Nitartha Digital Library
Tibetan
ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་འབུམ།

5 occurrences of གཡོན་རུ་
[Clear Hits]


 expand section
  
 expand section
 expand section
 expand section
 expand section
collapse section
  
 
རྒྱལ་བརྔན་ལོ་རྒྱས་དང་བཅས་པ།
 expand section
 expand section
 
  
  
 
  
 expand section
 expand section
 expand section
  
  
  


5 occurrences of གཡོན་རུ་
[Clear Hits]

 
previousརྒྱལ་བརྔན་ལོ་རྒྱས་དང་བཅས་པ།next

རྒྱལ་བརྔན་ལོ་རྒྱས་དང་བཅས་པ།


LRD005_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བརྔན་ལོ་རྒྱས་དང་བཅས་པ་བཞུགས། ཨོཾ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ན་མོ། སྔོན་འཛམ་བུ་གླིང་གི་དབུས་དག་ན། བཙད་པོ་ཁྲི་སྲོང་ལྡེའུ་བཙན་དེས། །བསམ་ཡས་ཆོས་འཁོར་བཞེངས་པ་ལ། །ས་བདག་ཀླུ་གཉན་ཁྲོས་གྱུར་ནས། ལྷ་ཁང་ཉིན་བརྩིགས་མཚན་མོ་ཤིག རི་རྡོ་ཐམས་ཅད་གཤོང་བ་ཕབ། །ཀླུང་རྡོ་ཐམས་ཅད་རི་ལ་བསྐྱལ། ལོ་ཏོག་རྩི་ཤིང་ཐམས་ཅད་བསྲེགས། །ནད་དང་གནོད་པ་སྣ་ཚོགས་བྱུང་། །བཙན་པོའི་ལྷ་ཁང་ཤོལ་ལ་ཐུབ། །བཙན་པོ་རྒྱལ་བློན་བཀའ་བགྲོས་ཏེ། །སློབ་དཔོན་པདྨ་སྤྱན་དྲངས་ནས། །བྲག་དམར་དཔལ་གྱི་བསམ་ཡས་སུ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །རྡོ་རྗེ་ཕུར་པའི་དཀྱིལ་འཁོར་བཞེངས། །ལྷ་འདྲེ་ཐམས་ཅད་དམ་ལ་བཏགས། །དཀོན་མཆོག་གསུམ་ལ་མཆོད་པ་ཕུལ། །ལྷ་དང་སྲུང་མ་ཐམས་ཅད་དང་། །ས་བདག་ཀླུ་གཉན་ཐམས་ཅད་བརྔན། །དེ་ཚེ་ཆོས་འཁོར་བཞེངས་སུ་བཏུབ། །ལྷ་སྲུང་བརྔན་པའི་བྱིན་རླབས་ཀྱིས། །བོད་ཁམས་བདེ་ཞིང་བཀྲ་ཤིས་དང་། །རྒྱལ་བློན་སྐུ་ཚེ་རིང་བ་དང་། །འབྲས་དྲུག་ལོ་ཏོག་སྨིན་པ་དང་། །ཤིང་ཏོག་རྩི་ཐོག་རྒྱས་པ་དང་། །ལེགས་པའི་ཡོན་ཏན་བསམ་མི་ཁྱབ། །དེ་ཕྱིར་ཕྱིར་རབ་རྣལ་འབྱོར་བས། །བསམ་པ་ཐམས་ཅད་འགྲུབ་པ་དང་། །གྲགས་པས་ནམ་མཁའ་ཁྱབ་པ་དང་། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་དང་། །


LRD005_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་བསྟན་པ་བསྲུང་བ་དང་། །དགེ་བའི་བར་ཆད་བསལ་བ་དང་། །སྒྲུབ་པོའི་སྡོང་གྲོགས་བྱེད་པ་དང་། །ནད་པ་ཡོ་ནས་བསླང་བ་དང་། །ཡུལ་མཁར་སོ་བ་རྩིག་པ་དང་། །དགོན་གནས་གསར་རྙིང་འཛིན་པ་དང་། །ཐག་ཏིང་མགྲོན་པོ་འགྲོ་བ་དང་། །ཆུ་ཆེན་སྒྲོལ་དང་ཟམ་འཛུགས་དང་། གཏོ་འཕེན་དམག་སྣ་བཟློག་པ་དང་། །ནོར་བསྐྱང་རྒན་པོའི་ཚེ་བསྲིང་དང་། །བུ་ཚ་གསོ་དང་ཚེ་ཐར་གཏོང་། །གདེན་བགེགས་གནོད་པ་སྲུང་བ་དང་། །རྨི་ལྟས་ངན་པ་བཟློག་པ་དང་། །བྲི་ཀློག་ཉན་བཤད་བྱེད་པ་དང་། །རིམས་ནད་ཡམས་ནད་བཅད་པ་དང་། །སད་སེར་སྲུང་དང་ཆར་འབེབས་དང་། །བག་མ་གཏོང་ལེན་བྱེད་པ་དང་། །ཞིང་རྨོ་ཁང་ཁྱིམ་འབུབ་པ་དང་། །མཐུ་དང་སེར་བ་འབེབས་པ་སོགས། །ཞི་རྒྱས་དབང་དྲགས་ལ་སོགས་པའི། །དྲག་དལ་ལས་རྣམས་གང་བྱེད་ཀྱང་། །བླ་མ་དཀོན་མཆོག་མཆོད་པ་དང་། །ལྷ་འདྲེ་ཐམས་ཅད་བརྔན་པ་ནི། །ཤིན་ཏུ་གཙང་བའི་ས་གཞི་ལ། །གཞི་མ་དཀར་པོའི་སྟེང་དུ་ནི། །དཀོན་མཆོག་མཆོད་པ་རྒྱ་ཆེར་བཤམ། །ཤ་མར་གཏོར་མ་སྣ་ཚོགས་དང་། །ཟས་བུད་གཙང་མ་སྣ་ཚོགས་དང་། །རིན་ཆེན་འབྲུ་སྣ་སྣ་ཚོགས་དང་། །འབྲས་ཀྱི་གཡས་ལུག་ས་གསུམ་དང་། །བ་གླང་བོང་བུ་མཛེ་དྲེའུ་དང་། །སྲོག་ཆགས་གཟུགས་བརྙན་སྣ་ཚོགས་བྱེད། །མངར་གསུམ་སྨན་སྣ་མང་པོ་དང་། །དཀར་གསུམ་མེ་ཏོག་སྣ་ཚོགས་དང་། །གསེར་སྡོང་རིན་ཆེན་སྣ་ཚོགས་དང་། །སྟག་སོགས་རས་མ་སྣ་ཚོགས་དང་། །ཟ་འོག་དར་སྣ་སྣ་ཚོགས་དང་། །དུང་སོགས་མཆོད་པ་སྣ་ཚོགས་དང་། །སྦ་ཟོགས་རྩི་ཤིང་སྣ་ཚོགས་དང་། །མཁན་ཤུག་ཕྱེ་མར་སྤོས་སྣ་སོགས། །དྲི་ཞིམ་དུད་པས་ནམ་མཁའ་གང་། །དར་ཕྱར་དུང་འབུད་རྔ་ཆེན་བརྡུང་། །སྙན་པའི་དབྱངས་ཀྱིས་འདི་སྐད་དོ། ཧཱུྃ། བསྟན་པ་འདི་ལ་ངོ་མཚར་རྨད་དུ་བྱུང་། །འཇིག་རྟེན་མགོན་གྱུར་པདྨ་རྒྱལ་པོ་ནི། །རིགས་ནི་ཟ་ཧོར་རྒྱལ་པོའི་རིགས་སུ་འཁྲུངས། །ཨོ་རྒྱན་ཡུལ་དུ་སྒྲོ་འདོགས་མ་ལུས་བཅད། །བསིལ་བ་ཚལ་


LRD005_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དངོས་གྲུབ་མ་ལུས་བརྩས། ཝཱ་ར་ཎཱ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར། །རྡོ་རྗེ་གདན་དུ་བསྟན་པའི་རྒྱལ་མཚན་བཙུགས། །རྒྱ་གར་ཡུལ་དུ་བསྟན་པ་རྒྱས་པར་མཛད། །བོད་ཀྱི་ཡུལ་དུ་སྣང་སྲིད་ལྷ་འདྲེ་བཏུལ། །ཁ་བཅན་དུ་བསྟན་པ་རྒྱས་པར་མཛད། །ལྷོ་ནུབ་རྔ་ཡབ་གླིང་ཕྲན་ཡུལ་དུ་བྱོན། །ཞེས་སྡང་གདོང་དམར་སྲིན་པོའི་ཁ་གནོན་མཛད། །མྱ་ངན་མི་འདའ་འགྲོ་བའི་གཉེན་གཅིག་པུ། །སྐུ་གསུམ་ཆེ་མཆོག་བཛྲ་ཧེ་རུ་ཀ །དུས་གསུམ་མཉན་ཉིད་བླ་མ་དུས་འདིར་དྲན། །བདག་དང་དབྱེར་མེད་བླ་མ་ཧེ་རུ་ཀ །རྒྱལ་བའི་དཀྱིལ་འཁོར་དག་པ་ཆེན་པོ་འདིར། །མི་འགྱུར་ལྷུན་གྲུབ་པདྨ་རྒྱལ་པོ་དང་། །བླ་མ་ཡི་དམ་མཁའ་འགྲོས་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་ཏུ་པདྨ་སིདྡྷི་ཧཱུྃ། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་ཆོས་དང་དགེ་འདུན་དང་། །ཞི་རྒྱས་དབང་དང་མངོན་སྤྱོད་ལྷ། ཕྱི་ནང་སྲུང་མའི་ཚོགས་རྣམས་དང་། གསང་སྔགས་རིག་སྔགས་ལྷ་རྣམས་དང་། །འདས་དང་མ་བྱོན་ད་ལྟར་གྱི། །ཕྱི་ནང་སྲུང་མ་དམ་ཚིག་ཅན། །མ་མོ་མཁའ་འགྲོ་ཤུགས་འགྲོ་དང་། །འཇིག་རྟེན་གནས་ཀྱི་མཆོག་གྱུར་བའི། །སྒྲུབ་གནས་བྱིན་ཆེན་ཐམས་ཅད་དང་། །གཞན་ཡང་ས་འོག་ས་སྟེང་གི །གནས་བདག་ཆེན་པོ་ཐམས་ཅད་དང་། །འཁོར་དུ་གཏོགས་པའི་པའི་སྡེ་བརྒྱད་པོ། །སྟོང་གསུམ་ཁྱབ་པའི་མཐུ་རྩལ་ཅན། །ཆེ་རྒུ་གཉན་རྒུ་ཐམས་ཅད་དང་། །གཙུག་ལག་ཁང་དང་དབེན་གནས་ཀྱིས། །སྲུང་མ་གཉན་པོ་ཐམས་ཅད་དང་། །གཞན་ཡང་ལྷ་ཀླུ་གནོད་སྦྱིན་དང་། །དྲི་ཟ་གྲུལ་བུམ་མཁའ་འགྲོ་སོགས། །བརྔན་པར་འོས་པའི་མགྲོན་རྣམས་དང་། །ས་བདག་ཀླུ་གཉན་ཐམས་ཅད་ཀུན། །སངས་རྒྱས་བསྟན་པ་བསྲུང་བ་དང་། །སྒྲུབ་པའི་སྡོང་གྲོགས་བྱེད་པ་དང་། །དགོན་གནས་བར་ཆད་པས་བ་དང་། །དགྲ་དང་བགེགས་རྣམས་གཞོམ་པ་དང་། །ནད་གདོན་གནོད་པ་ལ་སོགས་བ། །ཆག་ཆེ་ཉམ་ང་བཟློག་པ་དང་། །འདོད་པ་ཐམས་ཅད་སྒྲུབ་པའི་ཕྱིར། །མགྲོན་རྣམས་སྤྱན་འདྲེན་གནས་འདིར་བྱོན། །འདིར་གཤེགས་བཤམ་


LRD005_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མཆོད་པ་བཞེས། །བསྟན་པ་དར་ཞིང་རྒྱས་པར་མཛོད། །བདག་དང་རྒྱུ་སྦྱོང་ཡོན་བདག་གིས། །ཡིད་ལ་རེ་བ་སྐོང་བ་དང་། །ཀུན་ཀྱང་བཤད་པའི་ཆོས་ལ་ཉོན། །བྱིན་རླབས་དངོས་གྲུབ་དཀྱིལ་འཁོར་ནས། །སྐུ་ལྔ་ཡེ་ཤེས་ལྔ་ལྡན་མཆོག །སྒྲུབ་བརྒྱུད་བླ་མའི་ཚོགས་རྣམས་ལ། །ཕྱག་འཚལ་མཚོད་པ་སྣ་ཚོགས་འབུལ། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཆོས་སྐུ་ཀུན་བཟང་ལ་སོགས་པའི། །ཆོས་སྐུའི་བླ་མ་ཐམས་ཅད་ལ། །ཕྱག་འཚལ༴ མཚན་དཔེ་འབར་བའི་ཞིང་ཁམས་ནས། །ཞི་ཁྲོ་རབ་འབྱམས་ལ་སོགས་པའི། །ལོངས་སྐུའི་བླ་མ་ཐམས་ཅད་ལ། །ཕྱག་འཚལ༴ འོག་མིན་ཆོས་ཀྱི་ཕོ་བྲང་ནས། །དྲུག་པ་རྡོ་རྗེ་འཆང་ཆེན་དང་། །རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ། ཕྱག་འཚལ༴ ཁྱད་པར་འགྲོ་བའི་གཉན་གཅིག་པུ། །ཨོ་རྒྱན་པདྨ་རྒྱལ་པོ་ལ། །ཕྱག་འཚལ༴ །སྐུ་གསུམ་ཐུགས་ཀྱི་བྱིན་གྱིས་བློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །སྤྲུལ་སྐུའི་བླ་མ་ཐམས་ཅད་ལ། །ཕྱག་འཚལ༴ བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ། ཕྱག་འཚལ༴ ཡུམ་ལྔ་རིན་ཆེན་ཕྲེང་བ་ལ། །ཕྱག་འཚལ༴ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ། །ཕྱག་འཚལ༴ དུས་གསུམ་སངས་རྒྱས་ཐམས་ཅད་ལ། །ཕྱག་འཚལ༴ ཞི་ཁྲོ་དཔལ་ཆེན་འཁོར་བཅས་ལ། །ཕྱག་འཚལ༴ རིགས་གསུམ་མགོན་པོ་འཁོར་བཅས་ལ། །ཕྱག་འཚལ༴ གདུང་བ་སེལ་བ་ལ་སོགས་པའི། །འཕགས་པ་རང་རྒྱལ་ཐམས་ཅད་ལ། །ཕག་འཚལ༴ འོད་སུང་ཆེན་པོ་ལ་སོགས་པའི། །ཉན་ཐོས་ཆེན་པོ་ཐམས་ཅད་ལ། །ཕྱག་འཚལ༴ བྷ་ར་དྷཱ་དྷཱ་ཛ་ལ་སོགས་པའི། །གནས་བརྟན་ཆེན་པོ་ཐམས་ཅད་ལ། །ཕྱག་འཚལ༴ ནམ་མཁའི་སྙིང་པོ་ལ་སོགས་པའི། །བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། །ཕྱག་འཚལ༴ ཚོགས་གཉིས་རྒྱ་མཚོ་རྫོགས་པར་མཛད། །ཨིནྡྲ་བྷཱུ་ཏི་ལ་སོགས་པའི། །གྲུབ་ཆེན་བརྒྱད་པོ་ཐམས་ཅད་ལ། །ཕྱག་འཚལ༴ ས་ར་ཧ་ལ་སོགས་


LRD005_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །གྲུབ་ཆེན་བརྒྱད་ཅུ་རྩ་བཞི་ལ། །ཕྱག་འཚལ༴ ཀླུ་སྒྲུབ་སྙིང་པོ་ལ་སོགས་པའི། །རྒྱན་དྲུག་མཆོག་བརྒྱད་ཐམས་ཅད་ལ། །ཕྱག་འཚལ༴ དོན་ཡོད་ཞགས་པ་ལ་སོགས་པའི། །གྲི་ཡ་བྱ་རྒྱུད་ལྷ་རྣམས་དང་། །པདྨ་བརྩེགས་པ་ལ་སོགས་པའི། །ཨུ་ཡ་སྤྱོད་རྒྱུད་ལྷ་རྣམས་ལ། །ཕྱག་འཚལ༴ ངན་སོང་སྦྱོང་བ་ལ་སོགས་པའི། །ཡོ་ག་རྣལ་འབྱོར་ལྷ་རྣམས་ལ། །གསང་འདུས་རྡོ་རྗེ་གདན་ལ་བཞི་དང་། །མཱ་ཡཱ་འཇིགས་བྱད་སྒྱུ་ཕྲུལ་དྲྭ། །རྡོ་རྗེ་ཕུར་བ་ལ་སོགས་པའི། །མ་ཧཱ་ཨ་ནུ་བླ་མེད་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །ཕྱག་འཚལ༴ མི་ནུབ་བྱང་ཆུབ་སེམས་ཀྱི་ལུང་། །ཀུན་བཟང་རྡོ་རྗེ་སེམས་དཔའི་ཙོགས། །སྙིང་པོ་དོན་གྱི་ལྷ་རྣམས་ལ། །ཕྱག་འཚལ༴ འཇམ་དཔལ་སྐུ་དང་པདྨ་གསུང་། །ཕུང་བ་ཕྲིན་ལས་ལ་སོགས་པའི། །སྒྲུབ་པ་བཀའ་བརྒྱད་ལྷ་རྣམས་ལ། །ཕྱག་འཚལ༴ ནུས་ཕྱོགས་ཨོ་རྒྱན་ལ་སོགས་པའི། །དུར་ཁྲོད་ཆེན་པོ་ཐམས་ཅད་ཀྱི། །མ་སྲིང་མཁའ་འགྲོ་རྒྱ་མཚོ་ལ། །ཕྱག་འཚལ༴ གནས་དང་ཉེ་བའི་གནས་དང་ཡུལ། །ཉི་ཤུ་རྩ་བཞིའི་མཁའ་འགྲོ་དང་། །སྲུང་མ་ཞིང་སྐྱོང་ཐམས་ཅད་ལ། །ཕྱག་འཚལ༴ འདད་རྒུའི་ཏེ་བ་བསྐང་དུ་གསོལ། ཧཱུྃ། མཆོད་ཡོན་མེ་ཏོག་བདུག་སྤོས་དྲི། །ཞལ་ཟས་རོལ་མོ་གཏོར་མ་དང་། །སྐུ་ཀླུད་བསང་ཕུད་སྣ་ཚོགས་ཀྱིས། །འཇིག་རྟེན་འདས་དང་མ་འདས་པའི། །སྲུང་མ་གཉན་པོ་ཐམས་ཅད་དང་། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་སོགས། །ཆེ་ཆུ་གཉན་རྒུ་ཐམས་ཅད་བརྔན། །ན་བཟའ་ལྷ་བ་ལྷུབ་སྣ་ཚོགས་དང་། །རིན་ཆེན་ལྔ་ཡི་ཕྲེང་བ་ཡིས། །ལྷ་ཡི་དབང་པོ་ཚངས་པ་བརྔམ། །བརྒྱ་བྱིན་གསེར་གྱི་ཕེས་པ་བརྔན། །རྒྱལ་ཆེན་སྡེ་བཞི་སྟག་གི་བརྔན། །ཤེས་སྒོང་ནག་པོ་སྦྱི་དཀར་དཀར་དང་། །ཤ་ཁྲག་དམར་གྱི་གཏོར་མ་ཡིས། །མ་ཧཱ་ཀཱ་ལ་ལུམ་དྲལ་དང་། །ལེགས་ལྡན་ནག་པོ་འཁོར་བཅས་བརྔན། །རྒྱན་ཆའི་མཆོད་པ་སྣ་ཚོགས་དང་། །བདུད་རྩི་ཤ་ཁྲག་གསེར་སྐྱེམས་དང་། །


LRD005_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་ལྡིང་ནག་པོ་གསེར་མིག་གིས། །དཔལ་ལྡན་ལྷ་མོ་འཁོར་བཅས་བརྔན། །ཕྱི་ནང་གསང་བའི་མཆོད་གཏོར་དང་། །བྱ་ནག་ཁྱི་སྤྱང་དོམ་དྲེད་དང་། །གསང་ཕུད་སྤྱན་གཟིགས་སྣ་ཚོགས་ཀྱིས། །སྔགས་བདག་ཤན་པ་གཟའ་མཆོག་དང་། །དམར་ནག་དམ་ཅན་ལ་སོགས་པ། །དམ་ཅན་རྒྱ་མཚོ་འཁོར་བཅས་བརྔན། །ལྷ་རྣམས་འདོད་ཡོན་རྣམ་ལྔས་བརྔན། །ལྷ་མོ་མེ་ཏོག་ཕྲེང་བས་བརྔན། །ཀླུ་རྣམས་མངའ་གསུམ་གཏོར་མས་བརྔན། །གཉོན་རྣམས་དཀར་གསུམ་དར་ཟབ་བརྔན། །ས་བདག་གསེར་དངུལ་རིན་ཆེན་བརྔན། །ལྷ་མོ་བརྟན་མ་བུམ་པས་བརྔན། །དྲི་ཟ་དྲི་དང་གསུར་གྱིས་བརྔན། །གཤིན་རྗེ་་་་ཆང་གཏོར་མས་བརྔན། །ལྟོ་འཕྱེ་ཀྲུལ་བུམ་མི་འམ་ཅི། །མཁའ་སྡིང་མཆོད་སྦྱིན་གཏོར་མས་བརྔན། །གནོད་སྦྱིན་རླུང་ལྷ་དྲང་སྲོང་རྣམས། །གསེར་གཡུ་སྦ་དང་སྨྱུག་མས་བརྔན། །དགེ་བསྙེན་ཤ་དང་ཆང་གིས་བརྔན། །ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་རྣམས། །ཡིད་དང་མཐུན་པའི་གཏོར་མས་བརྔན། །བཙན་རྣམས་བྱ་དང་ར་དཀར་བརྔན། །ཀླུ་གདུད་སྤྲུལ་དང་སྤལ་བས་བརྔན། །ལན་ཆགས་མགྲོན་རྣམས་གཏོར་མས་བརྔན། །དམ་སྲི་གནོད་སྦྱིན་འབྱུང་པོ་རྣམས། །སྐུ་གླུ་དར་ཟབ་གཏོར་མས་བརྔན། །རྒྱ་མཚོའི་ནང་གི་ཀླུ་ཆེན་བརྒྱད། །ཀླུ་རྟ་རྒྱན་དང་བཅས་པས་བརྔན། །བར་སྣང་གནས་པའི་གཟའ་ཆེན་བརྒྱད། །ནས་ནག་ར་དང་སྙིང་གིས་བརྔན། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། །བློན་པོ་སུམ་ཅུ་རྩ་བདུན་རྣམས། །རིན་ཆེན་གསེག་དངུལ་ཕྱེ་མས་བརྔན། །འཕྲོག་མ་མ་བུ་ལྔ་བརྒྱའི་ཚོགས། །ཆང་བུ་དག་གི་གཏོར་མས་བརྔན། །རིགས་ཀྱི་སྲུང་མ་ཐམས་ཅད་ལ། །སོ་སོར་དགྱེས་པའི་གཏོར་མས་བརྔན། །སྒོ་བཞི་སྲུང་འཁོར་བཅས་རྣམས། །རིན་ཆེན་དར་ཟབ་དོང་ཙེས་བརྔན། །ལྷ་སྲུང་གཉན་པོ་ཁྱེད་རྣམས་ཀྱིས། །བདག་ཅག་ཡོན་མཚནད་འཁོར་བཅས་ཀྱི། །བསམ་པ་སྒྲུབ་པ་རེ་ལ་སྐོངས། །འཁོར་སྲུང་རྐྱེན་ཟློག་བར་ཆད་སོལ། །བཀྲ་ཤིས་བདེ་


LRD005_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་ཕུན་ཚོགས་མཛོད། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བྱང་ཆུབ་ཐུགས་སུ་ཆུད་པའི་གནས། །རྡོ་རྗེ་གདན་གྱི་ས་བདག་བརྔན། །རྒྱ་གར་ཤར་ནུབ་རི་ཆེན་པོ། །མ་མོ་མཁའ་འགྲོ་འདུ་བའི་གནས། །རོ་བོ་ཏ་ལཱི་ས་བདག་བརྔན། །རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །བྱ་རྒོད་ཕུང་པོའི་རི་དང་ནི། །སྤོས་དང་ལྡན་པའི་རི་བོ་ཡི། །ས་བདག་གཉན་པོ་ཐམས་ཅད་བརྔན། །ཙཱ་རི་ཙ་གོང་ལ་སོགས་པའི། །རྒྱ་གར་ཤར་ཕྱོགས་ཡུལ་རྣམས་ཀྱི། །ས་བདག་གཉན་པོ་ཐམས་ཅད་བརྔན། །བསིལ་བཚལ་གྱི་དུར་ཁྲོད་དང་། །རྔམས་སྒྲ་སྒྲོགས་ཚང་ཚིང་ལ་ཁྲིགས། །ཧ་ཧ་དགོད་པ་ལ་སོགས་པའི། །དུར་ཁྲོད་བརྒྱད་གྱི་ས་བདག་བརྔན། །རྒྱལ་རྒྱལ་པོའི་ཁབ་དང་ཡངས་བ་ཅན། །མཉན་ཡོད་གནས་བཅས་ལ་སོགས་པའི། །གྲོང་ཁྱེར་ཡུལ་འཁོར་ཐམས་ཅད་ཀྱི། །ས་བདག་གཉན་པོ་ཐམས་ཅད༴ གཞན་ཡང་ཁ་ཆེ་ཨོ་རྒྱན་ཡུལ། །ལི་ཡུལ་བལ་ཡུལ་ལ་སོགས་པའི། །ས་བག་གཉན་པོ་ཐམས་ཅད༴ འཇིག་རྟེན་གསུམ་སྣང་མནྡཱ་ར། །འབིགས་བྱེད་ལ་སོགས་འཛམ་གླིང་འདིའི། །ས་བདག་གཉན་པོ་ཐམས་ཅད༴ མ་དྲོས་ལ་སོགས་མཚོ་རྣམས་དང་། །གངྒཱ་སིནྡྷུ་ལ་སོགས་པའི། །ཆུ་ཆེན་རྣམས་ཀྱིས་བདག༴ ཏི་སེ་གངས་རི་ལ་སོགས་པའི། །མགུར་ལྷ་གཉན་པོ་ཐམས༴ མ་ཕམ་ཀླུ་གཉན་ལ་སོགས་པའི། །ས་བདག་གཉན་པོ་ཐམས་ཅད༴ རི་བོག་ནྡྷོ་ལ་སོགས་པའི། །ལི་ཡི་ས་བདག་ཐམས་ཅད༴ ལྕང་ར་སྨུག་པོ་ལ་སོགས་པའི། །སོག་ཡུལ་གཞི་བདག་གཉན་པོ༴ གཞན་ཡང་གྲུ་གུ་ཞང་ཞུང་དང་། །གར་ལོག་ལ་སོགས་མཐའ་འཁོག་ཡུལ། །གཞི་བདག་གཉན་པོ་ཐམས་ཅད། །རྒྱ་གར་རྒྱ་ནག་ཧོར་དང་འཇང་། །བལ་ཡུལ་བོད་ཡུལ་ལ་སོགས་པའི། །གཞི་བདག་གཉན་པོ་ཐམས་ཅད༴ ཁྱད་པར་མངའ་རིས་དབུགས་གཙང་དང་། །མདོ་ཁམས་བཞི་བདག་གཉན་པོ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །འཁོར་སྲུང་རྐྱེན་ཟློག་བར་ཆད་སོལ། །བསམ་པ་སྒྲུབ་རེ་བ་བསྐོངས། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །ཧཱུྃ། ཡུལ་ནི་རྡོ་རྗེའི་བག་དམྱར་གྱི། །ཡིད་།།།།།དགར་ཤ་མེད་མ་ཆིབ་སུ་དྲེའུ་རྟ་རྐང་བ་་་་་་བཤོལ་བུ་སྙིང་དང་གཏོར་མས་བརྔན། །ཡུལ་ནི་རྨེ་ཆེན་སྡོམ་


