Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།

26 occurrences of རང་རིག་
[Clear Hits]


 
ཡང་ཟབ་ཡིད་བཞིན་ནོར་བུ་ཨུ་པ་དེ་ཤ་ལས༔ གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་སྒོ་ནས་གཤིན་པོ་རྗེས་འཛིན་གྱི་ཆོ་ག་བདེ་ཆེན་འཇུག་སྒོ།
  
 
 
 
  
  
  
 
 
 
 
  
  
  
  
 
 
 
  
 
 
 


26 occurrences of རང་རིག་
[Clear Hits]

 
no previousཡང་ཟབ་ཡིད་བཞིན་ནོར་བུ་ཨུ་པ་དེ་ཤ་ལས༔ གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་སྒོ་ནས་གཤིན་པོ་རྗེས་འཛིན་གྱི་ཆོ་ག་བདེ་ཆེན་འཇུག་སྒོ།next

ཡང་ཟབ་ཡིད་བཞིན་ནོར་བུ་ཨུ་པ་དེ་ཤ་ལས༔ གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་སྒོ་ནས་གཤིན་པོ་རྗེས་འཛིན་གྱི་ཆོ་ག་བདེ་ཆེན་འཇུག་སྒོ།

༄༅། །ཡང་ཟབ་ཡིད་བཞིན་ནོར་བུ་ཨུ་པ་དེ་ཤ་ལས༔ གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་སྒོ་ནས་གཤིན་པོ་རྗེས་འཛིན་གྱི་ཆོ་ག་བདེ་ཆེན་འཇུག་སྒོ་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་བཛྲ་དྷ་ར་ཡེ༔ སངས་རྒྱས་འཕྲིན་ལས་རྨད་བྱུང་བ༔ གཤིན་པོ་ཐར་ལམ་འདྲེན་པའི་ཐབས༔ བདེ་ཆེན་ཞིང་ཏུ་འཇུག་པའི་སྒོ༔ པདྨའི་མན་ངག་འདི་ན་གསལ༔ ཨེ་མ་དམ་ཚིག་ལྡན་པ་ཡི༔ ཆོ་ག་ཉམས་སུ་ལེན་པ་ལ༔ ཐོག་མར་བསྐྱེད་རིམ་རྣལ་འབྱོར་གྱིས༔ ཏིང་འཛིན་སྔགས་ཀྱིས་ཐུགས་དམ་བསྐུལ༔ དེ་ནས་བུམ་པ་བཅུད་ལྡན་དང་༔ དབང་རྫས་བྱིན་གྱིས་རླབས་པ་ནི༔ ༀ་ཨཱཿཧཱུྃ༔ ཨ༔ བུམ་པ་མི་དམིགས་སྟོང་པར་གྱུར༔ སྟོང་ཆེན་མཐའ་དབུས་བྲལ་བའི་ངང་༔ འོད་གསལ་རྒྱུན་མི་ཆད་པ་ལས༔ ཕྱི་ནི་བུམ་པ་ནང་དཀྱིལ་འཁོར༔ པདྨ་ཞི་ཁྲོའི་ལྷ་ཚོགས་རྣམས༔ བཀྲ་གསལ་བྱིན་འོད་ཐིབ་སེ་ཐིབ༔ གནས་ལྔའི་ཡི་གེ་འབྲུ་ལྔ་ལས༔ འོད་ཀྱིས་རྒྱལ་ཀུན་དབྱིངས་ནས་བསྐུལ༔ སྐུ་དང་ཐིག་ལེ་ཕྱག་མཚན་རྣམས༔ ཆར་བཞིན་བབས་ནས་བུམ་ལྷ་དང་༔ དབང་རྫས་རྣམས་ལ་སིབ་སིབ་ཐིམ༔ བྱིན་བརླབས་རྟགས་ཀྱི་ཕྱག་རྒྱར་བཞེངས༔ རང་སྲོག་སྔགས་ཀྱིས་བསྐུལ་བ་ཡིས༔ སྐུ་གསུང་ཐུགས་ཀྱི་བདུད་རྩི་ཡིས༔ བུམ་པ་ཁེངས་ཤིང་དྲི་འོད་ཀྱིས༔ ཆོས་ཀྱི་དབྱིངས་ཀུན་ཁྱབ་པར་གྱུར༔ ༀ་ཨཱཿ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ གཙོ་འཁོར་ཡོངས་སུ་རྫོགས་པ་དང་༔ རྡོ་རྗེའི་ཡིག་འབྲུ་བཅུ་གཉིས་པ༔ རླུང་རིག་བསྲེས་ནས་གཙོ་བོར་བཟླ༔ བུམ་ལྷ་འོད་ཞུ་བདུད་རྩིར་གྱུར༔ དབང་བླང་སྨོན་ལམ་ནན་གྱིས་བཏབ༔ དཀྱིལ་འཁོར་སྤྱི་ཡི་རིམ་པའོ༔ དངོས་གཞི་རྟེན་བསྐྱེད་རྣམ་ཤེས་དགུག༔ བགེགས་དང་སྡིག་པ་སྦྱོང་བ་དང་༔ ཁྲུས་ཀྱིས་བཀྲུ་ཞིང་དུག་དབྱུང་བ༔ སྐྱབས་འགྲོ་དབང་བསྐུར་ཟས་གཏད་པ༔ ལམ་བསྟན་གནས་སྤར་བྱང་བུ་སྲེག༔ སཱཙྪ་བཅས་སྟེ་བཅུ་བཞིའོ༔ བགེག་གཏོར་མིང་བྱང་སྡིག་སྦྱོང་རྫས༔ མེ་ལོང་མར་མེ་ལ་སོགས་བསག༔ དང་པོ་རྟེན་བསྐྱེད་དམིགས་པ་ནི༔ ༀ་ཤུནྱ་ཏ་ཛྙཱ་ན་བཛྲ་སྭབྷཱ་ཝ་ཨཱཏྨ་གོ྅ཧཾ༔ ཨ༔ ཆོས་རྣམས་མི་དམིགས་སྟོང་པའི་ངང་ཉིད་ལས༔ པད་ཟླའི་གདན་ལ་ཚེ་འདས་རྣམ་ཤེས་ནི༔ ནྲྀ་ཡིག་སྔོ་སྐྱ་ཡོངས་གྱུར་ལྷ་བུའི་ཚུལ༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཡོངས་སུ་རྫོགས༔ དད་པས་ཐལ་སྦྱར་པུས་བཙུགས་པད་དཀར་འཛིན༔ གུས་པའི་གསོལ་འདེབས་གདམས་པའི་དོན་ལ་ཉན༔ བླ་མ་མཆོག་གསུམ་ཐུགས་རྗེའི་སྲུང་འཁོར་ཏུ༔ འཇིགས་མེད་བག་ཕེབས་ཚུལ་དུ་གནས་པར་གྱུར༔ གཉིས་པ་རྣམ་ཤེས་འགུགས་པ་ནི༔ ན་མོ༔ རྒྱལ་བ་རྒྱ་མཚོའི་ཐུགས་བསྐྱེད་བདེན་པ་དང་༔ སྣང་སྟོང་རྒྱུ་འབྲས་བསླུ་མེད་བདེན་པའི་སྟོབས༔ སྔགས་དང་ཏིང་འཛིན་ཕྱག་རྒྱ་ཆེན་པོས་མཐུས༔ ཚེ་འདས་རྣམ་ཤེས་རིགས་དྲུག་བར་དོའི་ཁམས༔ གང་ན་གནས་ཀྱང་ཐུགས་རྗེའི་ལྕགས་ཀྱུ་ཡིས༔ དམ་དུ་བཟུངས་སྟེ་སྒྲིབ་སྦྱོང་དཀྱིལ་འཁོར་འདིར༔ མྱུར་དུ་ཁུག་ཅིག་མིང་བྱང་སྲོག་ཡིག་ལ༔ ནྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ གསུམ་པ་བགེག་གཏོར་བསྔོ་བ་ནི༔ རྡོ་རྗེ་ཁྲོ་བོའི་སྐུར་བཞེངས་སྟེ༔ བར་ཆད་གསོན་བགེགས་བཀུག་ལ་གཟིར༔ བསང་སྦྱང་བྱས་ལ་དམིགས་པ་ནི༔ སྟོང་པའི་ངང་ལས་བྷྲཱུྃ་ཡིག་ལས༔ གཏོར་སྣོད་རིན་ཆེན་འབར་བ་རུ༔ ༀ་ལས་གཏོར་མ་ཟག་མེད་ཀྱི༔ བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ༀཨཱཿཧཱུྃ༔ གཏོར་མ་རྟེན་ལ་གཡས་སུ་བསྐོར༔ ༀ་སརྦ་བིགྷྣཱན་ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་གགན་ཁཾ་སྭཱ་ཧཱ༔ ཏིང་ལོ་ཆངས་བུ་གཡོན་དུ་བསྐོར༔ ༀ་སུམྦྷ་ནི་སུམྦྷ་ནི་ཧཱུྃཿ གྲིཧྣ་གྲིཧྣ་ཧཱུྃཿ གྲིཧྣ་པ་ཡཱ་གྲིཧྣ་པ་ཡཱ་ཧཱུྃཿ ཨ་གྣ་ཡ་ཧོ་བྷ་ག་ཝཱན་བིདྷྱེ་ར་ཛ་ཧཱུྃ་ཕཊ༔ ཞི་དྲག་ཕྱེད་མས་མགྲོན་ལ་བསྔོ༔ བགེགས་ཚོགས་རྣམས་ལ་བཀའ་བགོ་ནི༔ ཧཱུྃ༔ཧཱུྃ༔ དུས་གསུམ་སངས་རྒྱས་བྱིན་རླབས་རྨད་པོ་ཆེ༔ ཡི་དམ་ལྷ་ཚོགས་ཏིང་འཛིན་ཆོ་འཕྲུལ་འབར༔ མཁའ་འགྲོ་དམ་ཅན་མཐུ་རྩལ་དྲག་པོ་ཡིས༔ མཆོག་དང་ཐུན་མོངས་དངོས་གྲུབ་བར་གཅོད་བགེགས༔ བདེན་པའི་སྟོབས་ཀྱིས་རྡུལ་བཞིན་བརླགས་པར་བྱ༔ རྩ་སྔགས་ཁྲོ་བོས་སྔགས་ཀྱིས་བསྐྲད༔ ༀ་སུམྦྷ་ནི་སུམྦྷ་ནི་ཧཱུྃཿ གྲིཧྣ་གྲིཧྣ་ཧཱུྃཿ་གྲིཧྣ་པ་ཡཱ་གྲིཧྣ་པ་ཡཱ་ཧཱུྃཿ ཨ་གྣ་ཡ་ཧོ་བྷ་ག་ཝཱན་བིདྷྱེ་ར་ཛ་ཧཱུྃ་ཕཊ༔ གུ་གུལ་བདུག་ཅིང་ཡུངས་ཀར་བྲབ༔ གཏོར་མ་ཕྱི་རོལ་གནས་སུ་བསྐྱལ༔ སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ བདག་ཉིད་རྡོ་རྗེ་འཛིན་རྒྱལ་ཁྲོས་པ་ཡི༔ ཐུགས་ལས་སྤྲུལ་བའི་མཚོན་ཆ་རྡོ་རྗེའི་མེ༔ སྟེང་འོག་ཕྱོགས་མཚམས་མ་ལུས་ཀུན་ཏུ་གཏམ༔ བསྐལ་བ་ལས་ཀྱི་རླུང་ཡང་སྡང་མི་འགྱུར༔ བཛྲ་རཀྵ་ཧཱུྃ་ཕཊ༔ བཞི་བ་སྡིག་པ་སྦྱོང་བ་ནི༔ ཨ༔ ཚེ་ལས་འདས་པའི་གནས་དྲུག་དུ༔ རིགས་དྲུག་ས་བོན་ཐིག་ལེ་ཤར༔ སྤྱི་བོར་ཨ་དཀར་ལྷའི་ས་བོན༔ མགྲིན་པར་སུ་སེར་ལྷ་མིན༔ སྙིང་གར་ནྲྀ་སྔོ་མིའི་ས་བོན༔ ལྟེ་བར་ཏྲི་ལྗང་དུད་འགྲོའི་སྟེ༔ གསང་གནས་པྲེ་སྐྱ་ཡི་དྭགས་ཉིད༔ རྐང་མཐིལ་དུ་ནག་དམྱལ་བའོ༔ བདག་མདུན་ལྷ་ཚོགས་ཐུགས་ཀ་ནས༔ ཡེ་ཤེས་འོད་ཟེར་མེ་ལྟར་མཆེད༔ ཚེ་ལས་འདས་པ་རིགས་དྲུག་ཏུ༔ སྐྱེ་བའི་ས་བོན་མ་ལུས་པ༔ ཉོན་མོངས་སྡིག་སྒྲིབ་བག་ཆགས་བཅས༔ ཐམས་ཅད་བསྲེགས་ཤིང་སྦྱངས་པར་གྱུར༔ རྩ་སྔགས་དང་ནི་ལྷ་སྔགས་མཐར༔ སྡིག་པ་སྦྱོང་བའི་སྔགས་འདི་བཏགས༔ ཨ་སུ་ནྲྀ་ཏྲི་པྲེ་དུཿསརྦ་པཱ་པཾ་ཀླེ་ཤ་ད་ཧ་ན་བྷསྨིཾ་ཀུ་རུ་སྭཱ་ཧཱ༔ གཟུགས་དང་མཚན་བྱང་བྱེ་མས་བྲབ༔ སྡིག་སྒྲིབ་རྡུལ་ལྟར་སྦུར་བར་བསམ༔ ཨ་བྷྱ༔ཏྱ་ཏཾ་ཀེཾ༔ རྒྱ་ཏཾ་བྲིས་པར་བརྟགས། སྐྱེ་སྒོ་གཅོད་པའི་སྔགས་དང་། མ་མཱ་ཀོ་ལིཾ་ས་མནྟ། ངན་སོང་དོང་སྤྲུགས་སྔགས། འཿཨཿཤཿསཿམཿཧཿ རིག་དྲུག་ཀློང་གྲོལ་སྔགས། ལྔ་པ་ཁྲུས་ཀྱིས་སྦྱོང་བ་ནི༔ སྤྲོ་ན་དཀྱིལ་འཁོར་ལྷ་ཁྲུས་བྱ༔ ༀ ཆོས་དབྱིངས་སྤྲོས་བྲལ་བུམ་སྐུའི་དབྱིངས༔ བདེ་ཆེན་ལྷུན་གྲུབ་བདུད་རྩིའི་ཆུ༔ ཐུགས་རྗེས་རོལ་བའི་ཁྲུས་བགྱིའོ༔ ཚེ་འདས་ཤེས་སྒྲིབ་དག་གྱུར་ཅིག༔ རྩ་སྔགས་ཡིག་བརྒྱས་བཀྲུ་བར་བྱ༔ ཚེ་ལས་འདས་ཆྒཻ་མོའི་ལས་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱིཾནྟ་ཀུ་རུ་སྭཱ་ཧཱ༔ ཀུན་གཞིའི་བག་ཆགས་དག་པར་བསམ༔ ༀ༔ སྐུ་གསུམ་རྒྱལ་བས་ཁྲུས་བགྱིའོ༔ དུག་གསུམ་སྒྲིབ་པ་དག་པར་ཤོག༔ རྒྱལ་བ་རིགས་ལྔས་ཁྲུས་བགྱིའོ༔ དུག་ལྔའི་སྒྲིབ་པ་དག་པར་ཤོག༔ རྩ་སྔགས་ཡིག་བརྒྱས་བཀྲུ་བར་བྱ༔ ཚེ་ལས་འདས་ཆེ་གེ་མོའི་ལས་ཉོན་པ་བག་ཆགས་དང་བཅས་པ་ཐམས་ཅད་ཤཱིཾནྟ་ཀུ་རུ་སྭཱ་ཧཱ༔ཐུབ་པ་དྲུག་གིས་ཁྲུས་བགྱིའོ༔ རིག་དྲུག་བག་ཆགས་དག་པར་ཤོག༔ ཕ་རོལ་ཕྱིན་བཅུས་ཀྲུས་བགྱིའོ༔ རླུང་བཅུའི་དྲི་མ་དག་པར་ཤོག༔ རྩ་སྔགས་ཡིག་བརྒྱས་བཀྲུ་བར་བྱ༔ ཚེ་ལས་འདས་ཆེ་གེ་མོའི་ལས་ལས་ཉོན་བག་ཆགས་དང་བཅས་པ་ཐམས་ཅད་ཤཱིཾནྟ་ཀུ་རུ་སྭཱ་ཧཱ༔ བདུན་པ་དུག་དབྱུང་བྱ་བ་ནི༔ ཀུ་ཤ་རྨ་བྱའི་སྒྲོས་བྱབས་ཤིང་༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་འཇིག་རྟེན་དུག་གསུམ་སྟེ༔ དཀོན་མཆོག་གསུམ་པོ་དུག་མི་མངའ༔ དཀོན་མཆོག་བདེན་པས་དུག་གཞོམ་མོ༔ རྩ་བའི་སྔགས་དང་ཡིག་བརྒྱ་བརྗོད༔ ཚེ་ལས་འདས་པའི་དུག་གསུམ་རྒྱུ་འབྲས་དང་བཅས་པ་ཐམས་ཅད་ཤཱིཾནྟ་ཀུ་རུ་སྭཱ་ཧཱ། འབྱུང་བས་དུག་དབྱུང་བྱ་བ་ནི༔ ས་ནི་དུག་གི་ཕ་དང་མ༔ གནས་དག་ཡུམ་ཆེན་སངས་རྒྱས་སྤྱན༔ ཐུགས་བསྐྱེད་ཆོས་ཉིད་བདེན་པའི་མཐུས༔ ཚེ་འདས་ཕྱི་ནང་དུག་སེལ་ཤོག༔ ཆུ་ནི་དུག་གི་ཕ་དང་མ༔ གནས་དག་ཡུམ་ཆེན་མཱ་མ་ཀཱི༔ ཐུགས་བསྐྱེད་ཆོས་ཉིད་བདེན་པའི་མཐུས༔ ཚེ་འདས་ཕྱི་ནང་དུག་སེལ་ཤོག༔ མེ་ནི་དུག་གི་ཕ་དང་མ༔ གནས་དག་ཡུམ་ཆེན་གོས་དཀར་མོ༔ ཐུགས་བསྐྱེད་ཆོས་ཉིད་བདེན་པའི་མཐུས༔ ཚེ་འདས་ཕྱི་ནང་དུག་སེལ་ཤོག༔ རླུང་ནི་དུག་གི་ཕ་དང་མ༔ གནས་དག་ཡུམ་ཆེན་དམ་ཚིག་སྒྲོལ༔ ཐུགས་བསྐྱེད་ཆོས་ཉིད་བདེན་པའི་མཐུས༔ ཚེ་འདས་ཕྱི་ནང་དུག་སེལ་ཤོག༔ ཚེ་ལས་འདས་པའི་འབྱུང་དང་འབྱུང་བ་ལས་གྱུར་པའི་དུག་ཐམས་ཅད་ཤཱིཾནྟ་ཀུ་རུ་སྭཱ་ཧཱ༔ བརྒྱད་པ་ཚེ་འདས་སྐྱབས་འགྲོར་གཞུག༔ ཉེ་དུ་འབྲེལ་བ་ཐམས་ཅད་ཀྱིས༔ ཚེ་འདས་ལ་སོགས་སྡིག་སྦྱོང་ཕྱིར༔ ལུས་ཀྱིས་བཤགས་འཚལ་བཤགས་སྡོམ་བྱ༔ ཚེ་འདས་ཉིད་ཀྱིས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མ་མཆིས་པ་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་སྤྱན་སྔར་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་མོས༔ ཀྱེ་མ་ཀྱི་ཧུད་ཐུགས་རྗེའི་བདག༔ འགྲོ་མགོན་བླ་མས་བདག་སྐྱོངས་ཤིག༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས༔ ལས་ངན་བདག་ལ་བརྩེ་བས་གཟིགས༔ ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་༔ ལོངས་སྤྱོད་རྫོགས་པ་སྤྱན་རས་གཟིགས༔ སྤྲུལ་བའི་སྐུ་མཆོག་པདྨ་འབྱུང་༔ ཐུགས་རྗེ་མ་ཆུང་བརྩེ་བས་གཟིགས༔ ཉེས་པའི་ཚོགས་ལ་གནོངས་ཤིང་འགྱོད༔ གདུང་ཤུགས་དྲག་པོས་འཐོལ་ཞིང་བཤགས༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཐུགས་རྗེས་གཟིགས་ལ་མྱུར་དུ་སྐྱོབས༔ སྙིང་ནས་འགྱོད་ཅིང་བཤགས་པ་བྱ༔ དཀྱིལ་འཁོར་ལྷ་བཤགས་སྤྲོ་བ་ལ༔ ཀྱེ་ཀྱེ་སྐྱབས་གཅིག་གུ་རུ་པདྨ་འབྱུང་༔ གྲངས་མེད་བསྐལ་བའི་སྔོན་ནས་འགྲོ་བའི་དོན༔ གཡེལ་མེད་མཛད་པའི་དམ་བཅའ་ཉེར་དགོངས་ལ༔ བྱིན་རླབས་ནུས་པ་མངོན་སུམ་ཉིད་དུ་སྟོན༔ ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་དཀྱིལ་འཁོར་གཙོ༔ གུ་རུ་དམར་ནག་མེ་ཕྲེང་ལྷ་ཚོགས་ལ༔ ཕྱག་འཚལ་སྐྱབས་མཆི་ཚེ་འདས་ཐུགས་རྗེས་ཟུངས༔ ཞེ་སྡང་འཁྲུགས་པའི་སྒྲིབ་པ་དག་གྱུར་ཅིག ཨོ་རྒྱན་སྨན་གྱི་བླ་མའི་དཀྱིལ་འཁོར་གཙོ༔ དུག་གསུམ་ནད་སེལ་སྨན་གྱི་ལྷ་ཚོགས་ལ༔ ཕྱག་འཚལ་སྐྱབས་མཆི་ཚེ་འདས་ཐུགས་རྗེས་ཟུངས༔ གཟུང་འཛིན་ནད་ཀྱི་སྒྲིབ་པ་དག་གྱུར་ཅིག༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་དཀྱིལ་འཁོར་གཙོ༔ སྨུག་འཛིན་དྲྭ་བ་སྡོམ་པའི་ལྷ་ཚོགས་ལ༔ ཕྱག་འཚལ་སྐྱབས་མཆི་ཚེ་འདས་ཐུགས་རྗེས་ཟུངས༔ ཞེན་ཆགས་སེར་སྣའི་སྒྲིབ་པ་དག་གྱུར་ཅིག༔ ཨོ་རྒྱན་ཡི་དམ་ལྷ་ཡི་དཀྱིལ་འཁོར་གཙོ༔ དཔལ་ཆེན་སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་ལ༔ ཕྱག་འཚལ་སྐྱབས་མཆི་ཚེ་འདས་ཐུགས་རྗེས་ཟུངས༔ འཁྲུལ་བ་ཨ་འཐས་སྒྲིབ་པ་དག་རྒྱུར་ཅིག༔ ཨོ་རྒྱན་གཞི་བདག་གཉན་པོའི་དཀྱིལ་འཁོར་གཙོ༔ ཟིལ་གནོན་དྲག་རྩལ་དཔལ་མགོན་ལྷ་ཚོགས་ལ༔ ཕྱག་འཚལ་སྐྱབས་མཆི་ཚེ་འདས་ཐུགས་རྗེས་ཟུངས༔ ཚོགས་བརྒྱད་རྟག་འཛིན་སྒྲིབ་པ་དག་རྒྱུར་ཅིག༔ ཨོ་རྒྱན་དཔའ་བོའི་གིང་གི་དཀྱིལ་འཁོར་གཙོ༔ གསང་བདག་སེངྒེ་སྒྲ་སྒྲོག་ལྷ་ཚོགས་ལ༔ ཕྱག་འཚལ་སྐྱབས་མཆི་ཚེ་འདས་ཐུགས་རྗེས་ཟུངས༔ འབྲོག་ཆེན་བར་དོའི་འཇིགས་པ་ཞི་བར་མཛོད༔ ཨོ་རྒྱན་འབྱུང་བ་བཞི་བདག་དཀྱིལ་འཁོར་གཙོ༔ བདེ་ཆེན་པདྨ་བཛྲ་ལྷ་ཚོགས་ལ༔ ཕྱག་འཚལ་སྐྱབས་མཆི་ཚེ་འདས་ཐུགས་རྗེས་ཟུངས༔ འབྱུང་བ་འཁྲུགས་པའི་དགྲ་ཀུན་ཞི་བར་མཛོད༔ ཨོ་རྒྱན་ཕྱག་རྒྱ་བཞི་ཡི་དཀྱིལ་འཁོར་གཙོ༔ ཁྲོ་མཆོག་རྟ་མགྲིན་ནག་པོའི་ལྷ་ཚོགས་ལ༔ ཕྱག་འཚལ་སྐྱབས་མཆི་ཚེ་འདས་ཐུགས་རྗེས་ཟུངས༔ ཐེ་ཚོམ་རྣམ་རྟོག་བར་ཆད་ཞི་བར་མཛོད༔ ཨོ་རྒྱན་རྡོ་རྗེའི་གུར་གྱི་དཀྱིལ་འཁོར་གཙོ༔ རྡོ་རྗེ་གྲོ་ལོད་ཁྲོ་བཅུའི་ལྷ་ཚོགས་ལ༔ ཕྱག་འཚལ་སྐྱབས་མཆི་ཚེ་འདས་ཐུགས་རྗེས་ཟུངས༔ ཉོན་མོངས་མཚོན་གྱི་འཇིགས་པ་ཞི་བར་མཛོད༔ ཨོ་རྒྱན་སྣང་མཐའི་སྤྲུལ་བའི་དཀྱིལ་འཁོར་གཙོ༔ ཐུགས་ཆེན་པདྨ་རྒྱལ་པོའི་ལྷ་ཚོགས་ལ༔ ཕྱག་འཚལ་སྐྱབས་མཆི་ཚེ་འདས་ཐུགས་རྗེས་ཟུངས༔ འཕོ་བཅས་རེ་དོགས་འཇིགས་པ་ཞི་བར་མཛོད༔ ཨོ་རྒྱན་དུས་གསུམ་མཁྱེན་པའི་དཀྱིལ་འཁོར་གཙོ༔ སངས་རྒྱས་འོད་དཔག་མེད་པའི་ལྷ་ཚོགས་ལ༔ ཕྱག་འཚལ་སྐྱབས་མཆི་ཚེ་འདས་ཐུགས་རྗེས་ཟུངས༔ འཁྲུལ་བ་རྨི་ལམ་འཇིགས་པ་ཞི་བར་མཛོད༔ ཨོ་རྒྱན་བདེ་ཆེན་རྒྱལ་པོའི་དཀྱིལ་འཁོར་གཙོ༔ ཆོས་སྐུ་ཀུན་ཏུ་བཟང་པོའི་ལྷ་ཚོགས་ལ༔ ཕྱག་འཚལ་སྐྱབས་མཆི་ཚེ་འདས་ཐུགས་རྗེས་ཟུངས༔ དངོས་ཞེན་འཛིན་པའི་འཇིགས་པ་ཞི་བར་མཛོད༔ ཨོ་རྒྱན་ཐུགས་རྗེ་འགྱུར་མེད་དཀྱིལ་འཁོར་གཙོ༔ ཡིད་བཞིན་ནོར་བུ་བདེ་ཆེན་ལྷ་ཚོགས་ལ༔ ཕྱག་འཚལ་སྐྱབས་མཆི་ཚེ་འདས་ཐུགས་རྗེས་ཟུངས༔ སྙེམས་འཕྲིག་དམ་སེལ་འཇིགས་པ་ཞི་བར་མཛོད༔ ཀུན་བཟང་པདྨ་ཞི་ཁྲོའི་ལྷ་ཚོགས་ལ༔ ཕྱག་འཚལ་སྐྱབས་མཆི་ཚེ་འདས་ཐུགས་རྗེས་ཟུངས༔ སྒྲིབ་གཉིས་བག་ཆགས་མ་ལུས་དྲུང་ཕྱུང་སྟེ༔ གདོད་མའི་སངས་རྒྱས་ས་ལ་དབུགས་དབྱུང་མཛོད༔ དགུ་པ་སློབ་མ་རྗེས་འཛིན་ནི༔ རྒྱས་པར་ལྷ་དབང་གཞུང་བཞིན་བསྐུར༔ བསྡུས་པར་བྱིན་རླབས་དབང་སྐུར་ནི༔ མཎྜལ་ཕུལ་ཞིང་གསོལ་བ་གདབས༔ ཚེ་ལས་འདས་པ་སྐད་ཅིག་གིས་ཨོ་རྒྱན་རྡོ་རྗེ་འཆང་གི་སྐུར་གྱུར་པས་གསོལ་བ་འདེབས་པར་མོས་ལ༔ ཧཱུྃ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་འཁོར་བའི་རྒྱ་མཚོ་ནས༔ བྱང་ཆུབ་སྐམ་སར་སྒྲོལ་བའི་ཕྱིར༔ ཞི་ཁྲོ་ཡོངས་རྫོགས་དབང་སྐུར་ཞུ༔ ཡན་ལག་བདུན་པ་བྱ་བ་ནི༔ ཨོཾ་ཨཱཿཧཱུྃ༔ དངོས་འབྱོར་ཡིད་སྤྲུལ་མཆོད་རྫས་དཔག་མེད་འབུལ༔ ཕྱག་འཚལ་ཐོག་མེད་བསགས་པའི་ཉེས་ལྟུང་བཤགས༔ དགེ་ལ་ཡི་རང་མྱ་ངན་མི་འདའ་བར༔ ཆོས་གསུང་བསྐུལ་བའི་དགེ་ཚོགས་འགྲོ་ལ་བསྔོ༔ སྡོམ་གསུམ་ལེན་ཞིང་བསྲུང་བ་ནི༔ ཧོ༔ རྩ་བ་རྡོ་རྗེ་སློབ་དཔོན་དང་༔ དཀྱིལ་འཁོར་ལྷ་ཚོགས་བདག་ལ་དགོངས༔ བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ བཀའ་བསྒྲུབ་དབང་ཞུས་དམ་ཚིག་བསྲུང༔ གསང་སྔགས་རྡོ་རྗེར་འཇུག་པར་ཞུ༔ ཡེ་ཤེས་དབབ་པའི་བྱིན་རླབས་ནི༔ མེ་ཏོག་གཏད་ཅིང་མིག་རས་གསོལ༔ ཧཱུྃ༔ ཕུང་ཁམས་སྐྱེ་མཆེད་སྟོང་པའི་ངང༔ པདྨ་ཉི་ཟླ་བརྩེགས་པའི་ཁྲིར༔ སློབ་མའི་ངོ་བོ་པདྨ་འབྱུང༔ དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན༔ ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན༔ དར་དང་རིན་ཆེན་སྣ་ཚོགས་བཀླུབས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ ཕྱེད་སྐྱིལ་དགྱེས་པའི་གར་སྟབས་རོལ༔ བདག་གི་ཐུགས་ཀའི་ཧཱུྃ་ཡིག་དང༔ སློབ་མའི་སྙིང་གའི་ས་བོན་ལས༔ འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས༔ དཔག་མེད་མཐའ་ཀླས་ཞིང་ཁམས་ནས༔ རབ་འབྱམས་རྒྱལ་བ་རྒྱ་མཚོའི་ཚོགས༔ མཚོ་ལ་ཁ་ཆར་འབེབས་པ་ལྟར༔ སློབ་མའི་སྤྱི་བོར་སིབ་སིབ་ཐིམ༔ སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་གྱུར༔ ཧཱུྃ༔ ཁྱབ་བརྡལ་བདེ་ཆེན་ཀློང་ཡངས་ནས༔ ཀུན་བཟང་ཡབ་ཡུམ་བྱིན་ཕོབ་ཅིག༔ སྟུག་པོ་བཀོད་པའི་ཞིང་ཁམས་ནས༔ རྡོ་རྗེ་འཆང་ཆེན་བྱིན་ཕོབ་ཅིག༔ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ སྣང་བ་མཐའ་ཡས་བྱིན་ཕོབ་ཅིག༔ རི་བོ་ཏ་ལའི་ཕོ་བྲང་ནས༔ ཐུགས་རྗེ་ཆེན་པོས་བྱིན༴ རྔ་ཡབ་གླིང་གི་ཞིང་ཁམས་ནས༔ པདྨ་འབྱུང་གནས་བྱིན༴ བདེ་སྟོང་སྒྱུ་མའི་ཕོ་བྲང་ནས༔ ཡེ་ཤེས་མཚོ་རྒྱལ་བྱིན༴ རང་བཞིན་གཞལ་ཡས་ཐམས་ཅད་ནས༔ རྒྱལ་བ་རྒྱ་མཚོ་དཔག་མེད་དང༔ བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ ཧཱུྃ༔ རང་བཞིན་དབྱིངས་ལས་མ་གཡོས་ཀྱང༔ ཐབས་མཁས་ཐུགས་རྗེའི་སྤྲུལ་སྒྱུར་འགྱེད༔ ཞི་དང་ཁྲོ་བོའི་སྐུ་གཟུགས་འཆར༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྣང་སྲིད་སྐུ་ཡི་བཀོད་པས་ཁྱབ༔ སློབ་མའི་ལུས་ལ་བྱིན་གྱིས་རློབས༔ ཆོས་ཉིད་ རང་སྒྲ་འབྲུག་ལྟར་ལྡིར༔ སློབ་མའི་ངག་ལ་བྱིན་གྱིས་རློབས༔ དབྱིངས་རིག next hit་ཐིག་ལེ་སྣ་ཚོགས་འཆར༔ སློབ་མའི་ཡིད་ལ་བྱིན་གྱིས་རློབས༔ སྒྲ་འོད་ཟེར་གསུམ་བསམ་ལས་འདས༔ སློབ་མའི་ཕུང་ཁམས་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ་ཧཱུྃ༔་ཕེཾ་ཕཻ༔ རཱ་རཱ་རཱ་རཱ༔ ཙ་ལཱ་ཡ་ཙ་ལཱ་ཡ༔ དོ་ཤ་ཡ་དོ་ཤ་ཡ༔ ཨཱ་ཝེ་ཤ་ཡ་ཨ་ཨཿ བརྟན་ཕྱིར་སྤྱི་བོར་རྡོ་རྗེ་བཞག༔ དེ་ཝ་ཏིཥྛ་བཛྲ་ཧཱུྃ༔ ཀཱ་ཡ་ཏིཥྛ་བཛྲ་ཧཱུྃ༔ ཝཱ་ཀ་ཏིཥྛ་བཛྲ་ཧཱུྃ༔ ཙིཏྟ་ཏིཥྛ་བཛྲ་ཧཱུྃ༔ གུ་རུ་མཎྜལ་ཏིཥྛ་བཛྲ་ཧཱུྃ༔ མེ་ཏོག་དཀྱིལ་འཁོར་ལྷ་ལ་ཕུལ༔ ༀ་པུཥྤེ་པྲ་ཏཱི་ཙྪ་ཧོ༔ མིག་ཐུར་ཐོགས་ལ་སྤྱན་འབྱེད་བྱ༔ ཨོཾ་བཛྲ་པ་ཤྱ་ཧོ༔ ཙུཀྵ༔པྲ་བེ་ཤ་ཡ་ཕཊ༔ དཀྱིལ་འཁོར་ལྷ་ཞལ་བསྟན་པ་ནི༔ ཧཱུྃ༔ བུ་ཁྱོད་རྩོལ་སེམས་མ་ཆུང་བར༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ད་ནི་དད་པ་རབ་ཏུ་སྐྱེད༔ དངོས་གྲུབ་ཐམས་ཅད་འདིས་ཐོབ་འགྱུར༔ དེ་ནས་ལྷ་དབང་བསྐུར་བ་ནི༔ བླ་མ་པདྨ་འབྱུང་གནས་ཀྱི་སྨིན་མཚམས་ནས་གདན་གསུམ་ཚང་བའི་དཀྱིལ་འཁོར་ནམ་མཁའ་གང་བར་སྤྲོས་ཏེ་རིག་པའི་ལྷ་མོ་རྣམས་ཀྱིས་བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་བར་གྱུར༔ ཧོཿ བུམ་པ་མཚན་ལྡན་གཞལ་ཡས་ཁང་༔ བུམ་བཅུད་རིགས་ལྔ་ཞི་ཁྲོའི་ལྷ༔ བྱིན་རླབས་བདུད་རྩིས་དབང་བསྐུར་བས༔ སྒྲིབ་གཉིས་བག་ཆགས་དག་གྱུར་ཅིག༔ ཀ་ལ་ཤཱ་ཨ་བྷི་ཥིཉྩཱ་མི ༔ སྐུ་གཟུགས་ཐོགས་ལ་འདི་སྐད་བརྗོད༔ ཧཱུྃ༔ འདི་ནི་པདྨ་འབྱུང་གནས་ཏེ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ སློབ་མ་ཁྱོད་ལ་དབང་བསྐུར་རོ༔ ལུས་སྒྲིབ་དག་ཅིང་སྐུ་དབང་ཐོབ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ སྔགས་བྱང་ངམ་ཤེལ་ཕྲེང་ཐོགས་ལ་འདི་སྐད་དོ། ཧཱུྃ༔ འདི་ནི་གུ་རུའི་སྙིང་པོ་སྟེ༔ དུས་གསུམ་སངས་རྒྱས་འདུས་པའི་གསུང༔ སློབ་མ་ཁྱོད་ལ་དབང་བསྐུར་རོ༔ ངག་སྒྲིབ་དག་ཅིང་གསུང་དབང་ཐོབ་༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ལན་གསུམ་བརྗོད། མེ་ལོང་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་གུ་རུའི་ཡེ་ཤེས་ཏེ༔ དུས་གསུམ་སངས་རྒྱས་འདུས་པའི་ཐུགས༔ སློབ་མ་ཁྱོད་ལ་དབང་བསྐུར་རོ༔ ཡིད་སྒྲིབ་དག་ཅིང་ཐུགས་དབང་ཐོབ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྂ༔ དབང་ཐོབ་དམ་ཚིག་བསྒྲགས་པ་ནི༔ ཧོ༔ ད་ནི་དབང་མཆོག་མ་ལུས་ཐོབ༔ གནས་ལུས་ལོངས་སྤྱོད་ཡོན་ཏུ་འབུལ༔ སྒོ་གསུམ་དམ་ཚིག་མི་འདའ་སྲུང་༔ འགྲོ་ཀུན་བདེ་བར་འགོད་ནུས་ཤོག༔ བཅུ་པ་འདོད་ཡོན་བསྔོ་བ་ནི༔ རྃ་ཡྃ་ཁྃ༔ སྟོང་པའི་ངང་ལས་ཏྲྃ་ལས་རིན་པོའི་སྣོད་དུ་ༀ་ལས་འདོད་ཡོན་གྱི་དངོས་པོ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་འཛད་མི་ཤེས་པའི་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོ་གཅིག་ཏུ་གྱུར༔ ན་མསྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ ༀ་ཨཱཿཧཱུྃ༔ ཞེས་བརྗོད་སྔགས་ཀྱིས་བྱིན་གྱིས་བརླབས༔ ཧོ༔ སྟོང་ཉིད་ངང་ལས་བདེ་ཆེན་གཟུགས་ཀྱི་ཚོགས༔ རབ་འབྱམས་རྒྱ་མཚོ་རྒྱས་པར་བཀང་བྱས་ཏེ༔ རྡོ་རྗེ་འཆང་གི་གནས་ཐོབ་ཁྱོད་ལ་འབུལ༔ ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག༔ ༀ་ཨཱཿ་བཛྲ་རཱུ་པ་ཀཱ་མ་གུ་ཎ་པྲ་ཏཱི་ཙྪ་སྭཱ་ཧཱ༔ ཧོ༔ སྟོང་ཉིད་ངང་ལས་བདེ་ཆེན་སྒྲ་ཡི་ཚོགས༔ རབ་འབྱམས་རྒྱ་མཚོ་རྒྱས་པར་བཀང་བྱས་ཏེ༔ རྡོ་རྗེ་འཆང་གི་གནས་ཐོབ་ཁྱོད་ལ་འབུལ༔ ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག༔ ༀ་ཨཱཿ་བཛྲ་ཤབྟ་ཀཱ་མ་གུ་ཎ་པྲ་ཏཱི་ཙྪ་སྭཱ་ཧཱ༔ ཧོ༔ སྟོང་ཉིད་ངང་ལས་བདེ་ཆེན་དྲི་ཡི་ཚོགས༔ རབ་འབྱམས་རྒྱ་མཚོ་རྒྱས་པར་བཀང་བྱས་ཏེ༔ རྡོ་རྗེ་འཆང་གི་གནས་ཐོབ་ཁྱོད་ལ་འབུལ༔ ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག༔ ༀ་ཨཱཿ་བཛྲ་གནྡྷེ་ཀཱ་མ་གུ་ཎ་པྲ་ཏཱི་ཙྪ་སྭཱ་ཧཱ༔ ཧོ༔ སྟོང་ཉིད་ངང་ལས་བདེ་ཆེན་རོ་ཡི་ཚོགས༔ རབ་འབྱམས་རྒྱ་མཚོ་རྒྱས་པར་བཀང་བྱས་ཏེ༔ རྡོ་རྗེ་འཆང་གི་གནས་ཐོབ་ཁྱོད་ལ་འབུལ༔ ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག༔ ༀ་ཨཱཿ་བཛྲ་རཱ་ས་ཀཱ་མ་གུ་ཎ་པྲ་ཏཱི་ཙྪ་སྭཱ་ཧཱ༔ ཧོ༔ སྟོང་ཉིད་ངང་ལས་བདེ་ཆེན་རེག་བྱའི་ཚོགས༔ རབ་འབྱམས་རྒྱ་མཚོ་རྒྱས་པར་བཀང་བྱས་ཏེ༔ རྡོ་རྗེ་འཆང་གི་གནས་ཐོབ་ཁྱོད་ལ་འབུལ༔ ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག༔ ༀ་ཨཱཿ་བཛྲ་སྥརྴེ་ཀཱ་མ་གུ་ཎ་པྲ་ཏཱི་ཙྪ་སྭཱ་ཧཱ༔ ཧོ༔ ཟབ་གསལ་ཏིང་འཛིན་གསང་བ་སྔགས་ཀྱི་མཐུ༔ བདེན་པའི་ཚིག་གིས་འདོད་ཡོན་རྒྱ་མཚོ་སྤེལ༔ ཚེ་འདས་སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས༔ ཟུང་འཇུག་རྡོ་རྗེ་འཆང་གི་ས་ཐོབ་ཤོག༔ བཅུ་གཅིག་ཐར་ལམ་བསྟན་པ་ནི༔ ཧོ༔ ལེགས་པར་ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ཁམས་གསུམ་འཁོར་བ་སྡུག་བསྔལ་རང་བཞིན་ཏེ༔ མི་རྟག་དུཿཁས་གཟིར་བ་ཤེས་པར་གྱིས༔ འཆི་དང་འཕོ་བའི་ངང་ཚུལ་དེ་ལྟར་རོ༔ ལས་འབྲས་བསླུ་བ་མེད་པ་རྒྱལ་བས་གསུངས༔ སྤོང་ལེན་ཚུལ་བཞིན་དགོས་སོ་རིགས་ཀྱི་བུ༔ བདེ་ཆེན་དག་པའི་ཞིང་མཆོག་གཏན་གྱི་གནས༔ འགྲོ་བའི་འདུན་པ་བསྐྱེད་ཅིག་རིགས་ཀྱི་བུ༔ འཇིག་རྟེན་འདི་ཡི་ནུབ་ཕྱོགས་བདེ་བ་ཅན༔ འོད་དཔག་མེད་མགོན་ཐུགས་རྗེ་ལས་གྲུབ་པའི༔ སངས་རྒྱས་བྱང་ཆུབ་སེམས་དཔའི་ཡོངས་གང་པ༔ གང་འདོད་བསམ་བཞིན་འགྲུབ་པ་དག་པའི་ཞིང་༔ པདྨོ་ལས་སྐྱེས་མཚན་དཔེའི་ཆ་ཤས་རྫོགས༔ དབུལ་དང་འཐབ་རྩོད་སྡུག་བསྔལ་མིང་མི་གྲགས༔ སྟོན་པ་སངས་རྒྱས་བསྟན་པ་ཐེག་ཆེན་ཆོས༔ འཁོར་རྣམ་བྱང་སེམས་འགྱུར་མེད་རྟག་པའི་དུས༔ ཐུགས་རྗེའི་བདག་ཉིད་རྒྱལ་བ་འོད་དཔག་མེད༔ རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར༔ སྐུ་ཡི་འོད་ཟེར་སྙན་པའི་གསུང་གི་སྒྲ༔ སྤྲུལ་བས་བུ་ཁྱོད་བསུ་བ་དེར་དེངས་ཤིག༔ སྲིད་ལ་མ་ཆགས་བློ་ཐག་རྦད་ཀྱིས་ཆོད༔ ཡུལ་ལ་མ་གཡེངས་རིག་པ་གཅིག་ཏུ་སྒྲིམ༔ རྩེ་གཅིག་སེམས་ལ་འོད་དཔག་མེད་པ་ཆོངས༔ དད་མོས་བསྐྱེད་ལ་བདེ་བ་ཅན་དུ་སོང་༔ ཁྱོད་ནི་ཡིད་ལུས་ཐོགས་པ་མེད་པ་སྟེ༔ བདེ་ཆེན་ཞིང་མཆོག་ཡིད་ལ་དྲན་ཙམ་གྱིས༔ གནས་དེར་ཕྱིན་ནས་འོད་དཔག་མེད་པ་མཇལ༔ རྫོགས་སངས་རྒྱས་པའི་ལུང་བསྟན་ཐོབ་པར་འགྱུར༔ བཅུ་གཉིས་གནས་ནས་སྤར་པ་ནི༔ ཚེ་འདས་པད་འབྱུང་རྡོ་རྗེ་འཆང་༔ མཐིང་ཀའི་དབུ་མར་རྣམ་ཤེས་གསལ༔ ཐོག་མར་གསོལ་འདེབས་འདི་ལྟར་བྱ༔ ཨེ་མ་ཧོ༔ གཅིག་ཆོག་སེམས་ཀྱི་ནོར་བུ་བླ་མ་དང་༔ བྱིན་རླབས་ཆུ་བོའི་རྒྱུན་འཛིན་བླ་རབས་ཚོགས༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས༔ གསོལ་བ་འདེབས་སོ་ཐུགས་རྗེའི་ལྕགས་ཀྱུས་ཟུངས༔ གུ་རུ་དམར་ནག་མེ་ཕྲེང་ལྷ་ཚོགས་ཀྱིས༔ ཞེ་སྡང་འཁྲུགས་པའི་དམག་གི་གཡུལ་ངོ་ཟློགས༔ ཚེ་འདས་ལུས་ཉོན་བག་ཆགས་ཀུན་སྦྱང་སྟེ༔ བདེ་ཆེན་དག་པའི་ཞིང་དུ་ལམ་སྣ་དྲོངས༔ དུག་གསུམ་ནད་སེལ་སྨན་གྱི་ལྷ་ཚོགས་ཀྱིས༔ གཟུང་འཛིན་ནད་ཀྱིས་གདུང་བ་སེལ་གྱུར་ཅིག༔ ཚེ་འདས་ལུས་ཉོན་བག་ཆགས་ཀུན་སྦྱང་སྟེ༔ བདེ་ཆེན་དག་པའི་ཞིང་དུ་ལམ་སྣ་དྲོངས༔ སྨུག་འཛིན་དྲྭ་བ་སྡོམ་པའི་ལྷ་ཚོགས་ཀྱིས༔ ཞེན་ཆགས་སེར་སྣའི་འཆིང་བ་གྲོལ་གྱུར་ཅིག༔ ཚེ་འདས་ལུས་ཉོན་བག་ཆགས་ཀུན་སྦྱང་སྟེ༔ བདེ་ཆེན་དག་པའི་ཞིང་དུ་ལམ་སྣ་དྲོངས༔ ཡི་དམ་དཔལ་ཆེན་བཀའ་བརྒྱད་ལྷ་ཚོགས་ཀྱིས༔ འཁྲུལ་བ་ཨ་འཐས་རྫུན་ཕུག་རྟོལ་གྱུར་ཅིག༔ ཚེ་འདས་ལུས་ཉོན་བག་ཆགས་ཀུན་སྦྱང་སྟེ༔ བདེ་ཆེན་དག་པའི་ཞིང་དུ་ལམ་སྣ་དྲོངས༔ ཟིལ་གནོན་དྲག་རྩལ་དཔལ་མགོན་ལྷ་ཚོགས་ཀྱིས༔ ཚོགས་བརྒྱད་རྟག་འཛིན་ཁང་བུ་གཏོར་གྱུར་ཅིག༔ གསང་བདག་སེངྒེ་སྒྲ་སྒྲོག་ལྷ་ཚོགས་ཀྱིས༔ འབྲོག་ཆེན་བར་དོའི་གཡང་ས་སྒྲོལ་གྱུར་ཅིག༔ ཚེ་འདས་ལུས་ཉོན་བག་ཆགས་ཀུན་སྦྱང་སྟེ༔ བདེ་ཆེན་དག་པའི་ཞིང་དུ་ལམ་སྣ་དྲོངས༔ བདེ་ཆེན་པདྨ་བཛྲ་ལྷ་ཚོགས་ཀྱིས༔ འབྱུང་བ་འཁྲུགས་པའི་འཇིགས་པ་སྒྲོལ་གྱུར་ཅིག༔ ཚེ་འདས་ལུས་ཉོན་བག་ཆགས་ཀུན་སྦྱང་སྟེ༔ བདེ་ཆེན་དག་པའི་ཞིང་དུ་ལམ་སྣ་དྲོངས༔ ཁྲོ་མཆོག་རྟ་མགྲིན་ནག་པོའི་ལྷ་ཚོགས་ཀྱིས༔ ཐེ་ཚོམ་རྣམ་རྟོག་བར་ཆད་སེལ་གྱུར་ཅིག༔ ཚེ་འདས་ལུས་ཉོན་བག་ཆགས་ཀུན་སྦྱང་སྟེ༔ བདེ་ཆེན་དག་པའི་ཞིང་དུ་ལམ་སྣ་དྲོངས༔ རྡོ་རྗེ་གྲོ་ལོད་ཁྲོ་བཅུའི་ལྷ་ཚོགས་ཀྱིས༔ ཉོན་མོངས་མཚོན་གྱི་འཇིགས་པ་ཟློགས་གྱུར་ཅིག༔ ཚེ་འདས་ལུས་ཉོན་བག་ཆགས་ཀུན་སྦྱང་སྟེ༔ བདེ་ཆེན་དག་པའི་ཞིང་དུ་ལམ་སྣ་དྲོངས༔ ཐུགས་ཆེན་པདྨ་རྒྱལ་པོའི་ལྷ་ཚོགས་ཀྱིས༔ འཕོ་བཅས་རེ་དོགས་འཇིགས་པ་གཞོམ་གྱུར་ཅིག༔ ཚེ་འདས་ལུས་ཉོན་བག་ཆགས་ཀུན་སྦྱང་སྟེ༔ བདེ་ཆེན་དག་པའི་ཞིང་དུ་ལམ་སྣ་དྲོངས༔ སངས་རྒྱས་འོད་དཔག་མེད་པའི་ལྷ་ཚོགས་ཀྱིས༔ འཁྲུལ་བ་རྨི་ལམ་འཇིགས་པ་གཞིག་གྱུར་ཅིག༔ ཚེ་འདས་ལུས་ཉོན་བག་ཆགས་ཀུན་སྦྱང་སྟེ༔ བདེ་ཆེན་དག་པའི་ཞིང་དུ་ལམ་སྣ་དྲོངས༔ ཆོས་སྐུ་ཀུན་ཏུ་བཟང་པོའི་ལྷ་ཚོགས་ཀྱིས༔ དངོས་ཞེན་འཛིན་པའི་ཕྲེང་ལས་སྒྲོལ་གྱུར་ཅིག༔ ཚེ་འདས་ལུས་ཉོན་བག་ཆགས་ཀུན་སྦྱང་སྟེ༔ བདེ་ཆེན་དག་པའི་ཞིང་དུ་ལམ་སྣ་དྲོངས༔ ཡིད་བཞིན་ནོར་བུ་བདེ་ཆེན་ལྷ་ཚོགས་ཀྱིས༔ སྙེམས་འཕྲིག་དམ་སེལ་དྲ་བ་ཆོད་གྱུར་ཅིག ཚེ་འདས་ལུས་ཉོན་བག་ཆགས་ཀུན་སྦྱང་སྟེ༔ བདེ་ཆེན་དག་པའི་ཞིང་དུ་ལམ་སྣ་དྲོངས༔ མཁྱེན་པས་ཚེ་འདས་སྡུག་བསྔལ་གཟིགས་པ་དང་༔ བརྩེ་བས་བདེ་ཆེན་ཞིང་དུ་འདྲེན་པ་དང་༔ ནུས་པས་རླུང་སེམས་འཕོ་བ་འབྱོང་བ་ཡི༔ ཐུགས་བསྐྱེད་བདེན་པ་ད་ལྟ་ཉིད་དུ་སྟོན༔ རྣམ་ཤེས་བཙན་ཐབས་འཕོ་བ་ནི༔ ཚེ་ལས་འདས་པའི་རྣམ་ཤེས་ཧཱུྃ་ཡིག་མཐིང་ཀས་རྣམ་པར་གྱུར༔ རླུང་སེམས་སྤྱི་བོའི་བདེ་ཆེན་ཞིང་དུ་གཏད་པ་ཙམ་གྱིས༔ སྐར་མདའ་འཕང་བ་བཞིན་སྤྱི་བོ་ནས་ཐོན༔ འོག་མིན་བདེ་བ་ཆེན་པོའི་ཞིང་གི་མགོན་པོ་འོད་དཔག་མེད་ཀྱི་ཐུགས་ཀར་འོད་ལམ་མེར་ཐིམ༔ རྒྱལ་བའི་སྲས་སུ་སངས་རྒྱས་པར་གྱུར༔ མཉམ་བཞག་ལྟ་བས་རྒྱས་འདེབས་བྱ༔ བཅུ་གསུམ་བྱང་བུ་བསྲེག་པ་ནི༔ ཧཱུྃ༔ སྐུ་གསུམ་ཐུགས་རྗེ་ལས་བྱུང་མེས༔ ཚེ་འདས་དུག་གསུམ་ཕུང་པོ་བསྲེག༔ ཡུམ་ཆེན་བཞི་ཡི་ཡེ་ཤེས་མེས༔ ཚེ་འདས་འབྱུང་བཞིའི་ཕུང་པོ་བསྲེག༔ རྒྱལ་བ་རིགས་ལྔའི་ཡེ་ཤེས་མེས༔ ཚེ་འདས་དུག་ལྔའི་ཕུང་པོ་བསྲེག༔ སྟོང་ཉིད་ལས་བྱུང་འོད་གསལ་མེས༔ ཚེ་འདས་གཟུངས་འཛིན་ཕུང་པོ་བསྲེག༔ ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན༔ ཡེ་ནས་མ་བྱུང་མ་སྐྱེས་པ༔ ཆོས་ཉིད་སྤྲོས་བྲལ་ཡེ་ཤེས་མེས༔ གཉིས་འཛིན་བདག་རྟོག་བུད་ཤིང་བསྲེག༔ གཟུངས་སྔགས་བརྗོད་ཅིང་མེ་ཡིས་བསྲེག༔ གཤིན་རྒབ་བཅད་ཕྱིར་བཀྲ་ཤིས་ནི༔ ༀ༔ མཆོག་གསུམ་རྒྱལ་བས་བདེན་པ་དབྱིངས་ནས་བརྗོད༔ དཔའ་བོ་མཁའ་འགྲོའི་བཀྲ་ཤིས་དབྱངས་སུ་གྱེར༔ གནས་ཡུལ་བསྟན་སྲུང་མེ་ཏོག་ཆར་ཏུ་སྙིལ༔ ཕན་བདེའི་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག༔ བཅུ་བཞི་སཱཙྪ་གདབ་པ་ནི༔ རུས་ཐལ་ཁྲུས་ཆུས་ལན་མང་བཀྲུ༔ རུས་བྱང་ཐལ་བ་ས་དང་བསྲེ༔ དམ་རྫས་སྨན་དང་དྲི་ཡིས་གདབ༔ ཆོ་གའི་རྒྱུན་བསྲིངས་བུམ་ཆོག་བྱ༔ ཨ༔ སྟོང་པའི་ངང་ལས་པད་ཟླའི་སྟེང་༔ བྷྲཱུྃ་ལས་རུས་ཐལ་འཇིམ་པ་རྣམས༔ ཐ་མལ་དངོས་འཛིན་ཞི་བ་ལས༔ ཟག་མེད་རིན་ཆེན་ཕུང་པོར་གྱུར༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཕྱོགས་བཅུའི་བདེ་གཤེགས་སྤྱན་དྲང་གྱུར༔ སྐུ་དང་ཡིག་འབྲུ་ཕྱག་མཚན་དང་༔ འོད་ཟེར་རིན་ཆེན་ཕུང་པོར་ཐིམ༔ གཟུགས་ཕུང་དག་པ་རྣམ་སྣང་མཛད༔ གཟུགས་སྐུ་འདི་ལ་བྱིན་ཆེན་ཕོབས༔ ༀ་ཛི་ན་ཛིཀ྄་སྭཱ་ཧཱ༔ ཉེར་གཅིག་བརྗོད་ཅིང་བྱིན་གྱིས་རླབས༔ ༀ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ ཆེ་ཆུང་རན་པའི་འཇིམ་པ་བཅད༔ ༀ་བཛྲོད་བྷ་ཝ་ཡ་སྭཱ་ཧཱ༔ རིན་ཆེན་འཇིམ་པ་འབི་འབི་བྱ༔ ༀ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ༔ བརྐོས་ཕོར་ནང་ལ་སྣུམ་གྱིས་བྱུགས༔ ༀ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ༔ བརྐོས་ཕོར་ནང་ཏུ་འཇིམ་པ་གཞུག༔ ༀ་བཛྲ་མུརྒ་ཏེ་ཨ་ཀོ་ཊ་ཡ་ཧཱུྃ༔ གཏུན་ཤིང་སོགས་ཀྱིས་བརྡུང་བར་བྱ༔ ༀ་སརྦ་བིདྱཱ་སྭཱ་ཧཱ༔ གཟུངས་དང་རྟེན་རྣམས་གཞུག་པར་བྱ༔ ༀ་དྷརྨཱ་ར་ཏེ་སྭཱ་ཧཱ༔ བརྐོས་ཕོར་ནང་ནས་ཕྱིར་རུ་འདོན༔ ༀ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ༔ གཟུགས་སྐུ་རྣམ་པར་སྣང་མཛད་ལ༔ ཆོས་སྐུ་སྤྱན་དྲངས་བསྟིམ་པར་བྱ༔ བཀྲ་ཤིས་བརྗོད་ཅིང་མེ་ཏོག་འཐོར༔ གང་དུ་བཞུགས་པར་བྱིན་ཆགས་འགྱུར༔ དེ་ལྟར་གཤིན་དོན་སྒྲུབ་པའི་ཐབས༔ མཚོ་སྐྱེས་བླ་མའི་བྱིན་རླབས་ལས༔ བྱུང་བའི་མན་ངག་ཟབ་མོ་སྟེ༔ སྐལ་བ་ལྡན་པས་གཅེས་པར་ཟུངས༔ ཅེས་པའང་ལྷ་རིགས་ཀྱི་སྔགས་བཙུན་རྡོ་རྗེ་ཚེ་དབང་ནོར་བུས་ཤིང་སྟག་ལོའི་རྒྱལ་ཟླའི་ཚེས་ཉེར་ལྔ་ལ་དག་པར་ཕབ་པའོ༔ མངྒ་ལཾ༔ ༼ གསུར་བསྔོ།༽


no previousཡང་ཟབ་ཡིད་བཞིན་ནོར་བུ་ཨུ་པ་དེ་ཤ་ལས༔ གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་སྒོ་ནས་གཤིན་པོ་རྗེས་འཛིན་གྱི་ཆོ་ག་བདེ་ཆེན་འཇུག་སྒོ།next