Nitartha Digital Library
Tibetan
གླེགས་བམ་བཅུ་པ།

6 occurrences of བདག་མེད་པ་
[Clear Hits]


  
  
 
བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་དང་པོ་རྩ་བའི་རྒྱུད་སོགས་རྒྱུད་བཞིའི་དཀའ་མཆན་གཅེས་པར་བཏུས་པ་འདོད་འབྱུང་ནོར་བུའི་མེ་ལོང་།
 
  
  
  
  
  
 


6 occurrences of བདག་མེད་པ་
[Clear Hits]

 
previousབདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་དང་པོ་རྩ་བའི་རྒྱུད་སོགས་རྒྱུད་བཞིའི་དཀའ་མཆན་གཅེས་པར་བཏུས་པ་འདོད་འབྱུང་ནོར་བུའི་མེ་ལོང་།next

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་དང་པོ་རྩ་བའི་རྒྱུད་སོགས་རྒྱུད་བཞིའི་དཀའ་མཆན་གཅེས་པར་བཏུས་པ་འདོད་འབྱུང་ནོར་བུའི་མེ་ལོང་།


MR10_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་དང་པོ་རྩ་བའི་རྒྱུད་སོགས་རྒྱུད་བཞིའི་དཀའ་མཆན་གཅེས་པར་བཏུས་པ་འདོད་འབྱུང་ནོར་བུའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །


MR10_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

༄༅། །རྒྱལ་ཀུན་གསང་གསུམ་མཁྱེན་བརྩེ་ནུས་ཕན་ལས། །ཟག་མེད་ཡེ་ཤེས་བདུད་རྩིའི་སྐུར་བཞེངས་ཏེ། །འགྲོ་བའི་ནད་སེལ་སྦས་དོན་གསང་མཛོད་བརྡོལ། །འཇམ་དབྱངས་བླ་མ་མ་ཧཱ་གུ་ཎར་འདུད། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་དང་པོ་རྩ་བའི་རྒྱུད་ཅེས་བྱ་བའི་དཀའ་མཆན་ལ། རྒྱ་གར་སྐད་སོགས་ནས། བཻཌཱུརྱ་ཞེས་པ་ནི་སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་ཀུན་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་ངོས་ན་རོ་གཅིག་ཏུ་གྱུར་པ་ལས་དབྱེར་མི་ཕྱེད་ཀྱང་། གདུལ་བྱའི་སྣང་ངོར་སྤྲུལ་པའི་ཆ་ལུགས་སྣ་ཚོགས་སུ་འཆར་བ་ལས། འདིར་རིས་མེད་པའི་འགྲོ་བ་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་སྨན་པ་དང་བདེ་བ་སྦྱིན་པའི་མཆོག་སྨན་གྱི་བླ་མ་ཞེས་པ་དེའི་གཟུགས་སྐུའི་ཁྱད་པར་ནི་རིན་པོ་ཆེ་བཻཌཱུརྱ་སྔོན་པོ་ལྟ་


MR10_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བུའི་འོད་འཕྲོ་བ་སྟེ། དེ་ཡང་སྔོན་སློབ་པ་ལམ་གྱི་དུས་ན་སྨོན་ལམ་གྱི་ཁྱད་པར་བཅུ་གཉིས་བཏབ་པས། བདག་མ་འོངས་པར་སངས་རྒྱས་པའི་ཚེ་ལུས་བཻཌཱུཪྻའི་ཁ་དོག་ལྟར་དག་པ་ལ་སོགས་པའི་ཁྱད་པར་དུ་གྱུར་ཅིག་ཅེས་བཏབ་པའི་སྨོན་འབྲས་ཡོངས་སུ་རྫོགས་པའི་རྒྱལ་བ་དེའི་སྐུ་ཡི་ཁྱད་པར་གྱི་མཚན་ནོ། ༈ །འདི་སྐད་བདག་གིས་བཤད་པའི་དུས་གཅིག་ན་ཞེས་པ་ནི། དེ་ཡང་བྱེ་བྲག་ཏུ་བཤད་པ་ལས། ཆོས་འཁོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །སོགས་གསུངས་ནས། སྨན་གྱི་ནགས་སུ་ལོ་བཞི་སྟེ། ཞེས་པའི་དྲང་སྲོང་གི་གནས་སྨན་གྱི་ནགས་དེའི་དབུས་ན། སྨན་གྱི་རི་རྒྱར་དཔག་ཚད་བརྒྱད་འཕང་དུ་གསུམ་ཡོད་པ་དེའི་རྩེ་མོར། སྟོན་པས་གསར་དུ་སྤྲུལ་པའི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བ་ལ་སངས་


MR10_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀྱི་ཞིང་ཁམས་ཁྱད་པར་ཅན་དང་། རྒྱུ་གླེང་གཞི། རྐྱེན་གླེང་སློང་། འབྲས་བུ་རྒྱུད་དོན་གསུམ་ལས། དང་པོ་རྒྱུ་ནི་མེ་འབྱུང་བའི་རྒྱུ་གཙུབ་ཤིང་སོགས་འཛོམ་པ་ལྟར་གང་དུ་སྟོན་འཁོར་འཛོམ་པ་དེའི་དུས་ཆོས་ཀྱི་ཚིག་དོན་འབྱུང་བའོ། །དེ་ཡང་ཕུན་སུམ་ཚོགས་པ་ལྔའི་སྒོ་ནས་ཏེ། ཨེ་བཾ་མ་ཡ་སོགས་ཏེ། འདི་སྐད་ཅེས་པས་ཆོས། བདག་གིས་ཞེས་པས་འཁོར། ཐོས་པས་ཆོས་སྟོན་ལ། སྐབས་འདིར་སྡུད་པོ་སྟོན་འཁོར་ཐ་མི་དད་དུ་རྟོགས་པས་བཤད་ཅེས། དུས་གཅིག་ཅེས་དུས་དང་། ཞར་ལ་གནས་ཀྱང་སྟོན་ཏོ། །རིན་པོ་ཆེ་སྣ་ལྔ་ནི་གསེར་དངུལ་མུ་ཏིག་མར་གད་བཻཌཱུརྱ་དང་ལྔའོ། །ཁང་པ་དེའི་རྒྱན་ཞེས་པ་ནི་ལྷའི་ནོར་བུའི་དྲ་བ་དྲ་ཕྱེད་བྱང་ཆུབ་སེམས་དཔའི་ནོར་བུའི་ཏོག་རྒྱལ་མཚན་སོགས། ནད་སེལ་བའི་ནོར་བུ་ཡོད་པའི་སྣ་ཚོགས་པའི་རྒྱན། ཅོང་ཞི་རིགས་ལྔ། ཕོ། མོ། མ་ནིང་། བུ། བུ་མོ། བྲག་ཞུན་རིགས་ལྔ། གསེར། དངུལ། ཟངས། ལྕགས། ཞ་ཉེ་དང་ལྔ། སྨན་ཆུ་རིགས་ལྔ། རླུང་། མཁྲིས། བད། ལྡན། འདུས་སེལ་ལྔའོ། །ཆུ་ཚན་རིགས་ལྔ། རྡོ་སོལ་ཅོང་ཞི་འདྲེས་ཆུ། རྡོ་སོལ་བྲག་ཞུན། རྡོ་སོལ་མུ་ཟི། རྡོ་སོལ་ལྡོང་རོས། རྡོ་སོལ་སིནྡྷུ་ར་འདྲེས་ཆུ་ལྔའོ།༈ །རང་རང་གིས་སྟོན་པའི་ལུགས་སུ་གོ་བར་ཟད་དོ་ཞེས་པ་ནི། གསུངས་བའི་ཚིག་གཅིག་ཅེས་པ་སྔོན་རབས་པ་ཕལ་མོ་ཆེས་ཨེ་བྃ་ཞེས་པ་གཅིག་པུ་ཡིན་ཟེར་བ་རྨོངས་ལུགས་སུ་སོང་བ་བློ་གྲོས་རྒྱལ་པོས་དགག་པ་ལྟར་ཡིན་ལ། སྟོན་པའི་


MR10_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་རྣམ་པ་ཐམས་ཅད་ཀྱི་རང་བཞིན་ཟབ་མོའི་རྒྱུན་གཅིག་ཁོ་ནས་གསུངས་པ་འཁོར་རྣམ་པ་བཞི་པོས་རང་རང་གི་སྟོན་པའི་ལུགས་སུ་གོ་སྟེ། ཚངས་པས་གསོ་དཔྱད་འབུམ་སོགས། འཇུག་དོན་སྐབས་ལྟར་གོ་སྟེ། གསང་བ་བསམ་མི་ཁྱབ་པ་ལས། འཁྲུལ་འཁོར་ལས་བྱས་སིལ་སྙན་ནི། །རླུང་གིས་བསྐྱོད་པའི་སྒྲ་འབྱིན་ཅིང་། །དེ་ལ་བརྡུང་བ་འགའ་མེད་མོད། །དེ་ལྟ་ན་ཡང་སྒྲ་འབྱུང་ལྟར། །དེ་བཞིན་སྔོན་ལེགས་སྦྱངས་པའི་རྐྱེན། །སེམས་ཅན་རྣམས་ཀྱི་བསམ་པ་ཡིས། །བསྐུལ་བའི་སངས་རྒྱས་གསུང་འབྱུང་ངོ་། །ཞེས་པ་ལྟར་རོ། །འོ་ན་རྒྱུད་བཞི་ཡོངས་གཏད་དང་བཅས་པ་འདི་སུའི་ལུགས་ཡིན་ཟེར་ན། འདི་ནི་གཞན་དེ་དག་གི་དགོངས་བཅུད་བསྡུས་པ།སྟོན་པའི་གསུང་གི་བདག་ཉིད། སྟོན་འཁོར་ཐ་མི་དད་པའི་སྐྱེས་བུ་ཡིད་ལས་སྐྱེས་ཀྱིས་གོ་བའི་ལུགས་ཞེས་བྱའོ། །དེ་ལ་དྲང་སྲོང་གི་ལུགས་འདི་ནི་རང་གི་ལུས་ངག་ཡིད་སོགས་ལེའུ་དང་པོའོ། ༈ །དེའི་ཚེ་སོགས་ཞུགས་སོ་སྙོམས་པར་ཞུགས་མ་ཐག་ཏུ་ཐུགས་ཀ་ནས་རིན་པོ་ཆེའི་བཀྲ་ཤིས་པའི་དཔལ་བེའུ་ལས་འོད་ཟེར་སོགས། སྤྲུལ་པའི་སྟོན་པ་མི་བསྐྱོད་རྡོ་རྗེའམ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཀུན་གཞིའི་རྣམ་པར་ཤེས་པ་གནས་གྱུར་པ་ལས་བྱུང་བའི་མཚན་ཐ་སྙད་ཙམ་དུ་དྲང་སྲོང་རིག་པའི་ཡེ་ཤེས་སོགས། དེའི་ཚེ་དེའི་དུས་ན་སྟོན་པ་བཻཌཱུརྱ་འོད་ཀྱི་རྒྱལ་པོའི་ལྗགས་ལས་པདྨ་དམར་པོ་འདབ་མ་སྟོང་དང་ལྡན་པའི་མཚན་བཟང་པོ་ལས་འོད་ཟེར་ཁ་དོག་བརྒྱ་སྟོང་སོགས། གསུང་ལས་


MR10_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་དྲང་སྲོང་ཡིད་ལས་སྐྱེས་ཞེས་བྱ་བ་ཡིད་ཀྱི་རྣམ་པར་ཤེས་པ་གནས་གྱུར་པ་ལས་བྱུང་བ་རྒྱལ་བ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་སྣང་བ་མཐའ་ཡས་ངོ་བོས་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་བདག་ཉིད་དེ། ཁ་ཅིག་གིས་སྟོན་པའི་ཡིད་ལས་སྐྱེས་ཟེར་ཡང་། ཡིད་རྣམ་དག་པ་ལས་སོར་རྟོགས་ཡེ་ཤེས་འབྱུང་ལ་ཡིད་རྣམ་དང་སོར་རྟོགས་ཡེ་ཤེས་ལྷན་ཅིག་མི་གནས་འགལ་ཡིན་པའི་ཕྱིར། སྟོན་པའི་ཡིད་ལས་སྐྱེས་ཞེས་འཁྲུལ་ཏེ། ཏིང་འཛིན་རྒྱལ་པོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །དེ་བཞིན་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་ཏེ་མིག་སོགས་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །ཞེས་པ་ལྟར་རོ། །དེས་ན་ཡིད་རྣམ་གནས་གྱུར་པ་ལས་བྱུང་བའི་ཐ་སྙད་དུ་བཏགས་སོ།། ༈ ལུས་དང་བྱིས་པ་མོ་ནད་གདོན་ཞེས་པ་ནི། ལུས་ཅན་རང་གི་ཉེས་གསུམ་འཕེལ་ཟད་འཁྲུགས་པའི་ནད་ལྷན་སྐྱེས་ལ་ལུས་ཞེས་བཏགས་ཏེ། སྤྱིར་ནད་ཀུན་ལུས་མཉམ་ཡང་ཆ་ཤས་ལ་རིལ་པོའི་མིང་མཚོན་དཔེ་གཟུགས་ཕུང་གི་ཕྱོགས་གཅིག་ཡུལ་ལྔའི་གཟུགས་ལ་གཟུགས་སུ་བཏགས་ལ། ཤེས་བྱའི་ཆོས་ཀྱི་ཕྱོགས་གཅིག་ཆོས་ཁམས་ལ་ཆོས་ཀྱི་སྐྱེ་མཆེད་དུ་བཏགས་པ་དང་འདྲ་སྟེ། དེའི་རྟེན་མིང་བརྟེན་པ་ལ་བཏགས་སོ། །བྱིས་པ། མོ་ནད་གཉིས་ནི། རྟེན་སོ་སོར་རང་གི་ཐུན་མོང་མིན་པས་གནད་གཅིག་ཏུ་བསྡུ་མི་རུང་བས་ལོགས་སུ་དང་། རྒས་པ་ན་ཚོད་ཀྱི་དབང་གིས་སོ། །དུག་མཚོན་གདོན་གྱི་རྐྱེན་གློ་བུར་བ་སྟེ། རྒྱུ་མིང་འབྲས་བུར་བཏགས་པའོ། །དེ་ལས་མང་


MR10_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

མི་དགོས་ཤིང་ཉུང་ན་མི་འདུས་པས་གྲངས་ངེས་གྲུབ་པའོ། །མཚོན་དུག་རྒས་སོགས་སོ། ༈ །གཅིག་གསུམ་གསུམ་བཞི་བཞི་ལྔ་དྲུག་པ་གཅིག་རྗེས་མའི་གྲངས་ཚོ་རྩིས་ན་གནས་དང་སྔ་མའི་ལེའུ་དང་བཅས་བསྡོམས་པའི་ལེའུ་ཤེས་སོ། །སྡོམ་གཅིག་ལེའུ་སོགས། གཅིག་གཅིག་རྒས་པ་གསོ་བ་གཉིས་གཉིས་རོ་རྩ་བ་གསང་ནད་གསུམ་གསུམ་བྱིས་པ་མོ་ནད་དུག་བཞི་གཅིག་ཉེས་གསུམ་དང་། ལྔ་རྨ་གདོན་དང་དྲུག་ཁོང་པའི་ལུས་སྟོད་དང་བརྒྱད་གཉིས་དོན་སྣོད་ལྷན་སྐྱེས་རྨ་བཅུ་དྲུག་གཅིག་ཚ་བ་བཅུ་དགུ་ཐོར་ནད་གཅིག་དང་ཞུས་པས་དགུ་བཅུ་གཉིས་སོགས་ནས་འདི་མན་ལ་མཆན་མེད་ཅིང་དེའི་རྩ་རྒྱུད་ཀྱི་དཀའ་མཆན་རྫོགས་སོ། །འདི་ཡི་རྡལ་བཞག་གི་འགྲེལ་བ་ནི་ཟུར་དུ་ཡོད་དོ། །༄༅། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་ས་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གཉིས་པ་བཤད་པའི་རྒྱུད་ཀྱི་དཀའ་མཆན་ཞེས་བྱ་བ་བཞུགས་སོ། །ཐོག་མར་མཚན་གྱི་དོན་ནི།སྐྱེས་བུའི་ལུས་སྲོག་གང་ལ་བར་དུ་གཅོད་པ་ནད་གདོན་དུས་མིན་འཆི་བ་ལ་སོགས་པའི་ཉེར་ཚེ་བདུད་ཡིན་ལ། དེ་ལ་ཕན་པ་ནི་རྩི་སྟེ་དེའི་གཉེན་པོའོ། །དེ་ཡང་མྲྀ་ཏ་འཆི་བའི་བྱིངས་ལས་སྒྲུབ་པ་ལ། དགག་པའི་སྔོན་དུ་བཞག་པའི་ཨ་ཐུང་གིས་མི་འཆི་བའམ་འཆི་མེད་ཅེས་གྲུབ་པ་ལ་དེ་ཟས་སུ་བྱེད་པའི་དོན་དུ་སྒྲ་བསྒྱུར་བ་ལ་བདུད་རྩི་ཞེས་བྱ་སྟེ། སྔོན་གྱི་གཏམ་རྒྱུད་དང་སྦྱར་ནས་ཀྱང་འཆད་དོ། །སྙིང་པོ་ནི་ཧྲི་ཉ་དཀྲོག་པའི་བྱིངས་ལས་བསྒྲུབས་ཏེ། འོ་མ་ལས་


MR10_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

མར་ལྟར་ཆོས་དེ་དག་གི་བཅུད་དམ་མཐར་ཐུག་གི་གནད་ཡིན་པས། ལུས་སྲོག་ལ་ཕན་པའི་ཐབས་ཀྱི་དམ་པའམ་སྙིང་པོ་ཞེས་བྱའོ། །དེ་ནི་ཡོན་ཏན་གྱི་སྒོ་ནས་མཚན་བཏགས་པའོ། །བརྗོད་བྱའི་དབང་དུ་ན་གསོ་རིག་དེ་ཡི་བརྗོད་བྱ་ཐམས་ཅད་ཡན་ལག་བརྒྱད་དུ་འདུ་སྟེ། ཡན་ལག་ཅན་གསོ་རིག་གོ། །གསང་བ་ནི་གུད་དུ་སྦེད་པའི་བྱིངས་ལས་བསྒྲུབ་པའི་གུ་ཧྱ་ཞེས་གསང་བའམ་སྦེད་པ་ལ་འཇུག་སྟེ། གང་ལ་གསང་ན་སྣོད་མིན་ལ་གསང་། གང་གསང་ན་རྒྱུད་འདི། རྒྱུ་མཚན་གང་གིས་གསང་ན་ཐབས་ཀྱིས་རྣམ་པ་དུ་མས་ཤིན་ཏུ་ཆེས་ཁྱད་པར་འཕགས་པའི་གདམས་པ་རྙེད་དཀའ་བ་སེང་གེའི་འོ་མ་ལྟ་བུ་འདི་སྣོད་དང་སྣོད་མིན་ལ་གསང་སྦྱིན་གྱི་འཆད་སྤེལ་ལ་སྐྱོན་ཡོན་གྱི་རྣམ་པ་དུ་མ་ཡོད་པས་སོ། །མན་ངག་ནི་འོལ་ཚོད་དང་རིག་བཟོ་ཙམ་མིན་པར་སྨན་བླ་དྲང་སྲོང་བརྒྱུད་པའི་གཟིགས་དོན་ཚུལ་བཞིན་དམར་འབྱིན་གྱི་སྒོ་ནས་གཏན་ལ་ཕབ་པས་སོ། །རྒྱུད་ནི་དེ་ལྟ་བུའི་ཚིག་དོན་གྱི་ལུས་ཡོངས་སུ་རྫོགས་པར་དབུ་ནས་མཇུག་གི་བར་དུ་འབྲེལ་ཆགས་ཤིང་ཕྲེང་བ་ལྟར་བརྒྱུས་པའི་རྒྱུན་དུ་ཡོད་པས་སོ། །ཡང་ན་ཕྱི་རོལ་པ་དང་རྟོག་གེས་བརྟགས་མི་བཟོད་པའི་གསོ་དཔྱད་ཀྱི་ཚུལ་ཟབ་མོ་ཤེས་དཀའི་གསང་བ་དེ། དྲང་སྲོང་རིག་འཛིན་བརྒྱུད་པའི་ཞལ་ལུང་འདིས། གཏན་ལ་མངོན་སུམ་ཕེབས་པས་གསང་བ་མན་ངག་གོ། དེ་ནི་རྗོད་བྱེད་ལ་བརྟེན་པས་སོ། །དེའི་ཚིག་དོན་གྱི་ཁྱད་པར་ལྷག་ལུས་མེད་པར་སྟོན་པའི་གཞུང་ལ་རྒྱུད་དོ། །དེ་ནས། ཞེས་པ་དེ་ལ་སྤྱིར་དེ་ནས་ཀྱི་སྐད་དོད་ཨ་ཐ་ཞེས་པ་རིག་བྱེད་