LRD005_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཡི། སྲིད་གཅིག་ཁ་རག་བྱང་བཙུན་མ། །ཆིབས་སུ་གྱི་ལིང་ཁ་དཀར་བཅིབས། །བཤོས་བུ༴ ཡུལ་ནི་དབུ་རུའི་ཉི་ཚལ་གྱི། །སྲིད་གཅིག་རྡོ་རྗེ་གཡུ་སྒོན་མ། །ཆིབས་སུ་ཆ་རྟ་སྔོན་པོ་བཅིབས། །བཤོས་བུ༴ ཡུལ་ནི་མནྡཱ་དེ་བ་ཡི། སྲིར་གཅིག་རྡོ་རྗེ་ཀུན་གྲགས་མ། །ཆིབས་སུ་ཆ་བླང་སྔོན་པོ་བཅིབས། །བཤོས་བུ༴ །ཡུལ་ནི་ལྷོ་ཡུལ་དེ་ཉིད་ཀྱི། །སྲིད་གཅིག་སྤྱི་མཐོང་གཡའ་མ་སྐྱོང་། །ཆིགས་སུ་གསེར་ཤ་ཡུ་མོ་བཅིབས། བཤོས་བུ༴ ཡུལ་ནི་དཔེ་མེད་ལྟེ་བ་ཡི། །སྲིང་གཅིག་ཁུག་ཆོས་གཡའ་མ་བསིལ། །ཆིབས་སུ་རུས་སྦ་ལ་མགོ་དགུ་བཅིབས། །བཤོས་བུ༴ ཡུལ་ནི་བལ་ཡུལ་གསེར་ཕུག་ན། །ཨེ་ཀ་ཛ་ཊཱིར་ལ་གཅིག་མ། །ཆིབས་སུ་གཡུ་འབྲུག་སྔོན་པོ་བཅིབས། །བཤོས་བུ༴ །ཡུལ་ནི་ནཱ་ལེན་དྷ་ར་ན། །བཙན་ལ་རོལ་བའི་སྨན་གཅིག་མ། །ཆིབས་སུ་དྲེའུ་རྟ་རྐང་གསུམ་བཅིབས། བཤོས་བུ༴ །ཡུལ་ནི་རྐོང་ཡུལ་ཀོང་ཕུག་ན། །སྲིད་གཅིག་གངས་ཀྱི་གཡུ་བྲ་ནམ། །ཆིབས་སུ་སྟག་མོ་རིས་བྲ་བཅིབས། བཤོས་བུ༴ ཡུལ་ནི་མང་ཡུལ་མང་ཏིང་ན། །ཆེ་ཞེ་གཙུག་ནི་འོག་འཆང་མ། །ཆིབས་སུ་འབྲོང་པོ་དར་མ་བཅིབས། བཤོས་བུ༴ ཡུལ་ནི་དབུ་རུ་སྙིང་པོ་ཡི། །བྱང་གི་མང་ཏིང་ཏིང་མོ་བཙུན། །ཆིབས་སུ་འབྲོང་ཆེན་འབྱིད་པ་བཅིངས། བཤོས་བུ༴ ཡུལ་ནི་སྣུབ་ཡུལ་རྒན་ཚལ་གྱི། །བརྡལ་ལྷ་བཙན་ཨོ་གདུག་པ་འདུལ། །ཆིབས་སུ་དོམ་ནག་སྙིང་དཀར་བཅིབས། བཤོས་བུ༴ བརྟན་མ་ཆེན་མོ་ཁྱེད་རྣམས་ཀྱིས། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །བསམ་པ་སྒྲུབ་པ་ལར་བསྐོངས། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། ཧཱུྃ། བོད་ཡུལ་ཀུན་གྱི་གཞི་བདག་ནི། །ཆེ་རྒུ་མཉན་རྒུ་ཐམས་ཅད་བརྔན། རྡོ་རྗེ་ལེགས་པ་ལ་སོགས་པའི། །གཙང་གི་གཡས་སུ་ཉིན་སྲིབ་ཀྱི། །གཞི་བདག་གཉན་པོ་ཐམས་ཅད་བརྔན། །ཁང་ས་ཁྱུང་བཙུན་ལ་སོགས་པའི། །གཙང་གི་ གཡོནརུ next hit་ཉིན་གྲིབ་ཀྱི། །གཞི་བདག་ཉན་པོ་ཐམས་ཅད་བརྔན། །


LRD005_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་ལྷ་ཡང་ཞུར་སོགས་པའི། །དབུ་རུ་ཉི་སྲིད་བཞིག་བདག་བརྔན། །ཤམ་པོ་གང་བཟང་ལ་སོགས་པའི། །གཡོ་རུ་ཉིན་སྲིབ་བཞི་བདག་བརྔན། །ཡག་འགྲོག་གཡུ་མཚོ་ཕུག་མོ་བརྔན། །བྱང་གི་གནས་མཚོ་ཕྱུག་མོ་བརྔན། །སྟོད་ཀྱི་ལྷ་རྒོད་མདུང་རྩེ་བརྔན། །འོད་དེ་གུང་རྒྱལ་སོགས་པའི། །ཉན་པོ་ལོ་ལ་བའི་གཞི་བདག་བརྔན། །སྒོམ་པོ་དཔལ་རི་ལ་སོགས་པའི། །དྭགས་པོའི་གཞི་བདག་གཉན་རྣམས་བརྔན། །ཀོང་བཙུན་དེ་མོ་ལ་སོགས་པའི། ཀོང་པོའི་ཡུལ་གྱི་གཞིར་བདག་བརྔན། །གསལ་རྗེ་གྱེར་རྗེས་ལ་སོགས་པའི། །གཉླ་ལོ་བྱར་གྱི་གཞི་བདག་བརྔན། །རྡོ་རྗེ་གྲགས་སྐྱེས་ལ་སོགས་པའི། །མོན་ཡུལ་རྡོ་དང་གློ་རྣམས་ཀྱི། །གཞི་བདག་གཉན་པོ་ཐམས་ཅད་བརྔན། །སྐུ་ལྷ་མཁའ་རི་ལ་སོགས་པའི། །ལྷོ་བྲག་ཡུལ་གྱི་གཞི་བདག་བརྔན། །རི་ཞུར་གངས་སྨན་ཅན་ལ་སོགས། །གྲུབ་ཤུར་ལུང་བའི་གཞི་བདག་བརྔན། །ནགས་སོག་ཆུ་རྒྱུད་དགེ་བསྙེན་དང་། ཨ་ལ་རྔོད་ཀྱི་གཞི་བདག་བརྔན། །སྡུ་ཡི་ཉིད་སྲིབ་བཞི་བདག་བརྔན། །ལྷོ་ཡི་རོ་ལྷ་རྒྱལ་མཚན་དང་། །རོང་བཙན་བ་དཀར་པོ་དང་། །དབང་ཆེན་ལྷ་མོ་མཆེད་བརྒྱད་དང་། །དམག་དགོན་དགྲ་འདུལ་དབང་ཕྱུགས་དང་། །སྨུག་རི་མོ་ནག་ལ་སོགས་པའི། །ཚ་བ་སྒང་གི་གཞི་བདག་བརྔན། །ཀླུ་ཡི་མགོན་པོ་དཀར་པོ་སོགས། །སྨར་ཁམས་ཡུལ་གྱི་གཞི་བདག་བརྔན། །ལྷ་ཡི་མགོན་པོ་དཀར་པོ་སྟེ། །མགྱོགས་བྱེདསྡོང་ར་ལ་སོགས་པའི། །འབྲི་ཀླུང་ཉིས་སྲིབ་གཞི་བདག་བརྔན། །ལྔན་གྱི་ཝང་སྙེ་སྨྲ་རུ་དང་། གེར་མཛོད་རིང་པོ་དབང་ཞུ་དང་། །མཚམས་ལྷའི་གཞི་བདག་གཉན་པོ་བརྔན། །མཛའ་དང་ཤབ་ཟེ་ལ་སོགས་པའི། །སྤོམ་སྦོར་སྒང་གི་གཞི་བདག་


LRD005_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བརྔན། །ཤར་གྱི་རྨ་གཉན་སྤོམ་ར་ནི། །རྨ་རིགས་སུམ་བརྒྱ་དྲུག་བཅུའི་མཆེད། །སྲིད་ལྕམ་བཞི་བཅུ་ཞེ་ལྔར་བཅས། །རྨ་ལུང་ཉིད་སྲིབ་གཞི་བདག་བརྔན། །བེའུ་ཡི་ནི་དུག་མཚོ་དང་། །སྟོ་དར་ཡི་ནི་མཚོ་ནག་དང་། །དེ་འུམ་ཆད་མཚོ་དཀར་མོ་དང་། །ཁྲི་ཤོང་རྒྱལ་མོའི་མཚོ་དང་ནི། །ཙོང་ཁ་ཡི་ནི་མཚོ་སྔོན་དང་། །མཚོ་སྨན་རྒྱལ་མོ་མཆེད་ལྔ་བརྔན། །སྐྱི་རི་གཉན་པོ་ལ་སོགས་པའི། །ཙོང་ཁ་ཉིན་སྲིད་གཞི་བདག་བརྔན། །དགའ་དང་བྱང་ངོས་གཞི་བདག་བརྔན། །རྨ་ལུང་དན་ཏིག་རི་བོའི་ལྷ། །གཞོན་ནུ་ཀང་ཏི་ཀ་ལ་སོགས། །མདོ་ཁམས་སྒང་གི་གཞི་དག་བརྔན། །ཞང་ཤོད་ལ་མོ་ཆེ་ལ་སོགས། །དབྱར་མོ་ཐང་གི་གཞི་བདག་བརྔན། །རྩི་ཡི་འདུས་རི་མཐོན་པོ་བརྔན། །སྦོ་ཏེ་ཤག་དམར་སྒང་རྒྱུད་བརྔན། །སྦོ་ཏིའི་ཤེར་ལུང་ཕྱུག་མོ་བརྔན། །གྲོལ་གྱི་གཡའ་ལུང་རལ་གསུམ་བརྔན། །རྨང་གྲོལ་རལ་གསུམ་གཞི་བདག་བརྔན། །དགུ་རིམ་བཞི་གསུམ་གཞི་བདག་བརྔན། །སྙེ་གོང་སྙེ་མར་གཞི་བདག་བརྔན། །སྙན་གོང་ཉིན་སྲིབ་བཞི་བདག་བརྔན། །བྲག་དམར་བྱ་རྒོད་ལ་སོགས་པའི། །ཏེ་ཆུའི་གཞི་བདག་ཀླུ་གཉན་བརྔན། །ལྷ་སྲིན་གདུག་པ་མང་བྱེད་པའི། །འོ་དེ་རལ་གསུམ་གཞི་བདག་བརྔན། ཤིན་ཏུ་ཁྲོ་གཏུམ་ཆེ་བ་ཡི། །རྒྱལ་མོ་རོང་གི་གཞི་བདག་བརྔན། །འཇང་གི་སྨུག་པོ་ལ་སོགས་པའི། །འཇང་ཡུལ་གཞི་བདག་ཐམས་ཅད་བརྔན། ཤར་ཕྱོགས་རྒྱ་ནག་འོད་དེ་ཤན། །རི་བོ་རྩེ་ལྔ་ལ་སོགས་པའི། །རྒྱ་ནག་ཡུལ་གྱི་གཞི་བདག་བརྔན། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །ཆེ་རྒུ་གཉན་རྒུ་ཐམས་ཅད་བརྔན། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །རེ་བ་ཐམས་ཅད་སྐོང་བ་དང་། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད། །ཧཱུྃ། གཞན་ཡང་སྟོང་གསུམ་འཛམ་གླིང་ཡུལ། །ས་འོག་ས་སྟེང་བླ་ཡི། །གཞི་བདག་གཉན་པོ་ཐམས་ཅད་བརྔན། །ས་ལ་གནས་པའི་ས་བདག་བརྔན། །ཆུ་ལ་གནས་པའི་ཆུ་བདག་བརྔན། །


LRD005_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་ལ་གནས་པའི་བྲག་བཙན་བརྔན། །བར་སྣང་གང་བའི་ལྷ་རྣབས་བརྔན། །ཡུལ་ལ་གནས་པའི་གཞི་བདག་བརྔན། །འབྲང་བ་གནས་པའི་གཞི་བདག་བརྔན། །བྲག་ལ་གནས་པའི་གཞི་བདག་བརྔན། །གྲུ་ཟམ་ལ་གནས་གཞི་བདག་བརྔན། །འགྲོ་ལམ་ལ་གནས་གཞི་བདག་བརྔན། །གཞི་བདག་གཉན་པོ་ཁྱེད་རྣམས་ཀྱང་། །མཐུ་སྟོབས་རྫུ་འཕྲུལ་སོ་སོར་ཆེ། །དབང་དང་འབྱོར་བ་སོ་སོར་ཆེ། །མངའ་རིས་མངའ་ཐང་སོ་སོར་ཆེ། །མཛད་པའི་ཕྲིན་ལས་སོ་སོར་ཆེ། །མཆོད་པའི་འོས་སུ་སོ་སོར་ཆེ། །དེ་བས་གཞི་བདག་གཉན་རྣམས་ལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །འདོད་པའི་དོན་ལ་གསོལ་འདེབས་ཀྱེ། །སྔོན་གྱི་ཐུགས་དམ་བརྩེར་དགོངས་ཏེ། །དགྱེས་པའི་མཆོད་ཡོན་བཞེས་ནས་ཀྱང་། །བདག་གི་རེ་བསྐང་དུ་གསོལ། །བརྔན་འོས་ཁྱེད་རྣམས་བརྔན་པ་ཡིས། །བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཆོད། །ཧཱུྃ། གཞན་ཡང་བརྔན་པར་འོས་པའི་མགྲོན། །མིང་དང་མཚན་ནས་མ་ཐོན་པའི། །བླ་མ་ཡི་དམ་མཁའ་འགྲོ་དང་། །སྲུང་མ་དམ་ཅན་རྒྱ་མཚོ་དང་། །ལྷ་དང་དྲན་སྲོང་ཐམས་ཅད་བརྔན། །ཡུལ་ལྷ་ནོར་ལྷ་ནང་ལྷ་དང་། །ལམ་ལྷ་གཉན་པོ་ཐམས་ཅད་བརྔན། །གཞན་ཡང་དུས་གསུམ་ཕ་མ་དང་། །ཁམས་གསུམ་རིགས་དྲུག་ཐམས་ཅད་བརྔན། །ཡི་དྭགས་རྣམས་དང་བགེགས་རྣམས་དང་། །ལན་ཆགས་སྙིང་རྗེའི་མགྲོན་རྣམས་བརྔན། །གླི་བུར་ལྷགས་པའི་མགྲོན་རྣམས་དང་། །ཕ་མ་རྒྱལ་མེད་པར་ཐོག་ནས་ཀྱང་། །ཡིད་ལ་རེ་བ་རྫོགས་པར་མཛོད། །ཧཱུྃ། དེ་ལྟར་མགྲོན་རིགས་ཐམས་ཅད་ཀྱིས། །མངའ་རིས་སྤྱན་ལམ་སོ་སོ་རུ། །མཆོད་སྦྱིན་གཏོར་མ་འདིས་བརྔན་པས། །ལོངས་སྤྱོད་ནམ་མཁའི་མཛོད་གྱུར་ཏེ། །གང་ལ་ཅི་འདོད་ཐོབ་པར་ཤོག །རྒྱལ་བརྔན་ཆེན་མོ་འདི་མཛད་པས། །མགྲོན་རིགས་བརྔན་པའི་བྱིན་རླབས་ཀྱིས། །བདག་གི་དོན་རྣམས་


LRD005_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པ་ཤོག །སྔོན་ཚེ་སློབ་དཔོན་པདྨ་ཡིས། །རྒྱལ་བརྔན་ཆེན་མོ་འདི་མཛད་པས། །གཟུག་ལག་འགྲུབ་ཅིང་མཐའ་དམག་ཐུལ། །རྗེ་ཡི་དགོངས་པ་འགྲུབ་པ་ལྟར། །བདག་གི་མགྲོན་རྣམས་བརྔན་པ་ཡིས། །བདག་ཅག་དཔོན་སློག་འཁོར་བཅས་ཀྱི། །འཁོར་རྣམས་སྲུངས་ལ་རྐྱེན་རྣམས་ཟློག །ཚེ་སྲིང་དཔལ་སྐྱེད་འབྱོར་བ་སྤེལ། །སྙན་པ་སྒྲུབས་ལ་གྲགས་པ་སྒྲོགས། །རྟག་ཏུ་འགོ་ཞིང་སྡོང་གྲོགས་མཛོད། །མགྲོན་ལམ་བདེ་ཞིང་འཇིགས་པ་མེད། །ལམ་འཕྲང་བདེ་བར་བགྲོད་པ་དང་། །རྙེད་པ་ཆེན་པོ་འགྲུབ་པ་དང་། །གཞི་བྱེས་ཀུན་ཏུ་བདེ་ལེགས་མཛོད། །ཅེས་པ་འདི་ཡང་ཐེག་པ་མཆོག་གི་རྣལ་འབྱོར་བ་ཀློང་ཆེན་རབ་འབྱམས་ཀྱིས་ཉེ་བར་སྦྱར་བའོ། དགེའོ། ༈ ཞྭ་པདྨ་དབང་ཆེན་མི་འགྱུར་ལྷུན་གྱིས་གྲུབ་པའི་ཕུང་རབས་འཕགས་ཀུན་ཏུ་བཟང་པོའི་མཆོད་པའི་དགའ་སྟོན་བཞུགས། དགོས་འདོད་མ་ལུས་འབྱུང་བའི་གནས། །བླ་མ་ཡི་དམ་མཁའ་འགྲོ་དང་། །དམ་ཅན་རྒྱ་མཚོའི་ཞབས་བཏུད་དེ། །ཕུད་རབས་མཆོད་པའི་ཚེ་ག་དྲི། །དེ་ལ་དང་པོ་ལེགས་པར་བཤགས་པ་ནི། །རིན་པོ་ཆེ་ལ་སོགས་པའི་མཆོད་གཞོང་གཙང་མར། །བསང་བཤོས་ཟླ་གམ་རྩེ་ལྔ་བ་མར་ཐུང་ལ་སོགས་པས་བརྒྱན་པའི་མཐར་ཤ་དང་ཁུར་བ་ལ་སོགས་བསང་སྐོར་ཞིང་། གསེར་སྐྱེམས་དང་གཡུ་སྔོན་ལ་སོགས་པའི་མཆོད་རྫས་མང་པོ་དང་། །སྤོས་དང་མར་མེ་ལ་སོགས་པའི་མཆོད་པ་དང་། །རོལ་མོའི་བྱེ་བྲག་སྣ་ཚོགས་དང་། །མཆོད་འབྲུ་དང་ཕུད་པོར་ལ་སོགས་པ་སྟ་གོན་བྱས་ལ་མཆོད་རྫས་ཐམས་ཅད་ལ་རོལ་མོས་བྱིན་དབབ་པོ། །དེ་ནས་བདག་ཉིད་སྟན་བདེ་བ་ལ་སྐྱེལ་མོ་ཀྲུང་གིས་འདུག་སྟེ། །ཐལ་མོ་སྦྱར་ཞིང་སྐྱབས་སུ་འགྲོ་བ་དང་། །རྒྱུ་སྦྱོར་བས་ཐོག་དྲངས་བའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ལན་གསུམ་


LRD005_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

སེམ་བསྐྱེད་པ་ནི། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་པས། །དེ་ལྟར་མ་རྟོགས་པའི་སེམས་ཅན་ཐམས་ཅད་སྙིང་རེ་རྗེ། །དེ་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་པ་བྱ། དེའི་ཆེད་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་བར་བགྱིའོ། །ལན་གསུམ་ན་མོ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག ལན་གསུམ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ། ཕྱི་ནང་གི་ཆོས་ཐམས་ཅད་སྟོང་བ་ཆེན་པོ། །སྟོང་པའི་ངང་ལས་པྃ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། རང་ཉིད་འཕགས་པའི་རྒྱལ་པོ་སྤྱན་རས་གཟིགས་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡོན་པདྨ་དཀར་པོའི་ཡུལ་ཐུགས་ཀར་འཛིན་ཅིང་། གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་ཅན། ཞས་སྐྱིལ་ཀྲུང་དུ་བཞུགས་པ་དར་གྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། །འོད་ཟེར་མུ་མེད་བ་འཕྲོས་པའི་འོད་ཀྱིས་ཤར་ཕྱོགས་རི་བོ་ཏ་ལ་ནས་འཕགས་པ་སྤྱན་རས་གཟིགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་བསྐོར་བ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་བདག་ལ་ཐིམ་བས་རང་ཉིད་སྤྱན་རས་གཟིགས་དངོས་སུ་གྱུར། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དེ་ནས་མཆོད་རྫས་བྱིན་གྱིས་བརླབ་པ་ནི། །རཾ་ལས་མེ་འབར་མཆོད་རྫས་སོ་སོའི་འབག་པ་ཙོག་དང་སེར་སྣ་ལ་སོགས་པའི་མདག་པ་ཐམས་ཅད་བསྲེབས། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷེ་བཛྲ་སིདྡྷི་ཧཱུྃ། མཆོད་རྫས་སུ་སྣང་བ་ཐམས་ཅད་ཀྱང་ཤིན་ཏུ་རྣམ་པར་དག་པར་གྱུར། །སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཁཾ་ལས་མཆོད་རྫས་ཀྱི་དངོས་པོ་ཡེ་ཤེས་ཀྱི་བདུད་རྩི་དཔག་ཏུ་མེད་པར་གྱུར། །ན་མསྶ་རྦ་ཏ་ཐཱ་ག་ཏ་ཏེ་བྷྱོ་བི་ཤྭ་མུ་ཁ་བྷྱ་སརྦ་ཏ་ཏཱཾ་ཨུངྒ་ཏེ་གྦ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨ་ལས་བདུད་རྩི་དེ་ཉིད་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར།


LRD005_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་ལས་འདོས་ཡོན་དེ་དག་མགྲོན་སོ་སོས་ཅི་བཞེད་པའི་ཡོངས་སྤྱོད་དུ་གྱུར། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱ་དྱ་ནུ་ཥྦནྣ་ཏོཏྟ་ཨོཾཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཧཱུྃ་ལས་འོད་འཕྲོས་ལོངས་སྤྱོད་དེ་དག་མགྲོན་སོ་སོའི་སྤྱན་ལམ་དུ་འབབ་པར་གྱུར། ནམཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་རས་མྦྷ་ར་ཧཱུྃ། ཛ་ལས་སྤྱན་ལས་དུ་བབས་པའི་ལོངས་སྤྱོད་རྣམ་མགྲོན་ཐམས་ཅད་ཀྱིས་ཕམ་རྐྱལ་མེད་པར་ཐོབ་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་རུ་རུ་སྐུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་བྷ་ནི་སྭཱ་ཧཱ། མཆོད་ཡོན་ཕུན་སུམ་ཚོགས་པ་ཡིད་བཞིན་གྱི་གཏེར་མཁོ་རྒུ་འབྱུང་བས་འཕགས་པ་སྤྱན་རས་གཟིགས་དང་། །འདོད་ཡོན་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ལྟ་བུས་ས་གཞི་བར་སང་ཐམས་ཅད་གང་བར་གྱུར། །དེ་ནས་ཡུལ་ཁམས་བྱིན་གྱིས་བརླབ་པ་ནི། །ཨོཾ་སྭ་བྷཱ་ཝས་སྦྱངས། །སྣོད་བཅུད་ཀྱི་ཆོས་ཐམས་ཅད་སྟོང་པའི་ངང་ལས་བྷྲཱུཾ་ཛྙ་ན་ཙཀྲ་བྷྲཱུཾ་ལས་ཕྱི་ཡུལ་དུ་སྣང་བ་ཐམས་ཅད་སངས་རྒྱས་ཀྱི་ཞིང་ཁམས་རྣམས་པར་དག་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་གཞི་ལ་ཡེ་ཤེས་རིན་པོ་ཆེའི་གཞ་ཡས་ཁང་བཀོད་པ་ཚད་མེད་པས་བརྒྱན་པ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བཞུགས་གནས་སུ་གྱུར་པ། །རྒྱ་ཚད་མེད་པ། ཉེ་འཁོར་མཐའ་ཡས་པ། །ཕྱི་ནང་ཀུན་ནས་མགྲོན་སོ་སོའི་གནས་དང་གདན་དང་བཀོད་པ་མཐའ་ཡས་པས་གཞི་དང་བར་སྣང་ཐམས་ཅད་པདྨ་རིན་པོ་ཆེའི་ཁྲི་དང་གར་ཟབ་རྣམས་བརྩེགས་པའི་ཁྲི་དང་། གདུགས་དང་། །རྒྱལ་མཚན་དང་། བླ་རེ་དང་། འཕན་ལྡིང་དཔག་ཏུ་མེད་པའི་ཚོགས་དང་། རོལ་མོའི་ཆོགས་མཐའ་ཡས་པ་དང་། འདོད་པའི་ཡོན་ཏན་དཔག་ཏུ་མེད་པའི་སྤྲིན་ཕུང་འཁྲིགས་བས་རབ་ཏུ་བརྒྱན་པར་གྱུར། །ཨོཾ་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པར། །ཕུང་པོ་ཐམས་ཅད་སངས་རྒྱས་ཞིང་། །རྣམ་དག་རིན་ཆེན་ས་གཞི་ལ། །ཡེ་ཤེས་འཕང་བའི་གཞལ་ཡས་ཁང་། །མཐའ་ཡས་བསམ་གྱིས་མི་ཁྱབ་པ། །ཀུན་ཏུ་བཀོད་པ་ཚད་མེད་དེ། གདན་ཁྲི་རིན་ཆེན་པདྨ་དང་། །


