སྐར་རྩིས་སྣ་ཚོགས།
སྐར་རྩིས་སྣ་ཚོགས་བཞུགས། །
དོན་གཡའ་སེལ་བཞིན་ཚིག་རང་གི་སྦྱར་བའོ། །གཡའ་སེལ་ལས། བརྟགས་བྱའི་དནྜིའི་ཚད་ཤེས་ཕྱིར། །དེ་ཡི་གྲིབ་མ་མཐོང་ས་སོང་། །གང་ཡོད་ཨང་ཀུ་བྲིས་པའི་མགོ། གང་འདོད་ཤིང་གི་རང་ཚད་དང་། །དེ་འོག་དེ་ཡི་གྲིབ་མ་བྲི། །གསུམ་པོ་ཤེད་མཚུངས་རིག་མདའ་སྦྱར། །དེ་གསུམ་པོ་ལས་མཐོ་གང་ཡིན་གྱི་ཚོད་གཅིག་ཏུ་བྱ། །སོར་ཟེར་བ་མཐོ་སོགས་བརྩི་ལུགས་བྱ། །དབུས་མས་སྟེང་བསྒྱུར་འོག་མས་བགོ །ཐོབ་ནོར་རིང་པོའི་ཚད་དུ་ཤེས། །ཞེས་སོ་དགེ ༈ གང་འདོད་ཨང་གུ་ངོ་ཐོག་བསྡོམ། །གཅིག་ལྔ་དགུ་ལ་ཚེས་ལྟ་བུ། །དེས་ཕྲི་བུ་གས་༢ དོར་བ་ན། །ལྷག་མེད་ཉིད་དུ་འགྲོ་རྩིས་ཀྱི། །རིག་པ་དེ་ལས་བསུབ་བསྣན་རྟོགས། །དབྲི་སྣོན་ཕྲི་ལྷག་དེ་ལ་བྱ། །གོང་འོག་སྤར་ཀྱང་ལྷག་མི་འགལ། །མཚར་མཚར་རི་མོའི་དབྲི་བསྣན་ནོ། ༈ །ཕྲེང་རྩིས་ནི། ཡོན་ཏན་གང་འདོད་ཕྲེང་གྲངས་བཟུང་། དང་པོ་གསུམ་པ་གོས་ཅི་ལྷག་སྨོས་ཚུར་
བསྲེ་དེ་ནས་ལྔ་སོགས། མདའ་༥ དང་ཐུབ་༧ པས་བགྲང་། །ལྷག་མ་གསུམ་པོ་སྨོས་བཅུག་ལ། །ལྷག་གསུམ་རིམ་བཞིན། མཁའ་༧༠རི་ཟླ་མིག་༢༡ཚེས་ཀྱིས་༡༥བསྒྱུར། །དབང་མཁའ་གཟུགས་དོར་ལྷག་གྲངས་ཤེས། །ཡང་ན་དྲུག་ཅུ་བཅུ་བཞིས་བགྲང་། །༡ ༡ ༦ ༠ ༠ ཐིག་ཆུ་གཟུགས་དང་ཞེ་གཉིས་དང་། སུམ་ཅུས་རིམ་པར་བསྒྱུར་བ་དེ། ༡༤༣༠ ༤༢༥ མཁའ་གཟུགས་མིག་༢༡༠བགོས་ཐོབ་པ་ནི། །སླར་ཡང་ཟུང་གིས་ཕྱེ་བ་དེ། །ལྐོག་གྱུར་གྱི་ནི་གྲངས་ཡིན་ནོ། །རང་རང་འཁོར་ལོ་ཚུན་ཆད་རྟོགས། །༧ ནོར་བུའི་གྲངས་ལ་མི་མི་གཉིས་ནས། དྲུག་གིས། །བར་གྱིས། བགོས་ཀྱང་རེ་རེ་ལྷག་གྱུར་ལ། །བདུན་བགོས་ལྷག་མེད་གང་ཡིན་ཞེས། །ཀོང་པོ་རྨ་བྱས་བྲིས་ཞེས་ཐོས། ༧༢༡ །ཡིན་འདུག་སྙམ། ༢གསུམ་གྱིས་བསྒྱུར། དེ་བཞི། དེ་ལྔ། དེ་དྲུག་བསྒྱུར། ༧༢༠ །དེ་ལ་གཅིག་བསྣན་པས་འདི་འབྱུང་སྙམ་ལགས། ལྕགས་གླང་ཟླ་བ་བཅུ་པའི་ཚེས་བཅུ་དགུ་ལ་ཕྲལ་བྲིས་ཐོ་རེད་ཧ་ཧ།། ༈ །།འདི་མན་ནག་རྩིས་རེད། གཡའ་སེལ་
ལས། སྐྱེས་པའི་ལོ་གྲངས་ལ་བཅུ་གཉིས་ཀྱིས་བགོ ལྷག་མར། ༡ ༢ འབྱོར་པ། ༡༥༡ རུས་གཅོད། ༧༨བྱེ་བྲལ། ༩གནམ་སྒོ། ༡༠ ས་སྒོ། དེ་གཉིས་གནད། ༣ གནམ་སྒོ། ༤ ས་སྒོ། དེ་གཉིས་འཇམ། ༦༠ ཕུང་གྱོད། ཡང་བུད་མེད་ལོ་གྲངས་ལ་བཅུ་གཉིས་ཀྱིས་བགོ། ༡༦ བྱེ་བྲལ། ༢༨ཕུང་གྱོད། ༢༩ རུས་གཅོད། ༥ གནམ། ༤ ས་གནད། ༡༠ ས་༡༡ གནམ་འཇམ། ༦༧ འབྱོར་པའོ། །གནམ་རྒྱངས་ས་རྒྱངས་འཇུ་རྟེན་སོགས་གོ་སླ་རི་མོར་མ་བྲིས། ༧ བརྩི་བྱའི་ལོ་གྲངས་བཅུ་གཉིས་པ་བགོས་ལྷག ༡རང་ཀེག ༧ །བདུན་ཟུར། ༥༧ །མཐུན་གསུམ། ༢ ཕོ་ལོ། ༦༢༢ མོ་ལོ། ༦༠ ཁྱིམ་མཚེས། ༤༨བཞི་གཤེད་འདྲ་ལགས། ༢༣ ༦༦ དྲུག་འགྲམ་ལ་སླར་བརྟག ༢ །སྐྱེས་བུའི་ལོ་གྲངས་ནི། བརྒྱད་དང་དགུས་བགོ ལྷག་མར།༡ ནམ་ཤར་སྤར་སྨེའི་དགུ་མིག །དགུས་བགོས་ལྷག །ཤར་གྲངས་ཀྱི་དགུ་མིག་གནད་མིག །༩ དུར་འདོམ། ༧ གང་བརྩིའི་ལོ་གྲངས་དྲུག་ཅུས་བགོས་ལྷག །༡༥ གཤེར་དུར་ཆུང་། ༢༡ རང་དུར་ཆེ་བ། ༤༥ གཤེད་དུར་ཆེ་བ། ༥༡རང་དུར་ཆུང་བ་སྟེ་འདི་བཞི་དུར་མིག་སྦྲག་མའོ། །བརྩི་བྱའི་ལོ་གྲངས་བཅུ་གཉིས་ཀྱིས་བགོས་ལྷག །༩ སྲོག་ལུས་དབང་ཀླུང་སྐྱེས་སྨེ་ཐམས་ཅད་དུར་དུ་ཚུད་པ་དེ་ཕྱི་དུར་ཡིན། ༧ སྐྱེས་ལོ་བརྒྱད་བགོས། ༢ སྟག་ཡོས་དུར། ༤ རྟ་སྦྲུལ། ༦ བྱ་སྤྲེལ་ ༠ལོ་ལྷག་དྲུག་འདི་དང་རུས་ཁམས་དུར་མིག་མཚུངས། ༧ སྲོག་ཁོན་སོགས་དུར་མིག་གོ ༧ །བུད་མེད་བརྒྱད་པ་གོས། ༢ རྟ་སྦྲུལ། ༤ སྟག་ཡོས། ༦ ལྷག་དྲུག །༦༠ བྱ་སྤྲེལ་དུར་དུ་ཚུད་དེ་འདི་སྤར་ཁའི་རང་དུར་རོ། ༈ །དུས་བཞིར་དཔྱིད་
དབྱར་སྟོན་དགུན་བཞིའི་དཔྱིད་གསུམ་ཚེས། ༢༡༡ ༠༣༤ ༣༥ སོགས་ལ་ས་དབང་བསྲེས་པ་བགོ་བྱའོ། །དེ་ལ་དྲུག་གིས་བགོས་པས་ལྷག་མེད་འཆར། དེ་བཞིན་དུ། དབྱར་གསུམ་ཚེས། ༣༢༣ ༨༥༠ རྣམས་ལ་ཐིག་༠ བསྲེ་ཚུལ་བྱ། སྟོན་གསུམ་ཚེས། ༡༢༣ ༥༠༧ མེད་༣བསྲེ། དགུན་གསུམ་ཚེས་ཟུང་༢བསྲེ། དྲུག་གིས་བགོས་ལྷག་མེད་འཆར་བ་ཟིན་ཕུང་རྒྱུ་ཚེས་སོ། །རིམ་པར་དབང་༥ཐིག་༠ མེ་༣ཟུང་༢བསྲེ། དྲུག་བགོས་ལྷག་མ་ནམ་སྟོང་ཟིན་ཕུང་ཡོད་འདི་ཡན་ནོ། །ཅེས་སོ། ༧ །བསྟན་བཅོས་ཉིན་བྱེད་སྣང་བ་ཡིས། །གང་བློའི་པདྨོ་ཁ་ཕྱེ་བའི། །ལེགས་བཤད་སྦྲང་རྩིའི་ཟིལ་མངར་འདི། །སྐལ་བཟང་བུང་བའི་དགའ་སྟོན་མཛད། །རྣམ་དག་བྱེད་པའི་ལོ་འཕོ་བཤད། །ལོ་རེ་ཆུ་སྲང་ཞེ་གསུམ་དང་། །དྲུག་ཅུའི་མེ་མཚོའི་དབྱུག་ཉུང་བའི། །སྐྱོན་དོར་རྣམ་དག་སྒྲུབ་ལུགས་ནི། །༡༡༢༢༤༠༦༢༨སྟེང་དུ་རབ་བྱུང་གང་ཡིན་པའི། །གྲངས་དང་དེ་འོག་མེ་ཡོས་ནས། །ད་ལྟའི་བར་གྱི་འདས་ལོ་བཀོད། །གཉིས་ཀ་ཡོན་ཏན་༤༣རྒྱ་མཚོས་བསྒྱུར། །འོག་མར་མཁའ་རོས་ཐོབ་པའི་ནོར། །སྟེང་བསྲེས་དེ་ལ་འདོད་པས་༡༣ཕྲི། །དེ་ཉིད་མཁའ་རོས་ཕུད་པའི་ནོར། །མིག་༢བསྲེས་རི་ཡིས་༧དོར་བའི་ལྷག །གནས་གསུམ་རིམ་པར་གཟའ་དབྱུག་བསྲང་། །ལོ་དེའི་སྦྱིན་བྱ་རྣམ་དག་ཡིན། །དཔེར་ན་རབ་ཡིད་མེ་སྟག་ལོར། །གྲུབ་གཟུགས་འདི་འདྲ་དག་ཏུ་ཤར། །བརྩི་བཞིན་རབ་བྱུང་གང་ཡིན་པ། །ནམ་མཁའ་རོ་ཡིས་བསྒྱུར་བྱས་ལ། །དེ་ཡི་མེ་ཡོས་ནས་བརྩམས་པའི། །གང་བརྩི་ཡན་གྱི་འདས་ལོ་བསྲེ། །བཀྲ་ཤིས་མཚོ་དང་ཟླ་བས་ཕྲི། །རི་ཟླ་མེ་ཡིས་དོར་བའི་ལྷག །ལོ་དེའི་ལོ་ཡིས་རྩིས་འཕྲོར་ངེས། །དཔེར་ན་མེ་སྟག་རྩིས་འཕྲོ་ནི། །སྐྱོན་བྲལ་ངེས་པ་སྤོས་པའི་ལོ། །གང་ནས་བགྲངས་བརྩིས་འདས་ལོ་དེ། །མེ་མཚམས་བསྒྱུར་བ་སྲང་
དུ་ཕྱིན། །རང་རང་འཁོར་ལོས་སྟེང་བསྒྲིལ་བ། །ལོ་དེའི་སྐྱོན་བྲལ་ལོ་འཕོ་ཡི། །སྦྱིན་བྱ་རྣམ་པར་དག་པར་འགྱུར། །བྱ་སླ་གསལ་འདི་མི་ཕམ་པས། །རང་བློས་གསར་བསྐྲུན་དགེ་ལེགས་འཕེལ། ༈ །།།ད་ལྟའི་བརྩི་བྱའི་ལོ་དེ་ཡན། །རབ་བྱུང་སྔོན་མའི་ཤིང་བྱི་ནས། །འདས་ལོ་དུ་སོང་བརྩི་བའི་ཐབས། །བྱི་བ་ནས་བཟུང་གང་བརྩིའི་ལོ། །དེ་བར་འདས་ལོ་གང་ཡིན་པ། །ཕག་ལ་༡༡ལྟ་བུ། མིག་གིས་བགོས་པས་ལྷག་མ་རུ། །ཐིག་ཤར་ཕོ་ལོ་གཟུགས་མོ་ལོ། །ནོར་གྱིས་གང་བརྩིའི་དབང་ཐང་ཕྲི། །མ་ལྡང་ད་ལོའི་ལོ་ཡི་དབང་ཐང་ཤིང་གཅིག་ནས་ཆུ་ལྔའི་བར་ལ། དབང་པོ་བསྣན་ལ་སྦྱང་། །ཡང་ན་ཕྱོགས་ལོ་དོར་ལྷག་གིས། །གང་བརྩིས་དབང་ཐང་ཕྲི་བྱས་ཏེ། །མ་ལྡང་བཅུ་བསྣན་སྦྱངས་ལྷག་ལ། །ཕོ་མོའི་དབྱེ་བས་འབྱུང་ཁམས་ནི། །གཅིག་གཉིས་ཤིང་སོགས་རིམ་པར་སྦྱར། །དེ་ལྷག་གང་བྱུང་གཅིག་གི་ཕྲི། །དེ་ཡིས་ཉི་མ་བསྒྱུར་པའི་གྲངས། །བསྒྱུར་བྱེད་སྟོང་ན་བསྒྱུར་བྱ་ཕྲི་ཞེས་སོ། །བྱི་བ་ནས་བཟུང་དེ་ཡན་གྱི། །འདས་ལོར་བྱིན་པས་བདེ་བླག་འཆར། །དེ་ལ་༣རྩེ་མོ་ཅན་གྱིས་ཕྲི། །དེ་ལྷག་རབ་བྱུང་གང་ཡིན་གྱི། །མེ་ཡོས་དག་ནས་འདས་ལོའོ། །རབ་བྱུང་རེ་རྫོགས་མཁའ་རོ་འདས། །འཕྲལ་དུ་ཤོག་ཁྲ་མ་འཛོམ་ཞིང་། །ལག་རྩིས་དཀའ་བར་གྱུར་པ་ལ། །ངལ་སེལ་རི་མོ་དྷཱིས་བཀོད་དོ། ༧ །གནམ་སྨེ་རི་མོས་ངོས་འཛིན་ན། །རབ་བྱུང་གང་ཡིན་མེ་༣ཡིས་བགོས། །ལྷག་མར་གཟུགས་༡མིག་༢ཐིག་༠ཤར་པ། །རིམ་བཞིན་གཟུགས་༡མཚོ་༤ཐུབ་༧པས་བརྒྱན། །དེ་ལྟ་རབ་བྱུང་དུ་ཡིན་པའི། །མེ་ཡོས་དེ་ཡི་སྐྱེས་སྨེ་ཡིན། །མེ་ཡོས་དེ་ནས་བརྩིས་པ་ཡི། །གང་བརྩི་ཡིན་ལ་དུ་སོང་གི། འདས་ལོ་རང་རང་རབ་བྱུང་གི། གནམ་སྨེས་
ཕྲི་བྱས་སྲིན་པོས་དོར། །ལྷག་མས་དགུ་ལ་ཕྲི་བའི་གྲངས། །གང་བརྩིའི་དབུས་སྨེ་འཁྱུག་པ་མེད། །མེ་ཡོས་སྨེ་བར་གསུམ་བསྣན་པ། །ཤིང་བྱིའི་དབུས་སྨེ་གང་ཡིན་འཆར། ༧ །མེ་ཡོས་ཕྱིན་ལ་བརྩི་བྱ་ཡན། །དུ་འདས་མེ་༣ཡིས་བརྒྱན་བྱས་ལ། །ཕྱོགས་ཀྱིས་དོར་བའི་ལྷག་མ་རུ། །ཕོ་མོའི་དབྱེ་བའི་འབྱུང་ཁམས་ནི། །གཅིག་ཤིང་ཕོ་གཉིས་ཤིང་མོ་ཤིང་སོགས་རིམ་པར་འཆར། །དེ་ཡིས་གནམ་ལོའི་དབང་ཐང་ཤེས། ༧ །བརྩི་བྱའི་འདས་ལོ་ཕྱོགས་ཀྱིས་བགོ། ལྷག་མས་གནམ་ལོའི་དབང་ཐང་ཤིང་ཕོ་གཅིག་ནས་ཆུ་མོ་བཅུ་ཡི་བར་གང་ཡིན་ལ་ཕྲི། མ་འདང་ཕྱོགས་བསྣན་སྦྱངས་པའི་ལྷག །བརྩི་བྱའི་ལོ་ཡི་དབང་ཐང་ཡིན། ༧ །བརྩི་བྱའི་འདས་ལོར་གནམ་སྨེ་བསྣན། །བུ་གས་དོར་ལྷག་སྐྱེས་སྨེ་སྟེ། །ལྷག་མ་མེད་ན་བུ་ག་བསྣན། །དེ་ཉིད་ལུས་སྨེ་སྐྱེ་སྨེ་སྟེ། དེ་ལ་གསུམ་ཕྲི་མ་འདང་དགུ་བསྣན། ལྷག་མེད་དགུ་བསྣན། བཅུ་ཡིན་སྙམ་འདུག་དཔྱད། སྲོག་སྨེ་དང་། །གསུམ་བསྣན་དབང་ཐང་སྨེ་བར་ངེས། །ཀླུང་སྨེ་རི་མོས་འདྲེན་པ་ན། །ཤིང་ཆུའི་ཀླུང་རྟ་ཅན་ལ་མིག༢། མེ་ལྔ་༥ལྕགས་བརྒྱད་༨བྲིས་པ་ལ། །སོ་སོ་གང་སྐྱེས་རབ་བྱུང་དེའི། །མེ་༣ཡོས་སྨེ་བས་ཕྲི་བྱས་པ། །ཀླུང་སྨེར་ངེས་སོ་འདི་སྐབས་སུ། །མ་འདང་པ་དང་ལྷག་མེད་ན་སླར་ཡང་དགུ་སྦྱིན་བྱ། །ཡང་ན་གོང་གི་མིག་སོགས་དེར། །མེ་༣བྱིན་ཤིང་ཕྱིའི་སྨེ་བས་ཕྲི། །དེ་ཡང་གོང་དང་དོན་གཅིག་གོ། འདི་དག་ཤོག་ཁྲ་འདེད་སོགས་ཀྱི། །ངལ་སེལ་རི་མོ་དྷཱི་མིང་པས། །རང་ལོ་ཉེར་གཅིག་མེ་༢ ཡོས་ཀྱི། །དབོ་ཟླའི་ཉེར་བརྒྱད་ཚེས་ལ་བྲིས། །དགེའོ། །ཟླ་རྐང་ཞིབ་འཚོལ་བྱེད་པ་ན། །རབ་ཡིད་དགེ་བྱེད་ཟླ་དག་ནི། །སུམ་ཅུས་བསྒྱུར་ལ་གང་བརྩིའི་ཚེས། །བསྲེས་ལ་མཁའ་སྟོང་སྐྱོན་གྱིས་བརྒྱན། །སུམ་སྟོང་བདུན་བརྒྱ་བརྒྱད་ཅུས་བགོ། ལྷག་
མ་མཁའ་རོ་ལ་སོགས་པ། །དབྱུག་སྲང་དགུ་དང་ཆའི་འཁོར་ལོས། །རིམ་བསྒྱུར་༡༨༠༠༣༧༨༠འཁོར་ལོས་བགོས་ཐོབ་ནོར། །རྒྱུ་བའི་དབུགས་སྲང་དབུགས་སོགས་ཡིན། ༧ །ཟླ་དག་མཁའ་མེས་སྤེལ་བ་ལ། །མཁའ་ཀླུ་རི་མོས་དོར་བའི་ལྷག །སུམ་ཅུས་ཐོབ་པ་དེ་དང་ནི། །ཟླ་དག་དུས་ཉིས་བགོས་ལྷག་གཅིག །དེ་ལ་གང་བརྩིའི་འཕྲོ་བྱིན་པ། །ཟླ་རེའི་ཆ་ཤས་ངེས་པའོ། །ཆ་ཤས་སུམ་ཅུས་བསྒྱུར་བ་ལ། །གང་བརྩིའི་ཚེས་བསྲེས་དེ་དང་ནི། །སྔར་གྱི་འཁོར་སྟོང་དང་བརྒྱད་བརྒྱས་ལོས་དོར་ལྷག་གཅིག །རི་མོ་འདི་ལ་རྣམ་འགྱུར་གང་། །གང་ཡང་རྒྱུ་མཚན་འབྲེལ་ལས་སོ། །འདི་ཡང་དྷཱི་མིང་གཞོན་ནུས་སོ། ༈ །གཟའ་ལྔའི་རྒྱུ་བ་གནས་ལྔ་ལ། །གནས་དྲུག་འདོད་ན་ཆ་ཤས་དེ། །རི་རོས་བསྒྱུར་ལ་རི་མཁའ་རི། །ཡང་ན་གཟུགས་༢༡མིག་གིས་ཐོབ་པ། །སྟེང་བཀོད་རི་རོའི་ཆར་བཞག་ཤིང་། །ལྷག་མ་རི་མཁའ་རིའི་ཆའོ། ༧ །གནས་དྲུག་གནས་ལྔ་མར་བསྡུ་ན། །ཆ་ཤས་གོང་མ་རི་མཁའ་རིས། །བསྒྱུར་ལ་འོག་མ་བསྲེས་ནས་རི་རོས་བགོ། དེ་ལ་ལྷག་མེད་འོང་ཐོབ་ནོར་ཆ་རི་མཁའ་རིའི་རྒྱུ་ཤེས། །དེ་དང་ཤེད་མཚུངས་བྱ་བའི་ཕྱིར། །གཟའ་ཡི་རྟག་ལོངས་གནས་ལྔ་དྲུག །སྤྲོ་བསྡུ་བྱེད་ན་དྷྲུ་བ་དང་། །རི་མོ་གཅིག་པར་ཤེས་པར་གྱིས། །དེ་མཚུངས་ཆ་ཤས་རེའུ་མིག་གིས། །ལྔ་དྲུག་སྤྲོ་བསྡུ་དེ་ལྟར་ཡིན། །མ་དཔེར་གནས་བཞིའམ་ལྔར་བྱེད་ན་ནི། ཆ་ཤས་གཅིག་ཅན་༡༠༡ ༢༠༢ ༣༠༣ ༤༠༤ ༥༠༥ ༦༠༦ཆ་ཤས་གནས་གཉིས་མ་༤༩༠༤ ༡༡༠༩༡ ༥༢༠༨༥ ༢༣༠༨༢ ༦༤༠༧༦ ༣༥༠༧༣རེའུ་མིག་ལ་བཀོད་སྤྲོ་དང་བསྡུ། །སོ་སོའི་བྱ་རས་འདི་ལྟར་འཛིན། །དེ་ལ་གནས་ལྔར་ལྔ་མ་བཞིར་སྡུད་པ་ཞེས་བྲིས་འདུག དེ་དཔྱད། དབུགས་མེད་པའི་གནས་བཞི་མའང་འདུག་སྟེ་དེ་ཡིན་ནམ། ལྔ་དྲུག་སྤྲོ་བསྡུ་གང་ཡིན་ཀྱང་བྲིའམ་བསྣན། བསྡུ་འདོད་ན། །འོག་མ་སྣག་གི་ཨང་གུ་ནི། །རི་རོ་དང་