MR10_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་བའི་བཀྲ་ཤིས་པའི་ཚིག་སྟེ། ཇི་སྐད་དུ། ཡི་གེ་ཨ་དང་ཐ་ཞེས་པ། །གཉིས་པོ་འདི་དག་སྔོན་ཚངས་པའི། །མཁུར་ཚོས་བརྡོལ་ཏེ་བྱུང་བ་ན། །དེས་ན་འདི་དག་བཀྲ་ཤིས་ཡིན། །ཞེས་པ་ལྟར། སྔོན་ཁྱབ་འཇུག་རཱ་ཧུ་ལས་བདུད་རྩི་བརྐུས་པ་ལས། ཚངས་པའི་འཁོར་ལོས་དེའི་མགོ་བོ་བཅད་པའི་དུས། འཁོར་ལོ་སླར་འཕང་བས་ཚངས་པའི་མཁུར་ཚོས་སྣད་པ་ན། ཡི་གེ་ཨ་ཐ་ཞེས་པའི་སྒྲ་བྱུང་བ་དང་། དེས་བསྐུལ་ཏེ་སྔོན་སངས་རྒྱས་ཀྱིས་འཇིག་རྟེན་དུ་གསུངས་པའི་གསོ་དཔྱད་དྲན་ནས། ཚངས་པ་རང་གིས་གསོ་དཔྱད་འབུམ་པ་བཅས་མཛད་པའི་གསོ་རིག་གི་ཐོག་མར་སྨོས་པ་ལ་བཀྲ་ཤིས་པའི་དགོས་པ་དང་བཅས་པ་དང་། སྐབས་དབྱེ་བའི་ཚིག་གི་དོན་ཡང་དེ་ནས་སུ་བསྒྱུར་ཏེ། དེ་སྒྲ་སྔ་མའི་རྣམ་གྲངས་འདས་པ་སྟོན་པ་དང་། ནས་སྒྲས་ཕྱི་མའི་མ་འོངས་པ་སྟོན་པའི་ལྷག་བཅས་ཀྱི་སྒྲ་སྟེ་མཚམས་སྦྱར་བའི་ངག་གོ། དེ་ཡང་རྩ་བ་ཐུགས་ཀྱི་རྒྱུད་གསུང་ཚར་བའི་རྗེས་ཐོག་དེ་མ་ཐག་པ་དེ་ནས། རྒྱལ་བ་ཐམས་ཅད་ཀྱི་གསུང་གསང་མི་ཟད་པ་རྒྱན་གྱི་འཁོར་ལོ་སྨྲ་བའི་ བདག་ཉིད་འགགས་མེད next hit། ཕྱི་རོལ་གྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཚུགས་པ་སེང་གེ་ལྟ་བུ། ཕྱོགས་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་ཡོངས་སུ་ཁྱབ་པས་རྣམ་པར་བསྒྱིངས་པ། ཡང་ན་བཤད་རྒྱུད་འཆད་པ་ལ་ཞུམ་པ་མེད་ཅིང་། རིག་པའི་གནས་གཞན་ཟིལ་གྱིས་གནོན་པས་ན་སྨྲ་བའི་སེང་གེ་ཞེས་བྱའི་ཏིང་ངེ་འཛིན་ནོ། ༈ །ལྡེབ་གཉིས་པའི་ཉིན་ཕྲེང་གསུམ་པར། འགྲོ་དྲུག་གཙོ་བོར་གྱུར་པ་མི་ལུས་ལ། །ཞེས་པ་ནི། དེ་ཡང་གསང་


MR10_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བླ་ན་མེད་པའི་དགོངས་པ་བཞིན། ལས་ཀྱི་སར་སྐྱེས་ཤིང་ཁམས་དྲུག་དང་ལྡན་པའི་དམ་པའི་ཆོས་སྤྱོད་པའི་སྐལ་བ་དང་ལྡན་པའི་མི་ཡི་ལུས་ནི་ལྷ་ལ་སོགས་པའི་འགྲོ་བ་གཞན་དྲུག་ལས་ཁྱད་པར་འཕགས་ཤིང་གཙོ་བོར་གྱུར་བ་ཡིན་ལ། དེ་ལྟ་བུའི་ཁྱད་ཆོས་དང་ལྡན་པའི་མིའི་ལུས་དེ་ནི། རླུང་མཁྲིས་བད་ཀན་གསུམ་རང་བཞིན་གྱིས་གྲུབ་པའི་ནད་ཀྱི་ངོ་བོར་གྲུབ་ཀྱང་། རྐྱེན་དང་མ་ཕྲད་པའི་སྐབས་སུ་བག་ལ་ཉལ་གྱི་ཚུལ་དུ་ཡོད་པས་མི་ན་བ་ཡིན་ལ། མི་ན་བ་དེའི་ངང་དུ་ཡུན་རིང་དུ་གནས་པ་དང་། གལ་ཏེ། དུས་གདོན་ཟས་སྤྱོད་ཀྱི་དབང་གིས་ན་བར་གྱུར་པའི་ཚེ། མྱུར་དུ་གསོ་བ་དང་། ཇི་སྲིད་ཚེའི་ཕུགས་སུ་འཁྱོལ་བ་དང་། འཇིག་རྟེན་དང་དམ་པའི་ཆོས་ལུགས་མངོན་པར་འཐོབ་པ་དང་། ཟང་ཟིང་དང་འཕགས་པའི་ནོར་གྱིས་ཕྱུག་པ་དང་། ཚེ་འདི་དང་ནམ་བཞག་གཏན་གྱི་བདེ་བ་སྟེ། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་ཐམས་ཅད་ཅིག་ཆར་དུ་སྒྲུབ་ཕྱིར་གསོ་བ་རིག་པའི་གཞུང་ལུགས་བསླབ་དགོས་པར་བསྟན་ནས། བསླབ་བྱ་དེ་ཡི་དོན་རྣམས་མདོར་བསྡུ་ན། རྣམ་པ་བཞི་ཁོ་ནར་ངེས་ཏེ། དེ་ལས་མང་མི་དགོས་ཉུང་ན་མི་འདུ་བ་ཡིན་པས་སོ། ༈ །ཕྱི་རྒྱབ་སྲིབ་ཕྲེང་དྲུག་པར། འབྱུང་ལྔ་ཚོགས་པ་མངལ་དུ་ཆགས་པའི་རྒྱུ། །ཞེས་སོགས་ནི། དེ་ཡང་ཕ་མའི་ཁུ་ཁྲག་སྐྱོན་མེད་པ་དང་། རྣམ་ཤེས་ལས་ཉོན་གྱིས་བསྐུལ་བ་ཕྲད་པ་ནི་མངལ་ཆགས་པའི་རྒྱུ་སྟེ། དེ་ཡང་འབྱུང་བ་ལྔ་པོ་ཚོགས་ནས་སོ། །དེ་གང་ལ་ཡོད་ན། ཁུ་ཁྲག་སེམས་གསུམ་གྱི་འབྱུང་བ་ལྔ་སྟེ། དེ་ཡང་ཁུ་


MR10_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ལ་རང་ཆས་ཀྱི་འབྱུང་ལྔ་དེ་ལ། བར་དོའི་རྣམ་ཤེས་དང་ལྷན་ཅིག་གནས་པའི་འབྱུང་ལྔས་གསོས་བཏབ་སྟེ་ལུས་གྲུབ་པའོ། །དེ་ཡང་སློབ་དཔོན་དཔའ་བོས། དང་པོ་ཕ་མའི་ཁུ་ཁྲག་རླུང་ལ་སོགས་པའི་སྐྱོན་མེད་པ་དང་། ལས་དང་ཉོན་མོངས་པ་དང་ལྡན་པའི་རྣམ་པར་ཤེས་པ། དེ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་སོགས་པའི་འབྱུང་བ་ཆེན་པོ་ལྔ། ཤིན་ཏུ་ཕྲ་བ་དབང་པོའི་སྤྱོད་ཡུལ་ལས་འདས་པ་རྣལ་འབྱོར་པ་རྣམས་ཀྱི་ཡུལ་དུ་གྱུར་ལ་དེ་དག་སྐད་ཅིག་མངལ་དུ་ཚོགས་ཤིང་འདུས་པ་ལས་ལུས་གྲུབ་པར་གསུངས་པ་ལྟར། ཡིད་རྣམ་པར་ཤེས་པའི་རང་གདངས་ཟང་ཐལ་སྐྱེ་བའི་རང་རྩལ་འཕྲོ་བའི་རླུང་གིས་གཡོས་པ་འབྱུང་བ་རྣམ་པར་སྤྲོས་པ་དེའོ། །དེ་ཡང་ཡིད་འདི་འབྱུང་བ་ལྔའི་འབྱུང་ཁུངས་ཏེ། འབྱུང་བ་སེམས་ལས་བྱུང་ཚུལ། རྡོ་རྗེ་གདན་བཞི་ལས། ཆུ་ནི་སེམས་ལས་འབྱུང་བས་ན། །རྣམ་པར་ཤེས་པ་ཆུ་ཡི་ཁམས། །གལ་ཏེ་ཆུ་ཉིད་གཞན་དུ་ན། །ཤི་ནས་ཅི་སྟེ་ཆུ་མི་འབྱུང་། །རྣམ་ཤེས་མེ་རུ་འགྱུར་བས་ན། །ལུས་ལ་དྲོ་བ་ཉིད་དུ་ངེས། །ཡེ་ཤེས་འཕྲོས་པས་ལུས་ལ་ནི། །ཅི་སྟེ་དྲོ་བ་ཉིད་མི་སྣང་། །རྣམ་ཤེས་རླུང་ཉིད་ལུས་དག་ལ། །འབྱུང་འཇུག་དབུགས་ནི་དུ་བ་འདྲ། །ཡེ་ཤེས་འཕྲོས་པས་ལུས་དག་ལ། །དེ་དག་ལ་ཡང་དབུགས་མེད་དོ། །སེམས་ནི་ས་རུ་འབྱུང་བས་ན། །ལྕི་བ་རྒྱུ་ནི་སྣང་བ་ཉིད། །ཡེ་ཤེས་འཕྲོས་པའི་ལུས་དག་ནི། །ཆུ་ཡི་སྟེང་དུ་ལྡང་བའོ། །ལུས་ཀྱི་ཚད་མ་ལྔ་ཆར་ཡང་། །ལྔ་ཆར་གཅིག་གི་ངོ་བོས་བསྟན། །གཅིག་ཏུ་འགྱུར་བ་ཤེས་བྱས་ནས། །རྣལ་


MR10_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་ཡི་གནས་པ་ལྟའོ། །རྣམ་ཤེས་དང་འབྱུང་བ་དེ་དག་ཕན་ཚུན་རྟེན་དང་བརྟེན་པའི་ཚུལ་དུ་གནས་ཏེ་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། འབྱུང་བ་ཆེན་པོ་འདི་དག་ནི། །སྲོག་གི་རྟེན་དུ་ཤེས་པར་བྱ། །ཡང་ན་སྲོག་གིས་དེ་རྣམས་བརྟེན། །ལེགས་སྐྱེས་དབང་མོ་ཤེས་པར་བྱ། །ཞེས་པ་ལྟར་ཆགས་སོ། །དེ་ཡང་ཁུ་ཁྲག་ལ་སྐྱོན་ཨེ་ཡོད་ནི་མངལ་མ་བཟུང་བའི་སྔོན་དུ་ཕ་མ་གང་རུང་གི་ཁུ་ཁྲག་ནད་སོགས་ཀྱིས་འཛག་པའི་ཚེ་རླུང་སོགས་ཀྱི་སྐྱོན་ཨེ་ཡོད་བརྟགས་ལ། དེ་ཡོད་ན་མངལ་དབྱེ་མི་ལོ་བས། དེ་བསལ་བའི་ཆོ་ག་བྱ་དགོས་ཏེ། ཡན་ལག་བརྒྱད་པར། རླུང་ལ་སོགས་པས་གནོད་གྱུར་པ། །རང་གི་སྨན་གྱིས་གསོ་བར་བྱ། །ཞེས་པ་ལྟར་རོ། །དེ་ལྟར་མངལ་དུ་ཆགས་པ་དེའང་ལས་དང་རྒྱུ་རྐྱེན་འཛོམས་པ་སྟེ། ཇི་ལྟར་མེ་ཤེལ་དང་སྤྲ་བ་ལྟར་ཕ་མའི་ཁུ་ཁྲག་བྱུང་བ་ན་འདི་ནི་འདིའོ་སྙམ་པ་དང་། ཆགས་སྡང་གི་བློ་བྱུང་བ་དང་མཐོང་སྣང་སྣ་ཚོགས་པའི་དབང་གིས་མངལ་དུ་ལས་ཀྱིས་འཕེན་ནོ། །དེ་ཡང་མངལ་དུ་འཇུག་པའི་ཚུལ་རྣམ་པ་བཞི་ཡོད་དོ། འབྱུང་བ་ལྔ་མེད་ན་ལུས་མི་གྲུབ་པའི་ཚུལ། ས་མེད་ན་བུམ་པ་ཆུས་བཀང་བ་ལྟ་བུ་སྲ་བ་མི་འགྲུབ། ཆུ་མེད་ན་བྱེ་སྐམ་ལྟར་ལྷན་དུ་མི་སྡུད། མེ་མེད་ན་ཤ་ཉི་མས་མི་སྐམ་པ་ལྟར་རུལ་ཞིང་མྱགས་པ་དང་སྨིན་མི་ནུས་ཏེ་ནུས་པར་སྨིན་པ་མེའོ། །རླུང་མེད་ན་ཡར་འཕེལ་བ་མེད་པ་གྲོད་པ་དབུགས་ཀྱིས་མ་བུས་པ་ལྟ་བུ། ནམ་མཁའ་ནི་འདུས་མ་བྱས་ཡིན་མོད་སྟོང་པའི་གོ་ཕྱེ་བ་ལ་བཏགས་པ་སྟེ་དེ་མེད་ན་བུ་ག་སྒོ་དགུ་སོགས་གོ་སྐབས་མི་ཕྱེད་པས་གོང་བུ་ཁོ་ནར་འགྱུར་


MR10_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

བར་རིགས་པས་ན་ལུས་འབྱུང་བ་ལྔའོ། ༈ །ལྡེབ་གསུམ་པའི་སྲིབ་ཕྲེང་དང་པོར། ས་ལས་ཤ་དང་རུས་པ་སྣ་དྲི་བསྐྱེད། །ཅེས་སོགས། བྱེ་བྲག་ས་ལས་ཤ་རུས་སོགས་སྲ་བའི་ཆ་ཤས་དང་། སྣའི་དབང་པོ་གཟུགས་ཅན་པ་ཟངས་ཁབ་གཤིབས་པ་ལྟ་བུ། དེའི་ཡུལ་དྲིའི་རང་བཞིན་རྣམས་སྐྱེད་དོ། །ཆུ་ལས་ཁྲག་སོགས་ལུས་ན་པའི་ཆ་ཤས་དང་། ལྕེའི་དབང་པོ་གཟུགས་ཅན་པ་ཟླ་བ་བཀས་པ་ལྟ་བུ། དེའི་ཡུལ་རོའི་རང་བཞིན། མེ་ལས་དྲོད་དང་པགས་མདོག་གསལ་བ་དང་མིག་གི་དབང་པོ་གཟུགས་ཅན་པ་ཟར་མའི་མེ་ཏོག་ལྟ་བུ། དེའི་ཡུལ་གཟུགས་ཀྱི་རང་བཞིན། རླུང་ལས་དབུགས་དང་པགས་པ་ལུས་ཀྱི་དབང་པོ་གཟུགས་ཅན་པ་བྱ་རེག་ན་འཇམ་གྱི་པགས་པ་ལྟ་བུ། དེའི་ཡུལ་རེག་བྱའི་རང་བཞིན། ནམ་མཁའ་ལས་བུ་ག་སྟོང་པའི་རང་བཞིན། རྣ་བའི་དབང་པོ་གཟུགས་ཅན་པ་གྲོ་གའི་འཛེར་བུ་གཅུས་པ་ལྟ་བུ། དེའི་ཡུལ་སྒྲ་ཡི་རང་བཞིན་སྐྱེད་དོ། །བཤད་མ་ཐག་པའི་རྒྱུ་བྱེད་ལས་རྣམས་ཀྱང་མདོར་ན་སྐྱེ་བ་གཞན་དང་གཞན་དུ་གོམས་ཤིང་འདྲིས་པའི་དབང་ལས་དེ་དང་དེ་ལྟ་བུའི་བྱ་བ་ལ་རང་བཞིན་གྱིས་འཇུག་པའི་སྣང་བ་སྣ་ཚོགས་སུ་རིམ་པས་མཆེད་པ་ལས་འབྱུང་ཞིང་གྲུབ་པ་ཡིན་ནོ། །ཡིད་རྣམ་པར་གཡོས་པའི་འདུ་བྱེད་རླུང་གིས་བྱས་པའི་སྣ་ཚོགས་འཁྲུལ་པའི་ལས་མང་པོ་རིམ་མཆེད་དུ་གྱུར་པ། ཁུ་ཁྲག་ལས་ཕུང་པོར་གྲུབ་པ་ལྟ་བུ་ཡིན་ནོ། ༈ །ལྡེབ་བཞི་པའི་ཉིན་ཕྲེང་གསུམ་པར། དྲུག་པ་ལྟེ་བ་ལ་བརྟེན་སྲོག་རྩ་ཆགས། །ཞེས་པ་ནི། དེ་ཡང་དུས་འཁོར་ལ་སོགས་པའི་རྒྱུད་སྡེ་ལས་མངལ་དུ་འཇུག་པ་


MR10_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་འཇུག་གི་འཇུག་པ་བཅུ་དང་ཚུལ་མཐུན་པར་གསུངས་ཀྱང་། འདིར་རླུང་ལ་སོགས་པའི་བྱེད་ལས་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང་མཐུན་པའོ། །དེ་ཡང་ཉ་རུས་སྦལ་ཕག་གི་གནས་སྐབས་གསུམ་གྱིས་སོ། །དེ་ལ་འདིར་བཀྲ་འབུམ་པ་ལ་སོགས་པ་མཁས་པ་ཁ་ཅིག་སྲོག་པ་རྩ་ནི། ཁྲག་རྩ་ནག་པོར་འདོད་ལ། དབུ་མ་སོགས་ནི་སྔགས་ཀྱི་རྒྱུད་སྡེ་ལས་བཤད་པ་འདིར་ཁུངས་མི་བསྒྲིགས་ཞེས་ཟེར་ཀྱང་། འདིར་དབུ་མར་རོ་རྐྱང་གི་རྣམ་བཞག་སོགས་རྒྱུད་སྡེ་ལྟར་རྒྱས་པར་མ་བསྟན་ཀྱང་། སྦས་ཚུལ་དུ་སྟོན་ཏེ། རྒྱུད་འདི་གནད་ཟབ་མོ་རྟོགས་པའི་ལུང་མེད་པའི་ཕྱི་རོལ་པའི་བསྟན་བཅོས་ལྟ་བུ་མིན་ལ། སྨན་བླ་དྲང་སྲོང་རིག་འཛིན་རྣམས་ཀྱི་ཞལ་ལུང་ཁྱད་པར་བ་ཡིན་ཅིང་། དེ་དག་གིས་གཏན་ལ་དབབ་བྱའི་ལུས་ཇི་ལྟ་བ་བཞིན་དུ་སྟོན་པའི་སྐབས་ཡིན་པའི་ཕྱིར། དབུ་མ་རོ་རྐྱང་གིས་མ་བསྐྱེད་ཅིང་ལུས་ལ་དེ་དག་མི་གནས་པ་གསར་དུ་བསྒོམ་པ་ནི་མིན་ཏེ། རྡོ་རྗེའི་ལུས་ལ་རང་བྱུང་དུ་ཡོད་པའི་རྩ་རླུང་ཐིག་ལེ་གནད་དུ་བསྣུན་པས་རང་བྱུང་གིས་རང་སར་རྟོགས་པས་སོ། །དེས་ན་རང་ལུགས་ཟུར་མཁར་ཕྱི་མའི་རྗེས་སུ་འབྲངས་ནས་བཤད་པར་བྱ་སྟེ། སྲོག་པ་རྩ་ཞེས་ལྟེ་བ་ལས་གྱེས་པར་གསུངས་བ་འདི་ཆོས་ཅན། དབུ་མ་ཡིན་ཏེ། སྲོག་རླུང་༡ཨ་ཡི་རྣམ་པ་ཅན་གྱི་རྟེན་ཡིན་པ་གང་ཞིག འཁོར་ལོ་༢བཞིའམ་དྲུག་གི་སྲོག་ཤིང་ཡིན་པའི་ཕྱིར་དང་། རྩ་ཐམས་༣ཅད་ཀྱི་ཐོག་མར་ཁོ་ནར་ཆགས་པའི་རྩ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། སྤྱན་གཟིགས་འགྲེལ་པ་ལས། སྲོག་ནི་ཀུ་སུ་མ་སྟེ་ཤིན་ཏུ་སྟོང་པའོ། །ཤིན་ཏུ་ཡིད་བཟང་མའོ་ཞེས་དང་།


