Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

5 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
 
འབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི།
  
  


5 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]

 
previousའབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི།next

འབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི།

འབྲས་བུ་ཆོས་སྐུ་བཤད་པ་ལ། མདོའི་ལུང་དྲང་བ་དང་། མཚོན་བྱེད་ཀྱི་ཆོས་བཤད་པ་གཉིས་ལས། དང་པོ་ནི། སྐད་ཅིག་མའི་སྦྱོར་བ་བཞི་པའི་མདོ་ལས་འཕྲོས་ནས། རབ་འབྱོར་གཞན་ཡང་ཟག་པ་མེད་པའི་ཆོས་རྨི་ལམ་ལྟ་བུ། དངོས་པོ་དང་མི་ལྡན་པ་དངོས་པོ་མེད་པའི་རང་བཞིན་ཅན། རང་གི་མཚན་ཉིད་ཀྱིས་སྟོངས་པ། རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པར་གྱུར་ན། དེ་དག་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་མཚན་ཉིད་གཅིག་པུ་འདི་ལྟ་སྟེ། མཚན་ཉིད་མེད་པ་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཡིན་པར་རིག་པར་བྱའོ། །ཞེས་པས་ངོ་བོ་ཉིད་ཀྱི་སྐུ་དང་། གསོལ་བ། བཅོམ་ལྡན་འདས་ཟག་པ་མེད་པའི་ཆོས་དེ་གང་ལགས། བཀའ་སྩལ་པ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་:གསུམ༼བདུན༽། ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་གྱི་རྣམ་པར་ཤེས་པ་ཉིད་དང་། ཐམས་ཅད་ཤེས་པ་ཉིད་དེ། འདི་དག་ནི་ཟག་པ་མེད་པའི་ཆོས་ཐམས་ཅད་ཅེས་བྱའོ། །ཞེས་པས་ནི་རྟོགས་པའི་ཡེ་ཤེས་ཆོས་ཀྱི་སྐུ་དང་། རབ་འབྱོར། གཞན་ཡང་ཡུམ་འདི་ལ་བསླབས་ཤིང་། ཆོས་འདི་དག་ཐོས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་ཏེ། ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་སངས་རྒྱས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་བྱང་སེམས་ཆེན་པོ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་བླ་ན་མེད་པའི་དགའ་བ་དང་། བདེ་བ་དང་། ཚིམ་ ་དང་། རབ་ཏུ་དགའ་བ་སྟོན་པར་འགྱུར་རོ། །ཞེས་སོགས་ཀྱིས་ལོངསསྤྱོདརྫོགས next hit་པའི་སྐུ་དང་། རབ་འབྱོར་གཞན་ཡང་ཆོས་དེ་དག་རྟོགས་པར་བྱས་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་སངས་རྒྱས་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ། མཐའ་མེད་པར་དུས་ཐམས་ཅད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་པ་སྣ་ཚོགས་པའི་འཕྲིན་ལས་ཀྱིས་སེམས་ཅན་གྱི་དོན་མཛད་པ་དེ་ལྟར་བྱང་སེམས་ཆེན་པོ་ཡུམ་ལ་བསླབ་པར་བྱའོ། །ཞེས་པས་སྤྲུལ་པའི་སྐུ་དང་། རབ་འབྱོར། ངས་འདི་ནས་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་ལ་རྣམ་པར་གཟིགས་ནས། ཤར་ཕྱོགས་ཀྱི་འཇིག་རྟེན་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་ན། བྱང་སེམས་ཆེན་པོ་དག་ཆེད་དུ་བསམས་ཏེ་སེམས་ཅན་དམྱལ་བ་པ་རྣམས་ཀྱི་སྡུག་བསྔལ་ཞི་བར་བྱས་ནས། ཞེས་སོགས་ཀྱིས་ནི་ཕྲིན་ལས་བཞི་བཅུ་རྩ་བདུན་གསུངས་པ་ཡིན་ནོ། །

གཉིས་པ་ལ། སྐུའི་བསྡུ་བ། སོ་སོའི་རང་བཞིན། གྲངས་ངེས་ཀྱི་རྣམ་བཞག་དང་གསུམ། དང་པོ་ནི། རང་དོན་ཆོས་སྐུ་དང་། གཞན་དོན་གཟུགས་སྐུ་གཉིས་སུ་འདུས་ཤིང་། ཆོས་ཉིད་ཀྱི་སྐུ་དང་། ཆོས་ཅན་གྱི་སྐུ་གཉིས་སུའང་འདུས་ཏེ། རྒྱུད་བླ་མ་ལས། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། །དེ་ལ་བརྟེན་པ་ཀུན་རྫོབ་སྐུ་གཉིས་ཏེ། །ཞེས་སོ། །

གཉིས་པ་ལ་བཞི་ལས། དང་པོ་ངོ་བོ་ཉིད་སྐུ་ནི། ཐུབ་པའི་ངོ་བོ་ཉིད་སྐུ་ནི། ཞེས་པས་ཁྱད་ཆོས་སྤྱིར་བཤད་པ་དང་། མཚན་ཉིད་བསྡུས་ཏེ་བསྟན་པ་གཉིས། དང་པོ་ལ། འདུས་མ་བྱས་པ། ཐ་དད་མེད་པ། མཐའ་གཉིས་སུ་འཛིན་པ་མེད་པ། རྣམ་པར་དག་པ། འོད་གསལ་བའི་ཁྱད་ཆོས་དང་ལྔ། དང་པོ་ནི། དོན་དམ་པའི་སྐུ་ལ། ཐོག་མར་སྐྱེ་བ། བར་དུ་གནས་པ། མཐར་འགག་པ་དང་བྲལ་བའོ། །གཉིས་པ་ནི། དབྱིངས་དང་ཡེ་ཤེས་དབྱེར་མི་ཕྱེད་པའི་ཚུལ་གྱིས་ལྡན་པའོ། །གསུམ་པ་ནི། བདག་དང་བདག་མེད་ཀྱི་སྤྲོས་པའི་མཐའི་གཉིས་འཛིན་སྤངས་པའོ། །བཞི་པ་ནི། སྒྲིབ་པ་གསུམ་དང་བྲལ་བའི་གློ་བུར་རྣམ་དག་གི་ཡོན་ཏན་ནོ། །ལྔ་པ་ནི། དྲི་མ་མེད་ཅིང་རྣམ་རྟོག་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ། །རྒྱུད་བླར། ངོ་བོ་ཉིད་སྐུ་མཚན་ཉིད་ལྔ། །མདོར་ན་ཡོན་ཏན་ལྔ་དང་ནི། །ལྡན་པ་ཉིད་དུ་རིག་པར་བྱ། །ཞེས་པའི་རྒྱས་བཤད་དུ། འདུས་མ་བྱས་ཤིང་རྣམ་དབྱེར་མེད། །མཐའ་གཉིས་དག་ནི་རྣམ་པར་སྤངས། །ཉོན་མོངས་ཤེས་བྱ་སྙོམས་འཇུག་གི །སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ། །དྲི་མེད་རྣམ་པར་རྟོག་མེད་དང་། །རྣལ་འབྱོར་གཉིས་ཀྱི་ཡུལ་ཡིན་ཕྱིར། །ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི། །དག་པའི་ཕྱིར་ནི་འོད་གསལ་བ། །ཞེས་སོ། །གཉིས་པ་ནི། ཡོན་ཏན་ལྔ་ལྡན་གྱི་མཐར་ཐུག་གི་བྲལ་འབྲས། ཡོན་ཏན་གྱི་སྒོ་ནས་དབྱེ་ན། སྟོབས་དང་མི་འཇིགས་ལ་སོགས་ཏེ། རྒྱུད་བླར། དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །ཞེས་སོ། །