LRD005_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

དར་ཟབ་ལྷ་ཡི་གོས་ཀྱིས་བརྒྱན། །བླ་རེ་གདུགས་དང་རྒྱལ་མཚན་འཕན། །རོལ་མོ་སྣ་ཚོགས་སྤྲིན་ཕུང་འཁྲིགས། །ཕྱོགས་ཀྱི་ཉེ་འཁོར་ཐམས་ཅད་ཀྱང་། །དཔག་བསམ་ཤིང་དང་ལྗོང་པའི་ཚལ། །རིན་ཆེན་ཆུ་མཚོ་པདྨས་བརྒྱན། །གསེར་དངུལ་ལ་སོགས་རིན་ཆེན་རི། །འོད་འབར་ལྷ་ཡི་ཁང་བརྩེགས་འབར། །ཀུན་ནས་མཛེས་པའི་བཀོད་པས་བརྒྱན། །ས་དང་བར་སྣང་ཁམས་ཀུན་ཏུ། །ལྷ་དང་མི་ཡི་འདོད་ཡོན་གང་། །སྤོས་དང་རོལ་མོའི་སྤྲིན་ཕུང་འཕྲོ། །གྲངས་མེད་བསམ་གྱིས་མ་ཁྱབ་པ། །སྣ་ཚོགས་ཞིང་གི་ཡོན་ཏན་མཆོག །སེམས་ཀྱི་རིང་འཛིན་རོལ་མོ་ཡིས། །མངོན་སྤྲུལ་དག་པའི་གནས་མཆོག་འདིར། །འཕགས་དང་སོ་སོའི་སྐྱེ་བོ་ཡི། །མགྲོན་རྣམས་བཞུགས་པའི་གཞིར་གྱུར་ཅིག །ཨོཾ་རཏྣ་མཎྜལ་ས་མ་ཡེ་ཙཀྲ་བྷྲཱུཾ། དེ་ནས་མགྲོན་སྤྱན་དྲངས་པ་ནི། །རང་གི་སྙིང་གའི་འོད་ཟེར་ཀྱིས་སྟེངའོག་ཕྱོགས་མཚམས་ཐམས་ཅད་ཀྱི་མགྲོན་རིགས་ཐམས་ཅད་ལ་ཕོག་ནས་གཤེགས་པར་ཞུ་བ་ཕུལ་བས་ཐམས་ཅད་དགྱེས་ནས་འབྱོན་པར་བཀའ་གནད་བར་བསམ་ཏེ། །སྤོས་དང་རོལ་མོའི་སྒྲ་དང་བཅས་ནས་སྤྱན་དྲངས་པ་ནི། །ན་མོ། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །སེམས་འདི་རྒྱ་ཆེ་མཆོག་ཏུ་རབ་བསྐྱེད་ཏེ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད། །བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །དུས་ལ་མི་འདའ་ཐུགས་རྗེའི་དབང་གིས་ནི། །སེམས་ཅན་དོན་ལ་དགོངས་པའི་དཀོན་མཆོག་གསུམ། །ཡིད་ཀྱིས་སྤྲུལ་ཞིང་མཆོད་པའི་གནས་འདི་རུ། །རྒྱལ་བ་འཁོར་བཅས་མ་ལུས་གཤེགས་སུ་གསོལ། །ཐོག་མའི་གནས་སུ་མངོན་པར་བྱང་ཆུབ་ནས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ། །ཆོས་སྐུ་ཀུན་ཏུ་བཟང་པོ་ནས་བཟུང་སྟེ། །རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་དང་། །གང་ཟག་སྙན་བརྒྱུད་བླ་མའི་ཚོགས་རྣམ་ཀུན། །བསོད་ནམས་


LRD005_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་གླིང་འདིར་སྤྱན་འདྲེན་ཀྱིས། །འཁོར་དང་བཅས་ཏེ་མ་ལུས་གཤེགས་སུ་གསོལ། །ཕྱི་ནང་རྒྱུ་འབྲས་ལུང་རིག་སྙིང་པོའི་དོན། །མངོན་གྱུར་ནས་མངོན་གྱུར་མཆོག་བརྙེས་ཤིང་། །སོ་སོའི་དམ་ཆོས་རིན་ཆེན་མཛོད་འཛིན་པར། །དཔལ་མགོན་བླ་མ་ཇི་སྙེད་བཞུགས་པོ་འཚལ། །ཡོན་ཏན་དགེར་འོས་གནས་འདིར་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ་མ་ལུས་གཤེགས་སུ་གསོལ། །སྤང་ས་དང་རྟོགས་པའི་ཡོན་ཏན་མཐར་ཕྱིན་ནས། གཞན་དོན་མཐའ་ཡས་ཕྲིན་ལས་མངོན་དུ་གྱུར། །སྲིད་གསུམ་འགྲོ་བའི་རྩལ་ལག་གཉེན་གཅིག་པུ། །ཕོགས་བཅུ་དུས་གསུམ་སངས་རྒྱས་བཞུགས་སོ་འཚལ། །བཀྲ་ཤིས་གཙུག་ལག་ཁང་འདིར་སྤྱན་འདྲེན་གྱིས། །འཁོད་དང་བཅས་ཏེ༴ བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པའི་གཙོ། །རང་སྣང་ལོངས་སྤྱོད་དཀྱིལ་འཁོར་ལྷུན་གྲུབ་དང་། །ཞི་དང་ཁྲོ་ཚུལ་འབར་བའི་སྐུར་སྟོན་ཅིང་། །འིག་མིན་ལ་སོགས་ཞིང་མགོན་བཞུགས་པ། །གསང་སྔས་ཕྱི་ནང་དཀྱིལ་འཁོར་དཔག་མེད་ཀུན། །ཏིང་འཛིན་ཡིད་བཞིན་གནས་འདིར་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴ ཐོག་མར་བར་དང་ཐ་མར་རབ་དགེ་ཞིང་། །མྱ་ངན་འདས་པ་མཆོག་ཏུ་ཞི་བའི་ལམ། །རྒྱལ་བ་རྒྱལ་སྲས་ཉན་རང་ཀུན་ཡི་ཡུམ། །བཅོམ་ལྡན་ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །བསྟན་པའི་དམ་ཆོས་ཇི་སྙེད་བཞུགས་སོ་འཚལ། །རིན་ཆེན་གཞལ་མེད་ཁང་འདིར་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴ བསང་སྔགས་རིག་སྔགས་གཟུངས་སྔགས་རྒྱུད་ཀྱི་དོན། །བྱ་བ་སྤྱོད་པ་རྣལ་འབྱོར་བླ་ན་མེད། །རྒྱལ་བ་ཀུན་གྱི་ཐུགས་ཀྱི་གསང་བ་མཆོག །རྡོ་རྗེ་ཐེག་པ་ཇི་སྙེད་བཞུགས་སོ་འཚལ། །ཡོན་ཏན་ཚད་མེད་གནས་འདིར་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴ རྒྱུ་འབྲས་ཐེག་པ་ཀུན་གྱི་རྩེར་གྱུར་བ། །ཡ་ནས་བྱང་ཆུབ་རྡོ་རྗེ་སྙིང་པོའི་ལུང་། །མི་ནུབ་རྒྱལ་མཚན་བྱང་ཆུབ་སེམས་ཀྱི་མདོ། །རང་བྱུང་ཡེ་ཤེས་ཀུན་ཏུ་བཟང་པོའི་རྒྱུད། །རང་བཞིན་


LRD005_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པ་ཆེན་པོ་བཞུགས་སོ་འཚལ། །མི་འགྱུར་འཕགས་པའི་གནས་འདིར་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴ བསླབ་གཞི་ལེགས་བཅས་བརྩོན་པའི་རྣལ་འབྱོར་གྱིས། །རང་གཞན་དོན་ཆེན་སྒྲུབ་པའི་ལམ་ཞུགས་ཏེ། །སྤངས་རྟོགས་ཡོན་ཏན་གོང་ཡར་རིམ་བགྲོད་ནས། །མྱ་ངན་འདས་པའི་ས་ལ་རབ་གཞོལ་བ། །འཕགས་པའི་དགེ་འདུན་ཇི་སྙེད་བཞུགས་སོ་འཚལ། །སྐྱོབ་མཛད་འཇིགས་སེལ་གྲོགས་སུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴ འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡིས། །བཅོམ་ལྡན་བསྟན་པ་གང་གི་ཕྱག་ཏུ་བཞག གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་པ། །འཕགས་པའི་གནས་བརྟན་ཆེན་པོ་བཞུགས་སོ་འཚལ། །རྫས་ཆོས་རྒྱས་པའི་སླད་དུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴ ནོར་བདུན་སྦྱངས་པའི་ཡོན་ཏན་དང་ལྡན་ཞིང་། །བདེན་བཞི་རྟེན་འབྲེལ་བཅི་གཉིས་ལམ་སྒོམ་པ། །ཟུང་བཞི་ཡ་བརྒྱད་འབྲས་བུ་མངོན་དུ་གྱུར། །འགྲོ་བའི་བསོད་ནམས་ཞེང་ཏི་མཆོག་གྱུར་པ། །འཕགས་པ་ཉན་རང་དགེ་འདུན་བཞུགས་སོ་འཚལ། །ཡོན་སྦྱོར་མཆོད་པའི་གནས་སུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴ བླ་མེད་བྱང་ཆུབ་ཆེན་པོའི་སེམས་སྟོབས་ཀྱིས། །རླབས་ཆེན་ཐེག་པས་འགྲོ་བའི་ཁུར་བཞེད་དེ། །ས་དང་ལམ་སྦྱངས་འཕགས་པའི་གོ་འཕང་བརྙེས། །ཡོན་ཏན་ཚད་མེད་ཡངས་པའི་ཚོགས་མངའ་བ། །བྱང་ཆུབ་སེམས་དཔའི་དགེ་འདུན་བཞུགས་སོ་འཚལ། །བསྟན་པ་རྒྱལ་བའི་སླད་དུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴ ཤུགས་ནི་རྣམ་དག་སངས་རྒྱས་ཡུལ་ལ་འཇུག །སྐུ་ནི་སྣ་ཚོགས་གདུལ་བྱའི་རེ་བ་སྐོང་། །གསུང་ནི་གསང་སྔགས་ངེས་པའི་སྙིང་པོ་སྟོན། །ཡོན་ཏན་ཚད་མེད་ཕྲིན་ལས་རྣམ་བ་བཞི། །མཆོག་དང་ཐུན་མོང་དངོས་གྲུབ་འཆར་འབེབས་པ། །རིག་པ་འཛིན་པའི་དགེ་འདུན་བཞུགས་སོ་འཚལ། །འདོད་རྒུའི་རེ་བ་བསྐང་ཕྱིར་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴ སྣང་སྲིད་སྣོད་བཅུད་སངས་རྒྱས་ཞིང་


LRD005_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས། བསྐྱེད་རྫོགས་ཟུང་འཇུག་ཏེང་འཛིན་དྲོད་ཐོབ་ནས། །གྲུབ་པ་བརྒྱད་དང་དངོས་གྲུབ་རྣམ་གཉིས་བརྙེས། །རིག་འཛིན་ས་བཞིས་རྒྱལ་བའི་སར་གཞོལ་ལ། །གྲུབ་མཆོག་རིག་འཛིན་དགེ་འདུན་བཞུགས་སོ་འཆིའོ། །བླ་མེད་བསོད་ནམས་ཞིང་དུ་སྤྱན་འདྲེན་ན། །འཁོར་དང་བཅས་ཏེ༴ དབྱིངས་དང་ཡེ་ཤེས་དོན་ལ་མངའ་བརྙེས་ཤིང་། །ཕྲིན་ལས་རྣམ་བཞིས་འགྲོ་ཀུན་དོན་མཛད་ཅིང་། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྟེར་བ། །དཔའ་བོ་དཔའ་མོ་རིགས་པའི་མཁར་འགྲོ་གིང་། །རྡོ་རྗེ་ཕྲ་མེན་ཤུགས་འགྲོ་བཞུགས་སོ་འཚལ། །དངོས་གྲུབ་རིན་ཆེན་སླད་དུ་སྤྱན་འདྲེན་ན། །འཁོར་དང་བཅས་ཏེ༴ བསྐལ་བ་མེད་ལྟར་འབར་བའི་ཀློང་དཀྱིལ་ན། །ཡེ་ཤེས་སྐུ་མཆོག་འཇིགས་བྱེད་རྒྱན་གྱིས་བརྒྱན། །འབར་བའི་ཆ་ལུགས་ཅིར་ཡང་བསྐྱུར་མཛད་ཅིང་། །བདུད་དང་གཤིན་རྗེ་བགེགས་དཔུང་འདུལ་མཛད་པ། །ཕྱོགས་བཅུའི་ཁྲོ་རྒྱལ་ཇི་སྙེད་བཞུགས་སོ་འཚལ། །བསྟན་པ་བསྲུང་བའི་སླད་དུ་སྤྱན་འདྲེན་ན། །འཁོར་དང་བཅས་ཏེ༴ ཐུགས་རྗེའི་དབྱིངས་ལས་སྒྱུ་མར་སྐུར་བཞེངས་ཏེ། །འབར་བའི་སྐུ་མཆོག་འཇིགས་པའི་ཚུལ་འཆར་བ། །བསྟན་པའི་རྒྱ་མཚོ་ཡུན་རིང་བསྲུང་མཛད་ཅིང་། །རྣལ་འབྱོར་དམ་ཅན་ཚོགས་རྣམས་སྐྱོང་མཛད་པ། །དཔལ་མགོན་ཆོས་སྐྱོང་སྲུང་མ་མཐུ་བོ་ཆེ། །དྲེགས་པ་ཕོ་རྒྱུད་མི་རྒྱུད་བཞུགས་སོ་འཚལ། །མགོན་སྐྱབས་དཔུང་གཉེན་སླད་དུ་སྤྱན་འདྲེན་ན། །འཁོར་དང་བཅས་ཏེ༴ ལྷ་མི་ཀུན་གྱི་འཇིག་རྟེན་ཐམས་ཅད་ན། །བསོད་ནམས་དཔལ་རྒྱས་ཡོངས་སྤྱོད་ཕུན་སུམ་ཚོགས། །དཔག་མེད་འབྱོར་བས་རྒྱལ་བ་མཆོད་པ་དང་། །སྡུག་བསྔལ་འཇོངས་པ་ཀུན་གྱི་ར་མདའ་མཛད། །དངོས་གྲུབ་རིན་ཆེན་ནོར་གྱི་ཆར་འབེབས་པ། །ཕྱོགས་བཅུའི་ནོར་ལྷ་ཇི་སྙེད་བཞུགས་སོ་འཚལ། །དམ་ཆོས་ལྷ་ཁང་སྐྱོད་ཕྱིར་སྤྱན་འདྲེན་མ། །འཁོར་དང་བཅས་ཏེ༴ སྔོན་གྱི་ཐུགས་རྗེ་སྤྱོད་པའི་སྤྱོན་ལམ་གྱིས། །ཤེས་རབ་མིག་མངའ་ཀུན་


LRD005_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་མིག་འབྱེད་པ། །བློ་གྲོས་འཆད་རྩོད་མ་རིག་མུན་པ་སེལ། །ལོང་བའི་ཚོགས་དང་འདྲ་བའི་འགྲོ་བ་ལ། །བཟོ་དང་སྒྱུ་རྩལ་བསྟན་བཅོས་སྔང་བ་སྟོན། །ཤེས་རབ་འཕྲུལ་ཀྱི་ལྷ་ཚོགས་བཞུགས་སོ་འཚལ། །ཡོན་ཏན་ཕུན་ཚོགས་བསླད་དུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴ འཕགས་པའི་སྤྱན་སྔར་ཞལ་མཐོང་སྨོན་ལམ་མཐུས། །རྒྱལ་བའི་བསྟན་པ་བཀུར་སྟི་རིམ་གྲོ་མཛད། །མཐུ་དཔལ་ཆེན་པོས་ལྷ་མིའི་འཇིག་རྟེན་སྐྱོད། །ལྷ་ཡི་དང་པོ་ཚངས་པ་བརྒྱ་བྱིན་སོགས། །ལྷ་ཡི་དགེ་བསྙེན་ཆེན་པོ་བརྒྱད་རྣམས་ཀྱང་། །དམ་ཆོས་རྒྱས་པའི་ཕྱིར་དུ་སྤྱན་འདྲེན་ན། །འཁོར་དང་བཅས་ཏེ༴ བསོད་ནམས་ཆེན་པོ་ཀུན་ནས་འབར་བའི་འོད། །བྱམས་པ་ཆེན་པོས་ས་འོག་འཇིག་རྟེན་སྐྱོང་། །སྟོང་གསུམ་ཆེན་པོ་ཡུལ་གྱི་དབུས་ཀྱི་མཚོ། །ཀླུ་ཡི་སྡེ་དཔོན་ཆེན་པོ་བརྒྱད་རྣམས་ཀྱང་། །དམ་ཆོས་ལྷ་ཁང་བསྐྱང་ཕྱིར་སྤྱན་འདྲེན་ན། །འཁོར་དང་བཅས་ཏེ༴ འཇིག་རྟེན་ཀུན་གྱི་ལེགས་ཉེས་དབང་བསྒྱུར་ཞིང་། །འཇིག་རྟེན་མངའ་མཛད་འཇིག་རྟེན་ཀུན་གྱིས་མཆོད། །གཟའ་མི་སྡེ་དཔོན་ཆེན་པོ་བརྒྱད་རྣམས་ཀྱང་། །དམ་ཆོས་རྐྱས་པའི་སླད་དུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴ བསོད་ནམས་ཆེན་པོ་གཟི་བརྗིད་འབར་བའི་སྐུ། །མཐུ་སྟོབས་ཆེན་པོ་ནམ་མཁའི་མཐའ་ལ་འཇལ། །ཕྲིན་ལས་ཆེན་པོས་འཇིག་རྟེན་ཀུན་ལ་བསྒྱུར། །ལྷ་ཡི་འཇིགས་བྱེད་ཆེན་པོ་དགུ་རྣམས་ཀྱང་། །དམ་ཆོས་རྐྱས་པའི་སླད་དུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴ སྔོན་གྱི་བསོད་ནམས་དགེར་ལས་འཁྲུངས་པས། །ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བར་མངའ་གསོལ་བ། །བརྒྱ་བྱིན་མེ་ལྷ་གཤིན་རྗེ་སྲིན་པོ་ཀླུ། །རླུང་ལྷ་གནོད་སྦྱིན་བགེགས་ཀྱི་རྒྱལ་པོ་སོགས། །ཕྱོགས་སྐྱོང་སྡེ་དཔོན་ཆེན་པོ་བཅུ་རྣམས་ཀྱང་། །དམ་ཆོས་རྒྱས་པའི་སླད་དུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴ མཐུ་དཔལ་ཆེན་པོས་འཇིག་རྟེན་དབང་བསྒྱུར་ཞིང་། །གསོད་ནམས་ཆེན་པོས་ཕྱོགས་བཞིའི་འཇིག་རྟེན་སྐྱོང་། །ལྷ་ཡི་དབང་ཕྱུག་རྒྱལ་ཆེན་བཞི་རྣམས་ཀྱང་


LRD005_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཆོས་རྒྱལ་བའི་སླད་དུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴ ཚད་མེད་ཡངས་བ་གླིང་བཞིའི་མཁར་རྒྱུ་ཞིང་། །དུས་ལ་དབང་བསྒྱུར་འཇིག་རྟེན་ལེགས་ཉེས་སྟོན། །རྒྱུ་སྐར་ཆེན་ཉི་ཤུ་བརྒྱད་རྣམས་ཀྱང་། །དམ་ཆོས་རྒྱས་པའི་སླད་དུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴ དཀོན་མཆོག་གསུམ་གྱི་ཞགས་འབྲིང་ལྷ་རྣམས་དང་། །ཚོགས་ཀྱི་བདག་པོ་འབྲོག་གནས་མཆེད་ལ་སོགས། །གནོད་སྦྱིན་ཆོས་སྦུན་སུམ་ཅུ་རྩ་གཉིས་དང་། །ས་ཆུ་མེ་རླུང་འབྱུང་བཞིའི་ལྷ་རྣམས་དང་། །དཀར་ཕྱོགས་དགེ་བའི་ལྷ་མང་ཐམས་ཅད་ཀྱང་། །དམ་ཆོས་རྒྱས་པའི་སླད་དུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴ སྦྱིན་སྲེག་བདག་པོ་དཀའ་ཐུབ་རལ་བ་ཅན། བདེན་པའི་ཚིག་གིས་ཕན་འདོགས་དམོད་དཔའ་དོར། །ལྷ་དང་མི་ཡི་དྲང་སྲོང་ཆེ་ཆུ་དང་། །སྨན་གྱི་དྲང་སྲོང་ཆེན་པོ་ཐམས་ཅད་ཀྱང་། །དམ་ཆོས་རྒྱལ་བའི་ཀླད་དུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴ བསོད་ནམས་ཆེན་པོ་སྟོང་གསུམ་ཡུལ་གྱི་པ་དག །རྒྱ་མཚོ་རི་དང་ཆུ་ཀླུག་ཀུན་གནས་ཤིང་། །གྲོང་དང་ལྗོངས་དང་གཙུག་ཡག་ཡང་རྣམས་སྐྱོང་། །དུས་སུ་ཆར་འབེབས་སྐྱེ་ཆུ་བདེ་མཛད་པ། །མ་དྲོས་ལ་སོགས་ས་བདག་ཀླུ་རྣམས་དང་། །ས་ལྷའི་བདག་དང་འཚམ་གླིང་ཡུལ་གྱི་བདག །མཐུ་དཔལ་རྫུ་འཕྲུལ་མངའ་བའི་ཚོགས་རྣམས་ཀྱང་། །དམ་ཆོས་རྒྱས་པའི་སླད་དུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴ སྔོན་གྱི་ཐུགས་རྗེས་སྐྱོད་པའི་སྨོམ་ལམ་གྱིས། །གཙུག་ལག་ཁང་རྣམས་བསྲུང་བར་དམ་བཅས་པ། །ཕོ་བྲང་འཁོར་སྐྱོང་སྲུང་མ་མཆོག་རྣམས་ཀྱང་། །དམ་ཆོས་རྒྱས་པའི་སླད་དུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴ སྔོན་ཚེ་པདྨ་ཐོད་ཕྲེང་སྤྱན་སྔར་རུ། །ཁབ་བླངས་དམ་བཅས་སྲུང་མ་ཐུགས་དམ་ཅན། །བོད་ཡུལ་གཏེར་བདག་བརྟན་མ་བཅུ་གཉིས་དང་། །ལྷ་རབས་མཆེད་དཔུ་ཡུལ་ལྷ་གཞི་བདག་རྣམས། །དམ་ཆོས་རྒྱལ་བའི་སླད་དུ་སྤྱན་འདྲེན་གྱིས། །འཁོར་དང་བཅས་


LRD005_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ༴ སེམས་ཀྱི་རང་བཞིན་གཅིག་ལས་མ་གཡོས་ཀྱང་། །བག་ཆགས་དབང་གིས་ན་ཚོགས་སྒྱུ་མར་སྣང་། །ཡོན་ཏན་བདེ་གཤེགས་སྙིང་པོའི་ཆོས་མཆོག་ཅན། །ལྷ་དང་ལྷ་མིན་མི་དང་བྱོལ་སོང་དང་། །ཡི་དྭགས་དམྱལ་བ་འགྲོ་བ་དྲུག་རྣམས་ཀྱང་། །མཆོས་སྦྱིན་བཟང་པོའི་གནས་འདིར་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴ ནད་བཏང་མདངས་འཕྲོག་སྐྱེ་རྒུའི་དབུགས་འཆང་བ། །བདུད་གཅོད་འཆི་བདག་མང་པོ་ཀུན་གྱི་རྗེ། །ཡི་དྭགས་གཤིན་རྗེ་འཇིག་རྟེན་ཚུལ་འཆང་བ། །མཐུ་སྟོབས་རྫུ་འཕྲུལ་མདའ་བའི་ཚོགས་རྣམས་ཀྱང་། །མཆོད་སྦྱིན་བཟང་པོའི་གནས་འདིར་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴ ལོང་འདྲེན་འཇིགས་པའི་ཚུལ་དུ་སྐུ་སྤྲུལ་ནས། །བགེགས་ལ་མངའ་མཛད་བགེགས་རྣམས་ཀུན་གྱི་གཙོ། །བགེགས་ཀྱི་རྒྱལ་པོ་ཇི་སྙེད་བཞུགས་སོ་འཚལ། །མཆོད་སྤྱིན་བཟང་པོའི་གནས་འདིར་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴ ཐོག་ཆེན་ཐ་མ་མེད་པའི་དུས་དག་ནས། །ལན་ཆགས་མགྲོན་རིགས་ཇི་སྙེད་བཞུགས་སོ་འཚལ། །མཆོད་སྤྱིན་བཟང་པོའི་གནས་འདིར་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴ དམན་པའི་ཚུལ་གྱིས་བཀའ་ཡི་འཁོར་གནས་ཏེ། །ལྷག་མའི་ཚོགས་སྡུད་སོ་སོའི་ལས་མཛད་པ། །ལྷག་མའི་མགྲོན་རིགས་ཇི་སྙེད་བཞུགས་སོ་འཚལ། །མཆོད་སྦྱིན་བཟང་པོའི་གནས་འདིར་སྤྱན་འདྲེན་གྱིས། །འཁོར་དང་བཅས་ཏེ༴ ཅེས་སྤྱན་དྲངས་ནས་མེ་ཏོག་གི་ཆར་དང་རོལ་མོའི་ཚོགས་བསྒྲགས་པའི་རྗེས་ལ་བྱེ་བྲག་ཏུ་སྤྱན་དྲངས་པ་ནི། འགྲེངས་ཏེ་འདུད་པ་དང་བས་འདི་སྐད་དོ། ཧོཿ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ངོ་མཚར་མཆོག་གི་གནས་མཆོག་དམ་པ་ན། །འཁོད་བ་དང་མྱ་ངན་ལས་འདས་པ་ཀུན་གྱི་སྤྱི་ཕུད་ངམ་པར་གྱུར་པ་དབལ་ཀུན་ཏུ་བཟང་པོ་ལ་རྩ་བ་དང་བརྒྱུད་དང་བཅས་པའི་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་འགྲོ་དམ་ཅན་རྒྱ་