ནི་རི་མཁའ་རིའི། །ཆ་སྟེ་དེ་དག་བྱ་ར་བ། །སྟེང་མ་མཚལ་ཨང་རི་མཁའ་རིའི། །ཆ་སྟེ་དེ་ཉིད་གཟུང་བྱའོ། །གནས་ལྔ་གནས་དྲུག་སྤེལ་འདོད་ན། །སྟེང་མ་རི་མཁའ་རིའི་ཆ་ཤས། །དེ་ཉིད་བྱ་ར་བར་བྱས་ནས། །འོག་མའི་ཆ་ལྟར་བཀོད་པས་འགྲུབ། །ཆ་ཤས་སྤྲོ་བསྡུ་ནམ་དགོས་ན། །བལྟས་པས་ཆོག་པ་དྷཱིས་བྲིས་དགེ། དུ་བའི་ངེས་པ་སྤོ་བ་ནི། ༧ །གང་ཞིག་རང་དང་ལོ་མགོ་ནས། །རྩིས་འཕྲོ་ཕྲིའམ་སྣོན་བྱས་པའི། ༧ །བྱེད་རྩིས་འཕྲོ་གང་ཟིན་རུང་འདྲ། པའི་ཟླ་དག་གསུམ་བརྒྱས་བགོ། ལྷག་མ་དེ་ཡི་སྦྱིན་བྱའོ། །ཡང་ན་ལྷག་དེས་མཁའ་སྟོང་མེར། །ཕྲི་བའི་ལྷག་མས་དམན་ཀྱང་འདྲ། ༧ །ནག་ཟླའི་བྱེད་པའི་དུ་བ་ཡི། །རྩིས་དང་དེའི། འཕྲོ་ཐོབ་ལོ་མགོ་གང་ཡིན་གྱི། པ་གཞུང་ལྟར་བསྐྲུན། །དེ་ཡི་མདའ་རིའི་གནས་དག་ཏུ། །དེ་ནས་བགྲད་པའི་འདས་ད་ལྟ་ཡན་དཔྱད་ཟླ་བསྲེ། །མདའ་རི་ལོང་དེར་ཐོབ་པར་བསྲེ། །ལྷག་མ་མིག་གིས་བསྒྱུར་བ་སོགས། །དུ་བའི་ཆོ་ག་བཞིན་དུ་བྱ། །ཐོབ་པ་ནི་སྔར་འགྲོས་བཞི་པོའི་ཐོག་མ་སྟེ། ཐོབ་ས་ཐིག་འདྲའམ་ཐིག་གནས་ཐོབ་པ་བཞིའི་བར་སྟེ། འགྲོས་བཞི་ཚར་གཉིས་རྫོགས་པའི་བར། དུ་བ་མཐོང་བ་གཉིས་ཀྱི་དང་པོ་འདི་ལ་དཔྱད་དཔྱོད། །རིམ་པའི་དོན་གསུམ་དོན་བཞི་ཐིག །རིམ་མིན་གཉིས་གཅིག་ཐིག་སྟེ། །གཉིས་ཀའི་༢༧༣༧༠༢༤ གཉིས་དང་བར་གྱི་ཐིག་དེ། ལྔ་པོ་མཚལ་གྱིས་བྲི། ཕྱོགས་ལོངས། ༥༠༡༣ ༢ སོགས་དམར། ལྟག་གཟུངས་ཚེས་ལྷག་གཉིས་ཀ་ནག་པོ། བྱ་རའི་ཐིག་གཅིག་པོ་དོར་ནས་འོང་བ་རིམ་པའི་དགུ་སྟེང་རིམ་མིན་རྫོགས་པའི་དེ་མ་ཐག་ཏུའོ། །དམར་པོ་མ་དོར་བ་རིམ་བཞིན་མགོ་སྟེ། །རིམ་པ་རྫོགས་པའི་དེ་མ་ཐག་ཏུ་འོང་ངོ་། །དུ་བའི་རྩིས་འཕྲོ་དྷཱིས་བྲིས་དགེ ༧ །ལམ་ལྔ་རི་མོས་བྲི་བ་ལ། །གང་ཤར་ཁྱིམ་གྱི་རང་སྲང་གི། ལྔ་ཆས་
ལ་གང་ཤར་ཁྱིམ་དེའི་སྲང་ལྔས་བགོས་ཐོབ་བོ། །ཏརྐཱ་ལ་དེ་གང་ཤར་ཉིད་བགོ། ཐོབ་པའི་ནོར་ནི་དེ་ཉིད་ལ། །ལྷག་ཅན་མཉམ་ཕྱིར་གཅིག་བསྣན་ཞིང་། །ལྷག་མེད་མི་མཉམ་གཅིག་གིས་ཕྲི། །དེ་ཡི་དབང་པོའི་གྲངས་ལ་ནི། །ལུག་སོགས་ཀྱིས་ཕྲི་གླང་སོགས་ལ། །དེ་ལ་དབང་པོའི་གྲངས་ཀྱིས་ཕྲི། །དེ་ལྷག་གཅིག་ས་གཉིས་པ་ཆུ། །གསུམ་མེ་བཞི་རླུང་ལྔ་སྟོང་མཁའ། །དེ་ཡི་བདག་པོའི་གཟའ་བརྟག་པ། །གང་ཤར་འབྱུང་བ་དེས་ལྔར་ཕྲི། །དེ་ལྷག་གཉིས་བསྒྱུར་གླང་སོགས་དུས། །དེ་ལ་གཅིག་གིས་ཕྲི་བ་ནི། །སྟོང་པ་སྒྲ་གཅན་ཉིད་ཡིན་ཏེ། །ལྷག་མ་རིམ་པར་གཟའ་བདུན་དང་། །བརྒྱད་པ་ཀེ་ཏུ་དགུ་དུས་མེ། །དེ་ཡི་འབྲས་བུ་གཞུང་ལྟར་བརྟག །ཤིན་ཏུ་ངེས་ཏེ་བླང་དོར་གྱི། །ལུང་སྟོན་པ་དང་ལས་རྩོམ་པ། །འདི་དང་བསྟུན་པ་མཆོག་ཏུ་གཅེས། །རླུང་ལ་གོམས་པ་རྣམས་ཀྱིས་ནི། །ནང་གི་རླུང་རྩིས་བྱེད་པ་ནི། །གཡས་དང་གཡོན་པའི་སྣ་བུག་གི། དབུས་སྟེང་ཀ་འགྲམ་ཐུར་རྒྱུ་བའི། །འབྱུང་ལྔའི་རླུང་ལ་བརྟགས་ནས་ནི། །གཞན་ལ་ལེགས་ཉེས་ལུང་སྟོན་ནུས། །དེ་ལྟར་མི་ཤེས་ཕལ་པ་རྣམས། །འབྱུང་ལྔའི་དུས་སྦྱོར་བརྩི་བ་ལ། །འདི་ཡང་དྷཱི་མིང་གཞོན་ནུས་བཀོད། །དགེ་བས་བླང་དོར་གསལ་གྱུར་ཅིག ༧ །དབྱངས་འཆར་གཞུང་ལས། སྐྱེས་སྐར་ངོས་འཛིན་ཆེད། དེ་ཡང་རང་སྐྱེས་དུས་ཀྱི་ཟླ་བ་དང་ཚེས་གྲངས་ཤེས་ན། དེས་སྐར་མ་ཤེས་ལ། དེས་ཁྱིམ་ཡང་རིམ་པར་ཤེས་ཤིང་དེ་ལས་འབྲས་བུ་སྟོན་ནོ། །རང་ཚེས་གང་ལ་སྐྱེས་པའི་ཚེས་གྲངས་བརྟག་པ་ནི། ཟླ་བ་དེའི་ཚེས་གཅིག་གི་སྐར་མ་ཤེས་པར་བྱས་ནས། ལྔ་ལ་ཉེར་ལྔ། ཚེས་གཅིག་ལ་སྐྱེས་ན་ཉེར་དགུ་ལྟ་བུ་དེ་ཡིས་ཉེར་དགུ་ལ་ཕྲི་བ་དེ། ལྔ་ལྟ་བུ་
ཡིན་ན་ཉེར་ལྔས་ཉེར་དགུར་ཕྲིས་བས་བཞི། དོན་མོན་དྲེ་ནས། ཚེས་དེར་སྤྱོད་བཞིན་པ། ༣༢༠ ལྟ་བུའོ། །དེ་དཀར་ཕྱོགས་ཀྱི་དབང་བྱས་ཡིན། ནག་ཕྱོགས་ཡིན་ན་སྐྱེས་པའི་ཚེས་ལ་གསུམ་བསྣན་ཏེ། དཔེར་ན་ལྔ་ལ་གསུམ་བསྣན་བརྒྱད། དེ་ལ་སླར་བཅུ་གཅིག་བསྲེས་པས་བཅུ་དགུ། མོན་དྲེ་ནས་བརྟག་པས་བཅུ་གསུམ་བསྣན་པས་ས་རིའོ། ༧ །ཚེས་༥ལ་ཉེར་ལྔ་བསྲེ་གསུང་ཡང་། ཉེར་དྲུག་བསྲེས། སོ་གཅིག་དེ་ཉེར་བདུན་གྱིས་བགོས་པས་བཞི། ནག་ཕྱོགས་ཡིན་ན་༢༧ ལ་གསུམ་བསྣན་དེས་ཉེར་དགུའམ་སུམ་ཅུར་ཕྲི། ཚེས་གཅིག་བརྩིས་པས་རྟོགས། ༧ །ཡང་རང་གི་སྐྱེས་ཟླ་སོགས་ནི། །དཔེར་ན་དཔྱིད་འབྲིང་ལ་སྐྱེས་ན། སྐྱེས་ཟླ་གཉིས་ལ། བཅུ་གཅིག་བསྲེས་པས་བཅུ་གསུམ་དེའང་ཟླ་བ་དེས་དེའི་ཚེས་བཅོ་ལྔ་ལ། སྐར་མ་བཅུ་གསུམ་པའི་རྗེས་ལ། ༧ །ནག་པ་འོང་བ་ལྟ་བུ། ཇི་ལྟར་ན་སྐྱེ་བའི ཉི་མ་ལ་སོགས་པའི་དོན་ནི། ཇི་ལྟར་སྐྱེ་བའི་ཉི་ཚེས་སྐར་མ་འགྲིགས་ན་བསྣན་པའམ། །འབྲིད་པའམ། རང་སོར་གཞུག་པ་གསུམ་གྱིས་ཆོས་བཞི་ལྷག་པའི་ལྔ་ལྟ་བུ་ལ་བཞི་སྣོན་པ་དང་། བཞི་ཆད་ལྔ་ལ་གཅིག་འཕྲི་ཆད་ལྷག་མེད་ན་རང་སོར་འཇུག་པ་སོགས་ལ་ད་ལྟའི་གྲངས་དང་ལྷན་ཅིག་གནས་པ་ལས། སྐྱེ་སྐར་ཤེས། སྐྱེས་པའི་ཚེས་ལ་༢༥བསྲེ། ཉེར་བདུན་བགོ། ལྷག་མས་སོགས་འདི་ལ་རང་གི་ཟླ་བ་སྔོན་སོང་གི་སྐར་མ་སོགས་རགས་པའོ། །ཞིབ་པར་དེ་དུས་ཀྱི་ལྔ་བསྡུས་དག་པར་བྱའོ། ༧ །ཕུར་བུའི་ཕུར་སོགས་ཕྲ་བ་རྣམས་རགས་པ་ནས་མགོ་འཛིན། གཟའ་འཕོ་བ་དང་། བྱི་བཞིན་རེས་ཟླ་སྐར་རམ། སྟོབས་བཞི་ནི། ཕྱོགས་སྟོབས་ཉི་མས་ཟིལ་གྱིས་
མ་མནན་ཕྱོགས་ཡོད། །དུས་ཉིན་མཚན་དཀར་ནག་རང་ཁྱིམ་ན་གནས་སོགས། འགྲན་པ་གཅིག་ནས་བདུན་པར་འཕེལ་བ། མཐོ་དམན། ཞི་བ་དམའ་ན་སྟོབས་ཆེ། དྲག་མཐོ་ཆེ། དུས་སྦྱོར་སུམ་ཆའི་སྐབས་ཀྱི་མཐོ་དམན་སོགས་སོ། ༧ །དུས་སྦྱོར་གྱི་སྟོབས་ཆེ་ཆུང་ནི། དེ་ཤར་དུས་དེ་ཕྱོགས་དང་དེ་དུས་ལས་བསྒྲུབ་པའམ། ལུག་ཏུ་ཉི་མ་ཆ་ཤས་བཅུ་སོགས་ནི། གཟའ་རང་རང་གི་དལ་བ་བསྒྱུར་བའི་འདས་ལ་བརྩི་སྟེ། ཉི་མ་ལུག་ཏུ་སླེབ་པའི་ཞག་བཅུ་སོགས་ཀུན་ལ་འགྲེ། ཟླ་བ་ཆུ་ཚོད་ཕྱེད་ལྔ། གཟའ་དེར་ཁྱིམ་དེར་སྤྱོད་པའི་ཡུན་སུམ་ཅུའི་ཆ་ལས་སོ། །དེ་ལྟ་བུ་གནས་ཚེ་འདི་མཐོ་བ་བྱང་བགྲོད་ལའོ། །དམའ་བ་ནི་རང་མདུན་བདུན་པ་ན་སྟེ། ཉ་ལ་གཟའ་ལྷག་བཅོ་ལྔའོ། །ཏརྐཱ་ལ་ནས་གཡོན་སྐོར་བགྲང་མཐོང་བས། རྐང་པ་གཅིག་ཏུ་ཆུ་ཚོད་བཅོ་ལྔ། ལྔ་དགུ་ལ་ཆུ་ཚོད་སུམ་ཅུ་ལྟ་བུའོ། །འཁྲུགས་པའི་གྲོས་བྱེད་དང་པོ་གཡུལ་བཤམས་སྔ་བ་ལ་འཕམ་པ་ཞེས་མིང་འདོགས། མགྲོན་པོ་འཐོན་ལ་མི་འོང་ཞེས་པ་འདི་དཔྱད་དགོས་གསུང་འདུག །དགུ་ཆའི་སྟོར་རྙེད་ཏརྐཱལ་སུམ་ཅུའི་ཆ་ཤས། དུས་ལྔའི་སུམ་ཅུ་ཆ་དང་འགྲིགས་ན་བཟང་གསུངས། རྨི་ལམ་དགུ་ཆ་དང་ཏརྐཱལ་གཉིས་ལས་ཏརྐཱལ་གཙོ་གསུངས། ཟླ་གནས་བདུན་ཁྱིམ་མམ་ཡང་ན་སྐར་མ་བདུན་པར་རོ། །སྔ་མ་ལྟར་ན་ཉུང་ཕྱི་མ་ལྟར་ན་ལེགས་པས་དཔྱད། ༈ །ཐུན་ཕྱེད་སྒྲ་གཅན་སྤེན་ལོངས་ཕྱེད་དོ། །དོན་ལ་ཆུ་ཚོད་བཞི་དང་པོ། བརྒྱད་གཉིས་པ་སོགས་སོ། །འདི་བིཥྚི་དང་རྒྱུ་ཕྱོགས་འགྲིག་ན་སྒྲ་གཅན་རྟ་འགྲོས་ཟེར་བ་ཟབ་པའི་མན་ངག་ཏུ་བྱེད་གསུངས། འདི་རྣམས་སྔར་བྲིས་འདུག་དོན་ཆེ་མིན་མ་ངེས་རུང་དཔེ་བཅད། སྐྱེས་བུའི་ཀླུང་སྨེ་ཤེས་འདོད་ན། །དྲུག་ཅུའི་ཐ་མར་བཞུགས་པར་ཡི། །ཆུ་དབུས་ཕག་མོ་སྔོན་མོར་དྲིས། །དེ་ཡིས་གསལ་བའི་མེ་ལོང་སྟེར། །རང་ལོ་དྲུག་ཅུའི་ལོ་ནང་ནས། །
གང་ཡིན་དེ་ནས་ཕག་གི་བར། །དེད་པའི་ཁམས་ལྔ་གང་ཡིན་པའི། །ཕག་བཟུང་རང་གི་སྐྱེས་སྨེ་ནས། །ཕག་དེའི་བར་དུ་ལུགས་ལྷོག་༧༠༨༧ སོགས་ལྟ་བུ་བགྲང་། །ཆུ་ཕག་དངོས་ཤར་དེ་གས་འཐུས། །དེ་མིན་ཤིང་མེ་ས་ལྕགས་བཞི། །གང་ཡིན་དེ་ནས་བུ་དེད་ཀྱིས། །ཆུ་ལ་མ་ཐུག་བར་དུ་ནི། །དང་པོའི་ཕག་གི་སྨེ་བ་ནས། །བརྒྱད་ལྔ་གཉིས་ཞེས་རེས་བསྐོར་བས། །ཆུ་ཡི་སྟེང་དུ་གང་བབ་པ། །དེ་ཉིད་ཕག་མོའི་ལྡེའུ་མིག་ཡིན། །བྱ་གླང་སྦྲུལ་གསུམ་དེ་དག་རང་། །གཞན་མ་ཕག་ནས་གྱེན་དུ་ནི། །ཕག་ལུག་ཡོས་གསུམ་སྦྲུལ་དང་ནི། །སྟག་རྟ་ཁྱི་གསུམ་སྤྲེལ་དང་ནི། །བྱི་འབྲུག་སྤྲེལ་གསུམ་སྟག་གི་བར། །ཕག་མོའི་སྐར་རྩིས་སྣ་ཚོགས། བསྨེ་ནས་ལུགས་འབྱུང་བརྩི། །༢༣༤སོགས། ལོ་སྟེང་རང་རང་སྨེ་བ་དེ། །མཐུན་གསུམ་སོ་སོའི་ཀླུང་རྟར་ངེས། །ཡང་ན་ཕག་གི་སྨེ་བ་ལ། །ལྕགས་ཀྱི་ཀླུང་རྟ་ཅན་ལ་གསུམ། །མེ་ཅན་དྲུག་བསྣན་ཆུ་ཤིང་ལ། །བསྣན་མི་དགོས་ཏེ་དེ་གས་ཆོག །དེ་ཉིད་སྐྱེས་བུའི་ཀླུང་སྨེ་སྟེ། །དཀར་སེར་ནག་ལས་གཞན་མི་འབྱུང་། །ཤིང་བྱིའི་སྨེ་ལས་ལྔས་བཟུང་བ། །རྒྱལ་མོ་ཕག་གི་ལྡེའུ་མིག་གོ། རབ་ཚེས་མེ་ཡོས་ཟླ་༢ཚེས་༢༨ལ། །འཇམ་དཔལ་བྱང་སྒོའི་ཕག་གདོང་མ། །ཀླུང་གི་ལྡེའུ་མིག་འཛིན་པ་ལ། །དྷཱི་མིང་ཅན་གྱིས་བརྒྱུད་དེ་བྲིས། །འདི་ནག་རྩིས་རེད་ཀྱང་འདིར་ཞོར་དུ་བྲིས། ཡང་ན། བྱི་བ། ཤིང་ལྕགས། ༤ ས། ༧ མེ་ཆུ། ༡ འདི་བཞི་མཐུར་ཕབ། རང་ཁམས་ལོ་ནས་བྱི་བའི་བར། །དེའི་མ་ནས་རང་ལོར་དེད། །ཅི་ཙམ་འཕྲུལ་ཀྱང་མི་འདྲ་བའི། །རྩིས་ཀྱི་རྣམ་འགྱུར་སྣ་ཚོགས་རེད། ༈ །ཨཿ སྟོང་པ་དབྱིངས་ཀྱི་གཞལ་ཡས་སུ། །རང་རིག་བྱང་ཆུབ་སེམས་ཀྱི་ལྷ། །འཇམ་དཔལ་དཔལ་བོ་སྣང་སྟོང་སྐུ། །ཡེ་ཤེས་ལྔ་ཡི་རང་བཞིན་ལས། །ཕུང་ཁམས་སྐྱེ་མཆེད་
