Nitartha Digital Library
Tibetan
 
previousཉིན་དང་པོའི་ཆོས་ཁྲིད། next

ཉིན་དང་པོའི་ཆོས་ཁྲིད།

བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས། །ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན། །གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐུམས་སྡུག་བསྔལ་གྱིས་གཟིར་བའི། །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་། །འབྲུག་ལྟར་ཆེར་སྒྲོག་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་། །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་པའི་དབྱངས་ལ་འདུད། །བརྩེ་ལྡན་ཁྱེད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་རྨོངས་པ་རབ་བསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་བསྐྱེད་དུ་གསོལ། །གང་གིས་རྟེན་ཅིང་འབྲེལ་བ་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་སྟོན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཉན་ཐོས་ཞི་བ་འཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞི་ཁྲིད་མཛད་གང་ཡིན་དང་། །འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང་། །གང་དང་ཡང་དག་ལྡན་པས་ཐུབ་རྣམས་རྣམ་པ་ཀུན་ལྡན་སྣ་ཚོགས་འདིི་གསུངས་པ། །ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་དཔལ་མགོན་བླ་མ་དམ་པའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་བཏུད་དེ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་བདག་གཞན་ སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་བརླབ་པར next hit་མཛད་དུ་གསོལ། གང་གི་ཞལ་བཟང་ལྟ་བས་མི་ངོམ་གེ་སར་འཛུམ་པའི་མདངས་བཀྲ་ཞིང་། །མཚན་དཔེའི་གཟི་འོད་ཟེའུ་འབྲུ་གསལ་བས་འགྲོ་ཀུན་མིག་གི་བདུད་རྩིར་གྱུར། །ཐུགས་རྗེ་འདབ་མ་ཀུན་ནས་དཀྱུས་རིང་འཇིག་རྟེན་གསུམ་གྱི་ཁོངས་ཁྱབ་པའི། །ཐུབ་དབང་པདྨ་དཀར་བོའི་ཞབས་པད་དེ་རིང་བདག་བློའི་ཡིད་མཚོར་སྐྱོངས། །དྲི་མེད་མཚོ་གླིང་པདྨའི་སྡོང་པོའི་རྩེར། །རྒྱལ་བའི་རྣམ་སྤྲུལ་རང་བྱུང་ལྷུན་གྱིས་གྲུབ། །མཚན་རྫོགས་དཔེ་བྱད་ཡོན་ཏན་ཚོགས་འབར་བ། །པདྨ་འབྱུང་གནས་བདག་བློའི་པད་མཚོར་སྐྱོངས། །གང་མཚན་དྲན་པས་ཐོག་མེད་སྲིད་པའི་སྨག །སྙིང་ལ་ཡུན་རིང་ཉལ་བའི་དགྲ་འཇོམས་པ། །གཞོན་ནུ་སྨྲ་བའི་ཉི་མ་གང་དེ་དང་། །དབྱེར་མེད་དྲིན་ཆེན་བླ་མས་བདག་སྐྱོངས་ཤིག །གང་དག་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག །དེང་འདིར་དམ་པའི་ཆོས་ཀྱི་ཆར་འབེབས་ཀྱིས། །གསན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་ཆོས་འདི་འགྱུར་བར་ཤོག།

༼ཀ༽ སྔོན་དུ་འགྲོ་བའི་ཆོས།

ད་ཆོས་གྲྭའི་ནང་ལ་ཞུགས་པ་ནས་བཟུང་སྟེ་ཚང་མས་ངག་བཅད་གྱིས། ད་སྔོན་ཉི་མ་ཡན་ཆད་ལ་གཉིད་ཐུན་གཅིག་གི་ཞབས་མིན་པར་བཤད་པ་རེད། ད་མ་བཤད་ནས་ཆུ་ཚོད་གཅིག་ལ་སྡོད་དང་སྨྲ་བ་བསྡམས་པའི་ཡོན་ཏན་གྱི་བྲོ་བ་ཞིག་མྱོང་ཐུབ་པ་ཡིན། རང་རེ་ཆོས་དུང་གི་དུང་སྒྲ་ཞིག་གིས་བསྐུལ་ནས་ཆོས་གྲྭའི་ནང་ལ་ཡོང་རྒྱུ་དེ་ཆོས་ཞུ་བའམ་ཆོས་སྒྲུབ་པའི་དོན་དུ་ཡིན་པ་དེ་ཉིད་ཕལ་ཆེར་བོད་ཆོས་ལྡན་གྱི་ས་ཆའི་མི་དབང་པོ་ཚང་ཞིང་སེམས་པ་རྣལ་དུ་གནས་པ་ཞིག་ཡིན་པ་ནས་བཟུང་སྟེ་ཚང་མས་ཁ་ཡིས་ཟེར་ཤེས་རྒྱུ་ཅན་ཞིག་ཡིན། དེ་ཡིན་ན་ཆོས་ཞུ་ཟེར་རྒྱུའི་ཐ་སྙད་ཀྱི་ཚིག་དེ་གཞན་ལས་བླངས་ནས་རང་ལ་ཐོབ་པའི་དོན་ཞིག་དང་། ཆོས་བསྒྲུབ་ཟེར་བའི་ཐ་སྙད་ཀྱི་ཚིག་དེ་ཐོབ་པ་དེ་ཉིད་རང་གི་སྒོ་གསུམ་གྱི་སྟེང་ནས་ལག་ལེན་ཉམས་ལ་སྦྱོར་རྒྱུ་ཞིག་ཡིན། དེ་ང་ཚོས་ཁྱིམ་པ་ཕོ་མོ་ཐ་མལ་པ་ཡི་གྲོང་ཚིག་གི་དབང་དུ་བཏང་ནས་བཤད་ན། ཆོས་ཞུ་བ་དེ་རང་ལ་མེད་པའི་དགོས་མཁོ་ཅན་མེད་ཐབས་མེད་པའི་རྒྱུ་དེ་ལོན་པར་བྱས་ནས། ཆོས་སྒྲུབ་ཅེས་པ་དེ་ལོན་ཡོད་པའི་རྒྱུ་དེས་ཅི་དགོས་གང་དགོས་བེད་སྤྱོད་གཏོང་ཞེས་བཤད་པ་ལྟ་བུ་ཞིག་ཡིན། དོན་འདི་ནད་ཚབས་ཆེན་ཞིག་ལུས་ལ་ཕོག་ནས་བདེ་བདེ་ཉིན་གཅིག་ལ་མེད་པའི་མི་ནད་པ་ཞིག་གིས་སྨན་པ་མཁས་པ་ཞིག་བཙལ། དེ་ནས་སྨན་པས་དེའི་ནད་ལ་ཕན་ཐོགས་ཅན་གྱི་སྨན་བྱིན་པས་མི་ཚད་སྨན་བསྟེན་ལུགས་དང་། ཟས་དང་སྤྱོད་ལམ་གྱི་ཐད་ནས་ཉན་རྒྱུ་དང་མི་ཉན་རྒྱུའི་སྤང་བླང་འདོར་ལེན་གྱི་འཛེམ་ཟོན་བྱ་དགོས་པའི་རིགས་སོགས་བཤད་སྐབས་ནད་པས་དེ་བཞིན་དུ་ལག་ལེན་ལ་བཏབ་ནས་དགོས་དོན་ངོ་མ་དེ་ཉིད་ནད་པ་ནད་ལས་གྲོལ་སོང་བ་ལྟ་བུའི་དཔེ་དེ་འཇོག་རྒྱུ་ཞིག་སྟེ། མདོ་སྡོང་པོ་བཀོད་པའི་ལུང་དྲངས་ནས་འདུ་ཤེས་བཞི་བསྟེན་པར་གསུངས་པ་ལྟར་དུ་ཡིན། སྤྱིར་ན་བེད་མེད་ཀྱི་རྒྱུ་དེ་ཡོད་མེད་གཉིས་ཀ་འདྲ་འདྲ་ཡིན་ལ། ད་རུང་མེད་པས་དགའ་འོ་སྙམ་པ་དང་མེད་པས་སྤུས་གཙང་འདུག་སྙམ་རྒྱུ་ཞིག་ཡིན། དེའི་རྒྱུ་མཚན་གང་ཡིན་ཟེར་ན། དེའི་དོན་ལ་དཀའ་ལས་བརྒྱབ་པ་དེ་ཉིད་སྡུག་གྱོང་ཡིན་པའི་རྒྱུ་མཚན་གྱིས་ཡིན། བེད་མེད་ན་ཆོས་ཡིན་ཡང་སྐྱུར་འཇོག་དགོས་པ་ཡིན་ཞེས་སྔར་ཡང་བཤད་མྱོང་། ཡིན་ན་ཡང་འདང་བསམ་བློ་གང་ལ་བསྐོར་ཀྱང་ཆེ་ས་ནས་བཤད་ན་འུ་ཚོ་ཁམས་གསུམ་འཁོར་བའི་སེམས་ཅན་ཞེས་བཤད་ལ། ཆུང་ས་ནས་བཤད་ན་མི་ཞེས་པ་འདི་དབང་མེད་པ། ནུས་པ་ཆུང་ཆུང་། གནོད་པ་དང་སྡུག་བསྔལ་མང་བ། དེ་འདྲ་བའི་འཇིག་རྟེན་གྱི་ཁམས་འདིར་སྐྱེ་བ་བླངས་ཚར་དུས་སྒྱུ་མའི་ལུས་རྟེན་ཆུ་ཐོར་ལྟ་བུ་འདི་བྲལ་མ་སོང་གི་བར་དུ་འདིའི་སྐྱིད་སྡུག་མངར་སྐྱུར་ཁ་གསུམ་གྱི་བྲོ་བ་འདི་མྱོང་ནས་འགྲོ་བཞིན་མི་འདུག་ཐབས་མེད་ཡིན། དབང་མེད་ལུགས་ལ་བསམ་བློ་ཞིག་བཏང་ན། བཤས་རའི་ནང་གི་ཕྱུགས་ཟོག་དང་གཅིག་འདྲ་ཞིག་སྟེ། སྲོག་རྟ་རྔ་འདྲ་བོ་འགྲོ་འོང་རང་དབང་མེད་པ་ཞིག་ཡིན། ཉམ་ཆུང་ལུགས་ལ་འདང་རེ་བརྒྱབ་ན། སྐྱབས་མེད་བར་དོའི་སེམས་ཅན་དང་ཅི་ཞིག་ཁྱད་ཡོད་དེ། ལས་ཀྱི་རླུང་དམར་གྱིས་མི་འདོད་ཉམ་ངའི་གནས་ལ་དེད་ལུགས། ན་དོགས། ཤི་དོགས། བོར་དོགས། བརླག་དོགས་ལ་སོགས་པའི་འཇིགས་སྐྲག་མང་པོ་བཤད་ན་བཤད་ཚོད་མེད་པའི་འཇིགས་སྐྲག་མང་པོ་ཡོད་པ་འདི་དག་སྟེ། འཇིགས་པའི་དགྲ་བཞི་དང་ཡ་ང་བའི་གཡང་ས་མིན་ན་གཞན་ཅི་ཡིན། གཞན་ལ་ཕར་བལྟས་ཀྱང་རང་ལ་ཚུར་བསྐོར་ཀྱང་ཉམ་གཅིག་བས་གཅིག་ཐག ཤ་གཅིག་བས་གཅིག་ཚ་ཞིག་ཡིན། གནའ་གཅིག་གིས་གཏམ་དཔེ་བཀོད་པ་ལྟ་བུ་སྟེ། རྨ་ཆུ་ལེབ་མོའི་ཁུག་སོ་ན། །གཅེར་བུ་གཅིག་སྟོང་དགུ་བརྒྱ་ཡོད། །ཞྭ་གཅིག་ལ་བསྐོན་དང་གཉིས་ལ་བསྐོན། །གོས་གཅིག་ལ་བཟོ་དང་གཉིས་ལ་བཟོ། །ཞེས་བཤད་པ་ལྟ་བུ་ཉམ་ཐག་སྡུག་བསྔལ་སྣ་ཚོགས་ཀྱིས་མནར་བ་ལ་ཤ་ཚ་སྙིང་རྗེ་ཆེ་ཡང་ལྟ་འདུག་རྒྱུ་དེ་ཉིད་མ་གཏོགས་གཅིག་གིས་གཅིག་ལ་སྐྱོབ་མ་དགོས་རང་གིས་རང་ཉིད་སྐྱོབ་པའི་ནུས་པ་མེད་པའི་ས་ཚོད་འདི་ལྟ་བུ་ཞིག་ལ་སླེབས་པ་ཡིན། དེས་ན་འདིའི་སྡུག་བསྔལ་འཇིགས་སྐྲག་འདིའི་ནང་ནས་ཐར་སོང་བ་ཞིག་དང་སྐྱོབ་ཐུབ་པ་ཞིག་ལ་སྐྱབས་གནས་མ་ཚོལ་ཐབས་མེད་གྱུར་ཡོད་པས་དེ་ལས་ཐབས་གཞན་མེད་ས་ལ་ཐུག་ཡོད། དེས་ན་འུ་ཚོས་ཆོས་དུང་གསུམ་བུས་ནས་ཆོས་དུང་གསུམ་པའི་དུང་སྒྲ་དང་བསྟུན་ནས་ཆོས་གྲྭའི་ནང་འདིར་འཚོགས་པ་དང་ལྷན་དུ་ངས་བྱང་སེམས་ཀྱི་གསོ་སྦྱོང་ཞིག་བླངས་ནས་དེ་མ་ཐག་ལ་གང་བློ་མ་ཚར་གསུམ་བཏོན་པ་རེད། གང་བློ་མ་ཚར་གསུམ་འདོན་རྒྱུའི་གང་བློ་མ་ཞེས་པ་དེ་ཅི་ཞིག་ཡིན་ཟེར་ན། རྒྱལ་སྲས་འཇམ་དཔལ་དབྱངས་ཀྱི་བསྟོད་པ་པཎ་ཆེན་ལྔ་བརྒྱས་མགྲིན་གཅིག་ཏུ་བསྟོད་པའི་ཚིག་ཡིན་ཞིང་། འཕགས་པ་འཇམ་པའི་དབྱངས་ཞུ་བ་དེ་གདུལ་བྱའི་སེམས་ཅན་གྱི་མིག་ངོ་ལ་རྣམ་པ་རྟགས་ཀྱི་ཕྱག་རྒྱར་རྒྱལ་སྲས་གཞོན་ནུའི་ཚུལ་འཆང་བ་ཞིག་ཏུ་ཤར་བ་ཞིག་ཡིན་པ་མ་གཏོགས་དོན་ལ་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་རབ་ཀྱི་ཕུང་པོ་གཅིག་ཏུ་བསྡུས་པའི་རང་གཟུགས་ཡིན། གང་བློ་མ་ཆོས་ཁྲིད་ཀྱི་འགོར་འདི་ལྟར་འདོན་འདུག་དགོས་པ་དེ་ཉིད་སྙིང་ལ་ཡུན་རིང་ཉལ་བའི་རྨོངས་པའི་མུན་ཆེན་འདི་ཕར་བསལ་ནས་ཤེས་རབ་ཡེ་ཤེས་ཀྱི་སྣང་བ་ཞིག་ནང་ནས་རྒྱས་པའི་དོན་ལ་གསོལ་བ་འདེབས་བཞིན་ཡོད་པ་ཡིན། ངེས་དོན་རང་རིག་འཇམ་དཔལ་དཔའ་བོའི་ཆོས་ཉིད་དོན་གྱི་རང་ཞལ་མ་མཇལ་ནས་གཉིས་སྣང་འཁྲུལ་བས་སྦགས་པའི་དུས་འདིར་སྣང་ཆའི་ཐབས་ཀྱི་སྤྱོད་པ་བསྟོད་པ་ཕྱག་འཚལ་མཆོད་འབུལ་སོགས་ཀྱི་བསོད་ནམས་ཀྱི་ཚོགས་ལ་བརྟེན་པ་དང་། མཐར་ཐུག་སྣང་མེད་སོ་སོ་རང་གི་རིག་པར་དཔྱད་པའི་ཤེས་རབ་ཡེ་ཤེས་ཀྱི་ཚོགས་རང་ལས་བརྙེས་དགོས། སྐྱེས་ཕོ་རབ་ཕོ་འབྲིང་ཕོ་མཐའ་གསུམ། །དྲན་སྔ་ཕྱི་མིན་པ་འདྲ་འདྲ་ཡིན། །ཞེས་ཟེར་ལ། དྲན་སྔ་ཕྱི་ཞེས་པ་རིག་སྔ་ཕྱི་ཞིག་ཡིན་ཞིང་། རིག་སྔ་ཕྱི་ཞེས་པ་ཤེས་སྔ་ཕྱི་ཡིན། ཤེས་དང་མ་ཤེས་ཀྱི་བར་ནས་མཁས་བླུན་ཤོར་སོང་བས་མཁས་བླུན་ཞེས་པ་མིག་རྒྱང་རིང་ཐུང་གི་ཁྱད་པར་ཡོད། འུ་ཚོས་འཕགས་པ་འཇམ་པའི་དབྱངས་ཤེས་རབ་ཀྱི་ལྷ་ལ་བསྟོད་པ་ཚར་གསུམ་དང་སྦྲགས་ནས་གསོལ་འདེབས་བྱེད་པའི་དོན་ངའི་རྨོངས་པའི་མུན་ནག་འདི་མགོ་ནས་དྭངས་པར་ཤོག སྔར་མེད་ཀྱི་བློ་སྟོབས་དང་ཤེས་རབ་རྣམ་དཔྱོད་གསར་བ་ཞིག་ཁྱེད་ཀྱིས་གནང་རོགས་ཞུ་ཞེས་ཟེར་གྱིན་ཡོད་པ་ཡིན། དེ་ལྟར་ན་ཕྱེད་འཇམ་པའི་དབྱངས་ལ་བརྟེན་ཏེ་དེ་ལ་གསོལ་བ་འདེབས་བཞིན་ཡོད་ན་ཐུགས་མཁྱེན་བརྩེའི་ཡོན་ཏན་ལ་བསླུ་བ་མེད་ཀྱང་ཕྱེད་གདུལ་བྱ་རང་ཉིད་ལ་ཡང་ཐུག་ཡོད་པ་ཡིན། དད་དང་མོས་གུས་དེས་ཤེས་རབ་ཀྱི་སྟོབས་སད་ནས་ཤེས་བྱར་དཔྱོད་པའི་རྣམ་དཔྱོད་རང་གི་སྙིང་དབུས་ནས་ཤར་དུས་རྨོངས་པའི་དྲ་བ་གཅོད་པའི་རིག་པ་དེ་གྲུབ་ནས་འཇམ་དབྱངས་ཕྱག་གི་རལ་གྲི་གཉིས་པ་ཞིག་ཐོབ་པས་མི་ཚད་གསོལ་འདེབས་སྨོན་ལམ་བྱེད་མཁན་གྱིས་བྱེད་ལས་ཀྱི་ནུས་པ་ཐོབ་སོང་བ་ཡིན། རང་དང་འདྲ་བའི་སོ་སྐྱེ་ཐ་མལ་པ་ལ་བཤད་རྒྱུའི་སྐད་ཆ་དེས་ཚིག་སྣེ་དྲངས་ཏེ་ད་སྔའི་ཚེ་སྟོད་རང་རང་ཁ་ཁ་སོ་སོའི་འདས་པའི་དུས་ཚོད་ལ་འདང་ཞིག་བརྒྱབ་ནས་ཕྱི་བལྟས་ཤིག་བྱས་ན། ཚེ་སྟོད་ཀྱི་ལོ་གྲངས་དུས་ཚོད་དེ་ཅི་ཙམ་ཞིག་སོང་བ་ཡིན། དེ་ཟོག་འགྲོ་འགྲོར་བྱས་ནས་རྣམ་ཤེས་ཐ་མེ་ཐོམ་མེ་དེ་ཉིད་ཚུར་སད་དུ་བཅུག་ནས་སྔ་བསམ་ཕྱི་འདང་ཡོད་པ་ཞིག་བྱས་ཚེ་ཕ་ཨ་མྱེ་རྒན་གསུམ་གྱི་མི་ཐོག་ཚུན་ཆད། བུ་བུ་ཕྲུག་ཕྱིས་འབྱུང་གི་བདག་པོ་རང་ཕར་བརྒྱབ་ས་དེ་ཉིད་ནས་བཟུང་སྟེ། འདིའི་གཉིད་མ་འཐམ་འཐུམ་གྱི་གཉིད་མ་བདེ་བའི་འཁྲུལ་སྣང་ལྟ་བུའི་འདིའི་སྐབས་སུ་ཆོས་ཤིག་བྱེད་ཀྱིན་ཡོད་པའི་མིང་བཏགས་པ་ཡིན། འོན་ཀྱང་དོན་གྱི་ཐོག་ནས་ཆོས་དེ་ཉིད་ཅི་ཡིན་དང་ཇི་ལྟར་སྒྲུབ་དགོས་རང་གིས་ཀྱང་མི་ཤེས། བྱ་ལས་བྲེལ་ཟིང་གི་འདུ་འགོད་མང་ཆེ་ས་དེ་འཇིག་རྟེན་གྱི་བྱ་བ་སྒྲུབ་པའི་ཚུལ་ལུགས་ཡིན། དེ་ཡང་འདི་འགྲུབ་སོང་ཟེར་རྒྱུ་ཞིག་སྟོན་རྒྱུ་མེད་པར་མ་ཟད་ད་རུང་མ་འགྲུབ་བཞིན་དུ་རེ་ཐག་ཆད་ནས་བྲང་ལ་སྦར་བྲད་བྱེད་ཞོར་དུ་མིག་སྔོན་པོར་ལོག་ནས་མིང་མེད་ལ་འགྱུར་བ་ནི་སྔ་འཕྲོ་ཕྱི་འཕྲོ་ཡིན། དེ་ལྟར་ཡིན་འདུག་བསམ་པའི་དེ་ལྟ་བུའི་སེམས་ཤིག་ནང་ལ་ཚུར་འཁོར་བ་ཡིན་ན་དེ་འཇམ་པའི་དབྱངས་ཀྱི་བྱིན་རླབས་ཞུགས་སོང་ཟེར་ཆོག ཉི་མ་ཤར་བའི་སྔོན་ལ་སྐྱ་རེངས་ཤར་བ་ལྟ་བུ་ཡིན་ལ། ངེས་འབྱུང་གི་བློ་སྣ་གཅིག་རྒྱུད་ལ་སྐྱེས་སོང་བ་ཡིན། ངེས་འབྱུང་། བྱང་སེམས། ཡང་དག་པའི་ལྟ་བ་རྣམས་གཅིག་རྗེས་སུ་གཅིག་འབྲེལ་ནས་ཡོང་དགོས། བྱིན་རླབས་ཀྱི་རྩ་བ་བླ་མ་ཡིན་ལ། བླ་མ་དང་མགོན་པོ་འཇམ་དབྱངས་ཞེས་གཉིས་མེད་དད་པའི་ཡིད་ཀྱིས་གསོལ་བ་བཏབ་པའི་འབྲས་བུ་ཡིན་ཞིང་། ང་ཚོའི་ཁ་བརྡའི་མགོ་དེ་ཆོས་ཞུ་རྒྱུ་དང་ཆོས་བསྒྲུབ་རྒྱུ་ཞེས་པའི་ཐ་སྙད་ཀྱི་ཚིག་གིས་སྐད་ཆའི་ཚིག་མགོ་བླངས་པ་ཡིན་ན་ཆོས་བསྒྲུབ་རྒྱུ་དེ་ཉིད་ཀྱི་སྔོན་དུ་གང་བསྒྲུབ་པའི་ཆོས་དེ་ཐོབ་རྒྱུའམ་ཐོས་རྒྱུ་ལ་དང་པོ་འདང་རྒྱག་བྱེད་དགོས་པ་ཡིན། དེ་ལྟར་ན་ཆོས་ཞེས་པའི་ཚིག་དེའི་ཁུངས་དེ་རྒྱ་གར་ནས་ཡོང་བ་ཡིན་ཞིང་། དེ་ལ་འཇུག་ཡུལ་མང་པོ་ཡོད་པ་ཡིན་ཡང་རང་རེའི་བགོ་སྐལ་དུ་གྱུར་པའི་དམ་པའི་ཆོས་འདི་ལ་མཚོན་ན། འདི་འདས་པའི་མི་ལོ་ཉིས་སྟོང་ལྔ་བརྒྱ་ཙམ་ཞིག་གི་སྔོན་ནས་སྤྲུལ་སྐུའི་སངས་རྒྱས་ཤཱཀྱ་ཐུབ་པས་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ནས་གསུངས་པ་ཡིན། བརྗོད་བྱ་གང་ཡིན་ཞེ་ན། ཚུལ་ཁྲིམས། ཏིང་འཛིན། ཤེས་རབ་རྣམ་པ་གསུམ་པོ། རྗོད་བྱེད་འདུལ་བ། མདོ་སྡེ། མངོན་པ་གསུམ་གྱིས་གསུངས་ཡོད། དེ་ཡང་རང་གར་ཚུལ་ཁྲིམས། ཏིང་འཛིན། ཤེས་རབ་ཅེས་བཤད་པ་ཙམ་ཞིག་མ་ཡིན་པར་ལམ་ལྷག་པའི་བསླབ་པས་ཁྱད་previous hit པར་དུ་ཕྱེས་པའི་བརྗོད་བྱ་ཅན་ཞིག་སྟེ། དེ་སེམས next hit་ཅན་ཉོན་མོངས་དུག་གསུམ་གྱི་ནད་ཀྱིས་གདུང་ནས་མནར་གྱིན་ཡོད་པ་རྣམས་སྐྱོབ་པའི་ཆེད་དུ་འདོད་ཆགས་འདུལ་བའི་གཉེན་པོ་འདུལ་བ། ཞེ་སྡང་འདུལ་བའི་གཉེན་པོ་མདོ་སྡེ། གཏི་མུག་འདུལ་བའི་གཉེན་པོ་མངོན་པ། དུག་གསུམ་ཆ་མཉམ་འདུལ་བའི་གཉེན་པོ་སྡེ་སྣོད་བཞི་བའམ་རིག་འཛིན་སྔགས་ཀྱི་སྡེ་སྣོད་གསུངས་པ་ཡིན། དེ་གསུངས་པས་མི་ཚད་པར། ངས་ནི་ཁྱོད་ལ་ཐར་བའི་ཐབས་བསྟན་གྱི། །ཐར་བ་རང་ལ་རག་ལས་བརྩོན་པར་གྱིས། །ཞེས་གསུངས་ཏེ། ཆོས་གསུངས་པས་མི་ཚད་ཆོས་སྒྲུབ་ལུགས་ཀྱི་ཞལ་གདམས་དང་བཅས་ཏེ་གནང་བ་དེ་ཉིད་ནི་ང་ཚོས་བསྒྲུབ་རྒྱུའི་ཆོས་དེ་ཡིན་ལ་ཐོབ་དགོས་རྒྱུའི་ཆོས་ཀྱང་དེ་ཡིན། དེའི་ཕྱིར་ན་བདག་ཅག་གི་སྟོན་པས་རིགས་ཅན་གསུམ་གྱི་གདུལ་བྱར་ཆོས་འཁོར་རིམ་གསུམ་བསྐོར་བ་ཡིན། དེ་ལྟར་ན་དེ་ཉིད་བསླབ་གསུམ་གཞིར་བཞག་ནས་རིམ་འཇུག་བྱེད་རྒྱུ་དེ་ཐུབ་པའི་བསྟན་པ་དེ་སྐས་ཀྱི་གདང་བུ་ལྟ་བུའི་དཔེར་བཞག་ནས་གསུངས་པ་དེ་ལ་འཕོ་འགྱུར་མེད། དེས་ན་གོང་ཞིག་ནས་བཤད་པ་ལྟར་དུ་འུ་ཚོ་རང་གཞན་རིགས་འདྲ་གང་ལ་ཁ་བསྐོར་ན་བར་སྲིད་ཀྱི་སེམས་ཅན་དང་འདྲ་ཞེས་སྨྲས་པ་ཡིན། ཡུན་རིང་ས་དེ་ཉིད་ལ་འཁྲུལ་སྣང་བྱ་སྒྲོ་རླུང་ཁྱེར་གྱིས་དབང་མེད་ལ་བསྡུས་པ་དེའི་ཚེ་བར་སྲིད་ཀྱི་སེམས་ཅན་དེ་མཚམས་རེར་ངོ་ཤེས་ས་རེ་ཐུག་སྐབས་རེ་རེ་ཐུག་ནས་དུས་སྐད་ཅིག་སྐར་མའི་ཡུན་ཙམ་རེ་ལ་སྐྱིད་སྡུག་གི་སྐད་ཆ་འདྲ་རེ་བཤད་མགོ་རྩོམ་ཚེ་ཡང་ལས་རླུང་གིས་དབང་མེད་དུ་རང་རང་སོ་སོའི་ལས་ཀྱི་རྗེས་སུ་འབྲངས་ནས་བདའ་འགྲོ་བ་ཡིན། དེ་ལྟར་དུ་འུ་ཚོ་ལོ་རེའི་ནང་གི་འགའ་རེ་ཆོས་ཁྲིད་ཐེངས་གསུམ་བཞི་དེ་ཉིད་དང་། འགའ་རེ་ཆོས་ཁྲིད་རེ་རེའི་ཆུ་ཚོད་རེ་ཙམ་འདི་ལྟར་བྱས་ནས་ཐུག་ཙམ་རེ་བྱས་པ་ན་བཤད་དགོས་རྒྱུ་དོན་དག་དེ་ཚེ་འདི་ཕྱིའི་དོན་ཆེན་གླེང་རྒྱུ་མང་བ་ཡིན། དེའི་ཐོག་ཏུ་ཆོས་འཐོབ་རྒྱུ། ཆོས་བསྒྲུབ་རྒྱུ། ཆོས་འགྲུབ་རྒྱུ་ཚང་མ་དུས་ཐོག་གཅིག་ལ་འཛོམས་དགོས་དུས་དཀའ་མོ་ཡིན་ཡང་ཚིག་གཅིག་དོན་གྱིས་སྙིང་པོ་ལ་བསྡུས་ཏེ་བཤད་ཡོང་ན། ཨ་རོགས་ཚང་མ་ཁ་དེ་ཕྱོགས་སུ་མ་འཁོར་འདི་ཕྱོགས་ལ་འཁོར་ཟེར་རྒྱུའི་མཛུ་གུས་རི་སྟོན་ལྟ་བུ་ཞིག་གྱུར་སོང་བ་ཡིན་ན་དེ་ལ་བརྟེན་ནས་འབད་པ་རེ་བྱས་ཏེ་ཕྱིན་ཆད་རང་རང་སོ་སོའི་ངོས་ནས་ཆོས་དང་བསམ་སྤྱོད་གཉིས་ཀ་འདྲེས་སོང་ཚེ་ཆོས་སྒྲུབ་ལུགས་མི་ཤེས་པ་དང་ཆོས་སྒྲུབ་ལོང་མེད་པའི་ཁུར་པོ་ཆེན་པོ་སེམས་ནད་ཅན་ཡོད་པ་དེ་མེད་འགྲོ་བའི་སྟེང་དུ་དེའི་ཆོས་དེ་ཡིས་ལས་ཀ་དང་འཚོ་བའི་ཁུར་པོ་གཞན་དག་ཀྱང་ཡང་ཐབས་དང་། དེ་ཡིས་བེད་ཆོད་པའི་རེ་བ་རྒྱག་གིན་ཡོད་པས་མི་ཚད་ཚེ་འདི་ཕྱི་གཉིས་ཀའི་འགྲོ་རྟེན་འདུག་རྟེན་བློ་གཏད་ས་རེ་རང་རང་ལ་ཡོད་ཐབས་ཀྱི་རེ་བ་དེ་རྒྱག་བཞིན་ཡོད། དེས་ན་ཆོས་སྒྲུབ་དུས་ཆོས་དག་མ་ངོ་མ་དེ་ཉིད་བསྒྲུབ་དགོས། སྟོན་པ་སངས་རྒྱས་ཀྱིས་ཇི་ལྟར་གསུངས་པའི་བསླབ་གསུམ་ཉམས་ལེན་གྱི་ལམ་ཆོས་དག་མ་ངོ་མ་དེ་ཉིད་ལ་མ་ཞུགས་ན་དམ་ཆོས་རྣམ་དག་འགྲུབ་ཅེས་པ་ཞིག་མི་སྲིད། དེ་ལྟར་དུ་བཤད་ཡོང་ན་བརྗོད་བྱ་བསླབ་པ་གསུམ་དང་རྗོད་བྱེད་སྡེ་སྣོད་གསུམ་ཞེས་བཤད་ཚེ་བླ་མ་གྲྭ་པའི་སྐད་ཆ་ཞིག་མ་ཡིན་ནམ་དེའི་ནང་ནས་དཔེ་ཆ་པའི་དོན་དག་ཅིག་ཏུ་གྱུར་པས་ངེད་ཚོ་མི་སྐྱ་ཕོ་མོ་དེ་ལྟ་བུའི་རིགས་ཅན་མིན་བསམ་རྒྱུ་མེད། བླ་མ་གྲྭ་པ་དང་དཔེ་ཆ་པ་ལས་གཞན་པས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་མ་དགོས་ན་མི་ཤེས་མ་གཏོགས་དེ་ཐོབ་དགོས་དུས་དམིགས་ཡུལ་གཅིག་ལས་གཉིས་པ་ཞིག་མེད་ལ། ཐེག་པ་གསུམ་གཅིག་གི་ལམ་ལ་མ་ཞུགས་ནས