Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

9 occurrences of ཆུ་བཟང་
[Clear Hits]


  
  
 
དཔལ་དུས་ཀྱི་འཁོར་ལོའི་རིམ་གཉིས་འབྲོ་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་རྡོ་རྗེ་འབབས་པ་ཆེན་པོ།
  
 
  
  
 
  
  
 
  
  
  
  
 
  
  
  
  
  
 


9 occurrences of ཆུ་བཟང་
[Clear Hits]

 
previousདཔལ་དུས་ཀྱི་འཁོར་ལོའི་རིམ་གཉིས་འབྲོ་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་རྡོ་རྗེ་འབབས་པ་ཆེན་པོ།next

དཔལ་དུས་ཀྱི་འཁོར་ལོའི་རིམ་གཉིས་འབྲོ་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་རྡོ་རྗེ་འབབས་པ་ཆེན་པོ།


LT36_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་དུས་ཀྱི་འཁོར་ལོའི་རིམ་གཉིས་འབྲོ་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་རྡོ་རྗེ་འབབས་པ་ཆེན་པོ་ཞེས་བྱ་བ་བཞུགས་སོ།། །


LT36_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུྃ་ཧོཿཧྃཀྵ། རྣམ་ཀུན་མཆོག་ལྡན་ཐིག་ལེ་སྟོང་པ་དྲུག །འགྱུར་མེད་བདེ་བ་སྟོང་ཆེན་ཡི་གེ་ལྔ། །སྙོམས་ཞུགས་འོད་གསལ་བདེ་གཤེགས་སྙིང་པོ་ལ། །གསོལ་བ་འདེབས་སོ། །རྡོ་རྗེའི་ཡེ་ཤེས་སྩོལ། །ཐོག་མཐའ་དབུས་གནས་དུས་དང་ཡོན་ཏན་མེད། །སྐད་ཅིག་གཅིག་གིས་བྱང་ཆུབ་ཐམས་ཅད་མཁྱེན། །ཡེ་ཤེས་རྡོ་རྗེ་ཕྱག་རྒྱ་ཆེན་མོ་ལ། །གསོལ་བ་འདེབས་སོ༴ །མཆོག་ཏུ་མི་འགྱུར་སྐྱེ་འཇིག་སྤངས་པའི་བདེ། །རྣམ་པ་ལྔ་ཡིས་བྱང་ཆུབ་ཡེ་ཤེས་སྐུ། །ཐུགས་ཀྱི་རྡོ་རྗེ་དང་པོའི་སངས་རྒྱས་ལ། །གསོལ་བ༴ །གཞོམ་མེད་སྒྲ་བརྙན་བདེན་དོན་བཅུ་གཉིས་པ། །རྣམ་པ་ཉི་ཤུས་བྱང་ཆུབ་ཉིན་མོར་བྱེད། །གསུང་གི་རྡོ་རྗེ་དུས་ཀྱི་འཁོར་ལོ་ལ། །གསོལ་བ༴ །ཞི་བའི་གཟུགས་བརྙན་དེ་ཉིད་བཅུ་དྲུག་རིག །སྒྱུ་དྲྭས་བྱང་ཆུབ་པདྨ་འདབ་རྒྱས་སྤྱན། །སྐུ་ཡི་རྡོ་རྗེ་ཤཱཀྱ་ཐུབ་པ་ལ། །གསོལ་བ༴རྡོ་རྗེ་ཟླ་བ་དྲི་མེད་འོད་བཟང་པོ། །ལྷ་དབང་གཟི་བརྗིད་ཟླས་བྱིན་ལྷའི་དབང་ཕྱུག །སྣ་ཚོགས་གཟུགས་དང་ལྷ་ཡི་དབང་ལྡན་ལ། །གསོལ་བ༴། ས་བཅུའི་དབང་ཕྱུག་ཚོགས་ཀྱི་སྤྲུལ་པའི་སྐུ། །འཇམ་དཔལ་གྲགས་པ་པདྨ་དཀར་པོ་སོགས། །རིགས་ལྡན་ཉེར་ལྔ་ཕྱེད་སྐྱོང་དུམ་སྐྱོང་ལ། །གསོལ་བ༴ །འཇམ་པའི་རྡོ་རྗེ་རྒྱུད་ཀྱི་བདག་པོའི་བདག །ཤྲཱི་བྷ་དྲ་སེམས་འགྲེལ་མཁའ་ཁྱབ་སྤེལ། །རྡོ་རྗེའི་སྐུ་བརྙེས་