ཆོས་ཐམས་ཅད། །གདོད་ནས་རྣམ་དག་ཀུན་བཟང་ཀློང་། །ལོ་སྤར་སྨེ་བ་གཟའ་སྐར་རྣམས། །ཕྱོགས་དུས་གནས་རྒྱུའི་དཀྱིལ་འཁོར་ཆེ། །རྟེན་འབྱུང་བསམ་གྱིས་མི་ཁྱབ་པ། །ཀུན་ཀྱང་ཡེ་ཤེས་རོལ་པར་ཤར། །ཡང་དག་དོན་དུ་མཉམ་པ་ཉིད། །ལྷུན་གྲུབ་དེ་བཞིན་ཉིད་དུ་རྫོགས། །ཨཱརྱ་མཉྫུ་ཤྲཱི་དྷརྨ་དྷཱ་ཏུ་ཛྙཱན་གརྦྷ་ཨཱཿ འདི་ལྟར་ཤེས་ཤིང་འདི་བཟླས་ན། །སྣང་སྲིད་ཐམས་ཅད་མཐུན་པར་འཆར། །གདུག་པས་གནོད་པ་མིང་ཡང་མེད། །ཡེ་མཁྱེན་རྣམས་ཀྱི་སྙིང་ཐིག་སྟེ། །འདི་ལ་གང་གིས་འབད་པ་དེས། །གནས་སྐབས་རྒུད་པ་ཀུན་ཞི་ཞིང་། །མཐར་ཐུག་འབྲས་བུ་ལྷུན་གྲུབ་སྐུ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་འགྲུབ། །འདི་ཡང་གཞོན་ནུ་དྷཱི་མིང་པའི་རིག་རྩལ་ལས་ཤར་བ་མངྒ་ལཾ།། ༈ །རྔ་བན་ཀུན་དགའི་མཚན་ཅན་གྱི་རྩིས་གསར་ཡོད་པ་ཐམས་ཅད་ཀྱིས་ཉི་ཟླ་གཟའ་འཛིན་ཐིག་ཆེ་བས་རྩིས་ཅན་དུ་བྱེད་ཀྱང་རྩིས་ཁོག་འཆར་འདུག་ཀྱང་ཟླ་འཛིན་བསྡུར་ཕྱིར་བྲིས་པ། ༧ རབ་བྱུང་བཅུ་བཞི་པའི་མེ་ཡོས་སོགས་འདས་ལོ་ཉེས་བསྒྱུར་ནག་པ་སོགས་འདས་ཟླ་བསྲེས། གནས་གཉིས་འོག་མ་ཞུས་བསྒྱུར། ༦༦ བསྣན་༡༣༠བགོས་ཟླ་བགོ། ཟླ་དག་ག ནས་བཞི། ༣༥༨༡༡༠༠བསྒྱུར་༣༥༣ ༠༠ ༨༧༢ སྦྱིན་༦༦༧༧༠༠༠༧ བགོ་གཟའ་དྷྲུའོ། ༧ །ཟླ་དག་གནས་གཉིས་༢༡ བསྒྱུར། ༩༢༠ ཟླ་བསྣན་༡༢༢༨༦བསྒྲིལ་པ་རིལ་ཆའོ། ༧ །ཟླ་དག་གནས་བཞི་༡༥༡༢༠༨༤ བསྒྱུར་༡༡ ༢ ༠༡ བསྲེ་བསྒྲིལ་བ་ཉི་དྷྲུའོ། ༢༦ །ཅི་བསྣན་དོར་ཉི་ལྡོག །༧ གཟའ་ལྔ་ཟླ་དག་བསྒྱུར་གང་བརྩིའི་ཚེས་བསྲེས་གནས་གསུམ་བཞག་དེ་ལ།ལུག་༥ ཉ་གླང་༤ བུམ་འཁྲིག་༣ ཆུ་སྲིན་ཀ་ཊ་༥ གཞུ་སེང་༦ སྡིག་བུ་མོ ༧ སྲང་ཁ་ཆེའི་མན་ངག་ལས་དུས་སྦྱོར་འཆར་ཚད་དེ་ཁ་ཅིག་འདི་ཀཻ་ལ་ཤའི་དབང་དུ་བྱས་པར་འདོད་དོ། །
༢༥༠༥༡ ༥ བསྣན་༧༦ ༠ ༠ ༠ དྲིལ་བས་སྟེང་ཕྲི་སོགས་གཞན་འདྲ། གསལ་ཞག་གཟའ་༢༦༦༦༧༠༠༠ལྔ་ལ། དམར་ལ་༣༤༡བསྣན་ལྷག་པར་བརྒྱས་བསྒྱུར་ལ། ༤༤༥༢ཕུར་བུ་༤༠༧༥སངས་བཅུས་བསྒྱུར་༧༥༢སྤེན་པར་༨༠༣༠བསྣན་ཏེ་རང་འཁོར་དྲིལ་སོགས་འདྲ། ཉི་བར་གསལ་ཞག་མིག་ཀླུ་མེ་སྐྱོན་གྱིས་བསྒྱུར་༢༤༨༨༦༤བསྣན། རང་འཁོར་སོགས་འདྲ། ༧ མཇུག་རིང་ཟླ་དག་ལ་རི་ཡིད་༡༤༧དམ། གོ་བདུན་༩༧ བསྣན་ལ་དབང་རིས་བགོ། ལྷག་མེད་དུས་མཐོང་༠༥༣ ༩། གཟའ་ཡི་རྟག་ལངས་༠༤༠༦ ༡༣ སྐར་རྟག །གཟའ་བར་བྱས། རིལ་ཕོ་ཚེ་བསྲེས་༡༤བགོས། མཉམ་མི་མཉམ་རིམ་རིམ་མིན་རྐང་འཛིན་འདྲ། ཕྱེད་དག་གི་གཟའི་ཆ་ཤས་༦༧བསྒྱུར་༧༠༧བགོས་པས་ཕྱེད་སྙོམས་གནས་ལྔར་བྱ། ཉི་བར་ལ་གནས་གསུམ་༢༣ ༢༠ བྱང་བགྲོད་ལ་བྱིན། ༩༠ལྷོ་བགྲོད་ལ་ཕྲི། ལྷག་༡༣༥བགོས་ཐོབ་ཉི་རྐང་འཛིན། ༦༤༡རྐང་པ། རིམ་མིན་བྱང་བགྲོད་གྱེན་དུ་བརྩི། གཅིག་ཤོས་ལྡོག རྐང་བཟུང་སྡོམ་སོགས་འདྲ། སྔ་རྐང་བསྣན་སོགས། དེ་གཟའ་ཕྱེད་དག་ལ་བྱང་ཕྱིན་ལྷོར་དོར་དེས་གཟའ་དག་གོ། ཉི་བར་གཅིག་ལ། ༤༦༥ལྷོ་༢༡༠༥བྱང་སྦྱང་། མ་འདང་འཁོར་ལོ་བསྣན། ༦༤༢༠ ༠༧ རྐང་བ་གཟུགས་སོགས་འདྲ། དེ་ཉི་བབ་ལ་ཕྱིན་པའི་ཉི་མ་དག་གོ། ཉི་ཟླ་བསྲེས་པས་སྦྱོར་བ་སོགས་འདྲའོ། ༧ །སྒྲ་གཅན་ཟླ་དག་ལ་བུག་བཟང་བསྣན། ༦༩ །མིག་བསྒྱུར་ཉར་གཟུགས་སྟོང་མིག་བསྣན། མཁའ་དུས་ཆུས་ཐོབ། དོར་ལྷག་རིམ་བཞིན་བསྒྱུར་༤༦༠ ཐོབ་སོགས་འདྲ། ༧ །བགོས་ཞག་རིམ་བཞིན། ༢༦༦༧༠༠བསྒྱུར། རང་དཀྱིལ་གྱིས་ཐོབ་པའམ་དཀྱིལ་འཁོར་དང་རྐང་འཛིན་སོགས་འདྲའོ། །ཐམས་ཅད་གནས་བཞི་མའོ། །ཤེད་༢༦༦༦ ༤༧ ༠༠༧༦༠༤༧༤སྙོམས་ཕྱིར་རང་རང་གི་དཀྱིལ་འཁོར་གྱིས་ཆ་ཤས།
ཉི་བར་གྱི་ཆ་ཤས་འདྲ། མ་བསྒྱུར། མདའ་མཁའ་མཚོ་ཡིད་རི་མཚམས་ཀྱིས་བགོས་པས་གནས་ཐང་མ་ལ་བབ་ཚེ་ལྔར་བྱས། དེ་མིན་ཐམས་ཅད་འདྲའོ། །དེ་ནས་ཤེད་སྙོམས་ལྟར་བསྒྱུར། ལྷག་མ་མི་ལུས། ལུས་ན་བསྐྱར་བས་དག་ཟེར། རྐང་པ་རིམ་མིན་ལ། ༣༠ བསྣོན་པ་མི་འདུག་གོ། དེས་གཞུང་སོགས། ༧ གཟའ་འཛིན་ལ་ཚེས་འཁྱུད་དང་སྒྲ་གཅན་གདོང་མཇུག་གང་ཉེས་མངལ་ཉུང་བས་སྦྱང་། ལྷག་མར་གདོང་འཛིན་ལ། རི་མོ་༠༥༧ འདི་མན་ཆད་དང་། མཇུག་ལ་མི་འདུག་འདི་མན་ཤར་ན་འཛིན། མདོར་ན་སྦྱང་ལྷག་ཆུ་ཚོད་དེ་དྲུག་ཅུས་བསྒྱུར། ཆུ་སྲང་བཅུག་པས་༡༤༨༠རིལ་ཡན་འདྲའམ་བརྟག་བསྒྲིབ། མང་ན་དེས་༣༣༨༠ འདི་ལ་སྦྱང་ལྷག ༡༡༨ འདིས་བགོས་པས་ཐོབ་ནོར་ལ། ༥༩ ཆ་ཕྱེད་སྒྲིབ། ༢༩ བཞི་ཆའོ། །མཇུག་ལ་དེ་འདྲ་དབྱུག ༦༠ བསྒྱུར་སྲང་བཅུག་པས། ༡༢ ༦༧ རིལ་འདི་ཤར་ན་འདྲ་བསྒྲིབ། དེ་ལས་མང་ན་དེས་༣༦ ༠༠ འདི་ལ་སྦྱངས་ནས་༡༤༥འདིས་བགོས་པའི་ཐོབ་པར་༧༢ཕྱེད། ༣༦ ཐོབ་ན་བཞི་ཆའོ། །ཕྱོགས་སོང་འདྲ། ༧ ཉི་དག་ལ་སྐྱིས་ཁྱིམ་སྦྱང་། མ་ལྡངས་ན་འཁོར་ཕྱེད་དོར་བའམ། ཡང་ན་བྱང་བགྲོད་༢༡༠༥ལྷོ་བགྲོད་༦ ༤༥ སྦྱང་མ་ལྡངས་ཉེར་བདུན་བསྣན། ལྷག་མ་༦༠ བསྒྱུར་སྲང་བཅུག་༡༣༥བགོས་པའི་ཉི་རྐང་འཛིན། ཆུ་སྲིན་༠ ༠ ༠ ཀརྚ་བུམ་པ་༡ ༥ ༡ སེང་གེ་ཉ་༢ ༡༠ ༢ བུ་མོ་སྐར་རྩིས་སྣ་ཚོགས། བ་ལུག་༣ ༡༥ ༣ སྲང་གླང་༤ ༡༠ ༤ སྡིག་འཁྲིག་༥ ༠ ༥ གཞུ་ལྷོ་བྱང་གི་བགྲོད་པ་གཉིས་ཀ་ཡང་ཐུར་དུ་དེད། ལྷག་དྲུག་ཅུས་བསྒྱུར་སྲང་གཞུ་ཉེར་བདུན་བགོས་ཐོབ། མཁའ་རོས་བསྒྲིལ་བའི་ནོར་ཆུ་སྲང་དེ། ཉར་ཆུ་སོགས་ལ་བྱིན། ལུག་སྲང་
སོགས་ལ་སྦྱང་ལྷག་སྲང་དེ་མཁའ་མེའི་ཆུ་སྲང་ལ་བསྣན་པ། ཟླ་བ་ཆ་རེའི་འགྲོགས་སྲང་ཡིན། །དེ་མིག་གིས་བགོས་ཆ་ཡི་ཆ་ཕྱེད་སྲང་། དེ་མིག་ཐོབ་བཞི་ཆའི་སྲང་། ཆུ་ཚོད་བརྒྱད་ནས་བཅུ་གཉིས་བར་ཟླ་བ་རིལ་འགྲོགས་ངེས་མེད་དེ། འགྲོགས་དབྱུག་མིག་བསྒྱུར་སྲབ་མཁའ་མེས། །ཐོབ་ན་ནོར་གཞུག་ཆུ་སྲང་ངེས། །ཟླ་བ་གཡོན་རུས་འགྲོགས་སྲང་དམན། །ཟླ་བའི་འཛིན་ཆ་ཆའི་སྲང་གིས། །བསྒྱུར་ལ་ཕྱེད་དང་བཞི་ཆའི་སྲང་། །གཞུག་ལ་མཁའ་རོས་བགོས་ཐོབ་དབྱུག །ལྷག་མ་སྲང་དུ་ཤེས་པར་བྱ། །ཆུ་ཚོད་མེས་ཐོབ་དབྱུག་ཡིན་ལྷག །མཁའ་རོས་བསྒྱུར་ལ་སྲང་གཞུག་པ། །དེས་ཐོབ་སྲང་དེ་ཟླ་བ་གཟས། །སྒྲིབ་མནན་གྲོལ་གསུམ་ཚད་ཡིན་ནོ། །དེ་ཡི་རིག་པས་གླིང་མཚམས་སུ། །ཇི་ལྟར་མཐོང་ཚད་ངེས་བྱའོ། །གང་ཚེ་ཚེས་ལོངས་མང་ན་དེར། །ཉིན་ཚོད་སྦྱོང་བའི་ལྷག་ཆུ་ཚོད། །མིག་བསྒྱུར་སྲང་མཁའ་མེས་ཐོབ་གཞུག །སྲང་དེས་ཟླ་བ་འཆར་སྔའོ། །གང་ཚེ་ཉིན་ཚད་མང་ན་དེར། །ཚེས་ལོངས་སྤྱོད་ལྷག་དབྱུག་མིག་གིས། །བསྒྱུར་དེས་སྲང་མཁའ་༣༠མེས་ཐོབ་གཞུག །སྲང་དེས་ཟླ་བས་འཆར་ཕྱིའོ། །གང་ཚེ་ལོངས་སྤྱོད་མཁའ་རོ་ལ། །སྦྱོང་ལྷག་དབྱུག་མིག་གིས་བསྒྱུར་ངེས། །སྲང་ལ་མཁའ་མེས་བགོས་ཐོབ་གཞུག །སྲང་དེས་ཟླ་བ་ནུབ་ཕྱིའོ། །ཉ་ཡི་ཚེས་ལོངས་དག་ལ་ནི། །འགྲོགས་ཡུན་བསྲེས་ཀྱང་ཉིན་གྱི་ཚད། །མ་ལོངས་ན་ནི་མི་མཐོང་ངོ་། །ཤར་ནས་བཟུང་ལ་འདིར་མཐོང་ཚེ། །འགྲོགས་བསྲེས་ཚེས་ལོངས་ཉིན་ཚད་ཀྱིས། །སྦྱང་ལྷག་ཆུ་ཚོད་དྲུག་ཅུས་བསྒྱུར། །སྲང་བཅུག་སྐབས་བབ་ཀྱིས་ཐོབ་ཆ། །དེ་ཕྱེད་དེས་ཐོབ་ཆའི་ཕྱེད་དེ། །དེ་ཕྱེད་དེས་ཐོབ་བཞི་ཆའོ། །འཛིན་མནན་གཏོང་བའི་ཡུན་ཚོད་དང་། །མཚན་འགོར་འདི་ནས་
མཐོང་ཚད་བརྟག །མཁའ་རོ་ལོངས་ལ་ཁད་ན་དེས། །མཁའ་རོར་སྦྱང་ལྷག་དབྱུག་མཁར་རོས། །བསྒྱུར་ལ་ཆུ་སྲང་བཅུག་པ་དེ། །སྐབས་བབ་འཛིན་ཆས་ཐོབ་པའི་ཆ། །དེ་ཕྱེད་དེས་ཐོབ་ཕྱེད་ཀྱི་ཆ། །དེ་ཕྱེད་དེས་ཐོབ་བཞི་ཆའོ། །མཚན་མཐར་འདི་ནས་མཐོང་ཚད་ཡིན། །འོན་ཀྱང་ས་ཁད་ལ་སོགས་དཔྱོད། ༈ །ཉི་འཛིན་ནི་སྟོང་གི་ཚེས་མཁྱུད་དང་། །སྒྲ་གཅན་གདོང་མཇུག་ཕན་ཚུན་གང་མང་ལ་ཉུང་གིས་སྦྱང་། །གདོང་གིས་སྦྱངས་ནས་བདུན་ཡན་མི་འཛིན། ང་དྲུག་མན་ཤར་ན་ལྷག་དེ་དྲུག་ཅུས་བསྒྱུར་ལ་སྲང་བཅུག་༡༨༥༠ འདི་ཤར་ན་རིལ་སྒྲིབ། ཡང་ན་དེས། ༣༣༨༠འདི་ལ་ཕྲི་ལྷག་༡༡༨སོགས་ཟླ་བའི་དེ་འདྲ། གདོང་ལ་སྦྱངས་ན་ཉེར་དྲུག་ཡན་མི་འཛིན། ཉེར་ལྔ་མན་དབྱུག་དྲུག་ཅུས་བསྒྱུར་སྲང་བཅུག་དེས། ༡༤༨༠ འདི་ལ་སྦྱང་ལྷག་༡༥༨འདིས་ས་མ་འདི་དཔྱད་ཐོབ་པ་ཆ་ཡིན། ལྷག་དོན་དགུས་བགོས་ཐོབ་ཆ་ཕྱེད། ཉེར་དགུས་ཐོབ་པ་བཞི་ཆའོ།། །། ༈ མཇུག་མར་སྦྱང་ན། ལྷག་མའི་དབྱུག་དྲུག་ཅུས་བསྒྱུར་སྲང་བཅུག་ལ། ༡༢༦༧ འདི་རིལ་སྒྲིབ། མང་ན་དེས་༣༦༠༠ འདི་ལ་སྦྱངས་ནས་༡༤༥ འདི་པས་བགོས་ཐོབ་ཆ་གང་རང་ཡིན་ནོ། །མ་ཐོབ་རང་པར་༧༢འདིས་ཐོབ་ན། ཆ་ཕྱེད། ༣༦ འདིས་ཐོབ་ན་བཞི་ཆའོ། ༈ །མཇུག་མས་སྦྱངས་ན་ཉེར་གསུམ་ཡན་མི་འཛིན། ཉེར་གཉིས་མན། ༦༠བསྒྱུར་སྲང་བཅུག །༡༢༦༧ འདི་ལ་སྦྱང་ལྷག་༩༢འདིས་ཐོབ་ན། ཆ་༤༦བྱེད་༢༣ཐོབ་ན་བཞི་ཆའོ། །གནད་ནི། ཉིད་དག་སྐར་མ་དྲུག་ཅུས་བསྒྱུར། །འོག་གི་ཆུ་ཚོད་སྟེང་དུ་བཅུག །མདའ་ཡོན་ཟླས་ཐོབ་འདས་པའི་ཁྱིམ། །ལྷག་མའི་གནས་ཀུན་སུམ་ཅུས་བསྒྱུར། །བསྒྲིལ་བགོས་ཐོབ་
པ་འདས་པའི་ཞག །འདས་ཞག་རྐང་བཟུང་གདོང་མེས་བསྒྱུར། ༼༠ ལུག་༠ ༡ ༣༠ ཉ་༡༡༡ གླང་༣༠ ༤ ༡༥༢༠ བུམ་པ་༡༠༢ འཁྲིག་པ་༡༦༢༠ ༦ ༣༣༠ ཆུ་སྲིན་༩༣ ཀརྐཊ་༣༣༠ ༦ ༡༥༢༠ གཞུ་༨༤ སེང་གེ་༡༥༢༠ ༤ ༣༠ སྡིག་༧༥ བུ་མོ་༣༠ ༡ ༠ སྲང་༦༽ འདས་པའི་ཆུ་སྲང་གྲངས་ངེས་ཀྱང་། །ལུག་སྲང་སོགས་ཀྱི་ཆུ་སྲང་བརྒྱན། །ཀར་ཆུ་སོགས་ཀྱི་ཆུ་སྲང་དམན། །ལྷག་དེས་ཟླ་ཉི་སྒྲ་གཅན་དང་། །འགྲོགས་ཡུན་ཆུ་ཚོད་མཁའ་རོས་བསྒྱུར། །སྲང་གཞུག་ཆུ་སྲང་གྲངས་གང་དེར། །སྦྱང་༤མ་ལྡངས་ན་ཉིན་ཕྱེད་ཀྱི། །དུས་དེར་གང་གི་ཐད་གནས་པའི། །ཤར་མིའི་སྐྱེ་བོས་མཐོང་དཀའ་སྟེ། །ལྡང་ན་ལྷག་སྲང་གང་ཤར་བ། །ཆ་ཡི་སྲང་གིས་བགོས་ཐོབ་ནོར། །ཆ་ཡིན་དེའི་ཕྱེད་དེས་ཐོབ་པ། །ཆའི་ཕྱེད་དེའི་ཕྱེད་དེས་ཐོབ་པ། །བཞི་ཆ་ལ་སོགས་ཞིབ་དཔྱད་དེ། །ཟླ་བ་འཛིན་ལུགས་ལ་དཔགས་པའི། །ཉི་འཛིན་ཤར་མིའི་སྐྱེ་བོས་ཀྱང་། །མཐོང་བར་འགྱུར་ཏེ་འཛིན་པར་ངེས། །བརྒྱ་ལྔ་བཅུ་འདི་ལ་རྩ་བ་ན་མཁའ་ཉིད་བྱས་འདུག་དཔེ་རིས་ན་འདི་སྣང་དཔྱད། ཐད་ཡན་ནུབ་མིའི་སྐྱེ་བོ་སར། །གནས་པའི་སྐྱེ་བོ་དག་གིས་རི་མོ་ལྟར། །ཚེ་ལོངས་རྫོགས་མ་ཐག་པ་ནས། །ཟླ་ཆོག་བཞིན་དུ་འཛིན་ཆ་གང་། །མཐོང་བར་འགྱུར་རོ་དེ་ལྟར་དཔྱོད། །ཚེས་ལོངས་མཁའ་རོ་ལ་སྦྱང་ལྷག །དབྱུག་གུ་མིག་བསྒྱུར་སྲང་མཁའ་མེས། །ཐོབ་པ་གཞུག་པའི་སྲང་དེ་ཡིས། །ཉི་མ་ཟླ་བ་འཆར་སྔའོ། །གང་ཚེ་ཚེས་ལོངས་ཉིན་ཚད་ལ། །སྦྱང་ལྷག་དབྱུག་མིག་བསྒྱུར་བ་ལ། །སྲང་ལ་མཁའ་མེས་ཐོབ་པ་གཞུག །སྲང་དེས་ཉི་ཟླ་ནུབ་སྔའོ། །སྟོང་གི་ཚེས་ལོངས་འགྲོགས་བསྲེས་ཀྱང་། །