གཉིས་པ་ཆོས་སྐུ་ལ་རང་བཞིན་དང་། ཡོན་ཏན་བཤད་པ་གཉིས་ལས། དང་པོ་ལ། ངོ་བོ། དབྱེ་བ། སོ་སོའི་རང་བཞིན། ཤེས་བྱ་མཁྱེན་ཚུལ་དང་བཞི། དང་པོ་ལ། རྒྱུ་དང་། མཚན་ཉིད་གཉིས། དང་པོ་ནི། ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་སོ། །གཉིས་པ་ནི། ཤེས་བྱ་ཐམས་ཅད་མངོན་སུམ་དུ་རྟོགས་པ་མཐར་ཐུག་གི་མཁྱེན་པ། དེ་དང་རྣམ་མཁྱེན། ཀུན་མཁྱེན་ཡེ་ཤེས། སངས་རྒྱས་ཀྱི་ཡེ་ཤེས་རྣམས་དོན་གཅིག་གོ །གཉིས་པ་ནི། མེ་ལོང་ལྟ་བུ་ལ་སོགས་པ་བཞི་སྟེ། རྒྱན་ལས། མེ་ལོང་ཡེ་ཤེས་མི་གཡོ་སྟེ། །ཡེ་ཤེས་གསུམ་ནི་དེ་ལ་བརྟེན། །མཉམ་པ་ཉིད་དང་སོ་སོར་རྟོགས། །བྱ་བ་གྲུབ་པ་ཁོ་ནའོ། །ཞེས་སོ། །གསུམ་པ་ནི། ཆོས་ཐམས་ཅད་མེ་ལོང་དུ་འཆར་བའི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་ཡེ་ཤེས། འཁོར་འདས་ཀྱི་ཆོས་བདེན་མེད་དུ་མཉམ་པ་ཉིད་དུ་རྟོགས་པ་མཐར་ཐུག་པའི་ཡེ་ཤེས། ཇི་སྙེད་པའི་ཆོས་རྣམས་མ་འདྲེས་པར་སོ་སོར་མངོན་སུམ་དུ་རྟོགས་པ་མཐར་ཐུག་པའི་ཡེ་ཤེས། སེམས་ཅན་མ་ལུས་པའི་དོན་སྒྲུབ་པའི་མཐར་ཐུག་གི་ཡེ་ཤེས་རྣམས་རིམ་བཞིན་མཚན་ཉིད་ཡིན་ལ། དེས་ན་དེ་བཞི་པོ་ངོ་བོ་གཅིག་ལ་ལྡོག་པའི་སྒོ་ནས་སོ་སོར་ཕྱེ་བ་ཡིན་ནོ། །

གཉིས་པ་ཡོན་ཏན་གྱི་ཁྱད་པར་གཞན་བཤད་པ་ལ། ཟད་པར་གྱི་ཏིང་ངེ་འཛིན། ཟིལ་གནོན་གྱི་ཏིང་ངེ་འཛིན། ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་བཤད་པ་དང་གསུམ། དང་པོ་ནི། ཟད་པར་བཅུ་ཡི་བདག་ཉིད་དང་། ཞེས་པས་ཟད་པར་གྱི་ཏིང་ངེ་འཛིན་ལ། ལུས་རྟེན། སེམས་རྟེན། ཟད་པར་གྱི་ཏིང་ངེ་འཛིན་གྱི་མཚན་ཉིད་བཤད་པ་དང་གསུམ། དང་པོ་ནི། དང་པོ་བརྒྱད་སྔར་མེད་གསར་དུ་སྐྱེ་བ་འདོད་པའི་རྟེན་ལ་སྐྱེ་དགོས་ཏེ། གཙོ་བོར་ཐོས་བསམ་གྱི་མཐུ་ལས་སྐྱེ་དགོས་པའི་ཕྱིར། ཐོབ་ཟིན་གནས་པ་གཟུགས་ཀྱི་རྟེན་ལ་ཡང་ཡོད། ཕྱི་མ་གཉིས་ཁམས་གསུམ་གྱི་རྟེན་ལ་དངོས་སུ་སྐྱེ་བ་ཡོད་དེ། གཟུགས་མེད་ཅེས་བྱ་ཁམས་གསུམ་གྱི། །རྟེན་ཅན་ལྷག་མ་མི་ལས་སྐྱེ། །ཞེས་སོ། །གཉིས་པ་ནི། ཀུན་བཏུས་ལས། ཐམས་ཅད་ཀྱང་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་པར་བཤད། མཛོད་ལྟར་ན། དང་པོ་བརྒྱད་བསམ་གཏན་གྱི་དངོས་གཞི། ཕྱི་མ་གཉིས་གཟུགས་མེད་ཀྱི་སེམས་ལ་བརྟེན་པར་བཤད། གསུམ་པ་ལ། མཚན་ཉིད། སྒྲ་བཤད། དབྱེ་བ་དང་གསུམ། དང་པོ་ནི། བདག་རྐྱེན་བསམ་གཏན་གྱི་དངོས་གཞི་གང་རུང་ལ་བརྟེན་ནས་རང་གི་དམིགས་ཡུལ་གྱི་གཙོ་བོ་དེས་ཤེས་བྱ་ཐམས་ཅད་ལ་སྤྲོ་ནུས་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། གཉིས་པ་ནི། དམིགས་རྒྱུན་མི་ཆད་པར་ཁྱབ་པར་སྤྲོ་ནུས་པས་ན་ཟད་པར་ཞེས་བྱའོ། །གསུམ་པ་ལ། ཟད་པར་སའི། ཆུ། མེ། རླུང་། སྔོན་པོ། སེར་པོ། དམར་པོ། དཀར་པོ། ནམ་མཁའ། ཟད་པར་རྣམ་ཤེས་ཀྱི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་དང་། དེས་བར་པ་བདུན་ལ་རིགས་འགྲེ། ཕྱི་མ་གཉིས་ཀྱི་མཚན་ཉིད། བདག་རྐྱེན་གཟུགས་མེད་ཀྱི་དངོས་གཞིའི་སེམས་ལ་བརྟེན་ནས་རང་གི་དམིགས་ཡུལ་དུ་གྱུར་པའི་ནམ་མཁའ་དེ་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་སྤྲོ་ནུས་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ་དང་། དེ་ལ་བརྟེན་ནས་རང་གི་དམིགས་ཡུལ་དུ་གྱུར་པའི་རྣམ་ཤེས་དེ་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་སྤྲོ་ནུས་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པའོ། །

