Nitartha Digital Library
Tibetan
 
previousཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།next

ཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།


MR26_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་དགུར་ལྡན་པའོ། །དེ་དག་གི་གཞུང་ལས་བཤད་པའི་ཐ་སྙད་འགའ་བརྗོད་པ། ཨ་བྷི་བྱཀྟིཿ མངོན་པ། ཨ་བྷིརྦྷཱ་པཿ མངོན་པར་འབྱུང་བ། ཏི་རོ་བྷཱ་བཿ མི་མངོན་པར་གྱུར་པ། པ་རི་ཎཱ་མཿ ཡོངས་སུ་གྱུར་པ། ལ་ཡཿ ཞ་བ། སིནྣི་ཀྲྀཥྚཿ ཉེ་བ།བི་པྲ་ཀྲྀཥྚཿ རྒྱང་རིང་བ། བཱི་ཏཿ རྣམ་པར་ལྡན་པ། ཨཱ་བཱི་ཏཿ བསལ་ཏེ་འོངས་པ། ས་ཧ་ཙ་ར་སཾ་བནྡཿ ལྷན་ཅིག་འགྲོགས་པའི་འབྲེལ་པ། གྷཱ་ཏྱ་གྷཱ་ཏ་ཀ་སམྦནྡྷཿ གནོད་བྱ་དང་གནོད་བྱེད་ཀྱི་འབྲེལ་བ། སྭ་སྭཱ་མི་ལཀྵ་ཎ་སམྦནྡྷཿརྗེ་ཁོལ་གྱི་མཚན་ཉིད་ཀྱི་འབྲེལ་བ། ཨཱ་དྷཱ་ར་དྷེ་ཡ་ལཀྵ་ཎ་སམྦནྡྷཿ གཞི་དང་རྟེན་པའི་མཚན་ཉིད་ཀྱི་འབྲེལ་པ། ཀཱཪྻ་ཀཱ་ར་ཎ་ལཀྵ་ཎ་སམྦནྡྷཿ བྱ་བ་དང་བྱེད་པའི་མཚན་ཉིད་ཀྱི་འབྲེལ་བ། ཨ་བ་ཡ་བཱ་བ་མ་བཱི་ལཀྵ་ཎ་སམྦནྡྷཿ ཆ་ཤས་དང་ཆ་ཤས་ཅན་གྱི་མཚན་ཉིད་ཀྱི་འབྲེལ་བ། ཞེས་སོ། །དཔྱོད་པ་ཅན་གྱི་གཞུང་ལས་བྱུང་བ།སཏྶཾ་པྲ་ཡོ་གེ་པུ་རུ་ཥ་སྱེནྡྲི་ཡཱཎཱཾ་བུདྡྷི་ཛབྡ་པྲ་ཏྱ་ཀྵཾ། ཡོད་པ་དང་ཕྲད་ན་སྐྱེས་བུའི་དབང་པོ་རྣམས་ཀྱི་བློ་སྐྱེ་བ་ནི་མངོན་སུམ་མོ། །ཨརྠཾ་ལོ་ཙ་ན་ཛྙཱ་ན྄ཾ། དོན་ལ་བལྟ་བའི་ཤེས་པ། པྲཱ་ག་བྷཱ་བཿ སྔ་ན་མེད་པ། པྲ་དྷྭཾ་སཱ་བྷཱ་བཿ ཞིག་ནས་མེད་པ། ཨི་ཏ་རེ་ཏ་རཱ་བྷཱ་བཿ གཅིག་ལ་གཅིག་མེད་པ། ཨ་ཏྱནྟཱ་བྷཱ་བཿ གཏན་མེད་པ། ཤཱསྡམ྄། སྒྲ་ལས་བྱུང་བ། ཨུ་པ་མཱ་ན་མ྄། ཉེ་བར་འཇལ་བ། ཨརྠཱ་བཏྟིཿ དོན་གྱིས་གོ་བ། ཨ་བྷཱ་བཿ དངོས་པོ་མེད་པ། སྨྲྀ་ཏིཿ དྲན་པ། ཤྲུ་ཏིཿ ཐོས་པ། ཨ་བཽ་རུ་ཥེ་ཡཿ སྐྱེས་བུས་མ་བྱས་པ། དུརྦྷ་ཎ་ཏྭམ྄། བཟླས་དཀའ་བ་ཞེས་སོ། །བྱེ་བྲག་པའི་ཚིག་གི་དོན་དྲུག་ལ་སོགས་པ་ནི། དྲ་བྱམ། རྫས། འདི་ལ་རྟག་པའི་རྫས། བདག་དང་དུས་དང་ཕྱོགས་དང་རྡུལ་ཕྲ་རབ་དང་ནམ་མཁའ་ལྔ། མི་རྟག་པ་ས་ཆུ་མེ་རླུང་སྟེ་དགུའོ། །བདག་ནི་སེམས་མ་ཡིན་པས་བེམ་པོ་ཡིན་ལ་རྡུལ་དུ་གྲུབ་པ་མེད་ཅིང་ནམ་མཁའ་ལྟར་ཀུན་ལ་ཁྱབ་པར་


MR26_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

འདོད། གུ་ཎཿ ཡོན་ཏན། ཀརྨཿ ལས། སཱ་མཱ་ནྱམ྄། སྤྱི། བི་ཤེ་ཥཿ བྱེ་བྲག ས་མ་བཱ་ཡཿ འདུ་བ་སྟེ་ཚིག་དོན་དྲུག་གོ། ཡོན་ཏན་ནི། པ་རི་མཱ་ཎམ྄། བོང་ཚོད། སཾ་ཁྱཱ། གྲངས། སཾ་ཡོ་གཿ ཕྲད་པ། བི་བྷཱ་གཿ བྱེ་བ། པྲྀ་ཐཱ་ཀ྄་ཏྭ་མ྄། སོ་སོ་བ་སྟེ་ཐ་དད་ཀྱི་མིང་། བར་ཏྭ་མ྄། ཕ་རོལ་ལམ་གཞན། ཨ་པ་ར་ཏྭཾ། ཕ་རོལ་ལམ་གཞན་མ་ཡིན་པ། ཨིཙྪཱ། འདོད་པ། དྲ་བ་ཏྭཾ། ཁུ་བའམ་གཤེར་བའམ་ཞུ་བ། སྣེ་ཧཿ སྣུམ་པའི་གཤེར་བ། ཨ་དྷརྨ། ཆོས་མ་ཡིན་པ། སཾ་སྐཱ་རཿ བྱས་པའི་ཤུགས། ཕྲ་ཡཏྣཿ འབད་པ། མདོར་ན་ཡོན་ཏན་ཉེར་བཞི་སྟེ། གྲངས། བོང་ཚོད། འཕྲད་པ། ཕྱེ་བ། གཞན་གཞན་མིན། བདག་ལ་སྣང་བ་མིག་བློ་སོགས། བདེ་སྡུག་འདོད་སྡང་ཆོས་ཆོས་མིན། འབད་རྩོལ། འདུ་བྱེད་པའི་ཤུགས་བརྒྱད་དང་། སྒྲ་ནམ་མཁའི་ཡོན་ཏན་སོགས་ཡུལ་ལྔ། ལས་ལྔ་ནི། ཨུ་ཏྲ་ཀྵེ་པ་ཎམ྄། འདེག་པ། ཨ་པ་ཀྵེ་པ་ཎཾ། འཇོག་པ།ཨཱ་ཀུཉྩ་ཎཾ། བསྐུམ་པ། པྲ་སཱ་ར་ཎམ྄། བརྐྱང་པ། ག་མ་ནམ྄། འགྲོ་བའོ། །གཞན་ཡང་། དྭཱིནྡྲི་ཡ་གྲཱ་ཧྱམ྄། དབང་པོ་གཉིས་ཀྱིས་བཟུང་བ། པཱརྠི་བཿཔར་མཱ་ཎུཿ སའི་རྡུལ་ཕྲ་རབ། མ་ཧཱ་སཏྟཱ། ཡོད་པ་ཆེན་པོ། ཨ་བཱནྟ་ར་སཱ་མཱ་ནྱམ྄། ཉི་ཚེ་བའི་སྤྱི། མ་ཧཱ་སཱ་མཱ་ནྱམ྄། སྤྱི་ཆེན་པོ། སཏྐཱཪྻམ། འབྲས་བུ་སྔ་ན་ཡོད་པ། ཨ་སཏྐཱཪྻམ྄། འབྲས་བུ་སྔ་ན་མེད་པ། ཚད་མ་འདོད་ལུགས། ཨཱཏྨེནྡྲི་ཡཱརྠཱ་དྱ་དུཏྤནྣཾ་ཛྙཱ་ནམྤྲ་ཏྱཀྵམ྄། བདག་དང་དབང་པོ་དང་དོན་ལས་གང་བྱུང་བའི་ཤེས་པ་མངོན་སུམ། ལམྤཱམྦུ་ད་དརྴ་ནཱ་དྦརྵཱ་ནུ་མཱ་ནམ྄། སྤྲིན་གྱི་རྩ་བ་ནར་བར་སྣང་བ་ལས་ཆར་འབབ་པར་རྗེས་སུ་དཔག་པ། ན་དཱི་པཱུ་ར་དརྴ་ནཱ་དུ་བ་རི་བྲྀཥྚྱ་ནུ་མཱ་ནམ྄། ཆུ་བྲུབ་པར་སྣང་བ་ལས་གོང་དུ་ཆར་བབ་པར་རྗེས་སུ་དཔག་པ། མེ་གྷོནྣ་ཏི་དརྴ་ནཱཏྲ། སྤྲིན་བར་སྣང་བའམ་མཐོང་བ་ལས། ཨེ་ཏི་ཧྱམ྄། དེ་ལྟ་བུ་ཡོད་ཅེས་གྲགས་པ། གྲཱ་ཧི་བྷམ྄། མཐོངས་ཀྱིས་ཚོར་བ། ཞེས་སོ། །


MR26_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

༈ གཞན་ཁ་སྐོང་ཉུང་ཙམ་ཕྱི་རོལ་པ་འདི་ཐམས་ཅད་བདག་ཏུ་ལྟ་བ་ལ་གནས་པ་ཡིན་ཞིང་། དེ་དག་གིས་བདག་ཏུ་བརྗོད་པའི་རྣམ་གྲངས་ལ། ཨཱཏྨཱ། བདག སཏྭཿ སེམས་ཅན། ཛཱི་བ། སྲོག ཛནྟུཿ སྐྱེ་བ་པོ། པོ་ཥཿ གསོ་བ། པུ་རུ་ཥཿ སྐྱེས་བུ། པུངྒ་ལཿ གང་ཟག །མ་ནུ་ཛཿ ཤེད་ལས་སྐྱེས། མཱ་ན་བཿཤེད་བུ། ཀཱ་ར་ཀཱཿ བྱེད་པ་པོ། ཀཱ་རཱ་པ་ཀཿ བྱེད་དུ་འཇུག་པོ། ཀྵེ་ཏྲཛྙཿཞིང་ཤེས་ཏེ་ཞིང་རང་ལུས་ལ་ཟེར་ཏེ་དེ་ཤེས་པའོ། །བེ་ད་ཀཿ ཚོར་བ་པོ། ཛྙཱ་ན་ཀཿ ཤེས་པ་པོ། པ་ཤྱ་ཀཿ མཐོང་བ་པོ། ཨུཏྠཱ་པ་ཀཿ སློང་བ་པོ། ས་མུཏྠཱ་པ་ཀཿ ཀུན་ནས་སློང་བ་པོ། ཞེས་དེ་ལྟར་བཏགས་ཤིང་དེ་ལྟར་ཞེན་པར་བྱེད་དོ། །དེའི་དབང་གིས། བིཾ་ཤ་ཏི་ཤི་ཁངས་མུཏྒ་ཏཿ སཏྐཱ་ཡ་དྲྀཥྚི་ཤཻ་ལཿ འཇིག་ཚོགས་ལ་ལྟ་བའི་རི་རྩེ་མོ་ཉི་ཤུ་མཐོ་བ། དེ་གང་ཞེ་ན། རཱུ་པ་མཱཏྨཱ་སྭཱ་མི་བཏ྄། བདག་གཟུགས་ཡིན་ཏེ་བདག་པོ་དང་འདྲ། རཱུ་པ་པཱ་ནཱ ཏྨཱ་྅་ལངྐཱ་ར་བཏ྄། བདག་གཟུགས་དང་ལྡན་ཏེ་རྒྱན་དང་འདྲ། ཨཱཏྨཱི་ཡཾ་རཱུ་པཾ་བྷྲྀ་ཏྱ་བཏ། གཟུགས་བདག་གི་ཡིན་ཏེ་བྲན་དང་འདྲ། རཱུ་པེ་ཨཏྨེ་བྷཱ་ཛ་ན་བཏ྄། གཟུགས་ལ་བདག་གནས་ཏེ་སྣོད་དང་འདྲ། དེ་བཞིན་དུ། བེ་ད་ནཱཏྨཱ། ཚོར་བ་བདག་ཡིན། བེ་ད་ནཱ་བཱ་ནཱཏྨཱ། བདག་ཚོར་བ་དང་ལྡན། ཨཱཏྨཱི་ཡཱ་བེ་ད་ནཱ། ཚོར་བ་བདག་གི་ཡིན། བེ་ད་ནཱ་ཡཱ་མཱ་ཏྨཱ། ཚོར་བ་ལ་བདག་གནས། སཾ་ཛྙཱཏྨཱ། བདག་འདུ་ཤེས་ཡིན། སཾ་ཛྙཱ་བཱ་ནཱཏྨཱ། བདག་འདུ་ཤེས་དང་ལྡན། ཨཱཏྨཱི་ཡཱ་སཾཛྙཱ། འདུ་ཤེས་བདག་གི་ཡིན། སཾ་ཛྙཱ་ཡཱ་མཱཏྨཱ། འདུ་ཤེས་ལ་བདག་གནས། སཾ་སྐཱ་རཱ་ཨཱཏྨཱ། འདུ་བྱེད་བདག་ཡིན། སཾ་སྐཱ་རཱ་བཱ་ནཱཏྨཱ། བདག་འདུ་བྱེད་དང་ལྡན། ཨཱཏྨཱི་ཡཱཿསཾ་སྐཱ་རཱཿ འདུ་བྱེད་བདག་གི་ཡིན། སཾ་སྐཱ་རེ་ཥཱཏྨཱ། འདུ་བྱེད་ལ་བདག་གནས། བི་ཛྙཱ་ན་མཱཏྨཱ། བདག་རྣམ་པར་ཤེས་པ་ཡིན། བི་ཛྙཱ་ན་བཱ་མཱཏྨཱ། བདག་རྣམ་པར་ཤེས་པ་དང་ལྡན། ཨཱཏྨཱི་ཡཾ་བི་ཛྙཱ་ནཾ། རྣམ་པར་ཤེས་པ་བདག་གི་ཡིན། བི་ཛྙཱ་


MR26_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

ནེ་ཨཱཏྨཱ། རྣམ་པར་ཤེས་པ་ལ་བདག་གནས། ཞེས་སོ། །བདག་མེད་པའི་ཕྱིར་དེའི་ཁྱད་པར་གྱི་ཆོས་གང་དུའང་ཁས་བླང་བར་བྱ་བ་མིན་པས་དྲི་བ་ལུང་མ་བསྟན་པའི་ཆོས་བཅུ་བཞི་ནི། འཇིག་རྟེན་ལ་སྦྱར་ན། ཤཱ་ཤྭ་ཏོ་ལོ་ཀཿ འཇིག་རྟེན་རྟག དེ་བཞིན། ཨ་ཤཱ་ཤྭ་ཏོ་ལོ་ཀཿའཇིག་རྟེན་མི་རྟག་པ། ཤཱ་ཤྭཏ་ཤྩ་ཤཱ་ཤྭ་ཏ་ཤྩ། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག ནཻ་བ་ཤཱ་ཤྭ་ཏཤྩ་ན་ཤཱ་ཤྭ་ཏཤྩ། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན། ཞེས་དང་། ཨནྟ་བཱཾ་ལོ་ཀཿ འཇིག་རྟེན་མཐའ་ཡོད་པ། ས་ནནྟ་བཱཾ་ལོ་ཀཿ འཇིག་རྟེན་མཐའ་ཡོད་པ་མ་ཡིན་པ། ཨནྟ་བཱཾ་ཤྩ་ཨ་ནནྟ་བཱཾ་ཤྩ། མཐའ་ཡོད་ཀྱང་ཡོད་ལ་མཐའ་མེད་ཀྱང་མེད། ནཻ་བཱནྟ་བཱཾ་ཤྩ་ཨ་ནནྟ་བཱཾ་ཤྩ། མཐའ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན། ཞེས་དང་། བྷ་བ་ཏི་ཏ་ཐཱ་ག་ཏཿ པ་རམྨ་ར་ཎཱཏ྄། དེ་བཞིན་གཤེགས་པ་ཀྲོང་ནས་ཡོད། ན་བྷ་བ་ཏི་ཏ་ཐཱ་ག་ཏཿ པ་ར་མྨ་ར་ཎཱཏ྄། དེ་བཞིན་གཤེགས་པ་ཀྲོང་ནས་མེད། བྷ་བ་ཏི་ཙ་ན་བྷ་བ་ཏི་ཙ་ཏ་ཐཱ་ག་ཏཿ པ་ར་མྨ་ར་ཎཱཏ྄། དེ་བཞིན་གཤེགས་པ་ཀྲོང་ནས་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད། ནཻ་བ་བྷ་བ་ཏི་ཙ་ན་བྷ་བ་ཏི་ཙ་ཏ་ཐཱ་ག་ཏཿཔ་རམྨ་ར་ཎཱ་ཏ྄། དེ་བཞིན་གཤེགས་པ་འདས་ནས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན། ཞེས་བཞི་དང་། ས་ཛཱི་བསྟ་ཙྪ་རཱི་རཾ། སྲོག་དེ་ལུས་དེ་ཡིན། ཨ་ནྱོ་ཛཱི་བོ྅་ནྱ་ཙྪ་རཱི་རཾ། སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཞེས་སོ། །ཕྱིན་ཅི་ལོག་གི་ལྟ་བར་གྱུར་པའི་མིང་ལ། ཨཱཏྨཱ་གྲཱ་ཧཿ བདག་ཏུ་འཛིན་པ། ཨེ་ཀ་ཏྭ་གྲ་ཧཿ གཅིག་ཉིད་དུ་འཛིན་པ། ཀརྟྲ་ཏྭ་གྲཱ་ཧཿ བྱེད་པར་འཛིན་པ། པཎྜི་གྲཱ་ཧཿ རིལ་པོར་འཛིན་པ། དྲྀཥྚི་པྲ་སྐནྟཿ ལྟ་བ་བྱིང་བ། དྲྀཥྚི་གཧ་ནཾ། ལྟ་བ་ཐིབས་པོ། དྲྀཥྚི་ཀཱནྟཱ་རམ྄། ལྟ་བའི་དགོན་པ། བི་ཥ་མ་དྲྀཥྚིཿ མི་མཐུན་པར་ལྟ་བའམ་ལྟ་བ་མི་བཟད་པ། ཀུ་དྲྀཥྚིཿ ལྟ་བ་ངན་པ། དྲྀཥྚི་སཾ་ཀཾ་ཊཿ ལྟ་བ་ཡང་བ། དྲྀཥྚི་ཀྲྀ་ཏཾ། ལྟ་བར་གྱུར་


MR26_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་ལྟ་བར་བྱས་པ། དྲྀཥྚི་ག་ཏཾ། ལྟ་བའི་རྣམ་པའམ་ལྟ་བར་གྱུར་པའམ། ལྟ་བར་སོང་བ། ཞེས་སོ། ༈ །གཉིས་པ་བླང་བྱ་ཐར་པ་ཡང་དག་པའི་ལམ་མ་ནོར་བ་སངས་རྒྱས་པའི་ལུགས་ལ། ནང་པ་དང་སངས་རྒྱས་པ་དང་ཤཱཀྱ་བ་སོགས་ཟེར། དེའི་གཞུང་། ཨཱཛྙཱ། བཀའ། ཤིཥྚིཿ བཀའ་ལུང་། ཨཱ་གམ། ལུང་། ཨཱརྵཿ གཙུག་ལག །པྲ་བ་ཙ་ནཾ། གསུང་རབ། ཤཱ་ས་ནམ྄། བསྟན་པའམ་བཅོས་པ། སཱུ་ཏྲཱནྟ། མདོ་སྡེ། སིདྡྷཱནྟཿ གྲུབ་མཐའ། ས་མ་ཡ། གཞུང་ལུགས་སམ་སྔགས་ཀྱི་སྐབས་སུ་དམ་ཚིག ནིརྡེ་ཤཿ ངེས་བསྟན། ཨ་ནུ་ཤཱ་ས་ནཱ། རྗེས་སུ་བསྟན་པ། ཨ་བ་བཱ་དཿ གདམས་པ། མ་ཏཾ། ལུགས། དརྴ་ཀཾ ལྟ་བ་སོགས་ཟེར། དེ་ལ། ཀཎྛོཀྟཿ ཞལ་ནས་གསུངས་པའི་བཀའ། དེ་བཞིན་རྗེས་སུ་གནང་བའི་བཀའ་དང་། བྱིན་གྱིས་བརླབས་པའི་བཀའ་ཞེས་སུ་དབྱེའོ། །བཀའ་ཡི་དབྱེ་བ་ལ་གསུང་རབ་ཡན་ལག་བཅུ་གཉིས་ཏེ། སཱུ་ཏྲཾ། མདོ་ཡི་སྡེ། གེ་ཡམ྄། དབྱངས་ཀྱིས་བསྙད་པའི་སྡེ། བྱཱ་ཀ་ར་ཎཾ། ལུང་དུ་བསྟན་པའི་སྡེ། གཱ་ཐཱ། ཚིགས་སུ་བཅད་པའི་སྡེ། ཨུ་དཱ་ནཾ། ཆེད་དུ་བརྗོད་པའི་སྡེ། ནི་དཱ་ནམ྄། གླིང་གཞིའི་སྡེ། ཨ་བ་དཱ་ནཾ། རྟོགས་པ་བརྗོད་པའི་སྡེ། ཨི་ཏི་བྲྀཏྟ་ཀམ྄། དེ་ལྟ་བུར་བྱུང་བའི་སྡེ། ཛཱ་ཏ་ཀམ྄། སྐྱེས་པ་རབ་ཀྱི་སྡེ། བཻ་བུ་ལྱཾ། ཤིན་ཏུ་རྒྱས་པའི་སྡེ། ཨ་ཥྒྷཏ་དྷརྨྨཿ རྨད་དུ་བྱུང་བའི་སྡེ། ཨུ་པ་དེ་ཤཿ གཏན་ལ་དབབ་པའི་སྡེའོ། །དེ་དག་བསྡུས་ན། ཏྲི་པི་ཊ་ཀཿ སྡེ་སྣོད་གསུམ་སྟེ། བི་ན་ཡཿ འདུལ་བ། སཱུ་ཏྲཾ། མདོ་སྡེ། ཨ་བྷི་དྷརྨཱ། ཆོས་མངོན་པ་གསུམ། དེ་དག་གི་བརྗོད་བྱ་བསླབ་པ་གསུམ་ནི། ཨ་དྷི་ཤཱི་ལཾ། ལྷག་པའི་ཚུལ་ཁྲིམས། ཨ་དྷི་ཙིཏྟཾ། ལྷག་པ་སེམས་ཀྱི་བསླབ་པ། ཨ་དྷི་པྲཛྙཱཾ། ལྷག་པ་ཤེས་རབ་ཀྱི་བསླབ་པ། ཧེ་ཏུ་པ་ར་མི་ཏ་ཡཱ་ན། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་


MR26_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཕ་ལཾ་སུ་ཧྱ་མནྟྲ་བཛྲ་ཡཱ་ན། འབྲས་བུ་གསང་སྔགས་རྡོ་རྗེའི་ཐེག་པའོ། །སངས་རྒྱས་ཀྱིས་གསུངས་པ། ས྄དྡྷརྨ། དམ་པའི་ཆོས་ནི། ཨཱ་དཽ་ཀ་ལྱཱ་ཎཾ། ཐོག་མར་དགེ་བ། མ་དྷྱེ་ཀ་ལྱཱ་ཎཾ། བར་དུ་དགེ་བ། བཪྻ་བ་སཱ་ནེ་ཀ་ལྱཱ་ཎཾ། ཐ་མར་དགེ་བ། སཱརྠཾ། དོན་བཟང་པོ། སུ་བྱཉྫ་ནཾ། ཚིག་འབྲུ་བཟང་པོ། ཀེབ་ལཾ། མ་འདྲེས་པ། སྐབས་འགར་འབའ་ཞིག་ཏུའང་གདགས། པ་རི་པཱུརྑཾ། ཡོངས་སུ་རྫོགས་པ། པ་རི་ཤུདྡྷཾ། ཡོངས་སུ་དག་པ། པཪྻ་བ་དཱ་ཧཾ། ཡོངས་སུ་བྱང་བ་སྟེ། བྲཧྨ་ཙཪྻཾ། ཚངས་པར་སྤྱོད་པ། བཞི་དང་ལྡན་ཏོ། །ཨ་བྷི་བ་ད་མཱ་ན་ཨ་བྷི་བ་དནྟི། མངོན་པར་བརྗོད་པས་མངོན་པར་བརྗོད་དོ། །སྭཱ་ཁྱཱ་ཏོ་བྷ་ག་བཏོ་དྷརྨཿ བཅོམ་ལྡན་འདས་ཀྱིས་ཆོས་ནི་ལེགས་པར་གསུངས་པ། སཾ་དྲྀཥྚི་ཀཿ ཡང་དག་པར་མཐོང་བ། ནིརྫྭ་རཿ ནད་མེད་པ། ཨཱ་ཀཱ་ལི་ཀཿ དུས་ཆད་པ་མེད་པ། ཨུ་པ་ནཱ་ཡིཀཿ ཉེ་བར་གཏོད་པ། ཨེ་ཧི་པ་ཤྱིཀཿའདི་མཐོང་བ་ལ་དོན་ཡོད་པ། པྲ་ཏྱཱཏྨ་པེ་ད་ནཱི་ཡོ་བི་ཛྙེཿ མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ། སྭཱ་ཁྱཱ་ཏོ་བྷ་ག་བ་ཏོ་དྷརྨ་བི་ན་ཡཿ སུ་པྲ་བེ དི་ཏཿ བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདུལ་བ་ནི་ལེགས་པར་བསྟན་པ། ནཻཪྻཱ་ཎི་ཀཿ ངེས་པར་འབྱུང་བ། སཾ་བོ་དྷི་གཱ་མཱི། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། ཨ་བྷིནྣཿ སསྟུ་པཿ མི་མཐུན་པ་མེད་ཅིང་འདུས་པ་དང་ལྡན་པ། ས་པྲ་ཏི་ཤར་ཎཿ བརྟེན་པ་ཡོད་པ། ཨུཏྟཱ་ནཿ གསལ་བ། བི་བྲཾ་ཏཿ ཕྱེ་བ། ཙྪིནྣ་པློ་ཏི་ཀཿ རྒྱུ་བ་བཅད་པ། ཡཱ་བནྡེ་བ་མ་ནུཥྱེ་བྷྱཿསམྱཀྶུ་པྲ་ཀཱ་ཤི་ཏཿ ལྷ་དང་མིའི་བར་དག་ལ་ཡང་དག་པར་ཤིན་ཏུ་བསྟན་པའོ། ༈ །ལན་གསུམ་བཟླས་ཏེ་ཆོས་འཁོར་རྣམ་པ་བཅུ་གཉིས་སུ་བསྐོར་བ་ཞེས་པ། ཨཱཪྱ་སཏྱཱ་ནཱཾ། འཕགས་པའི་བདེན་པ་རྣམས། དུཿཁཾ། སྡུག་བསྔལ། ས་མུ་ད་ཡ། ཀུན་འབྱུང་། ནི་རོ་དྷ། འགོག་པ།


MR26_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

པྲ་ཏི་པཏ྄། དང་མརྒཿ ལམ། དེ་ལ་འདི་སྡུག་བསྔལ། འདི་ཀུན་འབྱུང་། འདི་འགོག་པ། འདི་སྡུག་བསྔལ་འགོག་པའི་ལམ། ཞེས་པྲ་ཐམ་པ་རི་བརྟྟོ། བཟླས་པ་དང་པོ་སྟེ་མཐོང་བའི་ལམ། དྭི་ཏཱི་ཡ་པ་རི་བརྟྟོ། བཟླས་པ་གཉིས་པ་བསྒོམ་པའི་ལམ་སྟེ། སྡུག་བསྔལ་འཕགས་པའི་བདེན་པ། བ་རི་ཛྙཱེ་ཡཾ། ཡོངས་སུ་ཤེས་པར་བྱ། དེ་བཞིན་སྦྱར་ཏེ་སྡུག་བསྔལ་ཀུན་འབྱུང་བ། བྲ་ཧཱ་ཏ་བྱཾ། སྤང་བར་བྱ། སྡུག་བསྔལ་འགོག་པ། སཱཀྵཱཏྐརྟྟ་བྱཾ། མངོན་དུ་བྱ། སྡུག་བསྔལ་འགོག་པར་འགྱུར་བའི་ལམ། བྷཱ་ཡི་ཏ་བྱཾ། བསྒོམ་པར་བྱ། ཏྲི ཏཱི་ཡ་པ་རི་བརྟྟོ། བཟླས་པ་གསུམ་པ་མི་སློབ་ལམ་ཏེ། སྡུག་བསྔལ། པ་རི་ཛྙཱ་ཏཾ། ཡོངས་སུ་ཤེས། ཀུན་འབྱུང་བ། པྲ་དཱི་ཎཿ སྤང་། འགོག་པ། སཱཀྵཱཏ་བཏ྄། མངོན་དུ་བྱས། སྡུག་བསྔལ་འགོག་པར་འགྱུར་བའི་ལམ། བྷཱ་བི་ཏཱ། བསྒོམས། ཞེས་སོ། ༈ །ལུང་གི་ཆོས་ཀྱི་བྱེ་བྲག་གི་མཚན་ལ། ཤ་ཏ་སཱ་ཧ་སྲི་ཀཱ་པྲཛྙཱ་པཱ་ར་མི་ཏཱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། དེ་བཞིན་ཉི་ཁྲི་ལྔ་སྟོང་པ་སོགས་དང་། བུདྡྷཱ་པ་ཏཾ་ས་ཀཾ སངས་རྒྱས་ཕལ་པོ་ཆེ། བོ་དྷི་སཏྭ་པི་ཊཀཾ བྱང་ཆུབ་སེམས་དཔའི་སྡེ་སྣོད། ལ་ལི་ཏ་བིསྟ་རཿ རྒྱ་ཆེ་རོལ་བ། ས་མཱ་དྷི་རཱ་ཛཱ། ཏིང་འཛིན་རྒྱལ་པོ། དེ་ལ་སོགས་པ་མདོ་ཡི་མཚན་རྣམས་བྱེ་བྲག་རྟོགས་བྱེད་དུ་བཀོད་པ་དེར་བལྟ་བའམ་མདོ་རྒྱུད་བསྟན་བཅོས་རྒྱ་གར་ནས་བསྒྱུར་བ་རྣམས་ཀྱི་མཚན་གླེགས་བམ་གྱི་ཀླད་དུ་རྒྱ་སྐད་བཞག་པ་ཡོད་པས་འདིར་མ་བཀོད་དོ། །གཉིས་པ་རྒྱལ་བའི་བཀའ་ཡི་དགོངས་པ་རྗེས་སུ་འགྲེལ་བའི་བསྟན་བཅོས་ཀྱི་མཚན་ལ། ཤཱསྟྲཾ། བསྟན་བཅོས་ཞེས་བྱ་ཞིང་། དེ་དག་གི་བྱེ་བྲག །པྲ་ཀ་ར་ཎཾ། རབ་ཏུ་བྱེད་པ། པྲྀ་ཀྲ་ཡཱ། ལོ་རྒྱུས། སཱུ་ཏྲམ྄། མདོར་བྱས་པ། ཀཱ་རི་ཀཱ། ཚིག་ལེའུར་བྱས་པ། ཊེ་བ་པི་ཊ་ཀཿ མདོར་བཤད་


MR26_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

པའམ་ས་བཅད། བྲྀཏྟིཿ འགྲེལ་བ། བི་བ་ར་ཎཾ། རྣམ་པར་འགྲེལ་པ། པཉྩི་ཀཱ། དཀའ་འགྲེལ། བྷཱ་ཥཾ། བཤད་པ། བྱཱ་ཁྱཱ་ནཾ། རྣམ་པར་བཤད་པ། བཱརྟྟི་ཀཾ་རྣམ་འགྲེལ། བདྡྷ་ཏིཿ གཞུང་འགྲེལ། མི་ཤྲ་ཀཾ སྤེལ་མ་སྟེ་བཅད་ལྷུག་སྤེལ་མ། ཊཱི་ཀཱ། འགྲེལ་བཤད། ཊཱི་ཀཱ་ཊཱི་ཀཱ། འགྲེལ་བཤད་ཀྱི་འགྲེལ་བཤད། ཤྩོ་ཀཿ དང་། གཱ་ཐཱ། ཚིགས་སུ་བཅད་པ། གདྱཾ། བརྐྱང་བའམ་ལྷུག་པ། པདྱཾ། ཚིགས་སུ་སྦྱར་བ། བྲྀཏྟཾ། སྦྱར་བ། ཙྪནྡཿ སྡེབ་སྦྱོར། དཎྚ་ཀཾ རྒྱུན་ཆགས། གྲནྠཿ ཚིག་གི་མ་གཞུང་ངམ། ལེའུ་གྲངས། པ་རི་བརྟྟཱཿ ལེའུ། ཨཱཤྭཱ་ས་ཀཿ ཚིགས་མཚམས་སམ་དབུགས་མཚམས། པ་རི་ཙྪེདཿ ལེའུར་བཅད་པ། སརྒྒཿ ལེའུར་ཕྱེ་བ། བ་ཊ་ལཿ རིམ་པར་ཕྱེ་བ། ཨཱདྷྱཱ་ཡཿ བརྗོད་ལེའུ། ཙྪནྡོ་བི་ཙི་ཏིཿ སྡེབ་སྦྱོར་བསྡུས་པ། པིཎྚོདྷཱ་ནཾ། བསྡུས་པའི་སྡོམ། ཨནྟ་རོ་དྷཱ་ནཾ། བར་བསྡོམ། ཨུརྡཱ་ནཾ། སྡོམ་མམ་སྐབས་འགར་མདོར་ཡང་གདགས། ཆོས་འཆད་ཉན་བྱེད་པའི་མིང་ལ། སཱུཀྟཾ། ལེགས་པར་བཤད་པ། སུ་བྷཱ་ཥི་ཏམ྄། ལེགས་པར་སྨྲ་བའམ་གསུངས་པ། སུ བྱཱ་ཁྱཱ་ཏཾ། གསུངས་པའམ་ལེགས་པར་སྨྲས་པ། པྲ་ཎེ་ཏཱ། སྟོན་པའམ་བྱེད་པ། ཡུཀྟཻ་པ་ད་བྱ་ཉྫ་ནཻཿ ཚིག་འབྲས་བུ་པ་དང་། རིགས་པ་དང་གསལ་བའམ་འབྱོར་པ། ས་ཧི་ཏཻཿ འབྲེལ་བ། སཾ་ཧི་ཏ། ལེགས་པར་བསྡེབས་པ། སཾ་གྷ་ཊ། ཡང་དག་པར་སྦྱར་བ། པྲ ཏི་རཱུ་པཻ། འཚམས་པ། པྲ་དཀྵི་ནེ། མཐུན་པ། ཨ་ནུ་ལོ་མི་ཀཻཿ རྗེས་སུ་མཐུན་པ། ཨ་ནུཙྪ་བི་ཀཻཿ རྗེས་སུ་འཕྲོད་པ། ཨོ་པ་ཡི་ཀཻཿ ཐབས་དང་ལྡན་པ། ཨ་བི་པ་རི་ཏ་མཱརྒ་དཻ་ཤི་ཀཿ ལམ་མ་ནོར་བར་སྟོན་པ། སཾ་གཱི་ཏི་ཀཱ་རཿ ཡང་དག་པར་སྡུད་པར་བྱེད་པ། དྷརྨ་ཀ་ཐི་ཀཿ ཆོས་སྒྲོགས་པ། དྷརྨ་བྷཱ་ཎ་ཀཿ ཆོས་སྨྲ་བ། དྷརྨཱ་ལོ་ཀ་མུ་ཁཾ། ཆོས་སྣང་བའི་སྒོ། དརྴ་ཡི་ཏཱ། སྟོན་པར་བྱེད་པའམ་མཐོང་བར་བྱེད་པ། ཤྲོ་ཏཱ། ཉན་པ། བྷཱ་ཥ་ཏེ་ཛ་ལྤ་ཏི། སྨྲས་པའམ་བརྗོད་པ། ལ་བ་ཏི། སྨྲས་པའམ་


MR26_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་པ། དེ་ཤཱ་ཡ་ཏི། སྟོན་པ། ཨུཏྟཱ་ནཱི་ཀ་རི་ཥྱ་ཏི། གསལ་བར་བྱེད་པ། ཨུདྡི་ཤ་ཏི། ལུང་ནོད་པའམ་འབོགས་པ། ཨུ་པ་ནི་ཤ་ཏི། ལུང་འབོགས་པ། ཨུ་དཱི་ར་ཡ་ཏི། སྨྲ་བའམ་བརྗོད་པ། སཾ་པྲ་ཀཱ་ཤ་ཡ་ཏི། ཡང་དག་པར་རབ་ཏུ་སྟོན་པའོ། །ཆོས་དེ་ལ་འཇུག་པའི་ཚུལ་ཆོས་སྤྱོད་བཅུ་སྟེ་དམ་པའི་ཆོས་གང་ཞིག ལེ་ཁ་ནཱ། ཡི་གེར་བྲི་བ། ཆོས་དང་ཆོས་སྨྲ་བ་ལ། པཱུ་ཛ་ནཱཿ མཆོད་པ། ཆོས་ཀྱི་ཆེད་དུ། དཱ་ནཾ། སྦྱིན་པ་དང་། ཆོས། ཤྲ་བ་ཎཾ། ཉན་པ། བཱ་ཙ་ནཱ། ཀློག་པ། ཨུངྒྲ་ཧ་ཎཾ། འཛིན་པ། གཞན་ལ། པྲ་ཀཱ་ཤ་ནཱ། རབ་ཏུ་སྟོན་པའམ་འཆད་པ།བློར་བཟུང་ནས་ངག་ཏུ་འདོན་པ་ནི། སྭཱ་དྷྱཱ་ཡཿ ཁ་ཏོན་བྱེད་པ། ཆོས་ཀྱི་དོན་ལ། ཙིནྟ་ནཱ། སེམས་པ། ཆོས་དོན། བྷཱ་བ་ནཱ། སྒོམ་པའོ། ༈ །སྟོན་པའི་བསྟན་པའི་རྗེས་སུ་སྐྱེས་པའི་དམ་པ་རྣམས་ཀྱི་མཚན་ལ། ཐོག་མར་བྱང་སེམས་རྣམས་ཀྱི་མཚན། མཉྫུ་གྷོ་ཥཿ འཇམ་དབྱངས། རྒྱལ་ཚབ་ཨ་ཛི་ཏ། མ་ཕམ་པ། གུ་ཧྱ་ཀཱ་དྷི་པ་ཏིཿ གསང་བའི་བདག་པོ་དང་། དེའི་མཚན་གཞན། མ་ཧཱ་ཡཀྵ་སེ་ན་བ་ཏི། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དང་། ཛ་ཡ་ཤོ་ཏྲཿ རྒྱལ་བའི་སྙན་སོགས་སུ་གྲགས་པ་དང་། ལོ་ཀི་ཤྭ་རཿ འཇིག་རྟེན་དབང་ཕྱུག་དང་། པུཎྚ་རི་ཀ་དྷཱ་ར། པད་དཀར་འཆང་བ་དང་། ཨ་ནི་མི་ཥཿ མིག་མི་འཛུམ་པ་རྣམས་སྤྱན་རས་གཟིགས་ཀྱི་མཚན་ནོ། །དེ་སོགས་བྱང་སེམས་སྤྱི་ཡི་མཚན་དང་། བྱེ་བྲག་ཉེ་བའི་སྲས་ཆེན་པོ་བརྒྱད་དང་། བྱང་ཆུབ་སེམས་དཔའི་མཚན་ཅི་རིགས་པ་གོང་དུ་སོང་། གཞན་ཡང་། རཏྣ་དྷྭ་ཛཿ རིན་ཆེན་རྒྱལ་མཚན། ས་བརྑ་གརྦྷཿ གསེར་གྱི་སྙིང་པོ་དང་། རཏྣ་དང་། ཤྲཱི་དང་། ཤུ་བྷ་དང་། ཨ་མ་ལ་དང་། བི་མ་ལ་དང་། ཏ་ཐཱ་ག་ཏ་དང་། ཛྙཱ་ན་དང་། སུཪྻ་དང་། ས་མ་དྷི་རྣམས་ཀྱི་རྗེས་སུ་གརྦྷ་སྦྱར་བས་རིམ་བཞིན། རིན་ཆེན་དང་། དཔལ་དང་། དགེ་བ་དང་། དྲི་མ་མེད་པ་དང་། དྲི་མ་


MR26_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ་བ་དང་། དེ་བཞིན་གཤེགས་པ་དང་། ཡེ་ཤེས་དང་། ཉི་མ་དང་། ཏིང་ངེ་འཛིན་གྱི་སྙིང་པོ་ཞེས་པ་རྣམས་དང་། བི་མ་ལ་ནེ་ཏྲཿ དྲི་མ་མེད་པའི་མིག བི་ཤཱ་ལ་ནེ་ཏྲཿ ཡངས་པའི་མིག ཨཀྵ་ཡ་མ་ཏིཿ བློ་གྲོས་མི་ཟད་པ། མ་ཏི་སཱ་ག་རཿ བློ་གྲོས་རྒྱ་མཚོ། པྲ་ཏི་བྷཱ་ན་ཀུ་ཊཿ སྤོབས་པ་བརྩེགས་པ། བི་མ་ལ་ཀིརྟྟིཿ དྲི་མེད་གྲགས་པ། སུ་སཱརྠ་བཱ་ཧཿ དེད་དཔོན་བཟང་པོ། བྷ་དྲ་པཱ་ལ། བཟང་སྐྱོང་། ས་མནྟེཪྻཱ་བ་ཐཿ ཀུན་ཏུ་སྤྱོད་ལམ། ས་མནྟ་པྲཱ་སཱ་དི་ཀཿ ཀུན་ནས་མཛེས། སིཾ་ཧ་བི་ཀྲཱི་ཌ་ཏཿ སེང་གེ་རྣམ་པར་རོལ་པ། བི་ཀུརྦྦ་ཎ་རཱ་ཛཿ རྣམ་པར་འཕྲུལ་པའི་རྒྱལ་པོ། མ་ཧཱ་གྷོ་ཥ་སྭ་ར་རཱ་ཛཱཿ སྒྲ་ཆེན་པོའི་དབྱངས་ཀྱི་རྒྱལ་པོ། གཾབྷཱི་ར་གྷོ་ཥ་སྭ་ནཱ་དི་ཏཿ ཟབ་མོའི་དབྱངས་ཀྱི་ང་རོ་སྒྲོགས་པ། ཛྙཱ་བ་ཏཱིཿ ཡེ་ཤེས་ལྡན་པ། ས་མནྟ་ཙཱ་རི་ཏྲ་མ་ཏི། ཀུན་ཏུ་སྤྱོད་པའི་བློ་གྲོས། ཛ་ཡ་མ་ཏིཿ རྒྱལ་བའི་བློ་གྲོས། ཨ་ནུ་པ་ལིཔྟཿ གོས་པ་མེད་པ། སརྦ་མ་ལཱ་པ་ག་ཉཿ དྲི་མ་ཀུན་དང་བྲལ་བ། ཛྱོ་ཏིཥྨ་ཏི་ཀུ་མཱ་ར་བྷཱུ་ཏཿ འོད་ཅན་བློ་གྲོས་གཞོན་ནུར་གྱུར་པ། ཛ་ག་ཏིནྡྷཱ་ར། འགྲོ་བ་འཛིན་པ། ཛྱོ་ཏིཿ པྲ་བྷཿ སྐར་མའི་འོད་དམ་མེའི་འོད། ཨེ་ཀ་ཀཱནྟ་རཱ་ཛཱཿ གཅིག་ཏུ་མཛེས་པའི་རྒྱལ་པོ། སུ་ཙནྡྲཿ ཟླ་མཛེས། བི་ག་ཏ་ཤོ་ཀཿ མྱ་ངན་བྲལ། བི་ཛ་ཡ་བི་ཀྲཱ་མཱི། རྣམ་པར་རྒྱལ་བར་གནོན་པ། ཨཱ་དི་ཏྱ་གརྦྷཿ ཉི་མའི་སྙིང་པོ་སཱུཪྻ་དང་འདོམ་ན་ཉི་གདུགས་སྙིང་པོ། སུ་སཾ་བྲོ་སྡྱི་ཏཿ ལེགས་པར་བཞུགས། ཨ་ནི་ཀྵི་བྟ་དྷུ་རཿ བརྩོན་པ་མི་གཏོང་། ཨ་ནུ་པ་ཧ་ཏ་མ་ཏིཿ བློ་གྲོས་མ་ཉམས་པ། ནི་ཏྱོ་ཀྵ་ཏིཔྟ་ཧསྟཿ རྟག་ཏུ་ལག་བརྐྱང་། སརྦ་བི་ཥ་ཡཱ་བ་བྷཱ་སཱ་ལཾ་ཀ་ར་པྲ་ཏི་བྷཱ་ན་དརྴ་ན་གརྦྷཿ ཡུལ་ཐམས་ཅད་སྣང་བའི་རྒྱན་སྤོབས་པས་སྟོན་པའི་སྙིང་པོ། བྷ་དྲ་ཀལྤི་ཀ་བོ་དྷི་ས་ཏྭཿ བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ། ཨ་མྱེ་ཙ་མ་ཧོ་ཛ་སྐ་བོ་དྷི་ས་ཏྭཿ བྱང་ཆུབ་སེམས་དཔའ་


MR26_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

གཟི་བརྗིད་ཆེ་བ་གཞན་དག་ཀྱང་། བྷཱུ་མི་བ་ལ་བཻ་ཤཱ་ར་དྱ་དྷཱ་རི། ས་དང་སྟོབས་དང་མི་འཇིགས་པ་འཆང་བ། ཨ་ཙིནྟ་ཀ བསམ་གྱིས་མི་ཁྱབ་པའི། མ་དྷྱ། དཀྱིལ་ལ། བུདྡྷི། བློས། བི་ཀྲཱི་ཌི་ཏཿ རྣམ་པར་རོལ་པ། ཛྙཱ་ན། ཡེ་ཤེས། བི་བྷཱུ་ཏི། འབྱོར་བའི། གརྦྷཿ སྙིང་པོ། བུདྡྷ། སངས་རྒྱས་ཀྱི། བཛྲ་སནྡྷཱ་ར་ཎ། རྡོ་རྗེ་འཛིན་པའི། སནྡྷི། མཚམས་སྦྱོར་བ་ཞེས་སོ། །ཨ་ནྱ་ཙ། གཞན་ཡང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་བྱང་སེམས་ཆེན་པོ་གྲངས་མེད་པ་དེ་ཐམས་ཅད་ཀྱི་ཡོན་ཏན་གྱི་ཁྱད་པར་ནི། སརྦ་ཛྙཱ་ཏཱ། ཐམས་ཅད་མཁྱེན་པ་ཉིད་ལ། ནིམྣཿ གཞོལ་བ། པྲ་བ་ཎ། འབབ་པ། པྲཱགྦྷཱརཿ བབ་པ། ཨ་བྷི་མུ་ཁཿ མངོན་དུ་ཕྱོགས་པ། ཨ་སཾ་ག་དྷཱ་ར་ཎི་ས་མཱ་དྷི་པྲ་ཏི་ལབྡྷཿ ཆགས་པ་མེད་པའི་གཟུངས་དང་ཏིང་ངེ་འཛིན་ཐོབ་པ། ཤཱུ་རཾ་ག་མས་མཱ་དྷི། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། ས་མ་ནྭཱ་ག་ཏཿ ལྡན་པ། མ་ཧཱ་བྷི་ཛྙཱ། མངོན་པར་ཤེས་པ་ཆེན་པོས། བི་བྲཱ་ཌི་ཏཿ རྣམ་པར་བརྩེ་བ། སརྦཱ་པ་ར་ཎ་པཪྻུཏྠཱ་ན། སྒྲིབ་པ་དང་ཆོད་པ་དང་ཀུན་ནས་སྡང་བ་ཐམས་ཅད་དང་། བི་ག་ཏཿ བྲལ་བ། ཨ་པྲ་ཏི་པྲ་སྲབྡྷ་མཱརྒཿ ལམ་གྱི་རྒྱུན་མ་ཆད་པ། མ་ཧཱ་མཻ་ཏྲཱི་མ་ཧཱ་ཀ་རུ་ཎ། བྱམས་པ་དང་སྙིང་རྗེ་ཆེན་པོས། ད་ཤ་དི་ཀློ་ཀ་དྷཱ་ཏུ་སྥ་ར་ཎཿ ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་ཁྱབ་པ། ཨ་ནནྟ་བུདྡྷ་ཀྵེ་ཏྲཱ་ཀྲ་མ་ཎ། སངས་རྒྱས་ཀྱི་ཞིང་མཐའ་ཡས་པར་འགྲོ་བ་ལ། ཀུ་ཤ་ལཿ མཁས་པ། སརྦ་སཏྭ་ཧི་ཏཱ་བྷྱུ་དྱ་ཏཿ སེམས་ཅན་ཐམས་ཅད་ལ་ཕན་པར་བརྩོན་པ། ཨ་ནནྟ་ཛྙཱ་ན། ཡེ་ཤེས་མཐའ་ཡས་པ། སརྦ་བུདྡྷ་བི་ཥ་ཡ་ཀུ་ལ་ཤཿ སངས་རྒྱས་ཀྱི་ཡུལ་ཐམས་ཅད་ལ་མཁས་པ། ཨཱ་ཀཱ་ཤ་ས མ་ཙིཏྟཿ སེམས་ནམ་མཁའ་དང་མཚུངས་པ། སརྦ་དྷརྨཱ་ནཱ་བ་ར་ཎ་ཛྙཱ་ནཱི། ཆོས་


MR26_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་ཅན། པ་ར་པྲ་བཱ་དྱ་ན་བྷི་དྷཱུ་ཏཿ ཕ་རོལ་གྱི་རྒོལ་བས་ཟིལ་གྱིས་མི་ནོན་པ། གཾ་བྷཱི་ར་དྷརྨ་ཀྵཱནྟི་པཱ་ར་མིཾ་ག་ཏ། ཆོས་ཟབ་མོ་ལ་བཟོད་པའི་ཕ་རོལ་ཏུ་སོན་པ། མཱ་ར་ཀརྨ་ས་མ་ཏི་ཀྲཱནྟཿ བདུད་ཀྱི་ལས་ལས་ཡང་དག་པར་འདས་པ། ཀརྨཱ་བ་ར་ཎ་པྲ་ཏི་པྲ་སྲབྡྷཿ ལས་ཀྱི་སྒྲིབ་པའི་རྒྱུན་བཅད་པ། ཨ་སཾ་ཁྱེ་ཡ་ཀལྤ་པྲ་ཎི་དྷཱ་ན་སུ་ས་མཱ་རམྦྷཿ བསྐལ་པ་གྲངས་མེད་པར་སྨོན་ལམ་ཤིན་ཏུ་བརྩམ་པ། སྨྲྀ་ཏ་མུ་ཁ་པཱུརྦཱ་བྷི་ལཱ་བིཿ བཞིན་འཛུམ་ཞིང་གསོད་པོར་སྨྲ་བ། ཨ་པ་ག་ཏ་ལཱི་ན་ཙིཏྟཿ སེམས་ཞུམ་པ་མེད་པ། ཨཱ་ནཱ་ཙྪེ་དྱ་པྲ་ཏི་བྷཱ་ནཿ སྤོབས་པ་རྒྱུན་མི་འཆད་པ། ཨ་ནནྟ་པ་རི་ཥ་ད་བྷི་བྷ་བ་ནཿ འཁོར་མཐའ་ཡས་པ་ཟིལ་གྱིས་གནོན་པ། ཏྲཻ་དྷཱ་ཏུ་ཀཱ་སཀྟ། ཁམས་གསུམ་ལ་མ་ཆགས་པ། ཤཱུ་ནྱ་ཏཱ་གོ་ཙ་རཿ སྟོང་པ་ཉིད་ཀྱི་སྤྱོད་ཡུལ། སརྦཱ་ཤ་པ་རི་པཱུ་ར་ཀ་རེ་བ་ཐམས་ཅད་ཡོངས་སུ་སྐོང་བ་ཞེས་སོགས་བྱེ་རྟོགས་སུ་ཤེས་པར་བྱའོ། ༈ །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་མིང་ལ། རཏྣ་ས་མུངྒ་ཏཿ རིན་ཆེན་ཀུན་ཏུ་འཕགས། སུ་པྲ་ཏིཥྛ། ཤིན་ཏུ་གནས་པ། ཨ་ཀམྦྱ། མི་བསྒུལ་བ། ཨ་བི་ནི་བརྟྟ་ནཱི་ཡཿ ཕྱིར་མི་ལྡོག་པ། རཏྣ་ཀ་རཿ རིན་ཆེན་འབྱུང་གནས་སམ་དཀོན་མཆོག་འབྱུང་གནས། སཱུཪྻ་པྲ་བྷ་ཏེ་ཛཿ ཉི་མའི་འོད་ཀྱི་གཟི་བརྗིད། སརྦཱརྠ་སིདྡྷཿ དོན་ཐམས་ཅད་གྲུབ་པ། ཛྙཱ་ནོལྐཿ ཡེ་ཤེས་སྒྲོན་མ། པྲ་ཏྱུཏྤནྣ་བུདྡྷཿསཾ་མུ་ཁཱ་བསྡྱིཏཿ ད་ལྟར་གྱི་སངས་རྒྱས་མངོན་སུམ་བཞུགས་པ། བྱང་ཆུབ་སེམས་དཔའི་གཟུངས་བཅུ་གཉིས་ཀྱི་མིང་། ཨ་བྷི་ཥེ་ཙ་བ་ཏཱིཿ དབང་བསྐུར་ལྡན། བི་ཤུདྡྷ་སྭ་ར་ནི་གྷོ་ཥཱ། སྒྲ་དབྱངས་རྣམ་པར་དག་པ། ཨཀྵ་ཡ་ཀ་རཎྜཱ། མི་ཟད་པའི་ཟ་མ་ཏོག །ཨ་ནནྟཱ་བརྟྟཱ། འཁྱིལ་པ་མཐའ་ཡས་པ། སཱ་ག་ར་མུ་དྲཱ། རྒྱ་མཚོའི་ཕྱག་རྒྱ། པདྨ་བྱཱུ་ཧཱ། པདྨ་བཀོད་པ།