MR10_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་མར་སྲོག་རླུང་བརྟེན་པར་བྱས་པའི་ཚེ་ན་མེད་པ་ལྟར་རོ་ཞེས་དང་། ཐོག་མར་ལུས་སྐྱེད་གཞིར་གྱུར་པ་དབུ་མ་སྲོག་རླུང་བཅས་པ་སྟེ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། སྡོམ་འབྱུང་ལ་སོགས་པ་ལས། རྩ་འཁོར་ཐམས་ཅད་ཀྱི་དབུས་ན་གནས་ཤིང་ཐམས་ཅད་བསྐྱེད་པར་གསུངས་པ་སྟེ། འཁོར་ལོ་དྲུག་གི་དབུས་ན་ནི་ཞེས་སོགས་དང་། སྙིང་གའི་ཆུ་སྐྱེས་དབུས་སོན་པ། །ཆུ་ཤིང་མེ་ཏོག་ལྟར་སྟོང་པ། །ཧམ་ནི་འཕྱང་ཞིང་འོག་ཏུ་བལྟ། །ཞེས་སོགས་གསུངས་པའི་ཕྱིར། ནང་དོན་རང་འགྲེལ་ལས། ལུས་གྲུབ་པའི་སྲོག་རླུང་རྟེན་དབུ་མ་སོགས་དང་། ད་ལྟ་ཀུན་གཞིའི་རྣམ་ཤེས་རྟེན་སྲོག་ཆེན་པོའི་རླུང་ནི་གང་ནས་ཡོད་པ་དབུ་མ་སྟེ་འདི་ལ་དུས་འཁོར་ལས་སྟེང་སྒྲ་གཅན་འོག་དུས་མེར་བཤད་དེ། རླུང་ཐམས་ཅད་ཀྱི་རྩ་བ་དེར་བརྟེན་པས་སོ། །གསུམ་པ་གྲུབ་སྟེ། སཾ་བུ་ཊ་ལས། སྤྱི་བོ་ལྟེར་སོན་འཁོར་ལོ་ནི། །ཨེ་ཡི་དབྱིབས་སུ་ཡང་དག་གནས། །སྙིང་དང་མགྲིན་པར་ཡང་དག་གནས། །ཧཾ་གི་རྣམ་པར་རབ་ཏུ་བརྗོད། །ཞེས་གསུངས་དེའི་མིང་ལ་སྲོག་རྩར་འདོགས་པའི་རྒྱུ་མཚན་ཡོད་དེ། སྲོག་རླུང་གི་རྟེན་རྩ་གང་ཞིག ལུས་སྐྱེད་གནས་འདོར་པའི་རྩ་བ་ཡིན་པའི་ཕྱིར། དེ་སྐད་དུ་ཡང་ས་ར་ཧས། རླུང་དང་འགྱུ་བ་རྩ་ཆེན་སྲོག་པ་རྩར་ཚུད་ན། །ཐ་མལ་ཤེས་པ་ངང་གིས་འགགས་པ་གདོན་མི་ཟའོ། །ཞེས་སོ། །གཞན་ཡང་དེའི་མིང་གི་རྣམ་གྲངས། ཨ་བ་དྷུ་ཏི་ཀུ་སུ་མ། ཀུན་འདར་མ། ཕྲ་བའི་གཟུགས། སྲོག་པ་རྩ། དབུ་མ། ནང་གི་ཤིང་གཅིག སྲོག་གི་སྐུད་པ། ལམ་པོ་ཆེ་ཟེར་རོ། །མར་སྣ་དུང་ཅན་མ། ཡར་སྣ་སྒྲ་གཅན་ཟེར་རོ། ༈ ལྡེབ་བཞི་པའི་སྲིབ་ཕྲེང་དང་པོར། རྩ་ལྔ་པ་ལ་རླུང་གི་རྒྱུ་བ་འབྱུང་།


MR10_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་ནི། རླུང་དེ་དག་ཐམས་ཅད་རེ་རེ་ནས་སྲོག་གི་རླུང་ལས་སྤྲོས་པ་ཁོ་ན་ཡིན་ཞིང་། ལུས་ཐམས་ཅད་བསྐྱེད་པའི་རྩ་དབུ་མ འམ་སྲོག་པ་རྩ་ཁོ་ནས་བྱུང་སྟེ། སམ་བུ་ཊི་ལས། རྐང་པ་ནས་ནི་སྤྱི་མཐར་ཐུག །རྐུད་པ་གཅིག་ལས་ཡང་དག་འབྱུང་། །ཞེས་གསུངས། སྲོག་གི་རླུང་ནི་རྣམ་པར་ཤེས་པའི་ཁམས་ལས་འབྱུང་བ་ཡིན་པར་ཤེས་དགོས་པ་ཡིན་ནོ། ༈ །ལྡེབ་ལྔ་པའི་ཉིན་ངོས་གཅིག་ལེའུ་གསུམ་པའི་ནང་འདྲ་དཔེ་ཕུང་པོའི་གནས་ལུགས་བསྟན་པ་ནི་ཞེས་པ་ནི། སྐྱེས་བུ་གང་ཞིག་ལུས་དྲང་པོར་སྐྱིལ་ཀྲུང་བྱས་ལག་པ་ཕྱི་ལ་དཔྱངས་བ་ནི། དཔེ་ཅི་དང་འདྲ་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཕོ་བྲང་གི་ཚུལ་དུ་ཡོད་དེ། དེ་ཡང་དཔེ་འདི་ལྟ་བུས་གནད་མི་གནད་སོགས་ཀྱི་ཚུལ་དང་། གནས་ལུགས་འོལ་སྤྱི་ཙམ་དུ་རྟོགས་པ་ལས་ཚིག་ལ་ཞེན་པར་མི་བྱའོ། ༈ །ལྡེབ་ལྔ་བའི་སྲིབ་ངོས༥༠་ལེའུ་བཞི་པའི་ནང་། རུས་པའི་ལྡངས་ཚད་རུས་རིགས་ཉི་ཤུ་གསུམ། །ཞེས་པ། རུས་རིགས་ཉེར་གསུམ་ནི། ལྟག་པ། ཐོད་པ། རྣའི་ཁྲུང་ཁྲུང་། སོ། མ་མགལ་བཅས་མགོ་ལ་ལྔ། སྒལ་ཚིགས། དེའི་བྱ་འདབ། གཞུག་ཏོ། དཔྱི་རུས། སོག་པ། སྒྲོག་རུས། བྲང་རུས། རྩིབ་མ། ལྷ་རུ་རྩེ་བཅས་བྱང་ཁོག་ལ་དགུ། དཔུང་རྐང་། རྗེ་ངར། ལག་མགོའི་རུས་པ་སྟེ་ལག་པར་གསུམ། བརླ་རྐང་། ལྷང་། རྗེ་ངར། སྲེ་ལོང་། རྐང་མགོའི རུས་པ་སྟེ་རྐང་པ་ལ་ལྔ། རྐང་ལག་གཉིས་ཀྱི་སེན་མོ་བཅས་ཡན་ལག་དགུ་སྟེ། རུས་རིགས་ཉེར་གསུམ་མོ། ༈ །རུས་པའི་དུམ་བུ་


MR10_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་བརྒྱ་དྲུག་ཅུ་སྟེ། །ཞེས་པ་ནི། མགོ་ཐོད་དུམ་བུ་བཞི། འགྲམ་པ་གཉིས་ས༣༢ོ། །རྣ་བ་ནས་མིད་པའི་བར༢༠། མིག་རུས ༤ །སོར་མོ་དང་བཅས་པའི་ཉེར་ལྔ་གཉིས༥༠། ཕྲག་བྱིན་པ་གཉིས་ལ ༤ །ལྟག་རྒྱབ་ལ ༨ ། སྒལ་ཚིགས་༣༢། དེ་བཞིས་བསྒྱུར་བ༡འ༢ི༨། རྩིབ་ལོགས་གཉིས། རྩིབ་རིང་ཐུང༢༤་། རྐང་ས༥ོར༠་བཅས་༣ ས༦༠ོ། །ཚིགས་ཆེན་བཅུ་གཉིས་ནི། དཔུང་། གྲུ། མཁྲིག དཔྱི། པུས། སྲེ་ལོང་ཚིགས་གཉིས ༡༢། ཚིགས་ཕྲན་སུམ་བརྒྱ་དང་བཅུ་གསུམ་ནི། ལག་སོར་ལྔ་ལ་གསུམ་རེ་གསུམ་རེ་བཅོ་ལྔ་གཉིས ༣༠།། གྲེ་མཁྲིག་གཉིས་ཀྱི་ཚིགས་ཆེན་འོག་ཚིགས་ཆུང་རེ་བཅས༤ ། དེ་བཞིན་རྐང་སོར་པུས་ལོང་ཚིགས་ཕྲན་བཅས༣༤ །བྱང་ཁོག་རྩིབ་མ༢༦། སྒལ་ཚིགས༢༨། ཕྲག་མཇིང་གཉིས་གཉིས་བཞི་དང་ལྟག་རུས་༥ ཏེ། མགོ་ལ་འགྲམ་པ་ཡས་མས་གཉིས༤ ། སོ་ཡི་རྩ་བ ༣༢། མིག་རུས་ལ༤། མཁུར་ཚོས་ལ༢ ། མིག་སྲུབ༡། རྣ་མིག་བར༢༠། ཚིགས་ལོག་པོར་སོང་བས༤༠ ། མགོ་ལ ༨༣། བསྒྲིལ་བ༣ ས༡༠། ཆུ་བ་བཅུ་དྲུག་ནི། མགྲིན་༢ཆུ ། ལྟག་ཆུ། གཉིས་ཏེ་རྐེ་ལ༤ །ལག་རར་གྲུ་ཁུག མཁྲིག་༢ཆུ་སྟེ་ལག་གཉིས་ལ༤། རྐང་བར་རྟིང་༢ཆུ ། སྦལ་མགོ་ནས་ནི་ལོང་གདོང་ཆུ་བ༢ ། སྒྱིད་ཁུག༤ སྒལ་འདབ༢ ། དེ་གཉིས་མི་འདྲ་བ་ཡོད། རྒྱུས་པ་ནི་ནམ་ཚོང་མན་༣ ལ༠༠། ཡན་ལག་བཞི་ལ ༧༥་རེ། ༣༠༠ ལུས་བྱིངས་༣ ལ༠༠་སྟེ། དགུ་བརྒྱའོ། ༈ །ལྡེབ་དྲུག་པའི་ཉིན་ངོས༡༠། ཆགས་པའི་རྩ་ནི་ལྟེ་བ། ཞེས་པ། ཆགས་པའི་རྩ་ནི་ལྟེ་བའི་འཁོར་ལོ་ལས་རྩེ་མོ་མི་འདྲ་བ་གསུམ་དུ་གྱེས་པ། དེ་ལས་ཆུའམ་ཟླ་བ་རྒྱུ་བའི་རྩ་ལུས་


MR10_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གཡོན་ཕྱོགས་ནས་བརྒྱུད་དེ་སྙིང་ཁ་དང་། མགྲིན་པ་སྤྱི་བོའི་འཁོར་ལོ་རྣམས་སུ་འདུས་ཤིང་། གཞན་དུ་གྱེས་པའི་ཚུལ་གྱིས་སོང་བའི་རྩ་དཀར་པོ་དེར་བརྟེན་ཀླད་པ་ཆགས། ཁྲག་ཁམས་མེ་ཁམས་རྒྱུ་བ་ལུས་གཡས་རྒྱུ་བ་ལུས་གཡས་བརྒྱུད། མཆིན་པའི་ལུང་ཆེན་དང་དྭངས་མ་ལེན་པའི་རྩ་ལ་ཟུག དེའི་ཡལ་ག་གཉིས་ཚིགས་པ་བཅུ་གསུམ་པར་སོང་བ་དེར་བརྟེན། སྲོག་རྩ་ནག་པོ་ཡན་ལག་བཅས་པ་ཆགས་པའོ། །རྩ་གཅིག་རླུང་ངམ་ཡེ་ཤེས་ཀྱི་ཁམས་རྒྱུ་བ་ལུས་ཀྱི་དབུས་དྲང་ཐད་ནས་གྱེན་སོང་སྔར་ལྟར་ལ། དེའི་རྩེ་མོ་གཅིག་འོག་ཏུ་ཐུར་ཟུག་པ་དེ་ལ་བདེ་ཁམས་རྒྱུ་བའི་གསང་གནས་ཆགས་པའོ། །དེ་ཡང་རླུང་ནི་སྨད་ན་གནས་ཏེ། ཐིག་ལེ་ནི་འདོད་ཆགས་དང་རླུང་གཉིས་ཀའི་ཉེར་ལེན་དང་ལྷན་ཅིག་བྱེད་པའི་དོན་གྱིས། འདོད་ཆགས་ཀྱང་ཐིག་ལེ་ལ་བརྟེན་པའི་ཚུལ་གྱིས་གནས་ཤིང་། འདོད་ཆགས་དེ་ལས་རླུང་བསྐྱེད་པའི་ཕྱིར། རྒྱུ་རྐྱེན་འབྲས་བུ་གསུམ་སྨད་ན་གནས་པ་ཡིན་ཏེ། འདོད་ཆགས་གློ་བུར་དུ་སྐྱེས་པའི་ཚེ་ལུས་ཀྱི་སྨད་ཉིད་ནས་འཁྲུགས་ཤིང་སྐྱེ་བར་མཐོང་བས་སོ། །དེ་ལྟར་ཀླད་པ་གཏི་མུག་བད་ཀན། ཁྲག་མཁྲིས་པ་ཞེ་སྡང་གི་ཉེར་ལེན་དུ་གྱུར་པ། རྒྱུ་ཉོན་མོངས་གསུམ། རྐྱེན་ཀླད་ཁྲག་ཐིག་ལེ། འབྲས་བུ་ཉེས་གསུམ་སོ་སོར་སྟོད་སྨད་བར་དུ་གནས་པ་ཡིན་ནོ། །དབུ་མ་སོགས་སུ་བཤད་པ་མ་ཏིའི་རང་ལུགས་རྣམ་པར་དག་པའོ། ༈ །ལྡེབ་དྲུག་པའི་སྲིབ་ངོས༤༠། གཅིག་ནི་བླ་དང་འདྲ་སྟེ་འཁྱམས་པ་ཡིན། །ཞེས་པ་ནི། མི་ལ་ལུས་སེམས་ལྷན་དུ་འགྲོགས་པའི་ཡུན་དེ་ལ་ཚེ་ཞེས་ཟེར་ཏེ། ཚེ་


MR10_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་རྩ་གསུམ་ཡོད་པ་ནི། གཅིག་ནི་འབྱུང་ལྔའི་དྭངས་མ་ཁམས་བྱང་ཆུབ་ཀྱི་སེམས་དེ་ཉིད་འཕེལ་ཟད་དུ་གྱུར་པ་ལུས་ལ་རྒྱུ་བ་ནི། དཔལ་བརྟག་པ་གཉིས་པར། །བཅོ་ལྔའི་ཆ་ཡི་བདག་ཉིད་ཀྱི། །ཟླ་བ་བྱང་ཆུབ་སེམས་སུ་འགྱུར། །བདེ་བ་ཆེན་པོའི་ཨཱ་ལིའི་གཟུགས། །རྣལ་འབྱོར་པ་རྣམས་དེའི་ཆ། །ཞེས་པ་ལ་སོགས་པ་ལྟར། རྣལ་འབྱོར་པ་རྣམས་ཀྱིས་དབབ་ལྡོག་བཀྲམ་པས་བཅིང་ན་མཆོག་གི་དངོས་གྲུབ་འགྲུབ་པ་ཡིན་ལ། ཐ་མལ་བ་རྣམས་ཀྱིས་མ་ཉམས་ཀྱང་། ཟླ་བ་ཡར་མར་གྱི་ངོ་ལ་ཕྱི་ནང་རྟེན་འབྲེལ་འཕེལ་ཟད་འབྱུང་ལྡོག་ཏུ་གྱུར་པའོ། །དེ་ཡང་གང་འཕོ་ན། འབྱུང་བ་ལྔ་འདུས་ཀྱི་དྭངས་མ་ཁམས་བྱང་ཆུབ་སེམས་རྒྱས་འགྱུར་གྱི་རིགས་སོ། །རྣམ་པ་གང་གིས་འཕོ་ན། རྩ་བའི་དབྱངས་ལྔ། ཡོན་ཏན་ལྔ། ཡ་ཎ་ལྔ། རྩ་དབྱངས་རིང་པོ་ལྔ། འཕེལ་བ་ལྔ། ཡ་ཎ་རིང་བོ་ལྔ། ཨཾ་ཨའི་འོ། གནས་གང་དུ་ན། རྐང་པའི་ཚིགས་ལ་སོགས་པར་རོ། །ཚུལ་ཇི་ལྟར་ན། གཉིས་མེད་དུས་ཀྱི་འཁོར་ལོ་ལས། ཐབས་ཤེས་རོ་རྐྱང་དབང་གིས་ནི། བྱང་ཆུབ་སེམས་ཀྱི་ཁམས་འཕོ་ཡར་ངོ་སྔོན་འགྲོའི་དབང་བྱས་ཏེ། སྐྱེས་པའི་གཡོན་དང་བུད་མེད་གཡས། ཞེས་སོགས་དང་། དེ་ཡང་སྔ་མར་ཐིམ་པ་དང་། ད་ཉིད་དུ་ལོངས་སྤྱོད་པ། ཕྱི་མ་དེའི་མགོ་རྩོམ་པའི་ཚུལ་གྱིས་ནུས་པ་གསལ་བའོ། །དཔེར་ན་ཚེས་ལྔ་ལ། ལོང་བུའི་ཨུར་ཐིམ། པུས་མོའི་ལིར་ལོངས་སྤྱོད། དཔྱི་རུས་ཨ་ལ་མགོ་རྩོམ་པའོ། །གནས་དེར་རང་གཟུགས་རྟག་ཏུ་གནས་བཞིན་པའོ། །ཕོ་མོ་གཡས་གཡོན་རོ་རྐྱང་དབང་གི་བྱང་སེམས་འབྱུང་བའོ། ༈ །གཅིག་ནི་གཡས་གཡོན་རོ་རྐྱང་ལས་རླུང་གི་རྒྱུ་བ་བཅུ་