གཉིས་པ་ནི། ཟིལ་གྱིས་གནོན་པའི་སྐྱེ་མཆེད་ནི། །ཞེས་པས། ཟིལ་གནོན་གྱི་ཏིང་ངེ་འཛིན་ལ། མཚན་ཉིད་དང་དབྱེ་བ་དང་། དོགས་གཅོད་དང་གསུམ། དང་པོ་ནི། བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་གཟུགས་ཅན་གྱི་རྣམ་ཐར་སྔོན་དུ་སོང་བའི་སྟོབས་ཀྱིས་རང་གི་དམིགས་ཡུལ་དུ་གྱུར་པའི་གཟུགས་དེས་ཆོས་གཞན་ཟིལ་གྱིས་གནོན་པར་ནུས་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། གཉིས་པ་ལ། དབྱིབས་དང་། ཁ་དོག་ཟིལ་གནོན་གྱི་སྐྱེ་མཆེད་གཉིས། དང་པོའི་མཚན་ཉིད། ཟིལ་གནོན་གྱི་སྐྱེ་མཆེད་གང་ཞིག །རང་གི་དམིགས་ཡུལ་དུ་གྱུར་པའི་དབྱིབས་ཀྱི་གཟུགས་དེས་ཆོས་གཞན་ཟིལ་གྱིས་གནོན་པར་ནུས་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། དབྱེ་ན། གཟུགས་ཅན་གྱི་གཟུགས་ཆེན་པོ། ཆུང་ངུ་ུ། གཟུགས་ཅན་མ་ཡིན་པའི་གཟུགས་ཆེན་པོ། ཆུང་ངུ་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་བཞི། དང་པོ་གཉིས་ཀྱི་མཚན་ཉིད། དབྱིབས་ཟིལ་གནོན་གྱི་སྐྱེ་མཆེད་གང་ཞིག །རྣལ་འབྱོར་པ་རང་ཉིད་གདུལ་བྱ་གཞན་ངོར་སྣང་བ་དང་བཅས་པའི་སྒོ་ནས་རང་གི་དམིགས་ཡུལ་དུ་གྱུར་པའི་གཟུགས་ཆེན་པོ་དེས། གཟུགས་ཆུང་ངུ་དེས་ཆོས་གཞན་སོགས་གོང་དང་འདྲ། ཕྱི་མ་གཉིས་ཀྱི་མཚན་ཉིད། དེ་གང་ཞིག །རྣལ་འབྱོར་པ་རང་ཉིད་གདུལ་བྱ་གཞན་ངོར་མི་སྣང་བའི་སྒོ་ནས་རང་གི་དམིགས་ཡུལ་སོགས། གཉིས་པའི་མཚན་ཉིད། དབྱེ་གཞི་གང་ཞིག །རྣལ་འབྱོར་པ་རང་ལ་ནང་གཟུགས་ཅན་མ་ཡིན་པར་འདུ་ཤེས་པའི་སྒོ་ནས་རང་གི་དམིགས་ཡུལ་དུ་གྱུར་པའི་ཁ་དོག་གི་གཟུགས་དེས་ཆོས་གཞན་སོགས་འགྲེ། དབྱེ་ན། སྔོན་པོ། སེར་པོ། དམར་པོ། དཀར་པོ་ཟིལ་གནོན་གྱི་སྐྱེ་མཆེད་དང་བཞི། མཚན་ཉིད་རིམ་བཞིན། ཁ་དོག་ཟིལ་གནོན་གྱི་སྐྱེ་མཆེད་གང་ཞིག །རང་གི་དམིགས་ཡུལ་དུ་གྱུར་པའི་སྔོན་པོ། སེར་པོ། དམར་པོ། དཀར་པོ་དེས་ཆོས་གཞན་སོགས་འགྲེ། དེ་ཡང་དབྱིབས་ཟིལ་གནོན་གྱི་སྐྱེ་མཆེད་དང་པོ་གཉིས་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་གྱི་རྒྱུ་ལས་བྱུང་། ཕྱི་མ་གཉིས་གཟུགས་ཅན་མ་ཡིན་པ་གཟུགས་ལ་ལྟ་བའི་རྣམ་ཐར་གྱི་རྒྱུ་ལས་བྱུང་། ཁ་དོག་ཟིལ་གནོན་གྱི་སྐྱེ་མཆེད་བཞི་ནི་སྡུག་པའི་རྣམ་ཐར་གྱི་རྒྱུ་ལས་བྱུང་བ་ཡིན་ནོ། །གསུམ་པ་ནི། རྣམ་ཐར། ཟིལ་གནོན། ཟད་པར་གསུམ་ལ་ཁྱད་པར་ཅི་ཡོད་ཅེ་ན། དང་པོའི་སྐབས་སུ་རང་གི་དམིགས་ཡུལ་དེ་མཛེས་མི་མཛེས་སྣ་ཚོགས་སུ་ལྟ་བར་བྱེད། གཉིས་པའི་སྐབས་སུ་དེའི་སྟེང་དུ་ཆོས་གཞན་ཟིལ་གྱིས་གནོན་པར་ནུས་པ་ཡིན། གསུམ་པའི་སྐབས་སུ། རང་གི་དམིགས་ཡུལ་གཅིག་ཉིད་ཀྱིས་ཆོས་ཐམས་ཅད་ལ་ཁྱབ་པར་སྤྲོ་ནུས་པ་ཡིན། དེས་ན་གསུམ་པོ་འདི་སྔ་མ་ལས་ཕྱི་མ་འབྱུང་བ་ཡིན་ནོ། །