MR26_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་སཾ་ག་མུ་ཁ་པྲ་བེ་ཤཱ། ཆགས་པ་མེད་པའི་སྐོར་འཇུག་པ། པྲ་ཏི་སཾ་བིནྣི་ཤྩ་ཡཱ་བ་ཏཱ་རཱ། སོ་སོ་ཡང་དག་པར་རིག་པ་ངེས་པ་ལ་འཇུག་པ། བུདྡྷཱ་ལཾ་ཀཱ་རཱ་དྷིཥྛི་ཏཱ། སངས་རྒྱས་ཀྱི་རྒྱན་བྱིན་གྱིས་བརླབས་པ། ཨ་ནནྟ་བརྑཱ། ཁ་དོག་མཐའ་ཡས་པ། བུདྡྷ་ཀཱ་ཡ་བརྑ་བ་རི་ནིཥྤ་དྱཱ་བྷི་ནིརྷཱ་རཱ། སངས་རྒྱས་ཀྱི་སྐུའི་ཁ་དོག་ཡོངས་སུ་རྫོགས་པ་མངོན་པར་བསྒྲུབ་པ་ཞེས་སོ། ༈ །བྱང་ཆུབ་སེམས་དཔའི་སྟོབས་བཅུའི་མིང་ལ། ཨཱ་ཤ་ཡ་བ་ལཾ། བསམ་པའི་སྟོབས། ཨདྷྱཱ་ཤ་ཡ་བ་ལཾ། ལྷག་པའི་བསམ་པའི་སྟོབས། དེ་བཞིན་དུ་ཀུན་གྱི་མཇུག་ཏུ་སྟོབས་ཀྱི་མིང་བ་ལཾ་སྦྱར་ལ། པྲ་ཡོ་ག སྦྱོར་བའི། ཛྙཱ་ན། ཡེ་ཤེས། པྲ་ཎི་དྷཱ་ན། སྨོན་ལམ། ཡ་ནཱ། ཐེག་པ། ཙཪྻ། སྤྱོད་པ། བི་ཀུརྦ་ཎ། རྣམ་པར་འཕྲུལ་བ། བོ་དྷི་བྱང་ཆུབ། དྷརྨ་ཙཀྲ་པྲ་བརྟྟ་ན་བ་ལཾ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བའི་སྟོབས་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་དབང་བཅུ་ནི། ཨཱ་ཡུར྄་བ་ཤི་ཏཱ། ཚེ་ལ་དབང་བ། ཙིཏྟ་བ་ཤི་ཏཱ། སེམས་ལ་དབང་བ་སོགས་འབྲས་ཆོས་སྐབས་སུ་བཤད་པ་དང་ཁྱད་མེད། བྱང་སེམས་ཀྱི་ས་བཅུའི་མིང་རབ་དགའ་སོགས་འོག་ཏུ་སྟོན་ནོ། །བྱང་ཆུབ་སེམས་དཔའི་མ་འདྲེས་པ་བཅོ་བརྒྱད་ནི། ཨ་ནུ་པ་དིཥྚ་དཱ་ནཱ། མ་བསྟན་པའི་སྦྱིན་པ་ཅན་རྣམས་དེ་བཞིན་མ་བསྟན་པའི་སྐད་དོད་གོང་དུ་བཞག་པའི་ཤཱི་ལཱ། ཀྵཱནྟ་ཡཿབཱིཪྻཱཿ དྷྱཱ་ནཱཿ པྲཛྙཱཿ སྟེ་ཕར་ཕྱིན་ལྷག་མ་ལྔ་ལ་སྦྱར། སཾ་གྲ་ཧ་བསྟུ་སརྦ་སཏྭ་སཾ་གྲཱ་ཧ་ཀཱཿ བསྡུ་བའི་དངོས་པོས་སེམས་ཅན་ཐམས་ཅད་སྡུད་པ་ཅན་རྣམས། པ་རཱི་ཎཱ་མ་ན་བིདྷི་ཛྙཱཿ ཡོངས་སུ་བསྔོ་བའི་ཆོ་ག་ཤེས་པ་རྣམས། ཨུ་པཱ་ཡ་ཀཽ་ཤལྱ་སརྦ་སཏྭ་ཙ་རི་ཏཱ་བ་ཤི་ཏ། ཐབས་ལ་མཁས་པས་སེམས་ཅན་ཐམས་ཅད་ཀྱི་སྤྱོད་པའི་དབང་གིས།


MR26_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

པ་ར་མ་ཡཱ་ན་ནི ཪྻཱ་ཎ་སནྡརྴ་ཀཱཿ ཐེག་པའི་མཆོག་གིས་འབྱུང་བ་སྟོན་པ་རྣམས། མ་ཧཱ་ཡཱ་ནཱ་ཙྱུ་ཏཱ། ཐེག་པ་ཆེན་པོ་ལས་མཉམ་པ་རྣམས། སཾ་སཱ་ར་ནིརྦཱ་ན་མུ་ཁ་སནྡརྴ་ཀཱཿ འཁོར་བ་དང་མྱ་ངན་ལས་འདས་པའི་སྒོ་སྟོན་པ་རྣམས། ཡ་མ་ཀ་བྱ་ཏྱ་སྟཱ་ཧཱ་ར་ཀུ་ཤ་ལཱཿ ཟུང་དང་སྣྲེལ་ཞིའི་རྒྱུད་ལ་མཁས་པ་རྣམས། ཛྙཱ་ན་བཱུརྦཾ་ག་མ་ནཱ་བྷི་སཱཾ་སྐར། ཡེ་ཤེས་སྔོན་དུ་འགྲོ་བས་མངོན་པར་འདུ་མི་བྱེད་ཅིང་། ནི་བ་དྱཾ་སརྦ་ཛབྡཱ་བྷི་མུ་ཁ་པྲ་བྲྀཏྟཱཿཁ་ན་མ་ཐོ་བ་མེད་པར་ཚེ་རབས་ཐམས་ཅད་དུ་མངོན་དུ་ཞུགས་པ་རྣམས། ད་ཤ་ཀུ་ཤ་ལོ་པེ་ཧ་ཀཱ་ཡ་བཱཀྨ་ནསྐ་རྨཱནྟཱཿ ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་དགེ་བ་བཅུ་དང་ལྡན་པ་རྣམས། སརྦ་དུཿཁ་སྐནྡྷ་ས་ཧཱ་ནཱཏྨོ་པཱ་དཱ་ན། སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་བཟོད་པའི་ལུས་ལེན་པས། སརྦ་ས་ཏྭ་དྷཱ་ཏྭ་པ་རི་ཏྱཱ་གི་ནཿ སེམས་ཅན་གྱི་ཁམས་ཐམས་ཅད་ཡོངས་སུ་མི་གཏོང་བ་རྣམས། སརྦ་ཛ་ག་ད་བྷི་རུ་ཙི་ཏ་སཾ་དརྴ་ཀཱཿ འགྲོ་བ་ཐམས་ཅད་མངོན་པར་དགའ་བར་སྟོན་པ་རྣམས། ཀི་ཡཏྐྲྀཙྪ་བཱ་ལ་ཤྲཱ་བ་ཀ་མ་དྷྱ། བྱིས་པ་དང་ཉན་ཐོས་མི་བཟད་པ་ཇི་སྙེད་ཅིག་གི་ནང་ན་ཡང་། ཤུ་བྷ་བྱཱུ་ཧ་རཏྣ་ཀལྤ་པྲྀཀྵ་དྲྀ་ཌྷ། དགེ་བ་མང་པོའི་རིན་པོ་ཆེའི་ཤིང་དཔག་བསམ་ལྟར་བརྟན་པའི། སརྦཛྙཱ་ཏཱ་ཙིཏྟཱ་སཾ་པྲ་མུ་ཥི་ཏཱཿ ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་ཡོངས་སུ་མ་ཉམས་པ་རྣམས། སརྦ་དྷརྨ་བཊྚཱ་བདྡྷཱ་བྷི་ཥེ་ཏ་པྲཱ་པྟི། ཆོས་ཐམས་ཅད་ཐབས་སྦྱིན་པས་དབང་བསྐུར་བ་ཐོབ་པར་བྱ་བའི་ཕྱིར། བུདྡྷ་དྷརྨ་བཪྻེཥྚི་སནྡརྴི་ནཱ་ནི་པྲྀཏྟཱཿ སངས་རྒྱས་ཀྱི་ཆོས་བཙལ་བ་བསྟན་པ་ལ་ཕྱིར་མི་ལྡོག་པ་རྣམས། ཞེས་སོ། །བྱང་ཆུབ་སེམས་དཔའ་མི་འཇིག་པ་བཞིའི་མིང་། དྷཱ་ར་ཎི་ཤྲུ་ཏོངྒྲཧ་ཎཱརྠ་ནིརྡེ་ཤ་བཻ་ཤཱ་ད་དྱཾ། གཟུངས་ཀྱིས་ཐོས་པ་འཛིན་ཞིང་དོན་བསྟན་པ་ལ་མི་འཇིགས་པ། ནཻ་རཏྨྱཱ་དྷི་ག་མཱ ཏྤར་བི་ཧེ་ཋནཱ་ནི་མིཏྟ་ས་མུ་དཱ། བདག་མེད་པ་ཁོང་


MR26_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཆུད་པས་གཞན་གྱིས་བརྩེ་བའི་མཚན་མ་མི་འབྱུང་ཞིང་། ཙ་ར་ས་ཧ་ཛཱ་ན་དྷི་གི་ཏེཪྻཱ་བ་ཐ་ཏྲི་ཀརྨ་པ་རི་ཤུདྡྷ། རང་བཞིན་གྱིས་སྤྱོད་ལམ་སླད་དུ་མེད་པས་ལས་གསུམ་ཡོངས་སུ་དག་པའི། མ་ཧཱ་རཀྵ་སཾ་བནྣ་བཻ་ཤཱ་ར་དྱཾ། བསྲུང་བ་ཆེན་པོ་ཕུན་སུམ་ཚོགས་པའི་མི་འཇིགས་པ། ས་དོ་ཏ་གྲྀ་ཧི་ཏ་དྷརྨཱ་བི་སྨྲར་ཎ་པྲ་ཛྙོ་པཱ་ཡ་ནིཥྛཱ་ག་ཏ། ཆོས་གཟུང་བ་ཡུན་དུ་མི་བརྗེད་པ་དང་ཐབས་དང་ཤེས་རབ་མཐར་ཕྱིན་པས། ས་ཏྭ་ནིསྟཱ་ར་ཎ་པྲ་སཱ་ད་སནྡརྴ་ན་ཤུ་བྷཱ་ནནྟ་རཱ་ཡི་ཀ་བཻ་ཤཱ་ར་དྱཾ། སེམས་ཅན་སྒྲོལ་ཞིང་དང་བ་སྟོན་པ་དང་དགེ་བའི་བར་ཆད་དུ་མི་འགྱུར་བའི་མི་འཇིགས་པ། སརྦ་ཛྙཱ་ཏཱ་ཙིཏྟཱ་སཾ་པྲ་མོ་ཥཱ་ནྱ་ཡཱ་ནཱ་ནིཪྻཱ་ཎ། ཐམས་ཅད་མཁྱེན་པ་ཉིད་ཀྱི་སེམས་མ་ཉམས་ཤིང་ཐེག་པ་གཞན་གྱིས་མི་འབྱུང་བར། སཾ་པཱུརྑ་བ་སི་ཏཱ། དབང་ཡོངས་སུ་རྫོགས་པ་དང་། སརྦ་པྲ་ཀཱ་ར་སཏྭཱརྠ་ས་པྲཱ་བ་ཎ་བཻ་ཤཱ་ར་དྱཾ། སེམས་ཅན་གྱི་དོན་རྣམས་ཐམས་ཅད་དུ་ཡང་དག་པར་ཐོབ་པར་བྱ་བ་ལ་མི་འཇིགས་པ། ཞེས་སོ། ༈ །དེ་ནས་ཉན་ཐོས་རྣམས་ཀྱི་མཚན་ལ། ཤྲཱ་བ་ཀ་སཾ་གྷ། ཉན་ཐོས་ཀྱི་དགེ་འདུན་ཞེས་དང་། བྱེ་བྲག་ཏུ། ཨཱ་ཛྙཱ་ཏ་ཀཽཎྚི་ནྱཿ ཀུན་ཤེས་ཀཽཎྚི་ནྱ། ཀཱ་ཤྱ་བཿ འོད་སྲུངས། ཤཱ་རི་པུ་ཏྲཿ ཤ་རིའི་བུ། མཽངྒ་ལྱཱ་ནཿ མོད་གལ་གྱི་བུ། མཆོག་ཟུང་འདི་གཉིས་རབ་ཏུ་མ་བྱུང་གོང་གི་མིང་། ཨུ་པ་ཏི་ཥྱཿ ཉེ་རྒྱལ། ཀོ་ལི་ཏཿ པང་ནས་སྐྱེས་ཟེར། མ་ཧཱ་ཀཱ་ཏྱཱ་ཡ་ནཿ ཀ་ཏ་ཡའི་བུ་ཆེན་པོ། སུ་བྷཱུ་ཏིཿ རབ་འབྱོར། བཱུ་བྷྞཽམཻ་ཏྲཻ་ཡ་ཎཱི་བུ་ཏྲཿ བྱམས་མའི་བུ་གང་པོ། ཨ་ཤྭ་ཛ྄ིཏ྄། རྟ་ཐུལ། ཨ་ནི་རུདྡྷ། མ་འགགས་པ། རཱ་ཧུ་ལཿ སྒྲ་གཅན་འཛིན། ཨཱ་ནནྡཿ ཀུན་དགའ་བོ། ནནྡཿ དགའ་བོ། ནནྡ་ཀཿ དགའ་བྱེད། ནནྡི་ཀཿ དགའ་ཡོད། མ་ཧཱ་ནཱ་མཿ མིང་ཆེན། ཙུནྡཿ སྐུལ་བྱེད། ཏིཥྱཿ འོད་ལྡན་ཏེ་པུཥྱ་དང་འདོམ་ན་སྐར་རྒྱལ། ཨུ་རུ་བི་ལྭཱ་ཀཱ་ཤྱ་པཿ ལྟེང་རྒྱས་འོད་


MR26_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

སྲུངས། ན་དཱི་ཀཱ་ཤྱ་པཿ ཆུ་ཀླུང་འོད་སྲུངས། ག་ཡཱ་ཀཱ་ཤྱ་པཿ ག་ཡ་འོད་སྲུང་། ག་བཱམྤ་ཏིཿ བ་ལང་བདག པཱ་ཤ་ཿ རླངས་པ། ཨུ་པ་སེནཿ ཉེ་སྡེ། ཙཱུཏ་པནྠ་ཀཿ ལམ་ཕྲན་སྟན། མ་ཧཱ་པནྠ་ཀཿ ལམ་ཆེན་སྟན། ཤྲོ་ཎ་ཀོ་ཊཱི་བིཾ་ཤཿ གྲོ་བཞིན་སྐྱེས་བྱེ་བ་ཉི་ཤུ་པ། ཨུ་དཱ་ཡི། འཆར་ཀ སུནྡ་ར་ནནྡཿ མཛེས་དགའ། ཤྲོ་ཎ་ཀོ་ཊཱི་ཀརྑཿ གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི། སུ་བཱ་ཏུཿ ལག་བཟང་། ཨུ་དྲཱ་ཡ་ཎཿ ལྷག་སྤྱོད་ཀྱི་བུ། ལ་བ་ན་བྷ་དྲི་ཀཿ མཛེས་བཟང་། ཨུ་པཱ་ལིཿ ཉེ་བ་འཁོར། མ་ཧཱ་ཀོཥྛི་ལཿ གསུས་པོ་ཆེ། བཀྐུ་ལཿ བ་ཀུ་ལའམ་རང་སོར་བཞག །ཁ་དི་ར་བ་ཎི་ཀཿ སེང་ལྡེང་ནགས་པ། སྭཱ་ག་ཏཿ ལེགས་འོངས། དགེ་སློང་མ། མ་ཧཱ་པྲ་ཛཱ་བ་ཏི་གཽ་ཏ་མཱི། སྐྱེ་དགུའི་བདག་མོ་ཆེན་མོ་གཽ་ཏ་མི། མཱ་ཡཱ་དེ་བཱི། ལྷ་མོ་སྒྱུ་འཕྲུལ་ཏེ་གོ་ཏ་མིའི་མཚན། ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ཞེས་བཅོམ་ལྡན་འདས་ཀྱི་མ་ཡུམ་ཡིན་ཡང་། སྒྱུ་འཕྲུལ་ནི་དེ་གཉིས་ཀར་ཐུན་མོང་དུ་ཡང་འཇུག ཡ་ཤོ་དྷཱ་རཱཿ གྲགས་འཛིན་མ། གོ་པཱ། ས་འཚོ་མ། ཞེས་ཏེ། རྒྱལ་པོ་ལ་ས་སྐྱོང་ཞེས་དང་བཙུན་མོ་ལ་ས་སྐྱོང་མའམ་ས་འཚོ་མ་ཞེས་ཟེར་བས། ས་འཚོ་མ་ཞེས་པ་གྲགས་འཛིན་མ་ལ་གོ་བ་ཤས་ཆེ། ཤཱཀྱའི་རྒྱལ་པོ་ཁབ་ན་བཞུགས་ཚེ་ཤཱཀྱ་ལག་ན་བེ་ཅོན་གྱི་སྲས་མོ་གྲགས་འཛིན་མ་འཁོར་ཉི་ཁྲི་དང་བཅས་པ་དང་། ཤཱཀྱ་རིལ་བུ་སྒྲའི་སྲས་མོ་སྦེད་མ་ཞེས་དང་སྤྱི་མིང་བྱེ་བྲག་ལ་ཞུགས་པས་ས་འཚོ་མའང་ཟེར་བ་འཁོར་ཉི་ཁྲི་དང་བཅས་པ་དང་། ཤཱཀྱ་དུས་ལེགས་ཀྱི་སྲས་མོ། རི་དྭགས་སྐྱེས་ཞེས་པ་མྱ་ངན་ལས་འདས་པའི་སྒྲ་བརྗོད་པ་ལ་རྒྱལ་བུ་དོན་གྲུབ་དགྱེས་ནས་ཁབ་ཏུ་བཞེས་པ་འཁོར་ཉི་ཁྲི་དང་བཅས་པ་སྟེ་བཙུན་མོའི་གཙོ་མོ་དེ་གསུམ་ཡིན་ལ། སྔར་ཟས་གཙང་གིས་ཕུལ་བའི་བཙུན་མོ་ཉི་ཁྲི་སྟེ། བསྡོམ་ན་བཙུན་མོའི་འཁོར་བརྒྱད་ཁྲི་མངའ་བ་ཡིན་ནོ། །དེ་དག་ཞར་བྱུང་དུ་སྨྲས་པ་སྟེ།


MR26_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ས་འཚོ་མ་ཞེས་པ་གྲགས་འཛིན་མ་ལ་མི་གོ་བར། སྦེད་མ་ལ་གོ་མཁན་མང་དུ་འདུག་པས་ཐེ་ཚོམ་གཅོད་པའི་ཕྱིར་ཡིན་ནོ། །དགེ་སློང་མ། ཨུཏྤལ་བརྑཱ། ཨུ་པ་ལའི་མདོག །དྷརྨ་དིནྣཱ། ཆོས་ཀྱིས་བྱིན། ཞེས་པ་དེ་ལ་སོགས་པ་ཤིན་ཏུ་མང་བ་བཞུགས་སོ། །གནས་བརྟན་ཆེན་པོ་བཅུ་དྲུག་ནི། སྟོན་པས་བསྟན་པ་གཏད་ཅིང་མི་རྣམས་ཚེ་ལོ་ཡར་འཕེལ་གྱི་བདུན་བརྒྱ་ཐུབ་པའི་བར་དུ་མྱ་ངན་ལས་མི་འདའ་བར་སེམས་ཅན་གྱི་དོན་མཛད་ཅིང་རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་བའི་ཕྱིར་སོ་སོའི་འཁོར་དགྲ་བཅོམ་པའི་ཚོགས་དང་བཅས་ཏེ་གངས་ཏི་སེ་སོགས་གནས་སོ་སོར་བཞུགས་པ་ཡིན་ལ། དེ་ཡང་། རཱ་ཧུ་ལཿ སྒྲ་གཅན་འཛིན་ནི་རྒྱལ་བུ་དོན་གྲུབ་དང་གྲགས་འཛིན་མའི་སྲས་ལོ་དྲུག་མངལ་དུ་བཞུགས་པ་དེ་ཉིད་མ་གྲགས་འཛིན་མ་དང་ལྷན་ཅིག་པྲི་ཡང་ཀུའི་གླིང་ན་བཞུགས་པར་བཤད། ཨངྒི་ཏཿ ཡན་ལག་འབྱུང་ནི་ཁྱིམ་བདག་བཟང་པོའི་ཆུང་མ་བདེ་ལྡན་མའི་བུ་ཡིན་ཞིང་། སྔར་བཅོམ་ལྡན་འདས་ཀྱིས་བུ་ཉིད་དུ་ལུང་བསྟན་པ་ལ་མུ་སྟེགས་པའི་ཕྲག་དོག་གི་ཚིག་གིས་རྨོངས་པར་བྱས་པས་ཕས་ལྟོ་བ་མཉེས་ནས་མ་ཤི་བའི་རོ་དུར་ཁྲོད་བསིལ་བ་ཚལ་དུ་བསྲེག་པའི་ལྟོ་བ་ནས་པདྨ་དང་བཅས་ཏེ་སྐྱེས་པ་མེ་སྐྱེས་ཞེས་གྲགས་པ་དེ་དགྲ་བཅོམ་ཐོབ་པ་ཉིད་ཡིན་ནོ། །ཨ་ཛི་ཏཿ མི་ཕམ་པ་ནི། མཉན་ཡོད་ཀྱི་ཁྱིམ་བདག་ལེགས་པ་རབ་སད་ཀྱི་བུ་གསེར་གྱི་གླང་པོ་ཆེ་དང་ལྷན་ཅིག་སྐྱེས་པ། རང་གི་གླང་པོའི་མཆེ་བ་ཟུང་སྔ་ཕྱིར་རྒྱལ་པོ་གསལ་རྒྱལ་ལ་ཕུལ་བས་དེའི་བུ་མོ་ཆོས་གོས་ཅན་བྱིན་པ་དེ་ཡིན་ལ། ཕྱིས་ཁྱོ་ཤུག་གཉིས་ཀ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་པའོ། །བ་ན་གཱཿཔི། ནགས་ན་གནས་ནི། བཅོམ་ལྡན་འདས་ཡུལ་ཀོ་ས་ལའི་ལོ་མ་བདུན་པའི་གནས་སུ་བྱོན་ཚེ་དེར་གནས་སེང་ལྡེང་ནགས་པ་རབ་ཏུ་བྱུང་ནས་དགྲ་བཅོམ་ཐོབ་པ་དབེན་པར་


MR26_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་མཆོག་ཏུ་བསྔགས་པ་དེ་ཉིད་དོ། །ཀཱ་ལོ་ད་ཡཱི། ནག་པོ་འཆར་ཀའམ་དུས་ལྡན་ནི་མཉན་ཡོད་ཀྱི་ཁྱིམ་བདག་ཕྱུག་པོའི་བུ་སྐྱེས་དུས་སྣ་མའི་མེ་ཏོག་གི་ཆར་བབ་པས་ངོ་མཚར་ཞིང་སྟོན་པའི་ཞབས་འབྲིང་དུ་ཕུལ་བས་དགྲ་བཅོམ་པ་ཐོབ། དུར་ཁྲོད་དུ་རོ་ཡི་ཟས་ཀྱིས་འཚོ་བ་བྱས་པས་ཉམས་བཟང་ཞིང་མདོག་སྨུག་ནག་ཏུ་འགྱུར་བས་དུར་ཁྲོད་པ་དང་ནག་པོ་ཆེན་པོར་གྲགས་པ་ཆུ་ལེན་ཚེ་ནམ་མཁའ་ལ་འགྲོ་ཞིང་ཆུ་བུམ་ཡང་རྗེས་སུ་འབྲང་བ་ཅན་དེའོ། །བཀླཱི་པུ་ཏྲཿ རྡོ་རྗེ་མོའི་བུ་ནི་བད་སའི་རྒྱལ་པོ་འཆར་བྱེད་རྒྱལ་པོར་མ་བསྐོས་པའི་དུས་སུ་བྲམ་ཟེ་རྡོ་རྗེ་མོ་དང་འདུས་པ་ལས་ཆོས་གོས་འདྲ་བའི་ཕྲུ་མས་གཡོགས་ཏེ་བཙས་པ་མས་སངས་རྒྱས་ལ་ཕུལ་བས་དགྲ་བཅོམ་པ་ཐོབ་པའོ། །བྷ་དྲཿ རྒྱལ་པོ་ཟས་གཙང་གི་ཁོལ་པོ་རབ་བཟང་གི་བུ་བཅོམ་ལྡན་འདས་ལ་ཕུལ་བ་དགྲ་བཅོམ་པ་ཐོབ་པའོ། །ཀ་ན་ཀ་བཏྶཿགསེར་བེའུ་ནི། མ་ག་དྷའི་ཁྱིམ་བདག་གཅིག་གི་བུ་བཙས་མ་ཐག་ཏུ་གསེར་གྱི་གླང་པོ་ཆེའི་ཕྲུ་གུ་གཅིན་སྟུག་གསེར་དུ་འགྱུར་བ་ཞིག་ཀྱང་བཙས་པས་དེའི་མིང་གླང་སྐྱོང་ངམ་གསེར་དབང་ངམ་གསེར་བེའུར་བཏགས། མ་སྐྱེས་དགྲས་དེའི་གླང་པོ་ཕྲོགས་ཀྱང་མ་བཏུབ་པ་དེ་རབ་ཏུ་བྱུང་ནས་དགྲ་བཅོམ་ཐོབ་པའོ། །བྷ་ར་དྷྭ་ཛ་ཧི་ར་ཎྱཾ། བྷ་ར་དྷྭ་ཛ་གསེར་ཅན་མཆོག་ནི། མཉན་ཡོད་ན་ཁྱིམ་བདག་བྷ་ར་དྷྭ་ཛའི་རིགས་སུ་གྱུར་པ་ཞིག་གི་བུ། ལག་པ་གཉིས་གསེར་གྱི་ཏོང་ཙེས་མཚན་པར་སྐྱེས་པ། ལག་པའི་ཏོང་ཙེ་མི་ཟད་པས་ཁྱིམ་གང་བས་གསེར་ཅན་མཆོག་དང་གསེར་དབྱིག་ཀྱང་ཟེར་བས་དེ་ཉིད་རབ་ཏུ་བྱུང་སྟེ་དགྲ་བཅོམ་པ་ཐོབ་པའོ། །བཀུག ལཿ སྐད་སོར་བཞག་ལ་ཤིང་ཤུན་ཅན་ཡང་ཟེར་ཏེ། མཉན་ཡོད་ཀྱི་བྲམ་ཟེ་ཞིག་གི་བུ་རིག་བྱེད་བྱང་བ་དེ་ཕ་མ་ཤི་ནས་རི་ལ་གནས་ཏེ་ཤིང་ཤུན་གྱོན་པ་དེས། བཅོམ་ལྡན་འདས་དེ་ཕྱོགས་སུ་བྱོན་


MR26_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ་ལྷག་པར་དད་པས་རི་ལས་མཆོངས་བ་སྟོན་པའི་རྫུ་འཕྲུལ་གྱིས་བླངས་ནས་ཆོས་བསྟན་པས་དགྲ་བཅོམ་པ་ཐོབ་པའོ། །ཙཱུ་ཌཱ་པཱནྠ་ཀཿ ལམ་ཕྲན་བསྟན་དང་། མ་ཧཱ་པནྠ་ཀཿ ལམ་ཆེན་བསྟན་གཉིས་སྤུན་ཡིན་ཏེ། མཉན་ཡོད་དུ་བྲམ་ཟེ་མོ་གཅིག་ལ་བུ་སྐྱེས་ཚད་ཤི་བ་ལ་བུད་མེད་རྒན་མོ་ཞིག་གིས་བསླབ་བྱ་བྱས་པ་ལྟར། ལམ་ཕྲན་བསྟན་ལོ་གསུམ་ལོན་དུས་ལུས་རས་དཀར་གྱིས་དྲིལ་ཏེ་སྡོང་བུའི་ཚུལ་དུ་བྱས། སྣོད་མར་ཁུས་བཀང་བ་བུ་མོ་ཞིག་ལ་བསྐུར་ནས། སངས་རྒྱས་བྱོན་པའི་ལམ་ཁར་མགོ་ཡི་རས་ལ་མེ་སྤར་ཏེ་ཁྱོད་ཁྱེའུ་དང་བཅས་པས་ཕྱག་འཚལ་ལོ་ཞེས་བརྗོད་དེ་ཕུལ་ཅིག་བྱས་པ་ལྟར་ཕུལ་བས་སངས་རྒྱས་འཁོར་བཅས་ཀྱིས་ཁྱེའུ་ཚེ་རིང་བར་གྱུར་ཅིག་ཅེས་གསུངས་པའི་མོད་ལ། མགོ་བོའི་མེ་དེ་ཉིད་མེ་ཏོག་དམར་པོར་གྱུར་ཏེ་འཆི་བདག་ལས་ཐར་བ། སླར་ཡང་ཕ་མས་བླངས་ནས་རིག་བྱེད་བསླབ་ཏུ་བཅུག་པས་ཕུ་བོས་ཐམས་ཅད་ཤེས་པས་ལམ་ཆེན་པར་གྲགས། ནུ་བོས་ཨོཾ་བརྗོད་ན་བྷ་བརྗེད་པ་སོགས་བློ་རྟུལ་བའི་མཐར་གྱུར་པས་ལམ་ཆུང་བར་གྲགས། དེས་རང་བློ་ཞན་པ་ལ་སྐྱོ་ནས་སངས་རྒྱས་ལ་ཞུས་ཏེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྟོན་པས་དེ་ལ་རྡུལ་སྤང་བ་དྲི་མ་སྤང་བའི་ཚིག་གཉིས་བསླབ་པ་ཁ་ཏོན་དུ་བཟུང་ནས་དེའི་དོན་བསམ་ཞིང་ཤེས་ནས་དགྲ་བཅོམ་པ་ཐོབ་ཀྱང་། དེ་སྔར་བློ་ཞན་པས་མ་དད་དེ་འཚོ་བྱེད་གཞོན་ནུས་གདུགས་ཚོད་ལ་མ་བོས་པ་དང་། དགེ་སློང་མ་རྣམས་ཀྱིས་མཁན་པོར་བརྐོས་ཀྱང་བརྙས་འདོད་ཀྱི་ཁྲི་ཆེས་མཐོ་བ་བཤམས་པའི་ཚེ། ལམ་ཆུང་བས་རྫུ་འཕྲུལ་ལྡན་ཅིང་ཚིག་གཉིས་ཀྱི་དོན་རྒྱ་ཆེར་བཤད་པས་ཐམས་ཅད་ངོ་མཚར་ཐོབ་སྟེ་སེམས་ཀྱི་མོས་པ་བསྒྱུར་བའི་མཆོག་ཏུ་བསྔགས་པ་དེ་ཉིད་དོ། །ཕུ་བོ་ལམ་ཆེན་པ་ལའང་ཕ་མས་ཁྱོད་འཚོ་བ་སངས་རྒྱས་ཀྱི་དྲིན་ཡིན་པས་རབ་ཏུ་བྱུང་


MR26_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག་ཅེས་བསྐུལ་བ་ལ་དགའ་བའི་ཡིད་ཀྱིས་རབ་ཏུ་བྱུང་ནས་དགྲ་བཅོམ་པ་དེ་ཉིད་གནས་བརྟན་ལམ་ཆེན་བསྟན་ཡིན་ནོ། །པིཎྚོ་ལ། བསོད་སྙོམས་ལེན་ནི། རྒྱལ་པོའི་ཁབ་ཀྱི་མདུན་ན་འདོན་བྷ་ར་དྷྭ་ཛའི་རིགས་ཅན་གྱི་བུར་སྐྱེས། ཅོད་པན་མེད་པའི་རྒྱལ་སྲིད་ཅན་བསོད་ནམས་ལྡན་པ་ཡིན་ཡང་སྔོན་ལས་ཀྱི་ལྷག་མས་ཅི་ཟོས་པ་རྡོར་གྱུར་པ་ལ་སྐྱོ་བས་སྟོན་པའི་དྲུང་ནས་རབ་ཏུ་བྱུང་བའི་སྐད་ཅིག་དེ་ལ་དགྲ་བཅོམ་པ་ཐོབ། ཟས་བསོད་སྙོམས་འབའ་ཞིག་སྤྱོད་པས་བསོད་སྙོམས་ལེན་དུ་གྲགས། སྐབས་གཅིག་རྒྱལ་པོ་ཤར་བ་དེ་ཕྱོགས་འོང་བ་ལ་ལྡང་བ་སོགས་མ་བྱས་པས། རྒྱལ་པོ་ཁྲོ་ནས་འདིའི་མགོ་བོ་ཆོད་ཅེས་སྨྲས་ཏེ་སོང་། སླར་ཡང་དེར་འོངས་པ་ལ་གོམ་པ་དྲུག་གིས་བསུས་པས་རྒྱལ་པོ་མདངས་ཉམས་ཤིང་ས་གས་པས་སྐྲག་ནས་བཟོད་པར་གསོལ་ཞིང་དད་པར་གྱུར་པར་མཛད་པ་དེ་ཉིད་ཡིན་ནོ། །ནཱ་ག་སེན། ཀླུའི་སྡེ་ནི། བྱང་ཕྱོགས་གསེག་མའི་གྲོང་གི་རྒྱལ་པོ་ཀླུའི་ཕྱག་རྒྱ་ཞེས་པས་རྒྱལ་སྲིད་ཀྱི་ཕྱིར་ཕ་བསད་པ་ལ་འགྱོད་ནས་རྒྱལ་སྲིད་སྤངས་ཏེ་སྟོན་པའི་སྤྱན་སྔར་སྡིག་པ་བཤགས་ཤིང་བྱང་ཆུབ་ཀྱི་སེམས་བསྐྱེད། རབ་ཏུ་བྱུང་བར་གནང་སྟེ་བསྙེན་པར་རྫོགས། བསྙུང་བར་གནས་པས་སྡིག་པ་འདག་ཅིང་དགྲ་བཅོམ་པ་ཐོབ་ནས་ལྷ་དང་མི་ལ་ཆོས་སྟོན་པར་གྱུར་པ་དེ་ཉིད་དོ། །གོ་པ་ཀཿ སྦེད་བྱེད་དམ་བ་ལང་སྐྱོང་ཡང་ཟེར་བ་ནི། ཁྱིམ་བདག་གི་རིགས་ཀྱི་གཙོ་བོ་ལ་བུ་ལྔ་ཡོད་པའི་ཆེ་བ་གྲགས་པ་ཞེས་བྱ་བ་བུད་མེད་ཀྱི་ཚོགས་ཀྱི་རོལ་མོས་བརྩེ་ཞིང་གནས་པ་དེ། མཚན་མོ་བུད་མེད་རྣམས་གཉིད་ལོག་པས་སྒྲེན་མོ་ལུས་ཚུགས་ཞིག་པ་རོ་ལྟར་གྱུར་པ་མཐོང་བ་ལ་སྔོན་གྱི་དགེ་རྩས་དུར་ཁྲོད་ཀྱི་འདུ་ཤེས་སྐྱེས་ཏེ། རིན་པོ་ཆེའི་ལྷམ་གྱོན་ནས་མཚན་མོ་ཕྱིར་ཕྱུངས་ཏེ་བདག་གཙོས་ཞེས་སྨྲ་ཞིང་འཁྱམས་པ་ལས། དེ་བཞིན་གཤེགས་པ་དགེ་བཟང་གི་གཙུག་


MR26_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཁང་དུ་བཞུགས་པའི་དྲུང་དུ། འབབ་ཆུ་གནོད་པ་ཅན་གྱི་ཁར་ལྷམ་བཞག་སྟེ་བརྒལ་ནས་ཕྱིན་པ་ལ་རྒྱལ་བས་ཆོས་བསྟན་པས་རྒྱན་གྱིས་བརྒྱན་ཅིང་སྟན་དེ་ལ་འདུག་བཞིན་དགྲ་བཅོམ་པ་ཐོབ། བཅོམ་ལྡན་འདས་ཀྱིས། རྒྱན་གྱིས་བརྒྱན་བཞིན་དུ་ཡང་ཆོས་སྤྱོད་དེ། །ཞེས་སོགས་ཚིགས་བཅད་གསུངས་ཤིང་དགེ་སློང་གི་དངོས་པོར་གྱུར་པ་དེ་ཉིད་དོ། །སླར་དེའི་ནུ་བོ་རྣམས་ཀྱང་རབ་ཏུ་བྱུང་སྟེ་དགྲ་བཅོམ་ཐོབ་པ་དེ་ལྔ་ལ་ཉེ་བའི་ལྔ་སྡེ་ཞེས་གྲགས་སོ། །ཨ་བྷེ་དྱཿ མི་ཕྱེད་པ་ནི་རྒྱལ་པོའི་ཁབ་ཀྱི་བད་སའི་བྲམ་ཟེ་པི་ལིནྡྲཿ སྟེ་སྲུང་དབང་ཞེས་པའི་བུ་རྒྱལ་བའི་དྲུང་ནས་རབ་ཏུ་བྱུང་ཞིང་དགྲ་བཅོམ་ཐོབ་པ་ལ་མཚན་མི་ཕྱེད་པར་གྲགས། དེས་ཆུ་བོ་གང་ག་ལ་བཟང་མོ་སྡོད་ཅིག་ཅེས་སྨྲས་པས་མི་འབབ་པར་སྡོད་པ་དང་། གཟུགས་ཅན་སྙིང་པོས་ཞབས་འབྲིང་དུ་ཕུལ་བ་རྣམས་ལ་ཆོམ་རྐུན་གྱིས་འཚེ་བ་རྫུ་འཕྲུལ་གྱི་རབས་བསྲུང་བས་རྫུ་འཕྲུལ་ཆེ་བར་གྲགས་པ་དེ་ཉིད་དོ། །འདི་དག་མཆིམས་ནམ་མཁའ་གྲགས་པས་མཛད་པའི་གནས་བརྟན་གྱི་སྐྱེས་རབས་ཞེས་པ་དེ་ལས་མདོར་བསྡུས་ཏེ་བཀོད་པ་ཡིན་ལ། གནས་བརྟན་དེ་རྣམས་ཀྱི་ལོ་རྒྱུས་ཅི་རིགས་མདོ་དང་འདུལ་བ་རྣམས་གསལ། གནས་བརྟན་རྣམས་ཀྱི་ཕྱག་མཚན་དང་། ཕྱག་མཚན་དེ་དག་མཐོང་བ་སོགས་ཀྱི་ཕན་ཡོན་དང་། དེ་རྣམས་ཀྱི་འཁོར་དགྲ་བཅོམ་པའི་གྲངས་དང་། གནས་གང་ན་བཞུགས་པ་དང་། རྒྱ་ནག་སོགས་སུ་བྱོན་ཚུལ་དང་། གསོལ་བ་བཏབ་པའི་ཕན་ཡོན་བཅས་ཡིག་ཆ་དེར་འདུག་ལ། དེའི་ཁུངས་ནི་བྱམས་པས་ལུང་བསྟན་པ་ཞེས་ཀླུ་མེས་ཀྱིས་རྒྱ་ནག་གི་ཡིག་ཚང་ལས་རྙེད་པ་དང་། འཕགས་པ་དགེ་བའི་བཤེས་གཉེན་གྱི་རྟོགས་པ་བརྗོད་པའི་མདོ་ཞེས་པ་དང་། གནས་བརྟན་སྤྱན་དྲངས་པའི་མདོ་ཞེས་པ་དང་། གནས་བརྟན་ལུང་བསྟན་པའི་མདོ་ཞེས་པ་སྔ་ཕྱིར་འགྱུར་བ་རྣམས་དང་།


MR26_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་ཇུས་ཇུམ་རྒྱལ་པོས་གནས་བརྟན་སྤྱན་དྲངས་པའི་འཕྲིན་ཡིག་སོགས་ཡིན་པར་བཤད། གནས་བརྟན་ཕྱག་མཆོད་ཀྱི་འདོན་ཆར་ཡང་འཁོར་དང་ཕྱག་མཚན་བཞུག་གནས་རྣམས་གསལ་བ་ལྟར་རོ། ༈ །ཉན་ཐོས་ཀྱི་དགེ་འདུན་དེ་དག་གི་ཡོན་ཏན་ནི། ཀྴཱིཎྱ་ཤྲ་བཿ ཟག་པ་ཟད་པ། ནིཿཀླེ་ཤཿ ཉོན་མོངས་པ་མེད་པ། པ་ཤཱི་བྷཱུ་ཏཿ དབང་དང་ལྡན་པར་གྱུར་པའམ་རང་དབང་ཡོད་པ། སུ་བི་མུཀྟ་ཙིཏྟཿ སེམས་ཤིན་ཏུ་རྣམ་པར་གྲོལ་བ། སུ་བི་མུཀྟ་པྲ་ཛྙཱ། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ། ཨཱ་ཛྙཱ་ནེ་ཡཿ ཅང་ཤེས་པ། མ་ཧཱ་ནཱ་གཿ གླང་པོ་ཆེན་པོ། ཀྲྀ་ཏ་ཀྲྀ་ཏྱཿ བྱ་བ་བྱས་པ། ཀྲྀ་ཏ་ཀ་ར་ཎཱི་ཡཿ བྱེད་པ་བྱས་པ། ཨ་པ་ཏྲྀ་ཏ་བྷཱ་རཿ ཁུར་བོར་བ། པ་རི་ཀྵཱི་ཎ་བྷ་བ་སཾ་ཡོ་ཛ་ནཿ སྲིད་པར་ཀུན་དུ་སྦྱོར་བ་ཡོངས་སུ་ཟད་པ། ཨ་ནུ་པྲཱ་བྷ་སྭ་ཀཱརྠཿ བདག་གི་དོན་རྗེས་སུ་ཐོབ་པ། སཾ་མྱ་གཱཛྙཱ་སུ་བི་མུགྟ་ཙིཏྟཿ ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སརྦ་ཙེ་ཏོ་བ་ཤི་པར་མཱ་བ་ར་མི་ཏ་པྲཱཔྟཿ སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ་ཐོབ་པ། དྷརྨ་རཱ་ཛཱ་ནུ་ཛཱ་ཏཱི་པུ་ཏྲ། ཆོས་ཀྱི་རྒྱལ་པོའི་རྗེས་སུ་སྐྱེས་པའི་སྲས། ཨ་པ་ག་ཏ་སརྦ་ལཱ་བྷ་སཏྐཱ་ར་ཙིཏྟཿ སེམས་རྙེད་པ་དང་བཀུར་སྟི་ཐམས་ཅད་དང་བྲལ་བ། སུ་པྲ་བྲ་ཛི་ཏཿ ལེགས་པར་རབ་ཏུ་བྱུང་བ། སཱུ་པ་སམྤནྣཿ ལེགས་པར་བསྙེན་པར་རྫོགས་པ། པ་རི་པཱུརྞ་སཾ་ཀལྤཿ བརྣག་པ་ཡོངས་སུ་རྫོགས་པ། ནིརྦཱ་ཎ་མཱརྒཱ་བ སྡྱིཏཿ མྱ་ངན་ལས་འདས་པའི་ལམ་ལ་གནས་པ། བ་ཧུ་ཤྲུ་ཏཿ མང་དུ་ཐོས་པ། ཤྲུ་ཏ་དྷཱ་རཿ ཐོས་པ་འཛིན་པ། ཤྲུ་ཏ་སནྣི་ཙ་ཡཿ ཐོས་པ་བསགས་པ། སུ་ཙིནྟི་ཏ་ཙིི། ལེགས་པར་བསམ་པ་སེམས་པ། སུ་བྷཱ་ཥི་ཏ་བྷ་ཥཱི། ལེགས་པར་སྨྲ་བ་བརྗོད་པ། ལེགས་བཤད་དང་ལེགས་གསུངས་སྨྲ་བར་ཡང་རུང་། སུ་ཀྲྀ་ཏ་ཀརྨྨ་ཀཱ་རཱི། ལེགས་པར་བྱ་བའི་ལས་


MR26_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ། ཨཱ་ཤུ་པྲཛྙཱ། ཤེས་རབ་མྱུར་བ། ཛ་བ་ན་པྲཛྙཱ། ཤེས་རབ་མགྱོགས་པ། ཏཱིཀྵྞ་པྲཛྙཱ། ཤེས་རབ་རྣོ་བ། ནིཿས་ར་ཎ་པྲཛྙཱཿ འབྱུང་བའི་ཤེས་རབ་ཅན་ནམ་ངེས་པར་འབྱུང་བའི་ཀྱང་། ནཻ་བེདྷི་ཀ་པྲཛྙཱ། ངེས་པར་འབྱེད་པའི་ཤེས་རབ་ཅན། མ་ཧཱ་པྲཛྙཱ། ཤེས་རབ་ཆེ་བ། པྲྀ་ཐུ་པྲཛྙཱ། ཤེས་རབ་ཡངས་པ། གམྦྷཱིར་པྲཛྙཱ། ཤེས་རབ་ཟབ་པ། ཨ་ས་མ་པྲཛྙཱ། ཤེས་རབ་མཉམ་པ་མེད་པ། པྲཛྙཱ་རཏྣ་ས་མ་ནྭཱ་ག་ཏཿ ཤེས་རབ་རིན་པོ་ཆེ་དང་ལྡན་པ། པ་རམ་དྲྀཥྚ་དྷརྨ་སུ་ཁ་བི་ཧཱར་པྲཱབྟཿ མཐོང་བའི་ཆོས་ལ་བདེ་བར་གནས་པའི་མཆོག་ཐོབ་པ། པྲ་ཤཱནྟེཪྻཱ་པ་ཐ་སམྤནྣཿ སྤྱོད་ལམ་རབ་ཏུ་ཞི་བ་ཕུན་སུམ་ཚོགས་པ། མ་ཧཱ་ཀྵཱནྟི་སཽར་ཏྱས་མ་ནྭཱ་ག་ཏཿ བཟོད་པ་དང་དེས་པ་ཆེན་པོ་དང་ལྡན་པ། ཏ་ཐཱ་ག་ཏཱ་ཛྙཱ་སུ་པྲ་ཏི་པནྣཿ དེ་བཞིན་གཤེགས་པའི་བཀའ་ལ་ཤིན་ཏུ་ཞུགས་པ། པ་རི་པཱུརྑ་ཤུཀླ་དྷརྨཿ ཆོས་དཀར་པོ་ཡོངས་སུ་རྫོགས་པ། དྲྀཥྚ་དྷརྨཿ ཆོས་མཐོང་བ། ཨ་ནུ་དྷརྨ་ཙཱ་རཱི། ཆོས་དང་རྗེས་སུ་མཐུན་པར་སྤྱོད་པ། དྷརྨཱ་ནུ་དྷརྨ་པྲ་ཏི་པནྣཿ ཆོས་དང་རྗེས་སུ་མཐུན་པའི་ཆོས་ལ་ཞུགས་པ། དྷརྨ་དྷཱ་ཏུ་ཀུ་ཤ་ལཿ ཆོས་ཀྱི་དབྱིངས་ལ་མཁས་པ། མ་ཧཱ་དཀྵི་ཎ་པ་རི་ཤོ་དྷ་ཀཿ ཡོན་ཡོངས་སུ་སྦྱོང་བ་ཆེན་པོ། ཞེས་སོ། ༈ །སངས་རྒྱས་པའི་བསྟན་པ་ལེགས་པར་འཛིན་པའི་བསྟན་འཛིན་ཆེན་པོ་རྣམས་ཀྱི་མཚན་ནི། ནཱ་གཱ་རྫུ་ནཿ ཀླུ་སྒྲུབ་དེའི་མཚན་གཞན་ཀླུས་གདན་དྲངས་པས། ནཱ་གཱ་ཧྭ་ཡཿ ཀླུས་བོད་ཤེས་ཀྱང་བྱའོ། །འདི་ཀླུ་སྒྲུབ་ཀྱི་སློབ་མར་བྱེད་པའང་ཡོད། ཨཱཪྱཱ་སཾ་ག འཕགས་པ་ཐོགས་མེད། ཨཱཪྱ་དེ་བ། འཕགས་པ་ལྷ། བ་སུ་བནྡྷུཿ དབྱིག་གཉེན། དིགྣཱ་ག །ཕྱོགས་ཀྱི་གླང་པོ། དྷརྨ་ཀིརྟྟིཿ ཆོས་ཀྱི་གྲགས་པ་སྟེ་དེ་དྲུག་ལ་འཛམ་གླིང་མཛེས་པའི་རྒྱན་དྲུག་ཞེས་བྱ། མཆོག་གཉིས་ནི་དེ་དྲུག་གི་ནང་ནས་ཤིང་


MR26_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་ཀླུ་ཐོགས་རྣམ་གཉིས་ལ་འདོད། ཡང་ཁ་ཅིག་མཆོག་གཉིས་ཤིང་རྟ་གཉིས་དང་། དེའི་རྗེས་སུ་འཕགས་པ་ལྷ་སོགས་རྒྱན་དྲུག་གཞན་བཞེད་པ་དང་། ཡོན་ཏན་འོད་དང་ཤཱཀྱ་འོད་རྣམ་པ་གཉིས་ལ་འདུལ་འཛིན་མཆོག་གཉིས་ཅེས་འདོད་པ་སོགས་ཡོད། ཨཱ་ཙཱཪྻ་ཤཱུ་རཿ སློབ་དཔོན་དཔའ་བོ། ཨ་ཤྭ་གྷོ་ཥ། རྟ་སྐད་དམ་རྟ་དབྱངས་ཞེས་སློབ་དཔོན་དེའི་མཚན་གྱི་རྣམ་གྲངས་ཡིན། གཞན་ཡང་། བཱ་བྷ་ཊ། ཕ་ཁོ ལ། བི་ཏ་དཱ་ས། ཕ་ཁོལ་ལམ་ཕ་ཡི་འབང་། མཱ་ཏྲྀ་དཱ་ས། མ་ཁོལ་ཞེས་ཕ་མ་ལ་བཀུར་སྟི་ཆེ་བས་སློབ་དཔོན་འདིའི་མཚན་དུའང་དེ་སྐད་གྲགས་པ་ཡོད། གུ་ཎ་པྲ་བྷཿ ཡོན་ཏན་འོད། ཤཱཀྱ་པྲ་བྷཿ ཤཱཀྱ་འོད། དྷརྨྨ་པཱ་ལཿ ཆོས་སྐྱོང་། སྡྱི་ར་མ་ཏིཿ བློ་བརྟན། སཾ་གྷ་བྷ་དྲ། འདུས་བཟང་། བ་སུ་མི་ཏྲཿ དབྱིག་བཤེས། གུ་ཎ་མ་ཏིཿ ཡོན་ཏན་བློ་གྲོས། བར་རུ་ཙིཿ མཆོག་སྲེད། པཱ་ཎི་ནིཿ སྐད་དེ་ཉིད་སོར་བཞག པཱ་ཏནྫ་ལིཿ ཆུར་ལྷུང་། བུདྡྷ་པཱ་ལི་ཏཿ སངས་རྒྱས་སྐྱོང་། བྷ་བྱ། སྐལ་ལྡན། ཛྙཱ་ན་གརྦྷཿ ཡེ་ཤེས་སྙིང་པོ། ཤཱནྟ་རཀྵི་ཏཿ ཞི་བ་འཚོ། ཀ་མ་ལ་ཤཱི་ལ། སྐད་སོར་བཞག་པདྨའི་ངང་ཚུལ་དུའང་འདོད། ཨཱཪྱ་བི་མུཀྟཿ འཕགས་པ་རྣམ་གྲོལ་སྡེ། སློབ་དཔོན། སིཾ་ཧ་བྷ་དྲ། སེང་གེ་བཟང་པོ། དེ་བེནྡྲ་བུདྷི། ལྷ་དབང་བློ། ཤཱཀྱ་བུདྡྷིཿ ཤཱཀྱ་བློ་སྟེ་འདི་གཉིས་ལ་ཚད་མ་རྣམ་འགྲེལ་གྱི་ཊཱི་ཀ་རྩོམ་པའི་བློ་རྣམ་གཉིས་ཞེས་ཟེར། ཙནྡྲ་ཀཱིརྟྟིཿ ཟླ་བ་གྲགས་པ། ཙནྡྲ་གོ་མཱི། བཙུན་པ་ཟླ་བ་སྟེ་ཆུང་ངུའི་དུས་ན། ཙནྡྲ་དཱ་ས། ཟླ་བའི་འབངས་ཞེས་མཚན་གསོལ། གོ་མཱིའི་དགེ་བསྙེན་ཡིན་པས་ཙནྡྲ་གོ་མཱི་ཞེས་གྲགས། སྒྲ་ཙནྡྲ་པ་སོགས་མཛད་པ་པོ་དེའོ། །འདིར་ཙནྡྲ་པ་ལས། མཆོད་འོས་ལ་གོ་མི་ནའོ་ཞེས་པས་ལྡན་རྐྱེན་མི་བྱིན་པས་གོ་མཱི། ཞེས་པ་མཐོ་རིས་ལྡན་པ་སྟེ་དགེ་བསྙེན་སོགས་ལ་འཇུག བཙུན་པར་བསྒྱུར་ཡང་དོན་དང་འབྲེལ་ལོ། །ཤཱནྟི་དེ་བཿ ཞི་བ་ལྷ་ཞེས་དེ་གསུམ་དང་


MR26_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་དཔའ་བོ་རྣམས་ལ་རྨད་དུ་བྱུང་བའི་སློབ་དཔོན་བཞི་ཞེས་ཐ་སྙད་བྱེད་པ་ཡོད། བི་ནི་ཏ་དེ་བཿ དུལ་བ་ལྷ། ནནྡཿ དགའ་བོ། དྷརྨོཏྟ་རཿ ཆོས་མཆོག ཤཱཀྱ་མི་ཏྲ། ཤཱཀྱ་བཤེས་གཉེན། ཛྙཱ་ན་དཏྟཿ ཡེ་ཤེས་བྱིན། པྲབྷཱ་ཀ་ར་སིདྡྷཿ འོད་བྱེད་གྲུབ། ཤཱི་ལ་བྷ་དྲཿ ངང་ཚུལ་བཟང་པོ། དཾཥྚ྄་སེ་ནཿ མཆེ་བའི་སྡེ། དྷརྨ་ཏྲཱ་ཏཿ ཆོས་སྐྱོབ། བི་ཤེ་ཥ་མི་ཏྲཿ ཁྱད་པར་བཤེས་གཉེན། ར་བི་གུཔྟཿ ཉི་མ་སྦས་པ། དེ་སོགས་མཁས་ཤིང་གྲུབ་བརྙེས་མང་པོ་བྱོན་པའི་མཚན་ནི་གཞན་དུ་གསལ། ཕྱིས་སུ་མཁས་པའི་དབང་པོ་དུ་མ་བྱོན་པའི་མཚན་རགས་རིམ། ཨ་བྷ་ཡཱ་ཀ་ར། འཇིགས་མེད་འབྱུང་གནས། མཁས་པ་སྒོ་དྲུག་ཞེས་གྲགས་པ། ཤར་སྒོ་སྲུང་བ་ཤཱནྟི་པ་གཙོ་བོར་སྒྲ་ཚད་ལ་མཁས་ཤིང་རྩོད་དུས་ཀྱི་ཀུན་མཁྱེན་གཉིས་པར་གྲགས། ལྷོ་སྒོ་བ་སྒྲོལ་མས་རྗེས་སུ་བཟུང་བ་ངག་དབང་གྲགས་པ། ནུབ་སྒོ་བ་ཤེས་རབ་འབྱུང་གནས་ལྷག་པར་མུ་སྟེགས་ཀྱི་གྲུབ་མཐར་མཁས། བྱང་སྒོ་བ་ནཱ་རོ་པ་རྡོ་རྗེའི་ཐེག་པར་མཁས། དབུས་ཀྱི་ཀ་ཆེན་རིན་ཆེན་རྡོ་རྗེ་དང་། ཛྙཱ་ན་ཤྲཱི་གཉིས་ཡིན། དེ་རྣམས་སྤྱིར་མཁས་ཚུལ་ཆ་འདྲ་ལ་དུས་མཚུངས་པའོ། །བོད་འདིར་བྱོན་པ་སློབ་དཔོན་པདྨ་འབྱུང་གནས་དང་། མཁན་ཆེན་བོ་དྷི་སཏྭ། བི་མ་ལ་མི་ཏྲ་སོགས་བསྟན་པ་སྔ་དར་གྱི་དུས་སུ་པཎ་ཆེན་བརྒྱ་རྩ་དང་། ཕྱིས་སུ་བྱོན་པ་པཎ་ཆེན། སྨྲྀ་ཏི་ཛྙཱ་ན། དྲན་པ་ཡེ་ཤེས། ལྷན་ཅིག་ཇོ་བོ་རྗེ། དཱི་བཾ་ཀ་ར་ཛྙཱ་ན། མར་མེ་མཛད་ཡེ་ཤེས་དང་། རྗེ་བཙུན་དམ་པ་རྒྱ་གར། ག་ཡ་དྷཱ་ར་སོགས་དུ་མ་བྱོན་པ་ཡིན་ནོ། །གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱིས་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་བརྒྱད་ཅུ་རྩ་བཞི་སོགས་ཀྱི་མཚན་ནི་གཞན་དུ་གསལ། བཅོམ་ལྡན་འདས་ཞལ་བཞུགས་པའི་དུས་སུ་བྱུང་བའི་མཆོག་ཟུང་