་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་ཐོབ་ཐབས་མེད། དང་པོར་ནང་པ་སངས་རྒྱས་པའི་ཆོས་སྒོ་ལ་ཞུགས། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་། ཐེག་ཆེན་མདོ་སྔགས་གཉིས་ཀྱི་ཆོས་སྒོ་ལ་ཞུགས་པ་རང་རེ་ལྟ་བུ་ཞིག་ལ་མཚོན་ན། སོ་ཐར་བྱང་སེམས་སྔགས་གསུམ་གྱི་སྡོམ་པ་གསུམ་པོ་དེ་ཡར་ལྡན་དུ་རྫོགས་དགོས་ལ། དེ་ཟེར་ན་ཅི་ཞིག་ཟེར་ཏེ་སྡོམ་པ་ཞེས་བཤད་ཡོང་དུས་གྲྭ་ཇོ་སེར་ལྟ་བུ་ཞིག་མིན་ན་མི་སྐྱ་ཕོ་མོས་སྡོམ་པ་ཞུ་ཞེས་པ་ཞིག་གོ་མ་མྱོང་སྟེ་སྡོམ་པ་སྲུང་ཟེར་རྒྱུ་ཞིག་དེ་བས་ཀྱང་གོ་མ་མྱོང་བསམ་ན། དེ་ལྟར་ཡིན་ནོ་སྙམ་པའི་རྒྱུ་མཚན་གྱིས་འདིའི་མི་ཐོག་སྔོན་རྗེས་ཚང་མ་གདན་ས་ཆོས་འཁོར་ཆེན་པོ་རེའི་ཉེ་འཁྲིས་ནས་རྒྱ་མཚོའི་ཟུར་ནས་ཁ་སྐོམ་སྟེ་ཤི་ལ་ཉེ་བཞིན་ཡོད་པ་ལྟ་བུ་ཐ་མེ་ཐོམ་མེའི་ངང་ནས་མི་ཚེའི་དུས་སྐབས་ཀྱི་ལ་མོ་རྒྱག་གིན་འདུག་ཟེར་དོན་དེ་ཡིས་ཡིན། ཁྱིམ་པ་རབ་བྱུང་སུ་ཡིན་ན་དང་པོ་སྐྱབས་སུ་འགྲོ་བའི་ཆོས་སྒོར་ཞུགས། དེའི་འཕྲོ་སྐྱབས་འགྲོ་དེས་རྩོམ་གཞི་བྱས་ནས་སོ་ཐར་གྱི་སྡོམ་པ་རིགས་བདུན་ནམ་རིགས་བརྒྱད་གང་རུང་ཞུས། ཡང་མིན་ན་རིམ་ནོད་ཀྱིས་ཐམས་ཅད་ཞུས་པའི་ཐོག་ཏུ་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་བླངས། དེ་ནས་དེའི་སྟེང་དུ་སྔགས་ལ་ཞུགས་ཏེ་སྔགས་སྡོམ་བླངས་ནས་སྡོམ་གསུམ་ཡར་ལྡན་དེ་གང་ཟག་གཅིག་གི་རྒྱུད་ལ་ཚང་དགོས། ལམ་དེ་ནས་དེ་ལྟར་བྱས་ཏེ་མ་བརྒྱུད་ནས་ཆོས་ངོ་མ་ཞིག་བྱེད་ཐབས་མེད། ལམ་གཞན་ནས་ལམ་ཆོས་ངོ་མ་ཞིག་བྱེད་ཐབས་མེད་ལ། ལམ་དེ་མིན་པ་ཞིག་ལ་ཁྲིད་སོང་དུས་དེའི་ལམ་དེ་ལམ་དང་ལམ་མིན་གང་ཡིན་ངོས་འབྱེད་དཀའ་བ་ཞིག་ཡིན། དེའི་ཕྱིར་ན་མང་པོ་ཞིག་གིས་བློ་གཏད་ལིང་བཅོལ་ཚེ་འདི་ཕྱི་གཉིས་ཀའི་རེ་ལྟོས་བྱེད་ཀྱིན་ཡོད་ན་འདི་ལྟ་བུའི་མི་མང་ཞིག་གི་ནང་ནས་ཕལ་མོ་ཆེ་ངོ་མས་མཛུ་གུས་གར་བསྟན་ཤར་དུ་ངོས་འཛིན་ཁུལ་བྱེད་བཞིན་ཡོད་པས་དེ་སླུ་ཐབས་དང་བློས་གཏོང་ཐབས་མེད་ནས་ལྷག་བསམ་དྲང་པོས་ཕན་པ་གཙོར་བཟུང་བྱས་ཏེ་བཤད་པའི་ཚུལ་ཡིན། ཤཱཀྱའི་རྒྱལ་པོའི་རྗེས་འཇུག་གི་རབ་བྱུང་ཞིག་ཡིན་དུས་ཁྱད་པར་དུ་རང་གི་སྟོན་པའི་མཛད་རྒྱུན་སྐྱོང་དགོས་ལ། རྒྱལ་བའི་འཕྲིན་ལས་དང་མཛད་པ་ཐམས་ཅད་ཚུར་བསྡུས་ན་སེམས་ཅན་གྱི་དོན་ཡིན། ཆུང་བྱིས་པའི་དུས་ཤིག་ནས་གཙུག་སྐྲ་སོར་གསུམ་དེ་མཁན་སློབ་ལ་ཕུལ། གྲོང་ནང་ལ་མ་བསྡད་པར་གྲོང་ལྟག་ལ་སོང་། གྲོང་ལྟག་དགོན་ཆུང་ཕྲ་མོ་དེ་ཚེ་གཅིག་གི་རྟེན་གཞི་ཡིན་བསམས་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཡིན། གསེར་དངུལ་གཟི་བྱུར་གྱི་རྒྱན་ཆ་ཕར་སྤངས། ལྷག་བསམ་ཡོན་ཏན་གྱི་རྒྱན་དེ་ཚུར་འཆང་། གོས་ངུར་སྨྲིག་གི་རྒྱལ་མཚན་གྱི་འོག་ནས་སྡེ་སྣོད་འཛིན་པ་ཡིན་ཞེས་སྨྲས་ན་རབ་བྱུང་གིས་ཁྱིམ་པར་ཆོས་བཤད་རྒྱུ་དེ་ཉིད་ཐོབ་ཐང་བབ་འོས་དང་ལྡན་པའི་ལས་ཁུར་ཞིག་ཡིན། དེ་ལྟར་ཡིན་ན་ཆོས་ཉན་པ་པོའི་ངོས་ནས་ཀྱང་གོང་ནས་བཤད་པ་ལྟ་བུ་ཞག་པོ་སུམ་བརྒྱ་དྲུག་ཅུ་ཐམ་པའི་ནང་ནས་ཆོས་ཞུ་སར་ཐེངས་རེ་ཐེངས་གཉིས་ཡོང་བ་ལ་ཡོང་བའི་དོན་དགོས་དོན་དག་འདི་ཆོད་སོང་བསམ་རྒྱུའི་ཚེ་འདི་ཕྱི་སྐྱིད་སྡུག་གང་བྱུང་གི་སྐབས་ལ་བློ་གཏད་ས་འདི་ཡོད་བསམ་པ་ཞིག་ལོན་དགོས་པ་མ་གཏོགས་པར་ཡར་ལག་སྟོང་ལ་ཡོང་མར་ལག་སྟོང་ལ་བུད་སོང་དུས་ཡོང་གོ་མ་ཆོད་པ་མིན་ན་ཅི་ཡིན། ཆོས་ཚུལ་བཞིན་དུ་སྒྲུབ་པའི་མི་དེ་ཡིས་དང་པོར་སོ་ཐར་གྱི་སྡོམ་པ་ཞུ་དགོས། སོ་ཐར་གྱི་སྡོམ་པ་ཞེས་པ་རབ་ཏུ་བྱུང་བ་རྐྱང་པ་ཞིག་གི་མ་ཡིན། སོ་ཐར་རིགས་བརྒྱད་དུ་དབྱེ་བ་ཕྱེས་ན། ཁྱིམ་པའི་ཕྱོགས་ཀྱི་གསུམ་དང་རབ་བྱུང་གི་ཕྱོགས་ཀྱི་ལྔ། དེ་ཡང་རྫས་སུ་བསྡུ་ན་རིགས་བཞིར་ངེས་པ་སྟེ། བསྙེན་གནས། དགེ་བསྙེན། དགེ་ཚུལ། དགེ་སློང་བཞི་ཡིན། དེའི་ནང་གི་བསྙེན་གནས་ཕར་ཕུད་ན་རིགས་བདུན་གྱི་ཟླས་ཕྱེ་བའི་དགེ་བསྙེན་དེ་ཡོངས་རྫོགས་དགེ་བསྙེན་ལ་ངོས་འཛིན་དགོས། ཁྱད་པར་དུ་ཚིགས་གསུམ་རིམ་ནོད་དུ་ལེན་པའི་སྐབས་སུ་ཡོངས་རྫོགས་དགེ་བསྙེན་ཡིན་པར་བཤད་ཅིང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་ལ། དགེ་བསྙེན་གྱི་སྡོམ་པ་ལེན་ཡུལ་དེ་ཡང་དགེ་སློང་ཡིན་དགོས་པ་དེ་ཉིད་གསལ་མོར་བྱས་ནས་གསུངས་ཡོད། འོན་ཀྱང་བསླབ་གཞི་ལྔ་འཛིན་པ་ཡོངས་རྫོགས་དགེ་བསྙེན་ལས་སྲུང་ཚུལ་གྱི་སྒོ་ནས་ཕྱེས་ན་ནང་གསེས་ཀྱི་དབྱེ་བ་ཡོད། སྲོག་གཅོད་ཙམ་ཞིག་སྤོང་བ་དེ་སྣ་གཅིག་སྤྱོད་པ་དང་། དེའི་སྟེང་དུ་མ་བྱིན་ལེན་ཙམ་སྤོང་བ་སྣ་འགའ་སྤྱོད་པ། དེའི་སྟེང་དུ་རྫུན་དང་གསུམ་སྤོང་ན་ཕལ་ཆེར་སྤྱོད་པ། འདོད་ལོག་དང་ཆང་གཉིས་ཀ་སྟེ་ལྔ་བོ་སྤོང་ན་གོང་ནས་བཤད་པའི་ཡོངས་རྫོགས་དགེ་བསྙེན་ཡིན། འདོད་ལོག་གི་ཚབ་ཏུ་མི་ཚངས་སྤྱོད་སྤོང་ན་ཚངས་སྤྱོད་དགེ་བསྙེན་དང་། གོང་ནས་བཤད་པའི་བསྙེན་གནས་དེ་དུས་ཁྲིམས་ཡིན། བསྙེན་གནས་འདི་གཏན་ཁྲིམས་མ་ཡིན་པའི་ཕྱིར་ན་སྡོམ་པ་གོང་མའི་ཡོན་ཏན་གྱི་རྟེན་དུ་མི་རུང་བས་ངོ་མས་བཤད་ན་སོ་ཐར་གྱི་སྡོམ་པ་རིགས་བདུན་ཁོ་ན་ཡིན། དགེ་བསྙེན་གྱིས་དུས་ཁྲིམས་བརྒྱད་པོ་འདི་བླངས་ན་གསོ་སྦྱོང་དུ་འགྲོ། བསྙེན་གནས་ཀྱི་བསྲུང་བྱ་བརྒྱད་པོ་དེ་ཇི་སྲིད་འཚོའི་བར་དུ་བསྲུངས་ན་གོ་མིའི་དགེ་བསྙེན་ཡིན་ཞིང་། གོ་མིའི་དགེ་བསྙེན་ཞེས་པ་ཡང་དགེ་བསྙེན་གྱི་རིགས་ཤིག་ཡིན་ལ། འདི་གཙོ་བོ་འཕགས་པ་གནས་བརྟན་སྡེ་པའི་ལུགས་ཡིན་པ་ལ་ཐེག་ཆེན་གྱི་སྡེ་སྣོད་ལས་ཀྱང་འབྱུང་བ་ཞིག་ཡིན།

༼ཁ༽ གཞུང་དོན།

༼ཀ ཁྱིམ་པ་རྗེས་འཛིན་གྱི་སོར་སྡོམ་གནང་བ།

མདོ་དོན་ཚིག་གི་རྩ་བ་ད་རེས་ཀྱི་ཆེད་དུ་བྱ་བའི་ཡུལ་གཙོ་བོ་དེ་ཁྱིམ་པ་ཕོ་མོ་ཡིན་ན་དུས་ཚོད་དེ་རིང་མ་གཏོགས་ལོ་གཅིག་ལ་མེད་པས་དེ་རིང་སོར་བྱང་གཉིས་ཀའི་སྡོམ་པ་བྱིན་ནས་སྔགས་ཀྱི་དོད་དུ་སྔོན་འགྲོའི་ལུང་ཞིག་བཏོན་ན་དེའི་ནང་ལ་དངོས་གཞིའི་སྨིན་གྲོལ་གྱི་ལམ་གྱི་རིམ་པའི་ཆ་ཤས་བྱིན་རླབས་བླ་མའི་རྣལ་འབྱོར་དང་། ལམ་དབང་གི་སྐོར་ཡོད་པས་མི་ཚད་ཐུན་མིན་བསྐྱེད་རྫོགས་ཀྱི་རིམ་པ་ཡང་གང་འཚམས་ཤིག་ཚང་འགྲོ། སོར་བྱང་གཉིས་ཀྱི་སྡོམ་པ་ཡར་ལྡན་གྱི་སྟེང་ནས་སྔགས་ལ་ཞུགས་པའི་རིམ་པ་དེ་ཡང་མཚན་ཉིད་ལྡན་པ་ཞིག་ཏུ་འགྱུར་འགྲོ། དེའི་ནང་ནས་ཐོག་མར་གྱུར་བ་ད་ལྟ་རང་རེས་བླང་བར་བྱ་བའི་སོ་ཐར་གྱི་སྡོམ་པའི་མཚན་ཉིད་སྤྱིར་བཏང་ཇི་ལྟ་བུ་ཞིག་ཡིན་ཞེ་ན། ངེས་འབྱུང་གི་བསམ་པས་ཟིན་པའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་གང་ཞིག་འདོད་པའི་སས་བསྡུས་པ་སོ་ཐར་གྱི་སྡོམ་པའི་མཚན་ཉིད་ཡིན། རང་གི་སྡོམ་པ་འགྲུབ་བྱེད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་ལ་བརྟེན་ནས་ཐོབ་པའི་ངེས་འབྱུང་གི་ཚུལ་ཁྲིམས་གང་ཞིག་དགེ་བསྙེན་གྱི་སྡོམ་པའི་མི་མཐུན་ཕྱོགས་སུ་གྱུར་བའི་སྤང་བྱ་ཇི་སྲིད་འཚོའི་བར་དུ་སྤོང་བར་ཁས་བླངས་པ་དེ་དགེ་བསྙེན་གྱི་སྡོམ་པའི་མཚན་ཉིད། འདི་ཆོ་ག་ཐུན་མིན་དང་ཐུན་མོང་གི་ལུགས་བཞིན་བྱས་ནས་བསམ་པ་སེམས་བསྐྱེད་ཀྱིས་ཟིན་དུས་ཐེག་ཆེན་སོ་ཐར་དུ་འགྱུར། འདི་ན་ཡོད་པའི་མང་ཆེ་བ་ལོ་རེ་བཞིན་སྐྱབས་སྡོམ་ཞུས་ཡོད་པ་ཤ་སྟག་ཡིན། ཡོངས་རྫོགས་དགེ་བསྙེན་ཡང་མི་ཉུང་བ་ཞིག་ཡོད། ཚངས་སྤྱོད་དགེ་བསྙེན་ཡང་ཆ་རེ་ཡོད། དེ་རིང་མང་ཆེ་བའི་ངོ་སྐལ་དུ་སྐྱབས་སྡོམ་སྦྱིན་རྒྱུ་བྱེད། ཁས་བླངས་པའི་ཁྱད་པར་གྱིས་རང་རང་གི་མོས་པས་སྡོམ་པ་གཞན་དག་ཐོབ་ཆོག་པ་ལ་དགག་བྱ་མི་ཆེ་ཡང་ཟུར་ནས་ཆེད་དུ་བླངས་ན་ཕུན་སུམ་ཚོགས་པའི་ཡན་ལག་ཡིན། དེ་རིང་གཙོ་བོར་སྦྱིན་རྒྱུའི་སྐྱབས་སྡོམ་དེ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་ཁས་བླངས་ནས་དེའི་བསླབ་བྱ་ཙམ་སྲུང་མཁན་དེ་ལ་དགེ་བསྙེན་གྱི་སྡོམ་པ་མཚན་ཉིད་པར་བཞག་རྒྱུ་ཡོད་མེད་ལ་བཞེད་པ་སྣ་ཚོགས་ཡོད། སྐྱབས་གསུམ་འཛིན་པའི་དགེ་བསྙེན་ཞེས་དགེ་བསྙེན་མཚན་ཉིད་པ་ཡོངས་སུ་གྲགས་པ་ལྟར་ན་སྡོམ་པ་ཡང་བཏགས་ཆོག་པ་ཙམ་དུ་མ་ཟད་བསླབ་བྱ་བསླབ་ཚུལ་ལས་ཀྱང་དེ་ལྟར་བཏགས་ཆོག་པར་དཔོག་པ་ཡིན། གང་ལྟར་མཆོག་གསུམ་ལ་དངོས་སུ་ཆོ་གའི་སྒོ་ནས་སྐྱབས་སུ་སོང་བས་ནང་པ་སངས་རྒྱས་པའི་ཁྱུ་ལ་ཚུད་པ་དང་། སྡོམ་པ་ཐམས་ཅད་ཀྱི་རྟེན་ནམ་རྩོམ་གཞི་ཡིན། དེ་རིང་དང་པོར་སྐྱབས་སྡོམ་སྦྱིན་རྒྱུ་བྱེད། ཁྱིམ་པའི་ཕྱོགས་ཀྱི་སྡོམ་པ་དེ་ཚོ་ཐེངས་གྲངས་མང་པོ་བསྐྱར་དུ་ཡང་ལེན་བྱས་ན་ཆོག་པ་ཡིན། སྡོམ་པ་ཡར་འབུལ་རྒྱུ་ལྟ་བུ་རབ་བྱུང་གི་སྡོམ་པ་དང་མི་འདྲ། དེ་ལྟར་ཡིན་ཕྱིར་རྒས་རྒན་དང་ནད་པ་དེ་སྔོན་བླངས་ཚར་མཁན་ཚོས་ཕྱག་འཚལ་མི་ཐུབ་པས་ཟུར་ཞིག་ལ་སྡོད་དང་ཆོག དེ་མིན་པའི་ཁྱིམ་པ་ཕོ་མོ་ཕྱག་འཚལ་ཐུབ་མཁན་ཚང་མ་ཡར་ཐམས་ཅད་ལངས་ནས་ཕྱག་འཚལ་སའི་ས་ཁོངས་ཡོད་པ་ཞིག་གྱིས། ཁྱད་པར་དུ་རྒྱབ་ཕྱོགས་སུ་ཡོད་མཁན་ཚང་མ་ཕྱི་ནུད་ཅིག་བྱས་ཏེ་ཕྱག་འཚལ་ཆོག་པ་ཞིག་བྱོས། ཐོག་མར་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ལ་ཕྱག་གསུམ་འཚལ་དགོས། ད་རུང་བྲེལ་བ་མི་དགོས། ཕྱག་འཚལ་ལུགས་ཀྱང་ཐེངས་མ་མང་པོར་བཤད་མྱོང་ཡང་དེ་ཕྱག་འཚལ་དུས་དང་པོར་ཐལ་མོ་སྙིང་ཁར་སྦྱོར། ཐལ་མོ་སྙིང་ཁར་སྦྱར་དུས་དེའི་སྐབས་སུ་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་དགོས། དེ་ནས་ཐལ་མོ་ཁོག་སྟོང་སྤྱི་བོར་སྦྱར་དགོས། ཐལ་མོ་སྤྱི་བོར་སྦྱར་དུས་སངས་རྒྱས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཐོབ། རང་གི་ལུས་ཀྱི་སྡིག་སྒྲིབ་དག་པར་བསམ། དེ་ནས་མགྲིན་པར་སྦྱར་ནས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་ཐོབ། རང་གི་ངག་གི་སྒྲིབ་པ་དག དེ་ནས་སྙིང་ཁར་སྦྱར། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་ཐོབ། རང་གི་ཡིད་ཀྱི་སྒྲིབ་པ་དག དེ་ནས་མ་ལྔ་ས་ལ་ཕབ། དེའི་སྐབས་སུ་ཉོན་མོངས་པ་དུག་ལྔའི་སྒོ་ནས་བསགས་པའི་ལས་ཀྱི་སྡིག་སྒྲིབ་ཐམས་ཅད་དག་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ཡོན་ཏན་ཐམས་ཅད་ཐོབ་པར་བསམ། དེ་ལྟར་དུ་བྱེད་དགོས། དེའི་འཕྲོས་རབ་བྱུང་ཚང་མ་བཞུགས་སྡོད་དང་ཆོག ཁྱིམ་པ་ཕོ་མོ་ཕྱག་འཚལ་ཐུབ་མཁན་ཚང་མ་ཡར་ལངས་ནས་ཕྱག་འཚལ་ལུགས་ཡོད་པ་ཞིག་གྱིས། ཕྱིར་ནུད་བྱོས་དང་ཁོད་ཡངས་པས་ད་རུང་ཕྱིར་ནུད་ཆོག་རྒྱུ་རེད། དང་པོར་ཡར་ལངས་ནས་རྐང་པ་གཉིས་ཀའི་ལོང་བུ་གཉིས་གཤིབས་གཤིབས་བྱས་ཏེ་ལུས་པོ་དྲང་པོར་བྱས་ཏེ་ལང་དགོས། དང་པོ་ཁྱེད་ཚོས་ཕྱག་འཚལ་སའི་ས་ཁོངས་ཡོད་པ་ཞིག་གྲ་སྒྲིག་གྱིས། ཕར་ནུད་ཚུར་ནུད་རེ་དགོས་ཨེ་འདུག རྐང་པའི་ལོང་བུ་གཉིས་ཀ་གཤིབས་ནས་ལག་པ་གཉིས་ཀའི་ཐལ་མོ་སྙིང་ཁར་སྦྱོར། ཐལ་མོ་ཁོང་སྟོང་བྱོས། ལག་པས་སྡེར་སྡེར་བྱས་པ་མ་ཡིན་པ་དང་། ཡང་འདི་ལྟར་མཛུ་གུ་ཐར་ཐར་བྱས་པ་མ་ཡིན་པར་མེ་ཏོག་ཁ་ཕྱེ་མ་ཁད་པ་ལྟ་བུ་ཞིག་གི་ཚུལ་བྱས་ནས་ཐལ་མོ་སྦྱར་དགོས། དེ་ནས་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་ནས་སྙིང་ཁར་ཐལ་མོ་སྦྱར། དེ་ནས་ཕྱག་དང་པོའི་འགོ་འཛུགས་རྒྱུ་ཡིན། ཐལ་མོ་སྤྱི་བོར་སྦྱོར། ཐལ་མོ་མགྲིན་པར་སྦྱོར། ཐལ་མོ་སྙིང་ཁར་སྦྱོར། ལུས་ཀྱི་མ་ལྔ་ས་ལ་ཕོབས། བདག་ཅག་གི་སྟོན་པའི་སྐུ་གཟུགས་བྱིན་རླབས་ཀྱི་གཟི་འོད་འབར་བ་ངའི་རྒྱབ་ན་བཞུགས་ཡོད་པའི་ཇོ་བོའི་སྐུ་འདི་ལ་འུ་ཚོས་ཕྱག་འཚལ་དགོས། གཅིག་འཚལ་ཚར་སོང་ལ། ད་ཡང་ཐལ་མོ་སྙིང་ཁར་སྦྱོར། དཀོན་མཆོག་གི་ཡོན་ཏན་དྲན། ཐལ་མོ་སྤྱི་བོར་སྦྱོར། ཐལ་མོ་མགྲིན་པར་སྦྱོར། ཐལ་མོ་སྙིང་ཁར་སྦྱོར། མ་ལྔ་ས་ལ་ཕོབས། གཉིས་རེད། ད་ཡང་ཡར་ལངས་ནས་ཐལ་མོ་སྙིང་ཁར་སྦྱོར། ཐལ་མོ་སྤྱི་བོར་སྦྱོར། ཐལ་མོ་མགྲིན་པར་སྦྱོར། ཐལ་མོ་སྙིང་ཁར་སྦྱོར། མ་ལྔ་ས་ལ་ཕོབས། དེ་ཡིས་བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་ལ་ཕྱག་གསུམ་འཚལ་ཚར་སོང་བ་ཡིན། སྡོམ་པ་སྦྱིན་པའི་སློབ་དཔོན་ང་ལ་ཡང་ཕྱག་གསུམ་འཚལ་དགོས་པ་ཡིན་ལ། ཐལ་མོ་སྙིང་ཁར་སྦྱོར། ཐལ་མོ་སྤྱི་བོར་སྦྱོར། ཐལ་མོ་མགྲིན་པར་སྦྱོར། ཐལ་མོ་སྙིང་ཁར་སྦྱོར། མ་ལྔ་ས་ལ་ཕོབས། གཅིག་རེད། ཡང་ཡར་ལོངས། ཐལ་མོ་སྙིང་ཁར་སྦྱོར། ཐལ་མོ་སྤྱི་བོར་སྦྱོར། ཐལ་མོ་མགྲིན་པར་སྦྱོར། ཐལ་མོ་སྙིང་ཁར་སྦྱོར། མ་ལྔ་ས་ལ་ཕོབ། གཉིས་རེད། ཡང་ཡར་ལངས་ནས་ཐལ་མོ་སྙིང་ཁར་སྦྱོར། ཐལ་མོ་སྤྱི་བོར་སྦྱོར། ཐལ་མོ་མགྲིན་པར་སྦྱོར། ཐལ་མོ་སྙིང་ཁར་སྦྱོར། མ་ལྔ་ས་ལ་ཕོབས། འདིིའི་མཚམས་ནས་ཙོག་པུའམ་པུས་བཙུགས་ཀྱིས་ཐལ་མོ་སྦྱར་ནས་འདུག་དགོས་ཤིང་། རང་རང་ཅི་བདེར་བྱས་ནས་སྡོད། པུས་མོ་བཙུགས་ན་ཆོག ཙོག་པུའི་ཚུལ་དུ་ལང་མ་འདུག་ལྟ་བུ་བྱས་ཏེ་བསྡད་ན་ཆོག མདོར་ན་ཐལ་མོ་སྙིང་ཁར་སྦྱར་ནས་དད་པའི་སེམས་ཀྱིས་ཉན་དགོས། ཁྱིམ་པ་རྗེས་སུ་འཛིན་པའི་སོ་སོ་ཐར་བའི་སྡོམ་ཆོག་ཡོད་པ་ཡིན་ལ། ངས་འདིའི་མཚམས་ནས་ཆོ་ག་ཆོག་ཁྲིགས་མ་འདོན་ཡོང་དུས་ངས་འདོན་པ་ལྟར་དུ་ཁྱེད་ཚོས་ཚིག་རྗེས་དོན་དྲན་གྱིས། རྙེད་པར་དཀའ་བ་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་རྙེད། མཇལ་བར་དཀའ་བ་སངས་རྒྱས་ཀྱི་བསྟན་པ་དང་མཇལ། བདག་ལེགས་སུ་འདོད་པའི་སྐྱེ་བོ་དག་གིས་དོན་དུ་གཉེར་བྱ་ནི་སངས་རྒྱས་ཀྱི་བསྟན་པ་ལ་ནན་ཏན་སྙིང་པོ་བྱ་བ་ཉིད་ཡིན་ལ། དེ་ལ་ཡོན་ཏན་ཐམས་ཅད་ཀྱི་གཞི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ཐོག་མར་བསླབ་དགོས་ཤིང། དེའི་རྩ་བ་ཡང་སྐྱབས་སུ་འགྲོ་བའི་སྡོམ་པ་ཉིད་ལ་རག་ལས་པ་ཡིན་ཏེ། ཇི་སྐད་དུ། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བ། །འཇིགས་པ་མེད་པ་ཐོབ་པར་འགྱུར། །ཞེས་གསུངས་པས་ཕན་ཡོན་ཤིན་ཏུ་ཆེ་བ་ཡིན། དེ་ཡང་བླ་མའི་རྗེས་སུ་བཟློས་ནས་གླེང་ན་ངོ་ཚ་ཁྲེལ་ཡོད་ཀྱི་རྟེན་སོགས་དགོས་པ་ཁྱད་པར་ཅན་ཡོད་པས་འདིའི་རྗེས་ཟློས་མཛོད། འདི་ནས་རྗེས་ཟློས་བྱེད་དགོས། སྤྱིར་བཏང་བ་ཞིག་རྒྱུས་མེད་ཅིག་གི་མདུན་ནས་ཞུ་ན་བཙུན་པ་ཟེར་དགོས་ལ། ཆོས་འབྲེལ་ཡོད་ས་ཞིག་གི་མདུན་ནས་ཞུ་ན་སློབ་དཔོན་ཞེས་ཟེར་དགོས། མང་ཆེ་བ་ཆོས་འབྲེལ་ཡོད་པ་འབའ་ཞིག་ཡིན་པས་དེ་རྣམས་ཀྱི་དབང་དུ་བཏང་ནས་སློབ་དཔོན་ཞེས་ཟེར་རྒྱུ་བྱེད། འདིའི་རྗེས་ཟློས་གསུམ་པའི་སྐབས་སུ་སྡོམ་པ་ཐོབ་པ་ཡིན། དེ་དུས་ངས་བརྡ་བརྒྱག་ཆོག ད་རྗེས་ཟློས་གྱིས། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཟེར་དུས་རང་རང་གི་མིང་གཟུང་དགོས། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱིི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་སློབ་དཔོན་གྱིས་གཟུང་དུ་གསོལ། དེ་རྗེས་ཟློས་དང་པོ་ཡིན། ད་རྗེས་ཟློས་གཉིས་པ་ནི། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྟེ་ཇི་སྲིད་འཚོའི་བར་དུ་ཞེས་པ་མ་ཤི་བར་དུ་ཞེས་པའི་དོན་ཡིན། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་སློབ་དཔོན་གྱིས་གཟུང་དུ་གསོལ། དེ་རྗེས་ཟློས་ཐེངས་གཉིས་པ་ཡིན། རྗེས་ཟློས་ལན་གསུམ་པའི་སྐབས་སུ་སྡོམ་པ་ངོ་མ་དངོས་སུ་ཐོབ་པ་ཡིན་ལ། དེ་ཐོབ་ལུགས་དེ་ཇི་ལྟར་ཡིན་ཞེ་ན། ཚིགས་སྔ་མ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་འདི་གཉིས་ཀ་སྐྱབས་བརྗོད་དང་། བདག་བརྗོད་དང་། གཞན་བརྗོད་ཅེས་པ་གསུམ་ཡོད་པའི་ནང་གི་བདག་བརྗོད་རྫོགས་མ་ཐག་ཏུ་ཐོབ་པ་ཡིན། བདག་བརྗོད་ཅེས་པ་གང་ཡིན་ཞེ་ན། དགེ་བསྙེན་དུ་ཞེས་བརྗོད་ཡོང་དུས་ཁྱེད་ཚོས་དགེ་བསྙེན་གྱི་སྡོམ་པ་དངོས་སུ་ཐོབ་པ་ཡིན་ལ། དེ་དུས་ཐོབ་སོང་བསམ་པའི་ཐོབ་ཤེས་ཀྱི་བསམ་པ་གཟུང་དགོས། དགེ་སློང་ལྟ་བུ་ཞིག་ཡིན་ན། དགེ་འདུན་གྱི་ལས་བརྗོད་པའི་སྒོ་ནས་ངོ་བོ་བརྗོད་པ། བྱ་བ་བརྗོད་པ། བྱེད་པ་བརྗོད་པ་རྣམས་ཀྱི་ཐོབ་ལུགས་གཞན་ཡིན། ཡིན་ན་ཡང་འདི་ཚོ་ལྷག་ཏུ་བཤད་དགོས་དོན་མེད་ཅིང་། འགལ་དང་མ་འབྲེལ་བསྡུས་པ་ལ་སོགས་པ་འཆད་པའི་སྐྱོན་ཡིན་ཡང་འདི་ཚིགས་གསུམ་རིམ་ནོད་ཀྱི་འགྲོས་དང་བསྟུན་ནས་བཤད་པའི་གོ་དོན་དང་ཤིན་ཏུ་འབྲེལ་བ་ཞིག་ཡིན། ད་ལན་གསུམ་པའི་རྗེས་ཟློས་གྱིས། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྐྱབས་གསུམ་འཛིན་པའི་སྟེ་ད་བདག་བརྗོད་ཡིན་ལ། དགེ་བསྙེན་དུ་ཞེས་བརྗོད་ཡོང་དུས་ཁྱེད་ཚོར་སྡོམ་པ་ཐོབ་པ་ཡིན་པས་ཐོབ་ཤེས་ཀྱི་བསམ་པ་ཟུངས། དགེ་བསྙེན་དུ་སློབ་དཔོན་གྱིས་གཟུང་དུ་གསོལ། ངས་ཐབས་ཡིན་ནོ་ཞེས་ཟེར་དུས་ཁྱེད་ཚོས་ལེགས་སོ་ཞེས་ཟེར་དགོས། ཐབས་ཡིན་ནོ། །༼ལེགས་སོ། །༽ ཚིགས་གསུམ་རིམ་ནོད་ཀྱི་སྐབས་སུ་དགེ་བསྙེན། དགེ་ཚུལ། དགེ་སློང་གི་སྡོམ་པ་སྟེ། འུ་ཚོས་ད་ལྟ་ཚིགས་གསུམ་རིམ་ནོད་ཟེར་བ་ཞིག་བཤད་མྱོང་ཞིང་། དེའི་སྐབས་ཀྱི་དགེ་བསྙེན། དགེ་ཚུལ། དགེ་སློང་གི་སྡོམ་པ་གསུམ་དེ་སྡོམ་པ་མི་འདྲ་བ་གསུམ་དེ་གང་ཟག་གཅིག་གི་རྒྱུད་ལ་ཇི་ལྟར་ལྡན་ཞེས་དོགས་པ་ཞིག་འཆར་བ་ཡིན་ལ། འདིར་སྡོམ་པ་གཟུགས་ཅན་དུ་འདོད་པའི་ལུགས་ཤིག་དང་། སྡོམ་པ་ཤེས་པར་འདོད་པའི་ལུགས་ཤིག་སྟེ་གཉིས་ཡོད། སྡོམ་པ་གཟུགས་ཅན་དུ་འདོད་པའི་ལུགས་ལྟར་ན་རྫས་ཐ་དད་དུ་ལྡན་པར་འདོད་པ་དང་། སྡོམ་པ་ཤེས་པར་འདོད་པའི་ལུགས་ལྟར་ན་ངོ་བོ་གཅིག་ལ་ལྡོག་པས་ཐ་དད་དུ་དབྱེ་བ་དེ་ལྟ་བུ་ཞིག་ཡིན། དེ་ལྟར་སྐྱབས་འགྲོའི་སྡོམ་པ་ཐོབ་པ་ཙམ་གྱིས་མི་ཆོག བསླབ་བྱ་ལ་བསླབ་དགོས། འདི་ཚོ་གོ་སླ་བ་ཡིན་ཡང་གནད་ཆེ་བས་ངས་དལ་མོར་ག་ལེ་བྱེད། ཚིག་རེ་བཞིན་དུ་དལ་མོར་བྱས་ཏེ་འདོན་འགྲོ། ཁྱེད་ཚོས་གོ་བ་ཙམ་གྱིས་མི་ཆོག་པར་ཞེ་ལ་བཟུང་ནས་དེའི་འཕྲོས་ཁྱིམ་ལ་སོང་དུས་འདིའི་ཐད་ཀྱི་བགྲོ་གླེང་རེ་བྱོས་དང་ཞེ་ལ་ངེས་རྒྱུ་ཕན་ཐོགས་ཡོད། དེ་ལྟར་སྐྱབས་འགྲོའི་སྡོམ་པ་ཐོབ་པ་ཙམ་གྱིས་མི་ཆོག བསླབ་བྱ་ལ་བསླབ་དགོས། བསླབ་བྱའི་ཆོས་དེ་ཡང་ཇི་ལྟ་བུ་ཡིན་སྙམ་ན། དགག་པའི་བསླབ་བྱ་གསུམ་དང་སྟེ་དགག་པའི་བསླབ་བྱ་གསུམ་ཞེས་པ་མི་ཉན་རྒྱུ་གསུམ་ཞེས་པའི་དོན་ཡིན། བསྒྲུབ་པའི་བསླབ་བྱ་གསུམ་དང་ཞེས་པ་དགོས་རྒྱུའི་བསླབ་བྱ་གསུམ་ཞེས་པའི་དོན། ཆ་མཐུན་གྱི་བསླབ་བྱ་ཞེས་པ་དེ་གཉིས་ཀ་དང་ཕྱོགས་མཐུན་པའི་དོན། དགག་བསྒྲུབ་ཆ་མཐུན་གྱི་བསླབ་བྱ་དགུ་ཡོད་ཅེས་ཟེར་ཆོག གསུམ་སྟེ་དགུའོ། །དང་པོ་ནི་ཞེས་པ་དགག་པའི་བསླབ་བྱ་རེད། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ལ་སྐྱབས་འགྲོ་མི་བྱ། ད་ངས་མར་དལ་མོར་བྱས་ཏེ་འདོན་འགྲོ། འུ་ཚོར་དེ་རིང་དུས་ཚོད་ཐུང་བ་ཡིན་ལ། སོར་བྱང་སྔགས་གསུམ་གྱི་སྡོམ་པ་སྦྱིན་ཟེར་གྱིན་ཡོད་པ་ཡིན་ཞིང་། དེ་ལྟར་ཡིན་དུས་དོད་ཐུབ་ཙམ་ཞིག་དགོས་པས་ཉི་མ་དུས་ཚོད་ཡུན་རིང་མེད་ཕྱིར་མར་འདོན་འགྲོ་ན་མ་གཏོགས་ཐབས་མེད། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་མི་བྱ། དགེ་འདུན་ལ་སྐྱབས་སུ་སོང་ནས་མུ་སྟེགས་ཅན་ལ་མི་བསྟེན་པའོ། །དེ་ཡང་བོད་འདིར་མུ་སྟེགས་པ་དངོས་སུ་མི་འབྱུང་ཡང་སྡིག་ཅན་གྱི་གྲོགས་དེ་དང་འདྲ་བས་མི་བསྟེན་པའོ། །ཞེས་གསུངས་ཏེ་མུ་སྟེགས་པ་སྔོན་ཆད་ཞྭ་མོ་དཀར་པོ་ཅན་ལ་སོགས་པ་མང་པོ་ཞིག་མེད་པ་ཨེ་ཡིན་ནམ། སྡིག་ཅན་གྱི་གྲོགས་ཀྱང་དེ་དང་འདྲ་བས་མི་བརྟེན་པ་ཞེས་རིགས་མཐུན་རུས་གཅིག་ལས་ཆད་པ་ཡིན་ཡང་སྡིག་གྲོགས་མ་བསྟེན་ཞེས་གསུངས་པ་ཡིན་འདུག གཉིས་པ་ནི་བསྒྲུབ་པའི་བསླབ་བྱ་ཡིན། སངས་རྒྱས་ལ་སྐྱབས་སུ་སོང་ནས་བདེ་བར་གཤེགས་པའི་སྐུ་གཟུགས་ཀྱི་རྟེན་ཐ་ན་སཱཙྪ་ཆག་དུམ་ཡན་ཆད་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ནས་ཕྱག་མཆོད་བཀུར་སྟི་སོགས་གུས་པར་བྱེད། ཆོས་ལ་སྐྱབས་སུ་སོང་ནས་ཆོས་དཀོན་མཆོག་གི་རྟེན་གསུང་རབ་ཀྱི་རྟེན་ཐ་ན་ཡིག་འབྲུ་གཅིག་ཡན་ཆད་ལ་ཆོས་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས་གུས་འདུད་བཀུར་སྟི་སོགས་སྔ་མ་ལྟར་བྱའོ། །དགེ་འདུན་ལ་སྐྱབས་སུ་སོང་ནས་དགེ་འདུན་དཀོན་མཆོག་གི་རྟེན་རབ་ཏུ་བྱུང་བ་ནས་ཐ་ན་ལྷན་པ་སེར་པོ་བཏབ་པ་ཡན་ལ་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས་གུས་འདུད་བཀུར་སྟི་སོགས་སྔར་ལྟར་བྱའོ་ཞེས་གསུངས་ལ། དགེ་འདུན་པ་ཞེས་པ་དགེ་འདུན་པའི་རྟེན་དེ་གྲྭ་པ་སེར་མོ་པ་ཡིན་ན་གྲྭ་པ་སེར་མོ་པ་ལ་མདའ་གྲི་མདུང་གསུམ་གཏོད་མ་དགོས་ཁོ་རེ་མོ་རེ་ཞེས་ཀྱང་ཞུ་རུང་བ་མ་ཡིན། གསུམ་པ་ནི་ཆ་མཐུན་གྱི་བསླབ་བྱ་སྟེ། དུས་རྟག་ཏུ་དཀོན་མཆོག་མཆོད་པ་ལ་བརྩོན་པར་བྱ་སྟེ་ཐ་ན་ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ་དང་། ནངས་ནུབ་སོགས་སུ་སྐྱབས་འགྲོ་བཟླ་བ་ལ་བརྩོན་པ་དང་། སྐྱེས་བུ་དམ་པ་ལ་བརྟེན་ནས་ཆོས་ཀྱི་རྗེས་སུ་འཇུག་ཅིང་ཆོས་དང་མཐུན་པའི་སྤྱོད་པ་ལ་བསླབ་པར་བྱའོ། །དེ་ལྟ་བུའི་བསླབ་བྱ་རྣམས་ཡིད་ལ་བཟུང་སྟེ་དྲན་ཤེས་དང་ལྡན་པས་དུས་རྟག་ཏུ་སློབ་པར་གྱིས་ཤིག འདི་དག་སྐྱབས་འགྲོའི་བསླབ་བྱ་ཡིན། འདི་དང་སྦྲེལ་ནས་དགེ་བསྙེན་གྱི་བསླབ་བྱ་བཏོན་ན་སྙམ། དགེ་བསྙེན་གྱི་བསླབ་བྱ་ལ་དངོས་ཀྱི་སྤང་བྱ་ཡན་ལག་ལྔ་དང་ཞེས་ཡོངས་རྫོགས་དགེ་བསྙེན་གྱིས་འདིའི་ཡན་ལག་ལྔ་པོ་འདི་བསྲུང་དགོས། ཕྱོགས་མཐུན་གྱི་བསླབ་བྱ་དང་། ཐབས་མཁས་ཀྱི་སྒོ་ནས་ཉེས་མེད་དང་གསུམ་ལས། དང་པོ་ཡན་ལག་ལྔ་ལས། སྲོག་གཅོད་ནི་གཞི་མིའམ་མིར་ཆགས་པ་ལ་དེར་འདུར་ཤེས་པ། ཀུན་སློང་ཞེ་སྡང་། བསམ་པ་གསོད་སེམས། སྦྱོར་བ་མཚོན་བརྩམས་པ་ལ་སོགས་པ། མཐར་ཐུག་སྦྱོར་བ་བརྩམས་མ་ཐག་པའམ་གཞན་གྱི་ཚེ་གང་རུང་གསོད་པ་པོ་བདག་ཉིད་མ་ཤི་བའི་སྔ་རོལ་དུ་ཕ་རོལ་པོ་སྲོག་དང་བྲལ་ན་ཡན་ལག་རྫོགས་པའོ། །མ་བྱིན་པར་ལེན་པ་ནི། གཞི་གཞན་གྱིས་བདག་གིར་བཟུང་བའི་དངོས་པོ་གསེར་ཞོ་ཕྱེད་ཀྱི་རིན་ཐང་ཚང་བ་ཡན་ཆད་དེར་འདུར་ཤེས་པ། ཀུན་སློང་ཆགས་པ། བསམ་པ་རྐུ་སེམས། སྦྱོར་བ་མཐུའམ་གཡོ་དང་འཇབ་བུས་གནས་ནས་སྤོས་པ། མཐར་ཐུག་ཐོབ་བློ་སྐྱེས་པས་ཡན་ལག་རྫོགས་པའོ། །ལོག་གཡེམ་ནི། གཞི་རང་གི་ཆུང་མ་དང་ཁྱོ་ག་མ་ཡིན་པའི་རུས་བདུན་བརྒྱུད་ལས་མ་འདས་པ་དང་། སྡོམ་པ་དང་ཕ་མ་སོགས་ཀྱིས་བསྲུངས་པ་དང་། གཞན་ཡང་དུས་དང་གནས་དང་ཡུལ་ལ་སོགས་པ་མ་ཡིན་པ། ཀུན་སློང་འདོད་ཆགས། བསམ་པ་འཁྲིག་previous hit པརསེམས next hit་པ། སྦྱོར་བ་བཅུག་རེག་ལ་སོགས་པས་འཁྲིག་པ། མཐར་ཐུག་བདེ་བའི་ཚོར་བ་ཉམས་སུ་མྱོང་བ་སྲེད་པས་བདག་གིར་བྱས་པས་ཡན་ལག་རྫོགས་པའོ། །རྫུན་དུ་སྨྲ་བ་ནི། གཞི་སྨྲ་ཤེས་དོན་གོའི་མི་རང་ལས་གཞན་པ་ལ། བདེན་གཞིའི་དོན་རྟོགས་པ་སོགས་ཡོན་ཏན་གོང་མ་དང་། ལྷ་ཀླུ་ལ་སོགས་པ་མཐོང་ངོ་ཞེས་པ་རྣམས་སོ། །ཀུན་སློང་དུག་གསུམ་གང་རུང་ལས་གཏི་མུག་གཙོ་བོར་གྱུར་པའོ། །བསམ་པ་མངོན་ཤེས་རྫུ་འཕྲུལ་སོགས་མེད་previous hit པར་ཤེས་བཞིན་དུ་གཞན་བསླུ་སེམས next hit་ཀྱིས་ཡོད་པ་འདུ་ཤེས་བསྒྱུར་བ། སྦྱོར་བ་ལུས་ངག་གི་རྣམ་རིག་ཏུ་ཐོན་པས་བརྡ་སྤྲོད་པ། མཐར་ཐུག་སྨྲས་པའི་ཡུལ་དེ་ལ་བརྡ་འཕྲོད་པས་ཡན་ལག་རྫོགས་པའོ། །ཆང་འཐུང་བ་ནི། གཞི་ནས་དང་འབྲས་ལ་སོགས་པ་འབྲུ་དང་། མེ་ཏོག་དང་། རྒུན་འབྲུམ་དང་། བུར་སྦྲང་གི་ཁུ་བ་སོགས་ལས་བྱས་པའི་མྱོས་པར་འགྱུར་བ། ཀུན་སློང་སྲེད་པ་སྟེ་ཆགས་པའོ། །བསམ་པ་ནི་བག་མེད་previous hit པར་འཐུང་བར་སེམས next hit་པའོ། །སྦྱོར་བ་ནི་ཆང་འཐུང་བ་ལུས་ངག་གི་ལས་སོ། །མཐར་ཐུག་མྱོས་པར་གྱུར་པ་ན་ཡན་ལག་རྫོགས་པའོ། །གཞན་ཡང་རྩ་བ་བཞིར་མ་ལོངས་པ་ལ་ཕྲ་མོ་ཞེས་བཏགས་པ་སྟེ། མིའམ་མིར་ཆགས་པ་མ་ཡིན་པ་དུད་འགྲོ་ལ་སོགས་པ་བསད་པ་དང་། གསད་བྱ་མིའམ་མིར་ཆགས་ཀྱང་གསད་བྱ་མ་ཤི་བའི་གོང་དུ་འགྱོད་པ་སོགས་དང་། མ་བྱིན་ལེན་རིན་ཐང་མ་རྫོགས་པ་དང་། ལོག་གཡེམ་རང་ཉིད་ཀྱིས་སམ་སྤྱད་པར་མི་བཟོད་པའི་ཡུལ་ལས་ཁུ་བ་ཕྱུང་བ་དང་། རྫུན་སྨྲ་བ་ནི་མི་ཆོས་བླ་མར་སྨྲ་བ་མ་ཡིན་པ་རྣམས་སོ། །གཉིས་པ་ཕྱོགས་མཐུན་ནི། མི་དགེ་བ་བཅུ་ལས་གོང་གི་བཞི་བོ་མ་གཏོགས་པའི་ལྷག་མ་དྲུག་སྟེ། ཕྲ་མ་ནི་དབྱེན་ཚིག་སྨྲ་བའོ། །ཚིག་རྩུབ་ནི་གཞན་གྱི་གནད་དུ་ཕོག་པའོ། །ཀྱལ་བ་ནི་བྲེ་མོ་དང་གླུ་དང་བསྟན་བཅོས་ངན་previous hit པར་སྨྲ་བའོ། །བརྣབ་སེམས next hit་ནི་གཞན་གྱི་རྫས་ལ་ཐོབ་འདོད་བསྐྱེད་པའོ། །གནོད་སེམས་ནི་གཞན་ལ་གསོད་ཅིང་རྡེག་previous hit པརསེམས next hit་པ་སོགས་སོ། །ལོག་ལྟ་ནི་ལས་འབྲས་མི་བདེན་པར་སྨྲ་བའོ། །དྲུག་པོ་འདི་དག་ཀྱང་མི་དགེ་བའི་ལས་ལམ་དུ་རྫོགས་པ་ལ་གཞི། ཀུན་སློང་། འདུ་ཤེས། སྦྱོར་བ། མཐར་ཐུག་གི་ཡན་ལག་ལྔ་རྩ་བ་བཞི་ལ་ཡོད་པ་ལྟར་ཚང་དགོས་ཀྱང་འདི་ནི་ཡིད་ཀྱི་བསྡོམ་བྱ་ཙམ་སྨྲོས་པའོ། །དེ་དག་ཇི་ལྟར་སྤོང་བ་ལ་བསླབ་པའི་ཚུལ་ནི། དེ་ལྟར་སྤང་བྱ་ལྔ་ཕྱོགས་མཐུན་དང་བཅས་པ་དེ་དག་ཡིད་ཀྱིས་བསྡམ་ཞིང་། ལུས་ངག་གིས་སླར་ལོག་པ་ལ་བསླབ་པ་ཡིན་ཏེ། བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ། སྒོ་གསུམ་གྱི་བྱ་བ་ལ་སྐྱོན་ཡོན་རྟོག་པའི་ཤེས་བཞིན། ལུས་ངག་ཡིད་གསུམ་ཆོས་བཞིན་དུ་ལྷུར་བྱེད་པ་བག་ཡོད་དེ། ཆོས་གསུམ་ལ་ནན་ཏན་ལྷུར་བྱེད་པའི་བརྩོན་འགྲུས་དང་ལྡན་པ་ལ་བསླབ་བོ། །གསུམ་པ་ཐབས་ལ་མཁས་པས་ཉེས་མེད་དུ་འགྱུར་བ་ནི། སྙིང་བརྩེ་ལྡན་དང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་གསུངས་པ་ལྟར་རང་དོན་གྱི་འཁྲི་བ་མེད་པའི་གཞན་ལ་ཕན་པར་འདོད་པའི་བྱམས་པ་དང་། སྡུག་བསྔལ་བྲལ་འདོད་ཀྱི་སྙིང་རྗེས་ཀུན་ནས་བསླངས་ཏེ། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པའི་བསམ་པ་ཅན་ལ་ཡིད་ཀྱི་གསུམ་མམ་ལོག་ལྟ་མ་གཏོགས་པ་ལུས་ངག་གི་མི་དགེ་བ་བདུན་པོ་གནང་བ་ཡིན་ཏེ། བསམ་པ་བྱང་ཆུབ་སེམས་དཔའ་ལ། །དགེའམ་ཡང་ན་མི་དགེའང་རུང་། །ཐམས་ཅད་བདེ་དགེ་ཉིད་དུ་འགྱུར། །ཞེས་གསུངས་པས་ཀུན་སློང་དགེ་བ་འབའ་ཞིག་ཡིན་ཡང་ལུས་ངག་གི་སྦྱོར་བ་མི་དགེ་བ་ལྟར་སྣང་བས་མི་དགེ་བ་ཞེས་བཏགས་པའོ། །འོན་ཀྱང་སྲོག་གཅོད་ཀྱི་ལས་ལམ་རྫོགས་པར་གནང་བ་ནི་ས་ཐོབ་པ་ཡན་གྱི་དབང་དུ་བྱས་པའོ། །གསུམ་པ་ཉམས་ན་ཕྱིར་འཆོས་པའི་ཚུལ་ནི། རྩ་བ་བཞི་ཉམས་ན་དགེ་བསྙེན་ཡན་གྱི་སྡོམ་ལྡན་གྱི་དྲུང་དུ་བསྐྱར་ལ་བླང་དགོས་ཤིང་། ཡན་ལག་མ་ཚང་བ་བྱུང་ན་བཤགས་བྱའི་ཉེས་པ་ཡིན་པས་ཡུལ་སྔ་མ་རྣམས་ཀྱི་མདུན་དུ་ཕྱག་དང་དགོངས་གསོལ་བྱས་ཏེ། བདག་མིང་འདི་ཞེས་བྱ་བ་ལ་ཇི་ལྟར་ཡོངས་སུ་གྲགས་པའི་ལྟུང་བ་འདི་ལྟ་བུ་ཞིག་བྱུང་བ་ལས་བཤགས་པར་བགྱིའོ། །མི་འཆབ་བོ། མི་སྦེད་དོ་ཞེས་ལན་གསུམ་གྱིས་སྦྱང་ཞིང་། ཕྱོགས་མཐུན་རྣམས་ཡིད་ཀྱིས་བསྡམས་པས་ཀྱང་ཆོག་གོ །བཞི་བ་ཕན་ཡོན་ནི། སའི་སྙིང་པོ་འཁོར་ལོ་བཅུ་བའི་མདོ་ལས། གལ་ཏེ་རང་བཞིན་གྱི་སྡིག་པའི་རྩ་བ་བཞི་བོ་དེ་བསྲུངས་ན་དེ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་དགེ་བའི་ཆོས་ཐམས་ཅད་ཀྱི་རྒྱུའི་མཆོག་དམ་པ་རྣམ་པར་བཞག་པ་ཡིན་ནོ། །དེ་བས་ན་ཆོས་རྣམ་པ་བཞི་བསྲུངས་པ་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་རྩ་བ་ཞེས་བྱའོ། །འདི་ལྟར་ཏེ། ས་ཆེན་པོ་འདི་ལ་བརྟེན་ནས་རྩི་ཤིང་དང་། མེ་ཏོག་དང་། ཤིང་གེལ་བ་དང་། ནགས་ཚལ་ལ་སོགས་པ་ཐམས་ཅད་ཀྱང་སྐྱེའོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་རྩ་བ་བཞི་བོ་འདི་བསྲུངས་པ་ལ་བརྟེན་ནས་དགེ་བའི་ཆོས་ཐམས་ཅད་འཕེལ་ཞིང་སྐྱེ་བར་འགྱུར་རོ། །ཞེས་སོགས་གསུངས་པ་དང་། གཞན་ཡང་། དང་པོར་བསླབ་པའི་གཞི་ལྔ་རྣམས། །གསོ་སྦྱོང་སོགས་དང་ཡང་དག་ལྡན། །མི་དགེ་བཅུ་ནི་ཡོངས་སྤོང་བ། །བྱིན་ནས་དགེ་བསྙེན་ཉིད་དུ་བྱ། །ཞེས་གསུངས་པས་དགེ་བསྙེན་གྱི་བསླབ་པ་ནི་མི་དགེ་བཅུ་སྤོང་གི་སྡོམ་པ་ཡིན་པའི་ཕྱིར་སྡོམ་པ་གོང་མ་ཐམས་ཅད་ཀྱི་གཞིའམ་རྩ་བར་གྱུར་བ་ཡིན་ལ། ཆང་ནི་མྱོས་པ་འཐུང་བ་ལས་བག་མེད་པར་འགྱུར་ཏེ། ཉེས་པ་གཞན་དག་འདྲེན་པའི་ཕྱིར་དུ་བཅས་པའི་ཁ་ན་མ་ཐོ་བ་རྣམས་ཀྱི་ནང་ནས་ཆེས་ལྕི་བ་ཡིན་པས་སྡོམ་ལྡན་གྱི་ནད་པས་ཀྱང་རྩྭ་རྩེའི་ཐིགས་པ་ཙམ་ཡང་མི་འཐུང་བར་གསུངས་སོ། །དེ་ལྟར་ཡོངས་རྫོགས་དགེ་བསྙེན་གྱི་བསླབ་བྱ་ཆ་ཙམ་བཤད་པ་འདིས་ནི་སྣ་གཅིག་སྤྱོད་པ་དང་། ཕྱོགས་གཅིག་སྤྱོད་པ་དང་། ཕལ་ཆེར་སྤྱོད་པའི་དགེ་བསྙེན་གྱི་བསླབ་བྱ་ཡང་ཤེས་པར་འགྱུར་ཞིང་། །ཡན་ལག་ལྔ་ལས་ལོག་གཡེམ་གྱི་དོད་དུ་མི་ཚངས་སྤྱོད་སྤོང་བ་ཚངས་སྤྱོད་དགེ་བསྙེན་དང་། བསྙེན་གནས་ཡན་ལག་བརྒྱད་ཇི་སྲིད་འཚོའི་བར་དུ་སྲུང་བ་གོ་མིའི་དགེ་བསྙེན་དུ་གྲགས་པ་སྟེ་གཞན་དུ་ཤེས་པར་བྱའོ། །སྐྱབས་འགྲོའི་དགེ་བསྙེན་གྱི་བསླབ་བྱ་ནི་ཐམས་ཅད་ཀྱི་ཐུན་མོང་པའོ། །དེ་ལྟར་ཡང་ཆོས་འདུལ་བ་ལས། དགེ་བསྙེན་ཉིད་དང་། དགེ་ཚུལ་ཉིད་དང་། དགེ་སློང་ཉིད་དག་གི་སྔ་མ་བསྙེན་པར་མ་རྫོགས་པ་ལ་ཕྱི་མ་མི་བྱའོ་ཞེས་གསུངས་པས་སངས་རྒྱས་ཀྱི་བསྟན་པའི་བསླབ་པ་ཐམས་ཅད་ཀྱི་རྩ་བར་གྱུར་པའོ། །ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཚུལ་ཁྲིམས་རྣམ་previous hit པར་དག་དང་ལྡན། །རློམ་སེམས next hit་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཚུལ་ཁྲིམས་སྤྱོད་པ་ཡང་དག་དྲི་མེད་པ། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་previous hit པར་ཤོག །གཞན་གནོད་གཞིར་བཅས་སྤོང་ལ་གོམས་པའི་མཐུས། །རྨི་ལམ་ན་ཡང་སྡིག་སེམས next hit་མི་འབྱུང་ཞིང་། །བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་བའི། །ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །ད་ངོ་མས་བཤད་ན་སྡོམ་པ་རེ་རེ་ཞུ་དུས་གཏང་རག་གི་ཚུལ་དུ་ཡང་ཕྱག་གསུམ་རེ་འཚལ་དགོས་ཀྱང་འུ་ཚོས་ཕྱག་འཚལ་ནས་ཉི་མ་དུས་ཚོད་ཤོར་འགྲོ་བས་གུས་ཕྱག་འཚལ་བའི་མོས་པ་དང་བཅས་པས་ཆོག་རྒྱུ་བྱེད།

༼ཁ སྨོན་པ་སེམས་བསྐྱེད་ཀྱི་སྡོམ་པ་གནང་བ།

དེ་ཡན་ཆད་ཀྱིས་ཁྱིམ་པའི་དབང་དུ་བྱས་པའི་སོ་ཐར་གྱི་སྡོམ་པ་སྐྱབས་འགྲོས་རྩོམ་གཞིར་བྱས་པའི་དགེ་བསྙེན་གྱི་སྡོམ་པ་ནོད་པ་དེ་སོང་ནས་བྱང་ཆུབ་སྨོན་པའི་སེམས་བསྐྱེད་པ་གཙོ་བོར་བྱས་པའི་བྱང་སྡོམ་ཞིག་འབོག་རྒྱུ་བྱེད། སྤྱིར་ན་ཟབ་མོ་ལྟ་ལུགས་དང་རྒྱ་ཆེན་སྤྱོད་ལུགས་ཀྱི་ཁྱད་པར་དང་། དེ་ཡང་སྨོན་དང་འཇུག་པའི་སྡོམ་པ་དེ་གཉིས་ཀ་སྟབས་གཅིག་ཏུ་ལེན་པ་དང་། སོ་སོར་ཐ་དད་པར་ལེན་པའི་སྲོལ་ལ་སོགས་པའི་ཁྱད་པར་ཡོད་པའི་ནང་ནས་འདིའི་ཆོ་ག་སྨོན་འཇུག་སྟབས་གཅིག་ཏུ་ལེན་པའི་རང་ལུགས་ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པས་བཞེད་པའི་ཆོ་གའི་ཆོག་ཁྲིགས་ལྟར་དུ་འདོན་རྒྱུའི་ནང་ནས། དེ་རིང་དམིགས་བསལ་གྱི་ཉམས་པའི་ཉེས་པ་སྤང་བའི་ཕྱིར་དུ་ཁྱིམ་ན་གནས་པའི་དགེ་བསྙེན་ལས་དང་པོ་པའི་ངོ་སྐལ་དུ་འདོན་པ་ཁ་སྒྱུར་གཏོང་། རང་རང་གི་མོས་པས་ཁྱད་previous hit པར་དུ་བྱེད་པའི་དབང་དུ་བཏང་ནས་སྨོན་པ་སེམས next hit་བསྐྱེད་གཙོ་བོར་བྱས་ཏེ་འདོན་འགྲོ། འདིའི་ཡན་ལག་བདུན་པའི་ཕྱག་འཚལ་བའི་སྐབས་སུ་ཡང་སྒོ་གསུམ་འཇུག་པ་གཅིག་པའི་ཕྱག་འཚལ་དགོས། དེས་ན་སེར་སྐྱ་མཆོག་དམན་ཐམས་ཅད་ཀྱིས་ཆོ་ག་བཞིན་དུ་ཕྱག་འཚལ་རྒྱུའི་ས་ཁོངས་སྔར་བཞིན་དུ་ཡོད་པ་ཞིག་མཛོད། དེ་རིང་དུས་ཚོད་ཀྱི་དབང་གིས་མར་འདོན་ནས་ཚར་རྒྱུ་གཙོ་བོ་བྱེད་དགོས། འོ་སྐོལ་རྣམས་རྙེད་པར་དཀའ་བ་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་རྙེད། མཇལ་བར་དཀའ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། འཁོར་འདས་ཀྱི་འདམ་ཀ་རང་དབང་ཐོབ་པའི་དུས་འདིར་དལ་འབྱོར་ལ་སྙིང་པོ་ལེན་པ་ཞིག་ཅི་ནས་ཀྱང་འབད་དགོས་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། རྒྱ་མཚོ་ཆེར་གཡེང་གཉའ་ཤིང་བུ་ག་དང་། །རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱད་པས་དེ་འབྲས་མཆིས་པར་མཛོད། །ཅེས་གསུངས་ཤིང་། དམ་པའི་ཆོས་ཀྱི་ནང་ནས་ཀྱང་རང་གཞན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་ཞིང་། གནས་སྐབས་དང་མཐར་ཐུག་གི་བདེ་བ་དམ་པ་ཐོབ་previous hit པར་བྱེད་པའི་རྒྱུའི་གཙོ་བོ་བྱང་ཆུབ་ཀྱི་སེམས next