LRD005_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་ཚོགས་ཀྱིས་བསྐོང་བ་རྣམས་དང་། །ཁྱད་པར་དུ་ཡང་ནཱ་པདྨ་དབང་ཆེན་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་སྐྱོང་བར་ཞལ་གྱིས་བཞེས་པའི་སྲུང་མ་ཆེན་པོ་དཔལ་ལྡན་སྔགས་ཀྱིས་བདག་མོ་ཨེ་ཀ་ཛ་ཊཱི་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ། །ལྷའི་དམག་དཔོན་ཆེན་པོ་ལེགས་ལྡན་ནག་པོ་ལྕམ་སྲིང་འཁོར་དང་བཅས་པ། གཟའི་ཡི་དགེ་བསྙེན་ཆེན་པོ་རཱ་ཧུ་ལ་འཁོར་དང་བཅས་པ། ནག་གྲུ་སྲོག་སྒྲུབ་ནག་མོ་འཁོར་དང་བཅས་པ། གནོད་སྒྱིན་དམར་ནག་ཆེན་པོ་འཁོར་དང་བཅས་པ། གནོད་སྦྱིན་མདུང་དམར་ཅན་འཁོར་དང་བཅས་པ། །དམ་ཅན་ཆེན་པོ་རྡོ་རྗེ་ལེགས་པ་འཁོག་དང་བཅས་པ། དཔལ་ལྡན་ཨ་ཕྱི་དབྱིངས་ཕྱུག་ཆོས་ཀྱི་སྒྲོན་མ་འཁོར་དང་བཅས་པ། །གཏེར་བདག་དམ་ཅན་རྒྱ་མཚོའི་ཚོགས་སོ་སོའི་སྐུ་འཁོར་དང་བཅས་པ། བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས། །དགེ་བསྙེན་ཉི་ཤུ་རྩ་གཅིག །ལྷ་རབས་མཆེད་དགུ། །ཡུལ་ལྷ་གཞི་བདག་གི་ཚོགས་སོ་སོའི་སྐུ་འཁོར་དང་བཅས་པ་ཐམས་ཅད་འོག་མིན་ལྷའི་ཞལ་ཡས་ཁང་ན་བཞུགས་སམ། །གཟུགས་ཁམས་འོད་གསལ་བསམ་གཏན་གྱི་གནས་ན་བཞུགས་སམ། །འདོད་ཁམས་ཡིད་འགྱུར་དངག་བསམ་གྱི་ཚལ་ན་བཞུགས་སམ། དབུས་ཀྱི་རི་བོ་མཆོག་རབ་གྱི་སྟེང་ན་བཞུགས་སམ། །ཉི་ཟླ་རིན་ཆེན་གཟའ་སྐར་གྱི་སྟེང་ན་བཞགུས་སམ། །རི་བདུན་རོལ་མཚོ་ཁོར་ཡུག་གི་གནས་ན་བཞུགས་སམ། །ཤར་གྱི་ལུས་འཕགས་པོ་ན་བཞུགས་སམ། བྱང་གི་སྒྲ་མི་སྙན་ན་བཞུགས་སམ། །ནུབ་ཀྱི་བ་གླང་སྤྱོད་ན་བཞུགས་སམ། ལྷོའི་འཇམ་བུ་གླིང་ན་བཞུགས་སམ། །དུར་ཁྲོད་ཆེན་པོ་བརྒྱད་ན་བཞུགས་སམ། །ཡུལ་ཉི་ཤུ་རྩ་བཞི་ན་བཞུགས་སམ། གནས་སུམ་ཅུ་སོ་གཉིས་ན་བཞུགས་སམ། །གཡའ་རི་གངས་རི་སྨན་རི་ན་བཞུགས་སམ། །ནགས་ཚལ་མཚོ་གླིང་ན་བཞུགས་སམ། །གྲོང་དང་གྲོང་ཁྱེར་གྲོང་བརྡལ་ན་བཞུགས་སམ། །ལམ་སྲང་བཞི་མདོ་ཚོང་དུས་ན་བཞུགས་སམ། །གཙུག་ལག་ཁང་དང་དབེན་


LRD005_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ན་བཞུགས་སམ། སོ་སོའི་གནས་མཆོག་དམ་པ་གང་ན་བཞུགས་ཀྱང་རུང་སྟེ། དད་པས་སྤྱན་འདྲེན་གྱིས་སྙན་གསང་ནས་བརྩེ་བ་ཆེན་པོས་དགོངས་ཏེ་བདག་གི་གནས་མཆོག་དམ་པ་འདིར་ལྷ་མི་ལོངས་སྤྱོད་ཀྱི་ལྟད་མོ་ལ་འདུབ་ལྟར་ས་གཞི་ཐམས་ཅད་ཁྲོམ་གྱིས་ཆོད་པ་དགྱེས་པའི་གླུ་གར་དང་བཅས་ཏེ་གཤེགས་སུ་གསོལ། ལྷོ་སྤྲིན་རིན་ཆེན་འཇའ་འོད་འཁྲིགས་པས་ནམ་མཁའ་ཐམས་ཅད་དར་གྱིས་ཆོད་པ་ལྟར་འཛེས་པའི་སིལ་སྙན་དང་བཅས་ཏེ་གཤེགས་སུ་གསོལ། ཉི་ཟླ་གཟའ་སྐར་འོད་དུ་འཚོར་བ་ལྟར་པར་སྣང་ཐམས་ཅད་མགྲོན་གྱིས་ཆོད་པ་ཕོ་ཉ་ཡང་སྤྲུལ་ལས་མཁན་དང་བཅས་ཏེ་གཤེགས་སུ་གསོལ། ཨོཾ་བཛྲ་ས་མ་ཡ་ཛཿ བཛྲ་ས་མ་ཡ་ཧཱུྃ། བཛྲ་ས་མ་ཡ་བཾ། བཛྲ་ས་མ་ཡ་ཧོཿ ཞེས་པས་སེ་གོལ་དཔང་པར་བརྡབས་ལ་འགྲེངས་ཏེ་ཐལ་མོ་སྦྱར་ལ་འདི་སྐད་དོ། །ཧོཿ དཀྱིལ་འཁོར་དབང་ཕྱུག་གདོད་མའི་མགོན་པ་ནས། །བླ་མ་ཡི་དམག་མཁའ་འགྲོའི་ཚོགས་རྣམས་དང་། །སྲུང་མ་དམ་ཅན་རྒྱ་མཚོ་འཁོར་དང་བཅས། །བགེགས་དང་ལན་ཆགས་རིགས་དྲུག་སྙིང་གེའི་འགྲོན། །ལྷག་མ་གྱུར་པའི་མགྲོན་རིགས་ཡན་ཆད་ཀུན། །བསོད་ནམས་རིན་ཆེན་གླིང་འདིར་སྤྱན་འདྲེན་གྱིས། །བྱང་ཆུབ་སེམས་བསྐྱེད་སེམས་དང་བཅས་ཏེ་བྱོན། །འཕགས་རྒུ་བསྙེན་བཀུར་སེམས་དང་བཅས་ཏེ་བྱོན། །སྐྱེ་རྒུ་ཕན་མཛད་སེམས་བཅས་ཏེ་བྱོན། །གཙུག་ལས་སྐྱོང་པའི་སེམས་དང་བཅས་ཏེ་བྱོན། །མདོར་ན་དམོན་མཆོག་གསུམ་གྱི་བཀའ་དྲིན་གྱིས། །འཁོར་འདས་ཐམས་ཅད་མགྲོན་དུ་སྤྱན་འདྲེན་གྱིས། །ཚོང་བ་རིན་ཆེན་གླིང་དུ་ཕྱིན་པ་ལྟར། །བསོད་ནམས་རིན་ཆེན་གླིང་འདིར་མྱུར་དུ་བྱོན། །ལྷ་རྣམས་འདྲེས་མའི་ཚལ་དུ་འདུ་བ་ལྟར། །ལོངས་སྐྱོད་འདྲེས་པའི་ཚལ་འདིར་མྱུར་དུ་བྱོན། །རིགས་འཛིན་པག་བསམ་ཀུན་རར་རྒྱུ་བ་ལྟར། །མཆོད་སྦྱིན་དཔལ་བསམ་ཀུན་རར་མྱུར་དུ་བྱོན། །ཞེས་རོལ་མོའི་སྒྲ་དང་བཅས་པས་མགྲོན་ཐམས་ཅད་ཕྱོགས་ཐམས་ཅད་ནས་གཞི་དང་བར་སྣང་ཁྱབ་པ་བྱོན་པར་བསམས་ནས།


LRD005_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་སུ་གསོལ་བ་ནི། པུས་མོ་གཙུག་ཐལ་མོ་སྦྱར་ཏེ། ཧོཿ ཐམས་ཅད་ཀུན་ནས་བྱོན་ཅིང་གཤེགས་བ་རྣམས། །དངོས་བཤམས་ཏིང་འཛིན་དག་པའི་གནས་མཆོག་འདིར། །སོ་སོའི་མགྲོན་རིགས་གྱེས་པའི་གདན་ཁྲིལ། །མི་འགྱུར་བདེ་ཆེན་ངང་དུ་བཞུགས་ནས་ཀྱང་། །བདག་གི་མཆོད་སྦྱིན་དམ་པ་བཞིས་སུ་གསོལ། །ཨོཾ་བཛྲ་ས་མ་ཡ་ཛཿཧཱུྃ་བཾ་ཧོཿ བཛྲ་ས་མ་ཡ་ཏིཥྛ་ལྷན། ཅེས་སེ་གོལ་དང་བཅས་པས་མགྲོན་ཐབས་ཅད་སྔར་བསྐྱེད་པའི་གཞལ་མེད་ཁང་དུ་གཙོ་འཁོར་སོ་སོའི་གནད་ལ་ཆེ་ཆུང་སྟེང་འོག་ཕྱི་ནང་གི་ཚུལ་གྱིས་ཁྱབ་པར་བསམས་ལ། །སྔོན་དུ་མཆོད་བསྟོད་མཉེས་པར་བྱ་བ་ནི། །ཨོཾ་བསོད་ནམས་རི་ཆེན་གླིང་འདིར་བཤེགས་པ་ཡི། །འཁོར་འདས་མགྲོན་རྣམས་སོ་སོའི་སྤྱན་ལམ་དུ། །སྤོས་དང་མེ་ཏོག་མར་མེ་ལ་སོགས་པ། །ཕྱི་ནང་གསང་བ་མཆོག་གི་མཆོད་པ་དང་། །གདུགས་དང་རྒྱལ་མཚན་རོལ་མོའི་སྤྲིན་ཕུང་གིས། །ནམ་མཁའི་མཐའ་ཀླས་བྱུང་བ་བཀང་སྟེ་འབུལ། །བསོད་ནམས་ཡེ་ཤེས་ཚོགས་ཆེན་རབ་རྫོགས་ཏེ། །འགལ་འཁྲུལ་ཉམས་ཆག་མ་ལུས་དག་གྱུར་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻཝིདྱ་ཤབྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། དཔག་མེད་ཡོན་ཏན་རྒྱ་མཚོའི་དབང་ཕྱུག་གཙོ། །བླ་མ་ཡི་དམ་མཀའ་འགྲོའི་ཚོགས་རྣམས་དང་། །སྣང་སྲིད་སྣོད་བཅུད་མགྲོན་རྣམས་ཐམས་ཅད་ལ། །བྱང་ཆུབ་སེམས་ཀྱི་ངང་དུ་ཕྱག་འཚལ་བསྟོད། །ཆོས་རྣམས་རྣམ་དག་གདོད་ནས་དག་པའི་ཀློང་། །ཀུན་བཟང་རྫོགས་ཆེན་ཡེ་ནས་བརྔལ་བའི་ངང་། །སྣང་སྲིད་འཁོར་འདས་ཆོས་རྣམས་རྣམ་དག་པས། །གཞི་རྫོགས་སེམས་ཉིད་ངང་དུ་ཕྱག་འཚལ་བསྟོད། །ཅེས་སོ་སོའི་ཕྱག་རྒྱ་དང་དངོས་སམ་ཡིད་ཀྱིས་ཕྱག་བྱའོ། །དེ་དག་ནི་མགྲོན་སྤྱན་དྲངས་ཞིང་སྤྱིན་མཆོད་པའོ། །དེ་ནས་བྱེ་བྲག་ཏུ་ཕུད་ཀྱི་མཆོད་པ་དངོས་ནི། །བསང་བཤོས་ཀྱི་རྩེ་མོ་ལྔའི་


LRD005_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་དང་གཡས་གཡོན་ནས་བཅད་ཁམ་བཅད་པ་ཕུང་ཕོར་དུ་རིམ་པས་མཆོད་འབྲུ་ཕུད་དང་བསྡེབས་བ་བླུགས་ཏེ་གཅིག་ལངས་ནས་བཟུང་ལ། མཚམས་ན་ཚམས་སུ་རོལ་མོའི་སྒྲ་དང་བཅས་པས་གནས་ཕུད་འཐོར་ཞིང་གདངས་སྙན་པོས་འདི་སྐད་དོ། ཧོཿ ཆོས་སྐུ་མཉམ་པ་ཆེན་པོའི་རང་བཞིན་ལས་ལྷུན་གྱིས་གྲུབ་པའི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ། །ཐོག་མའི་མགོན་པ་དཔལ་ཀུན་ཏུ་བཟང་པོ་ལ་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་ཀུན་གྱི་སྤྱི་ཕུང་དམ་པར་གྱུར་པ་དང་། བླ་ན་མ་མཆིས་པའི་འཕགས་པ་དཀོན་མཆོག་གསུམ་པོ་འཁོར་དང་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་ཀླས་བར་བཀང་སྟེ་འབུལ་ལོ། གསོལ་ལོ། མཆོད་དོ། བདག་ཆག་ཡོན་མཆོད་ལ་སོགས་པའི་སེམས་ཅན་ཐམས་ཅད་ཚོགས་གཉིས་རྫོགས་པའི་མངའ་ཐང་ཆེན་པོས་དབང་དང་འབྱོར་བ་དང་འདོད་རྒུའི་རེ་བ་ཐམས་ཅད་ཡིད་བཞིན་དུ་འགྲུབ་ནས། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པས་རང་དང་གཞན་གྱི་དོན་གཉིས་ལྷུན་གྱིས་འགྲུབ་ཅིང་། །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ཧོཿ སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། །དམ་ཆོས་ཐམས་ཅད་ཀྱི་འབྱུང་གནས། །དགེ་འདུན་ཐམས་ཅད་ཀྱི་རང་བཞིན། །དངོས་གྲུབ་ཐམས་ཅད་ཀྱི་རྩ་བ། །ཡོན་ཏན་ཐམས་ཅད་ཀྱི་གཏེར་མཛོད། །དཔལ་ལྡན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམག་པ། །རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁང་བརྒྱུད་པ། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཞི་ཁྲོ་རམ་འབྱམས། སྤྲུལ་སྐུ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ། །གསང་བདག་ཕྱན་ན་རྡོ་རྗེ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། གུ་རུ་འཇམ་དཔལ་བཤེས་གཉེན། མཁས་པ་ཤྲཱི་སིངྷ། རྒྱལ་བ་ཛྙཱ་ན་སུ་ཏྲ། པན་ཆེན་བི་མ་ལ་མི་ཏྲ། ཨོ་རྒྱན་པདྨ་ཡབ་ཡུམ། ཉང་ཏིང་འཛིན་བཟང་པོ། ཆོས་རྒྱལ་ཁྲི་སྟོང་ལྡེའུ་བཙན། གནས་བརྟན་ལྡང་མ་


LRD005_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་རྒྱལ། ལྕེ་གཙུན་སེང་གེ་དབང་ཕྱུག སྤྲུལ་སྐུ་རྒྱལ་བ་ཞང་སྟོན། གུ་རུ་མཁས་པ་ཉི་འབུམ། ཆོས་བདག་གུ་ཏུ་ཇོ་འབེར། འཁྲུལ་ཞིག་སེང་གི་རྒྱབ་པ། གྲུབ་ཆེན་ཟླ་བ་མུན་སེལ། རིག་འཛིན་ཀུ་མ་རཱ་ཛ། ཆོས་རྗེ་ཀློང་ཆེན་རབ་འབྱམས་དང་བཅས་པ་ལ། གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འདི་ཉིད། །དེང་ནས་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་གསོལ་ལོ། འབུལ་ལོ། མཆོད་དོ། བདག་ཅག་ཡོན་མཆོག་འཁོར་དང་བཅས་པའི་འཕྲལ་གྱི་རྐྱེན་སོལ་ཞིག ཡུན་གྱི་སྒྲིབ་པ་སྦྱོངས་ཤིག དབང་དང་བྱིན་རླབས་སྩོལ་ཅིག ལྟ་དགོངས་དང་ཏིང་འཛིན་སྤེལ་ཞིག དངོས་གྲུབ་འཆར་བཞིན་ཕོབ་ཅིག བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག གཞན་ཡང་མདོ་རྒྱུད་བཀའི་བརྒྱུད་པ། །དགོངས་འགྲེལ་བསྟན་བཅོས་ཀྱི་བརྒྱུད་པ། །ཡིད་ཆེས་ལུང་གི་བརྒྱུད་པ། རྣམ་དཔྱོད་རིག་པའི་བརྒྱུད་པ། སྙིང་པོ་མན་ངག་གི་བརྒྱུད་པ། རྒྱུ་འབྲས་ཐེག་པའི་བརྒྱུད་པ། ཐེག་པ་རིམ་དགུའི་བརྒྱུད་པ། ཡ་ཀི་རྫོགས་པའི་སངས་རྒྱས་ནས་རང་རང་གི་རྩ་བའི་བླ་མ་ལ་ཐུག་གི་བར་དུ་གདུལ་བྱས་སོའི་མོས་པ་དང་མཐུན་པར་རིམ་གྱིས་བརྒྱུད་པའི་དཔལ་མགོན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་ཐམས་ཅད་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འདི་ཉིད་དེང་ནས་འགྲོ་བ་ཉེ་བར་ཞི་བའི་གོ་འཕང་ལ་གནས་ཀྱི་བར་དུ་གསོལ་ལོ། འབུལ་ལོ། མཆོད་དོ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པ་དང་། ས་དང་ལམ་གྱི་ཐེམ་སྐས་བགྲོད་པ་དང་། གཟུངས་དང་ཏིང་ངེ་འཛིན་ཀྱི་ཡོན་ཏན་འབྱོར་བ་དང་། བསམ་རྒུའི་རེ་བ་ཡིད་བཞིན་དུ་བསྐང་བ་དང་། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། །ཧོཿ འོམ་མིན་མཉམ་པ་ཆེན་པོའི་ཞིང་ཁམས་ན་མངའ་དབང་རྫོགས་པའི་སྟོན་པ་དཔལ་ཀུན་ཏུ་བཟང་པོ་ལ་འཁོར་ཡེ་ཤེས་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་


LRD005_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་སེམས་ཉིད་མངོན་པར་འདུས་མ་བྱས་པའི་དཀྱིལ་འཁོར་དུ་ཆོས་ཐམས་ཅད་རང་བཞིན་རྫོགས་པ་ཆེན་པོས་འོད་འབར་ཏེ། །གདོད་མའི་གནས་སུ་མངོན་པར་བྱང་ཆུབ་ནས་རང་དང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་ཅིང་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་རྒྱལ་ཙམ་དམ་པ་སྟོན་པ་རིགས་ལྔའི་སངས་རྒྱས་ཞི་ཁྲོ་རབ་འབྱམས་ལ། འཁོར་རང་སྣང་ལོངས་སྤྱོད་རྫོགས་པའི་སྐུས་བསྐོང་བ་དང་བཅས་པའི་མངའ་རེས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་གནས་ལུགས་རང་བཞིན་ཆོས་ཀྱི་སྐུ་ལས་མ་གཡོས་བར་སྣང་ལུགས་རང་སྣང་ལོངས་སྤྱོད་རྫོགས་ཏེ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པས་རང་གཞན་གྱི་དོན་གཉིས་འགྲུབ་པ་དང་། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། །ཧོཿ འོག་མིན་བདེ་བ་ཆེན་པོའི་ཞིང་ཁམས་སུ་ཕྲིན་ལས་རྫོགས་པའི་ལོན་རྒྱན་རྡོ་རྗེ་འཆང་ཆེན་པོ་ལ། འཁོར་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་དབང་དང་བྱིན་རླབས་ཀྱི་བུ་བོས་སྨིན་ཏེ་བསྐྱེད་རྫོགས་ཟུང་འཇུག་མངོན་དུ་གྱུར་ནས། །ཕྲིན་ལས་རྣམ་པ་བཞིས་འབྲོ་བ་འདྲེན་ཞིང་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་ནས། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དོ་གསོལ། ཧོཿ ཆོས་སྐུ་ནམ་མཁའ་ལྟ་ཨུབའི་ངོ་བོ་རོ་གཅིག་ཀྱང་གཟུགས་སྐུ་སྒྱུ་མའི་རོལ་པར་འཇའ་ཚོན་ལྟར་སོ་སོར་གསལ་བ་གསང་སྔགས་ཀྱི་ནང་གི་དཀྱིལ་འཁོར་དཔག་ཏུ་མེད་པ་རྣམས་དང་། ཁྱད་པར་དུ་ཡང་བདེ་གཤེགས་ཞི་བའི་ལྷ་ཚོགས་ལ། ཆེ་མཆོག་ཡོན་ཏན་གྱི་ལྷ་ཚོགས་


LRD005_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་ཐུགས་ཀྱི་ལྷ་ཚོགས། འཇམ་དཔལ་སྐུའི་ལྷ་ཚོགས། པདྨ་གསུང་གི་ལྷ་ཚོགས། ཕུར་བ་ཕྲིན་ལས་ཀྱི་ལྷ་ཚོགས། མ་མོ་ཐོད་གཏོང་གི་ལྷ་ཚོགས། རིགས་འཛིན་སློད་དཔོན་གྱི་ལྷ་ཚོགས། འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས། དམོད་པ་དྲག་སྔགས་ཀྱི་ལྷ་ཚོགས་འཁོར་དང་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་སྣོད་བཅུད་རྒྱལ་བའི་ཞིང་དུ་གསལ་བས་བསྐྱེད་རྫོགས་དོན་གྱི་དངོས་གྲུབ་བརྙེས་ཏེ་རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་ནས། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །ཡུམ་ཆེམ་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་བསྐོར་བའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱིས་མཆོད་པ་དམ་པ་འདི་འབུལ་ལོ། གསོལ་ལོ། མཆོད་དོ། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པ་མཛད་དུ་གསོལ། ཧོཿ འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ན། །ད་བལ་རྣམ་པར་སྣང་མཛད་ལ་འཁོངས་བཅུའི་སེམས་དཔས་བསྐོར་བ་རྣམས་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འདི་འབུལ་ལོ། གསོལ་ལོ། མཆོད་དོ། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ བྱ་རྒོད་ཕུང་པོའི་རི་བོ་ལ་བཅོམ་ལྡན་འདས་ཤཀྱ་ཐུབ་པ་དགེ་སློང་དང་དགེ་སློང་མ་ལ་སོགས་པ་ཐུན་མོང་གི་འཁོར་བཞི་དང་། བཟའ་སྦྱོང་དང་དྲྭ་བས་བྱིན་ལ་སོགས་པ་ཁྱད་པར་གྱི་འཁོར་བཅུ་དྲུག་དང་། ལྷ་དང་ཀླུ་ལ་སོགས་པ་སྣ་ཚོགས་ཀྱི་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བའི་མངའ་རིས་དང་བསྐྱན་ལམ་དུ་གཙང་མ་ཀུད་ཀྱི་མཆོད་པ་དམ་པ་འདི་འབུལ་ལོ། གསོལ་ལོ། མཆོད་དོ། བདག་ཅག་གཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཐེག་པ་གསུམ་གྱིས་ངེས་པར་


LRD005_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བས་རྟག་ཏུ་དགེ་བའི་ཆོས་ལ་སྤྱོད་ཅིང་འཁོར་བ་སྡུག་བསྔལ་གྱི་ཆུ་བོ་བསྒྲལ་ནས་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་སྟེ། བསམ་རྒུའི་རེ་བ་ཡིད་བཞིན་འགྲུབ་ནས། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་ཅིང་དྲི་མ་དང་བྲལ་བའི་ཕོ་བྲང་ཆེན་པོ་ན། འཕགས་པ་གསུམ་གྱི་ངེས་པར་འབྱུང་བའི་ཡུལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཀའ་འཁོར་ལོ་གསུམ་དང་། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གིས་བསྐོར་བ་ཐམས་ཅད་དང་། ཐེག་པ་བླ་ན་མེད་པའི་རྒྱུད་ཆོས་ཀྱི་འཁོར་ལོ་གསང་སྔགས་ཕྱི་ནང་བྱ་བའི་རྒྱུད། །སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད། ཕ་བླ་ན་མེད་པ། མ་བླ་ན་མེད་པ། གཉིས་སུ་མེད་པ་བླ་ན་མེད་པ། གསང་བ་འདུས་པ། བདེ་མཆོག་འཁོར་ལོ། ཀྱེ་རྡོ་རྗེ། དུས་ཀྱི་འཁོར་ལོ། སྒྱུ་འཕྲུལ་དྲྭ་བ། རྡོ་རྗེ་ཕུར་པ། རྟ་མཆོག་རོལ་པ། རྡོ་རྗེ་གདན་བཞི། བདུད་རྩི་འབྱུང་བ། མཁའ་འགྲོ་སྒྱུ་མ། སངས་རྒྱས་མཉམ་སྦྱོར་ལ་སོགས་པ་དཔག་ཏུ་མེད་པ། ཡོངས་སུ་རྫོགས་པ་ཆེན་པོའི་རྒྱུད། འཁོར་བ་དོང་སྤྲུགས། ཀུན་བྱེད་རྒྱལ་པོ། ཁུ་བྱུག་རོལ་པ། མི་ནུབ་རྒྱལ་མཚན་ལ་སོགས་པ་སེམས་ཀློང་མན་ངག་གི་སྡེ་ཆོས་ཀྱི་ཕུང་པོ་ནམ་མཁའི་མཐའ་ཀླས་པ་ཐམས་ཅད་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། ཧོཿ ཤར་རི་བོ་ཏ་ལའི་རྩེ་མོ་ན། ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས་དབང་ཕྱུག་འཁོར་དང་བཅས་པ། རྒྱ་ནག་རི་བོ་རྩེ་ལྔ་ན་མཁྱེན་རབ་ཀྱི་བདག་པོ་འཕགས་པ་འཇམ་དཔལ་འཁོར་དང་བཅས་པ། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་འཁོར་དང་


LRD005_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། གཞན་ཡང་ཕྱོགས་བཅུ་དུས་གསུམ་གྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། བདག་ཅག་ཡོན་མཆོད་འཁོར་དང་ཅས་པ་ཐམས་ཅད་ཐར་བའི་ལམ་ལ་གནས་ཤིང་དང་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མངོན་དུ་གྱུར་ནས་བྱང་ཆུབ་ཀྱི་སྤྱོད་བརླབས་པོ་ཆེ་རྫོགས་པར་བྱེད་ཅིང་འདོད་པའི་དོན་ཐམས་ཅད་ལྷུན་གྱིས་གྲུབ་སྟེ། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ འཛམ་གླིང་གི་ལྷའི་གནས་ལ་སོགས་པ་ན། འཕགས་པའི་གནས་བརྟན་ཡན་ལག་འབྱུང་དང་གསེར་བེའུ་ལ་སོགས་པ་ཉན་ཐོས་ཀྱི་དགེ་འདུན་འཁོར་དང་བཅས་པ་དང་། གདུང་བསེལ་བ་དང་འཇིགས་པ་སྐྱོབ་པ་ལ་སོགས་རང་སངས་རྒྱས་ཀྱི་དགེ་འདུན་འཁོར་དང་བཅས་པ་ཐམས་ཅད་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམཔ་འབུལ་ལོ། །གསོལ་ལོ། མཆོད་དོ། །བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་གྱི་ཕུང་པོ་ཡོངས་སུ་རྫོགས་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཆོད་ལ་རེག་ཅིང་། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ གསང་སྔགས་མཆོག་གི་དངོས་གྲུབ་བརྙེས་ནས་ཕྲིན་ལས་རྣམ་བཞིས་འགྲོ་བ་འདྲེན་པ་གྲུབ་མཆོག་རྣམས་དང་རིགས་ལྔའི་མཁའ་འགྲོ། ཆོས་དབྱིངས་མཁའ་འགྲོ། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་གྱི་མཁའ་འགྲོ། ལས་ཀྱི་མཁའ་འགྲོ། ཕྲ་མེད་ཤུགས་འགྲོ། རྡོ་རྗེ་གིང་ཆེན་འཁོར་དང་བཅས་པ་རྣམས་ཀྱི་མངའ་རིས་དང་སྤྱན་ལས་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་ཀྱི་ཕྲིན་ལས་རྣམ་བཞིའི་རེ་བ་འགྲུབ་ཅིང་། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ ཐུགས་ཞིབ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་