MR10_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལས་རེ་རེ་ཁམས་ལྔའི་རླུང་རྒྱུ་བ་ལས་མཚམས་མཚམས་སུ་ཡེ་ཤེས་དབུ་མར་མཉམ་རྒྱུའི་རླུང་དྲག་པོ་སྐད ༡༦་ག དངས་རྒྱུ་བ་ལས་རྣལ་འབྱོར་བས་བུམ་ཅན་སྦྱོར་བས་བཅིང་ན་འཆི་མེད་གྲུབ་ལ། ཕལ་པས་ཡེ་རླུང་ཤོར་བས་འཆི་བར་བྱེད་པའོ། །༈ གཅིག་ནི། རླུང་སེམས་དྭངས་མ་འདུས་པའི་ཁམས་ལུས་ལ་རྒྱུ་ཞིང་སྲོག་གནས་པའི་རྟེན་དུ་གྱུར་པ་དེ་ལ་བླ་ཞེས་ཟེར་ཏེ། དེ་ནི་ལུས་ལ་འཁྱམས་པས་རང་དབང་མ་ཐོབ་བར་དུ་རྒྱུ་བ་ཡིན་ཏེ། དེ་རྒྱུ་བ་རྩ་ཡི་བུ་ག་འགྲིམས་པའོ། །འདི་རྣམས་ནི། སྲོག་གི་ཆ་ཤས་ལ་ཚེའི་རྩ་ཞེས་བཏགས་པའོ། །དེ་རྣམས་ནི་རྩ་བ་རྩ་ལ་ཐུག་པར་གནས་པའོ། ༈ །ལྡེབ་བདུན་པའི་ཉིན་ངོས༦ ། གནད་ཀྱི་རྣམ་གྲངས་སུམ་བརྒྱ་རྩ་གཉིས་བཤད། །ཅེས་པ་ནི། སྤྱིར་ཇི་སྐད་དུ། གང་དུ་མནན་ན་ཤིན་ཏུ་འཕར། །རབ་ཏུ་ན་དེ་གནད་ཅེས་བྱ། །གནད་དེ་དག་གི་ཆེ་ཆུང་གི་ཚད་ཀྱང་། སློབ་དཔོན་གྱིས། དེ་ལ་ལྗོན་ཤིང་མཆན་ཁུང་འཛིན། །བརླ་དང་པིར་མགོ་ལྟ་བུ་སྟེ། །བཅུ་གཉིས་སོར་གཅིག་ཚད་ཡིན་ནོ། །མཁྲིག་མ་དང་ནི་ལོང་མོ་དང་། །ནུ་མའི་རྩ་བར་སོར་གཉིས་ཚད། །པུས་མོའི་གྲུ་མོ་སོར་གསུམ་ཚད། །གཞང་དང་ཆུ་སོ་ལྟེ་བ་སྙིང་། །སྔོན་བུའི་མཚམས་མཐའ་མ་མོ་དང་། །པིར་འདྲ་སུཾ་མདོ་རིས་འགྲམ་པ། །གནད་ནི་ཉི་ཤུ་རྩ་དགུ་ཚད། །རང་གི་ལག་མཐིལ་ཙམ་ཡིན་ནོ། །ལྷག་མའི་གནད་ནི་ལྔ་དྲུག་པོ། །སོར་ཕྱེད་ཀྱི་ནི་ཚད་དུ་འདོད། །གཞན་དག་གནད་ནི་ཏིལ་འབྲུ་དང་། །འབྲས་ཀྱི་ཚད་ཙམ་དུ་འདོད་པའང་ཡོད་དོ། །བརྒྱད་པ་རྩ་འགྲེལ་དང་འདི་


MR10_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གནད་ཀྱི་གྲངས་མི་མཐུན་པས་ཚད་ཇི་ལྟར་ལ་ངེས་ཞེ་ན། གྲངས་རྒྱས་བསྡུས་མི་མཐུན་ཀྱང་གནད་ཀྱི་རྒྱུ་མཚན་དང་ཚད་དེ་ལྟར་ཁས་བླང་བས་མི་སྐྱོན་ནོ། །འདི་ལྟར་གོང་བསྟན་མིང་ཙམ་སྨོས་པ་ཐམས་ཅད་པོ། བྱང་ཁོག་ཡུལ་ཐིག་འཆད་པ་རྨ་ལས་ཀྱི་སྐབས་སུ་མཛུབ་ཚུགས་ལྟར་ཁྲིགས་སུ་འདེབས་དགོས་སོ། ༈ །ལྡེབ་བདུན་པའི་སྲིབ་ངོས་ལེའུ་བཞི་པའི་ནང༡་། རྒྱུ་ལམ་བུ་གའི་གནས་ལུགས་ཕྱི་ནང་གཉིས། །ཞེས་པ་ནི། དེ་ལ་བུ་ག་ནི་ཇི་ལྟར་པདྨའི་བུ་ག་ཕྲ་བ་ནས་ན་དྲངས་ཏེ་ཐམས་ཅད་དུ་ཁྱབ་ཅིང་རྒྱས་པར་བྱེད་པ་ལྟར། རླུང་གིས་ཉེ་བར་དྲངས་པའི་བུ་གའི་རྒྱུ་ལམ་ཕྲ་རགས་ཐམས་ཅད་ནས་ཐམས་ཅད་དུ་རྒྱུ་བས་ལུས་སྐྱེད་ཅིང་གནས་པའི་སྐབས་ཕྱེད་པས་ན་ཟུངས་དྲི་མ་ཐམས་ཅད་གྱི་གོ་མ་འགག་པར་བྱེད་ཅིང་ལམ་བཞིན་རྒྱུ་ན་ནད་མེད་པའི་འབྲས་བུ་ཉེ་བར་ཐོབ་པའི་གལ་ཆེ་ཤོས་ཡིན་ནོ། ༈ །ལྡེབ་བརྒྱད་པའི་ཉིན་ངོས་ལེའུ་ལྔ་པའི་ནང་༦ ། ཁ་བར་འགྱུར་ཏེ་དེ་ཡིས་རླུང་སྐྱེད་འགྱུར། །ཞེས་པ་ནི། འདིར་བད་མཁྲིས་རླུང་གིས་ཟས་དེ་ཞུ་བའི་ཚེ། ཟས་དེའི་རོ་གཏན་བཅོམ་ནི་མིན་པ་སྟེ། འོན་ཀྱང་རོ་དྲུག་གང་ཟོས་པ་སྒྱུར་བྱེད་སོགས་ཀྱི་ཁྱད་པར་ལས། སྔ་མ་ལས་རྣམ་པ་ཅུང་ཟད་མངར་བ་སོགས་སུ་འགྱུར་བ་སྟེ། དཔེར་ན་འབྲས་ཆན་དང་གྲོ་མ་ཤ་སོགས་རོ་སོ་སོར་མྱོང་རྒྱུ་ཡོད་བཞིན་དུ། གྲོགས་ཚ་བའི་མེ་ལ་བསྐོལ་དུས་ཁྱད་མེད་པར་གྲོགས་དབང་གིས་དྲོད་དང་བཅས་པ་ལྟ་བུ་དང་། རྒུན་འབྲུམ་འབྲས་ནས་ལ་སོགས་པས་ཆང་དུ་བསྙལ་ཚེ། ཐམས་ཅད་རོ་སྐྱུར་བ་ལྟ་བུ་སྟེ། དེ་དག་གི་ཉེས་པ་རང་


MR10_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ཁམས་རྒྱས་ནས། ཟས་དེ་ནི་སླར་ཡང་རིམ་པས་ཞུ་བའི་དྭངས་མའང་། ཟུངས་བདུན་པོ་ཐམས་ཅད་དུ་ཉེས་གསུམ་གྱི་ཆ་འདྲ་བས་མྱགས་བཞུ་དྭངས་སྙིགས་བྱེ་བའི་འཕེལ་འཕྲིའི་བདག་ཉིད་ཀྱི་གནས་སྐབས་ཁོ་ན་ལས། འདི་ཙམ་ནི་གནས་སོ་ཞེས་བྱ་བའི་སྐབས་འབྲས་མི་རྙེད་པས་གསོ་བ་ཡིན་པ་ནི་ཆོས་ཀྱི་མཚན་ཉིད་དོ། ༈ །ལྡེབ་བརྒྱད་པའི་སྲིབ་ངོས༥ ། རྒྱུ་དང་ངོ་བོ་དཔེ་དང་འབྲས་བུ་དང་། །ཞེས་པ་ནི། ཉོན་མོངས་པ་མང་པོ་རྣམས་བསྡུས་ན་རྩ་བའི་ཉོན་མོངས་པ་དུག་གསུམ་དུ་ངེས་པའི་ཕྱིར་ན་ཉེས་པ་གསུམ་པོའི་རྒྱུ་ཡིན་པས་རྒྱུའི་སྒོ་ནས་གསུམ་དུ་ངེས་སོ། །ངོ་བོ་ནི་རླུང་མཚན་ཉིད་དྲུག་ཡོད་པ། ཁྱད་པར་གྲང་གཡོ། མཁྲིས་པ་མཚན་ཉིད་བདུན་ལྡན། ཁྱད་པར་ཚ་ལ་རྣོ་བ། བད་ཀན་མཚན་ཉིད་བདུན་ལྡན། ཁྱད་པར་ལྕི་ལ་བསིལ་བའོ། །དེ་གསུམ་གཅིག་འོག་གཅིག་མི་འདུས་པས་སོ། །རླུང་མཁྲིས་ཚ་གྲང་མི་མཐུན། བད་རླུང་ཡང་ལྕི་མི་མཐུན། བད་མཁྲིས་ཚ་བསིལ་མི་མཐུན་ནོ། །དཔེའི་སྒོ་ནས་གསུམ་དུ་ངེས་ཏེ། བད་མཁྲིས་དགྲ་ཟུན་ལྟ་བུ། རླུང་སྒང་ཉལ་བར་པ་ལྟ་བུའམ་དབང་པོ་རྣོ་རྟུལ་བར་མ་ལྟ་བུ། འབྲས་བུའི་སྒོ་ནས་གསུམ་དུ་ངེས་ཏེ། མཁྲིས་པའི་འབྲས་བུ་ནི་ཚ་བའི་གཞི། བད་ཀན་འབྲས་བུ་གྲང་བ། རླུང་ཚ་གྲང་གཉིས་ཀར་མི་གཏོགས་པའི་རླུང་ནི་འབྱིན་ནུས་པས་སོ། །གཉེན་པོའི་སྒོ་ནས་ངེས་པ་ནི། ཚ་བ་ལ་བསིལ། གྲང་བ་ལ་དྲོད། རླུང་ལ་བཅུད་ཀྱིས་འཇོམས་པས་སོ། །གཞན་ཡང་གནས་སྟེང་འོག་བར་གསུམ། དུས་ཚ་གྲང་བར་མ། ན་ཚོད་གསུམ། ཉིན་


MR10_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

ཞག ཟས་ཟོས་སོགས་ཀྱི་གྲང་གསུམ་དུ་ངེས་པ་དང་། ཞར་ལ་གོ་རིམ་ཡང་སྟོབས་ཆེ་ཆུང་དང་གྲངས་མང་ཉུང་གི་གོ་རིམ་ཡང་རིམ་པར་གྲུབ་པའོ། ༈ །ལྡེབ་དགུ་པའི་ཉིན་ངོས་ནང༡་། ཉེས་པ་ལྷག་གྱུར་རང་བཞིན་བདུན་དུ་འགྱུར། །ཞེས་པ་ནི། ཟས་དང་སྤྱོད་ལམ་གྱི་དབང་གིས་ཉེས་པ་གང་ཞིག་ཤས་ཆེ་བར་ལྷག་པ་སོགས་ཀྱི་དབང་གིས་རང་བཞིན་མི་འདྲ་བ་བདུན་དུ་འགྱུར་ཏེ། དེ་ཡང་རླུང་གིས་བསྐྱེད་པ་ནི། རང་བཞིན་ཆུང་ངུ་སྟེ་དམན་པའོ། །མཁྲིས་པ་ནི་རང་བཞིན་འབྲིང་བོའོ། །བད་ཀན་ནི་ཆེན་པོ་སྟེ་བཟང་བའོ། །ཆ་སྙོམས་པའི་འདུས་པ་མཆོག་ཡིན། ལྡན་པ་གསུམ་ནི། རྐྱངས་པ་གསུམ་གྱི་བར་དུ་བསྒྲེས་པ་ནི། མཁྲིས་རླུང་ཤས་ཆེ་ན་རླུང་ལས་ཆེ་བ་མཁྲིས་པ་ལས་ཆུང་བའི་རླུང་མཁྲིས་ལྡན་པ། རླུང་མཁྲིས་ཀྱི་བར་དུ་གནས་སོ། །དེ་བཞིན་བསྒྲེས་ལ་དཔྱད་པར་བྱའོ། །དེ་དག་གི་མཚན་ཉིད་ལུས་ཀྱི་དབྱེ་ཟའི་སྐབས་ན་གསལ་ལོ། །དེ་བཞིན་དུ་ལྟོ་བ་མེ་དྲོད་སྲ་སྙིའང་བཞིར་ངེས་པ་ནི་མེ་དྲོད་མི་སྙོམས་པ་རླུང་ལ་སོགས་པའོ། །ལྟོ་བའི་སྲ་སྙིའང་། རླུང་ལྟོ་བ་སྲ་བ་བཤལ་སྨན་རྣོན་པོས་ཕིག་དཀའ་བ། མཁྲིས་པ་སྙི་བ་དར་བ་ཞོ་ཆུས་ཀྱང་འཁྲུའོ། །བད་ཀན་བར་མ་སྟེ། བཤལ་སྨན་རྟུལ་བོས་མི་ཕིག་རྣོན་པོས་ཕིག་པའོ། །གནས་ས་སྤྱིར་ལུས་ཐམས་ཅད་ལ་ཁྱབ་པར་གྱུར་ཀྱང་། ཁྱད་པར་གྱི་གནས། སྙིང་ག་ཡན་བད་ཀན། སྙིང་ཁ་ནས་ལྟེ་བའི་བར་མཁྲིས་པ། ལྟེ་བ་མན་རླུང་ངོ་། ༈ །ལྡེབ་དགུ་པའི་སྲིབ་ངོས་༤ ལེའུ་ལྔ་པའི་ནང་།


MR10_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པའི་མཚན་ཉིད་རླུང་མཁྲིས་བད་ཀན་གསུམ། །ཞེས་པ་ནི། ནད་ཀྱི་མཚན་ཉིད་ཉི་ཤུ་ནི། རླུང་གི་མཚན་ཉིད་ནད་གདུག་ཅིང་ཁམས་རྩུབ་པ་སྟེ། མི་རྒྱུ་རིས་རྩུབ་པ་ལྟ་བུ། རྟག་ནི་དུས། བསེར་བ་ཕྱོགས་གཅིག་ཏུ་མི་སྡུད་པ་བྱེ་སུད་ལྟ་བུ། ལྕེ་བགས་གཏར་ཁྲག་རྩུབ་པ། གོས་འཇམ་ཡང་ལུས་རྩེ་ཡེ་རེ་བ་ལྟ་བུ། ཡང་བ་ནི་རང་རྒྱུད་ཡང་བ། ན་དུས་ལུས་ཤེས་ཡང་བ། བྱུག་གསུར་ཙམ་གྱི་ངོ་སོ་ཐོན་པ་གཉེན་པོའི་ཁ་ན་ཡང་པ། ལྡང་སླ་བའོ། །གྲང་བ་ནི་བསིལ་བ་ཙམ་མ་ཡིན་ཏེ། ངོ་བོ་ལ་དྲོད་མེད་པའོ། །ན་དུས་གྲང་ཤུམ་ཤུམ་དྲོ་འདོད་པའོ། །སྲ་བ་མི་འདྲུལ་ཞིང་ཕུག་དཀའོ། །ནད་རྟགས་ནི་སྐྲང་སྲ་རྣག་ཏུ་འགྲོ་མི་འདོད། ཚ་བ་སྨིན་དཀའ་སྦྱོང་ཐེབ་དཀའ་བའོ། །ཕྲ་བ་རྫས་སུ་མ་གྲུབ་པས་བུ་ག་ཤིན་ཏུ་ཕྲ་བ་ལ་འཇུག་པ། ནད་རྟགས་བ་སྤུ་ཞུགས་རྟགས་སྐྲ་ལངས་པ་སྤུ་ལངས། སོ་སེན་བར་གཙེ། སྦྲིད་བེར་སོགས་འབྱུང་། གཡོ་བ་ནི། གཅིག་ཏུ་མི་གནས་པར་འཕོ་བ། ནད་རྟགས་སེམས་འཕྱོ། འགྲོ་འདོད། འཕེལ་འགྲིབ་ཆེ། གཟེར་འཕོ། རྩ་མི་རྟག་པའོ། །མཁྲིས་པ་ནི་ངོ་བོ་སྣུམ་འབའ་ཞིག་མ་ཡིན་ཏེ་སྣུམ་ཅུང་ཟད་བཅས་པའོ། །ནད་རྟགས་གདོང་སྣུམ་པ་སོགས་སོ། །རྣོ་བ་ལས་བྱེད་མྱུར་བ་སྟེ། ནད་འཕེལ་རྐྱེན་སྲོག་ལ་རྒོལ་བའོ། །ཚ་བ་ནི་ངོ་བོ་ཆུ་ཚན་ལྟ་བུ། གནོད་བྱ་འཚིག་པ། ནད་རྟགས་ལུས་ཚ་བས་བསིལ་འདོད་པའོ། །ཡང་བ་ནི་ངོ་བོ་རང་མི་ཡང་སྟེ་གཉེན་པོའི་ཁ་ན་ཡང་བ་གཉེན་པོས་ཕྲལ་དུ་ལྡོག་པའོ། །དྲི་མནམ་སྣའི་


MR10_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོ་ལ་དཀུ་བ་སྟེ། ནད་རྟགས་ཁ་རུལ་ཆུ་འཁྲུ་བ་སོགས་ནད་དྲི་མནམ་པའོ། །འཁྲུ་བ་ལྟོ་བ་སྙི་བས་ཐུར་དུ་འབྱུང་བ་སྟེ། དེ་རྟགས་ཟས་སྤྱོད་མི་མཐུན་པ་བག་རེས་འཁྲུ་བའོ། །གཤེར་བ་ནི་མི་སྐོམ་བརླན་གྱི་ཆ་ཡོད་པ། དེ་རྟགས་ལུད་པ་གཏར་ཁྲག་ལུད་པ་སླ་བ་སོགས་སོ། །བད་ཀན་ནི་རྫས་ངོ་བོ་སྣུམ་པ་སྟེ། རྟགས་འཁྲུ་སྐྱུག་གཏར་ཁྲག་ཀུན་མདོག་སྣུམ་པའོ། །ཚ་བ་མི་ཚ་བ་ཙམ་མིན་པར་ཤིན་ཏུ་བསིལ་བའོ། །དེ་རྟགས་དྲོད་མེད། ཟས་དྲོད་ལ་སྲེད་པའོ། །ལྕི་བ་རྫས་ངོ་བོ་ལྕི་བ་གཉེན་པོའི་ཁ་ན་ཡང་ལྕི་བ། དེ་རྟགས་ལུས་ཤེས་ལྕི། གཉེན་པོས་མྱུར་དུ་འཇོམས་དཀའོ། །རྟུལ་བ་བུ་ག་ཕྲ་མོར་འཇུག་མི་ནུས་པའོ། །དེ་རྟགས་ནད་རྒྱས་པ་དང་སྲོག་གཅོད་བུལ། བུ་ག་ཕྲ་མོར་མི་འཇུག་གོ། འཇམ་པ་ནི། རང་རྒྱུད་འཇམ་པར་གནས་པའོ། །དེ་རྟགས་ལྕེ་པགས་འཇམ། གཏར་ཁྲག་འཇམ། ནད་འཇམ་ཟུག་ཟེར་ཆེ་ཆུང་གང་ཡང་བཟོད་པའོ། །བརྟན་པ་འགྱུར་ལྡོག་མི་བྱེད་པའོ། །དེ་རྟགས་སྐྲངས་བརྟན་ནད་སྐྲན་གཟེར་གང་ཡང་རྟག་ཐུབ་པའོ། །འབྱར་བག་ནི། རྫས་ཀྱི་ངོ་བོ་རང་སྣ་རིང་ལ་སྦྱིན་པ་སྟེ། དེ་རྟགས་འཁྲུ་སྐྱུག་ལུད་པ་ལྟར་ཁྲག་མཆིལ་སྣབས་ལ་བེའུ་སྣབས་ལ་༤ འབྱར་དམ་ཅན་འོང་བའོ། །ལེའུ་དགུ་པའི་ལྡེབ་བཅུ་གསུམ་པའི་སྲིབ་ངོས་ནང་། ངོ་བོ་རང་གནས་འཕེལ་བ་གསོག་པ་ཡིན། །ཞེས་པ་ནི། དེ་ལ་འདིར་གསོག་ཅེས་པ། ལྡང་ཡང་མ་ལྡང་། ཞི་ཡང་མ་ཞི་བ་དེ་ལ་ཟེར་བས། དེ་ཅི་ལྟ་བུའི་འབྱུང་རྒྱུ་ནི། དཔེར་ན་རླུང་ཁོ་ནར་བཤད་པས་ལྷག་མ་དེའི་འགྲེས་