hit་ཡིན་ཏེ། བསླབ་བཏུས་ལས། སྡུག་བསྔལ་མཐར་ཕྱིན་འདོད་པ་དང་། །བདེ་བའི་མཐར་ཡང་འགྲོ་འདོད་པས། །དད་པའི་རྩ་བ་བརྟན་བྱས་ཏེ། །བྱང་ཆུབ་ལ་ནི་བློ་བརྟན་བྱ། །ཞེས་གསུངས་པས་དེ་ལྟ་བུའི་ཡོན་ཏན་ལྡན་པའི་སེམས་བསྐྱེད་ཀྱི་ཆོ་ག་སྒྲུབ་པ་ལའང་སྡོང་པོ་བཀོད་པ་དང་ནམ་མཁའི་སྙིང་པོའི་མདོ་ལ་སོགས་པའི་རྗེས་སུ་འབྲངས་པ་འཕགས་པ་འཇམ་དཔལ་ནས་བརྒྱུད་དེ་མགོན་པོ་ཀླུ་སྒྲུབ་ཡབ་སྲས་དང་རྒྱལ་སྲས་ཞི་བ་ལྷ་ལ་སོགས་ཀྱི་ཕྱག་བཞེས་དབུ་མ་ལུགས་སུ་གྲགས་པ་དང་། དེ་ཟབ་མོ་ལྟ་ལུགས་ཡིན། བྱང་ཆུབ་སེམས་དཔའི་ས་ཆེན་པོའི་མདོ་ལ་སོགས་པའི་རྗེས་སུ་འབྲངས་པ། མགོན་པོ་བྱམས་པ་ནས་བརྒྱུད་དེ་འཕགས་པ་ཐོགས་མེད་སྐུ་མཆེད་དང་སློབ་དཔོན་ཆེན་པོ་ཙནྡྲ་གོ་མི་དང་ཇོ་བོ་ཨ་ཏི་ཤ་སོགས་ཀྱི་ཕྱག་བཞེས་སེམས་ཙམ་ལུགས་སུ་གྲགས་པ་སྟེ་རྒྱ་ཆེན་སྤྱོད་སྲོལ་ཡིན། དེ་ལྟར་གཉིས་ཡོད་པ་ལས་འདི་སྔ་མ་བཞིན་དུ་སྒྲུབ་པར་བགྱིད་པས། དེ་ལ་ཐོག་མར་སྡོམ་པ་ལེན་པའི་ཚུལ། བར་དུ་མི་ཉམས་པ་བསྲུང་བའི་ཚུལ། མཐར་ཉམས་ན་ཕྱིར་བཅོས་པའི་ཚུལ། སྡོམ་པའི་རང་བཞིན་གཏན་ལ་དབབ་པའི་ཚུལ་དང་བཞི་ལས། ས་བཅད་བཞི་བཞག་པའི་ནང་གི་དང་པོ་སྡོམ་པ་ལེན་པའི་ཚུལ་ལ། གང་ལས་བླང་བའི་ཡུལ། གང་གིས་ལེན་པའི་གང་ཟག ཇི་ལྟར་ལེན་པའི་ཆོ་ག་དངོས་བཤད་པའོ། །དང་པོ་གང་ལས་བླང་བའི་ཡུལ་ནི། ཐེག་པ་ཆེན་པོ་ལ་དངོས་གཞི་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གནས་པ། བྱང་previous hit སེམས་ཀྱི་སྡེ་སྣོད་སྤྱི་དང་ཁྱད་པར next hit་བྱང་སྡོམ་འབོག་པ་དང་བསླབ་བྱ་ལ་དྲིལ་མཁས་ཤིང་། ཕར་ཕྱིན་དྲུག་གི་མི་མཐུན་ཕྱོགས་སེར་སྣ་སོགས་དང་བྲལ་བ་སྟེ། སྤྱོད་འཇུག་ལས། རྟག་previous hit པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས next hit་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །ཞེས་གསུངས་སོ། །ལུགས་འདི་ལ་སེམས་བསྐྱེད་གསར་དུ་ལེན་པ་དང་། ཉམས་པ་གསོ་བ་གཉིས་ཀ་སློབ་དཔོན་མ་འབྱོར་ན་རྟེན་གྱི་དྲུང་དུ་བླངས་ནས་ཀྱང་རུང་བར་བཤད་དོ། །གཉིས་པ་གང་གིས་ལེན་པའི་གང་ཟག་ནི། གཟུགས་མེད་ཁམས་པ་དང་འདུ་ཤེས་མེད་པའི་ལྷ་མ་གཏོགས་སེམས་ཅན་བརྡ་ཤེས་ཤིང་སྡོམ་པ་ལེན་འདོད་ཡོད་པ་ཀུན་ལ་སྐྱེ་བར་བཤད་པ་དང་། ཁྱད་previous hit པར་ཤེས་རབ་ཀྱིས་བྱང་སེམས next hit་ཀྱི་སྤྱོད་པ་རླབས་པོ་ཆེ་རྣམས་རྟོགས་ཤིང་། སྙིང་རྗེས་འགྲོ་ཀུན་ཕན་བདེ་ལ་འགོད་འདོད་ཀྱི་བྱམས་སྙིང་རྗེ་ཁྱད་previous hit པར་ཅན་དང་ལྡན་པས་བྱང་སེམས next hit་ཀྱི་བསླབ་པ་ལ་སློབ་པར་འདོད་བཞིན་དགོས་སོ། །གསུམ་པ་ཇི་ལྟར་ལེན་པའི་ཆོ་ག་ལ། སྦྱོར་བ། དངོས་གཞི་། རྗེས་སོ། །སྦྱོར་བ་ལ་བཞི་སྟེ། གདམས་ངག་ཁྱད་པར་ཅན་གྱིས་བློ་བཅོས་པ། ཡུལ་ཁྱད་པར་ཅན་ལ་གསོལ་བ་གདབ་པ། རྟེན་ཁྱད་པར་ཅན་ལ་སྐྱབས་སུ་འགྲོ་བ། ཐབས་ཁྱད་པར་ཅན་གྱིས་ཚོགས་བསགས་པའོ། །དང་པོ་ལའང་སྡུག་བསྔལ་འཁོར་བའི་མཐའ་ལ་སྐྱོ་བ་བསྐྱེད་པ། ཞི་བ་མྱང་འདས་ཀྱི་མཐའ་ལ་ཞེན་པ་དགག་པ། མཐའ་གཉིས་སྤངས་པའི་བྱང་ཆུབ་ཀྱི་སེམས་ལ་སྤྲོ་བ་བསྐྱེད་པ་དང་གསུམ་གྱི་དང་པོ་སྡུག་བསྔལ་འཁོར་བའི་མཐའ་ལ་སྐྱོ་བ་བསྐྱེད་པ་ནི། ཚེ་འདིའི་སྤྱོད་ཡུལ་ལ་ཆགས་པའི་གཉེན་པོར་མི་རྟག་པ་དང་། སྲིད་པའི་བདེ་བ་ལ་ཆགས་པའི་གཉེན་པོར་འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་རྣམས་དྲན་previous hit པར་བྱ་སྟེ། དྲན་པ་ཉེར་བཞག་ལས། སེམས next hit་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་རྣམས་འཚོ་བ་ཐུང་བས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པས་ན་ཚུལ་དེའི་ཕྱིར་བཤེས་སྤྲིངས་ལས། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ལྡོག་ཕྱིར་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱིད་སླད་འབད་འཚལ་ཏེ། །འདི་ལས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་གསུངས་པ་ལྟར་འཁོར་བ་ལས་ངེས་པར་འབྱུང་ཞིང་དམ་ཆོས་སྒྲུབ་པ་ལ་སྤྲོ་ཤུགས་ཆེན་པོས་བློ་འཁུལ་བར་བྱའོ། །གཉིས་པ་ནི་ཞི་བའི་བདེ་བ་ལ་ཆགས་པའི་གཉེན་པོར་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་སྒོམ་པ་སྟེ། འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་འདུག་པས་དེ་སྤངས་ནས་ཕུང་པོ་ལྷག་མེད་ཀྱི་མྱང་འདས་འཐོབ་previous hit པར་བྱ་བ་ཡིན་ནམ་སྙམ་ན་མ་ཡིན་ཏེ། དེས་གཞན་དོན་མི་ནུས་ལ་འཁོར་བའི་སེམས next hit་ཅན་ཐམས་ཅད་ཐོག་མ་མེད་པ་ནས་མར་བྱས་པའི་དྲིན་ཆེན་ཡིན་པས་དེ་རྣམས་ཀྱི་དོན་མི་བྱེད་པར་རང་ཉིད་ཞི་བདེ་སྒྲུབ་པ་ནི་དྲིན་མི་ཤེས་པའི་ཁྲེལ་མེད་པའི་སྤྱོད་པར་འགྱུར་ཏེ། སློབ་སྤྲིངས་ལས། ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོང་དུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུ་སྣང་བཞིན་དུ། །སྐྱེ་ཤིས་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །ཅེས་གསུངས་པས་གཞན་དོན་བོར་ནས་རང་ཉིད་གཅིག་པུར་ཞི་བདེ་དོན་གཉེར་གྱི་བློ་སྤང་བ་ལ་ནན་ཏན་དུ་བྱའོ། །གསུམ་པ་མཐའ་གཉིས་སྤངས་པའི་བྱང་ཆུབ་སེམས་ལ་སྤྲོ་བ་བསྐྱེད་པ་ནི། སངས་རྒྱས་སྒྲུབ་པའི་ཐབས་མི་ཤེས་པའི་གཉེན་པོར་བྱང་ཆུབ་ཀྱི་སེམས་གཉིས་སྒོམ་པ་སྟེ། འོ་ན་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པས་སྤང་དགོས་ཤིང་སྡུག་བསྔལ་སྤངས་པའི་མྱང་འདས་དེ་ཡང་ཐོབ་པར་མི་བྱེད་ན་ཅི་ཞིག་འཐོབ་previous hit པར་བྱ་བ་ཡིན་སྙམ་ན། མགོན་པོ་བྱམས་པས། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བསལ་ནས། །སེམས next hit་ཅན་སྲེད་ཕྱིར་བརྩེ་ལྡན་ཞི་ཐོབ་མིན། །དེ་ལྟར་བློ་རྩེ་བྱང་ཆུབ་ཐོབ་བརྟན་ནས། །འཕགས་པ་འཁོར་བ་མྱ་ངན་འདས་མི་འགྲོ། །ཞེས་གསུངས་པ་ལྟར་ཤེས་རབ་ཆེན་པོས་འཁོར་བའི་མཐའ་ལ་མི་གནས། སྙིང་རྗེ་ཆེན་པོས་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པའི་བྱང་ཆུབ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ལ། དེ་ཐོབ་ན་རང་དོན་སྤངས་རྟོགས་མཐར་ཕྱིན། གཞན་དོན་མཁའ་ཁྱབ་ཀྱི་འཁོར་བ་ཇི་སྲིད་པར་འབད་མེད་ལྷུན་གྲུབ་ཏུ་འབྱུང་བས་དོན་གཉིས་མཐར་ཕྱིན་པ་དེ་ཉིད་ཐོབ་བྱ་ཡིན་ཞིང་། དེ་ཐོབ་བྱེད་ཀྱི་རྒྱུའི་གཙོ་བོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། གསང་བའི་བདག་པོ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྒྱུ་ནི་བྱང་ཆུབ་ཀྱི་སེམས་སོ། །ཞེས་དང་། སྡུད་པ་ལས། དེ་བཞིན་འདིར་ཡང་བྱང་ཆུབ་སེམས་མེད་བདེ་གཤེགས་ཀྱི། །ཡེ་ཤེས་འཇིག་རྟེན་འདི་དག་ཀུན་ཏུ་ག་ལ་འབྱུང་། །ཞེས་གསུངས་པས་previous hit སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་འཐོབ་པར next hit་བྱ་བའི་ཕྱིར་བྱང་ཆུབ་ཏུ་previous hit སེམས་བསྐྱེད་པར next hit་བྱའོ་སྙམ་པའི་སྤྲོ་བ་ཤུགས་དྲག་ཏུ་བསྐྱེད་པ་རྣམས་ནི་ལམ་འདིའི་གཞི་ཡིན་པས་རྒྱས་བསྡུས་ཅི་རིགས་པས་སློབ་མའི་རྒྱུད་ལ་ངེས་པར་འབྱོར་ངེས་སུ་བརྡ་སྤྲད་པར་བྱའོ། །དེ་ལྟར་གསུངས་པས་གོ་བཞིན་ཡོད་པའི་ཚུལ་གྱིས། གཉིས་པ་ནི། ཡུལ་ཁྱད་པར་ཅན་ལ་གསོལ་བ་གདབ་པ་སྟེ། སློབ་དཔོན་ལ་སྟོན་པའི་འདུ་ཤེས་བསྐྱེད་ནས་མཎྜལ་ཕུལ་བའི་འདུན་པ་དང་བཅས་ཏེ། བདག་ཅག་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་བསྩལ་དུ་གསོལ་སྙམ་པའི་འདུན་པ་ཆེན་པོ་དང་ལྡན་པས་འདིའི་རྗེས་ཟློས་མཛོད་ཅིག ད་རྗེས་ཟློས་བྱེད་དགོས་འདུག རྗེས་ཟློས་ལན་གསུམ་བྱེད་དགོས། སློབ་དཔོན་དགོངས་སུ་གསོལ། རིགས་ཀྱི་བུ་བདག་ལ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པུ་ལམ་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་ཏུ་previous hit སེམས་བསྐྱེད་པ་བསྩལ་དུ་གསོལ། དེ་ཡན་ཆད་གསོལ་བ་འདེབས་པ་སོང་ནས། གསུམ་པ་ནི། རྟེན་ཁྱད་པར next hit་ཅན་ལ་སྐྱབས་སུ་འགྲོ་བ་སྟེ། སྐྱབས་འགྲོའི་ཡུལ་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད། ཆོས་ཐེག་པ་ཆེན་པོའི་ལུང་དང་རྟོགས་པ། དགེ་འདུན་བྱང་སེམས་འཕགས་པ་ཕྱིར་མི་ལྡོག་པ་རྣམས་ཡིན། དུས་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར། རྒྱུ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བར་འདོད་པའི་སྙིང་རྗེས་ཀུན་ནས་བསླངས་ཏེ། ངོ་བོ་སེམས་ཅན་རྣམས་སྡུག་བསྔལ་ལས་སྐྱོབ་པ་ལ་སངས་རྒྱས་ཐོབ་དགོས། དེ་ཐོབ་previous hit པར་དཀོན་མཆོག་གསུམ་ལ་རག་ལས་པས་བདག་གིས་སེམས next hit་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པ་དཀོན་མཆོག་གསུམ་པོ་མཁྱེན་སྙམ་པའི་དད་པ་ཆེན་པོ་དང་ལྡན་པའི་སྒོ་ནས་སླར་ཡང་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །དེང་ཕྱིན་ཆད་སངས་རྒྱས་ལ་སྟོན་པ། ཐེག་ཆེན་གྱི་ཆོས་ལ་ལམ། བྱང་previous hit སེམས་འཕགས་པ་རྣམས་ལམ་སྒྲུབ་པའི་གྲོགས་སུ་གཟུང་བར་བགྱིའོ་སྙམ་པ་ལ་བློ་བརྟན་པར next hit་མཛོད། བཞི་བ་ནི། ཐབས་ཁྱད་པར་ཅན་གྱིས་ཚོགས་བསགས་པ་སྟེ། ཚོགས་ཀྱི་ཞིང་མདུན་གྱི་ནམ་མཁར་སེངྒེའི་ཁྲི་སྟན་བཀོད་པ་ཕུན་སུམ་ཚོགས་པའི་སྟེང་དུ་སྟོན་པ་བཅོམ་ལྡན་འདས་ཤཱཀྱའི་དབང་པོ་ལ་འཁོར་ཉེ་བའི་སྲས་བརྒྱད་ལ་སོགས་པས་བསྐོར་བས་གཙོར་བྱས་ཕྱོགས་བཅུ་ཞིང་ཁམས་རབ་འབྱམས་ཀྱི་སངས་རྒྱས་བྱང་previous hit སེམས་ཐམས་ཅད་སྤྲིན་ཕུང་འཐིབས་པ་ལྟར་བཞུགས་པར next hit་བསམས་ནས། དེ་དག་གི་ཞབས་ཀྱི་རྡུལ་ཕྲ་རབ་རེ་རེ་ལ་ཡང་རང་གི་ལུས་ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་དུ་སྤྲུལ། མཁའ་མཉམ་སེམས་ཅན་ཐམས་ཅད་དང་ལྷན་གཅིག་ཏུ་ཕྱག་འཚལ་བར་བསམས་ནས་གནས་ལྔ་ས་ལ་གཏུགས་པའི་ཕྱག་དང་བཅས་པས་འདིའི་རྗེས་ཟློས་མཛོད། འདི་ནས་ཕྱག་འཚལ་དགོས་པས་ཚང་མ་ཡར་བཞེངས་ནས་འདིའི་ཇི་སྙེད་སུ་དག་ལ་སོགས་པ་མཉམ་དུ་བཏོན་ནས་དུས་རྒྱུན་ལྟར་དུ་ཕྱག་འཚལ་བ་དལ་མོར་བྱས་ཏེ་ཕྱག་འཚལ་བའི་ཚིག་དང་སྦྲེལ་ཏེ་ཕྱག་འཚལ་རྒྱུ་བྱེད། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེངྒེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །དེ་ནས་སྔར་ལྟར་རང་གནས་སུ་བདེ་བདེར་བྱས་ཏེ་བཞུགས་མཛོད། ཕྱག་འཚལ་བ་འདི་ནི་ང་རྒྱལ་གྱི་གཉེན་པོ་ཡིན། དེ་ནས་རང་གཞན་ཐམས་ཅད་ཀྱི་ལུས་དང་ལོངས་སྤྱོད་དགེ་རྩ་དང་བཅས་པ་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་སྤྲིན་རྒྱ་མཚོ་ནམ་མཁའི་མཐའ་དང་མཉམ་པ། ངོ་བོ་བཟང་ཞིང་དགེ་བ། དུས་འཁོར་བ་མ་སྟོང་གི་བར་དུ་རྒྱུན་མི་ཆད་པར་འབྱུང་བ་རྣམས་ཀྱིས་ཡང་དག་པར་མོས་ལ། ད་མཆོད་པའི་ཞལ་འདོན་འདི་མཉམ་དུ་གསུངས། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདི་འདོད་ཆགས་ཀྱི་གཉེན་པོ་མཆོད་པའི་ཡན་ལག་ཡིན། དེ་ནས་རང་གཞན་ཐམས་ཅད་ཀྱི་བཅས་པ་དང་རང་བཞིན་གྱི་སྡིག་ལྟུང་སྔར་བྱས་ལ་འགྱོད་པ་དུག་འཐུང་བ་ལྟ་བུ་དང་། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པའི་སྡོམ་སེམས་བརྟན་པོ་དང་ལྡན་པས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པ་དཀོན་མཆོག་རིན་པོ་ཆེ་མཁྱེན་སྙམ་ནས་བཤགས་པས་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་མོས་ནས། སླར་ཡང་མཉམ་དུ་གསུངས། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །བཤགས་པ་འདི་ཞེ་སྡང་གི་གཉེན་པོ་ཡིན། བཤགས་པའི་ཡན་ལག་སོང་ཟིན་པ་ཡིན། འཕགས་པ་དང་སོ་སྐྱེས་བསྡུས་པའི་ཟག་བཅས་དང་ཟག་མེད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་ཤིན་ཏུ་དགའ་ཞིང་ཡི་རང་བའི་བློ་བསྐྱེད་ལ། སླར་ཡང་མཉམ་དུ་གསུངས། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །རྗེས་སུ་ཡི་རང་འདི་ཕྲག་དོག་གི་གཉེན་པོ་ཡིན། དེ་ཡན་གྱིས་རྗེས་སུ་ཡི་རང་གི་ཡན་ལག་སོང་ནས། ད་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་སྟེ། ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ན་བདེ་བར་གཤེགས་པ་གང་དག་གདུལ་བྱའི་དབང་གིས་ཆོས་ཀྱི་འཁོར་ལོ་མི་བསྐོར་བར་བཞུགས་པ་རྣམས་ལ་ཐེག་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དུ་གསོལ་སྙམ་ལ། གསོལ་བ་འདེབས་པ་འདི་བཞིན་ཡང་མཉམ་དུ་གསུངས། གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །འདི་གཏི་མུག་གི་གཉེན་པོ་སྟེ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཡན་ལག་སོང་ཟིན། ད་ཡན་ལག་དྲུག་པ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བདེ་བར་གཤེགས་པ་འགའ་ཞིག་སངས་རྒྱས་ལ་དཀོན་པའི་འདུ་ཤེས་བསྐྱེད་པའི་ཆེད་དུ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པ་རྣམས་ལ་འཁོར་བ་ཇི་སྲིད་པ་དེ་སྲིད་དུ་མྱ་ངན་ལས་མི་འདའ་བའི་བསམ་པ་དང་བཅས་ཏེ་ཞལ་འདོན་ལྷན་དུ་གསུངས། མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་བ་ཞིང་གི་རྡུལ་སྙེད་བཞུགས་པ་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །འདི་ལོག་ལྟའི་གཉེན་པོ་སྟེ། ལོག་ལྟའི་གཉེན་པོ་གསོལ་བ་གདབ་པའི་ཡན་ལག་གི་སྐོར་སོང་ནས། དེ་ལྟར་བསོད་ནམས་ཀྱི་ཚོགས་སུ་གྱུར་བ་དེ་དག་གིས་མཚོན་ཏེ་བདག་གཞན་འཁོར་འདས་ཐམས་ཅད་ཀྱི་དུས་གསུམ་བསགས་ཡོད་ཀྱི་དགེ་བ་ཐམས་ཅད་སེམས་ཅན་གྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བར་བགྱིའོ་སྙམ་པས་ལྷན་དུ་གསུངས། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །འདི་ཐེ་ཚོམ་གྱི་གཉེན་པོ་ཡིན་ཞིང་། དེ་ཡན་གྱིས་བསྔོ་བའི་ཡན་ལག་སོང་ཟིན་ལ། དེ་དག་གིས་སྦྱོར་བའི་ཆོ་ག་རྣམས་གྲུབ་པ་ལགས། གཉིས་པ་དངོས་གཞི་ལ། བློ་སྦྱོང་བ་དང་། དམ་བཅའ་བ་སྟེ་གཉིས་ལས། དང་པོ་བློ་སྦྱོང་བ་ནི། འཁོར་བ་ཐོག་མ་མེད་པ་ནས་ཡང་དང་ཡང་དུ་ཕ་མར་གྱུར་བའི་དྲིན་ཆེན་གྱི་སེམས་ཅན་འདི་དག་འཁོར་བ་ན་སྡུག་བསྔལ་དཔག་ཏུ་མེད་པས་གཟིར་ཏེ་འདུག་པས་འདི་རྣམས་ཀྱི་སྡུག་བསྔལ་མ་ལུས་པ་བསལ་ཞིང་བདེ་བ་བླ་ན་མེད་པ་ལ་འགོད་པའི་ཆེད་དུ་བདག་གིས་ལུས་དང་ལོངས་སྤྱོད་དགེ་རྩ་ཐམས་ཅད་དེ་དག་གི་དོན་ཀུན་འགྲུབ་པའི་རྒྱུར་ཕངས་པ་མེད་པར་བཏང་ཞིང་། དཀའ་སྤྱད་དང་སྡུག་བསྔལ་ཐམས་ཅད་དགའ་ཞིང་སྤྲོ་བས་དང་དུ་བླང་བར་བྱའོ་སྙམ་པས་འདིའི་རྗེས་ཟློས་བྱོས། ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་བ་ཐམས་ཅད་དང་། །previous hit སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ཕངས་པ་མེད་པར next hit་གཏང་བར་བྱ། །ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་previous hit པར་ཡང་། །སེམས next hit་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག །དེ་བཞིན་ནམ་མཁའི་མཐས་གཏུགས་པའི། །སེམས་ཅན་ཁམས་ལ་རྣམ་ཀུན་ཏུ། །ཐམས་ཅད་མྱ་ངན་འདས་བར་དུ། །བདག་ནི་ཉེར་འཚོའི་རྒྱུར་ཡང་ཤོག །དེ་ཡིས་བློ་སྦྱོང་བ་སོང་ཟིན་ནས། གཉིས་པ་དམ་བཅའ་བ་སེམས་བསྐྱེད་པ་ནི། ཆོས་ཐམས་ཅད་དོན་དམ་སྤྲོས་པའི་མཐའ་ལས་འདས་ཀྱང་ཀུན་རྫོབ་བདག་གཞན་བདེ་སྡུག་ལ་སོགས་པ་སྣ་ཚོགས་སུ་སྣང་བ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། སྒྱུ་མར་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་འདྲར་ཤེས་པར་གྱིས། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་བདེན་མེད་ཡིན་ཡང་དེ་ལྟར་མ་ཤེས་previous hit པར་བདེན་འཛིན་ཨ་འཐས་པས་འཁོར་བ་ན་སྡུག་བསྔལ་མི་ཟད་པས་རྟག་ཏུ་མནར་བའི་སེམས next hit་ཅན་འདི་དག་ཐོག་མ་མེད་པ་ནས་ཡང་དང་ཡང་དུ་ཕ་མར་བྱས་ཏེ། ཕན་བདེ་མཐའ་དག་ནི་སྒྲུབ། གནོད་འཚེ་ཐམས་ཅད་ལས་ནི་སྐྱབས། བསམ་རྒྱུ་དང་དྲན་རྒྱུ་རང་རེ་ལས་མེད་པར་ཤེས། རང་རེའི་ཆེད་དུ་ཡང་ལུས་སྲོག་གྲངས་མེད་པར་བཏང་བའི་དྲིན་ཆེན་ཡིན་ཡང་། །བདེ་བ་འདོད་བཞིན་དུ་བདེ་བ་དང་ནི་བྲལ། སྡུག་བསྔལ་མི་འདོད་བཞིན་དུ་སྡུག་བསྔལ་དང་ནི་ལྡན། བདེ་བ་བསྒྲུབས་ཀྱང་སྡུག་བསྔལ་འདོར་བའི་ཐབས་མི་ཤེས་པའི་རྨོངས་པ་འདི་དག་སྡུག་བསྔལ་ཅན་གྱི་འཁོར་བ་ལས་སྒྲོལ་དགོས། དེ་ཡང་ད་ལྟ་བདག་ལ་དེའི་ནུས་པ་མེད་པས་ནུས་པ་དང་ལྡན་པའི་སངས་རྒྱས་དེ་ཉིད་ཐོབ་དགོས་པ་འདུག དེའི་ཕྱིར་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་པའི་སེམས་བསྐྱེད་ནས་འཇུག་པ་བྱང་ཆུབ་ཀྱི་སེམས་བསླབ་བྱ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ལ་ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཡོངས་སུ་བསླབ་པ་བཞིན་དུ་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་ཚོགས་གཉིས་དང་ལྡན། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་སྒྲིབ་གཉིས་དང་བྲལ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་previous