དཔལ་ལྡན་དུད་སོལ་ལྷ་མོའི་གཏོར་ཆོག་མདོར་བསྡུས།
དཔལ་ལྡན་དུད་སོལ་ལྷ་མོའི་གཏོར་ཆོག་མདོར་བསྡུས་བཞུགས་སོ། །གང་ཞིག་དྲན་པ་ཙམ་གྱིས་ཀྱང་། །བདུད་ཀྱི་གཡུལ་ལས་རྒྱལ་བ་དང་། །ཕུན་སུམ་ཚོགས་རྣམས་ཡིད་བཞིན་དུ། །སྟེར་མཛད་དཔལ་ལྡན་ལྷ་མོར་འདུད། །འདིར་ཡེ་ཤེས་ཀྱི་མཁའ་འགྲོ་མ་དུད་པའི་སོལ་བ་ཞེས་བྱ་བ། རྒྱ་བོད་ཐམས་ཅད་ན་འགྲན་ཟླ་དང་བྲལ་བ། དཀར་ཕྱོགས་སྐྱོང་བ་ཐམས་ཅད་ཀྱི་གཙོ་བོ། །རྒྱུད་སྡེ་གཉན་པོ་ཐམས་ཅད་ཀྱི་བཀའ་སྲུང་དེ་ཉིད་ཀྱི་གཏོར་ཆོག་རྒྱས་པ་ནི་ཁོ་བོས་གཞན་དུ་བཤད་ཟིན་ལ། །འདིར་ཐུན་གཏེར་དུ་བྱ་བའི་རིམ་པ་རྡོ་རྗེ་འཆང་མར་རྔོག་ཡབ་སྲས་ཀྱི་གསུང་ཇི་ལྟ་བ་བཞིན་འགོད་པར་བྱ་བ་ནི། རང་ཉིད་དགྱེས་རྡོར་གདན་བཞི་ལ་སོགས་པ་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་མདུན་དུ་སྐད་ཅིག་གིས་དུད་སོལ་མའི་སྙིང་ཀར་པདྨ་འདབ་མ་བརྒྱད་པ་ལྟེ་བ་དང་བཅས་པ། དེའི་སྟེང་དུ་ཨཾ་འོད་ཟེར་དང་བཅས་པ། དེའི་སྟེང་དུ་རཾ་འོད་ཟེར་དང་བཅས་པ། རཾ་ལས་མེ་འབར་བས་དུད་སོལ་གྱི་ལུས་དེ་དུད་པར་འཐུལ་གྱི་བསྲེགས་པས་ཐལ་བར་གྱུར། ཨཾ་གི་སྟེང་དུ་བཾ་དེ་ཡོངས་སུ་གྱུར་པ་ལས་བུམ་པ་དཀར་པོ་བདུད་རྩིས་གང་བ་ལས་བདུད་རྩིའི་རྒྱུན་དཀར་པོ་ལྷུག་ལྷུག་བབས་པས། ཨཾ་དེ་འོད་དཀར་ལྷག་ལྷག་གཅིག་ཏུ་གྱུར། ཨོཾ་ཨཾ་མཧཱ་ཀཱ་ལི་དེ་ཝི་ཀཱ་རཱ་ལི་བི་ཀྲནྟ་ཀཱ་ལ་རཱ་ཏྲི་ཙཎྜྻ་རཱུ་པི་ནི་ཧཱུཾ་ཕཊ། ཨཾ་དེ་ཡོངས་སུ་གྱུར་པ་ལས་དུད་པའི་སོལ་བ་མ་སྐུ་མདོག་ནག་མོ་སྤྲིན་དང་བུང་བ་ལྟར་གནག་པ་ཤིན་ཏུ་སྦེག་པ་ཀེང་རུས་ཀྱི་ལུས་ཅན་ཞལ་གཅིག་ཕྱག་བཞི། ཞབས་གཉིས་མ། གཡས་ཀྱི་དང་པོ་ན་རལ་གྲི་མེ་འབར་བ། འོག་མན་བྷཉྫྱ་དམར་གྱིས་བསྐྱིལ་པ་སྐྲ་གྲོལ་བ། གཡོན་གྱི་དང་པོ་ན་ཤཀྟི། འོག་མ་ན་ཏྲི་ཤུ་ལ་དར་དཔྱངས་འཕྱར་བ་ཐོགས་པ། མི་རོ་རེངས་པ་ཁར་བཅུག་ནས་ཞལ་མཆེ་བ་ཞིག་གཅིགས་པ། སྤྱན་གསུམ་དམར་པོ་ལྷན་ནེར་བ་ལྟ་བ། དབུ་སྐྲ་རལ་པ་གྱེན་དུ་བརྫེས་ཤིང་ གཡོན་དུ ་འཁྱིལ་བ། དེ་ལ་སྦྲུལ་དང་ཐོད་འཕྲེང་གི་བརྒྱན་པ། རྨ་བྱའི་རྒྱལ་མཚན་གཙུག་ན་འཕྱར་བ། སྙན་ཆ་གཡས་ན་སྦྲུལ་གྱི་མགུལ་ནས་དྲིལ་བུ་གསིལ་པ། གཡོན་ན་སེང་གེ་རལ་པ་དམར་བ། རོ་ཉེའི་རྣ་ཆ་ཟུང་གིས་སྒེག་པ། རྣ་ལྟག་གཉིས་ནས་མེ་ཏོག་དང་དར་ནག་གི་ཅོན་པན་འཕུར་བ། ལྷ་མ་ཡིན་ལ་སོགས་པའི་ཐོད་པའི་དོ་ཤལ་བྱས་པ། གླང་པོ་ཆེའི་ཀོ་བས་སྟོད་གཡོགས་པ། བ་གླང་གི་ཀོ་རློན་ཆེན་པོ་དྲས་པ་ལ་རེ་ལྡེ་སེར་པོའི་ཤམ་བུ་བཏགས་པས་སྨད་དཀྲིས་པ། ཁྲག་དང་ཞག་གི་ཐིག་ལེས་ཚོམ་བུར་བྲིས་པ། ༼༢ན༣༽ཀླུའི་རྒྱལ་པོ་གཤིབས་པས་སྐ་རགས་བྱས་པ། ཞབས་གཉིས་ལྕགས་སྒྲོག་གིས་བརྒྱན་པ། བོང་བུ་དམར་གའི་སྟེང་ན་ཙན་སྐྱིལ་གྱིས་བཞུགས་པ། དུར་ཁྲོད་བརྒྱད་དུ་རྒྱུ་ཞིང་ཧཱུཾ་དང་བྷྱོའི་སྒྲ་དུང་དང་འབྲུག་ལྟར་སྒྲོག་པ། མ་མོ་མཁའ་འགྲོ་དང་ཤ་ཟ་འབུམ་སྡེ་དབང་དུ་སྡུད་པའི་སྐུར་གྱུར། དེའི་ཐུགས་སྒོ་ངའི་དབྱིབས་སོར་བཞི་པ་མར་མེ་ལྟ་བུ། འོད་དེའི་དབུས་སུ་ཧཱུཾ། ཧཱུཾ་དེ་ལས་འོད་འཕྲོད་ཚུར་འདུས་འོད་ཀྱི་ཐིག་ལེའི་ནང་དུ་ཧཱུཾ་གི་མཐའ་སྐོར་དུ། ཨོཾ་ཧཱུཾ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མཧཱ་ཀཱ་ལི་ཧཱུཾ་བྷྱོཿཞེས་པས་བསྐོར་བར་གྱུར། དེའི་ཐུགས་ཀའི་ཧཱུཾ་ལས་ཧཱུཾ་གཅིག་བྱུང་སྟེ་བྷ་གར་ཐིམ་པར་གྱུར། ཨོཾ་བཛྭ་ལཱ་ཀྵྼ་ར་ག་ཡཱ་མི་ཧཱུཾ། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ནག་པོ་དྲག་པོ་དྲག་པོ་ཆེན་པོའི་དུར་ཁྲོད་དང་། བྱང་པུཥྤ་ཧ་རི། མར་རྔོག་གི་གདན་ས་ནས་དུད་པའི་སོལ་བ་མ་འཁོར་ནག་མོ་འབུམ་སྡེ་དང་བཅས་པ་བཛྭ་ས་མཱ་ཛཿརྦོད་རྔ་དང་རྔེའུ་ཆུང་དྲིལ་བུ་ལ་སོགས་པ་རོལ་མོའི་སྒྲ་དབྱངས་སྙན་པས། ཧཱུཾ་རང་བཞིན་རྣམ་དག་ཡེ་ཤེས་སྒྱུ་མའི་ཀློང་། བདེ་ཆེན་འདུ་འབྲལ་མེད་པའི་དཀྱིལ་འཁོར་དུ། །དུས་གསུམ་་་་་་བའི་འཕྲིན་ལས་གཅིག་བསྡུས་པ། །དཔལ་འབར་མཁའ་འགྲོའི་གཙོ་མོ་དབྱིངས་ནས་བཞེངས། དུར་ཁྲོད་མྱུལ་ཞིང་རྣལ་འབྱོར་ལས་ལ་འབྲེངས། མི་བཟད་རྣམ་པར་འཕྲུལ་བའི་ཞིང་ཁམས་དང་། པུཥྤ་ཧ་རི་མར་རྔོག་གདན་ས་དང་། མཁའ་འགྲོ་འདུ་བའི་གནས་ནས་འདིར་གཤེགས་ཤིག །ཨོཾ་ཧཱུཾ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་ཧཱུཾ་བྷྱོཿདྲྀ་ཥྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་ཧྶཾ། ས་མ་ཡ་ཧོཿཡེ་ཤེས་སེམས་དཔའི་གཙོ་མོ་དམ་ཚིག་པ་ལ་ཐིམ། འཁོར་གཅེར་བུ་རལ་པ་ཅན། །གཡས་ན་མིའི་སྙིང་དམར་པོ་དམར་རྩེར་ཐོགས་པ། གཡོན་ན་ཐོད་པ་སྐྲ་ཅན་ཁྲག་གིས་བཀང་བ་འཁོར་འདུ་མ་སྡེའི་ཚོགས་ཀྱིས་བསྐོར་ནས་འདུག་པར་གྱུར། འཁོར་དང་བཅས་པའི་ལྗགས་སྟེངས་སུ་བདུད་རྩི་བྱིན་པར་མོས་པས་གཏོར་ཏེ། དུད་པའི་སོལ་བ་མ་ཁྱོད་ཀྱི་སྐུ་མྱུར་དུ་སྟོན་ཅིག །སྐུ་མི་སྟོན་ན་བདག་གི་ཡིད་ལ་འདོད་པའི་ལས་ཐམས་ཅད་མྱུར་དུ་སྒྲུབས་ཤིག །ཨོཾ་ཧཱུཾ་ཤྲཱྀ་ཡ་སོགས་དང་། ཨེ་ཨཱ་ར་ལི་སྲི་ང་ཛཿའདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། དམ་ཚིག་འདས་ན་སྲེག་པར་བྱེད། དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར། རྡོ་རྗེ་བདུད་རྩིའི་ཆུ་འདི་འཐུང་། ཨོཾ་བཛྭ་ཧ་ན་ཧ་ན་བཛྭ་ས་མ་ཡ་མ་ཏི་ཀྲ་མ་ལ་ཧཱུཾ་ཕཊ། ཅེས་དམ་ལ་༼༢བ༤༽བཞག །ཨོཾ་ཨཱཿཧཱུཾ་ཤྲཱི་ཡ་དེ་ཝི་ཡ་སོགས་དང་། བཛྭ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ་དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱཱ། ཤཔྟ་རྣམས་ཀྱིས་མཆོད། །གཏོར་མར་བདུད་རྩི་བྲན་ལ། གཏོར་སྣོད་བྷཉྫྱ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་རྣམས་ཧ་ཧོཿསྲིཿཧ་སེར་པོས་གཏོར་མའི་ཁ་དོག་ངན་པ་བཅོམ། གཏོར་མ་ཁ་དོག་ཕུན་སུམ་ཚོགས་པ་གསེར་ཞུན་མ་ལྟར་གྱུར། ཧོཿདཀར་པོས་དྲི་ངན་པ་བཅོམ་ནས་དྲི་ཕུན་སུམ་ཚོགས་པར་གྱུར། སྲིཿསྔོན་པོས་རོ་ངན་པ་བཅོམ་ནས་རོ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཧ་ཧོ་སྲཱིཿསྭཱཧཱ། གསུམ་གྱིས་བྱིན་གྱིས་བརླབ། གཏོར་མ་ལག་པས་བཏེག་ལ། ཨོཾ་ཧཱུཾ་ཤྲཱི་ཡ་དེ་ཝི་སོགས་དང་། ཨོཾ་མཧཱ་མཱཾ་ས་ཁཱ་ཧི། མཧཱ་ཙིཏྟ་ཁཱ་ཧི། མཧཱ་རཀྟ་ཁཱ་ཧི། མཧཱ་གོ་རོ་ཙ་ན་ཁཱ་ཧི། མཧཱ་བ་སུ་ཏ་ཁཱ་ཧི། ཨོཾ་ཨི་དཾ་བ་ལི་གྲྀ་གྲྀ་ས་མ་ཡ་ཧཱུཾ་ཕཊཿསྭཱཧཱ། གསུམ་མམ་བདུན་གྱིས་ཕུལ། དུད་སོལ་མ་འཁོར་འབུམ་སྡེ་དང་བཅས་པས་གཏོར་མ་ཧབ་དི་རི་རི་གསོལ་བར་བསམ། རོལ་མོ་དང་བཅས་པས། བྷྱོཿཏིལ་མར་གྱིས་བསྐུས་ལན་བུ་གཅིག་འཕྱུར་རོ་ཉེའི་རྣ་ཆས་སྒེག་ཅིང་རྒྱན་རྣམས་མ་ལུས་འཆང་། ཞེས་སོགས་གཟུངས་ནས་ཕྱུངས་པའི་བསྟོད་པས་བསྟོད། ཨོཾ་རུ་རུ་རོ་རུ་ཏིཥྛ་པ་དྷ་སི་ཧཱུཾ་བྷྱོ་ཀརྨ་ལ་རཀྵ་སི་ཧཱུཾ་བྷྱོཿདགྲ་བགེགས་མཱ་ར་ཡ་ཧཱུཾ་ཕཊ། གཏོར་མ་ལ་བདུད་རྩིས་བྲན། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། ལྷ་མོ་གཙོ་འཁོར་གྱི་ཐུགས་ཀར་ཕོག །ཐུགས་རྒྱུད་བསྐུལ་སྡོམ་དམ་བཅས་པ་དྲན་ནས་ཐུགས་ཀ་ནས་འོད་ཟེར་འཕྲོས། གདུག་པ་ཐམས་ཅད་ཚར་བཅད། དྲེགས་པ་ཐམས་ཅད་ཀྱི་ནུས་མཐུ་བསྡུས་ལྷ་མོའི་ཐུགས་ཀར་ཐིམ། །དེ་ནས་འོད་ཟེར་གྱི་རྣམ་པར་ཞལ་ནས་འཐོན་ནས་བདག་ཉིད་ཀྱི་ཐུགས་ཀར་ཐིམ་པས། ནུས་མཐུ་ཕུན་སུམ་ཚོགས་པར་གྱུར་པར་བསམས་ཏེ། ཨོཾ་ཧཱུཾ་ཤྲཱི་ཡ་དེ་ཝི་ཀཱ་ལི་སོགས་བརྒྱ་འམ་ཉེར་གཅིག་ལས་མི་ཉུང་བར་བཟླས་སོ། །སླར་ཡང་གཏོར་མ་ལ་ཆང་ཕུད་བྲན་ལ། ཨོཾ་ཀུརུ་ཀུ་རུ་ཝརྟྟ་ལི་མཧཱ་བརྟྟ་ལི་བྷྱོཿབྷྱོཿདུར་ཁྲོད་བདག་མོ་དངོས་གྲུབ་ཞལ། གཏུམ་མོ་གཅིགས་བྱེད་ཡི་དགས་གདོང་། དམ་ཚིག་བསྲུང་མ་ཁྲག་དགའ་མ། ཀི་ལིའི་སྒྲ་སྒྲོག་སྦྱོར་ཟིན་མ། དུར་ཁྲོད་རོ་ཡི་ཚལ་དབུས་ན། །གཏུམ་ཆེན་དུད་པའི་སིལ་བ་མོ། །ཚོགས་དང་ཕོ་ཉར་བཅས་པ་ཡི། །རྩེ་གཅིག་༼༣ན༥༽ལྷ་མོ་དུད་སོལ་མ། །གསོལ་ཞིང་བཞེས་ཤིག་དམ་ཚིག་ལྷ། །གནས་ནས་གནས་པར་མཛད་དུ་གསོལ། །བདག་གི་སེམས་ལ་ཅི་འདོད་པའི། །ལས་འདི་མྱུར་དུ་གྲུབ་པར་མཛོད། །བདག་གི་ལས་འདི་ཅི་བྱེད་ཀྱང་། །བདེ་ལེགས་ཀུན་གྱི་གྲོགས་མཛོད་ཅིག །ཟོ་ཞིག་འཐུང་ཞིང་ཚིམ་པ་ཡིས། །རང་གི་གནས་ལ་གནས་ཀྱི་ཧཱུཾ། །གདུག་པ་ཅན་རྣམས་ཐམས་ཅད་བཟུང་། །ཟ་ཞིང་འཐུང་ལ་ལོངས་སྤྱོད་ཅིག །ཕུ་ཕེཾ་ཕེཾ་ཕིཾ་ཕཊ་སྭཱཧཱ། ཞེས་པ་དང་། འཕྲིན་ལས་བཅོལ་བ་ནི། མཁའ་འགྲོ་མ་དུད་སོལ་མ་འཁོར་འབུམ་སྡེ་དང་བཅས་པ་ཁྱོད་ཀྱིས། མཆོད་སྦྱིན་གྱི་གཏོར་མ་ཁ་དོག་དམ་པ་དྲི་དམ་པ། རོ་དམ་པ། རེག་བྱ་དམ་པ་དང་ལྡན་པ་འདི་བཞེས་ལ་རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ནད་ཀྱི་རིགས་སུ་གྱུར་པ། རླུང་མཁྲིས་བད་ཀན་འདུས་པ་ལས་གྱུར་པའི་ནད་རིགས་ཐམས་ཅད་ཞི་ཞིང་བཟློག་པར་མཛད་དུ་གསོལ། གདོན་གྱི་རིགས་སུ་གྱུར་པ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། རྒྱལ་པོའི་གནོད་པ་ལ་སོགས་པ་ཐམས་ཅད་ཞི་ཞིང་བཟློག་པར་མཛད་དུ་གསོལ། རྨི་ལམ་ངན་པ་དང་། མཚན་མ་ངན་པ་ལ་སོགས་པ་སྤང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་བཟློག་ཅིང་ཞི་བར་མཛད་དུ་གསོལ། གཞན་ཡང་རྣལ་འབྱོར་པ་བདག་་་་་འཁོར་དང་བཅས་པ་ཐམས་ཅད་ཀྱི་གྲོགས་གྱིས། མཐུ་གྱིས། དཔུང་གྱིས། སྡུན་ནས་བསུས། ཕྱི་ནས་སྐྱོལ། །བསམ་པ་སྒྲུབས། །རེ་བསྐོངས། །ཇི་ལྟར་འདོད་པའི་དོན་ཐམས་ཅད་ཕྱིན་པའི་འཕྲིན་ལས་མཛོད་ཅིག །ཅེས་གསོལ་བས་དེ་ལྟར་བགྱིའོ་ཞེས་ཁས་བླངས་པར་གྱུར་པར་བསམ། ཤྲཱི་མན་དེ་ཝི་དྷཱུ་མཾ་ག་རི་ས་པ་རི་ཝཱ་རེ་ཨ་རྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པཾ། དཱི་པཾ། གནྡྷེ། ནཻ་ཝི་དྱཾ། ཤཔྟ་པྲ་ཏིཙྪ་ཧཱུཾ་སྭཱཧཱ། སྔོན་ཚེ་དཔག་བསམ་བྱང་ཆུབ་ཤིང་དྲུང་དུ། རྒྱལ་བ་ཐུབ་པ་ཆེན་པོའི་སྤྱན་སྔ་རུ། བསྟན་པ་གཉན་པོ་བསྲུང་བར་དམ་བཅས་པའི། །ཁྲག་འཐུང་དུད་སོལ་སྐུ་ལ་ཕྱག་འཚལ་ལོ། །ཅེས་བསྟོད་མ་འབྱོར་བ་དང་ཉམས་པ་དང་། གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིད་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་ལྷ་མོས་བཟོད་པར་གསོལ། །བཛྭ་ལཱ་ཀྵྼ། རཱ་ག་ཡཱ་མི་ཧཱུཾ། དམ་ཚིག་པ་དང་ཡེ་ཤེས་ཀྱི་ལྷ་མོ་དབྱེར་མེད་པ་འཁོར་བཅས་སྐུ་གཟུགས་སམ། རང་གི་སྙིང་ཀར་བསྡུ། སེམས་ཅན་ཐམས་ཅད་༼༣བ༦༽ནད་མེད་ཅིང་། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །གང་གི་ལམ་ནས་གྲོལ་བ་ཡི། །སངས་རྒྱས་ཉིད་དང་ཕྲད་པར་ཤོག །མ་བསྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་གྲོལ་བ་དང་། །ད་ལྟ་ཉིད་དུ་རྗེས་སྩོལ་བའི། །ལམ་དེ་ཉིད་ལ་གནས་པར་ཤོག །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་འདིར་ནི་མྱུར་དུ་སངས་རྒྱས་ཤོག །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བྱེད་ཅིང་། །སེམས་ཅན་སྡུག་བསྔལ་ཚོགས་ཀྱིས་བཟིར་ལས་སྒྲོལ། །ཟབ་མོ་རྒྱུད་ཀྱི་སྲུང་མ་མ་མོ་ནི། །ཞལ་གཅིག་ཕྱག་བཞི་འཕྲིན་ལས་རྣམ་བཞི་སྒྲུབ། །རྫུ་འཕྲུལ་མཐུ་ལྡན་དགྲ་བགེགས་ཚར་གཅོད་པའི། །དཔལ་ལྡན་དུད་སོལ་ལྷ་མོའི་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད་པར་བྱའོ། །དེ་ལྟར་མར་རྔོག་གི་གསུང་ལྷད་མ་ཞུགས་པ་འདི། །ས་གསུམ་ན་འགྲན་ཟླ་མེད་པའི་མིའི་དབང་པོ་གོང་མ་ཆེན་པོ་ངག་གི་དབང་ཕྱུག་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་ཐུགས་དམ་དུ་ཤཱཀྱའི་དགེ་སློང་མི་ཕམ་པདྨ་དཀར་པོས་སྦྱར་བས་དཔལ་ལྡན་ཕག་མོ་གྲུབ་པའི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག །ཤུ་བྷ་མ་སྟུ་སརྦ་ཛ་ག་ཏཾ།། །།མངྒ་ལཾ། ཆོས་སྦྱིན་རྒྱ་ཆེར་སྤེལ་བའི་ཆེད། །པར་བཞེངས་གླེགས་བུ་རེ་རེ་ལ། །དངུལ་ཀྲང་ཡོན་འགྱེད་མཛད་པོ་ནི། །ཆོས་རྒྱལ་བསོད་ནམས་རྒྱལ་མཚན་ནོ།། །།