གསུམ་པ་ནི། ཉན་ཐོས་ཉོན་མོངས་མེད་པའི་ལྟ། །ཞེས་པས་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་ལ་མཚན་ཉིད་དང་དབྱེ་བ་གཉིས། དང་པོ་ནི། བདག་རྐྱེན་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་ཉོན་སྒྲིབ་སྤངས་པའི་མི་སློབ་པའི་རྒྱུད་ཀྱི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། དབྱེ་ན། ཉན་ཐོས་དང་། སངས་རྒྱས་ཀྱི་ཉོན་མོངས་པ་མེད་པའི་ཏིང་ངེ་འཛིན་གཉིས། དང་པོའི་མཚན་ཉིད། ཉན་ཐོས་མི་སློབ་པའི་རྒྱུད་ཀྱི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། མཚན་གཞི་ནི། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བའི་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་མཁྱེན་པ་ལྟ་བུ། གཉིས་པའི་མཚན་ཉིད། སྒྲིབ་གཉིས་ཟད་པར་སྤངས་པའི་ཏིང་ངེ་འཛིན་མཚུངས་ལྡན་དང་བཅས་པ། མཚན་གཞི་རྣམ་མཁྱེན་ལྟ་བུའོ། །

གསུམ་པ་ལོངས་སྐུ་ནི། མཚན་ནི་སུམ་ཅུ་རྩ་གཉིས་དང་། །ཞེས་པས་ཁྱད་ཆོས་སྤྱིར་བསྟན་པ། མཚན་ཉིད་བསྡུས་ཏེ་བསྟན་པ། ཡོན་ཏན་གྱི་ཁྱད་པར་བཤད་པ་དང་གསུམ། དང་པོ་ལ། སྐུ། གསུང་། ཐུགས། མཛད་པ། སྣང་ཚུལ་གྱི་ཁྱད་པར་དང་ལྔ། དང་པོ་ནི། མཚན་དཔེའི་འོད་ཟེར་གྱི་སྐུ་མངའ་བ། གཉིས་པ་ནི། ཐེག་ཆེན་གྱི་ཆོས་སྣ་ཚོགས་ལ་ལོངས་སྤྱོད་པ། གསུམ་པ་ནི། གཞན་དོན་ལ་བརྩོན་པའི་རྣམ་གྲོལ་གྱི་ཐུགས་རྗེ་མངའ་བ། བཞི་པ་ནི། ཡིད་བཞིན་གྱི་ནོར་བུ་ལྟར་མཛད་པ་ལྷུན་གྱིས་གྲུབ་པ། ལྔ་པ་ནི། ཁ་དོག་དང་དབྱིབས་སྣ་ཚོགས་སུ་སྣང་ཡང་མཚན་མར་མ་གྲུབ་པའོ། །དེ་ལྟར་ཡང་རྒྱུད་བླ་ལས། སྣ་ཚོགས་དམ་ཆོས་འོད་ཟེར་མངའ་བའི་སྐུས། །འགྲོ་བའི་རྣམ་གྲོལ་དོན་འགྲུབ་ལ་བརྩོན་པ། །མཛད་པ་ཡིད་བཞིན་ནོར་བུའི་རྒྱལ་བཞིན་ཏེ། །སྣ་ཚོགས་དངོས་དང་དེ་ཡི་རང་བཞིན་མིན། །ཞེས་སོ། །གཉིས་པ་ནི། ངེས་པ་ལྔ་ལྡན་གྱི་མཐར་ཐུག་གི་གཟུགས་སྐུ། ངེས་པ་ལྔ་ནི། ངོ་བོ་ངེས་པ་མཚན་དཔེས་བརྒྱན་པ། ཆོས་ངེས་པ་ཐེག་ཆེན་གྱི་ཆོས་ཁོ་ན་གསུང་བ། འཁོར་ངེས་པ་བྱང་སེམས་འཕགས་པ་ཁོ་ནས་བསྐོར་བ། གནས་ངེས་པ་འོག་མིན་ཁོ་ནར་བཞུགས་པ། དུས་ངེས་པ་འཁོར་བ་མ་སྟོངས་བར་དུ་སྐུའི་སྣང་བ་མི་སྡུད་པར་བཞུགས་པའོ། །གསུམ་པ་ལ། མཚན་དཔེའི་ཡོན་ཏན་དང་། གནས་ངེས་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། རྒྱུ། མཚན་ཉིད། དབྱེ་བའོ། །དང་པོ་ནི། སྦྱིན་པ་དང་ཚུལ་ཁྲིམས་ཀྱིས་བསྡུས་པའི་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་ནི་མཚན་དཔེའི་རྒྱུར་སྤྱིར་བཤད་ཅིང་། ཉེ་རྒྱུ་ནི། ཆོས་སྨྲ་བའི་གང་ཟག་ལ་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱེད་པ་སྟེ། གདན་རྒྱུ་སྣ་ཚོགས་ཆོས་ཀྱི་གདན་དུ་གཏིང་། །གཞན་ལ་བསྟི་སྟང་བྱེད་ལ་སྐྱོ་ངལ་མེད། །ཆོས་སྨྲ་བ་ལ་འཐབ་མོ་ངོར་མི་རྒོལ། །འདི་དག་མཚན་རྣམས་ཕུན་སུམ་ཚོགས་པའི་རྒྱུ། །ཞེས་སོ། །གཉིས་པ་ནི། རང་མཚན་དང་དཔེ་བྱད་གང་རུང་དུ་འགྲུབ་པར་བྱེད་པའི་རྒྱུ་ཕུན་སུམ་ཚོགས་པ་ལ་བརྟེན་ནས་བྱུང་ཞིང་། རང་གང་ལ་ལྡན་པའི་རྟེན་གྱི་གང་ཟག་གཙོ་བོར་སངས་རྒྱས་སུ་མཚོན་པར་བྱེད་པའི་ཡོན་ཏན། གསུམ་པ་ནི། མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུའོ། །དེ་གཉིས་ཀྱི་ཁྱད་པར་ཡང་། མཚན་ནི་སྐུ་མཛེས་པར་བྱེད་པའི་གཙོ་བོ་ཡིན་ལ། དཔེ་བྱད་ནི་དེའི་ཆ་ཤས་ཏེ་འཁོར་ཡིན་ནོ། །གཉིས་པ་ནི། ཐ་སྙད་རྣམ་འཇོག་དང་། དོན་ཡིན་ལུགས་ཀྱི་དབང་དུ་བྱས་པ་གཉིས། དང་པོ་ནི། གཟུགས་ཁམས་ཀྱི་འོག་མིན་ལས་ཉིས་འགྱུར་གྱིས་དཔགས་པ་ན་ས་མཐའི་སེམས་དཔའ་རྣམས་གང་དུ་སངས་རྒྱ་བའི་གནས་དབང་ཕྱུག་ཆེན་པོའི་འོག་མིན་ཞེས་གྲགས་པ་སྟེ། ལངྐར་གཤེགས་པ་ལས། རིན་ཆེན་སྣ་ཚོགས་མཛེས་པ་ཡི། །འོག་མིན་གནས་ནི་ཉམས་དགའ་བར། །གཙང་མའི་གནས་ཀྱི་སྟེང་བཞུགས་ནས། །ཞེས་སོ། །གཉིས་པ་ནི། སྲིད་པ་ཐ་མ་པའི་བྱང་སེམས་ཀྱིས་ལོངས་སྐུ་མངོན་དུ་བྱས་པའི་ཚེ། མ་དག་པའི་འཁྲུལ་སྣང་འདི་འགགས་ནས་རང་ཉིད་གང་དུ་གནས་པའི་ཞིང་དེ་དག་པའི་ཞིང་དུ་སྣང་བ་ལ་འོག་མིན་ཞེས་བྱ་སྟེ། དྲི་མ་མེད་པར་གྲགས་པའི་མདོ་ལས། བཙུན་པ་ཤཱ་རིའི་བུས་སྨྲས་པ། བདག་གིས་ས་ཆེན་པོ་འདི་མཐོ་དམའ་དང་། གཡང་ས་དང་། ལྗན་ལྗིན་གྱིས་གང་བར་མཐོང་ངོ་། །ཞེས་ཟེར། སངས་རྒྱས་མྱ་ངན་མེད་པའི་ཞིང་ནས་འོངས་པའི་ཚངས་པ་རལ་པ་ཅན་གྱིས་སྨྲས་པ། བདག་གིས་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞིང་འདི་ཉིད་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་བཞིན་དུ་ཡོངས་སུ་དག་པར་མཐོང་ངོ་། །ཞེས་ཟེར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་རྣམས་ལ་སངས་རྒྱས་ཀྱི་ཞིང་འདིའི་རང་བཞིན་བསྟན་པར་མཛད་པས། ཐམས་ཅད་ཀྱིས་ཤར་ཕྱོགས་ཀྱི་སངས་རྒྱས་རིན་པོ་ཆེའི་རྒྱན་བཀོད་པའི་ཞིང་ཁམས་བཞིན་ཡོངས་སུ་དག་པ་མཐོང་བར་གྱུར་པ་དེའི་ཚེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངའི་སངས་རྒྱས་ཀྱི་ཞིང་འདི་ནི་རྟག་ཏུ་འདི་འདྲ་སྟེ། ཁྱོད་རྣམས་ཀྱིས་མི་མཐོང་ངོ་། །ཞེས་གསུངས་པས་མཚོན་པའོ། །དེས་ན་གཙང་མའི་འོག་མིན་གྱི་སྟེང་ན་ཡོད་པར་གསུངས་པ་ཡང་། ས་དང་པོའི་བདེན་པ་མཐོང་བའི་གནས་གཙང་མའི་འོག་མིན་ཡིན་ལ། གང་དུ་འཚང་རྒྱ་བའི་གནས་འོག་མིན་ཆེན་པོ་འདི་ཉིད་ཡིན་པས་རིམ་གྱིས་མངོན་དུ་གྱུར་བ་ལ་དགོངས་ནས་སྟེང་འོག་གི་རྣམ་བཞག་མཛད་པ་ཡིན་ནོ། །