MR10_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

སུ་རྟོགས་པས་ན། རྩུབ་སོགས་ནི་རླུང་བསྐྱེད་པའི་རྒྱུ་ཡིན་པས་དེ་ཁོ་ནས་གསོག་ལྡང་གཉིས་ཀ་བྱེད། དྲོ་བ་ནི་ཞི་བའི་རྒྱུ་ཡིན་པས། དེ་དང་ལྡན་ན་རྩུབ་པས་གསོག་པ་དེ་ཞི་བས་ལྡང་དུ་མི་སྟེར་བའོ། །དེ་ལ་ལྡང་རྐྱེན་འཕྲད་ན་ལྡང་། སྣུམ་ཞིང་དྲོ་བས་དེ་ཞི་སྟེ། དྲོ་རྐྱངས་པ་ལ་རྩུབ་སོགས་སེལ་བའི་ནུས་པ་མེད་པས་སོ། །དེ་ཡང་འཕེལ་བྱེད་དེ་དང་ཕྲི་བྱེད་གཉིས་ལྡན་ཡང་ནུས་པ་དང་ཆེ་ཆུང་ཤས་མི་མཉམ་དང་མཉམ་པའི་ཁྱད་ལས་གསོག་ལྡང་གི་མཚན་ཉིད་ཤིན་ཏུ་མང་ཡང་། འདིར་སྤྱི་ཙམ་བརྗོད་པས་རྟོགས་ནུས་སོ། །མདོར་ན་འཕེལ་བྱེད་རྐྱངས་པར་གྱུར་ན་གསོག ཕྲི་བྱེད་རྐྱང་པར་གྱུར་ན་ཞི། འདྲེས་ན་དེས་འདྲེས་སོ། །རྒྱུ་ལས་འཁྲུག་བྱེད་སོགས། ༈ །ལྡེབ་བཅུ་བཞི་པའི་ཉིན་ངོས་༢ ནང་། ཁྱད་པར་ཁ་དང་ཡང་རྩུབ་བསྟེན་དྲགས་དང་། །ཞེས་པ་ནི། ནུས་པ་བརྒྱད་པོ་ནི་སྤྱིར་འབྱུང་བ་ལས་གྱུར་པ་རེག་བྱའི་སྐྱེ་མཆེད་དེ། ལུས་ཀྱི་འབྱུང་ལྔ་ལ་གསོས་འདེབས་ཤིང་ཕན་པའམ། ངོ་བོ་མི་མཐུན་པ་ལ་གནོད་པའི་བདག་ཉིད་དུ་གྲུབ་བོ། །དེ་ཡང་ཇི་སྲིད་ལས་སྣང་གི་བག་ཆགས་མ་ཟད་པ་དེ་སྲིད་འབྱུང་བ་ཕན་ཚུན་གཅིག་གྲོགས་གཅིག་གིས་བྱས་ཏེ་ལུས་ལྟར་གནས་པ་ལས། འབྱུང་བ་རང་གི་ངོ་བོ་ནི་མི་མཐུན་པ་སྟེ། དེ་ཡི་བདག་ཉིད་དུ་གྲུབ་པའི་ཉེས་གསུམ་དེ་ཡང་འབྱུང་བ་ལས་གཞན་གང་ལས་མ་བྱུང་བས་དེ་དག་ཀྱང་ངོ་བོ་ཉིད་ཀྱིས་མི་མཐུན་ཏེ། གསེར་འོད་དམ་པ་ལས། ས་དང་མེ་དང་ཆུ་དང་རླུང་རྣམས་ནི། །གྲོང་གཞན་གནས་ཏེ་ཕྱོགས་དང་ཕྱོགས་ན་གནས། །དཔེར་ན་སྦྲུལ་གདུག་གནས་


MR10_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཇི་བཞིན་ཏེ། །རྟག་ཏུ་ཕན་ཚུན་མཐུན་པ་མ་ཡིན་བཞིན། །ཞེས་པ་ལྟར་འཕེལ་ཟད་བྱ་བའི་གཞིར་གྲུབ་པ་ལ་རྐྱེན་ཟས་སྤྱོད་དུས་ཀྱི་ཁམས་རང་རང་དང་རྗེས་སུ་མཐུན་མི་མཐུན་པའི་རྟེན་འབྲེལ་ལས། ལས་དབང་གིས་ན་བ་གྱུར་པ་ཡིན་ལ། དེའི་ཕྱིར་གཟུགས་ཀྱི་ཕུང་པོ་ཐམས་ཅད་འབྱུང་བས་ཡུལ་སྤྱོད་ལམ་ལ་སོགས་པ་ཐམས་ཅད་ཀྱང་ནུས་པའི་previous hit བདག་ཉིད་ལྟར་ཤེས་ཤིང་། ཕན་ཚུན་ཕན་གནོད་ནི་རྟེན་འབྲེལ་བསླུ་བ་མེད next hit་ལ་ངེས་པ་རྙེད་པར་བྱའོ། །དལ་ས་ཆུ་བད་ཀན་ནོ། །མེ་མཁྲིས་པ། རླུང་རླུང་ངོ་། །དེ་ཐམས་ཅད་འབྱུང་བ་འབྱུང་འགྱུར་གཉིས་ཀའི་ཆ་ཡོད་ཅིང་དེ་དག་གི་ངོ་བོ་དང་རྣམ་པས་དབྱེ་བའི་ལུས་རིལ་པོའི་རྒྱུན་འདི་བཏགས་པའི་བདག་ཉིད་དུ་རྟོགས་ན། ལུས་དྲན་པ་ཉེ་བར་བཞག་པ་ཞར་ལ་ཤེས་པར་འགྱུར་བས་ན། འདི་ལྟར་རྣམ་པར་དཔྱད་པའི་ལུས་ནད། གཉེན་པོ། དེ་དག་གི་གསོ་ཐབས་རྟེན་འབྱུང་གི་ཚུལ་གསོ་བྱ་གསོ་བྱེད་ཀྱི་ལས་སྣང་ལ་སོགས་པའི་ཚུལ་ཟབ་མོ་རིགས་པས་དཔག་པའི་ཞར་ལ་སྒྱུ་མ་ལྟ་བུའི་བདག་ཉིད་ལ་ངེས་པ་འདྲོང་བའི་ཚུལ་འདི་རྣམས་རྣམ་བྱང་གི་སྒོ་མོ་ཆེའོ། །དེ་ལྟ་བུའི་ཚུལ་ནི་གསེར་འོད་དུ། ཇི་ལྟར་སྔོན་ཆད་བྱས་པའི་ལས་རྣམས་ཀྱིས། །སེམས་དང་རྣམ་ཤེས་ཀུན་ཏུ་གནས་ལས་སོ། །ལྷ་དང་མི་དང་ངན་སོང་གསུམ་དག་ཏུ། །ཇི་ལྟར་བྱས་པའི་ལས་ཀྱིས་སྲིད་པར་སྐྱེ། །བད་ཀན་རླུང་དང་མཁྲིས་པ་ཟད་གྱུར་ན། །ལུས་ནི་གཅིན་དང་ངན་སྐྱུག་རྣམས་ཀྱིས་གང་། །མངོན་པར་མི་དགའ་སྲིན་བུའི་ཕུང་པོར་འགྱུར། །དུར་ཁྲོད་དག་ན་མཐོང་བ་


MR10_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་བཞིན་གྱུར། །ལྷ་མོ་ཁྱོད་ནི་ཆོས་འདི་རྣམས་ལ་ལྟོས། །འདི་ལ་སེམས་ཅན་གང་ཟག་གང་ཞིག་ཡོད། །ཆོས་རྣམས་འདི་དག་ཐམས་ཅད་སྟོང་པ་སྟེ། །མ་རིག་པ་ཡི་རྐྱེན་ལས་བྱུང་བ་ཡིན། །འབྱུང་བ་ཆེན་པོ་འདི་དག་ཆེ་འབྱུང་མིན། །མ་བྱུང་བ་ལས་བྱུང་ཞིང་མི་འབྱུང་སྟེ། །གང་གི་ཕྱིར་ན་འབྱུང་བ་མི་འབྱུང་བ། །དེ་ཕྱིར་འབྱུང་བ་ཆེ་ཞེས་ངས་བརྗོད་དོ། །ཞེས་པ་དང་དེ་བཞིན་དུ་མ་རིག་པའམ་རྟེན་འབྲེལ་བཅུ་གཉིས་ངོ་བོ་སྟོང་པར་བསྟན་པ་ལྟ་བུའོ། ༈ །ལེའུ་བཅུ་པ་ལྡེབ་བཅུ་བཞི་པའི་སྲིབ་ངོས་པ༥འི་ནང་། བསགས་པ་རྐྱེན་ཕྲད་ངེས་པར་ཁོ་ནར་ལྡང་། །ཞེས་པ། ཚད་མ་རྣམ་འགྲེལ་ལས། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་ལྡོག་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། ༈ །ལེའུ་བཅུ་གཅིག་པའི་ནང་ལྡེབ་བཅོ་ལྔ་པའི་ཉིན༣ ། ཟས་སྤྱོད་མི་འདོད་སློང་དང་མི་འཕྲོད་འཕྲད། །ཅེས་པ་ནི། དེ་ལ་འདི་སྐབས་ཟུར་ལུགས་མཁས་པ་མང་པོས་བཤད་པའི་ཉམས་འགྱུར་མི་འདྲ་བ་མང་དུ་བྱས་ཤིང་། འདི་ལ་བྱ་རོག་ལྟ་སྟངས་ཀྱི་རིགས་པ་འཆད་པ་ཡིན་ལ། གཞན་ཡང་ཚུལ་མང་པོ་ཞིག་གིས་འཆད་དགོས་པར་གསུང་ན་ཡང་། འདི་ཉམས་འགྱུར་ཡེ་མི་འདྲ་བའི་བཤད་སྲོལ་དུ་མས་བཤད་ཀྱང་ཆོག་མོད། ཐམས་ཅད་དོན་རྟོགས་བྱ་ལ་ནི་ཁྱད་པར་སྤུ་ཙམ་མེད་པས་གཅིག་བརྗོད་ན། དེ་ཡང་མདོར་ན་ཉེས་པ་གསུམ་པོ་དེ་རང་རང་གི་ཡོན་ཏན་དང་རྗེས་སུ་མཐུན་པའི་ཟས་སྤྱོད་ཀྱིས་བསྐྱེད་པ་དང་། མི་མཐུན་པས་ཕྲི་བ་ཡིན་པས། སྐྱེད་འབྲིའི་རྒྱུ་གཉིས་སུ་གྲངས་ངེས་ལ། ཟས་སྤྱོད་དེ་ཡང་


MR10_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ལྕི་དྲོ་འཇམ་རྣོ་བཟློག་པ་བཞི་བཅས་པ་ནི། ཡོན་ཏན་བཅུ་བདུན་གྱི་སྙིང་པོ་ཡིན་ལ། བཅུ་བདུན་ནི་འབྱུང་བ་བཞིའི་བྱེད་ལས་ཀྱི་སྒོ་ནས་ཡོན་ཏན་ནམ་མཐུར་བཞག་སྟེ། དེའི་ཕྱིར་འབྱུང་བ་བཞིའི་རྒྱུ་ལས་འགྱུར་བའི་ཉེས་གསུམ་ལ་ཕན་གནོད་གཉིས་སུ་གྲངས་ངེས་པའི་ཕན་ཚུན་འགལ་བས་རྣམ་བཅད་དུ་གྲུབ་པ་དང་གང་ཟས་སྤྱོད་དེ་ཉེས་པ་རང་གི་ཡོན་ཏན་དང་ངོ་བོ་དང་མི་མཐུན་པའམ་མི་འདོད་པ་ཕྲི་བའི་རྒྱུ་དང་། རང་སློང་བའམ་སྐྱེད་པ་འཕེལ་བའི་རྒྱུ་དེ། འབྲི་བའི་རྒྱུ་ནི་སྤང་། འཕེལ་བའི་རྒྱུ་ནི་བྱིན་ན། ཁ་གནོན་གྱི་གཉེན་པོ་མེད་ཅིང་རྒྱུ་ཡོད་པས་ཉེས་གང་ཡིན་པ་འཕེལ། དེ་བཞིན་དུ་འཕེལ་བ་ཅིག་ཤོས་མི་འཕྲོད་པའི་ངོ་བོ་ཁོ་ནར་འཕྲད་ན་ཟད་པར་འགྱུར་ཞིང་། འཕེལ་རྒྱུ་ལྡན་ན། ཡུར་བ་ཅན་གྱི་ཆུ་བཅུས་པ་ལྟར་ཟད་པར་ཁོ་ནར་ཡང་མི་འགྱུར། འོ་ན་འདི་མེད་པའི་ལུས་མི་འགྲུབ་ཟེར་ན། མི་འགལ་ཏེ། ཉེས་གསུམ་འགལ་བའི་བདག་ཉིད་ཅན་ཡང་། ལས་ཀྱིས་གྲུབ་འདོད་ན་གཅིག་གཅིག་གི་གྲོགས་སུ་འགྱུར། འཇིག་འདོད་ན་གཅིག་གཅིག་གི་དགྲར་འགྱུར་བ་ལྟ་བུ་ཡིན་ནོ། ༈ །ལེའུ་བཅུ་གཉིས་པའི་ལྡེབ་བཅུ་དྲུག་པའི་སྲིབ་ངོས ༥ ། སྐྱེས་པའི་ནད་ལ་ཁུ་བ་ཟད་རླུགས་གཉིས། རླིག་རླུགས་ཕོ་མཚན། ཞེས་སོགས་ནི། རླུང་མཁྲིས་བད་ཀན་ཚིལ་གཅིན་རྒྱུ་མ་ལས་བྱུང་པའི་རླིག་ལུག་དྲུག །འབྲུམ༡་པ་ཅན། མདུད༢་པ་འདྲ་བ། སྦུབས་པ་འབྱར ༣ ། གྲ་མ་ཅན༤་ང༥་མཁྲིས༦་བད༧་ཁྲ༨ག་འདུ༩ས་པ་སྟེ་ཕོ་མཚན་གྱི་ནད་དགུ། དེ་སྟེང་ཁུ་བ་ཟད་ག་གཉིས་བཅས་བསྡོམས་ན་སྐྱེས་པ་ཁོ་


MR10_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ནའི་དབང་དུ་བྱས་པའི་བཅུ་བདུན་ནོ། །བུད་མེད་མངལ་ནད་ལྔ། རླུང་མཁྲིས་བད་ཁྲག་འདུས་པའོ། །མངལ་སྐྲན་དགུ་ནི། ཆུ་སེར་ཅན། ཧྲེམ་པོ། བེམ་པོ། རྨན་སྐྲན། ཕོ་སྐྲན། སྐྲན་རོ་ནག་པོ། རྩ་སྐྲན། ས་བོན་སྐྲན།ཟ་ཁུ་མངལ་སྐྲན་བཅས་སོ། །མངལ་སྲིན་ལངས་པ་དང་། ཁྲོས་པ་དང་། རྩ་ནད་བཅུ་དྲུག་མན་རྒྱུད་ལེའུ་ལྟར་བསྡོམས་བསྲ་༢། བྱིས་པ་ཕྲ་རགས་ཞིབ་ཚོགས་བརྒྱད༢༤་དེ་མན་རྒྱུད་ལྟར་རོ། །རྒས་ནད་འབྱུང་བའི་ལུས་ཀྱི་སྟོབས་འབྲི་བ་གཅིག་པུ་སྟེ་ཐམས་ཅད་བསྡོམས་པ༧༤ས་། ཀུན་ཁྱབ་ཐུན་མོང་ནད་ལ་ནང་གསེས་སྐབས་ཀྱིས་བཞིར་དབྱེ་ལུགས་ལ། ཞེས་སོ། །འདི་ཟུར་མཁར་ཕྱི་མས། རྟེན་གྱི་ནད་ལ་གྲངས་ཀ་མི་འགྲིགས་པ་གསུང་ཡང་མན་རྒྱུད་དང་ཁོག་བསྒྲིགས་ནས། ཡི་གེ་རང་རང་བཞིན་དུ་ཡིན་པ་བཀྲ་འབུམ་ཊཱི་ཀ་ལྟར་འཐད་པ་བྲིས། ༈ །ལྡེབ་བཅུ་བདུན་པའི་ཉིན་ངོས༦ ། གཙོ་བོས་དབྱེ་ན་རང་རྒྱུད་གཞན་རྒྱུད་ཅན། །ཞེས་སོགས་ནི། ནད་དེ་འབྱུང་བའི་གཞིའམ་དེ་བཅོས་ན་འཁོར་ཞི་བའི་ཕྱིར་ཏེ། དེ་ལ་རང་རྒྱུད་རྐྱང་པ་དང་གཞན་རྒྱུད་དང་བཅས་པའམ། རླུང་འཕེལ་བ། རབ་ཏུ་འཕེལ་བ། མཆོག་ཏུ་འཕེལ་བའི་ནད་གསུམ། དེ་བཞིན་གཞན་གཉིས་ལའང་སྦྱར་བས་དགུ། ཟད་རབ་ཏུ་ཟད་མཆོག་ཏུ་ཟད་པ་སྦྱར་བའི་སྔ་མ་ལྟར་དགུ་སྟེ་བཅོ་བརྒྱད་དོ། །གཞན་རྒྱུད་ལ་གསུམ། ལྡན་པ་རླུང་མཁྲིས་ཆ་མཉམ་དུ་འཕེལ་བ་སོགས་གསུམ་གྱི། གཉིས་གཅིག་ལྷག་པ། རླུང་འཕེལ་བ་མཁྲིས་པ་ལྷག་པར་འཕེལ་སོགས་གསུམ་ལྡོག་པ་གསུམ་སྟེ་དྲུག་ཟད་པ་ལ་དེ་ལྟར་སྦྱར་བའི་དགུ་སྟེ་


MR10_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ལ་འཕེལ་ཟད་བཅོ་བརྒྱད་དོ། །འདུས་པ་ལས་གསུམ་ཀ་མཉམ་པར་འཕེལ་བ་གཅིག རླུང་རབ་མཁྲིས་པ་འབྲིང་བད་ཀན་ཐ་མར་འཕེལ་སོགས་སྦྱར་བའི་དྲུག རླུང་འཕེལ་ཞིང་བད་མཁྲིས་ལྷག་པར་འཕེལ་སོགས་སྦྱར་བས་དྲུག་སྟེ། འཕེལ་བཅུ་གསུམ་ཟད་པ་ལའང་དེ་ལྟར་གྱི་བཅུ་གསུམ་སྟེ། འདུས་པ་ལས་ཉེར་དྲུག་གོ། དེ་ནས་འཕེལ་ཟད་ལྡན་པ་ལ་རླུང་མཉམ་མཁྲིས་འཕེལ་བད་ཟད་སོགས་སྦྱར་བའི། རླུང་མཉམ་མཁྲིས་ཟད་བད་འཕེལ་སོགས་དྲུག གཅིག་ཟད་ནས་གཉིས་འཕེལ་བ། རླུང་ཟད་ལ་བད་མཁྲིས་གཉིས་འཕེལ་སོགས་གསུམ། གཉིས་ཟད་ནས་གཅིག་འཕེལ་བ་རླུང་མཁྲིས་གཉིས་ཟད་བད་འཕེལ་སོགས་གསུམ་སྟེ་དྲུག་བཅས་ཐམས་ཅད་བསྡོམས་པ༧༤ས་། དེ་ལ་རྐྱང་པ་འཕེལ་ཟད་ཆེ་ཆུང་སོགས་འདིའི་མཐའ་དཔྱོད་འདུག་ཀྱང་འདི་ཙམ་ལ་ཐམས་ཅད་འདུ་བར་དཔྱད་ན་མི་རྟོགས་པ་མེད་པས་མ་སྤྲོས་སོ། ༈ །ལྡེབ་བཅུ་བདུན་པའི་སྲིབ་ངོས༢ ། གཅིག་གི་གནས་སུ་ནད་གཞན་ཞུགས་པ་དང་། །ཞེས་པ་ནི། ཞུགས་པ་དེའང་། རླུང་གི་གནས་ལ་མཁྲིས་པ་ཞུགས་པ། བད་ཀན་ཞུགས་པ། དེ་གཉིས་ཞུགས་པ། དེ་བཞིན་དུ་གཉིས་ལ་ཡང་སྦྱར་བའི་དགུའོ། །ལོག་པ་ལ་རང་མ་ཞི་བར་ནད་གཞན་གྱི་ངོ་བོར་ལོག་པ། རླུང་མ་ཞི་བར་བད་མཁྲིས་གཉིས། དེས་འགྲེས་པ་དགུ། འདོམ་པ་སྔར་ན་བའི་ནད། ཚེ་ཕྱིས་ནད་གཞན་དང་འདོམ་ནས་གཉིས་ཀ་བསྡོམས་ནས་འཐབ་པ་སྟེ། དེ་ཡང་རླུང་གི་རང་གནས་བཟུང་ནས་བད་མཁྲིས་གཉིས་དང་འཐབ་པ། རླུང་


