞའི་མཁན་པོ་ཆེ་བཙན་སྐྱེས་ཀྱི་གསང་མཚན་ནི། །རྡོ་རྗེ་ལེགས་ཐོབ་རྩལ༴ འདིར༴ སྐལ་ལྡན༴ སློབ་དཔོན་སངས་རྒྱལ་ཡེ་ཤེས་གསང་མཚན་ནི། །རྡོ་རྗེ་ཡང་དབང་གཏེར་ཏེ་རིག་འཛིན་གནས་ན་བཞུགས། །འདིར་གཤེགས༴ སྐལ་ལྡན༴ དེ་ཡན་ཆད་ལུང་ཨ་ནུའོ། །མ་ཧཱ་ཡོ་གའི་རྒྱུད་ཁུངས་ལ། །ཀྱིའི་མཁན་པོ་ཀུ་ཀུ་ར་ཙས་རྣམ་དག་མཆོད་རྟེན་དུ་བསྒྲུབས་པས་ཀུན་ཏུ་བཟང་པོའི་སྤྲུལ་པ་རྡོ་རྗེ་སེམས་དཔའ་ཞལ་མངོན་དུ་མཐོང་སྟེ། རྡོ་རྗེ་སེམས་དཔའ་རྡོ་རྗེ་ཆོས་སྤྱན་རས་གཟིགས་ལ་གསང་སྔགས་རྒྱུད་ཀྱི་རྒྱལ་པོས་དབང་བསྐུར། རྡོ་རྗེ་ཆོས་ཀྱིས་ཀུ་ཀུ་ར་ཙ་ལ་དབང་བསྐུར་བས་ཏན་ཏྲ་སྡེ་ཆེན་པོ་བཅོ་བརྒྱད་ལ་དགོངས་པ་མཐར་ཕྱིན་པར་གྱུར་ཏེ། དེ་བཞིན་དུ་རྒྱུད་ལུང་མན་ངག་གི་ཏན་ཏྲ་སྡེ་ཆེན་པོ་རྣམས་ལ་དབང་ཐོབ་པར་གྱུར་ཅིག །སློབ་དཔོན་ཀུ་ཀུ་ར་ཙའི་གསང་མཚན་ནི། རྡོ་རྗེ་ཆེ་མཆོག་རྩལ་དེ་རིག་འཛིན་གནས་ན་བཞུགས། འདིར་གཤེགས་ཚོགས་སྤྲུལ་སྐྱེ་དགུ་བསྐྱང་དུ་གསོལ། །སྐལ་ལྡན་བྱིན་རློབས་དབང་སྐུར་དངོས་གྲུབ་གསོལ། །སྐལ་ལྡན་རྒྱལ་པོ་ཛའི༴ རྡོ་རྗེ་ཉི་འོད་རྩལ་དེ་རིག༴ འདིར༴ སྐལ་ལྡན༴ རྒྱལ་པོ་ཤཱཀྱ་སུ་ཏྲིའི༴ རྡོ་རྗེ་གསལ་མཛེས་རྩལ༴ འདིར༴ སྐལ་ལྡན༴ རྒྱལ་པོ་སིང་ཧ་ར་ཙའི༴ རྡོ་རྗེ་དྲག་པོ་རྩལ་དེ༴ འདིར༴ སྐལ་ལྡན༴ ཨུ་རྒྱན་རྒྱལ་པོ་ཨུ་པ་ར་ཙའི་གསང་༴ རྡོ་རྗེ་ཡང་དག་དངོས་གྲུབ་རྩལ་དེ༴ འདིར་གཤེགས༴ སྐལ་ལྡན༴ རྡོ་རྗེ་ཡང་དག་དངོས་གྲུབ་རྩལ་དེ༴ འདིར༴ སྐལ་ལྡན༴ སྲས་མོ་གོ་མ་དེ་བྱིའི༴ རྡོ་རྗེ་ཟླ་མཛེས་རྩལ༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་མི་ཏྲི་ཀ་མ་ལའི༴ རྡོ་རྗེ་ཁྱུང་ཆེན་རྩལ༴ འདིར༴ སྐལ་ལྡན༴ ཨ་ཙརྱ་འཛི་ན་མི་ཏྲའི༴ རྡོ་རྗེ་ངེས་པ་རྩལ༴ འདིར་གཤེགས༴ སྐལ་ལྡན༴ སློབ་དཔོན་རྡོ་རྗེ་བཞད་པའི་གསང་མཚན༴ རྡོ་རྗེ་བདེ་བྱེད་རྩལ་དེ༴ འདིར༴ སྐལ་ལྡན༴ སློབ་དཔོན་ཉིན་བྱེད་སེང་གེའི༴ རྡོ་རྗེ་རྩལ་ཆེན་རྩལ་དེ༴ འདིར༴ སྐལ་ལྡན༴ སློབ་དཔོན་བདེ་བ་གསང་མཛད༴ རྡོ་རྗེ་འགྱུར་མེད་རྩལ་དེ༴ འདིར༴ སྐལ་ལྡན༴ སློབ་དཔོན་ཤཱཀྱ་བོ་དེའི༴ རྡོ་རྗེ་དངོས་གྲུབ་མཆོག་སྟེ༴ འདིར༴ སྐལ་ལྡན༴ སློབ་དཔོན་སོག་ཀྱ་དེ་བའི༴ རྡོ་རྗེ་དད་པ་རྩལ་དེ༴ འདིར༴ སྐལ་ལྡན༴ སློབ་དཔོན་སྒེག་པ་རྡོ་རྗེ༴ རྡོ་རྗེ་སྒེག་པ་རྩལ་དེ༴ འདིར༴ སྐལ་ལྡན༴ སློབ་དཔོན་ཆོས་བླན་དེ་བའི༴ རྡོ་རྗེ་ངེས་ཆེན་རྩལ༴ འདིར༴ སྐལ་ལྡན༴ མཁན་པོ་ཆོས་རྒྱལ་སྐྱོང་གིས༴ རྡོ་རྗེ་བདེ་བྱེད་རྩལ༴ འདིར༴ སྐལ་ལྡན༴ དེས་གནུབས་སངས་རྒྱས་ལ་བརྒྱུད་དོ། །གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེ། །གཡུང་དྲུང་རིན་ཆེན་གཏེར་གནས་སུ། །ཡི་དམ་གསལ་བ་བསྒོམ་པའི་ཚེ། །སྟོབས་པོ་ཆེའི་རྫས་མཆོག་འདིས། །ནམ་མཁའི་མཐོང་ནས་ཡར་མར་བབས། །བདག་གི་ལག་པ་གཡས་པས་ཟིན། །ཡེ་ཤེས་རྡོ་རྗེའི་དབང་མཆོག་ཐོབ། །འོལ་མོ་ཚལ་དུ་བསྒོམ་པའི་ཚེ། །མངོན་སུམ་དྲི་ཟ་ཕྲུ་གུ་བྱུང་། །སངས་རྒྱས་ཁྱོད་ཡིན་མཚན་བཏགས་ཏེ། །དམ་པའི་དོན་ལ་དམ་ཚིག་བསྲེས། །རྡོ་རྗེ་མིང་གིས་དབང་ཡང་ཐོབ། །གང་བཟང་གནས་སུ་བསྒོམ་པའི་ཚེ། །གནོད་སྦྱིན་ཕྲུ་གུ་མངོན་བྱུང་ནས། །འདོད་ཡོན་ལྔ་ཡི་མཆོད་ཡོན་སྟོབས། །ཡུན་གྱིས་འཁོར་དུ་དུམ་དུ་བཅས། །ཆེ་བའི་ཡོན་ཏན་དབང་ཡང་ཐོབ། །གླིང་དགུ་མཚོ་འགྲམ་བསྒོམ་པའི་ཚེ། །ཀླུ་ཕྲུག་སྤུན་གསུམ་མངོན་བྱུང་ནས། །རོ་བརྒྱ་ལྡན་པའི་མཆོད་པ་དྲངས། །ཡང་དག་སློབ་མར་དམ་ཚིག་ནོས། །གདུག་པ་སེལ་བའི་དབང་ཡང་ཐོབ། །དུར་ཁྲོད་ལྷས་སུ་བསྒོམས་པའི་ཚེ། །ཡི་དྭགས་ཕྲུ་གུ་མངོན་དུ་བྱུང་། །ཞབས་ལ་གཏུགས་ཏེ་མཆི་མ་བྱུང་། །ཅི་བསྒོ་ཉན་པར་དབང་ཡང་ནོས། །མཐུ་རྩལ་སྙེམས་པའི་དབང་ཡང་ཐོབ། །ཕྱི་རབ་སློབ་མ་གང་བྱུང་རྣམས། །འདྲེན་པའི་ལས་བྱང་ཆེན་མོ་འདི། །ཕན་པའི་ལྷ་ཡི་དབང་ནོས་པས། །དབང་བསྐུར་རྒྱལ་པོའི་གཞུང་བཞིན་དུ། །དབང་རྣམས་རིམ་པར་ཐོབ་པར་ཤོག །མན་ངག་དྲུག་གསུམ་བཅོ་བརྒྱད་ལས། །ནང་གི་ཙ་ཀ་ལི་རྫོགས་སོ། །སློབ་དཔོན་སངས་རྒྱས་ཡེ་ཤེས་ནི། །གསང་མཚན་རྡོ་རྗེ་ཡང་དབང་གཏེར། །བཞུགས་ནི་འོག་མིན་གནས་ན་བཞུགས། །རིག་འཛིན་འདི་ཡིས་དབང་བསྐུར་རོ། །ཨ་བྷི་ཥིཉྩ་ཧཱུཾ། སངས་རྒྱས་ཡེ་ཤེས་སློབ་བཞི་དགེ་མཆེད་བཅོ་ལྔ་དང་། །རིན་ཆེན་གསུམ་དང་འཁོར་བརྒྱད་གྲུ་གུ་འཇིག་རྟེན་སོགས། །སློབ་མ་བཞི་ནི་འབྲེ་སྟོན་ཁྲོ་ཆུང་ཉང་ཤེར་མཆོག །མྱང་སྟོན་ཡེ་ཤེས་འབྱུང་དང་ཟུར་ཆེན་ཤག་འབྱུང་བཞི། །དགེ་མཆེད་དང་པོ་ཐུགས་ཀྱི་སྲས་བཞི་བླ་མ་ནི། །སོ་པ་ཡེ་ཤེས་དབང་ཕྱུག་རྡོ་རྗེ་དབྱིངས་ཆེན་གཏེར ། །སྲུ་པ་ལེགས་པའི་སྒྲོན་མ་ཨུཏྤལ་དབང་ཆེན་རྩལ། །སྤ་གོར་བློན་རྗེ་འཕགས་པ་རྡོ་རྗེ་གནམ་ལྕགས་རྩལ། །དན་སྟོན་ཡོན་ཏན་མཆོག་ནི་རྡོ་རྗེ་དྲག་པོ་རྩལ། །གཉིས་པ་ཐུགས་ཀྱི་སྲས་གཅིག་གནུབས་ཆུང་ནི། །ཁུ་ལུང་ཡོན་ཏན་རྒྱ་མཚོ་རྡོ་རྗེ་རིག་འཛིན་གཏེར། །གསུམ་པ་གདུང་རུས་སྲུས་ཏེ་དེའི་སློབ་མ་བཞི། །དབྱར་སྟོན་གསལ་བའི་བྱང་ཆུབ་རྡོ་རྗེ་འཚམས་བྱེད་རྩལ། །རྒྱ་སྟོན་བློ་གྲོས་གཞོན་ནུ་རྡོ་རྗེ་དབང་མཆོག་རྩལ། །རྒྱ་སྟོན་ཤཱཀྱ་མཆོག་རབ་རྡོ་རྗེ་གཟི་འབར་རྩལ། །ཞུ་སྟོན་བསོད་ནམས་ཤཱཀྱ་ཕྲིན་ལས་མཐར་ཕྱིན་རྩལ། །བཞི་པ་སྤ་གོར་སློབ་ཅིག་བེག་སྟོན་ཡེ་ཤེས་དང་། །ལྔ་པ་ལྔ་ནི་རྒྱ་སྟོན་གཞོན་ནུ་སྙིང་པོ་དང་། །སྐྱེ་སྟོན་དར་མ་བོ་དེ་སྐྱེ་མཆོག་རབ། །སྐྱེ་སྟོན་དར་མ་རྒྱལ་མཚན་ལྷོ་སྟོན་སྙིང་པོའོ། །གནུབས་ཆེན་སངས་རྒྱས་ཡེ་ཤེས་དངོས་སློབ་རྣམས། །བཞུགས་ནི་རིག་འཛིན་གྲུབ་པའི་གནས་ན་བཞུགས། །འདིར་གཤེགས་ཚོགས་བསྲུང་སྐྱེ་དགུ་བསྐྱང་དུ་གསོལ། །སྐལ་ལྡན་བྱིན་རློབས་དབང་བསྐུར་དངོས་གྲུབ་སྩོལ། །ཁུ་ལུང་ཡོན་ཏན་རྒྱ་མཚོ་དེ་ཡི་ནི། །སྲས་ཆུང་ཡེ་ཤེས་རྒྱ་མཚོ་ཉིད་ལ་གཏད། །གསང་མཚན་རྡོ་རྗེ་དབང་སྒྲུབ་རྩལ་དུ་བཏགས། །བཞུགས་ནི་རིག་འཛིན་གྲུབ་པའི་གྲྭལ་ན་བཞུགས། །འདིར་གཤེགས༴ སྐལ་ལྡན༴ ཡེ་ཤེས་རྒྱ་མཚོ་སློབ་མ་བྱང་ཆུབ་རྣམ་གསུམ་ལས། །རྒྱ་སྟོན་བློ་གྲོས་བྱང་ཆུབ་རྡོ་རྗེ་ལས་གྲུབ་རྩལ། །མར་པ་ཡོན་ཏན་བྱང་ཆུབ་རྡོ་རྗེ་ལྷུན་གྲུབ་རྩལ། །སྣ་ནམ་ཚུལ་ཁྲིམས་བྱང་ཆུབ་རྡོ་རྗེ་གྲུབ་མཆོག་རྩལ། །རྒྱ་ཡི་སློབ་མ་བརྒྱུད་འཛིན་གཉིས་གསུངས་ཏེ། །ཐོ་དཀར་ནམ་མཁའ་ལྡེ་ཡི་གསང་མཚན་ནི། །རྡོ་རྗེ་དངོས་གྲུབ་གཏེར་དེ་རིག་འཛིན་གནས་ན་བཞུགས། །ཞུ་སྟོན་བསོད་ནམས་ཤཱཀྱའི་གསང་༴ ཕྲིན་ལས་མཐར་ཕྱིན་རྩལ་དེ་རིག༴ འདིར་གཤེགས༴ སྐལ་ལྡན༴ ཟུར་ཆེན་ཤཱཀྱ་འབྱུང་གནས་གསང་མཚན་ནི། །ཐོ་དཀར་གྱིས་བདག་རྡོ་རྗེ་བདུད་འདུལ་རྩལ། །ཞུ་ཡིས་མཚན་བཏགས་བདེ་གཤེགས་ཞི་བ་རྩལ། །གནུབས་ཆེན་སངས་རྒྱས་ཀྱི་འང་ཞལ་མཐོང་བཤད། །སྟོན་ཚབ་བྱང་ཆུབ་རྒྱ་སྟོན་བློ་གྲོས་དང་། །བཀའ་སྡོད་ཡེ་ཤེས་སྙིང་པོ་རྣམས་ལས་ནི། །མདོ་ལུང་དབང་སྒྲུབ་རྒྱུད་ཕྲིན་འགྲོ་ཀུན་གསན། །ཁྱད་པར་བླ་མ་བརྒྱ་རྩ་མཉེས་པར་བསྟེན། །ཐུབ་དང་པདྨ་ལུང་བསྟན་སྤྱན་རས་གཟིགས། །ཐུགས་དམ་ཞལ་གཟིགས་དམ་ཅན་ཅི་བཅོལ་ཉན། །མཁའ་འགྲོས་ལུང་བསྟན་ཕྱི་ནང་གཙུག་ལག་བཞེངས། །གྲུབ་རྟགས་ཞབས་རྗེས་སྤྱི་དཔལ་ཟུར་པོ་ཆེ། །འདིར་གཤེགས༴ སྐལ་ལྡན༴ ཟུར་ཆེན་སློབ་མ་རྩེ་མོ་གྲུབ་ཆེན་བཞི། །ཟུར་ཆུང་ཤེས་རབ་གྲགས་པའི་གསང་མཚན་ནི། །རྡོ་རྗེ་ལྷུན་གྲུབ་རྩལ་དེ་ལྟ་དགོངས་གནས་ན་བཞུགས། །ཟུར་ཆེན་ཞབས་དྲུང་དབུའི་རྗེས་ཀྱང་བཞག །བཤེས་ལྷག་ཙན་དན་སྡོང་པོ་སངས་རྒྱས་འཁྲུངས། །འདིར་གཤེགས༴ སྐལ་ལྡན༴ མཚོ་ཉའི་བཟང་བསྒོམ་ཤེས་རབ་རྒྱལ་བ་ནི། །རྡོ་རྗེ་གཟི་འབར་རྩལ་དེ་བསྒོམ་བསྒྲུབ་གནས་ན་བཞུགས། །ལས་སྟོད་ར་པའི་ཞང་སྟོན་འགོས་ཆུང་བ། །རྡོ་རྗེ་ལྷུན་གྲུབ་རྩལ་དེ་མཁྱེན་རྒྱའི༴ །སྤན་དང་བྲེ་ཁུའི་མི་ཉག་འབྱུང་གྲགས་ནི། །རྡོ་རྗེ་བདེ་བ་རྩལ་དེ་བཤད་ཉན་གནས་ན༴ །བྲམ་གྱི་རྩག་སྟོན་ལ་སོགས་རྩེ་རྐོག་བརྒྱད། །རྡོ་རྗེ་དྲག་པོ་རྩལ་དེ་བསྒྲུབ་པའི་གནས། །ཟུར་ཆུང་སྒོས་སློབ་ཀ་བཞི་གདུང་བརྒྱད་ཀྱང་། །གོང་བུའི་སྐྱེ་སྟོན་ཤཱཀྱ་ཡེ་ཤེས་ནི། །རྡོ་རྗེ་སྙིང་པོ་རྩལ་ཏེ་རྫོགས་ཆེན་ཀ་བར༴ མདའ་ཕུའི་མདའ་ཏི་ཇོ་ཤག་གསང་༴ རྡོ་རྗེ་དངོས་གྲུབ་རྩལ་དེ་ཕྲིན་ལས་ཀ་བར༴ ཆུ་དབར་གླན་སྟོན་ཤཱཀྱ་བཟང་བ་ནི། །རྡོ་རྗེ་མྱུ་གུ་རྩལ་དེ་སྒྱུ་འཕྲུལ་ཀ་བར༴ ཤབ་ཀྱིས་དགེ་ལུང་ཡང་ཁྱེད་བླ་མ་ནི། །ཐིག་ལེ་འགྱུར་མེད་རྩལ་དེ་མདོ་ལུང་ཀ་བར༴ ཉ་ཚལ་ཤཱཀྱ་བྱང་ཆུབ་དང་། མ་ཐོག་ནེ་སེར་ཇོ་སེང་སྭཱོ། རྡོ་རྗེ་དྲག་པོ་རྩལ་དེ་ཕྱི་ཕན་གདུང་ཚོབ་བཞུགས། །འདིར་གཤེགས་ཚོགས་བསྲུང་༴ སྐལ་ལྡན་བྱིན་རློབས༴ གསང་བདག་ཤཱཀྱ་སེང་གེ་ནི། །གསང་མཚན་དབང་ཕྱུག་རྫོགས་པ་རྩལ། །གསང་བདག་ཕྱག་ན་རྡོ་རྗེ་དང་། །བསྟན་པའི་བདག་པོར་ལུང་བསྟན་ཐོབ། །བཞུགས་ནི་གསང་སྔགས་བདག་པོར་བཞུགས། །འདིར༴ སྐལ་ལྡན༴ སློབ་དཔོན་འགར་སྟོན་ཟུང་ངོ་ནི། །ནམ་མཁའ་ལ་ཡང་སྐོར་མ་མཛད། །བྲག་ལ་ཕུར་པ་ཐེབ་པར་གདབ། །གསང་མཚན་རྡོ་རྗེ་དྲག་པོ་རྩལ། །འདིར༴ སྐལ་ལྡན༴ པྲེག་སྟོན་རྡོ་རྗེ་རྒྱལ་མཚན་ནི། །གསང་མཚན་རྡོ་རྗེ་འཇིགས་མེད་རྩལ། །བཞུགས་ནི་རིག་འཛིན་གནས་ན་བཞུགས། །འདིར༴ སྐལ་ལྡན༴ བསྟན་པའི་སྲོག་ཤིང་བླན་བན་རྡོ་རྗེ་འོད། །གསང་མཚན་རྡོ་རྗེ་དྲག་པོ་རྩལ། །བཞུགས་ནི་ཤམ་པ་ལ་རུ་བཞུགས། །འདིར་གཤེགས༴ སྐལ་ལྡན༴ སྤྲུལ་སྐུ་རྒྱལ་སྲས་རིན་ཆེན་བརྩོན་སེང་ནི། ཁ་ཆེའི་པན་ཆེན་ལ་སོགས་གདམས་པས་ཕྱུག །གསང་མཚན་རྡོ་རྗེ་དྲག་པོ་རྩལ། བཞུགས་ནི་རིག་འཛིན་གྲྭལ་ན་བཞུགས། འདིར་གཤེགས༴ སྐལ་ལྡན༴ དྲིན་ཆེན་མཁས་པ་གླན་སྟོན་བསོད་རྒྱལ་ནི། །གསང་མཚན་ཕྲིན་ལས་མཐར་ཕྱིན་རྩལ། །བཞུགས་ནི༴ འདིར༴ སྐལ་ལྡན༴ བསྟན་པའི་སྲོག་ཤིང་དཔལ་ལྡན་ཆོས་སེང་ནི། །མཁས་གྲུབ་མང་བརྒྱུད་རྡོ་རྗེ་འཛིན་པ་དེ། །འགྲོ་དོན་མཐར་ཕྱིན་རིག༴ གསང་མཚན་རྡོ་རྗེ་དྲག་པོ་རྩལ་དེ༴ འདིར༴ སྐལ་ལྡན༴ བླ་མ་བླན་སྟོན་སངས་རྒྱས་དཔལ། །གསང་མཚན་རྡོ་རྗེ་བདེ་བྱེད་རྩལ། །བཞུགས་ནི་དཀྱིལ་འཁོར་བདག་པོར༴ འདིར༴ སྐལ་ལྡན༴ སྤྲུལ་སྐུ་ལྷ་འབུམ་དེའི་སྲས། ཨུ་རྒྱན་པད་མས་ལུང་བསྟན་བཞིན། །གླན་སྟོན་བསོད་ནམས་མགོན་པོ་ནི། །ཟབ་མོའི་གཏེར་རྙེད་མདོ་རྒྱུད་བདག །གསང་མཚན་རྡོ་རྗེ་དྲག་པོ་རྩལ། །བརྒྱུད་འཛིན་རྒྱལ་ཚབ་སྐུ་གསུམ་ནི། །བླ་མ་འབྲོ་ཆེན་རྡོ་རྗེ་ནི། །གསང་མཚན་རྡོ་རྗེ་བདེ་ཆེན་རྩལ། །མྱང་ཆེན་ཤེས་རབ་དཔལ་ལྡན་རྡོ་རྗེ་དང་། །གྱེང་ཁང་ཟིངས་སྟོན་ཤཱཀྱ་བཟང་པོར་བཅས། །གསང་མཚན་རྡོ་རྗེ་དྲག་པོ་རྩལ། །བཞུགས་ནི་རིག་འཛིན་གནས་ན་བཞུགས། །འདིར་གཤེགས༴ སྐལ་ལྡན༴ བླ་མ་འབྲོ་ཆེན་བསམ་འགྲུབ་རྡོ་རྗེ་ནི། །གསང་མཚན་རྡོ་རྗེ་བདེ་ཆེན་རྩལ། །དབང་རྫོགས་བཤད་ལུང་ཉ་ཚལ་དུ། །བླ་མ་བསོད་ནམས་མགོན་ལ་ཐོབ། །དཀྱིལ་འཁོར་གང་མཛད་གཙོ་བོ་དང་། །བླ་མ་གཉིས་མེད་གཅིག་ཏུ་གཟིགས། །དཀྱིལ་འཁོར་རང་ཉིད་ཐུགས་ཁ་ལ། །དངོས་ལྟར་ཐིམ་པའི་གཟིགས་སྣང་ཤར། །གཏད་རྒྱ་དབང་སྐྱར་བཅས་པ་ནི། །ཟི་སྟོན་ཤཱཀྱ་བཟངས་ལ་བཞུགས། །བྱེ་མ་སེང་གེར་ལོ་བདུན་བསྒོམ། །སངས་རྒྱས་སྐར་འོད་ལྔ་འཚང་རྒྱ། །ཕྱི་མ་བདེ་བ་ཅན་ལུང་བསྟན། །དཔལ་ཆེན་གྲུབ་པའི་ཐུགས་མཚན་དང་། །ཁྲོ་བཅུའི་སྣང་བ་མི་འགགས་ཤིང་། །གང་ཤར་ཆོས་ཉིད་རྒྱུན་ཆད་མེད། །རྩ་རླུང་སྐུ་ཚེ་དབང་ཐོབ་པས། །བཞུགས་ནི་གདུལ་བྱའི་དོན་ལ་བཞུགས། །ཤཱག་འབྱུང་རྡོ་རྗེ་ཐོད་ཕྲེང་སོགས། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འདིར༴ སྐལ་ལྡན༴ བསྒྲུབ་དབང་གྲགས་པའི་ཆུ་བོ་མཐར་ཕྱིན་པའི། །སྐུ་འདི་གསང་དབང་རྫོགས་པའི་ཆུ་བོ་ལ། །རྩ་བའི་བླ་མ་སངས་རྒྱས་ཡི་དམ་དུ། །ངེས་པས་དབང་ཞུ་ཙ་ཀ་དཀྱིལ་འཁོར་གྱི། །དབུས་ལ་སྦས་དེ་གསོལ་འདེབས་རྟེན་དེ་ཡིན། །མདོ་དབང་ཚར་ལྔ་དབང་བསྐུར་གཏད་རྒྱར་བཅས་བདུན་ཐོབ། ཟུར་ཧཾ་དགེ་ཚུལ་དུས་ན་ཤཱཀྱ་འབྱུང་གནས་ནི། །བསྒྲུབ་དབང་ཨ་ནུའི་དུས་ན་རྡོ་རྗེ་བདུད་འདུལ་རྩལ། །ནང་དབང་མ་ཧཱའི་དུས་ན་ཐིག་ལེ་གཡོ་མེད་རྩལ། །ཕྱི་དབང་ཡོ་གའི་དུས་ན་དབང་ཕྱུག་རྫོགས་པ་རྩལ། །ཕྱི་དབང་ཐེག་དྲུག་དུས་ན་མི་བསྐྱོད་རྡོ་རྗེ་དང་། །ཏྲི་ཡ་བྱ་སྤྱོད་དུས་ན་ཐུགས་ཀྱི་རྡོ་རྗེ་དང་། །ཕྱི་མ་དོན་འགྲུབ་ཞིང་མཆོག་དེ་ཐོབ་སྨོན་ཅིག་གསུངས། །སེམས་བསྐྱེད་དུས་ན་བྱང་སེམས་ཤཱཀྱ་འབྱུང་། །ཉན་ཐོས་དུས་ན་གནས་བརྟན་དགེ་སློང་ནི། །དགེ་བའི་བཤེས་གཉེན་ཤཱཀྱ་འབྱུང་གནས་དང་། །ལྷ་མི་ཐེག་པའི་དུས་ན་དགེ་བསྙེན་ནི། །བསོད་ནམས་རྡོ་རྗེ་འཆང་བཟང་པོ་ཞེས་གནང་། བླ་མའི་དབང་བསྐུར་བྱིན་རླབས་ངོ་སྤྲོད་དུས། །དཔལ་ལྡན་བླ་མ་བསམ་འགྲུབ་རྡོ་རྗེ་ཉིད། །ཨ་ཏི་ཡོ་ག་ནམ་མཁའི་སྐུ་ཅན་ལ། །གཙུག་རྒྱན་མི་བསྐྱོད་སྐུ་ཉིད་ཡི་དམ་ལྷ། །གཡས་བརྐྱང་ཞབས་འོག་དྲེགས་པའི་གདན་བྱས་པ། །མངོན་སུམ་གསལ་མཐོང་ལུས་བསྟན་མཆོད་པ་བཞེས། །མེ་ཏོག་ཕུལ་བས་ཕྱག་གི་ཐོད་པར་གསལ། །གསང་སྔགས་བསྟན་པ་གཏད་ནས་རྒྱལ་པོར་བསྐོས། །རིག་འཛིན་ལྷ་སྲུངས་དུ་མས་རྗེས་བཟུང་བའི། །ཤཱག་འབྱུང་གསང་མཚན་རྡོ་རྗེ་ཐོད་ཕྲེང་རྩལ། །བཞུགས་ནི་རྒྱལ་བའི་ཕྲིན་ལས་དོན་ལ་བཞུགས། །འདིར་གཤེགས་ཚོགས༴ སྐལ་ལྡན་བྱིན་རློབས་དབང་བསྐུར་དངོས་གྲུབ་སྩོལ། །རྡོ་རྗེ་སློབ་དཔོན་ཁྱམས་འདི་ལ། །རྩ་རྒྱུད་བླ་མ་དཀོན་མཆོག་སྐྱབས། །རིག་འཛིན་དུ་མ་ཀུན་འདུས་ལྟར། །རྡོ་རྗེ་སྤུན་དེ་ཕ་ཅིག་པ། །མིང་སྲིང་རྣལ་འབྱོར་ཕོ་མོ་དང་། །རྡོ་རྗེ་རིག་འཛིན་གདུང་ཚོབ་པ། །རྡོ་རྗེ་ལུས་ནི་ཆོས་སྐྱོངས་རྒྱལ། །རྡོ་རྗེ་རྒྱལ་པོ་ཚེ་ལ་དབང་། །རྡོ་རྗེ་རྣལ་འབྱོར་རྒྱུན་ཏིང་འཛིན། །རྡོ་རྗེ་ངག་ནི་ཆོས་དབང་ཐོབ། །རྡོ་རྗེ་ལས་ནི་ཕྲིན་ལས་དབང་། །རྡོ་རྗེ་ཡིད་ནི་སེམས་ལ་དབང་། །རྡོ་རྗེའི་འཁོར་དུ་སླས་བྲན་མོ། །བྱི་མོ་ཕོ་ཉ་དང་བཅས་པས། །ཐེག་དགུ་རྒྱུད་བདུན་རྣལ་འབྱོར་བཞི། །བསྟན་པའི་མཚན་དད་ཐམས་ཅད་ཀྱང་། །འདིར་གཤེགས༴ སྐལ་ལྡན༴ ཨ་ཏིའི་གསང་དབང་གི་ནང་དབང་། །བདུན་པ་གཟུགས་བརྙན་དཀྱིལ་འཁོར་དབང་དེས་རྫོགས། དབང་དོན་དུ། དེ་ནི་རྒྱལ་བའི་སྲས་པོ་ཡིན་པས་ན། །ཕྱག་རྒྱ་ཆེན་པོའི་དབང་མཆོག་སྦྱིན་པར་བྱ། །རས་སམ་འབུར་རམ་ལུགས་སུ་བླུག་པ་ཡིན། །ཕྱག་རྒྱ་གཟུགས་བརྙན་དེ་ཡི་སྤྱི་བོར་བཞག །ཅེས་དང་། བསྒྲུབ་པའི་དབང་མཆོག་ཐོབ་པ་དང་། །གསང་བའི་བདག་པོ་ཡིན་པས་ན། །གསང་བའི་དབང་མཆོག་སྦྱིན་པར་བྱ། །ཞེས་སོ། །ནང་དབང་བརྒྱད་པ་དབུ་རྒྱན་གྱི་དབང་ནི། རིན་པོ་ཆེ་དང་ཐོད་པའི་དབུ་རྒྱན་མགོ་བོའི་གནས་ལྔར་གཏུགས། བུམ་ཆུ་ཤུ་ནེ་ཛྙཱ་ན་སོགས་པས་དབང་བསྐུར། ཡེ་ཤེས་ཆེན་པོའི་དོན་དང་དེ་ལྡན་པས། །ཡེ་ཤེས་ལྔ་ཡི་རྟགས་མཆོག་ཕྱག་རྒྱ་ཡིས། །གནས་ལྔར་གཏུགས་ཏེ་ཐུགས་ཀྱི་དབང་མཆོག་སྦྱིན། །འབྲུ་བཅུས་རིགས་ལྔའི་རབ་གནས་ལྡན་པར་བྱ། ཤུ་ཛྙ་ཏ་སོགས་སྔགས་ལྔ་བརྗོད་པར་བྱ། ཨ་བྷི་ཥིཉྩ་ཧཱུཾ། བདེན་པ༴ ཆེ་གེ་ལ་དབུ་བརྒྱན་གྱིས་དབང་བསྐུར་བས་རྣམ་པར་ཤེས་པ་ཚོགས་བརྒྱད་གནས་སུ་དག་ནས་ཡེ་ཤེས་ལྔའི་དབང་ཐོབ་པར་གྱུར་ཅིག །དགུ་པ་སྐུ་གསུང་ཐུགས་ཀྱི་དབང་ནི་ལྔ་དང་གསུང་སྟེ་གཉིས། སྐུ་དང་གསུང་ཐུགས་རྡོ་རྗེ་ཡིས། །རྣལ་འབྱོར་བདེ་མཆོག་དེ་ཡིན་པས། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་དབང་། །རྡོ་རྗེ་ཅན་ལ་སྦྱིན་པར་བྱའོ། །ༀ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་ནས་བག་ཙིཏྟ་ཨ་ནུ་ར་ག་སྡུ་ཙ་བཛྲ་སྭཱ་བྷ་ཝ་ཨད་མ་ཀོ྅་ཧཾ། ཞེས་བརྗོད། བདེན་པ༴ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དུས་སུ་བྱིན་གྱིས་བརླབས་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ཐོབ་པར་གྱུར་ཅིག །གནས་གསུམ་འབྲུ་གསུམ་རྡོ་རྗེ་གསུམ། །བསམ་སྟེ་ཡི་གེའམ་སྐུ་གསུམ་བཤད། །ཅེས་ལྔ་ལྔར་གནས་ལྔ་འབྲུ་ལྔའོ། །རྒྱལ་བའི་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་ལྔ་ཡི་ངོ་བོར་བཤད། །དཔྲལ་མགྲིན་སྙིང་ལྟེར་གསང་བར་ནི། ༀ་དཀར་ཨ་དམར་ཧཱུཾ་མཐིང་ནག །སྭོ་སེར་ཧ་ལྗང་ཡུམ་ཡབ་དྲིལ། །ༀ་སྐུ་ཨ་གསུང་ཧཱུཾ་ཐུགས་ནི། །ལུས་ངག་ཡིད་གསུམ་དཔྲལ་མགྲིན་སྙིང་། །ༀ་ཨཿཧཱུཾ། སྐུ་གསུང་ཐུགས་དང་རྡོ་རྗེ་ཡིས། །རྣལ་འབྱོར་བདེ་མཆོག་དེ་ཡིན་པས། །བདེ་གཤེགས་རྣམས་ཀྱི་སྐུ་ཡི་དབང་། །རྡོ་རྗེ་ཅན་ལ་སྦྱིན་པར་བྱའོ། །ༀ་སརྦ་ཏ་ཐ་ག་ཏ་མ་ཧཱ་ཀ་ཡཱ་བཛྲ་སྭཱ་བྷ་ཝ་ཨད་མ་ཀོ྅་ཧཾ། བདེན་པ༴ རིགས་ཀྱི་བུ་ལ༴ བདེ་བར་གཤེགས་པའི་སྐུ་ཡིས་བྱིན་གྱིས་བརླབས་པས་རྡོ་རྗེ་སྐུའི་དབང་ཐོབ་པར་གྱུར་ཅིག །ༀ་ཨཱཿ ཧཱུཾ། སྐུ་གསུང་ཐུགས་དང་རྡོ་རྗེ་ཡི་རྣལ་འབྱོར་བདེ་མཆོག་དེ་ཡིན་པས། དེ་བཞིན་གཤེགས་པའི་གསུང་གི་དབང་། །རྡོ་རྗེ་ཅན་ལ་སྦྱིན་པར་བྱའོ། །བག་བཛྲ༴ བདེན༴ བདེ་བར་གཤེགས་པའི་གསུང་གིས་དབང་བསྐུར་བས་རྡོ་རྗེ་གསུང་གི་དབང་ཐོབ་པར་གྱུར་ཅིག །ༀ་ཨཱཿཧཱུཾ། སྐུ་གསུང་ཐུགས་དང་རྡོ་རྗེ་ཡིས། །རྣལ་འབྱོར༴ བདེ་གཤེགས་རྣམས་ཀྱིས་ཐུགས༴ རྡོ་རྗེ་ཅན་ལ༴ མ་ཧཱ་ཙིཏྟ་བཛྲ་སྭཱ་བྷ་ཝ༴ བདེན༴ བདེ་བར་གཤེགས་པའི་ཐུགས་སུ་བྱིན་གྱིས་བརླབས་པས། རྡོ་རྗེ་ཐུགས་ཀྱི་དབང་ཐོབ་པར་གྱུར་ཅིག །འཁོར་ལོ་བཀྲ་ཤིས་ཕྱག་ཞབས་མཐིལ། །སྐྱོབས་པའི་སངས་རྒྱས་འདྲེན་པའི་ལྷ། །ཉོན་མོངས་སེམས་ཅན་དམན་པའི་གསོལ། །ཕྱག་ཞབས་འཁོར་ལོ་བཀྲ་ཤིས་ཤོག །སྟོན་པ་ལ་བདུད་ཀྱིས་བསྡོས་པའི་ཚེ། །ཕྱག་ཞབས་འཁོར་ལོ་བཀྲ་ཤིས་མཐིལ། །སྐྱོབས་པའི་སངས་རྒྱས་འདྲེན་པའི་ལྷ། །ཉོན་མོངས་སེམས་ཅན་དམན་པའི་གསོལ། །ཕྱག་ཞབས་འཁོར་ལོ་བཀྲ་ཤིས་ཤོག །སྟོན་པ་ལ་བདུད་ཀྱིས་བསྡོས་པའི་ཚེ། །ཕྱག་ཞབས་འཁོར་ལོ་བཀྲ་ཤིས་གྱུར། །དེ་རིང་ཁྱོད་ལ་སྦྱིན་བྱས་པས། །ཆོས་ཀྱི་འཁོར་ལོ་བསྐོར་བའི་དབང་ཐོབ་ཤོག །ཕྱག་དང་ཞབས་འཁོར་ལོ་བཀྲ་ཤིས་པས་ཆོས་ཀྱི་ཙཀྲ་བསྐོར་བའི་དབང་ཐོབ་པར་གྱུར་ཅིག །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །བསྡོ་བའི་ཕྱོགས་རྣམས་ཀུན་ལས་ཁྱད་པར་འཕགས། །ཕྱག་ཞབས་མཐིལ་ལས་མངོན་པར་གསལ་བར་སྟོན། །འདི་ནི་འཁོར་ལོ་དབང་གི་བཀྲ་ཤིས་སོ། །གསུང་མཆོག་པད་མ་ཆོས་ཀྱི་རྒྱལ། །ཉོན་མོངས་མ་གོས་པད་མའི་སྐུ། །ཐམས་ཅད་སྒྲོལ་བའི་གསུང་ལགས་ཏེ། །རྫས་མཆོག་པད་མར་བཀྲ་ཤིས་ཤོག །སྟོན་པ་ལ༴ ལྗགས་ཀྱི་པད་མར༴ དེ་རིང་ཁྱོད་ལ༴ ཅིས་ཀྱང་གོས་པ་མེད་པའི་དབང་ཐོབ་ཤོག །ལྗགས་ཉིད་པད་མ་གོས་པ་མེད་པའི་དབང་། །གཞན་གྱིས་མི་ཐུབ་བསྡོ་བའི་ཕྱོགས། །ལྗགས་ཀྱིས་མཆོག་ལ་མངོན་པར་གསལ་བར་སྟོན། །འདི་ནི་པདྨ་དབང་གི་བཀྲ་ཤིས་སོ། །མི་ནུབ་རྒྱལ་མཚན་འདྲེན་པའི་སྐུ། །ཐམས་ཅད་བདུད་ཀྱི་སྡེ་བཏུལ་ནས། །དཔུང་བཅོམ་སངས་རྒྱས་སྐུ་བསྟོད་དོ། །སྐུ་མཆོག་རྒྱལ་མཚན་བཀྲ་ཤིས་ཤོག །སྟོན་པ་ལ༴ སྐུ་རྒྱལ་མཚན་དུ༴ དེ་རིང་༴ བདུད་བཞི་ལས་རྒྱལ་བའི་བཀྲ་ཤིས་ཤོག །སྐུ་ནི་རྒྱལ་མཚན་དུ་བཀྲ་ཤིས་པས་བདུད་བཞི་ལས་རྒྱལ་བའི་དབང་ཐོབ་པར་གྱུར་ཅིག །རྒྱལ་མཚན་གཞན་གྱིས་མི་ཐུབ་ཆེ་བའིི་རྟགས་དང་ལྡན། །གཞན་གྱིས་མི་ཐུབ་བསྡོ་བའི་ཕྱོགས། །སྐུའི་མཆོག་ལ་མངོན་པར༴ འདི་ནི་རྒྱལ་མཚན་དབང་གི་བཀྲ་ཤིས་སོ། །བཀྲ་ཤིས་བུམ་པ་དམ་པའི་དབང་། །བཅོམ་ལྡན་འདས་ཀྱིས་བསྐུར་ལགས་ཏེ། །མགུར་མཆོག་བཀྲ་ཤིས་འདི་བྱིན་པས། །བུམ་པའི་བཀྲ་ཤིས་ཐོབ་པར་ཤོག །སྟོན་པ་ལ༴ མགུར་ཉིད་བུམ་པར༴ དེ་རིང་༴ སྙིང་རྗེ་འཛིན་པའི་དབང་ཐོབ་ཤོག །མགུར་བུམ་པར་བཀྲ་ཤིས་པའི་སྙིང་རྗེས་ཐམས་ཅད་འཛིན་པའི་དབང་ཐོབ་པར་གྱུར་ཅིག །མགུར་ཆུས་ཐུགས་རྗེ་ཀུན་འཛིན་དབང་། །གཞན་གྱིས་མི་ཐུབ་བསྡོ་བའི་ཕྱོགས༴ མགུར་གྱིས་མཆོག་ལ་མངོན་པར་གསལ་བར༴ སྟོན༴ འདི་ནི་བུམ་པ་དབང་གི་བཀྲ་ཤིས་སོ། །གདུགས་ཀྱིས་ཚ་བའི་སྡུག་བསྔལ་ཀུན་བསལ་ཏེ། །ཉོན་མོངས་མ་ལུས་ཀུན་ལས་རྒྱལ་བ་དང་། །ཆེ་བའི་ཡོན་ཏན་མ་ལུས་རྒྱས་པ་སྟེ། །ལོག་པའི་ཕྱོགས་རྣམས་ཟིལ་གྱིས་གནོན་པར་ཤོག །སྟོན་པ་ལ༴ དབུ་སྐྲ་གདུགས་སུ༴ དེ་རིང་༴ གདུང་བ་ཐམས་ཅད་བསིལ་བའི་དབང་ཐོབ་ཤོག །དབུ་སྐྲ་གདུགས་སུ་བཀྲ་ཤིས་པས་གདུང་བ་ཐམས་ཅད་བསིལ་བའི་དབང་ཐོབ་པར་གྱུར་ཅིག །དབུ་སྐྲ་གདུང་སེལ་གདུགས་ཀྱི་དབང་། གཞན་གྱིས་མི་ཐུབ་བསྡོ་བའི་ཕྱོགས་རྣམས༴ དབུ་སྐྲའི་མཆོག་ལ་མངོན་པར་གསལ་བར་སྟོན། །འདི་ནི་གདུགས་ཀྱིས་དབང་གི་བཀྲ་ཤིས་སོ། །ཉན་པའི་སྒྲ་རྣམས་ཕྱོགས་བཅུར་སྒྲོགས་པ་དང་། །མུ་སྟེགས་ལོག་པའི་ཕྱོགས་རྣམས་སྒྲོགས་པ་དང་། །སེམས་ཅན་ཀུན་གྱིས་ཤེས་པའི་རྒྱུད་བསལ་ཕྱིར། །གསུང་མཆོག་དུང་གི་རྒྱལ་པོར་བཀྲ་ཤིས་ཤོག །སྟོན་པ་ལ༴ ཚེམས་གསུང་ནི་དུང་དུ༴ དེ་རིང་ཁྱོད་ལ༴ རྒོལ་བ་ཐམས་ཅད་སྤ་བཀོང་བའི་དབང་ཐོབ་པར་གྱུར་ཅིག །གསུང་དུ་བཀྲ་ཤིས་པ་རྒོལ་བ་ཐམས་ཅད་སྤ་བཀོང་ཞིང་ཆོས་ཀྱི་སྒྲ་སྒྲོགས་པའི་དབང་ཐོབ་པར་གྱུར་ཅིག །དུང་གི་རྒོལ་བ་སྤ་བཀོང་སྒྲོགས། །གཞན་གྱིས་མི་ཐུབ་སྡོ་བའི་ཕྱོགས༴ གསུང་གི་མཆོག་ལ་མངོན་པར་གསལ་བར་སྟོན། །འདི་ནི་དུང་གི་དབང་གི་བཀྲ་ཤིས་སོ། །ཕྱག་ཞབས་ཉ་བཞིས་བཀྲ་ཤིས་ཏེ། །མཛེས་སྙོམས་ཡིད་འོང་ཀུན་གྱི་དཔལ། །ཉོན་མོངས་གནས་ནས་འདྲེན་མཛད་པ། །ཉ་ཤ་བཀྲ་ཤིས་གསེར་ཉར་ཤོག །སྟོན་པ་ལ་བདུད་ཀྱིས་བསྡོས་པའི་ཚེ། །ཕྱག་དང་ཞབས་ཀྱི་ཉ་བཞིར་གསེར་ཉར་འགྱུར། །དེ་རིང་ཁྱོད་ལ༴ འཁོར་བའི་ཉམ་ང་མེད་པར་ཤོག །ཕྱག་དང་ཞབས་ཉ་བཞིར་བཀྲ་ཤིས་པས་འཁོར་བར་དོན་མཛད་ཀྱང་ཉམ་ང་མེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །ཕྱག་ཞབས་ཉ་བཞིས་དོན་མཛད་ཀྱང་། །གཞན་གྱིས་མི་ཐུབ་སྡོ་བའི་ཕྱོགས༴ ཉ་ཤ་བཞི་ལ་མངོན་པར་གསལ་བར་སྟོན། །འདི་ནི་གསེར་ཉའི་དབང་གི་བཀྲ་ཤིས་ཤོག །དཔལ་བེའུ་ཐུགས་ཀྱི་བཀྲ་ཤིས་ས་བོན་ནི། །འདྲེན་པ་རྣམས་ཀྱི་ཐུགས་ལགས་པས། །བླ་མེད་ཐར་ལམ་དྲངས་བའི་ཕྱིར། །ཐུགས་ནི་དཔལ་གྱི་བེའུར་བཀྲ་ཤིས་ཤོག །སྟོན་པ་ལ་བདུད་ཀྱིས་བསྡོས་པའི་དུས་སུ། །ཐུགས་ནི་དཔལ་གྱི་བེའུར་བཀྲ་ཤིས་གྱུར། །དེ་རིང་ཁྱོད་ལ་སྦྱིན་བྱས་པས། །ཐམས་ཅད་མཁྱེན་པའི་དབང་ཐོབ་ཤོག །ཐུགས་དཔལ་གྱི་བེའུར་བཀྲ་ཤིས་པས་ཐམས་ཅད་མཁྱེན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དཔལ་གྱིས་བེའུ་ཐམས་ཅད་མཁྱེན་པའི་དབང་། །གཞན་གྱིས་མི་ཐུབ་ཆེ་བའི་རྟགས་དང་ལྡན། །སྡོ་བའི་ཕྱོགས་རྣམས་ཀུན་ལས་ཁྱད་པར་འཕགས། །ཐུགས་ཁ་ཉིད་ལས་མངོན་པར་གསལ་བར་སྟོན། །འདི་ནི་དཔལ་པཎྜི་ཏ་འབུམ་ཕྲག་གསུམ་པའི་གསུང་མས་ལས་ཐུགས་བརྟགས་ཐེབས་ཆེན་ལའང་རྡོ་རྗེ་རྩེ་གསུམ་སྦྱར་ཡོད་གསུངས། བེའུ་དབང་གི་བཀྲ་ཤིས་སོ། །དབང་མཆོག་དམ་པའི་བུ་མཆོག་སྟེ། །དོན་རྣམས་འགྲུབ་པར་བཀྲ་ཤིས་ཕྱིར། །བདུད་འདུལ་བཀྲ་ཤིས་རྫས་མཆོག་རྣམས། །རྟགས་ཀྱིས་བརྒྱན་དེ་སྦྱིན་པར་བྱའོ། །དཔལ་བེའུ་ཐམས་ཅད་མཁྱེན་པའི་དབང་། །རྒྱལ་མཚན་བདུད་བཞི་ལས་རྒྱལ་དང་། །དུང་གིས་རྒོལ་བ་སྤ་བཀོང་སྒྲིགས། །ཕྱག་མཐིལ་འཁོར་ལོ་ཆོས་སྐོར་དབང་། །མགུར་བུམ་ཐུགས་རྗེས་ཀུན་འཇིགས་དབང་། །ཕྱག་ཞབས་ཉ་བཞིས་དོན་མཛད་དབང་། །ལྗགས་ཀྱི་པདྨ་གོས་མེད་དབང་། །དབུ་སྐྲ་གདུགས་ཀྱིས་གདུང་སེལ་དབང་། །རྗེས་སུ་མཐུན་པའི་སྨོན་ལམ་བྱ། །ཞེས་སོ། །རིམ་པ་ལ་ངེས་པ་མེད་ཀྱིས་འདི་དོན་སངས་རྒྱས་ཀྱི་སྐུ་ལ་མོས་ཐོབ་འདུན་པ་གལ་ཆེའོ། །དོན་རྣམས་འགྲུབ་པའི་བུ་མཆོག་དེ། །རྡོ་རྗེའི་དབང་མཆོག་ཐོབ་པར་ཤོག །ཞིང་ཁམས་ཀུན་ཏུ་སྒྲགས་པ་ཡིས། །རྩལ་གྱི་ཐིག་ལེ་རྡོ་རྗེ་སྦྱིན། །ཅེས་ཐིག་ལེ་དཔལ་ཆེན་གྱིས་མིང་གདགས་སོ། །བདེན་པ༴ རིགས༴ དོན་དང་མི་འགལ་བའི་མིང་གིས་དབང་བསྐུར་བས། ཐམས་ཅད་འདུལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །ནང་དབང་བཅུ་གཅིག་རྫོགས་སོ། །དེ་ནས་སྒྲུབ་དབང་བཅུ་གསུམ་ནི། །སྐྱེ་མེད་ཆོས་ཀྱི་དབྱིངས་ལས། །སེམས་ཀྱིས་དབང་བསྐུར་ཐོབ་པར་ཡིས། །ཤེས་རབ་ཆེན་པོ་རིག་པའི་དབང་། །སེམས་ལོན་དོན་གྱི་གཏན་ཚིགས་ནི། །དེ་རིང་ཁྱོད་ལ་སྦྱིན་པར་བྱའོ། །བདེན༴ རིགས༴ དང་པོ་ཤེས་རབ་རིག་པའི་གཏན་ཚིགས་སེམས་ལོན་སྦྱིན། ལྟ་བ་གཏན་ཚིགས་ཤེས་རབ་གསུམ་དང་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་མཐར་ཕྱིན་པར་གྱུར་ཅིག །བསྒྲུབ་དབང་བཅུ་གསུམ་ཡོད་པ་ལས་དང་པོ་ཤེས་རབ་རིག་པའི་དབང་ངོ་། །ཀུན་འདུས་ཀྱི་དབང་བྱང་ནོར་བུ་འཕྲེང་བ་ལས། བསྒྲུབ་པའི་རྫས་ཀྱི་དབང་སྐུར་ནི། །རིགས་ཀྱི་བུ་རྣམས་དཀྱིལ་འཁོར་གྱི། །བརྐྱང་ཕྱག་བྱས་ལ་སྟེང་དུ་དྲང་། །བསྒྲུབ་དབང་བཅུ་གཉིས་རྫོགས་པར་བསྐུར། །ཅེས་བསྒྲུབ་པའི་ལྷ་དང་དམ་རྫས་སྡོམ་ནས་བཅུ་གཉིས་སུ་གསུངས་ཏེ་སློབ་བུ་འདིས་བསྒྲུབ་རྫས་གཙོ་བོ་དད་འདུན་བརྩོན་འགྲུས་ཕུལ་བས། དམ་ཚིག་ཏིང་འཛིན་ཤེས་རབ་དང་། བྱང་ཆུབ་སེམས་དང་སྙིང་རྗེ་ལྔ་པོ་མཐར་ཕྱིན་པའི་དབང་ཐོབ་པར་གྱུར་ཅིག །དབང་དོན་རྒྱས་པ་ལས། ནང་དབང་བཅུ་གཅིག་རྫོགས་པ་དང་། །དེ་དག་ཀུན་ལ་སྤྱོད་སྒྲུབ་པའི། །བསྒྲུབ་པའི་དབང་རྣམས་བསྐུར་བར་བྱ། །ཞེས་སོ། །བསྒྲུབ་དབང་བཅུ་གསུམ་ཡོད་པ་ལས། །དབང་པོ་སྒྲུབ་རྫས་གཙོ་བོ་དད་འདུན་བརྩོན་འགྲུས་དང་། བསྒྲུབ་དབང་དང་པོ་ཤེས་རབ་རིག་པའི་དབང་དང་དེ་གཉིས་ཙ་ཀ་ཅིག་ཏུ་མཛད་པ་ལགས། ༈ བྱ་བའི་མཚན་མ་ཀུན་བྲལ་ཞིང་། །བཙལ་མེད་གནས་པའི་བྱང་ཆུབ་སེམས། །སྙིང་རྗེ་ཆེན་པོའི་བདེ་མཆོག་གིས། །ཁམས་གསུམ་ཀུན་ལ་དབང་བསྒྱུར་བའི། །དབང་མཆོག་ཁྱོད་ལ་སྦྱིན་པར་བྱའོ། །བདེན༴ རིགས༴ གཉིས་པ་སྙིང་རྗེ་རྟགས་ཀྱི་ཉི་ཟླའི་དཀྱིལ་འཁོར་སྦྱིན། །ཅེས་དང་རྔམ་ཀློག་ཏུ་གཉིས་པ་སྙིང་རྗེའི་དབང་བསྐུར་སྦྱིན་ཅིག་ཅེས་པས་བྱང་ཆུབ་སེམས་ཁམས་གསུམ་ཏིང་འཛིན་དང་སྙིང་རྗེ་སྒྱུ་མ་ཚད་མེད་དང་ཀུན་ཏུ་སྣང་གི་ཏིང་ངེ་འཛིན་མཐར་ཕྱིན་པར་གྱུར་ཅིག །སྒྲུབ་དབང་གཉིས་པ་ཁམས་གསུམ་དབང་བསྒྱུར་གྱི་དབང་ངོ་། ༈ །ཉོན་མོངས་ལྔ་པོ་གནས་དག་པས། །ཡེ་ཤེས་ལྔ་པོ་ཐོབ་བྱའི་ཕྱིར། །ཡི་གེ་འཁོར་ལོའི་དབང་མཆོག་འདི། །དབང་ཐོབ་དེའི་ལག་ཏུ་སྦྱིན། །བདེན༴ རིགས༴ རྔམ་ཀློག་ཏུ༴ གསུམ་པ་མིག་གི་འཁོར་ལོ་སྦྱིན། །ཅེས་པས་སྟོང་ཉིད་སྙིང་རྗེ་དབྱེར་མེད་དང་སེམས་ཉིད་སྟོང་པ་སྣང་བ་གཉིས་སུ་མེད་པའི་རིག་པ་རྒྱུའི་ཏིང་ངེ་འཛིན་མཐར་ཕྱིན་པར་གྱུར་ཅིག །བསྒྲུབ་དབང་གསུམ་པ་ཡི་གེ་འཁོར་ལོའི་དབང་ངོ་། ༈ །སྲིད་གསུམ་འགྲོ་བའི་དོན་རྣམས་ཀུན། །ཐམས་ཅད་རྫོགས་པར་ནུབ་པ་ཡིས། །རྟགས་ཀྱི་དབང་མཆོག་དམ་པ་ནི། །ཐོང་གཤོལ་འབར་བ་སྦྱིན་པར་བྱའོ། །བདེན༴ རིགས༴ དབང་དོན་འབྱེད་པ་ལས། ཡི་གེ་འཁོར་ལོ་དང་འགྲོ་དོན་ཐོང་གཤོལ་དྲིལ་ནས་ཅིག་ཏུ་མཛད་པ་ལྟར་དུ། དབང་ནོར་བུ་ཕྲེང་བ་ལས་ཀྱང་མཛད། རྔམ་གློག་ཏུ༴ བཞི་པ་ཐོང་གཤོལ་འབར་བ་སྦྱིན། །ཅེས་ཏེ་ཡི་གེ་དང་ལྷ་དུ་མས་རྟོག་འཇོམས་ཕྱག་རྒྱ་སྤྲོས་བཅས་བདག་གཞན་དོན་བྱེད་ཀྱི་དབང་ཐོབ་པར་གྱུར་ཅིག །བསྒྲུབ་དབང་བཞི་པ་འགྲོ་དོན་རྫོགས་བྱེད་ཐོང་གཤོལ་གྱི་དབང་ངོ་། ༈ །རྟགས་ཆེན་གའུ་རྣམ་པ་གསུམ། །དམར་ཆེན་ཁྲག་གིས་བཀང་ནས་ཀྱང་། །དབང་ཐོབ་དེ་ཡི་ལག་ཏུ་སྦྱིན། །དུག་གསུམ་གཏན་སྤྲུགས་ཐོད་པའི་དབང་། །སྐུ་གསུམ་ལྷུན་གྱིས་གྲུབ་པ་ཡིས། །དུག་གསུམ་གཏན་ནས་ཟད་བྱེད་པའི། །གའུ་གསུམ་གྱིས་དབང་སྐུར་བས། །སངས་རྒྱས་སྐུ་གསུང་ཐོབ་པར་ཤོག །བདེན༴ རིགས༴ དབང་དོན་འབྱེད་པ་ལས། དུག་གསུམ་སྤྲུགས་པའི་གའུ་རྣམ་གསུམ་སྦྱིན། །ཅེས་དང་རྔམ་གློག་ཏུ༴ བན་དྷ་གང་པ་སྦྱིན་དང་ལྔ། །ཞེས་པས་བར་དུ་གཅོད་པ་ཐམས་ཅད་ཀྱི་དབང་དུ་མི་འགྱུར་བར་བུས་དམ་བཅས་འཚམས་པ་ཇི་སྲིད་དུ་དུག་གསུམ་སྐུ་གསུང་ཐུགས་སུ་བསྒྲུབ་པའི་ཚོམ་བུ་ཚོགས་ཆེན་དུ་མས་བསྒྲུབ་པ་དང་། ཚོགས་ཆེན་ཆིག་སྒྲུབ་ཀྱི་དབང་ཐོབ་པར་གྱུར་ཅིག །བསྒྲུབ་དབང་ལྔ་པ་དུག་གསུམ་གཏན་ནས་སྤྲུགས་པ་ཐོད་པ་ཚར་གསུམ་གྱི་དབང་ངོ་། ༈ །ཐོགས་པ་མེད་པའི་ཤེས་རབ་ཀྱིས། །དུག་གསུམ་རྩད་ནས་བཅད་པའི་ཕྱིར། །རལ་གྲི་ལ་སོགས་མཚོན་ཆ་ཡི། །དབང་མཆོག་དམ་པ་ཁྱོད་ལ་སྦྱིན། །བདེན༴ རིགས༴ དབང་དོན་འབྱེད་པ་ལས། སྲིད་གསུམ་སྒྲོལ་བའི་ཀ་ཏར་མཚོན་ཆ་སྦྱིན། །ཅེས་དང་སྲིད་གསུམ་ཡོངས་སྒྲོལ་ཅེས་དང་། རྔམ་གློག་ཏུ༴ དྲུག་པ་མཚོན་ཆ་སྣ་ཚོགས་སྦྱིན། །ཅེས་དོན་དམ་བདེན་པ་མཐོང་བའི་ལམ་བསྙེན་པ་མཐར་ཕྱིན་པས་ཟག་ལྡོག་མེད་པའི་རིག་འཛིན་དུ་གྱུར་ཅིག །དོན་དམ་དུ་ནི་དཀོར་བདུན་ནོ། །ཞེས་རྒྱལ་བའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཆོས་དབྱིངས་རང་བྱུང་ཡེ་ཤེས་དང་བདུན་ལ་གསུངས། བསྒྲུབ་དབང་དྲུག་པ་ཉོན་མོངས་རྩད་གཅོད་མཚོན་ཆའི་དབང་ངོ་། ༈ །ཉོན་མོངས་འཁོར་བའི་ཆོས་རྣམས་ལ། །སྤྱད་ཀྱང་གོས་པར་མི་འགྱུར་བའི། །རྟགས་ཀྱི་ཕྱག་རྒྱ་ཆེན་པོ་ནི། །པད་མའི་དབང་མཆོག་སྦྱིན་པར་བྱ། །བདེན༴ དབང་དོན་འབྱེད་པར། །སྐྱོན་གྱིས་མ་གོས་རྣམ་དག་པད་མ་སྦྱིན། །ཅེས་དང་། ཅི་སྤྱོད་སྐྱོན་བྲལ་པད་མ་ཞེས་དང་། རྔམ་ཀློག་ཏུ༴ བདུན་པ་སྐྱོན་མེད་པད་མ་སྦྱིན། །ཅེས་ཀུན་རྫོབ་བདེན་པ་མཐོང་བའི་ལམ་ཉེ་བར་བསྙེན་པ་མཐར་ཕྱིན་པས་ཟག་པ་ཉོན་མོངས་དང་ཕྱིར་ལྡོག་པ་མེད་པའི་རིག་འཛིན་དུ་གྱུར་ཅིག །ཀུན་རྫོབ་ཏུ་ནི་མཉམ་རྫོགས་སོ། །ཞེས་པས་དོན་དམ་སྐྱེ་མེད་དུ་མཉམ། །ཀུན་རྫོབ་སྒྱུ་མར་མཉམ། བདེན་པ་གཉིས་དབྱེར་མེད་དུ་མཉམ། ཆེན་པོ་ཕུང་པོ་པད་མ་འབྱུང་ལྔ་རིགས་ལྔ་ཡབ་ཡུམ་དུ་མཉམ། རྣམ་པར་ཤེས་པ་ཚོགས་བརྒྱད་ཡེ་ཤེས་ལྔར་མཉམ་པ་ནི་མཉམ་པ་ལྔ་ཞེས་སོ། །བསྒྲུབ་དབང་བདུན་པ་སྤྱོད་བཞིན་མ་ཆགས་པད་མའི་དབང་ངོ་། ༈ །ལས་རྣམས་རྫོགས་པར་བྱེད་པར་ཡིས། །དབང་མཆོག་དམ་པའི་རྟགས་ཆེན་འདི། །སྟི་ར་དབྱུག་པ་ཆེན་པོ་དག །དབང་ཐོབ་དེའི་ལམ་དུ་སྦྱིན། །ཞིང་དབྱུག་དགྲ་སྟ་དྲི་བྲུ་ལ། །རྣམ་བཞི་ལས་ཀྱིས་འདུལ་བ་ཡི། །ཕྱག་རྒྱ་ཆེན་པོ་བསྟན་པ་ནི། །སྟི་ར་ཆེན་པོར་དབྱུག་པའི་དབང་། །སྐལ་ལྡན་རྣལ་འབྱོར་ཁྱོད་ལ་སྦྱིན། །བདེན་༴ རིགས་༴ དབང་དོན་འབྱེད་པར། ལས་རྣམས་རྫོགས་པ་ཏི་རའི་དབྱུག་པ་སྦྱིན། །ཅེས་དང་ཕྱི་ནང་ལས་རྫོགས་སྟི་རའི་དབྱུག །ཅེས་ཏེ་དབྱེར་མེད་བདེན་པ་མཐོང་བའི་ལམ་བསྒྱུབ་པ་མཐར་ཕྱིན་པས། ཟག་ལྡོག་མེད་པའི་རིག་འཛིན་དུ་གྱུར་ཅིག །ཡང་དག་སྐྱེས་མཆོག་དམ་པ་ཡིས། །དོན་དམ་ཀུན་རྫོབ་དབྱེར་མེད་པར། །མཉམ་པ་ཉིད་དུ་རབ་ཏུ་རྟོགས། །ཞེས་སོ། །བསྒྲུབ་དབང་བརྒྱད་པ་རྣམ་བཞི་ལས་རྫོགས་སྟི་ར་དབྱུག་པའི་དབང་ངོ་། ༈ །ཡུམ་དང་གཉིས་མེད་འཁྲིལ་པ་ཡི། །ཆོས་ཉིད་དོན་དང་གཉིས་མེད་རྟགས། །སྦྲུལ་གནག་འཁྲིལ་པའི་ཆུན་པོ་འདི། །དབང་ཐོབ་དེའི་ལག་ཏུ་སྦྱིན། །དཔལ་ཆེན་ཤི་རི་རེ་ཌུ་ལ། །ཕྱོགས་བཅུ་སངས་རྒྱས་ཐམས་ཅད་ཀྱིས། །སྦྲུལ་གྱི་ཆུན་པོས་དབང་སྐུར་བས། །ཐུགས་རྗེ་ཞེ་སྡང་གནས་སུ་དག །དེ་བཞིན་རྣལ་འབྱོར་ཆེ་གེ་ལ། །སྦྲུལ་གྱི་ཆུན་པོས་དབང་བསྐུར་བས། །བདུད་དང་སྲིན་པོ་ཀུན་བཅོམ་ནས། །འཇིགས་བྱེད་ཆེན་པོར་མཐུར་ལྡན་ཤོག །བདེན༴ རིགས༴ དབང་དོན་འབྱེད་པར། གཉིས་མེད་འཁྲིལ་བའི་སྦྲུལ་གནག་ཆུན་པོ་སྦྱིན། །ཅེས་དང་ཐབས་ཤེས་དབྱེར་ན་སྦྲུལ་ཅེས་ཏེ། །མངོན་སུམ་པོར་རྟོགས་པ་དམིགས་པ་དང་བྲལ་བའི་རང་གསལ་ལྟ་བྱ་ལྟ་བྱེད་ལྟ་བ་གསུམ་ཐ་དད་བྲལ་བ་ལ་མི་བསྒུལ་བར་དབྱིངས་ནས་མཐོང་བའི་ལམ་བསྒྲུབ་པ་ཆེན་པོ་མཐར་ཕྱིན་པས་ཟག་ལྡོག་མེད་པའི་རིག་འཛིན་དུ་གྱུར་ཅིག །སྦྲུལ་གྱི་ཆུན་པོས་དབང་བསྐུར་བས་དོན་དམ་དང་ཀུན་རྫོབ་དབྱེར་མེད་པར་རྟོགས་པའི་དོན་མངོན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསྒྲུབ་དབང་དགུ་པ་དོན་དམ་དབྱེར་མེད་སྦྲུལ་གནག་ཆུན་པོའི་དབང་ངོ་། ༈ །གསང་བ་སྦྱོར་བའི་ཤེས་རབ་མ། །དྲི་མེད་རྣམ་ག་དལྷ་མོ་ཞིག །མཚན་ལྡན་ཤིན་ཏུ་བརྒྱན་བྱས་ལ། །དབང་ཐོབ་དེ་ལ་སྦྱིན་པར་བྱའོ། །དོན་དམ་རང་བཞིན་སྤྲོས་བྲལ་བས། །དྲི་མེད་རྣམ་དག་བྱང་ཆུབ་སེམས། །ཞི་བྱེད་གཟུངས་མའི་རྒྱལ་མོའི་དབང་། །སྐལ་ལྡན་རྣལ་འབྱོར་ཁྱོད་ལ་སྦྱིན། །བདེན༴ རིགས༴ དབང་དོན་འབྱེད་པ་ལས། གསང་བ་སྦྱོར་བའི་ཤེས་རབ་ལྷ་མོ་སྦྱིན། །ཅེས་དང་། ནོར་བུ་ཕྲེང་བ་ལས་དབང་པོ་ཡུལ་སྦྱོར་ཡུམ་ཞེས་དང་། རྔམ་ཀློག་ཏུ། བཅུ་པ་དྲི་མེད་ལྷ་མོ་སྦྱིན། ཅེས་ཏེ། བསྙེན་སྒྲུབ་བཞི་སྦྱོར་གྲོལ་ལམ་མཆོག་རྫོགས་ཤིང་སྒྲུབ་པའི་རིག་འཛིན་མཐར་ཕྱིན་པས་རྣམ་པར་སྨིན་པའི་རིག་འཛིན་དང་ཚེ་ལ་དབང་བའི་རིག་འཛིན་དུ་གྱུར་ཅིག །བསྒྲུབ་དབང་བཅུ་པ་གཉིས་མེད་སྦྱོར་རྟགས་ལྷ་མོའི་དབང་ངོ་། ༈ །དབང་ཐོབ་རྒྱལ་པོ་ཆེན་པོ་སྟེ། །ཀུན་གྱི་བདག་པོ་ཡིན་པས་ནི། །རོལ་མོ་དྲི་དང་ཞལ་ཟས་དང་། །འདོད་ཡོན་ལྔ་ལ་སོགས་པ་དང་། །ཉེ་བའི་ལོངས་སྤྱོད་རྒྱན་རྣམས་ཀུན། །ཐམས་ཅད་ཐམས་ཅད་སྦྱིན་པར་བྱའོ། །བདེན༴ རིགས༴ ༀ་བཟའ་དང་བཅའ་དང་བཏུང་ལ་སོགས། །རང་སེམས་རྣམ་དག་རྒྱན་གྱི་ཕྱིར། །གཉིས་མེད་རོལ་པའི་དབང་བསྐུར་བས། །བདུད་རྩི་ཡིད་བཞིན་སྐུ་གྲུབ་ཤོག །བཟའ་དང་བཅའ་དང་བཏུང་དང་བགོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ཀུན། །སྤྱོད་བཞིན་མ་ཆགས་རོལ་པ་ཡི། །ལོངས་སྤྱོད་རྫོགས་པའི་དབང་བསྐུར་རོ། །སྣང་མཛད་ལ་སོགས་བདུད་རྩི་ཡིས། །འཁོར་བའི་རྟོག་པ་གཞོམ་པའི་ཕྱིར། །དད་ལྡན་བུ་ཀུན་ཚིམ་པར་གྱིས། །བདུད་རྩི་རྣམ་ལྔའི་དབང་ཐོབ་ཤོག །དཀར་རྩི་དམར་རྩི་དྲི་ཤ་ཆེན། །སོ་སོའི་ཚིག་བརྫོད། དབང་དོན་འབྱེད་པ་ལས། ཀུན་ལ་དབང་བསྒྱུར་འདོད་ཡོན་རྣམ་ལྔ་སྦྱིན། །ཅེས་དང་། འདོད་ཡོན་རྫོགས་པ་ལོངས་སྤྱོད་ཅེས་པ་ལ། །བཟའ་བཏུང་དང་༴ རྒྱན་ཆས༴ སྟག༴གླང་ཆེན༴ ཞིང་༴ ཐོད་ཕྲེང་༴ སྦྲུལ༴ ཁྱུང་༴ མེ༴ རྟག༴ ཧེ་རུ་ཀ་འདུས་པའི་རྒྱུད་ཀྱི་ལོངས་སྤྱོད་ཐུན་མོང་དབང་བཅུ་དང་། རོལ་པའི་རྫས་དང་། བདག་གཞན་བྱ་བ་ཡོངས་རྫོགས་དང་། །སྣང་སྲིད་ཀུན་གྱིས་དབང་བསྐུར་བས། །སྦྱིན་པ་དང་། ཚུལ་ཁྲིམས་དང་༴ བཟོད་པ་དང་༴ བརྩོན་འགྲུས་དང་། བསམ་གཏན་དང་༴ ཤེས་རབ་དང་། ཐབས་ལ་མཁས་པ་མཐར་ཕྱིན་པས་ཟག་པ་དང་ལྡོག་པ་མེད་པའི་སྒོམ་ལམ་ཕྱག་རྒྱ་ཆེན་པོར་གྱུར་ཅིག །ༀ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། བདེན་པའི་རྗེས་ལ་བཟའ་བཏུང་གི་དབང་བསྐུར་བས་ཡོ་བྱད་རྣམ་པ་ལྔ་ལ་ལོངས་སྤྱོད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །བསྒྲུབ་དབང་བཅུ་གཅིག་པ། མངའ་བདག་ཆེན་པོ་ལོངས་སྤྱོད་སྣ་ཚོགས་དབང་། ༈ སྔོན་ཚེ་དཔལ་ཆེན་ཧེ་རུ་ལ། །ཕྱོགས་བཅུའི་རྒྱལ་བ་མ་ལུས་པས། །སྟག་གི་ཤམ་ཐབས་བྱིན་པ་ཡིན། །བདུད་དང་སྲིན་པོ་ཀུན་བསྒྲལ་ནས། །མ་ཚོགས་མཁའ་འགྲོ་དབང་དུ་བསྡུས། །དེ་བཞིན་རྡོ་རྗེ་ཆེ་གེ་ལ། །སྟག་གི་ཤམ་ཐབས་གསོལ་བ་ཡིན། །དཔའ་བོ་བདུད་ལས་རྒྱལ་བ་དང་། །རྣམ་རྟོག་འཇོམས་པའི་དབང་ཐོབ་ཤོག ༈ །སྔོན་ཚེ་དཔལ་ཆེན་ཧེ་རུ་ལ་འགྲེའོ། །ཕྱོགས་བཅུའི༴ གླང་ཆེན་ཀོ་རློན། གཏི་མུག་གནས་སུ་དག་པའི་ཕྱིར། །ཁམས་གསུམ་བདག་པོར་གྱུར་པ་ཡིན། །དེ་རིང་རྣལ་འབྱོར་ཆེ་གེ་ལ། །གླང་ཆེན་ཀོ་བས་དབང་༴ གཏི་མུག་གནས་སུ་དག་པའི་ཕྱིར། །མཐུ་དཔུང་ཆེན་པོ་འཇོམས་པར་ཤོག །མཐུ་དཔུང་དབང་ཆེན་ཐོབ་པར་ཤོག །སྔོན་ཚེ༴ བདུད་དང་སྲིན་པོ་ལ་སོགས་པ། །བཅོམ་ལྡན་སྐུ་ལ་བསྡོ་བའི་ཚེ། །ཕྱོགས་བཅུའི༴ ཞིང་གི་གཡང་གཞི༴ བདུད་དང་སྲིན་པོ་བཏུལ་བ་ལྟར། །འཁོར་བ་རྡུལ་དུ་བརླག་མཛད་ཕྱིར། །དེ་རིང་རྡོ་རྗེ་ཆེ་གེ་ལ། །ཞིང་གི་གཡང་གཞིས་དབང་བསྐུར་བས། །བདུད་དང་སྲིན་པོ་ལ་སོགས་པ། །ཐམས་ཅད་འཇོམས་པའི་དབང་ཐོབ་ཤོག ༈ །སྔོན་ཚེ༴ ཕྱོགས་བཅུའི༴ ཐོད་པ་སྐམ་རློན་ནེམ་དྲང་གི། །ཐོད་ཕྲེང་ཚར་གསུམ་མངའ་གསོལ་བས། །ས་གསུམ་ནོན་ནས་སྐུ་གསུམ་གྲུབ། །དེ་བཞིན༴ ཐོད་ཕྲེང་ཚར་གསུམ་དབང་བསྐུར་བས། །སྐུ་གསུམ་ལྷུན་གྱིས་གྲུབ་པ་དང་། །དུག་གསུམ་གནས་སུ་དག་ནས་ཀྱང་། །ཐམས་ཅད་འདུལ་བའི་དབང་ཐོབ་ཤོག །ཐོད་པ་སྐམ་པོ་ཚར་གཅིག༴ རློན་པ་ཚར་གཅིག༴ ནེང་དྲང་དང་ཚར་གསུམ། སྔོན་ཚེ༴ ཕྱོགས་བཅུའི༴ སྦྲུལ་གྱི་ཆུན་པོས་དབང་བསྐུར་བས། །ཐུགས་རྗེ་ཞེ་སྡང་གནས་སུ་དག །དེ་བཞིན་རྡོ་རྗེ་ཆེ་གེ་ལ། །སྦྲུལ་གྱི་ཆུན་པོས་དབང་སྐུར་བས། །ཀླུ་བདུད་སྲིན་པོ་ཀུན་བཅོམ་ནས། །འཇིགས་བྱེད་ཆེན་པོའི་མཐུ་ལྡན་ཤོག ༈ །དཔལ་ཆེན་ཤྲཱི་ཧེ་རུ་ལ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །ཁྱུང་གི་གཤོགས་པས་དབང་བསྐུར་བས། །བདུད་དང་སྲིན་པོ་ཟིལ་གྱིས་གནོན། །དེ་བཞིན་རྣལ་འབྱོར་དབང་ཕྱུག་ལ། །ཁྱུང་གི་གཤོག་པས་དབང་སྐུར་བས། །རྡོ་རྗེ་ཁྱུང་ལྟར་ཐོགས་མེད་པར། །མཁའ་ལྟར་ཡོངས་ལ་ཁྱབ་པར་ཤོག །ཐབས་དང་ཤེས་རབ་འབྲེལ་པར་ཤོག །ཧཱུཾ་འབར་བ་འཕྲོ་བ་ཡེ་ཤེས་ཐུགས་རྗེར་ལྡན། །ཡེ་ཤེས་གསལ་བས་ཕྱོགས་བཅུར་མུན་གནག་སེལ། །སྨུག་གནག་སྔོ་གནག་སེར་གནག་དང་། །དམར་གནག་ལྗང་གནག་འཇིགས་པའི་གཟུགས། །བསྐལ་པའི་མེ་དཔུང་འབར་བས་དབང་བསྐུར་བས། །མཚན་མའི་འཇིག་རྟེན་བསྲེག་པའི་དབང་ཐོབ་ཤོག །ༀ་བཛྲ་ཛྭ་ལ་རཾ་ཛྙ་ན་ཧཱུཾ། བདེན༴ རིགས་པ༴ བསྐལ་པའི་མེ་རིས་དབང་སྐུར་ཏེ། །དེ་དམར་གནག་ཏུ་འབར་བས་དབང་བསྐུར་བས། །སྔོ་གནག་ཏུ་འབར༴ ལྗང་གནག་ཏུ་འབར༴ སྨུག་གནག་ཏུ་འབར༴ སེར་གནག་ཏུ་འབར༴ མཐིང་གནག་ཏུ་འབར་བས་དབང་བསྐུར་བས། །ཧཱུྃ་ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ཞིང་ཆེན་གསར་རྙིང་སྟི་རར་བཅས། །དམར་གྱི་ཨརྒ་རྒྱ་མཚོར་འཁྱིལ། །ཁྲག་གི་ཚོམ་བུས་མཚན་པ་ནི། །འདི་ཡང་སྔོན་གྱི་དམ་ཚིག་ལ། །འདི་ཡང་རྟགས་གྱི་ཕྱག་རྒྱ་སྟེ། །ཆོས་ཉིད་ཞག་གིས་བརྒྱན་པ་ཡི། །ཞག་གི་ཚོམ་བུས་དབང་བསྐུར་བས། །ཆོས་ཉིད་དབྱིངས་སུ་རྒྱལ་བ་དང་། །གདུག་པ་ཐབས་ཀྱིས་འདུལ་བ་དང་། །ཆེ་བའི་ཡོན་ཏན་རྒྱལ་པོ་དང་། །ཆོས་ཉིད་ཞག་གི་དབང་ཐོབ་ཤོག །སརྦ་ཏ་ཐ་ག་ཏ་ཨ་ལ་ལ་ཧོ། །ཧེ་རུ་འགྲེ། དུར་ཁྲོད༴ ཞིང་ཆེན༴ དམར་གྱི༴ ཐལ་བའི་མཚན་མས་བརྒྱན་པ་འདི། །གདུག་པ་མ་ལུས་རབ་འདུལ་བ། །ཆེ་བའི་རྒྱལ་པོ་ཀུན་གྱི་བདག །ཐམས་ཅད་ཀུན་ཏུ་དཔའ་བོའི་མཚན། །གདུག་པ་ཟིལ་གནོན་ཐལ་བའི་མཚན། །དབང་མཆོག་འདི་ཡིས་དབང་བསྐུར་བས། །ཁམས་གསུམ་གདུག་པ་ཐལ་བར་རློག །དེ་འདྲའི་དབང་མཆོག་ཐོབ་པར་ཤོག །ཨ་པ་ཏ་བ་ཡ་ཧཱུྃ། ཧཱུཾ་ཧེ་རུ་འགྲེའི། ཁྲག་གི་ཐིག་ལེས༴ འདི་ཡང་སྔོན། འདི་ཡང་རྟགས༴ འདོད་ཆགས་གནས་སུ་དག་པ་ཡི། །ཁྲག་གི་ཐིག་ལེས་རྟགས་མཚན་ནས། །ཁྲག་གི་ཐིག་ལེས་དབང་སྐུར་བས། །གཏུམ་པ་དྲག་པོ་འཇོམས་པ་དང་། །ང་རྒྱལ་དྲག་པོ་འདུལ་མཛད་ཅིང་། །དབང་མཆོག་དམ་པ་ཐོབ་པར་ཤོག །ༀ་མ་ཧཱ་རག་ཏ་ནི་ཏི་ལ་ཀ་ཧཱུྃ། རྡོ་རྗེ་མིང་གི་དབང་བསྐུར་རོ། ༈ །ཧེ་རུ་འདུས་རྒྱུད་ལས། བུམ་པ་དབུ་རྒྱན་ཅོད་པན་དང་། །ཕྲེང་བ་པོ་ཏི་རྒྱ་གྲམ་དང་། །འཁོར་ལོ་མིང་དང་མུ་ཏྲ་དང་། །ལོངས་སྤྱོད་བཅུ་ཡི་དབང་བསྐུར་བས། །ཐུན་མོང་དབང་དུ་རྒྱལ་བས་གསུངས། །རྡོ་རྗེ་དྲིལ་བུ་དམ་རྫས་དང་། །ཐོད་པ་ཞིང་དང་སྟག་ལྤག་དང་། །ཀོ་བ་མེ་རི་གཤོག་པ་དང་། །སྦྲུལ་དང་ཟ་བྱེད་ཕྱག་རྒྱ་དང་། །ཡུམ་དང་ཐོང་གཤོལ་མདའ་གཞུ་དང་། །རྒྱན་གསུམ་བཅས་པ་ལ་སོགས་པ། །མཛེས་དང་སྡིགས་དང་འབར་བ་དང་། །རོལ་པའི་རྫས་ཀྱིས་དབང་སྐུར་རོ། །བདག་གཞན་བྱ་བ་ཡོངས་རྫོགས་ཕྱིར། །ཉན་སྒོམ་ལ་སོགས་འཆད་པ་དང་། །རྡོ་རྗེ་སློབ་དཔོན་དབང་སྦྱིན་ལས། །ཐུན་མོང་ཕྱག་རྒྱའི་ཆོ་ག་བསྟན། །རང་ལ་གནས་པའི་དཀྱིལ་འཁོར་དག །རྣམ་པའི་ཚུལ་ཏེ་མཚོན་དགེ་དག །ཕྱོགས་བཅུ་དུས་གསུམ་རྡུལ་སྙེད་ཀྱི། །སངས་རྒྱས་ཞིང་ཁམས་མ་ལུས་པ། །དཀྱིལ་འཁོར་ལྷ་ནི་གྱུར་ནས་ཀྱང་། །རོལ་མོ་དབྱིངས་ཀྱི་དབང་བསྐུར་བས། །དེ་ཡི་སེམས་ལ་འཇུག་པར་མཛད། །གང་དུ་ཐབས་ལྡན་རྣལ་འབྱོར་ལ། །སྣང་སྲིད་ཕྱི་ནང་བཅས་པ་ཀུན། །དབང་གི་རྫས་སུ་གྱུར་ནས་ཀྱང་། །དེ་ཡི་སེམས་ལ་འཇུག་པར་མཛད། །ཅེས་གསུང་། ཡང་དག་ལྟར་དུ། ཁྲག་འཐུང་འདུས་པ་དེའི་བྱིན་རླབས་དབང་ཐོབ་ཤོག ༈ །བསྒྲུབ་པའི་རྒྱལ་པོ་དེ་ལ་ནི། །བསྒྲུབ་པའི་ལས་ལ་དབང་ཐོབ་ཕྱིར། །རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །རྒྱལ་བ་ཐམས་ཅད་སྒྲུབ་པ་དང་། །རྡོ་རྗེ་ཚེ་དང་སྨན་ལ་སོགས། །བསྒྲུབ་པ་མ་ལུས་སྒྲུབས་ཤིག་ཅེས། །བསྒྲུབ་རྫས་ཐམས་ཅད་སྦྱིན་པར་བྱའོ། ༼ཀ༽ །ཡིག་འབྲུ་ཀ་ཆེན་པོ་འདི་ནི་ཨ་ནུ་སྒྲུབ་དབང་ལྟར་དུ་ལྷ་དབང་ཐམས་ཅད་འདིར་མཛད་པའི་གདའ་ལགས་སོ། །དབང་ཡིག་རྙིང་པ་ལས། དེ་ནས་རྔ་དང་རྡོ་རྗེ་དང་དྲིལ་བུ་དང་ཕུར་པ་དང་ཕྲེང་བས་བསྐུར། དེ་ནས་དུར་ཁྲོད་ཆས་བརྒྱད་ཀྱིས་དབང་བསྐུར་ཏེ། ཞག་ཐལ་ཆེན་རཀ་ཏ་གཡང་གཞི་གླང་གི་ཀོ་རློན་སྟག་གི་པུག་འདོམས་སྦྲུལ་ཐོད་པ་ཚར་གསུམ། དེ་ནས་མ་མོ་རྣམ་ཀྱི་དབང་། དེ་ནས་རིག་འཛིན་གྱི་དབང་བསྐུར་ཅེས་པ་ནི་ལྷ་དབང་འདི་ཐོག་མར་བྱེད་དུས། གཙོ་བོ་ཚར་པ་དང་སྒྲུབ་རྫས་དབང་སྔར་ལྟར་བྱས་ནས་མ་མོ་རྣམས་ནི། །གནས་མ༴ ཡུལ་མ༴ དབང་མོ༴ འབར་མ༴ གིང་༴ མཁའ་འགྲོ༴ མ་སྲིང་༴ ཕོ་ཉ༴ ལྷག་སྡུད་དུ་དབང་བསྐུར། དེ་ནས་རིག་འཛིན་སྒྲུབ་སྡེའི་ལྷ་རེ་དང་སྙིང་པོ་སྡེབས་སྐུར། དེ་ནས་ཨ་ནུ་མན་ཆད་ཀྱི་རིག་འཛིན་གང་བཀོད་བསྐུར་བའི་ལུགས། རྔམ་གློག་ལྟར་བསྒྲུབ་རྫས་དང་བསྒྲུབ་པའི་གཙོ་བོ་གཉིས། བསྒྲུབ་དབང་གཅིག་ཏུ་གྱིལ་བའི་ལུགས་ཡིན། ཨ་ཏིའི་རིག་འཛིན་གསང་དབང་གི་དུས་ལའོ། །དབང་དོན་འབྱེད་པ་ལས། བསྒྲུབ་པའི་རྒྱལ་པོ་དཀྱིལ་འཁོར་གཙོ་བོ་སྦྱིན། །ཐམས་ཅད་བསྒྲུབ་པའི་བསྒྲུབ་རྫས་ཐམས་ཅད་སྦྱིན། །ཅེས་དང་། སྒྲུབ་ཆེན་ཡོངས་རྫོགས་ཞེས་དང་། རྔམ་ཀློག་ཏུ༴ སྒྲུབ་རྫས་ཐམས་ཅད་སྦྱིན་ཅེས་དང་། ཕྱག་ལེན་དུ་ཡང་དག་དྲུག་ཅུ་རྩ་བརྒྱད་པ་ལ་སོགས་པ་ཐོད་སྐུ་བམ་རྫས་དང་བཅས་པ་གནང་བའོ། །བདེན༴ རིགས༴ བསྒྲུབ་པའི་རྒྱལ་པོ་དཀྱིལ་འཁོར་གཙོ་བོ་དང་བསྒྲུབ་རྫས་ཀྱིས་དབང་བསྐུར་བས། ཐབས་ལ་མཁས་པ་སེམས་ཅན་གྱི་དོན་དང་། སྨོན་ལམ་རྫུ་འཕྲུལ་དང་སྟོབས་བཅུ་བརྙེས་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་ཡེ་ཤེས་ལྔ་མཐར་ཕྱིར་པས་ཡེ་ཤེས་སྐུའི་རྣལ་འབྱོར་སངས་རྒྱས་སུ་ལུང་སྟོན་ཀུན་གྱིས་ཐོས་པར་ཐོབ་པ་སྒོམ་ལམ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐོབ་པར་གྱུར་ཅིག །བསྒྲུབ་དབང་བཅུ་་གཉིས་པ་མངའ་བདག་ཆེན་པོ་དམ་རྫས་སྒྲུབ་པའི་དབང་ངོ་། ༈ །དཀྱིལ་འཁོར་གཙོ་བོ་ཞི་བ་རིགས་དྲུག་གམ། །ཆེ་མཆོག་ལ་སོགས་བསྟན་ལ། ༀ་ཨཱ་ཧཱུཾ་གྷུ་ཡ་ཛྙ་ན་བོ་རེ་ཙི་ཏ་མ་ཧཱ་སུ་ཀ་ཧཱུཾ་ཧཱུཾ་ཧཱུཾ། སྒོ་བྱང་ཕྱི༴ ༀ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཧ་ན་མ་ཐཱ་བྷཉྫ་ཧཱུཾ་ཕཊ། སྒོ་བྱང་ནང་༴ ༀ་ཧྲཱིཿ པད་མ་ཏ་ཀྲིད་བཛྲ་ཀྲོ་ཏ་ཧ་ཡ་གྷི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། པད་མ་ཏ་ཀྲི་མེད་པའང་མཛད། མར་མེ་༴ ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཕཊ། དགོངས་འདུས་ལས༴ ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་སོ། །རུ་ལུ་གཅེས་པའི་དོན་དྲུག་ནས་ༀ་ཨ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་སོ། །མཚོན་ཚ་མངོན་རོལ་དུ། ༀ་རུ་ལུ་རུ་ལུ་ཧཱུྃ་ཕཊ་བྷྱོ་ཅེས་སོ། །སྨན་ཕུད་བདུད་རྩི༴ ༀ་ཨ་ཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཐཱ་ཞེས་སོ། །བསྙེན་ཕུར༴ ༀ་བཛྲ་ཀཱི་ལི་ཀི་ལ་ཡ་སརྦ་བིག་ནན་ཧཱུཾ་ཕཊ། རཀྟ༴ མ་མོ་ཐམས་ཅད་ཀྱི་རུ་ལུའོ། །མ་ཆེན་དུ༴ ཧཱུཾ་ཤྲཱི་ཧེ་རུ་ཀ་མུཾ་ཀྲོ་ཏི་ཤྭ་རི་སྟྭོམ་ཧཱུཾ་ཧ་ཧེ་ཕཊ་མཱ་མ་ཡོ་གི་ནི་རུ་ལུ་བྷྱོ་ཞེས་སོ། །ༀ་གྷུ་ཡ་ཛྙ་ན་ཤྲཱི་ཧེ་རུ་ཀ་ཀྲོ་ཏི་ཤྭ་རི་སྟྭོམ་ཞེས་བཀའ་བརྒྱད་དུའོ། །རིག་འཛིན་དགོངས་འདུས་སུ༴ ༀ་མ་ཧཱ་གྷུ་རུ་ཤྭ་རི་རཾ་གྱི་ལི་ཧཱུཾ། ཕུད་གཏོར་མ་བཀའ་བརྒྱད་དུ༴ ༀ་མ་ཧཱ་་གྷུ་རུ་སརྦ་ཧཱུཾ་ཕཊ། དམ་ཅན་མཆོད་གཏོར་དང་། དྲག་གདོན་འཇིན་རྟེན་མཆོད་བསྟོད་དང་དྲག་སྔགས། །ༀ་བཛྲ་ཙཎྜ་མ་ཧ་རོ་ཁ་ན་ཧཱུཾ་ཕཊ། ཆེ་རྫས་ལ༴ ༀ་བྷྲུཾ་བཛྲ་ཨ་ཡུ་ཤེ་ཧཱུཾ་ཨ་སྤྱིའོ། །ཁྱད་པར་མི་ལ་ༀ་ཎི་བྷྲུཾ་བཛྲ་ཨ་ཡུ་ཤེ་ཛ་ཛ་ཧཱུྃ་ཨ། ཛ་ཧཱུྃ་བཾ་ཧོ། དྲག་པོར། ༀ་བཛྲ་ཙཎྜ་ལི་ཧ་ༀ་ཎི་བྲུཾ་བཛྲ་ཨ་ཡུ་ཤེ་ཛ་ཛ་ཧཱུཾ་ཨ་ཛ་ཧཱུཾ་བཾ་ཧོ། ཞེས་པ་ལ་ༀ་ཨ་ཧཱུཾ་སྭཱ་ཧཱ་དང་ༀ་ཧཱུཾ་ཏྲཾ་ཧྲི་ཨ་དང་ཨེ་ལ་སོགས་པ་ལྷའི་ས་བོན་སྐབས་བསྒྱུར་ཏེ་བྱ། ཎི་དང་རྣི་གཉིས་ཀ་འདམ་ཀའོ། །རྡོ་རྗེ་སེམས་དཔའི་ཁྲུས་བུམ་ལ་ཡིག་བརྒྱ་དང་། ཐེག་པ་འོག་མ་ཉན་རང་ལྷ་མིའི་བར་གང་འོས་བཤད། ༈ བཅུ་གསུམ་གྲགས་པ་རྡོ་རྗེ་མིང་གི་དབང་། །རྒྱལ་བ་སངས་རྒྱས་ཐམས་ཅད་དང་། །དབང་ཐོབ་དེ་གཉིས་གཅིག་པའི་ཕྱིར། །རིག་འཛིན་རྡོ་རྗེ་རྩལ་གྱི་དབང་། །རྡོ་རྗེའི་མིང་ནི་སྦྱིན་པར་བྱའོ། །དེ་ཡི་དབང་མཆོག་ཐོབ་པར་ཤོག །བདེན༴ རིགས༴ དབང་དོན་འབྱེད་པ་ལས། གཉིས་སུ་མེད་པ་ཐིག་ལེ་རྩལ་གྱིས་དབང་བསྐུར་བས། །ལྷ་དང་གཉིས་སུ་མེད་པར་ལུང་བསྟན་ཏོ། །ཞེས་དང་། རྡོ་རྗེ་འཆང་གྲལ་མིང་ཞེས་དང་། །རྔམ་ཀློག་ཏུ་༴ རྡོ་རྗེ་གསང་མིང་སྦྱིན་ཞེས་པ་དང་། །བྲོད་པ་སྐྱེད་ཕྱིར་ཀུན་ཏུ་འོད། །རྡོར་འཛིན་སྟུག་པོ་བཀོད་པར་བསྟན། །མཐར་ཐུག་ས་གསུམ་ཆ་ལས་བརྗོད། །ཅེས་པས་མ་ཧ་པད་མ་སྤྱན་དྲངས། ཨ་ནུ་ཡེ་ཤེས་བླ་མ་འཁོར་ལོའི་ས་ཐོབ་པར་གྱུར་ཅིག །བསྒྲུབ་དབང་བཅུ་གསུམ་པ་གྲགས་པ་རྡོ་རྗེ་མིང་གི་དབང་ངོ་། །ཨཐྎ། ཨ་ནུའི་ཐེག་པ་རྫོགས་སོཧ྅྅྅།།
