Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བདུན་པ།

47 occurrences of རང་རིག་
[Clear Hits]


  
  
  
  
  
  
  
  
  
 
སྒྲུབ་པའི་ཟིན་བྲིས་མཚོ་རྒྱལ་གྱིས་མཛད་པ།
  
 
  
  
  
  
  
  
 
  
  
  
  
  
 
  
  
  
  
  
  
 
  
  
 
 
 
 
27   
  
  
  
  
  


47 occurrences of རང་རིག་
[Clear Hits]

 
previousསྒྲུབ་པའི་ཟིན་བྲིས་མཚོ་རྒྱལ་གྱིས་མཛད་པ།next

སྒྲུབ་པའི་ཟིན་བྲིས་མཚོ་རྒྱལ་གྱིས་མཛད་པ།

བཀའ་རྫོགས་པ་ཆེན་པོ་བླ་མ་བདེ་མཆོག་འཁོར་ལོ་ལས༔ སྒྲུབ་པའི་ཟིན་བྲིས་མཚོ་རྒྱལ་གྱིས་མཛད་པ་བཞུགས་སོ༔ མ་ཧཱ་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ མ་འོངས་དུས་ཀྱི་ཐ་མ་ལ༔ ཡང་ཟབ་འཁོར་ལོ་བདེ་མཆོག་གི༔ སྒྲུབ་པ་བྱེད་པའི་སྐལ་ལྡན་གྱིས༔ ཁོ་མོའི་ཟིན་བྲིས་འདི་ལ་ལྟོས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱཿ ཕྱི་ནང་སྒྲུབ་པ་གང་བྱེད་ཀྱང་༔ སྒྲུབ་ཁང་སྒོ་ཐེམ་ཕྱི་ནང་ལ༔ གཤིན་རྗེ་དང་ནི་བདུད་རྩི་འཁྱིལ༔ སྒོ་བྱང་གདགས་ལ་གཏོར་མ་དབུལ༔ འཕྲིན་ལས་བཅོལ་ཞིང་མེ་ཏོག་འཐོར༔ དེ་ནས་རྣལ་འབྱོར་སྒྲུབ་པ་པོས༔ སྐྱབས་འགྲོ་སེམས་བསྐྱེད་སྔོན་བཏང་ནས༔ དམ་བཅའ་དྲག་པོ་སྙིང་ལ་གདབ༔ ད་སྟེ་ཕྱི་ནང་གསང་བ་ཡི༔ རྐྱེན་དང་མི་མཐུན་ཅི་བྱུང་ཡང་༔ ཡང་ཟབ་བདེ་མཆོག་འཁོར་ལོ་ཡི༔ བསྙེན་བསྒྲུབ་མཐར་ཕྱིན་མ་འཁྱོལ་བར༔ སྒྲུབ་པའིི་དམ་བཅའ་གཏོང་རེ་ཀན༔ ཡང་ནས་ཡང་དུ་སྙིང་ཕུར་འཛུགས༔ ཏིང་འཛིན་གསུམ་དང་འབྱུང་རིམ་བརྩེགས༔ གཞལ་ཡས་ལྷ་བསྐྱེད་སྤྱན་འདྲེན་བཞུགས༔ ཕྱག་མཆོད་བསྟོད་དང་འཛབ་ལ་སོགས༔ སྒྲུབ་པ་ཀུན་གྱི་ཁ་སྐོང་དོན༔ ལས་བྱང་ཆེན་མོའི་འདོན་བསྒོམ་གཅེས༔ སྐབས་སུ་མཆོད་ཅིང་བསྟོད་པར་བྱ༔ སྒྲུབ་པའི་སྐབས་ནས་འབྱུང་བའི་དོན༔ ལས་བྱང་ནང་གི་རིམ་པ་བཞིན༔ སྨན་རཀ་གཏོར་གསུམ་མཆོད་པ་དང་༔ བསྟོད་པས་བསྟོད་པར་ཤེས་པར་བྱ༔ བཟླས་པའི་སྔགས་དམིགས་རང་གཞུང་ལ༔ བསྐུལ་ཚིག་ལས་བྱང་ནང་གི་འཛབ༔ དུས་བཞིར་བསྐུལ་ཞིང་དངོས་གྲུབ་བླང་༔ སྒྲུབ་གཞུང་རྣམས་ནས་གསུངས་པའི་དོན༔ ལས་བྱང་ནང་ལྟར་སྤྱོད་མཁས་བྱ༔ སྐབས་སུ་ཧཱུྃ་གི་སྣང་གླུ་ལེན༔ སྒྲུབ་པའི་གཞུང་ནས་གསུངས་པའི་དོན༔ བདག་མདུན་བསྐྱེད་པའི་གཙོ་དང་འཁོར༔ ཧཱུྃ་སྒྲ་དིར་དིར་སྒྲོག་པ་ཡིས༔ བར་གཅོད་འབྱུང་པོ་རྡུལ་དུ་བརླག༔ དངོས་གྲུབ་ཐམས་ཅད་བསྡུས་པར་བསམས༔ སྒྲུབ་ཁང་ཡུལ་ཕྱོགས་རྒྱལ་ཁམས་རྣམས༔ དཀར་དམར་མཐིང་གསུམ་ཁ་དོག་ཅན༔ ཧཱུྃ་ཡིག་གསུམ་གྱིས་རབ་ཏུ་གང་༔ ཡོམ་ཡོམ་ཤིགས་ཤིགས་འདུ་འཕྲོ་གསལ༔ ཞི་བའི་ཧཱུྃ་དབྱངས་སྙན་པར་བཟླ༔ རྒྱས་པའི་ཧཱུྃ་དབྱངས་ཞི་དྲག་སྤེལ༔ དབང་གི་ཧཱུྃ་དབྱངས་ཁུག་པར་བཟླ༔ དྲག་པོའི་ཧཱུྃ་དབྱངས་ངར་གྱིས་བཟླ༔ ཐུན་སྐབས་བརྒྱ་སྟོང་ཉམས་དང་སྦྱར༔ འདི་ནི་དངོས་གྲུབ་རྩ་བ་སྟེ༔ འདི་ནི་ཕྲིན་ལས་རྣམ་བཞི་ཉིད༔ འདི་ནི་ནུས་པའི་སྤུ་གྲི་སྟེ༔ འདི་ནི་གདོན་བགེགས་འབྱུང་པོའི་གཤེད༔ ཟབ་མོའི་ཞལ་གདམས་ཨེ་མ་ཧོ༔ ཕྱི་ནང་སྒྲུབ་པ་གང་བྱེད་ཀྱང་༔ ཐོ་ལས་བརྒལ་བར་མི་བྱ་ཞིང་༔ སྐྲ་དང་ཁ་སྤུ་མི་འདྲེག་ཅིང་༔ སེན་མོ་མི་གཅོད་གདོང་མི་བཀྲུ༔ ཆང་ལ་བག་མེད་འཐུང་མི་བྱ༔ གཞན་དང་ངག་ཚིག་མི་བསྲེ་སྟེ༔ སྔགས་ནུས་འཇོམས་པའི་སྔོ་བཙོང་སྒོག༔ ལ་ཕུག་ལ་སོགས་སྤང་བར་བྱ༔ ཚོགས་ཀྱི་རྫས་ནི་མི་འགལ་ལོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཕྱི་ནང་གསང་བའི་བསྙེན་སྒྲུབ་ཚེ༔ ཐོ་རངས་རྒྱས་པའི་དུས་དང་ནི༔ ནམ་ལངས་ཞི་བ་དགོང་མོ་དབང་༔ སྲོད་འཁོར་དྲག་པོའི་དུས་ཡིན་པས༔ ལས་སྦྱོར་བཞི་ཡི་བསྙེན་པ་འདི༔ བརྒྱ་སྟོང་སྐབས་དང་སྦྱར་ལ་བཟླ༔ ཨཱོཾ་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྭཱ་པུཥྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ་མཱ་ར་ཡ་ཕཊ༔ ལས་བཞིའི་འདོད་གསོལ་བཏགས་ཏེ་བཟླ༔ སྐབས་སུ་འདི་ལྟར་བཟླས་པ་ཡིས༔ ནད་ཞི་ཚེ་བསོད་རྒྱས་པ་དང་༔ དངོས་གྲུབ་འཐོབ་ཅིང་གདོན་བགེགས་བསྐྲད༔ ལེགས་ཚོགས་ཟབ་པའི་ཡང་གནད་ཡིན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཕྱི་ནང་གསང་བའི་སྒྲུབ་པ་གསུམ༔ རང་གཞུང་བསྙེན་པ་མཐར་ཕྱིན་ཚེ༔ ལས་སྦྱོར་བཞི་ནི་འདི་ལྟར་བྱ༔  རང་ཉིད་རིག next hit་འཛིན་ཐོད་པ་རྩལ༔ ཡབ་ཡུམ་རིག་འཛིན་དཀྱིལ་འཁོར་ལྷ༔ མ་ལུས་ཐམས་ཅད་སྐུ་མདོག་དང་༔ རྒྱན་དང་ན་བཟའ་ཕོ་བྲང་ཞིང་༔ དཀར་གསལ་འོད་ཟེར་མདངས་ལྡན་བསྐྱེད༔ ཐུགས་ཀར་ཟླ་དཀྱིལ་ས་བོན་མཐར༔ རྩ་སྔགས་ཤམ་བུའི་སྔགས་འབྲུ་རྣམས༔ གཡས་སུ་འཁོར་ཞིང་ཟེར་དུ་འཕྲོས༔ འོད་ཟེར་དཀར་པོའི་འཕྲོ་འདུ་ཡིས༔ ནད་གདོན་བག་ཆགས་སྡིག་སྒྲིབ་རྣམས༔ བ་མོར་ཉི་ཟེར་ཕོག་པ་ལྟར༔ རབ་ཏུ་བྱང་ཞིང་དག་པ་ཡིས༔ མ་ཡེངས་འདུན་པ་རྩེ་གཅིག་ངང་༔ རྩ་སྔགས་ཤམ་བུར་འདི་བཏགས་བཟླས༔ ཤན་ཏིཾ་ཀུ་རུ་ཡེ་སྭཱ་ཧཱ༔ འབུམ་ཚོ་གཅིག་གིས་ནད་གདོན་བགེགས༔ བག་ཆགས་སྡིག་སྒྲིབ་བཅས་པ་བྱང་༔ ཞི་བའི་ལས་ཀུན་མཐར་ཕྱིན་འགྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་བཞིན་སེར་པོ་དམར་དང་ལྗང་༔ རྒྱས་པ་དབང་དང་དྲག་པོ་གསུམ༔ སྐུ་མདོག་སྔགས་འབྲུ་འོད་ཟེར་རྣམས༔ གོང་ལྟར་སྔགས་དམིགས་འཁྲུལ་འཁོར་སྒྱུར༔ མ་ཡེངས་ངང་ནས་ལས་སྦྱོར་གསུམ༔ འབུམ་ཚོ་རེ་རེ་བཟླས་པ་ཡིས༔ ཚེ་བསོད་དཔལ་འབྱོར་དབང་ཐང་རྒྱས༔ ལྷ་འདྲེ་མི་གསུམ་དབང་དུ་འདུ༔ ལོག་འདྲེན་དགྲ་བགེགས་ཚར་གཅོད་འགྱུར༔ འདི་ནི་སྒྲུབ་པའི་ཁ་སྐོང་སྟེ༔ འཕྲིན་ལས་བཞི་སྒྲུབ་ཡིག་ཆུང་ངོ་༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཉིས་པ་བྱེ་བྲག་གི་རིམ་པ་ནི༔ ཕྱི་སྒྲུབ་དུས་ཀྱི་སྐུ་འབག་བུམ་པའི་སྟེང་དུ་བཤམ་གསུང་པ་དེ་ལ༔ རབ་གསེར་དངུལ་ལི་འཁར་སོགས་ལ་འབུར་སྐུ་བཞེང་ཞིང་༔ འབྲིང་གནས་ཆེན་པོ་ཁྱད་པར་འཕགས་པའི་ས་རྡོ་ལ་དར་རས་ཤོག་བུ་སོགས་ཀྱི་སྐྱོབ་སྦྱར་ཏེ༔ ལྷ་བཟོ་མཁས་པས་སྨན་འདག་ལ་འབུར་དུ་བཟོའོ༔ ཐ་ན་ཡང་དར་རས་དཀར་པོ་དྲི་མ་མེད་པར་དྲི་བཟང་གི་ཆུ་དང་དཀར་ཚོན་གྱི་སྐྱོབ་བཏང་སྟེ་རིས་སུ་འབྲི་བར་བྱའོ༔ དེ་ལྟར་རབ་འབྲིང་གང་ལྟར་གྲུབ་པའི་སྐུ་འབག་དེ་ལ༔ གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་གཟུངས་སུ་གཞུག༔ བྲིས་སྐུ་ཡིན་ན་རྒྱབ་ཏུ་འཁོར་ལོ་གསུམ་བརྩེགས་མར་འབྲི༔ ཆེ་ཆུང་གི་ཚད་ནི་རང་གི་འདོད་པ་དང་བསྟུན་ནོ༔ སྐུ་འབག་དེ་གྲུབ་ནས་གུ་གུལ་གྱི་དུད་པས་བདུག༔ བགེགས་བསྐྲད༔ དྲི་བཟང་གི་ཆུས་ཁྲུས་གསོལ༔ རབ་གནས་བྱ༔ ཤིས་པ་བརྗོད༔ མེ་ཏོག་འཐོར༔ རིག་འཛིན་འདུས་པའི་གཙོ་མཆོག་ཐོད་པ་རྩལ་དང་གཉིས་སུ་མེད་པར་བསམ་ཞིང་༔ སྒྲུབ་པ་ལ་འཇུག་དུས་དཀྱིལ་འཁོར་གྱི་དབུས་སུ་གཞུག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བསྙེན་སྒྲུབ་ཐེམས་ནས་ཟངས་ཀྱི་ཟ་མ་ཏོག་ཏུ་གཞུག་སྟེ་རང་དང་མ་བྲལ་བར་བཅང་ཞིང་དམ་མེད་ལ་སྦ་བར་བྱའོ༔ གཉིས་པ་ནང་སྒྲུབ་ཀྱི་བླ་རྡོ་སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་པོ་རབ་གསེར་དངུལ་གྱིས་མཐིང་ཤོག་ལ་འབྲི༔ འབྲིང་རྒྱ་ཤོག་ལ་མཚལ་དང་རིན་ཆེན་བརྡར་བའི་ཁུ་བས་འབྲི༔ ཐ་ན་འང་གྲོ་གའམ་ཤོག་བུ་ལེགས་པ་ལ་རྒྱ་སྣག་གིས་ལྷག་ཆད་མེད་པར་ཡར་ངོའི་གཟའ་སྐར་བཟང་པོར་ཕྱི་ནང་གི་མཆོད་པ་བཤམས་ཤིང་ལས་གཞུང་བསྲང་སྟེ༔ བསྙེན་པའི་སྐབས་སུ་མོས་གུས་དང་གདུང་ཤུགས་རྩེ་གཅིག་གི་ངང་ནས༔ རིག་འཛིན་གྱི་རྒྱལ་པོ་ཧེ་རུ་ཀཿཐོད་པ་རྩལ་ལ་རིག་འཛིན་ཕོ་མོ་འབུམ་ཕྲག་མང་པོས་བསྐོར་བ་མདུན་གྱི་ནམ་མཁའི་གནས་སུ་བཞུགས་པར་བསྒོམས་ལ༔ རིག་འཛིན་གྱི་རྒྱལ་པོ་གཙོ་མཆོག་ཐོད་པ་རྩལ་ཁྱེད་ཀྱི་སྒོམ་སྒྲུབ་ཟབ་མོར་དམ་བཅའ་སྟེ༔ བདག་གཞན་གྱི་དོན་གཉིས་བསྒྲུབ་པའི་ཕྱིར་དུ༔ སྐུ་གསུང་ཐུགས་ཀྱི་ཙཀྲ་འདི་འབྲི་བ་ལ་བྱིན་གྱིས་བརླབ་ཏུ་གསོལ༔ དབང་མཆོག་བསྐུར་དུ་གསོལ༔ ཀུན་རྫོབ་ཀྱི་རྫས་འདི་རྣམས་ཡེ་ཤེས་རང་བྱུང་གི་རྫས་སུ་བྱིན་གྱིས་བརླབ་ཏུ་གསོལ༔ སྙམ་པའི་འདུན་པ་རྩེ་གཅིག་གི་ངང་ནས་གསོལ་བ་ཕུར་ཚུགས་སུ་གདབ༔ ཁ་ལྷོ་ནུབ་ཏུ་བལྟས་ཏེ་འབྲི་བར་བྱའོ༔ དེ་ནས་འཁོར་ལོ་གསུམ་ལ་རྫས་སོ་སོའི་རང་གཞུང་ལྟར་གདབ༔ ཚོན་གྱིས་བྱུག༔ གུ་གུལ་གྱིས་བདུག༔ ཐུན་གྱིས་བྲབ༔ དྲག་སྔགས་བརྗོད༔ ཡེ་ཤེས་ཀྱི་ལྷ་ཚོགས་ཐམས་ཅད་བསྲུང་བའི་ཙཀྲ་ལ་ཐིམ་པར་བསྒོམ༔ མཆོད་བསྟོད་བསྡུས་པ་ཞིག་བྱ་ཞིང་ཤིས་པ་བརྗོད༔ ཡེ་དྷརྨཱ་བརྒྱ་རྩ་བརྒྱད་ཀྱིས་རབ་ཏུ་གནས༔ དེ་ཟངས་ཀྱི་གའུར་དར་ཚོན་སྣ་ལྔས་དཀྲིས་ཏེ་སྐུ་གསུང་ཐུགས་ཀྱི་རིམ་པ་ལྟར་ཐོག་འོག་བརྩེགས་ཏེ་གཞུག༔ ས་རྗེན་ལ་མི་བཞག༔ མི་ལག་མི་འགྲིམ་པར་དཔལ་གྱི་གཏོར་མའི་ཐུགས་ཀར་གཞུག་ཅིང་སྒྲུབ་པ་ལ་འཇུག་གོ༔ ཕྱི་ནང་གི་སྒྲུབ་པ་གཉིས་ཆར་ལ་འཁོར་ལོ་འབྲི་ལུགས་རྫས་དང་དུས་སོགས་ཀྱི་སྟ་གོན་ལ་ཁྱད་པར་མེད་ཅིང་སྐར་མ་རྒྱལ་དང་གཟའ་ཕུར་བུ་འཛོམ་ན་རབ་བོ༔ དེ་ནས་ནང་སྒྲུབ་ཀྱི་བསྙེན་སྒྲུབ་རྫོགས་ནས་ཟངས་ཀྱི་གའུ་བླ་རྡོ་དང་བཅས་པ་དྲོད་དང་མ་བྲལ་བར་ལུས་ལ་བཅང་ཞིང་ལོ་རེ་བཞིན་རབ་གནས་བསྐྱར་ཏེ་བཅང་བར་བྱའོ༔ གསང་སྒྲུབ་གསང་བའི་བླ་རྡོ་ནི༔ དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད༔ རྣམ་པར་བཞག་སྟེ་འབྲལ་མི་བྱ༔ ཚད་ཕེབས་previous hit རིག་པ་སྐུ་རུ་སྨིན༔ སྐྱེ་འཇུག་གཉིས་ལ་རང next hit་དབང་སྒྱུར༔ འབྱུང་བའི་ཁམས་ལ་ཟང་ཐལ་འགྲོ༔ previous hit རིག་པ་ཆོས་དབྱིངས་རང next hit་གྲོལ་དུས༔ ཐོད་པ་རྩལ་དང་གཉིས་སུ་མེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཕྱི་སྒྲུབ་བསྙེན་འབྲུ་བཅུ་གསུམ་པའི༔ འབྲུ་བརྒྱད་མཚམས་སུ་ཤྲི་ཧེ་རུ་ཀ༔ ཡང་སྙིང་འབྲུ་བཞི་བལྟེམ་བྱས་ནས༔ མཐའ་ལ་ཕཊ་ཀྱི་ཤམ་བུ་འདོགས༔ སྔགས་ཐེམ་གུད་སྦས་གསང་བའི་གནད༔ ནང་སྒྲུབ་བསྙེན་འབྲུ་ཉེར་གཅིག་པར༔ མཐའ་ལ་སྭཱ་ཧཱའི་ཤམ་བུ་འདོགས༔ སྒྲ་ཆག་ཟུར་ཉམས་ལྷག་ཆད་སྐོངས༔ དངོས་གྲུབ་མྱུར་དུ་འཐོབ་པར་བྱེད༔ དཔའ་བོ་མཁའ་འགྲོའི་དྲིལ་སྒྲུབ་ཀྱི༔ སྙིང་པོ་སྔགས་འབྲུ་བཅོ་ལྔ་པར༔ སརྦ་སིདྡྷི་སྭཱ་ཧཱ་ཞེས༔ འདོད་གསོལ་སྦྱར་བ་ཤིན་ཏུ་མཆོག༔ སྤྱིར་ནི་ཕྱི་ནང་སྒྲུབ་སྐོར་དང་༔ གོ་ཆའི་ལྷ་ཚོགས་དཔལ་བརྒྱད་སོགས༔ མདོར་ན་བསྙེན་སྒྲུབ་གང་བརྩམས་ཀྱང་༔ ཐོར་ཁ་བྱ་རོག་མ་གྲགས་གོང་༔ ཡང་ན་ཐུན་འགོ་ཐམས་ཅད་དུ༔ ཨཱ་ལི་ཀཱ་ལི་ཉེར་གཅིག་གམ༔ ཡང་ན་བཅུ་བཞི་བདུན་ལ་སོགས༔ སྐབས་ལྟར་བརྗོད་ཅིང་ཡེ་དྷརྨཱས༔ ངག་ལ་རབ་གནས་བྱེད་པ་གནད༔ འདི་མེད་བསྙེན་སྒྲུབ་བརྩམ་པ་རྣམས༔ འདབ་གཤོག་མེད་པའི་བྱ་དང་འདྲ༔ འདི་ནི་གཟུངས་སྔགས་བཟླས་པའི་སྙིང་༔ སྔགས་ཀྱི་གབ་སྦས་ཊཱི་ཀ་འདི༔ ཀུན་ལ་མི་བསྟན་ཟུར་དུ་འཆང་༔ རྡོ་རྗེ་སློབ་དཔོན་མི་བསྟེན་པར༔ གསང་སྔགས་ཆོས་ལ་རྒོད་འཇུག་བྱེད༔ བླ་མེད་ཐེག་པ་འཆལ་དོགས་ནས༔ བསྙེན་སྒྲུབ་སྔགས་ལ་གབ་སྦས་ཕྱེ༔ སྐལ་ལྡན་རྣམས་ཀྱིས་སྤྱོད་མཁས་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བློ་དམན་བུད་མེད་མཚོ་རྒྱལ་ངས༔ ཨོ་རྒྱན་རྗེ་ལ་ལུང་ཞུས་ནས༔ ཕྱི་རབས་དོན་དུ་ཡི་གེར་བཀོད༔ མ་འོངས་སྐལ་ལྡན་ཐུགས་ཀྱི་སྲས༔ པྲ་ཁྲིད་ཡིན་པས་སྙིང་ལ་ཆོངས༔ ལག་ལེན་ཡིན་པས་དང་དུ་ལོངས༔ ཞལ་གདམས་ཡིན་པས་ཚུལ་བཞིན་སྤྱོད༔ མན་ངག་ཡིན་པས་གཞན་ལ་སྦོས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྤྲང་བན་འགྲོ་འདུལ་གླིང་པས་ཤིང་མོ་ཡོས་ལོ་ཧོར་ཟླ་བཅུ་པའི་ཚེས་བཅོ་ལྔའི་ཐོ་རངས་ཁར། བདེ་མཆོག་དཔལ་གྱི་ཕོ་བྲང་། །ཏེ་སེ་གངས་ཀྱི་གནས་ཆེན་ནས། །སྔོན་གྱི་སྨོན་ལམ་མཐུ་དང་བཅས། །ཨོ་རྒྱན་ཡབ་ཡུམ་སྟོབས་དང་བཅས། །སྲུང་མ་གཉེན་པོའི་དམ་དང་བཅས། །ཀུན་བཟང་དབང་མོའི་གྲོགས་དང་བཅས། །དུས་རྟགས་འགྲིགས་པའི་སྐབས་དང་བཅས། །རྐང་པ་འཁྲབ་པའི་རྐྱེན་དང་བཅས། །མདོ་ཁམས་སྒོམ་སྡེ་འཕོ་ལུང་པས། །ཆོས་ཟབ་འདི་འདྲ་མཇལ་བའི་ཚེ། །རང་ཡིད་དཀོན་མཆོག་གསུམ་ལ་ཆེས། །སྨོནལམ་མཐུ་བཙན་རང་སེམས་སྤྲོ། །སྤྲང་བན་གྱིས་སྨྲས་པའོ། །མངྒ་ལཾ།། །།


previousསྒྲུབ་པའི་ཟིན་བྲིས་མཚོ་རྒྱལ་གྱིས་མཛད་པ།next