LRD005_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་འབར་བའི་ཆོ་འཕྲུལ་ཅིང་ཡང་བསྒྱུར་བས་བདུད་དང་གཤིན་རྗེའི་འཇིག་རྟེན་འཇོམས་པར་མཛད་པ། ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ། མི་གཡོ་པ། གཤིན་རྗེའི་གཤེད། བགེགས་མཐར་བྱེད་ལ་སོགས་པ་རྣམས་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་རྐྱེན་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང་། འདི་དང་ཕྱི་མའི་ལེགས་པ་ཐམས་ཅད་འབྱུང་བ་དང་། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ འབར་བ་ཆེན་པོའི་དབྱིངས་ལས་སྤྲུལ་བ་ལས་དང་ཡེ་ཤེས་ཀྱི་ཆོགས་ཀྱི་དབང་ཕྱུག་ཆེན་པོ། །སངས་རྒྱས་ཀྱི་བསྟན་པ་བསྲུང་ཞིང་དམ་ལྡན་ཞིང་དམ་བསྲུང་ཞིང་དམ་ལྡན་གྱི་རྣལ་འབྱོར་བསྐྱོང་བར་ཞལ་གྱིས་བཞེས་པ། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ། ལྷ་མོ་འདོད་ཁམས་དབང་ཕྱུག་དཔལ་འབར་མ། གཞན་ཡང་སྲུང་མ་དམ་ཅན་རྒྱ་མཚོ་དྲེགས་པ་ཕོ་རྒྱུད་དང་བཅས་པ་རྣམས་ཀྱི་མངའ་རིས་དང་སྤྱན་ལས་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་དབུལ་ལོ། གསོལ་ལོ། མཆོད་དོ། སངས་རྒྱས་ཀྱི་བསྟན་པ་བསྲུང་ཞིང་དགེ་འདུན་གྱི་གཙུག་ལག་ཁང་སྐྱོང་བ་དང་། བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་མགོན་སྐྱབས་དཔུང་གཉེན་མཛད་ཅིང་བསམ་རྒུའི་རེ་བ་འགྲུབ་ནས། །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ དཔལ་ལྡན་ནོར་གྱི་དབང་ཕྱུག་ཆེན་མོ་ཚོགས་ཀྱི་བདག་པོ་འབྲོག་གནས་མཆེད་དང་། རྣམ་ཐོས་བུ་དང་། གང་བ་བཟང་པོ་དང་། ནོར་བུ་བཟང་པོ་དང་། ཆུ་དབང་གནོད་མཛེས། འཕྲོག་མའི་བུ་དང་། ནོར་རྒྱུན་མ་སོགས་འཕགས་པ་ནོར་གྱི་དབང་ཕྱུག་ཐམས་ཅད་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པར་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། གཙུག་ལགས་ཁང་གི་འབྱོར་བ་སྤེལ་ཞིང་བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་མངའ་ཐང་དཔལ་འབྱོར་ཕྱོགས་ཕུར་


LRD005_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ནས། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། །ཧོཿ མཁྱེན་རབ་མཆོག་གི་དབྱང་ཕྱུག་དམ་པ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། རྒྱ་མཚོའི་ལྷ་མོ་འཕགས་མ་དབྱངས་ཅན་འཇིག་རྟེན་གསུམ་གྱི་ཤེས་རབ་གསལ་བྱེད་ལ་སོགས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། གཙུག་ལག་ཁང་དུ་རིག་པ་སྤེལ་ཞིང་བདག་ཅག་ཡོན་མཆོག་འཁོར་དང་བཅས་པ་བཟོ་དང་སྒྱུ་རྩ་བར་དང་བསྟན་བཅོས་ལ་སོགས་པའི་ཤེས་བྱ་ཐོགས་པ་མེད་པ་བློ་གྲོས་ཀྱི་སྣང་ཐོབ་ནས། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། །ཧོཿ མཐུ་དཔལ་ཆེན་པོས་བསྟན་པ་སྐྱོང་བ་ལྷའི་དགེ་བསྙེན་ཆེན་པོ་ཚངས་པ་དང་བརྒྱ་བྱིན་ལ་སོགས་ཏེ་ལྷ་ཆེན་པོ་བརྒྱད་དང་། དཔའ་བོ་དང་འཇོག་པོ་ལ་སོགས་པ་ཀླུ་ཆེན་པོ་བརྒྱད་དང་། ཉི་མ་དང་ཟླ་བ་ལ་སོགས་ཏེ་གཟའ་ཆེན་པོ་བརྒྱད་དང་། སྨིན་དྲུག་དང་སྣང་མ་ལ་སོགས་ཏེ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་། བརྒྱ་བྱིན་དང་མེ་ལྷ་ལ་སོགས་པ་ཕྱོགས་སྐྱོང་བ་བཅུ་དང་། ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ་ལ་སོགས་པ་རྒྱལ་པོ་ཆེན་པོ་བཞི་དང་། ནག་པོ་ཆེན་པོ་ལ་སོགས་པ་འཇིགས་བྱེད་ཆེན་པོ་དགུ་སྟེ། དཔལ་མགོན་བདུན་ཅུ་རྩ་ལྔ་འཁོར་དང་བཅས་པ་རྣམས་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཅོད་པ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། གཙུག་ལག་ཁང་གི་ལེགས་རྒུ་སྒྲུབ་ཅིང་འབྱོར་བ་སྤེལ་བ་དང་། བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་བསམ་རྒུ་སྒྲུབ་ཅིང་རེ་བ་བསྐངས་ནས། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ སྔོན་གྱི་བསོད་ནམས་དཔག་ཏུ་མེད་པས་རྒྱལ་བའི་ཞལ་མཐོང་བདུད་རྩི་ཐོས་ཤིང་། སངས་རྒྱས་བསྟན་པའི་རིམ་གྲོ་མཛད་པ། དཀོན་མཆོག་གསུམ་གྱི་ཞབས་འབྲིང་ཆེན་པོ། ལྷའི་དགེ་བསྙེན་ཧ་ནུ་མནྡྷ། གནོད་


LRD005_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་ཚོགས་སྤུན་སུམ་ཅུ་རྩ་གཉིས། ཚོགས་ཀྱི་བདག་པོ། འབྲོག་གནས་མཆེད་དང་། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ། ནམ་མཁའ་ལྡིང་གི་དབང་པོ་གསེར་གྱི་མིག་ཅན། སྲིན་པའི་རྒྱལ་པོ་ལངྐ་མགྲིན་བཅུ་ལ་སོགས་པ་ཆོས་སྲིད་དགེ་བའི་ལྷ་དང་། ཀླུ་དང་དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ནམ་མཁའ་ལྡིང་གི་དབང་པོ་འཁོར་དང་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་། གཙུག་ལག་ཆེན་པོ་སྐྱོང་ཞིང་བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ སྔོན་གྱི་བསོད་ནམས་ཚོགས་ལས་འཁྲུངས་པ་འབྱུང་པོ་སོ་སོའི་ལྷ་ཚོགས་དམ་པ། རྒྱལ་ཆེན་བཞི་དང་སྐལ་བ་མཉམ་པ། །སའི་ལྷ་དང་། ཆུའི་ལྷ་དང་། མེའི་ལྷ་དང་། རླུང་གི་ལྷ་དང་། བར་སྣང་གི་ལྷ་དང་། ཤིང་གི་ལྷ་དང་། ནགས་ཚལ་གྱི་ལྷ་དང་། སྐྱེད་མོས་ཚལ་གྱི་ལྷ་དང་། གྲོང་གི་ལྷ་དང་། གྲོང་ཁྱེར་གྱི་ལྷ་དང་། རིའི་ལྷ་དང་། ལྗོངས་ཀྱི་ལྷ་དང་། དུས་ཀྱི་ལྷ་དང་། ལྷན་ཅིག་སྐྱེས་པའི་ལྷ་ལ་སོགས་པ་འཁོར་དང་བཅས་པ་རྣམས་ཀྱི་མངའ་རིས་དང་སྤྱན་ལམ་དུ་བཅད་མ་ཕུད་ཀྱི་མཆོད་པ་དམ་པའི་འབུལ་ལོ། གསོལ་ལོ། མཆད་དོ། གཙུག་ལག་ཁང་དང་ཉེར་འཁོར་ཡོངས་སུ་སྐྱོང་ཞིང་། །འབྱུང་བ་སོ་སོའི་གནོད་པ་རྣམས་བསྲུང་བ་དང་། །ལོ་ཕྱུགས་ལེགས་ཤིང་ཆར་ཆུ་དུས་སུ་འབབས་པ་དང་། བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་མངའ་ཐང་དང་འབྱོར་བ་སྤེལ་ཞིང་། རྐྱེན་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་མེད་པར་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ བརྟུལ་ཞུགས་དཀར་ཐུབ་རྨད་དུ་བྱུང་བས་ཡོན་ཏན་མཆོག་གི་དངོས་གྲུབ་བརྙེས་པ་དྲང་སྲོང་ཆེན་པོ་སྐྱེ་རྒུའི་བདག་པོ་དང་


LRD005_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

མེ་བཞི་འབར་དང་། ཐ་སྐར་དང་། རྒྱུན་ཤེས་དང་། མདོག་ནག་དང་། རྒྱས་པ་ལ་སོགས་པ་ལྷ་དང་མིའི་དྲང་སྲོང་ཆེན་པོ་ཕན་འདོགས་ནུས་ཤིང་དམོད་པ་འདོར་བ་འཁོར་དང་བཅས་པ་རྣམས་ཀྱི་མདའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། བསྟན་པ་དམ་པའི་ཆོས་དང་གཙུག་ལག་གཉན་པོ་སྐྱོང་ཞིང་འཇིག་རྟེན་དགེ་ལེགས་སུ་བྱ་བ་དང་། ཁྱད་པར་དུ་ཡང་བདག་ཆག་ཡོན་མཆོག་འཁོར་དང་བཅས་པའི་བདེན་ཚིག་འགྲུབ་པར་བཀའ་སྩོལ་བ་དང་། ནད་དང་གནོད་པ་མེད་པས་ཀུན་ཏུ་བདེ་བ་དང་། ཡོན་ཏན་གྱི་དཔལ་འཕེལ་བས་མཁས་ཤིང་མཛངས་པ་དང་། མངའ་ཐང་དང་འབྱོར་བ་རྒྱས་པས་ཀུན་གྱི་རེ་སྐོན་དུ་གྱུར་པ་དང་ཚེ་རིང་བ་ལ་སོགས་ཏེ། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ མཐུ་སྟོབས་རྫུ་འཕྲུལ་དཔག་ཏུ་མེད་པས་སྟོང་གསུམ་ཡུལ་གྱི་དབུས་འཚོ་བ་ཀླུའི་རྒྱལ་པོ་སྟོང་གསུམ་འབྲུག་སྒྲ་དང་། དགའ་བོ་དང་། ཉེ་དགའ་བོ་དང་། མཐའ་ཡས་དང་། སྟོབས་ཀྱི་རྒྱུ་དང་། རིགས་ལྡན་དང་། པདྨ་དང་། པདྨ་ཆེན་པོ་ལ་སོགས་པ་འཁོར་དང་བཅས་པ་རྣམས་དང་། སའི་ལྷ་མོ་བརྟན་འཁོར་དང་བཅས་པ་རྣམས་དང་། ཁྱད་པར་དུ་འཛམ་བུ་གླིང་གིས་བདག་ཀླུ་གཉན། ཀླུའི་རྒྱལ་པོ་མ་དྲོས་པ་དང་། སོག་མ་མེད་དང་། ཟེ་ཆེན་དང་། ཝཱ་རུ་ཎ་དང་། དུང་སྐྱོད་ལ་སོགས་པའི་མངའ་རིས་དད་སྤྱད་མལ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། དཀོན་མཆོག་གསུམ་གྱི་བསྟན་པ་དང་གཙུག་ལག་གཉན་པོ་བསྐྱང་ཞིང་། ཡུམ་ཁམས་ཐམས་ཅད་དུ་ལོ་ཕྱུགས་ལེགས་ཤིང་ཆར་ཆུ་དུས་སུ་འབབ་པ་དང་། བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་གནས་དང་ཡུལ་ཁམས་ཡོངས་སུ་བསྐྱང་བ་དང་། ཆབ་སྲིད་མངའ་ཐང་ཆེན་པོ་སྤེལ་བ་དང་། ཕྱི་ནང་གི་འགལ་རྐྱེན་ཐམས་ཅད་མེད་པ་དང་། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་


LRD005_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པར་མཛད་དུ་གསོལ། ཧོཿ སྔོན་གྱི་ཐུགས་རྗེ་རྨད་དུ་བྱུང་བས་དཀོན་མཆོག་གསུམ་གྱི་བསྟན་པ་བསྲུང་ཞིང་། མཐུ་དང་རྫུ་འཕྲུལ་དཔག་ཏུ་མེད་པས་གཙུག་ལག་ཁང་རྣམས་ཀྱི་གཉེར་དུ་གཏད་པ། རྒྱ་གར་རྡོ་རྗེ་གདན་གྱི་སྲུང་མ། ཁ་ཆེན་ཁྲི་རྟེན་གྱི་སྲུང་མ། ཨོ་རྒྱན་ན་བདེ་བྱེད་བརྩེགས་ཀྱི་སྲུང་མ། བལ་ཡུལ་ན་འཕགས་པ་ཤིང་ཀུན་གྱི་སྲུང་མ། །འཕགས་པ་འཇའ་མ་ལི་དང་ཨུ་ཁང་གི་སྲུང་མ། སྤྱི་རོང་ན་འཕགས་པ་ལོ་ཀི་ཤྭ་རཱི་སྲུང་མ་འཁོར་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། དཀོན་མཆོག་གསུམ་གྱི་བསྟན་པ་སོ་སོའི་གཙུག་ལག་ཁང་བཅས་པ་བསྲུང་ཞིང་། བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་རེ་བ་བསྐང་ཞིང་། དེང་གི་གནས་མཆོག་དམ་པ་འདིར་ཡང་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ འཕགས་དགུའི་ཡོན་ཏན་དཔག་ཏུ་མེད་པའི་སོ་སོའི་གནས་དང་གཙུག་ལག་ཀང་སྐྱོང་བ། རྒྱ་ནག་རི་བོ་རྩེ་ལྔའི་སྲུང་མ། སོ་སོར་ཐའི་སྲུང་མ། །བཀྲ་ཤིས་ཁྲི་སྒོའི་སྲུང་མ་གྱི་ལྡང་ཧུའི་སྲུང་མ། ཕོ་བྲང་ཆེན་མོའི་སྲུང་མ། སྨན་རྩེ་མཁར་གྱི་སྲུང་མ། ལྗང་ཡུལ་རྡོ་རྗེའི་སྲུང་མ། །ཧ་ལ་ཤན་གྱི་སྲུང་མ། འགའ་འགའ་མཁར་གྱི་སྲུང་མ་འཁོར་དང་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། སོ་སོའི་གནས་དང་བསྟན་པ་བསྲུང་ཞིང་ཕྱི་དང་ནང་གི་འཁྲུག་འཚེ་མེད་ཅིང་། བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་བསམ་རྒུ་འགྲུབ་ཅིང་རེ་བ་སྐོང་བ་དང་། དེང་གི་གནས་མཆོག་དམ་པ་འདིར་ཡང་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ ཀུན་གྱི་ནང་ནས་མཆོག་ཏུ་འཕགས་པ་གངས་རིའི་རྒྱུད་ཀྱི་སྲུང་མ་ཆེན་པོ། ལྷ་ཀླུ་གསང་བའི་དེད་དཔོན་ཆེན་པོ། །སོ་ཁ་ཡུལ་གྱི་སོ་མཚམས་བསྲུང་ཞིང་སོ་སོའི་གནས་དང་པོར་ཁམས་སྐྱོང་བ། སྟོད་


LRD005_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་རིས་སྐོར་གསུམ་གྱི་སྲུང་མ། །བར་དབུས་བཅང་རུ་བཞིའི་སྲུང་མ། སྨད་མདོ་ཁམས་སྒང་དྲུག་གི་སྲུང་མ། གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་པོ་ལ་སོགས་པ་བོད་ཁམས་སྐྱོང་བའི་བརྟན་མ་བཅི་གཉིས། སྐྱོང་མ་བཅུ་གཉིས། གཡའ་རི་མ་བཅུ་གཉིས། གངས་རིམ་བཅུ་གཉིས་འཁོར་དང་བཅས་པ་དང་། གནོད་སྦྱིན་ཆེན་པོ་རྡོ་རྗེ་ཤོམ་པོ། རྡོ་རྗེ་ཐང་ལྷ། རྡོ་རྗེ་གདང་བཟང་ལ་སོགས་པ་ལྷར་བབ་མཆེད་དགུ་འཁོར་དང་བཅས་པ་དང་། སྐུ་ལྷ་མཀའ་རི། རྡོ་རྗེ་བྲག་སྐྱེས། དགེ་བསྙེན་ཡུལ་བདག་ལ་སོགས་པ་དགེ་བསྙེན་ཉི་ཤུ་རྩ་གཅིག་འཁོར་དང་བཅས་པ་རྣམས་དང་། གཞན་ཡང་མིང་དང་མཚན་ནས་མ་ཐོན་པའི་ཡུལ་ལྷ་གཞི་བདག་ཆེན་རྒུ་གཉན་རྒུ་རྣམས་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། སོ་སོའི་ཡུལ་ཁམས་གཉེར་དུ་བཞེས་ནས་བོད་ཁམས་ཀྱི་སོ་ཁ་བསྲུང་ཞིང་། ཧོར་དང་། རྒྱ་དང་། ཏུ་རུཥྐ་ལ་སོགས་པའི་མཐའ་དམག་གི་གནོད་པ་དང་འཚེ་བ་བཟློག་ཅིང་། ཕྱི་འཁྲུགས་ནང་འཁྲུགས་མེད་དང་རྒྱལ་ཁམས་བདེ་ཞིང་ལོ་ཕྱུགས་ལེགས་པ་དང་། བསྟན་པ་དར་ཞིང་དགེ་བ་སྔགས་འོས་སུ་སྤྱོད་པ། ཁྱད་པར་དུ་ཡང་བདག་ཡོན་མཆོད་འཁོར་དང་བཅས་པའི་ཡུལ་ཁམས་དར་བ། ལོ་ཕྱུགས་ལེགས་པ། འཁྲུག་འཚེ་མེད་པ། མངའ་ཐང་རྒྱས་པ། བསམ་རྒུ་འགྲུབ་པ། རེ་སྨོན་དག་པའི་གཞིར་གྱུར་པ་སོགས་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པའི་མཛད་དུ་གསོལ། ཧོཿ སྔོན་གྱི་འཕགས་པ་གཉེར་དུ་བསྐོས་པ། བསྟན་པ་བསྲུང་ཞིང་གཙུག་ལག་སྐྱོང་བ། ཆོས་འཁོར་མ་བུ་སྟོད་སྨད་ཀྱི་སྲུང་མ། དབེན་གནས་གཉན་གྱི་སྲུང་མ། རིན་ཆེན་རྫོད་གི་སྲུང་འཁོར་དང་བཅས་པ་རྣམས་ཀྱི་མངའ་རིས་དང་


LRD005_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ། གསོལ་ལོ། མཆོད་དོ། གནས་དང་བསྟན་པ་བསྲུང་ཞིང་བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་བསམ་རྒུ་བསྒྲུབ་ཅིང་རེ་བ་བསྐང་བ་དང་། དེང་གི་གནས་མཆོག་དམ་པ་འདེར་ཡང་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ འཕགས་པའི་རྒྱལ་པོས་གཉེར་དུ་བསྒོམ་པ། ཆོས་འཁོར་མ་བུ་སྟོད་ཀྱི་སྲུང་མ། ལྷ་ས་འཕྲུལ་སྣང་གི་སྲུང་མ། །གཙང་ཁང་སྒོ་ལྔའི་སྲུང་མ། འཁོར་ས་ཀླུ་ཁང་གི་སྲུང་མ། བཀའ་གཙིགས་རྡོ་རིང་གི་སྲུང་མ། ར་མོ་ཆེའི་སྲུང་མ། བྲག་ལྷ་མགོན་པོའི་སྲུང་མ། ཁྱད་པར་དུ་མ་མགོན་ལྕམ་དྲལ། སྲིན་པའི་རྒྱལ་པོ་ལང་ཀ་མགྲིན་བཅུ། ཀླུའི་རྒྱལ་པོ་སྟོང་གསུམ་འབྲུག་སྒྲ། ཚངས་བ་དུང་གི་ཐོར་ཚུགས་ཅན་འཁོར་དང་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་གསང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། གོ་སོའི་གནས་དང་བསྟན་པ་བསྲུང་ཞིང་བདག་ཅག་ཡོན་མཆོག་འཁོར་དང་བཅས་བཅས་པའི་སྨོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་། དེང་གི་གནས་མཆོག་དམ་པ་འདིར་ཡང་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ མཐུ་སྟོབ་རྫུ་འཕྲུལ་དཔག་ཏུ་མེད་པས་གཙུག་ལག་ཁང་དང་བསྟན་པ་སྐྱོང་བ། ཆོས་འཁོར་མ་བུ་སྨད་ཀྱི་སྲུང་མ། དབུ་རྩེ་རིགས་གསུམ་གྱི་སྲུང་མ། མཆོད་རྟེན་བཞིའི་སྲུང་མ། གཏེར་ཁ་བརྒྱད་ཀྱི་སྲུང་མ། ཡཀྵ་སྟག་འོག་གི་སྲུང་མ། མཁྱེན་རབ་འཇམ་དཔལ་གླིང་གི་སྲུང་མ། རྣམ་དག་ཁྲིམས་ཁང་གླིང་གི་སྲུང་མ། ཆང་མང་ཀེད་རུས་གླིང་གི་སྲུང་མ། ཨཱརྻ་ལྔ་པོའི་གླིང་གི་སྲུང་མ། བདུད་འདུལ་སྔགས་པ་གླིང་གི་སྲུང་མ། སྒྲ་བསྒྱུར་རྒྱ་གང་གླིང་གི་སྲུང་མ། ལུང་བསྟན་བཻ་རོ་ཙ་ནའི་སྲུང་མ། མི་གཡོ་བསམ་གཏན་གླིང་གི་སྲུང་མ། །བྱང་ཆུབ་སེམས་བསྐྱེད་གླིང་གི་སྲུང་མ། རིན་ཆེན་སྣ་ཚོགས་གླིང་གི་སྲུང་མ། །དཀོར་མཛོད་དཔེ་དཀར་གླིང་གི་སྲུང་མ། །དག་བྱེད་ཁྲུས་ཁང་གླིང་གི་སྲུང་མ། །


LRD005_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

མཐུ་རྩལ་ཀླུ་གླིང་གི་སྲུང་མ། འོད་འབར་སུམ་ཅུ་རྩ་གཉིས་ཀྱི་སྲུང་མ། ཕྱིའི་ལྕགས་རི་མུ་ཁྱུད་ཀྱི་སྲུང་མ། །སྒོ་བཞིར་མགོན་ཁང་བརྒྱད་ཀྱི་སྲུང་མ་འཁོར་དང་བཅས་པ་དང་། ཇོ་མོ་གླིང་གསུམ་གྱི་སྲུང་མ། །ཁམས་གསུམ་མེ་ཏོག་སྒྲོལ་གྱི་གཙུག་ལག་ཁང་གི་སྲུང་མ། དགེ་བ་མཐའ་རྒྱས་ཀྱི་གཙུག་ལག་ཁང་གི་སྲུང་མ། དགའ་ལྡན་བྱམས་སྒྲོལ་གཙུག་ལག་ཁང་གི་སྲུང་མ་འཁོར་དང་བཅས་པ་རྣམས་དང་། མཆིམས་ཕུན་མ་རིའི་གཙུག་ལག་ཁང་གི་སྲུང་མ། བྲག་དམར་མགྲིན་བཟང་གི་གཙུག་ལག་ཁང་གི་སྲུང་མ། ཀ་ཆུ་དཔལ་འབྱུང་གི་གཙུག་ལག་ཁང་གི་སྲུང་མ། མ་ས་གོང་གི་གཙུག་ལག་ཁང་གི་སྲུང་མ། །དམ་པ་རྒྱ་མཁར་གྱི་གཙུག་ལག་ཁང་གི་སྲུང་མ་འཁོར་དང་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། སོ་སོའི་གནས་དང་བསྟན་པར་བསྲུང་ཞིང་། བདག་ཅག་ཡོན་མཆོད་འཁོར་དང་བཅས་འི་བསམ་པ་བསྒྲུབ་ཅིང་རེ་བ་བསྐང་བ་དང་། དེང་གི་གནས་མཆོད་དམ་པ་འདིར་ཡང་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཁྱད་པར་དུ་ཡང་དཔེ་དཀར་དགྲ་བླ་གཉིས། སྐུའི་རྒྱལ་པོ། གསུང་གི་རྒྱལ་པོ། ཐུགས་ཀྱི་རྒྱལ་པོ། ཡོད་ཏན་གྱི་རྒྱལ་པོ། ཕྲིན་ལས་ཀྱི་རྒྱལ་པོ། སོ་སོའི་ཡུམ་དང་བཅས་པ། །བཀའི་བློན་པོ་བྱ་རྒོད་ཐང་ནག་པ་ཏྲ་དཀར་པོ། པུ་ཏྲ་ནག་པོ། གཡས་ཀྱི་རུ་འདྲེན་པ་དཔའ་བོ་སྟག་ཆས་བརྒྱ། previous hit གཡོན་གྱི་རུ next hit་འདྲེན་པ་དགེ་སློང་དགེ་བཅོམ་བརྒྱ། །སྔོན་གྱི་ཤུལ་འདྲེན་པ་སྐྱེས་པ་དར་མགྲི་ཐོགས་པ་བརྒྱ། སླད་ནས་རྫས་ཉུལ་བ་བུད་མེད་ནག་མོ་བརྒྱ། སྐུའི་སྐྱོ་བསང་བ་འབག་སེར་གར་མཁན་བརྒྱ། ཤར་ཕྱོགས་ན་སྟག་གི་རྒྱལ་མཚན་ཕྱར་བ། ལྷོ་ཕྱོགས་ན་སྤྲེའུའི་རྒྱལ་མཚན་ཕྱར་བ། ནུབ་ཕྱགོས་ན་མི་རྒོད་ཀྱི་རྒྱལ་མཚན་ཕྱར་བ། །བྱང་ཕྱོགས་ན་རྨ་བྱའི་རྒྱལ་མཚན་ཕྱར་བ། ཕོ་ཉ་ཡང་སྤྲུལ་ལས་མཁན་གྱི་ཚོགས་དང་བཅས་པའི་