༈ གསང་དབང་རྫོགས་པའི་ཆུ་བོ་ལ། །བླ་མ་སྐུའི་རྣལ་འབྱོར་སློབ་པ་ནི། བླ་མ་ཞལ་གཅིག་ཕྱག་ཞབས་གཉིས། །བསྙེན་མཐིང་བསྒྲུབ་དུས་སྨུག་གནག་དེའི། །གཡས་དབུ་འདས་པའི་སངས་རྒྱས་བདུན། །གཡོན་དབུ་མ་བྱོན་སངས་རྒྱས་བདུན། །དབུས་དབུ་ད་ལྟར་སངས་རྒྱས་བདུན། །སྐུ་གསུང་ཐུགས་ཆེའི་ཡོན་ཏན་དང་། །ཕྲིན་ལས་དབྱིངས་དང་ཡེ་ཤེས་བདུན། །དབུ་སྟེངས་འཁོར་ལོ་སྐུ་ཆོས་སྟོན། །གཡས་དཀར་གཡོན་དམར་རིན་པོ་ཆེ། །གསུང་བསྟན་ལོངས་སྤྱོད་རྫོགས་དབུས་ཐུགས། །མཆོད་རྟེན་བདུན་སྡོམ་ཉེར་གཅིག་ལ། །རྒྱལ་མཚན་བཅུ་རེ་ཏོག་བུམ་ལྔ། །ཀུན་བསྡོམ་ཆིག་བསྡོམ་ལྔ་བཅུ་ཡང་། །ཕྱོགས་བཅུ་རིགས་ལྔ་ཨ་ཏིར་འདུས། །རྒྱལ་བྱེད་ལྕགས་ཀྱི་རྒྱལ་མཚན་དང་། །གདུལ་བྱ་ཤ་བ་གཅན་གཟན་གཟིག །སྤྲུལ་པ་རྡོ་རྗེ་རིན་ཆེན་སྦྲུལ། །དཔའ་བོ་སྟག་དང་གཟི་མདངས་མི། །དམར་གསལ་ཁྲག་དང་རྩལ་སེང་གེ། །གཏུམ་ཆེན་དོམ་དང་གསེར་གྱི་ཏོག །རྒྱུད་ལས། ཞབས་ཀྱི་གདན་ཁྲི་ཡན་ཆད་ནས། །དབུའི་གཙུག་ཏོར་མན་ཆད་དུ་ཡོངས་སུ་རྫོགས་པར་མཐོང་ངོ་། །དབུ་ལ་བྱུང་བའི་སངས་རྒྱས་ཉི་ཤུ་རྩ་གཅིག་དང་རྒྱལ་མཚན་ཆེན་པོ་བཅུ་ལ་རྫོགས་པའི་རྣལ་འབྱོར་ཡོངས་སུ་རྫོགས་པར་མཐོང་ངོ་། །དབུའི་གཙུག་ཏོར་རྒྱལ་མཚན་གྱི་རྩེ་མོ་ལ་གསེར་གྱི་ཏོག་སྟོང་ནི་རྫོགས་པ་ཆེན་པོའི་རྣལ་འབྱོར་ཉིད་གསལ་བར་མཐོང་ངོ་། །དེ་ལྟར་མཐོང་ཞིང་གསལ་བར་གྱུར་པ་དང་། ཆོས་ཐམས་ཅད་སྐུ་ལ་ཡོངས་སུ་རྫོགས། །ཞེས་དང་། ཕྱག་བཞི་བཅུ་རྩ་གཉིས་ནི་ཁྲག་འཐུང་འབར་བ་བཞི། གྱིང་ཕོ་དགུ་མོ་དགུ །ཟ་བྱེད་ཕ་བཅུ་བསོད་བྱེད་མ་བཅུ་སྟེ་བཞི་རྩ་གཉིས་སུ་གསལ་ལོ། །ཞལ་ཉི་ཤུ་རྩ་གཅིག་ནི་སྲིད་པ་ཟ་བྱེད་གསལ་བའི་དུར་ཁྲོད་ཉི་ཤུ་རྩ་གཅིག་ཏུ་གསལ་ལོ། །སྤྱན་འབར་དྲུག་ཅུ་རྩ་བཞི་ནི། ཧེ་རུ་ཀ་དྲུག་ཅུ་རྩ་བཞི་གསལ་ལོ། །དབུ་ཉི་ཤུ་རྩ་གཅིག་ནི་དུས་གསུམ་གྱི་སངས་རྒྱས་ཉི་ཤུ་རྩ་གཅིག་ཏུ་གསལ་ལོ། །ཞེས་དང་ཞབས་བརྒྱ་ལ་གསང་ཡུམ་བཞི་དང་སྒོ་མ་བཞི་རྫོགས་པར་མཐོང་ངོ་། །དུར་ཁྲོད་ཀྱི་རྒྱན་ཆེན་པོ་བཅོ་བརྒྱད་ནི་མ་མོ་ཆེན་མོ་བཅོ་བརྒྱད་ཡོངས་སུ་རྫོགས་པར་གསལ་ལོ། །ཞེས་དང་ཁྲོ་བོའི་སྒྲུབ་ཐབས་ལས། མཁའ་འགྲོ་ཤུགས་འགྲོ་གཡས་པ་ན། །མ་བརྒྱད་འབར་མ་གཡོན་པ་སྟེ། །ཕྲ་མེན་བཅུ་ཕྱེད་གཡས་གཡོན་བསྣམས། །དུར་ཁྲོད་སྦྲུལ་བརྒྱད་ཐོད་གསུམ་དང་། །དེ་བཞིན་ཀོ་གསུམ་རྟགས་གསུམ་དྲུག །པྲེ་ཏ་ཨ་ཛ་ལ་སོགས་པའི། །དུར་ཁྲོད་རྟགས་བརྒྱད་བཅོ་བརྒྱད་འབར། །ཞེས་དང་། ཕྲ་མེན་བཅུ་དབྱུག་ལག་ན་ཁྱུང་། །བཅུ་འཕྱར་ཁ་ནས་མཚོན་ཆ་འཕྲོ། །དེ་བཞིན་མཁའ་འགྲོ་བརྒྱད་འཕྱར་བའི། །ལག་ན་སེང་གེ་ཁ་དབྱལ་བརྒྱ། །ཁ་ནས་རལ་གྲི་འབར་བ་འཕྲོ། །ཤུགས་འགྲོ་བརྒྱད་དབྱུག་འཕྱར་བ་ཡི། །ལག་ན་སྟག་སེར་མཆེ་གཙིགས་བརྒྱད། །ཁ་ནས་རྡོ་རྗེ་སྣ་ཚོགས་འཕྲོ། །མ་བརྒྱད་དབྱུག་འཕྱར་ལག་པ་ན། །མི་མགོ་རྡོ་རྗེ་ལུ་གུ་བརྒྱུད། །གླད་ལ་བསྐོར་བར་བྱེད་པའོ། །དེ་བཞིན་འབར་མ་བརྒྱད་འཕྱར་བའི། །ལག་ན་མེ་བརྒྱད་ཐུ་ལུམ་འཕྲོ། །ཞེས་དང་། ཡུམ་ཡང་ལུས་དང་གྲིབ་མའི་ཚུལ། །ཅེས་སོ། །ཀུན་འདུས་ལས། མེ་དཔུང་ཆེན་པོ་དགུ་ལས་ཡེ་ཤེས་ཀྱི་སྒོ་དགུ་རྩེག་ཡོངས་སུ་འབར་བར་མཐོང་ངོ་། །ཞེས་སོ། ༈ །ཅི་ཕྱིར་ཡབ་ཡུམ་ཕོ་མོར་འཛིན། །གཉིས་འཛིན་འཁྲུལ་རྟོག་གཉིས་མེད་དུ། །གང་འདུལ་ཐབས་ཤེས་གཉིས་དབྱེར་མེད། །ཡུམ་དང་ཡབ་སྣང་ཡབ་ཀྱང་ཡུམ། །ངེས་པར་བྱ་ཞིང་ཁྲོ་གཞུང་ལས། །ཡུམ་ཡང་ལུས་དང་གྲིབ་མའི་ཚུལ། །གཙོ་བོའི་ཐུགས་ལས་ཐོན་ནས་ནི། །མཐིང་གནག་དུར་ཁྲོད་བརྒྱད་དང་ལྡན། །གཡས་འཁྱུད་གཡོན་པ་གཙོ་ལ་སྟོབས། །ཞེས་དང་གཙོ་བོ་མཐིང་གནག་དང་། །མདོག་སྨུག་ཕྲིན་ལས་ཀྱི་གཞུང་ལས། །སྨུག་གནག་སྐུ་ནི་འབར་བ་ཅན། །གསང་བའི་ཡུམ་ཡང་ཡབ་དང་མཐུན། །ཞེས་པ་གང་རུང་མཁའ་གསང་བརླབ། །བསྒྲུབ་ཐབས་ལས། ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པའི། །པཾ་ལས་པད་མོར་གྱུར་པའི་དབུས། །ཞེས་དང་། ཡུམ་གྱི་པད་མའི་གཞལ་ཡས་སུ། །གསང་བ་བྱང་ཆུབ་སེམས་འཕྲོ་དད་བརྩོན་དང་། །ཧཱུཾ་ཆེན་དྲུག་ཅུ་རྩ་བཞི་པ། །ཧ་ཧེ་ཕཊ་བཅུ་ཕྲག་གཉིས་དང་། །དེ་བཞི་ཧཱུཾ་ཆེན་ཉི་ཤུ་དབང་། །སྤྲོས་ནས་གདན་ལ་རིམ་བཞིན་བཀོད། །ཅེས་གཙོ་བོ་མ་ཧཱ་ཡོ་གའི་སྐུ། པད་མ་ཁ་སྟོང་གྱེན་བྱེད་དམར། །བསྒྲུབ་ཐབས་སུ། ཉི་ཟླ་ཉི་ཤུ་རྩ་བརྒྱད་འབར། །དེ་སྟེང་དབང་ཕྱུག་ཁྱོ་བླུགས་ནི། །སྤྱི་བཅིངས་ཉི་ཤུ་རྩ་བཞིའི་གདན། །སྟེང་ནས་བྱོལ་སོང་གཙོ་བརྒྱད་གནས། །དཔལ་སྟག་འཇིགས་སེང་གདུག་པའི་གཟིག །གཏུམ་དོམ་སྟོབས་གླང་མ་ཧེ་བརྗིད། །འཛིན་པའི་ཆུ་སྤྲིན་ཞེ་སྡང་སྦྲུལ། །རིག་འཛིན་སྒྲིབ་པ་སྦྱང་ཕྱིར་གནས། །དབང་ཕྱུག་སྡེ་ཚོགས་གསུམ་གསུམ་མནན། །འཁོར་རྣམས་ཉི་མ་ཞིང་ཆེན་གདན། །བུ་མོ་ཉི་ཤུ་ཞིང་གི་གདན། །ཧཱུཾ་ཆེན་ཉི་མ་ཕྱོགས་སྐྱོང་སྟེ། །གཞན་དག་ཞིང་སྐམ་གདན་སོགས་སྦྱོར། །ཅེས་པས་གསང་དབང་ཕྱི་དཀྱིལ་འཁོར། །ཁྲོ་བཅུ་བར་དུ་མཁའ་ལས་སྲས། །ལྷག་མ་གཏོར་ལེན་མ་གྱི་སོགས། །ཡང་ན་སྲས་རྣམས་སྐུ་ལ་བརྒྱན། །ཡུམ་ཡང་ཡབ་ཀྱི་གསང་བ་འཇིབ། །དབུ་དགུ་ཞབས་བརྒྱད་ཕྱག་བཅོ་བརྒྱད། །རྡོར་དྲིལ་ཀེ་སིང་གཡས་གཡོན་འཛིན། །སྲས་ནི་རིག་མཆོག་བཛྲི་འོག །བུདྡྷ་རད་ཎ་པད་ཀརྨ། །དེ་འོག་ཏ་གྲིད་ཁྲོ་བརྒྱད་ལས། །བདུད་རྩི་འཁྱིལ་པ་བདུད་རྩི་བདག །ཁམས་གསུམ་རྣམ་རྒྱལ་པད་མ་འཁྱིལ། །རྟ་མགྲིན་ཆུ་བཅས་གསང་ཡུམ་བདག །ཀུན་ཏུ་བཟང་མོའི་མཁའ་གཞལ་ཡས། །ཐེག་དགུ་མེ་ཀློང་ཡུམ་འབྱུང་ལྔ། །ཡོ་ག་ཏྲི་ཡ་རྡོ་རྗེའི་བྲག །བྱང་སེམས་ནོར་བུ་མུ་ཏིག་འོད། །ཉན་རང་ཀེ་རུས་རི་རབ་འོག །གཟུགས་ཁམས་ཞིང་ས་མཁའ་རླུང་ཆུ། །འདོད་ཁྲག་ས་བླ་སྟེང་ས་འོག །ཀུན་འདུས་བདུད་རྩི་ཕོ་བྲང་ངོ་། ༈ །གསང་བ་མན་ངག་ཆུ་བོ་ལ། །བླ་མ་སྐུའི་དཀྱིལ་འཁོར་དུ། །དབང་ཐོབ་སློབ་དེའི་ལུས་དཀྱིལ་འཁོར། །སེམས་དང་དྲན་ཕྱིར་དགོངས་འདུས་ལས། །ཆེས་ཀུན་མི་ཤེས་མ་རྟོགས་ཀྱང་། །དམ་པར་གྱུར་པའི་བླ་མ་ལ། །བསྐུར་གནས་རིམ་འགྲོ་ཆེར་བྱས་པས། །འཁོར་བའི་ཆུ་བོ་ལས་སྒལ་འགྱུར། །ཅེས་གསུངས་ཡིད་གྲོལ་ཞལ་གཅིག་དང་། ཆོས་གྲོལ་གཙུག་རྒྱན་ཞལ་ཉེར་གཅིག །མིག་སྣ་རྣ་བ་ལྕེ་ལུས་ཡིད། །གཟུགས་དྲི་སྒྲ་རོ་རེག་ཆོས་ཀྱི། །སྐྱེ་མཆེད་བཅུ་གཉིས་རྣམ་ཤེས་དྲུག །དབང་པོ་ཡུལ་དྲུག་ཁམས་བཅོ་བརྒྱད། །གསང་བའི་དབང་ཤེས་ཡུལ་དང་གསུམ། །ཉེར་གཅིག་གྲོལ་ཞིང་རྩེ་བས་ཁྲོས། །ཆེ་མཆོག་ཞི་མཐིང་ཁྲོ་སྨུག་གནག །བླ་མའི་ཞལ་གཅིག་ཆེ་མཆོག་དང་། །དཔལ་ཆེན་རིགས་བདག་བཛྲ་བུད། །རཏྣ་པདྨ་ཀར་མས་བདུན། །གྷུ་ཡ་བི་ཤའོ་ས་མ་ནུ། །ཡཀ་ཤ་རཀ་ཤ་ཧཱུཾ་རྣམ་རྒྱལ། །དབྱུག་སྔོན་གཤིན་རྗེ་མི་གཡོ་བ། །རྟ་མགྲིན་དཔལ་ལྡན་བདུད་རྩི་འཁྱིལ། །ཁམས་གསུམ་རྣམ་རྒྱལ་སྟོབས་པོ་ཆེ། །མཐིང་གནག་དབུ་གཙུག་རྟ་མགོ་ཅན། །སྦས་སྤྱན་དང་བཅས་དྲུག་ཅུ་བཞི། །ཧེ་རུ་གྲོ་བཞི་ལེ་ཚེའི་མཐར། །ས་ནུ་ས་ནེ་ས་ནོ་དང་། །ས་པ་ར་སྟེ་ཆོ་འཕྲུལ་བཞི། །ཀྲོ་ཏི་དང་བཅས་འཁོར་ལོ་གཅིག །ལེ་ཚེ་ཕྱོགས་བཞིའི་བུདྷ་དང་། །རད་ན་པད་མ་ཀརྨ་རྣམས། །ཡུམ་བཅས་མཚན་གྱི་རྣམ་གྲངས་ནི། །རྡོ་རྗེ་བྱ་རོག་གོ་ཕུར་དང་། །གྱིང་དང་ལས་མཁན་ཆོ་འཕྲུལ་ནི། །མེ་ལོང་ཡེ་ཤེས་ནམ་མཁའི་དབང་ཕྱུག་དང་། །མཉམ་ཉིད་ཡེ་ཤེས་རྣམ་གྲོལ་སྦྱིན་པ་དང་། །སོར་རྟོག་ཡེ་ཤེས་རྣམ་གྲོལ་སྒྲོགས་པ་དང་། །བྱ་གྲུབ་ཡེ་ཤེས་ཐམས་ཅད་གྲུབ་པ་རྣམས། །ནམ་མཁའི་བུ་མོ་དབང་མོ་ཆེན་མོ་དང་། །ནམ་མཁའི་བུ་མོ་དགའ་སྡུད་ཆེན་མོ་དང་། །ནམ་མཁའི་བུ་མོ་རྣམ་པར་གདུང་མ་དང་། །ནམ་མཁའི་བུ་མོ་སྒྲོལ་མ་ཆེན་མོ་རྣམས། །རིགས་བཞིའི་ཆ་ལུགས་གཡོན་དྲིལ་བུ། །གཡས་ན་རྡོ་རྗེ་རིན་ཆེན་དང་། །པད་མ་རལ་གྲིར་འཁྱུད་ཚུལ་འཛིན། །བསྒྲུབ་དུས་གཡོན་པ་ཐོད་ཁྲག་རོལ། །ༀ་སརྦ་ཏ་ཐཱ་ག་ཏ། བཛྲ་རད་ན་པད་མ་ཀརྨ་ས་ནུ་ས་ནོ་ས་ནེངས་ས་བར་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། ཤྭོ་རི་ཀ་མུཾ། གཏི་མུག་རྡོ་རྗེ་ཕྱག་འཁོར་ལོའང་། །རྡོ་རྗེ་ཅན་གྱི་ཕྱག་མཚན་གསང་། །བུད་དྷ་བཛྲ་ཧེ་རུ་ཀ །སངས་རྒྱས་རྡོ་རྗེ་ཁྲག་འཐུང་བའོ། །འཁོར་ལོ་གཉིས་པ། ༀ་སརྦ་ཏ་ཐཱ་ག་ཏ་དམ་ཚིག་བཛྲ་རད་ན་པད་མ་ཀརྨ་གརྦ། ཚད་མེད་མེ་ཏྲི་ཀ་རུ་ལོ་ཀ་བི་དུ་གརྦ། རོལ་པ་ཡཀྴ་ཤ་རཀ་ཤ་བྷིག་ཤ་བྷི་ཤ །འཇིགས་བྱེད་ཏེ་ཤ་ཀེ་ཤ་པ་ཤ་བི་ཤ །འཇོམས་བྱེད་ཏྲཀ་ཤ་ཧྲི་ཤ་ཀ་ཤ་བཀ་ཤ །ཟ་བྱེད་རུ་ཏི་རཀ་ཏི་ཁ་ཧི་སྭ་ཧ། ཤྲཱི་ཧེ་རུ་ཀ་ཧཱུཾ། ཤྭ་རི་ཁ་མུཾ། སྐུ་མདོག་བཟླས་པའི་ལེའུ་ལྟར། །སྨུག་ནག་སྔོ་གནག་སེར་གནག་དང་། །དམར་གནག་ལྗང་གནག་རྩ་བའི་མདོག །དེ་ཀུན་གསལ་ཅེས་འགྲེལ་པས་གསུངས། །སྨུག་གནག་གཙོ་སྔགས་ཡབ་ཀུན་འདུས། །ༀ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ །མ་ཧཱ་ཙན་ཏྲ་སརྦ་དུཥྚན་སེང་ཧ་ཤྲཱི་ཧེ་རུ་ཀ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ། སེང་ཧ་ཤྭ་ར་ིཀ་མུཾ། ཞེས་འགྲེལ་པར་ཡུམ་ཁ་བསྐང་། ཆེ་མཆོག་སྔོ་གནག་ཤར་སྨུག་གནག །རྒྱུད་རིགས་ལྔ་ལུང་ཆོ་འཕྲུལ་ཟུར། །འཁོར་ལོ་དང་པོ་ཆེ་འཕྲུལ་སྐུ། །གཉིས་པ་དམ་ཚིག་ཆེན་པོ་གསུངས། །གསུང་གི་ཐུགས་ཡོན་གསུང་ཕྲིན་སྐུ། །དམ་ཚིག་ཆེན་པོ་རྡོ་རྗེ་སྙིང་། །དམ་ཚིག་ཆེན་མོ་རྡོ་རྗེ་དབང་ཕྱུག་མ། །ནོར་བུ་པད་མ་བཀོད་པའི་སྙིང་པོའི་ཡུམ། །ནོར་བུ་པད་མ་བཀོད་པའི་དབང་ཕྱུག་མ། །འཁོར་ལོ་གསུམ་པ་ཚད་མེད་ཆེན་པོའི་འཁོར། །གསང་ཆེན་བྱམས་པ་སྙིང་རྗེ་དགའ་བཏང་སྙོམས། །སྙིང་པོ་བཞི་ཡབ་ཡུམ་བཞི་ཚད་མེད་ཐུགས། །བདེ་བའི་དབྱིངས་ཕྱུག་འཇོམས་བྱེད་དབྱིངས་ཕྱུག་མ། །དགའ་བའི་དབྱིངས་ཕྱུག་ཁྱབ་པའི་དབྱིངས་ཕྱུག་མའོ། །འཁོར་ལོ་བཞི་པ་རོལ་པ་ཆེན་པོའི་འཁོར། །ཆེ་བའི་ཡོན་ཏན་ཡབ་རིགས་ཡུམ་རིགས་ནི། །གནོད་སྦྱིན་འདུལ་ཞིང་ཕྲག་དོག་ཟད། །སྲིན་པོ་སྒྲོལ་ཞིང་ཞེ་སྡང་འཇོམས། །ལྷ་མིན་སྒྲོལ་ཞིང་དྲེགས་རྒྱལ་ཟད། །ལྷ་ཆེན་སྒྲོལ་ཞིང་ག ཏི་མུག་ཟད། །འཁོར་ལོ་ལྔ་པ་འཇིགས་བྱེད་ཆེན་པོ་ནི། །ཕྲིན་ལས་མཛད་པ་ཡབ་ཡུམ་སྣང་། །ཏེ་ཤ་ཧེ་རུ་རྡོ་རྗེ་འཁྲོས། །རྒྱལ་བར་བྱེད་ཅིང་རྟོག་པ་སྒྲོལ། །ཀེ་ཤ་ཧེ་རུ་རིན་ཆེན་འཁྲོས། །རོལ་པས་སྡུག་བསྔལ་ཆོས་ཉིད་སྦྱོང་། །པ་ཤ་ཧེ་རུ་པད་མ་འཁྲོས། །ཟ་མཛད་ཉོན་མོངས་ཡེ་ཤེས་སྒྲོལ། །བི་ཤ་ཧེ་རུ་ལས་ཀྱི་ཁྲོས། །མྱོས་མཛད་དྲན་པ་ཡེ་ཤེས་བསྒྲོལ། །འཁོར་ལོ་དྲུག་པ་འཇོམས་བྱེད་ཆེན་པོའི་འཁོར། །རྣམ་ཤེས་དབང་ཐོབ་སྒྲོལ་ནུས་ཡེ་ཤེས་ཀྱིས། །བསྒྲལ་བ་གནས་སུ་སྟོབས་པའི་ཁྱད་པར་མཛད། །ཟུང་འབྲེལ་ཕྱོགས་བཞི་ཡབ་ཕྱོགས་ཡུམ་མཚམས་བཞི། །ཏྲག་ཤས་གསོད་ཅིང་ཞལ་དུ་གསོལ། །ཧྲི་ཤས་ཆགས་ཤིང་སྡུད་པས་གསོལ། །ཀ་ཤས་རོལ་ཅིང་ཟད་པར་མཛད། །བག་ཤས་ཉམས་ཤིང་སྟོངས་པར་མཛད། །དྲུག་དེའི་གོང་རས་ཟ་བྱེད་ཆེ། །རུ་ཏི་ཧེ་རུ་ཞག་ཟ་ཡུམ་དབྱིངས་ཕྱུག །རྡོ་རྗེ་རིགས་ཏེ་རྟོག་པ་ཟད་པར་མཛད། །རཀ་ཏི་ཧེ་རུ་ཁྲག་ཟ་ཡུམ་དབྱིངས་ཕྱུག །རིན་ཆེན་རིགས་ཏེ་འདོད་ཆགས་ཟད་པར་མཛད། །ཁ་ཧི་ཧེ་རུ་ཤ་ཟ་ཡུམ་དབྱིངས་ཕྱུག །པད་མ་རིགས་ཏེ་གཏི་མུག་གཏན་ནས་སྦྱོང་། །སེང་ཧ་ཧེ་རུ་རྩི་དང་རུས་ཟ་བ། །ས་ཧ་ཤྭ་རི་ཡུམ་ཆེན་དབྱིངས་ཕྱུག་རྣམས། །གདུག་ཚོགས་བསྒྲོལ་ཀྱང་ཕུང་པོ་ལོངས་སྤྱོད་གསོལ། །ལས་ལ་ཟ་བྱེད་བམ་ཆེན་ཁས་བཟུང་འདྲད། །འཇམས་བམ་ལག་ཐོགས་འཇིགས་བམ་ཆེན་པོ་ཁུར། རོལ་པ་མཆེ་བ་ཚད་མེད་སོ་འཕྲེང་ཐོགས། །དམ་ཚིག་སྙིང་པོ་ཐོད་པ་ན་ཁེངས་སྦྱིན། །ཆོ་འཕྲུལ་རྡོ་རྗེ་ཐོད་ཁྲག་རིགས་དང་རྟགས། །ཞེས་ཏེ་ཀུན་འདུས་ཁྲོ་བོའི་བསྒྲུབ་ཐབས་བཤད། ༈ མདོ་ཁྲོ་ལྷ་ཡི་བསྒྲུབ་ཐབས་ལས། །གཙོ་བོ་མཐིང་གནག་ཆེན་པོ་སྟེ། །སྨུག་གནག་སེར་གནག་དམར་གནག་དང་། །ལྗང་གནག་ཁྲག་འཐུང་དྲུག་ཅུ་བཞི། །རྡོ་རྗེ་རིན་ཆེན་པད་མ་གྲི། །གར་སོགས་ཅིར་ཡང་འགྱུར་བས་ཐོགས། །རྡོ་རྗེ་སྙིང་པོ་ལ་སོགས་རྣམས། །སྦྱིན་མཐུན་ཡོ་བྱད་སྣ་ཚོགས་དང་། །ཐོད་ཁྲག་སོ་ཕྲེང་མཆེ་བ་ཐོགས། །དེ་བཞིན་བམ་ཆེན་ཐོགས་པ་དང་། །བམ་ཆེན་ལག་ཐོགས་ཁས་བཟུང་ནས། །འདྲད་ཅིང་འཐེན་པར་བྱེད་པའོ། །ཞེས་ཏེ་འཁོར་ལོ་གསུམ་ལྟར་དུ། །འཁོར་ལོ་དང་པོ་ཆོ་འཕྲུལ་དམ། །ཚད་མེད་རོལ་གཉིས་གསུམ་འཇིགས་འཇོམས། །མཐའ་ཟ་དབུས་ན་ལེ་ཚེ་རིགས། །བླ་མ་ཆེ་མཆོག་ཞི་མཐིང་ལ། །ཞི་ལྷ་ཞེ་གཉིས་ཕྱག་གཡས་པ། ཀུན་བཟང་རྣམ་སྣང་མཐའ་མིའོ། །གཡོན་ཡུམ་མཐའ་ཡིད་དམྱལ་བའི་ཐུབ། ༈ །ཆེ་མཆོག་སྨུག་ཕྱག་རིགས་བཞི་ཁྲོ། །ཁྲ་ཐབས་ཉི་ཤུ་གྱིང་བཅོ་བརྒྱད། །སྨན་སྲས་ཡབ་བཞིའོ་རིགས་བཞི་མཐུན། །གྱིང་གྲི་ཞབས་བརྒྱད་གསང་ཡུམ་སྒོ། །དབང་མཆོག་དབུ་དགུ་ཕྱག་བཅོ་བརྒྱད། །རྡོ་རྗེ་ཐོད་ཁྲག་དེ་འོག་ཏུ། །རྣམ་ཤེས་ཕུལ་རྣམས་ཀེ་སིང་ནི། །རིག་པ་ཡེ་ཤེས་འཁོར་བསྟན་པ། །གསང་བའི་བུ་མོ་དཀར་མོ་དང་། །དགའ་བའི་བུ་མོ་སེང་གདོང་དང་། །ཤིན་ཏུ་གུས་པའི་བུ་མོ་ནི། །རྟ་ཕག་སྤྲེ་སྤྱང་གདོང་གཞན་མཐུན། །ཐབས་ཤེས་རོལ་སྲས་ཀེ་སེང་དང་། །ཞེ་གཉིས་ཕྱག་མཚན་ཕྲ་མེན་བཅུ། །མཁའ་འགྲོ་མ་མོ་འབར་ཤུགས་འགྲོ། །ཤིན་ཏུ་གསོད་པ་ཆེན་པོ་ནི། །རྣམ་རྒྱལ་སྟག་གི་དབུ་སོགས་བཅུ། །ཤིན་ཏུ་གསོད་པ་ཡུམ་དང་བཅས། །སྒོ་ཐེད་ཕྱོགས་བཞི་ཁྱམས་མཚམས་བཞི། །སྟེང་འོག་ཁྱམས་ཀྱི་ཤར་ནུབ་སོགས། །བཛྲ་ཀྲོ་ཏ་ཀྲོ་ཏི་ཧཱུཾ། ཞི་བ་ལྷ་ཞལ་དྲག་མགོ་བརྙན། །ཧཱུཾ་ཀ་ར་ནི་ཕག་མགོ་ཅན། །རྣམ་པར་རྒྱལ་བ་སྟག་གི་དབུ། དབྱུག་པ་སྔོན་པོ་གཡག་རོག་དབུ། །གཤིན་རྗེ་གཤེད་པོ་ཤ་བའི་དབུ། །མི་གཡོ་མགོན་པོ་གཟིག་གི་དབུ། །རྟ་མགྲིན་མགོ་ལྗང་ཟེ་རྔོག་དམར། །པྲལ་ཞུར་གཟི་མིག་ཕུམ་སེར་ཅིང་། །རྫི་མ་གནག་ལ་སྐུ་དམར་གནག །དཔལ་ལྡན་གཞན་གྱིས་མི་ཐུབ་པ། །སྤྱང་གུའི་མགོ་ཅན་ནུབ་བྱང་མཐུན། །བདུད་རྩི་འཁྱིལ་པ་སེང་གེའི་དབུ། །ཁམས་གསུམ་རྣམ་རྒྱལ་དྲེད་མོའི་དབུ། །སྟོབས་པོ་ཆེ་ནི་དོམ་གྱི་དབུ། །དཀྱིལ་འཁོར་འདི་ཉིད་བསྒྲུབ་ཐབས་ལས། །ཧཱུཾ་ཆེན་མཐིང་སྐྱ་མདའ་གཞུ་དང་། །རྣམ་རྒྱལ་དཀར་པོ་རྡོ་རྗེ་འཛིན། །དབྱུག་སྔོན་སྡིགས་མཛུབ་རིན་ཆེན་ཁྲི། །གཤིན་རྗེ་མཐིང་གནག་བེ་ཆེན་ཐོགས། །མི་གཡོ་ལྗང་སྔོན་རལ་གྱུ་འཕྱར། །རྟ་མགྲིན་དམར་གནག་སྦྲུལ་ཞགས་བསྣམས། །དཔལ་ལྡན་དམར་སྐྱ་བ་དན་ཏེ། །བདུད་རྩི་ལྗང་གནག་དབྱུག་ཐོའོ། །ཁམས་གསུམ་ལྗང་སྐྱ་ཁ་དོང་ཁ། །སྟོབས་ཆེན་དུད་ཁ་གཏུན་ཤིང་ཐོགས། །ཡུམ་རྣམས་གཡས་པ་ཡབ་ལ་འཁྱུད། །གཡོན་པ་བན་དྷ་སྟོབ་པའི་ཚུལ། །འཁོར་རྣམས་སོ་སོའི་གཞུང་བཞིན་ནོ། །ཞེས་སོ། ༈ །སྙིང་པོ་བརྗོད་པས་འཁོར་ལོ་ཤར། །ས་བོན་ཞི་ༀ་ཧེ་རུ་ཧཱུཾ། །ཀྲོ་ཏི་མུཾ་དང་གསང་ཡུམ་བཞི། །སྒོ་མ་ཛ་ཧཱུཾ་བཾ་ཧོ་མཐུན། །རང་རྟོག་ཕུང་པོ་ལྔ་ནི་ཆགས་སྡང་རྨོངས་། །འབྱུང་བ་དང་སྙིགས་སྙོམས་སྣང་ལྔ་ཞེན་དང་། །རྣམ་ཤེས་དབང་པོ་ཡུལ་དུས་རྟག་ཆད་པ། །བདག་དང་མཚན་མར་འཛིན་པ་རང་གྲོལ་ཚེ། །བླ་མའི་ཐུགས་ཀྱི་རྩ་བཞི་བརྒྱད་གྱེས་ཉིད། །ཡན་ལག་བཞི་དང་སྐུ་ལུས་སྤྱན་སྙན་ཤངས། །ལྗགས་ཟུར་གཡས་གཡོན་ཁྲག་འཐུང་རིགས་ལྔར་མཐོང་། །ཕྱག་རྒྱབ་སོགས་ལྷུ་གཡས་གཡོན་སྤྱི་ལྷུ་དང་། །སྐྲ་མཚམས་འཁལ་མ་གཡས་གཡོན་གསང་རྟགས་རྣམས། །ཀེའུ་རི་ཙན་དྷའི་བར་མཐོང་བར་ལྷུ་བརླ། །ལག་ངར་གཡས་གཡོན་ཞབས་ངར་སིང་ཧ་བརྒྱད། །ཕྱག་མཐིལ་གཡས་གཡོན་ཞབས་མཐིལ་སྒོ་མར་མཐོང་། །ལྷག་མགྲོན་དམ་ཅན་སྲས་ལ་མི་འདོན་ཀྱང་། །དགའ་མཆོག་དགའ་བྲལ་ལྷན་སྐྱེས་སྐྱེ་སྦས་རྩ། །གསང་ཡུམ་སྒལ་ཚིགས་ལས་བྱེད་རླུང་རྒྱུ་དབང་། །མི་སྲིན་ནས་ནི་སྐྱེག་གདོང་བར་ཞེས་གསུངས། །སྙིང་དང་རྒྱུ་མ་གློ་བ་ལོང་མོ་དང་། །མཚེ་པ་ཕོ་བ་མཆིན་པ་སྙི་མོ་དྲེད། །མཁལ་མ་གཉིས་དང་ཆུ་རྒང་བུ་སྣོད་རླུང་། །མ་བདུན་སྲིང་བཞིའོ་སྙིང་ཁར་ཨེ་ཀ་ཛ། །རྡོ་རྗེ་མ་རྣམས་ཐམས་ཅད་ཅེས་མ་བརྒྱད། །ཨེ་ཀ་འ ཛ་ཏི་བྱང་ཤར་དང་ཤར་དུ། །རྡོ་རྗེ་གར་གྱི་དབང་ཕྱུག་རྡོ་རྗེ་ཀུན་གྲགས་མའོ། །རྡོ་རྗེ་གསལ་འཕྲོ་རྡོ་རྗེ་ཀུན་ཏུ་བཟང་། །ལྷོ་ནུབ་རྡོ་རྗེ་ཆེན་པོ་ཡེ་ཤེས་མཆོག །རྡོ་རྗེ་དཔུང་སྙོམས་དྲག་སྙེམས་ནུབ་ཀྱི་ཕྱོགས། །རྡོ་རྗེ་སྒྲོལ་མ་འོད་ཆགས་ནུབ་བྱང་དུ། །རྡོ་རྗེ་སྲོག་གཅོད་གཡུ་སྒྲོན་བྱ་། །རྡོ་རྗེ་ཐབས་ནི་ཐམས་ཅད་ཅེས་མའི་ཡབ། །ཅེས་པས་ཞར་ལ་ཐབས་མཆོག་ཀུན་མཐུན་ཏོ། །མ་བརྒྱད་ཞིང་དབྱུག་མི་མགོ་ཐུ་ལུམ་འཕྲོ། །མ་སྲིང་ཆགས་པའི་མདངས་ཞེས་དམར་བའམ་བཤད། །ད་ནི་རྡོ་རྗེ་གྱིང་བཅོ་བརྒྱད། །དཔའ་བོ་ཆེན་པོ་ལས་ཀུན་བྱེད། །རྡོ་རྗེ་ཆགས་པ་ཆེན་པོ་དང་། །གནོད་སྦྱིན་སྲིད་པོ་རོ་ལངས་དང་། །རྡོ་རྗེ་དཀྱིལ་འཁོར་འཛིན་དང་ནི། །ཕྱོགས་འདུས་མཚམས་ལ་ལང་ཀ་དང་། །རྡོ་རྗེ་འཆི་བདག་གྱིང་ཕོ་དགུ། །དེ་དང་སྦྱར་བའི་གྱིང་མོ་བརྒྱད། །ཁམས་གསུམ་དབུགས་འགྱེངས་ཆེན་མོ་དང་། །རྡོ་རྗེ་ལྕགས་ཀྱུས་འདྲེན་བྱེད་ཆེ། །སྟོང་གསུམ་དབང་སྡུད་ཆེན་མོ་དང་། །རྦོད་གཏོང་ལེན་པར་བྱེད་མ་ཆེ། །གར་གྱི་གློག་བཞིན་འགྱུ་བ་ཆེ། །རྣ་ཉན་ཕྲ་མ་ཟོར་བ་ཆེ། །རྦོད་གཏོང་ལེན་པར་བྱེད་མ་ཆེ། །ཁམས་གསུམ་སྙིང་རྗེས་སྒྲོལ་མ་ཆེ། །ཚོགས་ཀྱི་ཕྱག་ཚང་མཉེན་བྱེད་ཆེ། །ཕྱག་མཚན་གཞན་མཐུན་ཅེས་རྒྱུད་ལས། །སྔོ་སྐྱ་གཡས་པ་དྲི་དང་ནི། །གཡོན་པ་འཛིན་པ་ལྟ་བྱེད་གསུངས། །མ་མོ་བྷྱོ་གྱི་ཧ་ཧ་གཉིས། །ཡང་ན་མ་སྲིང་མ་མ་གཉིས། །མཁའ་འགྲོ་ཨེ་ལྟར་ཤུགས་འགྲོའང་ཨེ། །ཕྲ་མེན་ཧེ་དང་འབར་མ་ཕཊ། ༈ །མཁའ་འགྲོ་དུ་མའང་སོ་གཉིས་ཁྱམས། །བསྡུས་ན་ཆེ་མཆོག་ཕྱག་མཚན་བརྒྱད། །སློབ་དཔོན་པད་མ་འབྱུང་གནས་ཀྱིས། །ཕྱི་ལྟར་ལྷ་མོ་ཡུམ་ཆེན་མོ། །ནང་ལྟར་རྣལ་འབྱོར་མཁའ་འགྲོ་མ། །གསང་ལྟར་སྔགས་སྲུངས་མ་མོ་བཤད། །སྐུ་ལུས་རྡོ་རྗེ་མཁའ་འགྲོ་ཤར། །ཡོན་ཏན་རིན་ཆེན་མཁའ་འགྲོ་ལྷོ། །གསུང་ངག་པདྨ་མཁའ་འགྲོ་མ། །ཕྲིན་ལས་མཁའ་འགྲོས་གྲུབ་བྱེད་བྱང་། །བྱང་ཤར་དམ་ཚིག་བཀའི་བྱ་ར། །ཤར་ལྷོ་འཇིག་རྟེན་སྐྱོང་མཁའ་འགྲོ། །ལྷོ་ནུབ་གཏེར་ལེན་ཤ་ཟ་དང་། །ནུབ་བྱང་སྣ་ཚོགས་རིགས་འདྲེས་ཚོགས། །མཁའ་འགྲོ་ཐུགས་རྗེས་ཆགས་ཕྱིར་དམར། །མཁའ་ལ་འགྲོ་རྟགས་གཤོག་པ་ཅན། །བྱང་ཆུབ་སེམས་ལྡན་ཞི་མ་ཁྲོ། །ཞར་ལ་ཤུགས་འགྲོ་དང་བཅས་པ། །མཁའ་འགྲོ་ཞིང་དབྱུག་འཕྱར་ཕྱག་ན། །སེང་གེ་ཁ་དབྱལ་བརྒྱད་ཁ་ནས། །རལ་གྱུ་འབར་བ་འཕྲོ་བའོ། །མཚན་ཕྱོགས་ཀུན་འདུས་འབྲེལ་རྒྱས་པར། །ཤར་ནས། དགའ་བར་བྱེད་དང་འདྲེན་བྱེད་མ། །སྤྲོ་བར་བྱེད་དང་གསོད་བྱེད་མའོ། །ལྷོར༴ འབར་བར་བྱེད་དང་གཟི་བརྗིད་མ། །འཇོམས་བྱེད་མ་དང་བུང་བུའི་མགོ། །ནུབ་ཏུ༴ ཆགས་ཆེན་མ་དང་ཆགས་མཆོག་མ། །འཁོར་ལོ་མ་དང་རྒྱས་འདེབས་མའོ། །བྱང་དུ༴ སྣ་ཚོགས་ལུས་དང་སྲུང་བ་མོ། །གནོད་སྦྱིན་མོ་དང་ཡང་དག་འཕྲོག །ཤར་ལྷོ་དུ༴ བྱ་རོག་གདོང་ལ་མིག་འདྲུ་ཞིང་། །བཞད་གདོང་འུག་པའི་གདོང་རིས་མ། །སྣ་ཆོགས་མཆོག་གཟུགས་སྲུང་བ་མོ། །ལྷོ་ནུབ་ཏུ༴ རྔ་མོ་བོང་བུའི་གདོང་འཛིན་ཅིང་། །ཁྲོས་པ་ར་དང་བྱི་ལྷའི་གདོང་། །ཁྲོས་པས་ཀེང་རུས་ཕྲེང་བས་བླུབས། །ནུབ་བྱང་དུ༴ གསུས་པོ་ཆེ་ལ་ལྟོ་འཕྱངས་པོ། །གསུས་པོ་ཆེ་ལ་བུམ་པ་འཛིན། །ཕན་ཚུན་འཐབ་པར་བརྩོན་པ་མོ། །ལྕེ་སྤྱང་གི་ནི་འཁོར་ཅན་ནོ། །བྱང་ཤར་དུ༴ ཤར་ཉིད་དུ་ནི་བུམ་རྣ་སྟེ། །ལྷོ་རུ་རྣམ་པར་འཇོམས་མའོ། །ནུབ་ཏུ་དྷ་ཤ་གྷི་བ་སྟེ། །བྱང་ཉིད་དུ་ནི་འབོད་གྲོགས་སོ། །རྒྱུད་རྣམས་ཁ་ཅིག་དེ་སྒོ་བཞིར། །བཀོད་ནས་མཚམས་ལ་གསུམ་བླང་བྱང་ཤར་འོག །ཁ་ཅིག་རིགས་ལྔའམ་ཤར་མཁའ་འགྲོ། །ཞེས་སོགས་བརྒྱད་བཞི་སོ་གཉིས་ཁྱམས། །སྒོ་བཞི་སྐྱར་ལྷག་ངོ་བོ་གཅིག །ཁྱམས་ལ་ཤུགས་འགྲོ་བརྒྱད་ཅེས་པ། །མཁའ་འགྲོ་མ་ཡི་རྫུ་འཕྲུལ་གྱིས། །མཁའ་ལ་ཤུགས་ཀྱིས་འགྲོ་བས་ན། །འཁོར་གྱི་མཁའ་འགྲོ་ཤུགས་འགྲོ་ཞེས། །ཤུགས་འགྲོ་ཞིང་དབྱུག་ཕྱག་འཕྱར་ན། །སྟག་མོ་མཆེ་གཙིགས་དེ་ཁ་ནས། །རྡོ་རྗེ་སྣ་ཚོགས་འཕྲོ་བའོ། །འདི་རྣམས་རང་རྒྱུད་དག་པའི་འཁོར། །མཁའ་འགྲོ་རྡུལ་སྙེད་ཡོད་པ་ལ། །ཤུགས་འགྲོ་རྡུལ་སྙེད་གོ་མི་འགག །རྡུལ་གཅིག་སྟེང་ན་རྡུལ་སྙེད་བཞུགས། ༈ །གསུམ་པའི་ཁྱམས་ལ་ཕྲ་མེན་བརྒྱད། །དེ་བཞིན་འབར་མ་བརྒྱད་རྣམས་བྲི། །ཞེས་པའི་སྒོ་འགྲམས་གསུམ་པ་ནི། །འབར་མའི་གསང་ཡུམ་བཞི་སྒོ་བཤད། །ཡང་ན་རང་ཕྱོགས་སྒོ་དེས་བསྲུང་། །རྡོ་རྗེ་ཕྲ་མེན་ཕྱག་བཅུ་ལ། །སྨིགས་བུའི་མགོ་ཅན་ལ་སོགས་བཤད། །ཕྱོགས་བཅུའི་ཕྲ་མེན་ཟ་བྱེད་བཅུའོ། །ཞར་ལ་གསོད་བྱེད་ཕྲ་མེན་བཅུ། །ཁྲོ་བོ་མགོ་བརྙེན་བཅུ་ཕོ་ཉ། །ཕྲ་མེན་ཀུན་བསྡུས་ཁྱམས་ལ་བརྒྱད། །རྒྱུད་དུ། རྡོ་རྗེ་ཕྲ་མེན་ཐམས་ཅད་ནི། །ཁྱབ་བྱེད་ཆེན་མོ་ཁྱུང་གི་འཁོར། །གསོད་བྱེད་ཆེན་མོ་སྲེ་མོའི་མགོ། །མགྱོགས་མ་སྙེག་བྱེད་ཁྲ་ཡི་མགོ། །འབྱིན་བྱེད་པུ་ཤུད་མྱོས་བྱེད་ནི། །པུ་ཤུད་མགོ་ཅན་ཕྲ་མེན་མ། །རྐུན་མོ་བྱི་བ་གདུག་བྱེད་སྦྲུལ། །སྒྲིན་བྱེད་ཕ་ཝ་མགོ་དང་བརྒྱད། །ཕྱག་མཚན་ཕྲ་མེན་བཅུ་ལྟར་དུ། །དབྱུག་པ་ཕྱར་བའི་ལག་པ་ན། །ཁུང་བརྒྱད་ཁ་ནས་མཚོན་ཆ་འཕྲོ། །ཡུལ་གྱི་ཕྲ་མེན་སེང་གེའི་མགོ། །གནས་ཀྱི་མཁའ་འགྲོའང་ཕྱག་ལ་འགོད། །འབར་མ་ཤར་ནས་ཆོས་སྐོར་དུ། །ཀུན་བཟང་འབར་མ་ཉི་ཟེར་ཞགས། །འབྱུང་པོ་འཇིགས་བྱེད་ཁྱུང་ཐོགས་ལྷ། །སྲིན་མོ་འདུལ་བའི་མདུང་ཐུང་འཕེན། །ཡིད་བཏགས་མེ་ཁྱེར་གློག་ཕྲེན་འཛིན། །ཀླུ་མོ་ལྕེ་འབེབས་དྲིལ་འཁྲོལ་ཆོས། །གཤིན་རྗེ་བགེགས་རྒྱལ་བ་གླང་སྣ། །ལྷ་མིན་གནོད་སྦྱིན་སྐར་མདའ་གཏོང་། །དམྱལ་བ་སྔོ་གནག་ཚུབ་མའི་ལུས། །ཀུན་བཟང་ཐུབ་ཕྱོགས་ངེས་མེད་ཁྱབ། །ཕྱག་མཚན་ཞིང་དབྱུག་ཁ་ནས་ནི། །མེ་འབར་ལ་འང་ཐུ་ལུས་འཕྲོ། །འབར་མའི་གནོད་སྦྱིན་ཕོར་ཐོགས་བརྒྱད། །འབར་མའི་སྲིང་མོ་གཞོན་ཐོགས་ཏེ། །དེ་རྣམས་གདན་ཕུར་དུད་འགྲོ་ནི། །སེང་ལྡེང་ཙན་དན་ཕུར་པ་དང་། །སྐྱེར་ཕུར་རྡོ་རྗེའི་ཕུར་བུ་དང་། །ཞིང་རྐང་མཆོག་ཕུར་ལྕགས་ཕུར་དང་། །བ་གླང་བརྒྱད་དང་སྟག་ཆེན་བརྒྱད། །བརྒྱད་ལྡན་ཤར་ནས་རིམ་བཞིན་དུ། །སྒོ་གྲངས་བཞི་པའི་ཁྱམས་ལ་ཕོར་ཐོགས་བརྒྱད། །དེ་ལ་རྡོ་རྗེ་གནོད་སྦྱིན་ཐམས་ཅད་ཅེས། །བྱི་རུའི་ཕོར་ཐོགས་གསེར་གྱི་ཕོར་ཐོགས་དང་། །གཡུ་ཡི་ཕོར་ཐོགས་མཆོང་གི་ཕོར་ཐོགས་དང་། །གསེར་གྱི་ཕོར་ཐོགས་ལྕགས་ཀྱི་ཕོར་ཐོགས་དང་། །གཡུའི་ཕོར་ཐོགས་ཁྲོ་ཆུའི་ཕོར་ཐོགས་མའོ། །ཁྱམས་ཕྱིར་ཕོར་པ་དེ་དང་རྒྱུ་མཐུན་པའི། །ལག་ན་གཞོང་པ་ཐོགས་མ་བརྒྱད། །ས་བོན༴ སྤོར་ཐོགས་ཧཱུཾ་ལྟར་གཞོང་ཐོགས་ཧཱུཾ། །ཕོ་ཉ་འོག་བྷྱོ་སྟེང་ཁྲོ་ཧཱུཾ། །ཕྱོགས་ཛ་ཧཱུཾ་བཾ་ཧོ་ཕོ་ཉའོ། །དབང་ཕྱུག་བྷྱོ་དང་སློབ་དཔོན་ཧཱུཾ། ༈ རྡོ་རྗེ་སྲིན་པོ་ཐམས་ཅད་ཅེས། །བྱི་རུ་གསེར་གཡུ་མཆོང་གསེར་ལྕགས། །ཁྲོ་ཆུའི་རྒྱུ་ལས་གཞོང་པ་བརྒྱད། །དེ་བཞིན་ཕྱག་ན་གཞོང་ཐོགས་རྣམས། །སྐུ་ལ་རིན་ཆེན་ཤེལ་གྱི་རྐྱེད་ཆིངས་ཅན། །རྐྱེད་ལ་ཚི་གུ་འབར་བའི་རྐྱེད་ཆིངས་ཅན། །མེ་ཏོག་འགུན་དྷེ་ལེགས་པའི་རྐྱེད་ཆིངས་ཅན། །ཤིན་ཏུ་པགས་ཆེན་བརྗིད་པའི་སྐྱེད་ཆིངས་ཅན། །ཞིང་ལྤགས་འབར་བ་དང་རུས་སྦལ་འབར་བ་དང་། །ཆུ་སྲིན་འབར་བའི་རྐྱེད་ཆིངས་ཅན་རྣམས་ནི། །ཕོར་གཞོང་ཁྱེངས་པས་གཙོ་བོ་འཁོར་བཅས་མཆོད། །བདག་ཚིམ་འགྲོ་ལ་སྦྱིན་སྤེལ་དངོས་གྲུབ་སྟེར། །ལྔ་པའི་དབང་ཕྱུག་སྒོ་མ་བཞི། །མི་སྲིན་ནས་ནི་སྐྱེག་གདོང་བར་ཅེས་སོ། །དེ་ནི་དཀྱིལ་འཁོར་ལྔར་བསྟན་ཏོ། །སླས་དང་བྱི་མོ་བྲན་མོའི་ཁྱམས། །དེ་མཐར་རྡོ་རྗེ་མངག་པ་ཞེས། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་ནི། །མཁའ་འགྲོ་ཕྲ་མེན་རྒྱས་བསྡུས་ལྟར། །ཕོ་ཉའང་བསྡུས་ན་གཙོ་མོ་བཅུ། །ཤར་ནས་མི་མོ་གསེར་གྱི་མདུན་ཞུ་ཅན། །ཤར་ལྷོ་དུང་གི་སྤྱང་མོ་མགོ་དགུ་མ། །ལྷོ་ནས་མི་མོ་གསེར་གྱི་རྟག་ཚུལ་མ། །ལྷོ་ནུབ་ལྕགས་སྤྱང་མགོ་དགུ་མ། །ནུབ་ནས་བུ་མོ་ཚུལ་མཆུ་ཅན། །ནུབ་བྱང་ཟངས་སྤྱང་མགོ་དགུ་མ། །བྱང་ནས་མི་ལོ་ལྕགས་མཆུ་མ། །བྱང་ཤར་གཡུ་སྤྱང་མགོ་དགུ་མ། །སྟེང་ནས་ལྕགས་ཀྱི་བྱ་ཁྲ་ཆེ། །འོག་ནས་ལྕགས་ཀྱི་བྱི་བ་ཆེ། །ཞེས་པ་ཧེ་རུ་འདུས་རྒྱུན་དུ། །ལུས་བཅུད་རྩ་ཡི་མདུད་པ་ནི། །སུམ་བརྒྱ་དྲུག་ཅུ་ཁྱབ་གནས་ཏེ། །ཁྱབ་ཅིང་འགུགས་པའི་ལས་བྱེད་པ། །སྐྲ་རྩེ་ཐིག་ལེ་ཁྱབ་བྱེད་ཅིང་། །བ་སྤུའི་ཐིག་ལེ་ཆགས་བཅས་པ། །ཡང་སྤྲུལ་འཕྲོ་ཞིང་ཉིད་ལ་བསྡུ། །ཞེས་དང་། ཕྱི་དང་ནང་ཆགས་མཁའ་འགྲོ་མ། །སྐྲ་རྩེ་བ་སྤུ་འབུམ་གྱི་ཆ། །ཐབས་དང་ཐིག་ལེ་གར་འཕྲོས་པ། །རྟོག་པ་གང་སྐྱེས་དེར་བསྡུད་པ། །ཡང་སྤྲུལ་ཕྱག་རྒྱའི་ཚོགས་སུ་བརྗོད། །ཅེས་ཏེ་རིག་འཛིན་གྲུབ་ཐོབ་ཀྱི། །མཁའ་འགྲོ་ཡང་སྤྲུལ་སྐྲ་སྤུར་བཤད། ༈ །ཀུན་འདུས་ལས། སྲིད་པ་གསུམ་གྱི་ཕྱག་བྱས་པ། །བླ་མའི་ས་ལ་གནས་པ་ནི། །དབང་མཆོག་སུམ་ཅུ་རྩ་དྲུག་ཡིན། །ཕྱི་ཡི་དབང་དང་ནང་གི་དབང་། །བསྒྲུབ་བའི་དབང་དང་གསང་བའི་དབང་། །བཅུ་དང་བཅུ་གཅིག་བཅུ་གསུམ་དང་། །རྣམ་པ་གཉིས་ཀྱིས་རྫོགས་པར་འགྱུར། །ཅེས་པའི་བཅུ། ཡོ་ག་ལ་སོགས་ཐེག་དྲུག་ལ། །ཕྱི་དབང་རྒྱུད་ཀྱི་ཆུ་བོས་བྱ། །ཞེས་ཏེ་སློབ་བུ་བློ་དམན་ནོ། །བཅུ་གཅིག་ནི། བསྐྱེད་པ་མ་ཧཱ་ཡོ་ག་ལ། །ནང་དབང་འབྱུང་བའི་ཆུ་བོས་བྱ། །བཅུ་གསུམ་ནི། རྫོགས་པ་ཨ་ནུ་ཡོ་ག་ལ། །བསྒྲུབ་དབང་གྲགས་པའི་ཆུ་བོས་བྱ། །རྣམ་པ་གཉིས་ནི། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །གསང་བ་མན་ངག་ཆུ་བོས་བྱ། །ཞེས། ལྷ་གྲངས་ལྔ་བརྒྱ་གྱ་གསུམ་མཐུན་པར་གསུངས། དབང་དོན་དང་ནི་འདུས་རྒྱུད་ལས། ཀུན་བཟང་བདེ་ཆེན་དཀྱིལ་འཁོར་ནི། །ཆེ་མཆོག་སྐུ་ལ་ཆོས་ཀུན་རྫོགས། །ཨ་ནུའི་ཁྱད་ཆོས་གཙོ་ལས་གཞན། །ཞི་བ་ཞེ་གཉིས་རྡོ་རྗེ་དབྱིངས། །རྒྱུད་ལུང་ཉི་ཤུ་སྟེང་གི་ཁྲོ། །ཁྲག་འཐུང་རྩ་བའི་དཀྱིལ་འཁོར་དང་། །གནས་ཡུལ་སྒོ་འབར་དབང་གསང་ཡུལ། །ཁྲག་འཐུང་རོལ་པ་སྤྲུལ་པའི་དཀྱིལ་འཁོར་དང་། །མཁའ་འགྲོ་གྱིང་བསྡོམ་ལྔ་བཅུ་ལ། །སྐྱེས་བུ་ལས་ཀྱི་དཀྱིལ་འཁོར་དང་། །ཕྱོགས་བཞིའི་ཕོ་ཉའི་ཁྱམས་དེ་ནི། །མགྱོགས་འགྲོ་ཡིད་ཀྱི་དཀྱིལ་འཁོར་དང་། །མ་བདུན་སྲིང་བཞི་འོག་མ་མོ། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་དང་། །རིག་འཛིན་སློབ་དཔོན་སྦྱིན་བདག་བཅས། །རྡོ་རྗེ་འཆང་དྲལ་དཀྱིལ་འཁོར་དང་། །བཀའ་བརྒྱད་བསྒྲུབ་ཆེན་ཐེག་བསྟན་ཀུན། །ཚོགས་ཆེན་འདུས་པ་རྩ་བ་དང་། །ཡན་ལག་དཀྱིིལ་འཁོར་རྒྱས་བསྡུས་གསུངས། །ཞི་ཁྲོ་དམ་པ་རིགས་བརྒྱ་དང་། །ཕོ་ཉ་སུམ་བརྒྱ་དྲུག་ཅུ་དང་། །འབར་མ་དབང་ཕྱུག་གསང་བཞི་བཅུ། །ཀུན་སྡོམ་ལྔ་བརྒྱ་མ་བདུན་དང་། །སྲིང་བཞི་ཁྲོ་ཡབ་ཡུམ་ཉི་ཤུ། །སུམ་ཅུ་རྩ་གཅིག་ལུམ་ལྟར་ཀྱང་། །རིགས་ཀྱི་ཁྲོ་བོ་ཀུན་ལ་བསྡོམ། །གྱིང་དང་མཁའ་འགྲོ་ལྔ་བཅུ་དང་། །རིགས་བདག་ཞི་ཁྲོ་སྡོམ་གྱ་གསུམ། །ལྔ་བརྒྱ་གྱ་གསུམ་ཐིམ་ཀུན་འདུས། །སེང་ཧ་ཧེ་རུ་ཡབ་ཡུམ་གཉིས། །རིགས་བཞི་ཡབ་ཡུམ་བརྒྱད་ལེ་ཚེ། །ཆོ་འཕྲུལ་དམ་ཚིག་ཚད་མེད་དང་། །རོལ་པ་འཇིགས་བྱེད་འཇོམས་བྱེད་དང་། །ཟ་བྱེད་ཡབ་ཡུམ་བརྒྱད་ཚན་བདུན། །ཀེའུ་རི་སིང་ཧ་བརྒྱད་སྒོ་བཞི། །ཁྲོ་བཅུ་མ་བརྒྱད་གྱིང་བཅོ་བརྒྱད། །མཁའ་འགྲོ་སོ་གཉིས་ཤུགས་འགྲོ་བརྒྱད། །ཕྲ་མེན་བཅུ་དང་འབར་མ་བརྒྱད། །ཕོ་ཐོགས་བརྒྱད་དང་གཞོང་ཐོགས་བརྒྱད། །དབང་མོ་ཉེར་བརྒྱ་ཆེ་མཆོག་ཆེ། །སང་ང་ཡབ་ཡུམ་སྲས་སྡོམ་གཅིག །ཕོ་ཉ་སུམ་བརྒྱ་དྲུག་ཅུའོ། ༈ །ལྷ་བསྐྱེད་ཆོ་ག་འཛབ་མང་པོའམ། །ཀུན་བསྡུས་ལྷ་གཅིག་གསལ་བླ་མའང་། །མཁའ་དཀྱིལ་དང་པར་དབྱིངས་ཉི་ཟླ། །ཡེ་ཤེས་རྒྱལ་པོ་སྟངས་དབྱངས་སྒོམ། །མཐིང་གནག་ཞལ་གཅིག་ཕྱག་ཞབས་གཉིས། །རྡོ་རྗེ་ཐོད་ཁྲག་འཁྱུད་ཡུམ་བཅས། །ཐུགས་མཚན་ཧཱུཾ་བསྐྱེད་འབུམ་བཟླས་པའི། །བླ་མས་གསང་དབང་བསྐུར་ཐོབ་བྱ། །རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀུན། །མ་ལུས་བར་ནི་སྒོམས་པར་འགྱུར། །ཅེས་སོ། །གསང་དབང་རྫོགས་པའི་ཆུ་བོ་ལ། །དབང་གཉིས་གསུངས་པ་འདི་བཞིན་ཏེ། །གསང་དབང་ཤེས་རབ་ཡེ་ཤེས་དང་། །བདེ་ཆེན་ཤིན་ཏུ་བརྟན་པ་རྣམས། །བསྒྲུབ་པའི་དབང་མཆོག་ཐོབ་པ་དང་། །གསང་བའི་བདག་པོ་ཡིན་པས་ན། །གསང་བའི་དབང་མཆོག་སྦྱིན་པར་བྱ། །དགའ་བ་བྱང་ཆུབ་སེམས་ཆེན་པོ། །ཀུན་ཏུ་ཚིམ་པར་བྱེད་པའི་རོ། །དཀར་དམར་ལྷག་པའི་བྱང་ཆུབ་སེམས། །དབང་ཐོབ་དེ་ཡི་ལྕེ་ལ་བཞག །དབང་མཆོག་གསང་དབང་ཐོབ་པར་ཤོག །ཨ་ཧོ་མ་ཧཱ་སུ་ཀ་ཧོ་ཞེས་པ་བླ་མའི་མན་ངག་གོ། ༈ །ཀ་ནི་ཀུན་རྫོབ་བྱང་སེམས་ལ་གྲུ་གསུམ་མཐིང་གནག་དལ་ན་པད་མ་དམར་པོ་འདབ་མ་བརྒྱད་པ་གཅིག་གི་སྟེང་ན་རྡོ་རྗེ་སེར་པོ་གཅིག་གི་རྩེ་མོ་བཞོག་གཅིག་པད་མའི་ལྟེ་བ་ལ་རེག་པ་ཅིག་གདའ། ཟབ་མོ་དབང་གསུམ་རྫོགས་པ་དང་། །བླ་མ་ཐབས་ཤེས་དབང་གསོལ་ལ། །སློབ་མ་བདེ་སྐྱིད་གང་བདེའི་སྦྱིན། །དགའ་བ་བྱང་ཆུབ་སེམས་ཆེན་པོ། །དཀར་དམར་ལྷག་པའི་བྱང་ཆུབ་སེམས། །ཀུན་ཏུ་ཚིམ་པར་བྱེད་པའི་རོ། །བུ་མཆོག་དེ་ཡི་ལྕེ་ལ་བཞག །ཨ་ཧཱོ་མ་ཧཱ་སུ་ཀ་ཧོ། །གཉིས་མེད་དོན་དམ་བྱང་ཆུབ་སེམས། །བུ་མཆོག་དེ་ཡི་སྙིང་ལ་བཞག །མ་ཧཱོ་མ་ཧཱ་སུ་ཀ་ཧོ། །དབང་མཆོག་དེ་ལའང་གསུམ་ཐོབ་ནས། །དོན་དམ་ཀུན་རྫོབ་བྱང་ཆུབ་སེམས། །ལུས་སེམས་ཡེ་ཤེས་ཆེ་མཆོག་ཤོག །ཙ་ཀ་རྡོ་རྗེ་འགྲོམ་བུའི་སྐྱེད་པ་ལ་དར་དཔྱངས་སྔོན་དམར་ཅན་ཙ་ཀ་རྙིང་པའོ། །ཟབ་མོ་དབང་གསུམ་ཞེས་པ་ནི། ཐབས་ཀྱི་གསང་དབང་ལ་བ་དང་བེའུའི་ཚུལ་དུ་དབང་བསྐུར་བ་དང་། ཤེས་རབ་ཀྱི་གསང་དབང་ལ་བྱ་དང་བྱེའུའི་ཚུལ་དུ་དབང་བསྐུར་བ་དང་། ཐབས་ཤེས་གཉིས་མེད་ཚུལ་དུ་དབང་བསྐུར་བ་བུམ་པ་དང་མེ་ཏོག་གི་ཚུལ་དུ་དབང་བསྐུར་བ་ལ་གཉིས་ཏེ། སློབ་དཔོན་ལྕེས་བླངས་ཏེ་བསྐུར་བ་དང་། བུམ་པ་སྦྲང་རྩིའི་ཚུལ་སློབ་དཔོན་སློབ་མས་བསྒྲུབས་པའི་བདུད་རྩི་སྨན་ལ་བརྟེན་པའོ། །དེ་རྫོགས་ནས་ཟབ་དབང་གསང་བའི་དབང་རྫོགས་ནས་ཀྱང་། ཚེ་ལ་ཟབ་དབང་ཤེས་རབ་ཡེ་ཤེས་ནི་སློབ་མ་ལ་ཡུམ་གཏད་བདུད་རྩི་ཕབ་པའི་དགའ་བ་དང་ཟབ་དབང་ཤེས་རབ་ཡེ་ཤེས་དབྱེར་མེད་བདེ་བ་ཆེན་པོ་ལ་བཟློག་པའི་དགའ་བ་དང་། ཟབ་དབང་ཤེས་རབ་ཡེ་ཤེས་ཤིན་ཏུ་བརྟན་པ་ལ་ཁྲེམས་ནས་གནས་སུ་བསྐྱལ་བའོ། །འདི་ལ་དབང་གཉིས། ཀུན་རྫོབ་ཚེ་དབང་དང་། དོན་དམ་ཨ་ཏིའོ། །ཟབ་དབང་རྫོགས་ས྄ཧོ྅྅྅། །
ཆེ་མཆོག་ཐུགས་ཀྱི་སྤྲུལ་པ་ནི། །ལས་ཀྱི་མོན་པ་ནག་པོ་བཞེངས། །གཡས་པས་གྲི་གུག་རྣོན་པོ་འདར། །གཡོན་པ་བན་དྷ་སྙིང་ཁྲག་འཐུང་། །ཞབས་གཉིས་དམ་ཉམས་སྟེང་ན་བགྲད། །མཆོད་ཅིང་བསྟོད་པའི་ཚེ་ན་མཐིང་གནག་དར་ཕོད་ལྗང་བེར་ཅན། །སྡང་བ་དགྲ་ལ་ཆས་པའི་ཚེ་ན་གཅེར་བུ་བྱ་ཡི་གཤོག་པ་ཅན། །གནོད་བྱེད་བགེགས་ལ་ཆས་པའི་ཚེ་ན་ལྗང་སྔོན་དྲག་པོ་གསལ་ཤིང་ཅན། །གནས་འདིར་འདུག་ལ་བཀའ་ཡི་བསྟན་པ་བསྲུངས། ཧཱུཾ་རྣལ་འབྱོར་ཡོངས་ཀྱི་དཔལ་མགོན་མཆོག །མ་ཧཱ་ཀ་ལ་མཐུ་རྩལ་ཅན། །ཁྱོད་ནི་རིག་འཛིན་ཡོངས་ཀྱི་སྲོག་ཤིང་ཡིན། །ཆོས་སྐྱོང་ཡོངས་ཀྱི་རྗེ་བོ་ཡིན། །དྲེགས་ཅན་ཡོངས་ཀྱི་དབང་ཕྱུག་ཡིན། །སྔགས་འཆང་ཡོངས་ཀྱི་དགྲ་ལྷ་ཡིན། །རྣལ་འབྱོར་ཡོངས་ཀྱི་བདུད་འདུལ་ཡིན། །སངས་རྒྱས་བསྟན་པའི་བསྲུངས་མའི་མཆོག །བདག་གིའང་སྲུངས་མར་མངའ་གསོལ་གྱིས། །བདག་ཅག་འཁོར་དང་བཅས་པ་ཡི། །ལོངས་སྤྱོད་ཟས་ནོར་ཁྱོད་ཀྱིས་སྲུངས། །བཀའ་ཡིས་བཀྲོལ་བའི་ལས་གྲུབ་མཛོད། །མགོན་པོ་ཁྱོད་མཆོད་བྱིན་བརླབས་ཀྱིས། །ཕྱོགས་དང་དུས་ཀུན་ཐམས་ཅད་དུ། །སེམས་ཅན་ལེགས་དོན་འབྱོར་པ་དང་། །བགེགས་ཀྱི་རྣམ་པ་ཀུན་མེད་ཤོག །རྟ་དང་བ་གླང་ནོར་དང་འབྲུ། །བུ་ཚ་ཕ་མ་གཉེན་བཤེས་རྣམས། །དགེ་ཞིང་ཚེ་རིང་ནད་མེད་པར། །ཐམས་ཅད་འབྱོར་པ་ལྡན་པར་ཤོག །རྒྱལ་པོ་དགེ་ཞིང་དེད་དཔོན་རྣམས། །ཆོས་ཀྱི་ཡུལ་འཁོར་སྐྱོང་བར་ཤོག །འགྲོ་ཀུན་ཉེས་མེད་བདེ་གྱུར་ནས། །ནད་དང་མུ་གེ་ཀུན་བྲལ་ཤོག །བདེ་བར་གཤེགས་པའི་བསྟན་པ་འདི། །ཕྱོགས་བཅུ་ཀུན་ཏུ་རྒྱས་པ་དང་། །མྱུར་དུ་སེམས་ཅན་ཐམས་ཅད་ཀྱང་། །ཆོས་ཀྱི་སྣོད་དུ་གྱུར་པར་ཤོག །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱང་། །དཔལ་མགོན་དབང་ཕྱུག་ལེགས་ལྡན་གྱི། །མཐུ་བྱིན་ཐུགས་ལ་དབང་ཐོབ་ནས། །དཔལ་མགོན་མི་འབྲལ་འགྲོགས་པར་སྨོན། །ༀ་འབུར་ཀུར་མ་ཧཱ་པདྨ་རྔེ་འབུར༴ ཙི་འབུར་བྱིག་གེ་བྱི་མ་ན་སེ། ཨེ་ཧོ་ཤཱོ་མོ་ཀྲོ་ཏ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། བསྙེན་པའོ། །ༀ་འབུར་དུ་ཀུརྨ༴ ཨ་པྲ་རྣ༴ བུ་ཙི་ཀི་ཕྱི༴ བྱི་མ་ན་སེ༴ ཨ་ཤོ་མོ་ག་ཀྲོ་ཏ༴ ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཉེ་བར་བསྙེན་པའོ། །ༀ་འབུར་དུ་ཀུ་རུ། ཨི་ཙི་ཀི་ཕྱི། ཨུ་ཙུ་སྨ་ཀྲོ་ཏ་ཧཱུཾ་ཕཊ། བསྒྲུབ་པའོ། །ༀ་འབུར་ཀུར་ཏི་ཕཊ། བསྒྲུབ་པ་ཆེན་པོའོ། །རེ་རེ་ཞིང་འབུམ་རྫོགས་ནས་ལས་གྲུབ་བོ། །དགེའོ།། །།
