Nitartha Digital Library
Tibetan
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

1 occurrence of མགོན་པོ་བྱང་
[Clear Hits]


collapse section
  
  
 
ལེའུ་གསུམ་པ་ཡུམ་སྲས་ཀྱི་ཞུས་ལན་གྱི་སྐོར།
  
  
  
  
  
  
  
  


1 occurrence of མགོན་པོ་བྱང་
[Clear Hits]

 
previousལེའུ་གསུམ་པ་ཡུམ་སྲས་ཀྱི་ཞུས་ལན་གྱི་སྐོར།next

ལེའུ་གསུམ་པ་ཡུམ་སྲས་ཀྱི་ཞུས་ལན་གྱི་སྐོར།

ལེའུ་གསུམ་པ། ཡུམ་སྲས་ཀྱི་ཞུས་ལན། བོད་ཆོས་རྒྱ་ལ་དར་བར་བྱས་ཞེས་པ་

ལ་ནི། གཞུང་མ་ཡིན་པ་ཡང་མ་ཡིན་ལ། དེ་ཡང་མ་ཅིག་གི་ཐུགས་ལ་འཁྲུངས་པའི་ཞེས་

པ་ནས། རྒྱུད་པ་ཡང་མང་པོ་འཕེལ་ལོ། །ཞེས་པའི་བར་ནམ་མཁའ་རྒྱལ་མཚན་བདག་

གིས་སྦྱར། བདག་ནི་མ་ཅིག་གི་གསང་སྔགས་ཀྱི་བསྐྱེད་རྫོགས་ཀྱི་བརྒྱུད་པ་རྫོགས་པའི་ཐ་

མ་ཡིན། ཁོ་བོའ་ིདབང་ཉག་གེ་བ་ཙམ་དང་བཤད་པ་ལྟ་བུའི་དོན་མན་ཆད་བཀྲ་ཤིས་རྒྱལ་

མཚན་པ་ལགས་སོ། །

དེ་ནས་དགུང་ལོ་ལྔ་བཅུ་ང་དྲུག་དུས་སུ། ཤ་ཐུད་ལ་སོགས་པའི་བཟའ་བ་ཁལ་ལྔ་

བཅུ་ང་གསུམ་བཀལ་ནས། སྲས་མོ་རྒྱན་ཆེན་དང་། བསོད་ནམས་རྒྱན་དང་། འབུམ་མཚོ་

རིན་ཆེན་རྒྱན་དང་། དཔལ་ལྡན་རྒྱན་དང་བཞིས་མགོ་བྱས་པའི་བཙུན་མ་དང་བུད་མེད་

བརྒྱ་དང་བཅུ་གསུམ། ཞྭ་དམར་བས་གཙོ་བྱས་ཁའི་གྲྭ་པ་བརྒྱ་དང་ལྔ་བཅུ། མི་ནག་པ་ལྔ་

བཅུ་སྟེ་སུམ་བརྒྱ་དང་བརྒྱད་ཅུ་གངས་ཕུག་མོ་ཆེར་བརྫངས་པའི་ཞག་ཉི་ཤུ་རྩ་ལྔའི་ཉིན་

པར། མ་ཅིག་སེངྒེ་དཀར་མོ་ལ་བཅིབས་ཏེ་རིགས་བཞིའི་མཁའ་འགྲོ་ལ་སོགས་པ་མཁའ་

འགྲོ་མ་འབུམ་གྱིས་བསྐོར་ནས་ནམ་མཁའ་ལས་གཤེགས་ནས་ཨུ་རྒྱན་དུ་བྱོན་ནས་ཚོགས་

འཁོར་བསྐོར། ཞག་གསུམ་བཞུགས། ཨུ་རྒྱན་གྱི་དཔའ་བོ་དཔའ་མོ་མཁའ་འགྲོའ་ིཚོགས་

52

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

དང་བཅས་པར་ནོར་བུ་ཕུན་སུམ་ཚོགས་པའི་གླིང་དུ་བྱོན་ནས་གསང་སྔགས་ཨུ་དུམ་ཝ་ར་

བཤད། དབང་གི་ཆོ་ག །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས་ཉིན་ཞག་བཞི་བཅུ་ལ་

ལྷ་སྐལ་བ་དང་ལྡན་པ་རྣམས་གྲོལ་བར་མཛད་ཅིང་ནོར་བུ་གླིང་གི་དཔའ་བོ་དཔའ་མོའ་ི

ཚོགས་ཀྱིས་བསྐོར་ནས་རྒྱལ་པོ་ཆེན་པོ་བཞིའི་གནས་སུ་ཉིན་ཞག་རེ་རེ་བཞུགས་ནས་ཆོས་

བསྟན། དེ་ནས་རྒྱལ་པོ་ཆེན་པོ་བཞི་དམག་གི་དཔུང་དང་བཅས་པ་མར་བྱོན་ནས་གངས་

ཕུག་མོ་ཆེའི་གནས་སུ་བྱོན་པས། ཐོད་སྨྱོན་གྱིས་ནམ་མཁའ་ནས་མར་འབྱོན་པ་གཟིགས་

ནས་ལངས་ཏེ་ལྡང་བ་བྱས། མ་ཅིག་གིས་བྲག་ཕུག་གི་སྒོ་ཕྱེ་ནས། སྒྲུབ་པ་པོ་སྒྲུབ་པ་

མཐར་ཕྱིན་ནམ་གསུངས། ཐོད་སྨྱོན་ན་རེ། མ་ཅིག་ནམ་མཁའ་ནས་མར་བྱོན་པ་སྐུ་ཁམས་

བདེ་ལགས་སམ། ངས་ཀྱང་སྒྲུབ་པའི་དྲོད་རྟགས་བར་མ་ཙམ་ལ་ཕྱིན་ཡོད་གསུངས་ནས་

རྟོགས་པ་ཕུལ་བས་མ་ཅིག་ཀྱང་མཉེས་ནས། ང་ནམ་མཁའ་ནས་འོངས་པ་ཁྱོད་ཀྱིས་ཕུག་

པའི་ནང་ནས་མཐོང་བ་ཡིན་ནམ། ཡིད་ལ་ཤར་བ་ཡིན་ནམ་གསུངས་པས། ཐོད་སྨྱོན་གྱིས་

ངའི་ཡུལ་སྣང་ཐམས་ཅད་སྒྱུ་མ་རྨི་ལམ་བཞིན་དུ་རྟོགས་ནས། ཡུལ་གྱི་སྒྲིབ་པ་མེད་པས།

ཁ་ཁལ་བ་རྣམས་ཀྱང་མིག་རྒྱང་ཞིག་ནས་མཐོང་། ཁྱེད་མ་ཅིག་ཀྱང་དཔའ་བོ་དཔའ་མོའ་ི

ཚོགས་དང་བཅས་ནས་རྒྱལ་པོ་ཆེན་པོ་བཞིའི་གནས་ནས་འབྱོན་པ་མཐོང་བས། རྒྱན་ཆེན་

མ་ཕུག་པའི་སྒོར་ཕྱིན་པས། ཨ་མ་ལ་དཔའ་བོ་མཁའ་འགྲོ་དང་རྒྱལ་པོ་ཆེན་པོ་བཞིའི་

དཔུང་དང་བཅས་པ་སང་ཉི་རྩེ་དྲོས་ཙ་འབྱོན་པར་འདུག་བྱས་པའི་གཏམ་མང་པོ་བྱུང་

ལགས་ཟེར་རོ། །

དེ་ནས་མ་ཅིག་གིས་རྒྱུད་པ་རིན་ཆེན་སྤུངས་པའི་དཀྱིལ་འཁོར་ཆེན་པོ་བཞེངས་

ནས། ཐོད་སྨྱོན་དང་གང་པ་རྨུག་སངས་དང་། སྲས་མོ་རྒྱན་བཞི་དང་། ཁུ་སྒོམ་ཆོས་ཀྱི་སེངྒེ་

དང་བདུན་ལ་དབང་བཞི་རྫོགས་པར་བསྐུར། ཚོགས་འཁོར་བརྒྱ་རྩ་བརྒྱད་མཛད། ཁྲོམ་

སུམ་སྟོང་ཙམ་འདུས་ཏེ། ཐམས་ཅད་ལ་དག་པའི་ངེས་པ་ཅན་བྱུང་། སྲས་མོ་རྒྱན་བཞིས་

53

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

མ་ཅིག་མཁའ་འགྲོ་བཅུ་འཁོར་དང་བཅས་པའི་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་བཞི་

རིན་པོ་ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པའི་རྣམ་པ་ཅན་དུ་མཐོང་། འཇའ་འོད་ཀྱིས་ནམ་

