Nitartha Digital Library
Tibetan
ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་འབུམ་པོད་དང་པོ། ཡིད་བཞིན་མཛོད་ཀྱི་རྩ་བ།

4 occurrences of འཆར་སེམས་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
ལམ་བགྲོད་པའི་ས་མཚམས་བསྟན་པའི་ལེའུ་སྟེ་ཉེར་གཅིག་པ།
  


4 occurrences of འཆར་སེམས་
[Clear Hits]

 
previousལམ་བགྲོད་པའི་ས་མཚམས་བསྟན་པའི་ལེའུ་སྟེ་ཉེར་གཅིག་པ།next

ལམ་བགྲོད་པའི་ས་མཚམས་བསྟན་པའི་ལེའུ་སྟེ་ཉེར་གཅིག་པ།


LR01_Page_059
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མཆོག །ཟབ་ཞི་སྤྲོས་བྲལ་གནས་ལུགས་བསྒོམ་པར་གསུངས། །དེ་དང་འགལ་གྱུར་ལས་ངན་ཇི་སྙེད་པ། །དེང་སང་དར་བས་ཐར་འདོད་རྣམས་ཀྱིས་སྤངས། །མཉམ་གཞག་དངོས་གཞིའི་ངང་ལས་ལངས་མ་ཐག །སྒྱུ་མར་ཤེས་པས་གཞན་དོན་བསྔོ་བར་བྱ། །རྗེས་སྣང་སྣང་སྲིད་དཀྱིལ་འཁོར་ཤེས་བྱ་སྟེ། །སྒྱུ་མའི་དཔེ་བརྒྱད་ཚུལ་གྱིས་སྤྱད་པར་བྱ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། །འོད་གསལ་མཆོག་གི་བསྒོམ་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། ༈ །།དེ་ལྟར་བསྒོམས་པས་བགྲོད་པའི་ས་ལམ་ཡང༌། །ཕྱི་ནང་སྦྱར་ཏེ་ལེགས་པར་བཤད་པ་ནི། །ཚོགས་དང་སྦྱོར་མཐོང་སྒོམ་པའི་ལམ་བཞི་པོ། །ཡོངས་སུ་རྫོགས་པས་སངས་རྒྱས་འགྲུབ་དེའི་ཕྱིར། །བྱང་ཆུབ་ཕྱོགས་ཆོས་སུམ་ཅུ་རྩ་བདུན་ནི། །དཀྱིལ་འཁོར་དག་གིའང་རྣམ་དག་ཆོས་སུ་གསུངས། །འཁོར་ལོ་བཞི་པོའི་རླུང་ སེམས་ལས་རུང་ཚེ། །ལམ་བཞིའི་ཡོན་ཏན་རིམ་བཞིན་འཆར next hit་བ་སྟེ། །དབུ་མའི་རྩ་མདུད་གཉིས་གཉིས་གྲོལ་བ་ལས། །ས་བཅུའི་ཡོན་ཏན་ནང་ནས་previous hit འཆར་བར་བཞེད། །སྤྲུལ་པའི་འཁོར་ལོར་རླུང་སེམས next hit་ལས་རུང་བས། །ཚོགས་ལམ་གསུམ་པའི་དྲོད་རྟགས་འཆར་བ་སྟེ། །སངས་རྒྱས་སྤྲུལ་སྐུའི་ཞལ་མཐོང་སྤྲུལ་པ་འགྱེད། །ཚོགས་ལམ་ཆུང་ངུར་དྲན་པ་ཉེར་གཞག་སྟེ། །ལུས་ལྷར་བསྐྱེད་པ་ལུས་དྲན་ཉེ་བར་གཞག །བྱུང་ཚོར་རྣམ་རྟོག་ཡེ་ཤེས་བསྒྱུར་བ་ནི། །ཚོར་བ་དྲན་པ་ཉེ་བར་གཞག་པ་སྟེ། །སེམས་དང་སེམས་བྱུང་སྤྲོས་པ་ཉེར་ཞིའི་བསྒོམ། །སེམས་དྲན་ཉེར་གཞག་རྫོགས་པའི་རིམ་པ་སྟེ། །སྣང་བཏགས་ཆོས་ཀུན་སྒྱུ་མར་ཤེས་པ་ནི། །ཆོས་དྲན་ཉེར་གཞན་ལགས་པར་རྒྱུད་ལས་གསུངས། །འབྲིང་དུ་ཡང་དག་སྤོང་བཞིའི་རིམ་པ་ནི །དེ་ལྟར་བསྒོམས་པས་དགེ་དང་མི་དགེ་ཡི། །ཞེན་པ་བཞི་པོ་ཡང་དག་སྤོང་བ་སྟེ། །མི་དགེའི་ཆོས་རྣམས་མ་སྐྱེས་མི་བསྐྱེད་ཅིང༌། 