LT36_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཞབས་ཆེ་ཆུང་ལ། །གསོལ་བ༴ །བོ་དྷི་བྷ་དྲ་ལས་ཆེན་ཐོགས་མེད་འགྲུབ། །སོ་མ་ནཱ་ཐ་ཕྲ་རགས་ཟག་པ་ཟད། །མཆོག་གི་གྲུབ་པ་པ་ཆེན་རྣམ་གཉིས་ལ། །གསོལ་བ༴ །ཤེས་རབ་གྲགས་པ་གཞོམ་མེད་སྒྲ་སྐད་བསྒྱུར། །སྒོམ་པ་དཀོན་མཆོག་སྤྱན་ལྔ་ཆགས་མེད་འཆང་། །སྔགས་མཆོག་རིག་པའི་བདག་པོ་རྣམ་གཉིས་ལ། །གསོལ་བ༴ །སྒྲོ་སྟོན་གནམ་བརྩེགས་འཕོ་ཆེན་དྷཱུ་ཏིར་བཅིངས། །མི་བསྐྱོད་རྡོ་རྗེ་ཡེ་ཤེས་མཁའ་ལ་སྤྱོད། །ཉི་ཟླའི་བགྲོད་པ་དག་པ་རྣམ་གཉིས་ལ། །གསོལ་བ༴ །ཆོས་ཀྱི་དབང་ཕྱུག་གཉུག་མའི་ཆོས་གཏེར་བརྡོལ། །ནམ་མཁའ་འོད་ཟེར་མཁྱེན་རྟོགས་གཟི་འོད་འཕྲོ། །ལུང་རྟོགས་ཆོས་ཀྱི་ཕུང་པོ་རྣམ་གཉིས་ལ། །གསོལ་བ༴ །ཌཱ་ཀི་ཇོ་འབུམ་ལྷན་སྐྱེས་ལང་ཚོས་སྒེག །ནམ་མཁའ་རྒྱལ་མཚན་དུས་གསུམ་ས་ལེར་གཟིགས། །ཡེ་ཤེས་ལུས་ཅན་ལྕམ་དྲལ་རྣམ་གཉིས་ལ། །གསོལ་བ༴ །ཤེས་རབ་འོད་ཟེར་ཤེས་དང་ཤེས་བྱའི་བདག །ཆོས་སྐུ་འོད་ཟེར་འོད་གསལ་ཕྱག་རྒྱས་འཁྱུད། །མཆོག་ཐུན་གྲུབ་པའི་རྒྱལ་པོ་རྣམ་གཉིས་ལ། །གསོལ་བ༴ །ཀུན་སྤངས་ཆེན་པོ་ཕྲ་རབ་རྡུལ་ཆོས་སྤངས། །བྱང་སེམས་ཆེན་པོ་བྱམས་པའི་གོ་ཆས་གཡོགས། །རིགས་ལྡན་སྤྲུལ་པའི་སྐུ་མཆོག་རྣམ་གཉིས་ལ། །གསོལ་བ༴ །མཁས་བཙུན་ཆེན་པོ་ཡོན་ཏན་རྒྱ་མཚོར་འཁྱིལ། །