LRD005_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་རིས་དང་སྦྱན་ལམ་དུ་འབུལ་ལོ། གསོལ་ལོ། མཆོད་དོ། སྔོན་གྱི་གཙུག་ལག་ཁང་གཉན་པོ་བསྲུང་པ་དང་། བདག་ཅབ་འཁོར་དང་བཅས་པའི་ལེགས་པ་བསྒྲུབ་པའི་རེ་བ་བསྐང་བ་དང་། དེང་གི་གནས་མཆོག་དམ་པ་འདེར་ཡང་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ཧོཿ ཆོས་རྒྱལ་རྗེའི་ཐུགས་དམ་གཉན་པོ། །ཁྲ་འབྲུག་བྱམས་པ་མི་འགྱུར་གཙུག་ལག་ཁང་གི་སྲུང་མ། །སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་གཙུག་ལག་ཁང་གི་སྲུང་མ། །འོན་ཤོང་རྡོ་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་གི་སྲུང་མ་འཁོར་དང་བཅས་པ་རྣམས་དང་། དབུ་རུ་ན་ཀ་ཚལ། གཡོ་རུ་ན་ཁ་འབྲུག །གཙང་ན་གྲོ་མ་བརྒྱད། སྤ་གྲོ་ན་སྐྱེར་ཆུ། བུམ་ཐང་ན་བཀྲ་ཤིས་དགེ་གནས། ལྷོ་གྲག་ན་ཁི་མཐིང་། ཀོང་པོ་ན་བུ་ཆུ། ལུ་ཡུལ་ན་ལྕང་ར་སྨུང་པོ། ཡང་ཡུལ་ན་བྱམས་པ་སྦྲིན། །ཁམས་ན་ཀློང་ཐང་སྒྲོལ་མ། །ག་ཆུ་ན་གསེར་ཀྱི་ལྷ་ཁང་། ཉང་རོང་ན་རྩིས་ཀྱི་ལྷ་ཁང་། སྤྲ་དུན་རྩེ་དང་། སྐྱོ་དུན་རྩེ་ལ་སོགས་པ་མཐའ་འདུལ་དང་ཡང་འདུལ་ཀྱི་གཙུག་ལག་ཀང་བརྒྱ་རྩ་བརྒྱད་ལ་སོགས་པའི་སྲུང་མ་འཁོར་དང་བཅས་པའི་མདའ་རིག་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། སོ་སོའི་གཙུག་ལག་ཁང་དང་བསྟན་པ་བསྲུང་ཞིང་། བདག་ཅག་ཡོན་མཆོད་འཁོད་དང་བཅས་པའི་བསམ་པ་བསྒྲུབ་ཅིང་རེ་བ་བསྐང་བ་དང་། དེང་གི་གནས་མཆོག་དམ་པ་འདིར་ཡང་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ དབེན་གནས་གཉན་གྱི་སྲུང་མ་ཆེན་པོ་ལྷ་ས་ཡེ་པའི་སྲུང་མ། བསམ་ཡས་མཆིམས་བུའི་སྲུང་མ། འོན་ཤོད་རྡོ་རྗེའི་སྲུང་མ། ལྷ་རིང་བྲག་གི་སྲུང་མ། དཔལ་ཆེན་ཆུ་བོའི་སྲུང་མ་འཁོར་དང་བཅས་པ་རྣམས་དང་། སྤ་གྲོ་སྟག་ཚང་སེང་གེ་རྫོང་གི་སྲུང་མ། མོན་ཁ་རྫོང་གསུམ་གྱི་སྲུང་མ། ཁམ་བུ་རྫོང་གི་སྲུང་མ། ཁ་རག་རྫོང་གི་སྲུང་མ། མང་སྤྲུལ་རྫོང་གི་སྲུང་མ། ཤུན་ཕན་རྫོང་གི་སྲུང་མ་འཁོར་དང་བཅས་པ་དང་། ཕྱིང་


LRD005_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྟག་རྩེ་དང་། ཡུམ་བུ་བླ་སྒང་ལ་སོགས་པ་སྐུ་མཁར་ལྗོང་གི་སྲུང་མ། བང་སོ་རྫོང་གི་སྲུང་མ་དང་། གཞན་ཡང་བོད་ཀྱི་སྲུང་མ་ཆེན་པོ། །གཏེར་བདག་ཆེན་པོ། གཞི་བདག་ཆེན་པོ། མའི་དང་མཚན་ནས་མ་ཐོས་པའི་ཆེ་རྒུ་དང་གཉན་རྒུ་ཅོག་དང་བཅས་པ། །བསྟན་པ་བར་དར་དང་ཕྱི་དར་གྱི་གཙུག་ལག་ཁང་དང་སྡེ་དགོན་དཔག་ཏུ་མེད་པའི་སྲུང་མ་འཁོར་དང་བཅས་པ་རྣམས་ཀི་མངའ་རིས་དང་སྤྱན་ལྨ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། སོ་སོའི་གནས་དང་བསྟན་པ་སྐྱོང་ཞིང་བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་བསམ་པ་བསྒྲུབ་ཅིང་རེ་བ་བསྐང་བ་དང་། དེང་གི་གནས་མཆོག་དམ་པ་འདིར་ཡང་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བཀའ་ཉན་དུ་གཏོགས་ཤིང་། གསང་སྔགས་མཆོག་གི་དངོས་གྲུབ་བརྙེས་པ། ཉང་བན་ཆེན་པོ་ཏིང་ངེ་འཛིན་རབ་ཏུ་བཟང་པོས་མཐའ་འདུལ་ཡང་འདུལ་བོད་ཡུལ་དགེ་བའི་སྤྱི་ཕུད་དུ་བཞེངས་པ། ཞྭ་པདྨ་དབང་ཆེན་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གཉན་པོའི་སྲུང་མ་འཁོར་དང་བཅས་པ་ཐམས་ཅད་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། སོ་སོའི་ཐུགས་དམ་གཉེར་དུ་བཞེངས་ཤིག བོད་ཡུལ་ཀུན་གྱིས་སོ་ཁ་སྲུངས་ཤིག མཐའ་དམག་འབྱུང་པོའི་རྒོལ་བ་བཟློག་ཅིག སང་སེར་མུ་གེའི་འཇིགས་པ་སྐྱོབས་ཤིག ནད་མཚོན་འཁྲུག་པའི་གནོད་པ་སོལ་ཞིག གཙུག་ལག་ཁང་དང་བསྟན་བསྲུངས་ཤིག ཁྱད་པར་དུ་ཡང་བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་ཉིན་གསུམ་གྱི་བྱ་ར་གྱིས་ཤིག མཚན་གསུམ་གྱི་མེས་ཚེ་གྱིས་ཤིག འགྱེལ་ན་སློང་ཞིག བུབ་ན་རྟེན་ཅིག མདུན་གྱི་མཁར་བགྱིས་ཤིག རྒྱབ་ཀྱི་བརྟེན་ས་གྱིས་ཤིག མི་མཉམ་པ་དང་མཉམ་དུ་ཆུག་ཅིག མཉམ་གཉིས་གོང་གི་རྒྱལ་པོར་གྱིས་ཤིག གཞི་ལ་སྡོད་ན་ལེགས་པར་


LRD005_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

སྲུངས་ཤིག བྱེས་སུ་མགྲོན་མགོན་སྐྱབས་མཛོད་ཅིག དམག་པ་མགྲོན་དམག་དཔོན་གྱིས་ཤིག ཇཀ་པ་འགྲོ་ན་ངག་དཔོན་གྱིས་ཤིག ཚོང་ལ་འགྲོ་ན་ཚོང་དཔོན་གྱིས་ཤིག །ཅི་བསམ་རེ་བ་ཡིད་བཞིན་དུ་སྒྲུབས་ཤིག །མངའ་ཐང་འབྱོར་བ་ཕྱོགས་བཅུར་སྤེལ་ཞིག ནད་གདོན་བར་ཆད་དགྲ་བགེགས་སོལ་ཞིག དཔལ་དང་གྲགས་པའི་བ་དན་ཕྱོར་ཅིག རང་ཕྱོགས་རྒྱལ་བའི་རྒྱལ་རྒྱལ་མཚན་སློང་ཞིག པ་རོལ་སྡེ་དཔུང་རུ་མཚོན་ཆོག་ཅིག རྒྱལ་ཁམས་ཐམས་ཅད་དབང་དུ་སྡུས་ཤིག རེ་སྨོན་དམ་པའི་ཕྲིན་ལས་མཛོད་ཅིག བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ གཙང་ཁང་དབུས་ཀྱི་སྲུང་མ་ཆེན་པོ་སྨུག་ནག་སྔགས་ཀྱི་བདག་པོ་ཆེན་མོ་ཕྱག་ན་སྙིང་དང་ནད་རྐྱལ་བསྣམས་པ་འཁོར་དང་བཅས་པ་ལ་གསོལ་ལོ། འབུལ་ལོ། མཆོད་དོ། དཀོར་ཁང་ནང་གི་སྲུང་མ་ཆེན་པོ་དཔལ་ལྡན་མགོན་པོ་ལེགས་ལྡན་ལྕམ་བྲལ་ཕྱག་ན་གྲི་གུག་དང་ཐོད་ཕྲག་བསྣམས་པ་ལ་གསོལ་ལོ། མཆོད་དོ། རང་བྱོན་ལྷ་བཞིའི་སྲུང་མ་ཆེན་པོ་དབུལ་གྱི་རྣམ་ཐོས་སྲས་སེང་གེའི་ཆིབས་ཤིང་མདུད་དམར་བསྣམས་པ་འཁོར་དང་བཅས་པ་རྣམས་ལ་གསོལ་ལོ། འབུལ་ལོ། མཆོད་དོ། ནང་སྒོའི་སྲུང་མ་རེ་བཟང་ལྷ་མོ་སྐུ་མདོག་ནག་མོ་དཔལ་འབར་དང་སྒྲོན་མེ་བསྣམས་པ་འཁོར་དང་བཅས་ལ་གསོལ་ལོ། འབུལ་ལོ། མཆོད་དོ། བཅོལ་བའི་ལས་མཛོད་ཅིག གྲུབ་པའི་རྟགས་ཕྱུངས་ཤིག བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག མདའ་ཁང་མདོ་ཁྱམས་སྲུང་མ་ཆེན་པོ་ཨ་ཕྱི་དབྱིངས་ཕྱུག་ཆོས་ཀྱི་སྒོན་མ་དཀར་མཛེས་དར་ཟབ་རིན་ཆེན་བརྒྱན་པ་རྟ་མཆོག་བཅིབས་ཤིང་མེ་ལོང་བསྙེམས་པ་འཁོར་དང་བཅས་པ་ལ་གསོལ་ལོ། འབུལ་ལོ། མཆོད་དོ། གཙང་ཁང་ལྷོའི་སྲུང་མ་ཆེན་པོ་དང་ལ་ལྡན་ནས་གྲུབ་སྲོག་བདུང་ནག་མེ་རླུང་ནག་འཚུབས་མའི་ཀློང་ནས་བཞུགས་ཤིང་ཕྱག་ན་དགྲ་སྙིང་དང་ནད་རྐྱལ་བ་བསྙམས་པ་གསོལ་ལོ། འབུལ་ལོ།


LRD005_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་དོ། གཙང་ཁང་བྱང་གི་སྲུང་མ་ཆེན་པོ་གནོད་སྦྱིན་ཤན་པ་དམར་ནག་གྱ་ཁྱང་བཅིབས་ཤིང་ཐོད་ཁྲག་དང་གྲི་གུག་བསྣམས་པ་ལ་གསོལ་ལོ། འབུལ་ལོ། མཆོད་དོ། ཕྲ་མེན་མཆོད་རྟེན་གྱི་སྲུང་མ་གཟའ་བདུད་ནག་མོ་དབུ་དགུ་སྤྱན་སྟོང་མེ་དཔུང་འབར་བ་ཕྱག་བཞི་མདའ་གཞུ་རྒྱལ་མཚན་ཕྱར་བ་འཁོར་དང་བཅས་པ་ལ་གསོལ་ལོ། འབུལ་ལོ། མཆོད་དོ། མགོན་ཁང་སྲུང་མ་མགར་བ་ནག་པོ་ཐོ་པ་དང་སྦུད་པ་བསྣམས་པ་ལ་གསོལ་ལོ། འབུལ་ལོ། མཆོད་དོ། སྒོ་ཁང་སྲུང་མ་འབར་བ་ནག་པོ་སྔགས་པ་ཕྲེང་ཐོགས་འཇིགས་སུ་རུང་བའི་ཆ་བྱད་ཅན་འཁོར་དང་བཅས་པ་ལ་གསོལ་ལོ། འབུལ་ལོ། མཆོད་དོ། གཙང་ཁང་སྟེང་གི་སྲུང་མ་སྲེང་སྐྱ་ནག་པོ་རླུང་ནག་འཚུབས་པའི་ནང་ན་མི་རྐང་གི་གླིང་བུ་འབུད་པ་ལ་གསོལ་ལོ། འབུལ་ལོ། མཆོད་དོ། སྒོ་ཁང་འབར་བའི་སྲུང་མ་མོན་པ་ནག་པོ་གནམ་ལྕགས་ཀྱི་ཐོག་མདའ་འཕེན་པ་ལ་གསོལ་ལོ། འབུལ་ལོ། མཆོད་དོ། བསམ་པ་སྒྲུབས་ཤིག རེ་བ་བསྐོངས་ཤིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ཕྱི་སྒོ་གཙང་ཁང་གི་སྲུང་མ་དཔལ་ལྡན་ལྷ་མོ་ནག་མོ་དྲེའུ་རྟ་བ་ཅིབས་ཤིང་རལ་གྲི་དང་ནད་ཀྱི་རྐྱལ་བབ་སྣམས་པ་ལ་གསོལ་ལོ། འབུལ་ལོ། མཆོད་དོ། ལྕགས་རི་ཁོར་ཡུག་གི་སྲུང་མ་ཐེའུ་རང་སྟོང་སྡེ་རྐྱལ་བ་དང་མཁར་བ་བསྙམས་པ་ལ་གསོལ་ལོ། འབུལ་ལོ། མཆོད་དོ། གཙིགས་ཀྱི་ཁང་བའི་སྲུང་མ་དུག་མདའ་ནག་པོ་དུང་ལོའི་རྣ་ཆ་འཕྱང་ཞིང་འོད་མའི་དུག་མདའ་འཕེན་པ་འཁོར་དང་བཅས་པ་ལ་གསོལ་ལོ། འབུལ་ལོ། མཆོད་དོ། ཁྱད་པར་དུ་ཡང་དམ་ཅན་རྡོ་རྗེ་ལེགས་པ། རྡོ་རྗེ་འབར་བ། རྡོ་རྗེ་ཐིག་ལེ་རྩལ། སེང་གེ་དཀར་མོ་ཆིབས་སུ་བཅིབས་ཤིང་རལ་བའི་རྩེ་ནསས་དུ་བ་འཕྱུར་བ། ཐོད་ཕྲེང་ཀོ་རློན་སྟག་ཤམ་བརྒྱད་ཅིང་རྡོ་རྗེ་དགྲ་སྙིང་རྒྱུ་ཞགས་འཛིན་པ། མཆེད་སུམ་བརྒྱ་དྲུག་ཅུའི་གཙོ་བོ།


LRD005_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཞིང་གི་རྡུལ་སྙེད་ཀྱིས་བསྐོར་བའི་ཚོགས་དང་བཅས་པ་ལ་གསོལ་ལོ། འབུལ་ལོ། མཆོད་དོ། བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་མགོན་སྐྱབས་དང་དཔུང་གཉེན་མཛོད་ཅིག །ཆགས་ཆེ་དང་ཉམ་ང་བཟློག་ཅིག སྡང་བའི་དགྲ་སོད་ཅིག་གནོད་པའི་བགེགས་ཐུལ་ཞིག །འཁོར་དང་གང་ཞག་སྐྱོངས་ཤིག མངའ་ཐང་དང་འབྱོར་བ་སྤེལ་ཅིག པས་མ་རྒུའི་རེ་བ་སྐོངས་ཤིག སྙན་པ་དང་གྲགས་པ་སྒྲོགས་ཤིག མཚན་གསུམ་གྱི་མེ་ལ་ཚེ་གྱིས་ཤིག མདུན་གྱི་འཁར་བ་གྱིས་ཤིག རྒྱབ་ཀྱི་བརྟེན་ས་གྱིས་ཤིག གཞན་ཡང་མི་མང་སར་སྨམ་དབབ། བྱ་མང་སར་སྤུ་མ་བཏོག བརྒྱ་ཁ་མང་གིས་གླེང་དུ་མ་བཅུག སྟོང་མིག་མང་གི་བལྟ་རུ་མ་བཅུག །རང་བས་ཞན་པས་བརྙེས་སུ་བཅུག །དགྲ་བྱུང་ན་བྱ་ཐོད་དུག་བྱང་ན་རྩི་ཐོང་། ཉེས་པ་ཐམས་ཅད་ཆུའི་རི་མོ་བཞིན་དུ་སུ་བབ་ཤིག ལེགས་པ་ཐམས་ཅད་ཡར་གྱི་ཟླ་བ་བཞིན་དུ་སྐྱེད་ཅིག བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པ་མཛོད་ཅིག ལྷོའི་རུ་སྦལ་གྱི་ཡུལ་ལྷ་རྩེ་བྱང་ཆུབ་རྒྱལ་བ་ཆིབས་སུ་རྟ་དཀར་བཅིབས་ཤིང་མདུང་དཀར་བ་དན་ཕྱར་བ་འཁོར་དང་བཅས་པ་ལ་གསོལ་ལོ། འབུལ་ལོ། མཆོད་དོ། ཤེལ་ལུང་རི་གཤོངས་ཀྱི་སྨན་མོ་སྤུན་བདུན་དར་ཟབ་གསེར་གཡུའི་རྒྱན་གྱིས་བརྒྱན་བཟང་ནོར་གཞོང་པ་ཕྱག་ན་སྣམས་ཤིང་དངུལ་དཀར་མེ་ལོང་རྒྱང་ནས་འཚེར་བ་འཁོར་དང་བཅས་པ་ལ་གསོལ་ལོ། འབུལ་ལོ། མཆོད་དོ། བྱང་རི་བྲག་དཀར་རྡོ་རྗེ་རྫོང་བཙན་བསེ་ཁྲག་གསོལ་ཞིང་མདུང་དམར་ཐོགས་པ་རྟ་དམར་བཅིབས་ཤིང་ཞུབ་ཅན་གྱིས་བསྐོར་བ་འཁོར་དང་བཅས་པ་ལ་གསོལ་ལོ། འབུལ་ལོ། མཆོད་དོ། ལེགས་པ་ཆོས་ཤིག ཉེས་པ་ཟློག་ཅིག བསམ་པ་སྒྲུབས་ཤིག རེ་བ་སྐོངས་ཤིག བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག གཞན་ཡང་སྦས་ཡུལ་རིན་ཆེན་གླིང་གི་གཞི་བདག ཕ་རི་གཡས་ལ་གནས་པ། ཚུར་


LRD005_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

རི་གཡོན་ལ་གནས་པ། སྐྱེ་བ་ཤིང་ལ་གནས་པ། འབབ་པ་ཆུ་ལ་གནས་པ། བརྟན་པ་བྲག་ལ་གནས་པ། །བརྡལ་བ་ས་ལ་གནས་པ། མིང་དང་མཚན་ནས་མ་ཐོན་པ་འཁོར་དང་བཅས་པའི་མངའ་རིས་དང་སྤྱན་ལྨ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། ལེགས་པ་བརྒྱ་དང་སྤྲོད་ཅིག ཉེས་པ་སྟོང་རྣམས་བཟློག་ཅིག བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ཧོཿ གཞན་ཡང་སྲུང་མ་དམ་ཅན་རྒྱ་མཚོ། དཀོན་མཆོག་གསུམ་གྱིས་བསྟན་པ་གཉེར་དུ་བཞེས་པ་རྣམས་དང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་བཀའ་ལ་གནས་ཤིང་དམ་ལ་བཏགས་པ། །སློབ་དཔོན་ཆེན་པོ་བི་མ་ལ་ཏྲའི་བཀའ་གནས་ཤིང་དམ་ལ་བཏགས་པ། ཉང་བན་ཆེན་པོ་ཏིང་འཛིན་བཟང་པོའི་བཀའ་ལ་གནས་ཤིང་དམ་ལ་བཏགས་པ། རིག་འཛིན་ཆེན་པོ་ཀུ་མ་རྭ་ཛའི་བཀའ་ལ་གནས་ཤིང་དམ་ལ་བཏགས་པ། ཆོས་རྗེ་ཀློང་ཆེན་རབ་འབྱམས་ཀྱི་བཀའ་ལ་གནས་ཤིང་དམ་ལ་བཏགས་པ། ཕ་རྒྱས་བརྒྱུད་ནས་བསྒྲུབ་པའི་ཤིང་བརྟེན་བརྟེན་པ། གསོལ་གསོལ་བ། མཆོད་མཆོད་པ། མིང་དང་མཚན་མ་མཐོན་པ་རྣམས་དང་། ངས་རོགས་བྱས། ངས་རྟེན་བྱས། ངས་སྐྱབས་བྱས། ངས་མགོན་བྱས་ཟེར་བའི་སྲུང་མ་ཡུས་པོ་ཆེ། ཡུལ་གྱི་ཡུལ་ལྷ། མཁར་གྱི་རྩེ་ལྔ། འགོ་བའི་ལྷ་ལྔ། བན་བོན་གྱི་སྲུང་མདང་བཅས་པ་མིང་དང་མཚན་ནས་མཐོན་པ་འཁོར་དང་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། སོ་སོའི་ཐུགས་དམ་གཉེར་དུ་བཞེས་ནས་བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་མགོན་སྐྱབས་དང་དཔུང་གཉེན་མཛད་ཅིང་། ལེགས་རྒུའི་བསམ་པ་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། གཞན་ཡང་མི་ལ་ན་ཚ་མ་བཏང་། ཕྱུགས་ལ་གོད་ཁ་མ་བཏང་། ནོར་རྫས་ལ་སྟོར་བརླག་མ་བཏང་། དེས་ལན་དང་དེས་ཉིས་མ་བཏང་། ཁ་སྨྲས་དང་གླིང་བརྗོད་མ་བཏང་། རྐྱེན་


LRD005_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ངན་དང་བར་ཆད་མ་བཏང་། གཞན་ཡང་ལེགས་རྒུ་ཅོག་རྣམས་གོང་དུ་སྤེལ་ཞིག ཉེས་རྒུ་ཅོག་རྣམས་འོག་ཏུ་སྲུབས་ཤིག བསམ་པ་སྒྲུབ་ལ་རེ་བ་སྐོངས་ཤིག བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ སྔོན་གྱི་ལས་ཚུལ་དཔག་ཏུ་མེད་པས་གནས་རིས་སྣང་བ་སོ་སོར་གསལ་བ་དང་། འགྲོ་རིགས་དྲུག་སྐྱེ་བ་རྣམ་བཞི་ལམ་རྒྱུད་ལྔས་པ་སྡུས་པའི་ཁམས་གསུམ་གྱི་སེམས་ཅན་དུས་གསུམ་གྱི་ཕ་མ་དྲིན་ཆེན་རྣམས་ཀྱི་མངའ་རིས་དང་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། ད་ལྟར་གྱི་རྒྱུ་མཆོག་དམ་པ་འདི་བསྐང་བའི་བསོད་ནམས་ཀྱིས་གནས་རིས་སོ་སོའི་སྡུག་བསྔལ་དང་བྲལ་ཞིང་བདེ་བ་དང་ལྡན་ཏེ། མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་འཕྲལ་དང་ཡུན་གྱི་སྒྲིབ་པ་བྱང་ཞིང་། བཀའ་དྲིན་གྱི་ལན་ཞོ་ཤས་འཁོར་ཏེ་ཁམས་གསུམ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་དཔུང་གཉེན་དམ་པར་གྱུར་ཅིག ལེགས་རྒུའི་བསམ་པ་བཞིན་དུ་འགྲུབ་ནས་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ཧོཿ ལས་ཀྱི་རྫུ་འཕྲུལ་དཔག་ཏུ་མེད་པས་ཀུན་ཏུ་རྒྱུ་ཞིང་མཆོག་སྦྱིན་ལེན་པ་ཡི་དྭགས་ཀྱི་རྒྱལ་མོ་གཟི་བརྗིད་ཆེན་མོ་ཁ་འབར་མས་གཙོ་བྱས་པའི་ཡི་དྭགས་ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། སྦྱི་མཐུན་གྱི་སྒྲིབ་པ་ཅན། སྒོ་ཁུད་ཀྱི་སྒྲིབ་ཅན། མེ་ལྕེའི་ཕྲེང་བ་ཅན་ལ་སོགས་པ་ཡི་དྭགས་ཀྱི་ཚོགས་དཔག་ཏུ་མེད་པ་ཐམས་ཅད་ལ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། མཆོད་སྦྱིན་དམ་པ་བསྔོས་པའི་བསོད་ནམས་ཀྱིས་ཡི་དྭགས་ཀྱི་འགྲོ་བ་མཐའ་དག་གི་སེར་སྣ་དང་འཇུར་གེགས་ལ་སོགས་པ་སོ་སོའི་ལས་ཀྱི་སྒྲིབ་པ་ཅི་མཆིས་ཐམས་ཅད་བྱང་ཞིང་དག་ནས་ལུས་སེམས་བདེ་བ་དང་ལྡན་ཏེ་སོ་སོར་གང་ལ་ཅི་དགའ་བའི་བཟའ་བ་དང་། བཏུང་བ་དང་། གནས་དང་། བཞོན་པ་དང་། གོས་དང་