བཞི་པ་ནི། གང་གིས་སྲིད་པ་ཇི་སྲིད་བར། ཞེས་པས། སྤྲུལ་སྐུ་ལ། ངོ་བོ། དབྱེ་བ། དོགས་གཅོད་དང་གསུམ། དང་པོ་ལ། ཁྱད་ཆོས་སྤྱིར་བསྟན་པ་དང་། མཚན་ཉིད་བསྡུས་ཏེ་བསྟན་པ་གཉིས། དང་པོ་ནི། ཁྱད་ཆོས་བཞི་ལྡན་ཏེ་དང་པོར་གདུལ་བྱ་རྣམས་མྱང་འདས་ཀྱི་ལམ་ལ་འགོད་པ། བར་དུ་ཐེག་ཆེན་དུ་སྨིན་པ། མཐར་བྱང་ཆུབ་ཏུ་ལུང་སྟོན་པ། དེའི་ཆེད་དུ་ཕྲིན་ལས་རྒྱུན་མི་ཆད་པ་བཞི་དང་ལྡན་པའི་ཕྱིར་ཏེ། རྒྱུད་བླར། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང་། །རབ་ཏུ་སྨིན་དང་ལུང་སྟོན་རྒྱུ་ཡི་གཟུགས། །གང་ཡིན་དེ་ཡང་འདིར་ནི་རྟག་གནས་ཏེ། །ནམ་མཁའི་ཁམས་སུ་གཟུགས་ཀྱི་ཁམས་བཞིན་ནོ། །ཞེས་སོ། །གཉིས་པ་ནི། འཇིག་རྟེན་གྱི་ཁམས་སྣ་ཚོགས་སུ་སྐུའི་བཀོད་པ་སྣ་ཚོགས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་དངོས་སུ་མཛད་པའི་མཐར་ཐུག་གི་གཟུགས་སྐུ། གཉིས་པ་ལ། བཟོ། སྐྱེ་བ། མཆོག་གི་སྤྲུལ་སྐུ་དང་གསུམ། དང་པོ་ནི། དྲི་ཟའི་རྒྱལ་པོ་རབ་དགའ་འདུལ་བའི་ཕྱིར་དུ་པི་ཝཾ་མཁན་དུ་སྤྲུལ་པ་ལྟ་བུ། གཉིས་པ་ནི། གདུལ་བྱའི་དོན་དུ་རི་བོང་ལ་སོགས་པ་སྣ་ཚོགས་སྟོན་པ་སྟེ། དཀོན་མཆོག་སྒྲོན་མེའི་མདོ་ལས། དེ་དག་དཀོན་པར་ལྗོན་ཤིང་ཆེན་པོར་འགྱུར། །སྨན་དང་མི་ཟད་རིན་ཆེན་གཏེར་རྣམས་དང་། །ཡིད་བཞིན་ནོར་བུར་འདོད་སྦྱིན་སྙིང་རྗེ་དང་། །ལམ་གོལ་སོང་བ་རྣམས་ལ་ལམ་སྟོན་འགྱུར། །ཞེས་སོ། །གསུམ་པ་ནི། འཛམ་བུའི་གླིང་དུ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པའི་སྤྲུལ་སྐུའོ། །རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །མྱ་ངན་འདས་པ་རྟག་སྟོན་པས། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་སྐུ་ཆེན་པོ། །ཞེས་སོ། །གསུམ་པ་ནི། མདོ་འགའ་ཞིག་ཏུ་གཟུགས་སྐུ་གཉིས་སངས་རྒྱས་སུ་བཤད་པ་དང་། གསེར་འོད་དམ་པ་ལས་ནི་སངས་རྒྱས་མ་ཡིན་པར་བཤད་པ་དང་། འགའ་ཞིག་ཏུ་སངས་རྒྱས་མེད་པར་བཤད་པ་རྣམས་ནི། དྲང་དོན་དང་། གནས་སྐབས་ཀྱི་ངེས་དོན་དང་། མཐར་ཐུག་གི་ངེས་དོན་ཏེ་ཞེས་རོང་སྟོན་གསུང་ངོ་། །དེའི་དོན་ནི་རིམ་པ་བཞིན་དུ། ཀུན་རྫོབ་ཏུ་གཟུགས་སྐུ་གཉིས་འགྲོ་བའི་དོན་མཛད་པའི་སྐུ་ཡིན་པ་དང་། དོན་ལ་གཟུགས་སྐུ་གཉིས་ཀྱང་ཡེ་ཤེས་ཀྱི་སྐུ་ཡིན་པ་དང་། དོན་དམ་པར་སེམས་ཅན་དང་སངས་རྒྱས་ཞེས་ཐ་དད་དུ་མ་དམིགས་པའི་དོན་ནོ། །