LR01_Page_060
[མ་དཔེ་གཟིགས་ན་འདིར་གནོན།]

།སྐྱེས་པ་གཞོམ་ཕྱིར་འབད་རྩོལ་བརྩོན་འགྲུས་བརྩམ། །དགེ་བའི་ཆོས་རྣམས་མ་སྐྱེས་བསྐྱེད་པ་སྟེ། །སྐྱེས་་པ་སྤེལ་ཕྱིར་འབད་རྩོལ་བརྩོན་འགྲུས་བརྩམ། །དགེ་བའི་ཆོས་རྣམས་མ་སྐྱེ་བསྐྱེད་པ་སྟེ། །སྐྱེས་པ་སྤེལ་ཕྱིར་འབད་རྩོལ་བརྩོན་འགྲུས་བརྩམ། །ཆེན་པོར་རྫུ་འཕྲུལ་རྐང་བཞི་བསྒོམ་པ་ཡང༌། །བསྐྱེད་རྫོགས་དོན་ལ་མ་ཡེངས་རྩེ་གཅིག་ཏུ། །དྲན་དང་འདུན་དང་དཔྱོད་དང་སེམས་རྣམས་ཀྱི། །ཏིང་འཛིན་སྐྱོན་མེད་ཞི་བ་བསྒོམས་པ་ལས། །རླུང་སེམས་ལས་རུང་རྫུ་འཕྲུལ་ལེགས་གྲུབ་ནས། །དག་པའི་ཞིང་བགྲོད་སྤྲུལ་སྐུར་ཆོས་རབ་ཉན། །ཆོས་ཀྱི་འཁོར་ལོའི་རླུང་previous hit སེམས་ལས་རུང་བས། །སྦྱོར་བའི་ལམ་གྱི་ཡོན་ཏན་འཆར next hit་བ་ནི། །དད་བརྩོན་དྲན་པ་ཏིང་འཛིན་ཤེས་རབ་ཀྱི། །དབང་པོ་ལྔ་ཉིད་དྲོད་རྩེར་བསྒོམས་པ་ཡིས། །རྨི་ལམ་སྒྱུ་མའི་ངར་བཞིན་འབྱོངས་པ་དང༌། །བདེན་པའི་ཚིག་གྲུབ་སྦྱངས་པའི་ཡོན་ཏན་ལྡན། །ལུས་ཀྱི་ཤིག་སྲོ་འབུ་སྲིན་མེད་པ་ཡིན། །སྟོབས་ལྔའི་རང་བཞིན་བཟོད་པ་ཆོས་མཆོག་བསྒོམ། །ངན་སོང་རྣམས་ཆད་དགེ་རྩ་བརྟན་པ་དང༌། །ཏིང་འཛིན་རྫུ་འཕྲུལ་སྔོན་ལས་མཆོག་ཏུ་འཕགས། །ལོངས་སྤྱོད་འཁོར་ལོའི་རླུང་སེམས་ལས་རུང་བས། །རྣམ་པར་མི་རྟོག་བདེན་མཐོང་མཐོང་ལམ་གྱི། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་དབང་སྒྱུར་ཞིང༌། །ལོངས་སྐུའི་ཞིང་བགྲོད་རིགས་ལྔའི་སངས་རྒྱས་མཐོང༌། །དྲན་དང་ཏིང་འཛིན་དད་བརྩོན་བཏང་སྙོམས་དགའ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི། །ཡན་ལག་བདུན་པོ་དག་ཀྱང་རྫོགས་པར་འགྱུར། །བདེ་ཆེན་འཁོར་ལོའི་རླུང་previous hit སེམས་ལས་རུང་བས། །སྒོམ་ལམ་ས་དགུའི་ཡོན་ཏན་འཆར ་བ་སྟེ། །དྲི་མེད་འོད་འཕྲོ་འོད་བྱེད་ཆུང་ངུ་གསུམ། །སྦྱང་དཀར་མངོན་འགྱུར་རིང་སོང་འབྲིང་པོ་གསུམ། །མི་གཡོ་ལེགས་བློ་ཆོས་སྤྲིན་ཆེན་པོ་གསུམ། །དེ་དག་སོ་སོའི་ཡོན་ཏན་རླབས་ཆེ་བ། །སྟོང་ཕྲག་བཅུ་གཉིས་ལ་སོགས་རྒྱ་ཆེན་ཏེ། །རྩ་འདབ་ཕྲ་མོའི་མདུད་པ་རབ་གྲོལ་བས། །འཁོར་བའི་རང་བཞིན་ཉོན་མོངས་རླུང་སེམས་ནུབ། །མྱ་ངན་འདས་ཞི་ཡེ་ཤེས་རླུང་མཆོག་འཕེལ། 


previousལམ་བགྲོད་པའི་ས་མཚམས་བསྟན་པའི་ལེའུ་སྟེ་ཉེར་གཅིག་པ།next