LRD005_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་ལ་སོགས་པ་འདོད་དགུའི་ཡོ་བྱད་དཔག་ཏུ་མེད་པ་སོ་སོར་གང་ལ་ཅི་དགའ་བ་ཐོབ་ནས་འཚེ་བ་དང་རྩོད་པ་མེད་པར་ལོངས་སྤྱོད་ཅིང་དགའ་བདེ་བླ་ན་མེད་པས་དབུགས་ཕྱིན་ནས་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ཐོབ་པར་གྱུར་ཅིག བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་ནད་དང་གདོན་དང་བགེགས་དང་བར་དུ་གཅོད་པ་ཐམས་ཅད་ཞི་ཞིང་འདོད་རྒུའི་རེ་བ་ཐམས་ཅད་འགྲུབ་ནས་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ཧོཿ འཇིགས་པའི་ཆོ་འགྲུལ་དཔག་ཏུ་མེད་པས་ནང་གཏོང་མདངས་འཕྲོག་པར་དུ་གཅོད་པའི་བགེགས་ཀྱི་རྒྱལ་པོ་བི་ན་ཡགས་གཙོ་བྱས་ལྷའི་གདོན་དང་། ཀླུའི་གདོན་དང་། གནོད་སྦྱིན་གྱི་གདོན་དང་། ལྷ་མ་ཡིན་གྱི་གདོན་དང་། དྲི་ཟའི་གདོན་དང་། ནམ་མཁའ་ལྡིང་གི་གདོན་དང་། མི་འམ་ཅིའི་གདོན་དང་ལྟོ་འཕྱེ་ཆེན་པོའི་གདོན་དང་། གྲིབ་གནོད་ཀྱི་གདོན་དང་། མ་མོའི་གདོན་དང་། མཁའ་འགྲོའི་གདོན་དང་། སྐེམ་བྱེད་ཀྱི་གདོན་དང་། བརྗོད་བྱད་ཀྱི་གདོན་ལ་སོགས་པ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་འཁོར་དང་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། མཆོད་སྦྱིན་དམ་པ་འདི་བ་སྔོས་པའི་བསོད་ནམས་ཀྱིས་བགེགས་རིགས་སོ་སོའི་སྡུག་བསྔལ་ཐམས་ཅད་དང་བྲལ། གནོད་སེམས་དང་གདུག་སེམས་ཐམས་ཅད་ཀྱང་ཞི། ཀུན་ཀྱང་བྱམས་པའི་སེམས་ལ་གནས་པས་སླན་ཆད་འཚེ་བའི་སེམས་མི་འབྱུང་ཞིང་། དཀར་པོ་རྣམ་པར་འཕེལ་བས་དགེ་བའི་ངོ་བོ་མཐོང་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག བདག་ཅག་ཡོན་མཆོག་འཁོར་དང་བཅས་པའི་ཆགས་ཆེ་བ་དང་། ཉམ་ང་བ་དང་། རྨི་ལམ་ངན་པ་དང་། ལྟས་ངན་པ་དང་། མཚན་མ་ངན་པ་ལ་སོགས་པ་བགེགས་དང་བར་དུ་གཅོད་པའི་འཕྲུལ་བཀྲ་མི་ཤིས་པ་ཐམས་ཅད་ཞི་ནས་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་


LRD005_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ལོ། ཧོཿ ཐོག་མ་མེད་པའི་འཁོར་བ་ནས་འཁོར་བའི་ཚེ་ཕན་ཚུན་ཕན་ཅིང་དྲིན་དུ་གཟོ་བ་ལ་ཞོ་ཤས་མ་འཁོར་བ་དང་། གནོད་པའི་ལས་ཀྱི་འབྲས་བུ་མ་བྱང་བས་ཚེ་རབས་བརྒྱུད་ཀྱང་རྗེས་སུ་འབྲངས་ཤིང་། བུ་ལོན་བཞིན་བསྙག་པར་ཆས་པའི་མཁོན་དུ་གྱུར་པ། ཁམས་གསུམ་རིགས་དྲུག་རྒྱུད་དུ་གཏེགས་བ་ན་བདག་ལ་བལྟ་ཞིང་རྗེས་སུ་སེམས་པ་ཐམས་ཅད་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། མཆོད་སྦྱིན་དམ་པ་འདི་བསྔོས་པའི་བསོད་ནམས་ཀྱིས་ཕན་ཚུན་ལས་ཀྱི་བུ་ལོན་འཁོར་ཏེ། ནག་པོའི་ལས་ཐམས་ཅད་བྱང་ཞིང་དཀར་པོ་རྣམ་པར་འཕེལ་བའི་ལས་ཀྱིས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཏེ། །ཁམས་གསུམ་དུ་འཁོར་བ་ཐམས་ཅད་སྟོངས་པར་གྱུར་ཅིག ཁྱད་པར་དུ་ཡང་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ལ་ཆེ་བ་སྲོག་གི་ལན་ཆགས་པ་ནས་ཆུང་བ་རྫས་ཀྱི་ལན་ཆགས་པའི་བར་གང་ཅི་ལོད་པ་ཐམས་ཅད་དུས་འདིར་ཁྱེར་ཏེ་བྱང་ཞིང་དག་ནས་སླད་ཆད་སྲོག་དང་ཆབ་སྲིད་དང་འཁོར་དང་ལོངས་སྤྱོད་དང་གནས་དང་གཞོན་པ་དང་ཡོངས་སུ་བཟུང་བ་ཐམས་ཅད་ལ་ཉེ་ཞོ་དང་གནོད་པ་མེད་ཅིང་། ཚེ་དང་དཔལ་དང་འབྱོར་བ་དང་གྲགས་པ་དང་གཟི་བརྗིད་ལ་སོགས་པ་མཐུན་ཞིང་ཡིད་དུ་འོང་བའི་དངོས་པོ་ཐམས་ཅད་གོང་དུ་འཕེལ་ཏེ། བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཧོཿ སྔོན་ཆབ་སྲིད་གཉེར་དུ་བཞེས་བས་ད་ལྟ་སོ་སོའི་རྒྱུད་ལ་གཟིགས་པ་མངའ་རིས་བོད་ཀྱི་རྒྱལ་ཁམས་སུ་གཏོགས་སོ་ཅོག་དང་། ཁྱད་པར་དུ་བཀྲལ་ཡུལ་རིན་ཆེན་གླིང་གི་ཡུལ་ཁམས་ཀྱི་གོང་རྗེའི་གདུང་རབས་ཀྱི་རྒྱལ་བོ་སྔ་རབས་འདས་པ། བཙུན་མོ་སྔ་རབ་འདས་པ། བློན་པོ་སྣ་རབས་འདས་པ། བཙད་པོ་སྣ་རབས་འདས་པ། ཞང་བློན་སྔ་རབས་འདས་པ། གཙོ་བོ་སྔ་རབས་འདས་པ། མོ་བཙུན་སྔ་རབས་འདས་པ། བྱིས་པ་སྔ་


LRD005_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

རབས་འདས་པ། ཡུལ་མི་སྔ་རབས་འདས་པ་རྣམས་དང་། ཁྱད་པར་དུ་ཡང་ཞྭ་པདྨ་དབང་ཆེན་གྱི་གཙུག་ལག་ཁང་གི་ཆོས་རྒྱལ་སྔ་རབས་འདས་པ། མཎྜི་ཏ་སྔ་རབས་འདས་པ། གྲུབ་ཐོབ་སྔ་རབས་འདས་པ། མཁན་པོ་སྔ་རབས་འདས་པ། སློབ་དཔོན་སྔ་རབས་འདས་པ། དགེ་སློང་སྔ་རབས་འདས་པ། དགེ་བཤེས་སྔ་རབས་འདས་པ། དགེ་ཚུལ་སྔ་རབས་འདས་པ། དགེ་བསྙེན་སྔ་རབས་འདས་པ། གནས་བརྟན་སྔ་རབས་འདས་པ། ལག་གི་བླ་སྔ་རབས་འདས་པ། སྦྱིན་བདག་སྔ་རབས་འདས་པ་རྣམས་ཡི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། མགྲོན་ནོ། བསྔོའོ། གཏན་པ་མེད་པའི་མཆོད་སྤྱིན་ཆེན་པོའི་འདིས་སོ་སོའི་ལོངས་སྤྱོད་གང་ལག་འོས་པ་དགྱེས་ཤིང་མཐུན་པའི་རྐྱེན་དུ་གྱུར་པ། གནས་དང་། བཞོན་པ་དང་། འཁོར་དང་། ཆབ་སྲིད་དང་། དབང་ཕྱུག་དང་། བྲན་དང་། བགོ་བ་དང་། བཟའ་བཏུང་ལ་སོགས་པ་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་བདག་སོ་སོའི་ཐོབ་ནས། ཕྱི་མའི་མཐའ་མུར་ཐུག་པར་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག བདེ་དཔལ་གྱི་མཆོག་དམ་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡང་དག་ཕུལ་ལ་སོགས་ལོངས་སྤྱོད་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག དེ་ལྟར་སྔར་རབས་འདས་པའི་ཚོགས་སུ་གྱུར་པ་དག་ནི་གཤིན་གྲལ་ན་མང་བ་ཡིན་ནོ། གསོན་གྲལ་ན་ཉུང་བ་ཡིན་ནོ། གཤིན་མིག་གསོན་ལམ་གཟིགས་ཤིག གཤིན་གྱི་བརྩེ་གདུང་གསོན་ལམ་ཆེ་བར་སོ་སོའི་དབང་པོ་ཚང་བར་དུར་ཁྲོད་ལ་སོགས་སྔོན་གྱི་བཞུགས་གནས། སྲོག་ཕུར་དང་བླ་ཕུར་བཏབ་པ་གང་ན་མཆིས་པ་དེར་བཞུགས་ལ། ཡུལ་ན་ཡུལ་ཆག་ཆེ་བ། སྒོ་ན་སྒོ་ཆག་ཆེ་བ། སྲང་ན་སྲང་ཆག་ཆེ་བ་ཐམས་ཅད་བཟློག་ཅིག ན་རྒ་བ་དང་ཤི་རྒ་བ་ཐམས་ཅད་ཆོད་ཅིག ཁྱད་པར་དུ་ཡང་བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་ཆག་ཆེ་བ་ཉམ་ང་བ་


LRD005_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

རྨི་ལམ་ངན་བལྟས་ངན་པ། མཚན་མ་ངན་པ་མོ་ངན་པ་བཀྲ་ངན་པ་བཀྲ་མི་ཤིས་པ་ཐམས་ཅད་བཟློག་ལ། ན་གོང་དང་ཤི་གོད་ཐམས་ཅད་ཆོད་ཅིག དེང་གི་གནས་མཆོད་དམ་པ་འདིར་ཡང་མཐོབ་མཐོས་ན་དར། དམའ་བ་དམའ་ས་ན་དར། དགེ་འདུན་སྡེ་ཚུགས་ལོངས་སྤྱོད་འཕན་དར། མི་ནོར་དགུང་འཛོམ། དཔལ་རྒྱས་མངའ་ཐང་ཆེ། རེ་སྨོན་དམ་པའི་གཞི་གྱུར་པ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ཧོཿ ལྷ་མིའི་མཆོད་སྡོང་མཆོད་ཏུ་གྱུར་པ། བཀྲ་ཤིས་ངོ་མཚར་མཆོག་གི་གཙུག་ལག་ཁང་ཞྭ་པདྨ་དབང་ཆེན་གྱི་གནས་ལྷ་ཁྱད་པར་ཅན་རྣམས་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། གཙུག་ལག་ཁང་གཉན་པོའི་གསེར་གྱི་ཁ་བ་ཡོ་རུ་མ་གཞུག །གཡུའི་གདུང་མ་འཚིག་རུ་མ་གཞུག །རྡོའི་རྩིག་པ་གྲུབ་དུ་མ་གཞུག རིན་པོ་ཆེའི་ཐོག་ཕིག་གཅོད་དུ་མ་གཞུག གྱ་རལ་དང་གྱོ་དུམ་མ་བཏང་། ཞིག་རལ་དང་ཀློང་རྡོལ་མ་བཏང་། གྲུབ་གས་དང་འགྱུར་ལོག་མ་བཏང་། དུས་ཀྱི་བཅོས་ལག་དང་ལྷ་མིའི་འདུ་བ་ཁྱད་པར་ཅན་དུ་གྱིས་ལ་དཀོར་ཆ་དང་ཉེ་འཁོར་ཐམས་ཅད་སྲུངས་ཤིག བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་བསམ་པ་ཐམས་ཅད་སྒྲུབས། རེ་བ་ཐམས་ཅད་སྐོངས་ལ་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ཧོཿ སྔོན་གྱི་ཐུགས་དམ་གཉེན་དུ་བཞེས་པ། གཙུག་ལག་ཁང་གི་མཛོད་ཁང་སྐྱོང་བ་ནོར་ཀྱི་དབང་ཕྱུག་ཨཱརྻ་ཛཾ་བྷ་ལ། ཚོགས་ཀྱི་བདག་པོ། རྣམ་ཐོས་སྲས། གང་བ་བཟང་པོ། ནོར་བུ་བཟང་པོ། ཀུ་བེ་ར། རྒྱལ་བ་ཁྱུ་མཆོག ཡང་དག་ཤེས། ནོར་གྱི་རྒྱུན། འཕྲོགས་པའི་བུ། བཟང་པོ་ལྔས་རྩེ་ན། བི་ཙིཀུཎྜ་ལི་ལ་སོགས་པ་ནོར་ལྷ་ཁྱད་པར་ཅན་ཁྱེད་རྣམས་གྱི་མངའ་རིས་དང་སྤྱན་ལྨ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་དང་། དེང་གི་གནས་མཆོག་དམ་


LRD005_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདིར་འདོད་རྒུའི་ནོར་གྱི་ཆར་བ་ཕོབ་ཅིག །བང་མཛོད་ཐམས་ཅད་ལེགས་པར་ཁོངས་ཤིག །འབྲུ་དང་ནོར་གྱིས་འབྱོར་བུ་ཆུ་ཅིག །ཟས་དང་གོས་ཀྱི་ལོངས་སྤྱོད་རྩོལ་ཅིག །མངའ་ཐང་དང་འབྱོར་བ་རྒྱས་པར་སྤེལ་ཞིག །ལྷ་འདྲེ་མ་གསུང་དབང་དུ་སྡུས་ཤིག །ཟས་ནོར་ལོངས་སྤྱོད་ཆར་བ་བཞིན་ཕོབ་ཅིག །འཇིག་རྟེན་ཁམས་ན་འབྱོར་བར་གྱིས་ཤིག །མི་ནོར་ལོངས་སྤྱོད་རྒྱས་པར་གྱིས་ཤིག །བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག །ཧོཿ བསོད་ནམས་བཀྲ་ཤིས་དཔལྦ་བུ་འབར་བས་བཟའ་བཏུང་ལོངས་སྤྱོས་ཕུན་སུམ་ཚོགས་པར་དབང་བསྒྱུར་བ། ཚང་མང་ཟས་ཀྱི་གཡོས་ལྷ་ཆེན་མོ། ཐབ་ལྷ་ཡུ་མོ། སྒྱེད་ལྷ་སྤུན་གསུམ། བང་ལྷ་གྲུ་བཞི་འཁོར་དང་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་དང་། །དེང་གི་གནས་མཆོད་དམ་པ་འདིར་སྐྱིད་མོ་མཚོས་སྐྱིད་དུ་ཆུག་ཅིག །གང་མོ་གཟའ་གང་དུ་ཆུག་ཅིག དཔའ་མོ་གཟས་དཔལ་སྐྱེད་ཅིག བཀྲ་ཤིས་གཟས་གཡང་སྐྱེད་ཅིག སླ་ང་ཚག་མ་བཅད། རང་འཐག་འུར་མ་བཅད། གསེ་གཏུབ་རྡིག་མ་བཅད། དཀར་ཀྱི་རྒྱུན་མ་བཅད། མངར་གྱི་ཡམ་མ་བཅད། དམར་གྱི་སྦུབས་མ་བཅད། གསུར་གྱི་དྲི་མ་བཅད། ཇ་ཆང་རྒྱུན་མ་བཅད། དབྱར་ཞོ་མལ་དུ་ཞོ་མ་བཅད། དགུན་ཆང་མལ་དུ་ཆག་མ་བཅད། སྟོན་ནས་མལ་དུ་ནས་མ་བཅད། དཔྱིད་ཇ་མལ་དུ་ཇ་མ་བཅད། །ནང་ནུབ་ཟས་མལ་དུ་ཟས་མ་བཅད། །ཟངས་དཀར་འོ་མ་ལུད་བཞིན་དུ་ཇེ་དཀར་དང་ཇེ་མཐོལ་ཐོང་ཞིག གངས་དཀར་ལ་ཁ་བ་བབ་པ་བཞིན་དུ་ཇེ་དཀར་དང་ཇེ་ལེགས་ལ་ཐོང་ཞིག སྟོན་ཀའི་ལོ་ཏོག་ལེགས་པ་བཞིན་དུ་ཇེ་བཟང་དང་ཇེ་ལེགས་ལ་ཐོང་ཞིག །སྐྱིད་པ་དེའི་མགྲོན་ལ་འཚོགས་པ་བཞིན་དུ་ཇེ་དགའ་དང་ཇེ་སྐྱིད་ལ་ཐོང་ཞིག ནམ་གཞག་གཏན་དུ་བཀྲ་ཤིས་དང་བདེ་ལེགས་


LRD005_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས་པར་མཛོད་ཅིག །ཧོཿ མཐུ་དཔལ་ཆེན་པོས་སྒོ་བཞི་སྲུང་བའི་སྒོ་བ་ལྕགས་ཀྱུ་མ། ཞགས་པ་མ། ལྕགས་སྒྲོག་མ། དྲིལ་བུ་མ་འཁོར་དང་བཅས་པའི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་དང་། དེང་གི་གནས་མཆོག་དམ་པ་འདིའི་ནང་གི་སྨུག་པོ་ཕྱིར་མ་བཏང་། ཕྱི་མི་སྐྱ་པོ་ནང་དུ་མ་བཏང་། ཕུག་ནས་རོ་མ་བཏང་། མདའ་ནས་དམག་མ་བཏང་། ནང་ནས་སྟོར་རླག་མ་བཏང་། ཕྱི་ནས་གླེག་མོ་མ་བཏང་། མི་ཁ་དང་དགྲ་ཁ་མ་བཏང་། །དེས་ལན་དང་དེས་ཉེས་མ་བཏང་། རྐྱེན་ནང་དང་བར་ཆད་ཐམས་ཅད་ཀྱི་སྒོ་སྔོམས། སྡུག་བསྔལ་དང་ཉེས་པ་ཐམས་ཅད་ཀྱི་བྱུར་ཕུད། ལེགས་པ་དང་བཀྲ་ཤིས་ཐམས་ཅད་ཀྱི་སྒོ་ཕྱེས། སྐྱིད་པ་དང་བདེ་ལེགས་ཐམས་ཅད་ཀྱི་མགྲོན་པས། །ཉིན་གསུམ་གྱི་བྱ་ར་གྱིས། མཚན་གསུམ་གྱི་མེ་ལ་ཚེ་གྱིས། རྟག་ཏུ་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛོད་ཅིག ཧོཿ མཆོད་སྦྱིན་སོ་སོའི་དུས་ལས་ཡོལ་བ། དམ་ཚིག་དབང་གི་གནས་འདིར་བྱོན་ལ། གློ་བུར་དུ་ལྷག་པའི་མགྲོན་ཏིགས་ལྷ་མཐུ་བོ་ཆེ། ཀླུ་མཐུ་བོ་ཆེ། བདུད་མཐུ་བོ་ཆེ། བཙན་མཐུ་བོ་ཆེ། གནོད་སྦྱིན་མཐུ་བོ་ཆེ། སྲུང་མ་མཐུ་བོ་ཆེ་རྣམས་དང་། གཞན་ཡང་ཁམས་གསུམ་རིགས་དྲུག་གི་བསྡུ་བའི་མགྲོན་རིགས་གློ་བུར་དུ་ལྷག་པ་ཐམས་ཅད་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། མགྲོན་ནོ། བསྔོ་འོ། དེ་དག་ཐམས་ཅད་ཀྱི་སྤྱན་ལམ་དུ་སོ་སོར་ཅི་ལ་ཅི་དགྱེས་པ། གང་ལ་གང་དགའ་བ་དེ་ལྟ་བུའི་བཟའ་བཏུང་དང་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་ཞིག་ནམ་མཁའི་མཐས་གཏུགས་པའི་ཇི་སྲིད་དུ་འབྱུང་ཞིང་རྒྱས་པ་གྱུར་ཅིག དེ་ལྟར་གྱུར་ནས་ཀྱང་སྒྲུབ་པོ་སོ་སོའི་རྣམ་པར་ཐར་པ་དང་རྗེས་སུ་འཚམས་པའི་ལས་མཛད་དེ། བདག་ཅག་ཡོན་མཆོད་འཁོར་དང་


LRD005_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པའི་རེ་བ་ཐམས་ཅད་བསྐང་ཞིང་ནད་དང་གདོན་དང་བགེགས་དང་བར་དུ་གཅོད་པ་ལ་སོགས་པ་མི་མཐུན་པའི་རྐྱེན་ཐམས་ཅད་བསལ་ཏེ་ཚེ་དང་དཔལ་དང་འབྱོར་བ་ལ་སོགས་པའི་མཐུ་རྐྱེན་ཐམས་ཅད་ཡིད་བཞིན་དུ་བསྒྲུབས་ནས། མགོན་སྐྱབས་དཔུང་གཉེན་དམ་པ་མཛད་པ་དང་། དེང་གི་གནས་མཆོད་དམ་པ་འདིར་ཡང་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། སྔོན་གྱི་དམ་ཚིག་ཆེན་པོའི་དབང་གིས་ལྷག་པའི་མཆོད་སྦྱིན་མགྲོན་དུ་བྱོན་པ་ལྷ་དང་ཀླུང་དང་གནོད་སྦྱིན་དང་དྲི་ཟ་དང་གྲུབ་བུམ་དང་མ་མོ་དང་མཁའ་འགྲོ་མ་ལ་སོགས་པ་རྣམས་དང་། གཞན་ཡང་ལས་ཀྱི་དབང་གིས་ལྷག་མ་ལ་དབང་བའི་ཡི་དྭགས་ལ་ལོགས་པ། འགྲོ་བ་སོ་སོའི་རིགས་སུ་གཏོགས་པ་ཐམས་ཅད་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། དེ་ཐམས་ཅད་ཀྱི་གནས་རིས་དང་ལོངས་སྤྱོད་སོ་སོར་གང་ལ་གང་མོས་པ་ཅིལ་ཅི་བ་སྒྲུབ་པ་སོ་སོའི་རྣམ་པར་ཐར་བ་དང་མཐུན་པོ་ནམ་མཁའི་མཐའ་ཀླས་པ་ཕྱི་མའི་མཐའི་མུར་ཐུག་བཟའ་བཏུང་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་བར་གྱུར་ཅིག དེ་ལྟར་གྱུར་ནས་ཀྱང་སོ་སོའི་དམ་ཚིག་བཞིན་རྗེས་སུ་མཐུན་པའི་ལམ་མཛད་དེ། བདག་ཅག་ཡོམ་མཆོད་འཁོར་དང་བཅས་པའི་ནད་དང་། གདོན་དང་། བགེགས་དང་། བར་དུ་གཅོད་པ་ཞི་ཞིན་ཚེ་དང་དཔལ་དང་འབྱོར་བ་ཕུན་སུམ་ཚོགས་པ་ལ་སོགས་པ་རེ་སྨོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་ནས། དེང་གི་གནས་མཆོད་དམ་པ་འདིར་ཡང་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། དེ་ནས་དཀྱིལ་རྩེ་བཞག་པ་དེ་བཅད་ཁམ་དུ་བྱས་པ་ཕུལ་ལ། ཧོཿ རྗེ་བཙུན་དམ་པའི་མངའ་བདག་ཆེན་པོ། བླ་མ་ཡི་དམ་དཀྱིལ་འཁོར་ཀྱི་ལྷ་ཚོགས་མཁའ་འགྲོ་དམ་དམ་ཅན་རྒྱ་མཚོའི་མགྲོན་ནས་བཟུང་སྟེ། ལྷ་ཀླུ་གནོད་སྐྱིན་ལྷག་མའི་མགྲོན་རིགས་ཡན་ཆད་དེང་གི་གནས་མཆོག་དམ་པ་འདིར་ཡང་མཆོད་སྦྱིན་དམ་པའི་མགྲོན་དུ་


LRD005_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་བ་ཐམས་ཅད་ཀྱི་མངའ་རིས་དང་སྐྱན་ལམ་དུ། དང་པོར་ནི་ཕུད་ཀྱིས་མཆོད། བར་དུ་ནི་ཚོགས་ཀྱིས་མཆོད། ཐ་མར་ནི་ལྷག་མས་མཚན་ནས་སོ་སོའི་ཕྲིན་ལས་མཛད་པར་བསྐུར་ཞིང་། ཁྱད་པར་དུ་ཡང་ཕུད་དང་གཙང་མར་སྦྱར་བས་སྔ་མ་ལེགས་པའི་གཏང་རག་ཏུ་འབུལ་ལོ། ཕྱི་མ་ལེགས་པའི་ཞུ་འབུལ་དུ་གསོལ་ལོ། ད་ལྟ་ལེགས་པའི་དྲིན་ལན་དུ་མཆོད་དོ། རྟག་ཏུ་ལེགས་པའི་མཆོད་སྦྱིན་དུ་མགྲོན་ནོ། འདི་ཕྱི་ལེགས་པའི་བསོད་ནམས་སུ་བསྔོའོ། མགྲོན་རིགས་ཁྱད་པར་ཅན་ཁྱོད་རྣམས་ཀྱིས་དགྱེས་པ་ཆེན་པོས་བཞེས་ཏེ། སོ་སོའི་གཡར་དམ་བཞིན་ཕྲིན་ལས་མཛད་པར་བསྐུལ་གྱིས། སྔོན་གྱི་དམ་ཚིག་ཆེན་པོ་རྗེས་སུ་དྲན་པར་མཛོད་ལ། སངས་རྒྱིས་ཀྱི་བསྟན་པ་འཁོར་རྣམས་བཞི་གཙུག་ལག་ཁང་དང་བཅས་པ་སྐྱོང་ཞིང་ཡུལ་འཁོར་སྲུང་བའི་ལས་མཛོད་ལ་ཡུལ་ཁམས་ཐམས་ཅད་ཀྱི་ལོ་ཕྱུགས་ལེགས་ཤིང་འཁྲུགས་འཚེ་མེད་པར་དགེ་དངོས་སྐྱོད་ཅིང་རྟག་ཏུ་བདེ་བ་དང་། ལྷ་དང་མིའི་དཔལ་ཕུན་སུམ་ཚོགས་པས་བདེ་ཞིན་སྐྱིད་པར་མཛད་དུ་གསོལ་ལོ། ཁྱད་པར་དུ་ཡང་བོད་ཁ་བ་ཅན་གྱི་རྒྱལ་ཁམས་སྔོན་གྱི་རྒྱལ་པོས་གཉེར་དུ་བཞེས་པའི་ཡུལ་ཁམས་ཆེན་པོ་འདིར་རྒྱ་དང་ཧོར་དང་སོགས་པོ་ལ་སོགས་པ་མཐའི་དམག་དང་འབྱུང་པོ་ཆེན་པོ་བཀྲ་མི་ཤིས་པ་གཏོང་བ་ཐམས་ཅད་ཕྱིར་བཟློག་ཅིང་བསྒྱུར་དུ་གསོལ་ལ། ཕྱི་འཁྲུག་དང་ནང་འཁྲུག་དང་ནད་དང་འཚོ་བ་ཐམས་ཅད་ཞི་བར་མཛད་དུ་གསོལ་ལོ། ལོ་ཕྱུགས་རྟག་ཏུ་ལེགས་པ། ཆར་ཆུ་དུས་སུ་འབབ་པ། ནད་མཚོན་མུ་གེ་མེད་པ། མི་རྣམས་དགེ་དངོས་སྤྱོད་པ། ཡུལ་རྣམས་དར་ཞིང་རྒྱས་པ། བཀའ་ཁྲིམས་ཆོས་ལ་གནས་པ། སྡི་དགོན་དསོད་ནམས་རྒྱས་པ། དཀོན་མཆོག་བསྟན་པ་དར་བ། རྒྱལ་ཁམས་ཀུན་ཏུ་བདེ་བ། རྟག་ཏུ་བཀྲ་ཤིས་འབྱུང་བར་མཛད་དུ་གསོལ། ཁྱད་པར་དུ་ཡང་བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་མི་ལ་ན་ཚ་མ་བཏང་། ཕྱུགས་ལ་ཁོང་ཁ་མ་བཏང་། ནོར་རྫས་ལ་