hit པར་བྱའོ་སྙམ་དུ་བསམ་ཞིང་། དགོངས་གསོལ་བརྗོད་པ་ནས་བྱང་ཆུབ་སེམས next hit་དཔའ་རྣམས་ཀྱིས་བདག་གི་བསམ་སྦྱོར་ཇི་ལྟ་བ་བཞིན་དུ་མཁྱེན་ངེས་སྙམ་དུ། འདིའི་སྐབས་སུ་ཆེན་པོ་གསུམ་དང་ལྡན་པའི་འདུ་ཤེས་དང་མ་བྲལ་བས་དེ་རིང་གཙོ་བོ་སྨོན་སེམས་ལེན་གྱིན་ཡོད་པས་དེའི་རྗེས་ཟློས་བྱེད་དགོས། ཆེན་པོ་གསུམ་གང་ཡིན་ན། བླ་མ་དཀོན་མཆོག་ལ་དད་པ་ཆེན་པོ། སེམས་ཅན་ལ་སྙིང་རྗེ་ཆེན་པོ། སངས་རྒྱས་ལ་ཐོབ་འདོད་ཀྱི་འདུན་པ་ཆེན་པོ་སྟེ་འདུ་ཤེས་གསུམ་དང་མ་བྲལ་བའི་སེམས་རྩེ་གཅིག་པས་འདིའི་རྗེས་ཟློས་མཛོད་ཅེས་གསུངས་ལ། གོང་ནས་ཀྱང་ཐེངས་མ་གཉིས་ལ་བཤད་ཡོད་ཀྱང་ད་རེས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ཁྱིམ་པ་ཕོ་མོ་ཡིན་པའི་སྟབས་ཀྱིས་ཉམས་པའི་ཉེས་པ་སྤང་བའི་ཕྱིར་དུ་འོག་གི་དམ་བཅའ་བའི་རྗེས་ཟློས་ཀྱི་སྐབས་སུ་བྱང་ཆུབ་འཇུག་པའི་བསླབ་བྱ་ལེན་པའི་ཚིག་གཉིས། བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །ཞེས་པ་ཞིག་ཡོད་པ་དེ་བསྐྱུར་ནས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་ཞེས་མི་ཟེར་བར་བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར་ཞེས་བརྗོད་ནས་དེའི་འོག་གི་ཚིག་མཇུག་ལ་མཆོངས་ཏེ་བདག་ཀྱང་འགྲོ་ལ་ཕན་དོན་དུ་སོགས་ནས་དམ་བཅའ་བའི་ཚིག་སྤྱི་མཚུངས་ཀྱིས་བྱེད་ཆོག འདིའི་རྗེས་ཟློས་ཐེངས་གསུམ་བྱེད་དགོས། འདིའི་སྐབས་སུ་བྱང་ཆུབ་སྨོན་པ་མཆོག་ཏུ་སེམས་བསྐྱེད་བཞིན་ཡོད་པ་དེའི་འདུན་པ་དང་། གོང་ནས་གསུངས་མ་ཐག་པ་ལྟར་ཆེན་པོ་གསུམ་གྱི་འདུ་ཤེས་དང་མ་འབྲལ་བ་ཤིན་ཏུ་གལ་ཆེ་བ་དེ་ལྟར་སྨྲས་པ་ཤེས་previous hit པར་བྱས་ནས་ད་རྗེས་ཟློས་བྱོས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས next hit་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་previous hit སེམས་ནི་བསྐྱེད་བགྱི་ཞིང། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར next hit་བགྱི། །དེས་ཁྱེད་རང་རྣམས་ཀྱི་རྒྱུད་ལ་སྨོན་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེས་པ་ཡིན་པས་ཐོབ་ཤེས་ཀྱི་དགའ་བ་མཛད་འཚལ། གསུམ་པ་མཇུག་གི་ཆོ་ག་ལ། དགའ་བ་སྒོམ་པ་དང་། གཏང་རག་འབུལ་བ་གཉིས་ལས། དང་པོ་ལ། རང་དགའ་བ་སྒོམ་པ་དང་། གཞན་དགའ་བ་བསྐྱེད་པ་གཉིས་ལས། དང་པོ་རང་དགའ་བ་སྒོམ་པ་ནི། བདག་གིས་ཐོག་མ་མེད་པ་ནས་ལུས་དཔག་ཏུ་མེད་པ་ཞིག་བླངས་ཀྱང་བྱང་ཆུབ་ཀྱི་previous hit སེམས་དང་མ་ལྡན་པས་དོན་མེད་པར next hit་ཁོ་ནར་སོང་། ད་རེས་རང་གཞན་ཐམས་ཅད་ཀྱི་ཕན་བདེའི་རྒྱུ་བྱང་ཆུབ་ཀྱི་previous hit སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་པས་དོན་ཆེན་པོ་གྲུབ་སྙམ་དུ་དགའ་བ་བསྒོམ་པར next hit་བྱའོ། །དེ་ཙམ་དགའ་བ་བསྒོམས་པའི་ཕན་ཡོན་ཅི་ཡོད་སྙམ་ན། མཐའ་ཡས་པའི་ཕྱིར་བརྗོད་པར་མི་ནུས་མོད། ཆ་ཤས་ཙམ་བརྗོད་ན་མིང་དོན་འཕོ་བ། སྡིག་པ་སྟོབས་ཆེན་སྦྱོང་བ། ཕན་ཡོན་དཔེས་བསྟན་པ། བསོད་ནམས་རྒྱུན་ཆགས་སུ་འབྱུང་བ། ཕན་ཡོན་མཐའ་ཡས་པ་རྣམས་ལས། དང་པོ་མིང་དོན་འཕོ་བ་ནི། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་ཆུད་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར། །ཞེས་གསུངས་སོ། །གཉིས་པ་ནི། སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡིད་ཀྱིས་སྒྲོལ་གྱུར་པ། དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན། །དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གིས་ནི་ངེས་པར་སྲེག་པར་བྱེད། ཅེས་གསུངས་སོ། །གསུམ་པ། ཕན་ཡོན་དཔེས་བསྟན་པ་ནི། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་previous hit པར་འགྱུར་བ་ཉིད། །བྱང་ཆུབ་སེམས next hit་དཔའི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཞེས་གསུངས་སོ། །བཞི་བ། བསོད་ནམས་རྒྱུན་ཆགས་སུ་འབྱུང་བ་ནི། གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་སྒྲོལ་བའི་ཕྱིར། །ནམ་ཡང་ལྡོག་པ་མེད་སེམས་ཀྱིས། །སེམས་དེ་ཡང་དག་བླངས་གྱུར་པ། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་previous hit པར་རབ་ཏུ་འབྱུང་། །ཞེས་གསུངས་སོ། །ལྔ་བ་ནི་དཔལ་བྱིན་གྱིས་ཞུས་པའི་མདོ་ལས། བྱང་ཆུབ་སེམས next hit་ཀྱི་བསོད་ནམས་གང་། །གལ་ཏེ་འདི་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་བས་ཀྱང་ནི་ལྷག་previous hit པར་འགྱུར། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོར། རྫོགས་པའི་བྱང་ཆུབ་སེམས next hit་དང་ཆོས་འཛིན་དང་། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་བརྩེ་བ། །ཆོས་ཞུ་འདི་དག་ཡོན་ཏན་མཐའ་མེད་དེ། །དེ་དག་མཐའ་ནི་རྒྱལ་བས་མི་གསུང་ངོ་། །ཞེས་སོགས་རྒྱ་ཆེར་གསུངས་ཤིང་། གཞན་ཡང་བྱང་ཆུབ་ཆེན་པོའི་རྒྱུ་འབྲས་ཀྱི་ཕན་ཡོན་དཔག་ཏུ་མེད་པའི་བྱང་ཆུབ་ཀྱི་སེམས་སྐྱེས་པ་དེ་ལ་དགའ་སྤྲོ་དང་ལྡན་པས་སླར་ཡང་འདིའི་རྗེས་ཟློས་མཛོད། ད་མཉམ་དུ་གསུངས་ན་ཆོག དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ལོང་བས་ཕྱག་དར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར། །དེ་བཞིན་ཇི་ཞིག་ལྟར་ལྟས་ནས། །བྱང་ཆུབ་སེམས་ནི་བདག་ལ་སྐྱེས། །དེ་ལན་གཅིག་བརྗོད་ན་ཆོག གཉིས་པ་གཞན་དགའ་བ་བསྐྱེད་པ་ནི། བདག་གིས་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་སྤྱན་སྔར་འགྲོ་བ་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་བདེ་བ་ལ་མགྲོན་དུ་བོས་པ་ཡིན་པས་དགའ་བར་གྱིས་ཤིག་སྙམ་པས་སླར་ཡང་མཉམ་དུ་གསུངས། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་བརྗོད་དོ། །གཉིས་པ་གཏང་རག་འབུལ་བ་ནི། དེ་ལྟར་བྱང་ཆུབ་ཀྱི་སེམས་སྐྱེས་པ་དེ་བླ་མ་དང་དཀོན་མཆོག་གི་བཀའ་དྲིན་ཡིན་པས་བཀའ་དྲིན་རྗེས་སུ་དྲན་པས་བླ་མ་དང་དཀོན་མཆོག་ལ་ཕྱག་དང་མཆོད་པ་རྒྱས་བསྡུས་ཅི་རིགས་པ་དང་བློས་དབུལ་བ་རྣམས་བྱས་ནས། གཏོར་མ་གསུམ་གྱི། དང་པོ་བླ་མ་དཀོན་མཆོག གཉིས་པ་ཆོས་སྐྱོང་སྲུང་མ། གསུམ་པ་གནས་དང་གཞི་ཡི་བདག་པོ་རྣམས་ལ་ཕུལ་ནས་འདོད་པའི་དོན་ལ་གསོལ་བ་གདབ་པར་བྱ་ཞེས་གསུངས་ལ། འདིའི་མཚམས་ནས་གཏོར་མ་འབུལ་རྒྱུ་ལ་ཐུག་སོང་། ཨོཾ་སྭ་བྷཱ་ཝ་ཤུདྡྷོ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿ ཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པར་གྱུར། ཨོཾ་ཨཱཿ ཧཱུྃ༔ ལན་གསུམ། ན་མཿ སརྦ་བུདྡྷ་བོ་དྷི་ས་ཏྭ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཧེ་ཧེ་བྷ་ག་ཝ་ཏེ་མ་ཧཱ་ས་ཏྭ་སརྦ་བུདྡྷ་ཨ་ཝ་ལོ་ཀི་ཏེ། མ་བི་ལཾ་བ། མ་བི་ལཾ་བ། ཨེ་དཾ་བ་ལིཾ་ཏ་གྲྀཧྞ་པ་ཡ་གྲྀཧྞ་པ་ཡ་ཧཱུྃ་ཧཱུྃ་ཛ་ཛ་སརྦ་བི་སཉྩ་རེ་སྭཱ་ཧཱ། ལན་གསུམ། ཨོཾ་ཨཱཿཧཱུྃ། ཨོཾ་གུ་རུ་བཛྲ་ནེེ་ཝི་ཏྱ་ཨཱཿ ཧཱུྃ། ཨོཾ་སརྦ་བུདྡྷ་བོ་དྷི་སཏྭ་བྷྱོ་བཛྲ་ནེེ་ཝི་ཏྱ་ཨཱཿཧཱུྃ། ཨོཾ་ཀ་མ་དེ་ཝ་མཎྜལ་བཛྲ་ནེེ་ཝི་ཏྱ་ཨཱཿཧཱུྃ། ཨོཾ་བཛྲ་མཉྫི་ཤྲཱི་བཛྲ་ནེེ་ཝི་ཏྱ་ཨཱཿཧཱུྃ། དཀོན་མཆོག་གསུམ་པོ་བླ་མ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་རྣམས་ལ་འབུལ་ལོ། །དཀོན་མཆོག་གསུམ་གྱིས་བདག་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་བསྩལ་དུ་གསོལ། ད་གཏོར་མ་གཉིས་པ་སྟེ། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ་མུ་ཁེ་བྷྱ། སརྦ་ཏརྑཾ་ཨུཏྒ་ཏེ་སྥ་ར་ཎ་ཨེ་མཾ་ག་ག་ཎ་ཁཾ་སྭཱ་ཧཱ། ལན་གསུམ། ཨོཾ་ཤྲཱི་དྷརྨ་པཱ་ལ་བཛྲ་ནེེ་ཝི་ཏྱ་ཨཱཿཧཱུྃ། རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་འཁོར་དང་བཅས་པ་རྣམས་ལ་འབུལ་ལོ། །བདག་གིས་བཅོལ་བའི་འཕྲིན་ལས་ཐམས་ཅད་ཐོགས་མེད་དུ་འགྲུབ་པར་མཛད་དུ་གསོལ། གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་། །འདོད་པའི་དངོས་གྲུབ་སྟེར་བ་མཛད་པ་ཡི། །ཆོས་སྐྱོང་ཡིད་བཞིན་ནོར་བུ་ཁྱེད་རྣམས་ཀྱིས། །བདག་གི་བསམ་དོན་མ་ལུས་འགྲུབ་པར་མཛོད། །ད་གཏོར་མ་གསུམ་པ་སྟེ། ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ནཱཾ་ཨཱདྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ། གནས་དང་གཞི་ཡི་བདག་པོ་གཉུག་མར་གནས་པ་རྣམས་ལ་འབུལ་ལོ། །གནས་མགྲོན་གྱི་དམ་ཚིག་སྲུང་པ་དང་འགོ་ཞིང་སྡོང་གྲོགས་གཉེན་པོ་མཛད་དུ་གསོལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །དེ་ཡིས་བླ་མ་དཀོན་མཆོག་ཆོས་སྐྱོང་སྲུང་མ་གནས་གཞིའི་བདག་པོ་ཐམས་ཅད་ལ་གཏང་རག་གི་གཏོར་མ་ཕུལ་ནས་འདོད་པའི་དོན་ལ་གསོལ་བ་བཏབ་པ་ཡིན། རྩ་བའི་ས་བཅད་གཉིས་པ་དེ་གང་ཡིན་ན། བར་དུ་མི་ཉམས་པ་སྲུང་བའི་ཚུལ་ལ། བསླབ་བྱ་ངོས་བཟུང་བ་དང་། དེ་ཉིད་སྲུང་ཚུལ་གྱི་འགག་བསྡུ་བའོ། །སྨོན་འཇུག་སྟབས་གཅིག་ཏུ་ཚང་མ་བཏོན་སོང་ན་དེ་ཡང་ཕན་ཡོན་ཆེན་པོ་ཡོད་པ་ཡིན་པས། དང་པོ་སྨོན་འཇུག་སྤྱིའི་བསླབ་བྱ་དང་། བྱེ་བྲག་སོ་སོའི་བསླབ་བྱའོ། །དང་པོ་སྤྱིའི་བསླབ་བྱ་ལ། བསྒྲུབ་པར་བྱ་བའི་ཆོས་གསུམ་དང་། ཤེས་པར་བྱ་བའི་ཆོས་བཞི་ལས། དང་པོ་བསྒྲུབ་པར་བྱ་བའི་ཆོས་གསུམ་ནི། དགེ་བའི་བཤེས་གཉེན་ལ་བསྟེན་ཅིང་དེ་ལ་འདུན་པ་དང་། དཀོན་མཆོག་གསུམ་གྱི་གདུང་རྒྱུན་མི་གཅོད་པ་དང་། སེམས་ཅན་བློས་མི་འདོར་པའོ། །དེར་མ་ཟད་བྱང་ཆུབ་དུ་སེམས་བསྐྱེད་ནས་དེ་མི་ཉམས་པ་སྲུང་བ་དང་། བྱང་ཆུབ་previous hit སེམས་དཔའི་སྡེ་སྣོད་ཀློག་པ་དང་། རྒྱུན་དུ་བག་ཡོད་བསྟེན་པའོ། །གཉིས་པ་ཤེས་པར next hit་བྱ་བའི་ཆོས་བཞི་ནི། ལྟུང་བ་དང་། ལྟུང་བ་མེད་པ་དང་། ལྟུང་བའི་གཟུགས་བརྙན་དང་། ལྟུང་མེད་ཀྱི་གཟུགས་བརྙན་རྣམས་ལེགས་previous hit པར་ཤེས་པ་བྱའོ། །མདོར་ན་བྱང་ཆུབ་སེམས next hit་དཔའི་བསྒྲུབ་པའི་བསླབ་བྱ་བསམ་གྱིས་མི་ཁྱབ་ཀྱང་བསྡུ་ན་གསུམ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་previous hit པར་བྱ་བ་དང་། སེམས next hit་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའོ། །གཉིས་པ་བྱེ་བྲག་གི་བསླབ་བྱ་ལ་སྨོན་པ་དང་འཇུག་པའི་བསླབ་བྱ་གཉིས་ལས། དང་པོ་སྨོན་པའི་བསླབ་བྱ་ནི། སྐྱེས་བུ་དམ་པའི་སྨོན་པ་གསུམ་དང་། སྤང་བྱ་ནག་པོའི་ཆོས་བཞི་དང་། བསྒྲུབ་བྱ་དཀར་པོའི་ཆོས་བཞི་ལ་བསླབ་པའོ། །དང་པོ་སྐྱེས་བུ་དམ་པའི་སྨོན་པ་གསུམ་ནི། previous hit སེམས་ཅན་གྱི་དོན་དུ་རྫོགས་བྱང་འཐོབ་པར next hit་བྱའོ་སྙམ་པ་འབྲས་བུ་ལ་སྨོན་པ་དང་། ས་དང་ལམ་ཐམས་ཅད་བསླབ་previous hit པར་བྱའོ་སྙམ་པ་ཐབས་ལ་སྨོན་པ། སེམས next hit་ཅན་ཐམས་ཅད་ཀྱི་རེ་བ་བསྐོང་བར་བྱའོ་སྙམ་པ་འཕྲིན་ལས་ལ་སྨོན་པའོ། །གཉིས་པ་སྤང་བྱ་ནག་པོའི་ཆོས་བཞི་ནི། བླ་མ་དང་སྦྱིན་གནས་བསླུ་བ་དང་། ཐེག་པ་ཆེན་པོའི་གང་ཟག་ལ་མི་བསྔགས་པ་བརྗོད་པ་དང་། སེམས་ཅན་ལ་གཡོ་སྒྱུ་བྱེད་པ་དང་། འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་སྟེ་ནག་པོའི་ཆོས་བཞི་བོ་དེ་སྤང་བ་ལ་ནན་ཏན་དུ་བྱའོ། །གསུམ་པ་བསྒྲུབ་བྱ་དཀར་བོའི་ཆོས་བཞི་ལ་བསླབ་པ་ནི། སྲོག་གི་ཕྱིར་ཡང་ཤེས་བཞིན་དུ་རྫུན་མི་སྨྲ་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་དེ་དག་གི་ཡོན་ཏན་གྱི་བསྔགས་པ་བརྗོད་པ་དང་། གཡོ་སྒྱུ་སྤངས་ཏེ་ལྷག་པའི་བསམ་པས་གནས་པ་དང་། གདུལ་བར་བྱ་བའི་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོའི་དགེ་བ་ལ་འགོད་པ་སྟེ། དེ་ལྟར་དཀར་པོའི་ཆོས་བཞི་བོ་དེ་ལ་བསླབས་པས་ནི་ནག་པོའི་ཆོས་བཞི་བོ་དེ་ཡང་ཤུགས་ལ་ཁེགས་པ་ཡིན་ནོ། །གཉིས་པ་འཇུག་པའི་བསླབ་བྱ་ལ། སྤང་བྱ་དང་། བསྒྲུབ་བྱ་གཉིས། དང་པོ་ལ་རྩ་བའི་ལྟུང་བ་དང་། ཡན་ལག་གི་ལྟུང་བའོ། །དང་པོ་ལ། བྱང་སེམས་རྒྱལ་པོ་ལ་འབྱུང་ཉེ་བ་ལྔ་དང་། བློན་པོ་ལ་འབྱུང་ཉེ་བ་ལྔ། ལས་དང་པོ་པ་ལ་འབྱུང་ཉེ་བ་བརྒྱད། ཐུན་མོང་དུ་སྨོན་སེམས་ལྟུང་བའོ། །ལྟུང་བ་དེ་དག་འབྱུང་བའི་རྟེན་བྱང་སེམས་ཀྱི་སྡོམ་ལྡན་སྨྱོ་བ་དང་སེམས་འཁྲུགས་པ་དང་ཚོར་བས་གཟིིར་བ་སོགས་མ་ཡིན་པ་ཞིག་དགོས་ཏེ། སྨྱོ་བ་སོགས་ཀྱི་རྟེན་ལ་རྩ་ལྟུང་གང་ཡང་མི་འབྱུང་ཞིང་། འདི་དག་ལ་ཀུན་སློང་ཉོན་མོངས་མི་དགོས་ཏེ། བྱ་བ་འོས་པ་དང་མི་འོས་པ་དག་གི་འཇུག་ལྡོག་ལོག་པ་ལས་ལྟུང་བ་འགྱུར་བའི་ཕྱིར་རོ། །དེ་ལས་དང་པོ་རྒྱལ་པོ་ལ་འབྱུང་ཉེ་བ་ལྔ་ནི། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པའམ་རྐུ་བ་དང་། དམ་པའི་ཆོས་སྤོང་བའམ་སྤོང་དུ་འཇུག་པ། དགེ་སློང་རབ་ཏུ་བྱུང་བ་ལ་ཡོ་བྱད་འཕྲོག་པ་སོགས་ཀྱི་སྒོ་ནས་གནོད་པར་བྱེད་པ་དང་། མཚམས་མེད་པའི་ལས་ལྔ་བོ་དག་ལས་གང་ཡང་རུང་བ་བྱས་པ། ལོག་ལྟས་རང་མི་དགེ་བ་བཅུ་ལ་སྤྱོད་ཅིང་གཞན་ཡང་དེ་ལ་འགོད་པ་དང་ལྔ་ཡིན་ཏེ། ནམ་མཁའི་སྙིང་པོའི་མདོར་གསུངས་པའི་དོན་བསླབ་བཏུས་ལས། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ། །ཕས་ཕམ་པ་ཡི་ལྟུང་བར་འདོད། །དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པར་རྒྱལ་བས་གསུངས་པ་ཡིན། །ཚུལ་ཁྲིམས་འཆལ་བའི་དགེ་སློང་ལའང་། །ངུར་སྨྲིག་འཕྲོག་དང་རྡེག་པ་དང་། །བཙོན་རར་གཞུག་པར་བྱེད་པ་དང་། །རབ་ཏུ་བྱུང་ལས་འབེབས་པ་དང་། །སྲོག་འབྲལ་བྱེད་པ་གསུམ་པ་ཡིན། །མཚམས་མེད་ལྔ་པོ་བྱེད་པ་དང་། །ལོག་པར་ལྟ་བ་འཛིན་པ་དང་། །ཞེས་གསུངས་ཤིང་། དགེ་འདུན་ལས་འཕྲོག་པ་ནི་རྩ་ལྟུང་དང་པོར་འདུས་པས་གསུམ་པར་དགེ་སློང་ཞེས་བཀར་ཏེ་གསུངས་པའོ། །བློན་པོ་ལ་འབྱུང་ཉེ་བའི་ལྟུང་བ་ལྔ་ནི། སྔ་མ་བཞི་ཐུན་མོང་བ་དང། ལོག་ལྟ་འཛིན་པའི་ཚབ་ལ་གྲོང་ངམ་གྲོང་ཁྱེར་སོགས་འཇོམས་པར་བྱེད་པ་རྣམས་སྔར་ལྟར་གཅིག་ཏུ་བགྲང་བས་ལྔ་ཡིན་ཏེ། གྲོང་ལ་སོགས་པ་འཇིག་པ་ཡང་། །རྩ་བའི་ལྟུང་བ་རྒྱལ་བས་གསུངས། །ཞེས་སོ། །ལས་དང་པོ་པ་ལ་འབྱུང་བར་ཉེ་བ་བརྒྱད་ནི། དང་པོ་རིམ་གྱིས་ཐེག་ཆེན་ལ་བློ་མ་སྦྱངས་པ་ལ་སྟོང་བ་ཉིད་བསྟན་པས་སྐྲག་ནས་དེའི་བྱང་previous hit སེམས་ཉམས་པར next