མཁའ་གང་། མེ་ཏོག་ཁ་དོག་སྣ་ཚོགས་པའི་ཆར་འབབ་པ་དང་། རོལ་མོའ་ིསྒྲ་ནམ་མཁར་

གྲགས་པ་དང་། སྤྲིན་ཁ་དོག་སྣ་ཚོགས་མི་འདྲ་བ་ལང་ངེ་ལིང་ངེ་ཤིན་ཏུ་གསལ་ཞིང་དྭངས་

པ་མང་པོ་བར་སྣང་དུ་མར་སྨད་དུ་འདུག་པ་ལ། སྦྲང་ཆར་ཕྲའུ་སི་ལི་ལི་བྱུང་བའི་རྐྱེན་གྱིས་

ཚ་བའི་གདུང་བ་སེལ་ཞིང་། ས་གཞི་ས་སོབ་ཐམས་ཅད་གཤེར་བ་མ་ཡིན་པའི་སྣུམ་པའི་

ཞག་ཆགས་ཤིང་། རླངས་པ་ཕྲའུ་ཁ་དོག་སྣ་ལྔ་བ་ཁྲ་མེ་རེ་རེ་འོད་ཀྱི་རང་བཞིན་སྨིག་རྒྱུ་

ལྟར་འཁྲིགས་པ་དེ་ལ་སོགས་པའི་ཡོན་ཏན་ཕལ་ཆེ་བ་རྣམས་དེའི་ཡུལ་ཕྱོགས་ཐམས་ཅད་

ཀྱིས་མཐོང་ནས་ཐམས་ཅད་ལ་དད་པ་རྩོལ་མེད་དུ་སྐྱེས། ཐོད་སྨྱོན་མགོ་ན་བས་ཅུང་ཟད་

མྱོས་ནས་མནལ་བ་ལྟར་ཅུང་ཙམ་ཞིག་ལ་དབང་པོ་མེད་པར་གྱུར་ཏོ། །

དེ་ནས་མནལ་སངས་པ་ལྟར་ནད་སོས་ཏེ་ཁམས་གསལ་ཞིང་དྭངས་པ་བྱུང་ནས་

བལྟས་པས། མདུན་གྱི་ནམ་མཁར་མདུང་གང་གི་སར་སྤྲིན་ཁ་དོག་སྣ་ཚོགས་པ་ཕྱིང་བ་

ཙམ་འོད་ཀྱི་རང་བཞིན་འཐུག་ལིང་ངེ་བ་ཞིག་གི་སྟེང་དུ་ཁ་དོག་སྣ་ལྔ་གཤིབ་པའི་འོད་ཀྱི་

སྦུ་གུ་ཁང་བའི་གུར་ཙམ་ཞིག་ཁྲུ་དོའ་ིསྟེང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར།

མ་ཅིག་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་བཞི་ཞབས་གཉིས་གར་སྟབས་ཀྱི་བཞེངས་པ་

རྒྱན་དུ་མ་དང་ལྡན་པའི་སྟེང་དུ་མཁའ་འགྲོ་མཐིང་ནག། །ཤར་དུ་དཀར་མོ། ལྷོར་སེར་མོ།

ནུབ་ཏུ་དམར་མོ། བྱང་དུ་ལྗང་མོ། ཤར་ལྷོར་དཀར་སེར། ལྷོ་ནུབ་ཏུ་དམར་སེར། ནུབ་བྱང་

དུ་དམར་ལྗང་། བྱང་ཤར་དུ་དཀར་ལྗང་དེ་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་གྲི་

གུག་དང་ཐོད་པ་ཁ་ཊཱཾ་ཐོགས་ནས། བརྐྱངས་བསྐུམས་ཀྱིས་བཞེངས་པ་སྣང་ལ་རང་བཞིན་

མེད་པ་འོད་ཀྱི་རྣམ་པ་ཅན་དང་། དེའི་སྟེང་གི་མདུང་གང་གི་སར་ཡུམ་ཆེན་མོ་ལ་ཕྱོགས་

བཅུའི་སངས་རྒྱས་ཀྱིས་བསྐོར་བ་དང་དེའི་སྟེང་མདུང་གང་གི་སར་རྡོ་རྗེ་འཆང་ལ་བརྒྱུད་

54

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

པའི་བླ་མས་བསྐོར་བ་དང་། རྡོ་རྗེ་འཆང་གི་གཡོན་གྱི་ཐད་རིང་བ་ན་ཤཱཀྱ་ཐུབ་པ་ལ་དགྲ་

བཅོམ་པའི་ཚོགས་ཀྱིས་བསྐོར་བ་དང་། དེའི་གཡོན་དུ་ མགོནཔོ་ཚེ་དཔག་མེད་ལ་བྱང ་

ཆུབ་སེམས་དཔའ་བརྒྱད་ལ་སོགས་པས་བསྐོར་བ་དང་། གཞན་ཡང་སངས་རྒྱས་རེ་རེ་ལ་

རང་གི་འཁོར་གྱིས་བསྐོར་བ་རྣམས་ཀྱི་མཐར་དཔའ་བོ་དཔའ་མོ་བསྟན་པ་སྐྱོང་བའི་དམ་

ཅན་སྲུང་མ་དང་བཅས་པ་མཐའ་ཡས་པ་དང་། རྡོ་རྗེ་འཆང་གི་གཡས་ཕྱོགས་སུ་འཁོར་ལོ་

བདེ་མཆོག་དང་། གཤིན་རྗེ་གཤེད་དམར་ལ་སོགས་པ་བླ་མེད་ཀྱི་ལྷ་ཚོགས་རྣམས་ཀྱི་

མཐར་རང་རང་གི་རྒྱུད་སྐྱོང་བའི་དམ་ཅན་སྲུང་མ་རྣམས་དང་བཅས་མཐའ་ཡས་པ་དང་།

རྡོ་རྗེ་འཆང་གི་མདུན་ཕྱོགས་སུ་ཁྲོས་མ་ནག་མོ་ལྷ་ལྔ། གསང་བ་ཆེན་མོ། སྒྱུ་འཕྲུལ་ཆེན་

མོ་ཞེས་པ་མ་ཧཱ་མ་ཡ་དང་། དེ་རྣམས་རང་རང་གི་འཁོར་མཁའ་འགྲོ་མ་འབུམ་སྡེ་དང་

བཅས་པ་དང་། རྡོ་རྗེ་འཆང་གི་རྒྱབ་ཏུ་འོད་སྔོ་དམར་འཇའ་འོད་ལྟ་བུའི་འཁོར་ལོ་ལུ་གུ་

རྒྱུད་དུ་མང་པོ་འབྲེལ་བའི་འོད་ཀྱི་ཐིག་ལེ་རེ་རེའི་ནང་དུ། སངས་རྒྱས་ཀྱི་སྐུ་གསེར་གྱི་

མདོག་ཅན་རེ་རེའི་དབུ་སྟེང་དུ་གསེར་གྱི་གདུགས་གསུམ་རེ་འཁོར་བ་དང་། མ་ཅིག་གི་

འོག་ཏུ་རྒྱལ་པོ་བཞི་རང་རང་གི་འཁོར་དང་བཅས་པ་དང་། དེའི་མཐར་ཕྱོགས་སྐྱོང་བཅུ་

རང་རང་གི་འཁོར་དང་བཅས་པ་སྤྲིན་གྱི་གསེབ་ཏུ་གསལ་བོར་མཐོང་བ་དེ་ཐམས་ཅད་

ཀྱང་མ་ཅིག་རང་གི་རྣམ་པར་འཕྲུལ་བ་ཡིན་ནམ་སྙམ་པའམ། ཡང་ན་མ་ཅིག་གིས་ལྷ་

ཚོགས་འདི་རྣམས་སྤྱན་དྲངས་པ་ཡིན་ནམ། ཡང་ན་སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་