མཁའ་རོ་མ་ལོངས་ན་མི་མཐོང་། །མཁའ་རོ་ལངས་ན་དོར་ལྷག་གང་། །དྲུག་ཅུས་བསྒྱུར་ལ་སྲང་བཅུག་པ། །སྐབས་བབ་ཀྱིས་ཐོབ་ཆ་ཡིན་ལ། དེའི་ཕྱེད་སོགས་གོང་འདྲ། དགོངས་མོ་འདི་ནས་མཐོང་ཚད་བརྟག ཞེས་སོ། ༈ །༤༦༧ དབྱར་ཉི་ལྡོག་དུས་ཉིན་ཆུ་ཚོད་བཞི་བཅུ། མཚན་ཉི་ཤུ། དགུན། ཉིན་ཉི་ཤུ། མཚན་བཞི་བཅུ། ༢༡ ༠༥༠ གུ་ཉི་ལྡོག་ཚད། ༡༠༣ ཉི་སྐར་ལོས་ཡིན་སྙམ། འདོད་པ་ཤར་དུས་རྀ་ཥི་ནི། །སྐར་མ་མེ་བཞིའི་ཐོག་མ་རུ། །ཐོ་རངས་ངེས་པར་འཆར་བ་སྟེ། །ལྷོ་མཐར་འོད་ཆེན་ཅན་དུའོ། ༧ །ཉི་མ་ལས་ཚེས་ལོངས་༢༡༥ སྟེ་མདའ་ཡོན་ཟླ་བའི་ཕྱིར་སྣང་སྟེ། དོན་དུ་ཉི་མའི་རྐང་འཛིན་ལ་གཅིག་ཕྲི་བཏང་ན་རེད་འདུག ༧ རྩིས་གཞུང་འདིས་དུས་སྦྱོར་ཐམས་ཅད་ཆུ་ཚོད་ལྔ་རེར་འཆར་ཡུན་མཉམ་པར་བྱས་འདུག་རེའུ་མིག་ཞག་གསུམ་བཅས་ཡོད་ཀྱང་གཞུང་ཉུང་འདུག ༧ བདག་གིས་དགག་པ་ཡོད་པ་གཞན་དུ་ཤེས་མངྒ་ལཾ།། །།འདི་རྣམས་ཞིབ་ཁྲིད་རྩིས་གཞན་དང་ཅི་ཁྱད་སོགས་ཉམས་སུ་ལོན་པར་དཔྱད་དགོས་དགེ། ༠ ཤིང་༡༢ མེ་༧༡ ས་༤༠ ལྕགས་༡༡ ཆུ་༧བྱ་ར་འབྱུང་བ་སྐྱེས་སྨེ་༈ རེའུ་མིག་འཕྲེད་དུ་དེད་པའི་དང་པོ་རབ་བྱུང་དང་། གཉིས་པ་འབྱུང་བ། གསུམ་པ་ལོ་སོ་སོའི་སྐྱེས་སྨེའམ་ལུས་སྨེ་ཡིན་ནོ། །དཔེར་མཚོན་ན་རབ་བྱུང་བཅོ་ལྔ་པ་ལ་སྨེ་ཕྲེང་དང་པོ་བཟུང་ནས་རིམ་པར་དེད་པས་ཤིང་བྱི་༡མེ་བྱི་༧ས་བྱི་༤ལྕགས་བྱི་༡ཆུ་བྱི་༧དེ་བཞིན་མེ་ཡོས་༧ས་ཡོས་༤ལྕག་ཡོས་༡ཆུ་ཡོས་༧ཤིང་ཡོས་༡དཀར་སོགས་རིགས་བ སྒྲེ་ཞིང་། ལོ་རྒན་དྲུག་ཅུའི་རེའུ་མིག་དང་སྦྲགས་པས་ཇི་བཞིན་རྟོགས་པར་འགྱུར་རོ། །དེ་ཡང་ཐོག་མར་འདི་ལྟར་ངེས་
པར་བྱས་ནས་རེའུ་མིག་ཉུང་ངུ་འདི་ཙམ་ལ་བརྟགས་པས་སོ་སོའི་སྐྱེས་སྨེ་ངོས་ཟིན་ནོ། ༧ །སྔ་མ་འདས་མ་ལོ་ཟེར། ཕྱིས་རྒྱབ་ཀྱི་དེ་བྲིས་འདུག །གང་ལོ་དཔྱད་དགོས། །བྱ་ར བྱི་ཡོས་གླང་ཁྱི་སྟག་སྦྲུལ་འབྲུག་ལུག་རྟ་བྱ་སྤྲེལ་ཕག་༠ ༡ ༩ ༢ ༦ ༧ ༨༢ ༧ ༦ ༨ ༣ ༤ ༥༡ ༤ ༣ ༥ ༩ ༡ ༢བརྩི་བྱ་རབ་བྱུང་གང་ཡིན་པའི། །གྲངས་ལ་མེ་བགོས་ལྷག་མ་ཡི། །བྱ་ར་བཟུང་ལ་བརྩི་ལོའི་འོག །བརྩི་ལོའི་འབྱུང་བ་གང་ཡིན་པར། །ཤིང་མེ་ས་ལྕགས་ཆུ་ཞེས་སུ། །སྟེང་ནས་མར་དེད་རིམ་པར་བསྐོར། །གང་བབ་ས་ལ་སྐྱེས་སྨེར་འཛིན། །སྐྱེ་སྨེ་གནམ་སྨེ་གང་ཡང་རྟོགས། །ཀླུང་སྨེ་ཡང་ནི་བརྩི་བྱ་དང་། །མཐུན་པའི་སྨེ་ཕྲེང་ནས་བརྩམ་སྟེ། །ལོ་ཁམས་བཞི་པོའི་སྨེ་བ་བརྟག །འདི་ནི་གཅིག་ཤེས་ཀུན་གྲོལ་ཏེ། །སྨེ་བའི་ངོས་འཛིན་ཁྱད་པར་ཅན། །རཏྣའི་ངོར་བྱས་དྷཱིས་བྲིས་དགེ ། ༈ འཛིན་ལུགས་གོང་འདྲ་དགོས་སྙམ། འདི་བྱི་ཡོས་གླང་འབྲུག་སྟག་སྦྲུལ་བསྡམ་ཆོག་འདུག་དེ་ནས་ཕག་སང་མི་ཆོག་ཀྱང་། འདི་བདེ་འདྲའམ་དཔྱད། འདི་སླར་ཤོག་ཁྲའི་སྨེ་ཕྲེང་བསྟུན་ནས་དག་ངེས་བྱ་དགོས། གཞན་གོང་གི་རི་མོ་ཐམས་ཅད་དག་ཐེར་ཕུད་དགོས། །བྱར་བ་ཡོས་འབྲུག་སྦྲུལ་རྟ་ལུག་སྤྲེལ་བྱ་ཁྱི་ཕག་བྱི་བ་གླང་སྟག༡ ༧ ༦ ༥ ༤ ༣ ༢ ༡ ༩ ༨ ༧ ༦ ༥༢ ༤ ༣ ༢ ༡ ༩ ༨ ༧ ༦ ༥ ༤ ༣ ༢༡ ༡ ༩ ༨ ༧ ༦ ༥ ༤ ༣ ༢ ༡ ༩ ༨རེའུ་མིག་སྔར་མ་རབ་བྱུང་སྔ་མའི་འགྲོ་ཆུ་དག་ལ་སྨེ་ཕྲེང་ཐ་མ་རྫོགས་ནས། རབ་བྱུང་བཅོ་ལྔ་པ་དངོས་མེ་ཡོས་ནས་ཡིན་ཀྱང་ཤིང་བྱི་ནས་སྨེ་ཕྲེང་དང་པོར་འཇུག་པ་དཀྱུས་ལྟར་བཀོད་འདུག རེའུ་མིག་ཕྱི་མ་འདི་ད་ལྟའི་བཅོ་ལྔ་རབ་བྱུང་གི་ཆུ་ཕག་ལ་སྨེ་ཕྲེང་དང་པོ་རྫོགས་ནས། ཤིང་བྱི་ནས་སྨེ་
ཕྲེང་བར་མར་སོང་འདུག་པ་ལས་དོན་ལ་ཁྱད་པར་མི་སྣང་ལགས། ༈ །སྐར་རྩིས་ཀྱི་རི་མོའི་ལག་ལེན་གཏན་འབེབས་རབ་གསལ་མེ་ལོང་ཞེས་རབ་ཚེས་མེ་ཡོས་ནས་མགོ་བཟུང་འདུག །ཕུག་ལུགས་སྡེ་སྲིད་ལོ་ཆེན་སོགས་ལ་ཕྱག་བྱས་འདུག །༢ མདའ་རོའི་ལྷག །༤༨ ཞེ་དགུར་ཟླ་བཤོལ་འབྱུང་། རེ་གསུམ་མཐར་ཐིག་གཉིས་རེ་བཞིའི་མཐར་ཐིག་གཅིག་བྱུང་བླ་མའི་ཞལ་རྒྱུན་ཡིན་ཟེར་འདུག་བསྡུས་རྒྱུད་བྱེད་པའི་ཉི་དག་ལ། ༡༣ ༣༠བྱིན་པ་ཚེས་མ་ཁྱུད་དེ་དང་། སྒྲ་གཅན་གདོང་མཇུག་གང་ཉེ་སྦྱང་ཆ་ནི། གདོང་གི་ཟླར་སྦྱང་། ༥༠༧ཆུ་འཛིན། ཟླ་བས་གདོད་སྦྱང་ངམ། མཇུག་མས་ཟླ་བ་སྦྱང་ཚེ། ༥༠༠མན་ཆད་འཛིན། ཟླ་བས་དུས་མེར། ༤༠༠མན་འཛིན། ཆུ་ཚོད་སྟོང་ན་མི་འཛིན། ༧ གོང་གི་སྦྱང་ལྷག་འབྱུང་བས་བགོ། ཐོབ་པར་༡༣༤ ཚུན་རིལ་སྒྲིབ། ༥ཆ་བཅུ་གཅིག་༦ དགུ་ཆ། ༧ ཕྱེད་༨བཞི་ཆ་༩ཆ་གཉིས་༡༠ཆ་གཅིག་ཆུ་ལ་བརྟག །༡༡འཛིན་ཀྱང་མི་གསལ། མྱོང་གྲུབ་ཡིན་གསུངས། གྲུབ་པའི་དུས་ནི་རེས་གཟའི་དབྱུག་གུར། བྱང་བགྲོད་མཐར་ཐུག ༧ ལྷོ་བགྲོད་མཐར་ཐུག །༡ བྱིན་སྨིན་རྒྱལ་ཟླར། ༢ མཆུ་དབྱུག །༣ ཉིན་མཚན་མཉམ་དུས། ༤ ནག་གྲོ་བཞིན། ༥ ས་ག་ཆུ་སྟོད་༦ བྱིན་པ་ནམ་ལངས་ནས་བཟུང་། །དེ་ཟད་མཚམས་སུ་འཛིན་ཞེས། །མན་ངག་ཞལ་ཤེས་ཡོད་གསུངས། ༧ །ལྷོ་བྱང་བགྲོད་གཉིས་ལ། དགོང་དང་ཞོག་ཉེ་རི་མོ་བཞིན་མི་བསླུ་ཡང་། ཉིན་གུང་བསླུ་སྲིད། གོ་ལའི་ལམ་མོ་འཇམ་དཔལ་གསུང་། སྟོན་དཔྱིད་མཉམ་གཉིས་དུས། སྔ་དགོང་རི་མོ་བཞིན་མ་ངེས་ཀྱང་། །ཉིན་གུང་མི་བསླུ་ཟེར་གསུངས། །ཁྱད་པར་དཔྱིད་མཉམ་ཉིན་ཕྱེད་གོང་
དང་། སྟོན་མཉམ་ཕྱེད་འོག་བསླུ་བ་མེད་གསུངས། །དེ་ལྡོག་བསླུ་གསུངས་འདུག །སྔ་མའི་མྱོངས་བརྩིས་སོ། །བྱེད་གྲུབ་མཐུན་དགོས་ཤིང་ཁྱད་པ་ཉི་འཛིན་བྱེད་པ་བཙན་གསུངས། ༧ །རྣམ་བཞག་གྲུབ་རྩིས་ཀྱི་ཉི་དག་དང་། སྒྲ་གཅན་གདོང་མཇུག་གང་ཉེ་སྦྱང་། གདོང་གི་ཉི་དང་ཉི་མས་མཇུག་སྦྱང་། ༠༤༠མན་ཆད་འཛིན། ཉིས་གདོང་སྦྱང་། ༠༥མན་འཛིན། མཇུག་གིས་སྦྱང་། ༠༨མན་འཛིན། བྱེད་པར་བཅུ་མན་འཛིན་གསུངས། ཆ་ནི་སྦྱང་ལྷག་ལ་བདུན་མན་ཕྱོགས་༩༠དང་།བདུན་ལས་མང་ན་མདའ་བྱིན་པས་དྲུག་ཅུར་ཕྲི། ལྷག་མ་ཉིས་བསྒྱུར་མཁའ་རོས་བགོ། ཐོབ་པར་༣བཞི་ཆ་༦ཕྱེད་འཛིན་༩བཞི་གསུམ་༡༢རིལ་སྒྲིབ་སྟེ་དེ་དག་གི་བར་རྣམས་རིག་པས་བརྟག །ཉི་ཆ་བཅུ་གཉིས་བྱས། ཆ་རེ་ཆུ་ཚོད་རེ་རེའི་ཡུན་ནོ། ༧ །སྔ་མའི་ཉི་མའི་རྩིས་འཕྲོ་སྦྱར་བས་ན། །ཉི་ལོངས་མཁའ་མེ་ལྷག་པས་ཉེས་མཐོང་གསུངས། །ཞེས་འདུག་པ་ལྟར་རྩིས་འཕྲོའི་ཁྱད་ཡོད་འདྲ། སྨད་ཀྱིས་མི་འཛིན། ངག་གི་དབང་པོས་བསྡེབས་ཞེས་མཛད་བྱང་འདུག །དགེ་ལྡན་རྩིས་གསར་ལུགས་ཀྱི་རབ་བྱུང་བཅོ་ལྔ་པའི་རྩིས་འཕྲོ་གསར་བསྒྲིགས་ལྔ་བསྡུས་བློ་གསལ་འདོད་འཇོ་ཞེས་པ། ཙོང་ཁ་པར་མ་ཆོད་ལོ་ཆེན་མ་སྨོས་འདུག །ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི་རྩིས་འཕྲོ་ཅན་དེའི་ངེས་པ་སྤོས་པ། སྔར་གྱི་རབ་གསལ་མེ་ལོང་དང་རྩིས་འཕྲོ་གཅིག །ཁོག་འདི་རྒྱས་འདུག །ཆུ་བཟང་དགོན་དུ་ཅང་སྐྱས་བསྐུལ་ནས། དེའི་ཞབས་འདེགས་ཛ་སག་མཁན་སྤྲུལ་བློ་བཟང་བསྟན་འཛིན་ཉི་མས་བྲིས་པ། དེའི་རེའུ་མིག་སྐོར་མང་། ཕུག་ལུག་རྩིས་ཀྱི་སྙིང་པོ་མཁས་
པའི་མགུལ་བརྒྱན་ཞེས་རབ་ཡིད་རྒྱལ་བ་ཤིང་རྟ་ལ་ལོ་མགོ་སྤོས་པ་ཕུག་ལུག་བཻ་དཀར། སྒྲ་གཅན་ལ་ནུར་ཕྲི་ཟེར། མཁས་དབང་འགའ་ཡི་མན་ངག་ཡིན་པ་གནད་དུ་ཟུངས་ཞེས་འདུག །ཉི་འཛིན་སོགས་ཉི་སྣང་འདྲ། ཁྲི་ཆེན་དྷྭ་ཛ་སིང་ཧའི་སྤྲུལ་སྐུ་ཟེར།བློ་བཟང་རྒྱལ་མཚན་སེང་གེས་མཛད། རྩིས་ཀྱི་མན་ངག་དཔག་བསམ་ཡོངས་འདུའི་སྙེ་མ་ཞེས་པ། བློ་བཟང་རྒྱལ་མཚན་སེང་གེར་མཆོད་བརྗོད། སྡེ་སྲིད་ལོ་ཆེན་མཆོད་བརྗོད། བསྟན་རྩིས་ཉིན་སྣང་ལྟར་མདོར་བསྡུས་བཀོད་པའོ། །རབ་ཡིད་མཛེས་བྱེད་ཆུ་ཡོས་ལ་ལོ་འགོ་བཟུང་བ་འདུག ༧ །སྒྲ་གཅན་ལ་རྐང་པའི་སྤྱོད་ཚུལ་མེད་གསུངས་ཀྱང་། རྒྱ་ནག་རྩིས་ན་སྒྲ་གཅན་རྐང་པ་ཉི་ཟླ་བཞིན་ཡོད་སོགས་ལོ་ཆེན་དང་མཐུན། ལྟས་ངན་གཟའ་བཞི་དང་། ལྟས་ངན་ལྷ་མོ་འཆར་བས་སོགས་འཆར་གསུངས། སྒྲ་གཅན་གྱི་འཁོར་ལོའི་མདའ་སྟོང་ཟླ་བ་མདེའུ་རྩེར་ཉི་མ་ཡོད་དུས། གླིང་འདིར་ནམ་ཕྱེད་ནས་བཟུང་ཉིན་ཕྱེད་བར། སྲིད་གསུམ་རྣམ་པར་རྒྱལ་བའི་དུས་ཆེན་ཡིན་ཞེས་འདུག །སྔོན་སྟོན་པས་དུས་འཁོར་གསུང་དུས། །ནག་ཉར་ཤར་ཉི་ལྷོར་དུས་མེ། ནུབ་ཟླ་བ། བྱང་སྒྲ་གཅན་བབ། དུས་དེར་རྒྱལ་བས་བྱིན་གྱིས་བརླབས་པས་དུས་ཆེན་གཞན་ལས་མྱུར་ཆེ་ཞེས་དཔྱད་དགོས། གཙང ་ཆུད་ཆོས་གྲགས་རྒྱ་མཚོའི་སློབ་མ་ནོར་བཟང་རྒྱ་མཚོ། ཕུག་པ་ལྷུན་གྲུབ་རྒྱ་མཚོ་སྟེ་རྒྱ་མཚོ་རྣམ་གསུམ་མོ། །དེ་གསུམ་གྱིས་སྟོང་ཆེན་གསུམ་བཙལ་བས་ཕྱི་མ་ལེགས་ཤིང་བད་དཀར་ཞལ་ལུང་བརྩམས་པའོ། །དེ་རྗེས་པཎ་ཆེན་ཡེ་ཤེས་དཔལ་འབྱོར་ཀྱིས་སྟོང་ཆེན་གསུམ་བཙལ་སྟེ་རྩིས་འཕྲོ་བཞག་པ་འདི། གཟའ་འཛིན་དུས་ཆ་ཅུང་རགས་པ་
མ་གཏོགས། རྣམ་དག་འཁྲུལ་བྲལ་ཡིན་གསུངས། ལུགས་འདིར་བསླུ་མེད་བརྟག་ཟེར་མི་དགོས། ༈ ཚེས་ལོངས་ལ་ནུར་སྟེར་རྒྱུ་དེ། མཇུག་འཛིན་མ་གཏོགས་གདོང་འཛིན་སྐབས་སྒྲིབ་མྱུར་བས་ནུར་འདི་མི་སྟེར་བ་འདྲན་དབང་ཞལ་རྒྱུན་ཡིན་གསུངས། ཉི་མས་གདོང་སྦྱང་། ༠༥མན་འཛིན་ཟེར་ཀྱང་། གདོང་ལ་གོ་ལོག་འབྱུང་མི་སྲིད་གསུང་ཀྱང་། འཛིན་པ་མངོན་སུམ་མཐོང་གསུངས། ཉི་མས་སྦྱངས་དུས་ཆ་ཤས་ལམ་ལྡངས་ན། རི་རོ་འབེབས་དགོས་གསུངས། མཇུག་འཛིན་༡༢ ༩༠ ཙམ་བྱུང་ན་རིལ་སྒྲིབ། དེ་ལས་ལྷག་དུས་སྦྱང་ལྷག་ནི། མང་བ་བཞིན་དུ་འཛིན་ཆ་ཆུང་གསུང་། འདི་ངེས་འདྲ་དཔྱད། ༧ ཞིབ་ན་གདོང་འཛིན་གོ་མ་ལོག །དབྱུག་ཟུང་གིས་སྒྲིབ་མྱུར་ཞིང་གཏོར་འགོར་གོ་ལོག་ལ་གཅིག་གི་ཁྱད་ཡོད། མཇུག་འཛིན་མ་ལོག་དབྱུག་གཉིས་ཀྱིས་འཛིན་འགོར་གཏོང་མྱུར་གོ་ལོག་ལ། འཛིན་དུས་བུལ་གཏོང་མྱུར་གཅིག་ཁྱད་འབྱུང་གསུངས། ༧གཞུང་དེ་ལས། ཞལ་ལུང་རྗེས་འབྲང་ཉི་སྣང་སོགས་ཀྱི་དྷྲུ་བ་ལས་དགའ་ལྡན་རྩིས་གསར་གྱི་དྷྲུ་བ་འཚོལ་ན།འདི་བྱིན་པས་འཆར། རྩིས་གསར་གྱི་དྷྲུ་བ་ལ་དེའི་ཕྲི་བས་ཞལ་ལུང་རྗེས་འབྲང་དྷྲུ་བ་འཆར་ཞལ་ལུང་དེ་གསུམ་ལ་གཟའ་དྷྲུ། ༢༠༢ རི་འཆར ། ༢༧ ཉི་དྷྲུ། ༠༠༥༤ ༦༠༩ ༢༤༠ ༩༦འདི་རྣམས་༣༠༢ ༣ ༠༣ ། ༣༢༤༠༠༣༠༥༠༡༦རི་འཆར་ཕྲི་བས་ཐཱོ་ཀན་སྙིང་ནོར་གྱི་དྷྲུ་བ་འཆར་མཁས་པའི་སྙིང་ནོར་ལ་དེ་དག་བྱིན་པས་ཞལ་ལུང་གི་དྷྲུ་བ་གཟའ་དྷྲུ་ལ། ཉི་དྷྲུ་ལ། འཆར་བ་ཡིན་ནོ། །དེ་བཞིན་དགེ་ལྡན་རྩིས་གསར་གྱི་གཟའ་དྷྲུར། རིལ་འཆར་༧༥༢འདི་དག་ཕྲི་བས་སྙིང་ནོར་འཆར། སྙིང་ནོར་གྱི་དེ་གཉིས་སྔ་མ་དེ་དག་ལ་བྱིན་ན་སྙིང་ནོར་གྱི་དེ་གཉིས་