LT36_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་སངས་རྒྱས་ཀུན་མཁྱེན་དོལ་པོ་པ། །རྒྱུད་འགྲེལ་མན་ངག་ཤིང་རྟ་ཆེན་པོ་ལ། །གསོལ་བ༴ །སྒྲ་སྒྱུར་སྐུ་མཆེད་ནཱ་དའི་རང་སྒྲ་སྒྲོབས། །ཕྱོགས་ལས་རྣམ་རྒྱལ་སྒྲིབ་གསུམ་གཡུལ་ལས་རྒྱལ། །རྒྱལ་ཚབ་ས་བརྙེས་སྐྱེས་ཆེན་རྣམ་གསུམ་ལ། གསོལ་བ༴ །ཀུན་དགའ་དཔལ་བཤེས་བཅུ་རྣམ་དག་འཆང་། །ཀུན་དགའ་བློ་གྲོས་རྣམ་བཅུའི་དབང་དང་ལྡན། །ནང་གི་ས་བཅུའི་མཐར་སོན་རྣམ་གཉིས་ལ། །གསོལ་བ་འདེབས་སོ༴ །དཀོན་མཆོག་བཟང་པོ་གཉིས་འཛིན་འཆིང་བ་བཅད། །ནམ་མཁའ་ཆོས་སྐྱོང་རྟོགས་པ་མཁའ་དང་མཉམ། །རིམ་གཉིས་རྣལ་འབྱོར་དབང་ཕྱུག་རྣམ་གཉིས་ལ། །གསོལ་བ༴ །ནམ་མཁའ་དཔལ་བཟང་རྣམ་ཤེས་རྒྱལ་ཁམས་བརྒལ། །རཏྣ་བྷ་དྲ་འཁོར་ལོ་བདེ་བས་གང་། །མཁས་མཆོག་སྨྲ་བའི་སེང་གེ་རྣམ་གཉིས་ལ། །གསོལ་བ༴། འཇམ་མགོན་གྲོལ་མཆོག་གནས་གསུམ་འདུ་བ་ཐོབ། །ལུང་རིག་རྒྱ་མཚོ་སྲིད་མེད་སྲིད་པར་གནས། །ངེས་པ་དོན་གྱི་མཁས་གྲུབ་རྣམ་གཉིས་ལ། །གསོལ་བ༴སྲོག་དང་ཐིག་ལེ་སྟོང་པའི་གཟུགས་ཀྱིས་བཅིངས། །པདྨ་རྡོ་རྗེ་ཉི་ཟླའི་དབུས་སུ་ཞུགས། །གསང་བདག་རྡོ་རྗེ་སེམས་དཔའ་སྒྲོལ་བའི་མགོན། །གསོལ་བ་འདེབས་སོ༴ །ཡེ་ཤེས་རྒྱ་མཚོ་དྭངས་མ་སྒྲིབ་བྲལ་སྨིན། །རིན་ཆེན་རྒྱ་མཚོ་སྟོང་གཟུགས་བདེ་བར་གྲུབ། །འགྲན་ཟླ་ཀུན་བྲལ་རྒྱལ་ཚབ་