འདིར་ཡོད་པ་དེ་སྔར་མ་མཐོང་བ་ཨེ་ཡིན། མ་ཅིག་ཉིད་ལ་འདྲི་སྙམ་ཙ། སྲས་མོ་རྒྱན་

བཞིས་ཚོགས་བསྟབས་ཤིང་། གར་བྱེད་ཅིང་ལུས་ཁྲུ་གང་ས་ལ་མ་རེག་པར། དབྱངས་ཡན་

ལག་དྲུག་ཅུ་དང་ལྡན་པའི་གླུ་དང་བཅས་པས་མཆོད་པ་དཔག་ཏུ་མེད་པ་ལྷ་ཚོགས་རྣམས་

ལ་ཕུལ་ཞིང་ང་ལ་འདི་སྐད་སྨྲས། ཨེ་མ་རྗེ་བཙུན་ཟིལ་གནོན་ཁྱེད། །དཔའ་བོ་རྟ་མགྲིན་

སྤྲུལ་པ་སྟེ། །མཁའ་འགྲོ་རྒྱ་མཚོའི་འཁོར་དང་བཅས། །གྲུབ་ཆེན་བརྒྱད་ཀྱིས་བྱིན་གྱིས་

55

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

བརླབས། །དཔའ་བོ་དཔའ་མོ་ཚོགས་རྣམས་ཀུན། །ཚོགས་ལ་མངའ་བས་ཚོགས་ལ་རོལ། །

ཞེས་བཞི་གས་མགྲིན་གཅིག་ཏུ་སྨྲས་ཏེ། ངའི་སྟེང་གི་རྒྱབ་ཕྱོགས་ནས་འོད་ཆེན་པོ་གཅིག་

ཤར་ནས་མདུན་དུ་བྱུང་བས། ཡར་བལྟས་ཙ། ཀླུ་སྒྲུབ་ཡབ་སྲས་གཉིས། ལོ་ཧི་པ། མཚོ་

སྐྱེས་རྡོ་རྗེ། ཀུ་ཀུ་རི་པ། སངས་རྒྱས་ཡེ་ཤེས། དམ་པ་རིན་པོ་ཆེ། འཇམ་དཔལ་བཤེས་

གཉེན། བིིར་ཝ་པ། པདྨ་བཛྲ་ལ་སོགས་པ་གྲུབ་ཐོབ་མང་པོ་རུས་པའི་རྒྱན་དང་བཅས་པ་

ལྷ་ཚོགས་གང་མཐོང་བ་ཐམས་ཅད་སྤྲིན་འོད་འབར་བ་ལིང་ངེ་བ་རེ་རེའི་གསེབ་ཏུ་འདུག་

པ་ཐམས་ཅད་འོད་དུ་ཞུ་ནས་སྤྲིན་ལ་ཐིམ། སྤྲིན་རྣམས་ཀྱང་འོད་དུ་ཡལ་ནས་མི་སྣང་བར་

གྱུར་ཏོ། །དེ་ནས་ཞག་གསུམ་རེད་པའི་ཉིན་པར། སྔ་དྲོའ་ིདུས་སུ་མ་ཅིག་གིས་གཅོད་ཀྱི་

ངེས་དོན་ཚིག་གསལ་དང་། སྔགས་ཀྱི་ཡིན་ལུགས་ཀྱི་རྣམ་པར་བཤད་པ་རྡོ་རྗེའི་རྫོགས་

བརྒྱད་གསལ་སྒྲོན་བྱ་བ་གསུངས། ཁྲོམ་ཚོགས་རྣམས་ནི་བྱེར། ཆོས་ཉན་བརྒྱ་དང་ཉེར་

གཅིག་རེད་པ་ལ་ཞག་བདུན་བཤད། ཆོས་ཚར་བའི་ཉིན་པར་ཚོགས་འཁོར་ཆེན་པོ་

བཤམས་པའི་ཚོགས་གྲྭལ་དུ། ཐོད་སྨྱོན་གྱིས་མ་ཅིག་ལ་འདི་ཞུས། མ་ཅིག་ལགས། རང་

རེའི་མི་ཐམས་ཅད་ཀྱིས་མཐོང་ལུགས་མི་འདྲ་བ་དུ་མ་མཐོང་བ་དང་། རྒྱན་བཞི་དང་ངས་

ཀྱང་ཡེ་ཤེས་ཀྱི་དཀྱིལ་འཁོར་དངོས་ལ་མཐོང་བ་དང་། གཞན་ཡང་ཕ་རྒྱུད་མ་རྒྱུད་ལ་

སོགས་པའི་ལྷ་ཚོགས་དང་། དཔའ་བོ་དཔའ་མོ་རྒྱལ་ཆེན་བསྟན་སྲུང་ཕྱོགས་སྐྱོང་ལ་

སོགས་པ་དང་། ལོ་ཧི་པ་ལ་སོགས་པ་གྲུབ་ཆེན་རྣམས་དང་། རྡོ་རྗེ་འཆང་ལ་སོགས་པའི་

བླ་མ་རྒྱུད་པ་རྣམས་དང་། དེ་ལ་སོགས་པའི་མཐོང་སྣང་བསམ་གྱིས་མི་ཁྱབ་པ་མཐོང་བ་དེ་

རྣམས་མ་ཅིག་ཉིད་ཀྱི་སྤྲུལ་བ་ཡིན་ནམ། རང་ཉིད་ཀྱིས་ལྷ་ཚོགས་དེ་རྣམས་སྤྱན་དྲངས་པ་

ཡནི ་ནམ། ཡང་ན་སེམས་ཅན་ལས་དག་པ་རྣམས་ཀྱི་སྣང་བ་ལ་གང་ཡང་ཡོད་པ་ཡིན་ནམ།

ཞེས་ཞུས་པས། བུ་ཤེས་རབ་རིགས་ལྡན་ལས་འཕྲོ་ཅན། །ཉོན་དང་འདི་ལྟར་ཡིན་ནོ་ཡིད་

ལ་ཟུངས། །ཁྱོད་ཀྱིས་སངས་རྒྱས་ཞིང་ཁམས་མཐོང་བ་དེ། །ཉོན་མོངས་བྲལ་ཞིང་སྒྲིབ་པ་

56

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

དག་པའི་རྟགས། །ཉོན་མོངས་སྒྲིབ་པ་ལེགས་པར་དག་པ་ན། །སངས་རྒྱས་ཞིང་ཁམས་

གར་ཡང་མཐོང་བ་ཡིན། །དཔེར་ན་ཆུ་བོ་གང་དུ་གནས་པ་ན། །ཟླ་བའི་གཟུགས་བརྙན་

འཆར་རོ་རིགས་ཀྱི་བུ། །ང་ཉིད་གང་དུ་གནས་ཀྱང་ལྷ་ཚོགས་འཁོར། །དྲི་ལྡན་པདྨའི་ཚལ་

རབ་རྒྱས་པ་ལ། །གཟིགས་ལྡན་བུང་བའི་ཚོགས་རྣམས་རང་བཞིན་འཁོར། །ང་ཉིད་ཡེ་

ཤེས་དབྱིངས་ཕྱུག་ལྷ་མོ་ཡིས། །འདོད་པར་སྤྲུལ་ནས་ལྷ་ཚོགས་ང་ལས་འབྱུང་། །ས་གཞི་

གཤེར་དང་དྲོད་ཀྱིས་བསྐུལ་བ་ན། །ལོ་ཏོག་རྩི་བཅུད་འཁྲུངས་དང་འདྲའོ་རིགས་ཀྱི་བུ། །

ང་ཕྱི་ལྟར་ལྷ་མོ་སྒྱུ་འཕྲུལ་ཡིན། །ནང་ལྟར་རྗེ་བཙུན་སྒྲོལ་མ་ཡིན། །གསང་བ་ལྟར་ན་རྡོ་རྗེ་

ཕག་མོ་ཡིན། །དབྱིངས་ལྟར་ན་རྒྱལ་བའི་ཡུམ་ཆེན་ཡིན། །ཐུབ་བསྟན་ཐོག་མར་གངྒཱའི་ལྷ་

མོ་ལ། །བར་དུ་མཁའ་འགྲོ་བདེ་བའི་དངོས་གྲུབ་ཡིན། །ཕྱིས་འབྱུང་བོད་དུ་ཡེ་ཤེས་མཚོ་

རྒྱལ་ཡིན། །ད་ལྟ་ང་ཉིད་ཡིན་ནོ་རིགས་ཀྱི་བུ། །ཞེས་གསུངས། ཡང་ཐོད་སྨྱོན་གྱིས་ཞུས་པ།

མ་ཅིག་ལགས། ཁྱེད་ལྟ་བུའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་སངས་རྒྱས་ཐམས་ཅད་བསྐྱེད་པའི་

ཡུམ་དེ་ལ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་སྤྲུལ་བ་འདི་མ་ཡིན་པའི་ཡུལ་

ཕྱོགས་གཞན་རྣམས་སུ་ཡང་ཡོད་དམ་ཞེས་ཞུས་པ་ལ། མ་ཅིག་གི་ཞལ་ནས། བུ་ཉོན་དང་།

ངའི་སྤྲུལ་པ་ནི་ཡུལ་གཞན་དུ་ཡང་ང་ཉིད་ཇི་ལྟ་བཞིན་དུ་ཡོད་དོ། །

དེ་ཡང་ཐུབ་པ་ཆེན་པོའ་ིབསྟན་པའི་སྙིགས་མ་ལ། འཛམ་བུའི་གླིང་བྱེ་བ་ཕྲག་

བརྒྱའི་བྱང་ཕྱོགས་སུ། བོད་ཁམས་ཡང་བྱེ་བ་ཕྲག་བརྒྱ་ཡོད་པ་གངས་རིའི་ལྗོངས་སུ་ཐུབ་

པ་ཉིད་ཀྱིས་ལུང་བསྟན་པའི་ཐུགས་རྗེ་ཆེན་པོའ་ིསྤྲུལ་པ་རྒྱལ་པོ་སྲོང་བཙན་སྒམ་པོ་ཡང་བྱེ་