འཆར། ཉི་དྷྲུ་ནི་སྙིང་ནོར་དང་རྩིས་གསར་གཅིག་པས་བྲི་སྣོན་མེད་གསུངས། ༣༤༡༥༠ ༧༢༢ འདི་ཞལ་ལུང་སྒྲ་གཅན་གྱི་རྩར་བརྒྱན་གདོང་མཇུག་གཉིས་ལ་ཕྲི་བ། རྩིས་གསར་དང་སྙིང་ནོར་གྱི་རྩ་གདོང་མཇུག་གསུམ་འགྲུབ། རྩིས་གསར་དང་སྙིང་ནོར་གྱི་སྒྲ་གཅན་ལ་གོང་གི་དེས་རྩ་བར་ཕྲི། གདོང་མཇུག་ལ་བརྒྱན་ན། ཞལ་ལུང་ལུགས་ཀྱི་སྒྲ་གཅན་འཆར། ཚུལ་འདི་རྟོགས་ན་གཟའ་འཛིན་སོགས་བརྩི་སྐབས། དཔེ་མང་ཚོལ་བའི་ངལ་བ་མེད། གནད་བརྒྱ་ལྡེའུ་མིག་གཅིག་གིས་འབྱེད་གསུང་ལེགས། ༧ རྒྱ་བོད་ཚེས་གྲངས་བསྡུར་ཚུལ་ལ་གསུམ་ཡོད་དེ་དང་པོ་རྩིས་གསར་གྱི་རེས་གཟའི་ཆུ་ཚོད་བརྒྱད་ཚུན་བྱུང་ཚེ། སྟོང་དེ་རྒྱ་ནག་གི་ཚེས་གཅིག་ཡིན། ཞེ་ལྔ་ཕན་བྱུང་རྒྱ་བོད་གཉིས་ཚེས་གཅིག་མཐུན། དེ་ཡི་བར་གྱི་ཆུ་ཚོད་དྲུག །ཐེ་ཚོམ་ཡིན་ཏེ་འཕྲོ་དབང་ཡིན།ཡང་ལུགས་གཅིག་བཅོ་ལྔ་ལྟ་བུ་ལ། རྒྱ་བོད་ཀྱི་གཟའ་བསྟུན་གཅིག་བསྣན་ཚེ་རྒྱ་ཡི་བཅུ་དྲུག་དང་། ཕྲིང་གོས་ཚེ་རྒྱ་ཡི་ཚེས་གཅིག་གོ། ཡང་ན། ཆེ་ཟླ་སུམ་ཅུ། ཆུང་ཟླ་ཉེར་དགུ་ལ་བསྲེ་ལྟ་བུ། རེས་གཟའ་བསྣན་ཏེ་ཐུབ་པས་དོར་བའི། ལྷག་མའི་གཟའ་དང་བོད་གཟའ་བསྟུན། མ་མཐུན་གོང་ལྟར་གཅིག་ཕྲི་ཚེས་ལྔ་ཉིན། བསྣན་ཚེ་ཕྱི་ཉིན་ཡིན། རྒྱ་བོད་ཚེས་གྲངས་བསྡུར་ཚུལ་འདི་གཟའ་འཛིན་དུས་མན་ངག་ཡིན་ཏེ་དེ་མ་ཤེས་ན་ཤེས་ན་ཁ་དམར་ལོག་གསུངས། ༧ ཚེས་ལྷག་སྔོན་མ་བསྒྲུབ་ཚུལ་ནི། ཚེས་སྔོན་གཟའ་ལ་གཟུགས་བརྒྱན། ཉི་དག་ལ་མཚོ་དབང་ཚེས་བསྒྱུར་བྱིན། དེ་ནི་རེས་གྲོགས་གཞན་ཀུན་རང་སར་འཇོག་གསུངས་སོ། ༧ །གཟའ་ལྔའི་འཕོ་མཚམས་ནི། དཔེར་ན་ཚེས་༡གཅིག་༢བཅོ་ལྔའི་བར། བལྟ་ཚེ་ཚེས་ཞག་གཅིག་བཅོ་ལྔར། ཕྲི་ལྷག་
སྐར་བསྒྱུར་དབྱུག་བཅུག་བགོ དེ་བཞིན་བཅོ་ལྔ་བསགས་བྱས་ཏེ། །དེ་ཡི་གནས་ཀུན་གྲངས་གང་གིས། །བསྒྱུར་ཏེ་གཅིག་ཤོས་ཆུ་ཚོད་ནས། །སྐར་གནས་ལ་ནི་གཅིག་འཕར་ཚེ། །སྒྱུར་བྱེད་གྲངས་དེ་འཕོ་ཉིན་ཡིན། །འདི་གཞན་ལ་དྲིས་ཚེ་ཚུལ་བཞིན་སྨྲ་བ་ཉིན་སྐར་འདྲ་གསུངས། །གྲིབ་མའི་ངེས་པ་ནི། ཉ་བུ་མོ་ཐུར་གྲིབ་བཅུ། ལུག་སེང་དགུ། གླང་བརྒྱད། འཁྲིག་བདུན། སྲང་བུམ་བཅུ་གཅིག །སྡིག་ཆུ་སྲིན་བཅུ་གཉིས། གཞུ་གྲིབ་བཅུ་གསུམ་ཡིན། ཉི་ཤར་གྲིབ་མ་མང་ཐོབ་པ་ཉུང་། གུང་ཉིར་གྲིབ་ཉུང་ཐོབ་མང་། འོན་ཀྱང་ཀུན་ལ་ཕྱེད་འཆར་དགོས། དེ་ཡི་སྒྲུབ་ཚུལ་འདི་བཞིན་ཏེ། འཁྲིག་པའི་ཉིན་ཕྱེད། ༡༡ ༨༥ ཆུ་ཚོད་དེ། མཁའ་རོས་བསྒྱུར་ལ་ཆུ་སྲང་བཅུག །ཉིན་ཕྱེད་ཐུར་གྲིབ་བདུན་གྱིས་སྤེལ། །བགོད་གཞིར་རགས་ཏེ་གཞན་རྣམས་འགྲེས། ༧ །ཁྱིམ་ཞག་སུམ་ཅུའི་རིགས་ལ་བགོད་གཞི་གཅིག་བྱེད་པ་རགས་པ། །ཞིབ་ན་ཉིན་དེའི་ཉིན་ཚོད་སོ་སོ་ཕྱེད་བྱས་ནས། །བགོད་གཞི་རེ་རེ་བཟོ་དགོས་སྙམ་གསུངས་དགོས་ངེས་སོ། ༧ །འགོས་ལོ་གཞོན་དཔལ་གྱི་རྩིས་ཀྱི་འཁྲུལ་སེལ་དུ། ཉི་མ་ཆུ་སྲིན་ཁྱིམ་དུ་སླེབ་ཉིན་ལྡོག་པས་ཟླ་གཅིག་སྔ་བསྒྱུར་སོགས་ལེགས་ཆ་མང་གསུངས། དེ་བཞིན་རིག་པའི་དབང་ཕྱུག་ཀུན་དགའ་ཆོས་དབྱིངས་རྒྱ་མཚོ་ཡི། རྒྱུད་དང་འགྲེལ་ལས་དངོས་ཤུགས་ཀྱིས། །ལེགས་བསྟན་རྩིས་ཀྱི་བསྟན་བཅོས་དེར། །དབྱར་དགུན་ཉི་ལྡོག་ཁྱིམ་ཚད་སོགས། །རྒྱུད་དང་ཤིན་ཏུ་མཐུན་ཚབ་ཆེ། །ཁྱད་པར་གོང་མའི་ཐེམ་མི་མདའ་བའི་རྒྱ་རྩིས་དེ། དྲང་སྲོང་མངོན་ཤེས་ཅན་ཞིག་གིས་འཕྲོ་བཞག་ཟེར་བ། རྩིས་འཕྲོ་དངོས་རྙེད་པ་ཡིན་ནམ། དུས་འཁོར་རྒྱུད་ལྟར་ཉི་ལོངས་ཤིན་ཏུ་དག་སྙམ་པ་དང་། ཉི་
ལྡོག་གཟའ་འཛིན་སོགས་གང་ཡང་། འཁྲུལ་བྲལ་ཡིན་ཞེས་ཁོ་བོའི་ཟླ་བ་དཀར་ནག་རྩིས་རིག་ལ་འཁྲུལ་པའི་དྲི་མེད་བཟོད་པ་རྒྱལ་མཚན་པ་ལས་ཞལ་གདམས་ཡང་ཡང་ཐོས་ཞེས་འདུག །དེ་ཡང་རྒྱུད་འགྲེལ་དང་མི་མཐུན་པ་ཀུན་རྩིས་འཕྲོ་རྣམ་དག་མེད་པས་ལེན། དེ་ཕྱིར་གཞན་དཔྱད་གཞིར་རྒྱུད་མཐུན་འདོད་ཚེ་འདི་ལྟར་གསུང་། གླིང་བཞི་སྔ་དྲོ་ཕྱི་དྲོ་ཙམ། །མ་གཏོགས་ཉི་ལྡོག་ཉིན་གཅིག་འདོད། །ཆུ་སྲིན་དུ་སླེབ་མ་ཐག་གླིང་བཞིར་དགུ་ཉི་ལྡོག་དང་། །ཀརྐ་ཊར་སླེབ་མ་ཐག་དབྱར་ཉི་ལྡོག་དེ་ཕྱེད་མཉམ་གཉིས། ཉི་མ་འཆར་ནུབ་པ་གཞན་ལུགས་ལྟར་གསེག་མི་དགོས། ཤར་ནུབ་རང་རང་ཐད་དྲང་དུ། །འོང་བ་འདིས་ཀྱང་འགྲིགས་པ་ཡིན། །ལྷོ་བགྲོད་ལྷོ་གླིང་དུ་མྱུར། །བྱང་བགྲོད་བུལ་བ་མངོན་སུམ་དུ་སྤོ་བའི་ཚད་ཀྱིས་འཁོར་ལུགས་ལ་དཔྱད་པས་ཤེས། །ལྷོ་བགྲོད་མཐར་ཐུན་ཕྱི་ཉིན་ནས་ཡར་ནམ་མཁར་ཇེ་མཐོ། བགྲོད་ཅིང་འགྲོ་བ་བུལ། མར་འགྲོ་མྱུར་བ་མངོན་སུམ། ཚད་ཀྱང་ལྷོ་ཡི་ཆུ་དཀྱིལ་གྱི་བཞི་གསུམ་ཚུན་དང་། །ས་དཀྱིལ་ཕྱེད་ཕན་ཆད་ཡིན་ཏེ། །གོ་ལས་ཆུ་དཀྱིལ་བཞི་གཅིག་ཕན་དང་། །མེ་རླུང་མཚམས་ཚུན་བྱ་སོ་འདུག་པ། །ཐུར་གྲིབ་ལྷོར་འོང་སྙམ་དོགས་ཀྱང་དེ་སྐབས་ཉི་མ་ཆེས་མཐོ་བས། གྲིབ་མ་དེ་ལྟར་མི་འཆར་གསུངས། གོ་ལའི་གཟའི་ཁྱིམ་བཅུ་གཉིས། །ཡངས་དོག་མེད་ཅིང་མཉམ་ལམ་ནས། །ཕྱེད་དགོས་པའི་ཁྱིམ་དྲུག །ལྷོ་བྱང་དུ་བཀོད་པ། གཞུ་པད་ཀྱི་དབྱིབས་འདྲ་འོང་ཞིང་། བཅུ་གཉིས་པོ་ཟླུམ་ཐིག་གཅིག་མཐར་བཀོད་པ་ལ། གླིང་བཅུ་གཉིས་རང་རང་གླིང་གི་ཐད་ལ་ཟླུམ་སྐོར་རེ་མི་འདོད། ཉི་མ་དེ་ལྟར་གསེག་སྟེ་འཆར་ནུབ་མི་བྱེད་པ་མངོན་སུམ་བལྟས་པས་ཤེས། དེ་བཞིན་
མཉམ་ལམ་གཉིས་ནས་ནི། །ཡིད་ཀྱི་རི་མོ་འབྲི་བ་ནི། །གོ་ལ་ཆེན་པོའི་ཕྱེད་གནས་ཏེ། །རང་རང་ས་ཐད་གོ་ལ་དང་། །དེའི་ཕྱེད་འབྲི་བ་ལྷག་མི་འདོད། །ཉི་ལྡོག་སུམ་བརྒྱ་དྲུག་ཅུ་ཡང་། །རྒྱུད་རྩ་འགྲེལ་ནས་གཅིག་མ་གཏོགས་བཤད་པ་མེད།ཡུལ་དྲུག་ཏུའང་སོ་སོར་མ་གསུངས། ཡུལ་དྲུག་ཉིན་མཚན་ཆུ་ཚོད་འཕེལ་འགྲིབ་གསུངས་པས། ཉི་ལྡོག་སོ་སོར་ཅི་སྟེ་མི་གསུངས། ཆུ་སྲིན་ཀ་རྐར་ལྡོག་པ་ཙམ་ལས། འཁྲིག་གཞུ་སོགས་སུ་ཉི་ལྡོག་གསུངས་ཡོད་ཟེར་ཀྱང་། རྒྱུད་འགྲེལ་ན་ཟུར་ཙམ་མེད།རྒྱུད་དུ་བྱང་བགྲོད་ཀྱི་ཟླ་བ་དང་པོར། ཉི་མ་བཅུར་ཐུར་གྲིབ་བརྟགས་གསུངས་ཀྱང་། གྲིབ་མ་མ་དག་ན་ཉི་ལོག་མི་དག །དེ་མ་དག་ན་ཟླ་བ་དང་གཟའ་ལྔ་མི་དག་གསུངས། དེ་ཡང་མཁས་གྲུབ་ནོར་བཟང་བས་རྩེས་ཐང་བསམ་གཏན་གླིང་དུ་ཐུར་གྲིབ་བརྟག་ཚེ་ཉི་མ་ཡང་ཁྲིག་གཞུར་སླེབ་ནས་ཞག་གྲངས་བདུན་འདས་རྗེས་དབྱར་དགུན་ཉི་ལྡོག་གི་གྲིབ་གཟུགས་འགྱུར་གསུངས་པས། དུས་སྦྱོར་འདས་ཞག་སོགས་ལ་རི་ཡིས་ཕྲི་བའི་ལག་ལེན་མཛད། འཁྲིག་གཞུའི་ཐོག་མར་ཉི་མ་ལྡོག་པ་ལྷོ་གླིང་ཤར་མའི་ཚངས་ཐིག་ཏུ་དགོངས་པར་བཤད། རང་ཅག་གནས་པའི་ས་འདི་ལྷོ་གླིང་ཤར་མའི་ཚངས་ཐིག་ནས་ཁྱིམ་བཞག་བདུན་འདས་པའི་ས་ཚིགས་དང་། ལྷོ་གླིང་དབུས་མའི་ཚངས་ཐིག་ནས། ཤར་དུ་ཁྱིམ་ཞག་ཉེར་གསུམ་གྲངས་བའི་ས་ཚིགས་སུ་ཕུག་པའི་རྗེས་འབྲངས་རྣམས་བཞེད། བདག་གི་སློབ་དཔོན་མཁས་པ་ཆེན་པོས། གཞན་ཀུན་ལྟ་ཅི་པོད་ཆེ་ཆུང་། རྒྱ་ནག་ཆེ་ཆུང་ཤར་གླིང་སྟེ། རྔ་ཡབ་གླིང་ཡོད་ཁས་ལེན་དཀའ། དུས་འཁོར་ལས་ཡུལ་དྲུག་གི་ལྷོ་གླིང་དབུས་མའི་ཆར་མཛད་ཉིན་མཚན་གྱི་ཆུ་ཚོད་འཕེལ་འགྲིབ་ཚད་རེ་བཤད། དེ་ཕྱིར་
ཡུལ་དྲུག་དབུས་ཡོད་ངེས། ལྷོ་བྱང་གནས་ཏེ་ཉི་ལྡོག་སོགས་བཤད་པ། བསིལ་རིའི་འདབ་ནས། རྒྱ་གར་ལྷོ་མཐའ་བར་གྱི་ཐོབ་སྐལ་དྲུག་བགོས་པ་ཙམ་ལས། དྲུག་པོ་གནས་ཚུལ་ལྟར་ཡོད་ན་དཔྱད་ཚེ་མངོན་གསུམ་དང་འགལ་གསུངས། ༧ ཡེ་ཤེས་དཔལ་འབྱོར་པས་ཀྱང་། ཉི་མས་གོ་ལ་འཁོར་ལུགས་ཡུལ་དྲུག་སོ་སོར་འཆར་ནུབ་ནི་སྔ་ཕྱིའི་གྲིབ་མ་བསྟུན་ནས། ས་ཡི་ཐོབ་ཐང་དབང་བྱས་ཏེ། ཡུལ་དྲུག་ལྷོ་བྱང་ཚང་ཐིག་སྟེང་། །བསྒྲིག་ནས་ཡོད་ཀྱང་འཛམ་གླིང་གི། ཤར་ནུབ་སྒོར་མོར་དྲུག་བགོས་ཚེ། །རྒྱ་གར་ནས་བཟུང་རང་རང་གི་ཡུལ་གྱི་སྨེ་ཙམ་ཡན་ཆད་ཐད། སྒོར་མོར་གནས་བསྟུན་ཉིན་ཚད་སོགས། འཇོག་བདེ་ཕྱིར་གསུང་སྙམ་གསུང་། ཉི་མས་འཁོར་ལུགས་ནམ་མཁའི་དབང་དུ་བཏང་སྟེས་དུམ་བུ་སུམ་བཅུར་ཕྱེས་ཀྱང་། ནམ་མཁའ་དེ་ཡི་ཐད་དུ་གནས་མི་དགོས་པར་འདོད། ལུགས་འདི་ལྷོ་གླིང་དབུས་མའི་སུམ་ཅུའི་ཆ། ནུབ་མཐའ་ནས་ཤར་མཐར་བརྩི། དེ་བྱས་ཉེར་གསུམ་མདོ་སྟོད་སོགས་རིམ་བཞིན་རྒྱ་མཚོའི་མཐའི་བར་བགོས། འོན་ཀྱང་བགྲོད་གཉིས་ཉར་ཆུ་ལ། །སླེབ་ཉིན་ཉི་མ་ལྡོག་དགོས་ཀྱང་། །ཁྱིམ་ཚད་རི་མོ་དང་ཉི་ལྡོག་དང་འགྲིགས་པ་ཤིན་ཏུ་དཀོན། ད་ལྟའི་རྒྱ་རྩིས་ལ།རྒྱུད་ལྟར་ཉིན་མཚན་ཐོག་མའི་མགོ། ལུག་སྲང་ཉིན་མཚན་མཉམ་ནས་འཛིན། །ཉར་ཆུར་ཉི་མ་སླེབ་མ་ཐག །ལྡོག་གཉིས་འགྱུར་དུས་བརྟག་འཁོར་ལོ། །ཕྱོགས་བརྟག་འཁོར་ལོ་ལ་བརྟེན་ནས། །རྒྱ་ནག་གི་ཞིང་ས་བཅུ་གསུམ་པོར་དབྱུག་སྲང་ཙམ་མ་གཏོགས་ཉི་ལྡོག་ཉིན་གཅིག་འདོད། ༧ གཞན་ཡང་རྒྱུད་ལས་ཆུ་སྲིན་ཁྱིམ་དུ་ཉི་མ་ལྡོག་ཉིན་སྒང་ཡིན་པར་ཤུགས་བསྟན་སྒང་ཁྱིམ་འང་གཅིག་འདོད་དེ། རིགས་ལྡན་པད་དཀར་གྱིས་ཉིན་དེ་དགུན་གྱི་སྒང་ངམ་དཀྱིལ་ཡིན་གསུངས། སྒང་ཁྱིམ་སོ་སོར་མ་མཛད་རྒྱ་ནག་ལས་
ཀྱང་གཅིག་ཏུ་འདོད། །ལྡོག་མཉམ་བཞི་འདི་དུས་བཞིའི་སྒང་ངམ་དཀྱིལ་ཡིན་ལ། དུས་བཞིའི་དབུགས་བཞི་ཟུར་རམ་འགོ་ཡིན་པ་རྒྱ་ནག་པས་བྱང་འདོད་པས་ལེགས། དྲི་མེད་འོད་ལས་ཉིན་ཞག་ཐོག་མ་ནམ་ཕྱེད་ནས་མགོ་བརྩམས་གཟའ་ཡི་འཕོ་མཚམས་གསུངས། ད་ལྟའི་རྒྱ་རྩིས་སུ་ཡང་ནམ་གུང་ཤིང་བྱི་ནས་མགོ་འཛིན་གཟའི་འཕོ་མཚམས་ཀྱང་འདིར་བྱེད། །དེ་བཞིན་རྒྱ་ཡི་ནག་རྩིས་ལ། ལོ་ཟླ་ཞག་དུས་མགོ་འཛིན་ཚུལ། ལོ་སྔ་ཕྱིའི་མགོ་འཇུག་གི་སྤར་སྨེ་ཉི་སོགས་ཀུན་ཁ་འཕྲོ་འགྲིགས་པ་སོགས། བློ་ལྡན་ངོ་མཚར་སྐད་བྱེད་ཀྱང་གསུངས་འདུག་གོ ༧ །ལོ་འགོ་འཛིན་ལུགས་ལ་རྒྱ་ཡི་ལོ་འགོ་ཉི་ལྡོག་ནས་འཛིན་ཀྱང་། ཟླ་བ་དེ་སྟག་ཟླར་མི་འདོད་བྱི་ཟླར་འདོད། །སྟག་ཟླ་ནི་ཧོར་ཟླ་དང་པོ་འདོད། རྒྱ་ནག་ཏང་ལེན་ལས་ཧོར་ཟླ་དང་པོར་ས་གླང་བརྟག །དཔྱིད་དབུགས་ཐོབ་ཉིན་དེར་ཐེ་སེའི་བཞོན་པ་སྤོ་བར་འདོད་པས་ཟླ་བ་འདི་འཁྲུལ་པ་མེད། དེ་ས་སྐྱའི་སྐར་མཛོད་དང་། སི་ཏུ་ཆོས་འབྱུང་ལུགས་དང་ཧང་ལེན་མཐུན་གསུངས། གསེར་རྩིས་གཟའ་ཉི་ཀླུང་སྤར་སྨེའི་རྩིས་འདུག ༧ །གོང་མ་མཛོད་ཀྱི་མི་ཕྱུགས་གསོ་བ་སོགས། དགོས་དབང་གིས་༡༧༠ ༡༨༡ ༡༩༢ ༡༣ ༢༤ ཟླ་བ་བཅུ་པ་བཅུ་གཅིག་པ་བཅུ་གཉིས་པ་དང་པོ་གཉིས་པ་ལྔ་པོ་འདི་ལྟར་སྔ་ཕྱིར་སྤོ་བ་ཡོད་གསུངས། ༧ ད་ལྟའི་རྒྱ་རྩིས་ལུགས་ཀྱི་དཔྱིད་རའི་ཟླ་སྨེ་ནི། བྱི་རྟ་བྱ་ཡོས་ལོ་བརྒྱད་དཀར། ཁྱི་འབྲུག་གླང་ལུག་ལྔ་སེར། སྟག་སྤྲེལ་ཕག་སྦྲུལ་གཉིས་ནག་གོ། དེ་ལས་གཅིག་ཕྲི་དཔྱིད་འབྲིང་སོགས། ཕྱི་མ་རྟོགས་སོ། ༧ །ལོ་ཁམས་གང་ཚེས་ནི། ཆེ་ཟླ་གང་ཚེས་ཁམས་བསྟུན་གྱི། །བདུན་ཟུར་ཕྱི་ཟླའི་ཚེས་གཅིག་ཡིན། །ཆུང་ཟླ་ཕོས་ཚེས་མ་ཁམས་དང་། །མོས་ཚེས་རང་ཁམས་དྲུག་པ་དེ། །ཕྱི་མའི་ཚེས་གཅིག་ཡིན། །