MR10_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མཁྲིས་ཡུལ་ཕྲོག་ནས་བད་ཀན་དང་འཐབ་པ། རླུང་གིས་བད་ཡུལ་ཕྲོག་ནས་མཁྲིས་པར་འཐབ་པ། དེ་འདྲའི་དགུ་༢༧སྟེ། བསྣན་པས་བརྒྱ་དང་གཅིག་གོ ༈ །ལྡེབ་ཉེར༢༠། ཐམ་པའི་སྲིབ་ངོས་ལེའུ་བཅུ་གསུམ་པའི་ནང་། དེ་ནས་དམ་པའི་ལྷ་ཆོས་སྤྱད་པ་ནི། །ཞེས་པ་ནི། ཆོས་ཞེས་བྱ་བ། ཤེས་བྱ་སྤྱི་དང་། ཡིད་ཀྱི་ཡུལ་ཆོས་ཀྱི་སྐྱེ་མཆེད་ལ་སོགས་པའི་འཇུག་བྱ་མང་ཡང་། སྐབས་འདིར་དམ་པའི་ཆོས་ལ་གོ་དགོས་ཏེ། དེ་ཡང་དོན་དམ་པའི་ཐར་པ་མྱང་འདས་དང་། དེ་སྒྲུབ་བྱེད་ལམ་གྱི་རྣམ་པ་ལས་ཇི་སྐད་བསྟན་པའི་ཚོགས་རྣམས་སོ། ༈ །ལྡེབ་ཉེར་གསུམ་པའི་སྲིབ་ངོས་ལེའུ་བཅུ་དྲུག་པ༦འི་ནང་། ཐོག་མཐའ་བར་མ་སྐམ་གཤེར་ཐུན་མོང་གནས། །ཞེས་པ་ནི།རྨ་བྱ་ནས་མཛོ་རྒོད་བར་སྡེ་གསུམ་ཐོག་མར་སྐམ་ལ་གནས་པའི་རིགས། ཁུང་ན་གཉིས་བྱི་བ་ནས་ཉའི་བར་མཐའ་མ་གཤེར་གནས་རིགས། བར་མ་སྟག་ནས་བྱི་ལའི་བར་སྡེ་གཉིས་སྐམ་གཤེར་ཐུན་མོང་ངོ་། ༈ །རྒྱུད་ལེའུ་ཉི་ཤུ་པའི་ནང་སྡེབ་ཉེར་དགུ་པའི་སྲིབ་ངོས༣ ། ནུས་པའི་ཁྱད་དང་ལྡན་པས་མཐུ་ཞེས་བརྗོད། །ཞེས་བྱ་བ་ནི། དེ་ལ་སྨན་གང་ཞིག་གིས་ནད་གང་སེལ་བའི་མཐུ་ཡོད་པ་དེ་ལ་དེའི་ནུས་པ་ཞེས་བརྗོད་ལ། ནུས་པ་དེའང་། རོ་ཡི་ནུས་པ་དང་། ངོ་བོའི་ནུས་པ་གཉིས་ཡོད། དང་པོ་ནི་འབྱུང་བའི་རྒྱུ་ལས་སྐྱེ་བའི་འབྲས་བུ་སྨན་གང་ལ། རོ་ནུས་ཡོན་ཏན་གསུམ་ཡོད་དེ། རོ་ནི་བྱེད་པའམ་སྨན་དེའི་རོ། བྱེད་ལས་ནི་ཡོན་ཏན། ཡོན་ཏན་གྱི་སྙིང་པོ་བསྡུས་པ་


MR10_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མོ། །དེ་ནི་རོ་ལས་རྗེས་སུ་དཔག་སྟེ་ཤེས་པ་ཡིན་ལ། ངོ་བོའི་ནུས་པ་ནི་རྫས་གང་ལ་རྗེས་དཔག་གིས་མི་ཤེས་པའི་རྟེན་འབྲེལ་གྱི་ནུས་པ་ཞིག་ཡོད་པ་དྲང་སྲོང་དང་སངས་རྒྱས་རྣམས་ཀྱིས་ཡེ་ཤེས་ཀྱི་གཟིགས་པས་རྟོགས་པའི་རྫས་བདག་ཉིད་རྫས་རེ་རེ་བའི་ནུས་པའོ། ༈ །ལྡེབ་སུམ་ཅུ་པའི་ཉིན་ངོས༡། རོ་སྡེབ་ནུས་སྡེབ་ཞུ་རྗེས་སྡེབས་ཏེ་སྦྱར། །ཞེས་པ་ནི། རྫས་རེ་རེ་དེ་ལའང་། གང་ལས་བྱུང་བའི་ཡུལ། ངོ་བོ་རང་རང་གི་ཁྱད་པར་དབྱེ་བ་དུ་ཡོད། བཟང་ངན་བྱེ་བྲག བྱེད་ལས་དང་། ལྡུམ་སོགས་ལ་འཁྲུངས་དཔེ། གཏོང་ཡུལ་ལ་སྦྱར་བའི་རྩ་སྡོང་མེ་འབྲས་དུས་ལ་བཏུ་ཚུལ། དུག་འདོན་ཐབས་བཅུད་ལེན་ཐབས་ལ་སོགས་པའི་ལག་རྡེའུ་འཕྲོད་པ་ཞིག་སྔ་མའི་སློབ་དཔོན་བར་མ་ཆད་དུ་བརྒྱུད་པའི་རིམ་པས་ངོ་སྤྲད་གནད་དུ་ཚུད་པ་གལ་ཆེ་བའོ། །དེ་ཡང་ཅུང་ཟད་བརྗོད་ན་གསེར་དངུལ་ཟངས་ལྕགས་བཞི་གཏོང་བ་ན་ཐལ་བ་ལག་ལེན་རྣམ་དག་ལྟར་བྱེད་དགོས། ལྕགས་མིག་དང་མཆིན་ནད་སོགས་ལ། ལྕགས་ཁུ་བཞུ་བའི་ལག་ལེན་ལྟར་དགོས། གཡུ་མུ་ཏིག་ཉ་ཕྱིས་བྱུ་རུ་མུ་མེན་རྣམས་བོང་དམར་གྱི་ཆུ་ལ་ཅུང་ཟད་བཙོས་པའི་དུག་འདོན་དགོས། དུག་དེ་འདྲའམ་སྐྲན་སོགས་ལ་ཐལ་བ་ཧར་བསྲེག །སྦལ་རྒྱབ་ནས་གྲུ་བཞིའི་བར་དང་། རྡོ་ཀླད་དང་རྡོ་ཆུ་ནས་བཙག་གི་བར་རྣམས་ཆུ་ལ་བསྐོལ་བའི་ཁུ་བ་ཡང་ཕོ། ཡང་ཆུ་གྲང་མོས་བཤལ་ཐེབས་གཉིས་གསུམ་བྱས་པས། མདོར་ན་རྡོ་རིགས་ལས་དུག་འདོན་དགོས་པས་བཙོ་བཤལ་བྱེད་


MR10_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། ཅོང་ཞི་ཐལ་བའམ། འདམ་ཐགས་གང་དགོས་ཡུལ་ལ་སྦྱར། རྐྱང་བར་གཏོང་ན་བཙོ་བཤལ་བྱའོ། །འདི་སོགས་སྤྱི་ལ་སྟེ། བྱེ་བྲག་སྦྱོར་བའི་བྱེད་ལས་རྣམས་རང་རང་གི་སྐབས་སུ་ཤེས་སོ། །རྡོ་ཐལ་ཤིན་ཏུ་བསྲེགས་ཚད་དུ་ཕྱིན་ནས་གྲངས་འདོད་ཆུ། ཚ་བའི་ནུས་ལྡན་དུ་འདོད་ན་ཆང་ངམ་དར་བ། བད་ཁྲག་ལ་སྟར་ཆུས་བཤིག་པའོ། །ཧ་ཤིག་རྡོ་སྔ་མ་ལྟར་རོ། །མོ་རྡོ་དེ་ག་རང་དུ་བཏང་། ས་སྨན་ལས་མུ་ཟི་མར་དུ་བཞུས་ལ་ལྕགས་ཐུར་གྱིས་ས་རྡུལ་བསལ་ལ་སེར་པོ་གསེར་ལྟར་བྱའོ། ༈ །སྲིབ་ངོས་ནང༤་། རྡོ་དྲེག་དུག་དང་ཚད་པ་རྙིང་པ་སེལ། །ཞེས་པ་ནི། རྡོ་དྲེག་སླ་ངར་རླངས་ཐོན་དུ་བརྔོ་བའི་དུག་འདོན་པ་མ་གཏོགས་གཞན་ཐམས་ཅད་རང་གར་གཏོང་ཆོག །རྡོ་སྨན་ནམ་གཏོང་ལ་རྡོའི་ངོ་བོ་འཇུ་དཀའ་བས་གཞུང་ནས་བཤད་པའི་འཇུ་རྩི་དར་སྨན་ཅུང་ཟད་རེ་དགོས་པ་ཞལ་ཤེས་སོ། །དེང་སང་གི་ཡ་བཀྵ་ར་ལག་པས་བཅང་ན་ཁྲུག་སྒྲ་འོང་བ་བྲག་ལོགས་སུ་ཆགས་པ་འདི་མཛེ་ཚྭའི་ཁ་བུན་ཡིན། དེ་ཆགས་པའི་བྲག་ལ་ཤ་ཁུ་སྣུམ་ཅན་བྱུགས་པའི་ཕྱི་ལོ་མཛེ་ཚྭ་དངོས་སུ་འགྱུར་བ་མཁྱེན་གཟིགས་རིན་པོ་ཆེས་གསུངས་སོ། །མུ་ཟི་ནག་པོ་མཚུར་ནག་གི་ཁ་བུན་ཏེ། རྡོ་ནག་རྭ་ཅོ་འདྲ་བ་སོལ་མེ་ལ་བཏབ་པས་མེ་འབར་བ་མཚུར་ནག་ཡོད་པར་འོང་བ་མུ་ཟིའི་དྲི་བྲོ་བ་དེ་དགུ་སྦྱོར་ལ་བཟང་ངོ་། །བིག་པཎ་ནི་ལ་ཐོ་ཋཱ་ཞེས་མཚུར་སྔོན་པོ་འདོད་མོད། ལིང་ཐོག་དང་ཤུ་ཐོར་ལ་ཚབ་རུང་ཡང་སོལ་མེར་དཀར་སེང་བ་མ་བསྲེག་པར་གཏོང་མི་རུང་གསུངས། རྩི་སྨན་ལས་ག་བུར་


MR10_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཅུ་གང་གི་འཇམ་ཕབ་པ་ལས་གཞན་རང་གར་གཏོང་། ཚྭ་རིགས་ལས་ཚྭ་ལ་ཆུ་བཅད་དགོས་པ་ལས་གཞན་རང་གར་གཏོང་། འཇམ་འབྲས་ནི་མེ་ལ་རློང་ཐོན་དུ་རྔོ། དན་རོག་ཤྲི་ཁཎ་ཌ་སྦྱོང་ལ་དུག་འདོན། དུར་བྱིང་ཐར་ནུ་ཡང་དེ་འདྲ་བ་མ་གཏོགས་ཐམས་ཅད་རང་གར་བཞག་ཆོག་གོ། སྲོག་ཆགས་ལས་བྱུང་བ་རྭ་ནི་བསེ་རུ་དང་ག་དོར་མ་གཏོགས་ཐམས་ཅད་རྭ་རྣམས་གང་བཏོང་ཐལ་ཚན་རྩི་ཧྲོག་བསྲེག་ཅེས་པ་ལྟར་དང་། གཞན་ཡང་སོ་སོའི་སྐབས་སུ་བཤད་པ་ལྟར་རོ། །དེ་དག་གི་བཏུ་དུས་སྤྱི་བྱེ་བྲག་ངར་བ་ལོ་མའི་དུག་ལ་སོགས་པའི་སྐབས་ཕྱེ་བས་ཕྱི་རྒྱུད་ལྟར་གཅེས་པའི་ཡན་ལག་བདུན་པོ་འདིར་ཡང་དྲན། སྨན་ལ་ལ་ནི་རོ་ཡི་ནུས་པ་དང་། ལ་ལ་རེག་པའི་ནུས་པ་ལ་སོགས་པའི་སྐབས་དེ་དེར་ཤེས་པར་བྱའོ། ༈ །ལྡེབ་སོ་གཅིག་པའི་ཉིན་ངོས་༤ ནང་། གསེར་གྱི་ཕུད་བུས་མཁྲིས་པ་གྱེན་དུ་འདྲེན། །ཞེས་པ་ནི། དེང་སོང་ཀ་པེད་ནང་གི་སྦུ་བ་མགོ་བཅད་འདྲ་ཟེར་བ་འདི་བཏང་བ་འཁྲུལ་ཚབས་ཤིན་ཏུ་ཆེ། གསེར་མེ་ལ་པ་ཏོ་ལ་བཏགས་པ་ནི་བོད་ལུགས་མ་དག་པའོ། །པ་ཏོ་ལ་དངོས་པོ་ནི་རྒྱ་གར་དུ་ཞིང་གི་རིབ་མ་སོགས་བྱེད་པ། ཤིང་ཕྲན་ཤིན་ཏུ་ཁ་བའི་མཐར་ཐུག་པ་ཞིག་ཡིན། དེའི་ལོ་མ་ཏ་ལའི་ལོ་མའི་རྩ་རིས་འདྲ་བ་གྱེན་ཐུར་འཕྲེད་སོགས་ལ་རྩ་རིས་ཟུག་པའི་གོར་མོ་ཆུང་ངུ་ཞིག་འདུག ཨ་ཙ་རས་ཚོད་མ་བྱས་ནས་ཟ་བ་ཡིན། དེའི་འབྲས་བུ་ཐང་ཁྲོམ་ནག་པོའི་འབྲས་བུ་འདྲ་བ་རོ་ཤིན་ཏུ་ཁ་བ་དེ་ནི་གསེར་གྱི་ཕུད་བུ་དངོས་ཡིན། ལ་ཁའི་ཁུར་མང་རིང་


MR10_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྒྱ་ཁུར་ཟེར་བ་འདིར་པ་ཏོ་ལའི་ཚབ་རུང་མཁྱེན་གཟིགས་སི་ཏུ་རིན་པོ་ཆེས་གསུངས། ༈ །དེའ༣ ི་༡སྲིབ་ངོས༤ ། དེ་ལ་རིགས་ལྔ་རྣམ་རྒྱལ་འཇིག་མེད་དང་། རིགས་ལྔར་མ་འཐུས་པ། ནག་པོ་སུལ་མེད་ཆུང་བ་རོ་ལྔ་ལྡན། རུས་པ་མེད་པ་འདི། བདུད་རྩི་མངོན་སུམ་སྟེ་ནད་ཐམས་ཅད་ལ་བསྔགས། ཁ་དོག་སེར་པོ་ཤིན་ཏུ་ཆུང་བ་ནས་འབྲུ་ཙམ་པ་ཟུར་ལྔ་པ། རྒྱ་གར་ནག་ན་ས་བྱུང་བ་འདི་མིག་ནད་སྐབས་བཟང་བར་བཤད་པའོ། །གསེར་མདོག་ནི་སྤྱི་མིང་ལས་ལོགས་སུ་མེད། སེར་པོ་མཆུ་སྙུང་ནི་ཁ་དོག་སེར་པོ། རོ་མངར་ཁ་ཚ་སྐྱུར་བཞི་ལྡན། གཡུ་ཐོག་པའི་ནུས་པ་གཟིགས་པའི་བཤལ་སྐབས་ཨ་རུ་རའི་རིགས་སུ་མི་གཏོགས། བཤལ་ལ་རྩེ་མོ་སྙུང་བའི་མཆུ་མ་གཏོགས། རྩ་བ་ཤིང་གི་མདོག་མཚམ་ཡོད་པ་དེས་མི་འོང་བ་འདྲ། ཧ་རི་ཏ་ཀ་མཆུ་སྙུང་ག་མིང་ཡིན་པས། ཨ་རུ་ར་གཞན་ལ་ནོར་བའོ། ༈ །དེ་འོག་ཕྲེང་དྲུག་པའི་ནང་། སྙིང་དང་མཁལ་མ་གླ་གོར་ཞོ་ཤ་གསུམ། །ཞེས་པ། འདིར་མ་བཤད་པ། མཆིན་པ་ཞོ་ཤ་སྨན་རྒྱུད་དུག་ལེར་ཡོད་པ་དེ་ནི། བ་མཁལ་ཟེར་བ། སེར་སྨུག་དམར་ཤས་ཆེ་བ། ཞོ་ཤ་གཞན་ལས་ཆེ་བ་རྔ་དབྱིབས་ཅན་ནོ། ༈ །ལྡེབ༣༢་སྲིབ་ངོས་༡ ནང་། དར་ཡ་ཀན་གྱིས། ཞེས་པ་ནི། སྐབས་འདིར་འཇུག་བྱ། ཀླུ་འདུལ་ནག་པོ་དང་། ཁྲག་ཀྲོག་པ་སོགས་ཡིན། རྩད་དང་ཞེས། རྩད་དངོས་ལྷོ་ཡུལ་སོགས་སུ་སྐྱེ་བའི་ལོ་མ་སྔོ་འཇམ། སྡོང་པོ་གྱེན་དུ་དྲང་པོར་སྐྱེས་པའི་རྩེར་མེ་ཏོག་དཀར་སེར་ཕྲ་ལ་


MR10_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་བ། འབྲས་ལྗང་སྨིན་ཆགས་ཁོག་སྟོང་། བསྣམ་ན་སྤོས་དྲི་མནམ་པ། སྔོ་རྒྱལ་མ་གི་ཏ་ཟེར་བ་དེ་ཡིན་མཆོག སྨན་འདི་སྐྱེ་སར་དུག་མི་སྐྱེ་སོགས་གསུང་། དམན་པ་ནི་ས་གཞིར་མེ་ཏོག་སེར་པོ་སྐྱེ་བའམ་རྩ་བ་ལྕ་བ་འདྲ་བ། ལོ་མ་ཕྲ་ལ་ཉ་ག་ཅན། སྡོང་པོ་ཕྲ་ལ་མེ་ཏོག་དཀར་པོ་གོ་སྙོད་འདྲ་བའོ། །ལོ་མ་ཡོད་མེད་མ་གཏོགས་འབམ་པོ་དང་ནོར་སོ་ཡོད། མེ་ཏོག་ཡོད་མེད་གཉིས་ཏེ་འདིས་ཚབ་རུང་། ༈ །རྒུ་ཐུབ་ལྷོ་རོང་ཚད་ཡུལ་སྐྱེས་པ་ཤིང་སྡོང་གཞན་ལ་འཁྲིལ་ནས་སྐྱེས། ལོ་མ་འཐུག་རིང་། མེ་ཏོག་སེར་སྐྱ་ཆུང་བ། འབྲུ་སྔོ་སྐྱ་སྤུ་སོབ་ཅན་ལྡུམ་སྟག་ཕོ་མོ་ཟེར་བ། མཐུག་པ་ཕོ། སྲབ་པ་མོ་ཡིན་གསུངས་སོ། ༈ །ལྡེབ་སོ་གསུམ་པའི་སྲིབ་ངོས༣ ། སྤྱང་ཆོར་བད་ཀན་འདྲེན། ཞེས་པ་ནི། སྡོང་བུ་མེད་པ་དཀྱིལ་དུ་མེ་ཏོག་དམར་པོ་ཡོད་པ་མོ་ལྡུམ། དེ་འདྲ་བ་སྡོང་པོ་རིང་བ་རྩེ་མཐུར་དུ་འགུག་པ་མེ་ཏོག་དཀར་པོ་ཕྲན་བུ་མང་པོ་གཤིབ་ནས་སྐྱེ་བ་ཕོ་ལྡུམ་སྟེ། འདི་གཉིས་ཀྱང་ཁ་འབུས་དུས་སོ། །ས་ཁྲེམ་སོགས་སུ་སྐྱེ་པའི་ཚེར་མ་སྐྱ་བོ་ལོ་མ་གྱེས་པ། སྡོང་བུ་གྲུ་རེ་ཙམ། ཚིག་རྣམས་ཚེར་མ་ཕྲ་མོ་དང་། མེ་ཏོག་དཀར་པོས་བསྐོར་བ་དེ་ལ་སྤྱང་ཚེར་དཀར་པོ་ཟེར་ཀྱང་། སྨན་ལ་བཏང་སྲོལ་ནི་མེད། སྔོན་བུས་ཆུ་སེར་སྦྱོང་བ་ནི། བྱང་ལུགས་སྔོ་མེ་ཏོག་སྔོན་པོ་རྩ་བ་ལ་ཕུག་འདྲ་བ ། ཟུར་ལུགས་ཤོག་ཤིང་གི་གཞོན་ནུའི་བར་ཤུན་ནོ། །ལྡུམ་པདྨ་རྩ་རི་ནི། ནན་ཤིང་ཟེར་བ་ལོ་མ་ལྗང་། སྡོང་བུ་མེད་པ་མོ། སྡོང་བུ་ཁོང་སྟོང་ཚིགས་མང་ཅན་པོ་


