ལས་ཚོགས་འཁོར་ལོ།
ཀླུ་བདུད་ནག་པོའི་གདམས་པ་ལས༔ ལས་ཚོགས་འཁོར་ལོ་བཞུགས༔ ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་ལོ༔ ས་བདག་ཀླུ་ཡི་གནོད་པ་ལས༔ ཐར་བར་བྱ་བ་གསང་བའི་གནད༔ མན་ངག་གསང་བའི་འཁོར་ལོ་ནི༔ དུག་ཤོག་ངོས་ལ་བྱ་ཁྱུང་བྲི༔ ལྟེ་བར༔ ཨཱོཾ་བཛྲ་པཱ་ཎི་ཧཱུྃ༔ ཨཱོཾ་ཁྲོཾ་གྷ་རུ་ཌ་སརྦ་ཧཱུྃ་ཕཊ༔ འཆང་བ་ལ་རཀྵ་བྱ་བ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ བསྙེན་སྒྲུབ་འབྲུ་བཞི་འབྲུ་བཅུ་གདབ༔ དེ་ཡི་ཕྱི་རིམ་རྩིབས་བཞི་ལ༔ རཾ་རཾ་རཾ་རཾ༔ ཡཾ་ཡཾ་ཡཾ་ཡཾ༔ ཁཾ་ཁཾ་ཁཾ་ཁཾ༔ ལཾ་ལཾ་ལཾ་ལཾ༔ རྩིབས་མཆན་རྣམས་ལ་ཁྲོཾ་རེ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨཱོཾ་ནག་པོ་ཏི་པ་ར་ཙ་ཡ༔ ནཱ་ག་རཀྴ་ཙ་ལ་རིལ་ཕྱུངས༔ ནཱ་ག་ཕུ་ནི་མཱ་ར་ཡ༔ ཨཱོཾ་ཕེ་ལཾ་ཧཱུྃ༔ ཙ་ལ་རིལ་ཕྱུངས༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨཱོཾ་ནི་ལཾ་ཝ་ར་བྷ་ར་བཛྲ་པཱ་ཎི་ར་ཛྙཱ་པ་ཡ་ཏི་ཧཱུྃ༔ ཨཱོཾ་ཁྲོཾ་གྷ་རུ་ཌ་ཙ་ལེ་ཙ་ལེ་དུ་ས་མ་ཡ་རཀྵ༔ ཅེས་བྲི་ལྷག་ཆད་བྲིས་གསུབ་སྤང་༔ མཛེ་ཁྲག་དུག་ཁྲག་རྫས་ལ་བཏབ༔ ལས་གཞུང་བསྲང་ཞིང་བསྐྱེད་བསྟིམ་གཞུག༔ རབ་ཏུ་གནས་ཤིང་ཤིས་པ་བརྗོད༔ ཟངས་ཐུམ་གྱིས་གཡོག་བསྲུང་བྱར་གདགས༔ ས་བདག་ཀླུ་ཡི་གནོད་པ་འཇོམས༔ ཤིན་ཏུ་ཟབ་བོ་ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྨན་ཆེན་བཟང་པོ་ཞོ་གང་ལ༔ ཡུངས་ཀར་ བཟང་པོ་ཁྲོ་ཞལ་ཅན༔ ཞོ་དོ་ལོ་བརྒྱད་ཆུ ་ཡིས་སྦྲུས༔ འདམ་ཐག་རིལ་བུ་བྲ་རིལ་ཙམ༔ ཐབས་དང་ཤེས་རབ་སྦྱོར་བ་ཡིས༔ རིལ་བུ་ལྔ་གསུམ་རྒྱུན་དུ་བསྟེན༔ ཁྱུང་ལྔ་ཟླ་མཚམས་བདུན་མཚམས་གཏོང་༔ སྐབས་སྐབས་རྩ་བཤལ་དག་ཀྱང་བཏང་༔ སྒྲུབ་པ་སྨན་སྦྱོར་སྤྱོད་ལམ་རྣམས༔ གདམས་པ་བཞིན་དུ་བསྟེན་གྱུར་ན༔ སྔོན་ལས་ཀླུ་ཡི་ནད་སེལ་བས༔ འཕྲལ་རྐྱེན་ཀླུ་གནོད་སྨོས་ཅི་དགོས༔ གཅེས་པར་ཆོངས་ཤིག་སྐལ་ལྡན་རྣམས༔ ལས་འཕྲོ་ཅན་དང་འདི་འཕྲད་ཤོག༔ རྡོ་རྗེ་ལེགས་པར་བཅོལ་ལོ་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ དམ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྤྲང་བནྡྷེ་སཱུརྱ་ཀཱིརྟིས་གུ་རུའི་གཏེར་གནས་ནགས་ཤོད་ཅི་མདའ་བྲག་ནས་ས་རྟ་ལ་སྤྱན་དྲངས་ཤིང་ལྕགས་སྤྲེལ་ལོ་ཤོག་སེར་ལས་བོད་ཡིག་ཏུ་བསྒྱུར་བ་འདི་ཡང་། ཁམས་སྲིང་མོ་རྫོང་གི་ཨོ་རྒྱན་སྒྲུབ་གནས་ཆགས་རི་ཕུག་ནག་བདེ་བ་ཆེན་པོའི་ཀེ་ཚང་དུ་བྲིས་པའོ།། །།