MR26_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སོགས་ཉན་ཐོས་མཆོག་བརྒྱད་དུ་གྲགས་པ་དང་། གནས་མལ་སྟོབས་པ་སོགས་ཀྱི་མཆོག་ཏུ་བསྔགས་པ་གཞན་དུ་མ་ཞིག་ཀྱང་བཞུགས་སོ། །འོད་སྲུངས་ཀུན་དགའ་བོ་དང་ཤཱ་ནའི་གོས། ཉེར་སྦས་དྷི་དྷི་ཀ་དང་ནག་པོ་དང་། ལེགས་མཐོང་ཆེན་པོ་བསྟན་པའི་གཏད་རབས་བདུན། སོགས་དེ་འདྲའི་རྣམ་གཞག་ཀྱང་དུ་མར་སྣང་། རིག་གནས་ལ་བཟོ་རིག་ནི་ཤིན་ཏུ་མང་བས་ཆ་ཤས་སུ་ཕྱི་པ་དང་ནང་པའི་བསྟན་བཅོས་ལས་གསུངས། གསོ་རིག་པ་སྔོན་གྱི་དུས་སུ་ཚངས་པ་དང་དྲང་སྲོང་སོགས་ཀྱིས་བྱས་པ་ཡོད་ལ། གཞུང་འདིའི་ཆ་ཤས་ཕྲན་བུའི་གསོ་དཔྱད་ཕྱི་ནང་གི་མཁས་པ་དག་གིས་བྱས་པ་ཡང་མང་དུ་ཡོད་པ། ཁྱད་པར་སློབ་དཔོན་ཆེན་པོ་མགོན་པོ་ཀླུ་སྒྲུབ་ཀྱིས། གསོ་རིག་སོགས་རིག་གནས་ཀྱི་བསྟན་བཅོས་མང་པོ་མཛད་པར་གྲགས། གསོ་རིག་གི་གཞུང་ཆེན་པོ་ནི་སློབ་དཔོན་དཔའ་བོས་ཡན་ལག་བརྒྱད་པ་ཡིན་ཞིང་། དེ་རྩོམ་པའི་དུས་སུ་ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་དུ་དགེ་བའི་ལྟས་དྲུག་གསུམ་བཅོ་བརྒྱད་བྱུང་ཞིང་། ངོ་མཚར་ཆེ་བའི་གཞུང་དེ་ཉིད་ལ་ཟླ་བ་མངོན་དགས་འགྲེལ་བ་མཛད་ནས་འཕགས་ཡུལ་དང་བོད་དུ་ཡང་སྔར་དུས་སུ་འཆད་ཉན་དར།ཕྱིས་སུ་གསོ་རིག་གི་གཞུང་ཐམས་ཅད་ལས་ཁྱད་དུ་འཕགས་ཤིང་དོན་ཡོངས་སུ་རྫོགས་པ་དཔལ་ལྡན་རྒྱུད་བཞི་འདི་གཡུ་ཐོག་ཡོན་ཏན་མགོན་པོས་རྒྱ་ཆེར་སྤེལ་བ་ལས་དར་རྒྱས་སུ་གྱུར། སྒྲ་ལ་སརྦ་ཛྙཱ་དེ་བ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་མཛད་པ་སོགས་སྔོན་དུས་ཡོད། འཇིག་རྟེན་དབང་ཕྱུག་གི་སྔགས་གྲུབ་པ་བྲམ་ཟེ་པཱ་ཎིས་མཛད་པའི་སྒྲ་པཱ་ཎི་པ་གཙོ་ཆེར་དར་ཞིང་། དེའི་འགྲེལ་པ་ཀླུ་མཐའ་ཡས་ཀྱིས་མཛད་པ་ལོ་བཅུ་གཉིས་སུ་འཆད་ཉན་བྱས་ན་རྫོགས་པ་ཤིན་ཏུ་མང་ཉོབ་ཏུ་གཟིགས་ནས་སློབ་དཔོན་ཙནྡྲ་གོ་མཱིས། ཉུང་ངུ་རྣམ་


MR26_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཡང་དག་རྫོགས་ཞེས་པའི་ཁྱད་པར་གསུམ་དང་ལྡན་པའི་སྒྲ་མདོ་མཛད་པར་རྩོམ་པ་པོའི་མཚན་གྱིས་སྒྲ་ཙནྡྲ་པར་གྲགས། འདི་ནི་ཀ་ལཱ་པ་དང་དབྱངས་ཅན་བརྡ་སྤྲོད་སོགས་ཀྱི་གཞུང་ལས་རྒྱ་ཆེ་ཞིང་བརྡའ་སྤྲོད་པའི་གཞུང་གི་རྩེ་མོར་གྱུར། སློབ་དཔོན་ཨ་ནུ་བྷཱུ་ཏི་ལ་དབྱངས་ཅན་མས་སྩལ་བའི་བརྡ་སྤྲོད་པའི་སྙིང་པོ་དབྱངས་ཅན་བརྡ་སྤྲོད་དང་། རྒྱལ་པོ་བདེ་སྤྱོད་ཀྱི་ཞང་པོ་སབྟ་ཝརྨ་ས་ལྷ་གཞོན་ནུ་གདོང་དྲུག་བསྒྲུབས་པས་ཞལ་གཟིགས་པའི་མཐུས་བརྡ་སྤྲོད་པའི་དོན་བདེ་བླག་ཏུ་ཁོང་དུ་ཆུད་ནས་བརྩམས་པའི་སྒྲ་ཀ་ལཱ་པ་ཆ་བསགས་ཏེ་འདི་ཨིནྡྲ་བྱཱ་ཀ་ར་ཎའི་རྗེས་འབྲང་ཡིན་ལ་གོ་སླ་བ་རྒྱལ་པོ་ལུགས་ཀྱི་བརྡ་སྤྲོད་པ་ཞེས་སུ་གྲགས་པ་དང་། གཞན་ཡང་སློབ་དཔོན་ཟླ་བ་གྲགས་པའི་ཀུན་བཟང་སྒྲ་མདོ་ཟེར་བ་སོགས་སྒྲ་མདོ་དུ་མ་འཕགས་ཡུལ་དུ་བྱུང་། འཇམ་དཔལ་བརྡ་སྤྲོད་སོགས་སྒྲ་མདོ་དུ་མ་ཡོད་ལ་འགའ་ཟུང་འགྱུར་ནའང་བོད་འདིར་ཀ་ཙན་དབྱངས་གསུམ་དར་ཆ་ཆེ་ཞིང་གཙོ་བོར་བྱེད་དོ། །སྡེབ་སྦྱོར་ནི་སྔ་མའི་གཞུང་རྣམས་ལས་ཡོན་ཏན་བརྒྱད་ཀྱིས་ཁྱད་དུ་འཕགས་པ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བའི་ཞབས་ཀྱིས་མཛད་པའི་སྡེབ་སྦྱོར་རིན་ཆེན་འབྱུང་གནས་སུ་གྲགས་པ་ཕྱི་ནང་ཀུན་གྱིས་ཀྱང་གཙོ་བོར་བྱེད། སྙན་དང གས་ལ་སྔ་གཞུང་མང་པོ་ཡོད་ཀྱང་། ཁྱད་པར་འཕགས་པ་སློབ་དཔོན་དཱཎྜི་ཞེས་པ་དབྱུག་པ་ཅན་ཏེ། དབྱངས་ཅན་མས་རྗེས་སུ་བཟུང་བ་ཕྱི་པའི་ཏའི་གྲལ་དུ་བཞུགས་ཀྱང་ཕྱི་ནང་གཉིས་ཀའི་གྲུབ་མཐའ་ལ་མཁས་པ་དེས་མཛད་པ་འདི། ཤོངས་དཔང་ལོ་ཙཱ་བའི་སྐུ་དུས་ནས་བོད་དུ་དར་ཞིང་འཆད་ཉན་ཀྱང་བྱུང་། མངོན་བརྗོད་ཀྱི་གཞུང་ཆེ་བ་ཏ་འཆི་མེད་སེང་གེས་མཛད་པའི་འཆི་མེད་མཛོད་ལ་སོགས་པ་ཡིན། འཆི་མེད་མཛོད་ཀྱི་


MR26_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་པ་རབ་འབྱོར་ཟླ་བས་མཛད་པའི་འདོད་འཇོ་འདི་གཞུང་ལེགས་ཤིང་གསལ། ཟློས་གར་གྱི་གཞུང་ཆེ་བའི་འཆད་ཉན་བོད་དུ་མ་བྱུང་། ཀླུ་ཀུན་ཏུ་དགའ་བ་དང་། འཇིག་རྟེན་ཀུན་ཏུ་དགའ་བའི་ཟློས་གར་ཞེས་པ་གཙུག་ན་ནོར་བུ་དང་། སྤྲིན་གཞོན་གྱི་རྣམ་ཐར་སྙན་ངག་ཏུ་སྦྱར་བ་ཡིན་ལ་དེར་འཆམ་བྱེད་པ་སོགས་ཟློས་གར་གྱི་ཚུལ་དང་སྦྱར་བ་ཡིན་ཡང་ཟློས་གར་གྱི་གཞུང་དངོས་བཤད་པ་མིན། སྙན་ངག་ཞེས་པ་ཚིག་གི་ཉམས་འགྱུར་ཡིད་འཕྲོག་ནུས་པའི་ཡོན་ཏན་ཅན་ལ་བརྗོད་དེ། དེ་ལྟ་བུ་སྦྱར་བར་བྱེད་པའི་གཞུང་གི་སྒོ་ནས་མིང་བཏགས་ན་སྙན་དངགས་ཞེས་བྱེད་སྒྲུབ་ཀྱི་སྒོ་ནས་བརྗོད་པ་ཡིན་ཡང་། སྐད་དོད་ཀྱང་གཅིག་ལ་དོན་ཡང་མཚུངས་པས་དེང་སང་སྙན་ངག་ཅེས་འབོད་པར་སྣང་། སྐར་རྩིས་ནི་སྔོན་གྱི་དྲང་སྲོང་རྣམས་ཀྱིས་ཀྱང་ཅི་རིགས་བསྟན་ལ་ཁྱད་པར་འཕགས་པ་ཕྱི་ནང་གི་དག་པ་སྦྱོར་ཞིང་ཆ་ཤས་ཕྲ་མོའི་སྐྱོན་ཀྱང་མེད་པ་རྣམ་དག་གྲུབ་པའི་རྩིས་དུས་འཁོར་རྩ་རྒྱུད་ལས་གསུངས། དེ་ཕྱི་རོལ་བྲམ་ཟེ་རྣམས་ལ་སྦས་པའི་ཚུལ་གྱིས་ཉུང་ངུའི་བྱེད་རྩིས་བསྡུས་རྒྱུད་དུ་བསྟན། བོད་འདིར་རྣམ་དག་གྲུབ་པའི་རྩིས་འཕྲོ་བཙལ་བའི་སྒོ་ནས་ཅུང་ཟད་རེས་མི་འདྲ་བ་ཕུག་ལུགས་མཚུར་ལུགས་གཉིས་གྲགས་ཆེ་ལ། ཕྱིས་སུའང་ཅུང་ཟད་རེའི་མི་འདྲ་བའི་རྩིས་འཕྲོ་གསར་བཞག་འགའ་བྱུང་སྟེ། དོན་དུ་སྐར་རྩིས་ཀྱི་ལག་ལེན་རྒྱ་ཆེར་དར ། རྩིས་ཀྱི་བྱེ་བྲག་འབྱུང་རྩིས་ལོ་སྤར་སྨེ་བཞག་དུས་ས་བདག་རྒྱུ་བ་དང་གནས་པ་ཕྱོགས་དུས་ཀྱི་བླང་དོར་རྣམས་རྒྱ་ནག་ནས་བོད་དུ་དར་བའོ། །ཚད་མའི་བསྟན་བཅོས་ནི་ཡང་དག་པའི་དོན་གཏན་ལ་འབེབ་པའི་རིགས་པ་བཞི་ཡི་རྣམ་གྲངས་རྒྱ་ཆེར་ཆོས་མངོན་པའི་མདོ་ལས་གསུང་མོད་ཀྱི། ནང་པའི་རིང་ལུགས་ཚད་མའི་གཞུང་སྒེར་དུ་བཀོད་པའི་གཙོ་བོ་ནི་སློབ་དཔོན་


MR26_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཀྱི་གླང་པོའི་ཚད་མའི་མདོ་ཡིན་ལ། དེའི་མཆོད་བརྗོད་བྲིས་པའི་ཚེ་མུ་སྟེགས་རྣམས་ཚར་གཅོད་པའི་ལྟས་རྒྱ་ཆེར་བྱུང་བས། མུ་སྟེགས་ཐུབ་རྒྱལ་ནག་པོས་མངོན་ཤེས་ཀྱི་བལྟས་ནས་སློབ་དཔོན་དང་རྩོད་པས་སློབ་དཔོན་རྒྱལ་ཀྱང་། ཁ་ནས་རྫུ་འཕྲུལ་གྱི་མེ་བྱུང་བས་སློབ་དཔོན་གྱི་ཡོ་བྱད་ཐམས་ཅད་བསྲེགས་པ་ལ་ཐུག་ཆད་པ་ན། འཇམ་པའི་དབྱངས་ཀྱིས་ཁྱོད་ས་མ་ཐོབ་ཀྱི་བར་དུ་དགེ་བའི་བཤེས་གཉེན་ངས་བྱེད་ཅིང་། བསྟན་བཅོས་འདིའང་རྩོམས་དང་མ་འོངས་སེམས་ཅན་ལ་ཕན་པར་འགྱུར་ཞེས་ལུང་བསྟན་པ་ལྟར་བརྩམས། དེའི་འགྲེལ་པ་སློབ་དཔོན་དབང་ཕྱུག་སྡེས་མཛད་པ་སློབ་དཔོན་ཕྱོགས་གླང་གི་དགོངས་པ་མ་ལོན་པར་མཐོང་ནས་དཔལ་ཧེ་རུ་ཀས་ཕྱོགས་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་གནང་བ་སློབ་དཔོན་ཆེན་པོ་དཔལ་ལྡན་ཆོས་ཀྱི་གྲགས་པས་དོན་གྱི་དགོངས་འགྲེལ་ཚད་མ་སྡེ་བདུན་མཛད་དེ། རྒྱས་པ་རྣམ་འགྲེལ། འབྲིང་རྣམ་ངེས། བསྡུས་པ་རིགས་ཐིགས་ཏེ། ལུས་ལྟ་བུའི་གཞུང་གསུམ་དང་། གཏན་ཚིགས་ཐིགས་པ། འགྲེལ་པ་བརྟག་པ། རྩོད་པའི་རིགས་པ། རྒྱུད་གཞན་གྲུབ་པ་བཞི་འཕྲོས་པ་ཡན་ལག་ལྟ་བུའི་གཞུང་སྟེ་སྡེ་བདུན་མཛད།རྣམ་འགྲེལ་ལ། བློ་རྣམ་གཉིས་ཀྱི་འགྲེལ་བ་སོགས་བརྩམ། མཁས་པ་སྒོ་དྲུག་གི་ཡ་གྱལ་ཤེས་རབ་འབྱུང་གནས་སྦས་པས་རྣམ་འགྲེལ་གྱི་འགྲེལ་བ་ཚད་མ་རྒྱན་ཞེས་རྒྱ་ཆེར་འགྲེལ་མཛད། རྣམ་འགྲེལ་གཞུང་རང་རྐང་དུ་བརྩམས་པ་ཡིན། ཕྱོགས་གླང་གི་བསྟན་བཅོས་ཀྱི་དོན་འགྲེལ་མིན་པ་ལྟ་བུ་དང་། ལྷ་དབང་བློས་གཞུང་དོན་ལེགས་པར་མ་བཤད་ཅེས་གསུངས། ཡ་མ་རི་སོགས་རྒྱན་གྱི་རྗེས་འབྲང་ཡིན། དེ་ལ་སོགས་པ་མཁས་པ་དུ་མས་ཚད་མའི་གཞུང་གི་འགྲེལ་པ་བརྩམས་ཞིང་དར་རྒྱས་སུ་མཛད་པའོ། །ནང་རིག་པའི་གཞུང་


MR26_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བའི་གསུང་རབ་མདོ་ཡི་ཕྱོགས་ལ། རྒྱལ་བས་ལུང་བསྟན་ཞིང་སངས་རྒྱས་ཀྱི་བསྟན་པ་འདི་ལ་དེ་འདྲ་བ་གཞན་མི་འབྱུང་བར་བསྔགས་པ། བདག་ཉིད་ཆེན་པོ་མགོན་པོ་ཀླུ་སྒྲུབ་ཀྱིས་གཏམ་ཚོགས་དང་། རིགས་ཚོགས་དང་། བསྟོད་ཚོགས་གསུམ་གྱིས་འཁོར་ལོ་གསུམ་གྱི་བཀའ་ཡི་དགོངས་དོན་གསལ་བར་མཛད། གཏམ་ཚོགས་ནི་བཤེས་སྤྲིང་དང་རིན་ཆེན་ཕྲེང་བ་ལ་སོགས་པའོ། །རིགས་ཚོགས་ནི། རང་གཞན་ཀྱི་སྡེ་པ་དངོས་སྨྲ་བས་བདེན་གྲུབ་འདོད་པ་རྒྱ་ཆེར་བཀག་པ་རྩ་བ་ཤེས་རབ། རང་སྡེ་དངོས་སྨྲ་བའི་འདོད་པ་གཙོར་གྱུར་བདེན་དངོས་འགོག་པ་དང་། སྟོང་ཉིད་བསྟན་པའི་གནད་ཀྱི་སྙིང་པོ་རིག་པ་དྲུག་ཅུ་པ་གཉིས་ལུས་ལྟ་བུ། རྐྱེན་བརྟག་པའི་རབ་བྱེད་ལས་འཕྲོས་ཏེ། རང་བཞིན་མེད་པར་སྨྲ་བ་ལ་རིགས་པ་དང་འགལ་བའི་རྩོད་སྤོང་རྩོད་བཟློག འདུས་བྱས་རྟག་པའི་རབ་བྱེད་ལས་འཕྲོས་ནས་སྐྱེ་འཇིག་མེད་པར་སྨྲ་བ་ལ་ལུང་དང་འགལ་བའི་རྩོད་སྤོང་སྟོང་ཉིད་བདུན་ཅུ་པ་གཉིས་ཡན་ལག་ལྟ་བུ། བདེན་དངོས་སྒྲུབ་བྱེད་རྟོག་གེའི་རིགས་པ་འགོག་པ་ཞིབ་མོ་རྣམ་འཐག་དང་ལྔ་ཞེས་བཤད། འགའ་ཞིག་གིས་དོན་དམ་པར་རང་བཞིན་མེད་ཀྱང་ཀུན་རྫོབ་འཇིག་རྟེན་གྱི་ཐ་སྙད་གྲུབ་པར་སྟོན་པ་ཐ་སྙད་གྲུབ་པ་དང་རིགས་ཚོགས་དྲུག་ཏུ་བཞེད། བསྟོད་ཚོགས་ནི་ཆོས་དབྱིངས་བསྟོད་པ་དང་། སེམས་ཀྱི་རྡོ་རྗེའི་བསྟོད་པ་སོགས་སོ། །གཞན་ཡང་སློབ་དཔོན་འཕགས་པ་ཉིད་ཀྱིས་མདོ་དང་རྒྱུད་དང་རིག་གནས་ཀྱི་བསྟན་བཅོས་མང་དུ་མཛད་དོ། །དེ་བཞིན་གཤེགས་པས་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་ཞིང་དྲང་དོན་ངེས་དོན་གྱི་མདོ་སྡེ་མང་པོ་འབྱེད་པར་ལུང་བསྟན་པ་སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཐོགས་མེད་ཀྱིས་མི་ལོ་བཅུ་གཉིས་སུ་བྱམས་པ་བསྒྲུབས་པས་ཞལ་གཟིགས་ཤིང་དགའ་ལྡན་དུ་ཁྲིད་ནས་དེ་བཞིན་


MR26_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་དགོངས་འགྲེལ་བསྟན་བཅོས་ཀྱི་རྒྱལ་པོ་བྱམས་ཆོས་སྡེ་ལྔ་གནང་། དེ་ལ་བརྟེན་ནས་བྱམས་པ་དང་འབྲེལ་བའི་ཆོས་སྡེ་ཉི་ཤུ་ཞེས་གྲགས་པ། རྗེ་བཙུན་བྱམས་པས་མཛད་པའི་རྒྱན་གཉིས་འབྱེད་གཉིས་རྒྱུད་བླ་མ་དང་ལྔ། ཤིང་རྟ་ཆེན་པོ་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔ་དང་། སྡོམ་གཉིས། སློབ་དཔོན་ཆེན་པོ་ཀུན་མཁྱེན་གཉིས་པར་གྲགས་པ་དབྱིག་གཉེན་གྱིས་མཛད་པའི་རབ་བྱེད་སྡེ་བརྒྱད་དེ་ཉི་ཤུའོ། །ས་སྡེ་ལྔ་ནི་ས་ཡི་དངོས་གཞི། དེའི་དོན་འགྲེལ་ལྟ་བུ་རྣམ་པར་གཏན་ལ་དབབ་པ་བསྡུ་བ། དེ་དག་སྡེ་སྣོད་གསུམ་དུ་བསྡུ་ཚུལ་སྟོན་པ་གཞི་བསྡུ་བ། ཀུན་ཉོན་དང་རྣམ་བྱང་གི་རྣམ་གྲངས་བྱེ་བྲག་ཏུ་སྟོན་པ་རྣམ་གྲངས་བསྡུ་བ། དེ་འཆད་ཚུལ་སྟོན་པ་རྣམ་པར་བཤད་པའི་སྒོ་བསྡུ་བ་ལྔའོ། །སའི་དངོས་གཞི་ལ། རྣམ་ཤེས་ལྔ་ལྡན་ཡིད་ཀྱི་ས། །རྟོག་དཔྱོད་བཅས་པ་རྟོག་དཔྱོད་མེད། །རྟོག་མེད་དཔྱོད་བཅས་མཉམ་བཞག་ས། །མ་བཞག་སེམས་ཡོད་སེམས་མེད་ས། །ཐོས་བསམ་བསྒོམ་པ་ཉན་རང་ས། །བྱང་ས་ལྷག་བཅས་ལྷག་མེད་ས། །ཞེས་པ་ལྟར་ནང་གི་དབྱེ་བ་བཅུ་བདུན་ཡོད་དོ། །ཐེག་པ་ཐུན་མོང་བའི་སྡོམ་མངོན་པ་ཀུན་བཏུས།ཐེག་པ་ཆེན་པོའི་སྡོམ་ཐེག་བསྡུས་གཉིས་ནི་སྡོམ་གཉིས་སོ། །པྲ་ཀ་ར་ཎ་སྡེ་བརྒྱད་ནི། ཆོས་ཀུན་སེམས་ཙམ་དུ་སྟོན་པ་སུམ་ཅུ་པ། དེ་རིགས་པས་བསྒྲུབ་པ་ཉི་ཤུ་པ། བརྟག་པར་བྱ་བའི་གཞི་ཕུང་ལྔ་འཐད་པར་བསྟན་པ་ཕུང་ལྔའི་རབ་བྱེད། ཆོས་ཉན་བཤད་བྱེད་ཚུལ་རྣམ་བཤད་རིག་པ། སྒོ་གསུམ་གྱི་ལས་འཐད་པར་སྟོན་པ། གྲུབ་པའི་རབ་བྱེད་དེ་གཞུང་རང་རྒྱུད་དུ་བརྩམས་པ་ལྔ། འབྱེད་གཉིས་དང་མདོ་རྒྱན་འགྲེལ་པ་བཅས་བརྒྱད་དུ་བཞེད། གཞན་ཡང་སློབ་དཔོན་འདི་ཉིད་ཀྱིས་མངོན་པ་མཛོད་དང་མདོ་སྡེ་ས་བཅུ་པའི་འགྲེལ་པ་སོགས་བསྟན་བཅོས་མང་


MR26_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མཛད་དོ། ༈ །དེ་ལྟར་ཤིང་རྟ་རྣམ་པ་གཉིས་ཀྱི་གསུང་རབ་ནི་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་སྲོག་ལྟ་བུ་ཡིན་པས་དགོངས་པའི་གནད་མི་མཐུན་པ་མེད་པར་ཤེས་ཤིང་ཟུང་དུ་འབྲེལ་དགོས་པ་ཡིན་ནོ། །དེ་དག་གིས་མཚོན་ནས། ཞི་ལྷ་དང་ཟླ་གྲགས་ལེགས་ལྡན་འབྱེད་ཞི་བ་འཚོ་ཡོན་ཏན་འོད་སོགས་ཀྱིས་བསྟན་བཅོས་མང་དུ་མཛད་པ་རྣམས་དགོངས་འགྲེལ་གྱི་བསྟན་བཅོས་ཡིན་ལ། སྔགས་ཀྱི་ཕྱོགས་ལ་བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་ཞེས་པ། འགྲེལ་ཆེན་དྲི་མེད་འོད་དང་། རྡོ་རྗེ་སྙིང་འགྲེལ། བདེ་མཆོག་སྟོད་འགྲེལ་གསུམ་དང་།གཞན་ཡང་གྲུབ་པའི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་མཛད་པའི་གྲུབ་པ་སྡེ་བདུན་ནམ་བརྒྱད་དུ་གྲགས་པ་དང་། རྡོ་རྗེའི་དོ་ཧ་སྐོར་ལྔའམ་དྲུག་སོགས་སུ་གྲགས་པས་མཚོན་ནས། སྔགས་ཀྱི་དགོངས་པ་འགྲེལ་པའི་བསྟན་བཅོས་མང་དུ་བྱུང་བའི་མཚན་ནི་སོ་སོའི་གཞུང་གི་ཀླད་དུ་ལེགས་སྦྱར་གྱི་སྐད་དུ་ཡོད་པས་འདིར་མ་སྨྲོས་སོ། །དེ་ལྟར་ལྷག་པའི་བསླབ་པ་གསུམ་སྟོན་ཅིང་དགེ་བ་གསུམ་དང་བཟང་པོ་གཉིས་དང་ཚངས་སྤྱོད་བཞི་དང་ལྡན་པའི་དེ་བཞིན་གཤེགས་པའི་གསུང་རབ་རིན་པོ་ཆེའི་རྗེས་སུ་ཞུགས་ཤིང་ལམ་ལ་བསླབ་པ། བྷ་ག་བཱན་སཾ་གྷཿ བཅོམ་ལྡན་འདས་ཀྱི་དགེ་འདུན་ནི། ནྱཱ་ཡ་པྲ་ཏི་བྷནྣཿ རིག་པར་ཞུགས་པ། རི་ཛུ་པྲ་ཏི་བནྣཿ དྲང་པོར་ཞུགས་པ། ས་མཱི་ཙི་པྲ་ཏི་བནྣཿ མཐུན་པར་ཞུགས་པ། ཨཾ་ཛ་ལི་ཀརྨ་ཀ་རཱ་ཎི་ཡཿ ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། སཱ་མི་ཙཱི་ཀ་ར་ཎཱི་ཡཿ ཕྱག་བྱ་བའི་འོས་སུ་གྱུར་པ། པུཎྱ་ཤྲཱི་ཀྵ་ཏྲེཿ བསོད་ནམས་ཀྱི་དཔལ་གྱི་ཞིང་། མ་ཧཱ་དཀྵི་ན་པ་རི་ཤོ་དྷཿ ཡོན་ཡོངས་སུ་སྦྱོང་བ་ཆེན་པོ། ཧ་བ་ནཱི་ཡཿ སྦྱིན་པའི་གནས་སུ་གྱུར་པ། མ་ཧཱ་ཨཱ་ཧ་བ་ནཱི་ཡཿ ཀུན་ཏུའང་སྦྱིན་པའི་འོས་སུ་གྱུར་པ་ཆེན་པོའོ། །བུདྡྷ་གུ་ཎཱ་ཙིནྟ། སངས་རྒྱས་ཡོན་ཏན་བསམ་མི་ཁྱབ།


MR26_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་ཆོས་དང་དགེ་འདུན་ལ་ཡང་སྦྱར་བར་བྱ་སྟེ། ཨི་ཙིནྟ། བསམ་མི་ཁྱབ་ལ་དད་བྱས་ན། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །དེའི་ཕྱིར་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བསྟེན་པར་བྱ་སྟེ། ཅི་ཡི་ཕྱིར་ཞེ་ན། དཀོན་མཆོག་གསུམ་ནི་སྐྱབས་ཀྱི་མཆོག་ཡིན་པའི་ཕྱིར་རོ། ༈ །སྐྱབས་སུ་གྱུར་པའི་མིང་གི་རྣམ་གྲངས་པ། ཤ་ར་ཎཾ། སྐྱབས། ནཱ་ཐཿ མགོན། པ་རཱ་ཡ་ཎཾ། དཔུང་གཉེན། ཏྲཱ་ཎཾ། སྐྱོབ་པ། པ་རི་ཏྲཱ་ཎཾ། ཡོངས་སུ་སྐྱོབ་པ། ཏཱ་ཡི། ཏྲ་ཡི། སྐྱོབ་སྟོན། ལ་ཡ་ནཾ། གནས། ག་ཏི། རྟེན། དྭཱི་པཿ གླིང་ངམ་སྐྱབས་སྐབས་དང་སྦྱར། ཏཱ་ར་ཀཿ སྒྲོལ་བྱེད། ཨུཏྟཱ་ར་ཎཾ། བསྒྲལ་བ་པོ། པ་རི་ཏྲཱ་ཏཱ། སྐྱོབ་པར་བྱེད་པ། ཞེས་སོ། །དེའི་ཕྱིར་ན་དེ་དག་ལ་བསྟེན་ཅིང་གུས་པར་བྱ་སྟེ། རི་མོར་བྱ་བའི་རྣམ་གྲངས་ཀྱི་མིང་ལ། བནྡ་ནཾ། ཕྱག་འཚལ་བ། པཱུ་ཛ་ནཱ། མཆོད་པ། མཱ་ན་ནཱ། རི་མོར་བྱ་བ། ཨ་རྩ་ནཱ། རྗེད་པ། ཨ་བ་ཙཱ་ཡ་ནཱ། གསོལ་བ། ཨཱ་དྲྀ་ཡི་ཏེ། གུས་པར་བྱེད་པ། ཙིཏྟི་ཀཱ་རཿ གཅེས་པར་བྱེད་པ། སཏྐ་རཿ བཀུར་སྟིར་བྱ་བ། གུ་རུ་ཀཱ་རཿ བླ་མར་བྱ་བའམ་བཙུན་པར་བྱ་བ། ཨུ་པ་སྠཱ་ནཿ རིམ་གྲོ། པཪྻུ་པཱ་ས་ནཾ། བསྙེན་བཀུར། ཨཱ་ད་རཿ གུས་པར་བྱ་བ། གཽ་ར་བཾ། ཞེས། ཨཾ་ཛ་ལི་ཀརྨཱ། ཐལ་མོ་སྦྱར་བ། པྲ་ཏྱུཏྠཱ་ནཾ། མངོན་དུ་ལྡང་བ། སཱ་མཱི་ཙཱི། བདུན་པའམ་མཐུན་པ། པྲ་ཎེ་མྱཾ། རབ་ཏུ་འདུད་པ། ཨ་བྷི་ན་མ་ནཾ། མངོན་པར་འདུད་པ། པྲཱ་ཧ་བ་ནཱི་ཡཿ རབ་ཏུ་སྦྱིན་པའི་འོས་སུ་གྱུར་པ། བྷཀྟི་གུ་རུཿ བླ་མ་གུས་པའམ་སྙིང་ཉེ་བ། གུ་རུ་ཤྲུ་ཤྲུ་ཥཿ བླ་མ་ལ་སྲི་ཞུ་ཆེ་བ། ཀ་ལྱཱ་ཎ་མི་ཏྲཱ་རཱ་ག་ཎཿ དགེ་བའི་བཤེས་གཉེན་མགུ་བར་བྱ་བ། ས་པྲ་ཏཱི་ཤཿ ཞེས་དང་བཅས་པ། ས་གཽ་ར་བཿ གུས་པ་དང་བཅས་པ། སེ་བ་ནཾ། དང་། བྷ་ཛ་ནཾ། བསྙེན་པ། པཪྻུ་པཱ་ས་ནཾ། དང་། ཨུ་པཱ་ས་ནཾ། བསྙེན་བཀུར་


MR26_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ། སཾ་སེ་བ་ནཾ། ཡང་དག་པར་བསྟེན་པ། ཨུ་པ་སེ་བ་ནཾ། ཉེ་བར་བསྟེན་པ། བ་ཧུ་མཱ་ནཿ རི་མོར་བྱ་བའམ་རིན་པོ་ཆེར་བྱ་བ། པྲ་ཎི་པ་ཏྱཾ། ཕྱག་འཚལ་བའམ་བཏུད་ནས། ཨ་བྷི་བཱ་ད་ནཾ། གུས་པར་སྨྲ་བ། བཱུརྦཱ་བྷི་ལཱ་པཱི། གསོང་པོར་སྨྲ་བ་ཞེས་སོ། །དེ་ལ་སྡེ་སྣོད་གསུམ་གྱིས་བསྟན་དོན་བསླབ་པ་གསུམ་དང་། ཕར་ཕྱིན་དྲུག་ལ་སོགས་པ་ལམ་དང་འབྲས་བུའི་ཆོས་རྣམས་ཀྱི་མིང་ནི་གོང་འོག་ཀུན་ཏུ་རྒྱ་ཆེར་བསྟན་པ་དེ་ཉིད་ཡིན་ལ། ནང་པའི་གཞུང་གི་གྲུབ་མཐའ་བཞི་ནི། སིདྡྷཱནྟཿ གྲུབ་མཐའ། རཱདྡྷཱནྟཿ བསྒྲུབས་པའི་མཐའ། དེ་ལ། བཻ་བྷཱ་ཥིཀཿ བྱེ་བྲག་ཏུ་སྨྲ་བ། སཽ་ཏྲཱནྟི་ཀཿ མདོ་སྡེ་པ། དེ་གཉིས་ལ། བཱ་ཧྱརྠ་བཱ་དཱི། ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་ཟེར། བི་ཛྙཱ་ན་བཱ་དཱི། སེམས་ཙམ་པའམ་རྣམ་པར་ཤེས་པ་ཙམ་དུ་སྨྲ་བ། དེའི་མིང་། ཡོ་གཱ་ཙཱ་རཿ རྣལ་འབྱོར་སྤྱོད་པའང་ཟེར། མཱ་དྷྱཱ་མི་ཀཿ དབུ་མ་པ་བཞིའོ། །ཉན་ཐོས་པ་ལ་སྡེ་པ་བཅོ་བརྒྱད་ཡོད་པའི་མིང་བྱེ་བྲག་རྟོགས་བྱེད་དུ་བལྟ་བར་བྱ། སེམས་ཙམ་པ་ལ། རྣམ་བདེན་པ་དང་རྣམ་རྫུན་པ། རྣམ་བདེན་པ་ལ་སྒོ་ང་ཕྱེད་ཚལ་བ། གཟུངས་འཛིན་གྲངས་མཉམ་པ། སྣ་ཚོགས་གཉིས་མེད་པ་གསུམ་དང་། རྣམ་བརྫུན་པ་ལ། དྲི་བཅས་པ་དང་། དྲི་མེད་པ་གཉིས། དབུ་མ་ལ་རང་རྒྱུད་གོང་འོག་ཐལ་འགྱུར་པ་ཞེས་བོད་ཀྱིས་རྣམ་བཞག་མཛད་ཀྱང་། དོན་ལ་འཕགས་ཡུལ་བའི་ཐ་སྙད་ལྟར་ན། ཐ་སྙད་ཁས་ལེན་ཚུལ་གྱིས། མདོ་སྡེའི་དབུ་མ་དང་། ཡོ་ག་ཙཱཪྻ་མདྷྱ་མི་ཀཿ རྣལ་འབྱོར་སྤྱོད་པའི་དབུ་མ་གཉིས་སུ་གྲགས་ལ། ཟླ་གྲགས་སོགས་ཀྱི་ལུགས་ལ་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པར་ཡང་གྲགས། དོན་དམ་རྟོགས་ཚུལ་གྱི་མཐོ་དམན་ལས། བདེན་གཉིས་སོ་སོར་འདོད་པ་རང་རྒྱུད་འོག་མ་དང་། མཱ་ཡཱ་ཀ སྒྱུ་མ་ལྟ་བུར་འདོད་པ། ཨ་པྲ་ཏི་སྟི་ཏེ། རབ་ཏུ་མི་གནས་པ་གསུམ་མོ། །


MR26_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པའི་མཐའ་ལེགས་པར་གཏན་ལ་ཕབ་པའི་དོན་ལ་ཐོས་བསམ་སྒོམ་གསུམ་གྱི་རིམ་པས་འཇུག་དགོས་པས། ཤྲུ་ཏཱ་མ་ཡཱི་པྲཛྙཱ། ཐོས་པ་ལས་བྱུང་བའི་ཤེས་རབ། ཙི་མ་ཡཱི་པྲཛྙཱ། བསམ་པ་ལས་བྱུང་བའི་ཤེས་རབ། བྷཱ་བ་ནཱ་མ་ཡཱི་པྲཛྙཱ། བསྒོམ་པ་ལས་བྱུང་བའི་ཤེས་རབ། ཐོས་པ་འཆད་ཉན་བྱ་བའི་མིང་གོང་དུ་སོང་། བསམ་པ་ལ་རིགས་པ་བཞིའི་སྒོ་ནས་ལེགས་པར་དཔྱད་པར་བྱ་བ་སྟེ། དེ་ཡང་། ཛྙཔྟཿ ཤེས་པ། ཙེ་ཏ་ནཱ། སེམས་པ། མ་ནས྄། ཡིད། པྲ་ཏི་བད྄། གོ་བ། སཾ་ཀལྤཿ ཀུན་ཏུ་རྟོག་པ། ཙརྩྩ། དཔྱོད་པ། སཾ་ཁྱཱ། བགྲང་བ། བི་ཙཱ་ར་ཎཿ རྣམ་པར་དཔྱོད་པ། ཀརྐྐཿ རྟོག་གེ་པ། ཨཱུ་ཧཿ མནོ་བསམ་སྟེ། ལྷག་པར་དཔྱོད་པའི་མིང་ངོ་། །དེ་ལྟར་དཔྱད་པ་ལས་ཁོང་དུ་ཆུད་པའི་མིང་ལ། ནི་རྣྣ་ཡཿ གཏན་ལ་ཕེབ་པ། ནིཤྩ་ཡཿ ངེས་པ། སཾ་བིད྄། ལེགས་པར་རྟོགས་པ། བུ་དྡྷིཿ རྟོགས་པའམ་བློ་གྲོས། དྷཱིཿ བློའམ་སེམས་བྱེད། མ་ཏིཿབློ་གྲོས། ཙི་ཏྲཿ ཤེས་པའམ་རིག་པ་ཞེས་བྱའོ། །ག་ཏིཿ རྟོགས་པ། མ་ཏཾ། བྱེ་བྲག་ཕྱེད་པའམ་རྟོགས་པ། དྲྀཥྚཾ། མཐོང་བ། ཨ་བྷི་ས་མི་ཏཱ་བཱི། མངོན་པར་རྟོགས་པ་དང་ལྡན་པ། སམྱཀྶཾ་བོ་དྷཿ ཡང་དག་པར་རྟོགས་པའམ་ཡང་དག་པར་ཁོང་དུ་ཆུད་པ། སུ་པྲ་ཏི་བིདྡྷཿ ལེགས་པར་རྟོགས་པ། ཨ་བྷི་ལཀྵི་ཏཿ མངོན་པར་རིག་པའམ། མངོན་པར་སྣང་བའམ་ངོ་ཤེས་པ། ག་ཏིཾ་ག་ཏཿ རྟོགས་པར་ཁོང་དུ་ཆུད་པའམ་ཁོང་དུ་ཆུད་པ། ཨ་བ་བོདྷཾ། རྟོགས་པའམ་ཁོང་དུ་ཆུད་པ། པྲ་ཏྱཱ་བྷིཛྙཱ། ངོ་ཤེས་པ། མེ་ནི་རེ། ཤེས་པར་གྱུར། ཞེས་སོ། ༈ །རིགས་པ་བཞི་ནི། ཀཱ་ར་ཀཱ་རོ་ནྱཱ་ཡཿ བྱ་བ་བྱེད་པའི་རིགས་པ། པེ་ཀྵིནྱཱ་ཡཿ ལྟོས་པའི་རིགས་པ། དྷརྨ་ཏྭ་ནྱཱ་ཡཿ ཆོས་ཉིད་ཀྱི་རིགས་པ། ཨུ་པ་པཏྟི་ནྱཱ་ཡ། འཐད་པ་སྒྲུབ་པའི་རིགས་པ་དང་བཞིའོ། །


MR26_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཀུན་རྫོབ་ཏུ་རྒྱུ་འབྲས་ངོ་བོ་ཉིད་གསུམ་ཇི་ལྟ་བར་རྟོགས་པ་དང་། དོན་དམ་པར་དེ་གསུམ་རང་བཞིན་མེད་པའི་རྣམ་ཐར་གསུམ་གྱི་བདག་ཉིད་དུ་ཤེས་པའོ། །འཐད་སྒྲུབ་ལ་མངོན་སུམ་རྗེས་དཔག་གཉིས་ཀྱི་མིང་ཚད་མའི་སྐབས་དང་འདྲ། དེ་ལ། པ་ར་མརྠ་པྲ་ཪྻ་ཀྵཾ། དོན་དམ་པ་མངོན་སུམ། སམྟྲིཏི། པྲ ཏྱཀྵཾ། ཀུན་རྫོབ་མངོན་སུམ། རྗེས་དཔགས་ལའང་། སཾ་པྲྀ་ཏེ་ནུ་མ་ནཾ། ཀུན་རྫོབ་པ་རྗེས་སུ་དཔགས་པ། པ་ར་མཱ་ནུ་མ་ནཾ། དོན་དམ་པ་རྗེས་སུ་དཔག་པ་སྟེ་གཉིས། མཐར་བདེན་གཉིས་དབྱེར་མེད་སོ་སོ་རང་རིག་པའི་སྤྱོད་ཡུལ་ཆོས་ཀྱི་དབྱིངས་རྟོགས་པ་ན་མཐར་ཕྱིན་པ་སྟེ། དོན་དམ་མཐར་ཐུག་པ་དེའི་མིང་ལ། པ་ར་མཪྤཾ། དོན་དམ་པ། ཏ་ཏྭཾ། དེ་ཁོ་ན་ཉིད། བྷཱུ་ཏ་ཀོ་ཊིཿ ཡང་དག་པའི་མཐའ། ཏ་ཐ་ཏཱ། དེ་བཞིན་ཉིད། ཨ་བྷྲི་ཏ་ཐ་ཏཱ། མ་ནོར་བ་དེ་བཞིན་ཉིད། ཨ་ན་ནྱ་ཏ་ཐ་ཏཱ། གཞན་མ་ཡིན་པ་དེ་བཞིན་ཉིད། ཤཱུ་ནྱ་ཏཱ།སྟོང་པ་ཉིད། དྷརྨ་དྷཱ་ཏུཿ ཆོས་ཀྱི་དབྱིངས། དྷརྨ་ནི་ཡཱ་མ་ཏཱ། ཆོས་མི་འགྱུར་བ་ཉིད། ཨ་ཙིནྟྱ་དྷཱ་ཏུཿ བསམ་གྱིས་མི་ཁྱབ་པའི་དབྱིངས། ཨ་བི་པཪྻཱ་ས་ཏ་ཐ་ཏཱ། ཕྱིན་ཅི་མ་ལོག་པ་དེ་བཞིན་ཉིད། ཨ་དྭ་ཡཾ། གཉིས་སུ་མེད། ཨ་དྭཽ་དྷཱི་ཀཱ་རཾ། གཉིས་སུ་བྱར་མེད། དྷརྨ་སྡྱི་ཏི་ཏཱཿ ཆོས་གནས་པ་ཉིད། སྡྱི་ཏཻ་བ་དྷརྨྨ་དྷཱ་ཏུ་སྡྱི་ཏི་ཏཱ། ཆོས་ཀྱི་དབྱིངས་ཀྱི་ཚུལ་ནི་གནས་པ་ཉིད་དོ། །ཨེ་ཀཻ་བེ་ཥཱ་ཏ་ཐ་ཏཱ། དེ་བཞིན་ཉིད་འདི་ནི་གཅིག་པ་ཉིད་དོ། །དྷརྨ་དྷཱ་ཏྭ་སམྦྷེ་དཿ ཆོས་ཀྱི་དབྱིངས་འདྲེས་པའམ་དབྱེར་མེད་པ། ཨ་དྭ་ཡ་མེ་ཏྲ་ད་དྭཽ་དྷཱ་ཀཱ་ར་མ་བྷིནྣ་མ་ཙྪིནྣཾ། འདི་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་ཅིང་ཐ་མི་དད་དེ་བཅད་དུ་མེད། ཅེས་སོ། །དེ་ལྟར་ཐུབ་པ་ཆེན་པོས་གསུངས་པའི་ཆོས་ཀྱི་སྒོ་མོ་མཐའ་ཡས་པའི་རྩ་བ་ཆོས་ཀྱི་དབྱིངས་དངོས་སུ་རྟོགས་པ་ལྟ་ཅི་སྨོས་ཀྱི། དོན་སྤྱིའི་ཚུལ་གྱིས་ཁོང་དུ་ཆུད་པ་ལ་ཡང་། གསུང་རབ་ཐམས་ཅད་ཀྱི་དྲང་ངེས་


MR26_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

ལྡེམས་དགོངས་ཚུལ་བཞིན་བྱས་ནས་རྟོན་པ་བཞི་འབྱུང་སྟེ་དེའི་མིང་ནི་འོག་ཏུ་འཆད་པར་འགྱུར་རོ། །ལུང་བསྟན་པ་བཞི་ནི། ཨེ་ཀཱཾ་ཤ་བྱཱ་ཀ་ར་ཎམ྄། མགོ་གཅིག་ཏུ་ལུང་བསྟན་པ། བི་བྷ་ཛྱ་བྱཱ་ཀ་ར་ཎ་མ྄། རྣམ་པར་ཕྱེ་སྟེ་ལུང་བསྟན་པ། པ་རི་པྲྀཙྪ་བྱཱ་ཀ་ར་ཎམ྄།དྲིས་ནས་ལུང་བསྟན་པ། སྡྱཱ་པ་ནཱི་ཡ་བྱཱ་ཀ་ར་ཎཾ། བཞག་པར་ལུང་བསྟན་པ། ཞེས་སོ། །མཚན་ཉིད་གསུམ་གྱི་མིང་། པ་རི་ཀལྤི་ཏ་ལཀྵ་ཎཾ། ཀུན་བཏགས་པའི་མཚན་ཉིད། པ་ར་ཏནྟྲ་ལཀྵ་ཎཾ། གཞན་གྱི་དབང་གི་མཚན་ཉིད། པ་རི་ནིཥྤནྣ་ལཀྵ་ཎཾ། ཡོངས་སུ་གྲུབ་པའི་མཚན་ཉིད་ཅེས་སོ། །དགོངས་པ་ལ་བཞི་སྟེ། ས་མ་ཏཱ་བྷི་པྲཱ་ཡཿ མཉམ་པ་ཉིད་ལ་དགོངས་པ། ཀཱ་ལཱནྟ་རཱ་བྷི་པྲཱ་ཡཿ དུས་གཞན་ལ་དགོངས་པ། ཨརྠཱནྟ་རཱ་བྷི་པྲཱ་ཡཿ དོན་གཞན་ལ་དགོངས་པ། པུངྒ་ལཱནྟ་རཱ་བྷི་པྲཱ་ཡཿ གང་ཟག་གཞན་ལ་དགོངས་པ། ཨ་བྷི་སནྡྷིཿ ལྡེམ་པོར་དགོངས་པ། དེ་ལ་བཞི་ཡོད་དེ། ཨ་བ་ཏཱ་ར་ཎཱ་བྷི་སནྡྷིཿ གཞུག་པ་ལ་ལྡེམ་པོར་དགོངས་པ། ལཀྵ་ཎཱ་བྷི་སནྡྷིཿ མཚན་ཉིད་ལ་ལྡེམ་པོར་དགོངས་པ། པྲ་ཏི་པཀྵཱ་བྷི་སནྡྷིཿ གཉེན་པོ་ལ་ལྡེམ་པོར་དགོངས་པ། པར་ཎཱ་མ་ནཱ་བྷི་སནྡྷིཿ བསྒྱུར་བ་ལ་ལྡེམ་པོར་དགོངས་པའོ། །རྟོན་པ་བཞི་དང་ལྡན་པས་རྒྱལ་བའི་གསུང་རབ་ཀྱི་གནད་མཐར་ཐུག་རྟོགས་པའི་ཚེ། ཨཥྚ་མ་ཧཱ་པྲ་ཏི་བྷཱ་ན་ནི་དྷིཿ སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་བར་འགྱུར་ཏེ། ཏདྱ་ཐཱ། འདི་ལྟ་སྟེ། སྨྲྀ་ཏི་ནི་དྷིཿ དྲན་པའི་གཏེར། དེ་བཞིན་དུ་སྦྱར་ཏེ། མ་ཏི། བློ་གྲོས། བུདྡྷི། རྟོགས་པ། དྷཱ་ར་ཎ། གཟུངས། པྲ་ཏི་བྷཱ་ན། སྤོབས་པ། དྷརྨ། ཆོས། བོ་དྷི་སཏྭ། བྱང་ཆུབ་ཀྱི་སེམས། ས་དྷཱ་ནཾ་ནི་དྷིཿ སྒྲུབ་པའི་གཏེར། ཞེས་སོ། །རྒྱ་ཆེ་རོལ་པ་ལ། གཏེར་ཆེན་པོ་བརྒྱད་ཅེས་གསུངས་ཤིང་སྤོབས་པའི་ཁྱད་པར་མ་སྦྱར་ཡང་། འདི་བརྒྱད་ནང་སེམས་ཀྱི་ཡོན་ཏན་ཡིན་


MR26_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྤོབས་པའི་གཏེར་བརྒྱད་ཡིན་ལ་ཆོས་ཀྱི་སྡོམ་ཆེན་པོའང་ཡིན། གཞན་དུ་ཟབ་གསལ་མྱུར་བ་སོགས་ཀྱི་སྤོབས་པ་བརྒྱད་དང་། རྣམ་གྲངས་བཅུ་གཉིས་ལ་སོགས་པ་དང་། བསོད་ནམས་ཀྱི་གཏེར་སོགས་རྣམ་གྲངས་དུ་མ་མདོ་ལས་གསུངས་སོ། ༈ །ལེགས་པར་རྟོགས་ཤིང་ཁོང་དུ་ཆུད་པ་ལས་མཁས་པའི་མིང་། ཏཿ མཁས་པའམ་མཛངས་པ། བི་ཙཀྵ་ནཿ མཁས་པའམ་རྟོགས་པ། ཏ་ཛཱ་ཏཱི་ཡཾ། མཁས་པའི་རང་བཞིན་ཅན། པྲ་བི་ཎཿ མཁས་པ། ནིཥྞཱ་ཏཿ བྱང་བ། བྱཀྟཿ གསལ་བ། མེ་དྷཱ་བཱི། ཡིད་གཞུངས་པ་སྟེ་མི་བརྗེད་པའི་དྲན་པ་དང་ལྡན་པའོ། །བུདྡྷཿ རྟོགས་པ། བུདྡྷི་མཱན྄། བློ་དང་ལྡན། སཾ་ཁྱཱ་བཱན྄། རྣམ་དཔྱོད་ཅན། ཀོ་བི་དཿ ཅི་ཡང་རིག །བི་ཙཀྵ་ཎཿ རྣམ་གསལ། བོདྡྷཱཿ ཁོང་དུ་ཆུད་པ། པྲཛྙཱ་བཱན྄། ཤེས་རབ་དང་ལྡན་པ། བི་དྭཱན྄། དང་། བི་དན྄། མཁས་པའམ་རིག་པ་ལྡན། མ་ནཱི་ཥཱི། དང་། དྷཱི་མཱན྄། བློ་ལྡན། སཏ྄། དང་། སན྄། གནས་ཅན། ཛྙཱཿ ཤེས་ལྡན། དྷཱི་རཿ བརྟན་པ། ནི་པུ་ཎཿ བརྟགས་པའམ་རྟོགས་པའམ་མཁས་པ། བི་ཛྙཿ མཛངས་པའམ་ཤེས་པ། སུ་དྷཱིཿ བློ་བཟང་། ཨཱ་ཀྲྀཥྚི་མཱན྄། ལྡོང་སྐྱེན་པ། པེ་ཤ་ལཿ གྲིམ་པོ་སྟེ་སྒྲིམ་པོ། ཨུཥྞ། གྲུང་པོའང་།པ་ཊུཿ གྲུང་པོའམ་དེའི་མིང་གཞན་གཡེར་པོ། ཙ་ཏུ་ར་སྲཿ སྒྲིམ་པ། དཀྵཿམྱུར་བའམ་མཁས་པའམ་མིང་གཞན་ཤེས་ཉན་ཅན་ཞེས་སོ། །ཟབ་པའི་མིང་གི་རྣམ་གྲངས་ལ། གམྦྷི་རཿ ཟབ་པ། གམྦྷི་རོ་གམྦྷཱི་རཱ་བ་བྷཱ་སཿ ཟབ་མོ་ཟབ་པར་སྣང་བ། དུརྡྡྲྀཤཿ མཐོང་བར་དཀའ་བ། དུ་ར་བ་བོདྷཿ ཁོང་དུ་ཆུད་པར་དཀའ་བ། དུ་ར་ནུ་བོ་དྷཿ ཁོང་དུ་ཆུད་པར་དཀའ་བ། སཱུཀྵྨ་ནི་བུ་ཎ་ཏ་བི་ཛྙཱ་བེ་ད་ནཱ་ཡཿ ཞིབ་མོར་བརྟགས་པའི་མཁས་པ་དང་མཛངས་པས་རིག་པ། ཨ་ཏརྐྱཿ བརྟག་པར་མི་ནུས་པ། ཨ་ཏརྐཱ་བ་ཙ་རཿ རྟོག་གེའི་སྤྱོད་པ་མ་ཡིན་པ།


MR26_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ནི་དརྴ་ནཿ བསྟན་དུ་མེད་པ། ཨ་བ་གཱ་ཧཿ གཏིང་དཔག་དཀའ་བ། ཤི་བཿ ཞི་བ། ཨ་པྲ་པཉྩཿ སྤྲོས་པ་མེད་པ། ནིཿཔྲ་པཉྩ། སྤྲོས་པ་དང་བྲལ་བ། ཨ་བི་པྲ་པཉྩཿ རྣམ་པར་སྤྲོས་པ་མེད་པ། དུ་བི་གཱ་ཏྱཾ། རྟོགས་པར་དཀའ་བ། ཨ་ཙིནྟྱ། བསམ་གྱིས་མི་ཁྱབ་པ། ཨ་པྲ་མེ་ཡོ། གཞལ་དུ་མེད་པའམ་དཔག་ཏུ་མེད་པ། ས་པྲ་ཏི་ས་མ། མཚུངས་པ་མེད་པ་ཞེས་སོ། །བསྒོམ་པས་ཉམས་སུ་ལེན་པའི་མིང་ལ། ཡོ་གཿ རྣལ་འབྱོར། ཡོ་གཱི། རྣལ་འབྱོར་པ། ཡོ་གཱ་ཙཱ་རཿ རྣལ་འབྱོར་སྤྱོད་པ། ཡོ་ནི་ཤོ་མ་ན་སི་ཀཱ་རཿ ཚུལ་བཞིན་ཡིད་ལ་བྱེད་པ། པྲ་ཏི་སཾ་ལ་ཡ་ནཾ། ནང་དུ་ཡང་དག་འཇོག །བྷཱ་བ་ནཱཿ སྒོམ་པ། ཞེས་སོ། །སེམས་རྩེ་གཅིག་པར་གནས་པའི་ཡོན་ཏན་ནི། དྲྀཥྚ་དྷརྨ་སུ་ཁ་བི་ཧཱ་རཿ མཐོང་བའི་ཆོས་ལ་བདེ་བར་གནས། ཨཱ་སྭཱ་ད་ན་སཾ་པྲ་ཡུཀྟ་དྷྱཱ་ནཾ། མྱོང་བ་དང་བཅས་པའི་བསམ་གཏན། བྷཱ་པ་ནཱ་ར་མ་ཏཱ།སྒོམ་པ་ལ་དགའ་བ། ཨ་བྷི་ཥྱནྡ་ཡ་ཏི། མཉེན་པར་བྱེད། པ་རི་ཥྱནྡ་ཡ་ཏི། ཡོངས་སུ་མཉན་པར་བྱེད། པ་རི་པྲཱི་ཎ་ཡ་ཏི། ཡོངས་སུ་ཚིམ་པར་བྱེད། པ་རི་སྥ་ར་ཏི། ཀུན་ཏུ་རྒྱས་པར་བྱེད། དེ་ཡང་། ཨེ་ཀཱ་ཀི་ནོ་ར་ཧོ་ག་ཏཱ། གཅིག་པུ་དབེན་པའམ་ལྐོག་ཏུ་སོང་སྟེ། ཞེས་དང་། དེས་སེམས་ལས་སུ་མི་རུང་བའི་སྐྱོན། སྡྱཱུ་ལ་བྷིཏྟི་ཀ་ཏཱ། རྩིག་པ་སྟུག་པོ་ལྟ་བུར། ཨོ་དཱ་རི་ཀ་ཏཱ། རགས་པ། དུཿཁ་ལི་ཏཱ། ཐབ་ངན་པ་ལྟར། ཞེས་སོ། །དེ་ལྟ་བུ་རྣམས་སྤང་བར་བྱས་ནས། ཨ་མོ་གྷཱ། དོན་ཡོད་པ། ཨ་བནྡྷཾ། འབྲས་བུ་ཡོད་པ། ས་ཕ་ལཾ། འབྲས་བུ་དང་བཅས་པ། ཨེ་ཀོ་ཏཱི་བྷ་བཿ རྒྱུད་གཅིག་ཏུ་གྱུར་པ་ཞེས་སོ། །ན་བ་པྲ་མོ་དྱ་པཱུརྦ་ཀཱ་དྷརྨཱཿ མཆོག་ཏུ་དགའ་བ་སྔོན་དུ་འགྲོ་བའི་ཆོས་དགུ། དེ་གང་ཞེ་ན། པྲ་མུ་དི་ཏ་སྱ་པྲཱི་ཏི་ཛ་ཡ་ཏེ། རབ་ཏུ་དགའ་བ་ལས་དགའ་བ་སྐྱེའོ། །གྲཱི་ཏི་མ་ན་སཿཀཱ་ཡ་པྲེ་བྷྱ་ཏེ། ཡིད་དགའ་བའི་ལུས་ཤིན་ཏུ་སྦྱངས་བར་གྱུར་ཏོ། །པྲ་སྲབྡྷ་ཀཱ་ལཿ སུ་ཁ་བེ་ད་