LT36_Page_0025
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་མ། །ར་ཏ་བཛྲ་སྤྱོད་འཆང་དབང་པོའི་ཞབས། །སིང་ག་ལིམ་མི་ཐུབ་ཟླ་བ་དང་། །སྒྲ་གཅན་འཛིན་པའི་རྡོ་རྗེ་དཱ་ན་ཤྲཱི། །སཽ་རི་པ་དང་ཀུ་ས་ལི་བྷ་དྲ། །ཨ་སི་ཏ་མཚན་ཡེ་ཤེས་བཤེས་གཉེན་དང་། །གཏུམ་མོས་རྣམ་སྨིན་ལུས་སྦྱངས་ཞི་བའི་ཞབས། །དགེ་ཚུལ་རྣལ་འབྱོར་མ་དཔལ་རྒྱ་གར་བ། །རྣམ་གསུམ་བཅུད་འདུས་ཀུན་སྙིང་ཧེ་རུ་ཀ །རིན་རྒྱ་མ་བློ་གྲོས་ངག་དབང་ཀུན་བཟང་མཚན། །ཀུན་རྣམ་ངག་དབང་རྒྱ་མཚན་དྲི་མ་མེད། །འོད་གསལ་འགྱུར་མེད་དྲིན་ཅན་བླ་མའི་ཞབས། །ཐུགས་རྗེའི་བདག་ཉིད་རྣམས་ལ་གསོལ་བ་འདེབས། །རྣལ་འབྱོར་མཐུ་ཡིས་རྩའི་ལམ་འབྱོངས་ཤིང་། །བྱིན་གྱིས་བརླབས་ཐོབ་རླུང་བཞི་གཏུམ་མོ་བཞི། །ཐིག་ལེ་གསུམ་དང་རྡོ་རྗེའི་བཟླས་པ་གཉིས། །མཐར་ཕྱིན་མཆོག་གི་གཏུམ་མོ་འགྲུབ་གྱུར་ཅིག། ༈ །།བཞི་པ་འོད་གསལ་བརྒྱུད་འདེབས་ནི། མཐའ་ཡས་ཡེ་ཤེས་སྤྱི་གཟུགས་རྡོ་རྗེ་འཆང་། །འོད་གསལ་བསམ་མི་ཁྱབ་བརྙེས་རྟ་མཆོག་ཞབས། །བཱིན་པ་དང་ཙིནྡོ་རྣལ་འབྱོར་མ། །རྡོ་རྗེ་དྲིལ་བུ་པ་དང་ལྭ་བ་པ། །ཨིནྡྲ་བྷཱུ་ཏི་གྲུབ་ཆེན་བྱིས་པའི་ཞབས། །ནག་པོ་སྤྱོད་པ་གུ་ཧྱ་ཨནྟ་ར་ཡ། །ཏེ་ལོ་ནཱ་རོ་དཔལ་མཆོག་ཌོམྦི་པ། །ཀུས་ལི་པ་རྣམས་ལ་གསོལ་བ་འདེབས། །ཨནྟར་པ་དང་སྤྱོད་ཆུང་བྷུ་བ་རི། །བྷུ་བ་བློ་ལྡན་ཀུ་ས་ལི་བྷ་དྲ། །ཨ་སི་ཏ་གྷ་ཡེ་ཤེས་བཤེས་པའི་གཉེན། །འོད་གསལ་མཁའ་ཁྱབ་


LT36_Page_0026
[མ་དཔེ་གཟིགས་ན་འདིར་གནོན།]

ཤཱནྟ་གུཔྟ་དང་། །ཟབ་བློ་དི་ནཱ་ཀ་ར་ཐུགས་སྲས་གསུམ། ། ཆུ་བོ་ཀུན་འདུས་རྗེ་བཙུན་ཐམས་ཅད་མཁྱེན། །རྒྱལ་ཚབ་རཏྣ་བློ་གྲོས་ངག་དབང་མཚན། །ཀུན་བཟང next hit་དབང་པོ་ཀུན་དགའ་རྣམ་པར་རྒྱལ། ངག་དབང་དྲི་མེད་འོད་གསལ་འགྱུར་བ་མེད། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །མཉམ་རྗེས་སད་རྨི་བར་དོ་སྒྱུ་མར་རྟོགས། །སྐུ་གསུང་ཐུགས་དང་ཡེ་ཤེས་གོང་དུ་འཕོ། །ཉིན་མཚན་འོད་གསལ་རིལ་འཛིན་རྗེས་གཞིག་གིས། །སྐུ་བཞིའི་ཡེ་ཤེས་འགྲུབ་པར་བྱིན་གྱིས་རློབས། །ལྔ་པ་ལས་རྒྱའི་ཁྲིད་ཀྱི་བརྒྱུད་འདེབས་ནི། ཁ་སྦྱོར་བདུན་ལྡན་རྒྱལ་བ་རྡོ་རྗེ་འཆང་། །ཨིནྡྲ་བྷཱུ་ཏི་བདེ་བའི་རོལ་པ་མོ། །པདྨ་བཛྲ་དཔལ་ལྡན་ཕག་ཚང་པ། །མཚོ་སྐྱེས་ཞབས་དང་ཨིནྡྲ་བྷཱུ་ཏིའི་མཚན། །ཛ་ལནྡྷ་རི་གྲུབ་ཆེན་ཀཧྞ་པ། །དགེ་བའི་མགོན་པོ་ཨ་མི་ཏ་བཛྲ། །ཀུ་ས་ལི་པ་རྣམས་ལ་གསོལ་བ་འདེབས། །དབང་པོའི་འབྱོར་པ་པདྨ་ཀ་རའི་ཞབས། །གདམས་པའི་མངའ་བདག་ཀུ་ས་ལི་ཆེ་ཆུང་། །ཨ་སི་ཏ་དང་ཛྙཱ་ན་མི་ཏྲ་དང་། །བདེ་ཆེན་རྡོ་རྗེའི་སྐུར་བཞེངས་ཞི་བ་སྦས། །མཆོག་གཉིས་སྲས་གསུམ་སྒྲོལ་མགོན་རྡོ་རྗེ་འཆང་། །རིན་རྒྱམ་བློ་གྲོས་ངག་ཕྲིན་ཀུན་བཟང་དབང་། །ཀུན་རྒྱལ་ངག་དབང་དྲི་མེད་འོད་གསལ་མཚན། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །དབང་ཐོབ་སྒྲིབ་དག་ཚོགས་རྫོགས་འདྲེན་འབྱོངས་ནས། །སྲོག་ཐུར་མཉམ་འདྲེས་གེགས་སེལ་བོགས་ཐོན་ཅིང་། །ཡེ་ཤེས་ལས་རྒྱར་དབབ་