བ་ཕྲག་བརྒྱ་འཁྲུངས་ལ། ང་ཉིད་ཀྱང་བྱེ་བ་ཕྲག་བརྒྱ་བྱུང་ནས། གཟུགས་ཅན་དང་

གཟུགས་མེད་ཀྱི་ལྷ་འདྲེས་སེམས་ཅན་ལ་གནོད་པར་བྱེད་པ་རྣམས་དང་། ཁྱད་པར་དུ་

སེམས་ཅན་མ་རུངས་པའི་གདུག་པ་ཅན་རྣམས་འདུལ་བའི་དུས་ལ་བབ་པའི་ཕྱིར། དམ་

ཆོས་ཕྱག་རྒྱ་ཆེན་པོ་བདུད་ཀྱི་གཅོད་ཡུལ་བྱ་བ་བསྟན་ནས་འགྲོ་བ་བཟང་ངན་ཐམས་ཅད་

57

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

ཀྱི་དོན་བྱེད་པ་ཡིན་ཅིང་། སྙིགས་མ་ལྔ་བདོ་བའི་དུས་སུ། ཐུབ་པ་ཉིད་ཀྱིས་ལུང་བསྟན་པ་

བཞིན་དུ་རྣལ་འབྱོར་མ་ངའི་ཆོས་ལུགས་ཀྱིས་གངས་ཅན་པ་ཐམས་ཅད་འདུལ་དགོས་པ་

ཡིན་ནོ་རིགས་ཀྱི་བུ་རིགས་ཀྱི་བུ་མོ་ཞེས་གསུངས། ཡང་སྲས་ཀྱིས་ཡུམ་ལ་ཞུས་པ། མ་

ཅིག་ལགས། སྙིགས་མ་ལྔ་བྱ་བ་དེ་གང་ལ་ཟེར། ད་ལྟའི་དུས་ཡིན་ནམ། ད་རུང་རྗེས་སུ་

འབྱུང་ངམ། སྙིགས་མའི་དུས་ཀྱི་སེམས་ཅན་རྣམས་མ་ཅིག་གི་ཆོས་ལུགས་གཅོད་མ་ཡིན་

པ་གཞན་གྱི་ཆོས་ཀྱིས་སེམས་ཅན་རྣམས་འདུལ་བའི་ཐབས་མེད་པ་ཡིན་ནམ། ཞེས་ཞུས་

པས། མ་ཅིག་གི་ཞལ་ནས། བུ་ཉོན་དང། སྙིགས་མ་ལྔ་བྱ་བ་ནི། ཐུབ་པ་ཆེན་པོའ་ིབསྟན་

པ་ལ་ལོ་ལྔ་བརྒྱ་བ་བཅུ་ཡོད་པས། དེང་སང་ལྔ་བརྒྱ་བ་བདུན་པའི་ཐ་མ་ལ་ཐུག་པའི་དུས་

ཡིན་པ་ནི་ཐུབ་པ་ཆེན་པོའ་ིབསྟན་པའི་སྙིགས་མ་སྟེ་དང་པོའ།ོ །

སྙིགས་མ་འདིའི་དུས་ཀྱི་སེམས་ཅན་རྣམས་ནི་ཤིན་ཏུ་མི་སྲུན་ཅིང་བྱད་བཞིན་ངན་

ལ་མདོག་མི་སྡུག་ཅིང་། ལུས་ཆུང་ལ་དྲན་པ་རགས་ནས། ཕྱིན་ཅི་ལོག་གི་ལས་སྤྱོད་ངན་པ་

ལ་མཁས་པ། ཁྲོ་གཏུམ་ཆེ་ཞིང་མི་དགེ་བའི་ལས་ལ་བརྩོན་ཞིང་། དགེ་བའི་རིགས་ཁྱད་དུ་

བསད་ནས་ཕ་ལ་ཕར་མི་འཛིན། མ་ལ་མར་མི་འཛིན་པའི་སེམས་ཅན་གདུག་རྩུབ་ཅན་

རྣམས་ཀྱིས་གང་བ་རྣམས་ནི་སེམས་ཅན་གྱི་སྙིགས་མ་སྟེ་གཉིས་པའོ། །

སེམས་ཅན་དེ་རྣམས་ནི་ཉོན་མོངས་ཤིན་ཏུ་རགས་ཤིང་ཆེར་འབར་བས། གཏི་མུག་

གི་མུན་པས་གཡོགས་ཏེ། བླང་དོར་གྱི་རྨོངས་པས་ངན་སོང་གི་གཡང་སར་ལྷུང་ངོ་། །ཞེ་

སྡང་གི་མེ་དཔུང་ཆེན་པོས་རང་རྒྱུད་ཀྱི་དགེ་བའི་ས་བོན་བསྲེགས་ནས་ཐལ་བར་གྱུར་ཏེ།

བྱང་ཆུབ་ཀྱི་མྱུ་གུ་མི་འབྱུང་ཞིང་ཐར་བའི་ལམ་ཆད་དོ། །ཕྲག་དོག་གི་རླུང་དམར་གྱིས་

འཁོར་ཞིང་གཡེངས་ནས་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་འཕངས་ཏེ་ཐར་བར་དཀའོ། །ང་

རྒྱལ་གྱི་རི་བོ་ཆེན་པོའ་ིལྗིད་ཀྱིས་རབ་ཏུ་མནན་ནས་འཁྱོགས་པ་ནི་མི་རིགས་སོ། །འདོད་

ཆགས་ཀྱི་ཆུ་ཀླུང་ཆེན་པོར་ནུབ་ནས་ཐར་བའི་སྐམ་སར་ཕྱིན་པ་མ་ཡིན་པ་ནི་ཉོན་མོངས་

58

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

པའི་སྙིགས་མ་སྟེ་གསུམ་པའོ། །

སེམས་ཅན་དེ་རྣམས་ད་ལྟར་ཚེ་ལོ་དྲུག་ཅུ་ནས་བཟུང་སྟེ་བཅུའི་བར་དུ་ཇེ་འགྲིབ་ཏུ་

འགྲོ་བས། ཚེ་ཐུང་སྟེ་དེ་བས་ཀྱང་བར་ཆད་ཀྱི་རྐྱེན་མང་བས། ནད་དང་། དུག་དང་། གདོན་

དང་། ཟས་གོས་མི་རྙེད་པ་དང་། གཅིག་གིས་གཅིག་ཕན་ཚུན་དུ་གསོད་པ་ལ་སོགས་པ་

དུས་མ་ཡིན་པར་གློ་བུར་དུ་འཆི་ཞིང་། ཚེ་ལ་བར་ཆད་བྱུང་ནས་ཚེ་ཐུང་བས་ཚེའི་སྙིགས་མ་

སྟེ་བཞི་པའོ། །

དུས་ད་ལྟ་ནས་བཟུང་སྟེ་ལྔ་བརྒྱ་པ་བཅུ་པ་ལ་ཐུག་གི་བར་དུ། དུས་མ་ཡིན་པ་ལ་ཁ་

ཆར་དྲག་པོ་འོང་ཞིང་གཤའ་ལོག་དང་། ཆུ་བོ་གཡོ་ཞིང་འཕྱུར་བ་དང་། རླུང་དམར་འཚུབ་

མས་རི་ལུང་བར་སྣང་གཡེང་ཞིང་། རི་བོ་དང་། ས་ཁྱོན་འགུལ་བར་བྱེད་པ་དང་། ཐན་

པའི་ཚ་གདུང་ཆེན་པོས་རྩི་ཤིང་ལོ་ཏོག་རྣམས་སྐེམ་པར་བྱེད་པ་དང་། སད་སེར་དང་། ཆོམ་

རྐུན་དང་། དམག་འཁྲུག་དང་། མཚོན་གྱི་བསྐལ་པ་དང་། མུ་གེའི་བསྐལ་པ་དང་། ནད་ཀྱི་

བསྐལ་པ་དར་བ་དེ་རྣམས་ནི་འབྱུང་བའི་སྙིགས་མའམ། དུས་ཀྱི་སྙིགས་མ་སྟེ་ལྔ་པ་ཡིན་ལ།

སྙིགས་མ་ལྔ་ནི་ཇེ་རྒྱས་སུ་འགྲོ་བ་ཡིན་ནོ། །ཀྱི་ཧུད་ཀྱི་ཧུད། སྙིགས་མ་ལྔ་པོ་བྱ་བ་དེ་ལ་