LRD005_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

སྟོར་རླག་མ་བཏནང་། མངའ་རིས་ལ་ཤོར་གོད་མ་བཏང་། བརྒྱ་ཁམས་གིས་གླིང་དུ་མ་འཇུག སྟོང་མིག་མང་གིས་བལྟ་རུ་མ་གཞུག རང་བས་ཞན་པས་བརྙས་སུ་མ་གཞུག ལུས་ལན་ཚ་མ་བཏང་། སེམས་ལ་སྡུག་བསྔལ་མ་བཏང་། བསམ་པ་བར་ཆད་མ་བཏང་། དེས་ལན་དང་དེས་ཉེས་མ་བཏང་། ཁ་སྨྲས་དང་གླེང་ཆོ་མ་བཏང་། ཕྱི་ནང་གི་འཁྲུག་འཚེ་མ་བཏང་། རྐྱེན་ངན་དང་བར་ཆད་མ་བཏང་། ཆག་ཆེ་དང་ཉམས་ང་མ་བཏང་། རྦད་འདྲེ་དང་རྦོད་གཏོང་མ་བཏང་། །ཕུར་ཁ་དང་ཟོར་ཁ་མ་བཏང་། གཞང་ཡང་ཉིན་གསུམ་ཀྱི་བྱ་ར་མཛོད་ཅིག མཚན་གསུམ་གྱི་མེ་ལ་ཚེ་མཛོད་ཅིག མདུན་གྱི་འཁར་བ་མཛོད་ཅིག རྒྱབ་ཀྱི་བརྟེན་སོ་མཛོད་ཅིག ལྟ་འི་མིག་མཆོད་ཅིག །སེམས་པའི་སྙིང་མཛོད་ཅིག མགོན་སྐྱབས་དཔུང་གཉེན་མཛོད་ཅིག གཞན་ཡང་སྔ་དགེ་དར་བ་རྩ་བ་ནས་ཆོད་ཅིག ཕྱི་དགེ་སེམས་པ་རྡུལ་དུ་རློག་ཅིག །ད་དགེ་བསྔོ་བ་ཕྱེ་མར་ཐོང་ཞིག དམ་ཉམས་དགྲ་བོའི་སྡེ་དཔུང་དཀྲུགས་ཤིག གཞན་གྱི་དམག་དཔུང་རུ་མཚོན་ཆོག་ཅིག །རང་ཕྱོགས་རྒྱལ་བའི་བ་དན་ཕྱོར་ཅིག །གཞན་ཡང་དམག་ལ་འགྲོན་ན་དམག་དཔོན་གྱིས་ཤིག །ཇག་ལ་འགྲོ་ན་ཇག་དཔོན་གྱིས་ཤིག །ཚོང་ལ་འགྲོ་ན་ཚོང་དཔོན་གྱིས་ཤིག །ལམ་འཕྲང་ལ་འགྲོ་ན་སྐྱེལ་བསུ་གྱིས་ཤིག །ཆུ་ལ་འགྲོ་ན་སྒྲོལ་འདོན་མཛོད་ཅིག །ཕྱོགས་སུ་འགྲོན་ལེགས་པར་སྐྱོབས་ཤིག །གཞི་ལ་སྡོད་ན་ལེགས་པར་སྲུངས་ཤིག །མངའ་ཐང་འབྱོར་བ་ཕྱོགས་བཅུར་སྤེལ་ཞིག །མི་མཉམ་པ་དང་མཉམ་དུ་ཆུག་ཅིག མཉམ་གཉིས་གོང་གི་སྟེང་དུ་སྐྱོལ་ཞིག །སྙན་པའི་གྲགས་པ་ཕྱོགས་བཅུ་སྒྲོགས་ཤིག །ཐམས་ཅད་བདག་གི་དབང་དུ་སྡུས་ཤིག །རྒྱལ་ཁམས་ཆེན་པོའི་ཁ་ལོ་སྒྱུར་ཅིག །འདོད་རྒུའི་དངོས་པོ་ཆར་བཞིན་ཕོབ་ཅིག །བསམ་རྒུའི་རེ་བ་ཡིད་བཞིན་དུ་སྒྲུབས་ཤིག །བཀྲ་ཤིས་


LRD005_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འབར་བདེ་སྐྱིད་མཛོད་ཅིག །དེང་གི་གནས་མཆོག་དམ་པ་འདིར་ཡང་རྟག་ཏུ་དགེ་ཞིང་བཀྲ་ཤིས་པའི་ཕྲིན་ལས་གཉེན་པོ་མཛོད་ཅིག ཧོཿ བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་ཐམས་ཅད་དགུང་སྔོན་མཐོན་པོ་བས་འཕང་མཐོ་བར་མཛོད་ཅིག་རྒྱ་མཚོ་ཆེན་པོ་བས་ཀློང་ཡངས་བར་མཛོད་ཅིག རི་རྒྱལ་རི་རབ་བས་བརྗིད་ཆེ་བར་མཛོད་ཅིག །ཉི་ཟླ་གཟའ་སྐར་བས་འཁོར་མང་བར་མཛོད་ཅིག །ལྷ་དབང་རྒྱ་བྱིན་བས་བཀའ་བཙན་པས་མཛོད་ཅིག །གླིང་བཞི་གླིང་ཕྲན་བས་གནས་མང་བར་མཛོད་ཅིག །འཁོར་ལོས་སྒྱུར་རྒྱལ་བས་མངའ་ཐང་ཆེ་བར་མཛོད་ཅིག །གཡུ་འབྲུག་སྔོན་པོ་བས་སྒྲ་ཆེ་བར་མཛོད་ཅིག །དཔག་བསམ་ཤང་ཆེན་བསད་དཔལ་རྒྱས་པར་མཛོད་ཅིག བུམ་པ་བཟང་པོ་བས་འདོད་རྒུ་འབྱུང་བར་མཛོད་ཅིག ནོར་བུ་བསམ་འཕེལ་བས་བཀྲ་ཤིས་པར་མཛོད་ཅིག ཧོཿ ལས་དང་སྨོན་ལམ་མཐུན་པས་མཆོད་སྦྱིན་དམ་པའི་མགྲོན་དུ་གྱུར་པ། །སྙིང་རྗེའི་ཡུལ་དང་ཞིང་དུ་གྱུར་པ། ཁས་ལེན་པ། དབང་ཆུང་བ། ལྷག་མ་བཤལ་ཆུ་ལ་རེ་བ་ཐམས་ཅད་ཀྱི་མངའ་རིས་དང་སྤྱན་ལམ་དུ་གཙང་མ་ཕུད་ཀྱི་མཆོད་པ་དམ་པ་འབུལ་ལོ། གསོལ་ལོ། མཆོད་དོ། མགྲོན་ནོ། བསྔོའོ། མཆོད་སྦྱིན་དམ་པ་འདི་བསྔོས་པས་སོ་སོའི་མངའ་རིས་སུ་གང་ལ་ཅི་དགའ་བ་འདོད་པའི་ཡོན་ཏན་ལྔ་ཆར་བཞིན་བབས་ཏེ་མཉམ་ཞིང་སྙོམས་པ་སོ་སོར་ཐོབ་ནས་ཕྱི་མའི་མཐའི་མུར་ཐུག་པར་ལོངས་སྤྱོད་ཟད་མེ་ཤེས་པའི་གཏེར་དུ་གྱུར་ཏེ། དབུལ་ཞིང་ཕོངས་པ་ཐམས་ཅད་དང་བྲལ་ནས་རྟག་ཏུ་བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག དེ་ལྟར་གྱུར་ནས་ཀྱང་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་ཐོར་པར་གྱུར་ཅིག །བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་རེ་སྨོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་ཅིང་། དེང་གི་གནས་མཆོག་དམ་པ་འདིར་ཡང་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་གྱུར་ཅིག ཅེས་བརྗོད་དོ། དེ་ནས་


LRD005_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་པའི་སྟོབས་བརྗོད་པ་ནི། ན་མོ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་དག་པའི་བྱིན་རླབས་དང་། གསང་སྔགས་དང་རིགས་སྔགས་དང་ཕྱག་རྒྱ་ཕུན་སུམ་ཚོགས་པའི་མཐུ་དང་། བདག་གི་མོས་པ་དང་། ཏིང་ངེ་འཛིན་དང་སྨོན་ལམ་གྱི་དབང་གིས་མཆོད་སྦྱིན་དམ་པའི་མགྲོན་རིགས་སོ་སོའི་མངའ་རིས་དང་སྤྱན་ལམ་དུ་གནས་དང་། གོས་དང་། རྒྱན་དང་། བཟའ་བཏུང་ལ་སོགས་པ་འདོད་པའི་ཡོན་ཏན་ལྔས་བརྒྱན་པ། སོ་སོར་གང་ཅི་དགའ་བའི་དངོས་པོ་དབང་པོ་དྲུག་གི་སྤྱོད་ཡུལ་དུ་འཚམས་ཤིང་ཚིམ་པར་བྱེད་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་དཔག་བསམ་གྱི་ཤིང་ལ་སོགས་པ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྱིན་ཕུང་ཆེན་པོ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཞིག་ནམ་མཁའི་མཐའ་ཀླས་པར་ཕྱི་མའི་མུར་ཐུག་པའི་སྐལ་བ་དང་སྤྱོད་པ་གྲངས་མེད་པ་འཁོར་བའི་མཐར་གཏུགས་ཀྱི་བར་དུ་འབྱུང་ཞིང་གནས་པ་གྱུར་ཅིག མགྲོན་རིགས་སོ་སོའི་སྤྱན་ལམ་དུ། མཆོད་སྦྱིན་དམ་པ་འདི་བསྔོས་པས། རྒྱལ་བ་མཆོད་པས་མཉེས་གྱུར་ཅིག །དམ་ཅན་ཐུགས་དམ་བསྐང་གྱུར་ཅིག །བུ་ལོན་ལན་ཆགས་འཁོར་གྱུར་ཅིག །ཡིད་ལ་བསམ་པ་འགྲུབ་གྱུར་ཅིག །བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །འཇིག་རྟེན་ཁམས་འདིར་མ་ལུས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བརྗོད་དོ། །དེ་ནས་ཆོས་ཀྱི་སྦྱིན་པ་ནི། །མཆོད་སྦྱིན་བཟང་པོའི་མགྲོན་དུ་སྤྱན་


LRD005_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་པའི། །བསོད་ནམས་དགའ་བདེ་དགེ་བ་ཀུན་གསོན་ཅིག །འཇིག་རྟེན་མཐའ་ཡས་སྔ་ཕྱིའི་རྒྱུད་བལྟས་ན། །སངས་རྒྱས་འཇིག་རྟེན་འབྱུང་བ་འང་ཤིན་ཏུ་དཀོན། །དགེ་བའི་བཤེས་དང་འཕྲད་པའམ་ཤིན་ཏུ་དཀོན། །མཐོ་རིས་བདེ་འགྲོ་ལུས་རྙེད་རབ་ཏུ་དཀའ། །དབང་པོ་རྫོགས་པའི་ལུས་རྙེད་རབ་ཏུ་དཀའ། །བདེ་བླག་མཉམ་བག་ལུས་རྙེད་རབ་ཏུ་དཀའ། །གྲོགས་བཟང་མཐུན་པ་རྙེད་པའང་རབ་ཏུ་དཀའ། །དད་པའི་ཆུ་རླབས་གསོ་བ་བརྒྱ་ལམ་ན། །འཕགས་རྒུ་བསྙེན་བཀུར་མཉེས་བྱད་བརྒྱ་ལམ་ན། མཆོ་སྦྱིན་ཆེན་པོ་མཐོང་བའང་བརྒྱ་ལམ་ན། འཆི་བདག་གནས་བབ་སྡེ་ཆེན་དེ་དག་དང་། །བདག་ཅག་ཡིད་གཅུགས་བཤེས་པ་ཡིན་པས། །དེ་རིང་སང་ཙམ་འཆི་ཡང་སུས་ཤེས་ཀྱི། །གཤིན་རྗེ་ཞགས་པ་ནག་པོས་མ་ཟིན་ཅིང་། །ན་རྒ་འཆི་བའི་རོ་བོས་མནོན་པར། །ཚེ་རབས་ཕྱི་མའི་ཆོས་སྲིད་དམ་པའི་ཆོས། །ཐོག་མ་བར་དང་ཐ་མར་དགེ་བ། །མངོན་མཐོ་ངེས་ལེགས་ཆོས་ལ་སྤྱད་པར་མཛོད། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པྲ་སྤྱད། །རང་གི་སེམས་ནི་ཡོངས་སུ་དུལ། །གཞན་གྱི་སེམས་ནི་དཀྲུགས་མི་བྱ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་རྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་འབྱུང་། །ངོ་བོ་མེད་ཅིང་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅན་དོན་ལས་ཉམས་མེད་བྱ། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །དེ་ལྟར་ཆོས་དང་ཟང་ཟིང་གི་སྦྱིན་པས་ཚོགས་རྣམ་གཉིས་རྫོགས། སྒྲིབ་པ་རྣམ་གཉིས་བྱང་ནས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག །


LRD005_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་བརྗོད་དོ། དེ་ནས་བཟོད་པར་གསོལ་ཞིང་གཤེགས་སུ་གསོལ་བ་ནི། །གང་ཡང་བདག་ཅག་སྙིགས་མའི་དུས་ཀྱི་ལས་དང་པོ་བའི་སེམས་ཅན་དུ་གྱུར་པ་ལགས་པས་གཞུང་བཞིན་དུ་ཡོ་བྱད་མ་འབྱོར་བ་དང་། ཏིང་ངེ་འཛིན་མི་གསལ་བས་ཆོ་ག་མ་དག་ཅིང་འགལ་འཁྲུལ་ནོར་བའི་ཆར་གྱུར་བ་ཐམས་ཅད་མགྲོན་རིགས་ཁྱད་པར་ཅན་ཁྱེད་རྣམས་ཀྱིས་བཟོད་པ་དམ་པ་བཞེས་སུ་གསོལ། གཙོ་བོ་ནུས་པ་མ་མཆིས་པས། མ་མབྱོར་བ་རྙིང་མ་ཆེང་བ། འདིར་ནི་བགྱི་བ་གང་ནོངས་པ། དེ་ཀུན་བཟོད་པར་མཛད་དུ་གསོལ། གང་ཡང་བདག་བློ་གཏི་མུག་པས། །ལེགས་སྦྱང་འདི་ལ་ཉེས་བྱས་གང་། ནོངས་པ་གྱིས་དང་བགྱིད་སྩལ་བ། དེ་ཀུན་མགོན་པོས་བཟོད་པ་གསོལ། ཨོཾ། རྣམ་དག་དགེ་བ་མཆོད་སྦྱིན་དམ་པའི་མགྲོན། །མཉེས་ཤིང་ཚིགས་ནས་ཕན་བདེའི་དཀའ་སྟོན་སྩོལ། །རང་རང་གནས་སུ་སོ་སོར་གཤེགས་ནས་ཀྱང་། །སླར་ཡང་ཐུགས་རྗེས་འབྱོན་པར་མཛད་དུ་གསོལ། ཨོཾ། ཁྱེད་ཀྱིས་སེམས་ཅད་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤིགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །འཇིག་རྟེན་འདས་དང་མ་འདས་པའི། །འགྲོན་རིགས་མ་ལུས་ཐམས་ཅད་ཀུན། །རང་རང་བདེ་བར་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཨོཾ་བཛྲ་མུཿ སརྦ་ལོ་ཀ་གཙྪ། ཞེས་བརྗོད་དོ། དེ་ནས་བསྔོ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་གྱི་ནམ་མཁར་བསམ་ལ་ཐལ་མོ་སྦྱར་ཏེ། ཧོཿ ཕྱོགས་བཅུ་ན་བཞུགས་པའི་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་གི་དུས་གསུམ་དུ་འབྲེལ་བར་བསགས་པའི་དགེ་བའི་རྩ་བ་རྣམས་དང་ཁྱད་པར་དུ་གཙང་མ་ཕུད་ཀྱི་མཆོད་སྦྱིན་དམ་བས་མཆོད་པའི་དགེ་བའི་རྩ་བ་འདི་ལ་བརྟེན་ནས་བདག་དང་སྦྱིན་པའི་བདག་པོས་གཙོ་བྱས་


LRD005_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁའི་མཐར་ཀླས་པའི་སེམས་ཅན་ཐམས་ཅད་དང་ཐུན་མོང་གཅིག་ཏུ་བྱས་ཏེ་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག དེ་མ་ཐོབ་ཀྱི་བར་དུ་སྐྱེ་བ་དང་སྲིད་པ་ཐམས་ཅད་དུ་ཡང་མཐོ་རིས་ལྷ་དང་མིའི་ལུས་ཁྱད་པར་ཅན་ཡོན་ཏན་བདུན་དང་ལྡན་པ་ཐོག་པར་གྱུར་ཅིག དུས་གསུམ་གྱི་དགེ་བའི་རྩ་བ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཏེ། ཆོས་ཀྱི་དབྱིངས་མཉམ་པར་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོ་ལ་འདོད་པར་གྱུར་ཅིག དེ་ལྟར་མ་གྱུར་ཀྱི་བར་དུ་གནས་སྐབས་ཚེ་འདི་ཉིད་ལའང་ནད་ཀྱི་རིགས་སུ་གྱུར་པ། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བན་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པ་ལ་སོགས་པ་ནད་བཞི་བརྒྱ་རྩ་བཞི་ཞི་བར་གྱུར་ཅིག གདོན་གྱི་རིགས་སུ་གྱུར་པ། ལྷའི་གདོན་དང་། ཀླུའི་གདོན་དང་། ལྷ་མ་ཡིན་གྱི་གདོན་དང་། ནམ་མཁའ་ལྡིང་གི་གདོན་དང་། རླུང་ལྷའི་གདོན་དང་། མིའམ་ཅིའི་གདོན་དང་། ལྟོ་འཕྱེ་ཆེན་པོའི་གདོན་ལ་སོགས་པ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ཞི་བར་གྱུར་ཅིག འཕྲལ་གྱི་རྐྱེན་ལས་གྱུར་པ། རྨི་ལམ་ངན་པ། ལྟས་ངན་པ། མཚན་མ་ངན་པ། གཞན་གྱི་བསམ་པ་ངན་པ། སྦྱོར་བ་རྩུབ་པ་ལ་སོགས་པ་ཆག་ཆེ་བ། ཉལ་ང་བ། བདུད་དང་བར་ཆད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ཞི་བར་གྱུར་ཅིག ཚེ་དང་དཔལ་དང་འབྱོར་བ་ལ་སོགས་པ་མཐུན་པའི་རྐྱེན་རྣམས་ཡིད་བཞིན་དུ་འགྲུབ་པར་གྱུར་ཅིག ཉི་མ་དང་ཟླ་བ་གཟའ་སྒྲ་གཅན་ལས་ཐར་བ་བཞིན་དུ་བདུད་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ནས་ཤིན་ཏུ་བཀྲ་ཤིས་བར་གྱུར་ཅིག དེ་ནས་བཀྲ་ཤིས་བྱ་བ་ནི། ས་གཞི་དང་བར་སྣང་ཐམས་ཅད་བཀྲ་ཤིས་ཀྱི་ལྷས་ཁེངས་པས་བསམ་ལ། མཚམས་སུ་མེ་ཏོག་གི་ཆར་དང་རོལ་མོའི་འབུད་དཀྲོལ་བྱ་ཞིང་འདི་སྐད་དོ། ཨོཾ་ཡེ་དྷཱ་རྨཱ་སོགས་དང་། ཨོཾ། བཀྲ་ཤིས་དམ་པ་དངོས་གྲུབ་ཆར་འབེབས་པ། །རྒྱལ་བ་དགོངས་རྒྱུད་རིག་འཛིན་


LRD005_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

བརྡ་བརྒྱུད། གང་ཟག་སྙན་བརྒྱུད་བླ་མའི་བཀྲ་ཤིས་གང་། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །བཀྲ་ཤིས་དམ་པ་ལེགས་རྒུ་འབྱུང་བ་ཡི། །ཞི་ཁྲོ་རབ་འབྱམས་ཡི་དམ་ལྷ་ཚོགས་དང་། །མཁའ་འགྲོ་དམ་ཅན་རྒྱ་མཚོ་བཀྲ་ཤིས་གང་། བཀྲ་ཤིས༴ ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་བི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །བཀྲ་ཤིས་དམ་པ་དེས་ནི་སྐྱེ་རྒུའི་ཞི་བྱད་དང་པོའི། དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། འཇིག་རྟེན་གསུན་ན་གྲགས་ཤིན་ལྷ་དང་མིས་མཆོད་པ། ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པ། འདི་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། རག་བདུན་དམ་པའི་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག མི་དང་ལྷ་དང་ལྷ་མ་ཡིན་གྱིས་མཆོད་པའི་གནས། ཚོགས་ཀྱི་མཆོད་རབ་ངོ་ཚ་ཤེས་དང་དཔལ་གྱི་ཞིང་། །འདི་ནི་འཇིར་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། སངས་བསོད་ནམས་ཆེན་པོའི་མཐུ་སྟོབས་དང་། །ལྷ་རྣམས་ཀུན་གྱིས་ལེགས་པར་བསམ་པ་དང་། །གསང་སྔགས་རིག་སྔགས་རྣམས་ཀྱི་བྱིན་རླབས་དང་། །བདེན་པར་སྨྲ་བ་རྣམས་ཀྱི་བདེན་ཚིག་གི །བཀྲ་ཤིས་དེས་ཀྱང་དེས་འདིར་བདེ་ལེགས་ཤོག །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་། །བརྒྱུད་འཛིན་ཉི་ཟླ་བཞིན་དུ་བསལ་བ་དང་། །སྙན་གྲགས་ནམ་མཁའ་བཞིན་དུ་ཁྱབ་པ་ཡི། །བཀྲ་ཤིས་རིག་ཀྱང་དེང་འདེར་བདེ་ལེགས་ཤོག །བགེགས་རིགས་སྲོང་ཕྲག་བརྒྱད་ཅུ་ཞིབ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །མཐུན་པ་འགྲུབ་ཅིང་ཕུན་སུམ་ཚོགས་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདི་བདེ་ལེགས་ཤོག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐོག་པ་མཆོག་ལ་ངེས་པ་འབྱུང་བ་


LRD005_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་སྲུང་བ་དང་། །བཟོད་པ་སྒོམ་ཞིང་བརྩོན་འགྲུས་རྩོམ་པ་དང་། །མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་པ་ཡི། །བཀྲ་སིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འབྱུང་པོ་གང་དག་འདྲ་ནི་ལྷགས་གྱུར་ཏེ། །སའམ་འོན་ཏེ་རབ་སྣང་འཁོད་ཀྱང་རུང་། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པ་ཤོག །གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །བདག་ཅག་ཡོན་མཆོག་འཁོར་དང་བཅས་པ་ཐམས་ཅད་ཉི་མ་དང་ཟླ་བ་གཟའ་སྒྲ་གཅན་གྱི་གནོད་པ་ལས་གྲོལ་བ་བཞན་དུ། །བདུད་དང་བར་ཆད་སྦང་བྱ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ནས་ཤིན་ཏུ་དགེ་ཞིང་བཀྲ་སིས་པར་གྱུར་ཅིག ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་གི་ཆར་དབབ་བོ། །དེ་ནས་དངོས་གྲུབ་ཀྱི་རྫས་ལ་རོལ་བ་ནི། །བསང་བ་ཤོས་བཅད་ཁམ་ཐལ་མོ་བཀན་པའི་སྟེང་དུ་བཟུང་ལ། ཨ་ལ་ལ་ཧོ། གངས་ཀྱི་ཐིགས་པ་ནི་ཉུང་ཉུང་འདྲ་སྟེ་མང་། རྗེ་ཡི་བཀའ་འབབ་ནི་ཆུང་ཆུང་འདྲ་སྟེ་ཆེ། །མཆོད་སྦྱིན་བཟང་པོའི་དཀའ་སྟོན་ནི་དངོས་གྲུབ་ཡིན་ཚད་ཀྱི་རྒྱུང་འཚལ་བས། དངོས་གྲུབ་ཆེན་པོ་སྩལ་དུ་གསོལ། །ཞེས་བརྔོད་ལ་ཉེ་འཁོར་དང་ནང་མི་ཀུན་ལ་བསང་རས་ཟང་སྣ་ཆད་ཕུད་བཅས་ཚོགས་ཀྱི་དགའ་སྟོན་རྒྱ་ཆེན་པོ་བྱའོ། ཚུལ་འདི་རྫོགས་པ་ཆེན་པོའི་རྣལ་འབྱོར་མ། །ཀུན་མཁྱེན་རྒྱལ་སྲས་དྲི་མེདད་འོད་ཟེར་གྱིས། །སྔོན་གྱི་མཆོད་རབས་དམ་པའི་རྗེས་འབྲངས་ཏེ། །པདྨ་དབང་ཆེན་ཕུད་རབས་རྒྱས་པ་བཀོད། །ཁོ་བོ་སྔོན་སྦྱངས་ལས་ཀྱི་འཕྲོར་ལྡན་པས། །སྔགས་འཆང་རིགས་


LRD005_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཟང་པོའི་བརྒྱུད་པར་སྐྱེས། །རི་རབ་བསམ་པོར་སེམས་གཅན་ཕན་བ་དེ་བྱས། །ད་ལྟ་བསྡུས་ཞིས་སེམས་ཅན་དོན་བྱེད་ཅིང་། །དཀོན་མཆོག་གསུམ་ཆོད་གཙུག་ལག་གཉན་པོ་གསོ། ཞྭ་པདྨ་དབང་ཆེན་གྱི་གཙུག་ལག་ཁང་གི་སྲུང་མ་ཐམས་ཅད་ལ་མཆོད་གསོལ་ཕུད་རབས་རྒྱས་པ་འདི་ཉིད། །སྲུང་མ་ཐམས་ཅད་ལ་མཆོད་གསོལ་དང་ཕུད་རབས་ཀྱིས་དགྱེས་པ་བྱ་བའི་ཕྱིར་དུ། རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་ཀློང་ཆེན་རབ་འབྱམས་ཞེས་བྱ་བས །དབུ་རུ་ཞྭའི་གཙུག་ལག་ཁང་དུ་སྦྱར་བའོ། །དགེའོ། །


LRD005_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྒྱལ་བརྔན་ལོ་རྒྱས་དང་བཅས་པ།next