རྒྱུ་སྐར་ཉེར་བརྒྱད་ནི་ཆེ་ཟླ་གང་ཚེས། དེ་ནི་བར་ནས་གཅིག་མཆོད་གསུམ་པ་དང་། ཆུང་ཟླ་གང་ཚེས་དེའི་གཉིས་པ། ཕྱི་མའི་ཚེས་གཅིག་ཡིན་འདི་བཞིན་མ་ནོར་བརྩིས་ན་བསྐལ་པའི་བར་དུ་ཤེས་གསུངས། ༧ དར་གུད་ནི། ཤིང་ཕོའི་བཙས་པ་ཕག་སྟེང་གཡས་སྐོར་འདྲེན། མེ་ཕོ་ས་ཕོའི་བཙས་པ་སྟག །ལྕགས་ཕོའི་བཙས་པ་སྦྲུལ། ཆུ་ཕོས་བཙས་པ་སྤྲེལ། ཕོ་ལོ་བཙས་པའི་གནས་ནས་གཡས་སྐོར་དར་གུད་བཅུ་གཉིས་པོའི་ལོ་ཟླ་ཞག་དུས་སྦྱོར། ཤིང་ཕོ་བྱི་བའི་གནས་དེར། ཤིང་མོའི་བཙས་པ་བཞག་གཡོན་དུ་སྐོར་བ་གནད། དེ་ཡི་རིགས་འགྲེས་ཀུན་ལ་སྦྱར་དགོས། རང་ཁམས་ཕོ་ལོ་ཤི་བའི་གནས་དེ་ནས་ཁམས་མཐུན་ཕོ་མོ་ཡིས། བཙས་པ་ཞག་གཡོན་བསྐོར་བྱའོ། ༧ །གཟའ་བདུན་སྟེང་འོག་མཐོ་དམན་གྱི་རྒྱུ་ཚུལ་ནི། འོག་ནས་ཡར་རིམ་པར་ཇེ་མཐོར། །ཟླ་ལྷག་སངས་ཉི་མིག་ཕུར་སྤེན་དང་དེ་སྟེང་སྨེ་བདུན་རྒྱུ་ཞེས་བཤད། ༧ ནག་རྩིས་རི་མོ་འདྲེན་ན། གཅིག་ཤིང་དང་། གཉིས་ས། གསུམ་ཆུ། བཞི་མེ། ལྔ་ལྕགས་ཁམས་སུ་ངོས་བཟུང་ནས། གནམ་ལོ་སོགས་གང་ཡིན་འབྱུང་གྲངས་ལ། འཐབ་ཚུལ་ལྔས་སྦྱང་། མ་ལྡང་ལྔ་བསྣན་སྦྱང་ལྷག །གཅིག་ལུས་གྲོགས་འཕྲད་རྡེའུ་དཀར་ནག་གཉིས། གཉིས་ལུས་མ་འཕྲད་དཀར་གསུམ། ༠༠༠ གསུམ་ལུས་བུ་སྟེ་དཀར་ནག་ཟུང་། ༠༠ བཞི་ལུས་དགྲ་ཕྲད་ནག་གཉིས། ༠༠ ཐིག་ཤར་འབྱུང་བ་ནང་འཕྲད་པས། ས་ཆུ་ནང་ཕྲད་དཀར་གཅིག་མེ་ལྕགས་ཤིང་གསུམ་ནག་པོ་བོར་དགོས་སོ། །དེ་བཞིན་གནམ་ལོ་དང་བརྩི་བྱའི་སྲོག་སོགས་བཞི་བླང་། སྐྱེས་སྨེ་སོགས་བཞི། བབ་སྨེ་སོགས་རི་མོ་འདྲེན་པ་ཡོད། སྐྱེས་སྨེར་ཆུས་བརྒྱན་བུ་གས་བགོ། ལྷག་ཀླུང་སྨེ་སྐྱེས་སྨེ་ལུས་སྨེ་དོན་གཅིག ༧།
མ་ལོ་གཟུགས་བརྒྱན་བུ་ལོས་སྤྱང་། བརྒྱད་པ་བགོས་ལྷག་སྐྱེས་སྤར་རོ། །དེ་ཡང་གཅིག་ཁམ་ཁན་༢དྭ་༣ཁོན་༤ལི་༥ཟོན་༦ཟིན་༧གིན་༠བར་རོ། །ཁོན་གིན་སོགས་རི་མོས་འདྲེན་པ་ཡོད། ཕོ་རང་མཐུན་སྟག་ལྔ་ནས་ཐུར་དུ་བརྩི། མོ་རང་མཐུན་སྤྲེལ་ལྔ་ནས་གྱེན་བགྲང་ལོག་མིན་ནོ། །ལོ་དེའི་དབང་གི་བུ་ནས་ཟླ་བ་ཧོར་ཟླ་དང་པོ་ནས་རིམ་དེད། ཟླ་དབང་གིས་ཚེས་དེད། ཚེ་དབང་འདི་ནམ་ལངས་ཡོས་ཁམས་བརྩིའོ། །ལོ་སོགས་དབང་ཐང་གིས་ལྔར་བྲི་ལྷག་གཉིས་ཤིང་། བཞི་མེ། གཅིག་ས། གསུམ་ལྕགས།ཐིག་ཆུའོ། །དེ་བཞིན་ཟླ་དབང་གིས་ཕྲི་ལྷག ཟླ་དེའི་ཚེས་གཅིག །ཚེས་དབང་གིས་འདིར་ཕྲི་ལྷག་ནམ་ལངས་ཡོས་བུའི་ཁམ་མོ། །དེ་ནས་རིམ་བཞིན་དེད་པར་བྱ། ༧ སྤར་བརྒྱད། དྭ་ཟིན་ཟོན་གསུམ་མི་འདྲ། དེ་མིན་འདྲ། ད་ལྟའི་རྒྱ་རྩིས་ལ། གཡོན་རྩིས་རྩ་རྡེལ་དྲུག །གཅོད་འདྲལ་ཉེར་བཞི་ཞེ་བདུན་བཅུ་བཞི་བརྒྱད་མ། ནད་རྩིས་ཐང་ཤིང་། ཚེ་རྩིས། རྒྱ་མ་ཀླུང་། གཟའ་བཞིའི་ཀླུང་། ལྷ་དཔལ་ཚེ་གསུམ་གྱི་གོང་གཉེན་སྦྱོར་རྩིས། གཤིན་ལ་ཟངས་ཀྱ་མ་སོགས། མཁྱེན་གཏེར་ཕྲིན་ལས་ལས་བྱུང་བའི། རྒྱ་ནག་རྩིས་རིགས་ཀུན་ལ་སློབ་གསུངས།༧ རྒྱ་ནག་པོའི་རྒྱལ་པོ་རྡེ་ཡུའུའི་དུས། ལྷོ་ཕྱོགས་རྒྱ་མཚོའི་རུས་སྦལ་ངོ་མཚར་ཅན་བྱུང་བའི་རི་མོར་བརྟེན། འཇིག་རྟེན་ལ་ཁམས་དཔེར་བླང་བའི་མཁའ་ཤིང་ཆུ་ལྕགས། ས་མེ་རིམ་ཆགས་རླུང་བསྲུ་པ་རི་གླིང་བྱུང་། གཟུགས་མཚུངས་དེ་བཞིན་ཉི་ཟླ་མིག །ཕུང་ལྔ་འབྱུང་ལྔ་མ་རིག་ལས། ཁེན་ཁོན་ཕ་མར་བུ་ཚ་མིང་སྲིང་དྲུག་བྱུང་། སྤར་བརྒྱད། བུ་ག་དགུ་ལས་སྨེ་དགུ། སྐྱེ་མཆེད་ལོ་བརྒན་བཅུ་གཉིས། རྣམ་ཤེས་གཟའ་བརྒྱད། སྒལ་ཚིག་རྒྱུ་སྐར་ཉེར་བརྒྱད་སྦྱར་ཏེ། ནང་ལ་སྦྱར་ཏེ་ས་འབྲུག་ལོ་འབྱུང་བའི་གསེར་རྩིས་ཞེས་གྲགས་པ་
ལྟར་བླང་དོར་བྱས་པས། ཆོས་སྲིད་དགེ་ལེགས་ཕུན་ཚོགས་གྱུར་ཏོ་ཞེས་གྲགས། ༧ ལོ་འཁོར་དང་རྒྱུ་བ་སྤྱི་ཙམ་བཤད་འདུག །བཻ་དཀར་ལྟར་འདྲའོ། །དབྱངས་འཆར་ཁ་འཕང་འདུག །དེ་ལྟར་རྩིས་དཔག་བསམ་ཡོངས་འདུའི་སྙེ་མ་ཞེས་པ་དེ། ཡང་རྗེ་བློ་བཟང་རྒྱལ་མཚན་སེངྒེ་དཔལ་བཟང་པོའི་གདན་ས་བླ་བྲང་དབང་ལྡན་ཕྱུག་མོའི་རང་གནས་སུ་མཛོད་བན་བསྟན་པ་རྒྱལ་མཚན་ནམ། ཀུན་བཤད་མིང་དབྱངས་ཅན་དགའ་བའི་ལང་ཚོས་བྲིས་པ་ཡིན་འདུག །གཞུང་གསལ་ལེགས་ཞིག་འདུག རྩིས་ཀྱི་བསྟན་བཅོས་མཁས་པའི་སྙིང་ནོར་ཞེས། གཞི་ཕུག་ལུགས་རབ་འདོད་མེ་འཕྲུག་འདས་ལོ་ཅན། ལོ་ཆེན་སོགས་མཆོད་བརྗོད་དུ་མི་འདུག་བཻ་ཌཱུར་མཚོ་ཟུང་། ཉི་འཛིན་ཉི་སྣང་གི་ནུར་སྟེར་བ་གནད་ཆེན་བཟུང་འདུག །སྟོང་མཇུག་ཞིག་འདུག །བཙུན་གཟུགས་པ་འཇམ་དབྱངས་དགྱེས་པའི་གཞོན་ནུས་མཛད་གསུངས། སྙིང་ནོར་གྱི་ཆ་ལག་ཉེར་མཁོའི་རེའུ་མིག་སོགས་མང་ངོ་། །དེའི་དཀར་ཆག་རྒྱས་པ་ཙོང་ཁའི་ལྷོ་རྒྱུད་སྐྱེས་པ་སྙན་ངག་མཁན། མི་ཕམ་ཟླ་བའམ། མི་ཕམ་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་རོང་པོ་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་དུ་བྲིས་པ། ཐུའུ་ཀན་རྡོ་རྗེ་འཆང་གིས་བསྡུས་ཞིང་བརྩམ་ཞེས་སོ། །ཐུའུ་ཀན་དེ་ལ་བློ་བཟང་ཆོས་ཀྱི་ཉི་མ་ཆོས་ཀྱི་རྡོ་རྗེ་འཆང་ཞེས་མཚན་འདུག །ངག་དབང་ཆོས་ཀྱི་རྒྱ་མཚོ་འང་མཚན་གདའ་སྙམ། ཕུག་པ་ལྷུན་གྲུབ་རྒྱ་མཚོས་ གཙང ་ཆུང་ཆོས་གྲགས་པ་བསྟེན། དེ་ནོར་བཟང་རྒྱ་མཚོའི་གཞུང་སོགས་བརྟེན་ཞལ་ལུང་མཛད་ཅེས་འདུག་གོ་དགེའོ། །༈ ཡང་གོང་གི་དཔག་བསམ་ཡོངས་འདུའི་སྙེ་མན། ཟླ་བ་ནི། གནམ་ལོ་ཤིང་ཕོས་མོར་སྟག་ཟླ་དེ་མེ་ཁམས། ཤིང་མོ་ལྕགས་ཕོར་སྟག་དེས། མེ་ཕོ་ལྕགས་མོར་སྟག་དེ་ལྕགས། མེ་མོ་ཆུ་ཕོར་སྟག་དེ་ཆུ། ས་ཕོ་ཆུ་མོར་སྟག་དེ་ཤིང་ཁམས་སུ་བརྩི། དེ་ནས་རིམ་
བཞིན་གཉིས་རེ་སྤག་ཏེ་བུ་འདེད། ཞག་ནི་གསེར་རྩིའི་རི་མོ་ལྟར་རོ། །དུས་ཞི་ཤིང་ཕོས་མོའི་ནམ་གུང་བྱི་བ་སྟེ་ཤིང་བྱི། དེ་བཞིན་ཤིང་མོ་ལྕགས་ཕོའི་མེ། མེ་ཕོ་ལྕགས་མོའི་ས། མེ་མོ་ཆུ་ཕོའི་ལྕགས་བྱི། ས་ཕོ་ལྕགས་མོའི་ཆུ་བྱི་སྟེ། དེ་ནས་རིམ་བཞིན་གཉིས་རེ་སྦྲག་བུ་དེད་བྱ། ལོ་ཡི་ཐོག་མ་ཤིང་བྱི་ཟླ་བའི་ཐོག་མ་མེ་སྟག་ཞག་གི་དང་པོའི་ཚེས་གཅིག་གི་ས་ཡོས་དང་བཅས་བུ་དེད་བྱེད། ལུགས་འདིར་ཞག་དུས་ཀྱང་གཉིས་གཉིས་སྦྲགས་ཏེ་བུ་དེད་ཡིན། ལུགས་འདི་བཞག་གསུམ་མི་བྱེད་དེ། རྩིས་གཞུང་ཧ་ལེ་ལ་སོགས་ཀུན། ཁྱིམ་ཞག་ཁོ་ནར་བྱེད་པ་ཡིན། །གསུང་འདུག །ཟླ་དུས་འདི་རང་གི་ནག་རྩིས་སྔོན་འགྲོར་བསྡུར། ལོ་ཟླ་ཞག་དུས་ཁ་འགྲིགས་ཚུལ་དཔྱད་དགེ ༧ རྒྱ་རྩིས་མཆོད་པའི་མེ་ཏོག་པུནྜ་རི་ཀའི་ཕྲེང་མཛེས་ཟེར་བ། རབ་བྱུང་བཅུ་བཞི་པའི་ཤིང་བྱི་ནས་ལོ་མགོ་བཟུང་བ། ཉེར་མཁོའི་ཟུར་འདེབས་བུང་བ་བཟི་བའི་ཅ་ཅོ་རྩིས་བཀྲ་ཤིས་འཁྱིལ་བ་ཞིག་གིས་བརྩམས་པ་ཡོད། རྒྱ་སོག་སྐད་སྦྱར་ལོ་འཁོར་སོགས་མི་འདྲ་བ་ཡོད། པཱ་བ་ཀྭ་ཞེས་མཚན་ནམ་མམ་ཕྱག་རྒྱ་བརྒྱད་ཟེར། བོད་སྐད་སྒྲ་གང་ཡིན་གསུངས་འདུག །རྒྱ་ནག་ཏུ་ཧུང་གསུམ་རྗེས་དྷི་ལྔ་ཞེས་པའི་རྒྱལ་པོ་བྱོན་དུས། དང་པོས་རྒྱའི་སྤར་ཕྱག་གསར་བཟོས། བློན་ཆེན་ཚང་གི་བདེ་ལ་ཡིག་རིགས་ཕྱེད་པར་བརྐོས། རྒྱལ་པོ་གཉིས་པས་གསོ་དཔྱད་ཡོན་ཏན་མཛད། གསུམ་པས་གཟའ་སྐར་བགྲོད་པ་བརྟགས་ནས་ལོ་ཟླ་ཞག་དུས་རྣམ་བཞག་མཛད།ཧུང་གསུམ་རྗེས་དྷི་ལྔ་རིམ་བྱོན་དག་གིས་དང་པོ་ལ་འབངས་ཀྱིས་རུས་སྦལ་རོ་ཕུལ། དེ་བརྟེན་རྩིས་སྐོར་ཆེར་མཛད་མཛད་སོགས་ལོ་རྒྱུས་ཡོད་ལུགས་འདིར། རབ་ཡིད་ཤིང་བྱི་སོགས་འདས་ལོའི་ཉི་མས་བསྒྱུར། རྒྱལ་ཟླ་སོགས་འདས་ཟླ་བསྲེས། གནས་གཉིས་འོག་མ་མིག་གིས་
བསྒྱུར་མཁའ་མེ་བྱིན། མདའ་རོས་ཐོབ་པ་སྙེང་འཕར་ཚེས་ཟླ་དག་པ་སྟེ། ཟླ་འཕྲོ་འཕར་བའི་སྔོན་ནམ་ཕྱིར་ཟླ་བཤོལ་ཏེ་ཞིབ་པར་སྒང་ངམ་ཁྱིམ་འཕྲོས་ཤེས། ཉི་མའི་ལོ་འཕོ་ཞེས་དགུན་ཉི་ལྡོག་ནས་ཕྱི་ལོའི་དེ་བར་ཁྱིམ་ཞག་གྲངས་དང་། ཞག་དེའི་ཉི་མ་དྲུག་ཅུར་སྤར་ཁ་གཟའ་སྐར་བཞི། རི་མོས་ངོས་བཟུང་བ་སྣང་། ཟླ་རེའི་སྤྱི་དྷྲུ་ལྔ་ནི། ཟླ་ངག་གནས་དྲུག་བཞག་ནས་བསྒྱུར་བསྲེ། བགོས་པས་འགྲུབ། དང་པོ་ཚེས་དྷྲུ་ནི། ལོ་འཕོའི་ཞག་སྦྱངས་ཚེས་དྷྲུ་སོགས་སྒྲུབ་ལུགས་ཡོད།རྟག་ལོང་ནི། ༠༢༣༣༢༧༨༦༣༩༢༡ཚེས་དྷྲུ། ༠༠༥༨༡༢༤༨༡༨༣༡༣ཉི་སྤྱི། ༠༠༥༨༡༥༣༨༡༣༦༢ཉི་མ་རགས་འགྲོས། ཟླ་རགས། ༠༡༢༣༥༡༨༠༦༦༡༧འཁོར་ལོ་སོགས་འདྲ། ༠༡༣༡༢༠༢༧༠ར་གདོང་པར་ཁྱད་ཀྱི་རྟག་ལོང་ངོ་། །དམར་པོ་རྟག་ལོང་ནག་པོ་རང་འཁོར་རོ། །ཚེས་དྷྲུའི་༢༩༡༢༤༤༣༡༡༡༣སྒྱུར་བྱེད། ༠༣༩༦༢༤༡༥༡༠༣ཉི་སྤྱི་༠༢༩༦༡༩༩༢༤༢ཉི་རགས། ༠༢༥༤༩༠༣༣༡༧ཟླ་རགས། ༡༠༤༠༡༣༥༣༡༦༧ར་གདོང་། དམར་པོ་སྒྱུར་བྱེད་ནག་པོ་རྩིས་འཕྲོ་སྦྱིན་བྱའོ། །༢༦༤༠ ༦༦༠༠༣༦༠༣༡༢༠ ༦༦༠༠༦༠༣༡༢༠ ༦༦༠༠༦༠འཁོར་ལོ་སོགས་འདྲ། འོག་གསུམ་འཁོར་ལོ་འདྲ། ༡༡༧༡ ༣༢༦༧༡༥༦༦༦༡༠༧ ༢༥༥༦༢༦༢༠༠༠༧༤༡༩༨༣༣༠༢༨༥༧༨༥༧༤༡༧༡༢༡༡༣ ༣༦༢༥༨༨༠
རྒྱ་རྩིས་ཟླ་འཛིན། ངེས་པའི་ར་གདོང་བར་ཁྱད་དེ། ཁྱིམ་གཞུ་འཁྲིག་ལ་ཞག །༡༤ ༧༣ ཆུ་ཚོད་ཡན་བྱུང་ན་འཛིན། ཆུ་ཀར་༡༡ ༢༠འཛིན་གསུངས། དེ་ནས་ངེས་པའི་ར་གདོང་བར་ཁྱད་ཀྱིས་བྱ་ར་བཟུང་ནས། ར་ཟླའི་བར་ཁྱད་ཞག་གི་རེའུ་མིག་ལས་གང་ཐོབ་ཞག་ཆུ་ཚོད་སྲང་། ར་ཟླའི་བར་ཁྱད་དག་པ་སྟེ། ཞག་གི་དམན་ཆ་རེའུ་མིག་འཛིན་པ་ཡོད། འདི་ཐམས་ཅད་ཁྱིམ་ལ་བརྟེན་འདུག ཆུ་བུམ་ཉ་ཀར་སེང་བུ་མོ་ཕྲི། ལུག་གླང་འཁྲིག་སྲང་སྡིག་པ་གཞུ་ལ་ནོར་མཚན་གདབ་གསུང་། ༧ འཛིན་ཆ་ནི། འཛིན་མཚམས་བར་ཁྱད་ཉིད་ལ། ར་ཟླའི་བར་ཁྱད་དམན་པས་སྦྱངས་ལྷག་འཛིན་ཆའི་བར་ཁྱད་དེ། ༦༠ སྒྱུར་ཆུ་སྲང་བཅུག །འབྱུང་བས་བསྒྱུར་ལ་ཟླ་བའི་ཕྱེད། སྲང་དུ་བཤིག་པས་བགོས་ཐོབ་ཆ། ལྷག་༦༠ བསྒྱུར་ཐོབ་པ་སྲང་སྟེ། ཆ་རེས་ཆ་རེ་འཛིན། ༡ ཐོབ་ན་བཅུའི་ཆའི་གཅིག །འབྱུང་ཐོབ་ལྔ་ཆ་སྟེ་ཕྱེད། ཕྱོགས་ཐོབ་ཡན་ཆད་རིལ་སྒྲིབ་བོ།། །། ༈ ཉི་འཛིན་ཀྱང་དག་པའི་ཚེས་ཀྱི་ངེས་པ་ཡི། ར་གདོང་བར་ཁྱད་ཁྱིམ། ཆུ་སྲིན་ལ་ཞག །༡༣ ༨༦ ཚུན་ཆོད་དང་། འཁྲིག་པར་༡༣ ༡༤ ཀརྚ་༢༦༢གཞུ་ལ་༢༣ ༣༨ འཛིན་སྲིད།ཟླ་བའི་ངེས་པའི་རང་འགྲོས་ཀྱི་བྱ་ར་བཟུང་ནས། ཉི་ཟླའི་བར་ཁྱད་ངེས་བགྲོད་རེའུ་མིག་ལ་ཐོབ་པ་ཟླ་བའི་ངེས་བགྲོད་དོ། །ངེས་པའི་ར་གདོང་བར་ཁྱད་ཀྱིས་བྱ་ར་བཟུང་ནས། ར་ཟླའི་མཉམ་བགྲོད་ཞག་གི་རེའུ་མིག་ལས། ཐོབ་པར་ཟླའི་མཉམ་བགྲོད་ཞག་གི་དམན་ཆ་སྟེ། འཛིན་རྫོགས་དུས་ཀྱི་བར་ཁྱད། འཛིན་རྫོགས་མཁོ་བའི་དུས་ཚོད་འགྲུབ། ཟླ་ཕྱེད་དང་ཟླ་བའི་བར་ཁྱད་ཕྱེད་སྲིད་བཟུང་། བགྲོད་མཉམ་པར་ཁྱད་སོགས་ཡོད་འདུག །དཀྱིལ་བའི་བར་ཁྱད་མཐོང་ཞག་དང་དུས་ཆ་ཆེན་པོ། ཤར་ནུབ་དམན་ཆ་ཉེ་བའི་དུས་
ཚོད། བདེན་པའི་དུས་ཚོད། བདེན་དུས་བར་ཁྱད། ལྷོ་བྱང་དམན་ཆ་ཟེར་སོགས། ཐམས་ཅད་རིའུ་མིག་འཛིན་པ་སོགས། །ཉི་འཛིན་བརྟག་དུས་གལ་ཆེ་གནད། ལྷོ་བྱང་དམན་ཆ་ལ་ཡོད་པར་བཤད། དེ་བོད་རྒྱ་ནག་ཕོ་བྲང་གི་དབང་དུ་བྱས་ཀྱི། བོད་ཡུལ་ལྟར་ན།འཛིན་གཏོང་གི་དུས་དང་། བཟུང་བཞི་འཆར་ནུབ་བརྟག་སྐབས་སུ། ཟླ་བ་ལ་འཛིན་རྫོགས་ཀྱི་མཁོ་དུས་དང་། ཉི་མ་ལ་འཛིན་རྫོགས་བདེན་པའི་དུས་ཚོད་དང་། ཆུ་ཚོད་གཟུགས་དང་ཆ་ཤས་ཉི་མས་༡༡༢ དམན་ལ་བརྟག །ཞེས་སེ་བང་དུ། རྟ་དུས་ཉི་འཛིན་ལ། བོད་དུ་སྤྲུལ་དུས་འཛིན། འདིར་བྱི་དུས་ལ། བོད་དུ་སྲོད་འཁོར་བབ་དུས་འཛིན། དེའི་ཕྱིར་གོང་ལྟར་ཕྲི་བས་འགྲིག་གོ་སྙམ་ཞེས་འདུག དཔལ་རི་བའི་མ་ཡང་དགོན་གྱི་རྩིས་རིག་པ་བཟོད་པ་རྒྱལ་མཚན་གྱིས་གསུངས་སོ། ༈ །རྩིས་པད་དཀར་དགོངས་རྒྱན་ཞེས་པ་ངག་དབང་ལེགས་བཤད་ཀྱིས་མཛད་པ་ལས། ཞལ་ལུང་རྩིས་འཕྲོའི་སྒྲ་གཅན་ལ། ཟླ་བ་ཕྱེད་པའི་ལོངས་སྤྱོད། ༣༤༤༠༡༡ རྩ་བར་བསྣན་པའི་གདོང་མཇུག་འགྲུབ་པས་བརྟགས་ན་འཛིན་ཆ་ཅུང་ཞིབ་སྣང་། དགེ་ལྡན་རྩིས་གསར་ཟླ་ཉི་གཉིས་ཀའི་ཆ་དུས་གང་ཡང་མི་འཁྲུལ་གསུངས་ཀྱང་། སྐབས་འགར་རི་མོ་ཡང་ཅུང་མི་མཐུན་པར་འཛིན་མཐོང་བརྟགས་ཟེར། ཕུག་དགེ་བྱེད་རྩིས་༡༠གསར་གསུམ་མཐུན་པར་བཤད་ན་ངེས་ཟེར། སྐར་དབྱུག་གཉིས་སྟོང་ན་མི་འཛིན་ཟེར་ཀྱང་རིལ་འཛིན་ལ་ལར་སྟོང་པ་མཐོང་ཟེར། ཉ་སྟོང་ཆད་དང་དེ་ཀོས་སྐྱོན་བྱེད་ཅེས་གྲགས་ཀྱང་ངེས་པ་མ་ཐོབ་ཟེར། ལྷག་ཡང་ཁྱིམ་གཉིས་སོགས། ཉི་རྐང་མཚོ་དུས་སྤྱོད་སོགས་རྒྱུ་མཚན་མ་མཐོང་ཟེར། དུས་ཚོད་ཕུག་ལུགས་གཟའ་དབྱུག་ལ། བུ་མོ་གླང་སྡིག་ཉེར་བདུན༧། ལུག་སྲང་མདའ༥། འཁྲིག་སེང་གཞུ་
བུམ་དགུ༩། ཀར་ཆུན་ཕྱོགས་༡༠བྱིན་པས་ཐོག་༧ཞེས་སྔ་མའི་ཕྱོགས་རྩིས་ཟེར། པད་དཀར་དགོངས་རྒྱན་ཟེར་བ་ན། ཉི་ཟླ་གང་ཡང་ཤར་གླིང་ནུབ་མ་ནས། ནུབ་གླིང་ཤར་མའི་བར་གྱི་མདུན་གླིང་ལྔར་འཛིན་ན། གླིང་འདིས་མཐོང་བས་ན་ཡང་ཤར་ནུབ་ནུབ་རིའི་མཐོ་དམན་བརྟག་དགོས། གཟའ་དབྱུག་འཕེན་སྐབས་མཇུག་གིས་ཆ་ཆུང་འཛིན་ན། དུས་ཅུང་འཕྱི་དུས་འགྲིབ། གདོང་གིས་ཕྱེད་ལྷག་ཆེ་འཛིན་སྐབས་ཅུང་སྔ་ཟེར། བགྲོད་མཐའ་གཉིས་ལ་ཆུ་སྲང་སུམ་ཅུ་བསྣན་དུས་དང་། མཉམ་ལ་ཚེས་ལོངས་ཟད་ཕྲལ་འཛིན། ཟླ་བ་ལྔ་པའི་བྱང་བགྲོད་མཐར་ཐུག་དུས། རྒྱ་ནག་ཕོ་བྲང་དུ་ཉིན་ཚོད། ༣༧མཚན་༢༣ སྟག་གི་༢༠༠༠དུས་ནས་ཉི་མ་འཆར། བྱ་༢༣༠དུས་ནུབ། བཞི་པ་དྲུག་པ་གཉིས་ཉིན། ༣༤ ༤༠ ༢༢ ༠༠ སྟག་དུས། ༤༢༠ཤར་བྱ་དུས། ༢༠༢ནུབ། ༧ །གསུམ་པ་བདུན་པར་ཉིན་༣༢ ༢༠མཚན་༣༢ ༧ ༠ སྟག་༣༥༢བྱ་༦༡༠༧ གཉིས་པ་བརྒྱད་པ། ༣༠ ༣༠སྟག་ཡོས་༠༠༠༠ བྱ་༠༠༠ ༥དང་པོ་དགུ་པ་གཉིས། ༢༤ ༧༠༣༢ ༢༠ཡོས་༡༡ ༠༠ སྤྲེལ་༣༥ ༠༠ ༧ བཅུ་པ་བཅུ་གཉིས་པ་གཉིས། ༢༣ ༥༠ ༣༤ ༤༠ཡོས་༢༢༠ སྤྲེལ་༢༤༠༧ བཅུ་གཅིག་པ།༢༢༣༣ ༧ ༠ཡོས་༣༣༠ སྤྲེལ་༡༣༠ ༧འདི་ལ་ཚད་གཞལ་སྟེ་འཆར་ནུབ་དང་ཉི་ཟླ་མཐོང་ཚུལ་ལ་བརྟག་ནས་འཛིན་དུས་སོགས་ལ་གོ་རྒྱུ་ཡོད་སྲིད་བསམ། ༧ ས་དུམ་བུ་བཅུ་གཉིས་ཤར་གླིང་ཤར་དབུས་ནུབ་གསུམ་སོགས་ཕྱོགས་བཞིར་གསུམ་རེ་ཕྱེ་བས་གླིང་བཅུ་གཉིས་དང་། ས་ཐམས་ཅད་ཀྱི་གུང་གཉིས་བྱི་རྟའི་དུས་སུ་བྱས། གཞན་འཆར་ནུབ་སྔ་ཕྱི་ཡོད་པ་དང་། གླིང་བཅུ་གཉིས་པོ་རེ་རེའི་རང་ཅག་ལྷོ་གླིང་དབུས་མ་འདི་ལའང་། ཤར་ནུབ་ཀྱི་ཁྱིམ་ཞག་གི་གྲངས་བཞིན་སུམ་ཅུར་བཅད་པས། ཞག་སོ་སོར་ཉི་ལྡོག་སོགས་
ཡོད་པ་དགོས་པས། ས་དུམ་བུ་རེ་ལ་ཉི་ལྡོགས་ཟླ་བ་དེའི་ནང་དུ་ཉི་མ་ལྡོག་པ་འདྲ་ཡང་ཞག་མི་འདྲ་སྟེ། ཞག་སོ་སོ་དང་། ཞག་འདྲ་ཡང་དུས་སོ་སོ་མི་འདྲ་བ་ཡོད་ཚུལ་ཀྱང་། ཐུར་གྲིབ་བརྟག་པས་ཉི་སྣང་ལས་ཞག་དེ་ཉིན་བཅས་ཡར་བརྩིས་དགུ་ལ་ལྡོག་འདྲ། དེ་འདྲ་ཟླ་བའི་ཐུར་གྲིབ་ལའང་བརྟགས་ན་ཤེས། ཆུ་ཚོད་སོ་དྲུག་གམ། ༣༢ ཙམ་གྱི་ཉི་མའི་ལོངས་སྤྱོད་ཉུང་ཡོད་འདྲ་དེའི་དབང་གིས་རེད་བསམ། མཉྫུ་ཤྲཱིས་མཁྱེན། མདོར་ན་ཉིན་གུང་རྟ་བྱས་ནས། དེ་ནས་ཉིན་མཚན་ཚད་ཅི་འོང་དེས་འཆར་ནུབ་དུས་གང་ནས་བྱེད་ཤེས་ཏེ། དུས་རེ་རེ་ཆུ་ཚོད་ལྔ་རེ་བརྩིས་པའི་དབང་གིས་སོ། །དེའི་དབང་གིས་ཉིན་ཚད་ཞིབ་པའི་འཆར་ནུབ་དུས་སྦྱོར་སོགས་ཤེས་སོ། །འཇམ་དཔལ་མཁྱེན་ནོ། །རྣམ་དག་གྲུབ་རྩིས་འཕྲོ་འཆུག་མེད་ཡོད་ན། ༥༣༤༥ དབྱར་ལྡོག་གི་ཚད་ཡིན། དབྱར་ལྡོག་ལ་འཁོར་ཕྱེད་བསྣན་པས་དགུན་ལྡོག་༡༣༤ ༨༣༥ འཁོར་ཕྱེད་ཕྱེད་དུ་བྱས་པ་ནི་འདི་ཡིན། ༦༤༥ འདི་དབྱར་ལྡོག་ལ་བསྣན་པས། ༡༤༤༡༨༥ སྟོན་མཉམ། དགུན་ལྡོག་ལ་བསྣན་པས་དཔྱིད་མཉམ། ༢༡༤ ༥༨༥ཡིན། 卍སྟོན་མཉམ་གྱི་ཚད་ལ་དེ་བསྣན་ན་དགུན་ལྡོག་རང་། དགུན་ལྡོག་ལ་འཁོར་ཕྱེད་༡༣ ༣༠ཕྲིན་དབྱར་ལྡོག་སྟེ། དུས་བཞིའི་དབུས་ཀྱི་གཟེར་བཞི་འཆར། ཁྱིམ་གཅིག་གི་ཆུ་ཚོད་མདའ་ཡོན་ཟླ་བ་སུམ་བཅུས་བགོས་པས། ཆུ་ཚོད་བཞི་དང་། ༣༤༠སྲང་སུམ་བཅུ་ཐོབ་པ་འདི། ཁྱིམ་ཞག་རེ་ལ་ཉི་མས་རྒྱུ་སྐར་ཕུལ་གྱི་ཆུ་ཚོད་ལོངས་སྤྱོད་པའི་རྟག་ལོངས་ཡིན། དེའི་ཕྱིར་ས་གང་དང་གང་གི་ཉི་ལྡོག་དེ་ལ། ༣༤༠བསྣན་ནས་ཚིགས་རྗེས་མ་དེའི་ཉི་ལྡོག་འཆར་ཏེ་ས་ཚིགས་སུམ་བརྒྱ་དྲུག་ཅུའི་ཉི་ལྡོག་ཤེས་སོ། །༣༤༠འདི་ཁྱིམ་ཞག་བཅོ་ལྔས་བསྒྱུར་ཏེ་དྲིལ་བས། ༡༣ ༠༠ འདི་འཆར་བ་སོགས་ཉི་ལྡོག་དཔྱད་སྐབས་ལྟར་འགྱུར་རོ། །ཁྱིམ་ཞག་གཅིག་གི་
རྟག་ལོངས། ༤༣ འདི་སྟེང་འོག་གཉིས་གསུམ་བརྒྱ་དྲུག་ཅུས་བསྒྱུར་ནས་དྲིལ་བས་རྒྱུ་སྐར་ཆུ་ཚོད་མཁའ་མིག་རྒྱལ་པོ་འཆར་ཏེ། ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ལ་ལོ་གཅིག་རྫོགས་པ་ཡིན་ནོ་དགེ ། ༈ རྒྱུད་ལས་ལྷོ་གླིང་དབུས་མའི་ཚངས་ཐིག་ཏུ་དབྱར་ཉི་ལྡོག་ལྷོ་བགྲོད་ཚད། ༦༤༥ དགུན་ལྡོག་བྱང་བགྲོད་ཚད། ༢༡ ༠༥གསུངས་འདྲ། ༈ དངོས་གནས་ལྡོག་ཚད་ལ་ནུར་ཕྲི་བས། ཕུག་གྲུབ་ཉི་སྣང་འདི་ཉི་དགས་ལ་འདི་ཤར་ན། ༤༤༣༢ དབྱར་ཉི་ལྡོག ༡༢༠༤༨ དགུན་ལྡོག་ཚད་ཡིན་འདྲ་ཡང་དཔྱད། ༈ རང་ཅག་གིས་འདིར། ༤༣༠ ལ་དབྱར་ཉི་ལྡོག་༡༨དགུན་ལྡོག་ཡིན་པ་འདྲ། དེ་བར་ཞག་མང་པོ་འདུག་པ་ཅི་ཡིན་དཔྱད། 卍 རྟགས་གཉིས་པ་ལ་འདི་མི་ཕམ་ཕྱག་དཔེ་བསྡུར་ས་མི་འདུག ༈ ལི་ཐོ་དང་བསྟུན་ངེས་ཆ་སྨིན་ལུགས་ལྟར། ༤༥༧ དབྱར་ལྡོག་༡༡ ༨༠ དགུན་ལྡོག་༡༤ ༡༢ སྟོན་མཉམ། ༡༥༤༥དཔྱིད་མཉམ། ཡིན་འདི་སྨིན་གླིང་རང་ལུགས་ཡིན། འདི་ལི་ཐོ་ལ་འགྲིག་འདྲ་དཔྱད། ༈ ཕུག་ལུགས། ཆབ་མདོ་པའི་ས་འདིའི་དབྱར་ཉི་ལྡོག །༤༦༢༠དགུན་ལྡོག་༣༤༣ ༩༨༢ ༈ དེ་ལས་ཞག་དགུ་སྔ་བ་མི་ཕམ་རང་ལུགས་རྒྱ་རྩིས་དབྱར་ལྡོག །༤༢༣ དགུན་ལྡོག་༡༤ ༧༧སྟོན་མཉམ། ༡༨༠ དབྱིད་མཉམ། ༢༣ ༤༣ འདྲ། ཞིབ་དཔྱད་ཀྱིས། ༈ ཉི་སྣང་ཉི་ལྡོག་ཉིན་ནས་མར་རྩིས་ཞག་གསུམ་བཻ་ཌཱུར་ཉི་ལྡོག་ཏེ་ཕྱི། ཉི་སྣང་ཉི་ལྡོག་ནས་ཡར་རྩིས་ཞག་ལྔར་རང་ལུགས་ཉི་ལྡོག་ཟེར་བ་དེ་སྔ། བརྒྱད་དམ་ཕྱེད་བརྒྱད་ངེས་འདྲ་སླར་དཔྱད་དོ། །ཞག་དགུ་ཅན་རྒྱ་རྩིས་ཉི་ལྡོག་དང་གཅིག་གོ །༈ སྔར་ལོའི་ལྡོག་དུས་སོགས་ལ་བཅུ་གཅིག་རེ་བསྣན་ཕྱི་ལོ་འཆར་རོ། ༈ །དབྱར་ཉི་ལྡོག་ནས་ཁྱིམ་ཞག་བརྒྱ་བརྒྱད་ཅུ་པ་ལ་དགུན་ཉི་ལྡོག དགུན་ལྡོག་ནས་བརྒྱ་བརྒྱད་ཅུ་པར་དབྱར་ཉི་ལྡོག་དབྱར་ལྡོག་ནས་ཞག་
དགུ་བཅུ་པ་ལ་སྟོན་མཉམ། དགུན་ལྡོག་ནས་ཞག་དགུ་བཅུ་པ་ལ་དཔྱིད་མཉམ་འཕོའོ། །རགས་པར་ཉིན་ཞག་དེ་དང་དེ་ལའོ། །ཞིབ་པར་ཉིན་ཁྱིམ་བར་ཁྱད་ཅུང་རེ་ཡོད་མོད་ཉིན་ཞག་དེའི་ཆར་འཕོས་པ་འདྲ་སྙམ། ༈ ཕུག་གྲུབ་གཟའ་དབྱུག་ལ་བཅོ་ལྔ་ཕྲི་ཕུག་བྱེད་ཡིན་ན་ཕྲི། ཕུག་གྲུབ་ཡིན་ན་བསྣན་པས་གཅིག་ཤེས་ཤེས་འདྲ། བསྣན་གྱིས་ཕུག་བྱེད་གཟའ་ཤེས། ཕུག་གྲུབ་ཟླ་སྐར་ལ་༣ཕྲི་བསྣན་གྱིས་ཕུག་བྱེད་ཟླ་སྐར་ཤེས། ཕུག་གྲུབ་ཉི་སྐར་ལ། ༠༥༧ བསྣན་པས་ཕུག་བྱེད་ཉིད་གཤེས། ཕུག་གྲུབ་ཉི་དག་ལ། ༠༥༧བསྣན་པས་མཚུར་བྱེད་ཉི་དག་ཤེས་པ་རགས་པ་འདྲ་དཔྱད། ཕུག་གྲུབ་གཟའ་དག་ལ། ༠ ༢ དབྱུག་གཉིས་བསྣན་པས་མཚུར་གྲུབ་གཟའ་དང་། ཕུག་གྲུབ་ཟླ་སྐར་ལ་བསྣན་༠༢༠ དབྱུག་ཉི་ཤུ། བས་མཚུར་གྲུབ་ཟླ་སྐར་དང་། ཕུག་གྲུབ་ཉི་དག་ལ། ༠༢༠ དབྱུག་བསྣན་པས་མཚུར་གྲུབ་ཉི་མ་ཤེས་འདྲ་རགས་པའོ། །༈ ཕུག་གྲུབ་ཉི་སྐར་ལག་གི་སྟེང་དུ་སླེབ་ནས་མ་རྫོགས་བར་དུ་དཀར་མོ་སོགས་རྟག་དུ་རྒྱས་དུས་རེད་འདུག ༈ ཕུག་ལུགས་ཆད་ལྷག་དེ་རིང་ཡིན་ན་མཚུར་ལུགས་སང་ཉིན་ལྟ་བུ་ཞག་རེའི་སྔ་ཕྱི་ཙམ་རྒྱུག །བར་ལ་རེས་ཆད་ལྷག་གཅིག་པའང་འོང་འདུག དེ་མིན་ཁྱད་མེད་དོ། །དགེའོ། ༈ །ཕུག་ལུགས་ཟླ་སྐར་ལ་དབྱུག་གུར་༤༡བསྣན་ན་སྐར་མ་འཆར་ཟེར་བྲིས་འདུག་ཀྱང་དཔྱད། ལར་ཟླ་སྐར་དབྱུག་གུར་༣༡ཉིན་སྣང་དང་མཚུར་ལུགས་ལྡོག་གཉིས་ཚན་གཅིག་འདྲ། རྒྱ་ལུགས་ཉིན་སྣང་ལས་ཞག་དགུས་སྔ་བ་རང་ཉིད་ཚད་བརྟག་པ་དང་གཅིག་འདུག་བསྣན་དུས་ཅུང་མ་མང་ན་ཉུང་མི་འདུག་སྙམ།མིག་སྐར་བལྟས་པས་སོ། །དུས་ཚོད་ཉི་སྐར་དབྱུག་བཅས་བྲི། ཕུག་ལུགས་ཟླ་བ་བཞི་པ་ལྷག་ན་མཚུར་ལུགས་ཟླ་བ་བཅུ་པ་ལྷག་པས། ཕུག་ལུགས་གང་ལྷག་སྔ་མ་དེའི་ཟླ་གྲངས་ལ་བཟང་པོའི་༦གྲངས་བསྣན་པ་དེ་ཉིད་མཚུར་
ལུགས་ཟླ་བཤོལ་ཡིན་ནོ། །ལྡོག་གཉིས་ལ་ག ཞག་ཉིན་སྣང་དང་འདྲ་འདུག །དབུགས་ཐོབ་སོགས་ནི་ཉིན་སྣང་ནས་མར་དེད་ཞག་བརྒྱད་པར་ཕོག་པས་མཚུར་ལུགས་ཕྱི་འདུག །༈ ཟླ་སྐར་ལ་༣༡བསྣན་པ་དེ་ནམ་ལངས་དུས་ཀྱི་ཟླ་བ་ཡོད་པའི་ཡུལ་ཚད་ཡིན་ལ། དེ་སྟེང་ཉིན་ཚད་དེ་འདས་དགོས་པས་དེ་ཉིན་ཉིན་ཚད་བསྣན་པ་དང་མཚན་གྱི་ཐོག་མ་སྐར་མ་གསལ་མངོན་དང་མིག་སྐར་འགྲིགས་ན་འགྲིགས་པ་རེད་པས། དེ་ལུགས་བྱེད་གྲུབ་ཟླ་སྐར་ལ་དཔྱད་དགོས་པ་ངེས་པར་བྱའོ། །དེ་ལྟར་དཔྱད་པས་ཕུག་གྲུབ་རེས་འགྲོགས་ཟླ་སྐར་ལ་༣༡བསྣན་པ་དང་ཁྲིགས་ཆ་རེ་འདུག་པ་སླར་ལྟོས་དང་གསལ་ཞེས་མེ་རྟ་ཟླ་བ་གཅིག་པའི་ཚེས་གསུམ་ནས་ཞག་ལྔར་ཁྲ་འགུ་རི་ཁྲོད་ནས་བརྟག་པ་ངེས་གསལ་རྙེད་དོ། །འདི་ནི་སྐར་མ་རང་རང་གི་ཐད་ཀར་སླེབ་དུས་དེ་ཡི་ལོངས་སྤྱོད་ཐོག་མ་ཡིན་པར་བྱས་པ་ཡིན་ནོ་དགེ ། ༈ སྐར་རྩིས་རྒྱ་རྩིས་གོ་བསྟུན་རི་མོའི་རྒྱུ་མཚན་ལས། དྷྲུ་བའི་སྐབས་ཟླ་དག་མཚོ་ཚེས་ཀྱིས་བསྒྱུར་བ་འབྱུང་ཐུབ་དྲག་བགོས་ཆུ་སྲང་གཟའ་དྷྲུར་བསྲེ་བ་ནི། བྱེད་རྩིས་ཀྱི་ཡང་ཆུ་སྲང་འབྱུང་ཐུབ་དྲག་ཆ། མཚོ་ཆོས་ཀྱིས་གང་ཡིན་སོགས་ཀྱི་རྒྱུ་མཚན་གོ་བསྟུན་ལེགས་པོ་འདུག །བྱེད་མིས་གཟའ་དྷྲུ་ལ་བསྣོན་ཆས་རྒྱ་རྩིས་དང་མཐུན་པར་འཆད་ལུགས་བཤད། ཟླ་བའི་རང་འགྲོས་སྐར་རྩིས་ཀྱི་རིལ་ཆ་ཡིན་པས་སོ། །ཉི་མ་རང་འགྲོས་སྐྱེས་ཁྱིམ་སྦྱང་བའི་ཉི་མར་ཡིན་གསུངས་སྐྱེས་ཁྱིམ་དེས་ཉི་དྷྲུར་སྦྱང་ལྟག་རྒྱ་རྩིས་དང་མཐུན། བགོས་པའི་ལོ་སྐོར་ཞག་ཅེས་པ་སྒྲ་གཅན་བར་ཚད་ཡིན་ཏེ་ཁྱིམ་སོགས་སུ་བཤིག་པས། དེ་ཡང་སྒྲ་བུ་ལ་ལ་ཕྲི་ཞིང་གདོང་མཇུག་ལ་བསྣན་པས། སྒྲ་བུལ་དེ་ཉིད་དྷྲུར་བསྲེས་པས་འོང་བརྒྱ་རྩིས་མཐུན་