ཟེར་བ་ཡིན་ནོ་རིགས་ཀྱི་བུ། དུས་དེ་ལྟ་བུའི་ཚེ། དམ་པའི་ཆོས་ཇི་ལྟ་བ་བཞིན་སྤྱོད་པའི་

གང་ཟག་ནི་ཤིན་ཏུ་ཉུང་ལ། ཆོས་ཇི་ཙམ་ཤེས་པ་དེ་ཉོན་མོངས་པའི་གཉེན་པོར་འགྲོ་

དགོས་པ་ཡིན་ཏེ། ཆོས་ཤེས་པ་བཞིན་ཉོན་མོངས་པའི་སྣོན་པ་བྱས་ནས། དུས་ལྟའི་གང་

ཟག་རྣམས་ལ་ང་རྒྱལ་དང་དྲེགས་པ་ཆེན་པོ་སྐྱེས་ནས། རང་རྒྱུད་མ་དུལ་བ་ཆུ་རྡོ་དང་འདྲ་

བའི་ཆོས་འཆད་པ་པོ་རྣམས་ཀྱིས་སེམས་ཅན་གཞན་ལ་ཕན་ཐོགས་སྐྲའི་རྩེ་མོ་ཙམ་ཡང་མི་

འོང་ཞིང་། ལྷག་པར་རྩོད་པ་རྒྱས་པར་བྱེད་པའི་ཆོས་དམུ་རྒོད་དང་། ཆོས་ཀྱིས་གདུལ་

རྒྱུའི་གང་ཟག་ཤིན་ཏུ་དམུ་རྒོད་པ་དང་གཉིས་འཕྲད་པས། དམ་པའི་ཆོས་ཀྱི་དགོས་པ་སྟོར་

བ་ཡིན་པ་ནི། ཆོས་ཀྱི་སྐྱོན་མ་ཡིན་ཞིང་གང་ཟག་གི་སྐྱོན་ཡིན་ནོ། །དེ་ཡང་སེམས་ཅན་གྱི་

59

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

སྙིགས་མ་ལ་ཐུག་པས། སེམས་ཅན་རྣམས་དམུ་རྒོད་དུ་གྱུར་པ་དང་། སངས་རྒྱས་ཀྱི་

བསྟན་པའི་ཐ་མ་ལ་ཐུག་པའི་སྟོབས་ཀྱིས། སངས་རྒྱས་ཀྱི་བཀའ་ཡང་དག་པ་རྣམས་ནུས་

པ་ཆུང་དུ་སོང་བ་ལྟར་བཀའ་ཡང་དག་པའི་གཞུང་ལུགས་རྣམས་ཀྱིས་ད་ལྟའི་སེམས་ཅན་

རྣམས་འདུལ་བར་དཀའ་བ་ཡིན་པ་ནི། མི་སྐྱེ་ཤིན་ཏུ་ལེགས་པའི་ཕོ་ཡ་མཚན་རྣམས་ཀྱང་

རྒས་ཤིང་རྒུད་ནས་སྟོབས་ཤོར་ཞིང་། ཉམ་ཆུང་དུ་གྱུར་པ་དང་འདྲ་བ་ཡིན་ནོ། །

དེ་བས་ན་ངན་པ་གཞོན་ནུ་ལུས་པོ་དར་ལ་བབ་ན། བཟང་པོ་རྒས་པས་ཕྱོགས་རེས་

ལ་དར་ཅིག་དྲག་པ་ཡིན་པ་དེ་བཞིན་དུ། ཡང་དག་པའི་སངས་རྒྱས་ཉིད་ཀྱིས་མ་བཏུལ་

བའི་སེམས་ཅན་རྣམས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འདུལ་བའི་སྐབས་ཡོད་པ་

ཡིན་པས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟན་ཆོས་གསར་དུ་བརྩམས་པ་རྣམས་

ཀྱིས་ལྷག་པར་སེམས་ཅན་ལ་ཕན་ཐོགས་པ་ཡོད་པ་དེ་བཞིན་དུ། བོད་ཁ་བ་ཅན་གྱི་

སེམས་ཅན་རྣམས་སྤྱན་རས་གཟིགས་དབང་ཕྱུག་གི་གདུལ་བྱའི་སྐལ་བར་བབ་ཅིང་། རྣལ་

འབྱོར་མ་ངས་འགྲོ་བ་འདུལ་བའི་དུས་ཀྱང་ད་ལྟའི་དུས་འདི་ཡིན། ཁྱད་པར་དུ་དམ་ཆོས་

བདུད་ཀྱི་གཅོད་ཡུལ་གྱི་དུས་ལ་བབ་པས། གཅོད་ཟེར་བའི་མིང་བཏགས་པའི་ཆོས་ཀྱི་

སེམས་ཅན་མ་རུང་པ་རྣམས་འདུལ་བའི་རྟེན་འབྲེལ་ཡོད་པ་ཡིན་ནོ་རིགས་ཀྱི་བུ། ཞེས་

གསུངས་པ་དང་། ཡང་ཐོད་སྨྱོན་གྱིས་ཞུས་པ། མ་ཅིག་ལགས། རང་རེའི་ཆོས་ལུགས་

གཅོད་བྱ་བ་འདི། ཆོས་གཞན་ལས་ཟབ་ཅིང་ལྷག་པའི་དོན་ནི་ཇི་ལྟར་ལགས་ཞུས་པས།

མ་ཅིག་གི་ཞལ་ནས། བུ་ཉོན་དང་། ངའི་ཆོས་འདི་གཞན་ལས་མཆོག་ཏུ་བསྟན་པ། ཆོས་

ལུགས་ཕྱག་རྒྱ་ཆེན་པོ་གཅོད་བྱ་བ་འདི་ནི་ཆོས་གཞན་ལས་ཁྱད་པར་དུ་ལྷག་ལ་ཤིན་ཏུ་

ཟབ་པའི་གནད་ཀྱིས་དོན་དུ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བསྟན་ཆོས་གཞན་དང་མི་འདྲ་

བའི་མན་ངག་གི་གདམས་པ། ཆོས་ཐམས་ཅད་ཀྱི་ཉིང་ཁུ། ཐེག་པ་ཆོས་ཀྱི་ཡང་རྩེ། མདོ་

སྔགས་ཐམས་ཅད་གཅིག་ཏུ་དྲིལ་བའི་སྙིང་པོའ་ིམཆོག་ཏུ་གྱུར་པ། བདུད་བཞི་རང་སར་

60

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

གྲོལ་བར་བྱེད་པའི་ཆོས་ཉིད། དུག་ལྔ་བཙན་ཐབས་སུ་སྤོང་བའི་ཐབས་མཆོག །བདག་

འཛིན་གྱི་རྩ་བ་ལྗོན་ཤིང་རྩད་ནས་གཅོད་པའི་རལ་གྲི། འཁོར་བའི་གཡུལ་ངོ་མངོན་སུམ་

དུ་བཟློག་པའི་དམག་དཔུང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་འཇོམས་པའི་མཐུ་

སྟོབས། ནད་རིགས་བཞི་བརྒྱ་རྩ་བཞི་སྦྱོང་བའི་སྨན་མཆོག །འབྲས་བུ་ཕྱི་དུས་ལ་མི་

འཇོག་པའི་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་འཐོབ་པའི་གདམས་པ་གཞན་གྱི་ཆོས་