MR10_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

སྡུམ། ཤུན་པ་ནང་ནས་མེ་ཏོག་དམར་ཞིབ། འབྲུ་དམར་ལེབ་དེ་གཉིས་ཀྱི། ཕོ་ལྡུམ་རྩ་བ་དམན། ༈ །བཤད་རྒྱུད་ལེའུ་ཉེར་གཅིག་པ་ལྡེབ་སོ་དྲུག་ཉིན་ངོས ༡ ། གཉིས་པར་སྦྱོར་ལ་མངར་ལྔ་སྐྱུར་བ་བཞི། །སོགས་བཤད་པ་ནི། དང་པོ་རོ་གང་ཞིག་གང་དང་སྦྱར་བ་ལ། ཐོག་མར་གཉིས་སྦྱར་བ་ནས། དྲུག་ཚང་བའི་བར་བརྩིས་ན་ལྔ་བཅུ་ང་བདུན་ནོ། །དེ་ཡང་མངར་སྐྱུར་གཉིས་སྦྱར་བ། མངར་ལན་ཚྭ་སོགས་སྦྱར་བའི་མངར་བགྲོགས་གཞན་ལྔ་དང་སྦྱར་བའི་ལྔ། སྐྱུར་བ་ལ་མངར་སྦྱར་གོང་དུ་སོང་ཟིན་རང་རང་འོག་ཕྱེ་མ་བཞིར་སྦྱར་བཞི་དེས་འགྲེས་སོ། གསུམ་དུ་སྦྱར་བ་ལ། མངར་སྐྱུར་ལན་ཚྭ་གསུམ་སྦྱར་བ། མངར་སྐྱུར་ཁ་སོགས་བཞི། རོ་མངར་ལན་ཚྭ་ཁ་གསུམ་ནས་གསུམ། མངར་ཁ་ཚ་མངར་ཁ་བསྐ་གཉིས། མཐར་མངར་ཚ་བ་སྐའི་བར་བཅས་བཅུའོ། །དེ་བཞིན་དུ་སྐྱུར་སོགས་སྦྱར། བཞི་སྦྱར་ལ་གསུམ་པ་གཞིར་བཞག་རེ་རེ་སྐྱུར་བའོ། །མངར་སྐྱུར་ལན་ཚྭ་ཁ་བ་བཞི་སྦྱོར་བ། ཚ་བ་བསྐ་བ་མངར་སྐྱུར་ཁ་བ་ཚ་བ་མངར་ལན་ཚྭ་ཁ་ཚ། བསྐ་མངར་ལན་ཚྭ་ཚ། བསྐ་མངར་ཁ་ཚ་བསྐ། ལྔ་སྦྱོར་མངར་བ་རེ་རེ་དོར་བའི་ལྷག་ལྔ། སྐྱུར་བ་གཅིག དྲུག་སྦྱོར་གཅིག་སྟེ་ང་བདུན། རྐྱང་པ་དྲུག་བསྣན་པས་དྲུག་བཅུ་རྩ་གསུམ་འཕེལ་ཟད་བདུན་ཅུའི་གཉེན་པོར་གང་ལ་གང་འཚམས་སུ་བཏང་སྟེ། དེ་ཡང་ནད་བདུན་ཅུ་ཡོད་ཀྱང་གཉེན་པོར་རེ་གསུམ་གྱིས་སེལ་ལུགས། ༈ །དེའི་སྲིབ་ངོས༢ ། དཔྱད་ཡིན་ཏེ། ཞེས་པ། དེ་ལ་སྤྱིར་ནང་དུ་སྨན་འཐུང་བ་ལྟ་


MR10_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

བུ་མ་ཡིན་པར། ལུས་ཀྱི་ཕྱི་ནས་གང་འཚམས་ཀྱི་ཐབས་བརྟེན་པས། གང་དེ་དག་ཕྱི་རུ་འབྱིན་པའམ། མ་འབྱིན་ཀྱང་དེ་གང་ཞི་བར་བྱེད་པའི་ཐབས་རྣམས་ལ་གང་ལ་གང་ཕན་གྱི་རྣོ་འབབ་པའི་སྐོར་ལ་འདིར་དཔྱད་དུ་གྲགས་སོ། །རྩེ་ཞབས་མེད་པའི་ཟླུམ་པོ་སྲིད་སོར་དྲུག །ཞེས་པ་ནི། དེ་ལ་ཁབ་མགོས་རུས་པ་རྩི་ཉམས་པ་དང་། ཆག་པ་བཙུབ་པར་འོང་། ༈ །དེ་འོག་ཕྲེང་གསུམ་པའི་ནང་། མགོ་ཟླུམ་བྲ་བོ་རྩེ་ཀྱོག་རྩེ་གུག་པ། །ཞེས་པ་ནི། ཡན་ལག་སོགས་ལ་ལུས་པའི་མདེའུ་ལ། དང་པོ། མགོ་བོ་སྲན་མ་ལྟར་ཟླུམ་པ་མངགས། ལམ་དྲང་པོ་ན་ཡོད་ན་དེས་རྟོགས་ཀྱང་། གཡས་གཡོན་གཟུར་ཡོད་ན་མི་རྟོགས་པས། ཟུར་གསུམ་བྲ་པོ་མགོ་འདྲ་བ་མངགས་གཡས་གཡོན་གཅུས་ཟུར་ལ་འཐེན་པའོ། །དེས་མ་རྟོགས་ན་གཡས་གཡོན་དུ་འཁྱོགས་སོང་ཆེ་བས། དེ་ལ་རིམ་པ་ལྟར་ལྕགས་ཐུར་ལྕེ་འཇམ་རྩེ་མོ་ནས་གང་ཙམ་འཁྱོགས་པ་དང་། དེ་ལས་ཀྱང་གུག་ཆེ་བ་དང་། རྩེ་མོ་རིམ་གུག་གི་རྩེ་མོ་མིག་ཡོད་པ་སྦྲུལ་མགོ་ལྟ་བུ་སྟེ། དེ་གསུམ་གཡས་གཡོན་སྟེང་འོག་བར་འགྲོ་སར་མྱུལ་བའི་མདེའུ་ལ་འཕྲད་པ་དང་། མིག་ཏུ་ཚུད་དེ་ཆ་བྱད་འཛིན་པ་ལ་སོགས་པའི་རྟགས་ཅི་རིགས་མི་འོང་བ་མིན་ལ། དེ་བཞིན་དུ་ཟངས་དུང་ཁ་འདྲ་བ་སྦུབས་ལྡན་ཕྲ་ལ་འཇམ་པ་བཏང་སྟེ་དེའི་སྦུབས་སུ་མདེའུའི་ཡུ་བ་སོགས་ཚུད་པ་ལྟ་བུའོ། །དེ་རྣམས་ཐམས་ཅད་ཀྱི་གང་རུང་གི་ཡིད་ཆེས་པའི་ངེས་པ་རྙེད་དེ་ངོས་སུ་བྱ་བའོ། །དེ་ལྟར་བཤད་པ་ལྔ་པོ་ཀུན་ཀྱང་སྲིད་སོར་


MR10_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་ཀྱི་ཚད། ཕྲ་ལ་འཇམ་པ་སྟེ་དེ་དག་གིས་གཙོ་བོར་ཡན་ལག་གི་ཟུག་རྔུ་ལུས་པ་གར་ཡོད་པ་བརྟགས་སོ། །དེས་མ་རྟོགས་ན་དབྱིབས་ཟླུམ་པོ་ཁ་བྲག་ཡོད་པས་བརྟགས་ཟེར། སོར་བརྒྱད་ཀྱི་དབལ་ལྡན་རྩེ་མོ་བུ་ག་སྐར་ཁུང་བཏོད་པ་དེ་སྐྲངས་པའི་སྟེང་དུ་བཏང་པས། འོག་ཏུ་སྨིན་དང་སྨིན་མིན་རྟོགས་ཏེ། སྨིན་ན་སྐར་ཁུང་དུ་རྣག་འབྱུང་བས་བརྟོལ་རན་པ་ཤེས་པར་བྱའོ། ༈ །དེ་འོག་ཕྲེང་བཞི་པའི་ངོས། སྦུབས་ཅན་པ་ནུ་འདྲ་བ་སོར་གསུམ་པ། །ཞེས་པ་ནི། ཤིན་ཏུ་འཇམ་པ་སྤུབས་ཅན་ནུ་དབྱིབས་འདྲ་བ་སྲིད་དུ་སོར་གསུམ། རྩེ་ཟླུམ་ཆར་སོར་ཕྱེད་དང་། ཕྱིར་ལྷག་མ་སོར་ཕྱེད་བཅས་པ་གསང་བའི་རྣམ་པ་སྦམ་པ། མཁྱུད་དེ་མཐའ་སྐོར་ཕོ་སོར་ལྔ། མོ་ལ་དྲུག་སྟེ་བུ་གར་མཐེ་བོང་ཤོང་ཙམ་པ། དེ་ལ་འབྲུམ་པ་གར་འདུག་བལྟ་བ་ལ་སྒོ་གཉིས་པ་གང་ཉི་མ་འདེ་སར། འོག་སྒོར་བཏང་བའི་ངོས་གཉིས་ལས་རྨ་གར་བྱུང་བ་མཐོང་བར་བྱས་ནས། བཅད་པའི་ལས་ལ་སྦྱར་དུས། དེ་འདྲ་དེ་ལས་ཅུང་རིང་བ་སྒོ་གཅིག་པའི་ནང་འབྲུམ་པ་ཚུད་པར་བྱས་ལ། ཀྱོང་བུས་བཅད་མར་ཁུས་བསྲེག་གོ། སེང་གེ་ཁ་སྤོམ་ཐུང་བཞི་སྒོམ། བྱ་ཀངྐའི་མཆུ་ལྟ་བུ་མཆུ་རིང་ཐུང་སོར་བཞི་ཙམ་གྱི་སྐམ་པ་མཆུ་ཕྲ་བ་དང་། དེ་ལས་ཅུང་ཐུང་སྦོམས་པ་བྱ་རོག་མཆུ་ལྟ་བུ་དེ། གསུམ་ཀའང་སྐམ་པ་སྟེ། དེ་འདྲ་བའི་མཆུ་ཕྲ་རིང་སོར་བརྒྱད་མཉམ་པར་འགྲོ་བ་མཐིང་རིལ་གྱི་མཆུ་འདྲ་ཤིན་ཏུ་ཕྲ་བ་སྟེ། དེ་བཞི་པོ་ཐམས་ཅད་ཀྱང་འབྲེལ་མཚམས་སུ་གཡུང་དྲུང་རིས་ཀྱི་ལྟེ་བར་གཟེར་སྲ་ལ་


MR10_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ཟླུམ་པས་བསྐོར་བ། རྐང་བརྒྱད་བཞོག་དབྱིབས་མཛུབ་མོའི་སྦོམ་ཕྲ་ཙམ་གྱི་རྩ་བ་ལག་པའི་འཛིན་ཕྱོགས་ལྕགས་ཀྱུའི་དབྱིབས་ཅན་ཅིག་ཤོས་ཨ་ལོང་བཏགས་པ་རིམ་བཞིན། རུས་མགོ་ལ་ཟུག་པ་དང་། ཤ་རྔམ་འཐུག་པོའི་སྟེང་གི་རུས་པ་དང་། ཤ་རྔམ་ཅུང་ཟད་ཀྱི་རུས་པ་དང་། ཤ་རུས་ཀྱི་ཁྲོད་ན་ལུས་པའི་ཟུག་རྔུ་ལ་སྦྱོར། གང་ལྟར་གྱི་སྦུབས་ཐུར་གྱི་ནང་ན་ལྕགས་སྐམ་སྲ་བས་བསྡོམས་པ་འདམ་བུའི་མཆུ་སྟེ་གཏིང་རིང་པོར་སྦྱར། ཙུ་མོ་ཏི་སྟེ་འཇབ་ཙེ་ཕྲ་མོ་ལྟ་བུ་སོ་རྣོ་བའི་བདག་ཉིད་དོ། །དེའི་སྲིབ་ངོས་༤ ལེའུའི་མཐར། དེ་ལྟར་ཆ་བྱད་ནད་དང་གང་མཁོ་སྤྱད། གཞན་ཡང་བྱིས་པའི་ལྕེ་ལ་གུར་གུམ་གྱི་ཧྲཱིཿཐེལ་རྒྱག་པའི། ཏེལ་པ་ནང་དུ་ཧྲཱིཿགྱོང་བརྐོས། སྨན་ཐུར་དང་ཁ་ཤིང་ལ་སོགས་པ་དང་། རིན་ཆེན་བསེགས་བརྡར། མིག་སྨན་འདེབས་ཐུར། མིག་སྒོར་རྩ་མི་འགྱུར་བའི་རྩེགས་གདན། མིག་ཏུ་སྒོ་བཞི་སོགས་ཀྱི་ཏེལ་གདན་མིག་གསུམ་པ། སྨན་ཁྱེམ་གསོ་དཔྱད་རང་ལུགས་ཀྱི་ལུག་ཉིའི་སྒྲིབ་ཤིང་དང་སྦྲགས་པའི་རི་བོང་རྐང་པ་གཤིབ་པའམ་ཡུ་པར་ཕག་ཟེ་སོགས་ཀྱི་སྨན་འཕྱག །སྨན་ཚགས་ལ་སོགས་པ་གང་མཁོའི་ཡོ་བྱད་རྣམས་ཕུན་སུམ་ཚོགས་པར་བྱའོ། ༈ །ལེའུ་ཉི་ཤུ་རྩ་ལྔ་པ་ལྡེབ་༤ པའི་ཉིན་ཕྲེང་༤ ནང་།གསོ་སླ་གསོ་དཀའ་གསོ་ཙམ་སྤང་བ་བཞི། །ཞེས་པ། ཚུལ་འདི་ནི་དྲང་སྲོང་རིག་འཛིན་བརྩེ་བ་ཆེན་པོ་ཕ་ལྟ་བུར་གྱུར་པ་རྣམས་ཀྱིས། གསོ་རིག་གི་བརྒྱུད་འཛིན་བུ་ལྟ་བུ་ལ་དབུགས་འབྱིན་པའི་ཞལ་ད་སྟེ། དེ་ཡང་བློ་གྲོས་


MR10_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

དམན་པའམ། ལས་དང་པོ་པ་ལྟ་བུ་མགོ་འཐོམ་པ་ལ་ཅིས་ཀྱང་ཁ་སྐྱེད་ལམ་ལས་བསླངས་པའི་གདམས་པ་དངོས་སུ་བརྗོད་པའི་བརྟག་ཐབས་དང་། སྐྱེ་བོ་བློ་མིག་ལོང་བ་ལྟ་བུ་ཐབས་ཀྱིས་འདོད་རྒུར་འཁྲིད་པའི་རྗེས་སུ་རྒྱུག་པ་ལས། དངོས་དོན་དྲང་པོ་ལ་ཇི་བཞིན་རྟེན་པ་ཉུང་བས་རྨོངས་པ་དང་ལུག་ཁྱུ་གཅིག་རྗེས་གཅིག་འབྲང་གི་དཔེས། འཇིག་རྟེན་ན་བསྟན་བཅོས་མཁས་པའི་སྨན་པ་ཕལ་མོ་ཆེ་ཡང་སྐྱོན་རྣམས་ཕྲའུ་ལ་བརྟེན་ནས་དོར། ཅི་ཡང་མི་ཤེས་པ། སྟེས་དབང་གི་ནད་རེ་གཉིས་བསོས་པ་ལ་གྲགས་པར་སྒྲོན་པ་ལྟ་བུའི་རྣམ་པས། གཅིག་ཏུ་འགྲོ་དོན་སྐྱོང་བའི་དྲང་སྲོང་རིག་འཛིན་གྱི་གདུང་འཚོབ་པ་ལྟ་བུ་ཡང་འགྲོ་དོན་ཆུང་ངུར་འགྱུར་བས་ཐབས་དང་རྟེན་འབྲེལ་གྱི་རྣམ་པ་འདི་ལྟ་བུ་ནི་ཤིན་ཏུ་ཡང་དག་པ་སྟེ། གྲགས་པ་དོན་གཉེར་ཁོ་ནའི་དབང་མིན་ཀྱང་ནང་བསམ་པ་རྣམ་པར་དག་ཀྱང་ཕྱིའི་ཐབས་ཚུལ་ལ་མཁས་པས་འགྲོ་བ་རྣམས་རྗེས་སུ་འཛིན་པ་གཞུང་འདི་ཁོ་ནར་མ་ཟད་བཀའ་བསྟན་བཅོས་ཡོངས་ལ་གྲགས་པའོ། ༈ །སྨན་པ་མཁས་པའི་སྟེགས་ལ་འཛེགས་པ་དང་། །ཞེས་སོགས་ནི། སྨན་པའི་ཡན་ལག་བཞི་ནི། མཁས་པའི་སྟེགས་ཞེས་མཁས་པའི་གོ་འཕང་ཐོབ་པའང་ཟེར། མཁས་པ་མང་པོའི་ཕུལ་དུ་ཕྱིན་པའང་ཟེར། མཁས་པ་བརྟེན་པའང་ཟེར། མདོར་ན་མི་མཁས་པའི་མུན་ཐིབ་མི་གཙང་གི་ཁྲོད་ལས་འདས་ཏེ། གསོ་བྱ་དང་གཉེན་པོ་འཕྲོད་པའི་མཁས་པར་གྲགས་པའི་སྟེགས་ལ་དང་། བཀུར་བར་འོས་པའི་ཡོན་ཏན་མཁས་པའི་གནས་ལ་སོན་པ་དང་།