MR26_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཏི། ལུས་ཤིན་ཏུ་སྦྱངས་པ་བདེ་བར་མྱོང་བར་བྱེད་དོ། །སུ་ཁི་ཏ་ཙིཏྟཾ་ས་མཱ་དྷཱི་ཡ་ཏེ། བདེ་བར་གྱུར་པའི་སེམས་མཉམ་པར་འཇོག་གོ། ས་མཱ་ཧི་ཏ་ཙིཏྟོ་ཡ་ཐཱ་བྷཱུ་ཏཾ་པྲ་ཛཱ་ནཱ་ཏི་ཡ་ཐཱ་བྷཱུཾ་ཏཾ་པ་ཤྱ་ཏི། སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ངོ་། །ཡ་ཐཱ་བྷཱུ་ཏ་དརྴཱི་ནིརྦི་དྱ་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་སྐྱོ་བར་འགྱུར་རོ། །ནི་བིརྞྞོ་བི་ར་ཛྱ་ཏེ། སྐྱོན་འདོད་ཆགས་དང་བྲལ་བར་འགྱུར་རོ། །བི་རཀྟོ་བི་མུ་ཙྱ་ཏེ། འདོད་ཆགས་དང་བྲལ་ནས་རྣམ་པར་གྲོལ་བར་འགྱུར་རོ། །བི་མུཀྟ་སྱ་བི་མུཀྟོ་྅སྨཱི་ཏི་ཛྙཱ་ན་དརྴ་ནཾ་བྷ་བ་ཏི། རྣམ་པར་གྲོལ་ན་བདག་རྣམ་པར་གྲོལ་ལོ་སྙམ་པའི་ཡེ་ཤེས་མཐོང་བ་འབྱུང་ངོ་། །ཞེས་སོ། །ཥཊ྄་ནིསྶ་ར་ཎཱི་ཡ་དྷཱ་ཏ་པ། འབྱུང་བར་འོས་པའི་ཁམས་དྲུག དེ་གང་ཞེ་ན། བྱཱ་བཱ་ད་སྱཱ་བྱཱ་པཱ་དོ་ནི་སར་ཎཾ་མཻ་ཏྲཱི། གནོད་སེམས་ལས་འབྱིན་པ་ནི་གནོད་སེམས་མེད་པ་སྟེ་བྱམས་པ།བི་ཧིཾ་སཱ་ནིསྶ་ར་ཎཾ་ཀ་རུ་ཎཱ། རྣམ་པར་འཚེ་བ་ལས་འབྱིན་པ་ནི་སྙིང་རྗེ། ཨ་ར་ཏི་ནིསྶ་ར་ཎཾ་མུ་དི་ཏཱ། མི་དགའ་བ་ལས་འབྱིན་པ་ནི་དགའ་བ། ཀཱ་མ་ནིཿས་ར་ཎ་མུ་པེཀྵཱ། འདོད་པ་ལས་འབྱིན་པ་ནི་བཏང་སྙོམས། པི་ཙི་ཀིཏྶ་ནིསྶ་ར་ཎ་མསྟི་མཱ་ན་ས་མུ་ཧགྷཱ་ཏཿ ཐེ་ཚོམ་ལས་འབྱིན་པ་ནི་ངའོ་སྙམ་པའི་ང་རྒྱལ་ཡང་དག་པར་འཇོམས་པ། ནི་མིཏྟ་ནིཿས་ར་ཎ་མ་ནི་མི་ཏྟཾ། མཚན་མ་ལས་འབྱིན་པ་ནི་མཚན་མ་མེད་པ་ཞེས་སོ། །དེ་ལྟར་ལམ་ལ་སློབ་པ་དེས་མི་དགེ་བ་བཅུ་སྤང་ཞིང་། དགེ་བཅུ་ལ་གནས་པར་བྱ་བ་དང་། བུཎྱ་ཀྲྀ་ཡཱ་བསྟུཿ བསོད་ནམས་བྱ་བའི་དངོས་པོ་དེ་ལ། དཱ་ན་མ་ཡཾ་པུཎྱ་ཀྲྀ་ཡཱ་བསྟུཿ སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ། དེ་བཞིན་དུ། མ་ཡཾ་སོགས་གོང་བཞིན་སྦྱར་ནས། ཤཱི་ལ། ཚུལ་ཁྲིམས། བྷཱ་བ་ནཱ། བསྒོམ་པ། ཨཽ་པ་དྷི་ཀཾ རྫས་ཏེ། དེ་དང་དེ་དག་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་ཞེས་སུ་བརྗོད་དེ་བཞིའོ། །ལམ་ལ་སློབ་པ་རྣམས་ཀྱི་


MR26_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་སྡོམ་པས་བསྡམ་དགོས་པས་དེ་ཡི་ཁྱད་པར་གྱི་མིང་གི་རྣམ་གྲངས་ལ། ཨུ་པ་བཱ་ས་མུ་པ་བ་སནྟི། བསྙེན་གནས་ལ་ཉེ་བར་གནས་པ། ཨེ་ཀ་དེ་ཤ་ཀཱ་རཱི། སྣ་གཅིག་སྤྱོད་པ། པྲ་དེ་ཤ་ཀཱ་རཱི། ཉི་ཚེ་སྤྱོད་པ། ཡདྦྷཱུ་ཡ་སྐཱ་རཱི། དེ་བས་མང་དུ་སྤྱོད་པ། ཨ་པ་རི་པཱུརྞྞ་ཀཱ་རཱི། མ་ཆུབ་པར་སྤྱོད་པ། པ་རི་པཱུརྑ་ཀཱ་རཱི། ཆུབ་པར་སྤྱོད་པའམ་ཡོངས་རྫོགས་སྤྱོད་པ། ཨུ་པ་བསྟཾ། བསྙེན་གནས། ཨུ་པ་བས། བསྙུང་གནས། ཨུ་པ་བཱ་སཿ ཟ་གཅིག་གམ་སྨྱུང་བ། པྲ་ཏྱཾ། བརྟུལ་ཞུགས། དེའི་མིང་། ནི་ཡ་མཿ ངེས་པ་ཞེས་དང་། འདུལ་བ་ལས་བྱུང་བའི་མིང་། པྲ་བྲ་ཛི་ཏཿ རབ་ཏུ་བྱུང་བ། ཨུ་པ་ས་མྤནྣཿ བསྙེན་པར་རྫོགས་པ། ཤྲ་མ་ཎཿ དགེ་སྦྱོང་། བྷིཀྵུ། དགེ་སློང་། བྷིཀྵུ་ཎཱི། དགེ་སློང་མ། ཤྲ་མ་ཎེ་རཿ དགེ་ཚུལ། ཤྲ་མ་ཎེ་རི་ཀཱ། དགེ་ཚུལ་མ། ཤིཀྵ་མཱ་ཎཱ། དགེ་སློབ་མ། ཨུ་པཱ་སི་ཀཿ དགེ་བསྙེན། ཨུ་པཱ་སི་ཀཱ། དགེ་བསྙེན་མ། ཞེས་སོ། །གཞན་ཡང་། ཤི་ཀྵཱ་དཏྟ་ཀཿ བསླབ་པ་བྱིན་པ། བོ་ཥ་དྷི་ཀཿ གསོ་སྦྱོང་བ། ཨུ་པཱ་དྷྱཱ་ཡཿ མཁན་པོ། ཨཱ་ཙཱཪྻཿ སློབ་དཔོན། ཀརྨ་ཀཱ་ར་ཀཿ ལས་བྱེད་པ། ར་ཧོ་྅་ནུ་ཤཱ་ས་ཀཿ གསང་སྟེ་སྟོན་པ། ནི་ཤྲ་ཡ་དཱ་བ་ཀཿ གནས་སྦྱིན་པ། པཱ་ཥཱ་ཙཪྻཿ ཀློག་པའི་སློབ་དཔོན།སྠཱ་བི་རཿ གནས་བརྟན། ད་ཧྲཿ གཞོན་རབས། མ་ཧཱལླ་ཀཿ རྒན་ཞུགས། བཻ་ཡཱ་བྲྀ་ཏྱ་ཀ་རཿ དང་། བཱ་རི་ཀཿ ཞལ་ཏ་བ། ན་བ་ཀིརྨི་ཀཿ ལག་གི་བླ། ཤི་ཥྱཿ སློབ་མ། པྲ་ཤི་ཥྱཿ ཡང་སློབ། ཨནྟ་བཱ་སཱི། ཉེ་གནས། སཱརྡྷཾ་བི་ཧཱ་རཱིཿ ལྷན་ཅིག་གནས་པ། མ་དྷྱཿ བ་ར་མ། ན་བ་ཀཿགསར་བུ། བྲྀདྡྷཱནྟཿ རྒན་རིམས། ན་བཱནྟཿ གཞོན་རིམས། ནཻ་བཱ་སི་ཀཿ ག་ཞིག ཨཱ་གནྟུ་ཀཿ གློ་བུར་དུ་འོང་བ། ག་མི་ཀཿ འགྲོ་བར་ཆས་པ། ཨཱ་ག་མི་ཀཿ འོངས་པ། ཀཱ་ལ་པཏྟྲི་ཀཿ ལྷུང་བཟེད་ནག་པོ་ཅན། ཨུ་པ་དྷི་པཱ་རི་ཀཿ དགེ་བསྐོས། སཾ་ཛྙཱ་བྷིཀྵུཿ མིང་གི་དགེ་སློང་། པྲ་ཏི་ཛྙཱ་བྷི་ཀྵུཿ


MR26_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་འཆེ་བའི་དགེ་སློང་། བྷི་ཀྵ་ཏ་ཨི་ཏི་བྷི་ཀྵུཿ སློང་བའི་ཕྱིར་དགེ་སློང་། བྷིནྣ་ཀླེ་ཤ་ཏྭཱ་ཏ་བྷི་ཀྵུཿ ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་། ཛྙཱཔྟི་ཙ་ཏུརྠ་ཀརྨ་ཎོ་པ་སཾ་པནྣོ་བྷི་ཀྵུཿ གསོལ་བ་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའི་ཕྱིར་དགེ་སློང་། ཞེས་སོ། །སྡེ་པ་བཞི་ལས་རྣམ་པ་བཅོ་བརྒྱད་དུ་གྱེས་པའི། ཐམས་ཅད་ཡོད་སྨྲ་བ་སོགས་བྱེ་བྲག་རྟོགས་བྱེད་ལས་ཤེས་པར་བྱའོ། །གཞི་བཅུ་བདུན་ནི། པྲ་བྲ་ཛྱཱ་བསྟུཿ རབ་ཏུ་བྱུང་བའི་གཞི། པོ་ཥ་དྷ་བསྟུཿ གསོ་སྦྱོང་གི་གཞི། བརྵཱ་བསྟུཿ དབྱར་གྱི་གཞི། པྲ་བཱ་ར་ཎ་བསྟུཿ དགག་དབྱེའི་གཞི། ཀ་ཋི་ན་བསྟུཿ སྲ་བརྐྱང་གི་གཞི། ཙཱི་བར་བསྟུ། གོས་ཀྱི་གཞི། ཙརྨ་བསྟུཿ ཀོ་ལྤགས་ཀྱི་གཞི། བྷཻ་ཥ་ཛྱ་བསྟུཿ རྩིའི་གཞིའམ་སྨན་གྱི་གཞི། ཀརྨ་བསྟུཿ ལས་ཀྱི་གཞི། པྲ་ཏེ་ཀྲི་ཡཱ་བ སྟུཿ ཕྱིར་བཅོས་པའི་གཞི། ཀཱ་ལཱ་ཀཱ་ལ་སམྤཱ་ཏ་བསྟུཿ དུས་དང་དུས་མ་ཡིན་པ་དང་སྦྱར་བའི་གཞི་་བྷ་ར་སྠཱ་ཙ་ར་ཎ་བསྟུཿ ས་གཞན་དུ་སྤོ་བའི་སྤྱོད་པའི་གཞི། པ་རི་ཀརྨ་ཎ་བསྟུཿ ཡོངས་སུ་སྦྱངས་བའི་གཞི། ཀརྨ་བྷེ་ད་བསྟུ་ལས་མི་མཐུན་པའི་གཞི། ཙཀྲ་བྷེ་ད་བསྟུཿ འཁོར་ལོ་མི་མཐུན་པའི་གཞི། ཨ་དྷི་ཀ་ར་ཎ་བསྟུཿ རྩོད་པའི་གཞི། ཤ་ཡ་ནཱ་ས་ན་བསྟུཿ མལ་ཆའི་གཞི། ཞེས་སོ། །ལྟུང་བྱེད་སྡེ་ལྔའི་མིང་། ཙ྄ཏྭཱ་རཿཔཱ་རཱ་ཛི་ཀཱ་དྷརྨཱ། ཕས་ཕམ་པར་གྱུར་བའི་ཆོས་བཞི། ཏྲ་ཡོ་ད་ཤ་སཾ་གྷཱ་པ་ཤེ་ཥཱ། དགེ་འདུན་ལྷག་མ་བཅུ་གསུམ། པཱ་པརྟྟི་ཀཱ། ལྟུང་བྱེད། ཙ་ཏྭཱ་རཿབྲ་ཏི་དེ་ཤ་ནཱི་ཡཱཿ བཤགས་པར་བྱ་བ་བཞི། སམྦ་ཧུ་ལཱཿཤཻ་ཥྱ་དྷརྨཱཿ བསླབ་པའི་ཆོས་མང་པོ། ཞེས་དང་། དྭཱ་པ་ནི་ཡཾ་ཏོ། མ་ངེས་པ་གཉིས། ནསྶཻརྒི་ཀ་པཱ་པརྟྟི་ཀཱ། སྤང་བའི་ལྟུང་བྱེད་དེ་ལ་སུམ་ཅུ་ཡོད། ཤུདྡྷ་པྲཱ་ཡཤྩིཏྟ་ཀཿ ལྟུང་བྱེད་འབའ་ཞིག་ཏུ་གྱུར་པ། དེ་ལ་ནང་གསེས་དགུ་བཅུ་ཡོད། པྲ་ཏི་དེ་ཤ་ནཱི་ཡཱ་ནི། སོ་སོར་བཤགས་པ། དེ་ལ་བཞི་ཡོད། བསླབ་པའི་ཆོས་མང་པོའམ། དུཥྚི་ཏཾ་ཉེས་བྱས་བརྒྱ་དང་བཅུ་གཉིས་སུ་གྲགས་པ་རྣམས་སོ། །ལྟུང་བ་སྡེ་ལྔ་འདི་རྣམས་ཀྱི་མིང་རེ་རེ་ནས་རྒྱ་སྐད་དུ་ཤེས་པར་འདོད་པས་བྱེ་བྲག་རྟོགས་བྱེད་ཆེན་མོར་


MR26_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་བར་བྱའོ། །ཏྲི་ཤ་ར་ཎ་ག་མ་ཎཾ། སྐྱབས་གསུམ་དུ་འགྲོ་བ། བུདྡྷཾ་ཤ་ར་ཎཾ་གཙྪཱ་མི་ད྄ཾ་པཱ་དཱ་ནཱ་མཱ་གྲྱམ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །དྷརྨཾ་ཤ་ར་ཎཾ་གཙྪཱ་མི་བི་རཱ་གཱ་ཎ་མ་གྲྱམ། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །སཾ་གྷཾ་ཤ་ར་ཎཾ་གཙྪ་མི་ག་ཎཱ་ནཱ་མ་གྲྱམ྄། ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཁྲིམས་ཡན་ལག་བརྒྱད་པ། པྲཱ་ཎཱ་ཏི་གྷཱ་ཏ་བི་ར་ཏིཿ སྲོག་གཅོད་པ་སྤོང་བ། ཨ་དཱཏྟཱ་དཱ་ན་བིར་ཏིཿ མ་བྱིན་པར་ལེན་པ་སྤོང་བ། ཨ་བྲཧྨ་ཙཪྻ་བི་ར་ཏིཿ མི་ཚངས་པར་སྤྱོད་པ་སྤོང་བ། མྲྀ་ཥཱ་བ་ད་བི་ར་ཏིཿ བརྫུན་དུ་སྨྲ་བ་སྤོང་བ། མ་དྱ་པཱ་ན་བི་ར་ཏིཿ མྱོས་པར་གྱུར་པའི་བཏུང་བ་སྤོང་བ། གནྡྷ་མཱ་ལྱ་བིལ་བ་ན་བརྞྞ་ཀ་དྷཱ་ར་ཎ་བི་ར་ཏིཿ སྤོས་དང་ཁ་དོག་དང་བྱུགས་པ་དང་ཕྲེང་བ་ཐོགས་པ་སྤོང་བ། ཨུཙྪ་ཤ་ཡ་ན་མ་ཧཱ་ཤ་ཡ་ན་བི་ར་ཏིཿ ཁྲི་སྟན་མཐོན་པོ་དང་ཁྲི་སྟན་ཆེན་པོ་སྤོང་བ། བི་ཀཱ་ལ་བྷོ་ཛཱ་ན་བི་ར་ཏིཿ དུས་མ་ཡིན་པའི་ཟས་སྤང་བ་ཞེས་སོ། །ས་མབཱ ན ཧ་ར་ཨཱ་ཙཱཪྻ། སློབ་དཔོན་དགོངས་སུ་གསོལ། ཤྲྀ་ཎོ་ཏུ་བྷ་དནྟུ་སཾགྷཿ དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། ཡཱ་བཛྫི་བམ྄། ཇི་སྲིད་འཚོའི་བར་དུ། ཨུཏྒུམྦ་ཏུ་མཱ་མ྄། བདག་དྲང་དུ་གསོལ། ཨ་ནུ་ཤི་ཀྵེ།རྗེས་སུ་སློབ་བོ། །ཨ་ནུ་བི་དྷཱི་ཡེ། རྗེས་སུ་སྒྲུབ་བོ། །ཨ་ནུ་ཀ་རོ་མི། རྗེས་སུ་བགྱིད་དོ། །ཞེས་སོ། །གཞན་འདུལ་བ་ལས་བྱུང་བའི་མིང་རྣམས་བྱེ་བྲག་རྟོགས་བྱེད་ཀྱི་མཇུག་ཏུ་ཕྱོགས་གཅིག་བཞུགས་པས་ཤིན་ཏུ་གལ་ཆེ་བས་བལྟ་བར་བྱས་ན་ལེགས་སོ། །ཤིཀྵཿ བསླབ་པ། པྲཛྙཱཔྟི། བཅས་པ། ཨ་བྷྱ་ནུ་ཛྙཱ། གནང་བ། པྲ་ཏི་མོ་ཀྵཿ སོ་སོར་ཐར་པ། བྷ་དནྟཿ བཙུན་པ། ཨཱ་ཡུཥྨཱན྄། ཚེ་དང་ལྡན་པ། ཞེས་སོ། །སིཀྵཱ་པ་དམ྄། བསླབ་པའི་གཞི། ཤཱི་ལམ྄། ཚུལ་ཁྲིམས་སམ་ངང་ཚུལ། སམྦ་རཿ སྡོམ་པ། དྷུ་ཏ་གུ་ཎཿ སྦྱངས་པའི་ཡོན་ཏན། སཾ་ལེ་ཁཿ ཡོ་བྱད་བསྙུང་


MR26_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

བ། སཾ་ཡ་མཿ ཡང་དག་པར་སྡོམ་པ། སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱི་མིང་། པཱཾ་སུཌྷུ་ལི་ཀཿ ཕྱག་དར་ཁྲོད་པ། ཏྲཻ་ཙཱི་བ་རི་ཀཿ ཆོས་གོས་གསུམ་པ། ནཱ་མ་ཙི་ཀཿ འཕྱིང་བ་པ། པཻརྞྞ་པཱ་ཏི་ཀཿ བསོད་སྙོམས་པ། ཨེ་ཀཱ་ས་ནི་ཀཿ སྟན་གཅིག་པ། ཁ་ལུ་པཤྩཱརྦྷཀྟི་ཀཿ ཟས་ཕྱིས་མི་ལེན་པ། ཨཱ་ར་རྞྱ་ཀཿ དགོན་པ་པ། པྲྀཀྵ་མཱུ་ལི་ཀཿ ཤིང་དྲུང་པ། ཨ་བྷྱ་བ་ཀཱ་སི་ཀཿ བླ་གབ་མེད་པ། ཤྨཱ་སཱ་ནི་ཀཿ དུར་ཁྲོད་པ། ནཻ་ཥདྡི་ཀཿཙོག་པུ་པ། ཡཱ་ཐཱ་སཾ་སྟ་རི་ཀཿ གཞི་ཇི་བཞིན་པ། ཞེས་སོ། །སཱུ་ཏྲ་དྷ་རཿ མདོ་འཛིན། བི་ན་ཡ་དྷ་རཿ འདུལ་བ་འཛིན། མཱ་ཏྲི་ཀ་དྷ་རཿ མ་མོ་འཛིན། མཱརྒ་ཛི་ནཿ ལམ་རྒྱལ་བ། མཱརྒ་དེ་ཤི་ཀཿ ལམ་སྟོན་པ། མཱརྒ་ཛཱི་བིཿ ལམ་གྱིས་འཚོ་བ། མཱརྒ་དཱུ་ཥཱི། ལམ་སུན་བར་བྱེད་པ། ཨཱཪྱ་སཾ་གྷཿ འཕགས་པའི་དགེ་འདུན། ཨཱཪྱ་ག་ཎཿ འཕགས་པའི་ཚོགས་ཞེས་སོ། །སཾ་ཡ་མཿ ལེགས་པར་སྡོམ་པ། ད་མཿ དུལ་བ། སུ་བི་ནཱི་ཏ། ཤིན་ཏུ་དུལ་བ། ཏ་པ་སྭཱི། དཀའ་ཐུབ་ཅན། པྲ་ཏཱི། བརྟུལ་ཞུགས་ཅན། ཡ་ཏི། སྡོམ་བརྩོན། ཨཙྪི་དྲཾ། སྐྱོན་མེད་པ། ཨ་ཁཎྚཾ། མ་ཉམས་པ། ཨ་ས་བ་ལཾ། འདྲེས་པར་མ་གྱུར་པ། ཨ་ཀལྨཱ་ཥཾ། ཐུན་ཚགས་མ་ཡིན་པ། བྷཱུ་ཛི་ཥྱཾ། རང་དབང་ཅན། ཨ་བ་རཱུ་མྀཥྟཾ། ནོག་ནོག་པོར་མ་གྱུར་པ། སུས་མཱ་པྟཾ། ལེགས་པར་འཛིན་པའམ་ལེགས་པར་ཆུབ་པ། སུ་ས་མཱ་ར བྡྷཾ། ལེགས་པར་བརྩམ་པ། ཨཱཪྱ་ཀཱནྟཾ། འཕགས་པ་བཞེད་པའམ། འཕགས་པ་དགྱེས་པ། ཙཱ་རི་ཏྲ་སམྤནྣཿ ཆོ་ག་ཕུན་སུམ་ཚོགས་པ། བཱ་རི་ཏྲཱ་སཾ་པནྣཿ བཟློག་པ་ཕུན་སུམ་ཚོགས་པ། ཨཱ་ཡ་ཏྱཱཾ་སཾ་བ་ར་མཱ་བདྱ་ཏེ། ཕྱིས་སྡོམ་པ་འཛིན་པ། ས་མཱ་དཱ་ཡ་བརྟྟཾ་ཏེ། ཡང་དག་པར་བཟུང་ནས་གནས་པ། སཱ་དྷུ་ད་མཿ དུལ་བ་ལེགས། སཱ་དྷུ་ཤ་མཿ ཞི་བ་ལེགས། སཱ་དྷུ་སཾ་ཡཱ་མཿ ཡང་དག་པར་སྡོམ་པ་ལེགས། ཞེས་སོ། ༈ །དེ་ལྟར་བསླབ་པ་


MR26_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་གནས་ལ་བརྩོན་པས་འཇུག་དགོས་པས་དེ་ཡི་མིང་གི་རྣམ་གྲངས་ནི། བཱིཪྻྻཾ། བརྩོན་འགྲུས་ཏེ། སྤྲོ་བ་ཕུལ་བྱུང་གི་མིང་། ཨུཏྒྲི་ཙི་ཏ། སྤྲོ་བའམ་བརྩོན་པ། ཨུཏྶཱ་ཧཿ་བའམ་བརྩོན་པ། ཨཱ་རམྦྷཿ རྩོམ་པ། ཨ་ཏནྡྲི་ཏཿ མི་གཡེལ་བའམ་སྙོམས་ལས་མེད་པ། སཾཏྐྲྀཏྱ་ཀཱ་རཱི། གུས་པར་བྱེད་པ། སཱ་ཏནྟྱ་ཀཱ་རཱི། རྒྱུན་དུ་བྱེད་པ། ནི་ཡ་ཀཿ རྟག་འགྲུས་ཆེ། པྲ་ཏི་ཛྙོཏྟ་ར་ཀཿ ཁ་འོག་ཏུ་ལུས་འཁྲུས་པ། ཨཱསྡྱི་ཏི་ཀྲྀ་ཡཱ། ཉམས་སུ་ལེན་པའམ་ཞེན་པར་བྱེད་པ། ཨ་བྷི་ཡོ་གཿ མངོན་པར་བརྩོན་པ། ཨུ་དྱོགཿ བརྩོན་པ། ཡོ་ག་མཱ་པནྟ་བྱཾ།བརྩོན་པར་བྱ་ཞེས་དང་། རྣལ་འབྱོར་དུ་བྱ་ཞེས་སམ་སྦྱོར་བར་བྱ་ཞེས་པ་གང་རུང་སྐབས་སྦྱར་གདག དྷརྨཱ་ནུ་དྷརྨ་པྲ་ཏི་པཏྟིཿ ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་ཀྱི་ནན་ཏན། ཨཱ་དཱི་པྟ་ཤིར་ཤྩེ་ལོ་པ་མཿ མགོ་དང་གོས་ལ་མེ་འབར་བ་ལྟ་བུ། ཨོཏྶུ་ཀྟཾ། སྤྲོ་བའམ་བརྩོན་པ་སྐབས་དང་སྦྱར། པ་རཱ་ཀྲ་མཿ བརྟུལ་བའམ་ཕ་རོལ་གནོན་པའམ་དཔའ་བ། ཨཱ་ཏཱ་ཡཱི། རྟུན་པ། ཨཱ་ཏཔྟ་ཀཱ་རཱི། བརྟུན་ཅིང་བྱེད་པ། ཨུ་དྱ་ཏཿ བརྩོན་པའམ་ཞུགས་པ། ནི་ར་ཏཿ འབད་པའམ་བརྩོན་པ། ཨ་དྷྱ་བ་སཱ་ཡཿ ལྷག་པར་འབད་པ ། ཨིཥྚརྠོ་དྱུཀྟཿ འདོད་དོན་ལ་བརྩོན་པ། ཨུཏྶུ་ཀཿ འབད་པ། ཨསྡྱཱི་ཀྲི་ཏྱཿ རུ་ཤིང་ལྟར་འཛིན་པའམ་ཆེད་ཆེར་འཛིན་པ། པྲ་ཏི་པཏྟི་སཱ་རཿ ནན་ཏན་སྙིང་པོར་བྱེད་པ། ན་བྱཱ་ཧཱ་ར་རུ་ཏ་བཱ་ཀྤ་ར་མཿ བརྗོད་པའི་སྒྲ་དང་སྨྲ་བ་ལྷུར་བྱེད་པ་མ་ཡིན། བྱ་བ་སཱ་ཡཿ འབད་པའམ་རྩོལ་བ། ཨ་བྷྱུཏྶཱ་ཧཿ མངོན་པར་སྤྲོ་བ། སནྣཱ་ཧ་སནྣ་དྷཿ གོ་ཆ་བགོས། དྲྀ་ཌྷ་སཱ་རཾ། སྲ་ཞིང་བརྟན་པ། ཨུཏྟཔྟཿ འབར་བའམ་གསལ་བའམ་སྦྱང་བ་སྐབས་སྦྱར། ཨུདྱ་མཿ ནན་ཏན་ནམ་འབད་པ། ཞེས་སོ། །དེ་ལྟ་བུར་ཡང་དག་པའི་ལམ་ལ་འབད་པར་བྱས་པས་རང་རྒྱུད་ཀྱི་ཡོན་ཏན་འཕེལ་ཞིང་སྐྱོན་གྱི་ཆ་འགྲིབ་པར་འགྱུར་བ་ཡིན་པས། མཁས་པའི་ཡོན་ཏན་གྱི་མིང་གོང་


MR26_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྟན་པ་ལྟར་རོ། ༈ །ཁྱད་པར་རྟོགས་དཀའ་བ་ཟབ་མོའི་དོན་སྨྲ་བ་སོགས་ལ་མི་འཇིགས་པའི་མིང་ནི། ཨ་བྷཱི་རུ་ཏཱ་བི་སཱ་ར་དཿ མི་འཇིགས་པ། ཨཙྪ་བྷཱི། བག་ཚ་བ་མེད་པ། ནིརྦྷ་ཡཿ འཇིགས་པ་མེད་པ། ཨ་བི་ཥཱ་དཿ ཞུམ་པ་མེད་པ། ནོཏྲཱ་ས་ཏི་ན་སནྟྲཱ་ས་ཏིཿ མི་སྐྲག་མི་སྔངས། ན་སནྟྲཱ་ས་མཱ་པདྱ་ཏི། དངངས་བར་མི་འགྱུར། ན་ལཱི་ཡ་ཏེ། མི་ཞུམ། ན་སཾ་ལཱི་ཡ་ཏེ། མི་འགོང་། ན་ཛེ་ཧྲཱི་ཡ་ཏེ། མི་འཛེམ། ནཱརྟི་ཡ་ཏེ། མི་ལྡོག་ཅེས་སོ། །གཞན་ཡང་ཡོན་ཏན་སྣ་ཚོགས་ཀྱི་མིང་། དྷརྨཱརྠིཀཿ ཆོས་དོན་དུ་གཉེར་བའམ་འདོད་པ། བོ་དྷི་ཙིཏྟཱ་སམྤྲ་མོ་ཥཿ བྱང་ཆུབ་ཀྱི་སེམས་མི་བརྗེད་པ་ཉེས་པའི་ཕྱོགས་ལ། ཨ་ནི་ཤྲི་ཏཿ མི་གནས་པའམ་མི་བརྟན་པ། ཨུ་དཱ་རཱ་དྷི་མུཀྟི་ཀཿ རྒྱ་ཆེན་པོ་ལ་མོས་པ། ཨཱ་ཙཱ་ཤཱི་ལཿ ཆོ་གའི་ངང་ཚུལ་ཅན། ཨཱ་ཙཱ་རསྡྱཿ ཆོ་ག་ལ་གནས་པ། ཀྲྀ་ཏ་བེ་དཱི། བྱས་པ་ཚོར་བའམ་བྱས་པ་ཤེས་པ། ཀྲྀ་ཏ་ཛྙཱཿ བྱས་པ་གཟོ་བ། ཨཱ་ཛྙཱ་ཀ་རཿ བཀའ་བཞིན་བྱེད་པ། སུ་ཁ་སཾ་བཱ་ས། འགྲོགས་ན་བདེ་བ། སཱུ་ར་ཏཿ དེས་པ། སཽར་ཏྱམ྄། ངེས་པ། བཻ་ས་ལཿ ངེས་པའམ་གྱ་ནོམས་པ། རྀ་ཛུ་ཙིཏྟཿ སེམས་དྲང་པོ། ཨཱརྫ་བཿ གནམ་སོ་སྟེ་དྲང་བའི་དོན། གནམ་སོ་ཞེས་པ་ཁ་ཅིག་ཏུ་བཞད་གད་ཀྱི་མིང་དུ་བཤད་པ་འདི་གཉིས་ལ་ཚིག་རིས་མི་འདྲ་བའི་ཁྱད་ཞིག་ཕྱེ་དགོས་འདྲ་སྙམ། དཀྵི་ཎཿ གཡོ་མེད་པ། ས་ར་ལཿ དྲང་པོ། ཨུ་དཱ་རཿ སྒྱུ་མེད་པ། མཱརྡ་བཿ མཉེན་པ། པྲ་དཀྵི་ཎ་གྲཱ་ཧཱི། མཐུན་པར་འཛིན་པ། སུབ་ཙྩ། བཀའ་བློ་བདེ་བ་སྟེ་དེའི་དོན་ནི་སྔ་མ་དང་འདྲ། པྲ་ཏིཙྪ་ད་ཀ་ལྱཱ་ཎཿ དགེ་བ་མི་ཆོམས་པ། ཨལྤ་ཀ་ར་ཎཱི་ཡཿ བྱེད་པ་ཉུང་བ། ཨལྤ་ཀྲྀ་ཏྱ། བྱ་བ་ཉུང་བ། ཨལྤེ་ཙྪཿ འདོད་པ་ཆུང་བ། ཨཱཪྱ་བཾ་ཤ་སནྟུཥྚཿ འཕགས་པའི་རིགས་ཀྱིས་ཆོག་ཤེས་པ་ཞེས་འཕགས་པའི་རིགས་ཀྱིས་དབང་གིས་ཞེས་སོ། །དྷརྨ་ལཱ་བྷ་སནྟུཥྚཿ ཆོས་ཀྱི་རྙེད་པས་ཆོག་པར་འཛིན་པ་


MR26_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས། ཆོས་མཐུན་གྱི་རྙེད་པས་ཆོག་འཛིན་ནོ། །ཙཱི་བ་ར་སནྟུཥྚཿ གོས་ཀྱིས་ཆོག་པར་འཛིན་པ། པིཎྚ་པཱ་ཏྲ་སནྟུཥྚ། བསོད་སྙོམས་ཀྱིས་ཆོག་ཤེས་པ། ཤ་ཡ་ནཱ་ས་ན་སནྟུཥྚཿ མལ་སྟན་གྱིས་ཆོག་ཤེས་པ། སུ་པོ་ཥ་ཏཱཿ གསོ་སླ་བ། སུ་བྷ་ར་ཏཱ། དགང་སླ་བ། ནནྡ་བྷཱ་ཥྱོ་བྷ་བ་ཏི། ཉུང་ངུ་སྨྲ་བ་ཡིན། ན་ཙ་བ་རེ་ཥཱྀ་དོ་ཥཱནྟ་རསྑ་ལི་ཏག་བེ་ཥཱི། གཞན་དག་ཉེས་པའི་སྐབས་དང་འཁྲུལ་བ་མི་ཚོལ། ཀ་ལྱཱ་ཎ་མེ་ཏྲེ་ཎ་པ་རི་གྲྀ་ཧཱ་ཏཿ དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པ། བ་ཧུ་ཤྲུ་ཏཿ མང་དུ་ཐོས་ལ། བི་པིཤྩི་ཏ། ལེགས་བསགས། ཨིཾ་གི་ཏྲ་ཛྙཿ ཟུར་ཙམ་གྱིས་གོ་བ། སུ་པྲ་བུདྡྷཿ ལེགས་པར་སད་པའམ་ལེགས་པར་ཁོང་དུ་ཆུད་པ། ཨུཏྦྷ་ཊྚི་ཏ་ཛྙཿ མགོ་སྨྲོས་པས་གོ་བ། བི་པཉྩི་ཏ་ཛྙཿ རྣམ་པར་སྤྲོད་པས་གོ་བའམ་ཞིབ་ཏུ་བཤད་ན་གོ་བ། སུ་ཤྲུ་ཏཿ ལེགས་པར་མཉན་པ། དེ་ཤ་ཛྙཿ ཡུལ་ཤེས་པ། ལོ་ཀ་ཛྙཿ འཇིག་རྟེན་ཤེས་པ། ཨཱཏྨ་ཛྙཿ བདག་ཤེས་པ། ཀཱ་ལ་ཛྙཿ དུས་ཤེས་པ། བེ་ལ་ཛྙཿ ཚོད་ཤེས་པ། དོ་ཥ་ཛྙཿ ཉེས་པ་ཤེས་པ། ངཱུ་ར་དརྴཱི། རིང་པོ་མཐོང་བ། དིརྒྷ་དརྴཱི། རིང་པོ་ཤེས་པ། སཱུ་རཱི། དག་བྱེད། ས་མ་ཡ་ཛྙཿ དུས་ཤེས་པ། མཱ་ཏྲ་ཛྙཱཿ དྲོད་ཤེས་པའམ་ཚོད་ཤེས་པ། ཨཱ་རཱ་ག་ཡ་ཏི། མཉེས་པར་བྱེད། ན་བི་རཱ་ག་ཡ་ཏི། ཐུགས་དབྱུང་བར་མི་བྱེད་དམ་སེམས་སུན་པར་མི་བྱེད་ཅེས་ཀྱང་འདྲའོ། །ཨ་པར་པྲཏྱ་ཡཿ གཞན་གྱི་དྲིང་མི་འཇོག་པ། ཨ་པ་རཱ་དྷཱི་ནཿ གཞན་ལ་རགས་མ་ལས་པ། ཨ་པར་པྲ་ཎེ་ཡཿ གཞན་གྱི་དྲིང་ལ་མི་འཇོག་པ། ཨ་ན་ནྱ་ནེ་ཡཿ གཞན་གྱིས་མི་དཀྲི་བའམ་གཞན་གྱིས་ཁ་དྲང་དུ་མི་རུང་བ། སམྤྲ་ཏི་པཏྟིཿ ཡང་དག་པར་རྟོགས་པ། ཨུཏྶཱ་ཧཿ སྤྲོ་བ། པྲ་ཤ་ཋ་ཏཱ། རྣལ་དུ་བབ་པའམ་རྣལ་དུ་འདུག་པ། ཀརྨ་ཎྱ་ཏཱ། ལས་སུ་རུང་བ། ཤྲེ་ཡཿ ལེགས་པའམ་དགེ་བའམ་ཆེ་བ། བ་ཧུནྟ་ར་བི་ཤཥྚཿ ཁྱད་ཆེས་འཕགས་པ། བི་ཀྲ་མིུ། རྩལ་ཆེན་པོ། བཱི་རཿ དཔའ་བའམ་


MR26_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རྟུལ་ཕོད་པ། ཤཱུ་རཿ དཔའ་བོ། བི་ཧཱ་ཡ་ས་གཱ་མཱི། ནམ་མཁའ་ལ་འགྲོ་བ་ཞེས། ཕལ་སྐད་དུ་ཡོན་ཏན་དང་གོ་ས་མཐོར་ལ་གནམ་སྔོན་པོའི་འགོ་ན་འགྲོ་ཟེར་བ་དང་འདྲའོ། །པྲཱ་སཱ་དི་ཀཿ ཚུལ་དུ་ཤིས་པའམ་མཛེས་པ། ཨ་པ་ག་ཏ་བྷྲྀ་ཀུ་ཊི་ཀཿ ཁྲོ་གཉེར་མེད་པ། ཞེས་གཞན་ལ་ཁྲོས་ནས་ངོ་གནག་ཅིང་ཁྲོ་གཉེར་མི་བྱེད་པའི་དོན་ཏོ། །ཨཙྪི་དྲོ་པ་ཙཱ་རཿ ཉེ་བར་སྤྱོད་པ་ལ་སྐྱོན་མེད་པ། ཨ་མཱ་ཡ་བཱི། སྒྱུ་མེད་པ། ཡ་ཐཱ་བཱ་དཱི་ཏ་ཐཱ་ཀཱ་རཱི། ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ། དྲྀ་ཌྷ་ས་མཱ་དཱ་ནཿ ཡི་དམ་ལ་བརྟན་པ། བྷ་ཡ་དརྴཱི། འཇིགས་པར་ལྟ་བ་ཞེས་ཁ་ན་མ་ཐོ་བ་ཆུང་ངུ་ལའང་འཛེམ་ཞིང་འཇིགས་པར་ལྟ་བའོ། །ལཛྫཱ། འཛེམ་པའམ་ངོ་ཚ་བ། བ་ཙ་སཱ་པ་རི་ཛི་ཏཿ ཁ་ཏོན་བྱུང་བ། སུ་པ་རི་ཛི་ཏཿ ལེགས་པར་བྱང་བ། ཀྲྀ་ཏཱི། གོམས་པ་ཅན། སུ་ས་མཱཔྟཿ ཤིན་ཏུ་རྫོགས་པར་བྱས་པ། ཨཱ་བྷོ་གཿ སྒྲིན་པའམ་འཇུག་པའམ་གཟོ་བ་ལའང་འཇུག ཨ་བྷི་ལཱ་ཥཿ འདོད་པ། སཾ་སྟུ་ཏཾ། འདྲིས་པ། ཨ་སཾ་པྲ་མོ་ཥཿ མི་བརྗེད་པ། བི་ཧི་ཏཾ། བྱས་པའམ་བསྐྱེད་པ། ཨ་བྷི་ས་མྤྲ་ཏྱ་ཡཾ། མངོན་པར་ཡིད་ཆེས་པ། སུ་ས་མཱ་ར་བྡྷཿ ལེགས་པར་བརྩམ་པ། མ་ན་སཱ྅ནྲཱི་ཀྵིཏཿ ཡིད་ཀྱིས་བརྟག་པ། ད྄ཥྚྱཱ་སུ་པྲ་ཏི་བདྡྷིཿ མཐོང་བས་ཤིན་ཏུ་རྟོགས་པ། བཱི་ཏ་ཏྲྀཥྞམྦྷ་བཱ་བྷ་བེ། འབྱུང་བ་དང་འཇིག་པ་ལ་སྲེད་པ་དང་བྲལ་བ། ཡཱ་ནཱི་ཀྲྀ་ཏཿ ལམ་དུ་བྱས་པའམ་བགྲོད་པར་བྱས་པ། བསྟུ་ཀྲྀ་ཏཿ དངོས་པོར་བྱས་པའམ་རྟེན་དུ་བྱས་པ། ཨ་ནུཥྛི་ཏཿ ནན་ཏན་དུ་བྱས་པ། ས་མ་བ་ཧནྟི། ཡང་དག་པར་འཇོམ་པའམ་སེལ་བ་ཞེས་སྤང་བྱ་སེལ་བའི་མིང་ངོ་། །ཨཱ་དྷུ་ནཱ་ཏིཿ སྤྲུག་པ་ཞེས་དྲི་མ་རྣམས་རྡུལ་སྤྲུགས་པ་ལྟ་བུའོ། །སརྦ་ཀཥ་ཥྚཾ་ཤཱ་ཌ་ཡ་ཏི། སྙིགས་མ་ཐམས་ཅད་སེལ་བ། ཤུ་ཤཱུ་ཥ་མཱ་ཎཿ ཉན་འདོད་པའམ་གུས་པ། ཨ་ནུ་བིདྷཱི་ཡ་མཱ་ནཿ བསྒོ་བ་བཞིན་ཉན་པའམ་རྗེས་སུ་འཇུག་པའམ་མ་རངས་པ་མེད་པའམ་མི་བཟོད་པ་མེད་པ། ཨ་ནུ་སཱུ་ཡཱ། འང་དེ་དང་འདྲའོ། །


MR26_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་ཏིཀྵཱ། བསྲན་ཐུབ་པ། ཀྵ་མཿ སྲན་ནུས་པ། ཀྵཱནྟི། བཟོད་པ། ཨ་ནུ་པཱ་ལཾ་བྷ་བྲེ་ཀྵིཎཿ ཀླན་ཀ་མི་ཚོལ་བ། ཨ་བ་ཧི་ཏ་སྲོ་ཏྲཿ རྣ་བླགས་པ་ཞེས་རྣ་བ་གཏད་དེ་ཉན་པའི་དོན་ཏོ། །ཨཱ་བ་ཛི་ཏ་མཱ་ན་སཿ སེམས་བཏུད་པའམ་སེམས་བསྡུས་པ་ཞེས་ཆོས་ཉན་པའི་དོན་ལ་ཡིད་གཏད་པའོ། །དྷརྨོ་དྷརྨ་ལབྡྷཿ ཆོས་དང་ལྡན་ཞིང་ཆོས་ཀྱིས་ཐོབ་པ། ནི་ཀཱ་མ་ལཱ་བྷི། ཅི་འདོད་པ་བཞིན་ཐོབ་པ། ཨཀྲྀཙྪ་ལཱ་བྷཱིཿ དཀའ་བ་མེད་པར་ཐོབ་པ། ཨ་ཀི་སར་ལཱ་བྷཱི། ཚེགས་མེད་པར་ཐོབ་པའམ་ངན་ངོན་མ་ཡིན་པར་ཐོབ་པ། ཨཱ་བེ་ཏྱ་པྲ་སཱ་དཿ ཤེས་ནས་དད་པ། ཨ་བྷེ་དྱ་པྲ་སཱ་དཿ དད་པ་མི་ཕྱེད་པ། ཀུ་ལ་ཛྱེཥྠོ་བ་ཙཱ་ཡ་ཀཿ རིགས་ཀྱི་ནང་ནས་རྒན་རབས་ལ་རི་མོར་བྱེད་པ། ཤཱསྟུཿཤཱ་ས་ན་ཀ་རཿ སྟོན་པའི་བསྟན་པ་སྤྱོད་པ། ཨ་ནི་རཱ་ཀྲྀ་ཏོ་དྷྱཱ་ཡཱི། མི་གཏོང་བར་བསྒོམ་པ། པྲྀ་ཧཾ་ཡི་ཏཱ་ཤཱུ་ནྱཱ་བྷཱ་ར་ཎཱཾ། ཁྱིམ་སྟོང་པ་རྒྱས་པར་བྱེད་པ་ཞེས་སྔོན་མེད་པའི་ཡོན་ཏན་གྱིས་དེའི་རིང་ལ་ཡར་འཕེལ་གྱུར་པ། སྭ་ཀཱརྠ་ཡོ་ག་མ་ནུ་ཡུཀྟཿ རང་གི་དོན་སྦྱོར་བ་ལ་རྗེས་སུ་བརྩོན་པ། ཨ་མོ་གྷ་རཱཥྚ་བིཎྚཾ་པ་རི་བྷུ་གྷཾ། ཡུལ་འཁོར་གྱི་བསོད་སྙོམས་དོན་ཡོད་པའམ་འབྲས་བུ་ཡོད་པར་ཟ་བ། ཨུ་པ་རོ་དྷ་ཤཱི་ལཿ ངོ་མི་ཆོད་པའམ་ངོ་མི་བཟློག་པ། ཞེས་སོ། །དེ་ལ་སོགས་པ་ཡོན་ཏན་རྣམ་པ་མང་པོ་ཐོབ་པ་ལ་ཐམས་ཅད་ཀྱིས་བསྔགས་པའི་གནས་སུ་བྱེད་པར་འགྱུར་རོ། ༈ །བསྟོད་པ་དང་གྲགས་པའི་རྣམ་གྲངས་ལ། ཀཱིརྟྟིཿ གྲགས་པའམ་བརྗོད་པ། པྲ་ཤཾ་སཱ། རབ་ཏུ་བསྔགས་པ། བི་གྷུཥྚཿ དང་། བི་ཁྱཱ་ཏཿ རྣམ་པར་གྲགས་པ། ཡ་ཤཿ སྙན་པའམ་གྲགས་པ། ཁྱཱ་ཏཿ དང་། བིཏྟཿ གྲགས་པ། སྟུ་ཏི། དང་། སྟ་བཿ བསྟོད་པ། སྟོ་ཥི་ཏཾ། བཀུར་བ་དང་མ་འདོམ་ན་བསྟོད་པ། སྟོཏྲཾ། བསྟོད་པའམ་བསྐུར་ཚིག །ཤ་སྟཾ། བསྟོད་འོས། པྲ་ཤཾ་སི་ཏཿ རབ་ཏུ་བསྟོད་པ། ནུ་ཏིཿ དང་། བིཪྞ་ཏཿ བསྔགས་པ། ཤབྡཿ སྒྲ། ཤྩོ་ཀཿ ཚིགས་


MR26_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བཅད་པ། ཞེས་བསྔགས་པའི་སྒྲ་དང་ཚིགས་སུ་བཅད་པའི་ཆ་ནས་གོ་བར་བྱའོ། །བརྞྞཿ བསྔགས་པའམ་སྙན་པར་བརྗོད་པ། པནྣི་ཏཿ བསྔགས་པ། ཨ་བྷི་ནནྡི་ཏ་ཡ་ཤཿ མངོན་པར་བསྟོད་པའི་གྲགས་པ། བྷཱུ་ཏ་བརྞྞ་ནིཤྩཱ་ར་ཡ་ཏི། ཡང་དག་པའི་བསྔགས་པ་བརྗོད་པ། ཡོན་ཏན་གྱི་གྲགས་པའི་མིང་། ཀྲྀ་ཏ་ལཀྵ་ཎཿ མིང་བྱང་བ་སྟེ་ལཀྵ་ཎ་མིང་ལའང་འཇུག །ཨཱ་ཧ་ཏ་ལཀྵ་ཎཿ མིང་སྤེལ་བའམ་མིང་བསྒྱུར་བར་འཇུག་སྟེ་འདིའི་དོན་གཞན་ཐམས་ཅད་ཀྱིས་དེའི་མིང་ངམ་མཚན་ཉིད་ཡང་ཡང་ཤེས་ཤིང་གླེང་བའི་དོན་ཏོ། །པྲ་སིདྡྷིཿ རབ་ཏུ་གྲུབ་པའམ་གྲགས་པ། པྲ་ཐི་ཏཿ གསལ་བར་གྲགས་པ། བི་ཤྲཱ་བཿ རྣམ་པར་གྲགས་པ། པྲ་བི་ཁྱཱ་ཏིཿ རབ་ཏུ་གྲགས་པ། འདི་གཉིས་གྲགས་པ་ཕུལ་བྱུང་ལའང་བཤད། པྲ་ཐཱ། གསལ་བ། ས་མཱ་ཛྙཱ། ཀུན་གྱིས་ཤེས་པ། ས་མ་ཛྱཱ། ཀུན་གྲགས། བི་ཛྙཱ་ཏཿ རྣམ་པར་ཤེས། བི་ཤྲུ་ཏཿ རྣམ་པར་ཐོས། པྲ་ཐི་ཏཿ རབ་གྲགས། པྲ་ཏཱི་ཏཿ རབ་ཤེས་སམ་ཀུན་ལ་གྲགས་པའམ། པྲ་སིདྡྷ་དང་མ་འདོམས་ན་གྲགས་པར་གདགས། ཤཾ་སཱཿ ཕན་ཡོན་ཞེས་སོ། ༈ །ལམ་ལ་བསླབ་པས་འཇིག་རྟེན་ན་སྐྱོན་དུ་བགྲང་བ་རྣམས་སྤང་བར་འགྱུར་ཏེ། སྤང་བྱ་སྐྱོན་གྱི་མིང་། ཨ་བཀྵཱ་ལཿ སྐྱོན། ཨཱ་གསྲ། ཉེས་པ། ཨ་པ་རཱ་དྷ། ནོངས་པ། མནྟུཿ སྐྱོན་ཅན་ཏེ་དེ་ལ་སོགས་པས་བརྗོད་པའོ། །ཉེས་པའི་བྱེ་བྲག་ཚད་མེད་ཀྱང་སྐབས་འདིར་གཙོ་བོར་ཡིད་ཀྱི་སྐྱོན་ཅི་རིགས་ཀྱི་མིང་སྨྲོས་པ་ལ། རྨོངས་པའི་མིང་། ཨ་ཛྙཱ་ནཾ། མི་ཤེས་པ། ཨ་བིདྱཱ། མ་རིག་པ། མོ་ཧ། རྨོངས་པ། ཛ་ཌཿ དང་། མཱུ་ཌྷ། གླེན་པའམ་རྨོངས་པ། ཨ་ཧམྨ་ཏིཿ ངར་འཛིན། བྷྲ་མཿ ནོར་བ། བྷྲནྟིཿ འཁྲུང་པ། མི་ཐྱ་མ་ཏིཿ ལོག་ཤེས། མཱུརྑཿ བླུན་པོ། ཨཛྙཿ ཤེས་མེད། མཱུ་ཌྷཿ རྨོངས་པ། བཻ་དྷེ་ཡཿ མི་རིགས་པ། བཱ་ལི་ཤཿ མི་མཚོན་པ། ཡ་ཐཱ་ཛཱ་ཏཿ ཇི་ལྟར་མ་སྐྱེས་པའམ་འཐམ་པ། ཕལ་བི་པཱ་ཀ་སམྨོ་ཧཿ


MR26_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་རྣམ་པར་སྨིན་པ་ལ་རྨོངས་པ། ཏ་ཏྭཱརྠ་སམྨོ་ཧཿ དེ་ཁོ་ནའི་དོན་ལ་རྨོངས་པ་སོགས་དང་། ཆགས་པ་དང་། ཞེན་པའི་མིང་ལ། རཀྟཿ ཆགས་པ། སཀྟཿ ཞེན་པ། གྲྀདྡྷཿ འཆུམས་པའམ་མ ཁྲོན་པ། གྲཾ་ཐི་ཏཾ། མདུད་པ་བོར་བའམ་བྱས་པ། མཱུརྩྞི་ཏཾ། བརྒྱལ་བ་སྟེ་ནད་སོགས་ཀྱིས་བརྒྱལ་བ་ལ་མི་གོ་བར་ཆགས་ཞེན་གྱིས་སེམས་འཐུམ་པར་བྱས་པ་ལ་གོ་དགོས་པ་འདི་འདྲ་སྐབས་ཀུན་ཏུ་གལ་ཆེ། ཨ་དྷྱ་བ་སི་ཏཿ ལྷག་པར་ཆགས་པ། ཨ་དྷྱ་བ་སཱ་ན་མཱ་པནྣཿ ལྷག་པར་ཆགས་པར་གྱུར་པ། ཨ་བྱ་བ་སཱ་ནཾ། ལྷག་པར་ཞེན་པ། བི་ནི་བནྡྷཾ། རྣམ་པར་བཅིངས་པ། པ་རི་གྲེ་དྷཿ ཡོངས་སུ་ཞེན་པ། སཾ་རཱ་གཿ ཀུན་ཏུ་འདོད་ཆགས། ལོ་ལུ་པཿ བསྐམ་པའམ་རྔེ་ཆེན། གྷསྨ་རཿ ལྟོ་ཆེ་བའམ་ཟ་ཕོད་པ། ལམྤཊཿ ཟས་དད་ཆེ་བའམ་ལྟོ་ཆེ་སྟེ། ཕོ་བའི་དབྱིབས་ཆེ་བ་ལ་མི་གོ་བར་ཟས་མང་དུ་ཟ་བས་གསུས་པོ་ཆེ་ཟེར་བ་ལྟ་བུ་ཟས་ལ་ཆགས་པའི་མིང་། རང་གཞན་གྱིས་སྤྱད་པ་དང་ཆོས་ཕྱིར་གཏོང་མི་ནུས་པར་བུ་དང་ཆུང་མ་སོགས་བཙིར་ནས་ནོར་གསོག་པ་ལ། ཀ་དཏྻྻཿ ནོར་བདག་ངན་པ། ཀྲི་པཎཿ འཆུམ་པ། ཀྵུ་དྲཿ སེར་སྣ་ཅན། ཀིམྦ་ཙཱནཿ ཅི་འཚེད་དམ་འཇུངས་པ། མི་ཏམྦ་ཙཿ ཅུང་ཟད་འཚེད་པ་ཞེས་སོ། །ལུབྡྷཿ བསྐམ་ཆགས། སཾ་རཀྟཿ ཀུན་ཏུ་ཆགས། རཉྫ་ནཱི་ཡཿ ཆགས་པར་འགྱུར་བ། བྷཱུ་ཡསྐཱ་མ་ཏཱ། ཡང་འདོད་པའམ་མང་དུ་འདོད་པའམ་ཕྱིར་ཞིང་འདོད་པ། ཡཱ་དྲྀ་ཙྪི་ཀཿ འདོད་རྒྱལ་ཞེས་ཅི་འདོད་འདོད་བྱུང་རྒྱལ་བྱེད་པའི་མིང་། ཨི་ཙྪནྟི་ཀཿ འདོད་ཆེན། བྷཱུ་ཡ་ཙྪནྡེ་ཀཿ ཕྱིར་ཞིང་སྲེད་པའམ་ཕྱིར་ཞིང་འདུན་པ། བྷཱུ་ཡོ་རུ་ཙི་ཏཱ། ཕྱིར་ཞིང་དད་ཆེ་བ། བྷཱུ་ཡོ྅་བྷི་པྲཱ་ཡཿ ཕྱིར་ཞིང་སེམས་པའམ་མང་དུ་སེམས་པ། སྭཱ་དུ་ཀཱ་མ་ཏཱ། མྱང་བར་འདོད་པའམ་ཞིམ་པོར་འདོད་པ། བི་ཙི་ཏཱ་ཧཱ་ར་ཏཱ། ཟས་འདམ་པ། ནེ་ཏ་རེ་ཏ་རེ་ཎ་སནྟུཥྚིཿ ངན་ངོན་གྱིས་ཆོག་མི་ཤེས་པ། ནནྡཱི་རཱ་གཿ དགའ་བའི་འདོད་