ལུགས་དང་མི་འདྲ་བའི་དམ་ཆོས་གཅོད་བྱ་བ་རྣལ་འབྱོར་མ་ངའི་ཁྱད་ཆོས་ཡིན་ནོ། །

རིགས་ཀྱི་བུ། དེ་བས་ན་དུས་ད་ལྟར་གྱི་ཆོས་བྱེད་རྣམས་ཚེ་འདི་ལ་ཆགས་ཤིང་ཞེན་ནས།

བདག་འཛིན་བློས་མ་ཐོངས་པའི་གནད་ཀྱིས། རང་གི་ལུས་ལོངས་སྤྱོད་ལ་ཆགས་ཤིང་། ཁ་

རྗེ་དབང་ཐང་དང་། གཉེན་འདུན་འབྲེལ་བ་རྣམས་ལ་གནོད་པ་བསྐྱལ་བའི་མི་དང་འབྱུང་

པོ་མི་མ་ཡིན་གང་ཡིན་པ་དེ་བཟློག་པའི་ཐབས་དྲག་སྔགས་དང་། རྫས་ཐུན་དང་། ནུས་

མཐུ་ལ་སོགས་པའི་ལས་ལ་བརྩོན་ཞིང་། བདག་བསྲུང་བའི་ཐབས་འཁོར་ལོ་དང་། གུར་

ཁང་བསྒོམས་པ་ལ་སོགས་པའི་སྒོ་ནས་བརྩོན་འགྲུས་དྲག་པོ་བྱེད་པ་དང་། ཆོས་འཆད་

ཉན་བྱེད་པའི་སྟོན་པ་འགའ་ཞིག་ཀྱང་གྲྭ་པ་སྡུད་ཅིང་དགོན་གཞི་བཟུང་ནས། འཇིག་རྟེན་

རྙེད་བཀུར་དང་ཕུན་ཚོགས་བསྒྲུབ་ཅིང་། འདུ་ལོང་མང་པོ་བྱེད་པ་དེ་རྣམས་ནི། ཐེག་པ་

ཤིན་ཏུ་དམན་ལ་འཁོར་བ་ལས་རྟ་རྔ་གང་ཡང་མ་འཕགས་པ་དེ་རྣམས་ཀྱི་ཆོས་ལུགས་དེ་

ལྟ་བུ་དང་། སྤྲང་མོ་ངའི་ཆོས་ལུགས་ནི་གཏན་ནས་མི་མཚུངས་ཏེ། ཁོང་རྣམས་ཀྱིས་དྲག་

པའི་ལས་ཞེ་སྡང་ཆེན་པོའ་ིསྒོ་ནས་བསྐྲད་ཅིང་ཟློག་པར་བྱེད་པའི་བདུད་དེ་རྣམས་ནི། ངས་

བྱམས་པ་དང་སྙིང་རྗེའི་ཤུགས་ཀྱིས་ཚུར་བཀུག་ནས་འཁོར་དུ་བསྐོར་བ་ཡིན། གཞན་གྱིས་

གཅེས་ཤིང་ཕངས་པའི་ལུས་ལོངས་སྤྱོད་ལ་སོགས་པ་རྣམས། ངས་ཕངས་པ་མེད་པར་

ལོངས་སྤྱོད་ལ་སོགས་པ་ཡར་དཀོན་མཆོག་པའི་རྫས་དང་། མར་རིགས་དྲུག་སེམས་ཅན།

སྒོས་ལན་ཆགས་པའི་བདག་པོ་བདག་མོ། ཁྱད་པར་ལུས་སྲོག་ལ་རྔམ་པའི་གདུག་པ་ཅན་

61

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

འཇིགས་སུ་རུང་བའི་འབྱུང་པོ་མི་དང་མ་ཡིན་པ་ལ་སོགས་པ་རྣམས་ལ་སྦྱིན་པ་གཏོང་བའི་

རྒྱུ་ཕུན་སུམ་ཚོགས་པ་བྱས་ནས་ཆགས་པ་མེད་པར་གཏོང་བ་ཡིན་ནོ་རིགས་ཀྱི་བུ། ལར་

ཡང་འཇིག་རྟེན་འཁོར་བ་ལ་བློ་ལོག་པར་བྱ་བའི་ཕྱིར་དང་། གཉེན་འབྲེལ་གྱི་འཁྲི་བ་

བཙན་ཐབས་སུ་གཅད་བྱ་བའི་ཕྱིར་དང་། ཡུལ་སྣང་ཐམས་ཅད་ལ་སྲེད་པ་དང་ཞེན་པའི་

བློ་དེ་ངང་ངམ་ཤུགས་ཀྱིས་ཆོད་པའི་ཐབས་ལ་མི་མེད་ལུང་སྟོང་དུ་བདག་མེད་གཅིག་པུར་

བསྡད་ནས། ཕྱི་ཡུལ་སྣང་གི་བདག་འཛིན་ཆོད་པ་དེ། སྤྲང་མོ་ངའི་ཆོས་ལུགས་ཡིན། ལར་

གཅེས་པར་འཛིན་པའི་ལུས་སྲོག་འདི། ལྟོས་མེད་འདྲེ་གཟན་དུ་བསྐྱུར་བ་ན། ལར་ལུས་

ཀྱི་བདག་འཛིན་ངང་ངམ་ཤུགས་ཀྱིས་ཆོད་པ་དེ། སྤྲང་མོ་ངའི་ཆོས་ལུགས་ཡིན། དྲན་རིག་

སྐྱེ་མེད་ནམ་མཁའི་དབྱིངས་སུ་སྦས་པའི་འགག་མེད་ཤུགས་འབྱུང་རང་གྲོལ་སྟོང་པའི་ངང་

ལ་གནས་པས་ན་ངར་འཛིན་ངང་ངམ་ཤུགས་ཀྱིས་ཆོད་ནས། བྱར་མེད་རིགས་པས་བཙན་

ས་ཟིན་པ་དེ། སྤྲང་མོ་ངའི་ཆོས་ལུགས་ཡིན། ལར་ཡང་འགྲོ་དོན་གང་གི་ཆེ་ན། གཟུགས་

ཅན་བརྒྱ་ལ་ཕན་ཐོགས་པ་བས། གཟུགས་མེད་ལྷ་འདྲེ་གདུག་རྩུབ་ཤིན་ཏུ་ཆེ་བ་གཅིག་ལ་

ཕན་ཐོགས་ན་ཕན་ཡོན་ཆེ། མི་མ་ཡིན་སྟོབས་ཆེ་བ་གཅིག་གིས་གཟུགས་ཅན་དང་

གཟུགས་མེད་ཀྱི་སེམས་ཅན་གྲངས་མེད་པ་ལ་གནོད་པ་བྱས་ནས། སེམས་ཅན་ཐམས་

ཅད་ཉམ་ཐག་པར་བྱེད་ཅིང་། ཁོ་རང་གདུག་སེམས་པ་དང་དུས་རྒྱུན་དུ་འགྲོགས་པས།

ངན་སོང་གི་སྡུག་བསྔལ་མཐའ་མེད་པ་མྱོང་དགོས་པས། དེ་ཡང་སེམས་ཅན་གཞན་ལ་

གནོད་པ་མི་བྱེད་པའི་ཕྱིར་དང་། ཁོ་རང་ཡང་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་པའི་ཕྱིར་

དུ་འདུལ་དགོས་པ་ཡིན་ཏེ། ད་ལྟར་གྱི་གང་ཟག་ཕལ་ཆེ་བ་རྣམས་ཀྱིས་སྐྲོད་པར་བྱེད་དེ།

ལན་ཅིག་བསྐྲད་ཀྱང་། ཕྱིས་ཀྱང་སེམས་ཅན་ལ་གནོད་པ་སྐྱེལ་ངེས་པས། འབྱུང་པོ་

སྟོབས་ཅན་དེ་བསྐྲད་ན་ངས་ཀྱང་ཐུབ་སྟེ། བསྐྲད་པ་བས་ཀྱང་བཏུལ་ནས་བདེ་བ་ལ་

བཀོད་ན་ཤིན་ཏུ་ཕན་ཡོན་ཆེ་བར་མཐོང་བས། འདུལ་བའི་ཐབས་ཀྱང་ཐུན་ཁུང་དང་།

62

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

རྫས་ཐུན་དང་། དྲག་སྔགས་ཀྱི་སྒོ་ནས་འདུལ་བ་མ་ཡིན་ཅིང་། བྱམས་པ་དང་སྙིང་རྗེའི་

ལྕགས་ཀྱུས་བཟུང་ནས། ཤ་ཁྲག་དྲོན་མོ་གཅིག་པུའི་སྒོ་ནས་འདུལ་ཞིང་། བླ་ན་མེད་པའི་

བྱང་ཆུབ་འཐོབ་པར་བྱེད་པ་ནི་སྤྲང་མོ་ངའི་ཆོས་ལུགས་ཡིན་ནོ། །གཞན་ཡང་སྐྱེས་དམན་

བརྒྱ་ལ་ཕན་ཐོགས་པ་བས། སྐྱེས་པ་གཅིག་ལ་ཕན་ཐོགས་པ་གལ་ཆེ། སྐྱེས་པ་བརྒྱ་ལ་

ཕན་ཐོགས་པ་བས། རབ་བྱུང་གཅིག་ལ་ཕན་ཐོགས་པ་གལ་ཆེའོ། །

རྐྱེན་གྱིས་དེད་པ་བརྒྱ་ལ་ཕན་ཐོགས་པ་བས། རྐྱེན་མེད་ངེས་འབྱུང་གིས་བསྟན་

པའི་སྒོར་འཇུག་པ་གཅིག་ལ་ཕན་ཐོགས་པ་གལ་ཆེ། བླུན་པོ་བརྒྱ་ལ་ཕན་ཐོགས་པ་བས།

ཤེས་རབ་ཅན་གཅིག་ལ་ཕན་ཐོགས་པ་གལ་ཆེ། རང་ཉིད་གཅིག་པུའི་དོན་ལ་གཉེར་བ་

བརྒྱ་ལ་ཕན་ཐོགས་པ་བས། གཞན་ཕན་བསྒྲུབ་པའི་སྙིང་སྟོབས་ཅན་གཅིག་ལ་ཕན་

ཐོགས་པ་གལ་ཆེ། དུད་འགྲོ་བརྒྱ་ལ་ཕན་ཐོགས་པ་བས། སྨྲ་ཤེས་དོན་གོ་བ་གཅིག་ལ་

ཕན་ཐོགས་པ་གལ་ཆེ། དགེ་བསྙེན་བརྒྱ་ལ་ཕན་ཐོགས་པ་བས། དགེ་ཚུལ་གཅིག་ལ་ཕན་

ཐོགས་པ་གལ་ཆེ། དགེ་ཚུལ་བརྒྱ་ལ་ཕན་ཐོགས་པ་བས། དགེ་སློང་གཅིག་ལ་ཕན་ཐོགས་

པ་གལ་ཆེ། དེ་བས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་པ་གཅིག་ལ་ཕན་

ཐོགས་པ་གལ་ཆེ། ཟང་ཟིང་གི་ཚོགས་བསགས་བརྒྱ་བསགས་པ་བས། རང་གི་ལུས་ཀྱིས་

ཚོགས་བསགས་གཅིག་གལ་ཆེ། ཡུལ་དགོན་དུ་གནས་ཤིང་ཁྱད་པར་གྱི་དགེ་སྦྱོར་བརྒྱ་

བྱས་པ་བས། གཉན་ཁྲོད་དུ་ཞག་བདུན་ལ་ལུས་མཆོད་སྦྱིན་བྱེད་པ་གལ་ཆེ། རང་ལ་

སེམས་ཤིང་གདུང་བ་བརྒྱ་ལ་བྱམས་པ་བསྒོམ་པ་བས། རང་ལ་ཁྲོ་ཞིང་གདུག་པ་སྟོན་པ་

གཅིག་ལ་བྱམས་པ་བསྒོམ་གལ་ཆེ། ཚེ་འདི་ལ་འབྲས་བུ་འདོད་པའི་ཕྱིར་དུ། མི་ཚེ་ལ་

དཀའ་བ་སྤྱད་པ་བས། འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པར་ཤེས་པའི་སྒོ་ནས་ཚེ་