གསུམ་པ་སྐུའི་གྲངས་ངེས་ལ། གསུམ་དུ་འདོད་པའི་ལུགས། བཞིར་འདོད་པའི་ལུགས། འཐད་ཕྱོགས་ངོས་བཟུང་བ་དང་གསུམ། དང་པོ་ལ། སྒྲུབ་བྱེད་དང་རྒྱན་འདིར་སྐུ་གསུམ་དུ་བསྟན་ཚུལ་གཉིས། དང་པོ་ནི། སྐུ་གསུམ་གྱི་མདོ་ལས། བྱང་ཆུབ་སེམས་དཔའ་སའི་སྙིང་པོ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ལ་སྐུ་དུ་མངའ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སའི་སྙིང་པོ། དེ་བཞིན་གཤེགས་previous hit ་ལ་སྐུ་གསུམ་མངའ་སྟེ། ཆོས་ཀྱི་སྐུ་དང་། ལོངསསྤྱོདརྫོགས next hit་པའི་སྐུ་དང་། སྤྲུལ་པའི་སྐུའོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པའི་སྐུ་རང་བཞིན་གྱིས་རྣམ་པར་དག་པ་ནི་ཆོས་ཀྱི་སྐུའོ། །ཏིང་ངེ་འཛིན་རྣམ་པར་དག་པ་ནི་previous hit ལོངསསྤྱོདརྫོགས་པའི་སྐུའོ། །སྤྱོད next hit་རྣམ་པར་དག་པ་ནི་སངས་རྒྱས་ཀྱི་སྤྲུལ་པའི་སྐུའོ། །ཞེས་སོ། །གཉིས་པ་ནི། སྐུ་གསུམ་པོ་རེ་རེ་ཡང་བསྟན་བཤད་གཉིས་གཉིས་ཀྱི་སྒོ་ནས་བསྟན་པ་ཡིན་ཏེ། ཐུབ་པའི་ངོ་བོ་ཉིད་སྐུ་ནི། ཞེས་པས་ངོ་བོ་ཉིད་ཀྱི་སྐུ་མདོར་བསྟན། ཟག་པ་མེད་པའི་ཆོས་གང་དག །ཅེས་པས་ཟག་མེད་ཀྱི་ཡོན་ཏན་རྒྱས་པར་བཤད་པ་ལ། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། ཞེས་སོགས་སོ། །མཚན་ནི་སུམ་ཅུ་རྩ་གཉིས་དང་། ཞེས་སོགས་ཀྱིས་ལོངས་སྐུའི་ངོ་བོ་མདོར་བསྟན། དེའི་མཚན་དཔེའི་ཡོན་ཏན་རྒྱས་པར་བཤད་པ་ནི། ཕྱག་ཞབས་འཁོར་ལོས་ཞེས་སོགས་སོ། །གང་གིས་སྲིད་པ་ཇི་སྲིད་བར། །ཞེས་སོགས་ཀྱིས་སྤྲུལ་སྐུའི་ངོ་བོར་མདོར་བསྟན། ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །ཅེས་པའི་ཕྲིན་ལས་རྒྱས་པར་བཤད་པ་ནི། དེ་བཞིན་འཁོར་བ་ཇི་སྲིད་འདིའི། །ཞེས་སོགས་ཀྱིས་བསྟན་གསུངས་ཏེ་འདི་ནི་འཕགས་པ་གྲོལ་སྡེའི་རྗེས་སུ་འབྲང་ནས་མཁས་པ་གཡག་རོང་ཟུང་ལ་སོགས་པ་བཞེད་དོ། །

གཉིས་པ་ལ། སྒྲུབ་བྱེད་དང་། རྒྱན་འདིར་སྐུ་བཞི་བསྟན་ཚུལ་གཉིས། དང་པོ་ནི། སངས་རྒྱས་སའི་མདོ་ལས། ཆོས་ལྔས་སངས་རྒྱས་ཀྱི་ས་བསྡུས་པ་ཡིན་ཏེ། ལྔ་གང་ཞེ་ན། ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཞེས་སོགས་ཀྱི་དོན་རྒྱན་དུ་འཆད་པ་ལ། དབྱིངས་ལ་གསུམ་དུ་ཡོད་ཚུལ་ནི། སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ། །རང་བཞིན་previous hit ལོངསསྤྱོདརྫོགས next hit་དང་། །གཞན་ནི་སྤྲུལ་པའི་སྐུ་ཡིན་ཏེ། །དང་པོ་གཉིས་པའི་རྟེན་ཡིན་ནོ། །ཞེས་སོ། །སློབ་དཔོན་གྱི་དགོངས་པ་ཡང་དེ་ཉིད་ཡིན་ཏེ། དེ་ཡང་ངོ་བོ་ཉིད་ཀྱི་སྐུ་ལ་སོགས་པའི་དབྱེ་བས་རྣམ་པ་བཞི་ཡིན་པས། ཞེས་སོགས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། གོང་དུ་བསྡུ་བ་བཤད་པའི་སྐབས་སུ་བསྟན་པ་ལྟར་ཡིན་ཏེ། འདི་ནི་མཁན་པོ་རྣམ་སྣང་མཛད་ཀྱི་རྗེས་སུ་འབྲངས་ནས་མཁས་པ་མང་པོ་བཞེད་དོ། །