MR26_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས། ཀཱ་མཙྪནྡཿ འདོད་པ་ལ་འདུན་པ། ཨ་བྷི་ནེ་བེ་ཤཿ མངོན་པར་ཞེན་པ། ཨཱསྡྱཱ། ཆགས་པའམ་ཞེན་པ། ཏྲྀཥྞ་ཛ྄། དང་། ཏྲྀཥྞ་ཀཿ སྲེད་པ། སྤྲྀཧཱ། འདོད་པའམ། རེ་བའམ། དགའ་བའམ་བསྐམ་པའང་ངོ་། །རོ་ཙནཿ འདོད་པའམ་སྲེད་པ། ཏྲཱི་བྲེ་ཎེཙྪནྡེ་ན། འདུན་པ་དྲག་པོས། ཨཱ་ཧཱ་རེ་གྲྀདྡྷིརྦྷ་བ་ཏིཿ ཁ་ཟས་ལ་བསྐམ་པར་གྱུར། ཨ་བྷྱཱ་གཱ་རི་ཀཿ ཁྱིམ་ལ་ལྷག་པར་འཁྲེན་པ། ཨུ་པཱ་དྷིཿ ཉེ་བར་འཛིན་པ། ཀུ་ཊུམྦ་བྱཱ་པྲྀ་ཏཿ བྲན་བཟའ་ལ་ཞེན་པ། གཱརྡྷམ྄། ཞེན་པ། དོ་ཧ་དཾ། འཇི་བ། ཨིཙྪཱ། འདོད་པ། ཀཱཾ་ཀྵཱ། མངོན་འདོད། ཨཱི་ཧཱ། ར་བ། ཏྲྀཥ྄། དང་། ཏྲྀཊ྄། སྲེད་པ། བཱཉྩཱ། འདོད་པ། ལིམྶ། ཆགས་པ། མ་ནོར་ཐཿ ཡིད་ཀྱི་ཤིང་རྟ་སྟེ་དེ་ཡང་ཆགས་པའི་སྐབས་སུ་ཡིད་དྲངས་པ་ལ་གོ་བར་བྱ་བ་ལྟ་བུ་སོགས་ཤེས་པར་བྱ། ཀཱ་མ། འདོད་པའམ་ཆགས་པ། ཨ་བྷི་ལཱ་ཥཿ མངོན་ཞེན། ཏརྵཿ ཞེན་པའོ། །ཧ་ཅང་ཆགས་པའི་མིང་ལ། ལཱ་ལ་སཱ། འདོད་ཆེན། ལོ་ལུ་བྷཿ ཤིན་ཏུ་སྲེད་པ། ཞེས་སོ། །ཡུལ་དེ་ལ་ཆགས་ནས། ཙིནྟཱ། སེམས་པ་དང་། སྨྲྀ་ཏིཿ དྲན་པའང་ཆགས་པའི་རྣམ་གྲངས་སུ་འགྱུར་བ་ཡོད་ལ་དེའི་དབང་གིས། ཨཱ་དྷིཿ སེམས་ནད་དེ་ཡིད་ཀྱི་ཟུག་རྔུ། ཡུལ་གང་ཡང་ནན་ཏན་དུ་སེམས་ལ་བརྣག་པ་ལ། བི་པྲ་ཏི་སཱ་རཿ ཡིད་ལ་བཅགས་པ། ཨུཏྐཎྛཱ། ཡིད་ལ་གཅག་པ། ཨུཏྐ་ལི་ཀཱ། ཤིན་ཏུ་སེམས་པ། ཨཱ་སཀྟཿ ཀུན་ཏུ་ཞེན་པ། པྲ་སི་ཏཿ རབ་ཏུ་བཅིངས་པ། ཏཏྤ་རཿ ཕ་རོལ་འཐས་པ། ཨུཏྐཿ སེམས་ཤོར་བ། ཨུབྡ་ནས྄། སམ་ནཱཿ ཡིད་འཕྲེང་བ། ཞེས་སོ། །ཁྲོ་གཏུམ་གྱི་མིང་ལ། ཀོ་བཿ ཁྲོ་བ། ཀྲོ་དྷཿ ཁྲོ་བའམ་འཁྲུགས་པ། རོ་ཥཿ ཁྲོས་པ། ཏུ་ཥཱ། ཚིག་པ། ཀྲུ་དྷཱ། ཁོང་ཁྲོ། བྷཱ་མཿ སྡང་སེམས། རཽ་དྲཿ ཞེ་གནག་པའམ་དྲག་པ། ཙཎྚཿ གཏུམ་པ། ཨུ་གྲཿ དྲག་ཤུལ་ཅན། ཀྲཱུ་རཿ མ་རུངས་པ། བཱ་བཿ སྡིག་ཅན། དུཥྚ་ཙིཏྟཿ སྡང་བའི་སེམས་དང་ལྡན་པའམ་གདུག་པའི་


MR26_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

སེམས། རཽ་དྲ་ཙིཏྟཿ གནོད་པའི་སེམས་སམ་དྲག་ཤུལ་སེམས་ལྡན། པྲ་ཏི་ཧ་ཏ་ཙིཏྟཿ ཞེ་འགྲས་པའི་སེམས་དང་ལྡན་པ། ཁརཿ བརླང་པོ། ནིཥྛུ་རཿ སྲི་བ་མེད་པ་སྟེ་གནོད་པ་ལ་ཚོད་མི་འཛིན་པ་ལྟ་བུ། དཱ་རུ་ཎཿ མི་བཟད་པ། ཏཱི་པྲཿ དྲག་པོའམ་གཞན་དུ་ན་བདོ་བ་སྟེ་ཁྲོ་བ་སོགས་དར་བའམ་རྒྱས་པའི་མིང་། ཡུདྷཱ་ཏཱི་པྲཿ ཁོང་ཁྲོ་བདོ་བ་ལྟ་བུའོ། །མི་མཐུན་པའི་མིང་། བཻ་རཾ། འགྲས། བི་རོ་དྷ། འགལ། བི་དྭེ་ཥ། འཁོན། ཨ་ཀྵནྟི། དང་། ཨ་མརྵཿ མི་བཟད་པ། པྲ་ཏི་གྷཿ མངོན་འཇོམས། ནྲྀ་ཤྲི་སཿ མི་ལ་འཚེ། གྷཱ་ཏུ་ཀཿ འཇོམས་བྱེད། ཀྲཱུ་རཿ ཁྲོ་ཚུལ་ཅན། པཱ་བཿ སྡིག་ཅན། ཙེཎྚ་མྲྀ་གཿ གཅན་གཟན་ཁྲོ་བོ། ཨུ་པཱ་དྲོ་ཏཱ་རཿ གནོད་པའམ་འཚེ་བ་བྱེད་པའམ་བརྗེད་པ་ལའང་འཇུག ཨ་ནནྠོ་པ་ས་ཧི་ཏཾ། གནོད་པ་དང་བཅས་པ། ཨ་པ་ཀཱ་རཿ གནོད་པ་བྱེད་པ། བཻ་རཱ་ནུ་བནྡྷཿ མདུད་པར་འཛིན་པ། ཙཎྚ་བ་ཙོ་དཱ་ཤི་ཏཱ། ཚིག་བརླང་པོས་ཞེར་འདེབས་པ། བྱཱ་རོ་ཥཿ ཁོང་ནས་འཁྲུག་པ། བི་ཧེ་ཋ་ནཱ། ཐོ་འཚམས་པ། ཨ་སཱུ་ཡཱ། སྐྱོན་འདོགས་པ། བི་ཧེ་ཋ་ཀཱཿ འཚེ་བའམ་ཅོ་འདྲི་བ། ཀུ་པི་ཏཿ འཁྲུགས་པ། པྲ་ཀོ་པཿ འཁྲུགས་པའམ་ཁོང་ནས་ལྡང་བ། ཀུ་ཊུ་ཀཿ སྤྲོ་ཐུང་བ། ཨ་བྷི་ཥཀྟཿ ནོངས་པ། ར་བྷ་སཿ བརྟུན་ངས་པའམ་གཟུ་ལུམས་ཅན་ཏེ། བརྟུན་པ་ནི་སྐབས་འདིར་གནོད་སྦྱོར་ལ་ཞུགས་པའམ་གཟུ་ལུམས་ནི་གཡོ་སྒྱུ་ལའང་བཤད་དེ། ཁྲོ་བའི་སྐབས་ན་ཁྲོ་བའི་དབང་གིས་གཟུ་ལུམས་བྱས་པར་གོའམ་སྙམ། སཱ་ཧ་སི་ཀཱ། ཚམ་ཚོམ་མེད་པ་སྟེ། མི་བརྟག་པར་ཐོ་ཅོའམ་བྱུང་རྒྱལ་དུ་རྒོལ་བའི་མིང་ངོ་། །དེ་ལ་སོགས་པ་ཁེངས་པ་དང་། ང་རྒྱལ་སེར་སྣ་ཕྲག་དོག་སོགས་ཉོན་མོངས་པའི་དབང་གིས་ཉེས་པ་རྣམ་པ་སྣ་ཚོགས་མཐོང་བའི་ཆོས་དང་ཚེ་ཕྱི་མ་ཕན་ཅད་ལ་ཡང་གནོད་པ་སྣ་ཚོགས་འབྱུང་བར་བྱེད་པ་ལས། ཚེ་འདིར་བྱུང་བའི་སྐྱོན་


MR26_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་རིགས་ཀྱི་མིང་། བི་ཥ་མ་ལོ་བྷཿ མི་རིགས་པར་ཆགས་པ། མི་ཐྱཱ་དྷརྨ་པ་རཱི་ཏཿ ཆོས་ལོག་པས་དཀྲིས་པ། ཨཏྨོཏྐརྵ། བདག་ལ་བསྟོད་པ། པར་པཾ་སེ་ཀཿ གཞན་ལ་སྨོད་པ། ཨཱ་བྷི་མཱ་ནི་ཀཿ མངོན་པའི་ང་རྒྱལ་ཅན། མ་ནྱ་ནཱ། རློམ་སེམས། ཀུ་ཊི་ལ་ཙིཏྟཿ སེམས་ཀྱ་ཀྱུ་ཅན། ཧཱི་ནཱ་དྷི་མུཀྟི་ཀཿ དམན་པ་ལ་མོས་པ། གྲ་ཧི་ཀཿ དུས་པོ་ཆེ། ཁ་ཊུངྒཿ དམུ་རྒོད། ཨུདྡྷ་ཏཿ རྒོད་པ། ཨུནྣ་ཏཿ ཕོ་ཐེག་ཆེ་བའམ་ཁེངས་པ། ཨ་ཧཾ་ཡུཿ ང་རྒྱལ་ཅན། གརྦི་ཏཿ དྲེགས་པའམ་སྙེམས་པ། སྟམྦྷཿ ཁེངས་པའམ་རེངས་པ། གརྦྦཿ སྙེམས་པ། མཱ་ན། ང་རྒྱལ། ཙིཏྟས་མུནྣ་ཏིཿ སེམས་མཐོ་བ། མ་དཿ ཁེངས་པ། མཱ་དཿ རྒྱགས་པ། ཨ་བྷི་དྷྱཱ། བརྣབ་སེམས། ཨཱིརྵྱཱ། ཕྲག་དོག་སྟེ། དེའི་མིང་གཞན་མི་བཟོད་པ་ཡང་ཟེར་རོ། །ཀརྐ་ཤཿ བརླངས་པའམ་རྩུབ་པ། པ་རུ་ཥཿ ཞེ་གཅོད་པའམ་རྩུབ་པ། ནཱི་ཙོ་བྲྀཏྟིཿ དམན་པ་ལ་འཇུག་པ། ཨ་བྷཱ་ཛ་ན་བྷུ་ཏ་སཏྭཿ སྣོད་དུ་མ་གྱུར་པའི་སེམས་ཅན། བྲ་མཱ་དཿ བག་མེད་པ། ཨ་ན་བ་དྷཱ་ན་ཏཱ། ཤེས་བཞིན་མེད་པ། ཨལྤ་ཤྲུ་ཏཿ ཐོས་པ་ཉུང་བ། ཨ་པྲཱཧྨ་ཎྱཾ། བྲམ་ཟེར་མི་འཛིན་པ། ཨ་ཤྲ་མ་ཎྱཾ། དགེ་སྦྱོང་དུ་མི་འཛིན་པ། ཨ་བྀ་ཏྲྀ་ཛྙཱ། ཕར་མི་འཛིན་པ། ཨ་མཱ་ཏྲྀ་ཛྙཱ། མར་མི་ཤེས་པ་སྟེ། དོན་དུ་མར་མི་འཛིན་པ། ཨ་དྷརྨ་ཀཱ་མཿ ཆོས་མ་ཡིན་པ་འདོད་པ། ཐོབ་པ་སོགས་ལས། བྷྲེ་ཥཿ ཉམས་པ། པཱ་བ་དྷརྨཿ སྡིག་པའི་ཆོས་ཅན། ཛྙཱ་ཏྲ་ཀཱ་མཿ ཤེས་ཀྱི་ཁེ་འདོད་པ། ཞེས་ཆོས་ཉན་པ་སོགས་ཚེ་འདིའི་བདེ་བའི་ཆེད་དུ་བྱེད་པ་སོགས། བ་ཧུ་ཀྲྀ་ཏྱཾ། བྱ་བ་མང་བ། བ་ཧུ་ཀ་ར་ཎཱི་ཡཿ བྱེད་པ་མང་བ། དུཿ ཤཱི་ལཿདང་། དཽཿཤཱི་ལྱཾ། ཚུལ་ཁྲིམས་འཆལ་བ། དུཥྤྲ་ཛྙཱཿ དང་། དཽཥྤྲ་ཛྙཱཿ ཤེས་རབ་འཆལ་བ། པྲཛྙཱ་དཽརྦ་ལཾ། ཤེས་རབ་དམན་པའམ་ཞེན་པ། མནྡ་པྲཛྙཱ། ཤེས་རབ་ཞན་པའམ་རྟུལ་བ། བཱ་ལ་ཛཱ་ཏཱི་ཡཿ བྱིས་པའི་རང་བཞིན་ཅན། དུཥྤོ་ཥ་ཏཱ། གསོ་དཀའ་བ།


MR26_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དུརྦྟ་ར་ཏཱ། དགང་དཀའ་བ། སཾ་ཀཱིརྞོ་བི་ཧཱ་ར་ཏི། འདྲེས་པར་གནས་པ། ཨཱ་མི་ཥ་ཀིཾ་ཙིངྐ་ཧེ་ཏོཿ ཟ་ཟིང་ཅུང་ཟད་ཙམ་གྱི་ཕྱིར། དུཿཤྲུ་ཏཾ། མཉན་ཉེས་པ། པ་ད་བ་ར་མཿ ཚིག་ལ་འཆེལ་བ་ཞེས་ཚིག་ལ་ཞེན་པ་སྟེ་མཆོག་ཏུ་འཛིན་པ། དུཥླེ་ཁི་ཏཾ། བྲི་ཉེས་པ། དུརྦྷ་ཥི་ཏཱཿ བཤད་ཉེས་པ། དུརླཾ་གྷི་ཏཾ། བསྒོམ་ཉེས་སམ་སྨྱུང་ཉེས་པ། ཨ་སཾ་པྲཀ྄་ཁྱཱ་ནཾ། མི་གསལ་བ། ཨ་བྷཱ་བིཏ་ཀཱ་ཡཿ ལུས་མ་བསྒོམས་པ་སྟེ་ལུས་མ་སྦྱངས་བ། པྲ་གལྦྷཿ སྤྱིས་གཙན་པའམ་སྤྱི་བརྟོལ་ཆེ་བ། མུ་ཁརཿ མུ་ཅོར་སྨྲ་བའམ་ཁ་དྲག་པ། ཨཀྵ་དྷཱུརྟྟཿ རྒྱན་པོ་ལ་དོར་བ། མཱཏྶ་རཿ སེར་སྣ་ཅན། ཀ་ད་ལཾ། འཇུངས་པ། ཁ་ལཿ མི་སྲུན་པ། ཤ་ཋཿ གཡོ་སྒྱུ་ཅན། དྷཱུརྟྟཿ བི་ཊཿ གཡོ་ཅན། མཱ་ཡཱ་བཱི། སྒྱུ་བྱེད་པ། པཉྩ་ཀཿ སླུ་བྱེད། ཀ་པ་ཊཿ ངན་གཡོ། བྱཱ་ཛཿསྒྱུ། དམྦྷཿ ཚུལ་འཆོས། དྷཱུརྟྟཿ དང་། ཨུ་བ་དྷིཿ ཁྲམ་པ། ཚ ངམ ། ངན་ཐབས། ཀཻ་ཏ་བཾ། ཟོག །ཀུ་སྲྀ་ཏིཿ ཟོལ། ནི་ཀྲྀ་ཏིཿ བཅོས་མ། ཤཱ་ཥྱཾ། ངན་ཀྱོག་སྟེ་དེ་རྣམས་གཡོ་སྒྱུའི་མིང་ངོ་། །ལོག་འཚོ་ལྔའི་མིང་། ཀུ་ར་ཀུ་ཙིཿདམྦྷཿ ཀུ་ཧ་ནི། རྣམས་ངན་གཡོའམ་ཚུལ་འཆོས་པ་ངན་པ། ལ་བ་ནཾ། ཁ་གསག ནཻ་མཏྟི་ཀ་ཏྭཾ། གཞོགས་སློང་། ནཻ་ཥྱེ་ཤི་ཀ་ཏྭཾ། ཐོབ་ཀྱིས་འཇལ་བ། ལཱ་བྷེ་ན་ལཱ་བྷ་ནིཥྤ་ད་ནཱ། རྙེད་པ་ལས་རྙེད་པ་སྒྲུབ་པ། ལཱ་བྷེ་ན་ལཱ་བྷ་ནིཤྩི་ཀཱིརྵཱ། རྙེད་པས་རྙེད་པར་བྱེད་འདོད་པ། ཞེས་སོ། །ས་ཏྭ་བི་ཀྲ་ཡཿ སེམས་ཅན་འཚོང་བ། ཤསྟྲ་བི་ཀྲ་ཡཿ མཚོན་ཆ་འཚོང་བ། བི་ཥ་བི་ཀྲ་ཡཿ དུག་འཚོང་བ། མཾས་བི་ཀྲ་ཡཿ ཤ་འཚོང་བ། མ་དྱ་བི་ཀྲ་ཡཿ ཆང་འཚོང་བ། དུརྨནྐུཿ གནོང་མི་བསྐུར་བ། ཥདྦྷོ་གཱ་ནཱ་མ་པཱ་ཡ་སྤྲཱ་ནཱ་ནི། ལོངས་སྤྱོད་བྲི་བའི་གནས་དྲུག དེ་གང་ཞེ་ན། མ་དྱ་པཱ་ནཾ། ཆང་འཐུང་བ། དྱཱུ་ཏཾ། རྒྱན་པོ། བི་ཀཱ་ལ་ཙཪྻཱ། མཚན་མོ་འཕྱན་པ། བཱ་པ་མི་ཏྲ་ཏཱཿ སྡིག་པའི་བཤེས་སམ་གྲོགས་པོ་བསྟེན་པ། ས་མཱ་ཛ་དརྴ་ནཾ།


MR26_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པ་ལ་ལྟ་བ། ཨཱ་ལ་སྱཾ། ལེ་ལོའོ། །འདི་དྲུག་ལ་བཤེས་སྦྲིང་ལས་གྲགས་པ་ཉམས་པའི་རྒྱུ་དྲུག་ཅེས་གསུངས་ཏེ། འདི་རྣམས་ལ་ཧ་ཅང་ཆེད་ཆེར་བྱས་ན་དོན་ཉམས་པ་དང་ལོངས་སྤྱོད་བྲི་བ་སོགས་ཉེས་པ་དུ་མ་འབྱུང་བ་ཡིན་ནོ། །དེས་མཚོན་ནས་བྱ་བ་ངན་པ་སྣ་ཚོགས་ལ་ཞུགས་པའི་ཉེས་པ་དཔག་མེད་ཡོད་པའང་ཤེས་པར་བྱའོ། །ཉེས་པའི་དབང་གིས་ལྟ་བ་ཟབ་མོ་དང་ལེགས་པའི་སྤྱོད་པ་སོགས་ལ་འཇུག་མི་ནུས་པར་སྐྲག་པའི་མིང་། ཏྲཱ་སཿ སྐྲག་པ། ད་རཿ དངངས་པ། བྷཱི་ཏིཿ ཉམ་ང་བ། བྷཱིཿ བག་ཚ་བ། སཱ་དྷཱ་སཾ། ཞད་པ། བྷ་ཡཾ། འཇིགས་པ། བྷི་ཡཱ། འཇིགས་སྔངས། རོ་མ་ཧཪྵཿ སྤུ་ཟིང་ཞེས་བྱེད་པ་སོགས་འཇིགས་སྔངས་ཀྱི་མིང་གི་བྱེ་བྲག་སྟེ། འདིར་སྐྱོན་ཡོན་གོ་རིམ་བསྒྲིགས་སྐབས་འདིར་བཀོད་ཀྱང་། སྤྱིར་ཡུལ་གང་དང་གང་ལས་འཇིགས་པ་སོགས་སྨྲོས་པ་ཐམས་ཅད་ལ་མིང་འདི་དག་ཐུན་མོང་དུ་འཇུག་པ་ནི་གོང་འོག་ཀུན་ཏུ་ཤེས་པར་བྱའོ། ༈ །སྐྱོན་གང་དང་གང་ཡོད་པ་ལ་བརྟེན་ནས་སྨད་པའི་ཚིག་འབྱུང་བས་དེ་ཡི་མིང་གི་རྣམ་གྲངས་ལ། ཨ་བརྞྞཱ། མི་སྙན་པར་བརྗོད་པ། དོ་ཥཿ སྐྱོན་ནམ་ཉེས་བ། བྷཎྚ་ནཾ། མཚང་འབྲུ་བ། ཨ་བ་བཱ་ད། སུན་འབྱིན་པ། ཨཱ་ཀྵེ་པ། ཀུན་སྨོད། ནིརྦཱ་དཿ ངེས་རྒོལ། ཨ་བ་མཱ་ན་ནཾ། དང་། བཾ་མཱ་ན་ནཾ། བརྙས་པའམ་ཁྱད་དུ་གསོད་པ། ཨ་བ་རཱི་ཎཿ བཤུང་བ། དྷིཀྐྲྀ་ཏཿ སྨད་པ། རཱི་ཊཱ། བཤུང་བ། པཾ་ས་ན་མ། བཤུང་བའམ་སྨད་པ། ཛུ་གུམྶཱ། གཤེ་བའམ་སྐྱོན་དུ་བགྲང་བ། གི་གརྷཱ། འགོང་བའམ་སྨད་པ། ཨ་སཱུ་ཀྵ་ཎཾ། མི་མོས་པ། ཨ་བ་ཛྙཱ། དམན་པར་སེམས་པ། ཀུཏྶཱ་ནཾ། ངན་པར་བརྩི་བའམ་སྨད་པ། ཨ་བ་སཱ་དཿ སྨད་པའམ་སྤྱོ་བ། ཨ་བ་སཾ་སྱ་ཏི། སྨོད་པར་བྱེད། བི་མཱ་ན་ཡ་ཏི། ཁྱད་དུ་གསོད་པར་བྱེད། བ་རཱ་བྷ་བཿ བརྙས་པ། ཨ་བ་ཧེ་ལཾ། བརྙས་པ། ཀུཏྶ་ནཱི་ཡཾ། སྨད་པར་བྱ་བ། ཨ་བ་དྷྱཱ་ཡནྟི། སྨོད་པའམ་འཕྱ་བ།


MR26_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

ཀྵི་པནྟི། གཞོགས་འཕྱེས་ཟེར་ཏེ་ཟུར་གྱིས་འཕྱ་བ། བི་བཱ་ཙ་ཡཾ་ཏི། ཁ་ཟེར་བའམ་ཁ་བཏང་། པ་རི་བྷཱ་ཥཱ། སྤྱོ་བའམ་བརྒྱད་པའམ་ཡོངས་སྨོད། ཨ་ནཱ་ད་རཿ མ་གུས་པ། ཨ་བ་མཱ་ན་ནཱ། མི་མཆོད་པ། པ་རི་བྷཱ་བཿ ཟིལ་གནོན། པ་རི་བཱ་དཿ དང་། པ་རི་བྷ་བ། ཡོངས་སྨོད་དེ། ཟིལ་གནོན་དང་འདི་གཉིས་བྷ་ལ་རིང་ཆ་ཡོད་མེད་ཀྱི་ཁྱད་དོ། །སྨད་པ་སོགས་ལས་ངོ་ཚ་བའི་མིང་། ཧྲཱིཿ འཚེར་བའམ་ངོ་ཚ་བ། པྲཱྀ་ཌཱ། སྐྱེངས་པ། ལཛྫ། ངོ་ཚ་བའམ། ཧྲེ་བ་ཎཾ། ངོ་ཚ་བ། ཨ་པ་ཏྲ་པཱ། གཞན་འཛེམ་སྟེ་གཞན་གྱིས་ཤེས་པ་ལས་ངོ་ཚ་བའོ། །ནིཥྤྲ་ཏི་བྷཱ་ནཾ། སྤོབས་པ་མེད་པ། མངྒུ་བྷཱུ་ཏཿ སྤ་བཀོང་བའམ་ཡུལ་ཡུལ་དུ་གྱུར་པ། པྲསྟ་སྐནྡྷཿ ཕྲག་པ་བཅུམ་པ་སྟེ་སེམས་ཞུམ་པའི་ལུས་ཀྱི་རྣམ་འགྱུར་རོ། །དེ་བཞིན། ཨ་དྷོ་མུ་ཁཿ མགོ་སྨད་པ། མནྡཱ་ཀྵཾ། མིག་དམན་པ། ཏྲ་པཱ། ངོ་དམན་པ། ཞེས་སོ། །པྲ་དྷྱཱ་ན་བརཿ སེམས་ཁོང་དུ་ཆུད་པ། ཨནྟརྨ་ནས྄་ནཱཿ ཡིད་ཁོང་དུ་ཆུད་པ། ཨུདྦེ་ཀཿ སྐྱོ་བ། ཨུདྡྷ་མཿ ཡིད་འབྱུང་བ། དུརྨྨ་ནས྄་སམ་ནཱཿ ཡིད་ངན། བི་མ་ནས྄་སམ་ནཱཿ སེམས་མི་བདེ་བ་ཞེས་དང་། སཾ་བྷྲ་མཿ སེམས་འཚབ་པ། སཾ་བེ་གཿ རྟབ་རྟོབ། པྲ་ལ་ཡཿ སེམས་སྟོར། ནཥྚ་ཙིཥྚ་ཏཱ། ཧོང་གཏོར་ཞེས་གྲོང་སྐད་དུ་ཁ་ཧ་ན་པ་ཞེས་པ་དེའོ། །གཞན་ཡང་མྱ་ངན་གྱི་མིང་། ཤོ་ཀཿ མྱ་ངན། མ་ནྱུཿ ཡིད་གདུང་། ཨཱ་དྷིཿ སེམས་ནད་དེ་ཡིད་ཀྱི་ཟུག་རྔུ། ཤུ་ཙ྄་དང་། ཤུ་ཀ྄། གདུང་བ། འགྱོད་པའི་མིང་། པཤྩཱཏྟཱ་པཿ ཕྱི་ནས་གདུང་། ཨ་ནུ་ཏཱ་བཿ རྗེས་སུ་འགྱོད་པ། བི་པྲ་ཏཱི་སཱ་རཿ རྣམ་པར་ཉིལ་བ། ཞེས་སོ། །ཡང་དག་པའི་ལམ་ལ་བསླབ་པས་ཉེས་པ་དེ་དག་ངང་གིས་སྤང་བར་འགྱུར་རོ། ༈ །སྤང་བའི་མིང་གི་རྣམ་གྲངས་ཅི་རིགས་སྨྲོས་པ། པྲ་ཧཱ་ཎཿ སྤོང་བ། པྲ་ཏི་ནི་སྲྀ་ཛྱཾ། སྤངས་ཏེ། བཱནྟཱི་ཀྲྀ་ཏཾ། བསལ་བའམ་སྦྱངས་བ། སརྦོ་བ་དྷི་པྲ་ཏི་ནི་སརྒཿ ཕུང་པོ་ཀུན་སྤངས་པ། བྱནྟཱི་ཀྲྀ་ཏཾ།


MR26_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

མཐའ་མེད་པར་བྱས་པ། བི་སྐཾ་བྷ་ཎཾ། རྣམ་པར་གནོན་པའམ་རྣམ་པར་སེལ་བ། རིཉྩ་ཏི། འདོར་བའམ་སྤོང་བ། ཙྪོ་རི་ཏཱ། བོར་བའམ་བཏང་བ། བཱ་ཧི་ཏཱ་པཱ་པཿ སྡིག་པ་སྤངས་བའམ་སྦྱངས་བ། བྱ་ཏི་པྲིཏྟཿ ཤིན་ཏུ་འདས་པ། པྲ་ཏི་ནི་སྲྀ་ཛ་ཏིཿ འདོར་བ། པྲ་ཏི་བི་ནི་སྲྀ་ཛ་ཏིཿ འོར་ཅིག་གམ་མཐོང་ཞིག ཨུཏྶྲ་ཛྱ་ཏི། གཏོང་བའམ་འདོར་བ། པ་རི་ཏྱཱ་གཿ ཡོངས་སུ་གཏོང་བའམ་འདོར་བ། ཛཱ་ཧཱ་ཏི། སྤོང་བའམ་འདོར་བ། པྲ་ཏི་ཀྵེ་བཿ སྤོང་བ། ཨ་པྲ་ཀརྵ་ཎཾ། བསལ་བ། པྲ་ཏི་ཀྲཱནྟཿཕྱིར་ལོག་པའམ་སྤངས་བ་ཨ་པ་ཀརྵ། འབྲི་བའམ་འགྲིབ་པ། ཨ་ཡོ་གཿ མི་ལྡན་པའམ་མི་སྦྱོར་བ། ཨཱུ་ན་ཏྭཾ། འགྲིབ་པ། བི་ཡོ་གཿ བྲལ་བ། བི་སཾ་ཡོ་གཿ མི་ལྡན་པའམ་བྲལ་བ། བི་ཤཱེ་ཥཾ། བྱེ་བའམ་བྲལ་བའམ་གྱེད་པ། བི་གཙྪེ་ཏ། བྲལ་བར་འགྱུར་རམ་མེད་པར་འགྱུར། བི་བྷཱུ་ཏཾ། བྲལ་བའམ་ཞིག་པ། ཨནྟརྡྡ་ནཾ། ནུབ་པའམ་མི་སྣང་བ། ཨ་བ་ཀྲཱནྟཿ ཕྱིར་བྱུང་བའམ་མེད་པར་གྱུར་པ། བི་པ་རི་ཎ་ཏཾ། རྣམ་པར་གྱུར་པ། ཨཱ་ཤྲ་ཡ་པཱ་རཱ་བྲྀཏྟཾ། གནས་གྱུར་པ། པ་རི་ཎ་ཏཾ། ཡོངས་སུ་གྱུར་བ། བ་རི་ཎྱ་མཿ གྱུར་པ། ཛཱི་བི་ཏཱཏྤྱ་་པ་རོ་པ་ཡེཏ྄། སྲོག་དང་ཕྲལ། བཪྻཱ་དཱ་ནཾ་གཙྪ་ཏཿ མ་ལུས་པའམ་གཏན་ནས་སམ་རིམ་གྱིས་ཟད་པར་འགྱུར། བི་ཧཱི་ནཾ། ཉམས་པའམ་མ་ཚངས་པ། པ་རི་བྷུ་ཀྟཾ། ཡོངས་སུ་སྤྱད་པའམ་ཟོས་པ། ཨསྟཾ་གཙྪ་ཏིཿ ནུབ་པའམ་མེད་པའམ་ཞིག་པར་གྱུར་པ། བི་དྷ་མ་ཏི། སེལ་བའམ་འཇོམས་པ། ཨ་པ་རི་བི་དྭཾ། བོར་བ། ག་རཱ་ནི་སཱུ་ད་ནཾ། འདོད་ཆགས་སེལ་བ། པདྱུདསྟཿ བསྩལ་བ་སྟེ་དེང་སང་བསལ་དུ་འདོད། སྡྱི་ཏེ་ར་ནྱ་ཐཱ་ཏྭཾ། གནས་པ་ལས་གཞན་དུ་གྱུར་པ། ན་རཱ་ཤི་བྷཱ་བཿ སྤུངས་པའི་དངོས་པོ་མེད་པའམ། ཕུང་པོར་གྱུར་པ་མ་ཡིན་པ། པྲ་བྷཾ་གུ་རཾ། རབ་ཏུ་འཇིག་པ། པྲྀཥྛཱི་བྷ་བ་ཏི། རྒྱབ་ཀྱིས་ཕྱོགས་པར་འགྱུར་ཀོ་ལཱ་ཡི་ཏ་བྱཾ། བསྩལ་བའམ་བཅོས་པ། ཨུ་ཙྪེཏྶ་ཏི། ཆད་པར་གྱུར། བི་ཏི་མི་ར་ཀ་རཾ། རབ་རིབ་མེད་པར་བྱེད་པ། ཨ་ནུ་ན་ཡཱ྅་


MR26_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

སམྤུ་ཀྵཎ་ཏཱ། རྗེས་སུ་ཆགས་པ་བདོ་བར་མ་བྱས་པ། ནིརླི་ཁི་ཏཾ། ཤིན་ཏུ་ཕྱིས་པའམ་བསྲབས་པའམ་བཞར་བ། ས་མ་བཱ་ཧནྟི། ཡང་དག་པར་འཇོམས་པའམ་སྤོང་བ། སུ་པྲཀྵཱ་ལི་ཏཾ། ལེགས་པར་འཀྲུས་པའམ་བཤལ་བ། སུ་དྷོ་ཏཾ། སྦྱངས་པའམ་དུལ་བ། ནིརྡྷཱནྟཾ། བཙོམ། བཱནྟིབྷཱ་བཿ བསྩལ་བའམ་སྤྱུགས་པ། པ་རཾ་ཏྱཀྟཾ། ཡོངས་སུ་སྤངས་པ། ཨུཏྶ྄ྀཥྚཾ། བཏང་བའམ་སྤང་བའམ་བོར་བ། པྲ་ཏྱཱ་ཁྱཱ་ཏཾ། ཕུལ་བ། ཨུཏྶརྫ་ནཾ། གཏང་བ། ཤོ་ཀ་བི་ནོད་ནཾ། མྱ་ངན་བསལ་བ། པྲ་བི་ཛ་ཧྱཾ། རབ་ཏུ་སྤངས་པ། ཨ་ནཾ་ག་ཎཿ ཉོན་མོངས་པ་མེད་པ། ན་ཧ་ཏཿ བཅོམ་པ་ཞེས་སོ། ༈ །དེ་ལྟར་སྤང་བྱ་སྤང་ཞིང་ཡོན་ཏན་བསྒྲུབ་པར་བྱེད་པ་དེ་ལ། དརྴ་ནཱ་ནུཏྟཪྻཾ། མཐོང་བ་བླ་ན་མེད་པ། ཤྲེ་བ་ཎཱ་ནུཏྟཪྻཾ། ཐོས་པ་བླ་ན་མེད་པ། ལཱ་བྷཱ་ནུཏྟཪྻཾ། རྙེད་པ་བླ་ན་མེད་པ། ཤི་ཀྵཱ་ནུཏྟཪྻཾ། བསླབ་པ་བླ་ན་མེད་པ། པ་རི་ཙཪྻཱ་ནུཏྟཪྻཾ། རིམ་གྲོར་བྱ་བ་བླ་ན་མེད་པ། ཨ་ནུ་སྨྲྀ་ཏྱ་ནུཏྟཪྻཾ། རྗེས་སུ་དྲན་པ་བླ་ན་མེད་པ་སྟེ། བླ་ན་མེད་པ་དྲུག་དང་། ས་ཏྱཱ་དྷིཥྛཱ་ནཾ། བདེན་པའི་བྱིན་གྱིས་བརླབས། ཏྱཱ་གཱ་དྷིཥྛཱ་ནཾ། གཏོང་བའི་བྱིན་གྱིས་བརླབས། ཨུ་པ་ཤ་མཱ་དྷིཥྛཱ་ནཾ། ཉེ་བར་ཞི་བའི་བྱིན་གྱིས་བརླབས། པྲཛྙཱ་དྷིཥྛཱ་ནཾ། ཤེས་རབ་ཀྱིས་བྱིན་གྱིས་བརླབས་ཏེ། བྱིན་གྱིས་བརླབས་པ་བཞི་དང་། བུདྡྷཱ་ནུ་སྨྲྀ་ཏིཿ སངས་རྒྱས་རྗེས་སུ་དྲན་པ། དྷརྨཱ་ནུ་སྨྲྀ་ཏིཿ ཆོས་རྗེས་སུ་དྲན་པ། སཾ་གྷཱ་ནུ་སྨྲྀ་ཏིཿ དགེ་འདུན་རྗེས་སུ་དྲན་པ། ཤཱི་ལཱ་ནུ་སྨྲྀ་ཏིཿ ཚུལ་ཁྲིམས་རྗེས་སུ་དྲན་པ། ཏྱཱ་གཱ་ནུ་སྨྲྀ་ཏིཿ གཏོང་བ་རྗེས་སུ་དྲན་པ། དེ་བ་ཏཱ་ནུ་སྨྲྀ་ཏིཿ ལྷ་རྗེས་སུ་དྲན་པ་སྟེ། རྗེས་སུ་དྲན་པ་དྲུག་དང་། ཤྲདྡྷཱ་དྷ་ནཾ། དད་པའི་ནོར། ཤཱི་ལ་དྷ་ནཾ། ཚུལ་ཁྲིམས་ཀྱི་ནོར། ཧྲཱི་དྷ་ནཾ། ངོ་ཚ་ཤེས་པའི་ནོར། ཨ་བ་ཏྲཱ་བྱ་དྷ་ནཾ། ཁྲེལ་ཡོད་པའི་ནོར། ཤྲུ་ཏ་དྷ་ནཾ། ཐོས་པའི་ནོར། ཏྱཱ་ག་དྷ་ནཾ། གཏོང་བའི་ནོར།


MR26_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

པྲཛྙཱ་དྷ་ནཾ། ཤེས་རབ་ཀྱི་ནོར་ཏེ། ཡང་དག་པའི་ནོར་བདུན་ལ་སོགས་པ་ཡོན་ཏན་ཕུན་སུམ་ཚོགས་པ་ཚད་མེད་པ་དང་ལྡན་པར་འགྱུར་རོ། ༈ །དེ་ཡི་ཕྱིར་ན་དགའ་བ་བདེ་བ་རྨད་དུ་བྱུང་བ་ཐོབ་པར་འགྱུར་ལ། དགའ་བའི་མིང་གི་རྣམ་གྲངས། མུ་དི་ཏཿ དགའ་བ། ཧྲྀཥྚཿ དགའ་བ། པྲ་མུ་དི་ཏཿ རབ་ཏུ་དགའ་བ། པྲ་མཱ་ནས྄་སམ་ནཱཿ ཡིད་རབ་བདེ་བ། ཏུཥྚཿ ཚིམ་པའམ་དགའ་བ། བི་ཀུརྦ་ཎཿ དང་། ཨུད་ག྄ཿ དང་། མཏྟཿ མགུ་བ། ཨཱཏྟ་མཱ་ན། ཡི་རངས། པྲཱི་ཏི་སཽ་མ་ན་སྱ་ཛཱ་ཏཿ དགའ་བ་དང་ཡིད་བདེ་བ་སྐྱེས་པ། ཧརྵ་ཛཱ་ཏཿ རངས་པ་སྐྱེས། ཧྲྀ་ཥི་ཏ་ཙིཤྟཿ སེམས་རངས་པར་གྱུར། པྲ་མོདྱམ྄། མཆོག་ཏུ་དགའ་བ། སནྟུཥྚཿ ཆོག་ཤེས་པ་སྟེ་སྐབས་འདིར་དགའ་ནས་ཚིམ་པའི་དོན་གྱིས་སོ། །པ་རི་ཏོ་ཥཿ ཡོངས་སུ་མགུ་བ། ཨཽདྡྷི་ལྱ་ཀ་རཱི། ཤིན་ཏུ་དགའ་བར་བྱེད་པ། མ་ཧུ་ཛ་ན་པྲི་ཡཱ། སྐྱེ་བོ་མང་པོ་དགའ་བ། སཾ་རཉྫ་ནཱི་ཡཿ ཡང་དག་པར་སྡུག་པར་འགྱུར་བའམ་ཆགས་པར་འགྱུར་བ། སམྤོ་ད་ནཱི་ཡཿ ཡང་དག་པར་དགའ་བར་འགྱུར་བ། ཨཱ་རཱ་དྷ་ནཿ མགུ་བར་བྱ་བའམ་མཉེས་པར་བྱ་བ། ཨ་བྷི་རཱ་དྷ་ནཱ། མངོན་པར་མགུ་བའམ་མཉེས་པ། ཨ་བྷི་ནནྡ་ཡིཥྱ་ཏིཿ མངོན་པར་དགའ་བར་འགྱུར། སརྦཱ་ཤ་བ་རི་པཱུ་ར་ཀཿ རེ་བ་ཐམས་ཅད་ཡོངས་སུ་རྫོགས་པའམ་སྐོང་བ་དང་གང་པའོ། །དེ་བཞིན་ཨཱ་ཤྲཱ་རེ་བའམ་བསམ་པའི་མཐར་པ་རི་པཱུ་ར་ཎ་དང་། པ་རི་པཱུརྞྞཱ་སྦྱར་ཀྱང་དོན་འདྲའོ། །མུད྄། དགའ། པྲཱི་ཏིཿ མགུ། པྲཱི་ཏཿ དགའ་བར་འགྱུར། པྲ་མ་དཿ རངས། ཧརྵཿ སྤྲོ། པྲ་མོ་དཿ ཡི་རངས། ཏྲིཔྟཿ རངས། པྲ་པཱནྣཿ ཚིམས། ཧྲིཥྚ་མཱ་ནསཿ ཡིད་དགའམ་ཡིད་འཕྲོག །ཧརྵ་མཱ་ན། དགའ་བའམ་ཡིད་སྤྲོ་བ། ཨཱ་མོ་དཿ དགྱེས། སམྨདཿ མཉེས། ཨཱ་ནནྡཿཀུན་དགའ། ཨཱ་ནནྡ་ཐུཿ ཉམས་དགའ། ནནྡ། དགའ། བྷ་དྲཾ། བཟང་པོ། བྷཱ་བུ་ཀཾ། སྐལ་བཟང་། བྷ་བི་ཀཾ། སྐལ་ལྡན།


MR26_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་བྱཾ། ལེགས་པ། ཤརྨ། སྐྱིད་པ། སུ་ཁཿ བདེ་བ། སཱ་ཏཾ། དང་ཤཱ་ཏཾ། བདེ་བའམ་སྡིག་ཟད་སོགས་སུ་ཤེས་པར་བྱའོ། །༈ དེ་ལྟ་བུའི་གང་ཟག་དམ་པ་དེ་དག་ལ་དགེ་བ་དང་ཤིས་པ་འཕེལ་བའི་ཕྱིར་དགེ་ཤིས་ཀྱི་མིང་ལ། ཨཱ་ཤཱིརྦཱ་དཿ ཤིས་པར་བརྗོད་པ། ཨཱ་ཤི་ཤཿ ལེགས་སུ་སྨོན་པ། བརྞ་པཱ་དཱི། བསྔགས་པ་སྨྲ་བ། ཤྲཱིཿ དཔའ་ལམ་གཡང་། ལཀྵྨཱིཿ དཔལ་ལམ་ཤིས་པ་གཡང་ཅན་ནམ་ཕུན་ཚོགས་ཀྱང་། མངྒ་ལཾ། བཀྲ་ཤིས་སམ་དགེ་ལྟས། ཀུ་ཏཱུ་ཧ་ལཾ། དགེ་མཚན་ནམ་ལྟད་མོ། པྲ་ཤསྟཿ དགེ་ཤེས། སྭ་སྟིཿ དགེ་ལེགས་སམ་དགེ་བ། སྭ་སཏྱ་ཡ་ནཾ། དགེ་ལེགས་སུ་འགྱུར་པ། སཽ་བསྟི་ཀཿ བདེ་ལེགས་བརྗོད་པ། ཀ་ལྱཱ་ཎཾ། ཕན་ཐོབ་བམ་དགེ་ལེགས་སམ་དགེ་བ། ཤྩཱ་གྷྱཾ། ལེགས་པ། ཀུ་ཤ་ལཾ། དགེ་བ་དང་མཁས་པ་དང་བདེ་བ་གང་རུང་སྐབས་དང་སྦྱར། ཤྲེ་ཡཱམ྄། མཆོག་ཏུ་བཀྲབས་པ་སྟེ། ལེགས་པའི་ནང་ནས་མཆོག་ཏུ་བཀྲབས་ཤིང་བདམ་པ་ལྟ་བུའོ། །ཤྲེ་ཡས྄། དགེ་བ། ཛྱེ་ཡཱན྄། མཆོག་ཏུ་བཏུ་བ། ཞེས་དང་། གཞན་ཡང་། དྷརྨཾ་དང་། དྷརྨཿ ཆོས། པུཎྱཾ། བསོད་ནམས། ཤི་བཾ། ཞི་བ། བྷ་དྲཾ། བཟང་པོ། བྷཱ་བུ་ཀཾ། སྐལ་བཟང་། བྷ་བི་ཀཾ སྐལ་ལྡན། བྷ་བྱཾ། ལེགས་པ། ཀུ་ཤ་ལཿ ངན་སེལ། ཤ་སྟཾ། བསྟོད་འོས། ཤུ་བྷཾ། དགེ་བ། བྷནྱཾ། ལེགས་པ། ཀྵེ་མཾ། བདེ་ལེགས། སུ་ཁཾ། དང་། ཤཱ་ཏཾ། དང་། སཱ་ཏཾ། བདེ་བ། ཤརྨན྄། སྐྱིད་པ། སམྦད྄། ཕུན་སུམ་ཚོགས་པ། སྭ་དྷཱ། གཞི་སྲུང་། བ་ཥཊ྄། གཞི་མི་འགྲིབ་པ། སྭཱ་ཧཱ། གཞི་ཚུགས། སུ་ལེགས་པ་དང་། ཨོ་ཧཀ྄་གཏོང་བའི་བྱིངས་ལས་ལེགས་པ་སྦྱིན་པར་ཡང་ལོ་ཙཱ་བ་འགས་གསུངས། འདི་དག་སྔགས་ཀྱི་མཐའ་རྟེན་དུའང་ངོ་། །ཨོཾ། རབ་བསྔགས་ཏེ། རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པ་བཤད། །མཆོག་དང་ནོར་སྟེར་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་ཞིང་། །དམ་


MR26_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཞེས་གསུངས་པ་བཞིན་ནོ། ༈ །དེ་ལྟར་ལམ་ཡང་དག་ལ་ཞུགས་པས་དག་པ་དང་གྲོལ་བར་འགྱུར་བའི་མིང་ལ། སུ་པ་རི་ཤུདྡྷཾ། ཤིན་ཏུ་ཡོངས་སུ་དག་པ། ཏྲི་མཎྜལ་པ་རི་ཤུདྡྷཾ། འཁོར་གསུམ་ཡོངས་སུ་དག་པ། ཨ་བྷི་ས་མ་ཡཿ མངོན་པར་རྟོགས་པ། ཨ་ནུ་བཱ་དཱ་ཡ་ཨཱ་ཤྭ་བེབྷྱཿ ཙིཏྟཱ་ནི་བི་མུཀྟཱ་ནི། ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་བ། པ་རི་མོ་ཙ་ཡི་ཏ་བྱཾ། ཡོངས་སུ་ཐར་བར་བྱ་བའམ་ཡོངས་སུ་གྲོལ་བ། བི་མུ་ཙྱཏི། རྣམ་པར་གྲོལ་བར་འགྱུར། ཤཱི་ཏཱི་བྷ་ཏི། བསིལ་བར་གྱུར་པ། ཀྲྀ་ཏ་པ་རི་ཀརྨཱ། ཡོངས་སུ་སྦྱང་བ་བྱས་པའམ་བྱི་དོར་བྱས་པ། ནིཪྻཱ་ཎཾ། ངེས་པར་འབྱུང་བ། ནིཪྻཱ་ཏཿ ངེས་པར་བྱུང་བ། ནིཪྻ་ཏིཿ མཐར་ཕྱིན་པའམ་ངེས་པར་བྱུང་བ། ཛྙཱ་ནཾ། ཡེ་ཤེས་ཏེ་ཐར་པའི་བློ་ཡི་མིང་། མུཀྟིཿ གྲོལ་བ། ནིརྦྦ་ཎཾ། མྱང་འདས། མོཀྵཿ ཐར་པ། ཨ་བ་བརྒྷཿ བྱང་གྲོལ་ལམ་སྤངས་བའོ། །༈ དེ་ལྟར་དག་གྲོལ་གྱི་ཡོན་ཏན་དང་ལྡན་པ་དེ་དག་མཐར་ཐུག་སྡུག་བསྔལ་དང་མྱ་ངན་ཐམས་ཅད་ལས་འདས་པའི་གནས། ནིཏྱཿ རྟག་པ། དྷྲུ་པཿ བརྟན་པ། ཤཱ་ཤྭ་ཏཿ རྟག་པའམ་ཐེར་ཟུག ཀཱུ་ཊསྡྱཱ། ཐེར་ཟུག་ཏུ་གནས་པ། ནིརྦི་ཀཱ་ལཿ མི་འགྱུར་བ། སྡྱཱསྣུཿ ཤིན་ཏུ་བརྟན་པ། སྡྱི་ར་ཏརཿ ཆེས་བརྟན་པ། སྡྱཻ་ཡཱན྄་ནམ་ཡནས྄། མཆོག་ཏུ་བརྟན་པ། ས་དཱ་ཏ་ནཱཿ གཏན་དུ་བ། ས་ནཱ་ཏ་ནཿ རྒྱུན་ལྡན། ཨ་བི་པ་རི་ཎཱ་མ་དྷརྨཱ། མི་འགྱུར་བའི་ཆོས་ཅན། ཤི་བཿ ཞི་བ། ས་ན་ཏ་ནཿ གཡུང་དྲུང་། ཤུ་ཙི། གཙང་བ། སུ་ཁཿ བདེ་བ། མ་ཧཱ་ཨཏྨ། བདག་ཉིད་ཆེན་པོ། ཨ་པྲ་ཏིཥྛ་ཏ་ནིརྦྦ་ཎམ྄། མི་གནས་པའི་མྱ་ངན་ལས་འདས་པ་ཞེས། དེ་ཉིད་ཐོབ་པར་འགྱུར་རོ། །མྱང་འདས་སྤྱིའི་མིང་དུ། ནིརྦཱ་ཎཾ། མྱ་ངན་ལས་འདས་པ། ནི་ཤྲི་ཡསཿ ངེས་པར་ལེགས་པ། ཨ་པ་བརྒཿ བྱང་གྲོལ། བོ་དྷི། བྱང་ཆུབ། གཞན་ཡང་གོང་


MR26_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཤད་མ་ཐག་པའི། གྲོལ་བ། ཐར་པ་དང་། བི་མུགྟཿ རྣམ་པར་གྲོལ་བ། ཞེས་སོགས་སུ་བརྗོད་དོ། ༈ །དེ་ལྟར་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱིས་ལེགས་པར་གསུངས་པའི་ལམ་དང་འབྲས་བུའི་ཆོས་རྣམས་ནི་ཤེས་བྱའི་ཆོས་ཇི་སྙེད་ཅིག་མཆིས་པའི་ནང་ན་རབ་མཆོག་གཙོ་བོ་གྱ་ནོམས་པ་ཟླ་མེད་པ་ཡིན་པར་ཤེས་ནས། ནན་ཏན་གྱིས་འཇུག་པར་བྱས་ན་དོན་གཉིས་ལྷུན་གྱིས་གྲུབ་པར་འགྱུར་ཏེ། བླ་ན་མེད་པ་དང་མཆོག་ཏུ་བརྩི་བའི་རྣམ་གྲངས་ལ། པྲཥྛཿ མཆོག་གམ་གཙོ་བོ། ཨ་ནུཏྟ་རཿ བླ་ན་མེད་པ། ནི་རུཏྟ་རཿ གོང་ན་མེད་པ། ཨ་ནུཏྟ་མ། ལྟག་ན་མེད་པ། ཨུཏྟ་རཿ བླ་མ། ཨུཏྟ་མཿ དམ་པ། ཛྱེཥྛཿ ཐུ་བོའམ་རྒན་རབས། ཤྲེཥྛཿ གཙོ་བོ། བརཿ མཆོག་གམ་རབ། པྲ་བརཿ རབ་མཆོག ཨ་གྲཿམཆོག །བི་ཤིཥྚཿ ཁྱད་པར་དུ་འཕགས་པ། ས་མུངྐརྵ། ཁྱད་འཕགས། པྲདྷཱ་ནཾ། གཙོ་བོའམ། གཅེས་པ། པ་རམཿ མཆོག་གམ་དམ་པའམ་དཔྱིད། ཨུ་ཏ་ཀྲྀཥྚཿ མཆོག་ཏུ་བྱུང་བ། པྲ་ཀྲྀཥྚཿ མཆོག་ཏུ་བྱུང་བ། ཙི་ཏྲཾ། ཕུལ་དུ་བྱུང་བ། བིསྨ་ཡཿ ངོ་མཚར། ཨུདྦྷུ་ཏཾ། རྨད་དུ་བྱུང་བ། མ་ཏལླི་ཀཱ། ཤིན་ཏུ་བཟང་། མ་ཙརྩྩི་ཀཱ། ཕུལ་བྱུང་། པྲ་ཀཱཎྚཾ། རབ། ཨུངྒྷཿ མཆོག །ཏལླ་ཛཿ རབ་བསྔགས། པྲ་ཎཱིརྟཿ གྱ་ནོམས་པ། ཨ་སམཿ མཉམ་པ་མེད་པ། ཨ་ས་མཿས་མཿ མི་མཉམ་པ་དང་མཉམ་པ། ཨ་པྲ་ཏི་ས་མཿ ཟླ་མེད་པ། བྷྲྀ་ཤཿ ཕུལ་བྱུང་། སུཥྛུཿ རབ་ཏུ། ཨཏྱནྟཾ། མཆོག་ཏུ། སརྦཱ་ཀཱ་ར་བ་རོ་བེ་ཏཾ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། ཞེས་སོ། །ཤུ་བྷཾ། དེས་གནས་དང་གནས་མིན་ལ་མཁས་པའི་སྐབས་སུ་རིག་པའི་གནས་ལྔ་ཡི་མིང་ཁོག་དོན་འགྲོ་ལུགས་དང་བསྟན་ནས་བརྗོད་པ་ལེགས་པར་གྲུབ་བོ། །༈ ད་ནི་མཁས་བྱའི་གནས་དྲུག་པ་དབང་པོའི་མིང་ལ། ཙཀྵུ་རིནྡྲི་ཡཾ། མིག་གི་དབང་པོ། ཤོ་ཏྲེནྡྲི་ལཾ། རྣ་བའི་དབང་