བསོད་ནམས་གཏེར་སྦྱིན་ཆ་གསུམ་གཏོར། །ཤོག་གུ་གསུམ་པོ་འདི་མགྲོན་ཐབས་སུ་འཕན་ཐག་གི་གསལ་དབང་ངོ་། །མགྲོན་ལྷ་དཔོན་མགོན་དོན་གཉིས་ནི། །ལྷ་མིའི་སྐར་མའི་བཀྲ་ཤིས་མཛད། །ཐུབ་པས་ཚོང་དཔོན་ལ་གསུང་སྐད། །ཉན་ཐོས་རྒྱལ་ཆེན་བཞི་གསུངས་ཞེས། །གནས་བརྟན་འོད་སྲུངས་བསྐོས་པའི་ཚེ། །ཚངས་དང་རྒྱ་བྱིན་བཅས་ལ་གསུངས། །རང་རྒྱལ་དགེ་འདུན་མང་པོ་ནི། །ཀླུ་བརྒྱད་ཀླུ་ཚོགས་སྲུང་མར་བསྐོས། །བྱང་སེམས་ཕྱོགས་བཅུའི་སངས་རྒྱས་ལ། །སྐྱབས་འགྲོ་ཕྱོགས་སྐྱོང་བཅུ་གཅིག་བསྐོས། །སངས་རྒྱས་བསྟན་པ་ཀུན་ཁྱབ་ཏུ། །ཕྱག་རྡོར་སྡིགས་མཛུབ་སྟོང་ལྷ་སྐྱོང་། །བར་གཟའ་གནོད་སྦྱིན་འོག་ཀླུ་འདུལ། །ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་ནི། །ཕྱོགས་སྐྱོང་ཉི་ཟླ་ཕྱོགས་བཅུ་གཅིག །རྒྱུ་སྐར་ཉེར་བརྒྱད་གནོད་སྦྱིན་བརྒྱད། །རྒྱལ་ཆེན་བཞི་སྟེ་བདུན་ཅུ་ལྔ་། །གནོད་སྦྱིན་ལག་ན་རྡོ་རྗེ་བཞི། །སྡོམ་པས་བདུན་ཅུ་དོན་གཉིས་བཤད། །གནོད་སྦྱིན་བརྒྱད་ལས་ཅོག་བཞི་ལ། །གནོད་སྦྱིན་ལག་ན་རྡོ་རྗེ་ཅན། །སྔོན་པོའམ་རིགས་བཞིའི་ཕྱོགས་ཀྱི་མདོག །རྡོ་རྗེ་འཆང་བས་རི་རབ་སྲུང་། །གནོད་སྦྱིན་ཧ་རི་ཀ་དང་ནི། །པཉྩི་ཀ་དང་ནར་ཏི་ཀ །ལྕགས་ཁྲབ་གྱོན་ཞིང་མཚོན་ཆ་ཐོགས། །གནོད་སྦྱིན་འཕྲོག་མ་རལ་པ་ཅན། །སྔོ་ནག་རལ་གྲི་བུ་ལྔ་བརྒྱ། །གཙུག་ལྷག་གྲོང་བརྡལ་ཀུན་ཏུ་རྒྱུད། །དཔལ་མགོན་དོན་ལྔ་གླིང་བྱེ་བརྒྱའི། །སྟོང་ཆེན་ཕྱོགས་ཀུན་སྲུང་ཞིང་སྐྱོང་། །རྒྱལ་ཆེན་བཞི་ལས་ཡུལ་འཁོར་སྲུང་། །ལྗང་ཁུ་འམ་དཀར་པོ་པི་ཝཾ་སྦྲེང་། །འཕགས་སྐྱེས་སྔོན་པོ་རལ་གྲི་འབྱིན། །སྤྱན་མི་བཟང་དམར་སྦྲུལ་མགོ་ཅན། །རྡོ་རྗེ་སྦྲུལ་ཞགས་མཆོད་རྟེན་འཛིན། །རྣམ་ཐོས་སྲས་ནི་ལྗང་གུའམ་སེར། །རིན་ཆེན་བེ་ཅོན་ནེའུ་ལེ་བཟུང་། །ནེའུ་ལེའང་ནོར་བུ་བསམ་འཕེལ་ཟོས། །ཤར་ལྷོ་ནུབ་བྱང་རི་རབ་སྲུང་། །བང་རིམ་བཞི་ལྷ་ལོགས་ལྷ་མིན། །རོལ་མཚོའི་བར་ནས་འགྲོ་བ་དྲུག །གླིང་བཞིའི་མི་དང་ངན་འགྲོ་སྐྱོབ། །ཅོག་བརྒྱད་སྲོག་ཤིང་སྟེང་འོག་བཅུར། །རི་རབ་ཕྱོགས་སྐྱོང་བཅུ་གཅིག་ནི། །ཤར་ཕྱོགས་ཨིནྟྲ་རྒྱ་བྱིན་གཏོང་། །དཀར་པོར་རྡོ་རྗེ་གདེངས་པ་སྣམས། །ཤར་ལྷོ་མེ་ལྷ་ཨཀ་ནེ་སེར། །དམར་ནག་བགྲང་ཕྲེང་ལས་མཐུན་འདྲེན། །ལྷ་ཕྱོགས་གཤིན་རྗེ་ཡ་མ་ནི། །སྔོ་ནག་མི་མགོའི་ཐོད་དབྱུག་ཐོགས། །ལྷོ་ནུབ་བདེན་བྲལ་སྲིན་པོ་ནི། །ནི་རི་ཏི་སྨུག་རལ་གྲི་འབྱིན། །ནུབ་ཕྱོགས་ཆུ་ལྷ་བ་ཏུ་ནི། །ཀླུ་དབང་དཀར་པོའམ་དམར་སྦྲུལ་ཞགས། །ནུབ་བྱང་རླུང་ལྷ་བ་ཡ་བེ། །དུད་ཁ་བ་དན་ལྕེ་འཕུར་འཛིན། །བྱང་ཕྱོགས་གནོད་སྦྱིན་ཀུ་བེ་ར། །ལྗང་སེར་དབྱུག་ཐོ་ཕྱག་ན་སྣམས། །བྱང་ཤར་དབང་ལྡན་ཨི་ཤ་ན། །ཐལ་སྐྱ་ཏྲི་ཤུལ་རྩེ་གསུམ་མདུང་། །འོག་ཕྱོགས་ས་་བདག་ཕག་མགོ་འམ། །ས་ཡི་ལྷ་མོ་པྲ་ཏི་ཝི། །གསེར་མདོག་ཞགས་པའམ་བུམ་པ་གང་། །སྟེང་ཕྱོགས་ཉི་མ་སུརྱ་ཡེ། །དམར་སེར་ཕྱག་ན་པད་མ་སྣམས། །སྟེང་ཕྱོགས་ཟླ་བ་ཙནྟྲ་ཡེ། །དཀར་སེར་མེ་ཏོག་ཀུ་མུ་ཏ། །པད་མ་ཉིན་མོ་ཁ་ཕྱེ་ནས། །ནུབ་མོ་ཟུམ་ལྟར་ཕོ་སྐད་ཚ། །ཀུ་མུད་མཚན་མོ་ཁ་ཕྱེ་ནས། །ཉིན་མོ་ཟུམ་ལྟར་མོ་སྐད་སྙན། །ཉི་ཟླའི་འོད་ཀྱིས་ཉིན་མཚན་དུ། །ཕྱེད་པའི་མུན་པ་འདོད་ཁམས་གཟུགས། །གཟུགས་མེད་སངས་རྒྱས་ལྷ་ཡུལ་ན། །མུན་ཆེན་སྣང་བས་ཉིན་མཚན་དུ། །དབྱེ་ཁྱད་ནོར་བུ་འོད་འབྱིན་དང་། །མེ་ཏོག་ཁ་འབྱེད་ཉི་ཟླའི་རིགས། །དེས་ཁྱབ་དཀར་ཕྱོགས་སྐྱོང་བ་མཆོད། །ཕྱོགས་སྐྱོང་གཅིག་ཀྱང་ཀུན་ཁྱབ་ཕྱིར། །ནག་ཕྱོགས་སྐྱོང་ལ་ཕུར་པས་བཏབ། །དུས་འཁོར་ཕྱོགས་བཅུ་སྟོང་ཚངས་ལྗང་། །འོག་ཏུ་ཁྱབ་འཇུག་ཕུབ་རལ་གྲི། །ལྷ་ཆེན་བརྒྱད་ཀྱི་དཀྱིལ་འཁོར་ནི། །ཤར་རུ་དབང་ཕྱུག་ཆེན་པོ་དཀར། །མདུང་རྩེ་གསུམ་པའི་ཏྲི་ཤུལ་འཛིན། །ལྷོར་ནི་དབང་པོ་མཆོད་སྦྱིན་ཆེ། །བརྒྱ་བྱིན་སེར་པོ་རྡོ་རྗེ་གདེངས། །ནུབ་ཏུ་ཚངས་སེར་རིན་ཆེན་འཛིན། །བྱང་དུ་ཁྱབ་འཛུག་ལྗང་འཁོར་ལོ། །ཤར་ལྷོ་འདོད་ལྷའི་དབང་ཕྱུག་དམར། །མདའ་ལྔ་འདོད་མའི་གཞུ་འཛིན་པའོ། །ལྷོ་ནུབ་ཚོགས་བདག་དཀར་ཁྲ་སྟེ། །སྟ་གྲི་སོ་གཉིས་ཡོད་པར་བཤད། །ནུབ་བྱང་འབྲིང་གི་རི་ཏི་ནི། །ཀེང་རུས་མདོག་ལྟར་དཀར་བ་ལ། །ཕྱག་ན་རིན་ཆེན་སྒྲོམ་གང་འཛིན། །བྱང་ཤར་གཞོན་ནུ་གདོང་དྲུག་དམར། །ཤཱཀ་ཏི་མདུང་ཐུང་མི་ཚད་འཛིན། །དེ་ཡིས་ལྷ་བརྒྱད་ཐིམ་ན་ཡང་། །ལྷ་ཆེན་བཅུ་གཉིས་བྱེད་པ་ལྟར། །དེ་མཐར་བྱང་ཤར་ལྷ་སྟོབས་བཟང་། །ལྗང་ཁུ་ཐོང་པའི་གཤོལ་མདའ་འཛིན། །ནུབ་བྱང་དགའ་བྱེད་དབང་ཕྱུག་དམར། །ཀ་ཏར་རལ་གྲི་ཐོང་གཤོལ་འཛིན། །ལྷོ་ནུབ་ནག་པོ་ཆེན་པོ་ནག །མིག་གསུམ་ལག་ན་རྩེ་གསུམ་འཛིན། །ཤར་ལྷོ་སེང་གེའི་མགོ་ནག་པོ། །ཐོད་པ་ཁྲག་བཀང་འཛིན་འཐུང་སྦྱིན། །ཡང་ན། བྷན་ཌ་ཀ་རྣ་ཞེས་བྱ་བ། །ལྷ་མོ་དྲིལ་བུའི་རྣ་རྒྱན་ཅན། །སྙན་ཆ་སེང་གེ་གཡས་གཡོན་སྦྲུལ། །ནག་མོ་ཐོད་པ་ཁྲག་བཀང་འཐུང་། །དཀྱིལ་འཁོར་ཀླུ་བརྒྱད་ཁོ་ན་བྱེད། །གཙོ་བོའང་སྦྲུལ་མགོ་སྦྲུལ་རྒྱན་ལྟར། །ཕྱོགས་སྐྱོང་གཙོ་བོ་གོ་མཚོན་ཅན། །མཐའ་ཡས་དཀར་པོ་ཨུད་པལ་ཤར། །འཇོག་པོ་དམར་སེར་དགྲ་སྟ་འམ། །ཨུད་པ་ལ་འམ་རིན་ཆེན་ལྷོ། །སྟོབས་ཀྱིས་རྒྱུ་ནག་སྦྲུལ་འཛིན་ནུབ། །རིགས་ལྡན་རིན་ཆེན་སྒྲོམ་རྐྱལ་བྱང་། །ཤར་ལྷོ་ནོར་རྒྱས་སེར་བུམ་པ། །ལྷོ་ནུབ་དུང་སྐྱོང་དུང་འབུད་ལྗང་། །ནུབ་བྱང་པད་མ་དམར་པད་འཛིན། །བྱང་ཤར་པད་མ་ཆེན་པོ་ནི། །ཆུ་ལྷ་རིན་ཆེན་སྦྲུལ་ཞགས་འཛིན། །ཀུན་ཀྱང་སྦྲུལ་མགོ་སྦྲུལ་མཇུག་ཅན། །རྒྱུད་གཞན་ཀླུ་ཆེན་གྲངས་མང་ཡང་། །འདི་ཡི་ཆུ་ལྷས་ཀུན་ཚང་པའོ། །གཟའ་ཆེན་བརྒྱད་པོ་ཉི་ཟླ་དང་། །མིག་དམར་གཟའ་ལྷག་ལག་པ་དང་། །ཕུར་བུ་པ་སངས་སྤེན་ཞག་བདུན། །སྐད་ཅིག་ཙམ་རེ་སྤེན་ཉི་ཡི། །འཚམས་ལ་སྒྲ་གཅན་རྟག་ཏུ་རྒྱུ། །ཤར་ཕྱོགས་པ་ཝ་སངས་དཀར་པོ། །ཕྱག་གཡས་མེ་ཏོག་ཀུན་མུ་ཏ། །ཕྱག་གཡོན་ཤིང་ཏོག་བཟང་པོ་འཛིན། །ལྷོ་ཕྱོགས་ཕུར་བུ་འཐིང་པོ་ཏི། །ནུབ་ཕྱོགས་ཟླ་བ་དཀར་པོ་ནི། །མཆོད་སྦྱིན་མེ་ཏོག་ཀུ་མུ་ཏ། །བྱང་ཕྱོགས་ལྷག་པ་ལྗང་ཁུ་ནི། །མཆོད་སྦྱིན་མེ་ཏོག་ཨུད་པ་ལ། །ཤར་ལྷོ་མིག་དམར་མདོག་དམར་གཡས། །བུམ་པོའི་གཡོན་པ་མེ་སྒྲོན་འཛིན། །ལྷོ་ནུབ་སྒྲ་གཅན་དུད་ཀ་ན། །སྐུ་སྟོད་མི་ལ་སྐུ་སྨད་སྦྲུལ། །པད་སྡོང་གཡས་ལ་རལ་གྲི་གཡོན། །ནུབ་བྱང་ཉི་མའི་གཡས་པད་མ། །གཡོན་པ་མཐའ་བེར་དབྱུག་པ་འཛིན། །བྱང་ཤར་སྤེན་པ་དམར་ནག་ནི། །གཡས་པ་དབྱུག་ཐོ་གཡོན་དགྲ་སྟ། །མདོ་རྒྱུད་གཞན་གྱི་གཟའ་མང་པོ། །ཐམས་ཅད་སྒྲ་གཅན་ཉིད་ལ་ཚང་། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ནི། །སྨིན་དྲུག་ར་གན་བུམ་པའི་ཁྲི། །དམར་པོ་རིན་ཆེན་གདུབ་བུ་འཛིན། །སྣར་མ་དཀར་པོ་ཁྱུ་མཆོག་ཁྲི། །རླིག་ཡོད་ཁྱུ་བ་གླང་དཀར་བཟང་། །ཕྱག་གཡས་རིན་ཆེན་སྙན་ཆ་འཛིན། །སྨལ་པོ་འོག་སེར་ཤ་བ་ཕོ། །ར་བཅུའི་ཁྲི་ལ་བཞུགས་ཚེ་ན། །ཕྱག་མཚན་རིན་ཆེན་སྨྱུ་གུ་སྣམས། །ལྡེ་གུ་ལག་ངར་གདུབ་བུ་སེར། །སྨལ་པོ་ལག་དམར་སྦྲུལ་གྱི་ཁྲི། །ཕྱག་ན་ལག་གདུབ་རིན་ཆེན་སྣམས། །ནམ་སོ་ལྗང་གུའམ་དཀར་པད་ཁྲི། །རིན་ཆེན་གདུབ་བུ་ཕྱག་ན་སྣམས། །རྒྱལ་དཀར་བུམ་ཁྲི་རིན་ཆེན་འཛིན། །སྐག་དཀར་བྱ་རོག་ནག་པོའི་ཁྲི། །རིན་ཆེན་གའུ་འམ་སྦྲུལ་ཞགས་འཛི། །སྐག་ནི་རྒྱ་གར་རྒྱུ་དཀར་བཤད། །ཝ་ནི་རྒྱ་ནག་སྐར་ཆེན་ལ། །སྐག་ནི་སྐར་ཆུང་ཡིན་ཅེས་བཤད། །དེ་རྣམས་སྤྱིར་དཀར་ཕྱག་གཡས་གཡོན། །རིན་ཆེན་དང་ནི་སྡེ་འུ་བཤད། །མཚམས་སྐར་རྨེ་གཙུག་འགྱུར་ཁྱད་ཆེ། །དགེ་དང་སྡིག་དང་འདྲེས་མ་ལའོ། །ལྷོའི་སྐར་དྲུག་མཚམས་སྐར་གཅིག །མཆུ་འམ་སྟ་ཆེན་སེར་པོ་འམ་མཐིང་། །མ་ཧེའི་ཁྲི་ལ་སྙེ་མ་འཛིན། །དྲེ་འམ་སྟ་ཆུང་ལྗང་གུ་འམ་སྔོ། །རིན་ཆེན་ཁྲི་ལ་རིན་ཆེན་འཛིན། །ཡང་ན་པད་གདན་པད་མ་བསྣམས། །རྦོ་འམ་ཁྲོ་སེར་མདོག་གསེར་ཁྲི། །མཉམ་བཞག་རིན་ཆེན་མྱུ་གུ་འཛིན། །ཡང་ན་ཕྱག་གཡས་པདྨ་འཛིན། །གཡོན་པ་དབྱུག་ཐོ་འཛིན་པར་བཤད། །མེ་བཞི་སེར་པོ་གླང་ཆེན་ཁྲི། །པད་མ་དཀར་པོ་ཕྱག་ན་བསྣམས། །ནག་པ་ལྗང་གུ་རྨ་བྱའི་ཁྲི། །ཕྱག་ན་པད་མ་ཁ་ཕྱེ་བསྣམས། །ས་རི་སྔོན་པོ་འམ་དམར་པོ་ནི། །སྤྱང་མོའི་ཁྲི་ལ་རི་རབ་འཛིན། །ས་ཀ་དམར་པོ་འམ་མཐིང་ཀ་ནི། །རྟ་དཀར་ཁྲི་ལ་རིན་ཆེན་ཕྲེང་། །ཡང་ན་ལྷོ་བདུན་སྔོ་འམ་སེར། །ཐམས་ཅད་ཕྱག་ན་པོ་ཏི་འོ། །ནུབ་ཀྱི་སྐར་དྲུག་མཚམས་ལ་གཅིག །ལྷ་མཚམས་ཁྱིམ་བྱ་དོ་པོའི་ཁྲི། །དམར་པོ་འམ་སེར་པོ་བུམ་པ་འཛིན། །ཁ་ཅིག་བྱ་རོག་ཁྲི་ཡང་མཛད། །སྣྲོན་ལྡིའུ་དམར་པོ་པད་མ་བསྣམས། །གླང་པོའམ་ནང་ཚངས་ཅན་གྱི་གདན། །སྣྲུབས་སོར་དམར་པོ་སྲེ་མོའི་ཁྲི། །ཡང་ན་སྦལ་པ་འམ་ཁྲིའུ་གདན། །སྐུ་མདོག་ལྗང་གུ་འམ་དབྱུག་པ་འཛིན། །ཆུ་སྟོད་དམར་པོ་ཕུབ་ཀྱི་ཁྲི། །པད་མ་དམར་དང་ཁྲིའུ་འཛིན། །ཆུ་སྨད་དམར་སྐྱ་མི་ལ་ཞོན། །བྱི་བཞིན་སྔོན་པོ་སྒྲོ་མོང་ཁྲི། །གྲོ་ཞུན་དམར་པོ་སྐུར་མའི་ཁྲིའམ། །བྱ་ཟོ་གྲོ་ཞུན་སྐུར་མའི་ཁྲི། །པད་མ་བུམ་པ་འཛིན་པའོ། །བྱི་བཞིན་བྱ་རྦོ་གདན་འབོལ་ལ། །ནང་ཚངས་ཡོད་ཅིང་ཕྱག་འཁོར་ལོ། །ཡང་ན་ནུབ་བདུན་དམར་པད་མ། །བྱང་གི་སྐར་དྲུག་མཚམས་དང་བདུན། །མོན་དྲེའུ་བྱ་བཞུགས་ལྗང་གུ་སྟེ། །གླང་དཀར་ཁྲི་ལ་ཨུད་པལ་འཛིན། །མོན་དྲུ་སྒྲོག་ནི་གདན་འབོལ་ཁྲི། །པད་མའམ་ཨུད་པལ་འཛིན་པའོ། །ཁྲུམས་སྟོད་ལྗང་གུ་རྟའི་ཁྲི། །རལ་གྲི་འཛིན་པའམ་ཁྱུ་མཆོག་ཁྲི། །རྡོ་རྗེ་རྩེ་གསུམ་འཛིན་པའོ། །ཁྲུམས་སྨད་སེར་པོ་རིན་ཆེན་ཁྲི། །ཕྱག་ན་དབྱུག་པའམ་པད་མ་བསྣམས། །སྦྲུལ་ལྗང་གནག་ཁྲུམས་པདྨ་གསུམ། །ནམ་གྲུ་ཤེ་ཟ་རྟའི་ཁྲི། །ལྗང་གུ་འམ་ནག་པོ་པད་མ་འཛིན། །ཐ་སྐར་དབྱུག་པ་མི་ཡི་ཁྲི། །ལྗང་གུ་མེ་ཏོག་གོ་ཆ་བསྣམས། །ཨ་ཤོ་པ་ལིའི་ཡ་ལད་གསུངས། །བྲ་ཉེ་སྔོ་ལྗང་འཁོར་ལོ་འམ། །ཨུད་པ་ལའམ་རྡོ་རྗེ་ཅན། །ཡང་ན་བྱང་བདུན་ལྗང་ཨུད་པལ། །ངན་སོང་སྦྱོང་པའི་དཀྱིལ་འཁོར་དང་། །སྔོན་གྱི་ཡི་གེ་གཉིས་ལ་བཏུས། །ཁྲི་མདོ་ཤར་དཀར་རྡོ་རྗེ་ལྷོ། །སེར་པོ་རིན་ཆེན་ནུབ་དམར་པད། །བྱང་ལྗང་རྒྱ་གྲམ་སྤྱིའི་པད་གདན། །གྲུབ་ཆེན་མི་ཏྲའི་རྡོར་ཕྲེང་བཞེད། །སྤྱི་ཡི་སྲུང་མ་བདུན་ཅུ་གཉིས། །ནང་གི་སྲུངས་མ་ཕྱོགས་བཅུ་ཡི། །མ་མོ་མཁའ་འགྲོ་བཀའི་བྱ་ར་མའོ། །ཀུན་ཀྱང་བཙུན་མོ་སྲས་གཡོག་བཅས། །སྙིང་རྗེ་འགྲོ་དྲུག་བར་དོར་བཅས། །མདོག་མཚན་ཆ་ལུགས་སྣ་ཚོགས་པའོ། །ལན་ཆགས་བདུན་འབུམ་ཙན་འབུམ་དང་། །རྒྱལ་འབུམ་མ་འབུམ་གླུ་གཉེན་འབུམ། །དམུ་འབུམ་གཟའ་འབུམ་གཤིན་རྗེ་འབུམ། །ལྷ་འབུམ་གནོད་སྦྱིན་འབུམ་སྟེ་མང་། །ཁམས་གསུམ་འབུམ་བཞི་བསམ་པ་བཞི། །སྲི་ཞུ་མཉམ་བསམ་ཡོན་ཏན་ཆེ། །སྙིང་རྗེ་དུ་ཁ་ལན་ཆགས་བུན་ཡུས་རྔམ། །དེ་གྲོལ་སྤྱིར་དུ་མཆོད་ནས་ཕན་བྱེད་ཚུལ། །སྲིད་ཞུའི་མགྲོན་ལ་གུས་དང་ཐུགས་རྗེས་བསྐུལ། །ཡོན་ཏན་མགྲོན་ལ་གཏའ་རག་དངོས་གྲུབ་བླང་། །སྙིང་རྗེ་ལ་སྦྱིན་ཕན་འབྲས་སྨོན་ལམ་བཟང་། །ལན་ཆགས་མགྲོན་ལན་བུ་ལོན་འཇལ་ཁྱེར་ཚིམ། །ལས་དགེའི་དབང་གིས་ཕན་བདེའི་དོན་བྱེད་པའོ། །ཕྱི་མཆོད་བསྡུས་ནས་ནང་ཚོགས་དཀྱིལ་འཁོར་བསྒྱུར། །ཨ྄ིྀཊ྅྅྅


previousའདུས་པ་ཆེན་པོ་མདོའི་སྒྲུབ་ཁྲིགས་བཞིན་དབང་བྱང་ལག་ལེན་མཁས་པ་གླན་བསོད་ནམས་མགོན་གྱི་གསུང་པོད་གཉིས་པ།no next