གསུམ་པ་ལ། ཐ་སྙད་རྣམ་འཇོག་དང་། དོན་གནས་ཚོད་ཀྱི་དབང་དུ་བྱས་པ་གཉིས། དང་པོ་ནི། སྐུ་བཞིར་གྲངས་ངེས་པ་འཐད་དེ། རང་དོན་ཆོས་སྐུ་ལ་སྤངས་རྟོགས་གཉིས། གཞན་དོན་གཟུགས་སྐུ་ལ་ལོངས་སྤྲུལ་གཉིས་སུ་ཡོད་པའི་ཕྱིར་རོ། །གཉིས་པ་ནི། གསུམ་དུ་ངེས་པ་འཐད་དེ། ཆོས་སྐུ་ལ་གློ་བུར་གྱི་དྲི་མ་མ་ལུས་པ་དང་བྲལ་བའི་ཆ། གདུལ་བྱ་དག་པ་འབའ་ཞིག་གི་ངོར་ལོངས་སྐུར་སྣང་བའི་ཆ། གདུལ་བྱ་སྣ་ཚོགས་པའི་ངོར་སྐུའི་བཀོད་པ་སྣ་ཚོགས་སུ་སྣང་བའི་ཆ་གསུམ་དུ་ཡོད་ཅིང་། དེ་གསུམ་གྱི་དབང་དུ་བྱས་ནས་སྐུ་གསུམ་དུ་བཞག་པའི་ཕྱིར། དེས་ན་ལུགས་འདི་ལ་གཟུགས་སྐུ་གཉིས་ཀྱང་ཡེ་ཤེས་སུ་ཁས་ལེན་དགོས་ཏེ། རྒྱན་ལས། ལོངས་སྤྱོད་རྫོགས་པའི་སངས་རྒྱས་ཉིད། །ཡེ་ཤེས་གཟུགས་བརྙན་འབྱུང་ཕྱིར་ཏེ། །ཞེས་ལོངས་སྤྲུལ་གཉིས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་བཤད་པ་དང་། ཆོས་ཀྱི་བཤེས་གཉེན་གྱིས་སྤྲུལ་སྐུ་བྱ་བ་གྲུབ་པའི་ཡེ་ཤེས་སུ་བཤད་པའི་ཕྱིར་དང་། ཀུན་རྫོབ་ཏུ་ཡེ་ཤེས་ཁོ་ན་previous hit ལོངསསྤྱོདརྫོགས་པའི་སྐུ་ལ་སོགས་པར་སྣང་བ་བསྐྱེད་པའི་སྒོ་ནས་ཞེས་སོགས་གསུངས་པའི་ཕྱིར་རོ། །ལྔ་ ་ནི། དེ་བཞིན་འཁོར་བ་ཇི་སྲིད་འདིའི། ཞེས་པས་སངས་རྒྱས་ཀྱི་ཕྲིན་ལས་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི་རང་གི་བདག་རྐྱེན་རྫོགས་པའི་སངས་རྒྱས་ལས་བྱུང་བའི་རྣམ་དཀར་གྱི་ལས། གཉིས་པ་ལ། ཡུལ་གྱི་སྒོ་ནས་དབྱེ་བ། དཔེའི་སྒོ་ནས་དབྱེ་བ། རྟེན་གྱི་སྒོ་ནས་དབྱེ་བ། འཇུག་ཚུལ་གྱི་སྒོ་ནས་དབྱེ་བ་དང་བཞི། དང་པོ་ལ། འདིར་བསྟན་གྱི་ཕྲིན་ལས་ཉེར་བདུན་ཡོད། བསྡུ་ན་གདུལ་བྱ་ལམ་གྱི་རྟེན་ལ་འགོད་པ། ལམ་ལ་འགོད་པ། ལམ་གྱི་འབྲས་བུ་ལ་འགོད་པ་དང་གསུམ་དུ་འདུས། གཉིས་པ་ལ། སྐུ་སྟོན་པ་བརྒྱ་བྱིན་དང་མཚུངས་པ། གསུང་ལེགས་པར་འདོམས་པ་རྔ་བོ་ཆེ་དང་མཚུངས་པ། ཐུགས་མཁྱེན་བརྩེས་ཁྱབ་པ་སྤྲིན་དང་། སྐུའི་སྤྲུལ་པ་སྟོན་པ་ཚངས་པ་དང་། ཡེ་ཤེས་སྤྲོ་བ་ཉི་མ་དང་། ཐུགས་ཀྱི་གསང་བ་ནོར་བུ་དང་། གསུང་གི་གསང་བ་སྒྲ་བརྙན་དང་། སྐུའི་གསང་བ་ནམ་མཁའ་དང་། ཐུགས་རྗེའི་འཇུག་ཚུལ་ས་གཞི་དང་མཚུངས་པའི་ཕྲིན་ལས་སོ། །བསྡུ་ན་སྐུ་གསུང་ཐུགས་ཀྱི་མཛད་པ་གསུམ་དུ་འདུས། དེ་ལྟར་ཡང་རྒྱུད་བླར། བརྒྱ་བྱིན་རྔ་སྤྲིན་ཚངས་པ་དང་། །ཉི་མ་ནོར་བུ་རིན་ཆེན་བཞིན། །དེ་བཞིན་གཤེགས་པ་སྒྲ་བརྙན་བཞིན། །ནམ་མཁའ་དང་ནི་ས་བཞིན་ནོ། །ཞེས་སོ། །