MR26_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

པོ། གྷྲཱ་ཎེནྡྲི་ཡཾ། སྣའི་དབང་པོ། ཛིཧྭེནྡྲི་ཡཾ། ལྕེའི་དབང་པོ། ཀཱ་ཡེནྡྲི་ཡཾ། ལུས་ཀྱི་དབང་པོ། མ་ན་ཨིནྡྲི་ཡཾ། ཡིད་ཀྱི་དབང་པོ། པུ་རུ་ཥེནྡྲི་ཡཾ། ཕོའི་དབང་པོ། སྟྲཱིནྡྲི་ཡཾ། མོའི་དབང་ པོ། དུཿཁེནྡྲི་ཡཾ། སྡུག་བསྔལ་གྱི་དབང་པོ། དོརྨ་ན་སྱནྡྲི་ཡཾ། ཡིད་མི་བདེ་བའི་དབང་པོ། སུ་ཁེནྡྲི་ཡཾ། བདེ་བའི་དབང་པོ། སཽ་མ་ནེ་སྱེནྡྲི་ཡཾ། ཡིད་བདེ་བའི་དབང་པོ། ཨུ་བེཀྵེནྡྲི་ཡཾ། བཏང་སྙོམས་ཀྱི་དབང་པོ། ཤྲདྡྷེནྡྲི་ཡཾ། དད་པའི་དབང་པོ། བཱིཪྻེནྡྲི་ཡཾ། བརྩོན་འགྲུས་ཀྱི་དབང་པོ། སྨྲྀ་ཏཱིནྡྲི་ཡཾ། དྲན་པའི་དབང་པོ། ས་མཱ་དྷཱིནྡྲི་ཡཾ། ཏིང་ངེ་འཛིན་གྱི་དབང་པོ། པྲཛྙེནྡྲི་ཡཾ། ཤེས་རབ་ཀྱི་དབང་པོ། ཨ་ནཱ་ཛྙཱ་ཏ་མཱ་ཛྙཱ་སྱཱ་མིནྡྲི་ཡཾ། མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ། ཨཱཛྙེནྡྲི་ཡཾ། ཀུན་ཤེས་པའི་དབང་པོ། ཨཱཛྙཱ་ཏཱ་བཱིནྡྲི་ཡཾ། ཀུན་ཤེས་པ་དང་ལྡན་པའི་དབང་པོ། ཛཱི་བི་ཏིནྡྲི་ཡཾ། སྲོག་གི་དབང་པོ་སྟེ་ཉེར་གཉིས་སོ། །ཨིནྡྲི་ཡ་ཀྲ་མ། དབང་པོའི་རིམ་པ། ཨིནྡྲི་ཡ་བཻ་མཱ་ཏྲ་ཏཱ། དབང་པོའི་རིམ་པ། མྲྀ་ད྄ིནྡྲི་ཡཿ དབང་པོ་རྟུལ་པོ། མ་དྷྱེནྡྲི་ཡཿ དབང་པོ་འབྲིང་པོ། ཏཱིཀྵྞེནྡྲི་ཡཿ དབང་པོ་རྣོན་པོ།། ༈ མཁས་བྱའི་གནས་བདུན་པ་དུས་ཀྱི་མིང་ལ། ཀཱ་ལཿ བགྲང་བྱ་སྟེ། དུས། དིཥྚཿ དུས། ཨི་ནི་ཧ་གྲ་ཧཱ། སླར་བྱུང་། ས་མ་ཡཿ ཡང་དག་འགྲོ་སྟེ་དུས་དང་ཚོད་དང་ཚེ་ཞེས་པར་འཇུག བེ་ལཿ དུས་ཚོད། དུས་དེ་ཡང་ཐུང་མཐའ་ནས་བརྩི་དགོས་པས། ཀྵ་ཎཿ སྐད་ཅིག ཀྵ་ཎི་ཀཿ སྐད་ཅིག་མ། ལ་བཿ ཐང་ཅིག མུ་ཧཱུརྟྟཿ ཡུད་ཙམ། གྷ་ཊི་ཀཱཿ དང་ནཱ་ཊཱི། ཆུ་ཚད། ཏི་ཐི། དང་། ཐ་ཡཿ ཚེས་ཀྱི་མིང་། ཨ་ཧོ་རཱ་ཏྲཾ། ཉིན་ཞག །ཉིན་མོའི་མིང་ལ། དི་བསཿ རྩེན་དུས། དི་ནཾ། ཉིན་མོ། ཨ་ཧོ། ཉིན་མོ། ཨ་ཧ་ན་དང་ཨ་ཧཿའདོར་མེད། གྷ་སྲཿ མུན་གསལ། པཱ་སརཿ གནས་འཇུག་ཅེས་སོ། །མཚན་མོའི་མིང་། རཱ་ཏྲིཿ མཚན་མོའི་ར་ཛ་ནཱི། འདོད་པའི་དུས། ཏ་མཱི། ཆགས་དུས། ཏ་མ་སྭི་ནཱི། ནམ། ནི་ཤཱི་ཐི་ནཱི། ནམ་གུང་ཅན།


MR26_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཏྲི་ཡཱ་མཱ། ཐུན་གསུམ། ནི་ཤཱི་ཐྱཱ། མཚན་དུས། ཤརྦ་རཱི། བྱ་བྲལ་ཞེས་དང་། གཞན་ཡང་ལ་སྟེར། བྱ་སྤངས། སྣང་བཟློག་སོགས་ཟེར། སྣང་བ་མེད་པའི་མཚན་མོ་ལ། ཏཱ་མ་སཱི། མུན་མཚན། ཏ་མི་སྲཱ། མུན་སྡུག་ཅན་ནམ་སྨག་ནག་ཟེར། ཟླ་བ་ཡོད་པའི་མཚན་གྱི་མིང་། ཛྱཽཏྶྣཱ། སྣང་མཚན་ཟེར། ཡཱ་མཿ ཐུན། པྲ་ཐ་མེ་ཡཱ་མེ། ཐུན་དང་པོ། མ་དྷྱ་མེ་ཡཱ་མེ། ཐུན་དབུས་མའམ་གུང་ཐུན། པཤྩི་མེ་ཡཱ་མེ། ཐུན་ཐ་མ། སནྡྷི། དང་། སནྡྷ། ཐུན་མཚམས། ནམ་ལངས་པའི་མིང་། ཨུཥ་ས྄་ཥཿ ཞོགས་པ། པྲ་དྲུ་ཥཿ ནམ་ལངས། ཨ་ཧ་མུ་ཁཾ། ཉིན་མོའི་སྒོ། ཀ་ཁྱཾ། སད་དུས་དང་། གཞན་ཡང་དང་པོ་གསལ། མུན་དྭངས་ཀྱང་ཟེར། སཱུཪྻོད་ཡཿ ཉི་མ་འཆར་བ། སཽཪྻོད་ཡི་ཀཱ། ཉི་མ་ཤར་བ། པཱུརྦཱ་ཧྞ། སྔ་དྲོ། པྲཱཧྞ། སྔ་ཐུན་ནམ་སྔ་དྲོ། མ་དྷྱཱཧྞ། ཉི་མའི་གུང་། ཨ་བ་རཱཧྞ། ཕྱི་དྲོ། སཱ་ཡཾ། དགུང་མོ། སཱ་ཡཱཾ་ཧྞ། དགུང་མོའམ་ཕྱི་འཕྲེད། ཨཱ་ལམྤ་ཏེ། གྲིབ་སོ་བབས་པ། ཨདྷྱཱ་ལམྦ་ཏེ། གྲིབ་སོ་ཆེར་བབ་པ། ཨ་བྷི་པྲ་ལམྤ་ཏེ། གྲིབ་སོ་མངོན་པར་རབ་ཏུ་བབ་པ། སྲོད་ཀྱི་མིང་ལ། པྲ་དོ་ཥ། མཚན་མོའི་དང་པོ། ར་ཛ་ནཱི་མུ་ཁཾ། ནམ་གྱི་གདོང་ཞེས་སོ། །པྲ་ཤཱནྟཱ་རཱ་ཏྲི། མཚན་མོ་རབ་ཞི་ཞེས་མི་ཉལ་ཙམ་གྱི་མིང་། པཱུརྦ་རཱ་ཏྲ། ནམ་སྟོད། ཨརྡྷ་རཱ་ཏྲཿ མཚན་ཕྱེད། ནི་ཤཱི་ཐཿ ནམ་ཕྱེད། ཨ་བར་རཱ་ཏྲ། ནམ་གྱི་ཆ་སྨད། པྲ་ཧ་རཿ མེལ་ཚེ་སྟེ་མཚན་ཐུན་ཞེས་སོ། །པྲ་མ་ཐ་པྲ་ཧ་ར། སྲོད། དྭི་ཏཱི་ཡ་པྲ་ཧ་རཿ མེལ་ཚེ་གཉིས་པ་སྟེ་འཛིན། ཏྲི་ཏཱི་ཡ་པྲ་ཧ་ར། མེལ་ཚེའི་དུས་གསུམ་པ་ལྔ་ཚིགས་ཀྱང་ཟེར། ཙ་ཏུརྠ་པྲ་ཧ་ར། བཞི་པ་ནམ་གུང་། པཉྩ་མ་པྲ་ཧ་ར། མེལ་ཚེ་ལྔ་པ་སྟེ་ཐོ་རངས་སོ། །ཨ་རུ་ཎོངྒ་ཏམ྄། སྐྱ་རིངས་ཤར་བ། ཙནྡྲ་ཨུ་དཱ་གཙྪཏ྄། ཟླ་བ་ཤར་བ། བཀྵཿ ཕྱོགས་ཞེས་དཀར་ནག་གི་ཕྱོགས་ཀྱི་མིང་། ཤུཀླ་བཀྵཿ དཀར་ཕྱོགས་ཏེ་ཡར་ངོ་། །ཀྲྀཥྞ་པཀྵཿ


MR26_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ཕྱོགས་ཏེ་མར་ངོ་། །ཨེ་ཀ་པཀྵཿ ཕྱོགས་གཅིག་སྟེ་ཞག་བཅོ་ལྔ། མཱ་སཿ ཟླ་བ་སྟེ་ཕྱོགས་གཉིས་སྡོམ་པའི་དུས་ཀྱི་མིང་། ཨ་ཡ་ནཾ། བགྲོད་པ་སྟེ་ལྷོ་བྱང་དུ་ཉི་མ་འགྲོ་བའི་དུས་སོ། །བཏྶ་རཿ ལོ། པརྵ་རཿ ལོ། པརྵ་མ། ལོ། སཾ་བཏྶ་རཿ ལོའོ། རྀ་ཏུཿ དུས་ཚིགས། སརྦ། འང་དེའོ། །བ་སནྟཿ དཔྱིད། གྲཱྀཥྨཿ སོས་ཀ བརྵཱ། དབྱར། པྲཱ་པྲྀ་ཥཿ འང་དབྱར་ཀ ། ཤ་རད྄། སྟོན་ཀ ། ཧེ་མནྟཿ དགུན། ཤི་ཤིརཿ དགུན་སྨད་དོ། །ནི་དཱ་གྷཿ སོས་ཀ་ཚ་བའི་དུས། གྲཱྀཥྨཱ་ཎཱཾ་པཤྩི་མ་མཱ་སཱ་སེ། སོས་ཀའི་ཟླ་བ་ཐ་མལ་ཞེས་དང་། ཏསྱ་ཨེ་བ་རཱ་ཏྲྱཱ་ཨཏྟྱ་ཡེན། དེ་ཉིད་ཀྱི་མཚན་མོ་འདས་ནས། ཞེས་སོ། །ཟླ་བ་བཅུ་གཉིས་ཀྱི་མིང་ནི། ཕལྒུ་ནཿ དཔྱིད་རབ་དབོ་ཟླ་ནས་བརྩིའོ་གསུངས། ཙཻ་ཏྲཿ དཔྱིད་འབྲིང་ནག་པ། བཻ་ཤཱ་ཁཿ དང་། བི་ཤཱ་ཁཿ དཔྱིད་ཐ་ཆུང་ས་ག་ཟླ་བ། ཛྱེཥྛཿ དབྱར་ར་བ་སྣྲོན། ཨཱ་ཥཱ་ཌྷཿ དབྱར་འབྲིང་པོ་ཆུ་སྟོད། ཤྲཱ་བ་ཎཿ དབྱར་ཐ་ཆུང་གྲོ་བཞིན། བྷཱ་དྲ་པ་དཿ སྟོན་ར་བ་ཁྲུམས་སྨད། ཨཤྭི་ནཿ སྟོན་འབྲིང་ཐ་སྐར། ཀཱ་རྟི་ཀཿ སྟོན་ཐ་ཆུངས་སྨིན་དྲུག མཱརྒ་ཤཱིརྵཿ དགུན་ར་བ་མགོ པཽ་ཥཿ དགུན་འབྲིང་རྒྱལ་ཟླ། མཱ་གྷཿ དགུན་ཐ་ཆུང་མཆུ་ཡི་ཟླ་བ་སྟེ་ཐམས་ཅད་དུ་མཱ་སཿ ཞེས་མཇུག་ཏུ་སྦྱར་བས་ཟླ་བའི་མིང་ངོ་། །འདི་དག་ཉ་སྐར་གྱི་མིང་ཡིན་ནོ། །བསྐལ་པའི་མིང་། ཀལྤཿ བསྐལ་པ། ས་བརྟྟཿ ཡང་དག་འཇུག མ་ཧཱ་ཀལྤཿ བསྐལ་པ་ཆེན་པོ། བྷ་དྲ་ཀལྤཿ བསྐལ་པ་བཟང་པོ། སྟེ་དེ་བཞིན་དུ་བསྐལ་པའི་མིང་གཞན་ཡང་ཤེས་པར་བྱའོ། །བི་བརྟྟ་ཀལྤཿ འཆགས་པའི་བསྐལ་པ། ལོ་ཀ་སཾ་བྷ་བཿ འཇིག་རྟེན་འབྱུང་བ། ཨནྟར་ཀལྤཿ བར་གྱི་བསྐལ་པ། སཾ་བརྟྟ་ཀལྤཿ འཇིག་པའི་བསྐལ་པ། ལོཀ་པིབྷ་བཿ འཇིག་རྟེན་འཇིག་པ། རོ་གཱནྟ་ར་ཀལྤཿ ནད་ཀྱི་བསྐལ་པ་བར་མ། དུརྡྷི་ཀྵཱནྟ་ར་ཀལྤཿ མུ་གེའི་བསྐལ་པ་བར་མཿ ཤཱསྟྲཱནྟ་ར་ཀལྤཿ མཚོན་གྱི་བསྐལ་


MR26_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

པ་བར་མ། བྲ་ལ་ཡཿ འཇིག་དུས། ཀྵ་ཡཿ ཟད་པ། ཀལྤཱནྟཿ བསྐལ་པའི་མཐའ། ཏེ་ཛསྶམྦརྟ་ནཱི། མེས་འཇིག་པ། དེ་བཞིན། ཨཔ྄། ཆུ། བཱ་ཡུ། རླུང་གིས་འཇིག་པ་ལ་སྦྱར་རོ། །ཨུཏྐརྵཿ ཡར་སྐྱེ་བ། ཨ་པ་ཀརྵཿ མར་འགྲིབ་པ། ཀྲྀ་ཏ་ཡུ་གམ྄། རྫོགས་ལྡན་གྱི་དུས། དེ་བཞིན་ཡུ་གམ྄་མཇུག་ཏུ་སྦྱར་བའི། ཏྲེ་ཏཱ། གསུམ་ལྡན། དྭཱ་པརཿ ཆ་གཉིས་སམ་གཉིས་ལྡན། ཀ་ལི་ཡུ་གཾ་རྩོད་པའི་དུས་སོ། །འཆི་མེད་མཛོད་ལས་རྫོགས་ལྡན་ལ་མི་ལོ་ས་ཡ་གཅིག་དང་བདུན་འབུམ་ཉི་ཁྲི་བརྒྱད་སྟོང་། སུམ་ལྡན་ལས་ཡ་གཅིག་དང་ཉིས་འབུམ་དགུ་ཁྲི་དྲུག་སྟོང་། ཉིས་ལྡན་ལ་བརྒྱད་འབུམ་དྲུག་ཁྲི་བཞི་སྟོང་། རྩོད་ལྡན་ལ་བཞི་འབུམ་སུམ་ཁྲི་ཉིས་སྟོང་ངོ་། །དུས་བཞིའི་མི་ལོའི་གྲངས་བརྩི་ཚུལ་འདི་དུས་འཁོར་རྒྱུད་དང་འདྲ་བར་སྣང་ངོ་། །མིའི་དུས་བཞི་སྟོང་ཕྲག་གཅིག་ལ་བསྐལ་པ་སྟེ་ཚངས་པའི་ཉིན་མོ་གཅིག་དང་ཚད་མཉམ་པ་སོགས་ཀྱིས། མཚུན་དང་ལྷ་དང་ཚངས་པའི་ཞག་བརྩི་ཚུལ་གསུངས་སོ། །ཨ་དྷུ་ནཱ། ཞེས་པ་དང་། སཱཾ་པྲ་ཏཾ། ཞེས་པ་དང་། ཨི་དཱ་ནཱིཾ། དང་། ཨེ་ཧརྟི་སདྱཿ ཞེས་པ་འདི་རྣམས་ད་ལྟར་རམ། དེང་སང་ངམ། ད་ལྟ་ནའམ། དེ་མ་ཐག་ཏུའམ། འཕྲལ་དུ་དང་མོད་ལ། ཞེས་པའི་དོན། ཏོ། །རི་གི་ཏི། དང་། ཛྷ་ཊི་ཏི། ཞེས་པ་ཡུད་ཙམ་དང་ཨུད་ཅེས་སམ། སྤྱོད་ཅེས་པའི་དོན་ཏོ། །ས་མ་ན་ནྟ་རམ། དེ་མ་ཐག །ཨཙྪ་ཊ་སཾ་གྷཱ་ཏ་མཱ་ཏྲཾ། སེ་གོལ་གཏོགས་པ་ཙམ། བྷཱུ་ཏ་པཱུརྦམ྄། སྔོན་བྱུང་བ། ནི་རྒ་ཏཿ བྱུང་བའམ་འདས་པ། ཨ་ཏི་ཀྲཱནྟཿ འདས་པ། ཨ་ཏཱི་ཏ། འདས་པ། པཱུརྦཱནྟཿ སྔོན་གྱི་མཐའ་འམ་མུ། པཱུརྦ་ཀོ་ཊི། ཡང་དེ་དང་འདྲ། པཱུརྦ་ཀཱ་ལཿ སྔོན་གྱི་དུས་སམ་ཚེ། ཨ་བྷཱུ་ཏ། དང་། ཨ་སཱི་ཏྲི། བྱུང་ངམ་བྱུང་བར་གྱུར་ཅེས་སོ། །ཏེ་ན་ཀཱ་ལེན། དེའི་ཚེ་དེའི་དུས་ན། ཏེ་ན་སམ་ལེན། དེའི་དུས་ན། བརྟྟ་མཱ་ནཿ ད་ལྟར། པྲ་ཏྱུཏྤནྣཿ ད་ལྟར་བྱུང་བ། ཨ་དྷུ་


MR26_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ནཱ། དང་། སཱཾ་པྲ་ཏཾ། དང་། ཨི་དཱ་ནཱིཾ། དང་། ཨེ་ཧརྟིས་བྱཿ འདི་རྣམས་གང་ཡང་ད་ལྟར་རམ་དེང་སང་ངམ་དེ་ལྟ་ནའམ། དེ་མ་ཐག་ཏུའམ་འཕྲལ་དུའམ་མོད་ལ་ཞེས་པའི་དོན་དུ་འགྱུར་རོ། །ཨ་ནཱ་ག་ཏཿཀཱ་ལཿ མ་འོངས་པའི་དུས། བཤྩི་མ་ཀཱ་ལཿ ཕྱི་མའི་དུས། ཨཱ་གཱ་མཱི། ཕྱི་མའམ་ཕྱིས་འབྱུང་བ། བྷ་བིཥྱ་ཏ། འང་སྔ་མ་དང་འདྲ། ཨ་པ་རཱནྟཿ ཕྱི་མའི་མཐའ་ཞེས་སོ། །དཱིརྒ་རཱ་ཏམ྄། ཡུན་རིང་པོ། ཙིར་ཀཱ་ལཿ དུས་སམ་ཡུན་རིང་ངོ་། །ཏྲེ་ཡ་དྷ། དུས་གསུམ། ཏྲིསྐཱ་ལ། འང་དུས་གསུམ། སནྡྷ་ཀཱ་ལཿ དུས་མཚམས། ཏྲི་སནྡྷི། གསུམ་མཚམས་ཏེ་དུས་གསུམ་གྱི་མཚམས་ཀྱི་མིང་ངོ་། །ཏངྐཱ་ལ། དེ་དུས་སམ་དུས་འདི། ཨཱ་ཡ་ཏིཿ ཕྱི་མའི་དུས། བརྦཿ དུས་ཐོག་མའི་མིང་། ཨཱ་དིཿ ཐོག་མའམ་དང་པོ། པྲ་མ་ཐ། དང་པོ། པཱུརྦྦཿ སྔོན་མ། པཽ་རསཏྱཿ སྔ་བ། ཨཱ་དྱཿ རྩོམ་བྱེད་དམ་སྔར་བྱུང་ཞེས་སོ། །ཐ་མའི་མིང་། ཨནྟཿ མཐའ། ཙ་ར་མཾ། ཐ་མ། ཛ་གྷ་ནྱཾ། ཕྱི་མ། ཨནྟྱཾ། གཤམ་མམ་རྗེས་མ། པཱཤྩ་ཏྱཾ། སླད་མ། པཤྩི་མཾ། ཕྱི་མཐའ། ཞེས་སོ། །པརྦཿ དུས་སྟོན་ནམ་དུས་ཚིགས། མ་ཧཿ དུས་སྟོན། མ་ཧཱ་མ་ཧ། དུས་སྟོན་ཆེན་པོ། ཛཱ་ཏི་མ་ཧ། བཙས་པའི་དུས་སྟོན། ཛཱ་ཊ་མ་ཧཿ རལ་པ་བྲེགས་པའི་དུས་སྟོན། ཙཱུ་ཌཱ་མ་ཧ། གཙུག་ཕུད་ཀྱི་དུས་སྟོན། པཉྩ་བརྵི་ཥ་མ་ཧཿ ལོ་ལྔའི་དུས་སྟོན། ཥ་ཊཱ་བརྵི་ཀ་མ་ཧཿ ལོ་དྲུག་གི་དུས་སྟོན། ཀུ་ཊཱི་མ་ཧ་གཙུག་ལག་ཁང་གི་དུས་སྟོན་ཞེས་བྱའོ། །ཨུཏྶ་པཿ དགའ་སྟོན་ནོ། །པཽརྞྞ་མཱ་སཱི། ཟླ་བ་གང་བ་སྟེ་ཉ། དེ་ལ་རཱ་ཀཱ། འཛིན་ཕྱེད་དམ་དགེ་སྦྱིན་ཟེར། ཨ་མཱ་བཱ་སྱ། གནམ་སྟོང་། དང་། ཀུ་ཧཱུཾཿ སྟོང་ཆེན་ཀྱང་ཟེར། ཨེ་ཀ་ཏི་ཐི། ཚེས་གཅིག་སོགས་ནས་བརྩིའོ། །འཆི་མེད་མཛོད་ལས། ནི་མེ་ཥཿ མིག་འཛུམ། དེ་བཅོ་བརྒྱད་ལ། ཀཱཥྛཱི། ཉུང་གནས། དེ་སུམ་ཅུ་ལ། ཀ་ལཱ། ཆ་ཤས། དེ་སུམ་ཅུ་ལ། ཀྵ་ཎཿ སྐད་ཅིག །དེ་བཅུ་གཉིས་ལ། མུ་ཧཱུརྟྟཿཡུད་ཙམ།


MR26_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སུམ་ཅུ་ལ། ཨ་ཧོ་རཱ་ཏྲཿ ཉིན་ཞག དེ་བཅོ་ལྔ་ལ། པཀྵཿ ཕྱོགས། ཕྱོགས་གཉིས་ལ། མཱ་སཿ ཟླ་བ། མཆུ་སོགས་ཟླ་བ་གཉིས་གཉིས་ལ། རྀ་ཏུཿ དུས་ཚིགས། དེ་གསུམ་ལ། ཨ་ཡ་ནཾ། འགྲོད་པ། ཨུཏྟ་རཱ་ཡ་ནཾ། བྱང་བགྲོད། དཀྵི་ཎཱ་ཡ་ནཾ། ལྷོ་བགྲོད། དེ་གཉིས་ལ། བཏྶ་རཿ ལོ་ཞེས་བཤད། དེའི་མིང་། སམྦཏྶ་རཿ བགྲང་བྱ་སོགས་སོ། །དགུན་ར་བ་མགོ་ཡི་ཟླ་བ་ལ་ལོ་ཡི་དང་པོ་ཞེས་བཤད། དེ་ནས་དགུན་འབྲིང་སོགས་གོང་དུ་བསྟན་པ་དང་འདྲ། དུས་དྲུག་ལ། མགོ་དང་རྒྱལ་ཟླ་གཉིས་དགུན་སྟོད། ཧེམནྟཿ ཁ་བའི་དུས། མཆུ་དང་དབོ་ཟླ་དགུན་སྨད། ཤི་ཤིར། བསིལ་དུས་ནག་པ་དང་ས་ག་དཔྱིད་ཀ དེའི་མིང་མེ་ཏོག་ལྡན་དུས་དང་དགའ་བྱེད་ཟེར། སྣྲོན་ཆུ་སྟོད་སོས་ཀ དེ་ལ་ཚ་བ་དང་དྲོ་བའི་དུས་ཟེར། གྲོ་བཞིན་ཁྲུམས་སྟོད་ཟླ་བ་གཉིས་དབྱར་ཀ་དང་ཆར་དུས་ཟེར། དབྱུག་སྨིན་གཉིས་སྟོན་ཀའོ། །ཨ་དྷི་ཀཿ ལྷག་པའམ་བཤོལ་ཏེ་ཟླ་བཤོལ་དང་ཟླ་ལྷག་སོགས་ལ་འཇུག་གོ ། ༈ མཁས་བྱའི་གནས་བརྒྱད་པ་བདེན་པ་བཤད་པའི་མིང་གི་རྣམ་གྲངས་ལ། ས་ཏྱམ྄། བདེན་པ། ཨཱཪྱ་སཏྱཾ། འཕགས་པའི་བདེན་པ། དུཿཁས་ཏྱཾ། སྡུག་བསྔལ་བདེན་པ། ས་མུ་ད་སཏྱཾ། ཀུན་འབྱུང་བདེན་པ། ནི་རོ་དྷ་ས་ཏྱཾ། འགོག་པའི་བདེན་པ། མཱརྒ་ས་ཏྱཾ། ལམ་གྱི་བདེན་པ། ཞེས་དང་། ཡང་། སམྦྲྀ་ཏི་སཏྱཾ། ཀུན་རྫོབ་བདེན་པ། པ་ར་མརྠ་སཏྱཾ། དོན་དམ་བདེན་པ། ཞེས་དང་། གཞན་ཡང་དེའི་རྣམ་གྲངས། བྱ་བ་ཧཱ་ར་ས་ཏྱཾ། ཐ་སྙད་ཀྱི་བདེན་པ། ལཀྵ་ཎཾ་སཏྱཾ། མཚན་ཉིད་ཀྱི་བདེན་པ་སོགས་སུ་བརྗོད་དོ། །སྡུག་བསྔལ་བདེན་པ་ལ། གང་དུ་སྐྱེ་བ། སྣོད་ཀྱི་འཇིག་རྟེན་དང་། གང་སྐྱེ་བ་སེམས་ཅན་ཀྱི་འཇིག་རྟེན་གཉིས། ལོ་ཀཿ འཇིག་རྟེན། བ་ཧིརྡྷཱ་པ་ཏྲཾ་ལོ་ཀཿ ཕྱི་སྣོད་ཀྱི་འཇིག་རྟེན། ཨ་དྷྱཱཏྨ་ས་ཏྭ་ལོ་ཀཿ ནང་སེམས་ཅན་གྱི་འཇིག་རྟེན། ཕྱི་སྣོད་ལ། བཱ་ཏ་མཎྜ་


MR26_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ལཿ རླུང་གི་དཀྱིལ་འཁོར། དེ་བཞིན། ཨུ་ད་ཀ །ཆུ། པྲྀ་ཐི་བཱི། ས་དང་། ཨཱ་ཀཱ་ཤ་ནམ་མཁའ། ཨགྣི། མེ་སྟེ་འབྱུང་བ་ལྔ། །༈ བྱེ་བྲག་ཏུ་ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་ལས། དང་པོ་རང་རེ་གནས་པའི་ས་སྟེང་བའི་འཇིག་རྟེན་ལ་འདོད་པའི་མི་དང་ལྷ་ཡི་གནས་གཉིས་ལས་མི་ཡི་གནས་ཀྱི་མིང་། པཱུརྦ་བི་དེ་ཧིཿ ཤར་གྱི་ལུས་འཕགས། དེ་ཧཿ ལུས། བི་དེ་ཧ། ལུས་འཕགས། ཛམྦུ་དྭཱི་པ། འཛམ་བུ་གླིང་། དྭཱི་པཿ ནི་ཆུ་གཉིས་ཀྱི་བར་ཞེས་པའི་དོན་དུའང་འགྱུར་ཏེ། གང་ལྟར་ཡང་གླིང་གི་མིང་ཡིན་ནོ། ། ཛམྦུ་ཥཎྜཿ འཛམ་བུའི་ཚལ་ཞེས་པའམ་འཛམ་བུའི་གླིང་གི་མིང་དུ་འགྱུར། ཤིང་ཛམྦུ་ཞེས་པ་ཡོད་པ་ལས་མིང་དེ་སྐད་བཏགས་པའོ། །ཙཱ་མ་རཿ རྔ་ཡབ། ཨ་པ་ར་ཙཱ་མ་རཿ རྔ་ཡབ་གཞན། ཨ་པ་ར་གོ་དཱ་ནཱི་ཡཿ ནུབ་ཀྱི་བ་ལང་སྤྱོད། ཤཱ་ཋཱ། གཡོ་ལྡན། ཨུཏྟ་ར་མནྟྲི་ཎཿ ལམ་མཆོག་འགྲོ། ཨུཏྟ་ར་ཀུ་རུཿ བྱང་གི་སྒྲ་མི་སྙན་ཏེ། ཀུ་ངན་པ་དང་རུ་སྒྲའི་མིང་ཡིན་ནོ། །ཀུ་ར་བཿ སྒྲ་མི་སྙན། ཀཽ་ར་བཿ སྒྲ་མི་སྙན་གྱི་ཟླ་སྟེ། གླིང་བཞི་དང་གླིང་ཕྲན་བརྒྱད་ནི་མི་ཡི་གནས་སོ། །གོ་ལའི་གཞི་ལ་གནས་པ་སོགས། ཨནྟ་རིཀྵ་བཱ་སི་ནཿ བར་སྣང་ལ་གནས་པ་སྟེ། དེ་འདྲའི་ལྷ་ཕྲན་རྣམས་ཀྱང་རྒྱལ་ཆེན་རིགས་བཞི་པའི་ལྷར་གཏོགས། དེར་མ་ཟད་རྒྱ་མཚོ་ལ་གནས་པའི་ཀླུ་གཙོ་བོ་ཡི་རིས་སུ་གཏོགས་པ་དག་ཀྱང་རྒྱལ་ཆེན་བཞིར་གཏོགས་པ་ཡོད། ཙ་ཏུཾརྨཱ་ཧཱ་རཱ་ཛ་ཀཱ་ཡི་ཀཱ། རྒྱལ་ཆེན་བཞིའི་རིས། ཏྲ་ཡ་སཏྲིཾ་ཤཱཿ སུམ་ཅུ་རྩ་གསུམ་པ། ཡཱ་མཱཿ འཐབ་བྲལ། ཏུ་ཥི་ཏཱཿ དགའ་ལྡན། ནིརྨཱ་ཎ་ར་ཏ་ཡཿ འཕྲུལ་དགའ་བར་ནིརྨི་ཏ་བ་ཤ་བརྟིནཿ གཞན་འཕྲུལ་དབང་བྱེད་དེ་འདོད་ལྷ་རིགས་དྲུག་པོའི་མཐའ་བྲལ་ཡན་ཆད་ས་ལ་མ་བརྟེན་པས། ས་བླ་བར་གཏོགས་རི་རབ་ཀྱང་རིམ་བཞིར་གནས་པའི་ལྷ་རིགས་བཞི་ཡང་རྒྱལ་ཆེན་བཞིར་གཏོགས། ས་བླ་བ་གཟུགས་ཁམས་ཀྱི་གནས་རིས་བཅུ་བདུན་ནི། བྲཧྨ་ཀཱ་


MR26_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཀཱཿ ཚངས་རིས། བྲཧྨྱ་པ་རིཥ་དྱཱཿ ཚངས་འཁོར་ཞེས་དེ་ཡང་དེ་ཡི་མིང་དུ་རུང་། བྲཧྨ་པུ་རོ་ཧི་ཏཱཿ ཚངས་པ་མདུན་ན་འདོན། མ་ཧཱ་བྲ་ཧྨ་ཎ། ཚངས་པ་ཆེན་པོ། དེ་གསུམ་བསམ་གཏན་དང་པོའོ། །པ་རཱིཏྟཱི་བྷཱཿ འོད་ཆུང་། ཨ་པྲ་མཱ་ཎཱ་བྷཱཿ ཚད་མེད་འོད། ཨཱ་བྷཱ་སྭ་རཱཿ འོད་གསལ་ཏེ་བསམ་གཏན་གཉིས་པ་ཞེས་པའི་གནས་གསུམ་མོ། །བསམ་གཏན་གསུམ་པ་ལ་གནས་རིས་གསུམ་སྟེ། པ་རཱི་ཏ་ཤུ་བྷཱཿ དགེ་ཆུང་། ཨ་པྲ་མཱ་ཎ་ཤུབྷཱཿ ཚད་མེད་དགེ། ཤུ་བྷ་ཀྲྀཏྶྣ། དགེ་རྒྱས་ཞེས་སོ། །བསམ་གཏན་བཞི་པ་ལ་གནས་བརྒྱད་དེ། ཨ་ན་བྷྲཀཱཿ སྤྲིན་མེད། པུཎྱ་བྲ་ས་པཱཿ བསོད་ནམས་སྐྱེས། བྲྀ་ཧཏྥ་ལཿ འབྲས་བུ་ཆེ། གནས་གཙང་ལྔ་ནི། ཨ་བྲྀ་ཧཱཿ མི་ཆེ། ཨ་ཏ་པཱཿ མི་གདུང་། སུ་དྲྀ་ཤཱཿ གྱ་ནོམ་སྣང་། སུ་དརྴ་ནཱཿ ཤིན་ཏུ་མཐོང་། ཨ་ཀ་ནིཥྛཱཿ འོག་མིན། དེ་ལ། ཨ་གྷ་ནིཥྛཱཿ གཟུགས་ཀྱི་མཐའ་དང་། མ་ཧཱ་མ་ཧེ་ཤྭ་རཱ་ཡ་ཏ་ནམ྄། དབང་ཕྱུག་ཆེན་པོ་ཆེ་བའི་གནས། ཞེས་ཀྱང་བརྗོད་དོ། །གཟུགས་མེད་བཞིའི་མིང་། ཨཱ་ཀཱ་ཤཱ་ནནྟྱཱ་ཡ་ཏ་ནམ྄། ནམ་མཁའ་མཐའ་ཡས་སྐྱེ་མཆེད། བི་ཛྙཱ་ནཱ་ནནྟྱ་ཡཏ་ནཾ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད། ཨཱ་ཀིཉྩ་ནྱཱ་ཡ་ཏ་ནམ྄། ཅི་ཡང་མེད་པའི་སྐྱེ་མཆེད། ནཻ་བ་སཾ་ཛྙཱ་ནཱ་སཾ་ཛྙཱ་ཡ་ཏ་ནམ྄། འདུ་ཤེས་མེད་འདུ་ཤེས་མེད་མིན་གྱི་སྐྱེ་མཆེད། དེ་ཡི་མིང་དུ་སྲིད་པའི་རྩེ་མོའང་ཟེར། ༈ དེ་ལྟར་ལྷ་དང་མིར་གཏོགས་པའི་འཇིག་རྟེན་དེ་དག་ལ་མཐོ་རིས་ཟེར་ཏེ། དེའི་མིང་གི་རྣམ་གྲངས། སྭརྒཿ མཐོ་རིས། སུ་ག་ཏིཿ བདེ་འགྲོ། སཾ་ག་ཏིཿ བཟའ་འགྲོ། ཨ་བྷྱུ་ད་ཡཿ མངོན་པར་མཐོ་བ་ཞེས་གསུངས། དེ་ལ་ལྷ་དང་མི་གཉིས་ལས། དེ་བིཿ ལྷ་ཡུལ། དེ་བ་ལོ་ཀཿ ལྷའི་འཇིག་རྟེན་ཏེ་ལྷ་ཡུལ་ལ་མཐོ་རིས་ཀྱི་མིང་བྱེ་བྲག་ཏུ་ཞུགས་པའི་སྐབས་ཀྱང་ཡོད་དོ། །བྷཱུ་བིཿ སའི་སྟེང་། མ་ནུ་ཥྱ་ལོ་ཀཿ མིའི་འཇིག་རྟེན།


MR26_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་མིའི་ཡུལ་དེ་དག་ན། པཉྩ་ཀཱ་མ་གུ་ཎཱཿ འདོད་པའི་ཡོན་ཏན་ལྔ། ཡོད་ཅིང་དེས་དགའ་བར་བྱེད་མོད་ཀྱི། བ་དྷ་ཀཱཿ ཀཱ་མཱཿ འདོད་པ་རྣམས་ནི་གསོད་པ། ཨཱ་དཱིཔྟཱཿཀཱ་མཱཿ འདོད་པ་རྣམས་ནི་ཀུན་ཏུ་འབར་བ། དྷིཀྐཱ་མཱཾ། འདོད་པ་རྣམས་ནི་ངན་པའམ་སྐྱོན། ཀཱ་མཱ་ལ་ཡཿ འདོད་པ་ལ་ཞེན་པ། ཀཱ་མ་ནི་ཡནྟིཿ འདོད་པ་ལ་འཆུམ་པ། དུརྒུནྡྷཱཿ ཀཱ་མཱཿ འདོད་པ་ནི་དྲི་ང་བ། པཱུ་ཏི་ཀཱཿཀཱ་མཱཿ འདོད་པ་ནི་རུལ་བ། ཨགྣི་ཛྭཱ་ལོ་པ་མཱཿ མེ་འབར་བ་ལྟ་བུ། སརྦ་ཤཱིརྵོ་པ་མཱཿ སྦྲུལ་གྱི་མགོ་ལྟ་བུ། ཤཱུ་ལོ་པ་མཱཿ གསལ་ཤིང་ལྟ་བུ། ཨ་སི་དྷཱ་རོ་པ་མཱཿ རལ་གྲི་ལྟ་བུ། ཏནྟྲཱ་ཛ་ལ་ཛཱ་ཏཱཿ ཐགས་འཁྲུགས་པ་ལྟ་བུ། གུ་ཌཱ་གུཉྫི་ཀ་བྷཱུ་ཏཱཿ དྲུ་གུ་འཛིངས་བ་ལྟ་བུ། མུཉྫཱ་བ་ལྭ་ཛ་ཛཱ་ཏཱཿ རྩ་མུན་ཛ་དང་བལ་བ་ཛ་ལྟ་བུར་གྱུར་པ། ཨཱ་ཛཱ་བཉྫ་བ་ས་མཱ་བནྣཿ འོང་བ་དང་འགྲོ་བར་གྱུར་པ། ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ས་འོག་གི་འཇིག་རྟེན་ལ་དུད་འགྲོ་ཡི་དྭགས་དམྱལ་བ་གསུམ་ཡོད་པ་དེ་དག་གི་སྤྱི་མིང་དུ། དུརྒ་ཏིཿ ངན་འགྲོ། ཨ་པཱ་ཡཿ ངན་སོང་། བི་ནི་པཱ་ཏཿ ལོག་པར་ལྟུང་བ། ཞེས་ཟེར། དེ་ཡི་བྱེ་བྲག ཏིཪྻ་ཀཿ དུད་འགྲོའམ་བྱོལ་སོང་། ཏིཪྻ་གྱོ་ནི་ག་ཏཿ དུད་འགྲོའི་སྐྱེས་པའམ་སོང་བ། པྲེ་ཏཿ ཡི་དྭགས། ཡ་མ་ལོ་ཀཿ གཤིན་རྗེའི་འཇིག་རྟེན། པི་ཏྲྀ་བིཥ་ཡ། ཡི་དྭགས་ཀྱི་ཡུལ། ནཱ་ར་ཀཿ དམྱལ་བ། ན་ར་ཀཿ ངན་འགྲོའི་མཐིལ། ནི་ར་ཡཿ འདོད་བྲལ། འདི་དག་ཐམས་ཅད་བཅུད་ཀྱི་མིང་དང་ཐུན་མོང་བ་ཡིན་ཡང་། ཡུལ་ཟེར་ན་སོ་སོའི་མིང་ལ། བི་ཥ་ཡ། ཞེས་སྦྱར་བ་ཡིན་ལ། འཇིག་རྟེན་སྡེ་ཚན་གྱི་མིང་མ་སྨྲོས་པར་དེའི་གནས་མི་གོ་བས་དེ་ལྟར་སྨྲོས་པའོ། །ཏཱ་པ་ན་ནཱ་རཀ ཚ་བའི་དམྱལ་བ། དམྱལ་བའི་བྱེ་བྲག་ཚ་དམྱལ་བརྒྱད་ཀྱི་མིང་། སཾ་ཛཱི་བཿ ཡང་སོས། ཀཱ་ལ་སཱུ་ཏྲམ྄། ཐིག་ནག །སཾ་གྷཱ་ཏཿ བསྡུས་འཇོམས། རཽ་ར་བཿ ངུ་འབོད། མ་ཧཱ་རཽ་ར་བཿ ངུ་འབོད་


MR26_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ། ཏཱ་པ་ནཿ ཚ་བ། པྲ་ཏཱ་པ་ནཿ རབ་ཏུ་ཚ་བ། ཨ་བཱི་ཙིཿ མནར་མེད། གྲངས་དམྱལ་བརྒྱད་ནི། ཨརྦུདཿ ཆུ་བུར་ཅན། ནིར྄་བུདཿ ཆུ་བུར་རྡོལ། ཨ་ཊ་ཊཿ སོ་ཐམ་ཐམ་པ། ཧ་ཧ་བཿ ཀྱི་ཧུད་ཟེར། ཧུ་ཧུ་བཿ ཨ་ཆུ་ཟེར། ཨུཏྤལཿ ཨུད་པལ་ལྟར་གས་པ། པདྨཿ པདྨ་ལྟར་གས་པ། མ་ཧཱ་པདྨཿ པདྨ་ལྟར་གས་པ་ཆེན་པོ། ཞེས་སོ། །དམྱལ་བའི་ཉེ་འཁོར་གྱི་མིང་། ཀུཌྷུ་ལམ྄། མེ་མ་མུར་ཞེས་མེ་མུར་གྱི་འོབ་ཡིན་པར་གོ་བར་བྱའོ། །ནཱ་ར་ཀཱཿ དམྱལ་བ་པ་རྣམས་ཞེས་སོ། །དེ་ལྟར་གོང་མི་རྣམས་སུ་དོན་གོ་བའི་མིང་དུ་མ་སྦྱར་ན། སྐབས་འདིའི་མིང་འགའི་དོན་དམིགས་བསལ་ཏེ་གོ་མི་ནུས་པ་འདི་འདྲ་སྔོན་གྱི་ལོ་པཎ་ཆེན་པོ་རྣམས་ཀྱིས་སྒྲ་དང་མི་འགལ་ཞིང་དོན་གྱི་དམིགས་ཕྱེད་པའི་བརྡར་གདགས་པ་ནི་ཤིན་ཏུ་བཀའ་དྲིན་ཆེ་བས་ཤེས་དགོས་ཏེ། བརྡ་དེ་ཐོགས་ནས་དེའི་རྗེས་སུ་ཐམས་ཅད་ཀྱིས་དེ་ལྟར་བརྡ་བྱས་པས་དོན་མཐའ་དག་རྟོགས་ནུས་པ་ཡིན་ཞིང་། དེ་དག་གི་ཚིག་སོར་བཞག་ཙམ་དུ་བསྒྱུར་བ་བྱས་ན་དོན་བདེ་བླག་གོ་མི་ནུས་སོ། །ཀུ་ཎ་པམ྄། རོ་མྱགས། ཨ་སི་པཏྟྲ་བ་ན་མ྄། ལོ་མ་རལ་གྲི་ལྟ་བུའི་ནགས། དམྱལ་བའི་བུ་མོ་རྣ་བ་ནག་མོའི་མིང་ལ། ཨ་ལཀྵྨཱི། དཔལ་མེད་མ་དང་། ནིཪྲྀ་ཏི། མ་ཚོགས་མ། ཞེས་ཟེར། དེ་དག་གི་གནས་ན། ཀྵུ་ར་དྷཱ་རཱ། སྤུ་གྲིའི་སོ། ཨ་སི་དྷཱ་རཱ། རལ་གྲིའི་སོ། ཨ་ཡཿ ཤལྨ་ལི་བ་ནམ྄། ལྕགས་ཀྱི་ཤལ་མ་རིའི་ནགས། ཨ་ཡོ་གུ་ཊཿ ལྕགས་ཀྱི་ཐོ་ལུམ། ནཱ་དཱི་བཻ་ཏ་རཱ་ཎཱི། ཆུ་བོ་རབ་མེད། ཨགྣི་ཁ་དཱ། མེ་མ་མུར་གྱི་འོབས་སམ་དོང་། ཞེས་སོ། །དེ་དག་སྡུག་བསྔལ་མྱོང་བ་ནི། སཾ་ཙྪིདྱ་ཏེ། གཅོད་པ། བྷིནྡནྟི། འབིགས། བི་ཤཱིཪྻ་ཏེ། ཞིག་པར་འགྱུར་བའམ་སྙིལ་པ། ནྱངྐུ་ཊ་ནཱ་མ་པྲཱ་ཎི། འབུ་མཆུ་རྣོན་ཞེས་བྱ་བ། ཨ་ཡསྟུཎྚ་ནཱ་མཱ་རོ་བཱ་ཡ་སཿ ཁྭ་ལྕགས་ཀྱི་མཆུ་ཞེས་བྱ་བ། དེ་དག་གིས། མསྟ་ཀཾ་ནིརླི་ཁནྟི།


MR26_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཀླད་རྒྱས་འཐོགས་པ། ཨརྟྟ་སྭ་རཾ་ཀྲནྡ་ཏི། ཉམས་ཐག་པའི་ང་རོ་འབྱིན་པའམ་འོ་དོད་འབོད་པའམ་ཆོ་ངེས་འདེབས་པ། དྷཱ་བ་ཏི། རྒྱུག་པ། ཞེས་སོ། །དེ་ཡང་ཚ་དམྱལ་གྲང་དམྱལ་བཅུ་དྲུག་དམྱལ་བའི་དངོས་གཞི་དང་། ཕྱོགས་བཞིའི་ཉེ་འཁོར་བཞི་ལ་ཉེ་འཁོར་གཅིག་ཏུ་རྩིས་པ་དང་། པྲ་ཏྱཱ་ཀ་ནཱ་ར་ཀཿ ཉི་ཚེའི་སེམས་ཅན་དམྱལ་བ་སྟེ་དམྱལ་ཁམས་བཅོ་བརྒྱད་དོ། །དེ་ལྟར་སྲིད་རྩེ་ནས་མནར་མེད་པའི་བར་གྱི་འཇིག་རྟེན་དེ་དག་རིགས་རྣམ་པ་གསུམ་དུ་འདུ་སྟེ། ཀཱ་མ་དྷཱ་ཏུཿ འདོད་པའི་ཁམས། རཱུ་པ་དྷཱ་ཏུཿ གཟུགས་ཀྱི་ཁམས། ཨ་རཱུ་པ་དྷཱ་ཏུཿ གཟུགས་མེད་ཁམས་ཏེ་གསུམ་མོ། །ཡང་དེ་དག་གི་མིང་གི་རྣམ་གྲངས། ཀཱ་མཱ་བ་ཙ་རཿ འདོད་པ་ན་སྤྱོད་པ། རཱུ་པཱ་བ་ཙ་རཿགཟུགས་ན་སྤྱོད་པ། ཨཱ་རཱུ་བྱཱ་པ་ཙ་རཿ གཟུགས་མེད་ན་སྤྱོད་པ་ཞེས་བྱ་སྟེ། ཨ་བ་ཙ་ར་སྤྱོད་པའི་མིང་ངོ་། །ཡང་། ཨ་དྷོ་བྷཱུ་ལོ་ཀཿ ས་འོག་གི་འཇིག་རྟེན། བྷཱུ་བི་ལོ་ཀཿ ས་སྟེང་གི་འཇིག་རྟེན། བྷཽ་མཱ་ལོ་ཀཿ ས་བླའི་འཇིག་རྟེན་ཏེ་དེ་གསུམ་དུའང་འདུལ། ས་འོག ས་སྟེང་། ས་བླ་ན་སྤྱོད་པ་ཞེས་བརྗོད་ཀྱང་སྔ་མ་དང་འདྲའོ། །མི་རྒྱུ་བ་སྣོད་སོགས་ལ། སྡྱཱ་བ་རཿ མི་རྒྱུ་བའམ་བརྟན་པ། རྒྱུ་བ་སེམས་ཅན་ལ། ཙ་རཾ། གཡོ་བའམ་རྒྱུ་བ་ཞེས་བྱ་དང་། ཏྲསཾ། རྒྱུ་བྱེད། ཨངྒཾ། རྒྱུ་བ་པ། ཛཾག་མ། མཆོག་ཏུ་འགྲོ་བ། ཙ་རཱ་ཙ་རཾ། གཡོ་ཞིང་གཡོ་བ། ཙ་རིཥྞུ། རྒྱུ་བའི་ཚུལ་ཅན་ཞེས་སོ། །ཙ་ཏུཪྡྭཱི་པ་ཀོ་ལོ་ཀ་དྷཱ་ཏུཿ གླིང་བཞི་འཇིག་རྟེན་གྱི་ཁམས། དེ་ལས་བསྒྲེས་ཏེ། དང་པོ། སཱ་ཧ་སྲ་ཙཱུ་ཌི་ཀོ་ལོ་ཀ་དྷཱ་ཏུཿ སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས། དྭི་སཱ་ཧ་སྲོ་མ་དྷྱ་མོ་ལོ་ཀ་དྷཱ་ཏུཿ སྟོང་གཉིས་པ་བར་མའི་སྟོང་གི་འཇིག་རྟེན་གྱི་ཁམས། ཏྲྀ་སཱ་ཧ་སྲ་མ་ཧཱ་སཱ་ཧ་སྲེ་ལོ་ཀ་དྷཱ་ཏུཿ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས། ཞེས་སོ། ། དེ་ཐམས་ཅད་སྤྱི་མིང་དུ། ལོ་ཀ་དྷཱ་ཏུཿ འཇིག་རྟེན་གྱི་ཁམས་ཞེས་བྱ་ཞིང་། ངེས་ཚིག །ལུ་ཛྱ་ཏ་


MR26_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཨི་ཏི་ལོ་ཀཿ འཇིག་པས་ན་འཇིག་རྟེན། ཞེས་བརྗོད། གཞན་ཡང་འཇིག་རྟེན་གྱི་མིང་ལ། ཛ་ག་ཏཱི། འགྲོ་ལྡན། བྷུ་བ་ནཾ། སྲིད་པ། བིཥྚ་བཾ། གནས་རྟེན། ཛ་གཏ྄། འགྲོ་བ་ཞེས་ཟེར་རོ། །རང་ཅག་གནས་པའི་འཇིག་རྟེན་འདིའི་མིང་། ས་ཧཱ་ལོ་ཀ་དྷཱ་ཏུཿ མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱ། གཞན་ཡང་བདེ་བ་ཅན་སོགས་འཇིག་རྟེན་གྱི་ཁམས་སྣ་ཚོགས་ཡོད་ཅིང་། དེ་རྣམས་ལ་དག་པ་དང་མ་དག་པ་དང་བཀོད་པ་སྣ་ཚོགས་མི་འདྲ་བ་ཡོད་དོ། །སརྦ་ལོ་ཀ་དྷཱ་ཏུ་པྲ་ས་རཿ འཇིག་རྟེན་གི་ཁམས་རབ་འབྱམས་ཐམས་ཅད། བུདྡྷ་བི་ཥ་ཡཿ སངས་རྒྱས་ཀྱི་ཡུལ། བུདྡྷ་ཀྵེ་ཏྲཾ། སངས་རྒྱས་ཀྱི་ཞིང་། ཞེས་དང་། ལོ་ཀཱནྟ་རི་ཀཿ འཇིག་རྟེན་གྱི་བར། ཞེས་དང་། འཇིག་རྟེན་ལ་ལ། ཨ་བ་མཱུརྡྷཿ སྤྱིའུ་ཚུགས། ཨ་བ་མཱུརྡྷཱ་ཤ་ཡ། སྤྱི་ཚུགས་སུ་གནས་པ། བྱ་བ་ཏསྟཿ སྣེལ་གཞི། ཏིཪྻ་གློ་ཀ་དྷཱ་ཏུཿ ཐད་ཀ་བའི་འཇིག་རྟེན་གྱི་ཁམས་ཞེས་སོགས་སོ། ༈ །ཡུལ་སྤྱིའི་མིང་ལ། བི་ཥ་ཡཿ ཡུལ། དེ་ཤཿ ཡུལ་ཕྱོགས། ཨུ་པ་བརྟྟ་ནཾ། ཉེར་འཁོར། ཡུལ་གྱི་བྱེ་བྲག་པའི་མིང་མུ་མེད་པ་ཡོད་ཀྱང་། འཛམ་གླིང་ལ། བྷཱ་ར་ཏཾ། སྟེ་བྷ་ར་རས་བཟུང་བའི་ཡུལ་ཞེས་བྱ། བརྵཾ། ཆར་འབེབས་ཏེ་འཛམ་གླིང་དུ་མ་དགུ་སྤྱིར་འཇུག བྱེ་བྲག་ཡུལ་དབུས་དང་འཕགས་ཡུལ་སོགས་ཀྱི་རྣམ་གྲངས་མང་ཡང་། རྒྱ་གར་གྱི་ཡུལ་དུ་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་སོགས་ཀྱི་དབང་གིས་གྲགས་ཆེ་རིགས་ཀྱི་མིང་། དེ་བཱ་བ་ཏཱ་རཿ ལྷ་ཡུལ་ནས་བབ་པ། བཱ་རཱ་ཎ་སཱི། བོད་སྐད་དུ་སོར་བཞག བཻ་ཤཱ་ལཱི། ཡངས་པ་ཅན། བ་རི་ནིརྦཱ་ཎཾ། ཡོངས་སུ་མྱ་ངན་ལས་འདས་པ། རཱ་ཛ་གྲྀ་ཧཾ། རྒྱལ་པོའི་ཁབ། བེ་ཎུ་བ་ནཾ། འོད་མའི་ཚལ། ཀཽ་ཤམྦྷི། རང་སོར་བཞག ཤྲཱ་བ་སྲཱི། མཉན་ཡོད། ཨ་ནཱ་ཐ་པཎྚ་ད་སྱཱ་རཱ་མ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ། ཛེ་ཏ་བ་ནཾ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ།