hit་བྱེད་པ་དང་། གཉིས་པ་རྫོགས་བྱང་སྒྲུབ་པའི་བསམ་སྦྱོར་ལ་ཞུགས་པ་ལས་ཕྱིར་ལྡོག་པར་བྱེད་པ་དང་། གསུམ་པ་ཉན་ཐོས་ཀྱི་རིགས་ཅན་སོ་སོར་ཐར་བ་ལ་སློབ་པ་དག་ལ་དགོས་པ་ཁྱད་པར་ཅན་མེད་པར་དེ་སྤངས་ནས་ཐེག་ཆེན་ལ་སྦྱོར་བ་དང་། བཞི་བ་ཉན་ཐོས་ཀྱི་ཐེག་པས་ཉོན་མོངས་སྤོང་མི་ནུས་པར་རང་ཉིད་འཛིན་ཅིང་གཞན་ཡང་འཛིན་དུ་བཅུག་ནས་དེའི་བཤད་ཉན་འགོག་པ་དང་། ལྔ་བ་རྙེད་བཀུར་གྱི་ཕྱིར་རྙེད་བཀུར་ཅན་གཞན་ལ་ཕྲག་དོག་གིས་བདག་ལ་བསྟོད་ཅིང་གཞན་ལ་སྨོད་པ་དང་། དྲུག་པ་སྟོང་ཉིད་མ་རྟོགས་ཀྱང་རྟོགས་སོ་ཞེས་མི་ཆོས་བླ་མའི་རྫུན་སྨྲས་པ་དང་། བདུན་པ་དགེ་སྦྱོང་དང་རྒྱལ་རིགས་ཕྱེས་ནས་དགེ་སྦྱོང་ལ་ནོར་གྱི་ཆད་པ་གཅོད་དུ་འཇུག་པ་དང་འབྲེལ་བའི་ལྟུང་བ་དང་། བརྒྱད་པ་ཆོས་ལྡན་གྱིས་དགེ་སྦྱོང་ལ་གནོད་པའི་ཁྲིམས་ངན་བཅས་ཏེ་ཞི་གནས་ཀྱིས་མཚོན་པའི་རྣལ་འབྱོར་འདོར་བ་བྱེད་པ་དང་། དགེ་སློང་ཡང་དག་འཇོག་གི་ནོར་འཕྲོག་ནས་ཁ་ཏོན་པ་ལ་སྟེར་བ་རྣམས་ཏེ། བློ་སྦྱོང་མ་བྱས་སེམས་ཅན་ལ་། །སྟོང་བ་ཉིད་ནི་བརྗོད་པ་དང་། །ཞེས་པ་ནས། དེ་དག་རྩ་བའི་ལྟུང་བ་སྟེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །ཞེས་པའི་བར་ཤོ་ལོ་ཀ་ལྔ་དང་རྐང་པ་གཉིས་ཀྱིས་བསྟན་པ་རྣམས་སོ། །དེ་ལྟར་ན་རྟེན་གྱི་སྒོ་ནས་བཅོ་བརྒྱད་དུ་གསུངས་ཀྱང་རྫས་ཀྱི་སྒོ་ནས་བཅུ་བཞིར་ངེས་པའོ། །ཐུན་མོང་དུ་སྨོན་སེམས་བཏང་བ་ནི། རང་དོན་དུ་ཞི་བདེ་དོན་གཉེར་གྱི་བློ་སྐྱེས་ན་ལྟུང་བའི་ནང་ནས་ལྕི་ཤོས་ཡིན་ཏེ། སྡུད་པ་ལས། གལ་ཏེ་བསྐལ་བ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་ཉིད་ལ་འདོད་བསྐྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་བས་ཀྱང་ཤིན་ཏུ་ལྕི། །ཞེས་གསུངས་པས་བཅུ་དགུ་དང་། དེའི་སྟེང་དུ་དཀོན་བརྩེགས་ལས་འཇུག་སེམས་སྤངས་ཏེ་དགེ་ལ་མི་སྦྱོར་བ་དང་ཉི་ཤུ་ཡིན་ནོ་ཞེས་ཀྱང་འབྱུང་ངོ། །གཉིས་པ་ཡན་ལག་གི་ལྟུང་བ་ནི། རྩ་བར་མ་གཏོགས་པའི་ལུས་དང་ངག་དང་ཡིད་ཀྱི་བསླབ་བྱ་ལས་ཉམས་པ་རྣམས་ཏེ། དང་པོ་ལུས་ཀྱི་བསླབ་བྱ་ལས་ཉམས་པ་ནི། མིག་ཕབ་སྟེ་ལྟ་བར་བྱ་བ་སོགས་བསྒྲུབ་བྱ་དང་། དོན་མེད་རྒྱུག་མཆོང་སོགས་དགག་བྱ་ལས་ཉམས་པའོ། །གཉིས་པ་ངག་གི་བསླབ་བྱ་ལས་ཉམས་པ་ནི། ལེགས་པར་འོངས་སོ་ཞེས་བྱ་བ་སོགས་བསྒྲུབ་བྱ་དང་། བྲེ་མོའི་གཏམ་སྨྲ་བ་སོགས་དགག་བྱ་ལས་ཉམས་པའོ། །གསུམ་པ་ཡིད་ཀྱི་བསླབ་བྱ་ལས་ཉམས་པ་ནི། བྱམས་སྙིང་རྗེ་དང་དྲན་ཤེས་བག་ཡོད་བསྟེན་པ་སོགས་བསྒྲུབ་བྱ་དང་། ཆགས་སྡང་མི་སྤང་བ་སོགས་དགག་བྱ་ལས་ཉམས་པ་སྟེ་དབང་པོ་འབྲིང་རྟུལ་གྱི་ཡན་ལག་གི་ཉེས་པ་རྣམས་ཀྱང་དེ་དག་ཏུ་འདུ་བར་བཤད་དོ། །དེ་ཡང་རྩ་ལྟུང་རྣམས་ལ་ཀུན་སློང་ཉོན་མོངས་དྲག་ཞན་སོགས་ཀྱི་དབྱེ་བ་མེད་ཀྱང་རྩ་ལྟུང་དེ་དག་བྱས་ནས་ཐུན་ཚོད་ལས་འདས་ན་འཇུག་པ་སེམས་བསྐྱེད་ཀྱི་སྡོམ་པ་ནི་ལྟུང་ལ། སྨོན་པ་སེམས་བསྐྱེད་ཀྱི་སྡོམ་པ་ནི་ཇི་སྲིད་རྫོགས་བྱང་ལས་བློ་མ་ལོག་པ་དེ་སྲིད་དུ་མི་གཏོང་ངོ་། །དེས་ན་སྨོན་སེམས་བཏང་བ་རྩ་ལྟུང་དང་སྡོམ་པའི་གཏོང་རྒྱུ་གཉིས་ཀར་འདོད་པ་དབུ་མ་པའི་ལུགས་སོ། །རྩ་ལྟུང་བྱུང་ཡང་ཐུན་ཚོད་ལས་མ་འདས་གོང་དུ་འགྱོད་པ་སྐྱེས་ན་སྡོམ་པ་མི་གཏོང་ལ། ཐུན་ཚོད་ནི་ཉིན་ཞག་གཅིག་གི་དྲུག་ཆའི་མཐའོ། །ཉེས་བྱས་ནི་ཉིན་ཞག་གཅིག་འདས་ན་ལྟུང་བར་འགྱུར་རོ། །གཉིས་པ་བསྒྲུབ་པའི་བསླབ་བྱ་ནི། ཇི་སྐད་བཤད་པའི་ལྟུང་བ་རྣམས་སྤོང་བའི་སེམས་པ་ས་བོན་དང་བཅས་པ་ནི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་དགེ་ཚོགས་སྒྲུབ་པ་ལ་བསླབ་པ་ནི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། སེམས་ཅན་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་སྒྲུབ་previous hit པར་འདོད་པའི་སེམས next hit་པ་ས་བོན་དང་བཅས་པ་ནི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཏེ་ཚུལ་ཁྲིམས་གསུམ་པོ་དེ་ལ་ནན་ཏན་དུ་བསླབ་previous hit པར་བྱ་སྟེ། ཡུམ་བར་མ་ལས། གང་ཁ་ན་མ་ཐོ་བ་སྡོམ་པའི་སེམས next hit་དང་། དགེ་བའི་ཆོས་སྡུད་པའི་སེམས་དང་། སེམས་ཅན་སྨིན་previous hit པར་བྱེད་པའི་སེམས next hit་ཏེ། སེམས་བསྐྱེད་པ་འདི་གསུམ་ལ་ནན་ཏན་དུ་བྱའོ། །ཞེས་དང་། བྱང་ས་ལས། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་ནི་གསུམ་པོ་འདི་དག་ཙམ་ཁོ་ནར་ཟད་དེ། ཞེས་བྱང་སེམས་ཀྱི་བསླབ་བྱ་ཐམས་ཅད་དེ་གསུམ་དུ་འདུས་པས། དེའི་སྤང་བྱ་རྣམས་སྤོང་ཞིང་། བསྒྲུབ་བྱ་རྣམས་ལ་རྩེ་གཅིག་ཏུ་བསླབ་པར་བྱའོ། །གཉིས་པ་དེ་ཉིད་བསྲུང་བ་ལ། ཉེས་དམིགས་བསམ་པ་དང་། བསྲུང་ཚུལ་དངོས་སོ། །དང་པོ་ལ་ཁས་བླངས་ཉམས་པ། མིང་དོན་ཤོར་བ། ངན་སོང་དུ་ལྟུང་བའོ། །དང་པོ་ནི། སྟོན་པ་སངས་རྒྱས་བསླུས་པས་སངས་རྒྱས་མི་མཉེས། ཡུལ་སེམས་ཅན་བསླུས་པས་སེམས་ཅན་མི་མགུ། །རང་ཆེད་དུ་བསླུས་པས་རང་དོན་ཉམས་ཤིང་ལྷ་དང་བཅས་པའི་འཇིག་རྟེན་གྱིས་སྨད་པ་སྟེ། བློ་གྲོས་རྒྱ་མཚོའི་མདོར། བྱང་ཆུབ་སེམས་དཔའ་དེ་ལྟར་སེམས་བསྐྱེད་ནས་ཇི་སྐད་སྨྲས་པ་བཞིན་མི་བྱེད་ན་ལྷ་དང་བཅས་པའི་འཇིག་རྟེན་བསླུས་པ་ཡིན་ནོ། །ཞེས་སོགས་གསུངས་པ་དང་། གཉིས་པ་ནི། རྒྱལ་པོ་རྒྱལ་སྲིད་ཤོར་བ་ལྟར་ཚེ་འདིར་བཀྲ་མི་ཤིས་པ་སྣ་ཚོགས་འབྱུང་ཞིང་། འཆི་ཁར་མྱ་ངན་གྱིས་གདུང་བར་མདོ་ལས་གསུངས་སོ། །གསུམ་པ་ནི། ཕྱི་མར་ངན་སོང་དུ་འགྲོ་ཞིང་དེ་ལས་ཀྱང་ཐར་བར་དཀའ་བ་དང་། རྩ་ལྟུང་གི་ཉེས་པས་ནི་སྔོན་དུ་བསྐྱེད་པའི་བྱང་སེམས་ཀྱི་དགེ་རྩ་ཐམས་ཅད་འཇིག་པ་དང་། དཀོན་མཆོག་ལྷ་དང་བཅས་པ་བསླུས་པས་སྤྱིར་ངན་འགྲོ་དང་། ཁྱད་previous hit པར་དམྱལ་བར་སྐྱེ་བར་གསུངས་ཏེ། སེམས next hit་ཅན་དམྱལ་བ་ཆེན་པོའི་རྒྱུ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། དེ་ལྟ་བུའི་ཉེས་དམིགས་ཅན་གྱི་ལྟུང་བ་དེ་འབྱུང་བའི་རྒྱུ་ནི། མི་ཤེས་པ་དང་། བག་མེད་པ་དང་། ཉོན་མོངས་པ་མང་བ་དང་། མ་གུས་པའོ། །དེ་ལ་མི་ཤེས་པ་ནི་བསླབ་པ་ལ་འབད་ཀྱང་ལྟུང་བའི་མཚན་ཉིད་མི་ཤེས་པས་ལྟུང་བ་འབྱུང་བ་སྟེ། དེའི་གཉེན་པོ་བསླབ་བྱ་རྣམས་ཉན་ནས་ཤེས་པར་བྱའོ། །བག་མེད་པ་ནི་ལྟུང་བ་ཤེས་ཀྱང་ཉེས་དམིགས་མ་མཐོང་བའམ། མཐོང་ཡང་དྲན་ཤེས་མེད་པས་ལྟུང་བ་འབྱུང་བ་སྟེ། དེའི་གཉེན་པོར་བླང་དོར་གྱི་དམིགས་རྣམ་མ་བརྗེད་པའི་དྲན་པ་དང་། སྒོ་གསུམ་ལ་སོ་སོར་བརྟག་ཅིང་ལེགས་ཉེས་གང་འཇུག་ལྡོག་ཤེས་པར་བྱེད་པའི་ཤེས་བཞིན་དང་། བདག་གམ་ཆོས་ཀྱི་དབང་དུ་བཏང་ནས་ཉེས་པ་ལ་འཛེམ་པའི་ངོ་ཚ་ཤེས་པ་དང་། གཞན་གྱིས་སྨད་དུ་འོང་སྙམ་ནས་འཛེམ་པའི་ཁྲེལ་ཡོད་དང་། ཉེས་སྤྱོད་ཀྱི་རྣམ་སྨིན་ལ་འཇིགས་ནས་བག་ཡོད་ལ་བསླབ་པར་བྱའོ། །ཉོན་མོངས་པ་མང་བ་ནི་འཛེམ་བག་ཅུང་ཟད་སྐྱེས་ཀྱང་དུག་གསུམ་ཤས་ཆེ་བས་ཉོན་མོངས་པ་ལས་ལྟུང་བ་འབྱུང་བ་སྟེ། དེའི་གཉེན་པོ་རང་རྒྱུད་ལ་བརྟགས་ཏེ་ཉོན་མོངས་གང་ཤས་ཆེ་བ་ལ་གཉེན་པོ་འབད་ནས་བརྟེན་ཅིང་འདི་ཙམ་འགལ་ཡང་ཉེས་པ་ཆུང་ངོ་སྙམ་པའི་བག་ཡངས་ཀྱི་ཚོད་ཡོད་མི་བྱའོ། །མ་གུས་པ་ནི། ལྟུང་བ་ཤེས་ཀྱང་དམན་པ་ལ་མོས་ནས་བསླབ་པ་ལ་མི་འཇུག་པས་ལྟུང་བ་འབྱུང་བ་སྟེ། དེའི་གཉེན་པོར་སྟོན་པ་དང་། དེའི་བཅས་པ་རྣམས་ལ་གུས་པར་བྱའོ། །དེ་ཡང་མི་ཤེས་པ་དང་། བག་མེད་པས་ལྟུང་བ་ཆུང་ངུ་། ཉོན་མོངས་པ་མང་བ་ལ་འབྲིང་། མ་གུས་པ་ལ་ཆེན་པོ་འབྱུང་ཞིང་། ཞིང་བསམ་གྱི་ཁྱད་པར་གྱིས་ཅི་རིགས་པར་འགྱུར་བའང་ཡོད་དོ། །དེས་ན་བླང་དོར་གྱི་གནས་རྣམས་ལ་སྲོག་བསྡོས་བྱས་ནས་བསླབ་པ་ལ་ནན་ཏན་དུ་བྱ་སྟེ། ཏིང་འཛིན་རྒྱལ་པོ་ལས། ཁྱིམ་པ་སྐྱ་བོའི་གོས་གྱོན་ལ། །ངས་ནི་བསླབ་པ་གང་བཤད་པ། །དེ་ཚེ་དགེ་སློང་དེ་དག་ལ། །བསླབ་པ་དེ་ཡང་མེད་པར་འགྱུར། །ཞེས་དགེ་བསྙེན་ལ་གསུངས་པའི་བསླབ་གཞི་ལྔ་བོ་དགེ་སློང་གིས་ཀྱང་བསྲུང་བ་མེད་པའི་དུས་འདིར་བསླབ་པ་ལ་བརྩོན་པ་ནི་འབྲས་བུ་ལྷག་པར་ཡང་ཆེ་བ་སྟེ། དེ་ཉིད་ལས། གང་གིས་དམ་ཆོས་རབ་ཏུ་འཇིག་པ་དང་། །བདེ་གཤེགས་བསྟན་པ་འགག་པར་འགྱུར་བའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་པ། །བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས། །ཞེས་གསུངས་སོ། །གསུམ་པ་ཉམས་པ་ཕྱིར་བཅོས་པ་ལ། ཉེས་པ་བཤགས་པའི་ཚུལ་དང་། སྡོམ་པ་བཏང་ནས་སླར་བླང་བའི་ཚུལ་ལོ། །དང་པོ་ལ་ཐེག་ཆེན་སྤྱིའི་ལུགས་དང་། དབུ་མ་རང་ལུགས་ཀྱི་བཤགས་པའོ། །དང་པོ་ནི། བཤགས་བྱའི་ཡུལ་ལྟུང་བས་མ་གོས་པའི་བྱང་སེམས་སམ། རྟེན་གྱི་དྲུང་དུ་སྔར་བྱས་ཀྱི་ཉེས་པ་ལ་འགྱོད་སེམས་དང་། ཕྱིན་ཆད་མི་བྱ་བའི་སྡོམ་སེམས་དང་ལྡན་པའི་སྒོ་ནས་བཏུད་དེ། དགོངས་གསོལ་བྱས་ནས། བདག་བྱང་ཆུབ་སེམས་དཔའ་འདི་ཞེས་བགྱི་བ་ལ་ཉེས་པ་འདི་ལྟ་བུ་ཞིག་བྱུང་སྟེ། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བའི་ཉེས་པ་དེ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་previous hit སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་མཐོལ་ཞིང་བཤགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར next hit་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་དེ་ལྟར་མི་འགྱུར་རོ། །ཞེས་ལན་གསུམ་དང་ཐབས་ལེགས་བྱའོ། །གཉིས་པ་ནི། ངན་སོང་དུ་ལྟུང་བས་འཇིགས་ཏེ་འགྱོད་པ་ཆེན་པོས་འཕགས་པ་ནམ་མཁའི་སྙིང་པོ་མཐོང་བར་ནུས་ན་དེ་ལ་དངོས་སུ་བཤགས་པ་དང་། དེ་ལྟར་མི་ནུས་ན་ཐོ་རངས་ལངས་ལ་གཙང་སྦྲ་དང་ལྡན་པས་ཤར་དུ་ཕྱོགས་ཏེ་མཆོད་ཅིང་ལྷའི་བུ་སྐྱ་རེངས་ལ་ཕྲིན་གསོལ་ནས། རྨི་ལམ་དུ་དེའི་མདུན་དུ་ལྟུང་བ་བཤགས་པ་དང་། ཕྱག་བྱ་བ་དང་། གཟུངས་སྔགས་བཟླ་བ་སོགས་ཀྱི་སྒོ་ནས་འཕགས་པ་དེ་མངོན་སུམ་དུ་མཐོང་བའམ། སྡིག་པ་དག་པའི་རྟགས་མ་བྱུང་གི་བར་དུ་བཤགས་པར་བྱ་སྟེ། བསླབ་བཏུས་སུ། རྨི་ལམ་འཕགས་པ་ནམ་སྙིང་པོའི། །མདུན་དུ་འདུག་སྟེ་བཤགས་པར་བྱ། །ཞེས་དང་། སྤྱོད་འཇུག་ལས། ཉིན་དང་མཚན་མོ་ལན་གསུམ་དུ། །ཕུང་པོ་གསུམ་པ་གདོན་བྱ་ཞིང་། །རྒྱལ་དང་བྱང་ཆུབ་སེམས་བརྟེན་ནས། །ལྟུང་བའི་ལྷག་མ་དེས་ཞི་བྱ། །ཞེས་དང་། ཆོས་བཞི་བསྟན་པའི་མདོ་ལས་ཀྱང་། བྱང་ཆུབ་previous hit སེམས་དཔའི་ལྟུང་བ་ཐམས་ཅད་སྟོབས་བཞིས་འདག་པར next hit་གསུངས་པས་སྐུ་གཟུགས་ལ་སོགས་པའི་སྤྱན་སྔར་ཅི་འབྱོར་བའི་མཆོད་པ་དང་བཅས་པས་སམ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བ་ནི་རྟེན་གྱི་སྟོབས་དང་། སྔར་བྱས་ཀྱི་ཉེས་པ་ལ་དུག་འཐུང་བ་ལྟ་བུའི་འགྱོད་པ་དྲག་པོ་སྐྱེས་པ་ནི་རྣམ་པར་སུན་འབྱིན་པའི་སྟོབས་དང་། ལྟུང་བའི་གཉེན་པོར་སྐུ་གཟུགས་བཞེངས་པ་དང་ཕྱག་མཆོད་བསྐོར་བ་བཟླས་བརྗོད་དང་ཏིང་ངེ་འཛིན་དང་སྟོང་ཉིད་སྒོམ་པ་སོགས་དགེ་བ་ལ་བརྩོན་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་དང་། ཕྱིན་ཆད་སྲོག་ལ་བབ་ཀྱངསྡིག་པའི་ལས་འདི་དག་མི་བྱའོ་སྙམ་དུ་དམ་བཅའ་བརྟན་པར་བྱེད་པ་ཉེས་པ་ལས་ལྡོག་པའི་སྟོབས་ཏེ་བཞི་ཡིན་ནོ། །གཉིས་པ་སྡོམ་པ་བཏང་ནས་བླང་བའི་ཚུལ་ནི། རྩ་ལྟུང་བྱུང་ནས་ཐུན་ཚོད་ལས་འདས་ན་སྡོམ་པ་བཏང་བས་ལེན་དགོས་ལ། ལེན་ཡུལ་དགེ་བའི་བཤེས་གཉེན་མ་རྙེད་ན་རྟེན་གྱི་དྲུང་དུ་སྔར་བཞིན་བླངས་པས་སྐྱེ་བ་ཡིན་ནོ། །མདོར་ན་དབུ་མ་ལུགས་ཀྱི་བསླབ་བྱ་ནི། རང་གི་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་previous hit སེམས་ཅན་ཀུན་ལ་གཏང་བ་དང་། དེ་དག་མི་ཉམས་པར next hit་བསྲུང་བ་དང་། དྲི་མ་དག་པར་བྱ་བ་དང་། གོང་ནས་གོང་དུ་སྤེལ་བར་བྱ་བ་རྣམས་ཡིན་ཏེ། བསླབ་བཏུས་ལས། གང་གིས་ལྟུང་བར་མི་འགྱུར་བའི། །གནད་ཀྱི་གནད་རྣམས་འདི་རིགས་བྱ། །གནད་ཀྱི་གནད་དེ་གང་ཞེ་ན། །བདག་གི་ལུས་དང་ལོངས་སྤྱོད་དང་། །དགེ་བ་དུས་གསུམ་སྐྱེས་པ་རྣམས། །སེམས་ཅན་རྣམས་ལ་གཏང་བ་དང་། །དེ་བསྲུང་དགེ་བ་སྤེལ་བའོ། །ཞེས་དང་། དེ་ཐམས་ཅད་ཀྱི་རྩ་བ་ཡང་སེམས་བསྲུང་བ་ལ་ཐུག་སྟེ། སྤྱོད་འཇུག་ལས། བསླབ་previous hit པར་བསྲུང་བར་འདོད་པ་ཡིས། །རབ་ཏུ་བསྒྲིམས་ནས་སེམས next hit་བསྲུང་སྟེ། །ཞེས་གསུངས་ཤིང་། སེམས་བསྲུང་བའི་ཐབས་ཀྱང་དེ་ཉིད་ལས། སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས། །དེ་ལྟར་བདག་ནི་ཐལ་མོ་སྦྱོར། །ཞེས་དང་། རྔ་སྒྲའི་ཚིགས་བཅད་ལས་ཀྱང་། བདག་གི་ནོར་ནི་གཏང་ལ་ལུས་བསྲུང་ངོ་། །ནོར་དང་ལུས་ཀྱང་གཏང་ལ་སྲོག་བསྲུང་ངོ་། །ནོར་དང་ལུས་དང་དེ་བཞིན་སྲོག་རྣམས་ཀྱང་། །ཐམས་ཅད་གཏང་ལ་འདིར་ནི་ཆོས་བསྲུང་ངོ་། །ཞེས་གསུངས་པ་ལྟར་བསླབ་པ་ལ་འབད་previous hit པར་བྱའོ། །བཞི་བ་རང་བཞིན་གཏན་ལ་དབབ་པ་ནི། སེམས next hit་བསྐྱེད་ཀྱི་ངོ་བོ། དབྱེ་བ། སོ་སོའི་ས་མཚམས། སེམས་བསྐྱེད་ཀྱི་རྒྱུ། ཕན་ཡོན། ཉེས་དམིགས་རྣམས་ལས། དང་པོ་ནི། གཞན་དོན་དུ་སངས་རྒྱས་ཐོབ་previous hit པར་འདོད་པ་སྟེ། མངོན་རྟོགས་རྒྱན་ལས། སེམས next hit་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་དང་། མདོ་སྡེ་རྒྱན་ལས། དོན་གཉིས་ལྡན་པའི་previous hit སེམས་འབྱུང་བ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་དབྱེ་བ་ནི། གཞན་དོན་དུ་བྱང་ཆུབ་ཐོབ་པར next hit་འདོད་པ་སྨོན་པ་དང་། གཞན་དོན་དུ་བྱང་ཆུབ་ཏུ་འགྲོ་བཞིན་པ་འཇུག་པ་སྟེ། བསམ་པས་འགྲོ་འདོད་དང་སྦྱོར་བས་འགྲོ་བཞིན་པ་ལྟ་བུར་སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་པ་དང་། ཀུན་རྫོབ་དང་དོན་དམ་པའི་སྒོ་ནས་ཀྱང་རྣམ་པ་གཉིས་ཏེ། མྱང་འདས་ལས། ཀུན་རྫོབ་དོན་དམ་དབྱེ་བ་ཡིས། །བྱང་ཆུབ་སེམས་དེ་རྣམ་པ་གཉིས། །ཞེས་པས་ཕྱི་རོལ་སེམས་ཅན་ལ་དམིགས་ཏེ་སོ་སྐྱེ་ལ་གཙོ་བོར་སྐྱེ་བ་ཀུན་རྫོབ་སེམས་བསྐྱེད་དང་། ནང་སེམས་ཉིད་ལ་དམིགས་ཏེ་གཙོ་བོར་འཕགས་རྒྱུད་ལ་སྐྱེ་བ་དོན་དམ་སེམས་བསྐྱེད་ཡིན་ནོ། །དེས་ན་སྨོན་པ་བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་ཏུ་སྨོན་པ་ཙམ་ལས་ཀྱང་སྐྱེ་ཞིང་། འཇུག་པའི་སེམས་བསྐྱེད་ནི་ཆོ་ག་ལས་སྐྱེས་པའི་སྡོམ་པ་ཡིན་ཏེ། དེ་གཉིས་ཀའང་ཀུན་རྫོབ་སེམས་བསྐྱེད་དུ་འདུ་ལ། དོན་དམ་སེམས་བསྐྱེད་ནི་དེའི་ཆོས་ཉིད་གོམས་པའི་སྟོབས་ལས་སོ། །གསུམ་པ་ས་མཚམས་ལ། སྨོན་སེམས་ནི། དང་པོ་སེམས་བསྐྱེད་མ་ཐག་ནས་སྡོམ་པ་མ་བཟུང་བར་གྱི་ཚོགས་ལམ་ཆུང་ངུ་ནས་ཡོད་ལ། འཇུག་སེམས་ནི། འཇུག་སྡོམ་བཟུང་ནས་རྒྱུན་མཐའ་བར་ན་ཡོད་དེ། འགྲོ་བར་འདོད་དང་འགྲོ་བ་ཡི། །ཞེས་སོགས་ཀྱིས་འགྲུབ་ཅིང་། གལ་ཏེ་འཇུག་སེམས་འཕགས་ལམ་ཁོ་ནར་ཡོད་དམ་ཞེ་ན་མ་ངེས་ཏེ། སྡོམ་པའི་རྟེན་སོ་སྐྱེའི་རྟེན་ཅན་དུ་གྲུབ་པ་དང་། གཞན་དུ་འཇུག་སྡོམ་བླངས་ནས་རྩ་ལྟུང་གཅོད་པར་མི་སྲིད་previous hit པར་འགྱུར་བའི་ཕྱིར་རོ། །བཞི་བ་སེམས next hit་བསྐྱེད་ཀྱི་རྒྱུ་ནི། སངས་རྒྱས་ལ་དམིགས་པའི་དད་པ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། བྱང་ཆུབ་previous hit སེམས་ཀྱི་ཕན་ཡོན་ཤེས་ནས་ཐོབ་པར next hit་འདོད་པ་སྟེ་གསུམ་ལས་སྐྱེ་བར་མདོ་སྡེ་རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་པའི་གྲོགས་སྟོབས་དགེ་བའི་བཤེས་གཉེན་ལ་བརྟེན་ཅིང་ཐོས་པ་བྱས་པ་ལས་སྨོན་པ་སེམས་བསྐྱེད་བརྟན་པའི་རྒྱུ་དང་པོར་འབྱུང་ཞིང་། རང་གིས་དགེ་བ་གོམས་པ་དང་། རྒྱུ་རིགས་སད་པ་དང་། རྩ་བ་སྙིང་རྗེ་སྐྱེས་པ་ལས་འཇུག་པ་སེམས་བསྐྱེད་བརྟན་པོར་སྐྱེ་བའི་རྒྱུར་གསུངས་སོ། །ལྔ་པ་སེམས་བསྐྱེད་པའི་ཕན་ཡོན་ནི། སྨོན་པ་སེམས་བསྐྱེད་ཀྱིས་ཉན་རང་སེམས་བསྐྱེད་པ་ལ་སོགས་པའི་བསོད་ནམས་ཐམས་ཅད་ཟིལ་གྱིས་ནོན་ཅིང་། འཇུག་previous hit སེམས་ཀྱི་རྩ་ལྟུང་མ་བྱུང་ན་གཉིད་འཐུག་པོ་མ་ལོག་པའམ། བག་མེད་པར next hit་གྱུར་ཀྱང་བསོད་ནམས་རྒྱུན་མི་ཆད་པར་འབྱུང་བ་སྟེ། སྤྱོད་འཇུག་ལས། དེང་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པ་རབ་ཏུ་འབྱུང་། །ཞེས་སོགས་མཐའ་ཡས་previous hit པར་གསུངས་པ་ལས་ཆ་ཤས་ཙམ་སྔར་བརྗོད་ཟིན་ཏོ། །དྲུག་པ་སེམས next hit་མ་བསྐྱེད་པའི་ཉེས་དམིགས་ནི། གཙོ་བོར་འཁོར་བ་དང་ངན་སོང་དུ་ལྟུང་བ་རྒྱུན་མི་ཆད་ཅིང་། ཇི་ལྟར་ཆོས་ལ་འབད་ཀྱང་ཉན་རང་དུ་གོལ་བ་དང་། དམྱལ་བར་ལྟུང་བ་བྱང་ཆུབ་ཀྱི་གཏན་གེགས་མ་ཡིན་ཡང་། ཉན་རང་དགྲ་བཅོམ་དུ་ལྟུང་བ་ནི་གྲངས་མེད་པའི་བསྐལ་བར་བླ་ན་མེད་པ་རྫོགས་བྱང་གི་གེགས་ཡིན་པའི་ཕྱིར་རོ། །བདུན་པ་ཆོ་གའི་ཁྱད་previous hit པར་ནི། མགོན་པོ་བྱམས་པ་ལས་བརྒྱུད་པ་སེམས next hit་ཙམ་ལུགས་སུ་གྲགས་པ་དང་། འཕགས་པ་འཇམ་དཔལ་ལས་བརྒྱུད་པ་དབུ་མ་ལུགས་སུ་གྲགས་པ་སྟེ། དེ་དག་ཀྱང་བླང་བྱའི་ཡུལ་གྱི་ཁྱད་པར། ལེན་པ་པོ་གང་ཟག་གི་ཁྱད་པར། ལེན་བྱེད་ཆོ་གའི་ཁྱད་པར། མི་ཉམས་པར་བསྲུང་བའི་ཁྱད་པར་རྣམས་ཀྱིས་བསྟན་པ་སྟེ། དེ་དག་ནི་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་དང་བསྟན་བཅོས་རྣམས་ལས་ཤེས་previous hit པར་བྱ་བ་ཡིན་ནོ། །བྱང་ཆུབ་སེམས next hit་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལའང་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་གྱུར་ཅིག །བྱང་ཆུབ་previous hit སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར next hit་ཤོག།

༼ག གསང་བ་སྔགས་ཀྱི་ཁྲིད་ལུང་གནང་བ།