གསུམ་པ་ལ། བྱེད་པ་པོ་དང་། བྱ་བ་ཡུལ་ལ་ཡོད་པའི་ཕྲིན་ལས་གཉིས། དང་པོ་ནི། སངས་རྒྱས་ཀྱི་མཁྱེན་པ་ལྟ་བུ། གཉིས་པ་ནི། སངས་རྒྱས་ལ་དད་པ་དང་ལྡན་པའི་སེམས་ཅན་གྱི་དགེ་རྩ་ལྟ་བུ། བཞི་པ་ལ། ལྷུན་གྱིས་གྲུབ་པ་དང་། རྒྱུན་མི་ཆད་པ་གཉིས། དང་པོ་ནི། སངས་རྒྱས་ཀྱི་ཕྲིན་ལས་ཁྱད་ཆོས་ལྔའི་སྒོ་ནས་ལྷུན་གྱིས་གྲུབ་སྟེ། གདུལ་བྱའི་ཁམས་ཀྱི་རབ་དབྱེ་ཤེས་པ། འདུལ་བའི་ཐབས་ཤེས་པ། འདུལ་བའི་བྱ་བ་མངོན་མཐོ་དང་ངེས་ལེགས་ལ་འགོད་པ། གང་ན་ཡོད་པའི་ཡུལ། ནམ་གྱི་ཚེ་འདུལ་བའི་དུས་སུ་གཤེགས་པ་ལ་ལྷུན་གྱིས་གྲུབ་པར་འཇུག་པའི་ཕྱིར་ཏེ། རྒྱུད་བླར། གདུལ་བྱའི་ཁམས་དང་འདུལ་བའི་ཐབས་དང་ནི། །གདུལ་བྱའི་ཁམས་ཀྱི་འདུལ་བའི་བྱ་བ་དང་། །དེ་ཡི་ཡུལ་དང་དུས་སུ་གཤེགས་པ་ལ། །ཁྱབ་བདག་རྟག་ཏུ་ལྷུན་གྱིས་གྲུབ་པར་འཇུག །ཅེས་སོ། །གཉིས་པ་ནི། རྒྱུ་གསུམ་གྱི་སྒོ་ནས་སངས་རྒྱས་ཀྱི་ཕྲིན་ལས་རྒྱུན་མི་ཆད་པར་འཇུག་སྟེ། སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་གཞན་དོན་འབའ་ཞིག་བྱེད་པར་དམ་བཅས་པ་དང་། བདག་དང་སེམས་ཅན་རྣམས་བདེ་བར་གཤེགས་པའི་སྙིང་པོ་ཅན་དུ་མཚུངས་པར་གཟིགས་པ་དང་། གདུལ་བྱའི་འཁོར་བ་མ་སྟོངས་ཀྱི་བར་དུ་མཛད་པ་ཡོངས་སུ་མ་རྫོགས་པའི་ཕྱིར་ཏེ། རྒྱུད་བླར། གཞན་གྱི་དབང་གི་ངེས་འབྱུང་དང་། །བདག་དང་སེམས་ཅན་མཚུངས་གཟིགས་དང་། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་མཛད་མི་ཆད། །ཅེས་སོ། །མདོར་ན་རྫོགས་པའི་སངས་རྒྱས་ཀྱི་ཕྲིན་ལས་ནི། ངོ་བོ་གདུལ་བྱ་གང་ལ་གང་ཕན་པ། རྣམ་པ་འབད་རྩོལ་གྱི་མཚན་མ་མེད་པར་ལྷུན་གྱིས་གྲུབ་པ། དུས་འཁོར་བ་མ་སྟོངས་ཀྱི་བར་དུ་རྒྱུན་མི་ཆད་པ། རྒྱ་ཆེ་བ་ནམ་མཁའི་མཐས་ཀླས་པའི་སེམས་ཅན་ལ་ཁྱབ་པ་སྟེ། ཁྱད་ཆོས་བཞི་ལྡན་གྱི་ཚུལ་གྱིས་འཇུག་པ་ཡིན་ཏེ། རྒྱུད་བླར། དེ་ལྟར་ནམ་མཁའི་མཐས་ཀླས་ཀྱིས། །འགྲོ་ལ་རྟག་ཏུ་ལྷུན་གྲུབ་པར། །ཐོགས་མེད་བློ་ལྡན་དེ་ཡི་ནི། །སེམས་ཅན་དོན་ནི་ཡང་དག་འཇུག །ཅེས་གསུངས་པ་ལྟར་རོ། །ངག་དོན་ནི། ཆོས་སྐུའི་ཕྲིན་ལས་ཆོས་ཅན། རྒྱུན་མི་ཆད་པ་ཡིན་ཏེ། གདུལ་བྱའི་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་ཆགས་སུ་འབྱུང་བའི་ཕྱིར། མངོན་རྟོགས་རྒྱན་གྱི་འགྲེལ་བཤད་ཉུང་ངུ་རྣམ་པར་གསལ་བ་ལས། འབྲས་བུ་ཆོས་སྐུ་བཤད་པའི་སྐབས་ཏེ་བརྒྱད་པའོ།། །།

གཉིས་པ་དབང་པོ་འབྲིང་པོའི་དོན་དུ་དོན་ཚན་དྲུག་ཏུ་བསྡུས་ནས་བཤད་པ་ནི། མཚན་ཉིད་དེ་ཡི་སྦྱོར་བ་དང་། །དེ་རབ་དེ་ཡི་གོ་རིམ་དང་། །དེ་མཐའ་དེ་ཡི་རྣམ་སྨིན་ནི། །དོན་བསྡུས་གཞན་ནི་རྣམ་པ་དྲུག །ཅེས་པ་སྟེ། དེ་ཡང་ཡུལ་མཁྱེན་གསུམ་ནི། འཐོབ་བྱའི་ངོ་བོའམ་དམིགས་པར་བྱ་བའི་ཡུལ་གྱི་མཚན་ཉིད་དུ་གཏན་ལ་ཕབ་ནས། དེའི་དོན་སྦྱོར་བ་བཞིས་ཉམས་སུ་ལེན་པ་སྟེ། དེ་ཡང་རྣམ་རྫོགས་སྦྱོར་བས་ཉམས་ལེན་གྱི་ངོ་བོ་མ་ནོར་བར་ལྟོ་འབྱོར་བས་སྦྱོར་བ་དང་དེའི་རྒྱུན་བསྲིངས་པས་གནས་ལུགས་ཀྱི་དོན་རྟོགས་པ་ནི་རབ་དང་རྩེ་མོར་ཕྱིན་པའི་ཕྱིར་རྩེ་སྦྱོར་དང་། དེ་མཐར་ཕྱིན་པར་ཉེ་བས་མཐར་གྱིས་པའི་སྦྱོར་བ་དང་། སྐད་ཅིག་མའི་སྦྱོར་བས་ལམ་མཐར་ཕྱིན་པའི་རྗེས་སུ་ཚོགས་གཉིས་ཀྱི་མྱུ་གུ་སྨིན་པ་ནི་འབྲས་བུ་ཆོས་སྐུ་སྟེ། དོན་ཚན་དྲུག་ཏུ་ཉམས་སུ་ལེན་ཚུལ་བཤད་པའོ།། །།

གསུམ་པ་ནི། ཡུལ་ནི་རྣམ་པ་གསུམ་པོ་རྒྱུ། །སྦྱོར་བ་བཞི་ཡི་བདག་ཉིད་དང་། །ཆོས་སྐུའི་ཕྲིན་ལས་འབྲས་བུ་སྟེ། །དོན་བསྡུས་གཞན་ཏེ་རྣམ་པ་གསུམ། །ཞེས་པས་བསྟན་ཏེ། དེ་ཡང་མཁྱེན་གསུམ་ཐོབ་བྱའི་རྒྱུའམ་གཞིར་གཏན་ལ་ཕབ་ནས། ལམ་སྦྱོར་བ་བཞིས་ཉམས་སུ་བླངས་པས། འབྲས་བུ་ཆོས་སྐུའི་གོ་འཕང་ཐོབ་པ་སྟེ་དོན་ཚན་གསུམ་དུ་བསྡུས་ནས་བཤད་པའོ། །


previousའབྲས་བུ་ཆོས་སྐུ་མཚོན་བྱེད་ཀྱི་ཆོས་བཞི།next