འདིའི་བྱ་བ་ལ་བློ་མི་འཇོག་པ་སྐད་ཅིག་དྲན་པ་གལ་ཆེ། ཕ་རོལ་གྱི་འདྲེ་གདོན་བརྒྱ་ཐུབ་

པ་བས། བདག་འཛིན་གནོད་པ་ཅུང་ཟད་ཐུབ་པ་གལ་ཆེ། བདག་འཛིན་དང་བཅས་པའི་

63

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

དགེ་བ་ལོ་བརྒྱ་ལ་བསྒྲུབ་པ་བས། བདག་མེད་ཀྱི་གནས་ལུགས་དར་ཅིག་བསྒོམ་པ་གལ་ཆེ།

མཁས་འདོད་དང་གྲགས་འདོད་ཀྱི་བཤད་སྒྲུབ་དང་སློབ་གཉེར་ལོ་བརྒྱར་བྱས་པ་བས།

རང་ནམ་འཆི་སྙམ་པའི་རྟོག་པ་སྐད་ཅིག་ངོས་ཟིན་པ་གལ་ཆེ། མཁས་བཙུན་བཟང་གསུམ་

དང་ཁེ་གྲགས་འདོད་པའི་ཕྱིར་དུ་ཆོས་སྤྱོད་དང་དགེ་བ་ལོ་བརྒྱར་བསྒྲུབ་པ་བས། དམན་ས་

བཟུང་ཞིང་དགེ་བ་བྱེད་པ་དང་། སེམས་ཅན་ལ་བསྔོ་བ་དར་ཅིག་དྲན་པ་གལ་ཆེ་བ་དེ་

རྣམས་ནི་སྤྲང་མོ་ངའི་ཆོས་ལུགས་ཡིན། དེང་སང་ནད་དང་གདོན་གྱིས་བཏབ་པ་རྣམས་

ཀྱིས་ལུས་སྲོག་དང་བྲལ་དོགས་པའི་ཕྱིར་དུ་ཟས་ནོར་གྱི་གང་ངན་ཤོས་རྣམས་བཅད་ནས།

ཕྱི་རོལ་དམུས་ལོང་གི་གཏོང་མཁན་བྱ་བའི་བོན་པོ་ཞེས་བྱ་བ་བཀུག་ནས། ནད་གདོན་

ཅན་ལ་ཕན་པར་བྱེད་དོ་ཟེར་ནས། ཉེས་མེད་ཀྱ་ིདུད་འགྲོའ་ིསྲགོ ་གཅོད་ཅིང་སྡུག་བསྔལ་དུ་

མ་མྱངོ ་དུ་བཅལོ ་ནས་ཤ་ཁྲག་གསར་པ་དང་། གཞན་ཡང་ཡས་སྟགས་མང་པོ་བསོགས་ནས།

བོན་པོས་བརྡ་སྤྲད་དེ། བགེགས་ལ་གནོད་པ་མི་བྱེད་པའི་རྔན་པ་བྱིན་ནས། ལུས་སྲོག་གི་

གླུད་དུ་འཇལ་ལོ་ཟེར་ནས་ནད་མེད་ཉེས་མེད་ཀྱི་སེམས་ཅན་བསད་ནས། དམུས་ལོང་

གིས་བརྡ་སྤྲད་ནས་ནད་གདོན་ཅན་གྱི་ནད་ཞི་ནས་རྐྱེན་བཟློག་ཅིང་བར་ཆད་སེལ་ཞིང་ཚེ་

རིང་བར་འདོད་པ་བླུན་པོའ་ིལོག་ལྟ་དང་། ལས་གོ་ལོག་དོན་མེད་ཀྱི་བྱ་བ་ཡིན་ནོ། །

དེ་བས་ཟས་ནོར་གྱི་གང་བཟང་བ་རྣམས་ཀྱིས་དཀོན་མཆོག་མཆོད་ནས། ནད་

གདོན་ཞི་བའི་བྱིན་རླབས་ཞུས་ན། ནད་དང་བར་ཆད་སེལ་ཞིང་བསོད་ནམས་འཐོབ་པ་

ཡིན་ནོ། །ནད་ཀྱིས་ན་བ་ལ་སྨན་པ་མཁས་པ་བཀུག་ནས། ལས་མ་ལོག་པའི་སྨན་བཟང་

པོ་རྣམས་ནད་ཐོག་ཏུ་བཏང་ནས། ནད་འཚོ་བར་བྱེད་པ་འཇིག་རྟེན་པ་སྤྱིའི་ཡིན་ལུགས་

ཡིན་ལ་ལེགས་པར་འདུག་སྟེ། སྤྲང་མོ་ངས་ནི། འཆི་བའི་དུས་སུ་འཇིག་རྟེན་གྱི་ཕུན་

ཚོགས་དང་ལུས་སྲོག་ལ་སོགས་པའི་དངོས་པོའ་ིརྒྱུ་རྫས་ལ་སྐྲའི་འཇག་མ་བརྒྱར་གཤགས་

པའི་ཆ་ཙམ་ཡང་ཁྱེར་ནས་འགྲོ་རྒྱུ་མ་རྙེད་པས། ཕྱི་ནང་གི་བདག་འཛིན་དང་བྲལ་བས།

64

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ཁ་འཛིན་གཉེར་ཁ་བྱེད་རྒྱུ་ཅི་ཡང་མེད་པས། ལུས་སྲོག་ལ་ལྟོས་པ་མེད་པར་གང་འདོད་པ་

རྣམས་ཀྱི་གཟན་དུ་བསྐྱུར་བ་ཡིན་པས། གཞན་ཟས་ནོར་ལ་སོགས་པ་ཆགས་པའི་རྒྱུ་ཕལ་

བ་རྣམས་ལ་སྨོས་ཅི་དགོས། ནད་དང་གདོན་ལ་སོགས་པའི་རྐྱེན་གང་ལ་ཡང་བདག་མེད་

ཀྱི་ངང་ནས། ནང་ཏིང་ངེ་འཛིན་གྱི་དམིགས་པའི་སྒོ་ནས་བཅོལ་བ་ཡིན་ཅིང་། ཕྱི་སྨན་

དཔྱད་བོན་གཏོ་ལ་སོགས་པ་དགོས་པ་མ་ཡིན་པ་ནི། སྤྲང་མོ་ངའི་ཆོས་ལུགས་ཡིན། ལར་

སེམས་ཅན་གྱི་དོན་བྱེད་པ་ལ་རང་ཉིད་ཀྱི་ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་དང་བཅས་པ་

གཞན་དོན་ལ་གཏོང་དགོས་པ་མི་གཏོང་བར། རང་ཉིད་ཞི་བདེ་དོན་དུ་གཉེར་བའི་ཕྱིར་དུ་

ཕ་རོལ་གྱི་སེམས་ཅན་ལ་གནོད་པ་སྐྱེལ་བའི་ཆོས་བྱེད་འདི་རྣམས་ཀྱིས། སྔར་སངས་རྒྱས་

ཤཱཀྱ་ཐུབ་པས་མགོ་དང་ཡན་ལག་དང་། ཉིང་ལག་ལ་སོགས་པ་རྣམས་གང་འདོད་པ་

རྣམས་ལ་ལྟོས་པ་མེད་པར་དངོས་སུ་གཏོང་བ། དེའི་རྒྱུ་མཚན་ད་ལྟར་གྱི་ཆོས་བྱེད་པ་

རྣམས་ཀྱིས་མ་ཚོར་བ་ཡིན་ནམ། ཚོར་ཀྱང་ད་ལྟ་བ་རྣམས་ཀྱིས་མི་དགོས་ཟེར་བའི་སངས་

རྒྱས་ཀྱིས་ལུང་བསྟན་མཐོང་བ་ཡིན་ནམ། མིན་ན་འཇིག་རྟེན་གྱི་བྱ་བ་ལ་བློ་འདི་ཙམ་ཞེན་

ནས། ལོ་ཁྲི་ཚོའི་བར་གྱི་འདུག་ཆས་བྱེད་པར་མི་རིགས། ཡང་ན་བདུད་ཀྱིས་བསླུས་པ་

ཡིན་པས་རིག་པར་བྱའོ། །

ཆོས་སྨྲ་ཀུན། སྤྲང་མོ་ངའི་རྗེས་འབྲང་བ་རྣམས་ཀྱིས་འདི་བཞིན་མཛོད་དང་། དུཿཁ་

མེད་པ་ངའི་ཆོས་ལུགས་ཡིན། ངས་ནི་འདི་ལྟར་བྱེད་པ་ཡིན་པ་ཡིད་ལ་ཟུངས་དང་བུ་སློབ་

ཀུན། རང་གི་ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་དགེ་བའི་རྩ་བ་དང་བཅས་པ་ལ་ལྟོས་པ་

མེད་པར་གཞན་དོན་དུ་གཏོང་ཞིང་། རང་དོན་གྱི་དྲི་མ་སྐྲའི་རྩེ་མོ་ཙམ་ཡང་མི་བྱེད་པའི་

བློའ་ིགདེང་ཐོབ་པར་བྱས་ནས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་རྩི་དང་མ་བྲལ་བར་