དེ་ཡན་ཆད་ཀྱིས་སོར་བྱང་གཉིས་ཀྱི་སྡོམ་པ་ཆོ་གའི་སྒོ་ནས་ཚུལ་བཞིན་བླངས་པ་སོང་སྟེ། སོ་ཐར་གྱི་ངོ་བོ་དེ་ངེས་འབྱུང་ཡིན་ཞིང་། བྱང་སྡོམ་གྱི་ངོ་བོ་གཞན་ཕན་ཡིན་ལ། སྔགས་སྡོམ་གྱི་ངོ་བོ་དག་སྣང་ཡིན་པ་དེ་ཉིད་ཤེས་པའི་སྟེང་ནས། སྔགས་ལ་ཞུགས་པའི་འཇུག་སྒོ་དེ་སྨིན་བྱེད་དབང་གི་རིམ་པ་ནས་གྲོལ་བྱེད་ཁྲིད་ལ་འཇུག་དགོས་རྒྱུ་དེ་ཉིད་ཐོབ་ཐང་ཡིན་པས་སྔགས་སྡོམ་བཏགས་པ་བ་དེ་སྡོམ་གཟུང་གི་སྐབས་དང་། མཚན་ཉིད་པ་དངོས་གཞིའི་དམ་ཚིག་ཁས་ལེན་གྱི་སྐབས་ནས་ཐོབ་པ་ཡིན། འདིའི་ནང་གི་མང་ཆེ་བས་སྔགས་རྡོ་རྗེའི་ཐེག་པ་སྤྱི་དང་བྱེ་བྲག་གི་དབང་ཐོབ་ཡོད་པས་མི་ཚད་རྒྱུ་མཚན་གསལ་པོས་ཤེས་མིན་ལ་མ་ལྟོས་པའི་སྔགས་བླ་མེད་ཀྱི་དབང་ཞུས་པའི་ཁ་གྲངས་རང་གིས་ཀྱང་རྩི་མི་ཤེས་པ་ཞུས་ཚར་བ་ནི་ཕལ་ཆེ་བ་ཡིན། ཡིན་ན་ཡང་དབང་སྲོག་རྒྱུད་ལ་འཛིན་པ་དེ་དམ་ཚིག་སྲུང་བ་ལ་བརྟེན་ཡོད་པས་དམ་ཚིག་སྲུང་མ་དགོས་བསྲུང་བྱའི་རྣམ་གྲངས་ཙམ་ཡང་མི་ཤེས་པའི་མི་གྲངས་སྤྱིའི་མི་གྲངས་ཀྱི་ཆ་ཤས་མང་ས་བཟུང་ཡོད་འདུག་སྙམ། ཡང་དབང་སྐུར་མཁན་གྱི་བླ་མ་རང་ཉིད་དབང་མེད་ལུང་མེད་མིན་ཡང་མཚན་ཉིད་ཆ་ཚང་མ་ལྡན་ན་དོན་གྱི་ཐོག་ནས་བསྐུར་ཐོབ་གཉིས་ཀ་མེད་པས་ཐོབ་པའི་ཕན་ཡོན་ཡང་མེད་ལ་ཉམས་པའི་ཉེས་དམིགས་ཀྱང་ཡོད་པ་མ་ཡིན་ཞིང་། སོ་གཏན་ནས་མེད་ན་སྲིན་གཏན་ནས་མེད་པ་ལྟ་བུ་ཡིན། ཆོས་ལ་དབང་ཟ་བའི་ཉེས་པ་མི་འབྱུང་ཟེར་མི་ཤེས། གང་ལྟར་གསང་བ་སྔགས་ཀྱི་སྨིན་གྲོལ་གྱི་ལམ། ཁྱད་པར་དུ་ཐེག་པ་དགུ་ཡི་ཡང་རྩེ་འབྲས་བུའི་སྙིང་བཅུད་མན་ངག་རྫོགས་པ་ཆེན་པོའི་ཆོས་སྒོ་ལ་ཞུགས་དུས་སྔོན་འགྲོ་དངོས་གཞིའི་རིམ་པ་བརྒྱུད་དགོས་པ་ཡིན་པས་དེ་རིང་འདི་ནས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་གྱི་ལུང་ཞིག་འདོན་རྒྱུ་བྱེད། སྔར་ཞིག་ལ་འདི་ཞིབ་ཁྲིད་བྱས་ནས་ངས་ཚར་གཅིག་བཏོན་པ་དེ་ཉིད་མང་ཆེ་བས་ཐོབ་ཡོད་ས་ཡིན་ཡང་ད་རེས་ཐེངས་འདིའི་སོར་བྱང་སྔགས་གསུམ་ལ་རིམ་ཞུགས་ཀྱི་དོད་དང་། ཡང་སྒོས་མ་ཐོབ་པ་ཚོའི་ངོ་སྐལ་དུ་ལུང་ཞིག་བཏོན་བཞག་དུས་དེ་ཡིས་ངས་ཞིབ་ཁྲིད་བྱས་པ་དེ་ཉིད་ཀྱི་འོད་སྡེར་ལ་ཉན་ཆོག ཁྱད་པར་དུ་ཀུན་བཟང་བླ་མའི་ཞལ་ལུང་ཚར་མང་པོ་ལྟོས་ཟེར་རྒྱུ་དེ་ཉིད་སྔར་ནས་བཤད་མྱོང་། ཚར་མང་པོ་ལྟ་རྒྱུ་ཁས་ལེན་བྱས་ན་ཧ་ཅང་བཟང་ལ། བཟང་ཆ་སུ་ལ་ཡོད་ཟེར་ན་རང་ཉིད་ལ་ཡོད་པ་ཡིན། ད་སྔོན་འགྲོའི་ངག་འདོན་གྱི་ལུང་འདོན་རྒྱུ་བྱེད། སླར་ཡང་ནམ་མཁའ་དང་མཉམ་པའི་previous hit སེམས་ཅན་ཐམས་ཅད་ཡིད་ལ་གཅགས་ཏེ་གང་ཞིག་གསན་པར next hit་བྱ་བ་ནི། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་ཁྲིགས་སུ་བསྡེབས་པ་རྣམ་མཁྱེན་ལམ་བཟང་ཞེས་བྱ་བ་བཞུགས་སོ། །གདོད་ནས་མངོན་སངས་རྒྱས་ཀྱང་གང་ལ་གང་འདུལ་གཟུགས་སྐུ་འགགས་པ་མེད། །སྣ་ཚོགས་སྒྱུ་འཕྲུལ་ངོམ་ཡང་ཕུང་ཁམས་སྐྱེ་མཆེད་གཟུང་དང་འཛིན་པ་བྲལ། །མི་ཡི་གཟུགས་སུ་སྣང་ཡང་མཁྱེན་བརྩེའི་འོད་ཟེར་སྟོང་འབར་རྒྱལ་བ་དངོས། །ཚེ་འདི་ཙམ་དུ་མ་ཡིན་གཏན་གྱི་སྐྱབས་སུ་ཁྱོད་བསྟེན་བྱིན་གྱིས་རློབས། །དེ་ལ་འདིར་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་དུ་འགྲོ་བའི་ངག་འདོན་ཁྲིགས་སུ་བསྡེབས་པ་ལ། ཐོག་མར་ངག་བྱིན་རླབས་ནི། ཨོཾ་ཨཱཿཧཱུྃ། ལྕེ་དབང་རྃ་ཡིག་ལས་བྱུང་མེས་བསྲེགས་ནས། །འོད་དམར་རྣམ་པའི་རྡོ་རྗེ་རྩེ་གསུམ་སྦུབས། །ཨཱ་ལི་ཀཱ་ལིའི་མཐར་བསྐོར་རྟེན་འབྲེལ་སྙིང་། །མུ་ཏིག་ཕྲེང་བ་ལྟ་བུའི་ཡིག་འབྲུ་ལས། །འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད་པས་མཉེས། །སླར་འདུས་ངག་སྒྲིབ་དག་ནས་གསུང་རྡོ་རྗེའི། །བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། །ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨེེ། ཨོ་ཨོོ། ཨཾ་ཨཿ ལན་བདུན། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵཿ ལན་བདུན། ཡེ་དྷཱརྨ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུན་ཏེ་ཥཱནྟ་ཐཱ་ག་ཏྭ་ཧྱ་ཝ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲཱ་མ་ཎཿཡེ་སྭཱ་ཧཱ། ལན་བདུན་གྱིས་བརླབས་སོ། །དང་པོ་དཔལ་ལྡན་བླ་མའི་ཐུགས་རྒྱུད་བསྐུལ་ཕྱིར་གསོལ་བ་གདབ་པ་ནི། བླ་མ་མཁྱེན། བླ་མ་མཁྱེན། བླ་མ་མཁྱེན་ནོ། །ཞེས་གདུང་བ་དྲག་པོས་བོས་ནས། སྙིང་དབུས་དད་པའི་གེ་སར་བཞད་པ་ནས། །སྐྱབས་གཅིག་དྲིན་ཆེན་བླ་མ་ཡར་ལ་བཞེངས། །ལས་དང་ཉོན་མོངས་དྲག་པོས་གཟིར་བ་ཡི། །སྐལ་བ་ངན་པ་བདག་ལ་སྐྱོབ་པའི་ཕྱིར། །སྤྱི་བོ་བདེ་ཆེན་འཁོར་ལོའི་རྒྱན་དུ་བཞུགས། །དྲན་དང་ཤེས་བཞིན་ཀུན་ཀྱང་བཞེངས་སུ་གསོལ། །ད་རེས་དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཚེ་རིང་ལྷ་དང་ཀླ་ཀློ་ལོག་ལྟ་ཅན། །སངས་རྒྱས་མ་བྱོན་ཞིང་དང་ལྐུགས་པ་སྟེ། །མི་ཁོམ་བརྒྱད་ལས་ཐར་བའི་དལ་བ་ཐོབ། །མིར་གྱུར་དབང་པོ་ཚང་དང་ཡུལ་དབུས་སྐྱེས། །ལས་མཐའ་མ་ལོག་བསྟན་ལ་དད་པ་སྟེ། །རང་ཉིད་འབྱོར་བ་ལྔ་ཚང་སངས་རྒྱས་བྱོན། །ཆོས་གསུངས་བསྟན་པ་གནས་དང་དེ་ལ་ཞུགས། །བཤེས་གཉེན་དམ་པས་ཟིན་དང་གཞན་འབྱོར་ལྔ། །ཐམས་ཅད་རང་ལ་ཚང་བའི་གནས་ཐོབ་ཀྱང་། །རྐྱེན་མང་ངེས་པ་མེད་པའི་ཚེས་སྤངས་ནས། །འཇིག་རྟེན་ཕ་རོལ་ཉིད་དུ་སོན་པར་འགྱུར། །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཆེན་བླ་མ་མཁྱེན། །ད་རེས་དལ་རྟེན་དོན་ཡོད་མ་བྱས་ན། །ཕྱི་ནས་ཐར་བའི་སྒྲུབ་པའི་རྟེན་མི་རྙེད། །བདེ་འགྲོའི་རྟེན་ལ་བསོད་ནམས་ཟད་གྱུར་ནས། །ཤི་བའི་འོག་ཏུ་ངན་སོང་ངན་འགྲོར་འཁྱམས། །དགེ་སྡིག་མི་ཤེས་ཆོས་ཀྱི་སྒྲ་མི་ཐོས། །དགེ་བའི་བཤེས་དང་མི་མཇལ་མཚང་རེ་ཆེ། །སེམས་ཅན་ཙམ་གྱི་གྲངས་དང་རིམ་པ་ལ། །བསམས་ན་མི་ལུས་ཐོབ་པ་སྲིད་མཐའ་ཙམ། །མི་ཡང་ཆོས་མེད་སྡིག་ལ་སྤྱོད་མཐོང་ན། །ཆོས་བཞིན་སྤྱོད་པ་ཉིན་མོའི་སྐར་མ་ཙམ། །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཆེན་བླ་མ་མཁྱེན། །གལ་ཏེ་མི་ལུས་རིན་ཆེན་གླིང་ཕྱིན་ཡང་། །ལུས་རྟེན་བཟང་ལ་བྱུར་པོ་ཆེ་ཡི་previous hit སེམས། །ཐར་བ་བསྒྲུབ་པའི་རྟེན་དུ་མི་རུང་ཞིང་། །ཁྱད་པར next hit་བདུད་ཀྱིས་ཟིན་དང་དུག་ལྔ་འཁྲུགས། །ལས་ངན་ཐོག་ཏུ་བབ་དང་ལེ་ལོས་གཡེངས། །གཞན་ཁོལ་བྲན་གཡོག་འཇིགས་སྐྱོབ་ཆོས་ལྟར་བཅོས། །རྨོངས་སོགས་འཕྲལ་བྱུང་རྐྱེན་གྱི་མི་ཁོམ་བརྒྱད། །བདག་ལ་ཆོས་ཀྱི་འགལ་ཟླར་ལྷགས་པའི་ཚེ། །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཆེན་བླ་མ་མཁྱེན། །སྐྱོ་ཤས་ཆུང་ཞིང་དད་པའི་ནོར་དང་བྲལ། །འདོད་སྲེད་ཞགས་པས་བཅིངས་དང་ཀུན་སྤྱོད་རྩུབ། །མི་དགེ་སྡིག་ལ་མི་འཛེམ་ལས་མཐའ་ལོག །སྡོམ་པ་ཉམས་ཤིང་དམ་ཚིག་རལ་བ་སྟེ། །རིས་ཆད་བློ་ཡི་མི་ཁོམ་རྣམ་པ་བརྒྱད། །བདག་ལ་ཆོས་ཀྱི་འགལ་ཟླར་ལྷགས་པའི་ཚེ། །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཆེན་བླ་མ་མཁྱེན། །ད་ལྟ་ནད་དང་སྡུག་བསྔལ་གྱིས་མ་གཟིར། །བྲན་ཁོལ་ལ་སོགས་གཞན་དབང་མ་གྱུར་པས། །རང་དབང་ཐོབ་པའི་རྟེན་འབྲེལ་འགྲིགས་དུས་འདིར། །སྙོམ་ལས་ངང་དུ་དལ་འབྱོར་ཆུད་གསོན་ན། །འཁོར་དང་ལོངས་སྤྱོད་ཉེ་དུ་འབྲེལ་བ་ལྟ། །ལྟ་ཅི་གཅེས་པར་བཟུང་བའི་ལུས་འདི་ཡང་། །མལ་གྱི་ནང་ནས་ས་ཕྱོགས་སྟོང་པར་བསྐྱལ། །ཝ་དང་བྱ་རྒོད་ཁྱི་ཡིས་འདྲད་པའི་དུས། །བར་དོའི་ཡུལ་ན་འཇིགས་པ་ཤིན་ཏུ་ཆེ། །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཆེན་བླ་མ་མཁྱེན། །དགེ་སྡིག་ལས་ཀྱི་རྣམ་སྨིན་ཕྱི་བཞིན་འབྲང་། །ཁྱད་པར་དམྱལ་བའི་འཇིག་རྟེན་ཉིད་སོན་ན། །ལྕགས་བསྲེགས་ས་གཞིར་མཚོན་གྱིས་མགོ་ལུས་འདྲལ། །སོག་ལེས་གཤོགས་དང་ཐོ་ལུམ་འབར་བས་འཚིར། །སྒོ་མེད་ལྕགས་ཁྱིམ་འཐིམས་པར་འོ་དོད་འབོད། །འབར་བའི་གསལ་ཤིང་གིས་འབུགས་ཁྲོ་ཆུར་འཚོད། །ཀུན་ནས་ཚ་བའི་མེས་བསྲེགས་བརྒྱད་ཚན་གཅིག །གངས་རི་སྟུག་པོའི་འདབ་དང་ཆུ་འཁྱགས་ཀྱི། །གཅོང་རོང་ཡ་ངའི་གནས་སུ་བུ་ཡུག་སྦྲེབས། །གྲང་རེག་རླུང་གིས་བཏབ་པའི་ལང་ཚོ་ནི། །ཆུ་བུར་ཅན་དང་ལྷག་པར་བརྡོལ་བ་ཅན། །སྨྲེ་སྔགས་རྒྱུན་མི་ཆད་པར་འདོན་པ་ཡང་། །ཚོར་བའི་སྡུག་བསྔལ་བརྣག་པར་དཀའ་བ་ཡིས། །ཟུངས་ཀྱིས་རབ་བཏང་འཆི་ཁའི་ནད་པ་བཞིན། །ཤུགས་རིང་འདོན་ཅིང་སོ་འཐམ་པགས་པ་འགས། །ཤའུ་ཐོན་ནས་ལྷག་པར་འགས་ཏེ་བརྒྱད། །དེ་བཞིན་སྤུ་གྲིའི་ཐང་ལ་རྐང་པ་གཤོགས། །རལ་གྲིའི་ཚལ་དུ་ལུས་ལ་བཅད་གཏུབས་བྱེད། །རོ་མྱགས་འདམ་ཚུད་ཐལ་ཚན་རབ་མེད་ཀློང་། །མནར་བའི་ཉེ་འཁོར་བ་དང་འགྱུར་བ་ཅན། །སྒོ་དང་ཀ་བ་ཐབ་དང་ཐག་པ་སོགས། །རྟག་ཏུ་བཀོལ་ཞིང་སྤྱོད་པའི་ཉེ་ཚེ་བ། །རྣམ་གྲངས་བཅོ་བརྒྱད་གང་ལས་འབྱུང་བའི་རྒྱུ། །ཞེ་སྡང་དྲག་པོའི་ཀུན་སློང་སྐྱེས་པའི་ཚེ། །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཆེན་བླ་མ་མཁྱེན། །དེ་བཞིན་ཕོངས་ལ་ཉམས་མི་དགའ་བའི་ཡུལ། །བཟའ་བཏུང་ལོངས་སྤྱོད་མིང་ཡང་མི་གྲག་པར། །ཟས་སྐོམ་ལོ་ཟླར་མི་རྙེད་ཡི་དྭགས་ལུས། །རིད་ཅིང་ལྡང་བའི་སྟོབས་ཉམས་རྣམ་པ་གསུམ། །གང་ལས་འབྱུང་བའི་རྒྱུ་ནི་སེར་སྣ་ཡིན། །གཅིག་ལ་གཅིག་ཟ་གསོད་པའི་འཇིགས་པ་ཆེ། །བཀོལ་ཞིང་སྤྱོད་པས་ཉམ་ཐག་བླང་དོར་རྨོངས། །ཕ་མཐའ་མེད་པའི་སྡུག་བསྔལ་གྱིས་གཟིར་བའི། །ས་བོན་གཏི་མུག་མུན་པར་འཁྱམས་པ་བདག །བློ་སྣ་ཆོས་ལ་སྒྱུར་ཅིག་གུ་རུ་མཁྱེན། །ལམ་གོལ་དམན་པར་མ་གཏོང་ཀུན་མཁྱེན་རྗེ། །གཉིས་སུ་མེད་དོ་དྲིན་ཆེན་བླ་མ་མཁྱེན། །ཆོས་ལམ་ཞུགས་ཀྱང་ཉེས་སྤྱོད་མི་སྡོམ་ཞིང་། །ཐེག་ཆེན་སྒོར་ཞུགས་གཞན་ཕན་སེམས་དང་བྲལ། །དབང་བཞི་ཐོབ་ཀྱང་བསྐྱེད་རྫོགས་མི་སྒོམ་པའི། །ལམ་གོལ་འདི་ལས་བླ་མས་བསྒྲལ་དུ་གསོལ། །ལྟ་བ་མ་རྟོགས་ཐོ་ཅོའི་སྤྱོད་པ་ཅན། །སྒོམ་པ་ཡེངས་ཀྱང་གོ་ཡུལ་འུད་གོག་འཐག །སྤྱོད་པ་ནོར་ཀྱང་རང་སྐྱོན་མི་previous hit སེམས་དཔའི། །ཆོས་དྲེད་འདི་ལས་བླ་མས་བསྒྲལ་དུ་གསོལ། །ནངས་པར next hit་འཆི་ཡང་གནས་གོས་ནོར་ལ་སྲེད། །ན་ཚོད་ཡོལ་ཡང་ངེས་འབྱུང་སྐྱོ་ཤས་བྲལ། །ཐོས་པ་ཆུང་ཡང་ཡོན་ཏན་ཅན་དུ་རློམ། མ་རིག་འདི་ལས་བླ་མས་བསྒྲལ་དུ་གསོལ། །རྐྱེན་ཁར་འཆོར་ཡང་འདུ་འཛི་གནས་སྐོར་previous hit སེམས། །དབེན་པར next hit་བརྟེན་ཀྱང་རང་རྒྱུད་ཤིང་ལྟར་རེངས། །དུལ་བར་སྨྲ་ཡང་ཆགས་སྡང་མ་ཞིག་པའི། །ཆོས་བརྒྱད་འདི་ལས་བླ་མས་བསྒྲལ་དུ་གསོལ། །གཉིད་འཐུག་འདི་ལས་མྱུར་དུ་སད་དུ་གསོལ། །ཁྲི་མུན་འདི་ལས་མྱུར་དུ་དབྱུང་དུ་གསོལ། །ཞེས་འབོད་པ་དྲག་པོས་ཐུགས་རྗེ་བསླང་བར་བྱའོ། །གཉིས་པ་སྐྱབས་སུ་འགྲོ་བ་ནི། དཀོན་མཆོག་གསུམ་དངོས་བདེ་གཤེགས་རྩ་བ་གསུམ༔ རྩ་རླུང་ཐིག་ལེའི་རང་བཞིན་བྱང་ཆུབ་སེམས༔ ངོ་བོ་རང་བཞིན་ཐུགས་རྗེའི་དཀྱིལ་འཁོར་ལ༔ བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི༔ གསུམ་པ་སེམས་བསྐྱེད་ནི། ཧོ༔ སྣ་ཚོགས་སྣང་བ་ཆུ་ཟླའི་རྫུན་རིས་ཀྱིས༔ འཁོར་བ་ལུ་གུ་རྒྱུད་དུ་འཁྱམས་པའི་འགྲོ༔ རང་རིག་འོད་གསལ་དབྱིངས་སུ་ངལ་གསོའི་ཕྱིར༔ ཚད་མེད་བཞི་ཡི་ངང་ནས་སེམས་བསྐྱེད་དོ༔ བཞི་བ་རྡོར་སེམས་སྒོམ་བཟླས་ནི། ཨཱཿ བདག་ཉིད་ཐ་མལ་སྤྱི་བོ་རུ༔ པད་དཀར་ཟླ་བའི་གདན་གྱི་དབུས༔ ཧཱུྃ་ལས་བླ་མ་རྡོ་རྗེ་སེམས༔ དཀར་གསལ་ལོངས་སྤྱོད་རྫོགས་པའི་སྐུ༔ རྡོ་རྗེ་དྲིལ་འཛིན་སྙེམས་མ་འཁྲིལ༔ ཁྱོད་ལ་སྐྱབས་གསོལ་སྡིག་པ་སྦྱོང་༔ འགྱོད་སེམས་དྲག་པོས་མཐོལ་ལོ་བཤགས༔ ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ༔ ཁྱོད་ཐུགས་ཟླ་བ་རྒྱས་པའི་སྟེང༔ ཧཱུྃ་ཡིག་མཐའ་མར་སྔགས་ཀྱིས་བསྐོར༔ བཟླས་པ་སྔགས་ཀྱིས་རྒྱུད་བསྐུལ་བས༔ ཡབ་ཡུམ་བདེ་རོལ་སྦྱོར་མཚམས་ནས༔ བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན༔ ག་བུར་རྡུལ་ལྟར་འཛག་པ་ཡིས༔ བདག་དང་ཁམས་གསུམ་སེམས་ཅན་གྱི༔ ལས་དང་ཉོན་མོངས་སྡུག་བསྔལ་རྒྱུ༔ ནད་གདོན་སྡིག་སྒྲིབ་ཉེས་ལྟུང་གྲིབ༔ མ་ལུས་བྱང་བར་མཛད་དུ་གསོལ༔ ཨོཾ་བཛྲ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲི་ཡཾཿཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ༔ བཛྲི་བྷ་ཝ༔ མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ ཡི་གེ་བརྒྱ་བ་ཅི་ནུས་བཟླས་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས༔ དམ་ཚིག་ལས་ནི་འགལ་ཞིང་ཉམས༔ བླ་མ་མགོན་པོས་སྐྱབས་མཛོད་ཅིག༔ གཙོ་བོ་རྡོ་རྗེ་འཛིན་པ་སྟེ༔ ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན༔ འགྲོ་བའི་གཙོ་ལ་བདག་སྐྱབས་མཆི༔ སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ༔ སྡིག་པ་དང་སྒྲིབ་པ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་previous hit པར་མཛད་དུ་གསོལ༔ ཞེས་བརྗོད་པས། རྡོ་རྗེ་སེམས next hit་དཔའ་དགྱེས་བཞིན་འཛུམ་པ་དང་བཅས་པས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ་ཞེས་གནང་བ་བྱིན་ཞིང་འོད་དུ་ཞུ་ནས། རང་ལ་ཐིམ་པའི་རྐྱེན་ལས་རང་ཉིད་ཀྱང་རྡོ་རྗེ་སེམས་དཔའ་སྣང་སྟོང་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་གྱུར་པའི་ཐུགས་སྲོག་ཧཱུྃ་གི་མཐའ་མར་ཡི་གེ་འབྲུ་བཞི་བོ་གསལ་བ་ལས། འོད་ཟེར་འཕྲོས་ཁམས་གསུམ་སྣོད་བཅུད་དང་བཅས་པ་རྡོར་previous hit སེམས་རིགས་ལྔའི་རྟེན་དང་བརྟེན་པའི་རང་བཞིན་དུ་སངས་རྒྱས་པར next hit་གྱུར་པར་བསམས་ལ། ཨོཾ་བཛྲ་སཏྭ་ཧཱུྃ༔ ཞེས་ཅི་ནུས་སུ་བཟླས་མཐར་མཉམ་པར་བཞག་གོ། །ལྔ་བ་མཎྜལ་ནི། ཨོཾ་ཨཱཿཧཱུྃ༔ སྟོང་གསུམ་འཇིག་རྟེན་བྱེ་བ་ཕྲག་བརྒྱའི་ཞིང་༔ རིན་ཆེན་སྣ་བདུན་ལྷ་མིའི་འབྱོར་བས་གཏམས༔ བདག་ལུས་ལོངས་སྤྱོད་པ་ཡོངས་འབུལ་གྱིས༔ ཆོས་ཀྱི་འཁོར་ལོས་བསྒྱུར་བའི་སྲིད་ཐོབ་ཤོག༔ འོག་མིན་བདེ་ཆེན་སྟུག་པོ་བཀོད་པའི་ཞིང་༔ ངེས་པ་ལྔ་ལྡན་རིགས་ལྔའི་ཚོམ་བུ་ཅན༔ འདོད་ཡོན་མཆོད་པའི་སྤྲིན་ཕུང་བསམ་ཡས་པ༔ ཕུལ་བས་ལོངས་སྐུའི་ཞིང་ལ་སྤྱོད་པར་ཤོག༔ སྣང་སྲིད་རྣམ་དག་གཞོན་ནུ་བུམ་པའི་སྐུ༔ ཐུགས་རྗེ་མ་འགགས་ཆོས་ཉིད་རོལ་བའི་རྒྱན༔ སྐུ་དང་ཐིག་ལེའི་འཛིན་པ་རྣམ་དག་ཞིང་༔ ཕུལ་བས་ཆོས་སྐུའི་ཞིང་ལ་སྤྱོད་previous hit པར་ཤོག༔ དྲུག་པ་ཀུ་ས་ལུའི་ཚོགས་གསོག་ནི། ཕཊ༔ ལུས་གཅེས་འཛིན་བོར་བས་ལྷ་བདུད་ཆོམ༔ སེམས next hit་ཚངས་པའི་སྒོ་ནས་དབྱིངས་ལ་ཐོན༔ འཆི་བདག་གི་བདུད་བཅོམ་ཁྲོས་མར་གྱུར༔གཡས་ཉོན་མོངས་བདུད་བཅོམ་གྲི་གུག་གིས༔ གཟུགས་ཕུང་པོའི་བདུད་བཅོམ་ཐོད་པ་བྲེགས༔ གཡོན་ལས་བྱེད་ཚུལ་གྱིས་བྷནྡྷ་ཐོགས༔ སྐུ་གསུམ་གྱི་མི་མགོའི་སྒྱེད་པུར་བཞག༔ ནང་སྟོང་གསུམ་གང་བའི་བམ་རོ་དེ༔ ཨ་ཐུང་དང་ཧཾ་ཡིག་གིས་བདུད་རྩིར་ཞུ༔ འབྲུ་གསུམ་གྱི་ནུས་པས་སྦྱང་སྤེལ་བསྒྱུར༔ ཨོཾ་ཨཱཿཧཱུྃ༔ གྲངས་མེད་མཐར། ཕཊ༔ ཡར་མཆོད་ཡུལ་མགྲོན་གྱི་ཐུགས་དམ་བསྐང་༔ ཚོགས་རྫོགས་ནས་མཆོག་ཐུན་དངོས་གྲུབ་ཐོབ༔ མར་འཁོར་བའི་མགྲོན་མཉེས་ལན་ཆགས་བྱང་༔ ཁྱད་པར་དུ་གནོད་བྱེད་བགེགས་རིགས་ཚིམ༔ ནད་གདོན་དང་བར་ཆད་དབྱིངས་སུ་ཞི༔ རྐྱེན་ངན་དང་བདག་འཛིན་རྡུལ་དུ་བརླགས༔ མཐར་མཆོད་བྱ་དང་མཆོད་ཡུལ་མ་ལུས་ཀུན༔ གཤིས་རྫོགས་པ་ཆེན་པོ་མ་བཅོས་ཨཱཿ བདུན་པ་བླ་མའི་རྣལ་འབྱོར་ནི། ཨེ་མ་ཧོ༔ རང་སྣང་ལྷུན་གྲུབ་དག་པ་རབ་འབྱམས་ཞིང་༔ བཀོད་པ་རབ་རྫོགས་ཟངས་མདོག་དཔལ་རིའི་དབུས༔ རང་ཉིད་གཞི་ལུས་རྡོ་རྗེ་རྣལ་འབྱོར་མ༔ ཞལ་གཅིག་ཕྱག་གཉིས་དམར་གསལ་གྲི་ཐོད་འཛིན༔ ཞབས་གཉིས་དོར་སྟབས་སྤྱན་གསུམ་ནམ་མཁར་གཟིགས༔ སྤྱི་བོར་པདྨ་འབུམ་བརྡལ་ཉི་ཟླའི་སྟེང་༔ སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང་༔ དབྱེར་མེད་མཚོ་སྐྱེས་རྡོ་རྗེ་སྤྲུལ་བའི་སྐུ༔ དཀར་དམར་མདངས་ལྡན་གཞོན་ནུའི་ཤ་ཚུགས་ཅན༔ ཕོད་ཁ་ཆོས་གོས་ཟ་བེར་འདུང་མ་གསོལ༔ ཞལ་གཅིག་ཕྱག་གཉིས་རྒྱལ་པོ་རོལ་བའི་སྟབས༔ ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས༔ དབུ་ལ་འདབ་ལྡན་པདྨའི་མཉེན་ཞུ་གསོལ༔ མཆན་ཁུང་གཡོན་ན་བདེ་སྟོང་ཡུམ་མཆོག་མ༔ སྦས་པའི་ཚུལ་གྱིས་ཁ་ཊྭཱཾ་རྩེ་གསུམ་བསྣམས༔ འཇའ་ཟེར་ཐིག་ལེའི་འོད་ཕུང་ཀློང་ན་བཞུགས༔ ཕྱི་འཁོར་འོད་ལྔའི་དྲྭ་བས་མཛེས་པའི་ཀློང་༔ སྤྲུལ་བའི་རྗེ་འབངས་ཉི་ཤུ་རྩ་ལྔ་དང་༔ རྒྱ་བོད་པཎ་གྲུབ་རིག་འཛིན་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་དམ་ཅན་སྤྲིན་ལྟར་གཏིབས༔ གསལ་སྟོང་མཉམ་གནས་ཆེན་པོའི་ངང་དུ་གསལ༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཧྲཱི༔ བདག་ལུས་ཞིང་གི་རྡུལ་སྙེད་དུ༔ རྣམ་པར་འཕྲུལ་པས་ཕྱག་འཚལ་ལོ༔ དངོས་བཤམས་ཡིད་སྤྲུལ་ཏིང་འཛིན་མཐུས༔ སྣང་སྲིད་མཆོད་པའི་ཕྱག་རྒྱར་འབུལ༔ སྒོ་གསུམ་མི་དགེའི་ལས་རྣམས་ཀུན༔ འོད་གསལ་ཆོས་སྐུའི་ངང་དུ་བཤགས༔ བདེན་པ་གཉིས་ཀྱིས་བསྡུས་པ་ཡི༔ དགེ་ཚོགས་ཀུན་ལ་རྗེས་ཡི་རང་༔ རིགས་ཅན་གསུམ་གྱི་གདུལ་བྱ་ལ༔ ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལ༔ ཇི་སྲིད་འཁོར་བ་མ་སྟོངས་བར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དུས་གསུམ་བསགས་པའི་དགེ་རྩ་ཀུན༔ བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ༔ རྗེ་བཙུན་གུ་རུ་རིན་པོ་ཆེ༔ ཁྱེད་ནི་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་རྗེ་བྱིན་རླབས་འདུས་པའི་དཔལ༔ previous hit སེམས་ཅན་ཡོངས་ཀྱི་མགོན་གཅིག་པུ༔ ལུས་དང་ལོངས་སྤྱོད་བློ་སྙིང་བྲང་༔ ལྟོས་པ་མེད་པར next hit་ཁྱེད་ལ་འབུལ༔ འདི་ནས་བྱང་ཆུབ་མ་ཐོབ་པར༔ སྐྱིད་སྡུག་ལེགས་ཉེས་མཐོ་དམན་ཀུན༔ རྗེ་བཙུན་ཆེན་པོ་པད་འབྱུང་མཁྱེན༔ བདག་ལ་རེ་ས་གཞན་ན་མེད༔ ད་ལྟ་དུས་ངན་སྙིགས་མའི་འགྲོ༔ མི་བཟད་སྡུག་བསྔལ་འདམ་དུ་བྱིང་༔ འདི་ལས་སྐྱོབས་ཤིག་མ་ཧཱ་གུ་རུ༔ དབང་བཞི་སྐུར་ཅིག་བྱིན་རླབས་ཅན༔ རྟོགས་པ་སྤོར་ཅིག་ཐུགས་རྗེ་ཅན༔ སྒྲིབ་གཉིས་སྦྱོངས་ཤིག་ནུས་མཐུ་ཅན༔ ནམ་ཞིག་ཚེ་ཡི་དུས་བྱས་ཚེ༔ རང་སྣང་རྔ་ཡབ་དཔལ་རིའི་ཞིང་༔ ཟུང་འཇུག་སྤྲུལ་བའི་ཞིང་ཁམས་སུ༔ གཞི་ལུས་རྡོ་རྗེ་རྣལ་འབྱོར་མ༔ གསལ་འཚེར་འོད་ཀྱི་གོང་བུ་རུ༔ གྱུར་ནས་རྗེ་བཙུན་པད་འབྱུང་དང་༔ དབྱེར་མེད་ཆེན་པོར་སངས་རྒྱས་ཏེ༔ བདེ་དང་སྟོང་པའི་ཆོ་འཕྲུལ་གྱིས༔ ཡེ་ཤེས་ཆེན་པོའི་རོལ་པ་ལས༔ ཁམས་གསུམ་སེམས་ཅན་མ་ལུས་པ༔ འདྲེན་པའི་དེད་དཔོན་དམ་པ་རུ༔ རྗེ་བཙུན་པདྨས་དབུགས་དབྱུང་གསོལ༔ གསོལ་བ་སྙིང་གི་དཀྱིལ་ནས་འདེབས༔ ཁ་ཙམ་ཚིག་ཙམ་མ་ཡིན་ནོ༔ བྱིན་རླབས་ཐུགས་ཀྱི་ཀློང་ནས་སྩོལ༔ བསམ་དོན་འགྲུབ་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བརྒྱུད་པའི་གསོལ་འདེབས་ནི། ཨེ་མ་ཧོ༔ རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ཞིང་ཁམས་ནས༔ དང་པོའི་སངས་རྒྱས་ཆོས་སྐུ་ཀུན་ཏུ་བཟང་༔ ལོངས་སྐུ་ཆུ་ཟླའི་རོལ་རྩལ་རྡོ་རྗེ་སེམས༔ སྤྲུལ་སྐུར་མཚན་རྫོགས་དགའ་རབ་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་བྱིན་རླབས་དབང་བསྐུར་སྩོལ༔ ཤྲཱི་སེངྷ་དོན་དམ་ཆོས་ཀྱི་མཛོད༔ འཇམ་དཔལ་བཤེས་གཉེན་ཐེག་དགུའི་འཁོར་ལོས་བསྒྱུར༔ ཛྙཱ་ན་སཱུ་ཏྲ་པཎ་ཆེན་བི་མ་ལར༔ གསོལ་བ་འདེབས་སོ་གྲོལ་བྱེད་ལམ་སྣ་སྟོན༔ འཛམ་བུའི་གླིང་གི་རྒྱན་གཅིག་པདྨ་འབྱུང་༔ ངེས་པར་ཐུགས་ཀྱི་སྲས་མཆོག་རྗེ་འབངས་གྲོགས༔ ཐུགས་གཏེར་རྒྱ་མཚོའི་བརྡ་འགྲོལ་ཀློང་ཆེན་ཞབས༔ མཁའ་འགྲོའི་དབྱིངས་མཛོད་བཀའ་བབ་འཇིགས་མེད་གླིང་༔ གསོལ་བ་འདེབས་སོ་འབྲས་བུ་ཐོབ་གྲོལ་སྩོལ༔ ཆོས་ཀྱི་བདག་པོ་བྱང་ཆུབ་རྡོ་རྗེའི་ཞབས༔ གྲུབ་བརྙེས་འཇིགས་མེད་རྒྱལ་བའི་མྱུ་གུ་དང་། །སྤྲུལ་བའི་སྐུ་མཆོག་མི་འགྱུར་ནམ་མཁའི་མཚན། །རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་ལ། །གསོལ་བ་འདེབས་སོ་གནས་ལུགས་རང་ཞལ་སྟོན། །ཧེ་རུ་ཀཿདཔལ་ཡེ་ཤེས་རྡོ་རྗེ་དང་། །ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་ཞབས། །གྲུབ་པའི་དབང་ཕྱུག་པདྨ་བཛྲ་པ། །མཚོ་སྐྱེས་བླ་མ་མཁྱེན་བརྩེའི་དབང་པོ་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོ་རྒྱན་བསྟན་འཛིན་པདྨ་བདེ་ཆེན་བཟང་། །དཀོན་མཆོག་གྲགས་པ་ཐུབ་དབང་བསྟན་པའི་ཉི། །ཆོས་ཀྱི་རྡོ་རྗེ་གཞན་ཕན་སྣང་བའི་ཞབས། །བྱ་བྲལ་འཁྲུལ་ཞིག་ཀུན་དགའ་དཔལ་ལྡན་དང་། །ཐེག་མཆོག་བློ་ལྡན་བཤད་སྒྲུབ་དར་རྒྱས་ཞབས། །བསྟན་པའི་རྒྱལ་མཚན་གུ་ཎ་ན་ཐ་རྗེ། །ཨོ་རྒྱན་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་སོགས། །གསོལ་བ་འདེབས་སོ་རྟོགས་པའི་ཕ་ཕོག་སྩོལ། །སྲིད་ལས་ངེས་པར་འབྱུང་བའི་ཞེན་ལོག་གིས༔ རྡོ་རྗེའི་བླ་མ་དོན་ལྡན་མིག་བཞིན་བསྟེན༔ ཅི་གསུང་བཀའ་བསྒྲུབ་ཟབ་མོའི་ཉམས་ལེན་ལ༔ ལྟེམ་རྐྱང་མེད་པའི་སྒྲུབ་ཚུགས་ཞེ་རུས་ཀྱིས༔ ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོ་བར་ཤོག༔ སྣང་སྲིད་འཁོར་འདས་ཡེ་ནས་འོག་མིན་ཞིང་༔ ལྷ་སྔགས་ཆོས་སྐུར་དག་རྫོགས་སྨིན་པའི་འབྲས༔ སྤང་བླང་བྱ་རྩོལ་མེད་པའི་རྫོགས་པ་ཆེ༔ ཤེས་ཉམས་ཡིད་དཔྱོད་ལས་འདས་རིག་པའི་གདངས༔ ཆོས་ཉིད་མངོན་སུམ་རྗེན་པར་མཐོང་བར་ཤོག༔ མཚན་མའི་རྟོག་པ་རྣམ་གྲོལ་འཇའ་ཟེར་སྦུབས༔ སྐུ་དང་ཐིག་ལེའི་ཉམས་སྣང་གོང་དུ་འཕེལ༔ རིག་རྩལ་ལོངས་སྐུའི་ཞིང་ཁམས་ཚད་ལ་ཕེབས༔ ཆོས་ཟད་བློ་འདས་ཆེན་པོར་སངས་རྒྱས་ཏེ༔ གཞོན་ནུ་བུམ་སྐུར་གཏན་སྲིད་ཟིན་པར་ཤོག༔ ཤིན་ཏུ་རྣལ་འབྱོར་ཉམས་འོག་མ་ཆུད་དེ༔ རགས་ལུས་དྭངས་མའི་དབྱིངས་སུ་མ་གྲོལ་ན༔ ནམ་ཞིག་ཚེ་ཡི་འདུ་བྱེད་བསྟུང་བའི་ཚེ༔ འཆི་བ་འོད་གསལ་ཀ་དག་ཆོས་སྐུར་ཤར༔ བར་དོའི་སྣང་ཆ་ལོངས་སྤྱོད་རྫོགས་སྐུར་གྲོལ༔ ཁྲེགས་ཆོད་ཐོད་རྒལ་ལམ་གྱི་རྩལ་རྫོགས་ནས༔ མ་པང་བུ་འཇུག་ལྟ་བུར་གྲོལ་བར་ཤོག༔ གསང་ཆེན་འོད་གསལ་ཐེག་པ་མཆོག་གི་རྩེ༔ སངས་རྒྱས་གཞན་ནས་མི་འཚོལ་ཆོས་སྐུའི་ཞལ༔ མངོན་གྱུར་གདོད་མའི་ས་ལ་མ་གྲོལ་ན༔ མ་བསྒོམས་སངས་རྒྱས་ཆོས་ལྔའི་ལམ་མཆོག་ལ༔ བརྟེན་ནས་རང་བཞིན་སྤྲུལ་བའི་ཞིང་ལྔ་དང་༔ ཁྱད་པར་པདྨ་འོད་ཀྱི་ཕོ་བྲང་དུ༔ རིག་འཛིན་རྒྱ་མཚོའི་གཙོ་མཆོག་ཨོ་རྒྱན་རྗེས༔ གསང་ཆེན་ཆོས་ཀྱི་དགའ་སྟོན་འགྱེད་པའི་སར༔ སྲས་ཀྱི་ཐུ་བོར་སྐྱེས་ནས་དབུགས་དབྱུང་སྟེ༔ མཐའ་ཡས་འགྲོ་བའི་ཉེར་འཚོར་བདག་འགྱུར་ཤོག༔ རིག་འཛིན་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང་༔ ཆོས་དབྱིངས་བསམ་མི་ཁྱབ་པའི་བདེན་པ་ཡིས༔ དལ་འབྱོར་རྟེན་ལ་རྫོགས་སྨིན་སྦྱངས་གསུམ་གྱི༔ རྟེན་འབྲེལ་མངོན་གྱུར་སངས་རྒྱས་ཐོབ་པར་ཤོག༔ ཅེས་ཁ་ཞེ་མེད་པར་གསོལ་བ་སྙིང་ནས་གདབ་བོ༔ དགུ་བ་དབང་བཞི་བླང་བ་ནི། གུ་རུའི་སྨིན་མཚམས་ནས་ཨོཾ་ཡིག་ཆུ་ཤེལ་ལྟར་འཚེར་བ་ལས་འོད་ཟེར་འཕྲོས། རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ལས་དང་རྩ་ཡི་སྒྲིབ་པ་དག སྐུ་རྡོ་རྗེའི་བྱིན་རླབས་ཞུགས། བུམ་པའི་དབང་ཐོབ། བསྐྱེད་རིམ་གྱི་སྣོད་དུ་གྱུར། རྣམ་སྨིན་རིག་འཛིན་གྱི་ས་བོན་ཐེབས། སྤྲུལ་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག མགྲིན་པ་ནས་ཨཱཿཡིག་པདྨ་རཱ་ག་ལྟར་འབར་བ་ལས་འོད་ཟེར་འཕྲོས། རང་གི་མགྲིན་པ་ནས་ཞུགས། ངག་གི་ལས་དང་རླུང་གི་སྒྲིབ་པ་དག གསུང་རྡོ་རྗེའི་བྱིན་རླབས་ཞུགས། གསང་བའི་དབང་ཐོབ། བཟླས་བརྗོད་ཀྱི་སྣོད་དུ་གྱུར། ཚེ་དབང་རིག་འཛིན་གྱི་ས་བོན་ཐེབས། ལོངས་སྤྱོད་རྫོགས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག ཐུགས་ཀའི་ཧཱུྃ་ཡིག་ནམ་མཁའི་མདོག་ཅན་ལས་འོད་ཟེར་འཕྲོས། རང་གི་སྙིང་ཁ་ནས་ཞུགས། ཡིད་ཀྱི་ལས་དང་ཐིག་ལེའི་སྒྲིབ་པ་དག ཐུགས་རྡོ་རྗེའི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། བདེ་སྟོང་ཙཎྜ་ལིའི་སྣོད་དུ་གྱུར། ཕྱག་རྒྱའི་རིག་འཛིན་གྱི་ས་བོན་ཐེབས། ཆོས་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག སླར་ཡང་ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་གཉིས་པ་ཞིག་སྐར་མདའ་འཕངས་པ་བཞིན་དུ་ཆད། རང་previous hit སེམས་དང་ཐ་དད་མེད་པར next hit་འདྲེས། ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་སྦྱངས། ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས། ཚིག་གིས་མཚོན་པ་དོན་དམ་གྱི་དབང་ཐོབ། ཀ་དག་རྫོགས་པ་ཆེན་པོའི་སྣོད་དུ་གྱུར། ལྷུན་གྲུབ་རིག་འཛིན་གྱི་ས་བོན་ཐེབས། མཐར་ཐུག་གི་འབྲས་བུ་ངོ་བོ་ཉིད་སྐུའི་སྐལ་བ་རྒྱུད་ལ་བཞག་གོ །དེ་ལྟར་འདོན་སྒོམ་ཟུང་དུ་འཇུག་པས་ལམ་དབང་བླངས་མཐར། བླ་མའི་ཐུགས་ཀ་ནས་འོད་ཟེར་དམར་བོ་དྲོད་དང་བཅས་པ་ཞིག་ཝལ་གྱིས་བྱུང་བ་བདག་ཉིད་རྡོ་རྗེ་རྣལ་འབྱོར་མར་གསལ་བའི་སྙིང་ཁར་རེག་པ་ཙམ་གྱིས་འོད་དམར་གྱི་གོང་བུ་ཞིག་ཏུ་གྱུར་ནས་གུ་རུ་རིན་པོ་ཆེའི་ཐུགས་ཀར་ཐིམ་པས་དབྱེར་མེད་རོ་གཅིག་ཏུ་གྱུར་པར་བསྒོམ་ཞིང་། དམིགས་བསམ་བརྗོད་པ་དང་བྲལ་བའི་ངང་ལ་མཉམ་པར་བཞག་གོ །དེ་ལས་ལྡང་ནས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་ཏུ་གསོལ། །དཔལ་ལྡན་བླ་མའི་རྣམ་པར་ཐར་བ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་previous hit སེམས་ལ་འཇུག་པར next hit་ཤོག །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ནས། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ཏེ། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །བཅུ་བ་བསྔོ་བ་ནི། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དག །བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། །ཀུན་ནས་ཀུན་ཀྱང་བཟང་པོར་རེག་གྱུར་ཅིག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །བཅུ་གཅིག་པ་སྨོན་ལམ་ཁྱད་པར་བ་ནི། །གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ། །མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པར་ཤོག །སྐྱེས་མ་ཐག་ཏུ་ཆོས་དང་འཕྲད་གྱུར་ཅིང་། །ཚུལ་བཞིན་སྒྲུབ་པའི་རང་དབང་ཡོད་པར་ཤོག །དེར་ཡང་བླ་མ་དམ་པ་མཉེས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །ཆོས་རྟོགས་ནས་ནི་སྙིང་པོའི་དོན་བསྒྲུབས་ཏེ། །ཚེ་དེར་སྲིད་པའི་རྒྱ་མཚོ་བརྒལ་བར་ཤོག །སྲིད་པར་དམ་པའི་ཆོས་རབ་སྟོན་བྱེད་ཅིང་། །གཞན་ཕན་བསྒྲུབ་ལ་སྐྱོ་ངལ་མེད་པར་ཤོག །རླབས་ཆེན་གཞན་དོན་ཕྱོགས་རིས་མེད་པ་ཡིས། །ཐམས་ཅད་ཕྱམ་གཅིག་སངས་རྒྱས་ཐོབ་པར་ཤོག །དེང་ནས་ཚེ་རབས་ཐམས་ཅད་དུ། །བླ་མ་མཆོག་དང་མི་འབྲལ་ཞིང་། །དབང་བཞིའི་ཆུ་བོས་རྒྱུད་སྨིན་ཏེ། །སྡོམ་དང་དམ་ཚིག་རྣམ་པར་དག །རིམ་གཉིས་ལམ་ལ་རབ་བརྟེན་ནས། །མཐར་ཐུག་རྔ་ཡབ་དཔལ་རིའི་རྩེར། །ཨོ་རྒྱན་སློབ་དཔོན་པདྨའི་དྲུང་། །རིག་འཛིན་མཁའ་འགྲོའི་ཚོགས་ཁང་དུ། །ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག །དེ་ཡན་ཆད་ཀྱིས་འུ་ཚོས་བསྟན་པ་སྤྱིའི་རྣམ་བཞག་གི་སྒྲོམ་གཞི་དང་མཐུན་ཞིང་། རང་ལུགས་དམ་པ་གོང་མའི་ཕྱག་བཞེས་རྨ་མེད་ཇི་བཞིན་དུ་སོ་བྱང་སྔགས་གསུམ་གྱི་རིམ་པའི་འགྲོས་ཀྱི་དོད་ཐུབ་ས་ཁོངས་འཛིན་བྱེད་དང་ཆབས་ཅིག་ཏུ་མ་འདྲེས་ཡོངས་རྫོགས་དགོས་དགུ་ཚང་པའི་ལམ་གྱི་རིམ་པའི་ཕྱོགས་སྟོན་ཞིག་བྱས་པ་ཡིན། སྤྱིར་ན་སྡོམ་པ་གསུམ་ཞེས་པ་འདིའི་ཐ་སྙད་གྲགས་པའི་རྣམ་གྲངས་ལ་བསམ་བློ་ཞིག་བཏང་ན། སོ་ཐར་གྱི་དགེ་བསྙེན། དགེ་ཚུལ། དགེ་སློང་སྟེ་བསླབ་ཚིགས་གསུམ་དང་། བྱང་སྡོམ་གྱི་ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ། དེའི་སྟེང་དུ་སྔགས་སྡོམ་གྱི་སྐུ་གསུང་ཐུགས་ཀྱི་དམ་ཚིག་གསུམ་ལ་སྡོམ་པ་གསུམ་གསུངས་ལ། འོན་ཀྱང་སྡོམ་གསུམ་གྱི་ངོས་འཛིན་དེ་དོན་གྱི་སྟེང་ནས་བཤད་ཡོང་ན། རང་དང་གཞན་དོན་ཕན་པ་ཆེ། །ཞེས་གསུངས་པའི་རྩ་བརྒྱུད་ཀུན་འདུས་ཀྱི་ལུང་ཞིག་ཡོད་པའི་དོན་ལྟར་རང་དོན་དང་། གཞན་དོན། གཞན་དོན་རླབས་པོ་ཆེ་གསུམ་གྱི་སྟེང་ནས་སོར་བྱང་སྔགས་གསུམ་གྱི་སྡོམ་པ་དེ་བརྩི་དགོས་པ་དེ་ཉིད་ཡིན་ཞིང་། སྡེ་སྣོད་གསུམ་གྱི་ནང་ནས་བཤད་ཡོང་ན། འདུལ་བའི་བསྟན་དོན་སོ་ཐར། མདོ་སྡེའི་བསྟན་དོན་བྱང་སྡོམ། སྡེ་སྣོད་བཞི་བའམ་རིག་པ་འཛིན་པའི་སྡེ་སྣོད་ཀྱི་བསྟན་དོན་དེ་སྔགས་སྡོམ་ཡིན། དེ་ལྟར་ན་སོ་ཐར་དེ་ཀུན་སློང་གི་ཁྱད་པར་རང་དོན་ཞི་བདེ་འདོད་པས། ཆོ་གའི་ཁྱད་པར་ཉན་ཐོས་དང་ཐུན་མོང་བའི་འདུལ་བའི་ཆོ་ག་ལ་བརྟེན་ནས། དུས་ཀྱི་ཁྱད་པར་ཉིན་ཞག་གི་མཐའ་ཅན་ནམ་ཡང་ན་ཇིི་སྲིད་འཚོའི་བར་དུ། སྤང་བྱའི་ཁྱད་པར་ལུས་ངག་གི་མི་དགེ་བ་ཅི་རིགས་སྤོང་བའི་སོ་ཐར་རིགས་བརྒྱད་གང་རུང་ལ་སློབ་པ་དེ་ཡིན། བྱང་སྡོམ་ཞེས་པ་དེ་ཀུན་སློང་གི་ཁྱད་པར་གཞན་དོན་རྫོགས་བྱང་ལ་དམིགས་ནས། ཆོ་གའི་ཁྱད་པར་གོང་ནས་བཤད་པ་ལྟར་ཟབ་མོ་ལྟ་སྲོལ་དང་རྒྱ་ཆེན་སྤྱོད་སྲོལ་གྱི་སྲོལ་གཉིས་གང་རུང་ལ་བརྟེན་ནས། དུས་ཀྱི་ཁྱད་པར་བྱང་ཆུབ་མ་ཐོབ་ཀྱི་བར། སྤང་བྱའི་ཁྱད་previous hit པར་བྱང་ཆུབ་སེམས next hit་དཔའི་འཆལ་ཚུལ་གྱི་རྒྱུན་སྤོང་བའི་སྨོན་འཇུག་གཉིས་ཀའམ་གང་རུང་ལ་བསླབ་པ་དེ་ཡིན། སྔགས་སྡོམ་ཞེས་པ་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། ཀུན་སློང་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་གཞན་དོན་རླབས་ཆེན་བསྒྲུབ་འདོད་ཀྱིས། ཆོ་གའི་ཁྱད་པར་རྒྱུད་སྡེ་བཞི་གང་རུང་གི་དབང་ལ་བསྟེན་ནས། དུས་ཀྱི་ཁྱད་པར་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ། སྤང་བྱའི་ཁྱད་པར་སྔགས་ཕྱི་ནང་སོ་སོ་ལ་ལྟོས་པའི་རང་སྐལ་གྱི་འཆལ་ཚུལ་སྡོམ་པའི་ཚུལ་ཁྲིམས་ཡིན་པ་གང་ཞིག་བཏགས་པ་བ་བརྗོད་པ་ཁས་བླངས་དང་། མཚན་ཉིད་པ་དབང་གི་དངོས་གཞི་ལས་ཐོབ་པ་གོང་ནས་ཀྱང་བཤད་པ་ལྟར་ཡིན། དེས་ན་སྡེ་སྣོད་གང་ཡིན་ཡང་རང་རང་གི་བསྟན་དོན་ལ་བསྟུན་ནས་སོ་སོར་ངོས་བཟུང་ན། སོ་ཐར་ཉན་ཐོས། སེམས་བསྐྱེད་བྱང་སེམས། དབང་ཐོབ་རིག་པ་འཛིན་པ་ཞེས་ཐ་སྙད་གྲགས་པའི་རྣམ་གྲངས་ཀྱི་དབང་དུ་བཏང་ན་དེ་ལྟར་དུ་གྲགས་པ་ཡིན། འོན་ཀྱང་ཀུན་སློང་གི་ཁྱད་པར་གྱིས་དེ་ཡང་མཐའ་གཅིག་ཏུ་ངེས་པ་ཅན་མིན། དེ་ངེས་པ་ཅན་མིན་པ་ནི། སྡོམ་གསུམ་རབ་དབྱེ་ལས། བསམ་པ་སེམས་བསྐྱེད་ཀྱིས་ཟིན་པའི། །ཆོ་ག་ཉན་ཐོས་ལུགས་བཞིན་གྱིས། །སོ་སོར་ཐར་བ་རིགས་བརྒྱད་པོ། །བྱང་སེམས་སོ་སོར་ཐར་བར་འགྱུར། །ཞེས་གསུངས། དེ་ལྟར་གསུངས་པ་དེ་ཉིད་ཀྱིས་ཅི་ཞིག་བསྟན་ཞེ་ན། བྱང་སེམས་ཀྱི་སོ་ཐར་ངོས་བཟུང་བའི་ཞོར་དུ་སྔགས་ཀྱི་སོ་ཐར་དོན་གྱིས་འཕངས་ཏེ་བསྟན་པ་ཡིན། དེ་ལྟར་ན་སོར་བྱང་སྔགས་གསུམ་གྱི་སྡོམ་གསུམ་མཉམ་དུ་རྫོགས་པའི་ཐད་ནས་རྟེན་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་ལྡན་ཞིག་ལ་མཚོན་ན། ཐུན་མོང་སོ་ཐར་གྱི་སྡོམ་པ་གནང་བཀག་གི་དབྱེ་བས་ཉིས་བརྒྱ་ལྔ་བཅུའི་ཁྲིམས་ལ་སོགས་པའི་ཉེས་སྤྱོད་སྡོམ་པ་གཞིར་བཞག་ལ། དེའི་སྟེང་དུ་བྱང་ཆུབ་སེམས་དཔའི་དགེ་བ་ཆོས་སྡུད་དང་སེམས་ཅན་དོན་བྱེད་དེ་ཚུལ་ཁྲིམས་རྣམ་པ་གསུམ། དེའི་སྟེང་དུ་རིག་འཛིན་སྔགས་ཀྱི་སྡོམ་པ་མཐའ་ཡས་པ་ཚང་། དེ་ཐམས་ཅད་གང་ཟག་གཅིག་གི་རྒྱུད་ལ་ཇི་ལྟར་ཚང་དགོས་པ་ཡིན་ཞེ་ན། རང་ལྡོག་མ་འདྲེས། དགག་དགོས་ཡོངས་རྫོགས། ངོ་བོ་གནས་འགྱུར། ཡོན་ཏན་ཡར་ལྡན་གྱིས་ཚང་དགོས། དེ་ཇི་ལྟར་ཞེ་ན། སྡོམ་གསུམ་སོ་སོའི་མཚན་ཉིད་སོ་སོར་འཛིན་པ་ཡིན་པས་ན་རང་ལྡོག་མ་འདྲེས་ཡིན། སྡོམ་པ་གསུམ་ཁས་གང་ཟག་གཅིག་པོ་དེའི་རྒྱུད་ཀྱི་མི་དགེ་བ་སྡོམ་པ་ཡིན་པས་ན་དགག་དགོས་ཡོངས་རྫོགས་ཡིན། སྔགས་ཀྱི་དུས་སུ་སོ་ཐར་བྱང་སེམས་ཞེས་པ་རྫས་ཐ་དད་པ་མེད་པས་ངོ་བོ་གནས་འགྱུར། དེའི་སྟེང་དུ། དབང་གསུམ་བགྲོད་པའི་རྣལ་འབྱོར་པ། །དེ་ནི་དགེ་སློང་ཆེན་པོར་གསུངས། །ཞེས་པདྨ་ཅོད་པན་གྱི་རྒྱུད་ཀྱི་ལུང་ལས་གསུངས་པ་དེ་ལྟ་བུའི་ཡོན་ཏན་ཡར་ལྡན། དེ་ཡང་གནད་ཀྱིས་མི་འགལ་བ་དང་། དུས་སྐབས་ཀྱི་བྱ་བས་གང་གཙོ་བོར་སྤྱད་པ་དེ་ཀུན་མཁྱེན་ཆོས་རྗེའི་བརྒྱུད་འཛིན་དང་བཅས་པའི་རང་ལུགས་ཀྱི་བཞེད་པ་དེ་དེ་ལྟ་བུ་ཞིག་ཡིན། མདོར་ན་སྐབས་སུ་བབ་པའི་བཤད་དོན་སོ་ཐར་གྱི་ངོ་བོ་ངེས་འབྱུང་། ལམ་གྱི་རྩ་བ་བྱང་ཆུབ་ཀྱི་སེམས། ངོ་བོ་ཉིད་ཀྱི་འབྲས་བུ་སྟོང་ཉིད་ཀྱི་ལྟ་བ་གསུམ་ལ་མི་འཕྲོག་པའི་དད་པ་དང་ངེས་ཤེས་སྐྱེས་པའི་གང་ཟག་དེ་ཉིད་ཁྱིམ་ན་གནས་པ་ཡིན་ཡང་དམ་པའི་ཆོས་དང་འབྲེལ་ཞིང་བྱང་ཆུབ་ཀྱི་སྤྱོད་པ་ལ་གནས་པ་ཡིན། དེའི་འཕྲོས་རུ་པ་བདག་པོ་སོ་སོ་ལ་འདིའི་ཞོར་དུ་དམིགས་བསལ་གྱིས་བཤད་རྒྱུ་ཞིག་ལ། འདིའི་ཞིང་སྒྲུབ་དང་ཞིང་ཁྲིད་ཀྱི་སྐབས་སུ་ཆོས་ཁྲིད་དང་གཅོད་ཞུ་ལ་སོགས་པར་ཡོང་དུས་འཕྲུལ་རྟ་རླངས་འཁོར་ཅི་ཞིག་གཏོང་བཞིན་ཡོད་ན་རང་རང་སོ་སོའི་རང་ངོས་ཀྱི་འགྲིམ་འགྲུལ་བདེ་འཇགས་དེ་རང་རང་སོ་སོའི་ངོས་ནས་གཟབ་གཟབ་གྱིས་ཟེར་རྒྱུ་དེ་ཡིན།


previousཉིན་དང་པོའི་ཆོས་ཁྲིད། next