MR26_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

པུཎྜ་བརྡྡ་ནཾ། ལི་ཁ་ར་ཤིང་འཕེལ། བོ་དྷི་མཎྜཿ བྱང་ཆུབ་སྙིང་པོ། གྲིདྡྷ་ཀཱུ་ཊ་བརྦ་ཏཿ བྱ་རྒོད་ཕུང་པོའི་རི། ག་ཡ་ཤཱིརྵཾ། ག་ཡ་མགོའི་རི། སྡྱཱུ་ཎཽ་པ་སྡྱཱུ་ཎཽ་གྲ་མཽ། ཀ་བ་དང་ཉེ་བའི་ཀ་བའི་གྲོང་། ཀ་པི་ཡ་བསྟུ་ན་ག་རཾ། སེར་སྐྱའི་གནས་ཀྱི་གྲོང་། མ་ཐུ་རཱ། བཙོ་བླག ཤྲཱི་ན་ལནྡཱ། དཔལ་ན་ལེན་ད། མ་ག་དྷཱ། སོར་བཞག ཤ་རཱ་བ་ཏཱི། འདམ་བུ་ཅན། ལུམྦི་ནཱི། སོར་བཞག་སྟེ། ལུམྦི་ནཱི། ཨིནྡྲ་ཤེལ་གུ་ཧཱ། དབང་པོའི་བྲག་ཕུག ཀུ་ཤ་ན་ག་རཾ། ཀུ་ཤའི་གྲོང་ཁྱེར། ཨུཤཱི་ར་གི་རི། ཨུ་ཤཱི་རའི་རི། ཨུཛྫཱ་ཡ་ནཱི་ན་ག་རཱིཿ གྲོང་ཁྱེར་འཕགས་རྒྱལ། ཀ་ལིངྒཿ སོར་བཞག་སྟེ། ཀ་ལིང་ག་ཞེས་འབོད། མྲྀ་ག་དཱ་བཿ རི་དགས་ཀྱི་གནས། རྀ་ཥི་བ་ད་ནཾ། དྲང་སྲོང་སྨྲ་བ། རྀ་ཥི་པ་ཏ་ནཾ། དྲང་སྲོང་ལྷུང་བ། ཀོ་ས་ལཱ། སོར་བཞག་སྟེ་ཀོ་ས་ལ་ཞེས་རིང་ཆ་མེད་པར་འབོད། སཱ་ཀེ་ཏམ྄། གནས་བཅས། ཨ་པིནྟིཿ སྲུང་བྱེད། ཙམྦཱ། ཙམ་པ། པཉྩཱ་ལཿ ལྔ་ལེན། ཨཊ་ཀ་བ་ཏཱི། ལྕང་ལོ་ཅན། ཀ་ལནྡ་ཀ་ནི་བཱ་ཥཿ བྱ་ཀ་ལན་ད་ཀ་གནས་པ། ཞེས་སོ། །བྷ་ར་ཏའི་ཡུལ་གྱི་བྱང་ཤར་ནས་ནུབ་ཕྱོགས་སུ་རྒྱ་མཚོར་འགྲོ་བའི་ཆུ་ཀླུང་འདམ་བུ་ཅན་གྱིས་མཚམས་བཅད་པའི་ཤར་དང་ལྷོའི་ཡུལ་ལྷན་ཅིག་གནས་པ་ལ། པྲཱཙྱཿ ཅེས་ཤར་ཕྱོགས་པའི་མིང་གིས་འབོད་པར་བྱེད་དོ། །དེ་བཞིན་ནུབ་དང་བྱང་ལྷན་ཅིག་གནས་པ་ལ། ཨུ་དཱི་ཙྱཿ ཅེས་བྱང་ཕྱོགས་པའི་ཐ་སྙད་འདོགས་པར་བྱེད་དོ། །དེ་དག་གི་ཡུལ་གྱི་མཐའ་མ་ཀུན་སྤྱོད་མཆོག་དང་བྲལ་བ་ནི། མླེཙྪ་དེ་ཤཿ ཀླ་ཀློའི་ཡུལ་ལོ། །ཤར་ནུབ་ཏུ་རྒྱ་མཚོ་ལ་ཐུག་ཅིང་ལྷོ་བྱང་དུ་རི་འབིགས་བྱེད་དང་གངས་རིས་བཅད་པའི་ཡུལ་དབུས་ཀྱི་མིང་དུ། ཨཱནྻྻཱ་བརྟྟཾ། འཕགས་ཡུལ། པུཎྱ་བྷཱུ་མིཿ བསོད་ནམས་ས་གཞི་ཞེས་འབོད། ཡུལ་ལྗོངས་ཆེན་པོ། ཨངྒ། བངྒ། ཀ་ལིངྒ་། པཉྩ་ལཱ་སོགས་ཀྱི་སྤྱི་མིང་། ནཱི་བྲྀཏ྄། མངའ་རིས། ཛ་ན་པ་དཿ སྐྱེ་བོའི་ལྗོངས་ཞེས་ཟེར། ས་གང་དུ་འདམ་བུ་མང་པོ་ཡོད་པ་ཅན་གྱི་ཡུལ་ལ།


MR26_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཌ྄་ཌཱ་ན྄། འདམ་བུ་ཅན། ན་་ལཿ འདམ་བུ་ཡོད་པ། དེས་མཚོན་ནས་ཀུ་མུད་ཅན་སོགས་སུ་གདགས་པའོ། །ཨོ་རྒྱན། ཤམ་བྷ་ལ་སོགས་བཀོད། ༈ །བྱེ་བྲག་ཏུ་གནས་མཁར་དང་ཁྱིམ་ལ་སོགས་པའི་མིང་ལ། ཀོ་ཏྲཿ མཁར། དུརྒཿ རྫོང་སྟེ་འགྲོ་དཀའ་བའི་དོན་ཏོ། །པཱུརྦ་ཛི་ནཱ་དྷྱུ་ཥི་ཏཾ། སྔོན་གྱི་རྒྱལ་བ་བཞུགས་བཞུགས་པ། ལྷའི་གནས་ཀྱི་མིང་། བཻ་ཛ་ཡནྟཿཔྲཱ་སཱ་དཿ རྣམ་པར་རྒྱལ་བའི་ཁང་བཟང་། དེ་བ་ས་བྷཱ། ལྷའི་འདུན་ས། ཨ་སུ་རས་བྷཱ་སུ་དྷ་ནཱ། ལྷ་མ་ཡིན་གྱི་འདུན་ས་ནོར་བཟང་། ཞེས་སོ། །ལྷ་མི་སོགས་ཀྱི་གནས་སྣ་ཚོགས་མིང་། ལི་པི་ཤཱ་ལཱ། ཡི་གེ་སློབ་པའི་གྲྭ་ཁང་། ཀུཊཱ་གཱ་རཾ། ཁང་པ་བརྩེགས་པ། ཨ་བ་ས་ཐཿ འདུག་གནས། པུར྄། དང་། པཱུ། དང་། གྲཱ་མཿ གྲོང་ངམ་གྲོང་ཆུང་། གྲཱ་མོ་པ་བི་ཙཱ་རཿ གྲོང་གི་ཉེ་འཁོར། པུ་རཾ། དང་། པུ་རི། དང་། པུ་རཱི། གྲོང་ཁྱེར། ན་ག་རཾ། དང་། ན་ག་རཱི། གྲོང་ཁྱེར་ཏེ་འགྲོ་མེད་ཅེས་རི་དང་འདྲ་བར་མི་འགྲོ་བའི་དོན་ནོ། །གྲོང་ཁྱེར་དེ་ལ་གྲོང་བརྒྱད་བརྒྱའི་ཐ་སྙད་ཡོད། དེ་ལ་ཚོང་ཁང་དང་ཕོ་བྲང་ཅན་སོགས་ཀྱི་མིང་འཆི་མེད་མཛོད་ལས་གསུངས། ནི་ག་མཿ གྲོང་རྡལ་ཏེ་མི་མང་ཡོད་ས། སཾ་བ་ས་ཐཿ གྲོང་རྡལ་ཏེ་མི་རིགས་བཞི་སོགས་མ་འདུས་པའི་གྲང་མང་པོ་ལྕགས་རི་སོགས་མེད་པའི་མིང་། བགྲོད་དཀའ་ལྕགས་རི་སོགས་ཀྱིས་བསྐོར་བའི་གྲོང་ཆེན་པོ་ལ། སྡྱཱ་ནཱི་ཡཾ། འཇིགས་མེད་གནས། སཱི་མཱ། གྲོང་མཚམས། གྷོཥཿ འབྲོག་ཁྱིམ་སྟེ་ཕྱུགས་རྫིའི་གྲོང་ངམ་ཁང་པ་ལའང་འཇུག ཨཱ་བྷཱི་ར་བལླཱི། ཕྱུགས་རྫིའི་གྲོང་། བཀྐ་ཎཿ འཚེ་བྱེད་དེ་རི་ཡི་རྔོན་པའི་གྲོང་། ཤ་བ་རཱ་ལ་ཡཿ རྔོན་པའི་གནས། ཛ་ན་པ་དཾ། ལྗོངས་སམ་ཡུལ་གྱི་སྐྱེ་བོའི་གནས། རཱཥྚ། ཡུལ་འཁོར། རཱ་ཛཱ་དྷཱ་ནཱི། རྒྱལ་པོའི་ཕོ་བྲང་། པུ་ར། གྲོང་ཁྱེར་རམ་ཕོ་བྲང་། ཨུ་པ་ཀྐཱནྻྻཱ་། ཕོ་བྲང་། ཨུ་པ་ཀཱ་རི་ཀཱ། རྒྱལ་ཁང་། ཨུ་པ་ཀཱ་ལི་ཀཱ།


MR26_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཁབ། གཞན་ཡང་རྒྱལ་པོའི་ཁང་པ། རྒྱལ་པོའི་གནས་ཁང་སོགས་སུ་བཏགས་པ་ཐམས་ཅད་དོ། །ཕོ་བྲང་གི་བྱེ་བྲག་བཀོད་པ་ལ། སྭ་སྟི་ཀཿ བཀྲ་ཤིས་ཅན་ནམ་བདེ་ལེགས་ཅན་ཏེ་གྲུ་བཞི་སྒོ་བཞི་རྟ་བབ་ཡོད་པ་དང་། སརྦ་ཏོ་བྷ་དྲཿ ཀུན་བཟང་སྟེ་སྟེང་ནས་སྟེང་དུ་ཁང་བརྩེགས་ཅན་དང་། ནཾ་དྱཱ་བནྟཿ དགའ་བ་འཁྱིལ་བ་སྟེ་ཟླུམ་པོའི་རྣམ་པ་ཅན་སོགས་དབྱེ་བ་ལྔ་དང་། བཅུ་གཉིས་དང་། ཉི་ཤུ་སོགས་ཡོད་པར་བཤད་དོ། །སཽ་དྷཿ བདུད་རྩི་ཅན་ཏེ་རྒྱལ་པོའི་ཕོ་བྲང་ཁྱད་པར་ཅན་གྱི་མིང་། ཁང་ཁྱིམ་སྤྱིའི་མིང་། གྲྀ་ཧཾ། ཁྱིམ་མམ་ཁང་བ་ལྡུམ་སར་ཡང་འབོད། ཨ་གཱ་རཾ། དང་། གེ་ཧཾ། དང་། ཀེ་ཧཾ། ཁྱིམ། ཨུ་ད་བ་སི་ཧཾ། ཆུ་སྐྱོབ། ནི་ཀེ་ཏ་ནཾ། གནས་གཞི། ནི་ཤནྟཾ། མཚན་བགྲོད། སཱ་ད་ནཾ། ཆགས་བྱེད། པ་རི་ག་ཎཿ ཁང་ཁྱིམ། བྷ་བ་ནཾ། གནས་སམ་ཁང་པ། གྷ་རཾ། དང་། ནི་ལ་ཡཿ གནས་སམ་ཚང་ངམ་ཁང་ཁྱིམ། ལ་ཡ་ནཾ། གནས་ཁང་། ཀུ་ཊ། དང་། ཀུ་ཊི། དང་། བེ་ཤྨཿ ཁང་པ། པྲཱ་སཱ་དཿ ཁང་བཟང་སྟེ། ཁང་པ་ལའང་འབོད། ཤཱ་ལཱ། བགྲོད་བྱ་སྟེ་དེ་ཡང་གནས་ཁང་ལ་འཇུག ཨོ་ཀཿ ཁྱིམ་དང་། ཨོ་ཀསྲ། ཕིབས་ལ་འཇུག སདྨཿ གནས་ཁང་། བསྡྱཾ། གནས། མིནྡི་རཾ། ཉལ་གནས། ཨཱ་ལ་ཡཿ གནས་ས། བཱ་སཿ འདུག་གནས་སོགས་སོ། །གནས་ཁང་དེའི་བྱེ་བྲག ས་ཁང་ཤིང་ཁང་རྡོ་ཁང་སོགས་རྒྱུ་ཡི་ཁྱད་པར་ལས་བཏགས་པའི་མིང་དང་སྦྱར་བས་སྣ་ཚོགས་སུ་འགྱུར། ཐུབ་པ་རྣམས་ཀྱི་འཇག་སྤྱིལ་ལ། ཨ་གཱ་དཾ། སྤྱིལ་པོ། པརྞྞ་ཤཱ་ལཱ། དང་། པརྑ་ཀུ་ཊཱི་ཀཱ། ལོ་མའི་སྤྱིལ་པོ། ཏྲཱྀ་ཎ་ཀུ་ཊི། སྤྱིལ་པོའམ་རྩྭ་ཁང་། ཨུ་ཊ་ཛཿ རྩྭ་སྐྱེས་སྐྱིལ་པོ་ཟེར། མནྡུ་རཿ རྟ་ཁང་། ཤིལྤི་ཤཱ་ལཱ། བཟོ་ཁང་། སོགས་ཀྱི་མིག་དང་། པྲ་པཱ། ཆུ་ཁང་སྟེ་བཏུང་བའི་གནས། ས་ཏྲུ་ཤཱ་ལཱཿ གྲྭ་ཁང་། ངམ་དགྲ་ཁང་། སོགས་ཀྱི་མིག་མང་ངོ་། །ཀཱ་རཱ། བཙོན་ཁང་། དེ་ལ། བནྡྷ་ནཱ་ཡ་ལཿ


MR26_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

འཆིང་གནས་ཀྱང་ཟེར། དེ་བ་གྲི་ཧཿ ལྷ་ཁང་། བཻ་ཤཿ འཇུག་གནས་ཏེ་སྨད་འཚོང་མའི་ཁྱིམ། ཨཱ་པ་ནཿ བརྗེ་གནས་སམ་ཚོང་ཁང་། ས་བྷཱ། འདུན་ཁང་། མ་ཋཿ བླ་མའི་གནས་སམ་དགེ་འདུན་གྱི་གནས་ཏེ་བོད་དུ་དགོན་སྡེ་ཞེས་འབོད་པའི་མིང་ཡང་དེ་ཡིན་ནོ། །པྲ་ཏི་ཤྲ་ཡཿ དགོན་གནས། གནྡྷ་ཀུ་ཊཱི། དྲི་གཙང་ཁང་། བི་ཧཱ་རཾ། གཙུག་ལག་ཁང་སྟེ་ནང་པའི་གཙུག་ལག་ཡོད་པའི་སྒེར་མིང་ངོ་། །པརྵ་ཀཿ དབྱར་ཁང་། མཱ་ཊཱ། རྔ་ཁང་། དཎྚ་ཙྪ་ད་ནཾ། ཡོལ་ཁང་། ཕལ་ཀཙྪ་ད་ནཾ། སྤང་ལེབ་ཁང་། ཀཱ་ཡ་མཱ་ཎཾ། སབ་མོ། བཱ་ཌ་དཌྜི་ཀཱ། སབ་མོས་བསྐོར་བའམ་རིབ་མས་བསྐོར་བ། བཱ་ཏཱ་གྲཏྤ་ཏི་ཀཱཿ སྒོ་ཁང་སྟེང་གི་བསིལ་ཁང་། ཀུ་ཏཱུ་ཧ་ལ་ཤཱ་ལཱ། རྟོག་ཁང་། ས་བྷཱ་མཎྚ་བཿ འདུན་ཁང་། པཏྟ་ནཾ། ཚོང་རྡལ་ལམ་ཚོང་འདུས། ཧ་ཌཱ། ཚོང་འདུས། མཱ་ལྱཱ་བ་ཎཿ མེ་ཏོག་ཕྲེང་བའི་ཚོང་ཁང་། པཎྱཱ་པ་ཎཿ ཟོང་དགྲམ་པའམ་ཚོང་ཁང་། གཉྫ། ཆང་ཁང་། གྲྀ་ཧཱ་བཱ་སཿ ཁྱིམ་གྱི་གནས། མཎྚ་ལ་མཱ་ཌཿ འཁོར་གྱི་ཁམས། ཀོ་ཤཿ མཛོད་དམ་ཤུགས་སམ་སྦུབས། ཀོཥྛཱ་གཱ་རཾ། བང་བ། བྷིཏྟིཿ རྩིག་པ། ཀུ་ཌྷྱཾ། བརྩེགས་པ་སྟེ་འདི་གཉིས་ས་ཡི་གྱང་ལའང་འཇུག །པཱ་རི་ཥཎྚཿ བང་རིམ། པྲཱ་ཀཱ་རཿ ར་བ། པ྄་ཏི་པྲཱ་ཀཱ་རཿ ཕྱི་ཡི་ར་བ། ཙ་ཡཿ ར་བའི་སྒང་། པ་པྲཾ། ར་བའི་འགྲམ། བ་ར་ཎཿ བསྐོར་བ་སྟེ་ར་བ་བསྐོར་བའི་མིང་། སཱ་ལཿ ལྕགས་རི། པ་རི་ཁཱ། འོབས། ཧརྨྱམ྄། པུ་ཤུའམ་བསིལ་ཁང་ངམ་ཡང་ཐོག ཨུ་པཱཾ་ཤུཿ པུ་ཤུ། ཧརྨྱ་སི་ཁ་རཾ། པུ་ཤུའི་སྟེང་། ཨཊ྄། ཡང་ཐོག །ཨཥྛ་ལཿ དགྲ་ཁང་ངམ་བ་གམ། ཨོ་བི་དྷ་ན་ཁཱ། མདའ་ཡབ་བམ་བ་གམ། ནིཪྻ་ཧཿ བ་གམ་མམ་སྒོ་ཁང་སྐབས་དང་སྦྱར། པྲ་དཀྵི་ཎ་པཊྚི་ཀཱ། ཁོར་ས། ཁོ་ཊ་ཀཿ ལྕོག་གམ་ཤིང་ཐགས་སྐབས་དང་སྦྱར། སྟམྦྷཿ ཀ་བ། སྡྱུ་ཎཱ། ཀ་བའམ་གཟུ་བ། ཀུམྦྷ་ཀཿ ཀ་རྟེན། ཀྲྀ་ཀ་ཊ་ཀཾ ཀ་


MR26_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཞུ། ཤཱིརྵ་ཀཾ བྲེ་ཕུལ། གོ་སཱ་ར་ཀཿ གདུང་མ། དྷཱ་ར་ཎཱི། ཕྱམ། ཀུ་ཊཿ ཕྱམ་གྱི་སྤྱི་རྟེན། གོ་བཱ་ན་སཱི། ཕྱམ་སྒུ་པོ། བི་དི་ཀཱ་ཛཱ་ལཾ། ལན་ཀན་གྱི་དྲ་བ། སྟམྦྷ་ཀཿ ལན་ཀན་གི་ཀ་བ། བེ་དི་ཀཱ། དང་། སཱུ་ཙ་ཀཿ ལན་ཀན་ནམ་ཁ་ཁྱེར་རམ། སྟེགས་བུའམ་གཟུངས་གཟེར་ཀྱང་ཟེར། ཤངྐུཿ གཟེར་བུའམ་ཕུར་བུ། ཨཱ་རམྤ་ཎ་ཀཾ གདང་བུ། སཱུ་ཙི་ཀཾ ཤར་བུ། ཨ་དྷིཥྛཱ་ནཾ། ལན་ཀན་གྱི་སྟེན་མ། སོ་པཱ་ནཾ། ཐེམ་སྐས། པི་ཏརྡིཿ སྟེགས་བུ། ས་ཀྲ་མ་ཎ་ཀཱ་ནི། བསྟི་ཁང་། རངྒ་ཤཱ་ལཱ། ལྟ་མོའི་སའམ་ཁང་པ། མཎྚ་པཿ འདུན་ཁང་སྟེ་བཀད་ས་ཡང་ཟེར། ཀྲྀ་ཏ་ཙཾ་ཀྲ་མ་ཎཱ། འཆག་ས་ར་བྱས་པ། ཀྲྀ་ཏ་པྲཱ་གྦྷཱ་རཿ བྱ་སྐྱིབས་སུ་བྱས་པ། སཾ་གཱི་ཏི་པྲཱ་སཱ་དཱ། བགྲོ་བའི་ཁང་པའམ་གླུ་དབྱངས་ཀྱི་ཁང་པ། ཨུ་པསྡྱཱ་ན་ཤཱ་ལཱ། རིམ་གྲོའི་གནས། ཨསྡྱཱ་ན་མཎྚ་པཿ གདན་ལ་གཤེགས་པ་སྟེ། བཞུགས་གདན་བཤམས་པའི་ཁང་པ་འདྲའོ། །ཨ་ལིནྡཿ ཁྱམས། ནྱ་སཿ ཐེམ་པ། དྭཱ་རཾ། སྒོ་སྟེ། སྒྲིབ་བྱེད་ཟེར། དྭཱར྄། དང་། དྭཱཿ སྒོ། དྭཱ་ར་ཀ་བཱ་ཊཾ། སྒོ་གླེགས། ཀ་པཱ་ཊ་པུ་ཊཾ། སྒོ་འཕར་ཏེ་སྒོའི་མེ་ལོང་། དྭཱ་ར་ཤ་ཁཱི། སྒོ་སྐྱེས། ཨནྟརྡྭཱ་རཾ། ནང་སྒོ། དེའི་མིང་། པྲཙྪནྣཾ། རབ་སྒྲིབ་ཟེར། བཀྵ་དྭཱ་རཾ། ལོག་སྒོ་སྟེ་གློ་སྒོ། བཀྵ་ཀཿ ངོས་སྒོ། པྲ་ཏཱི་ཧཱ་རཿ སྒོ་མོ། ཕྱི་སྒོའི་མིང་ལ། ཏོ་ར་ཎཿ རྟ་བབ། བ་ཧིརྡྭཱ་རཾ། ཕྱི་སྒོ། གྲོང་ཁྱེར་སོགས་ཀྱི་རྒྱལ་སྒོ་ཆེན་པོ་ལ། བུ་ར་དྭཱ་རཿ གྲོང་སྒོ། གོ་པུ་རཿ སྒོ་མོ་ཆེ། རྫོང་གི་སྒོ་བསྒྲིབ་ཕྱིར་ཕ་གུ་གླང་པོའི་སེན་མོ་ལྟར་བརྩེགས་པ་ལ། ཧསྟི་ན་ཁ། གླང་སེན། ཀ་བཱ་ཊཾ། སྒོ་གླེགས། ཨ་ར་རཾ། འགྲོ་ལྡན་ཏེ་དེ་གཉིས་སྒོའི་མེ་ལོང་གི་མིང་ངོ་། ། སྒོ་གླེགས་འཛིན་པའམ་འདན་སའི་ཤིང་གི་མིང་ལ། ཨརྒཌཿ གཏན་པ། ཨརྒ་ལཾ། འཕྲེད་གཏན། ཨིནྡྲ་བཱི་ལ། འཁོར་གཏན་ནམ་རེས་སྒོའི་ཐེམ་པ། ཨ་ཀུ་ལཱ། འཁོར་གཏན། དེ་ཧ་ལཱི། ལུས་འཛིན་


MR26_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་སྒོ་སྟེགས་ཏེ་སྒོ་ཐེམ་འོག་གི་རྡོ་ཤིང་བསྒྲིག་པ། ཤི་ལཱ། མས་སྟེན་ཏེ་ཀ་གདན་དང་སྒོའི་མ་ཐེམ། བི་ད་ཀཱཿ སྣམ་བུའམ་རིག་བྱེད། སྟེགས་བུ་ཁ་ཁྱེར་ལན་ཀན་གཟུངས་གཟེར་རྣམས་དོན་གཅིག་གོ ། ཨངྒ་ན་དང་། པྲཱངྒ་ཎ། སྒོ་མདོ། ཨ་ཛི་རཾ། སྒོ་ཐེམ་ནང་། ཙ་ཏྭ་རཾ། ཐེམ་པའི་དྲུང་། ནཱ་སཱ། སྣ་ཤིང་སྟེ་ཀ་བ་དང་སྒོའི་རྩིག་རྒྱུན་ལ་བརྟེན་པའི་ཤིང་གི་མིང་། བི་ཏརྡྡིཿ སྟེགས་བུའམ་ལན་ཀན་ཏེ། འདི་དག་ལྷ་ཁང་སོགས་ཀི་སྒོ་ཁྱམས་ཀྱི་ནང་དུ་ཆུད་པའི་སྟེགས་བུ་གྲུ་བཞིའི་མིང་ཡིན་ནོ། །སྒོའི་བུ་གའི་མིང་ལ། མུ་ཁཾ། སྒོ། ནིཿ ས་ར་ནཾ། སྒོ་ལམ། ཞེས་སོ། །ཨ་བ་ཥཾ་ག ཡ་ཕུབས། པ་ཊ་ལཾ། ཐོག་ཕིབ། ཙྪ་དི་ས྄། ཆུ་སྐྱོབ། པ་ཊཾ། ཐོག ཙཱ་ལཾ། འགེབ། པཱ་ཏཱ་ཡ་ནཾ། རླུང་ལམ་སྟེ་སྐར་ཁུང་། ག་བཱཀྵ། སྐར་ཁུང་དྲ་བ་ཅན་ཏེ་འོད་མིག་དང་གློ་སྐར་ཡང་ཟེར། ནི་ཤྲེ་ཎིཿ སྐས། ཨཱ་རོ་ཧ་ཎཾ། འཛེག་སྐས། སོ་པཱ་ནཾ། ཐེམ་སྐས་ཏེ་སྟེང་འགྲོ་ཞེས་ཟེར། ཤིང་སྐས་ལ། ཨ་དྷི་རོ་ཧི་ཎཱི། ཡ་གད་ཀྱང་ཟེར་རོ། །ཏཱ་ལ་ཀཾ སྒོ་ལྕགས། པྲ་ཏི་ཏཱ་ལ་ཀཾ ལྡེ་མིག ཨ་བ་ཙ་ར་ཎི། ལྡེ་མིག སཾ་མཱརྫྫ་ནཱི། ཕྱགས་མ་དེའི་མིང་། ཤོ་དྷ་ནི། དག་བྱེད། སཾ་ཀཱ་ར། གད་སྙིགས། ཨ་བ་ཀཱ་རཿ ཕྱགས་དར་ཞེས་སོ། །པ་རི་བྷྲཥྚཿ སྟོར་ཁུང་ངམ་ཆུ་འབབ་པའི་ཝ་ཏི། གཞན་ཡང་གནས་གཞིའི་ཆ་ལག་ཏུ་གཏོགས་པ། ཨཱ་རཱ་མཿ ཀུན་དགའ་ར་བ། བཱ་ཌཱི། ལྡུམ་ར། ཤཱ་ཁ་དཱ་ཊི་ཀཿ ར་བ། ཕ་ལཱ་རཱ་མཿ བཟའ་ཤིང་ར་བ། ཙ་ལཏྠཱ། བྲེས། ལཱ་ལཱ་པིཎྚཿ བྲེས་ཀྱི་རྒྱུ། ཧསྟི་ཤཱ་ལཱ། གླང་པོ་ཆེའི་བྲེས། ཨ་ཤྭ་ཤྭཱ་ལཱ། རྟའི་བྲེས། ཁ་ར་ཤཱ་ལཱ། བོང་བུའི་བྲེས། གོ་ཤཱ་ལཱ། གླང་བྲེས། ཨ་ཛ་ཤཱ་ལཱ། ར་ལུག་གི་བྲེས། བཏྶ་ཤཱ་ལཱ། བེའུ་ར་བ། གོཥྛ། ཕྱུག་ལྷས་སམ་མཚེར་ས། ཨུ་དྱཱ་ནཾ། སྐྱེད་མོས་ཚལ། ཨནྟ་རཱ་པ་ཎཾ། གྲོང་བར། ཨུ་པ་བརྟྟ་ནཾ། ཉེ་


MR26_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར། བཱི་ཐཱི། སྲང་ངམ་ཁྱམས་སྐབས་དང་སྦྱར། པནྠཱ། ལམ། ར་ཐྱཱ་ལམ་པོ་ཆེ་སྟེ་ཤིང་རྟ་སོགས་འགྲོ་བའི་ལམ་ཙ་ཏྭ་རཿ བཞི་མདོ། ཤཾ་གཱ་ཊ་ཀཾ སུམ་མདོ་ཞེས་སོ། །པིཥྨ་བྷུཿ ཁང་པའི་ས། བཱ་སྟུཿ ཁྱིམ་གྱི་གཞི་སྟེ་དེ་གཉིས་གང་རུང་ཁང་པ་བྱེད་པའི་ས་གཞིའི་མིང་། ཨཱ་སྤ་དཾ་དང་ནི་ཤྲ་ཡཿ གནས་སམ་བརྟེན། གྲཻཥྨ་ཀཱ་པཱ་སཿ དཔྱིད་ས། པཱརྵི་ཀཱ་བཱ་སཿ དབྱར་ས། ཧཻ་མནྟི་ཀཱ་བཱ་ས། དགུན་ས་ཞེས་སོ། །གནས་ཁང་ལེགས་པར་བྱས་པའི་མིང་། སུ་སི་ཀྟཾ། ཆག་ཆག་ལེགས་པར་བཏབ་པ། སུ་ཤོ་དྷི་ཏཾ། ཕྱག་དར་ལེགས་པར་བྱས་པ། སུ་ཤོ་བྷི་ཏཾ། ལེགས་པར་ཤིན་ཏུ་མཛེས་པར་བྱས་པ། ཙ་ཏུརྵུ་ཀོ་ཎི་ཥུ། གྲ་བཞིར། ཞེས་དང་། སིཾ་ཧཱ་ས་ནཾ་པྲཛྙཔྟཾ། སིང་གེའི་ཁྲི་བཤམས་པ། ཨརྡྷ་ཡོ་ཛ་ན་པཱ་རི་ས་མནྟ་ཀཿ ཁོར་ཁོར་ཡུག་ཏུ་དཔག་ཚད་ཕྱེད་པ། ཡོ་ཛ་ན་མུཙྩ། འཕང་དུ་དཔག་ཚད། ས་མ་པཱ་ཎི་ཏ་ལ་ཛཱ་ཏཿ ལག་མཐིལ་ལྟར་མཉམ་པ། རཏྣ་མ་ཡཿསཾ་སྡྱི་ཏོ྅་བྷཱུ་ཏ། གཞི་རིན་པོ་ཆེར་གྱུར་ཏོ། །ཞེས་སོ། །གཞན་ཡང་ཁྱིམ་དུ་གཏོགས་པ། བྷཱུ་མི་གུ་ཧཱ། ས་ཕུག །ཤཻ་ལ་གུ་ཧཱ། བྲག་ཕུག །གི་རི་གུ་ཧཱ། རི་ཕུག དཱུཥྱཾ། དང་། ཁ་ར་གྲྀ་ཧཾ། གུར། ཀུ་ཊ་རུཿ སྦྲ། པ་ཊ་ཀུ་ཊཱི། སྦྲའམ་དར་ཁྱིམ། པ་ཊ་བཱ་སཿ གོས་ཁྱིམ་ཏེ་རས་སོགས་གོས་ཀྱི་ཁྱིམ་ཐམས་ཅད་ལའོ། །ཡ་བ་ནི་ཀཱཿ དང་། པྲ་ཏི་སཱི་རཱ། དང་། ཛ་མ་ནི་ཀཱ། དང་། ཛ་བ་ནི་ཀཱ། ཡོལ་བའམ་སྒྲིབ་བྱེད། ཏི་རསྐ་རི་ཎཱི། གཡོར་བྱེད་ཅེས་སོ། །ཡུལ་དེ་དག་གི་བཟང་ངན་བྱེ་བྲག་སྣ་ཚོགས་མིང་ལ། མ་དྷྱ་དེ་ཤཿ ཡུལ་དབུས་པ། པྲ་ཏྱནྟཿ མཐའ་འཁོབ། མླེཙྪ། ཀླ་ཀློ་སྟེ་མི་གསལ་བ་མཐའ་ཁོབ་ཀྱི་མིང་། ན་། འདམ་བུ་ཅན། ཤརྐ་རཱ། གསེག་མ་ཅན་དང་། དེ་བཞིན། ཤཱརྐྐར། གྱོ་དུམ་ཅན། ཤརྐྐ་རི་ལཿ རྫ་དུམ་ཅན་དང་། ཀིཊྚཿ སོ་དོག་ཅན་སོགས་དང་། གོང་བཤད། ས་མི་གཤིན་པ། གཤིན་པ། ཚ་སྒོ་ཅན་སོགས་དང་། ཀཙྪ། ཆུས་གཅོད་དམ་གཙང་ཤོད། སི་ཀ་ཏཱ། བྱེ་ཤོང་སོགས། དང་། ཀུ་མུད་ཅན། འདམ་རྫབ་ཅན། རྩ་ལྗང་ཅན་སོགས་ཁྱད་པར་དུ་མ་དང་། ད་ལྨཱི་ཀཿ


MR26_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དང་། པཱ་མ་ལཱུ་རཿ གྲོགས་མཁར། ན་ཀུ། གྲོག་ཚང་། གྲོག་ཁྱིམ་སོགས་དང་དེ་ལ་སྟེགས་བུའི་རི། བརྒྱ་བྱིན་སྤྱི་བོ་སོགས་ཟེར། ཡིད་འོང་ལེགས་པའི་ས་ལ། མྲྀཏྶཱ། ཤིས་པའི་ས། མྲྀཏྶྣ། བསྔགས་པའི་ས། བོང་བ་སོགས་ཉེར་སྤྱད་ཀྱི་སའི་མིང་། མྲྀད྄། ས། མྲྀཏྟི་ཀཱ། བོང་བ་ཞེས་སོ། །རེ་ཏས྄། བྱེ་མ། སི་ཀ་ཏཱ། བྱེ་མ་དང་གྱོ་དུམ་ལ་ཡང་ངོ་། །པ་རི་ཀླེ་དཿ ལྗན་ལྗིན། དེ་འདྲའི་ས་གཞིའི་བྱེ་བྲག་མང་པོ་རང་བློས་ཤེས་པར་བྱ། རིན་པོ་ཆེའམ་མཚལ་སོགས་འབྱུང་ཁུངས་ཀྱི་ས་ལ། ཁཱ་ནི། རྐོས། ཨཱ་ཀ་ར། འབྱུང་གནས་སམ་འབྱུང་ཁུངས་ཞེས་བྱའོ། །ཧ་རི་ཏ་ཤཱ་དྭ་ལཾ། ནེའུ་གསེང་སྟེ་རྩ་ལྗང་གིས་གཏམས་པའི་སའི་མིང་ངོ་། །འགྱུར་བྱེད་གྱི་སའི་མིང་། ཀྵཱ་རཿ འགྱུར་བྱེད། ཀཱ་ཙཿ འཆིང་བྱེད་དམ་འཆིང་བུ་ཟེར། འདི་བ་ཚ་ཅན་དང་མཚུར་ཞད་ཡོད་པའི་ས་སོགས་ཚ་སྒོ་ཅན་ནོ། །ག་བཱ་ནཾ། བ་ལང་གིས་སྔར་སྤྱད་པ་ཞེས་བ་ལང་རྣམས་སྔར་སོང་ནས་ཟོས་པའི་གནས་ཀྱི་མིང་ལ་འཇུག་པར་བདུད་རྩི་ལས་བཤད་དོ། །མྲི་ཏ་གྲྀ་ཧཾ། མཆད་པ་སྟེ། ཤི་བའི་ཁྱིམ་ཞེས་བུར་ཁང་ངམ་དུར་སའི་མིང་ངོ་། །ཙིཏཱ། རོ་ཐབ། ཙིཏྱཱ། པུར་ཁང་། ཙི་ཏེ། སྒོང་ཕུགས་ཀྱང་དེའི་མིང་ངོ་། །གཡུལ་དུ་བསད་པའི་རོ་སྟོང་ཕྲག་ལོང་བའི་རྟགས་སུ་མགོ་མེད་པའི་རོ་ལངས་གར་བྱེད་པ་འབྱུང་བའི་མིང་དུ། ཀ་བནྡྷཿ སྟོད་ཀག་ལངས་ཟེར། སྤྱིར་རོ་ལངས་ཀྱི་མིང་དུ། བེ་ཏཱ་ལ། དང་། བེ་ཏཱ་ཌཿ རོ་ལངས། དུར་ཁྲོད་ཀྱི་མིང་ལ། ཤྨ་ཤཱ་ནཾ། དུར་ཁྲོད་དམ་རོ་ཉལ། པ་ཏྲི་བ་ནཾ། གཤིན་གནས་མཚུན་ཚལ། ཀ་ཊ་སི། དུར་ཁྲོད་དོ། །ཤ་བཾ། རོ། ཀུ་ཎ་པཿ དབུགས་བྲལ། སྟི་རཿ བམ་རོ་ཞེས་སོ། །གརྟྟཿ ས་ཁུང་ངམ་དོང་། ཙྪི་ཏྲཾ། བུག་པ། པུ་ལི་ནཿ གླིང་མ་སྟེ། པྲསྡྱཿ གད་ཀ པྲ་པཱ་ཏཿ གཡང་ས། པ་རི་ཁཱཿ འོབས། ཨ་ཊ་བཱི། འབྲོག ཀཱནྟཱ་རཱཾ། དགོན་པ། སྡྱཱ་ལཱི། ཐང་ངམ་དབྱེ། གཡེ་


MR26_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་དགོན་པ་ལས་ཀྱང་ཐག་རིང་བ་ལ་བཤད། ཨུནྣ་ཏཾ། སྒང་ངམ་མཐོ་བ། ནིམྣཾ། གཤོང་ངམ་དམའ་བ། ཤྭ་བྷྲ། གཤོང་། ཤྭ་དྷྲཾ། ངམ་གྲོག་གམ་གཡང་ས། ཀུ་ཤྭ་བྷྲཾ། ངམ་གྲོག་ཆུང་ངུ་། མ་ཧཱ་ཤྭ་བྷྲཾ། ངམ་གྲོག་ཆེན་པོ། སྔོན་གྱི་དུས་སུ་བཟའ་བའི། པྲྀ་ཐི་བཱི་རཱསཿ སའི་བཅུད། པྲྀ་ཐི་བཱི་སརྦ་ཊ་ཀཿ ས་ཞག བ་ན་ལ་ཏཱ། མྱུ་གུའི་ཚལ། པྲྀ་ཐི་བཱི་མཎྜཿ སའི་སྙིང་ཁུ། ཨ་ཀྲྀ ཥྚོབྟ་ཏཎྚུ་ལ་ཕ་ལ་ཤཱ་ལིཿ མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ། སཱ་ཡཾ་ལཱུ་ནཿཀཱ་ལྱཾ་བི་བརྡྷ་ཏེ། ནུབ་བརྔས་ན་ནངས་སྐྱེ། ཨ་བ་ལ་པ་ཤྭ་ན་པྲཛྙཱ་ཡ་ཏེ། བརྔས་པར་ཡང་མི་མངོན། ཀྵེ་ཏྲཱ་ཎི་མཱ་པ་ཡནྟི། ཞིང་འཇལ་ཞིང་དགོད་པ། མཪྻཱ་དཱཾ་བྱ་བ་སྡྱཱ་པ་ཡནྟི། ཞིང་གི་སྐབས་སུ་མུ་ཐུག་བྲེས་པ། ཁྲིམས་ཀྱི་སྐབས་སུ་བཀའ་ཁྲིམས་བཅས་པ་ཞེས་སོ། །དབེན་པའི་ས་ཕྱོགས་ཀྱི་མིང་། བི་བིཀྟཿ དབེན་པ་དེ་ལ། བི་ཛ་ནཿ སྐྱེ་བོས་དབེན་པ། ཙྪནྣཿ བསྒྲིབ་པ། ནི་ཤྴ་ལཱ་ཀཿ རི་སྐེགས་ཀྱང་མེད་པ། ཨུ་པཱངྴུ། ཉེ་བའི་འོད་ཅན། རཧས྄། ར་ཧཿ གསང་བའམ་འགོལ་བའང་ཟེར། པྲཱནྟཾ་ཤ་ཡྻཱ་ས་ནཾ། བས་མཐའི་གནས་མལ། པྲཱནྟ་བ་ན་བྲསྡྱཱ། ནགས་ཁྲོད། ཥཎྞཾ། དང་། ཀནྡ་རཿ ཁྲོད་དེ་གངས་ཁྲོད་སོགས་སོ། །པྲཱནྟཿ བས་མཐའ། ཨ་ར་ཎྱཾ། དགོན་པ། ཀཱནྟ་རཾ། འབྲོག་དགོན་པ། བ་ནཾ། ནགས་སམ་ཚལ་ལམ་ནགས་ཚལ། ཨུ་པ་བ་ནཾ། སྐྱེད་མོས་ཚལ་ལམ་ནགས་འདབ། བི་བིཀྟོ་དེ་ཤཿ དབེན་པའི་ཡུལ། བི་བིཀྟཱ་བྷཱུ་མིཿ དབེན་པའི་ས། བི་བཀྟཾ་སྡྱཱ་ནཾ། དབེན་གནས་ལྟ་བུ་རྟགས་གསུམ་གྱི་དབང་གིས་སོ། །རཧ་སྱཾ། གསང་བྱུང་སྟེ་དབེན་པ་ལས་བྱུང་བ་བརྗོད་པའོ། །ཞེས་སོ། །༈ ཐང་གི་མིང་ལ། སྡྱ་ལཾ། ཐང་ངམ་སྐམ། སྡྱི་ལཱི། དང་། པ་ཐ། སོགས་མ་བཅོས་པའི་ཐང་གི་མིང་། སྡྱཱ་ལཱ། བཅོས་མའི་ཐང་། མ་རུཿ མྱ་ངམ་ཐང་སྟེ། ཆུ་མེད་པའི་ས་ཐང་གི་མིང་། དྷ་ནྭཱ། དགོན་དུང་། དྷ་ནྭ་ནི། སྐམ་ལའམ་ཐང་གི་ལ།


MR26_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཁི་ལཾ། མ་རྨོས་པའི་སའི་མིང་། ཨ་པྲ་ཧ་ཏཾ། མ་བརྐོས་པ། དྲོ་ཎཱི། ལུང་པ། དྲོ་ཎི་ཤི་རོ། ལུང་པའི་མགོའམ་ཕུ། དྲོ་ཎ་མུ་ཁཾ། ལུང་པའི་སྒོ་སྟེ་ལུང་མདའ། གཞན་ཡང་ཉིན་སྲིབ་ལ་རྒྱབ་སོགས་ཀྱི་མིང་དང་། ལམ་གྱི་མིང་ལ། པནྠཱཿ དང་། ཨ་ཡ་ནཾ། ལམ། མཱརྒྒཿ བགྲོད་བྱ་སྟེ་ལམ། ཨདྷྭཱ། ཤུལ། པ་ཐིན྄། དང་། པ་ཐཿ འཇུག་བྱ། སྟེ་ལམ་འདི་སྐྲ་རྩེའི་ཁྱོན་ཟེར་བ་ལྟ་བུའི་ཁྱོན་ལའང་འཇུག སྲི་ཏི། ཤུལ་ལམ། བརྟྟ་ནིཿ འཇུག་ངོགས། པརྟྨ། འགྲོ་བྱ། བད་བཱི། བགྲོད་པ། ས་ར་ཎིཿ འཁོར་བྱ། གཞན་ཡང་ལམ་ལ། ཨརྦྦཱ་པ་དྭ་ཏི། རྐང་བསྣུན་སོགས་ཀྱི་མིང་གི་བརྗོད་པ་མང་། བྱ་དྷྭ། ལམ་ངན། ཀཱ་པ་ཐ། ལམ་ཆུང་། བི་པ་ཐཾ། འགལ་བའི་ལམ། ཨ་པ་ཐཾ། ལམ་མེད། སུ་པ་ཐཾ། ལམ་བཟང་། སཏྤ་ཐཿ དམ་པའི་ལམ། ཨེ་ཀ་པ་དཱི། དང་། ཨེ་ཀ་པཱ་དཿ བགྲོད་གཅིག་པ། ཨ་པ་མཱརྒཿ ལམ་གོལ་བ། དེ་སོགས་དབྱེ་བ་ཤེས་པར་བྱའོ། །ཙ་ཏུརྦ་ཐཾ། བཞི་མདོ། བྲཱནྟ་རཾ། བར་སྟོང་ལམ། བ་ལང་བགྲོད་པ་སོགས་ལམ་གྱི་ཚད་ཀྱི་སྐབས་སུ་བཤད་ཟིན། ཆུ་འཕྲང་སོགས་ཀྱི་ཟམ་པའི་མིང་། སཾ་ཀྲ་མཿ ཟམ་པའམ་རྐྱ། སེ་ཏུཿ སྟེགས་སམ་ཟམ་པ། འདི་ཡུར་བ་ལའང་འཇུག་སྟེ་ཆུ་འཆིང་སྡུད་ཀུན་ལ་འཇུག །སེ་ཏུ་འདི་ཟམ་གདོང་རྩིག་པ་ལྟ་བུ་ལས་ཟམ་པ་དངོས་མིན་པར་བཞེད་པ་ཡོད་ཀྱང་དཔྱད། སཉྩ་རཿ ཟམ་པ། རིན་ཆེན་མཛོད་ལས། སཉྩཱ་རཿ ཡང་དག་བགྲོད་བྱེད། ཨམྤུ་པ་ཐཿ ཆུ་ལམ། བྷྲ་མཿ རྐྱ། ནིརྒ་མཿ ངེས་འགྲོ་རྣམས་བཤད་དོ། །སྐྱེད་ཚལ་གྱི་མིང་ལ། ལྷའི་སྐྱེད་ཚལ་སོགས་ནགས་ཀྱི་མིང་དུ་འཆད་པར་འགྱུར། གྲྀ་ཧཱ་རཱ་མ། ཁྱིམ་གྱི་སྐྱེད་ཚལ་ཏེ། གྲོང་དང་ཉེ་བའི་ཚལ་གྱི་མིང་། བཙུགས་ཤིང་གི་ཚལ་ལ། ཨཱ་རམཿ སྐྱེད་མོས་ཚལ། ཨུ་པ་བ་ནཾ། ཉེ་བའི་ནགས་ཞེས་ཀྱང་ཟེར། བློན་པོ་དང་སྨད་ཚོང་སོགས་ཀྱི་ཚལ་ལ། ལྗོན་སྐོར་ཚལ་ཀྱང་ཟེར།


MR26_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བོ་རྣམས་དང་ཐུན་མོང་དུ་སྤྱད་པའི་རྒྱལ་པོའི་སྐྱེད་ཚལ་གྱི་མིང་ལ། ཨཱ་ཀྲཱྀ་ཌཿ རྩེ་བའི་ཚལ། ཨུདྨཱ་ནཾ། དགའ་ཚལ། དེ་བར་མེད་པར་བསྒྲིལ་བ་ལ། ལེ་ཁཱ། ཁྲིགས་ཆགས། རེ་ཁཱ། རི་མོ། རཱ་ཛི། དང་། ཛ་ཡ། འགྲིག་པ། བཱ་ནྱཱ། ནག་ཚོགས། མྱུ་གུ་གསར་པའི་མིང་ལ། ཨངྐུརཿ མྱུ་གུ། དེའི་མིང་། ཨ་བྷི་ན་བོདྦྷིཏ྄། ཞ་ལུ་སར་བ་ཞེས་ཟེར་རོ། །ཐོག་མར་བར་སྣང་དང་གནམ་ལ་ཡོད་པའི་ཕྱི་རོལ་གྱི་དངོས་པོ་སྣ་ཚོགས་པའི་མིང་ལ། ཨནྟ་རཱི་ཀྵཾ། བར་སྣང་། སཱུཪྻཿ འོད་བྱེད་དེ་ཉི་མ། དེའི་མིང་གི་མངོན་བརྗོད་ལ། དི་ན་ཀ་རཿ ཉིན་མོར་བྱེད་པ་སོགས་དུ་མ་ཡོད་པ་སྐར་རྩིས་མངོན་བརྗོད་ཀྱི་སྐབས་སུ་བཤད། ཙནྡྲཿ ཟླ་བ། ཙནྡྲི་ཀཱ། ཟླ་འོད། བྷིཏྟཾ། དུམ་བུ་སྟེ། ཙནྡྲ་བྷི་ཏཱཾ། ཟླ་བའི་དུམ་བུ། དེ་བཞིན་དུ། ཤ་ཀ་ལཾ། ཚལ་པ། ཁཎྚཾ། ཆ་ཤས། ཨརྡྷཾ། ཕྱེད་པའམ་དུམ་ཚལ། མི་མཉམ་པའི་དུམ་བུ་ལ་ཨརྡྡཿ ཞེས་སྐྱེས་པའི་རྟགས་སོ། །པྲ་སཱ་དཿ རབ་དང་སྟེ་ཟླ་བ་དང་བའི་མིང་། ཟླ་བའི་མཚན་མའི་མིང་། ཀ་ལཾ་ཀཿ བདག་དམན་ནམ་སྙོག་བྱེད། སྤྱིར། ཨཾ་ཀཿ རྟགས། ལཱཉྩནཾ། མཚན་མ། ཙི་ཧྣཾ། རྟགས་མཚན། ལཀྵ་ཎཾ། མཚོན་བྱེད། ལཀྵྨན྄། མཚན་ཉིད་ཅེས་སོ། ། གཞན་ཁྱིམ་གཟའ་རྒྱུ་སྐར་སོགས་ཀྱི་མིང་སྐར་རྩིས་སྐབས་སུ་བཤད་ཟིན། མེ་གྷ། ཆུ་འབེབས་སྟེ་སྤྲིན། ཨབྦྷཾ། ཆུ་འཛིན། བཱ་རི་བཱ་ཧཿ ཆུ་ཁུར། སྟ་ན་ཡིཏྣུཿ སྒྲ་སྒྲོགས། བ་ལཱ་ཧ་ཀཿཆུའི་བཞོན་པ། དྷཱ་དཱ་དྷ་རཿ རྒྱུན་འཛིན། ཛ་ལ་དྷ་རཿ རླན་འཛིན། ཏ་ཌི་ཏྭ་ཏྲ། འམ། ཏྭཱ་ན྄། གློག་ཅན། པཱ་རི་དཿ ཆུ་སྦྱིན། ཨམྦུ་བྷྲྀཏྲ། གཤེར་འཛིན། གྷ་ནཿ ཚ་ཟེར་འཇོམས། ཛཱི་མཱུ་ཏཿ ཆུ་འབྱིན། མུ་རྡིརཿ དགའ་བྱེད། ཛ་ལ་མུ་ཙའམ། །ཆུ་འགྱེད། དྷཱུ་མ་ཡོ་ནིཿ དུ་བའི་སྐྱེ་གནས་ཞེས་སོ། །སྤྲིན་གྱི་ཚོགས་ཀྱི་མིང་ལ། ཀཱ་དཾ་བི་ནཱི། ཆུ་སྐྱར་གནས། མེ་གྷ་མཱ་ལཱ། སྤྲིན་གྱི་ཕྲེང་བ། སྤྲིན་ལས་


MR26_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་བརྗོད་པ་ལ། ཨབྦྷྲུ་ཡཾ། སྤྲིན་བྱུང་ཞེས་སོ། །པྲྀཥྚིཿ ཆར་པ། པརྵཾ། ཆར་ཞོད། ཆར་ཆེན་པོའི་མིང་། དྷཱ་རཱ་སཾ་པཱ་ཏཿ ཆར་རྒྱུན་ནམ་ཡོངས་ལྷུང་ངམ་ཞོད་ཆེན། ཨཱ་སཱ་རཿ དྲག་ཆར་རམ་ཆར་ཆེན། ཆུའི་ཟེགས་མའི་མིང་། ཤཱི་ཀ་རཿ ཆར་རྡུལ་ལམ་ཉར་མ། ཀ་ར་ཀཱ། དང་། ཀ་ར་ཀཿ སེར་བ། དེའི་མིང་། པརྵོ་པ་ལཿ རྡོ་ཆར་ཀྱང་ཟེར། ཐོག ཨ་བ་གྲཱ་ཧཱཿ ཐན་པ་ཆེན་པོ། ཨ་བ་གྲ་ཧཿ ཆར་འགོག་སྟེ། དེ་གཉིས་ཆར་མི་འབབ་པའི་མིང་ངོ་། །ཏུ་ཥཱ་རཿ ཆར་སྐྱ། ཏུ་ཧི་ནཾ། ཁུ་འཕང་། ནཱི་ཧཱ་རཿ བ་མོ། ཤྱཱ་ཡཿ ཟིལ་པའམ་བ་མོ། ཨ་བ་ཤྱཱ་ཡཿ ཁ་བ། ཧི་མཾ། གངས། ཧི་མཱ་ནཱི། གངས་ལྡན་ཏེ་གངས་རི་ལ་ཡོད་པའི་ཁ་བའི་ཕུང་པོ། དེའི་རེག་བྱ། ཤཱི་ཏཾ། བསིལ་བ། ཏུ་ཥ་ར། གྲང་བ། ཤཱི་ཏ་ལཿ གྲང་ངར། ཧི་མཿ གྲང་མོ། སུ་ཥི་མཿ བསིལ་ལྡན། ཤི་སིརཿ བསིར་བ། ཛ་ཌཿ འཁྱགས་པ་ཞེས་པ། བསིལ་བ་ཅན་བརྗོད་པ་འདི་རྣམས་བརྗོད་བྱའི་རྟགས་ཏེ། དཔེར་ན། ཤཱི་ཏ་ལཱ་བྷཱུཿ བསིལ་བའི་ས། ཤཱི་ཏ་ལཾ་ཛ་ལཾ། བསིལ་བའི་ཆུ། ཤཱི་ཏ་ལོ་བཱ་ཏཿ བསིལ་བའི་ང་ཞེས་པ་ལྟ་བུའོ། །དུརྡི་ནཾ། ཡུལ་ངན་ཏེ་ཉིན་མོ་སྤྲིན་གཏིབ་ནས་མི་གསལ་བའི་མིང་ངོ་། །དེ་ལ་རྨུས་པའང་ཟེར། ཨནྟརྡྷཱ། མུན་པ། ག་ཧ་ནཾ། དང་། བྱ་བདྷཱ། ཐིབས་པོ། ཨནྟརྡྷིཿ མི་མངོན་པ། ཨ་བ་བཱ་ར་ཎཾ། མི་གསལ་བ། ཨ་བི་དྷཱ་ནཾ། བསྒྲིབ་པ། ཏི་རོ་དྷཱ་ནཾ། གཡོགས་པ། བི་དྷཱ་ནཾ། མི་སྣང་བ། ཙྪ་ད་ནཾ། ཁེབས་པ་ཞེས་སོ། །ཉི་མ་སོགས་གསལ་བའི་འོད་སྤྱིའི་མིང་ལ། གྷྀ་ཎིཿ འོད། དྷྲྀཥྞིཿ སྣང་བ། བྷཱ་ནུཿ གསལ། རཥྨི། དང་། ཀ་རཿ འོད་ཟེར། དཱི་དྷི་ཏིཿ གསལ་བྱེད། ཨངྴཿ ཕྱོགས་འགྲོ་སྟེ་འོད་དང་གསལ་བ། ཀི་ར་ཎ། འདེད་བྱེད། ཨུ་ས྄ཿ གནས་བྱེད། མ་ཡཱུ་ཁཿ མཇལ་འགྲོ། ག་བྷསྟིཿ འགྲོ་སྣང་། མ་རཱི་ཙི། སྲིན་བུ་འཇོམ་སྟེ་དེ་ཡང་


MR26_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

མུན་སེལ་ལམ་འོད་ཟེར་གྱི་མིང་ངོ་། །པྲ་བྷཱ། རབ་སྣང་སྟེ་འོད་ལ་འཇུག །རུ་ཙ྄། གསལ། རུ་ཙིཿ སྣང་བ། བྷཱཿ དང་། བྷ། དང་བྷས྄། སོགས་སྣང་གསལ། ཨཱ་བྷཱཿ འོད་སྣང་། ཚ་བིཿདྭངས་པ། ཏྱུ་ཏིཿ འོད་སྣང་། ཏྭིཥ྄། ཏྭིཊ྄། སྒྲོན། དཱིཔྟིཿ སྒྲོན་མའམ་འབར་བ། རོ་ཙིས྄། རོ་ཙིཿ འོད་མདངས། ཤོ་ཙིས྄། ཤོ་ཙིཿགསལ་སྒྲོན་ནོ། །གཞན་ཡང་། ཨཱ་ལོ་ཀཿ སྣང་བ། ཏེ་ཛཿ འབར་བའམ་གཟི་བརྗིད། ཛྭཱ་ལཿ འབར་བ་རྣམས་ཀྱང་འོད་ལ་འཇུག་གོ ། ཁྱད་པར་དུ་མུན་པ་མེད་པའི་འོད་ཀྱི་མིང་། པྲ་ཀཱ་ཤཿ མུན་སེལ། དྱོ་ཏཿ མུན་འཇོམས། ཨཱ་ཏ་པཿ ཀུན་གདུང་ཞེས་སོ། །དེ་ལྟར་འོད་ཀུན་ལ་མིང་དེ་ལྟར་ཅི་རིགས་སུ་ཤེས་པར་བྱའོ། །ཏ་ཌི་ཏཿ གློག །བི་དྱུ་ཏ། རྣམ་གསལ་ཏེ་གློག དྱུ་ཏིཿ སྣང་བའམ་འོད་དང་གློག་ལའང་འཇུག ཤཾ་པཱ། བདེ་འཐུང་། ཤ་ཏ་ཧྲ་དཱ། སྒྲ་བརྒྱ་པ། ཧྲཱ་དི་ནཱི། སྒྲ་འགྱེད། ཀྵ་ཎ་པྲ་བྷཱ། སྐད་ཅིག་འོད། ཨཻ་རཱ་བ་ཏཱི། ཆུ་སྐྱེས་ཅན། སཽ་དཱ་མ་ནཱི། ཆུན་མཛེས་ཅན། ཙཉྩ་ལཱ། སྐྱོད་བྱེད། ཙ་པ་ལཱ། སྡོད་མེད། ཅེས་སོ། །སྟ་ནི་ཏཾ། འབྲུག་སྒྲ། དེའི་མིང་། མེ་གྷ་ནིརྒྷོ་ཥི། དང་། མེ་གྷ་སྭརཿ སྤྲིན་སྒྲ། གརྫྫི་ཏཾ། སྒྲ་ཆེན། ར་བི་ཏཾ། སྒྲ་ཅན་སོགས་ཟེར། གནམ་ལྕགས་ཀྱི་མིང་ལ། མེ་གྷ་ཛྱོ་ཏིཿ སྤྲིན་གྱི་འོད་ཟེར། ཨི་རམྨ་དཿ ཆུ་འཛིན་སྐྱེས་ཞེས་སོ། །ཐོག་དང་ལྡན་པའི་འབྲུག་སྒྲའི་མིང་། སྤཱུརྫྫ་ཐུཿ ཐོག་གི་སྒྲ། བཛྲ་ནི ཥྤེ་ཥཿ རྡོ་རྗེའི་སྒྲ་ཟེར། ཨ་རུ་ཎཿ སྐྱ་རེངས། དེའི་མིང་། སཱུ་ར་སཱུ་ཏཿ ཉི་མའི་ཁ་ལོ་པ། ཨ་ནཱུ་རུཿ བརླ་མེད། ག་རུ་ཌ་གྲ་ཛཿ ཁྱུང་སྔོན་སྐྱེས། ཀཱ་ཤྱ་པི། ཟེར། འོད་སྲུང་རྒྱུད། ཨུ་པ་སཱུཪྻྻ་ཀཾ། ཉི་མ་འཁྱིལ་པ་ཞེས་ཉི་མའི་མཐའ་འོད་ཟླུམ་པོས་འཁོར་བ་ཉི་གུར་ཞེས་འབོད་པ་དེའི་མིང་། པ་རི་དྷིཿ ཡོངས་དཀྲིས། པ་རི་བེ་ཥཿ ཡོངས་བསྐོར་ཀྱང་ཟེར།