བྱེད་པ་དེ་ལ་ནི། དམ་ཆོས་གཅོད་ཟེར་བ་ཡིན། ཐེག་པ་ཆེན་པོ་ཟེར་བ་ཡིན། བྱང་ཆུབ་

སེམས་དཔའི་ལམ་ཆེན་པོ་ཟེར་བ་ཡིན། གྲུབ་ཐོབ་རྣམས་ཀྱི་འབྱུང་གནས་ཟེར་བ་ཡིན།

65

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

སངས་རྒྱས་རྣམས་ཀྱི་གཤེགས་ཤུལ་ཟེར་བ་ཡིན་པས། ཆོས་འདི་ལྟ་བུས་འཁོར་བ་ལས་

གྲོལ་ནུས་པ་ཡིན་ལ། ཐེག་དམན་གྱི་ཆོས་རང་ཉིད་ཀྱི་འདོད་དོན་གཉེར་ནས། སེམས་ཅན་

ཡལ་བར་འདོར་བ་རྣམས་ཀྱིས་འཁོར་བ་ལས་གྲོལ་བའི་སངས་རྒྱས་ཐོབ་པ་ནི་ཤིན་ཏུ་ཉུང་

ལ་དཀའ་སྟེ། དཔེར་ན་མུན་པ་ཆེན་པོ་ནི་ཟླ་བ་དང་སྐར་མའི་ཚོགས་རྣམས་དང་། མར་དང་

ཤིང་ལས་བསྣུན་པའི་མེ་དང་། དེ་རྣམས་རབ་ཏུ་གསལ་ཡང་། དེ་རྣམས་ཀྱིས་རང་རང་གི་

ངོ་བོ་གཅིག་པུ་ཙམ་མུན་པས་མི་གནོད་པ་ཙམ་མ་གཏོགས། མུན་པའི་ཚོགས་ཐམས་ཅད་

སེལ་བར་མི་ནུས་སོ། །རྟ་བདུན་རྒྱལ་པོ་མཁའ་ལ་འོང་ཙམ་ན། མུན་པ་ཐམས་ཅད་གཏིང་

ནས་སེལ་བ་དེ་བཞིན་དུ། ངའི་ཆོས་ལུགས་ཕྱག་རྒྱ་ཆེན་པོ་གཅོད་འདིས་ཐེག་པ་ཆེན་པོའ་ི

ཆོས་ཀྱི་ཉི་མ་ཤར་ནས་འཁོར་བའི་མུན་སྨག་སེལ་བར་བྱེད་པ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་

ཞེས་པའི་དོན་ནི་དེ་ལྟ་བུའི་དོན་ནོ། །

དེ་ཡང་ཕྱག་རྒྱ་ཆེན་པོ་ནི། སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་གཞི་

གདོད་མ་ནས་བདེན་པར་གྲུབ་པ་སྐྲའི་རྩེ་མོ་ཙམ་ཡང་མེད་པས། རང་བཞིན་གྱིས་སྟོང་

པའི་གནས་ལུགས་དེ་ལ་ཆོས་ཕྱག་རྒྱ་ཆེན་པོ་ཟེར། དེ་ལྟ་བུའི་དོན་གོ་ཞིང་སྟོང་པ་ལ་བློ་

སྦྱངས་ཤིང་སྟོང་པ་དེ་ཉིད་ལམ་དུ་འཁྱེར་ཐུབ་པའི་རྣལ་འབྱོར་བས། རྩ་རླུང་ཐིག་ལེའི་

འཕྲུལ་འཁོར་ལ་ནུས་པ་ཐོན་པར་བྱས་ནས། རིགས་ལྡན་གྱི་ཤེས་རབ་མ་ལ་བརྟེན་ནས་

བདེ་བ་ཆེན་པོ་ལམ་དུ་ཁྱེར་ཅིང་། དགའ་བ་ཆེན་པོས་ལུས་སྟོབས་ཆེར་རྒྱས་པར་བྱེད་པ་ལ་

ལས་ཀྱི་ཕྱག་རྒྱ་ཆེན་པོ་ཟེར། དེ་ལྟ་བུའི་རྣལ་འབྱོར་བས་ཡོན་ཏན་ཐམས་ཅད་སྦས་པའི་

ཚུལ་དུ་ཉམས་སུ་ལེན་ཅིང་། ཕྱིའི་རྫས་ཀྱི་དམ་ཚིག་དང་མ་བྲལ་བར་བྱེད་པ་དེ་ལ་དམ་

ཚིག་གི་ཕྱག་རྒྱ་ཆེན་པོ་ཟེར། དེ་ལྟ་བུའི་བདེ་བ་ཁྱད་པར་ཅན་དེ་ལ་ཆགས་པ་མེད་པའི་སྟོང་

པ་ཉིད་དུ་དྲོད་ཀྱི་རླངས་པ་དེ་ལ་བདེ་སྟོང་ཕྱག་རྒྱ་ཆེན་པོ་ཟེར། དེ་ལྟ་བུའི་རྣལ་འབྱོར་བ་དེ་

ལ་ཉོན་མོངས་པའི་དྲི་མའམ་སྒྲིབ་གཡོགས་ཐམས་ཅད་དང་བྲལ་བས། སྣང་བ་ཐམས་

66

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ཅད་བདེན་མེད་སྟོང་པ་སྒྱུ་མ་རྨི་ལམ་ལྟ་བུར་ཤར་བ་ལ་གསལ་སྟོང་ཕྱག་རྒྱ་ཆེན་པོ་ཟེར་

བ་ཡིན་ཀྱང་། ད་ལྟ་ངས་ཀུན་འཆད་ཅིང་ཡོངས་སུ་གྲགས་པའི་ཕྱག་རྒྱ་ཆེན་པོ་དེ་ནི། ཕྱག་

ནི་ཡུལ་སྣང་ཐམས་ཅད་ཡིན། རྒྱ་ནི་ཡུལ་སྣང་དེ་རྣམས་གཞི་གདོད་མ་ནས། དོན་རང་

ངོས་ནས་བདེན་པར་གྲུབ་པ་སྐྲའི་རྩེ་མོ་ཙམ་ཡང་མེད་པས་ན་སྟོང་པ་ཆེན་པོའ་ིསྣང་བ་དེ་

དང་། རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་དབྱེར་མེད་ཟུང་དུ་འཇུག་པ་ལ་ཟེར་ཏེ། དེ་ཡང་

གོ་ཡུལ་ཕྱིའི་ཕྱག་རྒྱ་ཆེན་པོ་ཡིན། རྣལ་འབྱོར་བས་ཕྱི་ནང་གཉིས་ཀའི་བདག་མེད་རྟོགས་

པས། རླུང་སེམས་དབུ་མར་ཚུད་པའི་སྟོབས་ཀྱིས། བདེ་གསལ་ཟངས་ཐལ་གྱི་ཉམས་ཁྱད་

པར་ཅན་གྱི་ངང་ལ་འདས་མ་འོངས་ད་ལྟར་གསུམ་ས་ལེར་མཁྱེན་ཅིང་། ཆོས་ཐམས་ཅད་

རབ་ཏུ་ཤེས་པའི་འོད་ཟེར་རྒྱས་ནས། འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པ་ལ་

སོགས་པ་ཡོན་ཏན་གྱི་ཚོགས་དུ་མའི་འོད་ཟེར་གྱིས་འགྲོ་བ་མང་པོ་འདུལ་ཞིང་། དེའི་དོན་

བྱེད་ནུས་པའི་སྟོབས་ཆེན་པོ་དང་ལྡན་པ་ལ་ཕྱག་རྒྱ་ཆེན་པོ་ཟེར་བ་ཡིན་པས། དེ་ལྟ་བུའི་

རྣལ་འབྱོར་པ་ལ་ཕྱག་རྒྱ་ཆེན་པོའ་ིགཅོད་པ་ཟེར་པ་ཡིན། དེ་ལྟ་བུའི་ཆོས་ལ་ཕྱག་རྒྱ་ཆེན་

པོའ་ིགཅོད་ཟེར་བ་ཡིན་པས་གཞན་གྱི་ཆོས་ལུགས་དང་མི་འདྲ་བའི་ཟབ་གནད་དེ་ལྟར་

ཡིན་ནོ་རིགས་ཀྱི་བུ། ཕལ་བ་འགའ་ཞིག་སེམས་གྲུབ་པའི་མཚན་ཉིད་གསལ་ཙམ་རིག་

ཙམ་པ་ཧྲིག་གེ་བོ་སྒྲིབ་པ་དང་བཅས་པའི་མུན་པ་ཅན་དེ་ལ་ཕྱག་རྒྱ་ཆེན་པོ་ཟེར་ནས།

སེམས་གྲུབ་པའི་མཚན་ཉིད་ཀྱང་མི་ཤེས་པའི་ཕྱག་རྒྱ་ཆེན་པོ་ནི། རྨོངས་ཤིང་བླུན་པོའ་ིཆོས་

ལུགས་ཡིན་པས། དེ་ལ་བློ་གཏད་མེད་དོ་རིང་དུ་སྤོངས་གསུངས། དེ་ནས་མ་ཅིག་འཁོར་

དང་བཅས་པ་མར་བྱོན་ནས། ས་དཀར་ལོག་གི་ནོལ་ཐང་དུ་ཟླ་བ་གཅིག་བཞུགས་ནས་ཕ་

རོལ་ཏུ་ཕྱིན་པའི་ལུགས་ཀྱི་རྣམ་པར་བཤད་པ་ཟླ་འོད་མུན་སེལ་མཛད། དེ་རྣམས་ཡུམ་

སྲས་ཀྱི་ཞུས་ལན་དག་སྣང་གི་ལེའུ་སྟེ་གསུམ་པའོ།། །།


previousལེའུ་གསུམ་པ་ཡུམ་སྲས་ཀྱི་ཞུས་ལན་གྱི་སྐོར།next