MR10_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཀྱང་སྟོང་གཏམ་མིན་པར་གང་ལ་མཁས་བྱའི་གཞུང་གི་ཚིག་དོན་གྱི་རིམ་པ་ཕྲ་རབ་རྣམས་འབྱེད་པའི་ཤེས་རབ་དང་ལྡན་པ་དང་། གཞུང་དེ་དག་གི་ལས་ཀྱི་ཆོ་ག་རྣམས་སོ་སོར་རང་བཟོ་སྤང་བའི་མཐོང་བ་བརྒྱུད་པ་ཟམ་མ་ཆད་པའི་མན་ངག་དང་ལྡན་པ་དང་། དེ་ཤེས་ཀྱང་རང་བཟོའི་ཟོལ་སྤང་ནས་ལག་ལེན་ཆོ་ག་རྣམས་གཞུང་བཞིན་ཚད་ལྡན་དུ་སྦྱར་བའི་ལག་ལེན་ཐེབས་པའམ་ལག་འབྲས་གཙང་བའོ། །སྨན་ནི་ཐང་ཕྱེ་ལ་སོགས་པའི་རྣམ་པ་མང་པོའི་ཆོ་ག་ལག་ལེན་དུ་ཐེབས་པ་དང་། སྐྱེ་སར་སྐྱེས་པ་དང་སོ་མ་རྙིང་པ་ལ་སོགས་པའི་ཡོན་ཏན། གཙོ་འཁོར་སྨན་ཐམས་ཅད་ཚང་པས་ཕུན་སུམ་ཚོགས་པའོ། །རོ་ནུས་བྱེད་ལས་ཀྱི་དབང་གིས་ཆ་ཆེ་ཆུང་ལ་སོགས་ནད་དང་ངེས་པར་འཕྲོད་པའི་བདག་ཉིད་དུ་སྦྱར་བའོ། །ནད་གཡོག་སྒྲིན་པས་གནང་བཀག་སོགས་དུས་ལས་མི་འདའ་བ། བརྩེ་བས་ནད་པ་རྗེས་སུ་སྐྱོང་བ་གཙང་སྦྲ་ཆེ་བས་སྨན་ལ་སོགས་པ་ཚད་དང་དུས་སུ་འཇོལ་ཉོག་མི་ཤོར་བར་དོན་བཞིན་བྱེད་ནུས་པ། བློ་དང་ལྡན་པའི་སྨན་པས་བསྒོ་བ་ཤེས་པའོ། ༈ །ལྡེབ༤་༡ ནང་ཉིན་ཕྲེང་པ༤འི་ནང་། ནད་དང་སྦྱར་ཏེ་བཏང་ཚུལ་བཅུ་རུ་བཤད། །ཅེས་པ་ནི། བད་ཀན་འདུས་པའི་ནད་སྟོབས་ལྡན་ལ་ཕན་པའི་སྨན་དེ་ཟས་མ་ཟོས་གོང་ཐོ་རེངས་ལུས་ཁམས་ཀྱི་ས་ཆུ་ཅུང་ཕྲི་ནས་མེ་རླུང་སྤར་པའི་རྩུབ་ནུས་ཆེ་བའི་དུས་དེ་ལ་ཁྱེའུ་སུས་ཞེས་ཟེར་དེ་དུས་བཏང་། ཐུར་སེལ་ལ་སོགས་པར་ཕན་པའི་སྨན་ཉིད་བྱེད་ཟས་མ་ཟོས་པའི་སྔོན་


MR10_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཏང་སྟེ། དེ་ནས་ཟས་ཟོས་ན་སྨན་ནུས་སྨད་དུ་འབབ་ཤས་ཆེ། མེ་མཉམ་སོགས་བར་གྱི་ནད་ལ་ཟས་ཕྱེད་ཟོས་ཕྱེད་མ་ཟོས་པའི་བར་དུ་སྨན་འཐུང་། ཁྱབ་བྱེད་ལ་སོགས་པའི་ནད་ལ་ཉིན་ཕྱེད་དམ་དགོང་མོའི་དུས། བཟའ་བཏུང་ཟོས་པའི་རྗེས་སུ་སྟེ་མཐར་ཟ་བ་དང་། སྲོག་འཛིན་ལ་སོགས་པའི་རླུང་ནད་ལ་ཟས་ཁམ་རེ་དང་སྨན་ཐུན་ཆུང་རེ་སྤེལ་མར་ཟ་བ་དང་། གྱེན་རྒྱུ་ལ་སོགས་ཕལ་ཆེ་བ་ལ། ཟས་ཞུ་སྨན་ཞུ་ཟས་འཐབ་པའི་ཟས་ཀྱི་བར་ཏེ། སྔ་མ་ཞུ་ཕྱི་མ་མ་ཟོས་པའི་བར་རོ། །དབུགས་མི་བདེ་ལུད་སོགས་ལ་ཕན་པའི་སྨན་ནི་ཟས་ལ་མ་ལྟོས་པར་དུས་མེད་དུ་ཙེ་གུར་ཏེ་ཐུན་ཆུང་དུ་ཡང་ཡང་རྒྱུན་ཆགས་སུ་ནམ་དྲན་བརྒྱུད་པའོ། །ཡིད་འཆུས་སོགས་འགའ་ལ་ཟས་དང་བཅས་པ་སྟེ་ཟས་ལ་བསྲེས་ནས་སོ། །སྒྱིག་བུ་སོགས་འགའ་ཞིག་ལ་ཟས་ཀྱི་ཐོག་མ་དེ་མ་ཐག་པར་འགྲོ་བར་བྱས་པའི་ཟས་སྨན་གྱིས་བཏུམ་པ་མནན་ཚུལ་དུའོ། །ནམ་ཚོང་ཡན་ལ་ཉལ་ཁ་ཟས་ཞུའམ་མ་ཞུ་བར་བཏང་ངོ་། ༈ །ལྡེབ༤༡་སྲིབ་ཕྲེང་༣ ནང་། རང་གནས་གསོག་ཅིང་རིང་སྡོད་ཤུགས་མི་ཕྱིན། །ཞེས་པ་ནི། མ་ཞུར་བཅས་པ་ནི། ནད་གཞི་གང་ལ་བརྟེན་པའི་རྒྱུ་ཁོ་རང་རོ་མ་ཞི་དགོས་ཤིང་། དེ་ཡང་ཟུངས་དང་འབྲེལ་བའི་previous hit བདག་ཉིད་དུ་གྱུར་པས་ཡིན་ལ། དེ་མེད next hit་རང་རྒྱུད་ནས་རྐྱང་བ། ཁོ་རང་ཞི་ན་ལོགས་སུ་དེའི་རྩ་བ་འདོན་རྒྱུ་previous hit མེད་སྟེ། འདིར་རྒྱུའམ་རྩ་བ་ཞེས་། ནད་དུ་ནད་རྟེན་བརྟེན་པའི་བདག next hit་ཉིད་དུ་གནས་པ་ལས། གཞན་དུ་ནད་གང་ལའང་ཟས་སོགས་དང་


MR10_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཉེ་བར་ལེན་པའི་རྒྱུ་མེད་པ་མི་སྲིད་ཀྱང་། དཔེར་ན་མཁྲིས་པ་རྐྱང་པ་འཕེལ་བ་ལ། མཁྲིས་སྨན་ཆིག་ཐུབ་ཀྱིས་ཞི་ནུས་ལ། མཁྲིས་གནས་མ་ཞུ་བའི་ཁྲག་དང་ཟས་ངན་བབས་པ་རྣམས། དེ་མ་རྟེན་པར་མཁྲིས་པ་མི་ཞིའོ། །རང་རྒྱུད་པ་དེ་ལའང་། རང་གིས་ཚད་ལས་ཐལ་ཏེ་གཞན་དབང་བསླང་འོང་བས་གཉིས་ཀ་གལ་གང་ཆེ་བཅོས་སོ། ༈ །ལྡེབ་ཞེ་དྲུག་པའི་སྲིབ་ངོས༥་ལེའུ་སོ་གཅིག་པའི་ནང་། རིག་པའི་གནས་མཆོག་བཅོ་བརྒྱད་ཐུགས་སུ་ཆུད། །ཞེས་པའི་རིག་གནས་བཅོ་བརྒྱད་ནི། སློབ་དཔོན་དབྱིག་གཉེན་གྱིས་མཛོད་རང་འགྲེལ་དུ། རོལ་༡ མོ་འཁྲིག་ཐབ༢ ས་འཚོ་ཚིས་༣ གྲང༤ས་དང་སྒྲ༥། ག༦སོ་དཔྱད་༧ ཆོས་ལུགས་༨ བ༩ཟོ་འཕོང་གཏན་ཚིགས༡༠་དང་། རྣལ་འབྱོར ༡༡་ཐོས་པ༡༢་དྲན་པ ༡༣་སྐར༡༤་མའི་དཔྱད། རྩིས༡༥་མ༡༦ག་འཁྲུལ་འཁོར ༡༧་སྔ་རབས༡༨་སྔོན་བྱུང་རིག འདི་དག་རིག་པའི་གནས་ཆེན་བཅོ་བརྒྱད་དོ། །ཞེས་གསུངས། ༈ །ལྡེབ་ཞེ་བདུན་པའི་སྲིབ་ངོས་༥ལེའུ་སོ་གཅིག་པའི་ནང་། གནང་རིགས་རྗེས་སྦྱངས་ལས་གོམས་འགྲོ་བའི་གཉེན། །ཞེས་པ་ནི། སྒྱུ་འཕྲུལ་དྲྭ་བ་ལས། སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཟུག་རྔུ་འབྱིན་པ་བླ་ན་མེད། །ཅེས་པ་ལྟར་རོ། །གནང་རིགས་ནི་དྲང་སྲོང་རིག་པ་འཛིན་པས་ལུང་གི་ཉེ་བར་གནང་བ་རྗེས་སུ་ཐོབ་པའི་སྐྱེས་བུ་དམ་པའམ། ཁ་ཅིག་སྔོན་གྱི་ཆོས་རྒྱལ་ཆེན་པོ་དག་གི་དུས། བླ་སྨན་ཆེ་དགུ་ལ་སོགས་པ་ལྟ་བུའི་གདུང་རིགས་ལས་སྐྱེས་པའང་ཟེར། དྲང་སྲོང་གི་གདུང་འཚོབ་བའི་བཀའ་གནང་བར་རིགས་


MR10_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

པའམ། དོན་གྱིས་གནང་བར་གྲུབ་པའི་འགྲོ་བའི་མགོན་པོའི་སྐྱེས་བུ་དམ་པ་རྣམས་སོ། །རྗེས་སྦྱངས་ནི་སྐྱེ་བ་འདི་ལ་གསོ་དཔྱད་ལ་ཐོས་བསམ་གོམས་པ་དག་གིས་མཁས་པའི་རྗེས་སུ་སྦྱངས་བས་གཞུང་དོན་མངོན་པར་རྟོགས་པའི་མཐུ་ལས་གསོ་དོན་ཤེས་པ་རྣམས་སོ། །ལས་གོམས་གཞུང་གི་ཐོས་བསམ་གོང་མ་ལྟར་རྒྱ་མི་ཆེ་ཡང་། རིག་གནས་གསོ་རིག་གི་ལས་ལ་གོམས་པས་ནད་དང་གཉེན་པོའི་བྱེ་བྲག་ཅི་རིགས་ཁོང་དུ་ཆུད་པའོ། །དེ་གསུམ་ནི་འགྲོ་བའི་གཉེན་ནོ། །འོན་ཀྱང་ཟས་ནོར་གྱི་འདོད་པའི་རྐྱེན་གྱིས་བསྐུལ་ཏེ། ཚོང་ཟོང་ལ་འགྲིམ་པའི་སྨན་ངོ་རེ་གཉིས་དངོས་བརྒྱུད་དུ་ཤེས་པའི་ཁུར་གཅིག་འཛིན་པ་སྨན་པའི་ཆ་གཟུང་བ་དག་ནི། ནད་དང་གཉེན་པོའི་མཚན་ཉིད་ཁོང་དུ་མ་ཆུབ་པས། ལག་ཁྲལ་ཙམ་དུ་ཅི་དྲན་གང་དྲན་བྱེད་པ་ནི་འགྲོ་ལ་མི་ཕན་པར་མ་ཟད་ལོག་སྦྱོར་གྱིས་སྲོག་འཕྲོག་པའི་གཤེད་མ་དངོས་སོ་དེ་སྤང་ངོ་། ༈ །ལྡེབ་ཞེ་བརྒྱད་པའི་སྲིབ་ངོས་ལེའུ་སོ་གཅིག་པ༡འི་ནང་། སྨན་པའི་ལས་ལ་ཐུན་མོང་ཁྱད་པར་གཉིས། །ཞེས་པ་ནི། འདི་སྨན་ཁོ་ན་ལས་དངོས་ཀྱི་ལྟ་བ་ལ་སྦྱར་རྒྱུ་མིན་ཞེས་སྔ་མ་ཐམས་ཅད་ཀྱིས་གསུངས་ཀྱང་། རྡོ་རྗེའི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་ཚུལ་ཟབ་མོ་ལས་སྦས་དོན་དུ་ལྟ་བ་དངོས་བསྟན་ཀྱང་འགལ་བ་མེད་དེ། འདི་གསོ་རིག་ཡིན་ཀྱང་། དེ་འདུས་བྱས་ཀྱི་དགེ་བ་ཐམས་ཅད་ཀྱི་ནང་ན་བས་དེ་བས་ཆེ་མེད་པ་ཞིག་ཉིད་ན། དེ་རྣམ་བྱང་སྒྲུབ་པའི་ཚོགས་ཟབ་མོ་ཡིན་ཏེ། སངས་རྒྱས་བྱང་སེམས་ཀྱིས་སྨོན་པའི་གནས་སུ་མཛད་པ་གང་ཞིག་


MR10_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་སྡུག་བསྔལ་གྱི་ཞིང་དང་རྒྱལ་བ་དགྱེས་པའི་ཐབས་ཀྱི་དམ་པ་ཡིན་པའི་ཕྱིར་ཏེ་། ཞི་བ་ལྷས། སེམས་ཅན་མགུ་བྱ་མ་གཏོགས་པའི། །རྒྱལ་བ་དགྱེས་པའི་ཐབས་གཞན་མེད། །ཅེས་དང་། སེམས་ཅན་ནད་པ་སོགས་གསུངས་པས་སོ། །དེ་ལྟ་བུའི་ཚོགས་དེ་ཤེས་རབ་ཟབ་མོས་ཟིན་ན་ཕ་རོལ་ཏུ་ཕྱིན་པར་འགྱུར་བས། འདི་ལྟ་བུ་ལ་ལྡོག་ཆའི་སྒོ་ནས་ཕར་ཕྱིན་དྲུག་ངེས་པར་ཚང་ན་དེ་གསེར་འགྱུར་གྱི་རྩི་ལྟར་བྱང་ཆུབ་སེམས་གཉིས་ཀྱིས་ཟིན་པར་བསྟན་པ་མི་འགལ་ཏེ་འདི་དང་འབྲེལ་བས་དབང་ཟབ་མོའི་ནུས་པ་བཞག་ནས། སྨིན་གྲོལ་གྱི་སྐབས་དབྱེ་ན་འདི་ཙམ་སྐབས་སུ་མི་འབབ་པ་ག་ལ་ཡོད། དེས་ན་ཆོས་རྣམས་ཁྱད་པར་ལས་ཞེས་དང་ཀུན་ལ་ཞེས་པའི་སྒྲས། ཤེས་བྱའི་གནས་ཐམས་ཅད་ལ་མཐའ་བྲལ་དབུ་མའི་བདག་ཉིད་དུ་ལྟའོ་ཞེས་བསྟན། དེ་ལ་དམན་ཞེས་ཆོས་རང་གི་ངོ་བོ་ལེན་རྒྱུ་མིན་པར་ཆོས་རང་ལས་དམན་པ་ལྟ་བུ་སྐུར་བཏབ་ཀྱི་ལྟ་བ། ལོག་ལྟ་དང་ཆད་ལྟ་དང་། ཆོས་རང་གི་ངོ་བོ་ལས་ལྷག་པོར་སྒྲོ་བཏགས་པའི་འཇིག་ཚོགས་ཀྱི་བདག་དང་བདག་གིར་ལྟ་བ་དང་། ཕྱི་རོལ་བའི་བརྟུལ་ཞུགས་ལྟ་བུ་སྔ་མ་གཉིས་ལམ་ཕྱིན་ཅི་ལོག ཕྱི་མ་ལམ་ཞུགས་ལའང་། ལོག་པར་ལྟ་བས་ཆོས་དབྱིངས་དེ་བཞིན་ཉིད་ལ་མཚན་མའི་སྒྲོས་སུ་མཐོང་བའི་མཐའ་ཀུན་སྤངས་བའི་དབུ་མ་ཆོས་ཀྱི་དབྱིངས་ལ་ལྟ་བའོ། །དེ་ལྟ་བུའི་ལྟ་བའི་ངང་བསྐྱངས་ནས། ཀུན་རྫོབ་སྒྱུ་མ་ཙམ་དུ་སྒྱུ་མའི་སྙིང་རྗེ་ལ་སོགས་པ་ཚད་མེད་བཞི་ལ་འཇུག་པ། དེ་ཡང་ཕྱོགས་


MR10_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རེ་ལ་སོགས་པའི་གོལ་ས་བཞི་ལས་བཟློག་པའི་བསྒོམས་པ་སྟེ། འདི་ཤེས་རབ་སྙིང་རྗེ་ཟུང་དུ་འབྲེལ་བར་བསྒོམས་པ་བསྟན་ནོ་ཞེས་བློ་གྲོས་དྲི་མེད་རང་གིས་སོ། །གཞན་དུ་དགྲ་བོ་སོགས་ལ་སྙིང་མི་རྗེ་བ། དགྲ་བོ་སོགས་ན་ན་དགའ་བ། སྨན་པ་གཞན་གྱིས་བཅོས་པའི་ནད་པ་ཤི་ན་དགའ་བ། ཕྱོགས་རིས་ཅན་དུ་ཡང་ཟེར་རོ། ༈ །ལྡེབ་ཞེ་དགུ་པའི་ཉིན་ངོས་པའི་ནང་། སྨྱོ་འཆལ་ཐོ་ཅོ་སྡིག་པ་ངན་སྤྱོད་དོར། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་སྤྱད། །ཅེས་དང་། བླ་མེད་སངས་རྒྱས་ས་ལ་བགྲོད་འགྱུར་ཞེས། །ཞེས་པ་ནི། སྨན་ལ་སོགས་པ་ཁོག་པར་ཅི་དྲན་སྦྱིན་པ་སྨྱོ། གོང་གི་དམ་ལས་འདས་པ་འཆལ། ཅུང་ཟད་རེས་ཁོང་ཁྲོ་ཞིང་གཤེ་བ་ཐོ་ཅོ། རྟག་ཏུ་མི་དགེ་བའི་ལས་ལ་འཇུག་པ་སྡིག་པ་ངན་སྤྱོད་དེ་དེ་རྣམས་དོར་ནས། ལྷག་པའི་སེམས་ཀྱིས་སྨན་སྦྱིན་པ་ནི་ཟང་ཟིང་གི་སྦྱིན་པ་ཡིན་ལ། དེ་འཚོ་བར་བྱེད་པ་ནི་སྲོག་སྦྱིན་པ་དང་། བྱིན་གྱིས་བརླབས་པའི་སྨན་འཐུང་བས་ཐར་པ་ལ་སྦྱོར་བ་ནི་སྦྱིན་པ་ཆེན་པོ་མཆོག་ཀྱང་ངོ་། །དེའི་དམ་ཚིག་བློ་ལ་བཞག་ནས་ཇི་ལྟ་བ་སྲུང་བ་ནི་སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་ཡང་དག་པའོ། །དེའི་ཚེ་ན་ཕ་རོལ་པོ་དང་ཡོན་དང་བརྙས་པའམ་ལུས་སེམས་ཀྱི་དཀའ་བ་ལ་མི་འཛེམས་ཤིང་མི་འཁྲུག་པ་སྟེ་སེམས་ཅན་གྱི་དོན་ལ་མི་སྐྱོ་བའི་ཆོས་ཉིད་དུ་ཤེས་ན་བཟོད་པ་ཆེན་པོའོ། །སྨན་ལ་སོགས་པ་སྦྱར་བ་ན་སེམས་ཅན་གྱི་དོན་དུ་སྒོ་གསུམ་གསོ་པའི་རིག་པ་ལ་


MR10_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་ཐམས་ཅད་བརྩོན་འགྲུས་ཀྱི་དམ་པའོ། །དེ་ལས་བློ་མཉམ་པར་བཞག་པ་དང་། དེའི་དོན་རྣམ་པར་འབྱེད་པ་ནི་ཞི་ལྷག་གི་ཆར་གཏོགས་ལ། དངོས་སྔར་བསྟན་ལྟ་སྒོམ་དེ་ཉིད་ཀྱི་ངང་ནས་ཚོགས་འདི་དག་བསྒྲུབས་པས་བླ་ན་མེད་པའི་བྱང་ཆུབ་ཡང་དག་པར་ཐོབ་བའི་ལམ་ཚང་ལ་མ་ནོར་བ་ཡིན་ཚུལ་དེ་དག་ཤེས་པར་བྱའོ། །བཤད་པའི་རྒྱུད་ཅེས་བྱ་བའི་དཀའ་མཆན་རྫོགས་སོ།། །།དགེའོ།། །།


previousབདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་དང་པོ་རྩ་བའི་རྒྱུད་སོགས་རྒྱུད་བཞིའི་དཀའ་མཆན་གཅེས་པར་བཏུས་པ་འདོད་འབྱུང་ནོར་བུའི་མེ་ལོང་།next