གསུང་། རྒྱ་རྩིས་འདི་ཁྱིམ་ཞག་གི་ཉི་ཟླ་སྒྲ་ཅན་གསུམ་གྱི་དལ་མྱུར་ཡིན་པ་ལ། རི་མོའི་རྣམ་འགྱུར་ཞིག་ཡིན་འདྲ་བས་བསྒྱུར་ནས་བྲི་ཐུབ་ན་ལེགས་པོ་གོ་རྒྱུ་ཡོད་དམ་སྙམ་སླར་དཔྱོད་ཅིག ༧ །ཉི་ཟླ་འཛིན་པ་ངེས་པའི་ཁྱད་ཀྱི་གཞུ་འཁྲིག་ལ་ཞག ༡༧ ཆུ་ཚོད་མེ་ཆུ་ཡན་ཆད་བྱུང་ན་འཛིན་སོགས་བཤད། ར་ཉི་སོགས་ཕན་ཚུན་ཕྲི་རྒྱུ་མེད། ངེས་པའི་ར་གདོང་བར་ཁྱད་ཀྱི། ཞག་ཐུན་ཚོད་ལ་བརྟགས་ནས་ཁྱིམ་གང་ཡིན་བརྟག་ལ། ཞག་གི་དམན་ཆ་ཟེར་བའི་རེའུ་མིག་བཟུང་ནས་ཆ་སོགས་བརྟག་རྒྱུ་འདུག མཐོ་དམན་གྱི་ཆ་བརྟག་རྒྱུ་འདུག འདི་གལ་ཆེན་ཞིག་ཡིན་ཚོད། ༧ སེ་ཅང་གི་ཐད་དུ་འཛིན་གཏོང་གི་དུས་ལས། ༡༡༠དམན་ལ་བརྟག་སོགས་བཤད། སེ་ཅང་དུ་ཉི་ཕྱེད་དུས། བོད་དུ་ཉིན་ཕྱེད་ཅུང་མ་སླེབ་ཙམ་ཡིན། སེ་ཅང་དུ་རྟ་དུས་འཛིན་ན། བོད་དུ་སྦྲུལ་དུས་འཛིན་པར་མཐོང་། སེ་ཅང་དུ་ནམ་ཕྱེད་དུས་འཛིན་ན། བོད་དུ་སྲོད་འཁོར་ཕག་དུས་འཛིན་པ་འདྲ་བས་དེ་ལྟ་ན། ཟླ་སྐབས་འཛིན་རྫོགས་མཁོ་དུས་དང་། ཉི་སྐབས་འཛིན་རྫོགས་བདེན་དུས་སུ། དུས་ལ་གཟུགས་དང་ཆ་ཤས་ཉི་མས་ཕྲིན་འགྲིགས་སམ་སྙམ་ཞེས་འདུག དཔལ་རི་བ་ཡང་དགོན་གྱི་རྩིས་པ་བཟོད་པ་རྒྱལ་མཚན་གསུང་ལ་འདུག་གོ། ཞིབ་བསྡུར་ཐུབ་ན་ཉམས་རྙེད་རྒྱུ་ཡོད་དོ་སྙམ་མོ། ༧ །གླིང་གཟའ་འཛིན་སྐབས་ཚེས་འཁྱུད་ཟླ་སྐར་ལ་བྱས་ཏེ། དེ་ཡང་ཟླ་བ་འགྲོས་མྱུར་ནས་ཡུལ་དུས་བསྒྲིགས་ནས་སླར་ཡང་ཕྲི་བསྣོན་བྱས་པ་ཞིག་སྙམ། རེད་ཡོད་མེད་སླར་དཔྱོད་ཅིག མཉམ་དུས་ཚད་ལྟར་སོགས་དཔྱོད་ཅིག ཚེས་ཞག་མའི་ཉི་སྒྲ་ཟླ་བ་ལ་བྱས་ན། བཅུ་དྲུག་གམ་ཚེས་གཅིག་གི་ཚེས་འཁྱུད་ལ་བྲི་བསྣན་བྱས་ན་འགྲིག་གམ་དཔྱད་ཏེ། ༧ ཡན་ཀྭོང་ཞེས་པ་ཟླ་བ་དང་པོའི༡༣། གཉིས་པ༡༡། གསུམ་པ༩། བཞི་པ༧། ལྔ་པ༥། དྲུག་པ༣། བདུན་པ༢༩། བརྒྱད་པ༢༧། དགུ་པ༣༥། བཅུ་པ༢༣། བཅུ་གཅིག་པ༢༡། བཅུ་གཉིས་པ༡༩། ༧ དུས་ཕྱིས་རྒྱ་ནག་རྒྱལ་པོ་ཡན་ཀྭོང་ལ་འཁྲུངས་པ་ཞིག་ལ། ཕུན་སུམ་
ཚོགས་པ་བྱུང་ནས་ཡན་ཀོང་མེད་ཅེས་རྒྱ་ནས་ཟེར་ཞེས་འགའ་ཡིས་གླིང་། འབྲི་གུང་ཆོས་གྲགས་ཀྱིས་དཔྱིད༢། དབྱར། ༥ སྟོན། ༨དགུན་༡༡ཐ་ཆུང་བཞིའི་ཚེས་ཡར་༠༡༡༠༤༥མར་ངོའི་༡༢༢༥༨༩ ལ་གཤིན་རྗེ་རྒྱུ་བས་གཤེད་པོ་དང་ལས་གཤིན་ལ་གཏོར་མ་ཕུལ། ཡ་མ་ལ་བརྟེན་པའི་ལས་ཞི་དྲག་དེར་བསྟུན་ན་ལེགས་ཞེས་གསུངས་འདུག ༧ །དུས་འཁོར་གཟའ་བདུན་མོ་ནི། ཕོ་ཉས་སྨྲས་པའི་དབྱངས་གྲངས་རྣམས། །ཕྱོགས་ཀྱིས་བསྒྱུར་ལ་ཉི་མ་བསྲེ། །སླར་ཡང་འབྱུང་བས་བསྒྱུར་བ་ལ། །དེ་དུས་དྲུང་ན་གང་ཡོད་པའི། །སྐྱེས་བུའི་གྲངས་བསྣན་བདུན་གྱིས་བགོས། །ལྷག་མའི་གཟའ་ནི་གང་ཡིན་པའོ། །རྒྱ་ཕྲུག་པའི་གཟའ་ཁྱིམ་སྦྲགས་པའི་མོ་ལ། ཕོ་ཉས་སྨྲས་པའི་དབྱངས་ཀྱིས་གྲངས། །ཕྱོགས་ཀྱིས་བསྒྱུར་ལ་གནས་གཉིས་བཞག །ཁྱིམ་ལ་གཟའ་༧དང་གཟའ་༡༢ ལ་ཁྱིམ། །བསྲེས་ནས་སླད་ཡང་ལྔས་བསྒྱུར་ལ། །ཁྱིམ་དང་གཟའ་ཡིས་འཁོར་ལོས་བཅད། །ལྷག་མ་ཁྱིམ་དང་གཟའ་ཡིན་ཏེ། །ལུགས་དང་ཉི་མ་ནས་རིམ་མོ། །གཟའ་ཡི་ཐོབ་པར་གཅིག་བྱིན་པ། །སྐྱོར་གཟའ་ཡིན་པར་ལེགས་པར་གསུངས། །འདི་ལ་དྲུང་གི་སྐྱེ་བོ་བསྲེ་བམ་གསུངས་ཀྱང་བསྲེས་ན་ལེགས་སམ་སྙམ། ཡང་གཟའ་བདུན་མོ་དེ་ལ་དབྱངས་འཆར་ལས། དྲིས་དབྱངས་མེས་གྲི་བདུན་བགོས་གསུངས་པ། གོང་དང་རི་མོ་གནད་གཅིག་འོང་པར་འདུག །ཡང་ན་དྲིས་དབྱངས་ལ་བཞི་བསྣན་ཀྱང་དོན་ལ་འདྲ་འདུག ༧ །རྒྱ་ཕྲུག་གཟའ་ཁྱིམ་སྦྲགས་མའི་མོ་ཡི་རི་མོའི་རྣམ་འགྱུར་གཞན། ཕོ་ཉས་དྲིས་པའི་དབྱངས་ཀྱིས་གྲངས། །བགྲོད་པས་སྤེལ་ནས་བསེ་རུས་བྲི། །ཉི་མས་བགོས་ལྷག་ལུག་ནས་བརྩམས། །ཁྱིམ་ཡིན། དྲིས་དབྱངས་ལ་ནི་བཞི་བསྣན་ཏེ། བདུན་བགོས་ལྷག་མ་གཟའ་ཡིན་ཏེ། །ནོར་
ལ་ཟླས་རྒྱན་སྐྱོར་གཟའ་འོ། །འདི་རང་གིས་འཕྲུལ་པ་འདྲའམ། སྦྱོར་གཟའ་དང་འགྲིགས་ན་གཞན་འགྲིགས་འདུག་སླར་བསྡུར་ཅིག གཟའ་ཁྱིམ་སྦྲགས་ཚེ་ཁྱིམ་གྱི་གནས་སུ་ཕྱོགས་ཤར་ཚེ་གང་ལྟར་ཡང་མི་དགེ དེ་མིན་དགེ་བར་འདུག་སྟེ་སོ་སོ་ནས་དགེ་ཤར་ན་ལེགས། མིན་ན་འབྲིང་བ་མ་རང་། གཟའ་ཁྱིམ་གཉིས་ཀར་ཡང་དྲུང་གི་སྐྱེ་བོའི་གྲངས་བསྣན་པ་མན་ལ་འདྲ། ལན་མང་བརྟག་ལན་ཤེས་སོ་དགེ བསྟན་འགྱུར་ནང་གི་ལྷག་མཐོང་བསྐྱེད་ཐབས་ལས། ཉི་ཟེར་གྱི་ནི་རྡུལ་གཅིག་ལ། །ཕྲ་རབ་རྡུལ་ནི་འབུམ་ཕྲག་བརྒྱད། །ཁྲི་ཕྲག་གཉིས་དང་སྟོང་ཕྲག་གསུམ། །བརྒྱ་ཕྲག་ལྔ་དང་བཞི་བཅུ་གསུམ། །ཞེས་གསུངས་པ་ལྟར་ཉི་ཟེར་གྱི་རྡུལ་གཅིག་བདུན་གྱིས་བསྒྱུར་བ་གླང་རྡུལ། དེ་བདུན་གྱིས་བསྒྱུར་བའི་ཞེ་དགུ་ལུག་རྡུལ་སོགས་སོ་སོའི་ཁ་བྱང་ལྟར་ཕྲ་རབ་བར་དུའོ། །རྡུལ་ཕྲ་རབས་རྡུལ་ཕྲན་ལྕགས་རྡུལ་ཆུ་རྡུལ་རི་བོང་རྡུལ་ལུག་རྡུལ་གླང་རྡུལ་ཉི་ཟེར་༨༢༣༥༤༣ ༡༡༧༦༤༩ ༡༦༨༠༧ ༢༤༠༡ ༣ ༤ ༣ ༤ ༩ ༧ ༡མར་བརྩིས་ན་ཕྲ་རབ་གཅིག་བདུན་བསྒྱུར་བདུན་ནི་རྡུལ་ཕྲན་སོགས། སྔ་མའི་རིམ་པར་འཕེལ་ཏེ་ཉི་རྡུལ་སྐབས་འབུམ་བརྒྱད་སོགས་གོང་བཞིན་ནོ། །དེ་ནས་རྩོམ་སོགས་གཞུང་ལྟར་གྲངས་འཕེལ་བས་དཔག་ཚད་གཅིག་ལ་རྡུལ་ཕྲ་རབ་དུ་ཡོད་སོགས་ཤོག་ཁྲ་བྱ། དེ་ནས་དཔག་ཚད་གཞུ་འདོམས་སོགས་ཀྱི་གྲངས་ཀྱིས་བསྒྱུར་བས་ཐམས་ཅད་ཤེས་སོ། ༈ །ཞག་གཅིག་གིས་དུས་མཐའི་སྐད་ཅིག་སོགས་ཀྱང་ཤོག་ཁྲ་དེ་བཞིན་བྱའོ། །འདི་མངོན་པའི་ལུགས་ལྟར་ཡིན། དུས་འཁོར་ལྟར་ན་དེའི་ལུགས་སུ་བརྩིའོ།། །།བྱ་ར་བ་༡ཕོ་༢མོ་༣ཕོ་༤མོ་༥ཕོ་༦མོ་༧ཕོ་༨མོ་༩ཕོ་༠མོ་ལོ་ཟླའི་ཁམས་མེ་མེ་ས་ས་ལྕགས་ལྕགས་ཆུ་ཆུ་ཤིང་ཤིང་ཤིང་བྱི་འདས་ལོ་གཏེར་༡༠གྱིས་བརྒྱན། །ཕྱོགས་དོར་ལྷག་པས་ལོ་ཁམས་རྟོགས། །འདས་ལོ་ཉིས་བསྒྱུར་ཟླ་གྲངས་བསྲེ། །ཕྱོགས་
ཕྱོགས་དོར་ལྷག་གིས་ཟླ་ཁམས་རྟོགས། །འདས་ལོ་བཅས་དོར་ལྷག་མ་ཡི། །ཕྱོགས་སྦྱོང་ལྷག་མ་མེད་ནས་དགུ། སོར་མོ་དམན་ལྷག་གནམ་སྨེ་ཡིན། །གནམ་སྨེར་ཡོན་བསྲེས་དགུ་ཡིས་ཕྱེ། །ལྷག་གིས་དགུར་སྦྱངས་ལོའི་སྨེ་རྟོགས། །འདས་ལོ་མེས་བསྒྱུར་ཟླ་གྲངས་དང་། །གཟུགས་བསྲེས་རྩས་དོར་ལྷགས་ཕྱོགས་སྦྱངས། །ལྷག་མས་ཟླ་བའི་སྨེ་བ་ཤེས། །གནམ་སྨེར་རྩི་བྱའི་ལོ་གྲངས་བསྲེས། །གཟུགས་ཕྲི་བུ་ག་བགོས་ལྷག་གི། རྩི་བྱའི་སྐྱེས་སྨེ་གང་ཡིན་རྟོགས། ༈ །ཟླ་འཛིན་རྩོམ་དཔེ་བཞུགས་སོ། །མཚན་བཟང་གུར་གུམ་གསར་པའི་ལང་ཚོ་ཡིས། །སྲིད་པའི་སྙིང་གི་མུན་པ་རབ་འཇོམས་པ། །ཁྱབ་བདག་འཇམ་དཔལ་དཔའ་བོས་འགྲོ་བ་ཀུན། །བྱང་ཆུབ་བར་དུ་དགེ་ཞིང་ཤིས་པས་སྐྱོངས། །ཕྱི་ནང་རྟེན་འབྲེལ་ཟབ་མོའི་གནད་མཐུན་པར། །བདེན་གསུང་རྡོ་རྗེའི་ཚིག་གིས་ལེགས་བསྟན་པའི། །དོན་བཞིན་ག་བུར་འཛིན་པའི་དཀྱིལ་འཁོར་ལ། །སྒྲ་གཅན་གྲིབ་མ་སྣང་བའི་ཚུལ་འདི་བརྗོད། །ལྔ་ཕྲག་གསུམ་གྱི་གྲངས་ལྡན་རབ་བྱུང་ཁོངས། །བདུད་རྩིའི་ཆུ་སྤྲིན་རོལ་པ་ལ་བརྩེ་བས། །རྨ་བྱ་རབ་ཏུ་དགའ་བའི་ཟློས་གར་གྱིས། །དུས་ཀྱི་བརྗོད་པ་ཉེ་བར་མཚོན་པའི་ཚེ། །དྭངས་པའི་མེ་ལོང་དཀྱིལ་ན་གཟུགས་བརྙན་བཞིན། །རྡུལ་དང་བྲལ་བ་འཆི་མེད་ལམ་ཡངས་བོར། །རྒྱུ་སྐར་བདག་པོ་རྒྱུ་སྐར་དང་པོ་དང་། །འགྲོགས་པའི་རྩེ་དགའ་གསར་པ་ལ་ཆགས་པ། །སྙིང་ལ་མི་བཟོད་བཞིན་དུ་གྱུར་པ་ཡི། །མིག་སྨན་རི་མཚུངས་གདོང་ལྔའི་གདོང་བ་ཅན། །མཐོང་བས་ལྷ་ཡང་བརྒྱལ་བར་བྱེད་པའི་གཟུགས། །འདི་ན་རྣམ་པར་འཚེ་བའི་ཚུལ་དུ་གནས། །དེ་ནི་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་ཆ། །དྭངས་གསལ་མཛེས་པའི་དཔལ་ལ་འཁུ་བའི་
བློས། །མིག་སྨན་དང་འདྲེས་ཨུཏྤལ་དམར་པོ་ཡི། །མེ་ཏོག་ཁུ་བས་བྱུགས་པ་བཞིན་དུ་སྦག །དེ་ཚེ་འཛམ་གླིང་གནས་པའི་སྐྱེ་བོ་ཡིས། །ཤར་གྱི་རི་ལས་འཕགས་པའི་རི་བོང་འཛིན། །དུད་པའི་མདོག་ལྡན་གོས་ཀྱིས་བཀབ་བཞིན་དུ། །མཚན་མོའི་ཐུན་ལ་གཟིམས་པ་ལྟ་བུར་མཐོང་། །དེ་མཐར་ཟླ་བས་ཆུ་ལྷའི་བུ་མོའི་བཞིན། །བལྟ་འདོད་གདོང་གི་སྒྲིབ་གཡོགས་རབ་བསལ་ནས། །དྭངས་བའི་མེ་ལོང་གསར་དུ་ཕྱིས་འདྲ་བ། །མཚུངས་པ་མེད་པའི་མཛེས་སྡུག་ལང་ཚོ་ངོམས། །དེར་ནི་ལྟས་ཤེས་རྣམས་ཀྱིས་གཙུག་ལག་ལས། །འབར་དང་གཡོ་བ་བཞིན་དུ་སྟོབས་འཕེལ་ཞིང་། །འདོད་པའི་མེ་འབར་གཡོན་ཅན་ཚོགས་ཀྱི་བྱ། །སྲིད་ན་གྱ་གྱུ ར་རྩེན་པའི་དུས་སུ་བརྟགས། །གཟའ་མཐོང་འདི་ནས་གཟའ་ཡི་གྲངས་ཀྱི་ཞག །ཆུ་དང་མདའ་མིན་ཆུ་འཛིན་ཕྲེང་བ་ཡིས། །མཁའ་ལས་སྤྲིན་གྱི་མྱུ་གུ་ལེགས་འཐོར་ན། །ས་ལ་སྐྱེ་རྒུ་བདེ་བའི་རྒྱལ་ཐབས་འགོད། ༈ །འདི་ནི་བློ་དང་ལྡན་པས་ཡེ་ཤེས་རླུང་། །མཆོག་ཏུ་ནུས་པ་འཕེལ་བའི་དུས་རིག་ནས། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ལ། །སྟོན་པའི་ཡིད་ཀྱིས་དགེ་ཚོགས་སྤེལ་བར་རིགས། །ཁྱད་པར་སྙིང་གི་ཨུཏྤལ་གཞོན་ནུའི་དབུས། །འཇམ་མགོན་བདུད་རྩི་གསར་པའི་བཅུད་ལེན་པའི། །ཐབས་མཁས་ཆོ་ག་བརྟེན་པའི་སྐལ་བཟང་ལ། །དུས་འདི་རིན་པོ་ཆེ་ཡི་གཏེར་དང་མཚུངས། །དེ་ཕྱིར་ཐམས་ཅད་གཟིགས་པའི་བཀའ་བཞིན་དུ། །འཁྲུལ་མེད་བསྒྱུར་འགོད་རི་མོའི་འདུ་བྱེད་ལས། །མཁའ་ལས་ལྷ་གནས་ཉི་ཟླའི་འགྲོས་གཞལ་ནས། །ས་སྟེང་སྐྱེ་བོ་ཀུན་ལ་འདི་ལྟར་སྦྲན། །ལྷག་བསམ་དག་པའི་འོད་བཟང་དང་འགྲོགས་པ། །འདི་ཡི་ལེགས་བྱས་རི་དྭགས་འཛིན་པ་ཡང་། །མཁའ་ལ་གཟའ་བྲལ་ཟླ་བ་ལྟར་
མཛེས་པས། །སྐྱེ་རྒུའི་ཡིད་ལ་ཀུན་དགའི་དཔྱིད་གྱུར་ཅིག །ཀུན་རྟོག་ལས་རླུང་ཉི་མ་ཟླ་བའི་འགྲོས། །གཞོམ་མེད་བདེ་སྟོང་དྷུ་ཏིའི་དབྱིངས་ཞུགས་ནས། །འོད་གསལ་མཆོག་ཏུ་ཞི་བའི་ཡེ་ཤེས་ལུས། །རྟག་བརྟན་བགྲེས་རྒུད་བྲལ་བར་བདག་གྱུར་ཅིག །རབ་འབྱམས་ཕྱོགས་དུས་རྒྱལ་བའི་མཁྱེན་བརྩེའི་གར། །རྒྱལ་སྲས་དབང་པོ་གཞོན་ནུའི་རྣམ་རོལ་བ། །འཇམ་མགོན་མཁྱེན་པའི་རང་གཟུགས་ཆོས་ཀྱི་རྗེའི། །ཞབས་པད་སྐལ་པ་རྒྱ་མཚོར་བརྟན་གྱུར་ཅིག །ཞེས་རབ་ཚེས་ཆུ་བྱི་དབྱུག་ཟླའི་ཉ་ཡི་གཟའ་འཛིན་མདོར་བསྡུས་པ་རྩིས་རིགས་སྨྲ་བ་འཇམ་དཔལ་དགྱེས་པས་བྲིས་པ་དགེ། མངྒ་ལཾ།། །།