MR26_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

འཇའ་ཚོན་དྲང་པོའི་མིང་། རོ་ཧི་ཏཾ། འཁྲུངས་བྱེད། འཁྱོགས་པོའི་མིང་། ཨིནྡྲཱ་ཡུ་དྷཾ། དབང་པོའི་མཚོན་ཆ། ཤ་ཀྲ་དྷ་ནུ། བརྒྱ་བྱིན་གཞུ། ཞེས་སོ། །མུན་པ་མེད་པའི་འོད་ཀྱི་མིང་། པྲ་ཀཱ་ཤཿ མུན་སེལ་ལམ་རབ་གསལ། ཉི་འོད་སོགས་དྲོ་བའི་མིང་། ཀོཥྞཾ། ཅུང་དྲོ། ཀ་བོཥྞཾ། བག་དྲོ། མོ་དོཥྞ། དྲོད་དམན། ཀ་དུཥྞཾ། དྲོ་ཙམ། ཆེས་དྲོ་བའི་མིང་། ཏིགྨཾ། དང་། ཏིཀྵྞ། རྣོན་པོ། ཁ་རཾ། འདི་རྣམས་ཚ་རྣོ་རྩུབ་པ་གང་བདེར་བསྒྱུར། ཨ་ཏཱ་བཿ ཀུན་གདུང་ཞེས་སོ། །མ་རཱི་ཙི་ཀཱ། སྨིག་རྒྱུ་དེ་ལ། མྲི་ག་ཏྲྀཥྞཱ། རི་དྭགས་སྲེད་ཀྱང་ཟེར། འབྱུང་བ་ཆེན་པོ་རྣམས་ལས་ནམ་མཁའི་མིང་། ན་བྷ་ས྄། དང་། ན་བྷཿ ནམ་མཁའ། ཁཾ། ནམ་མཁའ་འམ་གནམ། དྱོ། དང་། དྱཽཿ ལྷས་རྩེན། དི་བཿ རོལ་གནས། ག་ག་ནཾ། ཀུན་འགྲོ། ཨཱ་ཀཱ་ཤཾ ཀུན་གསལ་ལམ་གོ་འབྱེད། ཨནྟ་རཱི་ཀྵཾ། བར་སྣང་། ཨ་ནནྟཾ། མཐའ་མེད། སུ་ར་བརྟྨན྄། དང་། སུ་ར་བརྟྨ། ལྷ་ལམ། ཨ་བྷྲཾ། འགྲོ་མེད། བྱོ་མན྄། དང་། བྱོ་མ། ཀུན་ཁྱབ། བི་ཡ་ཏ། མི་གཡོ། པུཥྐ་རཾ། རྒྱས་བྱེད། བི་ཧཱ་ཡ་སཱ། རྣམ་གྲོལ། ཨཾ་བ་རཾ། སྒྲ་སྒྲོགས། བིཥྞུ་པ་དཾ། ཁྱབ་འཇུག་གནས་ཞེས་སོ། །ནམ་མཁའ་དང་ཆོས་དབྱིངས་སོགས་ཡུལ་དུས་ཀུན་ན་བར་མཚམས་མེད་པར་ཁྱབ་པ་སྤྱིའི་མིང་དུ། ཀུ་ཊསྡྱཿ གཡོ་མེད་གནས་པའམ་རྟག་ཁྱབ་ཅེས་སོ། །རྟག་པའི་སྐད་དོད་ཀཱུ་ཊ་རིང་པོ་ཡིན་ཡང་ཐུང་དུ་བྱས་པ་འདི་འདྲ་ཡང་བྱེ་རྟོགས་ལས་བྱུང་བས་འདྲའམ་སྙམ་མོ། །རླུང་གི་མིང་། བཱ་ཡུཿ རླུང་། བཱ་ཏཿ འགྲོ་བ་པ་སྟེ་ང་། ཨ་ནི་ལཿ སྲོག་བྱེད། ཨཱ་ཤུ་གཿ མྱུར་འགྲོ། ས་མཱི་རཿ ཡང་དག་རྒྱུག །མཱ་རུ་ཏཿ འཆི་བྱེད། མ་རུ་ཏྲ། སྲོག་འདོར། ཛ་གཏྤྲཱ་ཎཿ འགྲོ་བའི་སྲོག །ས་མཱི་ར་ཎཿ གཡོ་བའི་རང་བཞིན། ཤྭ་ས་ནཿ དབུགས་འབྱིན། སྤརྴ་ནཿ རེག་ལྡན། ས་


MR26_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

དཱ་ག་ཏིཿ རྟག་འགྲོ། གནྡྷ་བ་ཧཿ དྲི་ལེན་གནྡྷ་བཱ་ཧཿ དྲི་བཞོན་ཞེས་དང་། གཞན་ཡང་། མཱ་ཏ་རི་ཤྭཱ། མ་མོས་འཕེལ། པྲྀ་ཥ་ད་ཤྭཿ རྟ་སྲེ། ན་བྷ་སྭ་ཏྲ། ནམ་མཁའི་བདག་པོ། བཱ་ཏཿ འགྲོ་བ་པ། པ་བ་ནཿ གང་བྱེད། པ་བ་མཱ་ནཿ གང་ལྡན། པྲ་བཉྫ་ནཿ རབ་འཇོམས་ཟེར། མཱ་རུ་ཏཿ རླུང་དམར། རླུང་འཚུབ། ཨིཉྩི་ཏཾ། གཡོ་བ། སྱནྡི་ཏམ྄། གཡོས་པ་ཞེས་སོ། །ལུས་ལ་གནས་པའི་ང་ལྔའི་མིང་། པྲཱ་ཎཿ སྲོག ཨ་པཱ་ནཿ ཐུར་སེལ། ས་མཱ་ནཿ མཉམ་གནས། ཨུ་དཱ་ནཿ གྱེན་རྒྱུ། བྱཱ་ནཿ ཁྱབ་བྱེད་ཅེས་སོ། །རླུང་གི་ཡོན་ཏན་མྱུར་བའི་མིང་ལ། ཤི་གྷྲཾ། མང། ཏྭ་རི་ཏཾ། མགྱོགས་པ། ལ་གྷུ། ལ་གོར། ཀྵི་པྲཾ། སྐྱེན་པ། ཞེས་དང་། གཞན་ཡང་། ཨ་རཾ། ཡུད། དྲུ་ཏཾ། གཅིག་ཅར། ས་ཏྭ་རཾ། མྱུར་བཅས། ཙ་པ་ལཾ། མྱུར་མགྱོགས། ཏཱུརྞྞཾ། མི་ཐོགས། ཨ་བི་ལམྦི་ཏཾ། མི་འགོར། ཨཱ་ཤུ། དར་ཙམ་སོགས་ཟེར། མེ་ལྷ་དང་མེ་ཐུན་ཐུན་མོང་གི་མིང་ལ། ཨགྣིཿ མེའམ་འཁྱོགས་འགྲོ། ཏེ་ཛོ། མེའམ་གཟི་བརྗིད། བཻ་ཤྭཱ་ན་རཿ བི་ཤྭཱ་ན་རའི་བུ། ཧུ་ཏཱ་བྷུ་ཀ྄་དང་། ཧུ་ཏཱ་བྷུ་ཛ྄། བསྲེག་ཟ། ཧུ་ཏཱ་ཤ་ནཿ འང་དེའོ། །བཧྣིཿ རྙེད་ཟ། བཱི་ཏི་ཧོ་ཏྲཿ བྱིན་ཟ། ད་ཧ་ནཿ སྲེག་བྱེད། པཱ་བ་ཀཿ སྨིན་བྱེད། ཛྭ་ལ་ནཿ འབར་བ་ཅན་ཞེས་དང་། གཞན་ཡང་། དྷ་ནཉྫ་ལཿ ནོར་ལས་རྒྱལ། ཀྲྀ་བཱི་ཊ་ཡོ་ནི། ཆུའི་སྐྱེ་གནས། ཀྲྀཥྞ་བརྨ། ལམ་ནག ཨུ་ཥརྦུ་དྷཿ སྔ་དྲོ་སད། ཨཱ་ཤྲ་ཡཱ་ཤཿ རྟེན་ཟ་ཀྲྀ་ཤཱ་ནུཿ ཆུ་བྱེད། ཨ་ན་ལཿ འཚོ་བྱེད། ཤི་ཁཱ་བཱན྄། གཙུག་ཕུད་ཅན། ཤུ་ཀྲཿ མྱ་ངན་བྱེད། ད་མུ་ནཱཿ ཉེར་ཞི། ཧི་ར་ཎྱ་རེ་ཏཱཿ གསེར་གྱི་ཐིག་ལེ། ཛཱ་ཏ་བེ་དཱཿ སྐྱེས་ཐོག ཤུཥྨཱ། སྐེམ་བྱེད། ཤུ་ཙིཿ གཙང་བྱེད། ཨཔྤིཏྟཾ། ཆུ་མཁྲིས། རོ་ཧི་ཏཱ་ཤྭཿ རྟ་དམར་ཅན། བ་ཡུ་ས་ཁཱ། རླུང་གྲོགས། བྲྀ་ཧདྦྷཱ་ནུཿ འོད་ཟེར་ཆེན་པོ། སཔྟཱརྩྩིཿ འོད་བདུན་པ་སོགས་ཟེར། མེའི་བྱེ་བྲག་རྟ་གདོང་གི་མེའི་མིང་། ཨཽརྦྦཿ བྲང་སྐྱེས།


MR26_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བཱ་ཌ་བཿ རྒོད་མ་སྐྱེས། བ་ཌ་བཱ་ན་ལཿ རྒོད་མའི་མེ་ཞེས་སོ། །མེ་ལྕེའི་མིང་ལ། ཛྭཱ་ལཿའབར་བ། ཀཱི་ལཿ མེ་ལྕེ། ཨརྩྩིཿ ཡལ་མེ། ཧེ་ཏིཿ འབར་མེ། ཤི་ཁཱཿ ཉལ་ལྡན་ཞེས་སོ། །མེ་སྟག་གི་མིང་། སྤུ་ལིཾ་གཿ དང་། གཱ། དང་། གཾ། མཐའ་ཅན་མེ་སྟག །ཨགྣི་ཀ་ཎཿ མེ་སྐར། ཞེས་སོ། །མེ་ཡི་ཚད་པའི་མིང་། སཾ་ཏཱ་པཿ ཤིན་ཏུ་གདུང་བ། སཾ་ཛྭ་རཿ ཚད་པ་ཅན། ཞེས་སོ། །ས་གཞིའི་མིང་། བྷཱུཿ ས་གཞི། ཨ་ན་ལཿ ས། བྷཱུ་མིཿ སྐྲུན་བྱེད། ཨ་ཙ་ལཱཿ མི་གཡོ་བ། སྡྱི་རཱ། བརྟན་པ། དྷ་རཱ། འཛིན་མ། དྷ་རི་ཏྲཱི། རྟེན་བྱེད་མ། དྷ་ར་ཎིཿ འཆང་བྱེད་མ། ཛྱཱ། རྒ་གནས། ཀྵི་ཏིཿ གནས། བ་སུ་དྷཱ། ནོར་འཛིན། ཨུརྦྦཱི། ཡངས་ཅན། བི་པུ་ལཱཿ ཡངས་མ། སརྦྦཾ་སཧཱཿ ཀུན་བཟོད། ཀྵ་མཱ། བཟོད་ལྡན། བ་སུ་མ་ཏཱི། ནོར་ལྡན་མ། པྲྀ་ཐི་བཱི། རྒྱ་ཆེན། པྲྀ་ཐཱི། ཡངས་ལྡན་མ། བ་སུནྡྷཱ་རཱ། དབྱིག་འཛིན། སཱ་ག་རཱམྦ་རཱ། རྒྱ་མཚོའི་གོས་ཅན། ཨ་བྡྷི་མེ་ཁ་ལཱ། རྒྱ་མཚོའི་སྐ་རགས་ཅན། མདྷྱ་མ་ལོ་ཀ་མ་ཏཱི། འཇིག་རྟེན་དབུས་ལྡན། རཏྣ་གརྦྷཱ། རིན་ཆེན་སྙིང་པོ། རཏྣ་བ་ཏཱི། རིན་ཆེན་ལྡན། ཨབྡྷི་དྭི་པཱ། རྒྱ་མཚོའི་གླིང་ལྡན། བྷཱུ་ཏ་དྷ་ཏྲཱི། འབྱུང་པོའི་རྟེན། ཀྵྨཱ། བཟོད་བྱེད། ཀུཿ ས། གོ་ཏྲཱ། ཆུ་སྐྱོབ། ར་སཱ། བཅུད་ལྡན། མེ་དི་ནཱི། ཞག་ལྡན་མ། ཞེས་དང་། གཞན་ཡང་། ཨ་ནནྟཱ། མཐའ་ཡས། བི་ཤྭམྦྷ་རཱ། སྣ་ཚོགས་འགེངས། དྷ་ར་ཎྀ་འཆང་བྱེད་མ། ཀྵོ་ཎཱི། སྒྲ་སྒྲོགས། ཀཱ་ཤྱ་པཱི། འོད་སྲུང་བྱིན། ཨ་བ་ནིཿ སྲུང་བྱེད། མ་ཧིཿ མཆོད་བྱེད། ཞེས་བྱའོ། །ས་གཞིའི་ཁྱད་པར། ས་གཤིན་མི་གཤིན་དང་ལམ་དང་ཐང་སོགས་སྐབས་གཞན་དུ་བཤད། འབྱུང་བ་སའི་ཡོན་ཏན་གྱི་དབང་གིས། ཀཀྑ་ཊཾ། སྲ་བ། ཀ་ཋི་ནཾ། མཁྲེགས་པ། ཀྲུ་རཾ། མཁྲངས་པ། ཀ་ཋོ་རཾ། སྲ་མོ། ནིཥྛུ་རཾ། ངེས་བརྟན། དྲྀ་ཌྷཾ། བརྟན་པོ། ཛ་ཋ་རཾ་


MR26_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཕེད་པ། མཱུརྟི་མཏྲ། མཁྲེགས་ལྡན། མཱུརྟི། མཁྲེགས་པོ་སོགས་འབྱུང་ངོ་། །རླུང་གི་ཡོན་ཏན་གཙོ་ཆེ་བས། ཙ་ལ་ནཾ། བསྐྱོད་པ། ཀམྤ་ནཾ། གཡོ་བ། ཀམྤྲཾ། འགུལ་བ། ཙ་ལཾ། འཁྱམས་པ། ལོ་ལཾ། ཡམ་ཡོམ། ཙ་ལཱ་ཙ་ལཾ། གཡོ་འགུལ། ཙཉྩ་ལཾ། སྒུལ་བསྐྱོད། ཏ་ར་ལཾ། ཤག་ཤིག པ་རི་བླ་བཾ། ལྡེག་པ། པཱ་རི་བླ་བཾ། ཡོངས་སུ་འགུལ་པ། བྲྀདྡྷཾ། འཕེལ་བ། པྲ་བྲྀདྡྷཾ། རབ་འཕེལ། བྲཽཌྷཾ། རབ་རྒྱས། ཨེ་དྷི་ཏཾ། ཆེར་འཕེལ་བ་ལ་སོགས་པའོ། །མེའི་ཡོན་ཏན་གྱི་དྲོ་བ་སོགས་གོང་དུ་སོང་། ཨོ་ཥཿ སྲེག་པ། བློ་བཿ ཚིག་བྱེད། བ་ཀྭཾ། སྨིན་པ། མེ་ལ་བརྟེན་ནས། ནིསྦ་ཀྭཾ། བསྐོལ་བ། པཱ་ཙཿ འཚེད་པ། དེ་ལ། པཱ་ཀཿ སྨིན་བྱེད་ཀྱང་ཟེར། ཀྭ་ཐི་ཏཾ། བཙོས་པ། ཤྲྀ་ཏཾ། བསྐོལ་བའམ་བཞུས་པ་སྟེ་འོ་མ་མར་སོགས་བསྐོལ་བཞུས་སྒེར་མིང་ངོ་། །ཆུའི་མིང་འོག་ཏུ་འཆད་ཅིང་། ཆུ་ཡི་ཡོན་ཏན་གྱི་ལས། ཨཱརྡྡྲཾ། བརླན་པ། ཏེ་མ། དང་། སརྡྡྲཾ། གཤེར་བ། ཀླིནྣཾ། སླས་པ། ཏི་མི་ཏཾ། དང་། སྟི་མི་ཏཾ། སྤངས་པ། ས་མུནྣཾ། བརླན་བྱས། ས་མུཏྟཾ། གཤེར་བྱས། ཨུཏྟཾ། རློན་པ། སྟེ་མཿ དང་། ཨུནྣཾ། བངས་པ། ཞེས་སོ། །རྡུལ་གྱི་མིང་། རེ་ཎུཿ རྡུལ། དྷཱུ་ལི། རྡུལ་འཚུབ། ར་ཛས྄། དང་། ར་ཛཿ གཡོ་བྱེད་དེ་རྡུལ། པཾ་ཤུཿ དང་། པཱཾ་ཤུཿ ཉམས་བྱེད། ཕྱེར་བཏགས་པའི་རྡུལ་གྱི་མིང་། ཙཱུཎཿ ཕྱེ་མ། ཀྵོ་དཿ བཏགས་པའི་དེ་གཉིས་རྡུལ་ཙམ་ལའང་འཇུག་པར་བཞེད་པ་ཡོད། པིཉྫ་ལཿ འཛིངས་པ་ཞེས་སོ། །དྷཱུ་མཿ དུ་བ། ནཱི་ཧཱ་རཿ ཁུག་སྣ། སི་ཀ་ཏཱ། དང་། བཱ་ལུ་ཀཾ ཆུ་ཁའི་བྱེ་མ། ཙྪ་ཡཿ གྲིམ་མ། མ་ཧི་ཀཱ། ན་བུན་ནམ་སྨུག་པ། སྤྲིན་སོགས་འཐིབ་པའི་མིང་། བྱསྟཿ གཏིབས་པ། ཨ་པྲ་གུ་ཎཿ མི་འབྱེད་པ་སྟེ་བར་སིང་མེད་པ། ཨཱ་ཀུ་ལཿ དཀྲིགས་པ། སཾ་མཱུརྩྩ་ནཾ། ཀུན་ནས་འགེབས། ཨ་བྷི་བྱཱཔྟི། མངོན་པར་ཁྱབ། ཅེས་དང་། ཐིབས་པོ་དང་སྟུག་པོའི་སྒྲ་ཡང་འཇུག་གོ། གཞན་


MR26_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་མའི་རྣ་ཆ་ཞེས་ཕྱོགས་གཅིག་གམ་གཉིས་ན་འཇའ་ཐིག་བྱུང་བ་དང་། གཟའ་འཛིན་དང་། ཉི་མའམ་ཟླ་བ་གཉིས་སུ་མཐོང་བ་ཉི་རོགས་ཟླ་རོགས་ཞེས་དང་། ཉི་ཟླ་ལ་བུག་པ་ཡོད་པར་མཐོང་བ་སོགས་འཆི་ལྟས་སམ་མི་དགེ་བའི་ལྟས་དང་། གནམ་གྲུབ་པའི་སྒྲ་སོགས་མཁའ་དང་བར་སྣང་གི་ལྟས་སྣ་ཚོགས་དང་། སོགས་ཀྱང་འདི་སྐབས་སུ་གཏོགས་སོ། ༈ །གཉིས་པ་སྔ་མའི་རྗེས་སུ་ས་གཞི་ལ་བརྟེན་པའི་ཕྱི་སྣོད་ཀྱིས་བསྡུས་པའི་དངོས་པོ་སྣ་ཚོགས་ཀྱི་མིང་ལ། རི་དང་། ཤིང་དང་། ཆུ་དང་། ལྡུམ་བུ་དང་། མེ་ཏོག་སྣ་ཚོགས་དང་། འབྲས་བུ་དང་འབྲུ་ཡི་རིགས་སྣ་ཚོགས་དང་། རྡོ་དང་། རིན་པོ་ཆེའི་རིགས་སྣ་ཚོགས་བཅས་བདུན་ལས། དང་པོ། རི་སྤྱི་ཡི་མིང་དུ། གི་རིཿ རི། ཨ་དྲི། རི་བོ། པརྦ་ཏཿ ཚིགས་ཅན་ཏེ་རི། དེ་བཞིན་དུ་རིའི་མིང་གཞན། ཤི་ཁ་རཱི། རྩེ་མོ་ཅན། གྲཱ་པཱ། གྱེན་ཕྱུར། ཀྵྨཱ་བྷྲིཏ྄། ས་གཞི་འཆང་། ཨ་ཧཱཪྻྻཿ མི་འཕྲོག །མ་ཧཱི་དྷཱཿ ས་འཛིན། གོ་ཏྲཿ ས་སྐྱོབ་ཞེས་དང་གཞན་འཛིན་བྱེད་དང་གཡོ་མེད་ཀྱང་ཟེར་རོ། །ཤཻ་ལཿ བྲག་རི། ཧི་མ་གི་རིཿ གངས་རི། སྤང་རི། ཀུཉྫཿ ནགས་རི། རཏྣ་གི་རིཿ རིན་པོཆེའི་རི་བོ། དེ་བཞིན་སྨན་རི་སོགས་དང་། གི་རི་ཀུཉྫཱ། སྨན་རིའམ་སྨན་ལྗོངས། མ་ཧཱ་པརྦྦ་ཏཿ རི་ཆེན་པོ། པཱ་དཿ རི་ཕྲན། ཨསྟཿ ནུབ་ཏི། ཨུ་ད་ཡཿ ཤར་རི་སོགས་དང་། རི་གཞན་འགའ་ཡི་མིང་འཆི་མེད་མཛོད་དུ་བཤད་དོ། །མེ་རུཿ ལྷུན་པོ། སུ་མེ་རུཿ རི་རབ། པརྦ་ཏ་རཱ་ཛཱཿ རིའི་རྒྱལ་པོ། སུ་མེ་རུ་པཱ་རི་ཥཎྜཿ རི་རབ་ཀྱི་བང་རིམ། ཙཀྲ་བཱ་ཊཿ ཁོར་ཡུག །མ་ཧཱ་ཙཀྲ་བཱ་ཌ། ཁོར་ཡུགས་ཆེན་པོ། ལོ་ཀཱ་ལོ་ཀཿ སྣང་མི་སྣང་ཡང་དེའི་མིང་ངོ་། ། ནང་གི་རི་བདུན་མིང་། ནི་མིནྡྷཱ་རཿ མུ་ཁྱུད་འཛིན། ཨ་ཤྭ་ཀཪྵཿ རྟ་རྣ། སུ་དརྴ་ནཿ ལྟ་ན་སྡུག ཁ་དི་ར་ཀཿ སེང་ལྡེང་ཅན། ཨི་ཥཱ་དྷཱ་རཿ གཤོལ་མདའ་འཛིན།


MR26_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཡུ་གནྡྷ་རཿ གཉའ་ཤིང་འཛིན། བི་ན་ཏ་ཀཿ རྣམ་པར་འདུད། ཅེས་སོ། །འཛམ་གླིང་གི་རི་གྲགས་ཆེ་བ། གནྡྷཱ་མཱ་ད་ནཿ སྤོས་ཀྱི་ངད་ལྡན། ཧི་མ་བཱན྄། གངས་ཅན། ཀཻ་ལཱ་ཤཿ ཏི་སེའི་གངས། མ་ལ་ཡཿ རང་སོར་བཞག་སྟེ་རི་མ་ལ་ཡ་ཞེས་འབོད། བིནྡྷཿ འབིགས་བྱེད། པོ་ཏ་ལ་ཀཿ གྲུ་འཛིན་ཏེ་སྤྱན་རས་གཟིགས་བཞུགས་གནས་ལྷོ་ཕྱོགས་སུ་ཡོད། རཀྵ་གི་རི། སྲིན་པོའི་རི་སྟེ་ཟངས་མདོག་དཔལ་རིར་འབོད། འཆི་མེད་མཛོད་ལས། སྲིན་པོའི་གནས་ཀྱི་ཁྱད་པར་རིའི་མིང་། ཏྲི་ཀཱུ་ཊཿ རི་རྩེ་གསུམ། ཏྲི་ཀ་ཀུ་ཏྲ། ནོག་གསུམ་པ། ཞེས་བཤད། རི་འདི་ལང་ཀའི་གྲོང་ཁྱེར་ན་ཡོད་པར་བཤད་པས་ཟངས་མདོག་དཔལ་རིར་གྲགས་པ་དེ་ཡིན་འདྲ་སྙམ་ཞེས་མཁས་པ་དག་གསུངས། རི་བོ་རྩེ་ལྔ་ཤར་རྒྱ་ནག་ཏུ་འཇམ་དཔལ་བཞུགས་གནས་སོ། །བི་པུ་ལ་པཱརྴྭ། ངོས་ཡངས། བཻ་དེ་ཧ་ཀ་པརྦྦ་ཏཿ ལུས་འཕགས་པའི་རི། དེ་ལ་སོགས་པ་རིའི་རྣམ་གྲངས་དུ་མ་ཡོད་པ་རྨ་བྱ་ཆེན་མོ་སོགས་སུ་གསུངས་པས་མཚོན། སངས་རྒྱས་ཀྱི་འཁོར་དུ་འདུས་པ་ལ་རིའམ་རྒྱ་མཚོ་ཆུ་བོ་སོགས་ལ་གནས་པའི་ལྷ་དང་གནས་ཀྱི་མིང་ཐུན་མོང་དུ་བྱས་ཏེ་བརྗོད་པ་ཡིན་ནོ། །རི་གཟར་པོ་ལ། ཨ་ཏ་ཊཿ སྟེ་གཡང་ས་དང་། པྲ་པཱ་ཏཿ ལྟུང་གནས་ཟེར། བྷྲྀ་གུཿ རི་གཟར། ཀ་ཊ་ཀཿ རི་སྐེད། རིའི་སྟེང་ངམ་ངོས་སུ་ཐང་བདེ་བའི་མིང་། སྣུཿ རི་གཞོང་ཟེར། པྲསྡྱཿ རབ་གནས་ཏེ་བང་རིམ། སཱ་ནུ། རི་ལྗོངས། པྲཱགྦྷ་རཿ བྱ་སྐྱིབས། ད་རཱི། རི་སུལ། ནི་ཧམྤཿ རི་ཞོལ། ཨུ་བཏྟྱ་ཀཱཿ རིའི་རྩ་བ། ཨ་དྷི་ཏྱ་ཀཱ། རི་སྟེང་། ཀརྦ་ཊ་པྲ་དེ་ཤཿ རི་བྲག་གམ་རི་འཁོར་གྱི་ཕྱོགས། ཀཱུ་ཊཿ འཇོམས་བྱེད་དེ་རི་རྩེ། ཤི་ཁ་རཾ། རྩེ་མོ། ཤྲྀངྒཾ། རྭ་སྟེ་རྩེ་མོའོ། །སི་ཁ་རཾ་སཱ་ནུ། ཟོམ་མམ་རྩེ་མོ། ཧི་མ་བཱ་ན྄་པརྦ་ཏ། རི་ཁ་བ་ཅན་ནམ་གངས་ཅན། རི་ངོས་སུ་བགྲོད་དཀའ་བ་ལ། དུརྒཿ སྟེ་བགྲོད་དཀའ་ཟེར། འདི་རྫོང་གི་མིང་ཡང་ཡིན། གི་རི་ག་ཧྭ་རཿ རི་ཁྲད་ཁྲོད་དམ་ཚང་ཚིང་། པརྦ་ཏ་ཀནྡ་རཿ རི་ཁྲོད།


MR26_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

གི་རི་ཀུཉྫཱ། སྨན་ལྗོངས། ཨུརྶཿ ཆུ་ཚན་ཅན་གྱི་རིའི་མིང་། རི་སོགས་ཆུ་རྒྱུན་དྲག་འབབ་ཅན་ལ། ནིརྫྷ་རཿ ཆུ་སྒྲ་ཅན་དང་། ཛྷ་རཿ སྒྲོགས་ལྡན་ཟེར། ད་རཱི། བཅོས་མའི་ཕུག་པ། ཀནྡ་རཿ བྱས་པའི་ཕུག་པ། མ་བཅོས་རང་གྲུབ་ཀྱི་ཕུག་པར། གུ་ཧཱ། ཕུག །ག་ཧྭ་རཾ། རི་ཕུག་སོགས་སོ། །སྡོང་རོས་དང་མཚལ་སོགས་ཀྱི་ཁམས་འབྱུང་བའི་རི་ལ་དེའི་མིང་དུ་གདགས། དབྱིབས་དང་མདོག་སོགས་ཀྱི་སྒོ་ནས་རི་ཡི་མིང་སྣ་ཚོགས་བཏགས་པ་དེ་ལྟར་ཤེས་པར་བྱའོ། ༈ །གཉིས་པ་ཤིང་གི་མིང་ལ། བྲྀཀྵཿ ལྗོན་པ། བྲྀཀྵཿ ཤིང་། བི་ཊ་བིན྄། ལྗོན་པ། པཱ་ད་པཱཿ རྐང་པས་འཐུང་བ། ཏ་རུཿ ཆུར་མི་ལྷུང་། སཱ་ལཿ འདབ་བསྐྱོད། དྲུཿ སྡོང་པོ། དྲུ་མཿ དང་། ཀཱ་ར་སྐ་རཿ ལྗོན་ཤིང་། མ་ཧཱི་རུ་ཏཿ ས་སྐྱེས། ཤཱ་ཁཱི། ཡལ་ག་ཅན། ཨ་ནོ྅་ཀ་ཧཿ ཤིང་རྟ་འགྲོ་འགོག ཀུ་ཋཿ སྒྲ་འབྱིན། ཀུ་ཊཿ ཀྱ་ཀྱུ་ཅན། པ་ལཱ་ཤིན྄། ལོ་མ་ཅན། ཨ་ག་མཿ འགྲོ་མེད། རྣམས་ཤིང་སྤྱིའི་མིང་ངོ་། །པླཀྵ་དང་ཨུ་དུམ་ཝ་རིའི་ཤིང་སོགས་རེ་འགའ་ལས་རྒྱུན་དུ་མེ་ཏོག་མེད་པར་འབྲས་བུ་འབྱིན་པའི་ཤིང་གི་མིང་ལ། བ་ནསྦ་ཏིཿ འབྲས་ལྡན་ནགས་ཀྱི་བདག་པོ་ཟེར། འདི་ནགས་སྤྱི་ལའང་འཇུག་པར་བཤད་པ་ཡོད། ཨཱ་མྲ་སྐྱུ་རུ་ར་སོགས་མེ་ཏོག་ལས་འབྲས་བུ་འབྱུང་བའི་ལྗོན་པའི་མིང་། བཱ་ནསྤ་ཏྱཿ མེ་ཏོག་འབྲས་ལྡན་ནམ་ནགས་བདག་སྐྱེས། ཆུ་ཤིང་སོགས་འབྲས་བུ་འབྱིན་ནས་འཇིགས་པའི་ཤིང་གི་མིང་ལ། ཨོ་ཥ་དྷྱཿ བསྲེག་འཛིན་ཟེར། དུས་ཚིགས་སུ་འབྲས་བུ་འབྱིན་པའི་ཤིང་ལ། ཨ་བནྡྱུཿ མོ་གཤམ་མིན། ཞེས་དང་། བ་ལེ་གྲ་ཧིཿ འབྲས་འཛིན་ཟེར། འབྲས་བུ་མེད་པ་ལ། བནྡྷཿ མོ་གཤམ་དང་། ཨ་ཕ་ལཿ འབྲས་མེད་སོགས་ཟེར། མེ་ཏོག་འདབ་མ་སོགས་ཤིན་ཏུ་རྒྱས་པའི་ཤིང་གི་མིང་། བྲ་ཕུལླཿ རབ་ཤར་དང་། ཉེར་ཕྱེ། ཡང་དག་རྒྱས། སོགས་སུ་བརྗོད། སྡོང་པོ་བཅད་ཀྱང་སར་གནས་རྩ་བའི་མིང་


MR26_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ལ། སྡྱཱ་ནུ། སྡོང་རྩ། དྷྲུ་བཿ བརྟན་པོ། དང་། ཤངྐུཿ རྩ་ཀོག ཡལ་གའམ་རྩ་བ་ཕྲ་མོ་ལ། ཀྵུ་པ། སྐྱོད་བྱེད་དེ་སྐྲད་དང་ཆུ་བའང་ཟེར། སྡོང་པོ་ཆེ་བ་མེད་པའི་ཡལ་ག་མང་པོ་སྤུངས་སྐྱེས་ལ། སྟམྦཿ ལྗོན་ཕུང་། གུལྨཿ དཀྲི་བྱེད་ཟེར། པལླཱི། འཁྲི་ཤིང་། པྲ་ཏ་ཏིཿ གུ་གེ ལ་ཏཱ། ལྕུག་ཕྲན། འཁྲི་ཤིང་ཡལ་ག་ལོ་མ་མང་པོ་ཅན་ལ། གུལྨི་ནིཿ ཡལ་འདབ་ཅན། བཱི་རུ་ཏ། རྣམ་འགོག ཨུ་ལ་བཿ ཚང་ཚིང་ཅན་ཟེར། རི་དང་ཤིང་སོགས། ཨུཙྪྭཱ་ཡཿ མཐོ་བ། ཨུཏྶེ་དྷཿ བསྟོད་པ། ཨུཙྪ་ཡཿ བསྒྲེང་བ་སྟེ་དེ་རྣམས་ཤིང་སོགས་ཀྱི་རྩེ་མོ་མཐོ་བའི་མིང་ངོ་། །པྲ་ཀཱཎྚཿསྡོང་པོ། སྐནྡྷཿ སྡོང་རྐང་། ཡལ་གའི་མིང་། ཤཱ་ཁཱ། ཡལ་ག བལླཱི། དང་། ལཱ་ཏཱ། འཁྲི་ཤིང་ངམ་ལྕུག་མ། རྩ་བའི་ཡལ་གའམ་ཡལ་ག་སྦོམ་པོའི་མིང་། སྐནྡྷ་ཤཱ་ཁཱ། ཡལ་གའི་སྡོང་པོ། ཤཱ་ལཱ། རྩ་བའི་ཡལ་ག་ཟེར། པཏྟྲཾ། དང་། པ་ལཱ་ཤ ། ལོ་མ། ད་ལཾ། འདབ་མ། པཎྞ། ཤིང་ལོ། ཙྪ་དཿ ལོ་འདབ། ཤིང་གི་ཡན་ལག་བསྒྲད་པ་ལ། ཤི་ཕཱཿ རྩ་ལག ཛ་ཊཱ། རྩ་རལ། བལྐཾ། ཤུན་པ། བལྐ་ལཾ། ལྐོགས་ས། ཤིར། མགོ ཨ་གྲཾ། རྩེ་མོ། ཤི་ཥ་རཾ། རྩེ། མཱུ་ལཾ། རྩ་བ། པྲདྷྣཿརྨིང་། ཨདྦྷི། རྐང་པ། དེའི་མིང་གཞན། ནླ་མ་ཀཿ དང་། པཱ་ད། སྟེ་རྐང་པ་ཞེས་ཟེར་པ་སོགས་སོ། །སཱ་རཿ སྙིང་པོ། མཛྫཱ། རྐང་། ཏྭ་ཙ྄། དང་། ཏྭཀ྄། པགས་པ། བེཥྚཿ ཐང་ཆུ། ནིཪྻཱ་ཐང་ཆུ། ཡལ་ག་ལོ་མ་སོགས་ཤིན་ཏུ་རྒྱས་པའི་མིང་། བིསྟཱ་རཿ རྒྱ་ཆེན་ནས་རྒྱས་པ། བི་ཊ་པཿ མགོ་ལིང་རྒྱས་ཟེར། ཕ་ལཾ། འབྲས་བུ། སསྱཾ། ཐོག་བུ། བཱ་ནཾ། འབྲས་བུ་སྐམ་པོ། ཤ་ལཱ་ཊུཿའབྲས་བུ་མ་སྨིན་པ། མེ་འབྲས་སོགས་ཁ་འབུས་ཙམ་མིང་། ཀྵཱ་རཀཿ འགྱུར་བ། ཛཱ་ལ་ཀཾ ཁ་འབུས་པའམ་སྦལ་མིག་བྱེས། པཱཎྚུ་པ་ལཱ་ཤཿ ལོ་མ་སེར། ཤཱི་རྣ་པ་ལཱ་ཤཿ འདབ་མ་ལྷག་ཞེས་སོ། །དཱ་རུ། ཤིང་སྐམ། ཨེ་དྷཿ ཡམ་ཤིང་ངམ་མེ་ཤིང་། ས་མི་ཏཿ བུད་ཤིང་ངམ། ཧོམ་ཤིང་། ཀཥྛཾ། བུད་ཤིང་། ཞེས་སོ། །ཤིང་སོགས་ཁོང་


MR26_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་གི་མིང་། ནིཥྐུ་ཧཿ ཁོང་སྟོང་། ཀོཊ་རཾ། སྤུབས་སྟོང་། ཤིང་ཙཱུ་ཏ་སོགས་ཀྱི་སྙེ་མ་སྤྱིའི་མིང་། མཉྫ་རིཿ དང་། བལླ་རིཿ སྙེ་མ། ཏཱ་ལ་སོགས་ཀྱི་མེ་ཏོག་གི་སྙེ་མའི་སྒེར་མིང་། བལླ་རིཿ མེ་ཏོག་སྙེ་མ་ཞེས་ཟེར། བྱེ་བྲག་གི་ཤིང་ལ། བོ་དྷི་པྲྀཀྵཿ བྱང་ཆུབ་ཤིང་། བོདྷི་དྲུ་མཿ བྱང་ཆུབ་སྡོང་པོའམ་ལྗོན་པ་སྟེ་སངས་རྒྱས་རྣམས་ཤིང་དེའི་དྲུང་དུ་སངས་རྒྱས་པའོ། །ཀལྤ་བྲྀཀྵཿ དཔག་བསམ་ཤིང་སྟེ། འདོད་པ་སྩོལ་བ། ལྷའི་དཔག་བསམ་གྱི་ཤིང་ལ། པཱ་རི་ཡཱ་ཏྲཿ ཡོངས་འདུ་སྟེ་ལྷ་རྣམས་དེའི་དྲུང་དུ་འདུ་བས་སོ། །ཀོ་བི་དཱ་རཿ ས་བརྟོལ་ཞེས་སོ། །ཤིང་སྤྱི་རིགས་ནས། པུཥྤ་བྲྀཀྵཿ མེ་ཏོག་གི་ཤིང་། ཕལ་བྲྀཀྵཿ འབྲས་བུའི་ཤིང་། གནྡྷ་བྲྀཀྵཿསྤོས་ཀྱི་ཤིང་། གཞན་སྨན་ཤིང་དང་། བཟའ་ཤིང་དང་རིན་ཐང་ཆེ་བའམ་རྒྱུའི་ཁྱད་པར་གྱི་རིན་པོ་ཆེའི་ཤིང་སོགས་ཀྱི་མིང་གིས་ཁྱད་པར་དུ་བྱས་པ་དང་། ཤིང་ཆེན་པོ་དང་ཤིང་ཕྲན། ལས་སུ་བྱ་བའི་ཆ་ནས་ཁང་ཤིང་ལ་སོགས་པར་བཏགས་པའོ། །ཤིང་སོ་སོའི་མིང་། བོ་དྷི་དྲུ་མཿ བྱང་ཆུབ་ཤིང་དེའི་མིང་། ཨ་ཤྭཏྠ། རྟ་གནས་དང་། ཙ་ལ་ད་ལཿ འདབ་བསྐྱོད། པིཔྤ་ལཿ ཆུ་ལྡན། ཀུཉྫ་ར་ཤ་ནཿ གླང་པོའི་ཟས་ཟེར། དེ་ལ་བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་ཉིད་ཤིང་ཨ་ཤྭཏྠའི་དྲུང་དུ་བྱང་ཆུབ་མངོན་དུ་མཛད་པའི་ཕྱིར་བསྟན་པ་འདི་ལ་ཨ་ཤྭཏྠ་ཡིན་ཚད་ལ་བྱང་ཆུབ་ཤིང་དུ་འབོད། ཨ་ཤྭཏྠ་ཞེས་པ་བོད་སྐད་དུ་རྟག་གནས་སམ་སྔར་གྱི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱི་ཁྱད་པར་གནས་ཞེས་སུའང་བསྒྱུར། དེ་བཞིན་དུ་སངས་རྒྱས་གཞན་རྣམས་ཀྱི་བྱང་ཆུབ་ཀྱི་ཤིང་ཡང་། རྨ་བྱ་ཆེན་མོའི་གཟུངས་ཀྱི་མདོ་ལས། རྒྱལ་བ་རྣམ་གཟིགས་མྱ་ངན་འཚང་ལ་གནས། །རྒྱལ་བ་གཙུག་ཏོར་པདྨ་དཀར་པོའི་དྲུང་། །ཐམས་ཅད་སྐྱོབ་པ་སཱ་ལའི་དྲུང་ན་གནས། །བྲམ་ཟེ་འཁོར་བ་འཇིག་ནི་ཤིརྵའི་དྲུང་། །སངས་རྒྱས་གསེར་ཐུབ་ཨུ་དུམྦཱ་རའི་དྲུང་། །འོད་


MR26_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་ནྱ་གྲོ་དྷ་ཡི་དྲུང་ན་གནས། ཤཱཀྱ་ཐུབ་མཆོག་ཁྱད་པར་གནས་དྲུང་དུ། །ཕྱིན་ནས་བྱང་ཆུབ་ཐོབ་གྱུར་གཽ་ཏ་མ། །སངས་རྒྱས་རྫུ་འཕྲུལ་ཆེན་པོ་དེ་དག་ལ། །མངོན་པར་དད་པའི་ལྷ་གང་འཁོད་པ་དག །ལྷ་རྣམས་དེ་དག་ཡིད་རབ་མགུ་གྱུར་ནས། །རྟག་ཏུ་དགེ་དང་ཞི་བར་འགྱུར་བར་བྱོས། །ཞེས་གསུངས་པ་ལྟར་ཞིང་འདི་དག་གི་དབང་དུ་བྱས་ན་བྱང་ཆུབ་ཀྱི་ཤིང་མི་འདྲ་བ་དེ་དག་གིས་མཚོན་ནས་ཤིང་དེ་དག་ལ་སངས་རྒྱས་དེའི་བསྟན་པའི་དུས་སུ་ཤིང་དེར་བྱང་ཆུབ་ཀྱི་ཤིང་དུ་གྲགས་སོ། །བྱང་ཆུབ་ཀྱི་ཤིང་གཅིག་ལ་སངས་རྒྱས་སོ་སོའི་དུས་སུ་མིང་སོ་སོར་འགྱུར་བ་ཡང་བཤད་པ་སྣང་མོད། མིང་ཙམ་དུ་མ་ཟད་ཤིང་འདི་རྣམས་རིགས་སོ་སོ་ཡིན་ཡང་སངས་རྒྱས་དེ་དང་དེའི་དུས་སུ་ཤིང་དེ་དག་ལ་བྱང་ཆུབ་ཤིང་དུ་མིང་འགྱུར་བ་འདྲ་སྙམ་མོ། །གཞན་སྨོན་ལམ་ཁྱད་པར་ཅན་གྱིས་བསྐྲུན་པའི་ཞིང་རྣམས་ན་བྱང་ཆུབ་ཀྱི་ཤིང་རྣམ་པ་དང་ཡོན་ཏན་རྒྱ་ཆེ་བ་སྣ་ཚོགས་སུ་མཆིས་ཏེ། དཔེར་ན་བདེ་བ་ཅན་ན་ མགོནཔོ་འོད་དཔག་མེད་ཀྱི་སྐུ་རྒྱབ་བརྟེན་པའི་བྱང next hit་ཆུབ་ཤིང་དབང་སྟོང་དང་དྲུག་བརྒྱ་པ་དང་། previous hit མགོནཔོ་ཀུན་གཟིགས་ཀྱི་བྱང ་ཆུབ་ཤིང་ལ་སོགས་པ་བཞིན་ནོ། །ཀ་པིཏྠཿ སྦྲེའུ་གནས་ཞེས་པའི་ཤིང་། དེ་ལ་ད་དྷིཏྠཿ ཞོ་གནས་དང་མིང་གཞན་ཡིད་སྲུབ། སོལ་གནོད་སོགས་ཟེར། ཨུ་དུམྦ་རཿ མཆོག་འཕགས་སམ་ཆེར་འཛག་སྟེ་ཨུ་དུམྦ་རའི་ཤིང་། དེ་ལ། ཛནྟུའི་འབྲས། མཆོད་སྦྱིན་ཡན་ལག གསེར་གྱི་འོ་མ་ཟེར། ཤིང་ཀཉྩའི་བྱེ་བྲག ཀོ་བི་དཱ་རཿ ས་རྟོལ། དེ་ལ། རྔ་ཡབ་ཅན། ས་འཇོམས། འདབ་ཟུང་ཟེར། སཔྟ་པརྞྞཿ ལོ་མ་བདུན་པ་ཞེས་པའི་ཤིང་། དེ་ལ་ཤུན་མཐུག་དང་སྟོན་ཀ་ལེགས། མི་མཉམ་འདབ་ཟེར། གདོན་ཉམས་པར་བྱེད་པའོ། །ཨཱ་རགྦདྷཿ དོང་འཇོམས་ཏེ་དོང་གའི་ཤིང་། དེ་ལ་ཤིང་རྒྱལ་དང་ནད་འཁྲུད། སོར་མོ་བཞི་


MR26_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

པ་སོགས་ཟེར། ཛམྦཱི་རཿ ཤིང་སྐྱུར་རྩི་ཆེན་པ། དེ་ལ་སོ་བརྩེ་སོགས་ཟེར། བ་རུ་ཌཎཿ ཆུ་ལྷའི་ཤིང་། དེ་ལ་སྒྲིབ་ཤིང་དང་འཆིང་ཤིང་། གཞོན་ནུ་ཅན་སོགས་ཟེར། བུནྣཱ་གཿ ཀླུ་ཤིང་། དེ་ལ་ཀེ་ས་རཿ སྐྲ་ཅན་དང་། སྐྱེས་བུ། ལྷ་དགའ་ཟེར། ནིམྤ་ཏ་རུཿ ནིམ་པའི་ཤིང་། དེ་ལ་མནྡཱ་རཿ དལ་གཡོའམ་མནྡཱ་རའི་ཤིང་། ཡོངས་བཟང་། སྐྱེས་ཐོབ་ཟེར། ཏི་ནི་ཤ ། མཚན་འདས་ཤིང་། དེ་ལ་འཛག་བྱེད། མུ་ཁྱུད་ཤིང་། ཤིང་རྟའི་ཤིང་། སྣོད་ཤིང་། སྣ་ཚོགས་བྱེད། ཤིན་གྲོལ་ཟེར། ཨཱམྲཱ་ཏ་ཀཿ ཨཱ་མྲའི་རྗེས་འགྲོ་ཞེས་པའི་ཤིང་། དེ་ལ་སེར་བྱེད། སྤྲེའུ་རྒྱས་བྱེད་ཟེར། མ་དྷཱུ་ཀཿ སྦྲང་ཤིང་། དེ་ལ་མ་ཧུ་ཡ་ཞེས་གྲགས། མིང་གཞན་མངར་ཤིང་། བུ་རམ་མེ་ཏོག་སོགས་ཟེར། དེ་རིལ་སྐྱེས་པར། མ་དྷཱུ་ལ་ཀཿ སྦྲང་འཛིན་སོགས་ཟེར། བཱི་ལུཿ བརྟན་གསལ་ཞེས་པའི་ཤིང་། དེ་ལ་བུ་རམ་འབྲས་དང་ལྟུང་བྱེད་ཟེར། དེ་རི་སྐྱེས་ལ། ཨཀྵོ་ཌཿ མངར་མེད། རས་བལ་འཛིན་ཟེར། ཨངྐོ་ཋ། གཡའ་ཤིང་། གཡའ་བྱེད་ཀྱང་ཟེར། བ་ལཱ་ཤཿ འདབ་ལྗང་ཤིང་། དེ་ལ། ཀིཾ་ཤུ་ཀཿ ནེ་ཙོའམ་ཅི་སྟེ། ནེ་ཙོའི་མཆུ་ལྟར་དམར་བས་སོ། །དེ་ལ་ལོ་མ་ཅན་དང་། རླུང་ལ་འཚེ་ཟེར། བེ་ཏ་སཿ སྨན་ཤིང་། བྱེ་བྲག་རྟོགས་བྱེད་དུ་ལྕང་མ་ཞེས་སུ་བསྒྱུར། དེ་ལ། ཤེས་འཛིན། བསིལ་ཤིང་སོགས་ཟེར། བེ་ཏ་པ་སྐྱུར་བོའི་མིང་། པ་རི་བྱཱ་དྷཿ ཡོངས་བསྣུན། བི་དུ་ལཿ ཤེས་ཚུལ། ཆུ་ལས་སྐྱེས་ཟེར། སཽ་བྷཱཉྫ་ནཿ མཛེས་པའི་མིག་སྨན་ཞེས་པའི་ཤིང་། འདི་ཤི་གྲུའི་ཤིང་སྟེ། ཤི་གྲུཿ ན་ལེ་ཤམ་དཀར་པོ། དེ་ལ་དྲི་རྣོ། མིག་འདྲ། གྲོལ་བ་ཅན་ཟེར། ཤི་གྲུ་དམར་པོའི་མིང་། མ་དྷུ་ཤི་གྲུཿ ཤི་གྲུ་མངར་པོ་ཟེར། ཨ་རིཥྚཿ ལུང་ཏང་ཤིང་། ཕེ་ནི་ལཿ ལྦུ་བ་ཅན་ཡང་ཟེར། བིལྤཿ བིལ་བའི་ཤིང་། དེ་ལ་ཀ་བེད་དང་། དབལ་འབྲས་སོགས་ཟེར། །པླཀྵཿ རབ་འགྱུར་ཤིང་། དེ་ལ་ཚོགས་ཅན་དང་། འཕྲད་བྱེད་ཟེར། ནྱ་གྲོ་དྷཿ དམན་འགོག་ཞེས་པའི་ཤིང་


MR26_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

བོད་དུ་ནེ་གྲོ་ཏ་ཞེས་འབོད། པཊ། འཁོར་བྱེད་དང་། རྐང་མང་ཡང་ཟེར། ཤིང་གི་མིང་འདི་རིགས་སྐད་སོར་བཞག་པ་ནོར་སོ་ཆུང་བས། ཤིང་ནྱ་གྲོ་དྷ་དང་། ཤིང་བ་ཊ་ཞེས་འབོད་པ་དེ་ཡིན་ནོ། །གཱ་བ་ལཿ གཱ་ལ་བ་སྐྱེས་ཏེ་ཞུ་མཁན་དཀར་པོའི་ཤིང་གི་མིང་དེ་ལ། ལོ་དྷྲཿ ཞུ་མཁན། དང་། རི་ཁྲོད་པ།དག་བྱེད་སོགས་ཟེར། ཨཱ་མྲཿ ནད་བྱེད་དེ། སྨན་ཨ་འབྲས་འབྱུང་བའི་ཤིང་། དེ་ལ། ཙཱུ་ཏཿ འཛག་བྱེད། ར་སཱ་ལཿ རོ་ལྡན་ཟེར། ས་ཧ་ཀཱ་རཿ ལྷན་ཅིག་བྱེད་ཅེས་ཤིན་ཏུ་དྲི་ཞིམ་པའི་ཨཱ་མྲའི་མིང་ངོ་། །ཀུམྦྷཾ། ཆུ་རྫོགས་ཞེས་གུ་གུལ་ཤིང་། གུགྒུལཿ གུ་གུལ། ཤིང་དེའི་མིང་། མཛོད་བྱུང་། སྟེང་ལེན། གང་བ་ཟེར། ཤེ་ལུཿ ཤིང་སེ་ལུ། དེ་ལ་བད་ཀན་འགྲོ། མང་སྒྲིབ་སོགས་ཟེར། བི་ཡཱ་ལཿ འཐུང་བྱེད་ཅེས་པའི་ཤིང་། དེ་ལ་རྒྱལ་ཟས་དང་། དགའ་བྱེད། གཞུ་གོས། གཞུ་བྱེད་སོགས་ཟེར། ཤྲཱི་བརྞྞི། དཔལ་འདབ་བམ་དཔལ་གྱི་ལོ་མ་ཞེས་པའི་ཤིང་དེ་ལ། ཆུ་འཛིན། སྦྲང་ལོ་སོགས་ཟེར། ཀརྐྐནྡྷཱུཿ རག་ཆུང་ཤིང་། དེ་ལ་བ་ད་རཱི། རྒྱ་ཤུགས་གམ་བརྟན་པ་དང་། མཁྲེགས་ཤིང་དང་། ས་སྟོབས་ཟེར། རྒྱ་ཤུག་གི་འབྲས་བུའི་མིང་། བ་ད་རཾ། རྒྱ་ཤུག་འབྲས་བུ། ཀོ་ལཾ། མཁྲེགས་ཤིང་འབྲས་བུ། རག་ཆུང་། དབུ་བ་ཅན། རབ་དཔལ་སྐྱེས། ཟེར། གྷོཎྜཱ་ནི། རྒྱ་ཤུགས་འདྲ་བའི་ཤིང་ཞིག་གི་མིང་ཡིན་པས། དེའི་འབྲས་བུ་ལའང་བད་རིའི་སྒྲ་འཇུག་པ་ཡོད། སྦཱ་དུ་ཀཎྚ་ཀཿ ཚོར་མ་ཞིམ་པ། ཞེས་པའི་ཤིང་དེ་ལ། སྲུ་བཱ་བྲྀཀྵཿ དགང་གཟར་ཤིང་དང་། ཧོམ་གཟར་ཤིང་དང་། ཚིགས་ཅན། སྟག་རྐང་། འདབ་མངར་ཟེར། ཨཻ་རཱ་བ་ཏཿ གློག་ཅན་ཞེས་ཀླུ་ཤིང་གི་མིང་དེ་ལ། ནཱ་ག་རངྒཿ ལི་ཁྲི་མདོག་དང་སའི་འཛམྦུ་དང་ཆུ་སྐྱེས་ཀྱང་ཟེར། ཏིནྡུ་ཀཿ གཤེར་བྱེད་དེ་བོད་དུ་ཨཱ་མྲའི་འབྲས་བུར་གྲགས་པའི་ཤིང་ཐོག་འདི་འབྱུང་བའི་ཤིང་གི་མིང་། དེ་ལ་འཐག་བྱེད། སྡོང་ནག རྐང་ནག་ཟེར། ཀཱ་ཀེནྡུཿ བྱ་རོག་ཟླ་བ་


previousཤོག་ལྷེབ་ ༢༠༡ ནས་ ༣༠༠ བར།next