LT36_Page_0027
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ཟློག་དགྲ་མ་ལ། །དབང་འབྱོར་བདེ་ཆེན་རྡོ་རྗེའི་སྐུ་ཐོབ་ཤོག །དྲུག་པ་མན་ངག་ཐོར་བུའི་བརྒྱུད་འདེབས་ནི། །བརྟན་གཡོ་ཀུན་གྱི་དབང་ཕྱུག་རྡོ་རྗེ་འཆང་། །མཆོག་གི་གྲུབ་བརྙེས་ཙཏྤ་ཊི་པ་དང་། །བཅུད་ལེན་དངོས་གྲུབ་ཐོབ་པ་བྷཱ་ལི་པ། །ཀཀྐུ་ཊི་པ་སློབ་དཔོན་མ་ཚིནྡྲ། །གྲུབ་པ་བྱེ་བའི་འབྱུང་གནས་གཽ་རཀྵ། །ཀཱ་་རི་པ་ནཱ་གོ་རྫ་མའི་མགོན། །ཨོ་ཀོར་ནཱ་ཐ་ར་ཏི་གུཔྟ་དང་། །ཚིག་དོན་གསང་བ་ཀུན་བདག་ཞི་བའི་ཞབས། །སློབ་མའི་མཆོག་གཉིས་ཐུགས་སྲས་རྣམ་པ་གསུམ། །འཇིགས་བྲལ་ཤིང་རྟ་ཆེན་པོ་ཀུན་དགའ་སྙིང་། །རིན་རྒྱམ་བློ་གྲོས་ཕྲིན་ལས་ཀུན་བཟང་དབང་། །རྣམ་རྒྱལ་ངག་དབང་དྲི་མེད་འོད་གསལ་མཚན། །དྲིན་ཅན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཡི་དམ་བླ་སྒྲུབ་མཐར་ཕྱིན་བར་ཆད་སེལ། །སེམས་འཛིན་དབང་འབྱོར་རྩ་རླུང་ཐིག་ལེའི་གེགས། །རབ་བསལ་ཏིང་ངེ་འཛིན་ལ་བོགས་ཐོན་ཏེ། །ཡོན་ཏན་གོང་དུ་འཕེལ་བར་བྱིན་གྱིས་རློབས། ཞེས་བརྒྱུད་འདེབས་ཀྱི་བྲེང་བ་འདི་རྣམས་ཀྱང་ཀུན་མཁྱེན་བླ་མ་འཇམ་པའི་དབྱངས་ཀྱིས་རྗེས་སུ་གནང་བ་ལྟར། ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་བླ་བྲང་དབེན་བཟླ་མཛེས་སུ་བྲིས་པ་དགེ་ལེགས་འཕེལ། །སརྦ་དཱ་མངྒ་ལཾ། །


previousདཔལ་དུས་ཀྱི་འཁོར་ལོའི་རིམ་གཉིས་འབྲོ་ལུགས་ཀྱི་བརྒྱུད་པའི་གསོལ་འདེབས་རྡོ་རྗེ་འབབས་པ་ཆེན་པོ།next